སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།
གཙུག་ཏོར་གདུགས་དཀར་ཅན་གྱི་འཁོར་ལོ་བྲི་ཐབས་རྒྱལ་མཚན་འཛུགས་པའི་ཆོ་ག་དང་བཅས་པ་རིག་སྔགས་གྲུབ་པ་ནོར་བུའི་སྙིང་པོ།
གཙུག་ཏོར་གདུགས་དཀར་ཅན་གྱི་འཁོར་ལོ་བྲི་ཐབས་རྒྱལ་མཚན་འཛུགས་པའི་ཆོ་ག་དང་བཅས་པ་རིག་སྔགས་གྲུབ་པ་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། དེ་བཞིན་གཤེགས་པའི་གཙུག་ཏོར་ནོར་བུའི་གདེངས་ཀ་ལས། །ཡེ་ཤེས་རྣམ་འཕྲུལ་ཉི་མ་བྱེ་བའི་གཟི་བརྗིད་ཀྱིས། །ཕས་རྒོལ་མི་མཐུན་རྒུད་པའི་མུན་པ་འཇིལ་མཛད་པ། །རིག་པའི་ལྷ་མོ་གདུགས་དཀར་ཅན་གྱིས་དགེ་ལེགས་མཛོད། །བསྟན་དང་བསྟན་པ་འཛིན་པའི་གང་ཟག་ལ། །གནོད་པ་བཟློག་ཅིང་བར་ཆད་བསྲུང་བའི་ཕྱིར། །ཡངས་པ་ཆེན་པོའི་འཁོར་ལོ་བྲི་བར་གསུངས། །མན་ངག་ལྡན་པས་ཚུལ་བཞིན་བྲི་བར་བྱ། །དེ་ལ་འདིར་མདོ་ལས། མི་ནད་དང་ཕྱུགས་ནད་དང་ཡམས་ཀྱི་ནད་དང་། གནོད་པ་དང་འཚེ་བ་དང་། ནད་འགོ་བ་དང་། འཁྲུགས་པ་ཐམས་ཅད་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ལ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཆེན་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་གྲོ་ཆེར་མཆོད་པ་ཆེན་པོ་བྱས་ལ་གྲོང་ཁྱེར་ཆེན་པོའི་སྒོའམ། གྲོང་ངམ། གྲོལ་བརྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་མོ་འདི་རིམ་གྲོ་ཆེར་བྱས་ཏེ་བཙུགས་ན་བཙུགས་མ་ཐག་ཏུ་གཡུལ་ཞི་བར་འགྱུར་རོ། །ཞེས་པའི་སྒོ་ནས་འཁོར་ལོ་བྲི་བར་གསུངས་པ་ནི་ཡུལ་ཁམས་བསྲུང་བར་བྱ་བ་དང་། བསྒྲུབ་བྱ་བསྲུང་བར་བྱ་བ་གཉིས་ལས། དང་པོ་ཡུལ་ཁམས་བསྲུང་བར་
བྱ་བ་ནི། དུས་བཟང་པོ་ཡར་ངོ་ལྟ་བུ་ལ་གཟའ་སྐར་འགྲུབ་སྦྱོར་བཟང་པོ་ལ་མགོ་བརྩམས་ཏེ། འཁོར་ལོ་འདྲི་མཁན་གྱི་ཁྲུས་བྱས་གསོ་སྦྱོང་བླངས་ཏེ་ཁ་ཟས་གཙང་མ་ཟོས། བཅོམ་ལྡན་འདས་མའི་རྣལ་འབྱོར་དང་ལྡན་པས་ཁ་ཤར་དུ་བལྟས་ཏེ། རས་སམ་ཤོག་བུ་ལ་མུ་ཁྱུད་རིམ་པ་བཅུ་གཉིས་བསྐོར་བར་བྱ་སྟེ། དེའི་དབུས་སུ་ཨོཾ་བྲི་ཞིང་། ཨོཾ་གྱི་ཀླད་ཀོར་ཐད་ནས་«་་་་་སམ་མདུན་ནས་ཀྱང་འདུག་པས་དཔྱད།» བརྩམས་ཏེ་ཡིག་མགོ་ཕྱིར་བསྟན་པས། ཏདྱ་ཐཱ། ཨ་ན་ལེ་ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཻ་ར་བཻ་ར། བཛྲ་དྷ་རི། བནྡྷ་བནྡྷ། བཛྲ་པཱ་ཎི་བྷནྡྷ་ཕཊ།«་་་་་དཔེ་གཅིག་ཏུ། བཅོམ་ལྡན་འདས་གདུགས་དཀར་མོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞེས་སྣང་། »སྲུང་བའི་འཁོར་ལོ་འདི་ཉིད་བཞུགས་པའི་ཁང་ཁྱིམ་དགོན་གནས་ཡུལ་ཕྱོགས་ཐམས་ཅད་དང་མཆོད་བསྟོད་འཆང་བ་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་ལ་ཉེ་བར་འཚེ་བའི་གདོན་བགེགས་དང་།«་་་་་ནད་རིམས་མུ་གེ་དུས་མིན་འཆི་བ་རྒྱལ་འགོང་དམ་སྲི་ལྷ་ཀླུ་སྡེ་བརྒྱད་སོགས་ཀྱི་གནོད་པ། »ཕ་རོལ་གྱི་དམག་ཚོགས་ངན་གཤོམ་དུག་མཚོན་ལེགས་བསུབས་ཉེས་སྒྲོགས་རྨོངས་རེངས་བྱད་ཁ་རྦོད་གཏོང་«་་་་་བསད་བསྐྲད་དབྱེ་མནན། »སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་དུ་གསོལ་བསྲུང་དུ་གསོལ། ཞེས་འབྲི། དེའི་ཕྱི་རིམ་དུ་པདྨ་དམར་པོ་འདབ་མ་བརྒྱད་བྱས་པའི་ཤར་གྱི་འདབ་ལ། ན་མོ་བྷ་ག་བ་ཏཱི་ཨ་ནྱ་སྱ་
ན་མུ་ནྱཻ་འཆང་བ་འཁོར་དང་བཅས་པ་མི་མཐུན་ཉེར་འཚེའི་ཕྱོགས་ཀུན་ལས་རྒྱལ་ཏེ་མཐུ་སྟོབས་མངའ་ཐང་རྒྱས་པར་མཛད་དུ་གསོལ། ཤར་ལྷོ་ལ། ན་མོ་བྷ་ག་བཱན་ཏ་ཐཱ་ག་ཏ་ཀུ་ལ་སྱ་འཆང་བ་འཁོར་དང་བཅས་པའི་དོན་ཀུན་འགྲུབ་ཅིང་དབང་ཐང་«་་་་་དཔལ་འབྱོར་»རིགས་བརྒྱུད་རྒྱས་པར་མཛད་དུ་གསོལ། ལྷོ་ལ། ན་མོ་བྷ་ག་བཱནྤདྨཱ་ཀུ་ལ་སྱ་འཆང་བ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ། ལྷོ་ནུབ་ལ། ན་མོ་བྷ་ག་བཱན་བཛྲ་ཀུ་ལ་སྱ་འཆང་བ་འཁོར་དང་བཅས་པའི་སྲོག་ལུས་དབང་ཐང་རླུང་རྟ་ཐམས་ཅད་དར་ཞིང་རྒྱས་པར་མཛད་དུ་གསོལ། ནུབ་ལ། ན་མོ་བྷ་ག་བཱནྨ་ཎི་ཀུ་ལ་སྱ་འཆང་བ་འཁོར་དང་བཅས་པའི་ཇི་ལྟར་སྨོན་པའི་དོན་ཐམས་ཅད་སྐད་ཅིག་ཉིད་ལ་འགྲུབ་པར་མཛད་དུ་གསོལ། ནུབ་བྱང་ལ། ན་མོ་བྷ་ག་བཱནྷསྟི་ཀུ་ལ་སྱ་འཆང་བ་འཁོར་དང་བཅས་པའི་ཆོས་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་ལྟར་རྒྱས་པར་མཛད་དུ་གསོལ། བྱང་ལ། ན་མོ་བྷ་ག་བཱནྐུ་མཱ་ར་ཀུ་ལ་སྱ་འཆང་བ་འཁོར་དང་བཅས་པའི་ཐོས་བསམ་སྒོམ་གསུམ་སོགས་དགེ་ལེགས་ཀྱི་ཡོན་ཏན་རྣམས་རྒྱས་པར་མཛད་དུ་གསོལ། བྱང་ཤར་ལ། ན་མོ་བྷ་ག་བཱནྣཱ་གཱ་དྷི་ཀུ་ལ་སྱ་འཆང་བ་འཁོར་དང་བཅས་པའི་ཁང་ཁྱིམ་འདིར་སྲིད་པ་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་འདུ་བར་མཛད་དུ་གསོལ། ཞེས་བྲི། དེའི་ཕྱི་རིམ་གྱི་མུ་ཁྱུད་ལ། ཏདྱ་ཐཱ། སརྦ་ཏ་ཐཱ་ག་ཏ་ཨོཾ་ཥྚོཾ་བྷནྡྷ་བྷནྡྷ་འཆང་བ་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ་ཨོཾ་རྀ་ཥི་ག་ཎ་པྲ་ཤྭསྟ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་དྲཱུྃ་སྲུང་འཁོར་འདི་ཉིད་བཞུགས་པའི་ཡུལ་ཕྱོགས་ཁང་ཁྱིམ་འཆང་བ་མི་ནོར་འཁོར་བཅས་པ་ལ་ནད་དང་རིམས་དང་གདོན་བགེགས་ཀྱི་གནོད་པ་དང་ཁ་སྨྲས་ཁ་མཆུ་ཕ་རོལ་གྱི་བསམ་སྦྱོར་ངན་པའི་རིག་སྔགས་སོགས་མི་མཐུན་ཉེར་འཚེ་ཕྱོགས་ཐམས་ཅད་བསྲུང་དུ་གསོལ་བསྲུང་དུ་གསོལ། རཀྵ་རཀྵ་ཞེས་བྲི། དེའི་ཕྱི་རིམ་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་དུ་བྱས་པའི་ཤར་གྱི་རྩིབས་ལ། ཛམྦྷ་ན་ཀ་རཱི་ཧཱུྃ་དྲཱུྃ་སྟམྦྷ་ན་ཀ་རཱི་ཧཱུྃ་དྲཱུྃ་འཆང་བ་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཏེ་ཅི་བསམ་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། འདི་འགྲེའོ། །ཤར་ལྷོའི་
རྩིབས་ལ། མ་ཧཱ་བིངྱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུྃ་དྲཱུྃ་འཆང་བ་འཁོར་དང་བཅས་པ་མི་འདོད་པའི་རྒུད་པ་ཀུན་ལས་རྒྱལ་ཏེ་སྟོབས་འབྱོར་མངའ་ཐང་རྒྱས་པར༴ ལྷོ་ལ། པ་ར་བིངྱཱ་སཾ་བྷཱཀྵ་ཎ་ཀ་རཱི་ཧཱུྃ་དྲཱུྃ་འཆང་བ་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས༴ ལྷོ་ནུབ་ལ། སརྦ་དུཥྚཱ་ནཱཾ་སྟམྦྷ་ན་ཀ་རཱི་ཧཱུྃ་དྲཱུཾ་འཆང་བ་འཁོར་དང་བཅས་པ་མི་འདོད་པའི་རྒུད་པ་ཀུན་ལས་རྒྱལ་ཏེ་སྟོབས་འབྱོར་ཐང་རྒྱས་པར༴ ནུབ་ལ། སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཎཱཾ་བིདྷྭཾ་ས་ན་ཀ་རཱི་ཧཱུྃ་དྲཱུཾ་འཆང་བ་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཀུན་ལས་རྒྱལ་ཏེ་ཅི་བསམ་ལྷུན་གྱིས་གྲུབ་པར༴ ནུབ་བྱང་ལ། ཙ་ཏུ་རཱ་ཤཱི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ཎཱཾ་བིདྷྭཾ་ས་ན་ཀ་རི་ཧཱུྃ་དྲཱུྃ་འཆང་བ་འཁོར་དང་བཅས་པ་མི་འདོད་པའི་རྒུད་པ་ཀུན་ལས་རྒྱལ་ཏེ་སྟོབས་དང་མངའ་ཐང་རྒྱས་པར༴ བྱང་ལ། ཨཥྚཱ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་དྷ་ན་ཀ་རཱི་ཧཱུྃ་དྲཱུྃ་འཆང་བ་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཀུན་ལས་རྒྱལ་ཏེ་ཅི་བསམ་ལྷུན་གྱིས་གྲུབ་པར༴ བྱང་ཤར་ལ། ཨཥྚ་ནཱཾ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རི་ཧཱུྃ་དྲཱུྃ་འཆང་བ་འཁོར་དང་བཅས་པ་མི་འདོད་པའི་རྒུད་པ་ཀུན་ལས་རྒྱལ་ཏེ་སྟོབས་འབྱོར་མངའ་ཐང་རྒྱས་པར་མཛད་དུ་གསོལ། ཞེས་བྲི། རྩིབས་མཆན་བརྒྱད་ལ་ཤར་གྱི་གཡོན་ནས་བརྩམས་ཏེ་རིམ་པ་བཞིན། མ་ཧཱ་ཙཎྜཱི་འཆང་བ་འཁོར་དང་བཅས་པ་ལ་གཞན་གྱི་སྦྱོར་བ་ངན་པ་བྱེད་པ་ཐམས་ཅད་བསྲུང་དུ་གསོལ། །པདྨ་སྱཱ་བྷི་ནི་མིཏྟ་ཝཱན་འཆང་བ་འཁོར་དང་བཅས་པ་ལ་མཚོན་གྱི་གནོད་པ་ཐམས་ཅད་བསྲུང༴ མ་ཧཱ་ཛྭ་ལ་ཡཱ་འཆང་བ་འཁོར་དང་བཅས་པ་ལ་དུས་མ་ཡིན་པའི་འཆི་བ་ཐམས་ཅད་བསྲུང་དུ༴ ཨ་ནྱ་སྱཱ་མུ་ནྱཱ་འཆང་བ་འཁོར་དང་བཅས་པ་ལ་མེ་དང་ཆུའི་འཇིགས་པ་ཐམས་ཅད་བསྲུང༴ ཝསྟྲ་ཤུཀླ་ཡཱ་འཆང་བ་འཁོར་དང་བཅས་པ་ལ་འཆིང་བ་དང་གསོད་པའི་འཇིགས་པ་ཐམས་ཅད་བསྲུང་དུ༴ བཛྲ་ཏུཎྜེན་འཆང་བ་འཁོར་དང་བཅས་པ་ལ་གནོད་སྦྱིན་དང་སྲིན་པོའི་གནོད་པ་ཐམས་ཅད་བསྲུང་དུ༴ ཏཱ་ར་ཡ་འཆང་བ་འཁོར་དང་བཅས་པ་ལ་རྨི་ལམ་དང་མཚན་ལྟས་ངན་པ་ཐམས་ཅད་བསྲུང་དུ༴ ཛ་ཡ་སྱ་བཛྲ་ཡཱ་འཆང་བ་འཁོར་དང་བཅས་པ་ལ་དུག་གི་གནོད་པ་ཐམས་ཅད་བསྲུང་དུ་གསོལ། ཞེས་སྡེ་ཚན་རེ་རེ་ལ་གཡས་
སྐོར་དུ་བྲི། དེའི་ཕྱི་རིམ་གྱི་མུ་ཁྱུད་ལ། ཨོཾ་ཨིནྡྲི་ཡེ། ཨོཾ་ཨགྣ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནཻར་རྀ་ཏ་ཡེ། ཨོཾ་ཝཱ་རུ་ཎ་ཡེ། ཨོཾ་བཱ་ཡ་བེ། ཨོཾ་ཀུ་བེ་ར་ཡེ། ཨོཾ་ཨཱི་ཤྭཱ་ན་ཡེ། ཨོཾ་ཨུརྡྷཾ་བྲཧྨ་ཎ་ཡེ། ཨོཾ་སཱུརྻ་བྲ་ཧ་ཨ་དྷི་པ་ཏ་ཡེ། ཨོཾ་ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨོཾ་ཨ་བྷོ་པྲྀ་ཐི་ཝཱི་བྷྱཿ ཨོཾ་ཨ་སུ་རེ་བྷྱཿ ཨོཾ་ནཱ་གེ་བྷྱཿ ཨོཾ་དྷྲྀ་ཏ་རཱཥྚ་ཡེ། ཨོཾ་བཻ་རཱུ་ཌྷ་ཀ་ཡེ། ཨོཾ་བི་རཱུ་བཱཀྵ་ཡེ། ཨོཾ་བཻ་ཤྲ་མ་ཎ་ཡེ། ཨོཾ་མེ་གྷོལྐ་ཡེ། ཨོཾ་ཤི་ཏཱཾ་ཤ་བེ། ཨོཾ་རཀྟཱ་ཀྵ་ཨཾ་ག་ཀུ་མཱ་ར་ཡེ། ཨོཾ་ཤུ་ཀྲ་ཡེ། ཨོཾ་པྲི་ཧསྤ་ཏ་ཡེ། ཨོཾ་ཀྲིཥྞཱ་ཝརྞ་ཡེ། ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ཡ། ཨོཾ་སརྦ་ནཀྵ་ཏྲ། ཨོཾ་རཱ་ཧུ་ལ་འཆང་བ་མི་ནོར་འཁོར་དང་བཅས་པ་འཇིགས་པ་དང་སྟེང་འོག་གི་གདོན་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་གཟི་བརྗིད་ནུས་མཐུ་མངའ་ཐང་ལོངས་སྤྱོད་སྙན་གྲགས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཞེས་པ་བྲི། དེའི་ཕྱི་རིམ་གྱི་མུ་ཁྱུད་ལ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷཱ་ཡ། ན་མོ་བུདྡྷཿཀོ་ཊི་སཔྟ་ཤྲཱི་ཤྲུ་སཾ་གྷ་ཤྩ་སཾ་ཧི་ཏཱ་ཡ། ན་མོ྅རྟ་ཏེ་བྷྱཿ ན་མ་ཤཤྲོ་ཏཱ་བནྣཿན་མོ་ནཱ་གཱ་མཱི། ན་མོ྅་ནཱ་གཱ་མི། ན་མལློ་ཀེ་སཾ་གཙྪ། ན་མསྶ་མཱ་བནྣི་བྷྱཿ ན་མོ་དེ་བ་སྱ་རྀ་ཥིརྴཱ་ས་སིདྡྷི་བྷྱཿ ན་མོ་བིངྱཱ་སིདྡྷི་བྷྱ། ན་མོ་བྲཧྨ་ཎཱ་ཡ། ན་མ་ཨིནྡྲཱ་ཡ། ན་མོ་བྷ་བྱཾ་རུ་དྲསྟཔྟོ་བཱ་རེཿཔ་ཏིཾ་ཙ་ས་ཧཱ་ཡ། ན་མོ་བྷ་བྱཾ་ནཱ་རཱ་ཡ་ཎཱ་ཡ་མ་ཧཱ་པཉྪ་མུ་དྲ་ན་མསྐྲྀ་ཏེ། ན་མོ་བྷ་བྱཾ་མ་ཧཱ་ཀཱ་ལ་ན་ག་རེ་བཱ་ཏྲི་ཀཱུ་ཊོ་བྷཻ་ར་ཝཿཀ་ཊ་ཤཱིསྨཱ་ཤ་ནེ་མུཀྟི་ཀ་ཨེ་ཌ་ཀཱ་སཾ་བྷཱ་རེ་ཎ་ན་མསྐྲྀ་ཏེ། ན་མསྶཾ་བུདྡྷ་བཱི་རསྠི་རཱ་སེ་ན་ཡུ་དྷ་སྱ་རཱ་ཛ་ནེ། ན་མསྶཾ་བུདྡྷཱ་མི་ཏཱ་བྷཱ་ཡ། ན་མཿསཾ་བུདྡྷོ྅ཀྵོ་བྷྱཿ ན་མཿསཾ་བུདྡྷོ་བྷཻ་ཥ་ཛྱ་གུ་ར་ཝེ། ན་མཿསཾ་བུདྡྷ་སྶཱ་ལ་སྱེནྡྲཿཔུཥྤ་ན་སཾ་པུ་ཥཱ་ཡ། ན་མཿསཾ་བུདྡྷཱ་ཤཱཀྱ་མུ་ན་ཡེ། ན་མཿསཾ་བུདྡྷོ་རཏྣ་ཀེ་ཏུ་རཱ་ཛ་ནེ། ན་མསྶཾ་བུདྡྷ་ཡཱ་བྷ་དྲ་ཡ། ན་མསྶཾ་བུདྡྷ་བཻ་རོ་ཙ་ནཱ་ཡེ། ན་མསྶཾ་བུདྡྷོ་ནཻ་ཏྲཿཔུ་ཥོཏྤ་ལ་གནྡྷ་སྱ་ཀེ་ཏོ་རཱ་ཛ་ནྀ་ཧི་རཀྵ་ཛྙཱཔྟི། ཞེས་པ་བྲི། དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བཅུ་བྱས་པའི་ཤར་སྟོད་ཀྱི་རྩིབས། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ཧཱུྃ་ཀ་ར་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པ་བྱད་གདོན་གྱི་གནོད་པ་
ཐམས་ཅད་བསྲུང་དུ་གསོལ། ཤར་སྨད་ཀྱི་རྩིབས་ལ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་བི་ཛ་ཡ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པ་མི་མཐུན་པའི་འཇིགས་པ་ཀུན་ལས་རྒྱལ་བར་མཛད་དུ་གསོལ། ཤར་ལྷོ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ནཱི་ལ་དཎྜ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པ་ལ་དབྱུག་གུ་དྲུག་ཅུ་རྩ་བཞིའི་གནོད་པ་ཐམས་ཅད་བསྲུང་དུ་གསོལ། ལྷོར། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ཡ་མཱནྟ་ཀ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པ་ལ་འཆི་བདག་གི་གནོད་པ་ཐམས་ཅད་བསྲུང་དུ་གསོལ། ལྷོ་ནུབ་ཏུ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པ་ལ་སྟེང་འོག་གི་གདོན་གྱི་གནོད་པ་ཀུན་བསྲུང་དུ་གསོལ། ནུབ་སྟོད་དུ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ཧ་ཡ་གྲཱི་བ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པ་ལ་རྒྱལ་པོ་དང་དམ་སྲིའི་གནོད་པ་ཐམས་ཅད་བསྲུང་དུ་གསོལ། ནུབ་སྨད་དུ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་མ་ཧཱ་བ་ལ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པ་ལ་དགྲ་རྐུན་གྱི་འཚེ་བ་ཐམས་ཅད་བསྲུང་དུ་གསོལ། ནུབ་བྱང་དུ། ཨོཾ་བཛྲ་ཨུཥྜཱི་ཥ་ཀྲོ་དྷ་ཊཀྐི་རཱ་ཛ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པ་ལ་ཁ་སྨྲས་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་དུ་གསོལ། བྱང་དུ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ཨ་མྲྀ་ཏ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པ་ལ་གྲིབ་དང་མི་གཙང་བ་ཐམས་ཅད་བསྲུང་དུ་གསོལ། བྱང་ཤར་དུ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ཏྲཻ་ལོཀྱ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་འཆང་བ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ལ་གནོད་པའི་གདོན་ཐམས་ཅད་བསྲུང་དུ་གསོལ། ཞེས་པ་བྲི། རྩིབས་མཆན་བཅུ་ལ། ཤར་སྟོད་ཀྱི་གཡོན་ནས་རིམ་བཞིན། ཧཱུྃ་ཀ་རེ་ཎ་འཆང་བ་འཁོར་དང་བཅས་ལ་ཚངས་པའི་གནོད་པ་ཐམས་ཅད་རཀྵ། བི་ཛ་ཡེ་ན་འཆང་བ་འཁོར་བཅས་ལ་དྲི་ཟའི་གནོད་པ་ཐམས་ཅད་རཀྵ། ནཱི་ལ་དཎྜ་པཱ་ནཱ་འཆང་བ་འཁོར་བཅས་ལ་མེ་ལྷའི་གནོད་པ་ཐམས་ཅད་རཀྵ། ཡ་མཱནྟ་ཀེ་ན་འཆང་བ་འཁོར་བཅས་ལ་གཤིན་རྗེའི་གནོད་པ་ཐམས་ཅད་རཀྵ། ཨ་ཙ་ལ་ཡཱ་འཆང་བ་འཁོར་བཅས་ལ་སྲིན་པོའི་གནོད་པ་ཐམས་ཅད་རཀྵ། ཧ་
ཡ་གྲཱི་ཝེ་ཎ་འཆང་བ་འཁོར་བཅས་ལ་ཆུ་ལྷའི་གནོད་པ་ཐམས་ཅད་རཀྵ། མ་ཧཱ་བ་ལེ་ན་འཆང་བ་འཁོར་བཅས་ལས་བདག་གི་གནོད་པ་ཐམས་ཅད་རཀྵ། ཊཱཀྐི་རཱ་ཛེ་ན་འཆང་བ་འཁོར་བཅས་ལ་རླུང་ལྷའི་གནོད་པ་ཐམས་ཅད་རཀྵ། ཨ་མྲྀ་ཏ་ཀུཎྜ་ལེ་ན་འཆང་བ་འཁོར་བཅས་ལ་གནོད་སྦྱིན་གྱི་གནོད་པ་ཐམས་ཅད་རཀྵ། བི་ཛ་ཡེ་ན་འཆང་བ་འཁོར་བཅས་ལ་དབང་ལྡན་གྱི་གནོད་པ་ཐམས་ཅད་རཀྵ། ཞེས་སྡེ་ཚན་རེ་རེ་ལ་གཡས་སྐོར་དུ་བྲི། དེའི་མུ་ཁྱུད་ཕྱི་མ་ལ་ཡིག་མགོ་ནང་དུ་བསྟན་ལ། འདི་རྣམས་བྲི། ཨོཾ་ཨ་སི་ཏཱ་ཨ་ན་ལཱརྐ་པ་བྷཱ་སྥུ་ཊ་བི་ཀཱ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། བ་ར་དཱ་ཡ་ཕཊ། བ་ར་པྲ་དཱ་ཡ་ཕཊ། པྲ་ཏྱཾ་གི་རི་ཏཱ་ཡ་ཕཊ། ཨ་སུ་ར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། པ་ར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་གེ་བྷྱཿཕཊ། སརྦ་ཨ་རུ་རེ་བྷྱཿཕཊ། སརྦ་མཱ་རུ་ཏེ་བྷྱཿཕཊ། སརྦ་ག་རུ་ཌེ་བྷྱཿཕཊ། སརྦ་གནྡྷརྦེ་བྷྱཿཕཊ། སརྦ་ཀིནྣ་རེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་རཱཀྵ་སེ་བྷྱཿཕཊ། སརྦ་པྲི་ཏེ་བྷྱཿཕཊ། སརྦ་པི་ཤཱ་ཙེ་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་ཀུམྦྷཎྜེ་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿཕཊ། སརྦ་སྐནྡེ་བྷྱཿཕཊ། སརྦ་ཨུནྨཱ་དེ་བྷྱཿཕཊ། སརྦ་ཙྪ་ཡེ་བྷྱཿཕཊ། སརྦ་ཨ་པ་སྨཱ་རེ་བྷྱཿཕཊ། སརྦ་ཨོ་སྟཱ་ར་གེ་བྷྱཿཕཊ། སརྦ་དུརླཾ་གྷི་ཏེ་བྷྱཿཕཊ། སརྦ་དུཿཔྲེ་ཀྵི་ཏེ་བྷྱཿཕཊ། སརྦ་ཛྭ་རེ་བྷྱཿཕཊ། སརྦ་ཀྲྀ་ཏྱཱ་ཀརྨ་ཎེ་ཀཱ་ཁོརྡེ་བྷྱཿཕཊ། ཀི་ར་ཎེ་བཻ་ཏཱ་ཌེ་བྷྱཿཕཊ། ཙིཙྪ་པྲེ་ཥ་ཀ་དུ་ཤཙྪ་རྡི་ཏེ་བྷྱཿཕཊ། སརྦ་དུརྦྷུཀྟེ་བྷྱཿཕཊ། སརྦ་ཏཱིརྠི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་བིངྱཱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་རེ་བྷྱཿཕཊ། སརྦ་ཨརྠ་སྭ་དྷ་ཀེ་བྷྱཿཕཊ། བིངྱཱ་ཙ་རེ་བྷྱཿཕཊ། ཙ་ཏུར་བྷྱོ་བྷ་གི་ནཱི་བྷྱ་ཕཊ། བཛྲ་ཀཽ་མཱ་རཱི་ཡེ་བྷྱཿཕཊ། བིངྱཱ་ར་ཛྷཱཻ་ཏེ་བྷྱཿཕཊ། མ་ཧཱ་པྲཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤྲཱི་ཁ་ལཱ་ཡ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མཱ་ཏྲྀ་ག་ཎ་ན་མསྐྲྀ་ཏཱ་ཡེ་ཕཊ། བིཥྞཱ་བཱི་ཡེ་ཕཊ། བྲཧྨ་ཎཱི་ཡེ་
ཕཊ། ཨགྣ་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཀཱ་ལ་དཎྜཱི་ཡེ་ཕཊ། ཨིནྡྲཱི་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། ཀུ་མཱ་རཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཙཱ་མུཎྜཱི་ཡེ་ཕཊ། རཱ་ཏྲཱི་ཡེ་ཕཊ། ཀཱ་ལཱ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨུ་དྷི་མུཀྟི་ཤྨ་ཤཱ་ན་བཱ་སི་ནཱི་ཡེ་ཕཊ། འཆང་བ་འཁོར་དང་བཅས་ལ་གཞན་གྱི་བསམ་སྦྱོར་ངན་པའི་རིགས་སྔགས་ཐམས་ཅད་བསྲུང་དུ་གསོལ། ཞེས་པ་བྲི། དེའི་ཕྱི་རིམ་གྱི་མུ་ཁྱུད་ལ། སརྦ་གྲ་ཧེ་ཎ་ཀྲྀ་ཏོ་བིངྱཱ་ཙྪནྡཾ་མྱ་སི་ནཱ་ཀི་ལ་ཡ། སཾ་ཙ་རེ་ཎ་ཀྲི་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། ཌཱ་ཀ་ཌཱ་ཀི་ནི་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། མ་ཧཱ་པ་ཤུ་པ་ཏི་ནཱ་ཀྲྀ་ཏོ་སྱ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། ནཱ་རཱ་ཡ་ཎེ་ན་ཀྲི་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། མ་ཧཱ་ཀཱ་ལཤྩཻ་ཌཱ་ཀཱ་སམྦྷ་རེ་ཎ་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། ན་ད་སྱ་ཀཱ་པ་ལཱི་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། ཛ་ཡ་ཀྲྀ་ཏཾ་ཙ་མ་དྷུ་ར་ཀྲྀ་ཏཾ་ཙ་སརྦ་ཨརྠ་སིདྡྷི་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། ཙ་ཏུརྦྷ་གི་ནཱི་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། བྷྲྀངྒི་རི་ཏི་ཙ་པྲི་ཡ་ཀ་ར་ཨཱི་ཤྭ་ར་ཙ་ག་ཎཱ་པ་ཏི་ཙ་ས་ཏུ་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། ཤྲ་མ་ཎ་ནགྣེ་ན་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། ཨརྷ་ཏེ་ན་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། བི་ཏ་རཱ་ག་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། གུ་ཧྱ་པ་ཏི་པཱ་ཎི་བཛྲེ་ཎ་ཀྲྀ་ཏོ་བིངྱཱ་ཙྪིནྡ་མྱ་སི་ནཱ་ཀཱི་ལ་ཡ། ཞེས་པ་བྲི། དེའི་ཕྱི་རིམ་གྱི་མུ་ཁྱུད་ལ། བྷ་ག་ཝཱན་ཏ་ཐཱ་ག་ཏོཥྞཱི་ཥ་ཏོ་བྷཱུ་ཏ་སྱ་ཙྪ་ཏྲ་སི་ཏཱ་ཨ་པ་རཱ་ཛི་ཏ་བཛྲོ་ཥྞཱི་ཥཿཔྲ་ཏི་པཱ་རི་མ་ཧཱ་ཏཱི་ས་ཧ་སྲ་པཱ་ཎི་མ་ཧཱ་དྷྲཱིཀཿཤི་རོ་མ་ཧཱ་དྷྲཱིཀཿནེ་ཏྲ་ཀོ་ཊི་ཤ་ཏ་ས་ཧ་སྲ་མ་ཧཱ་དྷྲཱིཀཿ ཨ་བྷེ་ངྱེ་ཛྭ་ལ་ཊི་ཀ་རཱི་བཛྲ་པྲྀ་ཐུ་མ་ཧཱ་ཏཱི་ཏྲི་བྷཱུ་མི་མཎྜ་ལ་མ་ཧཱ་དྷྲཱིཀཿ སརྦ་སཏྭཱ་འཆང་བ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་ཛྙཱཔྟི་རཀྵ་ཛྙཱཔྟི། ཨོཾ་རཱ་ཛ་ནོ་བྷ་ཡཱ་ཏྲ། ཙཽ་ར་སྱ་བྷ་ཡཱ་ཏྲ། ཨགྣེ་ཿབྷ་ཡཱ་ཏྲ། ཨུུ་ད་ཀ་སྱ་བྷ་ཡཱ་ཏྲ། བི་ཥ་སྱ་བྷ་ཡཱ་ཏྲ། ཤསྟྲ་སྱ་བྷ་ཡཱ་ཏྲ། པ་རཱ་ནཱི་ཀ་བྲྀནྡཾ་བྷ་ཡཱ་ཏྲ། དུརྦྷི་ཀྵ་སྱ་བྷ་ཡཱ་ཏྲ། ཤ་ཏྲོཿབྷ་ཡཱ་ཏྲ། རོ་ག་སྱ་བྷ་ཡཱ་ཏྲ། ཨ་ཤི་ནེཿབྷ་ཡཱ་ཏྲ། ཨ་ཀཱ་ལ་མྲི་ཏྱུ་བྷ་ཡཱ་ཏྲ། དྷ་ར་ཎི་ཀལྤ་སྱ་བྷ་ཡཱ་ཏྲ། ཨུལྐཱ་པཱ་ད་སྱ་བྷ་ཡཱ་ཏྲ། རཱ་ཛ་དཎྜ་སྱ་བྷ་ཡཱ་ཏྲ། དེ་ཝ་གྲ་ཧཱ་ཏྲ། ནཱ་ག་གྲ་ཧཱ་ཏྲ། ཨ་སུ་ར་གྲ་ཧཱ་ཏྲ། མཱ་རུ་ཏ་གྲ་ཧཱ་ཏྲ། ག་རུ་ཌ་གྲ་ཧཱ་ཏྲ།
གནྡྷརྦ་གྲ་ཧཱ་ཏྲ། ཀིནྣ་ར་གྲ་ཧཱ་ཏྲ། མ་ཧོ་ར་ག་གྲ་ཧཱ་ཏྲ། ཡཀྵ་གྲ་ཧཱ་ཏྲ། རཱཀྵ་སྱ་གྲ་ཧཱ་ཏྲ། པྲེ་ཏ་སྱ་གྲ་ཧཱ་ཏྲ། བི་ཤཱ་ཙ་སྱ་གྲ་ཧཱ་ཏྲ། བྷཱུ་ཏ་ས་མཱནྟ་སྱ་གྲ་ཧཱ་ཏྲ། ཀུམྦྷཎྜ་སྱ་གྲ་ཧཱ་ཏྲ། བཱུ་ཏ་ན་སྱ་གྲ་ཧཱ་ཏྲ། ཀ་ཊ་པཱུ་ཏ་ན་སྱ་གྲ་ཧཱ་ཏྲ། སྐནྡ་སྱ་གྲ་ཧཱ་ཏྲ། ཨ་པ་སྨཱ་ར་གྲ་ཧཱ་ཏྲ། ཨུནྨཱ་ད་སྱ་གྲ་ཧཱ་ཏྲ། ཙྪཱ་ཡ་སྱ་གྲ་ཧཱ་ཏྲ། ཨོསྟཱ་ར་ཀ་སྱ་གྲ་ཧཱ་ཏྲ། རེ་བ་ཏཱི་གྲ་ཧཱ་ཏྲ། ཛཱ་མ་ཀ་སྱ་གྲ་ཧཱ་ཏྲ། ས་ཀུ་ནི་གྲ་ཧཱ་ཏྲ། མཱ་ཏྲི་ནནྡ་ནཱི་ཡ་གྲ་ཧཱ་ཏྲ། ཤ་མི་ཀ་སྱ་གྲ་ཧཱ་ཏྲ། གཎྜཱི་སནྟ་པ་གྲ་ཧཱ་ཏྲ་པྲ་ཏྱཾ་གི་ར། ཛྭ་ར་ཨེ་ཀ་ཏི་ཀཱཤྩ། དྭཻ་ཏཱི་ཡ་ཀཱཤྩ། ཏྲཻ་ཏཱི་ཡ་ཀཱཤྩ། ཙ་ཏུརྠི་ཀཱཤྩ། ས་བྷཱ་ཏི་ཀཱཤྩ། ནི་ཏྱ་ཛྭཱ་རཱ་རཱཤྩ། བི་ཥ་མ་ཛྭ་རཱཤྩ། དུཥྚཀླ་མ་ཛྭ་རཱཤྩ། བཱ་ཏི་ཀཱཤྩ། བཻཏྟི་ཀཱཤྩཱ། ཤླེསྨི་ཀཱཤྩ། སཱནྡི་པཱ་ཏི་ཀཱཿཔྲ་ཏྱཾ་གི་ར། སརྦ་ཛྭ་ར་ཤྩ། མསྟ་ཀ་བྱཱ་དྷིརྩ། པཱ་ར་ཤྭཱརྡྷ་བྱཱ་དྷིརྩ། ཨ་རོ་ཙ་ཀཾ་ཙ། ཨ་ཀྵི་བྱཱ་དྷིརྩ། ནཱ་སཱ་བྱཱ་དྷིརྩ། མུ་ཁཾ་བྱཱ་དྷིརྩ། ཀཎྛ་ཧྲི་ད་བྱཱ་དྷིརྩ། བ་ལ་གྲ་ཧ་བྱཱ་དྷིརྩ། ཀརྞ་བྱཱ་དྷིརྩ། དནྟ་བྱཱ་དྷིརྩ། མཱ་ད་བྱཱ་དྷིརྩ། པཱ་ར་ཤྭ་བྱཱ་དྷིརྩ། པྲྀཥྛ་བྱཱ་དྷིརྩ། ཨུ་ད་ར་བྱཱ་དྷིརྩ། ཀ་ཊི་བྱཱ་དྷིརྩ། བཱསྟེ་ཡཾ་བྱཱ་དྷིརྩ། ཛགྷ་ནཾ་བྱཱ་དྷིརྩ། ཛཾ་གྷཱ་བྱཱ་དྷིརྩ། ཧསྟཾ་བྱཱ་དྷིརྩ། པཱ་དཾ་བྱཱ་དྷིརྩ། ཨངྒ་བྱཱ་དྷིརྩ། པྲ་ཏྱངྒ་བྱཱ་དྷིརྩ། པ་རཱ་པྲ་ཏྱཾ་གི་ར། ཏེ་ཛོ་ཧཾ་རཤྩ། ཨོཾ་ཛོ་ཧ་རཤྩ། ཨོཾ་ད་ནཾ་གརྦྷཱ་ཛཀྵཾ་ཙ། ཨོ་ད་ནཾ་རུ་དྷི་རཾ་པཱ་ནཾ་ཙ། ཨོ་ད་ནཾ་བ་པཱ་ཛཀྵཾ་ཙ། ཨོ་ད་ནཾ་མཱནྶཱ་ཛཀྵཾ་ཙ། ཨོ་ད་ནཾ་མེ་དཱ་ཛཀྵཾ་ཙ། ཨོ་ད་ནཾ་མཛྫ་ཛཀྵཾ་ཙ། ཨོ་ད་ནཾ་ཛཱ་ཏཱ་ཛཀྵཾ་ཙ། ཛཱི་བི་ཏཱ་ཧཱ་རཤྩ། ཨོ་ད་ནཾ་བཱནྡཱ་ཛཀྵཾ་ཙ། ཨོ་ད་ནཾ་པྲེ་ཤཱ་ཙྱ་྄ཛཀྵཾ་ཙ། ཨོ་ད་ནཾ་མ་ཏྲཱ་པཱ་ནཾ་ཙ། ཨོ་ད་ནཾ་སྱནྡུ་ནི་ཀཱ་ཛཀྵཾ་ཙ། ཨོ་ད་ནཾ་བ་ཤེ་ཥ་ཛཀྵཾ་ཙ། ཨོ་ད་ནཾ་ཁེ་ཊཱ་པཱ་ནཾ་ཙ། ཨོ་ད་ནཾ་སིཾ་ཧཱ་ཎ་ཀཱ་ཛཀྵཾ་ཙ། ཨོ་ད་ནཾ་པཱུ་ཡཾ་ཛཀྵཾ་ཙ། ཨོ་ད་ནཾ་པུ་རཱི་ཥ་ཛ་ཀྵཾ་ཙ། ཨོ་ད་ནཾ་མཱ་ལྱ་ཛཀྵཾ་ཙ། ཨོ་ད་ནཾ་གནྡྷ་ཛཀྵཾ་ཙ། ཨོ་ད་ནཾ་དྷཱུ་པཱ་ཛ་ཀྵཾ་ཙ། ཨོ་ད་ནཾ་པུཥྤཱ་ཛཀྵཾ་ཙ། ཨོ་ད་ནཾ་ཕ་ལཱ་ཛཀྵཾ་ཙ། ཨོ་ད་ནཾ་ཤ་སྱ་ཙཀྵཾ་ཙ། ཨོ་ད་ནཾ་ཧོ་ཏྲ་ཛཀྵཾ་པ་རཱ་པྲ་ཏྱཾ་གི་ར། ཛྭ་རཤྩ། ད་ཊྚཱུཾ་ཙ། ཨཱི་ཏི་ཙ། ཀི་ཊི་བྷཾ་ཙ། ཀུཥྛཾ་ཙ། བ་ཊཻ་ཀཾ་ཙ། ལཱུ་ཏཾ་ཙ། བེ་སརྦཉྩ། བཱ་མཱ་ཙ། ལོ་ཧ་ལིངྒ་ཤྩ། ཤོ་ཥཾ་ཙ། ཏྲཱ་སཾ་ཙ། ག་རཾ་ཙ། བི་ཥ་ཡོ་གཾ་ཙ། ཀཱ་ཁོརྡེ་ཙ། ཨགྣི་རྩ། ཨུ་ད་ཀཾ་ཙ། མཱ་རཾ་ཙ།
ཤ་ཏྲུཾ་ཙ། ནི་ཀཱ་རཾ་ཙ། ཨ་ཀཱ་ལ་མྲྀ་ཏྱུཤྩ། བྷྲ་མ་ར་ཧྱམྤ་ཀཾ་ཙ། ཏྲཻ་ལཱ་ཊ་ཀཾ་ཙ། པྲི་ཥཙ་ཀཾ་ཙ། སརྦཾ་ཙ། ན་ཀུ་ལཾ་ཙ། སིདྷཾ་ཙ། བྱཱ་གྷྲཱ་ཙ། རྀ་ཀྵཾ་ཙ། ཏ་རཀྵུ་ཙ། པྲྀ་ཀཾ་ཙ། མཱ་ཀ་རཾ་ཙ། བྷྲྀངྒེ་བཱ་ནྱ་སྱ་ཛི་བ་ཧཱ་རཱཿཔྲ་ཏྱཾ་གི་ར། བྷ་ག་ཝཱན་ཏ་ཐཱ་ག་ཏོཥྞཱི་ཥཱ་ཏོ་བྷཱ་ཏ་སྱ་ཙྪ་ཏྲ་སིཏཱ་ཨ་པ་རཱ་ཛི་ཏ་བཛྲོ་ཥྞཱི་ཥཿཔྲ་ཏི་བཱ་རི་མ་ཧཱ་ཏཱི་ས་ཧ་སྲ་པཱ་ཎི་མ་ཧཱ་དྷྲྀཀཿ ཤི་རོ་མ་ཧཱ་དྷིཀཿ ཀོ་ཊི་ཤ་ཏཾ་ས་ཧཱ་སྲེ་ནེ་ཏྲ་མ་ཧཱ་དྷྲིཀཿ ཨ་བྷེ་དྱེ་ཛྭ་ལ་ཊི་ཀ་རཱི་བཛྲ་པྲི་ཐུ་མ་ཧཱ་ཏཱི་ཏྲི་བྷཱུ་མི་མཎྜལ་དྷྲཱྀཀ་ཀཱ་རཱ་མ་ཧཱ་ནེ་ན་དྭཱད་ཤཱ་ཡོ་ཛ་ན་སྱོཏྤཾ་གཱརྦཱ་གི་སརྦ་གྲ་ཧཤྩ་པ་རཱ་ཀྲྀདྭི་དྱཱ་སརྦ་ཀཱ་ར་ཎཱ་པྲ་ཏྱཾ་གི་ར་ཛྙཱ་པྟཱིཿ འཆང་བ་ལ་ཕ་རོལ་པོས་མཐུ་གཏད་ངན་སྔགས་ཀྱི་སྦྱོར་བ་བཤོམས་པ་ཐམས་ཅད་སྲུང་དུ་གསོལ། ཞེས་པ་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་ཡིག་མགོ་ནང་དུ་བསྟན་ལ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནཏ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ བདེ་གཤེགས་ཐུགས་རྗེས་གཙུག་ཏོར་ལས་འཁྲུངས་ཤིང་། །བདེ་འབྱུང་བསྟན་ལ་གནོད་བྱེད་ཚར་བཅད་ནས། །བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པའི། །བདེ་མཆོག་གདུགས་ཀར་ཅན་གྱི་བཀྲ་ཤིས་ཤོག །འདོད་པ་ལན་ཅིག་ཕྱིར་འོང་དང་། །གང་དག་ཕྱིར་མི་འོང་བ་དང་། །རྒྱུན་ཞུགས་དེ་དག་ཞུགས་པ་དང་། །འབྲས་བུར་གནས་པས་ཕྱེ་བ་སྟེ། །འཕགས་པའི་གང་ཟག་བརྒྱད་རྣམས་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །གཤིན་རྗེ་མཐར་བྱེད་ཤེས་མཐར་བྱེད། །པདྨ་མཐར་བྱེད་བགེགས་མཐར་བྱེད། །མི་གཡོ་འདོད་རྒྱལ་དབྱུག་སྔོན་ཅན། །སྟོབས་ཆེན་གཙུག་ཏོར་འཁོར་ལོས་སྒྱུར། །ཧཱུྃ་མཛད་ལ་སོགས་ཁྲོ་བོ་ཡི། །རྒྱལ་པོ་རྣམས་ཀྱི་བཀྲ་ཤིས་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །དབང་ཕྱུག་ནོར་ལྷ་རྣམས་ཀྱི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དོན་རྟོགས་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ཛ་ཡ་ཛ་ཡ་སུ་ཛ་ཡཿ ཞེས་བྲིའོ། །དེའི་ཕྱི་རོལ་གྱི་མུ་
ཁྱུད་ལ་ཕྱོགས་མཚམས་བརྒྱད་དུ་རྡོ་རྗེ་རེ་རེ་བྲི། དེ་དག་གི་ཕྱི་རོལ་དུ་མེ་རི་བྲི་བར་བྱའོ། །ཞེས་པ་འདི་ཡུལ་འཁོར་སྲུང་བའི་ཙཀྲའོ།། །།གཉིས་པ་བསྒྲུབ་བྱ་སྲུང་བའི་ཙཀྲ་ལ། དབུས་ཀྱི་པདྨ་འདབ་བརྒྱད་དོར་ལ། མཐུ་ཟློག་པ་སོགས་ཡིན་ན། འཁོར་ལོ་རྩིབས་བཅུ་ལ། ཁྲོ་བཅུའི་སྔགས་ཁ་ཕྱིར་བསྟན་ནས་བྲི་ཞིང་སྲུང་བ་ཁ་ནང་བསྟན་དུ་བྲི། དེའི་ཕྱི་རོལ་མུ་ཁྱུད་ལ། ཏདྱ་ཐཱ། སརྦ་ཏ་ཐཱ་ག་ཏོ། ཨོཾ་ཥྚོཾ་བྷནྡྷ་སོགས་གོང་བཞིན་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་རྡོ་རྭ་དང་རྟེན་འབྲེལ་སྙིང་པོ་བྲི། དེའི་ཕྱི་མེ་རིས་བསྐོར་ལ། རབ་ཏུ་གནས་པ་གཞུང་བཞིན་བྱས་ལ་འདོགས་པར་བཤད། ༈ རྒྱལ་མཚན་འཛུགས་པའི་ཆོ་ག་ནི། སྒྲུབ་མཆོད་དང་འབྲེལ་ན་མཆོག་ཡིན་པས་རྒྱལ་མཚན་ལེགས་པར་འདུ་བྱས་ལ་དཀྱིལ་འཁོར་གྱི་དབུས་སམ་ཤར་ཕྱོགས་སུ་བཙུགས། སྒྲུབ་མཆོད་རེ་རེ་བཞིན་ཡེ་ཤེས་པ་རྣམས་བསྟིམས་ལ་བརྟན་བཞུགས་དང་། ཤིས་པ་བརྗོད་པ་རྣམས་ཚར་ཅི་མང་དུ་བྱས་ལ། དེ་ནས་གཏོར་མ་བཏང་བའི་རྗེས་ལ་རྒྱལ་མཚན་འཛུགས་པར་བཤད། སྒྲུབ་མཆོད་དང་མ་འབྲེལ་ན་པདྨ་འདབ་བརྒྱད་ཀྱི་དབུས་སུ་གཙོ་མོ་བསྐྱེད། དེའི་ཕྱི་རོལ་དུ་མཆོད་གཏོར་བཤམས་ལ། རྒྱལ་མཚན་སྦྱང་བ་དང་། ཁྲུས་གསོལ་བ་དང་། དམ་ཚིག་པ་བསྐྱེད། ཡེ་ཤེས་པ་གཞུག དབང་བསྐུར། རྒྱས་གདབ། མཆོད་བསྟོད། ལྷ་མོ་རྣམས་ཞུ་བ་ལས་བྱུང་བའི་འཁོར་ལོའི་དབུས་སུ་བསྒྲུབ་བྱ་འཁོར་བཅས་ཆུད་པར་བསམ་ཞིང་། བརྟན་བཞུགས་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པར་བརྗོད་ལ། རྒྱལ་མཚན་དཀར་པོའམ་ཤིང་གཙང་མ་ལ་གདུགས་ལེགས་པར་བཟོས་པའི་དབུས་སུ་ཙཀྲ་གཞུག ཏོག་ལ་རིང་བསྲེལ་བྱིན་རླབས་ཅན་གཞུག་པའམ། གཙོ་མོའི་སྐུ་གཟུགས་གཟུངས་སྔགས་ཚང་བ་ཡང་གཞུག་པར་བཤད། དེ་ལྟ་བུ་དགུའམ། ལྔའམ། གཅིག་ལ་སོགས་པ་གང་ཡང་རུང་བ་བྱས་ལ། ལེགས་ལྡན་མཆེད་གསུམ་དང་ཕྱོགས་སྐྱོང་རྒྱལ་ཆེན་རྣམས་ལ་གཏོར་མ་བཏང་སྟེ། བདག་ཉིད་གཙོ་མོའི་ང་རྒྱལ་གྱིས། ཧཱུྃ་སྔོན་གྱི་གྲོང་ཁྱེར་སུམ་བརྩེགས་ནི། །ནག་པོ་ཆེན་པོས་འཇིག་པའི་ཚེ། །བདེ་གཤེགས་སྤྲུལ་སྐུ་
ཉིད་ཀྱིས་ནི། །གཙུག་ཏོར་གདུགས་དཀར་བྱིན་རླབས་ཀྱིས། །ནག་པོ་ཆེན་པོ་མཉེས་བྱས་ནས། །གདུགས་དཀར་དམ་ལ་བཏགས་ནས་ནི། །གྲོང་ཁྱེར་སུམ་བརྩེགས་བརྟན་པར་བྱས། །སུམ་བརྩེགས་མི་རྣམས་བར་ཆད་བཟློག །དེ་ལྟར་སྒྲུབ་མཆོག་བདག་གིས་ཀྱང་། །གཙུག་ཏོར་གདུགས་དཀར་དམ་ཅན་ལ། །མཆོད་དང་གཏོར་མ་འདི་འབུལ་གྱི། །མཆོད་གཏོར་དམ་པ་འདི་བཞེས་ལ། །གྲོང་ཁྱེར་ཆེན་པོ་སུམ་བརྩེགས་བཞིན། །གྲོང་ཁྱེར་འདི་ཡང་བརྟན་པར་མཛོད། །སུམ་བརྩེགས་པ་ཡི་མི་བཞིན་དུ། །གྲོང་ཁྱེར་འདི་ན་གནས་པ་ཡི། །གཞུག་དང་མི་གཞུག་ཐམས་ཅད་ཀྱི། །མི་མཐུན་བར་ཆད་བཟློག་ཏུ་གསོལ། །གཞན་གྱིས་བསྒྲུབས་པའི་རིག་སྔགས་ཟློག །གཞན་གྱིས་རྦད་པའི་རིགས་སྔགས་བཟློག །རྒྱལ་མཚན་འདི་ཡི་བྱིན་རླབས་ཀྱིས། །ཤར་ཕྱོགས་ཆ་འདི་བསྲུང་དུ་གསོལ། །ཤར་གྱི་གདོན་ཚོགས་ཕྱིར་ཟློག་ཅིག །འབྱོར་དང་བཀྲ་ཤིས་ཚུར་སྩོལ་ཅིག །སྔགས་རྣམས་ཚར་གཅིག་ཚང་བར་བརྗོད། །ཤར་ཕྱོགས་སུ་གཟུགས་ཤིང་། དེ་བཞིན་དུ་ཕྱོགས་མཚམས་སུ་ཚིག་འདོན་པ་བསྒྱུར་ལ་བྱའོ། །སླར་འཁོར་བ་དང་དབུས་སུ་གཟུགས་ཤིང་མཆོད་བསྟོད་བྱའོ། །གལ་ཏེ་རྒྱལ་མཚན་ལྔ་ལས་མེད་ན་ཕྱོགས་བཞི་དང་དབུས་སུ་གཟུགས། གཅིག་ལས་མེད་ན་ཕྱོགས་རྣམས་སུ་གཏོར་མ་བཏང་། རྒྱལ་མཚན་ཁྱེད་ལ་རྒྱལ་མཚན་འཛུགས་པའི་ཚིག་རྣམས་སོ་སོར་བརྗོད་དེ། རྒྱལ་མཚན་དབུས་སུ་གཟུགས་པར་བྱ་ཞིང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་ཚིགས་བཅད་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེན་པོ་དང་། ཕྱོགས་སྐྱོང་རྒྱལ་ཆེན་བཞི་ལ་བཀའ་བསྒོ་བྱའོ། །ཚུལ་འདི་ནི་ཙནྡྲ་གོ་མཱིས་གསུངས་པའི་རྒྱ་གཞུང་དང་། སློབ་དཔོན་ཁ་ཆེ་དཀར་པོའི་ཡིག་ཆ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེའི་རྒྱལ་མཚན་འཛུགས་པའི་ཆོ་ག་ནས་ལེགས་པའི་ཆ་རྣམས་བཏུས་ཏེ། འགྲོ་ལ་ཕན་པའི་ཆེད་དུ་སྔགས་འཆང་ཤཱཀྱ་དཔལ་གྱིས་མཁས་གྲུབ་རིམ་པར་བྱོན་པའི་གདན་ས་ཆེན་པོ་ཞྭ་ལུ་རི་ཕུག་ཏུ་སྦྱར་བའོ། །འཁོར་ལོ་ལ་ཡི་གེའི་ཚག་ཤད་སྤངས་ནས་བར་མཚམས་
མེད་པར་བྲི་བ་ལག་ལེན་ཡིན་ནོ། །འདིའི་ཕན་ཡོན་ནི། སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མའི་རིགས་སྔགས་ཀྱི་རྒྱལ་མོ་འདི། རས་སམ་ཤིང་ཤུན་ལ་བྲིས་ཏེ། ལུས་སམ་མགུལ་དུ་བཏགས་ན་དེ་ཇི་སྲིད་འཚོའི་བར་དུ་མཚོན་གྱིས་མི་ཚུགས། དུག་གིས་མི་ཚུགས། མེས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར། གདོན་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །ཚེ་དང་བསོད་ནམས་དང་སྟོབས་ཀྱང་རབ་ཏུ་རྙེད་དོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་སོགས་ཕན་ཡོན་རྒྱས་པ་གཞུང་དུ་བལྟའོ། ༈ །ན་མོ་གུ་རུ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲཱ་ཡཻ། གཙུག་ཏོར་གདུགས་དཀར་མོའི་སྲུང་བའི་འཁོར་ལོ་འདི་ལ་གསུམ། གང་ལས་གསུངས་པའི་ཁུངས་སྨོས། ལག་ཏུ་བླང་བའི་ཐབས་བཤད། དེ་ལྟར་བགྱི་བའི་ཕན་ཡོན་བསྟན་པའོ། །གཉིས་པ་ལ་གསུམ། བྲི་བ། སྒྲུབ་པ། ལས་ལ་སྦྱར་བའོ། །དང་པོ་ལ་གཉིས། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ལ་གཉིས། སློབ་དཔོན་ཙནྡྲ་གོ་མིའི་ལུགས་དང་། སློབ་དཔོན་ཤཱུ་རཱངྒ་ཝརྨའི་ལུགས་སོ། །ཕྱི་མ་ལ་གསུམ། བྲི་བའི་གཞི། འབྲི་ཚུལ། བྱུག་རྫས་སོ། །འབྲི་ཚུལ་ལ་གསུམ། ཐིག་བཏབ་སྟེ་མུ་ཁྱུད་བསྐོར་ཚུལ། ཡི་གེ་འགོད་ཚུལ། ཚོན་འགྱེད་ཚུལ་ལོ། །དང་པོ་ནི། དབུས་སོར་གསུམ་གྱིས་ཟླུམ་པོར་བསྐོར་བ་ལ་མུ་ཁྱུད་ཉིས་རིམ། དེའི་ཕྱི་རོལ་གྱི་མུ་ཁྱུད་གཅིག་བྱས་པ་ལ་པདྨ་འདབ་བརྒྱད་ཤུན་པ་དང་བཅས་པ། དེའི་ཕྱི་རོལ་སོར་གཅིག་པའི་མུ་ཁྱུད་ཟླུམ་པོ། དེའི་ཕྱི་རོལ་སོར་གསུམ་གྱི་མུ་ཁྱུད་ཟླུམ་པོར་བསྐོར་བ་ལ་འཁོར་ལོ་རྩིབས་བརྒྱད་པ་དབྱིབས་བྱེའུ་ཕྲུག་ཁ་བསླངས་པ་ལྟ་བུ། དེའི་ཕྱི་རོལ་སོར་གཉིས་པའི་མུ་ཁྱུད་ཟླུམ་པོ། དེའི་ཕྱི་རོལ་སོར་གསུམ་པའི་མུ་ཁྱུད་ཟླུམ་པོར་བསྐོར་བ་ལ་འཁོར་ལོ་རྩིབས་བཅུ་པ་ཤར་ནུབ་གཉིས་ཀྱི་ཐད་དྲང་
པོར་འཁོར་ལོའི་རྩིབས་བར་ཁེལ་བའི་ཤར་དུ་གཉིས། ནུབ་ཏུ་གཉིས། ཕྱོགས་གཞན་དང་མཚམས་སུ་རེ་རེ་ཏེ་བཅུའོ། །དེའི་ཕྱི་རོལ་སོར་ཕྱེད་གསུམ་པའི་མུ་ཁྱུད་ཟླུམ་པོ། དེའི་ཕྱི་རོལ་སོར་གཉིས་པའི་མུ་ཁྱུད་ཟླུམ་པོ། དེའི་ཕྱི་རོལ་སོར་བཞི་པའི་མུ་ཁྱུད་ཟླུམ་པོ། དེའི་ཕྱི་རོལ་དུ་སོར་ཕྱེད་གཉིས་པའི་མུ་ཁྱུད་ཟླུམ་པོ་ཉིས་རིམ། དེའི་ཕྱི་རོལ་སོར་གསུམ་ཙམ་གྱི་ཚོད་ལ་རེ་ཁཱ་མེད་པའི་མེ་རི་ཟླུམ་སྐོར་རོ། །གཉིས་པ་ཡི་གེ་འགོད་པའི་ཚུལ་ནི། ལྟེ་བར་ཨོཾ། དེའི་མཐར་མུ་ཁྱུད་ལ། ཨོཾ་དང་མཇུག་སྤྲད་པའི་ཚུལ་གྱིས་མདུན་ནས་བརྩམས་ཏེ་ཡིག་མགོ་ཕྱིར་བསྟན་པ་གཡས་སྐོར་དུ། ཏདྱ་ཐཱ་ནས། ཧཱུྃ་དྲཱུཾ་བྷནྡྷ་ཕཊ་སྤེལ་ཚིག་བཅས། མུ་ཁྱུད་དང་པོ་ལ་གཞན་གྱིས་མི་ཐུབ་མ་དང་གདུང་བདུན་ལ་ཕྱག་འཚལ་སྤེལ་ཚིག་དང་བཅས་འདབ་བརྒྱད་སོ་སོར་དགོད། གཉིས་པ་ལ། ཏདྱ་ཐཱ། སརྦ་ཏ་ཐཱ་ག་ཏོ་ཨོཾ་ཥྚོཾ་སོགས་སྤེལ་ཚིག་བཅས་གསུམ་པར་རྩིབས་བརྒྱད་ལ། ཛམྦྷ་ན་ཀ་རཱི་སོགས་སྤེལ་ཚིག་བཅས་དང་། ཤར་གྱི་གཡོན་ནས་བཟུང་རྩིབས་མཆན་བརྒྱད་ལ་གཏུམ་ཆེན་མ་སོགས་བརྒྱད་ཀྱི་མཚན་སྤེལ་ཚིག་བཅས། བཞི་པར། ཨོཾ་ཨིནྡྲ་ཡེ་ནས། ཨོཾ་རཱ་ཧུ་ལ་ཞེས་པའི་བར་དང་སྤེལ་ཚིག་བཅས། ལྔ་པར་སངས་རྒྱས་ལ་ཕྱག་འཚལ་ལོ་ནས། ཨུཏྤ་ལའི་དྲིའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ་བར་དང་སྤེལ་ཚིག་བཅས། དྲུག་པར་ཤར་ངོས་གཡོན་ཟུར་གྱི་རྩིབས་ནས་བརྩམས་ཏེ། ཨོཾ་བཛྲ་ཨུཥྞཱི་ཥ་ཀྲོ་དྷ་ཧཱུྃ་ཀ་ར་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་ནས། ཏྲཻ་ལོ་ཀྱ་ཞེས་པའི་བར་གྱི་ཁྲོ་བོ་བཅུའི་སྔགས་སོ་སོར་སྤེལ་ཚིག་བཅས་དང་། རྩིབས་མཆན་བཅུ་ལ། ཁྲོ་བོ་ཧཱུྃ་ཀ་རས་ཚངས་པའི་གདོན་དང་གནོད་པ་ཐམས་ཅད་རཀྵ། ཞེས་པ་ལྟ་བུ་སྤེལ་ཚིག་བཅས། བདུན་པར་ཡིག་མགོ་ནང་དུ་བསྟན་ལ་ཤར་ནས་བརྩམས་ཏེ་གཡོན་སྐོར་དུ། ཨོཾ་ཨ་སི་ཏཱ་ཨ་ན་ལཱརྐ་ནས། ཤྨ་ཤ་ན་ཝཱ་སི་ནཱི་ཡེ་ཕཊ་དང་ཟློག་པའི་སྤེལ་ཚིག བརྒྱད་པར་ཡིག་མགོ་ནང་བསྟན་དུ། གདོན་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ་སོགས་ནས། འཕགས་པ་ལག་ན་རྡོ་རྗེས་བྱས་པའི་རིགས་སྔགས་བཅད་དོ། །ཕུར་བུས་གདབ་བོ་དང་སྤེལ་ཚིག་བཅས། དགུ་པར། བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་སོགས་ནས། གནོད་པ་ཐམས་ཅད་བཟློག་ཏུ་གསོལ་དང་སྤེལ་ཚིག་བཅས། བཅུ་པར་ཕྱོགས་མཚམས་བརྒྱད་རྡོ་རྗེ་འཕྲེད་དུ་བཞག་པའི་རྡོ་རྭ་དང་། ཤར་དང་བྱང་ཤར་གྱི་རྡོ་རྗེའི་བར་དུ་རྟེན་སྙིང་དང་། ཕུན་སུམ་ཚོགས་པ་ཞེས་བྲི་བས་མཚོན་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་བཅད་དང་། རྒྱལ་བར་བརྗོད་པའི་ཚིགས་བཅས་ཡིག་མགོ་ནང་བསྟན་གཡོན་སྐོར་དུ་བྲི། དེའི་ཕྱི་རོལ་བཅུ་གཅིག་པར་མེ་རི་འབར་བ་གཡས་སྐོར་དུ་བྲིའོ། །གསུམ་པ་ཚོན་དགྱེ་ཚུལ་ནི། ལྟེ་བ་མུ་ཁྱུད་ཉིས་རིམ་དམར་ནག་ལ། དེ་ནས་རིམ་གྱིས་དམར་ནག དམར་སྐྱ། སེར་པོ་བཅས་མདངས་ནང་དུ་བསྡུས། མུ་ཁྱུད་དང་པོའི་པད་འདབ་བརྒྱད་འདབ་མ་རེ་རེ་ནས་མདངས་གོང་ལྟར་ལ། པད་ཤུན་རྣམས་སེར་པོར་བྱ། གཉིས་པ་དམར་སེར་འདྲེས་མ། གསུམ་པའི་འཁོར་ལོ་རྩིབས་བརྒྱད་དཀར་པོ་ལ་རྩིབས་མཐའ་རྣམས་མཐིང་ག་ཕྲ་མོས་རི་མོ་བྱེད། རྩིབས་མཆན་རྣམས་དམར་སེར། བཞི་པར་རིམ་བཞིན་མཐིང་ནག སྔོན་པོ། སྔོ་སྐྱའི་མདངས། ལྔ་པ་ལྟེ་བ་དང་འདྲ། དྲུག་པའི་འཁོར་ལོ་རྩིབས་བཅུ་སྔོ་སྐྱ། མཆན་རྣམས་སེར་པོ། བདུན་པ་མདངས་ཁ་ཕྱིར་བསྟན་མ་གཏོགས་ལྟེ་བ་དང་འདྲ། བརྒྱད་པ་ལ་མདངས་ཁ་ཕྱིར་བསྟན་གྱིས་ལི་ཁྲི། སེར་པོ། སེར་སྐྱ། དཀར་པོ། དགུ་པ་ལ་མདངས་ཁ་ཕྱིར་བསྟན་པའི་སྤང་ནག སྤང་སྐྱ། སྤང་། བཅུ་པའི་རྡོ་རྗེ་རྣམས་སེར་པོ་དང་བར་རྣམས་དམར་པོ། བཅུ་གཅིག་པའི་མེ་རི་རྩེ་ནས་རིམ་བཞིན་དམར་ནག དམར། དམར་སེར། སེར་པོ་རྣམས་མདངས་ཁ་ནང་དུ་བསྡུས་ལ་མཛེས་པར་བྱ། དེ་ནི་གྲོང་ཁྱེར་སྲུང་བའི་འཁོར་ལོ་ཆེན་པོ་ཇི་ལྟ་བའི་ཚུལ་ཡིན་ལ། ཞར་ལ་བསྒྲུབ་བྱ་སྲུང་བའི་འཁོར་ལོ་བསྡུས་པ་བྲི་ཚུལ་ཀྱང་ཤེས་པར་འདོད་ན་གཞན་དུ་བཙལ་ལོ། །གསུམ་པ་ནི། སྤྱི་ཙམ་དུ། གུར་གུམ་སོགས་དྲི་བཟང་པོ་དང་། བྱེ་བྲག་ཏུ་སོ་སོར་རྫས་བྱུག་ཚུལ་གྱི་ཡི་གེ་ཟུར་དུ་གསལ། གཉིས་པ་སྒྲུབ་པ་ལ་སྦྱོར་དངོས། རྗེས་སོ། །སྦྱོར་བ་སྒྲུབ་མཆོད་དུ་འབྲེལ་བའམ། འདི་ཉིད་རྐྱང་པར་སྒྲུབ་ཚུལ་གཉིས། དངོས་གཞི་ལ་བདག་བསྐྱེད་སྔོན་དུ་འགྲོ་བས།
མདུན་གྱི་སྲུང་འཁོར་ལ་སྦྱོང་བ་དང་ཁྲུས་གསོལ་བྱ། དེ་ནས་བསྐྱེད་བཟླས་གསོལ་འདེབས་ཞལ་བསྒྱུར་བརྟན་བཞུགས་ཤིས་བརྗོད་བཅས་སོ། །རྗེས་ལ་ལག་ལེན་ལྟར་བལྟབས། ཚོན་སྐུད་ཀྱིས་དམ་དུ་བཅིངས། བསྲུང་བྱའམ། ཡུལ་གྱི་བདག་པོའི་ཁམས་དང་བསྟུན་པའི་དར་རས་ཀྱིས་དྲིལ། གསུམ་པ་ལས་སྦྱོར་ལ། ཡུལ་ཁམས་སྲུང་བ་རྒྱལ་མཚན་འཛུགས་པའི་ཆོ་ག་དང་། བསྒྲུབ་བྱ་སྲུང་བ་འཁོར་ལོ་གདགས་པའི་ཆོ་གའོ། ༈ །ན་མོ་གུ་རུ། གཙུག་ཏོར་གདུགས་དཀར་མོ་ཅན་གྱི་འཁོར་ལོ་འབྲི་ཚུལ་གཟུངས་རང་ལས་དམིགས་ཀྱིས་མ་གསལ་ཡང་། སྤྱིར་སྔགས་འཆང་བའི་ཕན་ཡོན་རྒྱ་ཆེར་གསུངས་ལ། འཕགས་བོད་དུ་གྲུབ་པའི་སློབ་དཔོན་རྣམས་ཀྱིས་བཀྲལ་བའི་ལུགས་སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་ཀྱང་། དེང་དུས་ཐམས་ཅད་ཀྱིས་ལག་ཏུ་བླང་བྱ་ནི་དཔལ་གསང་བའི་བདག་པོ་དང་། གཙུག་ཏོར་གདུགས་དཀར་མོ་སོགས་ལྷག་པའི་ལྷ་དུ་མས་རྗེས་སུ་བཟུང་བའི་སྙེ་མདོ་བ་བླ་ཆེན་ཤཱཀྱ་དཔལ་གྱིས་མཛད་པ་ཉིད་གཞིར་བཞག་སྟེ་འབྲི་བ་ཡིན་ནའང་། ཡིག་ཆ་དེར་རྫས་དང་རབ་གནས་བྱ་ཚུལ་སོགས་གསལ་བར་མ་བཤད་པས་ཐེ་ཚོམ་གྱི་ཕྱོགས་ལ་འཕྱང་བ་དག་དབུགས་འབྱིན་པའི་སླད་དུ་འདི་སྐད་ཅེས་གདམས་སོ། །དེའང་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་གཞུང་ལས། དེ་ལ་རང་ངམ་གཞན་སྲུང་བར་འདོད་པས་གྲོ་གའམ། རས་སམ། ཤིང་ཤུན་ལ་གུར་གུམ་གྱིས་རིམ་པ་བཞིར་བསྐོར་ཏེ། ཞེས་སོགས་གསུངས་པས་སྤྱི་ཙམ་དུ་གུར་གུམ་གྱིས་བྲི་བའམ། སྣག་ཚ་ལ་གུར་གུམ་བསྲེ་བའམ། གུར་གུམ་གྱིས་བྱུགས་པ་གང་རུང་གིས་ཁྱབ་ལ། དམིགས་བསལ་ཡིག་ཆ་འགའ་ཞིག་ལས་རྫས་རྒྱས་པར་བཤད་པ་ལྟར་ན། དབུས་སུ་ལྟེ་བར་ཨོཾ་སོགས་ལ་བཟང་དྲུག་དང་དར་སྣ་བཞག དེ་རྒྱབ་པད་འདབ་བརྒྱད་སེར་པོ་བྱས་ལ་རིན་པོ་ཆེ་སྣ་ལྔ་བྱུག དེ་རྒྱབ་མུ་ཁྱུད་ལ་ཙནྡན་ཕྱེ་མ་བྱུག དེ་རྒྱབ་རྩིབས་བརྒྱད་ལྗང་གུ་ལ་གུར་གུམ། སྤོས་དཀར། ཨ་ག་རུ་ནག་པོ། ནཱ་ག་གེ་སར་ཏེ་དྲི་ཞིམ་བཞི་དང་། སྨན་སྣ་གང་འབྱོར་རམ། འབྲས་བུ་གསུམ་
བྱུག རྩིབས་མཆན་བརྒྱད་མཐིང་གར་བྱས་པ་ལས་སྣ་གང་འཛོམ་བྱུག དེ་རྒྱབ་མུ་ཁྱུད་གཉིས་པ་ཙནྡན་དཀར་པོ་བྱུག དེ་རྒྱབ་རྩིབས་བཅུ་ལ་རང་སྔགས་བགྲངས་པའི་ཉུངས་དཀར་གྱི་ཕྱེ་མ་བྱུག རྩིབས་མཆན་ལ་གསུང་རབ་ཚིག་པའི་ཐལ་བ་བྱུག དེ་རྒྱབ་མུ་ཁྱུད་ལ་སྔགས་པ་ནུས་པ་ཅན་གྱི་ཕུར་པའི་དབལ་གྱི་ལྕགས་ཕྱེ་དང་། བྱ་རྒོད་ཀྱི་སྤུ་བྱུག དེ་རྒྱབ་མུ་ཁྱུད་དམར་པོ་བྱས་ལ་རྡོ་ཁབ་ལེན་བྱུག དེ་རྒྱབ་མུ་ཁྱུད་ཆེ་བ་མཐིང་ག་བྱས་ལ་ཁྲོ་ཕྱེ་དང་ཐོག་ཕྱེ་ཤིང་སྣ་གང་འཛོམ་བྱུག དེ་རྒྱབ་མུ་ཁྱུད་སེར་པོ་བྱས་ལ་གུར་གུམ་བྱུག རྟེན་འབྲེལ་སྙིང་པོ་དང་མེ་རི་དམར་པོར་བྱས་ལ་སིནྡྷཱུ་ར་བྱུག་ཅེས་འབྱུང་བ་ལྟར་བྱའོ། །དེ་ནས་རབ་གནས་ཇི་ལྟར་བྱ་བ་ནི། སློབ་དཔོན་ཙནྡྲས། དེ་ལྟར་བྲིས་པ་དེ་མཎྜལ་གྱི་སྟེང་དུ་བཞག་ནས། བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱས་ཏེ། འཁོར་ལོའི་དབུས་ཀྱི་ཡི་གེ་ལས་འཕགས་མ་གདུགས་དཀར་མོ་ཅན་འཁོར་བཅས་བསྐྱེད་པར་བྱའོ། །དེ་ནས་མདུན་དུ་གཞལ་ཡས་ཁང་བསམས་ཏེ། ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་མཆོད་པ་བྱས་ཏེ་གཟུངས་ནས་འབྱུང་བས་གསོལ་བ་བཏབ་ལ། བཟླས་པ་བརྒྱའམ། སྟོང་ངམ། ཅི་ཙམ་འཚམས་པར་བྱའོ། །དེ་ནས་འཁོར་ལོ་ཡང་མཆོད་ཅིང་། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། ལེགས་ལྡན་ལ་སོགས་པ་ལ་གཏོར་མ་ཕུལ་ཏེ། གསོལ་བ་བཏབ་ནས་ཞེས་འབྱུང་བའི་དོན། གནས་གཙང་མར་སྟེགས་ཀྱི་ཁར་མཎྜལ་ཆེ་བ་ཞིག་བཞག དེའི་སྟེང་དུ་འཁོར་ལོ་བཀྲམ། མཐའ་མཆོད་པས་བསྐོར། ཉེ་ལོགས་སུ་ལྷ་གཏོར་དང་། ཆ་གསུམ་དང་། ལེགས་ལྡན་མཆེད་གསུམ་གྱི་གཏོར་མ་བཅས་བཤམ། མཆོད་པ་བྱིན་རླབས་བདག་བསྐྱེད་བཟླས་པའི་བར་གདུགས་དཀར་ཞལ་ཕྱག་ཡོངས་རྫོགས་སམ། ཞལ་གསུམ་ཕྱག་དྲུག་དང་། ཞལ་གཅིག་ཕྱག་གཉིས་སོགས་གང་རུང་བྱ། དེ་ནས་འཁོར་ལོ་ལ་སྦྱང་ཁྲུས་སྔོན་དུ་འགྲོ་བས་བསང་སྦྱང་། སྟོང་པའི་ངང་ལས་མེ་ཕུང་དང་རྡོ་རྗེའི་རྭ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཆུད་པའི་ཇི་སྐད་བཤད་པ་ལྟར་མཚན་ཉིད་དང་ལྡན་པའི་འཁོར་ལོ་བྲིས་པ་བསྐྱེད་ལ། དེའི་དབུས་ཀྱི་ཨོཾ་ཡོངས་སུ་གྱུར་པ་ལས།
གདུགས་དཀར་འཁོར་བཅས་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། དེའི་སྟེང་གི་ནམ་མཁར་བྷྲཱུྃ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས་ནས་བཞུགས་སུ་གསོལ། མཆོད་བསྟོད་གཏོར་མ་ཕུལ། གཟུངས་ནས་འབྱུང་བས་གསོལ་བ་བཏབ་ལ། འཁོར་ལོ་ལ་བཀོད་པའི་སྔགས་རྣམས་ཇི་ཙམ་ནུས་པ་བཟླ། དེ་ནས་འཁོར་ལོའི་ལྷ་ལ་ཡང་མཆོད་ཅིང་བསྟོད་ལ། གཏོར་མ་ཆ་གསུམ་དང་། ལེགས་ལྡན་མཆེད་གསུམ་གྱི་གཏོར་མ་བསྔོ་ཞིང་ཕྲིན་ལས་བཅོལ། སླར་ཡང་ནམ་མཁའི་ལྷ་ལ་མཆོད་བསྟོད་དང་གསོལ་བ་བཏབ་པས། དངོས་གྲུབ་སྩོལ་བའི་སླད་དུ་དགྱེས་བཞིན་འོད་དུ་ཞུ་ནས་བྲིས་པའི་འཁོར་ལོའི་དབུས་ཀྱི་ལྷ་མོ་གཙོ་འཁོར་ལ་ཐིམ། ཐུགས་རྗེའི་འོད་ཟེར་ཀུན་ཏུ་ཁྱབ་པས་སྔགས་ཀྱི་ཡིག་འབྲུ་མཐུ་དང་ལྡན་པར་བྱིན་གྱིས་བརླབས་ཤིང་ཡོངས་སུ་གྱུར་པ་ལས་ས་བོན་གྱི་རྣམ་པར་བསམས་ལ། བརྟན་བཞུགས་དང་ཤིས་བརྗོད་ཀྱི་མེ་ཏོག་འཐོར། དེ་ནས་ཚུལ་བཞིན་བལྟབས་ལ་ཚོན་སྐུད་སྣ་ལྔས་དཀྲིས་ཏེ་རིན་པོ་ཆེ་ལ་སོགས་པ་གྭའུར་བཅུག་གོ །ཇི་ལྟར་གདགས་པའི་ཚུལ་ནི། ཙནྡྲས། རང་ངམ་གཞན་སྐྱེས་པའམ་བུད་མེད་ཀྱིས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བྱས་ནས། ཡུངས་ཀར་དང་བཅས་ལུས་སམ་མགུལ་དུ་བཏགས་ན་མེས་མི་ཚུགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ནོ། །ཞེས་གསུངས་པས། བསྒྲུབ་བྱ་དེ་ལ་སྦྱོང་ཁྲུས་སྔོན་དུ་འགྲོ་བས། མདུན་མཁར་གདུགས་དཀར་གཙོ་འཁོར་སོགས་སྐྱབས་ཡུལ་གསལ་གདབ་པའི་དམིགས་པ་ཕོག་ནས་ཕྱག་འཚལ་བ་དང་། སྐྱབས་འགྲོའི་ཚིག་རྗེས་ཟློས་བྱར་གཞུག་ཅིང་གསོལ་བ་ཐོབ་ཅེས་བསྒོས་ལ། དེ་དང་སློབ་དཔོན་ལྷན་ཅིག་པས་བྱིན་གྱིས་བརླབས་པར་བསམས་ལ་སྔགས་ཀྱིས་བཏབ་པའི་ཡུངས་ཀར་གྱི་ཐུམ་པོ་དང་བཅས་གདགས། བཀའ་བསྒོ་དང་ཤིས་བརྗོད་རྒྱས་པར་བྱས་ལ། མེ་ཏོག་གི་ཆར་དབབ་པར་བྱའོ། །གལ་ཏེ་དབང་དང་འབྲེལ་ན་ཕུན་སུམ་ཚོགས་པར་འགྱུར་ལ། རྗེས་གནང་དང་འབྲེལ་བར་བྱེད་ནའང་རུང་བས། རྗེས་གནང་གི་དངོས་གཞི་གྲུབ་འཕྲལ་སྦྱང་ཁྲུས་སོགས་བྱས་ལ་གདགས། དེ་བཞིན་བྱད་འགྲོལ་སོགས་དང་སྦྲེལ་ཚུལ་ཀྱང་རིག་པའི་
འཕྲུལ་ཞེས་པར་བྱའོ། །རྒྱལ་མཚན་འཛུགས་ན་ཡུལ་ཁམས་སྲུང་བའི་ཙཀྲ་ཉིད་སྙེ་མདོ་བའམ། མཁས་པ་ཛྙཱ་ན་སོགས་ཀྱི་ཡིག་ཆ་ལྟར་འཛུགས་སོ། །མངྒ་ལཾ། ༈ །དེ་ལྟར་སྙེ་མདོ་བའི་གཞུང་དང་། རྗེ་བླ་མའི་གསལ་བྱེད་ལེ་ཚན་དང་བཅས་པས་ཁོག་ཕུབ་སྤྱིར་བསྟན་ནས། བྱེ་བྲག་ལས་ལ་སྦྱོར་བའི་ལག་ལེན་དམིགས་བསལ་དུ་བཤད་པ་ལ། ཡུལ་ཁམས་དང་བསྒྲུབ་བྱ་སྲུང་བ་ཐུན་མོང་དུ་བཀོད་པའི་འཁོར་ལོ་བྲི་བ་དང་། རྫས་བྱུགས་པ་ལེགས་པར་གྲུབ་པའི་སྲུང་བའི་འཁོར་ལོ་ཆེན་མོ་ཉིད་བསྒྲུབ་ཅིང་རབ་ཏུ་གནས་པའི་ཆོ་ག་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་གནས་གཙང་མར་སྟེགས་ཀྱི་ཁར་མཎྜལ་ཆེ་བ་ཞིག་བཞག དེའི་སྟེང་དུ་སྔར་བྲིས་པའི་འཁོར་ལོ་ཞལ་རང་ལ་ཕྱོགས་པར་བཀྲམ། མཐའ་མཆོད་པས་བསྐོར། མདུན་དུ་ལྷ་གཏོར་དང་། ཉེ་ལོགས་སུ་ཆ་གསུམ་དང་། ལེགས་ལྡན་མཆེད་གསུམ་གྱི་གཏོར་མ་བཅས་བུམ་པ་བཅུད་ལྡན། འཐོར་ནས། སྦྱོང་ཆས། རྡོར་དྲིལ། སྔོན་གཏོར་དཀར་དམར་གཉིས་བཅས་ཚོགས་པར་བྱའོ། །གཉིས་པ་ནི། སྔོན་འགྲོའི་གཏོར་མ་ཆབ་ཀྱིས་བྲན། ཨོཾ། དུས་གསུམ་བདེ་གཤེགས་སྤྲུལ་པའི་སྐུ། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེའི་ཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་ཁར་རྣམས་འཇོམས་པ་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། །རྡོ་རྗེ་གཞོན་ནུའི་རིག་འཛིན་མ། །ལག་ན་རྡོ་རྗེ་རིག་གསེར་ཕྲེང་། །ལེ་བརྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེའི་གཙུག་ཏོར་གྲགས། །རྣམ་པར་བསྒྱིངས་མའི་རྡོ་རྗེ་དང་། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེའི་འགྲོས་དང་དཀར་མོ་དང་། །པདྨའི་སྤྱན་དང་ཟླ་འོད་མ། །སངས་རྒྱས་དཔལ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་
ཟླ་བ་རྡོ་རྗེ་འཛིན། །ཕྱག་རྒྱའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ནས་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་གཏོར་མ་དཀར་གཏོར་དམར་གཏོར་གཉིས་བསང་སྦྱང་། ཨོཾ་སརྦ་བིགྷྣཱན་ན་མཿས་མནྟ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། སྤོས་བཟུང་ཐལ་མོ་སྦྱར་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ༴ རྒྱུན་དུ་ཞུགས་པ་རྣམས་ལ༴ ལན་གཅིག་ཕྱིར་འོང་བ་རྣམས་ལ༴ ཕྱིར་མི་འོང་བ་རྣམས་ལ༴ འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ༴ ཡང་དག་པར་ཞུགས་པ་རྣམས་ལ༴ ལྷའི་དྲང་སྲོང་དམོད་པ་འདོར་བ་དང་ཕན་འདོགས་ནུས་པ་རྣམས་ལ༴ རིག་སྔགས་འཆང་གྲུབ་པ་རྣམས་ལ༴ ཚངས་པ་ལ༴ དབང་པོ་ལ༴ ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་ལྡན་པ་རྣམས་ལ༴ ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ༴ ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པ་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ༴ པདྨའི་གདུང་ལ༴ རྡོ་རྗེའི་གདུང་ལ༴ ནོར་བུའི་གདུང་ལ༴ གླང་པོའི་གདུང་ལ༴ གཞོན་ནུའི་གདུང་ལ༴ ཀླུའི་གདུང་ལ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ༴ བཅོམ་ལྡན་འདས་སོགས་སྦྱར་ཏེ། སངས་རྒྱས་འོད་དཔག་མེད་ལ༴ སངས་མི་འཁྲུགས་པ་ལ༴ སངས་རྒྱས་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་ལ༴ སངས་རྒྱས་སཱ་ལའི་དབང་པོའི་མེ་ཏོག་ཀུན་ཏུ་རྒྱས་པ་ལ༴ སངས་རྒྱས་ཤཱཀྱ་ཐུབ་པ་ལ༴ སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ༴ སངས་རྒྱས་ཀུན་ཏུ་བཟང་པོ་ལ༴
སངས་རྒྱས་རྣམ་པར་སྣང་མཛད་ལ༴ སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལའི་བསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བ་ཕྱིར་ཟློག་མ་ཆེན་མོ་འདིས་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པ། གཞན་གྱི་རིགས་སྔགས་གཅོད་པ། དུས་མ་ཡིན་པར་འཆི་བ་ལས་ཟློག་པ། སེམས་ཅན་བཅིངས་པ་ཐམས་ཅད་ལས་གྲོལ་བ། སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཟློག་པ། གདོན་བརྒྱད་ཁྲི་བཞི་སྟོང་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིགས་པར་བྱེད་པ། དགྲ་ཐམས་ཅད་ཟློག་པ། མ་རུངས་པ་དང་སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་འཇིགས་པར་བྱེད་པ། དུག་དང་མཚོན་དང་མེ་དང་ཆུ་ལས་སྒྲོལ་བ་སྟེ། རིག་སྔགས་ཀྱི་སྦྱོར་བ་འདི་སྦྱར་བར་བྱའོ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་རིག་སྔགས་འགྲུབ་པར་གྱུར་ཅིག་སྭཱ་ཧཱ། འབྱུང་པོའི་ཚོགས་གང་དག་ས་ལ་རྒྱུ་བ་རྣམས་དང་། ནམ་མཁའ་ལ་རྒྱུ་བ༴ ཆུ་ལ་རྒྱུ་བ༴ ལྷ༴ ཀླུ༴ ལྷ་མ་ཡིན༴ རླུང་ལྷ༴ ནམ་མཁའ་ལྡིང༴ དྲི་ཟ༴ མིའམ་ཅི༴ ལྟོ་འཕྱེ་ཆེན་པོ༴ གནོད་སྦྱིན༴ སྲིན་པོ༴ ཡི་དྭགས༴ ཤ་ཟ༴ གྲུལ་བུམ༴ སྲུལ་པོ༴ ལུས་སྲུལ་པོ༴ སྐེམ་བྱེད༴ སྨྱོ་བྱེད༴ གྲིབ་གནོན༴ རྗེད་བྱེད༴ གནོན་པོ་རྣམས་བདག་ལ་ཉོན་ཅིག འབྱུང་པོའི་ཚོགས་གཟི་བརྗིད་འཕྲོག་པ་རྣམས་དང་། མདངས་འཕྲོག་པ་རྣམས་དང་། ཟས་སུ་མངལ་ཟ་བ༴ ཟས་སུ་ཁྲག་འཐུང་བ༴ ཟས་སུ་ཞག་ཟ་བ༴ ལས་སུ་ཤ་ཟ་བ༴ ཟས་སུ་རྐང༴ ཟས་སུ་བཙས་པ༴ སྲོག་འཕྲོག་པ༴ ཟས་སུ་གཏོར་མ༴ ཟས་སུ་ཕྲེང་བ་ཟ༴ དེ་བཞིན་དུ་སྦྱར་ཏེ། དྲི་ཟ་བ༴ བདུག་པ༴ མེ་ཏོག༴ འབྲས་བུ༴ ལོ་ཏོག༴ སྦྱིན་སྲེག༴ རྣག༴ ཕྱི་ས༴ གཅིན་འཐུང་བ༴ ལྷག་མ༴ མཆིལ་མ་འཐུང་བ༴ སྣབས༴ ངར་སྣབས༴ མི་གཙང་བ༴ སྐྱུགས་པ༴ སྟོར་ཁུང་ནས་འབབ་པ་འཐུང༴ སྡིག་པ་དང་
སྡིག་པའི་སེམས་དང་ལྡན་པ༴ སྡང་བ་དང་སྡང་བའི་སེམས་དང་ལྡན་པ༴ དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ༴ གཞན་གྱི་སྲོག་འཕྲོག་པ་རྣམས་བདག་ལ་ཉོན་ཅིག རིག་སྔགས་ཆེན་མོ་འདི་བསྒྲུབ་པར་བྱའོ། །སྤོས་དང་མེ་ཏོག་དང་བདུག་པ་དང་གཏོར་མ་ཡང་སྦྱིན་ནོ། །གཏོར་མ་དང་མཆོད་པ་འདིས་མགུ་བར་གྱིས་ལ༴ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡིག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བའི་སེམས་དང་ལྡན་པ་རྣམས་དང་། གཞན་གྱི་སྲོག་འཕྲོག་པ་རྣམས་དང་། གཟི་བརྗིད་འཕྲོག་པའི་གདོན་ཐམས་ཅད་ཕྱིར་དེངས་ཤིག ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད། རོལ་མོ་དྲག་པོ་བྱ། གུ་གུལ་གྱི་དུད་པས་བདུག དེ་ནས་མཚམས་བཅད་པར་བྱའོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཆེན་མོའི་བཀས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བ་དང་སྡང་བའི་སེམས་དང་ལྡན་པ༴ དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ༴ ལྷའི་གདོན་རྣམས་དང་། ཀླུའི༴ ལྷ་མ་ཡིན་གྱི༴ རླུང་ལྷའི༴ ནམ་མཁའ་ལྡིང་གི༴ དྲི་ཟའི༴ མིའམ་ཅིའི༴ ལྟོ་འཕྱེ་ཆེན་པོའི༴ གནོད་སྦྱིན་གྱི༴ སྲིན་པོའི༴ ཡི་དྭགས་ཀྱི༴ ཤ་ཟའི༴ སྐེམ་བྱེད་ཀྱི༴ སྨྱོ་བྱེད་ཀྱི༴ གྲིབ་གནོན་གྱི༴ རྗེད་བྱེད་ཀྱི༴ གནོན་པོའི༴ མཁའ་འགྲོ་མའི༴ ནམ་གྲུའི༴ གཤིན་རྗེའི༴ བྱའི༴ མ་མོ་དགའ་བར་བྱེད་པའི༴ ཀུན་ཏུ་འགྲོ་བའི༴ ཚེར་མ་འདོན་པའི་གདོན་རྣམས་དང་། རིམས་ཉིན་གཅིག་པ་རྣམས་དང་། ཉིན་གཉིས་པ༴ ཉིན་གསུམ་པ༴ ཉིན་བཞི་པ༴ ཉིན་བདུན་པ༴ རྟག་པའི་རིམས་དང་། རིམས་མི་ཟད་པ་དང་། རིམས་ལྡང་དུབ་རྣམས་དང༴ རླུང་ལས་གྱུར་པ་དང་། མཁྲིས་པ་ལས༴ བད་ཀན་ལས༴ འདུས་པ་ལས༴ རིམས་ནད་ཐམས་ཅད་དང་། ཀླད་པ་ན་བ་དང་། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། ཁ༴ མགུལ༴ སྙིང༴
ལྐོག་མའི་ལྷ་གོར་ན་བ་དང་། རྣ་བ༴ སོ༴ སྙིང༴ རྩིབས་ལོགས༴ རྒྱབ༴ ལྟོ་བ༴ རྐེད་པ༴ ཆུ་སོ༴ བརླ༴ རྗེ་ངར༴ ལག་པ༴ རྐང་པ༴ ཡན་ལག༴ ཉིང་ལག༴ རིམས་ནད་དང༴ ཤུ་བ་དང་། གཡན་པ་དང་། འབྲུམ་བུ་དང་། མཛེ་དང་། ཕོལ་མིག་དང་། གག་ལྷོག་དང་། བས་བལྡགས་དང་། མེ་དབལ་དང་། ལྷོག་པ་དང་། སྐེམ་པ་དང་། སྐྲག་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་དང་། མེ་དང་། ཆུ་དང་། མི་ངས་དང་། དགྲ་དང་། གནོད་པ་དང་། དུས་མ་ཡིན་པར་འཆི་བ་དང་། གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིགས་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་འཕྲོག་པར་བགྱིའོ། །གཞན་གྱི་རིག་སྔགས་ཐམས་ཅད་བཅིང་བར་བགྱིའོ། །གདོན་ཐམས་ཅད་བཟློག་པར་བགྱིའོ། །གནོད་པ་ཐམས་ཅད་ལས་བསྲུང་བར་བགྱིའོ། །གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོས་འདིའི་དཔག་ཚད་བཅུ་གཉིས་ཚུན་ཆད་དུ་གནོད་པ་ཐམས་ཅད་བསྲུང་བར་བགྱིའོ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་བསྲུང་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་གྱུར་ཅིག་སྭཱ་ཧཱ། ཨོཾ་ཥྚོཾ་བྷནྡྷཱ་བྷནྡྷཱ་བཛྲ་མ་མ་རཀྵ་རཀྵ་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད། དེ་ནས་མཆོད་པ་རྣམས་ཨ་མྲྀ་ཏས་བསང་བ་ནས་བདག་བསྐྱེད་བཟླས་པ་མཆོད་བསྟོད་སོགས་གསོལ་གདབ་བར་དང་། དེ་ནས་བུམ་པ་བསྒྲུབས་སྟེ་ལྷ་འོད་དུ་ཞུ་ལྷག་ཆད་བསྐང་བའི་བར་བྱད་འགྲོལ་བུམ་ཆོག་ལྟར་ལ། སྔགས་འདི་ཉིད་ཀྱི་དཀྱུས་ནས་འབྱུང་བ་བཞིན་བཟླ། གཉིས་པ་ལ། སྦྱོང་ཆས་མདུན་དུ་བཤམས་པ་ཆུས་བྲན་ཏེ་རྟེན་ལ་བསྐོར་བ་དང་བཅས། ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ནས། དྲག་པོའི་སྦྱོང་བའི་བར་བྱད་འགྲོལ་བཞིན་ལ། སྦྱིན་བདག་ཅེས་པའི་ཚབ་ཏུ་བདེ་བར་གཤེགས་པའི་རྟེན་ལ་རབ་ཏུ་གནས་པར་བྱེད་པ་ལ་ཞེས་བསྒྱུར། དེ་ནས་རྟེན་ལ་ཁྲུས་གསོལ་བའང་བྱད་འགྲོལ་བཞིན་བྱས་མཐར། མདུན་གྱི་འཁོར་ལོ་བསང་སྦྱང་། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་མེ་དཔུང་དང་རྡོ་རྗེའི་རྭ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཆུད་པའི་མུ་ཁྱུད་ཟླུམ་པོ་རིམ་པ་བཞི། དེའི་ནང་དུ་འཁོར་ལོ་རྩིབས་
བཅུ་པ། དེའི་ནང་དུ་མུ་ཁྱུད་ཟླུམ་པོ་ཉིས་རིམ། དེའི་ནང་དུ་འཁོར་ལོ་རྩིབས་བརྒྱད་ལ། དེའི་ནང་དུ་མུ་ཁྱུད་ཟླུམ་པོ། དེའི་ནང་དུ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ། དེའི་དབུས་ཀྱི་ཨོཾ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ནས་ཚར་གཅོད་པའི་ཚུལ་གྱིས་བཞུགས་པའོ་ཡི་བར་བྱད་འགྲོལ་བུམ་ཆོག་བཞིན་དང་། དེའི་ཕྱི་རོལ་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཤར་གྱི་པདྨའི་འདབ་མ་ལ་གཞན་གྱིས་མི་ཐུབ་མ་ནག་མོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་བསྡིགས་མཛུབ་མཛད་པ། འདབ་མ་གཞན་བདུན་ལ་དེ་བཞིན་གཤེགས་པའི་གདུང་། པདྨའི་གདུང་། རྡོ་རྗེའི་གདུང་། ནོར་བུའི་གདུང་། གླང་པོའི་གདུང་། གཞོན་ནུའི་གདུང་། ཀླུའི་གདུང་སྟེ་གདུང་བདུན། མུ་ཁྱུད་ཀྱི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ཤར་གྱི་གཡོན་ནས་བརྩམས་ཏེ་རྩིབས་མཆན་རྣམས་སུ་གཏུམ་ཆེན་མ་དཀར་མོ། ལྷོར་འབར་ཆེན་མ་སེར་མོ། ནུབ་ཏུ་གོས་དཀར་མོ་དམར་མོ། བྱང་དུ་སྒྲོལ་མ་ལྗང་གུ། བྱང་ཤར་དུ་རྒྱལ་བའི་རྡོ་རྗེ་མ་སྔོན་མོ། ཤར་ལྷོར་པདྨའི་མངོན་མཚན་མ་སེར་མོ། ལྷོ་ནུབ་ཏུ་གཞན་གྱིས་མི་ཐུབ་མ་དམར་མོ། ནུབ་བྱང་དུ་རྡོ་རྗེའི་མཆུ་ཅན་མ་ལྗང་གུ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་བརྒྱ་བྱིན་སེར་པོ། མེ་ལྷ་དམར་པོ། གཤིན་རྗེ་ནག་པོ། སྲིན་པོ་ནག་པོ། ཆུ་ལྷ་དཀར་པོ། རླུང་ལྷ་དུད་ཀ ཀུ་བེ་ར་སེར་པོ། དབང་ལྡན་དཀར་པོ། ཚངས་པ་སེར་པོ། སའི་ལྷ་མོ་སེར་མོ་སྟེ་ཕྱོགས་སྐྱོང་བ་བཅུ། ཡུལ་འཁོར་སྲུང་ལྗང་གུ། འཕགས་སྐྱེས་པོ་སྔོན་པོ། མིག་མི་བཟང་དམར་པོ། རྣམ་ཐོས་སྲས་སེར་པོ་སྟེ་རྒྱལ་པོ་ཆེན་པོ་སྡེ་བཞི། གཟའ་ཉི་མ་དམར་པོ། ཟླ་བ་དཀར་པོ། མིག་དམར་དམར་པོ། ལྷག་པ་ལྗང་གུ། ཕུར་བུ་སེར་པོ། པ་སངས་དཀར་པོ། སྤེན་པ་ནག་པོ། སྒྲ་གཅན་དམར་པོ། ཀེ་ཏུ་སྐྱ་བསངས་ཏེ་གཟའ་ཆེན་པོ་དགུ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་དང་།
འཇིག་རྟེན་ན་དགྲ་བཅོམ་པ། རྒྱུན་དུ་ཞུགས་པ། ལན་ཅིག་ཕྱིར་འོང་བ། ཕྱིར་མི་འོང་བ། ཡང་དག་པར་སོང་བ། ཡང་དག་པར་ཞུགས་པ། ལྷའི་དྲང་སྲོང་དང་། རིག་སྔགས་འཆང་གྲུབ་པ་རྣམས་དང་། ཚངས་པ་དང་། དབང་པོ་དང་། ལེགས་ལྡན་ནག་པོ་ཆེན་པོ་མཆེད་གསུམ། ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ། འོད་དཔག་མེད། མི་འཁྲུགས་པ། སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ། སཱ་ལའི་དབང་པོའི་མེ་ཏོག་ཀུན་ཏུ་རྒྱས་པ། ཤཱཀྱ་ཐུབ་པ། རིན་པོ་ཆེ་ཏོག་གི་རྒྱལ་པོ། ཀུན་ཏུ་བཟང་པོ། རྣམ་པར་སྣང་མཛད། སྤྱན་རྒྱས་པ་ཨུཏྤ་ལའི་བསུང་གི་ཏོག་གི་རྒྱལ་པོ་སྟེ་བདེ་བར་གཤེགས་པ་བཅུ། དེའི་ཕྱི་རོལ་གྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་པའི་ཤར་སྟོད་ཀྱི་རྩིབས་ལ་ཁྲོ་བོ་ཧཱུྃ་ཀ་ར། ཤར་སྨད་ཀྱི་རྩིབས་ལ་རྣམ་པར་རྒྱལ་བ། ཤར་ལྷོར་དབྱུག་སྔོན་ཅན། ལྷོར་གཤིན་རྗེའི་གཤེད། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་སྟོད་དུ་རྟ་མགྲིན། ནུབ་སྨད་དུ་སྟོབས་པོ་ཆེ། ནུབ་བྱང་དུ་འདོད་པའི་རྒྱལ་པོ། བྱང་དུ་བདུད་རྩི་འཁྱིལ་བ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་རྣམས་གནས་པ་སྟེ་ཐམས་ཅད་ཀྱང་རང་རང་གི་ཞལ་ཕྱག་དང་རྒྱན་ཆ་ལུགས་བཞོན་པ་ལ་སོགས་ཡོངས་སུ་རྫོགས་པ་གསལ་བར་གྱུར། དེ་རྣམས་ཀྱི་དཔྲལ་པར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། དེའི་སྟེང་གི་ནམ་མཁར་བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ཁོར་ཡུག་དང་བཅས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་པོའི་དབུས་སུ་པྃ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་གདན། དེའི་ཕྱི་རོལ་དུའང་པད་ཉི་ལ་སོགས་པ་ལྷ་སོ་སོའི་གདན་དང་བཅས་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །སུམ་ཅུ་རྩ་གསུམ་གནས་རིགས་སུ། །ནད་ཀྱི་བསྐལ་པས་ཞིག་ལ་ཁད། །
བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །སྲུང་ཞིང་སྐྱོབ་པའི་ལས་མཛད་ནས། །མ་མོ་ཐམས་ཅད་དབང་དུ་བསྡུས། །དེ་ཡི་སྤྱི་བོའི་གཙུག་ཏུ་ནུབ། །སྟོང་གསུམ་ཐམས་ཅད་སྤྱན་གྱིས་གཟིགས། །དེ་ལ་མིང་དང་མཚན་གསོལ་བ། །གཙུག་ཏོར་ནོར་བུའི་གདུགས་དཀར་མོ། །སྔོན་ཚེ་ཕྲིན་ལས་མཛད་པ་ལྟར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་བཞེངས་སུ་གསོལ། །བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །སེམས་ཅན་དོན་ལ་བསྐུལ་གྱིས་གཤེགས། །རྒྱལ་དང་ཆོམ་ཀུན་མེ་དང་ཆུ། །དུག་མཚོན་ཕ་རོལ་དམག་དཔུང་དང་། །མུ་གེ་དགྲ་དང་ལྕེ་འབབ་འཇིགས། །ཐམས་ཅད་བཟློག་ཕྱིར་གཤེགས་སུ་གསོལ། །གཞན་གྱིས་མི་ཐུབ་གཏུམ་ཆེན་མ། །འབར་བ་ཆེན་མོ་གོས་དཀར་ཅན། །སྒྲོལ་མ་རྒྱལ་བའི་རྡོ་རྗེ་དང་། །པདྨའི་མངོན་མཚན་མི་ཐུབ་མ། །རྡོ་རྗེ་མཆུ་ཅན་མ་དང་བཅས། །འཁོར་ལོའི་ལྷ་ཚོགས་ཐམས་ཅད་ཀྱང་། །འབྱུང་བའི་གདོན་རྣམས་ཚར་བཅད་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་གདུང་བདུན་བདེ་གཤེགས་བཅུ། །སངས་རྒྱས་བྱང་སེམས་ལེགས་ལྡན་གསུམ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །སྲུང་མའི་ཚོགས་དང་ལྷ་ཀླུ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། ཡེ་ཤེས་སེམས་དཔའི་ཕྱི་བཞིན་དུ་འབྲང་ནས་བདེ་བར་གཤེགས་པའི་རྟེན་ལ་རབ་ཏུ་གནས་པར་བྱེད་པ་ལ་མི་མཐུན་པར་བྱེད་པའི་གདོན་གཤེགས་གང་ཡིན་པ་ཐམས་ཅད་འདིར་མི་གནས་པར་གཞན་དུ་སོང་ཞིག ཅེས་ཨ་ན་ལེ་དང་སུམྦྷ་བཟླ། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུྃ། སྥོ་ཊ་བཾ། གྷཎྜེ་ཧོཿ ལྷ་རྣམས་གཞལ་ཡས་ཁང་དུ་བྱོན་པར་བསམ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སྟཾ། ཅི་འདོད་དངོས་གྲུབ་མ་ཐོབ་བར། །ཕྲིན་ལས་མ་ལུས་སྒྲུབ་འཚལ་
གྱི། །གཞལ་ཡས་ཕོ་བྲང་དམ་པ་འདིར། །ཐུགས་རྗེས་བརྩེར་དགོངས་བརྟན་པར་བཞུགས། །ཨོཾ་བཛྲ་ས་མཱ་ཡ་ཏིཥྛ་ཧཱུྃ། དེ་ཡང་ཕོ་བྲང་གི་དབུས་ཀྱི་ལྟེ་བར་པད་ཟླའི་གདན་ལ་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་པ་ནས། བཞུགས་པ། འདབ་མ་བརྒྱད་ཀྱི་ཤར་དུ་གཞན་གྱིས་མི་ཐུབ་མ་ནས། གདུང་བདུན། དེའི་ཕྱི་རོལ་དུ་པད་ཟླའི་གདན་ལ་ཤར་དུ་གཏུམ་ཆེན་མ་ནས། མཆུ་ཅན་ལྗང་གུ། དེའི་ཕྱི་རོལ་ཏུ་བརྒྱ་བྱིན་ནས། གཟའ་ཆེན་པོ་དགུ། དེའི་ཕྱི་རོལ་ཏུ་སངས་རྒྱས་ནས། བདེ་བར་གཤེགས་པ་བཅུ། དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཅུར་པད་ཉིའི་གདན་ལ་ཤར་སྟོད་དུ་ཁྲོ་བོ་ཧཱུྃ་ཀ་ར། ཤར་སྨད་དུ་རྣམ་པར་རྒྱལ་བ་ནས། ཞལ་ཕྱག་ཡོངས་སུ་རྫོགས་པ་གསལ་བར་གྱུར། དེ་ནས་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ཏེ། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆག་སྦྱོང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་ཅིང་། །ཁ་དོག་དབྱིབས་ལེགས་མཛེས་པའི་མེ་ཏོག་ནི། །ནམ་མཁའ་གང་བར་སེམས་གྱིས་མངོན་སྤྲུལ་ཏེ། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡན་པས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །ཕྱོགས་བཅུ་ཀུན་ཏུ་སྣང་བས་ཁྱབ་གྱུར་ཅིག །སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་ཞིང་། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཆུ། །ཡེ་ཤེས་མཁའ་ལ་བདུད་རྩིའི་ཆར་འབེབས་པས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །ཡེ་ཤེས་ཐུགས་རྗེ་ཅན་གྱིས་བཞེས་
སུ་གསོལ། །དྲིལ་ཆེན་གསུང་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་གཏན་དག་གིས་བསྟོད་དེ་གུས་མཆོད་ན། །ས་བཅུ་རིམ་གྱིས་བགྲོད་ཅིང་ཐོགས་མེད་ཅིང་། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་སྨོན། །མཛེས་སྡུག་ཡིད་འོང་གཟུགས་དང་སྙན་པའི་སྒྲ། །བསིལ་བྱེད་ཙནྡན་དྲི་དང་རོ་བརྒྱའི་ཟས། །མཉེན་འཁྲིལ་པཉྩ་ལི་ཀ་རེག་ན་བདེ། །རྣམ་ལྔའི་འདོན་ཡོན་ཇི་སྙེད་མཆིས་པས་མཆོད། །མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཞེས་པས་མཆོད་ལ་བསྟོད་པ་ནི། ཧཱུྃ། བདེ་གཤེགས་ཐུགས་རྗེས་གཙུག་ཏོར་ལས་འཁྲུངས་ཤིང་། །བདེ་འབྱུང་བསྟན་ལ་གནོད་བྱེད་ཕྱིར་ཟློག་ཅིང་། །བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པའི། །བདེ་མཆོག་གདུགས་དཀར་ཅན་ལ་ཕྱག་འཚལ་བསྟོད། །སྐྱབས་སྦྱིན་ལ་སོགས་ཕྱག་རྒྱ་སྣ་ཚོགས་ཀྱིས། །རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་མདའ་གཞུ་ཞགས་སོགས་བསྣམས་པ་ཡི། །ཕྱག་སྟོང་མངའ་བ་ཁྱོད་ལ༴ །དཀར་སྔོ་དམར་སེར་ལྗང་གུའི་ཁ་དོག་ཅན། །སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །ཞི་དང་ཁྲོ་དང་འཛུམ་པའི་མདངས་ལྡན་པའི། །དབུ་སྟོང་མངའ་བ་ཁྱོད་ལ༴ །དབུ་དང་ཕྱག་སོགས་སྐུ་ཡི་ཆ་རྣམས་ལ། །ཟུར་གྱིས་ལྟ་དང་རྣམ་པར་བགྲད་པ་དང་། །གློག་ལྟར་འཁྱུག་སོགས་བྱེ་བ་བརྒྱ་སྟོང་གི། །སྤྱན་རྣམས་མངའ་བ༴ །རྡོ་རྗེ་ལྟ་བུར་མི་ཕྱེད་བརྟན་པའི་སྐུ། །དུས་མཐའི་མེ་ལྟར་འབར་བའི་མེ་ཕུང་གིས། །བགེགས་རྣམས་འཇོམས་ཤིང་དངོས་གྲུབ་ཀུན་སྩོལ་བའི། །མི་ཕྱེད་འབར་བ༴ །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འབར་བའི་མཐུས། །ཐོགས་པ་མེད་ཅིང་ཤིན་ཏུ་ཡངས་པ་ཡི། །ས་གསུམ་དཀྱིལ་འཁོར་ཀུན་ལ་མངའ་མཛད་མ། །སྲིད་གསུམ་དབང་ཕྱུག༴ །པད་འདབ་ཤར་དུ་གཞན་གྱིས་མི་ཐུབ་མ། །
ཞལ་གཅིག་ཕྱག་གཉིས་ཆར་སྤྲིན་ལྟར་གནག་ཅིང་། །གཡས་པ་རྡོ་རྗེ་གཡོན་པ་སྡིགས་མཛུབ་མཛད། །གདོན་བགེགས་ཚར་གཅོད༴ །འདབ་གཞན་རིམ་པར་དེ་བཞིན་གཤེགས་པའི་གདུང་། །པདྨ་རྡོ་རྗེ་ནོར་བུ་གླང་པོའི་གདུང་། །གཞོན་ནུ་ཀླུ་ཡི་གདུང་རྣམས་སྤྲུལ་སྐུའི་ཆས། །མཚན་བཟང་དཔེ་བྱད་འབར་ལ༴ །ཤར་གྱི་པདྨའི་འདབ་མར་གཏུམ་ཆེན་མ། །ཞལ་གཅིག་ཕྱག་གཉིས་གངས་རིའི་གདོང་ལྟར་དཀར། །གཡས་པ་འཁོར་ལོ་གཡོན་པ་སྡིགས་མཛུབ་མཛད། །གཞན་གྱི་སྦྱོར་ངན་འཇོམས་ལ༴ །ལྷོ་ཡི་པདྨའི་འདབ་མར་འབར་ཆེན་མ། །ཞལ་གཅིག་ཕྱག་གཉིས་གསེར་བཟང་མདོག་མཚུངས་ཤིང་། །གཡས་པ་རིན་ཆེན་གཡོན་པ་སྡིགས་མཛུབ་མཛད། །དུས་མིན་འཆི་བ་འཇོམས་ལ༴ །ནུབ་ཀྱི་པདྨའི་འདབ་མར་གོས་དཀར་མོ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་དམར་ཅན། །གཡས་པ་པདྨ་གཡོན་པ་སྡིགས་མཛུབ་མཛད། །གསོད་དང་བཅིངས་པ་འཇོམས་ལ༴ །བྱང་གི་པདྨའི་འདབ་མར་སྒྲོལ་མ་ནི། །ཞལ་གཅིག་ཕྱག་གཉིས་མརྒད་ལྟར་ལྗང་ཞིང་། །གཡས་པ་སྣ་ཚོགས་རྡོ་རྗེ་གཡོན་སྡིགས་མཛུབ། །རྨི་ལྟས་ངན་པ་ཟློག་ལ༴ །བྱང་ཤར་འདབ་མར་རྒྱལ་བའི་རྡོ་རྗེ་མ། །ཞལ་གཅིག་ཕྱག་གཉིས་ནམ་མཁའི་མདོག་མཚུངས་ཞིང་། །གཡས་པ་དབྱུག་པ་གཡོན་པ་སྡིགས་མཛུབ་མཛད། །དུག་རྣམས་འཇོམས་པར་མཛད་ལ༴ །ཤར་ལྷོའི་འདབ་མར་པདྨའི་མངོན་མཚན་ཅན། །ཞལ་གཅིག་ཕྱག་གཉིས་གསེར་བཟང་མདོག་མཚུངས་ཤིང་། །གཡས་པ་ལྕགས་ཀྱུ་གཡོན་པ་སྡིགས་མཛུབ་མཛད། །མཚོན་གྱི་གནོད་པ་ཟློག་ལ༴ །ལྷོ་ནུབ་འདབ་མར་གཞན་གྱིས་མི་ཐུབ་མ། །ཞལ་གཅིག་ཕྱག་གཉིས་ལི་ཁྲིའི་མདོག་ལྟར་དམར། །གཡས་པ་རྡོ་རྗེའི་ཕྲེང་བ་གཡོན་སྡིགས་མཛུབ། །མེ་ཆུའི་གནོད་པ་ཟློག་ལ༴ །ནུབ་བྱང་འདབ་མར་རྡོ་རྗེ་མཆུ་ཅན་མ། །ཞལ་གཅིག་ཕྱག་གཉིས་མརྒད་མདོག་མཚུངས་ཤིང་། །གཡས་པ་རལ་གྲི་གཡོན་པ་སྡིགས་མཛུབ་མཛད། །གནོད་སྦྱིན་སྲིན་པོ་འཇོམས་ལ་ཕྱག་འཚལ་བསྟོད། །བསྟན་པ་སྲུང་མཛད་མཐུ་སྟོབས་ཅན། །ལེགས་ལྡན་དྲག་པོ་ཆེན་པོ་ནི། །དཀའ་ཐུབ་ལས་ཟློག་དྲག་མོ་དང་། །ལྷན་
ཅིག་མ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་ནག་པོ་རྫུ་འཕྲུལ་ཅན། །ལེགས་ལྡན་ནག་པོ་སྲེད་མེད་བུ། །ཕྱག་རྒྱ་ཆེན་པོ་ལྔ་རྣམས་ཀྱི། །ཕྱག་བྱས་པ་ལ་ཕྱག༴ ལེགས་ལྡན་ནག་པོ་གྲོང་ཁྱེར་ནི། །སུམ་བརྩེགས་འཇིག་བྱེད་དུར་ཁྲོད་ན། །གནས་པ་མ་མོའི་ཚོགས་རྣམས་ཀྱིས། །ཕྱག་བྱས་པ་ལ༴ །ཀུན་ཀྱང་སྐུ་མདོག་མཐིང་ནག་སྟེ། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །ཙནྡན་བིང་དང་གཡོན་པ་ན། །ཐོད་པ་འཛིན་ལ༴ །ཞབས་གཉིས་གར་གྱི་འདོར་སྟབས་ཀྱིས། །རི་རབ་ལྷུན་པོའི་སྟེང་ན་བརྗིད། །སྐུ་ལ་དར་ནག་བེར་ཆེན་གསོལ། །བདུད་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ༴ །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གཤིན་རྗེའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ༴ །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་སྲིན་པོའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ༴ །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཚིགས་སྲུང་གདོན་གྱི་བདག་པོ་སྟེ། །ནུབ་ཕྱོགས་ཆུ་ལྷ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ༴ །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་རླུང་ལྷ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ༴ །གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་བསྲུང་ནོར་གྱི་བདག་པོ་སྟེ། །བྱང་ཕྱོགས་གནོད་སྦྱིན་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ༴ །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་དབང་ལྡན་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ༴ །སྟེང་གི་ཚངས་པ་ཆེན་པོ་དང་། །ཟླ་བ་ཉི་མ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང༴ །འོག་ཏུ་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་
པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མརྒད་མདོག་ཅན་པི་ཝཾ་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བ། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བ། །འཕགས་སྐྱེས་པོ་ལ༴ །མངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བ། །མིག་མི་བཟང་ལ༴ །དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བ། །རྣམ་ཐོས་སྲས་ལ༴ །བཅོམ་ལྡན་དཔའ་བརྟན་མཚོན་ཆའི་རྒྱལ་པོ་དང་། །ཡང་དག་རྫོགས་པའི་སངས་རྒྱས་འོད་དཔག་མེད། །དེ་བཞིན་གཤེགས་པ་མི་འཁྲུགས་རྒྱལ་པོ་དང་། །སངས་རྒྱས་སྨན་གྱི་བླ་ལ༴ །སངས་རྒྱས་དབང་པོའི་མེ་ཏོག་ཀུན་ཏུ་རྒྱས། །ཤཱཀྱ་ཐུབ་པ་རིན་ཆེན་ཏོག་གི་རྒྱལ། །ཀུན་ཏུ་བཟང་པོ་རྣམ་པར་སྣང་མཛད་དང་། །ཨུཏྤལ་བསུང་གི་ཏོག་ལ༴ །གཞན་ཡང་སངས་རྒྱས་ཆོས་དང་དགེ་འདུན་དང་། །སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི། །དགེ་འདུན་ཟུང་བཞི་ཡ་བརྒྱད་དྲང་སྲོང་ཚོགས། །རིག་སྔགས་གྲུབ་པ་རྣམས་ལ༴ །ཤར་གྱི་འཁོར་ལོ་ཁྲོ་ཆེན་རྣམ་པར་རྒྱལ། །སྐུ་མདོག་དཀར་པོ་ཤིན་ཏུ་བཞད་པའི་ཞལ། །ཕྱག་གཡས་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད། །ཤར་ཕྱོགས་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད། །ཤར་ལྷོའི་རྩིབས་ལ་ཁྲོ་ཆེན་དབྱུག་སྔོན་ཅན། །སྐུ་མདོག་སྔོན་པོ་ཤིན་ཏུ་འཇིགས་པའི་ཞལ། །ཕྱག་གཡས་དབྱུག་ཐོ༴ །ཤར་ལྷོའི་གདོན་ཚོགས༴ །ལྷོ་ཡི་འཁོར་ལོར་ཁྲོ་རྒྱལ་གཤིན་རྗེ་གཤེད། །སྐུ་མདོག་མཐིང་ནག་ཤིན་ཏུ་གདངས་པའི་ཞལ། །ཕྱག་གཡས་རལ་གྲི༴ །ལྷོ་ཡི༴ །ལྷོ་ནུབ་རྩིབས་ལ་ཁྲོ་རྒྱལ་མི་གཡོ་མགོན། །སྐུ་མདོག་སྔོན་པོ་ཤིན་ཏུ་ཁྲོས་པའི་ཞལ། །ཕྱག་གཡས་རལ་གྲི༴ །ལྷོ་ནུབ༴ །ནུབ་ཀྱི་འཁོར་ལོར་ཁྲོ་རྒྱལ་རྟ་མགྲིན་རྒྱལ། །སྐུ་མདོག་དམར་པོ་ཤིན་ཏུ་གཙིགས་པའི་ཞལ། །ཕྱག་གཡས་རལ་གྲི༴ །ནུབ་ཕྱོགས༴ །
ནུབ་བྱང་རྩིབས་ལ་ཁྲོ་ཆེན་འདོད་པའི་རྒྱལ། །སྐུ་མདོག་དམར་ནག་ཤིན་ཏུ་རྔམས་པའི་ཞལ། །ཕྱག་གཡས་ལྕགས་ཀྱུ༴ །ནུབ་བྱང༴ །བྱང་ཕྱོགས་འཁོར་ལོར་ཁྲོ་རྒྱལ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ནག་ཤིན་ཏུ་འཇིགས་པའི་ཞལ། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་གཡོན་སྡིགས༴ །བྱང་ཕྱོགས༴ །བྱང་ཤར་རྩིབས་ལ་ཁྲོ་རྒྱལ་ཁམས་གསུམ་རྒྱལ། །སྐུ་མདོག་ནག་མོ་ཤིན་ཏུ་ཁྲོས་པའི་ཞལ། །ཕྱག་གཡས་རྡོ་རྗེ༴ །བྱང་ཤར༴ །རྣམ་པར་རྒྱལ་བའི་ཤར་དུ་ཧཱུྃ་ཀ་ར། །སྐུ་མདོག་སེར་པོ་ཤིན་ཏུ་རྔམ་པའི་ཞལ། །ཕྱག་གཡས་འཁོར་ལོ༴ །སྟེང་ཕྱོགས༴ །རྟ་མགྲིན་རྒྱལ་པོའི་ནུབ་ཏུ་སྟོབས་པོ་ཆེ། །སྐུ་མདོག་དུད་ཀ་ཤིན་ཏུ་གཙིགས་པའི་ཞལ། །ཕྱག་གཡས་ཐོ་བ༴ །འོག་ཕྱོགས་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་པ་རྣམས་ཀྱི་བསྟོད། དེ་ནས་གཏོར་མ་ཆུ་གཙང་གིས་བྲན་ལ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདས་མའི་ལྷ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །བར་བྱད་འགྲོལ་ལྟར་གྱིས་ཕུལ། གཟུངས་ནས་འབྱུང་བའི། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་རིམ་གྲོ་ཆེར་མཆོད་པ་ཆེན་པོ་བྱས་ལ་གྲོང་ཁྱེར་གྱི་སྒོའམ། གྲོང་ངམ། གྲོལ་བརྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །འཕགས་མ་གཞན་གྱིས་མི་ཐུབ་པའི་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་རིམ་གྲོ་ཆེར་བྱས་ཏེ་བཙུགས་ན་བཙུགས་མ་ཐག་ཏུ་གཡུལ་ཞི་བར་བྱེད་པར་འགྱུར་རོ། །ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཞེས་
ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་གསོལ་བ་གདབ། དེ་ནས་བཟླས་པའི་དམིགས་པ་ནི། མིང་སྤེལ་གྱི་ཡི་གེ་རྣམས་བསྲུང་བྱ་དགོན་གྲོང་ངམ་གང་ཟག་ལྟ་བུ་སྐབས་གང་ཡིན་དུ་བསྐྱེད། དགུག་གཞུག་བྱས་ཏེ་དངོས་སུ་མོས། བཟླས་པའི་སྐབས་རང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་རྣམས་ཀྱི་ཐུགས་ཀ་ནས་ལྷ་མོ་དཀར་མོ་བུམ་པ་བདུད་རྩིས་གང་བ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་བསྲུང་བྱ་རྣམས་ཀྱི་ཉེར་འཚེ་ཐམས་ཅད་བཀྲུས་པ་དང་། ཡང་ལྷའི་ཐུགས་ཀ་ནས་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས་ཏེ་ཕྱི་རོལ་དུ་རྡོ་རྗེའི་སྲུང་འཁོར་དང་བསྲུང་བྱའི་ལུས་ལ་རྡོ་རྗེ་གོ་ཆ་བསྐོན་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་ཞིང་བསྐྱབས་པར་བསམས་ལ། གཟུངས་ཐག་ནས་བཟུང་སྟེ། གོང་འཁོར་ལོ་བྲི་ཐབས་ནས་འབྱུང་བའི་སྔགས་སྤེལ་ཚིག་དང་བཅས་པ་རྣམས་རིམ་པ་བཞིན་དུ་ཇི་ཙམ་ནུས་པ་བཟླ། དེ་ནས་འཁོར་ལོའི་ལྷ་ལ་ཡང་། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་བཛྲ་ཨརྒྷཾ་སོགས་ཉེར་སྤྱོད་ཀྱིས་མཆོད། བཅོམ་ལྡན་ལྷ་མོ་གདུགས་དཀར་ཅན། །ཞལ་སྟོང་ཐུགས་རྗེའི་སྤྱན་དང་ལྡན། །ཕྱག་སྟོང་འཇིགས་པ་ཀུན་ལས་སྐྱོབ། །གཙུག་ཏོར་ལས་བྱུང་ཁྱོད་ཕྱག་འཚལ། །གཞན་གྱིས་མི་ཐུབ་མ་དང་ནི། །འཁོར་གྱི་ལྷ་མོ་བརྒྱད་དང་བཅས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །བདག་ཉིད་གུས་པས་ཁྱོད་ཕྱག་འཚལ། །གདུང་བདུན་དེ་བཞིན་གཤེགས་པ་བཅུ། །རྒྱལ་བ་སྲས་བཅས་ཉན་རང་དང་། །དྲང་སྲོང་རིག་འཛིན་གྲུབ་རྣམས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་སོགས་ཀྱིས་བསྟོད། དེ་ནས་ལེགས་ལྡན་མཆེད་གསུམ་གྱི་གཏོར་མ་ཆབ་ཀྱིས་བྲན་ཏེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། །མདུན་དུ་སུྃ་ལས་རི་རབ་གྲུ་བཞི་པའི་སྟེང་དུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ནག་པོ་རེ་རེ་ཡོངས་སུ་གྱུར་པ་ལས། ལེགས་ལྡན་མཆེད་གསུམ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས། གཡས་ཙན་དན་གྱི་བེང་དང་གཡོན་ཐོད་པ་འཛིན་པ། ཐོད་སྐམ་གྱི་ཕྲེང་
བས་དབུ་ལ་བརྒྱན་པ། དར་ནག་གི་ན་བཟའ་ཅན་རང་རང་གི་འཁོར་གྱིས་བསྐོར་བར་གྱུར། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ འོག་མིན་བདེ་ཆེན་ཕོ་བྲང་ནས། །མགོན་པོ་ཀུན་གཤེགས་གདན་ལས་བཞེངས། །དཔལ་ལྡན་དྲག་པོ་ཆེན་པོ་དང་། །སྲེད་མེད་བུ་དང་ནག་པོ་ཆེ། །ལེགས་ལྡན་མཆེད་གསུམ་འཁོར་བཅས་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ་པར་གྱུར། ཨོཾ་མ་ཧཱ་ཀཱ་ལ་ཤ་རི་བྷྱོཿ མ་ཧཱ་ཀཱ་ལ་དུཥྚིཾ་བྷྱོཿ མ་ཧཱ་ཀཱ་ལ་དུཥྚཾ་བྷྱོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་གྱིས་གཏོར་མ་དབུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟན་པ་སྲུང་མཛད་མཐུ་སྟོབས་ཅན་ནས། བདུད་འདུལ་ཁྱོད་ལ་ཕྱག་འཚལ་ལོ། །བར། དཔལ་མགོན་ལེགས་ལྡན་མཆེད་གསུམ་ཁྱོད། །སྔོན་དུས་རྒྱལ་བའི་སྤྱན་སྔར་ནི། །དམ་བཅའ་བཞིན་དུ་རྗེས་དགོངས་ལ། །བསྟན་པ་བསྲུང་བའི་ཕྲིན་ལས་མཛོད། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །སོགས་དང་། ལེགས་ལྡན་ནག་པོ་མཆེད་གསུམ་འཁོར་དང་བཅས་པ་རྣམས་ཀྱིས་བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་བཀའ་བཞིན་དུ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་བསྲུང་བ་དང་། སྐྱོབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་བཟློག་པ་དང་། མཚོན་ཆ་རྣམས་སྤང་བར་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་གྱིས་ཤིག ཅེས་བརྗོད། དེ་ནས་ཆ་གསུམ་གཏོར་མ་སྤྱི་ལྟར་གཏང་། སླར་ཡང་ནམ་མཁའི་ལྷ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་གོང་ལྟར་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་སོགས་གཟུངས་ནས་འབྱུང་བས་གསོལ་བ་བཏབ་པས། ལྷ་རྣམས་དངོས་གྲུབ་སྩོལ་བའི་སླད་དུ་དགྱེས་བཞིན་འོད་དུ་ཞུ་ནས་བྲིས་པའི་
འཁོར་ལོའི་དབུས་ཀྱི་ལྷ་མོ་གཙོ་འཁོར་ལ་ཐིམ། ཐུགས་རྗེའི་འོད་ཟེར་ཀུན་ཏུ་ཁྱབ་པས་སྔགས་ཀྱི་ཡིག་འབྲུ་མཐུ་དང་ལྡན་པར་བྱིན་གྱིས་བརླབས་ཤིང་ཡོངས་སུ་གྱུར་པ་ལས་ས་བོན་གྱི་རྣམ་པར་བསམས་ལ། དེ་ནས། ཕྱོགས་བཅུ་ན་སོགས་ནས་བྱེ་བྲག་ཏུ་སྲུང་བའི་འཁོར་ལོ་འདི་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་སོགས་ཁ་བསྒྱུར་བའི་སུ་པྲ་ཏིཥྛའི་བར་ལན་གསུམ་བརྗོད་པས་བརྟན་བཞུགས་བྱ། སྟོན་མཆོག་དམ་པ་སོགས་མདོ་རྒྱུད་ནས་འབྱུང་བའི་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར་བར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཐུན་གསུམ་མམ་བཞིར་བཅད་དེ་ཞག་གསུམ་མམ་བདུན་སོགས་སུ་བསྒྲུབ། ཐུན་ཕྱི་མ་རྣམས་ལ་ས་བོན་ལས་མི་བསྐྱེད་པར་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བྱ། སྒྲུབ་གྲོགས་མང་པོ་ཡོད་ན་སྔགས་རྒྱུན་མ་ཆད་པར་བྱས་ན་ལེགས། དེ་ལྟར་རྒྱས་བསྡུས་གང་ཡང་རུང་བས་ལེགས་པར་བསྒྲུབ་ཟིན་པའི་འཁོར་ལོ་ཉིད་ཚུལ་བཞིན་བལྟབས་ལ་ཚོན་སྐུད་སྣ་ལྔས་དཀྲིས་ཏེ་རིན་པོ་ཆེའི་གྭའུ་ལ་སོགས་པར་བཅུག་པའམ་སྐབས་དང་བསྟུན་པར་བྱའོ། །དེ་ནས་རྒྱལ་མཚན་འཛུགས་པའི་ལག་ལེན་དངོས་ནི། སྤྱིར་རྒྱལ་མཚན་ལ་བུམ་པའི་རྣམ་པ། བ་དན་གྱི་རྣམ་པ། དྲིལ་བུའི་རྣམ་པ་སྟེ་གསུམ་ལས། ཕྱི་མ་ཉིད་གྲགས་ཆེ་བས་དར་རས་ཀྱི་རྒྱལ་མཚན་ཡིན་ན་ཐོག་མར་སྲོག་ཤིང་དྲི་བཟང་པོའི་ཤིང་ལས་བྱས་པ་ལ། ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ། ཞེས་བྲི། ཏོག་གི་ནང་དུ་གདུགས་དཀར་གྱི་སྐུའམ། གཟུངས་རྣམས་ཞལ་ཕྱིར་བསྟན་དབུ་ནས་དྲིལ་ལ་གཞུག རྒྱལ་མཚན་གྱི་ཐོད་ནང་དུ་འཁོར་ལོ་བྲིས་ལ་སྦྱར། མི་ཤོང་བའམ་འཇིག་པའི་ཉེན་ཡོད་ན་བལྟབས་ལ་དར་སྐུད་གྱིས་རྒྱ་གྲམ་དུ་བཅིངས་ལ། ལྟེ་བའི་ཨོཾ་མགོ་མཇུག་མ་ནོར་བར་རང་ཕྱོགས་ལ་བསྟན་ནས་གཞུག འབྱོར་ན་ཏོག་གི་ནང་དུ་འཕེལ་གདུང་སོགས་བྱིན་རླབས་ཡོད་ངེས་དང་། གདུགས་དཀར་གྱི་གཟུངས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། མདོ་ལས་བྱུང་བའི་བཀྲ་ཤིས། ས་རྡོ་སྨན་འབྲུ་སོགས་གོས་དར་གྱིས་དྲིལ་གཞུག ཏོག་གི་མཚམས་ནས་དར་རས་ཀྱི་འཕུར་མ་ལྷབ་ལྷུབ་ཏུ་གཡོ་བ་དྲིལ་བུའི་རྣམ་པར་བསྐོན། ཟངས་རག་དང་ཤིང་སོགས་ཀྱི་གཉྫི་ར་ཡིན་
ན་སྔར་གྱི་སྟེང་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་ནོར་ལྷའི་གཟུངས་དང་། གནོད་སྦྱིན་འཁོར་ལོ་སོགས་འབུལ་ཚུལ་མཆོད་རྟེན་ལྟར་བྱས་ལ། བཅས་ཟིན་པའི་རྒྱལ་མཚན་དེ་ཉིད་མཎྜལ་པདྨ་འདབ་བརྒྱད་ཀྱི་དབུས་སུ་འཛུགས། གཏོར་མ་ཅོག་ཟླུམ་དཀར་པོ་ལྔ། ཆུ་གཉིས་ཉེར་མཆོད་སོགས། ཕྱོགས་སྐྱོང་དང་གཞི་བདག་གཏོར་མ། བགེགས་གཏོར། བྱུར་དང་སྡིག་སྦྱང་། ཁྲུས་གསོལ་གྱི་ཆས། མིག་ཐུར། མིག་སྨན། རྡོར་དྲིལ། རོལ་ཆེན། གངས་བཟང་། གུ་གུལ་སོགས་ཡོ་བྱད་རྣམས་འདུ་བྱས། གསོ་སྦྱོང་བླང་། ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨོཾ་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་ཀྱི་བྱེ་བྲག་ཇི་སྙེད་ཡོད་པ་ཐམས་ཅད་རང་བཞིན་སྟོང་པ། རྣམ་པ་མཆོད་ཡོན་ལ་སོགས་པའི་མཆོད་རྫས་སོ་སོར་སྣང་བ། ངོ་བོ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ། བླ་མ་དང་བཅོམ་ལྡན་འདས་གཙུག་ཏོར་གདུགས་དཀར་མོའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཐལ་མོ་ཁོང་སྟོང་སྙིང་གར་བཅས་བསྐོར་བཞིན་དུ་རིམ་གྱིས་བཏེགས་ལ་མཐར་དཔྲལ་བར་སེ་གོལ་གཏོགས་ནས་བཀྲོལ་བའི་ཕྱག་རྒྱ་དང་། ཨོཾ་སརྦ་བིཏྤཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། ཨོཾ་བཛྲ་སྥ་ར་ཎ་ཁཾ། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་བཅུག རོལ་ཆེན་གྱི་བར་དང་། མཆོད་པའི་
སྤྲིན་གྱི་གཟུངས་ནི། ཨོཾ་ན་མོ་བྷ་ག་བ་དེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིངྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། སྔོན་འགྲོ་གཏོར་མ་གོང་ལྟར་བཏང་། སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་སོང་ནས། རང་སྐད་ཅིག་གིས་གཞན་གྱིས་མི་ཐུབ་པའི་གཙུག་ཏོར་གདུགས་དཀར་མོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་གཞན་གྱིས་མི་ཐུབ་མ་ལ་བླ་མ་རྣམ་པར་སྣང་མཛད་ཀྱི་རྣམ་པས་དབུ་ལ་བརྒྱན་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲང་། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་དང་། ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་གཙུག་ཏོར་གདུགས་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། སྤྱན་གསུམ་དང་ལྡན་ཞིང་ཞི་མ་ཁྲོ་མཛེས་ཤིང་ཡིད་དུ་འོང་བ་ལང་ཚོ་དར་ལ་བབ་པ། ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་གདུགས་དཀར་པོའི་ཡུ་བ་ནས་བཟུང་ཞིང་རིན་པོ་ཆེ་དང་དར་གྱི་ན་བཟའ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཨོཾ་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་དབང་གི་ལྷ་རྣམས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཁྱེད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་
དེ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་བསམ། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། ལོག་པར་འདྲེན་པའི་ཚོགས་ཀྱི་ནུས་མཐུ་རྣམས་ཞི་བར་བྱས་ཏེ་ཚུར་འདུས་སྔགས་ཕྲེང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཏདྱ་ཐཱ། ཨ་ན་ལེ་ཨ་ན་ལེ། བི་ཤུདྡྷེ་བི་ཤུདྡྷེ། བཻ་ར་བཻ་ར། བཛྲ་དྷ་རི་ཎི། བན་དྷ་བན་དྷ། བཛྲ་པཱ་ཎི་ཕཊ། ཧཱུྃ་དྲཱུྃ་བན་དྷ་བན་དྷ་ཕཊ། ཧཱུྃ་དྲཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། རྡོ་རྗེ་ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་མ་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་ཆེན་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ། ཧཱུྃ་ཡེ་ཤེས་བསྐལ་པ་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །རྒྱལ་མཚན་ཆོ་གའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་ནས། བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། གཏོར་ཟླུམ་བཞི་ཏིང་ལོ་དང་བཅས་པ། ཨོཾ་བཛྲ་ཡཀྵས་བསང་། བཛྲ་ཨ་ན་ལེས་སྦྱང་། ཨ་ཀཱ་རོས་བརླབ། སརྦ་བིགྷྣཱཾ་ན་མཿསོགས་ཀྱིས་གཏོར་མ་རྟེན་ལ་གཡོན་དང་གཡས་སུ་གཉིས་གཉིས་བསྐོར་ཏེ་དོར། དེ་བཞིན་སུམྦྷ་བཟླ་ཞིང་མར་མེ་བཞི། བྱུར་དང་བཀྲ་མི་ཤིས་པ་སྦྱང་བའི་ཆེད་དུ་རབ་ཏུ་གནས་བྱའི་རྟེན་རྣམས་ལ་སྦྱང་བ་བྱས་པའི་ཐུགས་མོས་གནང་བ་ཞུ། མཆོད་ཡོན་བཟེད་ཞལ་དུ་ཕུལ་ཏེ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། བདུག་སྤོས་ཤངས་ལ་ཕུལ་ཏེ། ཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ། མར་མེ་སྤྱན་ལ་ཕུལ་ཏེ། ཨོཾ་བཛྲ་ཨཱ་ལོ་ཀེ་སྭཱ་ཧཱ། དྲི་ཆབ་འཐོར་གཡབ་ཀྱིས་ཐུགས་ཀར་འཐོར་ཚུལ་བྱས་ཏེ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཞལ་ཟས་
མདུན་དུ་ཕུལ་ཏེ། ཨོཾ་བཛྲ་ནཻ་ཝི་དྱ་སྭཱ་ཧཱ། ཡུངས་ཀར་ཁུ་ཚུར་གྱིས་བཟུང་བས་གཡོན་དང་གཡས་སུ་བསྐོར་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། གཡས་ཕྱོགས་ཀྱི་མེ་དང་གཡོན་ཕྱོགས་ཀྱི་ཆུར་དོར། དེ་བཞིན་དུ་ཆུ་བཟུང་བས། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུ་ཌ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་གཡས་གཡོན་དུ་བསྐོར་བ་སྣོད་དུ་དོར། སྔགས་གཉིས་སྦྱོར་བ་འོག་མ་རྣམས་ལ་འགྲེ། ཁམ་ཕོར་དཀར་པོ་བཟུང་སྟེ། དཱུརྦ་ལྕི་ཆང་དང་བཅས་པ་བཟུང་། ཟན་ཆང་ཟུང་སེར་རས་ཟུང་བཅས་པ་སྣོད་དུ་དོར། རབ་ཏུ་གནས་བྱའི་རྟེན་རྣམས་ཁ་སྣ་མིག་སྣ་ཁ་ལག་མགོ་བོ་ལྟེ་བ་རྣམས་སུ་རེག་ཅེས་པ་ལྟར་ཆུ་གཙང་གཡོན་པའི་ཁྱོར་བར་བླུགས། གཡས་པའི་གུང་སྲིན་གྱིས་ཉེ་རེག་བྱས་པའི་ཆུ་ལྷག་སྣོད་དུ་དོར། ཐུགས་ཀར་དྲི་ཕུལ་ཏེ་ཡཀྵ་དང་འབུལ་ཚུལ་གོང་བཞིན། དེ་བཞིན་དུ་ཡཀྵ་གོང་དུ་སྦྱར་བ་འགྲེ་བའི་མེ་ཏོག་དང་མཆོད་ཡོན་འབུལ། མར་མེ་གཉིས་གཉིས་ཁྱེར་ནས་བསྐོར་བ་སོགས་གོང་བཞིན། འབྲས་བུའི་ཚོགས་ཀྱིས་བྱབས། སྤོས་དཀར་དང་མར་བསྲེགས་པའི་དུད་པས་བདུགས་ཏེ་ཡཀྵ་དང་ལས་སྔགས་བཟླ། ཐམས་ཅད་ལྷག་མ་མ་ལུས་པར་སྣོད་དུ་དོར། ཕྱག་རྒྱ་དང་བཅས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་ཁྱད་པར་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པའི༴ གསང་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འདིར་རྒྱལ་མཚན་བསྒྲུབ་ཅིང་འཛུགས་པ་ལ་བར་དུ་གཅོད་པའི་གདོན་བགེགས་ལོག་པར་འཚེ་བའི་ཚོགས་རྣམས་ལ་རྒྱུད་སྡེ་དང་མཐུན་པའི་སྦྱང་བ་རྣམ་པར་དག་པ་བྱས་པ་ཡིན་པས་འདིས་མགུ་ཞིང་ཚིམ་པར་གྱིས་ལ་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་གི་གནས་དང་རྟེན་ལ་སོང་ཞིག གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་
རྗེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཨ་ན་ལེ་སོགས་དང་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། མེ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་རྒྱར་ཁྲུ་གང་བ། ཟབས་སུ་ཁྲུ་ཕྱེད། མུ་ཁྱུད་ཁ་ཁྱེར་སོར་བཞིས་བསྐོར་བའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་མཚན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་ཐབ་ཁུང་དེའི་ནང་དུ་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ་ཞལ་གདངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། དབང་བསྐུར། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་ཤློ་གཅིག་གིས་བསྟོད། རང་གི་མཐེབ་མཛུབ་གཉིས་ཀྱི་དབུས་སུ་ཡི་གེ་ཧཱུྃ་འབར་བ་རེ་རེས་མཚན་པར་གྱུར། ཏིལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ལན་བདུན་ཙམ་བརྗོད་པས་ཕུལ། སླར་ཡང་མཆོད་བསྟོད་བྱས། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད། །ཅེས་སོགས་དང་། བཛྲ་མུ། ཐབ་ཀྱི་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར། ཁྲུས་གསོལ་ནི། འདིའི་བུམ་པ་བསྒྲུབས་ཟིན་ཡོད་ནའམ། མེད་ན་འདི་ཉིད་ཀྱི་བུམ་ཆོག་ལྟར་བསྒྲུབ་ནས། ཁྲུས་བྱས་འདུ་བྱས་ལ། ཐོག་མར་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་ལ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན་དང་། ཇི་ལྟར་བལྟམས་པ་སོགས། རི་བོ་ལྟར་ནི་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པ། །མཆོད་གནས་རིན་ཆེན་ཁྱེད་རྣམས་ལ། །བདག་ཅག་དད་པས་སྐུ་ཁྲུས་གསོལ། །དེ་བཞིན་གཤེགས་དང་དེ་ཡི་
སྲས་རྣམས་ལ་སོགས་སྔགས་བཅས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པའི་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་སྐུ་ཕྱི། ཁྲུས་ཆུ་བུམ་པར་བླུགས་པས་རྒྱལ་མཚན་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ༴ འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །སོགས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ་སོགས་སྔགས་བཅས་དང་། འདི་ནི་སྦྱིན་པའི་རང་བཞིན་ཆུ་སོགས་ཕར་ཕྱིན་དྲུག་ཁྲུས་ཀྱི་མཇུག་ཏུ་སྐུ་ཕྱི་བྱའོ། །དེ་ནས་རྒྱལ་མཚན་ལ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་གདུགས་དཀར་པོ་ཨོཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་སྐུ་མདོག་གངས་རིའི་ཕུང་པོ་ལྟར་དཀར་བ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་ཞལ་སྔོ་བ། གཡོན་ཞལ་དམར་བ། ཞལ་རེ་རེ་བཞིན་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱི་གཡས་ཀྱི་དང་པོ་ན་གདུགས་དཀར་པོ་རིན་པོ་ཆེའི་ཏོག་གིས་སྤྲས་པ་འཛིན་པ། གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ། བཞི་པ་ན་དགྲ་སྟྭ་འཛིན་པ། གཡོན་གྱི་དང་པོ་ན་རྒྱལ་མཚན། གཉིས་པ་ན་འཁོར་ལོ། གསུམ་པ་ན་གཞུ། བཞི་པ་ན་ཞགས་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པད་ཟླའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཁྲོས་པའི་སྟང་སྟབས་ཀྱིས་མ་རུངས་པ་ཐམས་ཅད་འཇིགས་ཤིང་འཇིགས་པར་བྱེད་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་གི་གོང་ཨཱཿའི་འོག་ཏུ་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་
ཨོཾ་བཛྲ་ས་མཱ་ཛཿ རྔ་བརྡུངས་དབྱངས་དང་བཅས་པས། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །སུམ་ཅུ་རྩ་གསུམ་གནས་རིགས་སུ། །ནད་ཀྱི་བསྐལ་པས་ཞིག་ལ་ཁད། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བསྲུང་ཞིང་སྐྱོབ་པའི་ལས་མཛད་ནས། །མ་མོ་ཐམས་ཅད་དབང་དུ་སྡུད། །དེ་ཡི་སྤྱི་བོའི་གཙུག་ཏུ་ནུབ། །སྟོང་གསུམ་ཐམས་ཅད་སྤྱན་གྱིས་གཟིགས། །དེ་ལ་མིང་དང་མཚན་གསོལ་བ། །གཙུག་ཏོར་ནོར་བུའི་གདུགས་དཀར་མོ། །སྔོན་དུས་འཕྲིན་ལས་མཛད་པ་ལྟར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་བཞེངས་སུ་གསོལ། །བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །སེམས་ཅན་དོན་ལ་བསྐུལ་གྱིས་གཤེགས། །རྒྱལ་དང་ཆོམ་རྐུན་མེ་དང་ཆུ། །དུག་མཚོན་ཕ་རོལ་དམག་དཔུང་དང་། །མུ་གེ་དགྲ་དང་ལྕེ་འབབ་འཇིགས། །ཐམས་ཅད་ལྡོག་ཕྱིར་གཤེགས་སུ་གསོལ། །ཞེས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ རྗེ་བཙུན་བླ་མ་རྣམས་ཀྱི༴ བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་རྣམས་ཀྱི༴ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། དཔལ་ལྡན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི། བདེན་པའི་བྱིན་རླབས་ཀྱིས་ཡེ་ཤེས་སེམས་དཔའི་ཕྱི་བཞིན་འབྲངས་ནས་རྒྱལ་མཚན་རབ་ཏུ་གནས་པར་བྱེད་པ་དང་། བདེ་བ་མཆོག་གི་ལམ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག ཐམས་ཅད་འཇོམས་པའི་སྔགས་དང་། གཙོ་མོའི་སྔགས་དང་། ཨ་མྲྀ་ཏ་སོགས་བརྗོད་ཅིང་རོལ་མོ་དྲག་པོ་དང་བཅས་པའི་ཚམ་རྔམ་དང་། ཡུངས་ཀར་གྱིས་རྟེན་བྲབ། གུ་གུལ་གྱིས་བདུག་པ་རྣམས་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞི་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ་པར་གྱུར། ཨོཾ་བཛྲ་ས་མཱ་ཛཿ«་་་་་རྡོ་རྗེ་བསྡུ་བའི་ཕྱག་རྒྱ། »ཛཿཧཱུྃ་བཾ་
ཧོཿ རྡོར་དྲིལ་སྤོས་དང་བཅས་པ་འཛིན་པས། «ཞྭ་ཕུད་་་་་་»མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ནས། མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །གྱི་བར་དང་། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་མདུན་གྱི་ནམ་མཁའ་བྱོན་པར་གྱུར། ཅེས་དང་། སངས་རྒྱས་ཀྱི་བདེན་པ་དང་། སོགས་ནས། དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ་པར་གྱུར་པར་གོང་ལྟར། ཡང་ཐུགས་ཀའི་ཨོཾ་ལས་འོད་ཟེར་འཕྲོས། «རིགས་ལྔས་དབང་བསྐུར་བའི་དགོངས་པ། ཡུམ་ལྔས་དབང་བསྐུར་བ་དང་། དབང་བསྐུར་རྡོ་རྗེ་ཆེན་པོ་ཞེས་པའི་ཚིག་བཅད་རྣམས་རྣལ་འབྱོར་བླ་མེད་ཀྱི་ལུགས་ཡིན་པས་འདིར་འབྲི་རུ་མི་རུང་ངོ་ཞེས་ཡིད་ཆེས་ཁུངས་བཙུན་པས་སོ།་་་་་»དབང་གི་ལྷ་རྣམས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེཉྩ་ཏུ་ཏྭཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར། སྒོ་གསུམ་གྱི་དྲི་མ་དག ལུས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་། ཆུ་ལྷག་མ་སྤྱི་བོར་འཁྱིལ་བ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། དབང་གི་ལྷ་རྣམས་དེ་ཉིད་དུ་ཐིམ། དེ་ནས་གསེར་སོགས་ཀྱི་མིག་ཐུར་གྱིས། དངུལ་ལྟོང་སོགས་སུ་བཀོད་པའི་མར་དང་སྦྲང་རྩི་བླངས་ནས། མེ་ལོང་ལ་ལྷའི་གཟུགས་བརྙན་བསྒོམས་པ་ལ་སྤྱན་ལ་བྱུག་ཅིང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐའ་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཞི་བ་ལ་སོགས་པའི་དོན་དུ་ཡོན་བདག་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་གཟིགས་པ་ལྷུར་བྱེད་པ་དང་ལྡན་པར་གྱུར། མཆོད་པ་བསང་སྦྱང་བྱིན་གྱིས་བརླབས། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་སོགས་ནས། བཀྲ་ཤིས་རྫས་
བརྒྱད་དག་གིས་མཆོད་པར་བགྱི། །ཞེས་པའི་བར་གོང་ལྟར་གྱིས་མཆོད་ལ། བདེ་ཆེན་དབང་ཕྱུག་མཆོག་གི་གཙོ། །ཞལ་གསུམ་རྩ་ཞལ་ཀུནྡཱའི་མདོག །གཡས་སྔོ་གཡོན་དམར་ཁྲོ་ཞིང་འཛུམ། །གདུགས་དཀར་ཅན་ལ་ཕྱག་འཚལ་ལོ། །གདུགས་དཀར་རྡོ་རྗེ་མདའ་དང་ནི། །དགྲ་སྟྭ་གཡས་ཀྱི་ཕྱག་གིས་འཛིན། །རྒྱལ་མཚན་འཁོར་ལོ་གཞུ་ཞགས་པ། །གཡོན་པས་བསྣམས་ལ་ཕྱག་འཚལ་ལོ། །སྐུ་མདོག་གངས་ཀྱི་རི་ལྟར་དཀར། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ། །གཙུག་ཏོར་ལས་བྱུང་ཁྱོད་ལ་བསྟོད། །ཅེས་པས་བསྟོད། གཏོར་མ་དང་པོ་རྒྱལ་མཚན་ལྷར་བསྐྱེད་པ་ལ་དབུལ་ཏེ། གཏོར་མ་བྱིན་རླབས་ནི།«་་་་་གོང་འོག་ཏུ་གཏོར་མ་བྱིན་རླབས་དགོས་པ་དམིགས་བསལ་མེད་པ་ཐམས་ཅད་འདིས་འགྲེའོ།།» ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། བཅོམ་ལྡན་འདས་མའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་འོད་ཟེར་གྱི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་པར་གྱུར། རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་གྱིས་གཏོར་མ་དབུལ། ཨོཾ་སརྦ་ཏ་ཐ་གཱ་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་བཛྲ་ཨརྒྷཾ་སོགས་ཉེར་སྤྱོད་ཀྱིས་མཆོད། བཅོམ་ལྡན་ལྷ་མོ་གདུགས་དཀར་ཅན། །ཞལ་སྟོང་ཐུགས་རྗེའི་སྤྱན་དང་ལྡན། །ཕྱག་སྟོང་འཇིགས་པ་ཀུན་ལས་སྐྱོབ། །གཙུག་ཏོར་ལས་བྱུང་ཁྱོད་ཕྱག་འཚལ། །བཅོམ་ལྡན་འདས་མ་འཁོར་བཅས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་དང་། ཡུལ་ཕྱོགས་འདིར་མི་ནད་དང་། ཕྱུགས་ནད་དང་། ཡམས་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཕྱིར་བཟློག་པའི་ཕྲིན་ལས་མཛོད་ཅིག གཏོར་མ་གཉིས་པ་བྱིན་གྱིས་བརླབས།
དྲག་རྒྱལ་མ་དང་རྒྱལ་པོ་སྐུ་ལྔའི་གསོལ་མཆོད་གཏོང་གསུངས་པ་ཞྭ་ལུ་པ་རང་ལུགས་ལ་དགོངས་ཀྱི་གཞན་དུ་རང་རང་གི་ཆོས་སྐྱོང་གཏོར་བསྔོ་གཏོང་། གཏོར་མ་གསུམ་པ་བྱིན་བརླབས་པ། ལེགས་ལྡན་མཆེད་གསུམ་ལ་གོང་འཁོར་ལོའི་སྐབས་ལྟར་དབུལ། གཏོར་མ་བཞི་པ་བྱིན་གྱིས་བརླབས་ལ། རི་རབ་ལྷུན་པོའི་ཕྱོགས་བཞི་ནས། །རྒྱལ་པོ་ཆེན་པོ་སྡེ་བཞི་ནི། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །བཙུན་མོ་སྲས་དང་འཁོར་གྱི་ཚོགས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །མ་ཧཱ་རཱ་ཛ་ཙ་ཏུརྶ་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཨོཾ་དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་བཱཀྵཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲཱ་ཝ་ཎཱ་ཡ་སྭཱ་ཧཱ། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿསོགས་ལན་གསུམ་གྱིས་ཕུལ། མ་ཧཱ་རཱ་ཛ་ཙ་ཏུརྶ་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་། །སྐུ་མདོག་དཀར་བས་ཞི་བ་འགྲུབ། །ཐུགས་རྗེ་ཆེན་པོས་པི་ཝཾ་འཛིན། །ཤར་ཕྱོགས་དྲི་ཟ་དབང་དུ་སྡུས། །འཁོར་འདིར་གནོད་པ་མེད་པར་མཛོད། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །མངོན་སྤྱོད་ཚུལ་གྱིས་འགྲོ་དོན་མཛད། །དུག་གསུམ་གཅོད་པའི་རལ་གྲི་བསྣམས། །ལྷོ་ཕྱོགས་གྲུལ་བུམ་དབང་དུ་སྡུས། །འཁོར་འདིར༴ །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །དབང་སྡུད་དམར་སྨུག་འཇིགས་པའི་སྐུ། །ནུས་པའི་མཐུ་རྫོགས་ཞགས་པ་བསྣམས། །ནུབ་ཕྱོགས་ཀླུ་རྣམས་དབང་དུ་སྡུས། །འཁོར་འདིར༴ །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཆེ་བའི་ཡོན་ཏན་རྒྱས་པའི་སྐུ། །རིན་ཆེན་གཏེར་ལྡན་ནེའུ་ལེ་འཛིན། །བྱང་ཕྱོགས་གནོད་སྦྱིན་དབང་དུ་སྡུད། །འཁོར་འདིར༴ །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །སོགས་ཀྱི་རྗེས་སུ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ། ཤར་ཕྱོགས་དྲི་ཟའི་གདོན་ལས་གྱུར་པའི་ནད་དང་གནོད་པ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བ་དང་། རྒྱལ་པོ་འཕགས་སྐྱེས་པོས་ལྷོ་ཕྱོགས་གྲུལ་བུམ་གྱི་གདོན་ལས་གྱུར་པའི་ནད་དང་གནོད་པ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བ་དང་། སྤྱན་མི་བཟང་གིས་ནུབ་ཕྱོགས་ཀླུའི་གདོན་ལས་
གྱུར་པའི་ནད་དང་གནོད་པ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བ་དང་། རྣམ་ཐོས་སྲས་ཀྱིས་བྱང་ཕྱོགས་གནོད་སྦྱིན་གྱི་གདོན་ལས་གྱུར་པའི་ནད་དང་གནོད་པ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བ་དང་། མདོར་ན་རྒྱལ་ཆེན་སྡེ་བཞི་འཁོར་དང་བཅས་པ་རྣམས་ཀྱིས་བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་བཀའ་བཞིན་དུ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་བསྲུང་བ་དང་། སྐྱོབ་པ་དང་། ཡོངས་སུ་བཟུང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་བཟློག་པ་དང་། མཚོན་ཆ་རྣམས་སྤངས་པར་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་གྱིས་ཤིག«་་་་་རོལ་མོ་དྲག་པོ།» གཏོར་མ་ལྔ་པ་བྱིན་བརླབ། ཕྱོགས་བཅུ་སྐྱོང་བར་ཞལ་བཞེས་པའི། །སྟེང་གི་ཚངས་པ་ཆེན་པོ་དང་། །བརྒྱ་བྱིན་གཤིན་རྗེ་ཆུ་ལྷ་དང་། །ནོར་བདག་དབང་ལྡན་མོ་ཡི་ལྷ། །སྲིན་པོ་དང་ནི་རླུང་ལྷ་དང་། །ས་ཡི་ལྷ་མོ་བརྟན་མ་སྟེ། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་ཀྱང་། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཨོཾ་ཨིནྡྲཱ་ཡེ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཡ་མཱ་ཡེ་སྭཱ་ཧཱ། ཨོཾ་ནཻར་རྀ་ཏྱ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཝ་ཡ་ཝེ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་ཨཱི་ཤྭ་ནཱ་ཡ་སྭཱ་ཧཱ། ཨོཾ་བྲཧྨ་ཎེ་སྭཱ་ཧཱ། ཨོཾ་སཱུརྻ་ཡེ་སྭཱ་ཧཱ། ཨོཾ་ཙནྡཱ་ཡ་སྭཱ་ཧཱ། ཨོཾ་པྲི་ཐི་ཝཱི་བྷྱཿསྭཱ་ཧཱ། ཨོཾ་ནཱ་གེ་བྷྱཿསྭཱ་ཧཱ། ཨོཾ་ཨ་སུ་རེ་བྷྱཿསྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། དབང་པོ་རྡོ་རྗེ་འཆང་བའི་ལྷ་སོགས་ནས། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས་པ་རྣམས་ཀྱིས། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་གྱི་བཀའ་བཞིན་དུ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་སྲུང་བ་དང་། སྐྱོབ་པ་དང་།
ཡོངས་སུ་བཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་བཟློག་པ་དང་། མཚོན་ཆ་རྣམས་སྤང་བར་གྱིས་ཤིག ལོ་བརྒྱ་འཚོ་བར་གྱུར་ཅིག སྟོན་བརྒྱ་མཐོང་བར་གྱིས་ཤིག ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪ། གཏོར་མ་དྲུག་པ་བརླབ། ཨོཾ་ཡུལ་གྲོང་གནས་གཞིའི་བདག་པོ་སརྦ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཨོཾ་ཡུལ་བདག་གྲོང་བདག་གནས་བདག་གཞི་བདག་གཉུག་མར་གནས་པ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿསོགས་ལན་གསུམ་གྱིས་ཕུལ་རྗེས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི། སྤྱིར་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་ན་གནས་པའི་གནས་བདག་གཞི་བདག་གཉུག་མར་གནས་པ་རྣམས་དང་། ལྷ་ཀླུ་གནོད་སྦྱིན་འབྲོག་གནས་དང་འཕྲོག་མ་བུ་དང་བཅས་པ་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། ཁྱད་པར་ཡུལ་ཕྱོགས་འདི་ཉིད་དང་གནས་ཁང་འདི་ཉིད་ན་གནས་པའི་གནས་བདག་གཞི་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །རུ་ང་བ་ཕྲག་དོག་པ་སྡོད་ན་བསྐུལ་བ། འགྲོ་ན་བཤོལ་འདེབས་ལ་སོགས་པ་གནོད་འཚེའི་བསམ་པ་ཐམས་ཅད་སྤོངས། གཞིས་བཟང་པོ་ཆོས་ལྡན་དུ་སྐྱོང་བའི་གནས་པོ་མཛོད་ཅིག གནས་མགྲོན་གྱི་དམ་ཚིག་སྲུངས། འགལ་རྐྱེན་ཐམས་ཅད་སྤོངས། མཐུན་རྐྱེན་ཐམས་ཅད་སྒྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག ཡུལ་གྲོང་གནས་གཞིའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས་བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་བཀའ་བཞིན་དུ་ཡུལ་ཕྱོགས་འདིར་མི་ནད་དང་ཕྱུགས་ནད་དང་ཡམས་ནད་དང་འཚེ་བ་དང་གནོད་པ་དང་འཁྲུགས་པ་དང་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཕྱིར་བཟློག་པའི་ཕྲིན་ལས་མཛོད་ཅིག གཏོར་མ་བདུན་པ་བརླབ། «ཐལ་མོ་ཁོང་སྟོང་་་་་་»ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་བི་ཤུདྡྷོ྅ཧཾ། ཞེས་པས་གཏོར་མའི་རྫས་སོ་སོའི་ཉེས་སྐྱོན་གྱི་དྲི་མ་མཐའ་དག་སྦྱངས་པར་གྱུར། «ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་་་་་་»ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ
ནས། ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་བདུད་རྩི་ཕུན་སུམ་ཚོགས་པར་གྱུར། «ལག་པ་ཐལ་མོ་ཕྱིར་བསྐྱེད་མཐེ་བོང་བསྣོལ་སོར་མོ་གཞན་རྣམས་སོ་སོར་བརྐྱང་བ་་་་་་»ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་གང་མོས་བསྒྱུར་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་པས་འདོད་ཡོན་ལ་སོགས་པ་ཐམས་ཅད་ལོངས་སྤྱོད་ནུས་པར་གྱུར། «ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག གཡོན་མཆོག་སྦྱིན་གྱིས་སྣོད་འདེབས་པའི་ཚུལ་དེ་བཞིན་གཤེགས་པའི་ཁུ་ཚུར་ཡིན་ནམ་་་་་་»ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷཱ་བ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཞེས་པས་མགྲོན་རྣམས་ཀྱིས་སོ་སོར་ཐོབ་པར་གྱུར། «ལག་པ་ཐལ་མོ་ཁོང་སྟོང་ལས་རྡོ་རྗེ་ནང་བསྡམ་མཐེ་བོང་གཤིབས་ཏེ་བརྐྱང་་་་་་»ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤ་རི་པྲ་བྷཉྫ་ན་མཿས་མནྟ་སྭཱ་ཧཱ། ཞེས་པའི་སྲི་ཞུ་དང་ཡོན་ཏན་གྱི་མགྲོན་དང་སྙིང་རྗེ་དང་ལན་ཆགས་ཀྱི་མགྲོན་ཐམས་ཅད་དམ་ཚིག་དབང་གིས་བདག་ལ་འགོ་ཞིང་སྟོང་གྲོགས་སུ་འགྱུར་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལས་ཅི་བཅོལ་བ་འགྲུབ་པར་གྱུར་ཅིག དེ་ནས་གདོན་ཆེན་ཉེར་བརྒྱད་སྤྱན་དྲང་བར་བྱ་སྟེ། མི་སྡུག་འཚེ་བའི་ངང་ཚུལ་ཅན། །གདོན་ཆེན་ཉི་ཤུ་རྩ་བརྒྱད་དེ། །གཟི་བརྗིད་འཕྲོག་དང་མདངས་འཕྲོག་པ། །མངལ་དང་ཁྲག་ཞག་ཟ་བ་དང་། །ཚིལ་ཟ་རྐང་དང་བཙས་པ་ཟ། །སྲོག་འཕྲོག་པ་དང་གཏོར་མ་ཟ། །ཕྲེང་བ་དྲི་དང་བདུག་པ་ཟ། །མེ་ཏོག་འབྲུ་དང་ལོ་ཏོག་ཟ། །སྦྱིན་སྲེག་ཕྱི་ས་རྣག་ཟ་བ། །གཅིན་འཐུང་མཆིལ་མ་ལྷག་མ་ཟ། །སྣབས་ཟ་ངར་སྣབས་མི་གཙང་ཟ། །སྟོར་ཁུང་འབབ་འཐུང་སྐྱུག་པ་ཟ། །དེ་ལྟར་གནོད་བྱེད་འཁོར་དང་བཅས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧིས་སྤྱན་དྲང་། གདོན་ཆེན་གནོད་བྱེད་ཉེར་བརྒྱད་ལ། །མཐུན་པའི་མཆོད་པ་འདི་འབུལ་གྱི། །གནོད་པའི་བསམ་པ་ཞི་བ་དང་། །ཡོན་བདག་བསམ་པ་རྫོགས་པར་གྱིས། །ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གཟི་བརྗིད་འཕྲོག་དང་མདངས་ཟ་ལ། །གཟུགས་བརྙན་ཁྲག་སྣས་བརྒྱན་པ་འབུལ། །
མངལ་ཟ་བ་ལ་མངར་གསུམ་རྩི། །ཁྲག་འཐུང་བ་ལ་ཁྲག་སྣ་འབུལ། །ཞག་ཟ་བ་ལ་ཞག་དང་བཅུད། །ཤ་ཟ་བ་ལ་ཤ་ཡི་ཚོགས། །ཚིལ་ཟ་བ་ལ་ཕྱི་ནང་ཚིལ། །རྐང་ཟ་བ་ལ་རྐང་མར་འབུལ། །བཙས་ཟ་བ་ལ་བུ་རམ་དང་། །ཤིན་ཀུན་སྦྱར་བ་འདི་དག་འབུལ། །སྲོག་འཕྲོག་པ་ལ་འོ་མ་དང་། །ཞོ་དང་ཀ་ར་བཅས་པ་འབུལ། །སྐྱུག་པ་ཟ་ལ་སྦྲང་རྩི་དང་། །མི་གཙང་ཟ་ལ་སྒོག་བཙོང་དང་། །ལ་ཕུག་རྒྱུ་རྐྱེན་སྦྱར་བ་འབུལ། །གཅིན་པ་འཐུང་ལ་རྒུན་འབྲུམ་ཆང་། །འབྲས་ཆང་བཅུད་དང་ལྡན་པ་འབུལ། །སྟོར་ཁུང་ནས་འབབ་འཐུང་བ་ལ། །འབྲུ་སྣ་མང་པོ་བཅུད་སྦྱར་འབུལ། །ལྷག་མ་ཟ་ལ་རྫས་ཀུན་གྱི། །ལྷག་མ་བསྡུས་ལ་དབུལ་བར་བྱ། །མཆིལ་མ་འཐུང་ལ་དང་བཅུད་དང་། །བྱ་མོའི་སྒོ་ང་སྣབས་ཟ་ལ། །ངར་སྒོང་ངར་སྣབས་ཟ་ལ་འབུལ། །རྣག་ཟ་བ་ལ་ཤ་རུལ་དང་། །གཏོར་མ་ཟ་ལ་འཁུར་བ་དང་། །རབ་ཏུ་སྦྱར་བའི་གཏོར་མ་འབུལ། །ཕྲེང་བ་ཟ་ལ་རུ་རཀྵ། །བོ་དྷི་ཙིཏྟ་ལ་སོགས་འབུལ། །དྲི་ཟ་བ་ལ་ག་བུར་དང་། །བཟང་སྨན་དྲུག་དང་བཅས་པ་འབུལ། །བདུག་པ་ཟ་ལ་སྦྱར་སྤོས་བདུག །དྲི་དང་འབྲས་བུར་བཅས་པ་འབུལ། །སེམས་འཕྲོག་པ་ལ་ཤ་ཁྲག་ཆང་། །སྒོག་བཙོང་བཅས་པའི་གཏོར་མ་འབུལ། །མེ་ཏོག་ཟ་ལ་མེ་ཏོག་རིགས། །འབྲས་བུ་ཟ་ལ་བུ་རམ་དང་། །ཤིང་ཏོག་སྣ་ཚོགས་བཅས་པ་འབུལ། །ལོ་ཏོག་ཟ་ལ་འབྲུ་བཟང་དང་། །འབྲས་དང་ནས་ཀྱི་སྙེ་མ་འབུལ། །སྦྱིན་སྲེག་ཟ་ལ་འབྲུ་བཅུད་དང་། །འབྲས་ཀྱི་ལག་བན་དབུལ་བར་བྱ། །རང་རང་མཐུན་རྫས་འདི་བཞེས་ལ། །གནོད་པའི་བསམ་སྦྱོར་ཞི་བ་དང་། །ཕན་པའི་བསམ་པ་ལྡན་པར་གྱིས། །བདེ་ལེགས་ཐམས་ཅད་འབྱུང་བར་མཛོད། །དེ་ནས་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་ལན་གསུམ་དང་། དེ་བཞིན་གཤེགས་པ་བཞིའི་མཚན་ལན་གསུམ་བརྗོད་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འབྱུང་པོའི་ཚོགས་གང་སུ་དག་ས་ལ་རྒྱུ་བ་རྣམས་དང་ནས། གཞན་གྱི་སྲོག་འཕྲོག་པ་རྣམས་བདག་ལ་ཉོན་ཅིག་བར་གོང་ལྟར། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་
བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཆེན་པོའི་རིགས་སྔགས་ལས་འབྱུང་བ་བཞིན་ཁྱེད་རྣམས་སྤོས་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མའང་སྦྱིན་ནོ། །མཆོད་གཏོར་འདི་རྣམས་ཀྱིས་མགུ་བར་གྱིས་ལ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་བཟློག་པ་དང་། དུག་ཞི་བ་དང་། མཚམས་བཅད་པ་དང་། ཡོངས་སུ་བསྲུང་བ་དང་། ཆད་པ་ཐམས་ཅད་བཟློག་པར་མཛོད་ཅིག རྒྱལ་པོ་དང་། ཆོམ་རྐུན་དང་མེའམ། ཆུའམ། དུག་གམ། མི་མཛའ་བའམ། ལམ་གོལ་པར་འགྲོ་བའམ། གཉིད་ལོག་པའམ། ར་རོ་བའམ། བག་མེད་པ་ཐམས་ཅད་ལས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་བསྲུང་བར་གྱིས་ཤིག བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང་ནས། གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་བཟློག་པར་གྱུར་ཅིག གཟི་བརྗིད་འཕྲོག་པ་ཐམས་ཅད་བཟློག་པར་གྱུར་ཅིག གཞན་གྱི་རིག་སྔགས་ཐམས་ཅད་བཟློག་པར་གྱུར་ཅིག གདོན་ཐམས་ཅད་བཟློག་པར་གྱུར་ཅིག གནོད་པ་ཐམས་ཅད་བཟློག་པར་གྱུར་ཅིག གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པའི་རིག་སྔགས་ཆེན་མོའི་མཐུས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་གདོན་ཐམས་ཅད་དང་གནོད་པ་ཐམས་ཅད་ལས་ཐར་བར་གྱུར་ཅིག་སྭཱ་ཧཱ། ཞེས་རོལ་མོའི་སྒྲ་དྲག་པོ་བྱའོ། །དེ་ནས་རྒྱལ་མཚན་གྱི་ཏོག་ལ་གཟུངས་ཐག་བཏགས་ཏེ། དེའི་སྣེ་མོ་གཅིག་ནས་སློབ་དཔོན་གྲོགས་དང་བཅས་པས་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་བ་ལོ་ཀི་མུརྡྷ་ཏེ་ཛ་ར་ཤི། ཨོཾ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། དྷ་ཀ་དྷ་ཀ ད་ར་ད་ར། བིནྡྷ་བིནྡྷ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྙིང་པོ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཉེ་སྙིང་དང་། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ།
ཁ་ས་མེ་ཁ་ས་མེ། བི་ཤ་དྷེ་བི་ཤ་དྷེ། བཻ་ར་བཻ་ར། བཛྲ་དྷ་རི། བནྡྷ་བནྡྷ། བཛྲ་པཱ་ཎི་ཧཱུྃ་ཕཊ། ཧཱུྃ་དྲཱུྃ་ཕཊ། བྷནྡྷ་ཕཊ་ཕཊ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྷ་ཨ་དྷིཥྛ་ནཱ་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བསྙེན་སྔགས་དང་། ཨོཾ་ཨ་སི་ཏཱ་ན་ལཱརྐ་པྲ་བྷ་སྥུ་ཊ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡྷ་ཙྪིནྡྷ། བིནྡྷ་བིནྡྷ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཧེ་ཧོ་ཕཊ། ཧེ་ཧོ་ཕཊ། ཨ་མོ་གྷེ་ཕཊ། ཨ་པྲ་ཏི་ཧ་ཏ་ཕཊ། བ་ར་ད་ཕཊ། བ་ར་པྲ་ད་ཡ་ཕཊ། པྲ་ཏྱཾ་གི་རི་ཏི་ཕཊ། ཨ་སུ་ར་བི་དྲཱ་བ་ཀ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ན་གེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་མརྟུ་བྷྱཿཕཊ། སརྦ་ག་རུ་ཌེ་བྷྱཿཕཊ། སརྦ་གནྡྷརྦྷེ་བྷྱཿཕཊ། སརྦ་ཀནྣ་རེ་བྷྱཿཕཊ། སརྦ་མ་ཧོ་ར་ནཱ་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་རཱཀྵ་སེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་པི་ཤཱ་ཙི་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་ཀུམྦྷེཎྜེ་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿཕཊ། སརྦ་སྐནྡེ་བྷྱཿཕཊ། སརྦ་ཨུནྨཱ་ཏེ་བྷྱཿཕཊ། སརྦ་ཙྪ་ཡེ་བྷྱཿཕཊ། སརྦ་ཨ་པ་སྨཱ་རེ་བྷྱཿཕཊ། སརྦ་ཨོ་སྟྭ་ར་གེ་བྷྱཿཕཊ། སརྦ་དུརླཾ་གི་ཏེ་བྷྱཿཕཊ། སརྦ་དུཥྤེ་ཀྵི་ཏེ་བྷྱཿཕཊ། སརྦ་ཛྭ་རེ་བྷྱཿཕཊ། སརྦ་ཀྲྀ་ཏྱ་ཀརྨ་ཀཱ་ཁོརྡེ་བྷྱཿཕཊ། ཀི་ར་ཎ་བེ་ཏཱ་ཌེ་བྷྱཿཕཊ། ཙི་ཙྪ་པྲེ་ཤ་ཀ་དུཤྩ་དྷི་བྷྱཿཕཊ། སརྦ་དུརྦྷུཀྟེ་བྷྱཿཕཊ། སརྦ་ཏཱིརྠ་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་བིདྱཱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་རེ་བྷྱཿཕཊ། སརྦ་ཨརྠ་སཱ་དྷ་ཀེ་བྷྱཿཕཊ། བིདྱཱ་ཙ་རེ་བྷྱཿཕཊ། ཙ་ཏུརྦྷ་གི་ནི་བྷྱཿཕཊ། སརྦ་ཀཽ་མཱ་རི་ཡེ་བྷྱཿཕཊ། བིདྱཱ་རཱ་ཛྙི་ཏེ་བྷྱཿཕཊ། མ་ཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤྲིཾ་ཁ་ལཱ་ཡ་པྲ་ཏྱཾ་གི་རེ་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མཱ་ཏྲི་ག་ཎ་ན་མསྐྲྀ་ཏ་ཡེ་ཕཊ། བི་ཥྞ་བཱི་ཡེ་ཕཊ། བྲཧྨ་ཎཱི་ཡེ་ཕཊ། ཨགྣི་ཡེ་ཕཊ། མ་ཧཱ་ཀཱ་ལི་ཡེ་ཕཊ། ཀཱ་ལི་དཎྜཱི་ཡེ་ཕཊ། ཨཻནྡྲི་ཡེ་ཕཊ། རཽ་དྲི་ཡཱི་ཡེ་ཕཊ། ཀཽ་མཱ་རཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཙཱ་མུཎྜི་ཡེ་ཕཊ། རཱ་ཏྲི་ཡེ་ཕཊ། ཀཱ་ལ་
རཱ་ཏྲཱི་ཡེ་ཕཊ། ཡ་མ་དནྜཱི་ཡེ་ཕཊ། ཀ་པཱ་ལི་ཡེ་ཕཊ། ཨ་དྷི་མུཀྟི་ཤྨ་ཤཱ་ན་བཱ་སི་ནི་ཡེ་ཕཊ།«་་་་་ཕྱིར་ཟློག་ཆུང་བ་ལས་བྱུང་བ་ཞྭ་ལུ་ལོ་ཆེན་གྱིས་ཞུ་དག་མཛད་པ་ལྟར་བྲིས། མཆོག་གྲུབ་མ་དང་མི་གཅིག་པར་སྣང་ངོ།། »ཞེས་གཟུངས་རིང་ངོ། །དེ་ནས་བཅོས་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་སོགས་ནས། ཞི་བར་འགྱུར་རོ། །ཞེས་ཕན་ཡོན་ཇི་སྐད་བཀའ་སྩལ་བ་ཐམས་ཅད་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་བར་གོང་ལྟར་འདོད་གསོལ་བརྗོད་ཅིང་རྒྱལ་མཚན་ལ་མེ་ཏོག་གཏོར། བཅོམ་ལྡན་འདས་མའི་ཡེ་ཤེས་ཀྱི་སྐུ་དེ་ཉིད་ཞུ་བ་ལས་བྱུང་བའི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱི་རྣམ་པར་གྱུར། ཅེས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་བཛྲ་ཨརྒྷཾ་སོགས་ཉེར་སྤྱོད་ཀྱིས་མཆོད། བཅོམ་ལྡན་ལྷ་མོ་གདུགས་དཀར་ཅན། །ཞལ་སྟོང་ཐུགས་རྗེའི་སྤྱན་དང་ལྡན། །ཕྱག་སྟོང་འཇིགས་པ་ཀུན་ལས་སྐྱོབ། །གཙུག་ཏོར་ལས་བྱུང་ཁྱོད་ཕྱག་འཚལ། །ཞེས་མཆོད་ཅིང་བསྟོད་ནས་རྒྱལ་མཚན་རོལ་མོ་དང་བཅས་གྲོང་དང་། ཁང་པའི་ནང་སོགས་ལ་སྐོར་རྗེས་ཁང་ཐོག་ཤར་དུ་ཁྱེར་ཏེ་གཙོ་མོ། ལེགས་ལྡན། ཡུལ་འཁོར་སྲུང་རྣམས་ལ་མཆོད་གཏོར་བཤམས་ནས་བརླབ། གཙོ་མོ་ལེགས་ལྡན་མཆེད་གསུམ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་མངོན་སུམ་དུ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ། ཨོཾ་མ་ཧཱ་ཀཱ་ལ་ཤ་རི་བྷྱོཿ མ་ཧཱ་ཀཱ་ལ་དུཥྚི་བྷྱོཿ མ་ཧཱ་ཀཱ་ལ་དུཥྚཾ་བྷྱོཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དང་། ཨོཾ་དྷྲིཥྚ་རཱཥྚ་ས་པ་རི་ཝཱ་ར་ཨི་དཾ་སོགས་ཀྱིས་ཡུལ་འཁོར་སྲུང་ལ་ཕུལ། ཐུན་མོང་དུ་ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། «དྲིལ་བུ་སུམ་རྡུང་།་་་་་»བཅོམ་ལྡན་ལྷ་མོ་གདུགས་དཀར་ཅན། །སོགས་དང་། བསྟན་པ་སྲུང་མཛད་བགེགས་དཔུང་འཇོམས། །གཞན་གྱིས་མི་ཐུབ་སྟོབས་པོ་ཆེ། །ལེགས་ཉེས་སྟངས་འཛིན་དམ་ཚིག་ཅན། །ལེགས་ལྡན་རྣམས་ལ་ཕྱག་འཚལ་ལོ། །
རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མརྒད་མདོག་མཚུངས་པི་ཝཾ་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བ། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །སོགས་དང་། ཧཱུྃ།«་་་་་འདི་ལ་དཔོན་སློབ་རྣམས་བཞེངས་ལ་རྒྱལ་མཚན་ལ་ཕྱོགས་པས་རྔ་རྡུང་དབྱངས་དང་བཅས་པ་བྱའོ།། »སྔོན་གྱི་གྲོང་ཁྱེར་སུམ་བརྩེགས་ནི། །ནག་པོ་ཆེན་པོས་འཇིག་པའི་ཚེ། །བདེ་གཤེགས་སྤྲུལ་སྐུའི་གཙུག་ཏོར་ནས། །གདུགས་དཀར་ཅན་གྱི་ལྷ་མོ་སྤྲུལ། །གཙུག་ཏོར་གདུགས་དཀར་བྱིན་རླབས་ཀྱིས། །ནག་པོ་ཆེན་པོ་དམ་ལ་བཏགས། །ནག་པོ་ཆེན་པོ་མཉེས་བྱས་ནས། །གྲོང་ཁྱེར་སུམ་བརྩེགས་བརྟན་པར་བྱས། །སུམ་བརྩེགས་པ་ཡི་མི་རྣམས་ནི། །མི་མཐུན་རྐྱེན་དང་བར་ཆད་བཟློག །ཧཱུྃ། དམ་ཅན་སྒྲུབ་མཆོག་བདག་གིས་ཀྱང་། །གཙུག་ཏོར་གདུགས་དཀར་ཅན་མ་ལ། །མཆོད་དང་གཏོར་མ་འདི་འབུལ་གྱི། །མཆོད་དང་གཏོར་མ་འདི་བཞེས་ཤིག །གྲོང་ཁྱེར་ཆེན་པོ་སུམ་བརྩེགས་བཞིན། །གྲོང་ཁྱེར་འདི་ཡང་བསྲུང་དུ་གསོལ། །སུམ་བརྩེགས་པ་ཡི་མི་བཞིན་དུ། །གྲོང་ཁྱེར་འདི་ནི་གནས་པ་ཡི། །བཞུགས་དང་མི་བཞུགས་ཐམས་ཅད་ཀྱི། །མི་མཐུན་བར་ཆད་བཟློག་ཏུ་གསོལ། །གཞན་གྱིས་བསྒྲུབ་པའི་རིག་སྔགས་ཟློག །གཞན་གྱིས་རྦད་པའི་ཕོ་ཉ་བཟློག །རྒྱལ་མཚན་འདི་ཡི་ནུས་པ་ཡིས། །ཤར་ཕྱོགས་ཆ་འདི་བསྲུང་དུ་གསོལ། །ཤར་གྱི་གདོན་ཚོགས་ཕྱིར་ཟློག་ཅིག །འབྱོར་དང་བཀྲ་ཤིས་ཚུར་སྩོལ་ཞིག །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟའི་ཚོགས་དང་བཅས་པ་ལ། །རྒྱལ་མཚན་འདི་ནི་གཉེར་དུ་འབུལ། །སྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛོད། །གྲོང་ཁྱེར་འདི་ཡི་ཤར་ཕྱོགས་སུ། །རྒྱལ་མཚན་འདི་ནི་བཙུགས་པ་ཡིས། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཕྲིན་ལས་རྣམ་བཞི་སྒྲུབ་པར་མཛོད། །ཅེས་བརྗོད་ལ་རྒྱལ་མཚན་ལྔ་ལ་སོགས་པ་ཡོད་ན་ཤར་ཕྱོགས་སུ་འཛུགས་རྒྱུའི་རྒྱལ་མཚན་དེ་ཉིད་དུ་བཙུགས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་
གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ་ས་དང་། ཆུ་དང་། མེ་དང་། རླུང་གི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཞེས་ལན་གསུམ་གྱིས་བརྟན་བཞུགས་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། དེ་ནས་ལྷོ་ལ་སོགས་པའི་ཕྱོགས་གཞན་དུ་འཛུགས་རྒྱུ་སོ་སོ་ཡོད་ན་དེ་དག་ཕྱོགས་དེ་དང་དེར་རིམ་བཞིན་ཁྱེར། གཅིག་ལས་མེད་ན་དེ་ཉིད་ཕྱོགས་སོ་སོར་ཁྱེར་ལ། གཏོར་འབུལ་ནས་བརྩམས་ཤིས་བརྗོད་ཀྱི་བར་ཤར་གྱི་དེ་གཞིར་བཞག་པ་ལ། མི་འདྲ་བའི་ཁྱད་པར་ལྷོ་ཕྱོགས་སུ། རྒྱལ་པོ་ཆེན་པོ་འཕགས་སྐྱེ་པོ་འཁོར་དང་བཅས་པ། ཨོཾ་བཻ་རཱ་བྷ་ཀ་ས་པ་རི་ཝཱ་ར། དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བ། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཆ་འདི་བསྲུང་དུ་གསོལ། །ལྷོ་ཡི་གདོན་ཚོགས་ཕྱིར་ཟློག་ཅིག །འབྱོར་དང་བཀྲ་ཤིས་ཚུལ་སྩོལ་ཞིག །ལྷོ་ཕྱོགས་རྒྱལ་པོའི་འཕགས་སྐྱེས་པོ། །གྲུལ་བུམ་ཚོགས་དང་བཅས་པ་ལ། །དང་། གྲོང་ཁྱེར་འདི་ཡི་ལྷོ་ཕྱོགས་སུ། །སོགས། ནུབ་ཏུ། མིག་མི་བཟང་། བཻ་རཱུ་པཱཀྵ། མངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བ། །སྤྱན་མི་བཟང་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས། ནུབ་ཀྱི། ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །ཀླུ་ཡི་ཚོགས༴ གྲོང་ཁྱེར་འདི་ཡི་ནུབ་ཕྱོགས་སུ། །སོགས། བྱང་དུ། རྣམ་ཐོས་སྲས། བཻ་ཤྲ་བ་ཎ། སྡེ་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཆ། བྱང་གི་གདོན། བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་ཚོགས་དང་བཅས༴ གྲོང་ཁྱེར་འདི་ཡི་བྱང་
ཕྱོགས་སུ། །སོགས་མ་ནོར་བར་སྦྱར། དེ་ནས་མཐར་རྒྱལ་མཚན་དེ་ཉིད་སྔར་གྱི་འཛུགས་ས་རྙིང་པ་ཡོད་ན་དེ་ཉིད་དུ་བཙུགས། ཤར་དུ་འཁོར་ལོའི་ཤར་གྱི་རྩིབས་ཤར་ཕྱོགས་སུ་བསྟན་པ་སོགས་འགྲེ། ཏོག་ལ་སྐུ་དངོས་ཡོད་ན་ཕུགས་སུ་ཞལ་བསྟན་ནོ། །མེད་ན་སྒོ་ཁང་སྟེང་དུ་ལེགས་པར་བཙུགས། རླུང་སོགས་ཀྱི་མི་བསྒུལ་བར་བརྟན་པར་བྱས། དེ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བདེ་ཆེན་དབང་ཕྱུག་མཆོག་གི་གཙོ། །ཞལ་གསུམ་རྩ་ཞལ་ཀུནྡའི་མདོག །གཡས་སྔོ་གཡོན་དམར་ཁྲོ་ཞིང་འཛུམ། །གདུགས་དཀར་ཅན་ལ་ཕྱག་འཚལ་ལོ། །གདུགས་དཀར་རྡོ་རྗེ་མདའ་དང་ནི། །དགྲ་སྟྭ་གཡས་ཀྱི་ཕྱག་གིས་འཛིན། །རྒྱལ་མཚན་འཁོར་ལོ་གཞུ་ཞགས་པ། །གཡོན་པས་བསྣམས་ལ་ཕྱག་འཚལ་ལོ། །སྐུ་མདོག་གངས་ཀྱི་རི་ལྟར་དཀར། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ། །གཙུག་ཏོར་ལས་བྱུང་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད། དེ་ནས་སྦྱིན་བདག་དང་བཅས་པས་ལག་ཏུ་མེ་ཏོག་ཐོགས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བདག་ལ་དགོངས་སུ་གསོལ། བདག་གིས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་རྒྱུད་ལས་བྱུང་བ་བཞིན་དུ་རྒྱལ་མཚན་བཞེངས་སུ་གསོལ། མཆོད་པའི་ཚོགས་ཅི་འབྱོར་པ་བཤམས་ནས་འཕགས་པའི་ཚོགས་སྤྱན་དྲངས་ཤིང་མཆོད་བསྟོད་གཏོར་མ་ཕུལ་ཏེ་གསོལ་བ་བཏབ་པ་དང་། གཟུངས་སྔགས་བཟླས་ཤིང་འབྱུང་པོ་རྣམས་གཏོར་མས་ཚིམ་པར་བྱས་པའི་མཐུས། སྦྱིན་པའི་བདག་པོ་ལ་སོགས་པ་ཐམས་ཅད་ཀྱི་ནད་དང་། གདོན་དང་། རིམས་དང་། དགྲ་
དང་། བགེགས་དང་། དུས་མ་ཡིན་པར་འཆི་བ་དང་། ཕ་རོལ་གྱི་དམག་ཚོགས་ལ་སོགས་པ་འགལ་རྐྱེན་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་སྔོན་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སྒོ་ནས་ལྷ་གནས་སུམ་ཅུ་རྩ་གསུམ་གྱི་ཆོས་བཟང་ལྷའི་འདུན་ས་རུ་དཔལ་གྱི་མགུར་ནས་འདི་སྐད་དུ། མི་ནད་དང་། ཕྱུགས་ནད་དང་། ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུགས་པ་ཐམས་ཅད་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་གྲོ་ཆེར་མཆོད་པ་ཆེན་པོ་བྱས་ལ་གྲོང་ཁྱེར་རམ། གྲོང་ངམ། གྲོང་བརྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །འཕགས་མ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་རིམ་གྲོ་ཆེར་བྱས་ཏེ་བཙུགས་ན་བཙུགས་མ་ཐག་ཏུ་གཡུལ་ཞི་བར་བྱས་པར་འགྱུར་རོ། །ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཞི་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པའི་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་སྦྱིན་པའི་བདག་པོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་གྱུར་ཅིག གཞན་ཡང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཇི་སྐད་བཀའ་སྩལ་པ་བཞིན་བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། གཟུངས་ལས་གསུངས་པའི་ཕན་ཡོན་རྣམས། །སྦྱིན་བདག་དང་ནི་འགྲོ་ཀུན་ལ། །དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་ལ་རྒྱལ་མཚན་ལ་མེ་ཏོག་གཏོར། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལ། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་
ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གི་འབྱོར་པ་འདི་ཉིད་ཀྱི། །ཅི་འབྱོར་བ་ཡིས་མཆོད་པ་དང་། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སྦྱིན་བདག་བཅས་པ་ལ། །རྗེས་སུ་བརྩེ་བར་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་བརླབ་ཅིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཕྱོགས་བཅུ་ན་བཞུགས་པའི་ནས། བརྟན་པར་བཞུགས་སུ་གསོལ། བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་བ་འཁོར་བཅས་དེང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་གྲོ་ཟླ་ལྟར་འོད་གསལ་ཞིང་། །བསྟན་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ཡིག་བརྒྱ་བདུན་བརྗོད། མགོན་པོ་སྐལ་བ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེས་ནི་འགྲོ་དོན་ཀུན་ཏུ་མཛོད། །ཅེས་བརྟན་བཞུགས་ཀྱི་ཚིག་དང་། བཀྲ་ཤིས་རྒྱས་པར་བརྗོད་པར་བྱའོ། །སྒྲུབ་མཆོད་དང་འབྲེལ་བ་ལ་ནི། ཐོག་མར་འཁོར་ལོ་སོགས་བཅའ་གཞི་ལེགས་པར་བསྒྲིགས་ནས། འཁོར་ལོ་ལ་རབ་གནས་མདོར་བསྡུས་དགོས་པས་བདག་བསྐྱེད་གང་རུང་དང་ཁྲུས་བུམ་བསྒྲུབ། སྦྱོང་ཁྲུས་སྔོན་འགྲོས་འོད་དཔག་མེད་ཀྱི་རིགས་སུ་བསྐྱེད་པ་སོགས་སྤྱི་ལྟར། དེ་ནས་རྒྱལ་མཚན་གྱི་གཟུངས་གཞུག་ཚགས་སུ་ཚུད་རྗེས་རྒྱལ་མཚན་ལ་རབ་གནས་ཤིག་དགོས་པས། བདག་བསྐྱེད་གང་རིགས་སྔོན་འགྲོའི་སྦྱོང་ཁྲུས། རྒྱལ་མཚན་འཁོར་ལོ་དང་བཅས་པ་འོད་དཔག་མེད་པར་བསྐྱེད་པ་སོགས་རབ་གནས་མདོར་བསྡུས་བརྟན་བཞུགས་ཤིས་བརྗོད་བར་མཐར་དབྱུང་། དེ་ནས་
རྒྱལ་མཚན་སྒྲུབ་རྒྱུར་དཔོན་སློབ་ལྔ་ལས་མི་ཉུང་བས་ཉིན་བདུན་ནམ་ལྔར་གདུགས་དཀར་ཉེར་བདུན་སྒྲུབ་མཆོད་དང་འབྲེལ་བར་བྱ་དགོས་པས། ཉིན་དང་པོ་ལ་རས་བྲིས་སྒྲུབ་མཆོད་སྟ་གོན། ཉིན་གཉིས་པ་ལ། སྒྲུབ་མཆོད་དངོས་གཞི་བདག་བསྐྱེད་མདུན་བསྐྱེད་ཚར་མཚམས། རྒྱལ་མཚན་མདུན་བསྐྱེད་ལྟར་བསྐྱེད་ཅིང་མཆོད་བསྟོད་བར། དེ་མཚམས་མདུན་བསྐྱེད་བརྟེན་བྱེད་ཚུལ་དུ་སྔགས་ཡོངས་རྫོགས་ཚར་གསུམ་ཙམ་དང་། གཟུངས་དངོས་རྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླ། རྟེན་སྙིང་དེ་མཚུངས། འདི་སྐབས་གཟུངས་ཐག་གཟུང་རྒྱུ་དང་། མཇུག་ཏུ་རྟེན་སྙིང་བཟླས་པའི་མེ་ཏོག་འཐོར། རོལ་མོ་བྱ། མཇུག་ཏུ་ཕྲིན་བཅོལ་གཞུང་གསལ་ལྟར། དེ་ནས་བདག་འཇུག་དང་སྒྲུབ་མཆོད་མཐར་དབྱུང་བའི་གཏོང་རག་བརྟན་བཞུགས་སྐབས། རས་བྲིས་བརྟན་བཞུགས་དཀྱུས་ལྟར་རྗེས། རྒྱལ་མཚན་ལ་བརྟན་བཞུགས་ནན་ཏན་བྱ། ཉིན་གསུམ་པ་མན་ཆད་ལ། རྒྱལ་མཚན་བསྐྱེད་ཆོག་ཟུར་དུ་མ་གྲུབ་ན་མདུན་བསྐྱེད་རས་བྲིས་དང་ལྷན་ཅིག་བསྐྱེད་ཀྱང་ཆོག དེ་ལྟར་སྒྲུབ་མཆོད་ཚར་དུས་སྙེ་མདོ་པའི་ཡིག་ཆ་གཞིར་བཞག་གི་རྒྱལ་མཚན་འཛུགས་ཆོག་བྱེད། འདི་ལ་རྒྱལ་མཚན་དགུའམ་ལྔ་ཡོད་དངོས་རྒྱུ་དང་། ཅིས་ཀྱང་མ་འཛོམ་ན་རྒྱལ་མཚན་གཅིག་ཕྱོགས་བཞིར་ཁྱེར་རྒྱུ་མཛད་འདུག་ཀྱང་། མི་ལྕོགས་པའམ་ཁུར་ཐབས་མེད་ན་ཕྱོགས་བཞིར་རས་ཀྱི་རྒྱལ་མཚན་བཞི་མེད་ཐབས་མེད། དེ་ལའང་གཟུངས་གཞུག་བསྡུས་པ་ཙམ་དང་། ལྷག་པར་གདུགས་དཀར་འཁོར་ལོ་ཆ་གསུམ་ལྔ་རེ་ཙམ་བཞག་དགོས། དེའང་རབ་གནས་དགོས་སྟབས་དང་པོ་ནས་གཟུངས་གཞུག་སོགས་ཚགས་སུ་ཚུད་པར་བྱས་ཏེ་རྒྱལ་མཚན་ཆེན་མོའི་ཕྱོགས་བཞིར་བཙུགས། རབ་གནས་དང་རྒྱལ་མཚན་སྒྲུབ་པ་སོགས་མཉམ་དུ་བྱེད་དགོས་པས་དེ་ལུགས་ཀྱི་བཅའ་གཞི་ལེགས་འགྲིགས་གལ་ཆེ། དེ་ནས་གདུགས་དཀར་རྒྱལ་མཚན་འཛུགས་ཚར་འཕྲལ། རྒྱལ་མཚན་རྩེ་མོའི་རིག་པ་བཞུགས་པའི་ཆོ་ག་ཟུར་གསལ་
ལྟར། དེ་ནས་རབ་གནས་དངོས་གཞིའི་སྔོན་དུ་དྲི་མེད་རྣམ་གཉིས་བྱེད་ན། ཉིན་དང་པོ་ལ་གཙུག་ཏོར་དྲི་མེད་ཆོ་ག་གཞུང་གསལ་ལྟར། ཉིན་གཉིས་པ་ལ་འོད་དྲི་ཆོ་ག་གཞུང་གསལ་ལྟར། ཉིན་གསུམ་པ་མན་རབ་གནས་ཆོ་ག་རྒྱས་བསྡུས་གང་རིགས་བྱས་པས་འགྲུབ། འདི་སྐབས་སྤྱིར་བསྐྱེད་ཆོག་གཞུང་གསལ་ལྟར་ལས་བསྣོན་འཕྲི་མེད་ཀྱང་། རྒྱལ་མཚན་ནི་ཡོན་ཏན་གྱི་རྟེན་རེད་པས་རིན་འབྱུང་གི་རིགས་སུ་བསྐྱེད་དགོས་པ་ལགས། ཞེས་རྗེ་བླ་མའི་ཟིན་བྲིས་ལས་སོ། །དེ་ནས་བསྒྲུབ་བྱ་སྲུང་བའི་འཁོར་ལོ་ལ། དེ་ཉིད་དམིགས་བསལ་བྱེད་པར་སྤྲོ་ན། ཐོག་མར་བྲི་ཚུལ་ཡང་དབུས་ཀྱི་པདྨ་འདབ་བརྒྱད་དོར་བ་སོགས་གཞུང་གསལ་ལྟར་དང་། སྒྲུབ་སྐབས་བསྐྱེད་ཆོག་ཀྱང་དེ་དང་མཐུན་པར། སྟོང་པའི་ངང་ལས་མེ་ཕུང་དང་རྡོ་རྗེའི་རྭ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཆུད་པའི་མུ་ཁྱུད་ཉིས་རིམ། དེའི་ནང་དུ་འཁོར་ལོ་རྩིབས་བརྒྱད་ཉིས་རིམ། དེའི་ལྟེ་བར་ཨོཾ་ཡོངས་སུ་གྱུར་པ་ལས་སོགས་ཁ་བསྒྱུར་ཤེས་པར་བྱས་ལ་ཚུལ་བཞིན་བསྒྲུབ། དེ་ནས་ཡུལ་ཁམས་སྲུང་བ་དང་གཞི་མཐུན་ཅན་གྱི་འཁོར་ལོའམ། འདི་ཉིད་སྒེར་གྱི་སྲུང་འཁོར་གང་ཡིན་ཀྱང་འདོགས་པའི་ཚུལ་ནི། བསྒྲུབ་བྱ་མདུན་དུ་འཁོད་པ་ལ་སྦྱོང་ཁྲུས་སྔོན་དུ་འགྲོ་བས། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་མ་གཙུག་ཏོར་དཀར་མོ་ཅན་གྱི་ལྷ་ཚོགས་ཀྱི་སྤྱན་སྔར་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པའི་སླད་དུ་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་ཕྱག་འཚལ་བའི་རྗེས་ཟློས་མཛོད། ཇི་སྙེད་སུ་དག་སོགས། བདེ་གཤེགས་གཙུག་ཏོར་སོགས། ཕྱག་བྱར་འོས་པ་སོགས། དེ་ནས་སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར་སྐྱབས་འགྲོའི་སྡོམ་པ་ལེན་སྙམ་པས་འདིའི་རྗེས་ཟློས་མཛོད། བྱང་ཆུབ་སྙིང་པོར་སོགས་ལན་གསུམ་གྱིས་ཕོག་ལ། བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དུས་ཐམས་ཅད་དུ་གསོལ་བ་ཐོབ་ཅིག་ཅེས་བསྒོས་ལ།
དེ་དང་སློབ་དཔོན་ལྷན་ཅིག་པས་བྱིན་གྱིས་བརླབ་པར་བསམས་ལ་སྔགས་ཀྱིས་བཏབ་པའི་ཡུངས་ཀར་གྱི་ཐུམ་པོ་དང་བཅས་དཀར་པོའམ་ཡོན་བདག་གི་ཁམས་མཐུན་གྱི་དར་གྱིས་དྲིལ་ཏེ་བཏགས་ནས་ཨོཾ་ཨ་ན་ལེ་སོགས་དང་། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་ལེགས་ལྡན་མཆེད་གསུམ། དེ་བཞིན་གཤེགས་པའི་གདུང་ལ་སོགས་པའི་གདུང་བདུན་དང་། སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་བཅུ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པ་དང་བཅས་པ་རྣམས་ཀྱིས་བསྒྲུབ་བྱ་འདིའི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབ་ཏུ་གསོལ། སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བ་དང་སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། བསམ་པ་དང་སྦྱོར་བ་ངན་པར་བྱེད་པའི་གདོན་བགེགས་ཐམས་ཅད་ལས་བསྲུང་བ་དང་། ཁྱད་པར་དུ་གཞན་གྱི་རིག་སྔགས་ཀྱིས་བྱས་པའི་བྱད་ཀ་རྦོད་གཏོང་མནན་གཏད་གཟེར་གསུམ་ལ་སོགས་པ་ཐམས་ཅད་ལས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྲིན་ལས་དམ་པ་མཛད་དུ་གསོལ། འདི་ཉིད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་འགྲུབ་པར་མཛད་དུ་གསོལ། ཞེས་བཀའ་བསྒོས་པས་སྲུང་འཁོར་གནམ་ལྕགས་རྡོ་རྗེའི་གུར་ཁང་དུ་ཁྱེད་རང་རྣམས་ཚུད་པ་ལ་བརྟེན་ནས། ཕྱིན་ཆད་བདུད་དང་ལོག་འདྲེན་གང་གིས་ཀྱང་གླགས་མི་རྙེད་པར་གྱུར་པའི་མོས་པ་མཛོད། ཅེས་བྱས་ལ། རྒྱལ་བ་སྲས་བཅས་སོགས་ལ། བཅོམ་ལྡན་གདུགས་དཀར་ཅན་གྱི་ནུས་མཐུ་ཡིས། །ཞེས་ཁ་བསྒྱུར་བའི་བདེན་ཚིག་དང་། བཀྲ་ཤིས་བརྗོད་པར་བྱའོ། །གལ་ཏེ་དབང་དང་འབྲེལ་ན་ཕུན་སུམ་ཚོགས་པར་འགྱུར་
ལ། རྗེས་གནང་དང་འབྲེལ་བར་བྱེད་ནའང་རུང་བས། རྗེས་གནང་གི་དངོས་གཞི་གྲུབ་འཕྲལ་སྦྱོང་ཁྲུས་སོགས་ཇི་སྐད་བཤད་པ་ལྟར་བྱས་ལ་གདགས། དེ་བཞིན་དུ་བྱད་འགྲོལ་སོགས་དང་སྦྲེལ་ཚུལ་ཀྱང་རིགས་པའི་འཕྲུལ་ཤེས་པར་བྱ་སྟེ་ཡིག་ཆར་གསལ་བ་ལྟར་རོ། །དེ་ལྟར་བཏགས་པའི་ཕན་ཡོན་ནི་མཚོན་དང་མེ་ལ་སོགས་པའི་གནོད་པས་མི་ཚུགས་པ་ལ་སོགས་པ་གཞུང་ནས་གསུངས་པ་ཐམས་ཅད་འབྱུང་བ་ནི་ངེས་པའོ། །འཁོར་ལོ་བྲི་ཚུལ་ཅུང་ཟད་མཐུན་མིན་བྱུང་བ་ནི་ལུགས་སོ་སོར་ཤེས་པར་བྱའི་མཐའ་གཅིག་ཏུ་འཛིན་མི་དགོས་སོ། །གཙུག་ཏོར་ལས་འཁྲུངས་བཅོམ་ལྡན་འདས་མ་ཡི། །མེ་རི་འབར་བ་འཁོར་ལོའི་གུར་ཁང་དང་། །གཡུལ་ལས་རྒྱལ་བྱེད་རྒྱལ་མཚན་བསྒྲེང་བའི་ཚུལ། །བྲིས་དགེས་བདུད་བཞི་འཇོམས་པའི་སྟོབས་ལྡན་ཤོག །ཅེས་པ་འདིའང་ཀུན་གཟིགས་རྗེ་བླ་མ་དེ་ཉིད་ཀྱི་གསུང་བཀོད་ལྟར་སྔགས་འཆང་ཤཱཀྱ་དཔལ་བའི་འཁོར་ལོའི་བྲི་ཐབས་དང་། རྗེ་བླ་མས་རྒྱ་གཞུང་གི་འཁོར་ལོའི་མན་ངག་ལ་གསལ་བ་མཛད་པའི་རྡོ་རྗེའི་གསུང་གི་ཞབས་ཏོག་ཏུ་རབ་གནས་ཀྱི་གསལ་བྱེད་དང་། རྒྱལ་མཚན་འཛུགས་པའི་འདོན་འགྲིགས་ཅུང་ཟད་བཅས་བློ་གཏེར་དབང་པོས་བྲིས་པ་དགེ་ལེགས་འཕེལ།། །།
ས་སྙིང་དང་བརྟན་མ་སྦྲགས་སྒྲུབ་ཀྱི་བུམ་གཏེར་སྒྲུབ་ཚུལ་ཕན་བདེའི་ཡང་སྙིང་།
ས་སྙིང་དང་བརྟན་མ་སྦྲགས་སྒྲུབ་ཀྱི་བུམ་གཏེར་སྒྲུབ་ཚུལ་ཕན་བདེའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། བྱང་ཆུབ་སེམས་ཀྱི་ནོར་བུ་ཡིས། །ཕན་བདེའི་འདོད་རྒུ་སྩོལ་མཛད་པའི། །བླ་མ་མཆོག་དང་ལྷག་པའི་ལྷར། །བཏུད་ནས་གཏེར་བུམ་སྒྲུབ་ཐབས་བཤད། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། བུམ་པ་ཡུལ་གྱི་བྲེ་གང་ཤོང་བ་ལས་མི་ཆུང་བ་སྤྱིན་མེད་པའི་བག་ཕྱེ་སོགས་ཀྱི་དམ་དང་བཅས་དཀར་རྩིས་བྱུག མདུན་རྟགས་སུ་ཀྵིཾ་དཀར་པོ་བྲི། ཐིལ་དུ་གནས་རྟེན་བྱིན་ཅན་དང་ས་དབལ་ཅན་གྱི་ས་སྣ་ཆུ་སྣ་དགྲམ། དབུས་སུ་དྲི་བཟང་པོའི་སྲོག་ཤིང་རྩྭ་རྩེ་མ་ནོར་བ་བརྟན་པར་བཙུགས་པ་ལ་གཟུངས་ཀྱི་ཤོག་དྲིལ་དཀྲི་ཞིང་ན་བཟའ་གསོལ། སྐུ་ཡོད་ནའང་ན་བཟའ་དང་བཅས་ཏེ་གཞུག སྒྲུབ་ཆེན་བྱས་པའི་སྒྲུབ་གཏོར། མ་ཎི་རིལ་བུ། བྱ་རྒྱུད་ལུགས་ཀྱི་བུམ་རྫས་ཉེར་ལྔ། སྙིང་ཞོ་ཤ་དང་མཁལ་མ་ཞོ་ཤ་སོགས་ཞོ་ཤའི་རིགས། ཀླུ་ས་བདག་ལ་གནོད་པའི་གླ་རྩི་དུག་རིགས་མ་འདྲེས་པའི་སྨན་སྣ། ལྕགས་དང་ར་གན་མུ་ཟི་ལ་སོགས་མ་འདྲེས་པའི་རིན་པོ་ཆེའི་རིགས། འབྲུ་ནག་མ་གཏོགས་པའི་འབྲུ་སྣ། ཤིང་ཏོག ཤ་ཆང་མ་གཏོགས་པའི་དཀར་མངར་དང་ཁུར་བ་སོགས་ཟས་སྣ་གཙང་མ། ཤུག་པ་སོགས་བཟང་ཤིང་གི་ཕྱེ་མ་དང་བཅས་པས་ཕྱུར་བུར་དགང་། ཁ་འཇིམ་པས་བཅད་ཅིང་རས་
དཀར་པོ་ལ་རིགས་ལྔའི་ཕྱག་མཚན་བྲིས་པས་གཡོགས། མགྲིན་པ་དམ་པར་བཅིང་། གཟུངས་གཞུག་ཤོག་དྲིལ་ལ་བྲི་རྒྱུ། གཞུང་གི་བཟླས་སྔགས་རྣམས་དང་། ནཱ་ག་ཕུཿ ཏ་ལ་མ་ཐ་སྙན་ལ་ཐ། མི་འཛད་ཡུན་གྱི་གཏེར་མཛོད་ཅིག །ཅེས་དང་། དབྱངས་གསལ་རྟེན་སྙིང་། འབད་དང་རྩོལ་བས་མ་གོས་པ། །ཞེས་སོགས་བཀྲ་ཤིས་དང་། སུ་པྲ་ཏིཥྛས་མཐའ་བརྒྱན་པ་བྲིའོ། །དེ་ལྟར་ལེགས་པར་བཅས་གྲུབ་ནས་གཞི་གཙང་མའི་སྟེང་དུ་འབྲུ་དཀར་ཅུང་ཟད་བཀྲམ་པའི་དབུས་སུ་བུམ་པ་དུ་ཡོད་བཞག ཐམས་ཅད་འཁོར་བའི་གཟུངས་ཐག་སེར་པོ་གདགས། དེའི་མདུན་དུ་ཟླུམ་གཏོར་དཀར་པོ་གཉིས་དང་། མཆོད་པ་བཤམ། སློབ་དཔོན་གྱི་མདུན་དུ་ལས་བུམ། རྡོར་དྲིལ། འཐོར་ནས། གྲོགས་གཞན་ཡོད་ན་རྔ་རོལ་དུང་དཀར་སོགས་བཤམ། གཉིས་པ་ནི། ཁྲུས་དང་གཙང་སྦྲ་ལྡན་པར་བྱས་ལ། མཆོད་པ་རྣམས་ཨ་མྲྀ་ཏེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་
དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱཱ། ཤབྡ་ཨཱཿཧཱུྃ་གི་བར་སྦྱར་བས་བརླབས་ནས། དྷརྨཱ་ར་ཎི་ཏ་སོགས་རོལ་ཆེན་བྱ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ཤེལ་གོང་དག་པ་ལྟ་བུར་གྱུར། འོད་ཟེར་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་རྗེ་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་བྷཊྚཱ་ར་ཀ་སིཾ་ཏ་ནཱ་དེ་བྷྱཿ ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ ཨོཾ་བྷཊྚཱ་ར་ཀ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་བི་དྱཾ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་པའི་བར་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་སོགས་ནས། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨ་ལས་སེང་གེ་དཀར་པོ་མགོ་བོ་གཡས་སུ་བསྟན་ཅིང་གདོང་གྱེན་དུ་ཕྱོགས་པ་རལ་པ་དམར་པོ་ཐུར་ལ་འཕྱང་ཞིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་རིང་ཆ་ཚེགས་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སེང་གེ་སྒྲའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་པ།
གཡོན་སྐུ་རྒྱབ་ཏུ་གདན་ལ་བརྟེན་པ། རལ་པའི་ཐོར་ཅོག་བཅིངས་ཤིང་སྤྱན་གསུམ་དང་ལྡན་པ། གཡས་ལོགས་སུ་སྐུ་ལ་ཅུང་ཟད་མ་རེག་པའི་ཏྲི་ཤཱུ་ལ་ལྗང་གུ་གྱེན་དུ་བསྒྲེངས་པ་ལ་སྦྲུལ་དཀར་པོ་དཀྲིས་པ། གཡོན་ལོགས་སུ་པདྨ་དཀར་པོའི་སྟེང་ན་རལ་གྲི་མེ་འབར་བ་དང་། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་བཀང་བའི་ཐོད་པ་དཀར་པོ་ཅན། ཀྲིཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། དར་དམར་པོའི་ཤམ་ཐབས་ཅན། ཚངས་སྐུད་མ་གཏོགས་པ་རྒྱན་གཞན་ཐམས་ཅད་སྤངས་པ། དཀའ་ཐུབ་ཀྱི་ཆ་ལུགས་ཅན། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ནང་དུ་ཟླ་བ་ལ་ཧྲཱི་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྗེ་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ གོང་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་སྔར་ལྟར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་པའི་དབུར་བརྒྱན། དེ་ཉིད་ཀྱི་ཚེ། རིགས་ལྔའི་འོད་ཟེར་འཕྲོ་བའང་གྲུབ་སྟེ། དབུའི་སྟེང་དུ་རྣམ་པར་སྣང་མཛད། དཔུང་པ་གཡས་པར་མི་བསྐྱོད་པ། གཡོན་པར་འོད་དཔག་མེད། དཀུ་གཡས་པར་རིན་ཆེན་འབྱུང་ལྡན། གཡོན་པར་དོན་ཡོད་གྲུབ་པ་རྣམས་བཞུགས་པར་གྱུར། དེ་ནས་ལྷའི་སྐུ་སྣང་ལ་རང་
བཞིན་མེད་པ་ལ་སེམས་གཏད་ལ། ཐུགས་ཀའི་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་བསྐོར་བ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གནོད་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཅེས་ཅི་མང་དང་ཐུན་གཤམ་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐ། ཨོཾ་ཨཱ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊེ་ཀ་ཊེ། ཀ་རོ་ཊ། བཱིརྻེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་དུ་བྱོན་པར་བསམས་ལ། དེ་ལ་ཚོགས་ཞིང་གི་སྐབས་ལྟར་མཆོད། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་མཐར། ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། རང་ཉིད་དམ་ཚིག་པའི་ང་རྒྱལ་གྱིས་གནས་པས། ལས་བུམ་རྒྱས་བསྡུས་གང་རིགས་ཀྱིས་བསྒྲུབ་པའམ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་ཟླ་བ་ལ་སྔགས་ཀྱི་ཕྲེང་བས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ཅིང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་མཐར། སྔགས་
ཕྲེང་གདན་དང་བཅས་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམ། ཡང་ན་བསང་ཆུ། ཨ་མྲྀ་ཏའི་སྔགས་ཀྱིས་བརླབ། གཏེར་བུམ་རྣམས་ལ་སྤྲོ་ན་སྦྱོང་ཁྲུས་རྒྱས་པར་བྱ། དེ་ཙམ་མི་ནུས་ན། རང་གི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་གྱུར་པའི་མོས་པ་ལས་སྔགས་དང་སུམ་བྷ་བརྗོད་ཅིང་། གུ་གུལ་གྱིས་བདུགས། ཡུངས་ཀར་གྱིས་བྲབ། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པའི་ཁྲུས་གསོལ་མདོར་བསྡུས་དང་། དེ་དག་སྐུ་ལ་སོགས་སྐུ་ཕྱི་བ་རྣམས་བྱ་ཞིང་། བཀྲ་ཤིས་ཀྱི་ཚིགས་བཅད་དང་མེ་ཏོག་འཐོར། དེ་ནས་མདུན་རྟེན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང་། སྟོང་པའི་ངང་ལས་འབྱུང་བ་བཞི་རིམ་བརྩེགས་ཀྱི་སྟེང་བུམཾ་པཾའི་གྲངཾས་དངཾ་མཉམཾ་པའཾི་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པ་ཅན་རྣམཾས་ཀྱི་ནང་རིན་པོ་ཆེ་དང་།«་་་་་བུམ་པ་གཅིག་ལས་མེད་ན། བུམ་པའི་གྲངས་དང་མཉམ་པའི་ཞེས་པ་དང་། འོག་གི་རྣམས་ཞེས་པ་དོར། མཆན། »འབྲུ་བཅུད་ཟས་ནོར་སོགས་ཀྱིས་ཡོངས་སུ་གང་བར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྦྱར་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྙིང་ཁར་བཞག་ལ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཡོ་བྱད་མ་དགཾ་པ་རྣམས་སྦྱངས་ཏཾེ་སྐྱོན་ཐམས་ཅད་དང་བྲལ་བར་གྱུར། ཅེས་བརྗོད་ཅིང་བསམ། དེ་བཞིན་དུ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་དཔྲལ་བར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། མགྲོན་རྣམས་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་ཀྱིས་ནམ་མཁའི་ཁམས་ཁྱབ་པར་གྱུར། བདུད་རྩི་འཁྱིལ་
པའི་སྔགས་རྒྱས་བསྒྱུར་བ་ནི། ཐལ་མོ་སྦྱར་བའི་ཁ་གྱེན་དུ་ཕྱེ་སྟེ་མཐེ་བོང་བསྣོལ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རྫས་རྣམས་མགྲོན་སོ་སོའི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་སྤྱོད་པར་དབང་བ་ནི། གཡས་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང་། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་མཐའ་ཡས་པ་དང་། སེམས་ཅན་རྣམས་ཀྱི་དབང་པོ་ལྔའི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་གྱུར། ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱ་བ་ནི། གཡས་ཁུ་ཚུར་བཅངས་པ་སྙིང་ཁར་བཞག གཡོན་མཐེ་བོང་ལག་པའི་མཐིལ་དུ་བཞག་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཛྙ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛ་ལཱ་ནི་སྭཱ་ཧཱ། ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པ་འཕགས་པ་རྣམས་ལ་ཕུལ་བས་མཉེས་ཤིང་སེམས་ཅན་རྣམས་ཡོ་བྱད་རྒྱལ་ཕམ་དང་རྩོད་པ་མེད་པར་སོ་སོའི་མོས་པ་བཞིན་ཐོབ་པར་གྱུར། དབང་སྒྱུར་འཁོར་ལོའམ་ལྷ་མགོན་སྤྱིའི་ཕྱག་རྒྱས་དབང་བསྒྱུར་བ་ནི། སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་ལ། ན་མསྶམནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་པཉྩ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་ཐམས་ཅད་ཀྱང་དམ་ཚིག་གི་དབང་གིས་བདག་ལ་འགོ་ཞིང་ཕན་པ་དང་བདེ་བའི་ཕྲིན་ལས་འབའ་ཞིག་བསྒྲུབ་པར་གྱུར། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྐོར་ཞིང་སྔགས་རྣམས་ལན་གསུམ་ལ་སོགས་པ་བརྗོད་པས། བུམ་པའི་ནང་གི་འབྲུ་སྨན་རིན་པོ་ཆེ་སོགས་ལྷ་སོ་སོའི་ཐུགས་དང་མཐུན་པའི་ཡོ་བྱད་ཟད་མི་ཤེས་པའི་གཏེར་དང་། ལོངས་སྤྱོད་དང་བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ནས། སྐུ་དང་སྔགས་བྱང་སོགས་ལྷར་བསྐྱེད་པ་ནི། དེ་ལྟ་བུའི་བུམ་པ་རྣམས་ཀྱི་སྟོད་ཀྱི་ཆར་དབུས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཀྵིཾ་ཡིག་དཀར་
པོ་གསལ་ཞིང་སྣུམ་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སྣོད་བཅུད་ཀྱི་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛད་པའི་བྱང་ཆུབ་སེམས་དཔའ་འཕགས་པ་སའི་སྙིང་པོ་སྐུ་མདོག་དཀར་ལ་འོད་ཟེར་འཕྲོ་བ། ཞལ་གཅིག་ཞི་བའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱི་གཡས་རིན་པོ་ཆེའི་མྱུ་གུ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། འགྱིང་བ་དང་བཅས་པའི་ཞབས་ཕྱེད་སྐྱིལ་ཀྱིས་བཞུགས་པ། དེའི་མདུན་དུ་སའི་ལྷ་མོ་བརྟན་མ་སྐུ་མདོག་གསེར་གྱི་མདངས་ཅན། ཞལ་གཅིག་ཕྱག་གཉིས་མ། ཞལ་འཛུམ་ཞིང་སྒེག་པ། ཕྱག་གཉིས་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུ་དང་བུམ་པ་སྟེང་འོག་དུ་འཛིན་ཅིང་། སྐུ་སྟོད་ས་ནས་ཐོན་པ། རྒྱབ་ཏུ་ས་བདག་དབང་ཆེན་སྐུ་མདོག་གསེར་ལྟར་སེར་བ། ཞལ་གཅིག་པ་ལ་སྟག་སྤྲེལ་ཕག་སྦྲུལ་ཏེ་རབ་བཞིའི་གདེངས་ཀས་བརྗིད་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཐལ་མོ་སྦྱར་བ། གཡས་འོག་མས་དཔག་བསམ་གྱི་ལྗོན་ཤིང་དང་། གཡོན་འོག་མས་རི་རབ་ལྷུན་པོ་འཛིན་པ། སྐུ་སྨད་སྦྲུལ་མཇུག་འཁྱིལ་ཞིང་རུ་སྦལ་གྱི་སྟེང་ན་བརྟན་པར་བཞུགས་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་ཡིད་དུ་འོང་བས་སྤྲས་པ། དེའི་གཡས་གཡོན་དུ་ལྷ་ཀླུ་གཞི་བདག་ཕོ་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། སྒོ་བཞིར་ཤར་དུ་སྟག་སྐྱ་བོ་དང་། ལྷོར་གཡུ་འབྲུག་སྔོན་མོ། ནུབ་ཏུ་བྱ་དམར་པོ། བྱང་དུ་རུ་སྦལ་རྒྱ་བོ་སྟེ་སྲུང་བཞི། ཕྱི་ནང་གི་བར་མཚམས་ཐམས་ཅད་དུ་བཀྲ་ཤིས་པའི་རྫས་བརྒྱད། རྟགས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་སོགས་འདོད་པའི་ཡོན་ཏན་སྣ་ཚོགས་པ་དང་། ལྷ་ཀླུ་མིའི་ལོངས་སྤྱོད་ཟད་མི་ཤེས་པས་བསྐོར་བ་རྒྱ་ཆེ་ལ་རྒྱུན་མི་ཆད་པའི་གཏེར་དུ་གྱུར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་ས་འོག་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་
གཙོ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཧོཿ གསོན་ཅིག་དགོངས་ཤིག་མངོན་ཤེས་ཅན། །ཡེ་ཤེས་སྤྱན་དང་ལྡན་པ་པོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །སའི་སྙིང་པོ་དགོངས་སུ་གསོལ། །བྱང་ཆུབ་སེམས་མ་སེམས་མ་ཆེ། །ལྷ་མོ་བརྟན་མ་དགོངས་སུ་གསོལ། །ལས་ལས་གྲུབ་པའི་སྟོབས་པོ་ཆེ། །ས་བདག་དབང་ཆེན་དགོངས་སུ་གསོལ། །ལྷ་འདྲེ་ཡིད་ཀྱི་མངོན་ཤེས་ཅན། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཀླུ་དང་ས་བདག་དགོངས་སུ་གསོལ། །དེ་རིང་བདག་དང་ཡོན་བདག་གི །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ལེགས་ཚོགས་རྒྱས་པའི་ཕྱིར། །གཏེར་བདག་ཁྱེད་རྣམས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །རིན་ཆེན་སྣ་ཚོགས་གཏེར་བུམ་ལ། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །ཡུལ་ཕྱོགས་འདི་རུ་དུས་རྟག་ཏུ། །ལོ་ལེགས་འབྲུ་དང་རྩ་རྣམས་འཕེལ། །ས་བཅུད་དཔལ་གཡང་རྒྱས་པ་དང་། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །ཁ་འཛིན་རྒྱབ་རྟེན་སྟོང་གྲོགས་མཛོད། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །ཨོཾ་ཀྵིཾ་ཧི་རཱ་ཛ་པྲྀ་ཐི་ཝཱི་དེ་བཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྫ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་སྔར་ལྟར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནས་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་དང་བརྟན་མ་ལ་རིན་ཆེན་འབྱུང་ལྡན་དང་། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན། དེ་ནས་གོང་ལྟར་མཆོད་པ་བསང་སྦྱང་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་
ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །ས་སྙིང་འཁོར་དང་བཅས་ལ་འབུལ། །བཞེས་ནས་སེམས་ཅན་དོན་ཀུན་མཛོད། །ཨོཾ་ཀྵིཾ་ཧི་རཱ་ཛ་པྲྀ་ཐི་ཝཱི་དེ་བཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་རྣམས་སྦྱར་བ་དང་། དྷརྨཱ་ར་ཎི་ཏ་རོལ་ཆེན་བཅས་བྱ། དེ་ནས་སྤྲོ་ན། ཨོཾ་སརྦ་བིཏྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ཞེས་དང་། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །སྔགས་ཀྱི་ཐོག་མཐའ་འདྲ་བས་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝསྟཱི་རཏྣ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ་རཏྣ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨ་ཤྭ་རཏྣ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཌྒ་རཏྣ། ཞེས་རྒྱལ་
སྲིད་རིན་ཆེན་བདུན་དང་། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་ས་སྙིང་འཁོར་དང་བཅས་ལ་འབུལ། །བཞེས་ནས་འདོད་པའི་དངོས་གྲུབ་སྩལ་དུ་གསོལ། །སྔགས་གོང་ལྟར་ལ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །མོས་བློས༴ བཞེས་ཤིག༴ ཤབྡ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིག༴ གནྡྷེ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིག༴ ར་ས། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིག༴ །སྤརྴེ། ཞེས་འདོད་ཡོན་ལྔ་བཅས་འབུལ་ལོ། །བསྟོད་པ་ནི། སྤྲོ་ཞིང་ནུས་ན། བྱང་ཆུབ་སེམས་དཔའི་རིན་ཆེན་ཕུང་པོའི་དབུས། །ཞེས་པ་ནས། མཚུངས་མེད་ས་ཡི་གཙོ་དང་མཚུངས་པར་ཤོག །ཅེས་པའི་བར་གྱི་ཉེ་སྲས་བརྒྱད་བསྟོད་རྒྱ་མཚོ་རྣམ་བརྒྱད་ཀྱི་ས་སྙིང་བསྟོད་ཆེན་དང་། དཀྱུས་ཙམ་དུ། གྲངས་མེད་གོང་ནས་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་སེམས་དཔའི་ཚུལ། །སེམས་དཔའ་ས་ཡི་སྙིང་པོ་ལ། །ཕྱག་འཚལ་མཆོད་བསྟོད་སྐྱབས་སུ་མཆི། །ས་བརྒྱད་ལ་གནས་སེམས་མ་ཆེ། །སྟོང་གསུམ་འཇིག་རྟེན་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་གནོད་པ་ཞི་བ་དང་། །ས་བཅུ་དཔལ་གཡང་རྒྱས་པར་མཛོད། །འདོད་རྒུ་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་ཐུགས་རྒྱུད་སྐུལ་བའི་བཟླས་དམིགས་ནི། གཟུངས་ཐག་ནས་བཟུང་ལ། རང་གི་ཐུགས་ཀ་ནས་འོད་ཟེར་
འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཔག་ཚད་བརྒྱད་ཁྲི་ཚུན་ཆད་ཀྱི་སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་བསལ། དཔལ་དང་གཟི་བྱིན་བསྐྱེད། བཅུད་དང་དྭངས་མ་ཐམས་ཅད་བསྡུས་ཏེ་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་ས་བཅུད་དང་དགེ་མཚན་ཐམས་ཅད་འཕེལ་བའི་ནུས་པ་དང་ལྡན་པར་གྱུར་པར་མོས་ལ། ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་ཐི་ཝཱི་དེ་ཝཱི་སྭཱ་ཧཱ། ཞེས་བསྙེན་པ་དང་། ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་ཐི་ཝཱི་དེ་ཝཱི་སརྦ་སིདྡྷི་སྭཱ་ཧཱ། ཞེས་སྒྲུབ་སྔགས་ཅི་ནུས་དང་། སྤྲོ་ན། ཨོཾ་སུམྦྷ་ནི་སུམྦྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ། མ་རུ་ཏཱ། ཨ་མོ་གྷ་བཛྲ་སཏྭ་སྭཱ་ཧཱ། ཞེས་སའི་སྙིང་པོའི་གཟུངས་དང་། ཏདྱ་ཐཱ། ཨོཾ་ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཀུ་རུ་ཀུ་རུ། དོ་ཙུ་དོ་ཙུ། བ་ཧ་བ་ཧ་སྭཱ་ཧཱ། ཞེས་ལྷ་མོ་བརྟན་མའི་རིག་པ་དང་། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜལ་མ་ཡེ་སྭཱ་ཧཱ། ཞེས་ཉེས་སེལ་གྱི་སྔགས་རྣམས་ཀྱང་ཅི་རིགས་པ་བཟླའོ། །ཐུན་མཐར། ཨོཾ་ཀྵིཾ་ཧི་རཱ་ཛ་པྲི་དི་ཝཱི་དེ་ཝཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པའི་བར་གྱིས་མཆོད། གྲངས་མེད་གོང་ནས་སངས་རྒྱས་ཀྱང་། །སོགས་གོང་ལྟར་གྱིས་བསྟོད་ལ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འཁོར་དང་བཅས་པས་བདག་དང་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་སྩལ་ཞིང་། ཡུལ་ཕྱོགས་འདིར་བཀྲ་ཤིས་པ་དང་། བདེ་ལེགས་དཔལ་འབྱོར་གྱི་དངོས་གྲུབ་རྒྱུན་མི་ཆད་པ་འབྱུང་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། གཏོར་མ་གཉིས་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབས་ནས་དང་པོ་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ། ཞེས་པས་སྤྱན་དྲངས་ཏེ།
རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས། ཨོཾ་བྷཊྚཱ་ར་ཀ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་ལན་གསུམ་ལ་སོགས་པས་ཕུལ་ནས། མཚན་སྔགས་དེ་ཉིད་སྔོན་དུ་འགྲོ་བའི་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་ལ་གཟིགས་པ་པོ། །སྟོབས་དང་མི་འཇིགས་མངའ་བརྙེས་པའི། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་བ་དང་། ཁྱད་པར་དུ་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ། ཨོཾ་ཁྱོད་ཀྱིས་སོགས་དང་། བཛྲ་མུཿས་གཤེགས་སུ་གསོལ། གཉིས་པ། ཨོཾ་ཀྵིཾ་ཧི་རཱ་ཛ་པྲྀ་ཐི་ཝཱི་དེ་ཝཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་ལ་གསུམ་ལ་སོགས་པས་ཕུལ། མཆོད་བསྟོད་འདོད་གསོལ་གོང་ལྟར་མཐར། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་ཐལ་མོ་སྦྱར་བའི་བར་དུ་ཐོགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་གཏེར་ཆེན་པོའི་བུམ་པ་བཟང་པོ་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་སྩལ་ཞིང་། ཡུལ་ཕྱོགས་འདིར་བཀྲ་ཤིས་པ་དང་། བདེ་ལེགས་དཔལ་གྱི་དངོས་གྲུབ་རྒྱུན་མི་ཆད་པ་འབྱུང་བར་མཛད་དུ་གསོལ། ཞེས་དང་། ཨོཾ་སུ་པྲ་ཏིཥྛ་
བཛྲ་ཡ་སྭཱ་ཧཱ། མང་དུ་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། འབད་དང་རྩོལ་བས་མ་གོས་པའི། །ཞེས་སོགས་བཀྲ་ཤིས་གང་རིགས་བརྗོད། ཚར་གྲངས་དགོས་ན་དེ་ལྟ་བུའི་སྒོ་ནས་གྲངས་གསོག མཐར་བརྟན་བཞུགས་གྲུབ་རྗེས། མཆོད་སྦྱིན་གནས་འདིར་སོགས་སམ། འཇིག་རྟེན་པ་ཡི་ས་བདག་རྣམས། །རང་རང་སོ་སོའི་གནས་སུ་གཤེགས། །ལོ་ཀ་བྷཱུ་མི་པ་ཏི་སརྦ་གཙྪ་ཞེས་འཇིག་རྟེན་པ་རྣམས་གཤེགས། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པ་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །འཇིག་རྟེན་དབང་ཕྱུག་འགྲུབ་གྱུར་ནས། །སོགས་བདག་བསྐྱེད་ཀྱི་དགེ་བསྔོ་དང་། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིང་། །འཇིག་རྟེན་དག་ཀྱང་དར་བར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཁྱད་པར་བ་དང་། གཞན་ཡང་། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་དང་། །ཕན་མཛད་ལྷ་ཡི་
བཀྲ་ཤིས་གནས་གྱུར་ནས། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ཅེས་དང་། གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་སོགས་མདོ་རྒྱུད་ནས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །གསུམ་པ་ནི། དེ་ལྟར་ཐུན་དུ་བཅད་ལ་ལེགས་པར་བསྒྲུབས་ཟིན་པའི་བུམ་པ་ཡུལ་གྱི་དབུས། མཁར་གྱི་རྩེ། ཞིང་ས་བཟང་པོའི་དཀྱིལ་སོགས་ས་དཔལ་བཟང་པོར་རླན་གྱིས་མི་འཇིག་པའི་ཚས་དང་བཅས་ཏེ་ལག་ཚགས་དམ་པར་བྱས་ལ་གཞུག འཇུག་པའི་སྐབས་སུའང་ཅུང་ཟད་སྤྲོ་ཞིང་རྒྱས་པར་ན་གོང་གི་ཆོ་ག་ཚར་གཅིག་བསྐྱར་ལ། སརྦ་གཙྪའི་རྗེས། ཧཱུྃ། འབྱུང་བ་ལྔ་ནི་སངས་རྒྱས་དངོས། །ས་ཡི་ལྷ་མོ་མཁའ་ཕྱེས་ཤིག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ། །སྙིང་པོ་རིན་ཆེན་སྣ་ལྔ་འབྲུ། །སྨན་སྣ་དམ་རྫས་གཏོར་མ་ཡི། །ཡིད་བཞིན་གཏེར་མཆོག་འདི་སྦས་པས། །འདིར་འདུས་རྣལ་འབྱོར་བདག་ཅག་རྣམས། །བླ་མེད་བྱང་ཆུབ་མ་ཐོབ་བར། །སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ། །གཏེར་མཆོག་འདི་ཡི་བྱིན་རླབས་ཀྱིས། །བདེ་ཐོབ་ལོངས་སྤྱོད་ལྡན་པར་ཤོག །ཕྱག་རྒྱ་ལྔ་ཡིས་རྒྱས་གདབ་བོ། །ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག །ཨོཾ་བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ་བྷྲཱུྃ། རྡོ་ལེབ་ལ་རིགས་ལྔའི་ཕྱག་མཚན་བྲིས་པས་བཀབ་ནས། ཧཱུྃ། རྡོ་རྗེ་འབར་བའི་རྒྱས་བཏབ་པས། །མི་ཤིགས་མི་འགྱུར་རབ་ཏུ་བརྟན། །རིན་ཆེན་འབར་བའི་རྒྱས་བཏབ་པས། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །པདྨ་འབར་བའི་རྒྱས་བཏབ་པས། །ཆགས་མེད་སྐྱོན་བྲལ་ཡོན་ཏན་ལྡན། །རལ་གྲི་འབར་བའི་རྒྱས་བཏབ་པས། །བདུད་བཞིའི་བར་ཆད་རྩད་ནས་ཆོད། །འཁོར་ལོ་འབར་བའི་རྒྱས་བཏབ་པས། །ཉོན་མོངས་འཁོར་བའི་
སྡུག་བསྔལ་ཞི། །རྒྱ་ལྔས་བཏབ་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་སྐྱིད་ལྡན་པའི་ཕྱིར། །བསྟན་པའི་བཙས་སུ་འདི་གྱུར་ཅིག །གྲོགས་རྣམས་ཀྱིས་ས་རྡོས་འཐས་པར་བཅག རང་ཉིད་ཀྱིས་བཀྲ་ཤིས་གང་ཤེས་དང་། རྟེན་འབྲེལ་སྙིང་པོ་དང་། སུ་པྲ་ཏིཥྛ་སོགས་བརྗོད་ལ་མེ་ཏོག་གི་ཆར་དབབ། དེ་ཙམ་མ་གྲུབ་པར་བསྡུ་ན་བརྟན་བཞུགས་དང་སྨོན་ལམ་བཀྲ་ཤིས་རྒྱས་པར་བརྗོད་པས་འཐུས་ཤིང་། གང་ལྟར་ཡང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་བགྱིས་པས་སྣོད་བཅུད་ཀྱི་རྒུད་པ་ཞི་ཞིང་། དཔལ་འབྱོར་ལེགས་ཚོགས་ཐམས་ཅད་རྒྱས་པར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཚུལ་སའི་སྙིང་པོའི་གཟུངས་མདོ་ཚན་བརྒྱ་སོགས་བཀའ་དང་མན་ངག་གི་ཡིག་རྙིང་རྣམས་ལས་ཤེས་པར་བྱས་ཏེ་ཕན་བདེ་སྒྲུབ་པའི་ཐབས་ལ་བརྩོན་པར་བྱའོ། །གནོད་སྦྱིན་གཏེར་འཆང་མཆོག་རྣམས་ཀྱི། །འདོད་རྒུའི་བུམ་པ་བཟང་པོ་བཞིན། །གདམས་པའི་སྙིང་པོ་འདི་བརྗོད་དགེས། །ཕན་བདེའི་དཔལ་ཡོན་རྒྱས་གྱུར་ཅིག །ཅེས་པ་འདི་ནི་ཀུན་གཟིགས་བླ་མ་དེ་ཉིད་ཀྱིས་མཛད་པའི་ས་བདག་སྙིང་གཏེར་སྒྲུབ་ཐབས་ཉིད་གསར་མའི་འགྲོས་བཞིན་བྲིས་ན་ལེགས་ཞེས་གསུངས་པ་ལྟར་སྤྱི་ཁྱབ་བུམ་གཏེར་སྒྲུབ་ཐབས་ཀྱི་ཁོག་ཕུབ་སྟེ་བློ་གཏེར་དབང་པོས་བསྡེབས་པ་འཇིག་རྟེན་དུ་བདེ་ལེགས་རྒྱ་ཆེན་པོ་འབྱུང་བའི་བཙས་སུ་སིདྡྷི་རསྟུ།། །།
ལས་ཀྱི་ཚོགས་ཉེར་མཁོ་གཅེས་བཏུས་དངོས་གྲུབ་རིན་པོ་ཆེའི་རྒྱ་མཚོ།
ལས་ཀྱི་ཚོགས་ཉེར་མཁོ་གཅེས་བཏུས་དངོས་གྲུབ་རིན་པོ་ཆེའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
བླ་མ་མཆོག་དང་དབྱེར་མེད་པའི། །ཁྱབ་བདག་རིགས་གསུམ་སེམས་དཔའ་ལ། །བཏུད་ནས་ལས་ཚོགས་འགའ་ཞིག་ནི། །གོང་མའི་གསུང་ལས་བཏུ་བར་བྱ། །དེ་ལ་འདིར་ལས་ཚོགས་ཉེར་མཁོའི་མན་ངག་འགའ་ཞིག་ལག་ཏུ་བླང་བར་འདོད་ན། ཐོག་མར་ལྷོ་བྲག་མཁན་ཆེན་ལས་ཀྱི་རྡོ་རྗེའི་ཕྱག་རྡོར་སྙན་བརྒྱུད་ལས་བྱུང་བའི་གསང་བ་བསམ་གྱིས་མི་ཁྱབ་པའི་ལས་ཚོགས་དྲུག་ནི། བཛྲ་པཱ་ཎི་ལ་ན་མཿཡི་དམ་གྱི་ལྷ་ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་འདི་ལ། ལས་ཚོགས་དྲུག་གི་དང་པོ་ཚེ་སྒྲུབ་ཀྱི་ལས་ཚོགས་ནི། དང་པོ་སྔོན་འགྲོ་སྐྱབས་སུ་འགྲོ་བ་འཁྲིད་གཞུང་ནས་བཤད་པ་བཞིན་བྱས་ལ། དེ་ནས་རང་ཡི་དམ་དུ་བསྒོམ་པའི་སྤྱི་བོར་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཚེ་དཔག་མེད་སྐུ་མདོག་དཀར་པོ་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་དཀར་པོ་བསྣམས་པ། མགྲིན་པར་པདྨ་འདབ་བརྒྱད་ཀྱི་སྟེང་ན་ཨཱཿལས་སྣང་བ་མཐའ་ཡས་ཚེ་དཔག་མེད་སྐུ་མདོག་དམར་པོ་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་དམར་པོ་བསྣམས་པ། སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ག་ལས་རྡོ་རྗེ་སེམས་
དཔའ་ཚེ་དཔག་མེད་སྐུ་མདོག་མཐིང་ག་མཉམ་གཞག་གི་སྟེང་ན་མུ་མེན་གྱི་བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བ་བསྣམས་པ། ལྟེ་བར་རིན་པོ་ཆེ་ཟུར་བརྒྱད་པའི་སྟེང་དུ་སྭཱ་སེར་པོ་ལས་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད་སྐུ་མདོག་སེར་པོ་མཉམ་གཞག་གི་སྟེང་ན་གསེར་གྱི་བུམ་པ་འཆི་མེད་བདུད་རྩིས་གང་བ་བསྣམས་པ། གསང་གནས་སུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱ་ལྗང་གུ་ལས་དོན་ཡོད་གྲུབ་པ་ཚེ་དཔག་མེད་སྐུ་མདོག་ལྗང་གུ་མཉམ་གཞག་གི་སྟེང་ན་ཨིནྡྲ་ནཱི་ལའི་བུམ་པ་འཆི་མེད་བདུད་རྩིས་གང་བ་བསྣམས་པ། ཀུན་ཀྱང་ཉི་ཟླ་པདྨའི་གདན་ལ་བཞུགས་པ། གནས་ལྔར་ཡིག་འབྲུ་ལྔས་མཚན་པ་རྣམས་ཀྱི་རྣམ་སྣང་གི་སྤྱི་བོར་ཨོཾ་དཀར་པོའི་མཐར། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བསྐོར་བར་བསམས་ལ། སྔགས་ཀྱི་འོད་རྩ་ནང་ན་མར་ཞུགས་པས། ནད་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པའི་ཚེ་ཉམས་པར་བྱེད་པའི་རྐྱེན་ཐམས་ཅད་ཕྱིར་ཐོན། འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་དངོས་གྲུབ་དང་སའི་བཅུད་བསྡུས། རང་གི་ལུས་
ལ་ཐིམ་པར་བསམས་ལ་སྔགས་བཟླའོ། །དེ་ནས་མགྲིན་པར་སྣང་བ་མཐའ་ཡས་ཀྱི་མགྲིན་པའི་ཨཱཿདམར་པོ་ལ། ཨཱཿབྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལ་དམིགས་པ་གཏད་ལ་སྔགས་བཟླ། ཚེ་ཉམས་པར་བྱེད་པའི་རྐྱེན་ཐམས་ཅད་ཕྱིར་ཐོན། བདག་གི་ཚེ་འཕེལ་བར་བྱེད་པར་གསུང་གི་དངོས་གྲུབ་ཐོབ། ཆུའི་བཅུད་ཐམས་ཅད་བསྡུས་ནས་རང་གི་ངག་ལ་ཐིམ། རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུྃ་ལ། ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས་པས། ཚེའི་འགལ་རྐྱེན་ཐམས་ཅད་ཕྱིར་ཐོན། ཡང་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་དང་ནམ་མཁའི་བཅུད་བསྡུས། རང་གི་ཡིད་ལ་ཐིམ། རིན་ཆེན་འབྱུང་ལྡན་གྱི་ལྟེ་བའི་སྭཱ་ལ། སྭཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས་པས། ཚེའི་འགལ་རྐྱེན་ཐམས་ཅད་ཕྱིར་ཐོན། ཡོན་ཏན་གྱི་དངོས་གྲུབ་དང་། མེའི་བཅུད་བསྡུས་རང་གི་ལྟེ་བར་ཐིམ། དོན་ཡོད་གྲུབ་པའི་གསང་གནས་ཀྱི་ཧཱ་ལ། ཧཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས། ཚེའི་འགལ་རྐྱེན་ཕྱིར་ཐོན། ཕྲིན་ལས་དང་རླུང་གི་བཅུད་བསྡུས། རང་གི་གསང་གནས་སུ་ཐིམ་པར་བསམ་ཞིང་། བཟླས་པ་རིམ་པ་བཞིན་བྱའོ། །ཐུན་མོང་དུ་བྱེད་ན། དམིགས་པ་དྲིལ་བ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་བཟླས་བསྔོ་བ་བྱའོ། །དེ་ལྟར་ཉམས་སུ་བླངས་པས་ཚེ་འཕེལ་བའི་རྟགས། སཱཙྪ་འདེབས་པ། མཆོད་རྟེན་ལ་ན་བཟའ་གསོལ་བ། མཆོད་རྟེན་གྱི་རྩེ་ལ་འདུག་པ། སངས་རྒྱས་ཀྱི་སྐུ་གཟུགས་མཐོང་བ་ལ་སོགས་བྱུང་ན། དུས་མིན་འཆི་བ་བཟློག་སྟེ་ཚེ་རིང་། འདི་ནི་ཚེ་སྒྲུབ་ཀྱི་ལས་ཚོགས་སོ། ༈ །བཛྲ་པཱ་ཎི་ལ་ན་མཿ གཉིས་པ་འཕོ་བའི་ལས་ཚོགས་ནི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས་
ཕྱིའི་འཆི་ལྟས་རིམ་གྲོས་བཟློག ནང་གི་འཆི་ལྟས་དགེ་སྦྱོར་གྱིས་བཟློག གསང་བའི་འཆི་ལྟས་བྱུང་ན་འདི་ལྟར་ཉམས་སུ་བླང་། རང་ཡི་དམ་མམ། ཐ་མལ་དུ་གནས་པའི་སྙིང་པདྨ་འདབ་བཞིར་བསམ། དེའི་དཀྱིལ་དུ་ཨོཾ་ལས་རྣམ་སྣང་། མདུན་དུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ། གཡས་སུ་སྭཱ་ལས་རིན་ཆེན་འབྱུང་ལྡན། རྒྱབ་ཏུ་ཨཱཿལས་སྣང་བ་མཐའ་ཡས། གཡོན་དུ་ཧཱ་ལས་དོན་ཡོད་གྲུབ་པ་རྣམས་བསམ། རང་གི་སེམས་ཉིད་ཨཱ་དཀར་པོ་ཞིག་ཏུ་བསམས་ལ། ཨ་དེས་རིགས་ལྔ་པོ་དེ་ལ་བསྐོར་བ་སྒོ་རོ་རོ་བསམས་ལ། ངག་ཏུ་ཨ་ཨ་ཨ་ཞེས་བཟླ། རིགས་ལྔའི་སྤྱི་གཙུག་ནས་རང་གི་སྤྱི་གཙུག་ཏུ་རྩ་དཀར་པོ་སྣང་ལ་རང་བཞིན་མེད་པ་མདའ་སྨྱུག་ཙམ་ཞིག་བསམས་ཏེ། ཨས་རིགས་ལྔ་ལ་བསྐོར་བ་བྱས་ཏེ། རྩའི་ནང་ན་ཡར་ལ་རིམ་པ་བཞིན་དུ་སོང་སྟེ། སྤྱི་གཙུག་ན་ཡར་ལ་ཐོན་པར་བསམ། རླུང་སྟོད་དུ་འཚངས་བའམ། མགོ་ན་བ་དང་། ཟི་ཐོམ་བྱུང་ན། ཨ་རྣམས་རྩ་ནང་ན་མར་རིམ་པ་བཞིན་དུ་ལོག་སྟེ། རིགས་ལྔ་ལ་བསྐོར་བ་བྱེད་པ་ཡིན། དེ་ལ་མི་ནུས་ན་འཕྲོ་བཅད། དེ་ནི་འཕོ་བ་སྦྱོང་བ་ཡིན་ནོ། །འཆི་ངེས་ན་འཕོ་བ་འདེབས་དུས་སུ། རིགས་ལྔ་ལ་ཨས་བསྐོར་བའི་རིམ་པ་བཞིན། རྩ་ནང་ན་རིམ་པ་བཞིན་ཞུགས་ནས། སྤྱི་གཙུག་ལ་ཐོན་ནས་དགའ་ལྡན་དུ་བྱམས་པའི་ཐུགས་ཀའམ། བདེ་བ་ཅན་དུ་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའམ་རང་གང་མོས་པའི་ཐུགས་ཀར་ཐིམ་པར་བསམ། རང་གི་སྤྱི་གཙུག་ནས་རྐང་པའི་མཐིལ་ཡན་ཆད་ཀྱི་འབྱུང་བའི་དྭངས་མ་རྣམས་རིགས་ལྔ་པོ་རེ་རེ་ལ་ཐིམ། རིགས་ལྔ་འོད་དུ་ཞུ་ནས་རང་རང་གི་ས་བོན་ཡིག་འབྲུར་གྱུར། དེ་ནས་ཨོཾ་རྩ་ནང་ནས་ཡར་སོང་། སྤྱི་བོ་ནས་ཐོན་ལྷའི་ཐུགས་ཀར་ཐིམ། དེའི་རྗེས་ལ་
ཨཱཿ དེ་ནས་ཧཱུྃ། དེ་ནས་སྭཱ། དེ་ནས་ཧཱ་ཐོན་པར་བསམ། དམིགས་པ་ཨ་ཐོན་བསམ་དུས་འཕོ་བའི་རྟགས། འབྱུང་བ་སྟོད་དུ་འདུས་ནས། སྤྱི་གཙུག་ལ་ཐུག་བར་གྱིས་འགྲོ། འདི་ནི་འཕོ་བའི་གདམས་པའོ། ༈ །བཛྲ་པཱ་ཎི་ལ་ན་མཿ གསུམ་པ་ཁྲུས་ཀྱི་གདམས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་རྡོ་རྗེ་སེམས་དཔར་བསམ། བུམ་པ་བྲེ་གང་ཤོང་བ་ཡན་ཆད་ཀྱི་ནང་དུ་འབབ་ཆུ་གཙང་མ་བླུགས་ལ། བུམ་རྫས་གཙང་མ་བྱས་ལ། སྭ་བྷཱ་ཝས་སྟོང་པར་སྦྱང་། བྷྲཱུྃ་ལས་བུམ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་དུ་བསམ། བཛྲ་སཏྭ་ཨ་མྲྀ་ཏ་ཞེས་བརྗོད་པས། བུམ་ཆུ་བདུད་རྩིའི་རྒྱ་མཚོའི་དཀྱིལ་དུ་པདྨའི་སྡོང་པོ་ཞིག་བསམ། པད་འདབ་བརྒྱད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ལ་ཕོག སྡིག་སྒྲིབ་སྦྱང་། འཕགས་པ་མཆོད། མཐུ་དང་བྱིན་རླབས་བསྡུས། རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་བསྐྱེད་རིམ་ཇི་ལྟ་བར་བསྒོམ། དེའི་གནས་ལྔར་ཡིག་འབྲུ་ལྔ་ལས་རིགས་ལྔ་བསྐྱེད། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཨོཾ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཨཱཿ རྡོ་རྗེ་སེམས་དཔའི་ཐུགས་ཀར་ཧཱུྃ། རིན་འབྱུང་གི་ཐུགས་ཀར་སྭཱ། དོན་གྲུབ་ཀྱི་ཐུགས་ཀར་ཧཱ། དེ་དག་གི་མཐར་ས་བོན་དང་མཐུན་པའི་ཡི་གེ་བརྒྱ་པས་བསྐོར་བར་བསམ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་རང་རང་ལ་བསྟིམ། དེ་ནས་རྣམ་སྣང་གི་སྤྱི་བོར་ཨོཾ་དཀར་པོ་ལ་ཡི་གེ་བརྒྱ་པ་དཀར་པོས་བསྐོར་བ་ལ་དམིགས་པ་གཏད། ཡིག་བརྒྱ་བཟླས་པས། ནད་གདོན་ཞི་བར་བྱེད་པ་བདུད་རྩི་དཀར་པོའི་རྒྱུན་
བབས་ཏེ། བུམ་ཆུ་དང་དབྱེར་མེད་འདྲེས་པར་བསམ། ཅི་ནུས་བཟླས། དེ་ནས་མགྲིན་པའི་སྣང་བ་མཐའ་ཡས་ཀྱི་ཨཱཿདམར་པོ་ལ་ཡིག་བརྒྱ་དམར་པོ། འདོད་པའི་ཕྱོགས་ཐམས་ཅད་དབང་དུ་སྡུད་པའི་བདུད་རྩི་དམར་པོ། རྡོ་རྗེ་སེམས་དཔའི་ཧཱུྃ་མཐིང་ག་ལ་ཡིག་བརྒྱ་མཐིང་ག ཡི་དམ་ལྷའི་སྐུ་གསུང་ཐུགས་ཀྱི་བདུད་རྩི་བཻཌཱུརྻའི་མདོག རིན་ཆེན་འབྱུང་ལྡན་གྱི་ལྟེ་བའི་སྭཱ་སེར་པོ་ལ་ཡིག་བརྒྱ་སེར་པོ། ཚེ་དང་བསོད་ནམས་རྒྱས་པའི་བདུད་རྩི་སེར་པོ་གསེར་གྱི་མདོག དོན་ཡོད་གྲུབ་པའི་གསང་གནས་ཀྱི་ཧཱ་ལྗང་གུ་ལ་ཡིག་བརྒྱ་ལྗང་གུ། ཕྲིན་ལས་བཞི་འགྲུབ་པའི་བདུད་རྩི་ཨིནྡྲ་ནཱི་ལའི་མདོག་ལྟ་བུ་བབས་ཏེ། བུམ་པའི་ཆུ་དང་རོ་གཅིག་ཏུ་འདྲེས་པར་བསམས་ལ་ཇི་ནུས་བཟླས་ལ། དེ་ནས་བསྒྲུབས་ནས་དབང་བསྐུར་བ་ནི། རང་ངམ་གཞན་གྱི་སྤྱི་བོར་བུམ་པ་བཞག དབང་བསྐུར་བའི་ཚིག་འདི་བརྗོད་དོ། །ཆོས་དབྱིངས་ཡེ་ཤེས་བུམ་པ་རུ། །ཡེ་ཤེས་ལྔ་ཡི་བདུད་རྩི་ཡིས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །དུག་ལྔ་མ་ལུས་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་སཏྭ་ཨཱཿ ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡྃ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། ལྃ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ། ཞེས་ཁྲུས་ལན་ལྔ་བྱས་ཏེ། དུག་ལྔ་དུག་གསུམ་ཐམས་ཅད་དག་པར་བསམ། འདི་ནི་ཁྲུས་ཀྱི་གདམས་པའོ། ༈ །བཛྲ་པཱ་ཎི་ལ་ན་མཿ བཞི་པ་སྦྱིན་སྲེག་གི་གདམས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རྫའི་ཐབ་ཁུང་ཞི་རྒྱས་དབང་དྲག་གི་ལས་གང་བྱེད་དང་མཐུན་པའི་དབྱིབས། ཀུན་ལ་པདྨ་འདབ་བཞི་མཚོན་པར་བྱ། དེ་ལ་སྡོང་བུ་ལྔ་བཙུགས་ཏེ་ཕྱོགས་བཞི་དབུས་དང་ལྔའོ། །སྣུམ་ཕུལ་ཕྱེད་ཙམ་བླུག དེ་ནས་ཞི་བའི་རྫས་ལ་སེ་བའི་མེ་ཏོག བ་ལུའི་མེ་ཏོག མེ་ཏོག་དཀར་པོ་ཅི་འཛོམ་དུ་བསག དེ་རྣམས་མ་རྙེད་ན་ཀ་འབལ་
ལམ། མེ་ཏོག་གི་གཟུགས་བྱས་ལ། དེ་སྣུམ་ལ་སྙུག་ལ་འབུལ་བ་ཡིན། མཆོད་པ་རྣམ་ལྔ་ཚང་བར་བཤམ། ཏིལ་ཡང་བསག་གོ །དེ་ནས་ཨོཾ་བཛྲ་ཡཀྵ་ཧཱུྃ་ཞེས་པས་བསང་། རང་ཡི་དམ་གང་ཡིན་ནམ་རྡོ་རྗེ་སེམས་དཔར་བསྒོམ། སྭ་བྷཱ་ཝས་ཐབ་ཁུང་སྟོང་པར་སྦྱང་། དེ་ནས་གཞལ་ཡས་ཁང་དུ་བསམ། པདྨ་འདབ་བཞི་དབུས་དང་ལྔར་རིགས་ལྔའི་ས་བོན་རེ་རེ་བསམ། དེ་ལས་འོད་ཟེར་རྣམ་པ་ལྔ་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག དུག་ལྔ་དུག་གསུམ་སྦྱངས། ཚུར་འདུས་ས་བོན་ལ་ཐིམ། འོད་དུ་ཞུ་བ་ལས་ཨོཾ་རྣམ་སྣང་། ཧཱུྃ་རྡོ་རྗེ་སེམས་དཔའ། སྭཱ་རིན་ཆེན་འབྱུང་ལྡན། ཨཱཿསྣང་བ་མཐའ་ཡས། ཧཱ་དོན་ཡོད་གྲུབ་པ། རྒྱལ་བ་རིགས་ལྔར་ལམ་གྱིས་བསམ། མེ་སྦར་བ་རྣམ་པ་མེ་ལ་ངོ་བོ་རིགས་ལྔར་བསྒོམ། དེ་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་རང་རང་ལ་བསྟིམ། དེ་རྣམས་ཀྱི་གནས་གསུམ་དུ་འབྲུ་གསུམ་བསྒོམས་པས། སྐུ་གསུང་ཐུགས་རྒྱས་གདབ། དེ་ནས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་དང་སོགས། བླ་མའི་བསྟོད་པ་དང་། ཆོས་སྐུ་ནམ་མཁའ་ཞེས་སོགས་རིགས་ལྔའི་བསྟོད་པ་དང་། ལྕང་ལོ་ཅན་སོགས་ཡི་དམ་ཀྱི་བསྟོད་པ་རྣམས་བྱ། དེ་ནས་མཆོད་པ་ལྔ་འབུལ། བདུན་རྣམ་དག་བྱ། དེའི་རྗེས་ལ་ཏིལ་ལ་སྡིག་སྒྲིབ་བསྟིམ། རང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་ཕུལ་བའི་རྗེས་ལ། བསྟོད་པ་ཞི་བའི་བཞི་བསྟོད་ལ་སོགས་པ་རྒྱས་པར་བྱས་པའི་རྗེས་ལ། ཕྱིའི་བར་དུ་གཅོད་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག ནང་གི་བར་དུ་གཅོད་པ་ནད་གཞི་བརྒྱ་རྩ་བཞི༴ གསང་བའི་བར་དུ་གཅོད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང༴ སྔོན་གྱི་ལས་སུ་
གྱུར་པ། འཕྲལ་གྱི་རྐྱེན་དུ་གྱུར་པའི་སྡིག་པ་དང་སྒྲིབ་པ་འཇིགས་པ་ཆེན་པོ་བརྒྱད་ཞི་བར་གྱུར་ཅིག ལྷག་འབྱུང་བ་རྣམས་རིགས་དྲུག་ལ་བསྔོས་ལ། ཁ་འབར་མའི་སྔགས་བརྗོད། རིགས་དྲུག་སོ་སོའི་སྡུག་བསྔལ་དང་བྲལ་ནས། འདོད་ཡོན་ལྔ་ལ་ལོངས་སྤྱོད་པར་བསམ། རིགས་ལྔ་འོད་དུ་ཞུ་མེར་གྱུར་པར་བསམ། མེ་ཆེར་འབར་བས་ཁམས་གསུམ་བསྲེགས་པའི་རྗེས་ལ་སྟོང་པར་བསྒོམ། དེ་ནས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་བོ། །རྒྱས་པར་རམ་པ་དང་ནས་སོགས་འབྲུ་ལྔ་ལ་སོགས་པ་རང་གང་འདོད་པའི་རྫས་དང་ཏིང་ངེ་འཛིན་གྱིས་འདོད་ཡོན་ལྔ་འབུལ། རང་ལ་དངོས་གྲུབ་སྟེར་བར་བསམ། དབང་གི་མེ་ཏོག་དམར་པོ་དང་། སྤོས་ནས་ལ་སོགས་དབང་གི་རྫས་དང་། ཏིང་ངེ་འཛིན་གྱིས་འདོད་ཡོན་ལྔ་འབུལ། ལྷའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས་བསྡུས་པར་བསྒོམ། དྲག་པོ་ལ་ཡང་དེ་དང་འདྲ། འདི་ནི་སྦྱིན་སྲེག་གི་གདམས་པའོ། ༈ །བཛྲ་པཱ་ཎི་ན་མཿ ལྔ་པ་སཱཙྪ་འདེབས་པའི་ཐབས་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། དང་པོ་འབྲུ་ལྔ་འདྲེན་ཞིང་ས་བརྐོས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨ་མྲྀ་ཏ་ཧཱུྃ་ཕཊ། ཅེས་འདམ་བུ་བཅད་ལ། དེ་ལ་རྒྱུ་བྱིན་རླབས་ནི། འདམ་བུའི་སྟེང་དུ་འབྲུ་ལྔ་བསྒོམ། དེ་ལས་འོད་འཕྲོས་སེམས་ཅན་གྱི་དུག་ལྔ་དུག་གསུམ་སྦྱངས། ཡང་འོད་འཕྲོས་འཕགས་པ་མཆོད། ཡེ་ཤེས་ལྔ་འདུས། འབྲུ་ལྔ་ལ་ཐིམ། ཡང་འོད་འཕྲོས་འཇིག་རྟེན་གྱི་རཏྣ་རྣམ་ལྔའི་བཅུད་བསྡུས་ཤིང་ཐིམ། འབྲུ་ལྔ་འོད་དུ་ཞུ་བ་ལས། འདམ་བུའི་རང་བཞིན་རིན་ཆེན་ལྔར་བསྒོམ། རྟེན་འབྲེལ་སྙིང་པོ་བཟླས། འཇིམ་པ་བཅད་ཅིང་འབྲུ་ལྔའི་ཤམ་བུ་ལ། ན་མཿས་མནྟ་བུདྡྷཱ་ནཱན་ཞེས་བརྗོད་ཅིང་འབྲུ་ལྔའི་རྟེན་ཚང་བར་གཞུག ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཅིང་འབི་འབི་བྱ། འབྲུ་ལྔ་དང་བཛྲ་གརྦྷེ་སྭཱ་ཧཱ། ཞེས་བརྗོད། འབྲུ་
ལྔ་དང་ཨ་ར་ཛེའི་སྔགས་ཀྱིས་མར་བསྐུ། འབྲུ་ལྔ་དང་། བཛྲ་གརྦྷེས་སྐུ་སྤར་དུ་འཇུག འབྲུ་ལྔ་དང་། བཛྲ་མུད་ག་རའི་སྔགས་ཀྱིས་གདབ། འབྲུ་ལྔ་དང་དྷརྨཱ་དྷ་ཏུའི་སྔགས་ཀྱིས་འདོན། འབྲུ་ལྔ་དང་བཛྲ་ཀ་ནི་ཀ་ཞེས་བརྗོད་པས་ཆོས་ཀྱི་སྐུའི་མཆོད་རྟེན་དུ་བསམས་ལ་བཞུགས། སུ་པྲ་ཏིཥྛས་འཁོར་བ་མ་སྟོངས་བར་ལ་བཞུགས་པར་བསམ། དེས་གྲལ་འགྲིག་པར་བཞུགས། ཆ་གསུམ་དང་མཆོད་པ་ལྔ་བཤམས་ལ་རབ་གནས་བྱེད་པ་སྤྱི་དང་མཐུན། ནས་ཀྱི་མེ་ཏོག་ལ་ཤཱཀྱ་ཐུབ་པ་དང་རིགས་ལྔ་བསྒོམ་ཞིང་། རྟེན་འབྲེལ་སྙིང་པོ་མང་དུ་བཟླས་ཤིང་། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཐུགས་རྗེ་ཅན་རྣམས་དགོངས་སུ་གསོལ། །དེ་རིང་རྟེན་ལ་རབ་གནས་བགྱི། །གཟིགས་ཤིང་བྱིན་གྱིས་བརླབ་དུ་གསོལ། །ཞེས་བརྗོད་ཅིང་མེ་ཏོག་ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་པའི་སྐུ་ལ་ཐིམ་པར་བསམ། མེ་ཏོག་གཏོར་བས་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པའི་སྐུ་རུ་བསྒོམ། འབྲུ་ལྔས་སྐུ་གསུང་ཐུགས་རྒྱས་གདབ། བཀྲ་ཤིས་བརྗོད། བདུན་རྣམ་དག་གིས་མཆོད་པ་གསོལ་བ་གདབ། གཏོར་མ་རྣམས་བཏང་ལ། རྗེས་བསྔོ་བ་བྱའོ། །འདི་ནི་སཱཙྪའི་གདམས་པའོ། ༈ །བཛྲ་པཱ་ཎི་ལ་ན་མཿ དྲུག་པ་གཏོར་མའི་ལས་ཚོགས་ནི། གཏོར་མ་གཅིག་ལ་བརྟེན་ནས་བརྒྱ་ཙམ་སྟོང་ཙམ་བྱེད་ཀྱང་བྱིན་རླབས་ཀྱང་འབྲུ་ལྔས་བྱེད། འབུལ་ཀྱང་འབྲུ་ལྔས་འབུལ། ད་རེས་ཀྱི་སྐབས་འདིར་སྤྱན་འདྲེན་བཞུགས་གསོལ་དགུག་གཞུག་མི་དགོས། རང་གར་འདུག་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། གཟུགས་ཐམས་ཅད་མི་སྣང་དམིགས་མེད་ཆོས་ཀྱི་སྐུ། རྫས་ཐམས་ཅད་འདོད་ཡོན་ལྔ་ལྡན་གྱི་མཆོད་ཡོན་ཏུ་རྟོགས་པའི་ངང་ནས། ཨོཾ་ཞེས་བརྗོད་པས་གཏོར་མའི་རང་བཞིན་གཟུགས་ཕུན་སུམ་ཚོགས་པ། ཨཱཿཞེས་བརྗོད་པས་རོ་ཕུན་སུམ་ཚོགས་པ། ཧཱུྃ་གིས་དྲི་ཕུན་སུམ་ཚོགས་
པ། སྭཱ་ཞེས་པས་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཧཱ་ཞེས་བརྗོད་པས་སྒྲ་ཕུན་སུམ་ཚོགས་པར་གྱུར་ཏེ། དཀོན་མཆོག་སྲི་ཞུའི་མགྲོན། མགོན་པོ་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། འབྱུང་པོ་ལན་ཆགས་ཀྱི་མགྲོན། ཡུལ་ལྷ་གཞི་བདག་དང་བཅས་པ་ལ་བསྔོའོ། །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ཡུལ་ལྷ་གང་མོས་ཐོབ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཕ་མ་ལ་སོགས་འགྲོ་དྲུག་ལ། །ཚད་མེད་གཏོར་མ་འདི་ཕུལ་བས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །དེ་ལྟ་བས་ཐག་བཅད་ནས་བསྔོས་པས། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག སྣང་ལ་རང་བཞིན་མེད་པར་བསྔོས་པས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་གྱུར་ཅིག ཏིང་ངེ་འཛིན་གྱིས་དབང་བསྐུར་ཏེ་བསྔོས་པས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་གྱུར་ཅིག སྐུ་གསུམ་མངོན་དུ་གྱུར་ཏེ་འགྲོ་བ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག དེ་རྣམས་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་ལས་ཚོགས་ཀྱི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པ་ཡི་དམ་ཀྱི་ལྷས་གསུངས་པ་བཞིན། བདག་ལས་ཀྱི་རྡོ་རྗེས་ཡི་གེར་བཀོད་པ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། བཀྲ་ཤིས། ༈ །ལྷོ་བྲག་ཕྱག་ན་རྡོ་རྗེས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་གནང་བ་ཤིན་ཏུ་ཟབ་པའི་ཇག་ཆིངས་ནི། རང་གར་འགྲོ་བའི་ལམ་དེར་ཞུགས་ཏེ། རང་ཉིད་དམ་པ་སངས་རྒྱས་སུ་བསྒོམས་ལ་གཡས་ནས་རྡེའུ་བཅུ་གསུམ་བླངས་ཏེ། དེ་ལ། ཨོཾ་སུ་པྲ་ཏི་ནན་སྭཱ་ཧཱ། ཞེས་པའི་སྔགས་མང་དུ་བཟླས་ནས་བཏབ་སྟེ་རང་གི་གདོང་ལ་གཏོར། དེ་རྣམས་ལྕགས་ཀྱི་མི་རིངས་བཅུ་གསུམ་དུ་གྱུར་ནས་རང་ལ་གནོད་བྱེད་ཀྱི་ཚོགས་ཐམས་ཅད་བཅོམ་པར་བསམ། དམིགས་པ་དེ་
རྣམས་བསྒོམས་ནས་ཕྱིན་ན་ཇག་པ་བྱུང་དོགས་མེད་ཅེས་ཤིན་ཏུ་ཟབ་པའི་མན་ངག །། ༈ །ཡང་གཅིག་ལ། རང་གི་སྤྱི་བོར་རྗེ་བཙུན་མ་སྒྲོལ་མ་སྔོན་མོ་ཕྱག་གཡས་སྐྱབས་སྦྱིན་མཛད་པ། གཡོན་མེ་ཏོག་སྙན་དྲུང་དུ་ཁ་ཕྱེ་བ་བསྣམས་པ་གཅིག་བསྒོམ། རྫས་ནི་རང་གར་འགྲོ་བའི་གཡས་ནས་རྡེའུ་ནག་པོ་དགུ་བླངས་ཏེ། རྡེའུ་རེ་རེ་ལ་སྔགས་ཉེར་གཅིག་རེ་བཏབ། རང་གི་ཐུ་བ་གཡས་སུ་བཏུམས། མདུད་པ་ལ་སྔགས་ཉེར་གཅིག་བཟླས། སྔགས་ནི། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་བྷནྡྷ་ཀུ་རུ་སྭཱ་ཧཱ། རང་གང་འདོད་པ་ཕྱིན་པ་དང་། རྡེའུ་རྣམས་ལག་པ་གཡས་པས་བླངས་ནས་སྔར་བླངས་པའི་སར་འཐོར་རོ། ༈ །ཤྭ་ཟློག་ནི། ལྡོང་རོས་དང་ལ་ཆུ་གཉིས་བསྲེས་པས་གཡམ་པ་སྔོན་པོ་ལ་འདི་བཞིན་བྲིས་ཏེ་ཤྭ་ཡོང་བའི་གདོང་ལ་བལྟས་ནས་བཞག གཡམ་པའི་སྒྲོམ་བུ་ཆུས་མི་ཁྱེར་བར་སྦའོ། །ཤྭ་སྲུང་བའི་མན་ངག་མང་ཡང་རེ་མིག་མ་འདི་ཤྭ་བོ་བས་ཤྭ་ཁང་བརྒྱ་བཟློག་པས་དགེ་བཤེས་ཤྭ་བོ་སྒང་བར་གྲགས། ཟབ་པའི་ཚད། བབ་ལས་བྲིས་ཀྱང་རུང་ཟབ། ༈ །ཆར་འབེབས་པར་འདོད་ན། བག་ཕྱེ་ལ་དཀར་གསུམ་མངར་གསུམ་དང་ཀླུ་སྨན་སྣ་ཚོགས་བཏབ་པའི་རིལ་བུ་བརྒྱ་རྩ་བརྒྱད་བྱས་ལ་སྔགས། ནཱ་ག་ཀ་ལ་ཀ་ལ་བྷ་རི་ཤ་ཡ་སྭཱ་ཧཱ། ཞེས་རིལ་བུ་ལ་བརྒྱ་རྩ་བརྒྱད་བཟླས་ལ་བཏབ། ཀླུ་ཡོད་པའི་ཆུ་མིག་ཁར་བླུགས་ན་ཆར་འབབ་པར་ངེས་སོ། ༈ །ཆར་པ་སྲུང་བའི་མན་ངག་ལ། སྲེ་མོང་ཤ། སྦལ་པའི་ཤ། ཏེ་ལོའི་ཤ། སྦྲུལ་ཤ། ཉ་ཤ་རྣམས་བསྲེས་ལ་དུད་པ་བཏང་། རང་ཉིད་མཁའ་འགྲོ་མ་དམར་མོ་བསྒོམ། ཆར་པ་གང་བྱུང་ལ་སྡིགས་མཛུབ་བྱ། སྡིགས་མཛུབ་རྩེ་ལས་རླུང་བྱུང་། སྤྲིན་དང་ཆར་པ་ཐམས་ཅད་གཏོར་བར་བསམས་ལ། སད་ཀ་ར་ཕཊ་ཕཊ་གོ་ར་ལ་དྱ་མ་ཧི་ཙཀྲ་སྦས་ཤིག ཆར་ཆོད་ཅེས་བཟླས་སོ། །རྒྱ་རྒྱ་རྒྱ། ༈ །ཡང་གཅིག་ལ་ཁ་ཆར་གཅོད་ན། ཀ་ལུ་ཀ་མེ་ལུ་ཀ་ལ་ཀ་མེ་ལུ། སྟྭཾ་བྷ་ཡ་ཤོ་ལ་པ་ར་རམ་ཀྲུ་ཤ་བར་ཤན་ཙ་ལུ་བི་སྭཱ་ཧཱ།
ཤོག་ལྡེབ་འདིའི་ནང་དུ་སྔགས་ཀྱི་ཁྲམ་རིས་འདུག་པས་དགོངས་འཇག་འཚལ། ཞེས་བཟླས་ནས་ཕུས་བཏབ་མཛུབ་རིས་བྱའོ་ཟབ། ༈ །སེར་བ་བསྲུང་བ་ལ། ག་རུ་ཌ་ཧཾ་ཙ་ལེ་ཙ་ལེ་སྭཱ་ཧཱ། སད་ཕུར་སད་པྲ་མུན་ཏྲི་སད། ཅེས་བཟླས་ནས་ནམ་མཁའ་ལ་ཕུ་གདབ་བོ། ༈ །ཡང་གཅིག་ལ། རང་ཕྱག་ན་རྡོ་རྗེའི་ང་རྒྱལ་ལ་གནས་ནས། །ཀ་ར་ཀ་ར་སེ་ར་ཏི་ས་ཏ་ཧཱུྃ་ཕཊ། ཅེས་པ་མང་དུ་བགྲངས་ནས་ནམ་མཁར་ཕུས་བཏབ་པས་ཆོད་ངེས་སོ། ༈ །ཡང་སད་བསྲུང་བར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ནཱ་ག་ཤ་ཤ་ཤུ་ཤུ་མ་ལི་སྭཱ་ཧཱ། ཞེས་དཀར་གསུམ། མངར་གསུམ་ལ་བཟླས། ཀླུ་ཡོད་པའི་ཆུ་མིག་ཏུ་བླུགས་ན་སྤྲིན་འདུ་ངེས་ཤིང་སད་བསྲུང་བར་འགྱུར་རོ། ༈ །བཙའི་སྔགས་ནི། མེ་ཁུ་ཆུ་ཕོ་བུ་ཤེལ་ཀའི་ནན་སུམ་བཾ་བཾ་བཾ་རི་ན་སད་དྷོ་ཡལ། ཅེས་བྱེ་མ་ལ་བཟླས་ནས་ཞོགས་ཀྱི་རེས་གཏོར། དེས་ཐུབ་ངེས་སོ། ༈ །ཞིང་ལ་འབུ་བསྲུང་ན། སྲིན་གྱི་སྦལ་པོ་སོད། སྲིད་བུ་རཱ་ཙ་སོད། སྲིན་སྙིང་སོད། དར་དུར་དྲངས་པ་སོད། ཅེས་པ་བཟླས་བྱེ་མ་ལ་བཏབ་ནས་གཏོར་ན་ཐུབ་ངེས་སོ། ༈ །ཡང་གཅིག་ལ། ཨོཾ་ཁ་ཁ་ཁ་ག་རི་མོ་མོ་རི་རྫ་རྫ་རྫ་རི་སྭཱ་ཧཱ། ཐལ་ཆེན་དང་རྫ་ཐལ་བསྲེས་པ་ལ་སུམ་སྟོང་བཟླས་ན་ཞིང་གི་མཐའ་བསྐོར་ཞིང་ཞིང་གསེབ་ཏུ་གཏོར་ན་རི་བོང་ཤ་བ་བྱི་བ་འབུ་སྲིན་རྣམས་ཐུབ་ངེས་སོ་གསུང་ཟབ། ༈ །ཡང་རིན་པོ་ཆེ་བསྟན་བཟང་ནས་བརྒྱུད་པའི་རེ་མ་ཏིའི་རིམས་སྲུང་ནི། ཧཱ་ཕ་ར་མ་ཏ་ཊ་གོ་མཀྵ་ཏ་ས་ཨོཾ། མཇུག་ནས་བསྒྲིལ་འདོགས་ཐག་དཀར་པོ་སྣལ་མ་ནག་པོས་དཀྲིས། མགུལ་ཏུ་བཏགས་པས་ཐུབ། ༈ །ཡང་། བཙོད་མདུད། ཚོས་ཆེན། རྟ་ཁྲག་གསུམ་ཤིག་རེ་ཙམ་མཉེས་པ་ལ་སྔགས་འདི་བཞིན་བརྒྱ་བཟླས་ནས་བཏབ། དར་དམར་པོའམ། རས་དམར་པོ་ལ་རིལ་མ་ཙམ་གྱི་ཐུམ་བུ་བྱས་ལ། རྟེན་འབྲེལ་སྙིང་པོས་རབ་གནས་བྱས་གོང་བ་གཡས་ལ་བཏགས་ན་ཤོལ་རིམས་ལོ་གཅིག་ཐུབ་གསུངས། གོང་གི་སྔགས་ནི། འབྲུམ་ཤལ་ཤལ་དུག་ཆོད་རྒྱུ་གཟེར་ལ་སྭཱ་ཧཱ། ཞེས་པའོ། ༈ །ཐབ་ཤོར་ན། ཨོཾ་ས་ཁྱིམ་ན་ཧཱུྃ་ཀོ་ན་སྭཱ་ཧཱ། ཞེས་ཕྱེ་ལ་བཟླས་
ནས་ཐབ་ཁུང་དུ་བླུགས་ན་ཐབ་བསྲུང་བར་འགྱུར་རོ། ༈ །ཡ་མའི་སྲུང་བ་ནི། རྩ་ཡ་མ་སོད། ཁྲག་ཡ་མ་སོད། ཆུ་སེར་ཡ་མ་སོད། སྲིན་ཡ་མ་སོད། གཉན་ཡ་མ་སོད། རླུང་ཡ་མ་སོད། དམར་སྨུག་འཁྱིལ་བ་སོད། ཅེས་བཟླས་པ་བཏབ། ཨོཾ་བྱི་ལི་བྱི་ལི་སོད་མི་ལི་བྱི་ལི་སོད། ཡ་མ་ནག་པོ་སོད། སྲིན་གྱི་གྲོང་ཁྱེར་ལ་སྔགས་འདི་ཐུན་ཕོབ། ཡ་མ་རཀྵ་སྭཱ་ཧཱ། འཆང་བ་ལ་ཡ་མའི་ནད་ཐམས་ཅད་བསྲུང་དུ་གསོལ་རཀྵ། སྲུང་བ་ཟབ། ༈ །མིག་གི་ནད་གསོ་ཐབས་ནི། བཙན་གནོད་ན་དམར་རྩ་གཅིག་འོང་། ཀླུ་སྲིན་གནོད་ན་སྔོ་སྲིབ་འོང་། ཐབ་གཞོབ་ཡིན་ན་རྨུག་འཛིན་འོང་། ནད་ལ་གནོད་པ་ཡོད་ན་བཅོས་དགོས། དེ་ནས་སྔགས་བཏབ་སྟེ། མིག་ངོས་ལ་ཉི་ཤུ་རྩ་གཅིག་བཏབ། ལྟག་པ་ནས་བརྒྱ་རྩ་བརྒྱད་བཏབ། སྔགས་ནི། ཨོཾ་ཨིག་ཤད། འདི་ཤིན་ཏུ་རྣོ་བས་གསང་། མང་ན་མིག་ཆུ་འཛག ༈ །མིག་ལ་གྲ་མ་ཤོར་བ་འདོན་པའི་སྔགས་ནི། ཨོཾ་ལ་མ་ལིང་ལ་མ་ད་ན་ཏིང་ལ་སྭཱ་ཧཱ། ཞེས་པ་བཟླས་ནས་སྣ་ནས་ཕུས་འདེབས་སོ། ༈ །ཡང་མིག་ཕྱིད་པ་ལ། ཨོཾ་སྦུ་ཧེ་སྭཱ་ཧཱ། ཞེས་མང་དུ་བཟླས་ནས་ཕུས་ཏེ་འགྲོའོ། ༈ །མིག་དུ་བ་དང་ཁ་བས་ཕྱིད་པ་ལ། སྤང་རྒྱན་གྱི་ཁུ་བ་རས་ལ་བཙགས་པ་མིག་ལ་བྱུགས་པས་ཕན། ༈ །སོའི་ནད་གསོ་ཐབས་ནི། སོ་སྲིན་འབུ་སྲུངས་ཤིག ཙི་རི་ནི་རི་ནན་རྦད། ཅེས་སྔགས་འདི་ཤོག་གུ་ལ་དབུ་ཅན་བྲིས། གླ་རྩི་གུ་གུལ་གཉིས་བྱུགས་གཤམ་ནས་དྲིལ། སྐུད་པ་དམར་པོས་དཀྲིས་ལུང་ཐག་བྱ། སྲུང་བ་ཟབ། ༈ །སོ་སྲིན་འདོན་པའི་གདམས་པ་ལ། ཨོཾ་འཁྱུག་རྩ་དུར་རྦད་སྭཱ་ཧཱ། ཞེས་པ་ཉེར་གཅིག་སོགས་བཟླས་པ་སྨྱུག་མའམ་སོག་མའི་སྦུབས་ནས་སོ་རྩ་ལ་བླན་ནས་བརྡེགས་པར་བྱའོ། །། ༈ །ཡང་སྣ་ཁྲག་གཅོད་པ་
ལ། ཐེབ་ཐེབ་ཁྲེབ་ཁྲེབ་ཆོད་ཆོད། ལན་བདུན་གྱིས་ཆོག མང་ན་ཁོང་ཁྲག་སྐེམ་ཉེན་ཡོང་ཟབ། ༈ །རྟའི་སྤུ་བསྲེགས་པའི་ཐལ་བ་རྨ་ལ་བཏབ་ན་ཆོད་ངེས་སོ། །ཡང་བུད་མེད་བུ་སྐྱེས་ནས་ཁྲག་མ་ཆོད་ན་འོམ་བུའི་དུད་པས་འདོམས་ནས་བདུག སྐུད་པ་ཕྲ་མོས་ཉྭ་བཞི་བཀྱིགས། དེས་ཕན་ནོ། ༈ །མངལ་ཁྲག་གཅོད་པ་ལ། ཐ་ན་དུ་རུ་རི་སྭཱ་ཧཱ། ཞེས་ལུག་གི་ཀླད་པ་ལ་མང་དུ་བཏབ་ནས་ལྟོ་སྟོང་དུ་བཏང་སྐྱེས་ཁྲག་ཆོད། ༈ །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཨོཾ་ཨུབས་ཨུབས་སུཾ་སུཾ། སརྦ་ནན་རྦད་སྭཱ་ཧཱ། ཧཱུྃ་ཕཊ་ན་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། རྨ་ཁ་ལ་མཆིལ་མ་བྱུགས་ན་རྡོ་རྗེ་དང་མཚོན་གྱི་རྨ་དང་རྩ་ཆད་པ་དང་། ཀླད་པ་ཆད་པ་རྣམས་སོས་པར་འགྱུར་རོ། ༈ །ཁྱིས་རྨུགས་པའི་རྨ་ཆེ་ཆུང་གང་ཡིན་ཀྱང་། ཨོཾ་ནན་ཁྱི་ནན་སོད། ཁྲག་ཆོད། རྣག་སྐམ། དབལ་ཞི། ཞེས་པ་ཅི་མང་བཟླས་ལ་རྨ་དཀྲིས་མི་བྱེད་པ་ལག་ལེན་ཡིན། ༈ །ཡང་ཁྱིས་རྨུགས་པའི་རྨ་གསོ་བའི་ཐབས་ལ། དང་པོ་རང་ཆུས་བཀྲུས། མུ་ལེ་ནི་ཁྱི་ནད་སོད། ཅེས་མིས་མ་ཚོར་བ་བྱས་ནས་ཅི་མང་བགྲངས་རྨ་ལ་བཏབ། ཁྱི་སྤུ་དང་རའི་སྤུ་བསྲེས་ལ་བཀབ། དེ་གཉིས་པོའི་སྐུད་པ་ཞུན་མས་བསྡམས་ཞེས་པ་ན་ངེས་སོ། ༈ །ཡང་རྒྱལ་མོའི་སྟེང་དུ་ལིང་ཐོག་འབྱུང་བ་སེལ་ན། རང་ཉིད་སྐད་ཅིག་གིས་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁའ་ལ་འཕྱར་བ། གཡོན་སྡིགས་མཛུབ་མཛད་པ། སྨ་ར་དང་། སྨིན་མ་དང་། དབུ་སྐྲ་དུས་མཐའི་མེ་ལྟར་འབར་བ་གཅིག་བསྒོམས་ནས། གྱ་ཕུར་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བཟླས་གྲོ་སོག་ལ་སྐུད་པ་དཀར་ནག་གཉིས་དཀྲིས་མིག་གི་ཐད་བཙུག་གྲོ་སོག་གི་སྦུབས་གཉིས་ཀྱི་ནང་ནས་མར་ལ་སྦྲུལ་དཀར་ནག་གཉིས་ཐོན་ཏེ་ལིང་ཐོག་ལྷག་མ་མ་ལུས་པར་ལྕེས་བལྡགས་ནས་སླར་ལོག་ནས་ཞལ་གྱི་སྒོར་ཐིམ་པར་བསམ། དེ་ཡང་ཡང་བྱས་པས་ཕན་ངེས་སོ། ༈ །དཔལ་དོན་གྲུབ་པ་ལ་ཕྱག་འཚལ་
ལོ། །འདིར་སྐྱེས་བུ་ལུས་སྦྱོར་གྱི་གདམས་པ་ལ། མཆོད་རྟེན་ལ་བདེ་གཤེགས་མཆོད་རྟེན་བརྒྱད་ལ་སོགས་པ་མང་ཡང་། འདིར་ལྷ་ལས་བབས་པའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བ་ཡ་ཡོ་དང་ཁྱག་ཁྱོགས་མེད་པ་བཟང་བ་གཅིག་བྲིས། དེའི་བུམ་པའི་དབུས་སུ་ཁྱེའུ་བྱད་བཞིན་བཟང་བ་རྒྱན་ཆ་ལུགས་ཀྱིས་བརྒྱན་པ་ཕོ་མཚན་ཅན་གཅིག་བྲིས། དེའི་མཐའ་སྐོར་དུ་གཟུངས་འདི་ཡི་གེ་མགོ་ཕྱིར་བསྟན་པ་གཅིག་བྲིས། དེའི་མཐའ་སྐོར་དུ་ཡེ་དྷརྨཱ་ཡིག་མགོ་ཕྱིར་བསྟན་པ་གཅིག་བྲིས། རབ་གནས་རྒྱས་པར་བྱ། མགོ་མཇུག་མ་ལོག་པར་བཏགས་ལ་བཟུང་། ཚོན་སྐུད་སྣ་ལྔས་བཅིངས། སྐོག་སྣམ་བུ་གསར་པས་གཡོགས། རབ་གནས་གྲུབ་ནས་ས་ལ་མི་འཇོག་མི་གཞན་གྱིས་ལག་མི་བརྒྱུད། སྲུང་བ་འདོགས་པའི་ཚེ་དུས་བཟང་པོ་ཚེས་བཅོ་ལྔ་ལ་བཏགས་ལ་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་གཟུང་དུ་གཞུག མཆོད་རྟེན་ལ་སྐུ་དཀར་དང་དར་ལྕོག་གཞན་ཡང་ཞལ་ཟས་མར་མེ་ལ་སོགས་པ་ཅི་འབྱོར་པ་འབུལ་དུ་གཞུག་གོ །དེ་ལས་བྱུང་བའི་དགེ་བ་རྣམས་ཐར་པ་སངས་རྒྱས་ཀྱིས་སར་བསྔོ། གནས་སྐབས་སུ་ཡིད་མཐུན་པའི་ཁྱེའུ་འབྱུང་བའི་ཆེད་དུ་བསྔོས། ཁྱེའུ་དེ་ཡང་ལག་པ་གཡས་ཞལ་ཟས་ཐོགས་པ། གཡོན་པས་སྣང་གསལ་ཐོགས་པ་གཅིག་བྲི། གོང་གི་གཟུངས་ནི། ཨོཾ་མ་མ་ཏེ་ཏི་ཧཱུྃ་དྷི་ན་ཏེ་ཏི་ཧཱུྃ། མ་མ་བསྐྱེད་བསྐྱེད་ཧཱུྃ། བདག་འཆང་བ་མོ་འདི་ཞེས་བགྱི་བ་ལ་ཡིད་ཀྱི་བུ་ཁྱེའུ་བསྐྱེད་དུ་གསོལ། ཞེས་མཆོད་རྟེན་གྱི་བུམ་པའི་ནང་གི་སྔགས་སོ། །དེའི་ཚེ་ཁྲུས་ལེགས་པར་བྱས། གོས་གཙང་མ་གྱོན། རྒྱན་དང་ཆ་ལུགས་ལེགས་པར་བཞུགས་སོ། །དེ་བཞིན་བྱས་པས་བུ་བསྐྱེད་ཅིང་དགའ་བར་འགྱུར་ལ། བདེ་བ་ཐོབ་པས་སྐྱིད་པར་འོང་། བུ་འཕེལ་བར་གྱུར་ཅིག ཅི་བྱས་བུ་རུ་གྱུར་ཅིག བུ་སྐྱེས་ཚེ་བླ་མ་ལ་ན་བཟའ་བཟང་བ་ཆ་ཚང་རེ་དང་། ཟླ་བ་རེའི་གསོལ་ཕོག་བཟང་བ་རེ་འབུལ་དགོས་པས་བཀའ་རྒྱ་ཡོད་དོ།
༈ །ལྕགས་ཀྱི་སྟྭ་གྲི་ཆེ་ཆུང་གང་ཡིན་ཀྱང་རུང་། ཡུ་བ་ཤིང་སྟག་པས་བྱས། སྔགས་ནི། ཨོཾ་མཾ་ལི་མ་མ་སྐྱེད་དེ་དེ་ཧཱུྃ། ཞེས་པ་གྲོ་གའམ་ཤོག་གུ་ལ་བྲིས་ཏེ་ཡུ་བ་ལ་དཀྲིས་ཏེ་ཀྲ་ཤད་ཀྱིས་བཅིངས་སོ་མོ་ངོས་ལ་བསྟན། མོས་མ་ཚོར་བར་བྱས་མལ་དུ་སྦའོ། །ཡིད་ཆེས་པའི་བྱ་བ་ནི་བྱ་ཚང་འོག་ཏུ་བཅུག་པས་ཕྲུ་གུ་ཕོ་དག་སྐྱེའོ། ༈ །སྲིའུ་གསོ་བ་ལ། མགོན་པོ་ཕྱག་དྲུག་པའི་སྒོ་ནས་སྲིའུ་གསོ་བར་འདོད་ན། ཐབས་འདི་ལྟར་བྱ་སྟེ། ཚེ་རྟ་དང་ཚེ་ཐག་གི་སྒོ་ནས་བསྲུང་བ་དང་། མདའ་དང་གཏོར་མའི་སྒོ་ནས་བསྲུང་བའོ། །དང་པོ་ཚེ་རྟའི་སྒོ་ནས་བསྲུང་བ་ནི་སེང་ལྡེང་གི་ཕུར་པ་སོར་བརྒྱད་པའམ་སོར་བཅུ་གཉིས་པ་གཅིག་རྒྱ་མདུད་མ་ལ་ཧཱུྃ་གཅིག་བྲིས་ཏེ། ཆོས་སྐྱོང་མགོན་པོར་བསྐྱེད་ལ་ཡེ་ཤེས་པ་གཞུག གཏོར་མ་ཕུལ་ཏེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ། བྱིས་པ་འདི་ལ་སྲུངས་ཤིག་ཅེས་བྱ་བ་བརྒྱ་རྩ་བརྒྱད། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྱིས་པ་འདི་ལ་སྲུངས་ཤིག་སྭཱ་ཧཱ། ཞེས་པ་བརྒྱ་རྩ་ལ་སོགས་པ་བཟླས་ཏེ། དེ་ཡང་མགོན་པོའི་ཞལ་ནས་བདག་གི་ཞལ་དུ། བདག་གི་ཐུགས་ཀ་ནས་མགོན་པོའི་ཐུགས་ཀར་འཁོར་བར་བསམ་ཞིང་བཟླ་བར་བྱའོ། །དེ་ནས་ཕྲིན་ལས་བཅོལ་ཏེ་ཀ་བ་ལ་སོགས་པ་ལ་བཏགས་ནས་བཞག་གོ །ཚེ་ཐག་གི་སྒོ་ནས་བསྲུང་བ་ནི་སྐུད་པ་སྔོན་པོ་གསུམ་སྒྲིལ་གཅིག་ལ་མདུད་པ་རེ་ལ་སྔགས་ཉི་ཤུ་རྩ་རེ་བཏབ། མདུད་པ་ལྔའམ་བདུན་བྱས་ལ་བཏགས། བྱིས་པ་དེ་མགོན་པོ་ལྔས་བསྐོར་ནས་བསྲུང་བར་བསམ་མོ། །མདའི་སྒོ་ནས་བསྲུང་བ་ནི། མདའ་བྱ་རྒོད་ཀྱི་གསུམ་སྒྲོ་མ་མེ་མ་ཤོར་བ་གཅིག་ལ་དར་ནག་པོ་ཁ་གང་བཏག་ཙར་དང་སྟོད་ནག་པོས་བྱས་པ་སྒྲོའི་བར་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། བྱིས་པ་འདི་ལ་སྲུང་ཤིག་སྭཱ་ཧཱ། ཞེས་པ་གསུམ་སྒྲོའི་བར་དུ་བྲིས། བསྙེན་པ་སྔོན་དུ་སོང་བས་གང་རུང་རེ་རེས་ཆོག་གསུང་ངོ། །དེ་ནས་མདའ་
དེ་དཔལ་མགོན་པོར་བསྐྱེད་རྟེན་དུ་གཟུགས་སོ། །ཁྱེད་ལ་རྟེན་དུ་འཆའ་བས་བྱིས་པ་འདི་ལ་འཚེ་བ་ཐམས་ཅད་ལས་སྲུང་ཤིག ལོ་དུས་སུ་ཁྱོད་ལ་གཏང་རག་ཆེན་པོ་གཏོང་གི་བྱས་ལ་མིས་མ་འགོམ་པའི་སར་རྟེན་དུ་གཟུང་བར་བྱའོ། །གཏོར་མའི་སྒོ་ནས་བསྲུང་བ་ནི་ཞལ་ལས་ཤེས་སོ། །སྲིའུ་གསོ་བའི་མན་ངག། ༈ །ཞོ་ཆང་བསྲུང་བ་ནི། རྡོ་ལེབ་གཅིག་ལ། ཨོཾ་ཤ་བ་རི་ཤ་བ་རི་སྭཱ་ཧཱ། ཞེས་བྲིས་ནས་དེའི་སྟེང་དུ་བཞག་པས་ཕན་ནོ། །ཨོཾ་ཉག་ཉག་སོད། ཉག་ཉག་ན། ཨོཾ་ཏི་ཐ་ཏི་ཐ། ཨོཾ་ལོ་ཀ་ལོ་ཀ བཾ་བཾ་ཐུཾ་ཐུཾ་ཁྲཾ་ཁྲཾ་མུག་མུག་སྭཱ་ཧཱ། ཞེས་བརྒྱ་རྩ་བཟླས་ནས་བཏབ། ཕབ་ནས་པྃ་ལས་བྱུང་བའི་བདུད་རྩི་ལྗང་གུར་བསམ། རང་ཡི་དམ་གང་བྱེད་ཀྱི་སྙིང་པོ་བཟླས་ཏེ་བཏབ། ཡེ་དྷརྨཱས་རབ་གནས་བྱས་པས་ཐུབ་བོ། ༈ །ཞོ་ཆང་ཕྱུགས་སོགས་ལ་གནོད་པ་བྱུང་ན། ཨོཾ་ཐ་ར་ཏི་ཐ་ར་ཏི་མ་ཧཱ་ཐ་ར་ཏི་ནི་གནོད་བྱེད་འབྱུང་པོ་ཐམས་ཅད་ཁ་ཆིངས། ཞེས་མང་དུ་བཟླས་ནས་བཏབ་པའི་བསྲུང་སྐུད་སྒོའི་ཡ་ཐེམ་གླུམ་ཕད་ཀྱི་ཁ་ཞོ་ཟོའི་ལུང་རྣམས་ལ་བཏགས་པས་ཐུབ་བོ། ༈ །འཁྲུ་བ་དང་སྐྱུགས་པ་གཅོད་པར་འདོད་ན། མི་ཕོ་ལ་ར་ཕོའི་སྤུ། མོ་ལ་ར་མོའི་སྤུ། འཁྲུ་ན་ཕྱིར་ལ་འགྲོ་དུས། སྐྱུགས་ན་ནང་ལ་ཡོང་དུས་ཀྱི་སྤུ་ལ་སྐུད་པ་ཕྱི་སྒྲིལ་གསུམ་བྱས་ལ་མདུད་པ་གསུམ་གདབ། ཨོཾ་བྲུཾ་བྲུཾ་བླཾ་བླཾ་ཤལ་ཤལ་སྭཱ་ཧཱ། ཞེས་པ་མང་དུ་བཟླས་ནས་བཏབ། འཁྲུ་ན་སྐེད་པ། སྐྱུགས་ན་སྐྱེ་ལ་འདོགས་ཆོད་ངེས་སོ་ཟབ། ༈ །གླང་ཐབས་གསོད་པ་ལ་སྔགས་ཀྱིས་བཅོས་པ་ནི། སྲིན་གྱི་བལ་པོ་ཕ་སོད། སྲིན་གྱི་བལ་མོ་མ་སོད། སྲིན་བུ་རཱ་ཛ་སོད། རཱ་ཛ་དྲོ་མོ་མལ་དུ་ཆོད། ཅེས་པ་ཚྭ་སྙིང་ལ་མང་དུ་བཟླས་ལ་ཁོང་དུ་བཏང་། རང་ཉིད་སྲིན་ཀྱིས་ན་ན་བསྙེན་པ་བྱ། དེས་མ་ཕན་ན་དགེ་སློང་གཙང་མའམ། ཁྱེའུ་གཙང་བའི་བར་ཆུ་ལ་སྔགས་མཁན་རང་གི་ལག་པ་བཀྲུས་པའི་ཁུ་བ་ལ་སྔགས་མང་དུ་བཏབ་ནས་ནད་པ་ལ་གསང་སྟེ་བྱིན་མ་སྐྱུག་པར་
བྱེད། དེས་སྲིན་དང་། མ་ཞུ་མཁྲིས་པ། བད་ཀན་རྣམས་ལ་ཤིན་ཏུ་ཕན་ཟབ། ཡང་གླང་ཐབས་གང་གིས་ཀྱང་མི་ཕན་ན། སྤང་སྤོས་རྩ་བ་ཞིབ་བཏགས་ཐུན་གཅིག་ཆང་གར་མས་ཕུལ་ནས་བཏང་ན་ཤིན་ཏུ་ཕན་ནོ། ༈ །མེས་ཚིག་པ་ལ། ཨོཾ་མེ་རི་དམར་པོ་སོད། ཆུ་རི་སྔོན་པོ་སོད། ལྕགས་རི་ནག་པོ་སོད། ཞི་ཞི་གྲཾ་གྲཾ་སྭཱ་ཧཱ། ཞེས་པ་མང་དུ་བཟླས་ནས་བཏབ་ན། ལུས་ཐམས་ཅད་ཚིག་པ་ཡང་སོས་པར་འགྱུར་རོ། ༈ །མེ་དབལ་གསོད་པའི་སྔགས་ནི། ནག་པོ་ཏ་པ་སོད། ཏ་པ་ནག་པོ་སོད། ཅེས་མང་དུ་བཟླས་ཟབ། མེས་ཚིག་པ་ལ། ཤིང་ཨ་ཝ་མ་ར་ཁ། ཞེས་ཅི་མང་བཟླས། དུག་ཐར་ནུ་ར་སྣུམ་ཁོལ་མ་ལ་བཏབ་ནས་བསྐུས་ནས་ཉི་མ་ལ་བསྲེགས་ན་ཤིན་ཏུ་ཕན། ༈ །ཡང་མེས་ཚིག་པ་ལ། ཚོས་ཤིང་། སུག་པ། ཆུ་རྩ། བུལ་ཏོག་བསྲེས་ནས་བསྐུས་ན་ཤིན་ཏུ་ཕན་ནོ། ༈ །ཤུ་བ་གསོ་བ་ལ། ཨོཾ་ནི་ལ་བཛྲ་ཨུ་པ་ཏ་བཛྲ་སྟེ་བཛྲ་སྭཱ་ཧཱ། ཞེས་པ་ཉུངས་ཀར་དང་ཡུག་པ་བསྲེས་པའི་ཐལ་བ་མར་ནག་ལ་བཏབ། ལུས་ཀྱི་ཤུ་བ་གང་ཡོད་ལ་སྲིན་ལག་གིས་བྱུགས་ཏེ་ཉི་མ་ལ་བསྲེགས་པས་ཕན་ཟབ། ༈ །ཡང་ངོ་ཤིག་བྱུང་ན། ཞུ་མཁན། ཡུང་བ། སྒ་སྐྱ་རྣམས་ཀྱི་ཕྱེ་མ་ཞིབ་མོ་ཆུ་ལ་སྦྱར་ནས་བྱུགས་པ་སེལ་ལོ། ༈ །འཛེར་པ་ཁྲུས་བྱས་དགེ་སློང་རྣམ་དག་གི་ཆོས་གོས་ཀྱིས་ཡང་ཡང་ཕྱིས། ཀུ་རུ་ར་སྭཱ་ཧཱ། ཞེས་པ་མང་དུ་བཏབ། ཆུ་བསྐོར་ཕྱེ་གཡབ་ཀྱིས་ཡང་ཡང་ཕྱིའོ། ༈ མི་ཕྱུགས་སོགས་ཀྱི་རྩ་ཆུ་འགག་པ་ལ། མར་ལ། ཧུ་ཆུ་ཧུ་ཆུ། རྔུབ་ཆུ་རྔུབ་ཆུ། དུ་བ་དུ་བ། ཆུ་ཆིལ་མེ་ཡེ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཏབ་ནས་རྩ་སྒོ་དང་ཆུ་སྒོར་བྱུགས་ན་ཐོན་པར་འགྱུར་རོ། །འདི་ལ་ཐེ་ཚོམ་མ་བྱེད་ཟབ། དྲི་ཆེན་དྲི་ཆུ་འགག་པ་ལ། སྔགས་སྟོང་ཚོ་གཅིག་བཟླས་ལ་བླུད་དེས་ངེས་པར་གྲོལ་ལོ། །སྔགས་ནི། ཨོཾ་སྙན་སྙན་ཧྲི་དེ་བ་ཧྲི་ཀ་ལ་མ་ལ་དེ་ལ་སྭཱ་ཧཱ། ཞེས་པའོ། ༈ །མི་དང་རྟ་བོང་གི་བུ་ཤོར་ལོང་ཡོད་པ་ལ། ཀྲ་ས་མ་སྒོ་ཁོག
ཀ་ཀྱི་མ་སྒོ་ཁོག འབྱུང་བ་འདུས་མའི་སྒོ་ཁོག ཅེས་པ་ཡི་གེ་དབུ་ཅན་གཟབ་བྲིས་ལ་རབ་གནས་བྱས་མིའི་མཐུ་སྣེ་དང་། རྟ་བོང་གི་མཇུག་མ་ལ་བཏགས་དེས་ཐུབ། ཟབ། ༈ །མི་དང་ཕྱུགས་ཀྱི་བུ་རོ་མ་ཐོན་པ་ལ། རི་བོང་གི་རིལ་མ་བདུན་ཆུ་དྲོན་མོ་ལ་སྦྱར་ནས་ཁོང་དུ་བཏང་ན་ནད་ལས་གྲོལ་ལོ། ༈ །ཡང་གཅིག་ལ། སྔགས་རིགས་བཞི་བསྡུས་ལ། ཏ་ལེ་ཕྱུང་། ཞེས་པ་གཡས་ལ་བཏགས་ན་ལེ་ཤིག ཅེས་པ་གཡོན་ལ་བཏགས། སུ་ར་ཀ་ར་ཕྱུག ཅེས་པ་སྤྱི་གཙུག་ཏུ་བཏགས། རྟིང་པ་ཨ་མ་ཤག་ཤག་ཅེས་པ་རྐང་གཅིག་ལ་གདགས་སོ། །རྒྱ་གར་མ་ཏི་པཎ་ཆེན་ནས་རིམ་གྱིས་བརྒྱུད་དོ། །བུ་བཙས་མ་ཐག་སྲུང་བ་མ་བཀྲོལ་ན་བུ་སྣོད་ལུག་ཡོང་བས་སྐྱེས་འཕྲལ་དུ་འགྲོལ་བ་གལ་ཆེའོ། ༈ །ཁྱི་སྨྱོན་བཅོས་པའི་ཐབས་ལ། རྔུལ་འདོན་བྱེད་ནས་ཨོཾ་ཏི་ཏི་ཕྱི་ཕྱི་སྭཱ་ཧཱ། ཞེས་དཔྲལ་བའམ་སྙིང་གར་བཏབ། ཨོཾ་ཏཾ་པ་ལེ་ཐུཾ་པ་ལེ་མ་ཧེ་མ་ཧེ་ཧྲི་ཧྲི་སྭཱ་ཧཱ། ཞེས་གོམ་པ་ཉེར་གཅིག་དབུགས་བསྡམས་ནས་མེ་ལོང་ལ་ཧ་བཏབ་པའམ་ལྡག་པ་གང་རུང་བྱེད། ཁྱི་གཟུགས་འདུག་ན་ཡོད་པ་ཡིན། དམར་ཧམ་འདུག་ན་ཡོད་པ་ཡིན། དུ་རིས་འདུག་ན་ཡོད་པ་ཡིན། ནག་ཧམ་འདུག་ན་ཡོད་པ་ཡིན། ཁྲག་གི་དམར་ལེབ་བྱུང་ན་བད་ཀན་དང་ནོར་བ་ཤས་ཆེ་བས་མ་ནོར་བ་གལ་ཆེ། མི་ནུབ་ཁྱི་སྨྱོན་བཅོས་པའི་ཐབས། ལུག་དཀར་སོགས་བལ་གཡས་པ་ལ་མདུད་པ་བདུན་བརྒྱབས། དཀྱིལ་དུ་དོམ་ལྤགས་ཟུར་གསུམ་བཅུག མདུད་པ་རེ་ལ་སྔགས་འདི་ཉེར་གཅིག་རེ་བཏབ། སྔགས་ནི། ཨོཾ་གཟུགས་མེད་མཁའ་འགྲོ་ཡི་དམ་ལྷའི་སྙིང་པོ་ལ་སྭཱ་ཧཱ། ཞེས་པའོ། །འདི་ནི་ཕྱིའི་སྲུང་བ་ཡིན། ནང་གི་སྲུང་བ་འདི་ལྟ་སྟེ། དཀྱིལ་དུ་གཏོར་མ་ཟུར་གསུམ་གཅིག་མཐེབ་ཀྱུ་ཉི་ཤུ་རྩ་གཅིག་ལ་རེ་རེ་ལ་སྔགས་ཉི་ཤུ་རྩ་གཅིག་རེ་བཟླ། ཨོཾ་ཨག་ཆུ་ཁྱེ་ལྟོ་སྭཱ་ཧཱ། ཞེས་པའོ། །ཁོང་དུ་བཏང་ངོ། །ནང་གི་སྔགས་འདི་ནི་མི་ཕྱུགས་གང་ལ་ཡང་ལྟག་པར་འདེབས། མེ་ལོང་གཡའ་མེད་པ་ལ་
བཏང་། འདི་བས་ལྷག་པའི་བཅོས་ཐབས་གཞན་ན་མེད། རྒྱ་བོད་གང་ལ་ཡང་མེད་ཟབ། ༈ །ཡང་གཅིག་ལ། ཨོཾ་ཀུ་ཀུ་རཱ་ཛ་ཁ་ཐཾ། ཀུ་ཀུ་རཱ་ཛ་ནད་ཞི། ས་ལེ་སུ་ལ་སྤུ་ཤག་ན་ལེ་ཏིཥྛ་སྭཱ་ཧཱ། ཞེས་པ་ཟན་ལ་སྔགས་ཏེ། སྒོ་ཁྱི་ལ་བྱིན་ན་མི་སྨྱོ་སྒོ་ཁྱི་སྲུང་བའོ། ༈ །ཁྱི་ར་བ་ཁ་ཆིངས་ནི། རང་ཕ་དམ་པར་བསྒོམ། རི་དྭགས་ཁྱིས་དེད་བྱུང་ན། རི་དྭགས་སེང་གེ་འཕྱོ་བ་བཞིན་བྲག་ལ་ཚུར་རང་ངོས་ལ་མཆོངས་པར་བསམ། རང་དམ་པར་བསྒོམ་པའི་སྡིགས་མཛུབ་ཀྱིས་ཁྱི་ཕར་ཕུལ་བར་བསྒོམ། སྔགས་བཟླས། ཨོཾ་ཐར་ནི་ཐར་ནི་མ་ཧཱ་ཐར་ནི་སྭཱ་ཧཱ། ཞེས་པའོ། །གལ་ཏེ་རི་དྭགས་མིག་གིས་མཐོང་བར་ཁྱི་ར་བ་ཆས་འགྲོ་བར་མཐོང་ན་མི་ཁྱིའི་གྲངས་དང་མཉམ་པའི་རྡེའུ་གཡག་རུའི་ནང་དུ་བཅུག ཁ་རེ་བས་བཏུམས། འབྲུ་མར་ལ་གོང་གི་སྔགས་བཟླས་འདེབས། དེ་ལྟར་བྱས་ན་ཤིན་ཏུ་ཟབ། ༈ །སྤྱང་ཀི་ཁ་ཆིངས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཡ་མེ་ཡ་མེ་སྭཱ་ཧཱ། ཞེས་པ་སྤྱང་ཀིའི་འཇིགས་པ་བྱུང་ན་ས་ལ་བཏབ་ལ་གཏོར། ༈ །གཉན་བསྲུང་བ་ལ། གཉན་ལ་ཕན་པའི་ཟ་ཡིག་འདིའི་བྲི་ལུགས་ལ་ཚག་མེད་ཕྲེང་གཅིག་རྫོགས་པར་བྱེད་གླ་རྩིའི་ཆུ་བྱུགས་ལ་བཏང་བས་ཕན། གག་གག་སྙན་སྙན་གྱུར་གྱུར་བསྡུས་བསྡུས་བསྲུབ་བསྲུབཿ ཅེས་བྲིས་ནས་ཞབས་ནས་དྲིལ་བར་བྱའོ། །ཡང་ལྷོག་རྒོད་ཀྱིས་ཟིན་ན་ཕྱུགས་ལ་བཅོས་ལང་མེད་པར་ཕལ་ཆེར་འཆི་བ་ཡིན། རྟགས་སུ་སྣ་དང་མིག་ནས་རྣག་འདྲ་བྱུང་ན་འཆི་བ་ཡིན་པས། ནག་པོ་རྦད་ན་ཡ་རྦད་མ་ཧཾ་རྦད་ཐུམ་ཧྲིལ་རྦད། ཞག་གསུམ་གྱི་བར་སྦས་ལ། དེ་ནས་བཤའ་འོ། །ཕྱུགས་འཚོའི་སྣ་རུ་དུད་པ་བཏང་། འཕངས་སུ་མེ་སྦར། རྔ་མའི་རྩེ་ནས་སྔགས་ཀྱིས་འབུད། སྣའི་འོག་ཏུ་ཟངས་གཞོང་བཞག རྟགས་ཅི་ཡིན་གཅིག་བྱུང་ནས་བཤའ་བར་བྱའོ། །དེ་ཡང་ཤ་ཟངས་ཆུས་བཀང་བ་ལ་ཁ་བསྟན་ནས་སྔགས་འདི་བཏབ་བོ། །ཨོཾ་མེ་དད་གྷོ་མ་སོད། ཨོཾ་མེ་དད་གྷོ་མ་སོད། ཨོཾ་མོ་སྙན་མོ་སོད།
ལྷོག་དེ་དྷེ་བ་སོད། མོ་དྷེ་བ་དབལ་སོད། དབལ་རྡོ་རྔམ་སོད། ཙམ་དེ་སོད། ཡ་མ་དུ་དུ་སྭཱ་ཧཱ། ཞེས་རྒྱ་གར་ངན་སྔགས་བརྒྱ་རྩ་བརྒྱད་བཟླས་གདབ་པོ། །ཨོཾ་ཕྲ་ཕྲ་མ་མ་རང་རང་དུ་དུ་ཀཾ་ཀཾ་ཀུམ་ཀུམ་ཀླག་ལེན་སྭཱ་ཧཱ། ཞེས་པ་བྲམ་ཟེའི་སྔགས་སོ། །ཨོཾ་དུར་དུར་ཉར་ཉེར་ཅན་ཟློག་རྔོས་པོ་མེད་སྭཱ་ཧཱ། སྤྱང་མོའི་སྔགས་སོ། །ཨོཾ་ཀྲུག་མེ་ཧི་ཀྲིང་ཀྲིང་སྭཱ་ཧཱ། ཕོ་རོག་གི་སྔགས་སོ། །སྔགས་ཚན་བཞི་པོ་འདིའི་སྔགས་ཆུ་ཁོང་དུ་གཏོང་ཁོང་སྲུང་ཡིན། ཕྱིར་སྐྲད་པ་ལ་བཏབ་ན་རྣག་ཁྲག་འཇོམས་པར་བྱེད། སྔགས་ཤ་ལ་བཏབ་སྟེ་ཟོས་ན་ཉེས་པ་མི་འབྱུང་། ཕྱུགས་ནད་གསོ་བའི་གདམས་པ་རིན་པོ་ཆེའི་གཏེར་ཞེས་བྱ་བ་སློབ་དཔོན་པདྨས་མཛད་པ་རྫོགས་སོ། །སྙིགས་མའི་དུས་ན་འདི་རྣམས་རིན་པོ་ཆེ། །ཀུན་ལ་ཡོད་ན་མཁས་པ་སུ་ཡིས་བྱེད། །མཁས་པའི་ཁྱད་འདོན་སྔགས་དང་སྨན་དུ་བསྡེབས། །སེམས་ཅན་དོན་དུ་ལག་ལེན་ཁྲིགས་སུ་བསྡེབས་པར་མཛད་པ་འདི་ནི་རི་དབོན་ཞིག་པོ་ང་ལ་ཡོད། དེ་སྲས་ཕུར་པ་རྒྱལ་མཚན་སོགས་ལ་བརྒྱད་ཟབ། ༈ །འབྲུམ་པ་སྲུང་བ་ལ། ཨོཾ་བཛྲ་ལ་ཐ་ར་ས་དུ་ཡི་འཆང་བ་པོ་ལ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་བྲིས་ལག་ངར་ལ་བཏགས། ཡང་ན་སྲན་མ་བདུན་ལ་རེ་རེ་ལ་སྔགས་བརྒྱ་བརྒྱ་བཏབ་ནས་མགུལ་དུ་གདགས་སོ། །དགེ་བཤེས་བྱ་ཡུལ་པའི་མན་ངག་ཟབ། ༈ །ཤིག་སྲུང་བའི་ཐབས་ལ། ཨོཾ་ཙ་ཏྲི་སོད། ཅེས་བ་ར་མར་ལ་འབུམ་ཚོ་གཅིག་བཟླས་ནས་ལུས་ལ་བྱུགས་ན་ཐུབ་ངེས་སོ། ༈ །ཁྱི་ཤིག་བསྲུང་བ་ལ། ལྡོང་རོས། བྱི་ཐང་ཀ མུ་ཟི། ཡུངས་ཀར་བཞི་ཆུ་ལ་སྦྱར་ནས་ལྕེ་ལ་བསྐུས་ན་ཁྱི་ཤིག་མི་ཡོང་ཟབ། ༈ །འབྲུམ་པས་གྲེ་བ་འགགས་ན། སྔགས་འདི་སྟོང་རྩ་གཅིག་སྨན་འཐུང་རྒྱུ་ལ་བཏབ་ནས་བཏུང་། ཨ་པ་ཏ་ཤ་ན་ཧེ། ཞེས་སོ། །འབྲུམ་ནད་གསོ་བ་ལ། ཤོག་བུ་ལ་གུ་གུལ་གྱི་སྣག་ཚས། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་སྭཱ་ཧཱ། ཨོཾ་ཧཱུྃ་ཛ་ར་བ་དུ་ཡེ་བདག་ལ་སྲུངས་ཤིག་སྭཱ་ཧཱ། ཞེས་པ་
བྲིས་ལ་སྔགས་འདི་བརྒྱ་རྩ་དང་ཡེ་དྷརྨཱ་བརྒྱ་རྩས་མེ་ཏོག་ལ་སྔགས་ཏེ་རབ་གནས་བྱས་ཏེ་ལག་མ་བརྒྱུད་པ་རང་གཞན་གྱི་རྐེ་ལ་བཏགས་ན་ཐུབ། ལས་དེ་སྟན་ཐོག་གཅིག་ཏུ་བྱ་ཞེས་ན་བཟའ་བས་བསྲུང་ཟབ། ༈ །ཁ་ནད་གསོ་བ་ལ། སྐྱེར་པའི་བར་ཤུན། ཡུང་བ། ཧོང་ལེན། སེང་ཕྲོམ། རུ་རྟ་རྣམས་མར་དཀར་ལ་སྦྱར་བ་བསྐུའོ། ༈ །ཡང་གྲེ་བ་འགག་ན། ན་ལེ་ཤམ། པི་པི་ལིང་། རྒྱ་སྐྱེགས་རྣམས་ཆ་མཉམ་ཆུ་དྲོན་ལ་བླུགས་བཏང་ན་ཕན་ནོ། ༈ །ཡང་གཅིག་ལ། གྲེ་བ་འགག་ནས་འཕྲལ་དུ་ན་བ་ལ། ཨ་རུ་ར་འོ་མ་སྦང་བ་ལ། ཨོཾ་མ་ནུ་མ་ནུ་ཏྲིང་ཏོ་ལ་སྭཱ་ཧཱ། ཞེས་པ་མང་དུ་བཟླས་ལ་བཏབ། ཨ་རུ་རའི་ཁུ་བ་གྲེ་བར་བཏང་ངོ། ༈ །ཡང་ལྕེ་དང་ལྐོག་མ་ན་བ་ལ། རྨ་ཡོད་མེད་གང་ཡིན་ཀྱང་། སྦལ་ཤ་སྐམ་པོ་ཞོ་དང་སྦྱར་བ་ལྕེ་ཐོག་ཏུ་ཡུན་རིང་བསྐྱིལ་ནས། མཆིལ་མ་ཕྱིར་དོར་བས་ཕན་ནོ། ༈ །རྣ་བའི་ནད་སེལ་བ་ལ། རྣ་བ་ལ་ཡང་ཁྲག་འོན། རླུང་འོན། རྩ་འགྲམ་གང་ཡིན་ཀྱང་། རྒྱ་ཚྭ་ནས་ཙམ་གཅིག རུ་རྟ་ནས་ཙམ་གཉིས། ལ་ཕུག་ནས་ཙམ་གསུམ། དེ་རྣམས་ཞིབ་པར་བཏགས་པ་ལ། མར་ནག་ལོ་ལོན་ལྕགས་ཐུར་གྱི་ནང་དུ་འཇམ་ཙམ་བསྲོས་པ་ཐིག་པ་གཅིག་ལ་སྨན་སྲན་མ་ཙམ་གཅིག་སྦྱར་ལ་སྨན་ལྡུགས་པའི་གོང་དུ་གུ་གུལ་གྱི་དུད་པ་བདུག རིམ་གྲོ་ལ་གཏོར་མ་བརྒྱ་རྩར་བཏང་། སྨན་བླུགས་ལ་རྣ་བ་ཟན་དྲོན་གྱིས་བཀག་ལ་བཞག་གོ །ནངས་པར་སྔ་དྲོ་ཉི་མའི་ཟེར་དང་སྤྲད་ལ་ནད་དང་སྨན་རྩི། འཇབ་རྩེ་ལ་སོགས་པས་དལ་བུས་བྲུས་ལ་ཡང་དུ་སོང་མ་སོང་བལྟ་བ་ཡིན། རྣ་བས་དོན་བྱེད་ནུས་པའི་བར་ལ་སྨན་བླུག་གོ །སྨན་བླུག་པའི་བར་ལ་རྔ་མི་བརྡུང་། དུང་མི་འབུད། ཡོས་མི་འཐག རུས་མི་འཆའ། འདེག་པའི་ལས་མི་བྱེད། ཁུར་བུ་མི་ཁུར། འདི་རྣམས་དམ་ཚིག་གོ །རྣ་བའི་ནང་ཟ་བ་དང་། དྲོད་ཆེ་བ་དང་། སྒྲ་འུར་པ་རྣམས་བྱུང་ན་ཕན་པ་མྱོང་བས་གྲུབ་ཟབ། ༈ །སྐྱེས་པའི་རླིག་
པ་སྐྲངས་པ་ལ། སུ་རུ་སུ་རུ་མ་ཧཱ་ཀུ་རུ་ལི་ཡ་ཕཊ་སྭཱ་ཧཱ། ཞེས་པ་འདི་བུད་མེད་ཀྱི་ཆུ་ངན་ལ་བཟླས་ལ་བྱུགས། ༈ །བུད་མེད་ཀྱི་ནུ་མ་སྐྲངས་པ་ལ། སུ་མ་ལྟ་ར་མ་འཇིད་ད་ར་ན་སྭཱ་ཧཱ། ཞེས་པ་ཕག་ཚིལ་ལམ་ལོ་མར་ལ་བཏབ་ནས་བྱུག་གོ ༈ །གཟེ་བསྲུང་བ་ལ། སྔགས་འདི་རྡོ་མར་རམ་མཐེ་བོང་ལ་བརྒྱབས་ནས་བླན་ནོ། །སྔགས་ནི། མེའི་དབལ་སོ་ཞི། ཞེས་སོ། །ཡང་གཅིག་ལ། ཨོཾ་གི་ཙམ་བམ་པོར་གར་ཛེ་སྟིས་སྟིས་སྭཱ་ཧཱ། ཞེས་པ་འདི་ཆུ་ནང་གི་རྡོ་ལ་བཏབ་ནས་བརླན། ཆུ་ལ་བཏབ་ནས་འཐུང་དུ་གཞུག་ན། འདྲེ་གཟེར། རླུང་གཟེར། ཁྲག་གཟེར་གང་ཡིན་ཀྱང་ཐུབ་བོ། ༈ །ཡང་གཉིད་ཆུང་བའི་ཐབས་ལ། སྤང་རྒྱན་དཀར་པོ། ལྕེ་ཚ་དཀར་པོ། ར་དཀར་མོའི་འོ་མ་དང་གསུམ་སྦྱར་ནས་དུ་བ་སྣ་བུག་ཏུ་བཏང་ན་གཉིད་ཆུང་། ༈ །ཡང་གཅིག་ལ། ལུག་གི་མིག་སྐམ་དུ་བཅུག་ལ་ཞིབ་པར་བཏགས་ཏེ་དཔྲལ་བར་བསྐུས་ན་གཉིད་ཆུང་ཟབ། ༈ །ཤ་དུག་བསྲུང་བའི་ཐབས་ལ། ཨོཾ་ཀུ་རུ་རུ་སྭཱ་ཧཱ། ཞེས་པ་མང་དུ་བགྲང་ནས་ཤ་ལ་བརྒྱབས་ནས་ཟོས་པ་ཤ་དུག་གི་འཇིགས་པ་ལས་གྲོལ་ལོ། ༈ །སྨན་གྱི་བླ་མ་ལ་ན་མོ། ཤ་དུག་གསོ་བའི་མན་ངག་ལ། ཤ་ལ་རྐྱེན་བཞིས་དུག་ཏུ་འགྱུར། །ས་རླབས་སྲིད་དང་ཉི་ཞུར་དང་། །སྐྱུར་ལ་དུག་ཏུ་སོང་བའི་རིགས། །གང་ཡིན་བརྟགས་ལ་ཤེས་པར་བྱ། །དེ་ཡང་། གྲེ་བ་འགགས་ཤིང་ཕོ་བ་སྦོ། །མིག་གིས་མི་མཐོང་སྐྱུར་གྱི་དུག །ཕོ་བ་གླང་ཐབས་དག་ཏུ་ན། །ས་ཡི་དུག་ཏུ་ཤེས་པར་བྱ། །དྲི་མ་དང་ནི་དྲི་ཆུ་སྡོམ། །སྲིད་པའི་དུག་ཏུ་ཤེས་པར་བྱ། །གསོ་བའི་མན་ངག་གདམས་པ་ནི། །རྒྱ་གར་དག་གི་སྐད་དུ་ནི། །སྔོ་ནི་དཀར་པོ་ཆིག་ཐུབ་སྟེ། །བོད་ཀྱི་སྐད་དུ་སྤྲེའུ་སྨན། །སྤྲེའུ་སྨན་ནི་སྒོང་ཐོག་པ། །དེ་ཡི་ཁྲོད་དུ་ཀ་ར་བཏབ། །དུག་འཇོམས་སྨན་གྱི་མཆོག་ཏུ་བཤད། །གྲེ་བ་འགག་ལ་དཀར་པོ་བཞི། །བཏང་བས་གྲེ་བའི་ནད་རྣམས་ཞི། །དྲི་ཆུ་དྲི་མ་འགགས་པར་ཡང་། །རུ་
གསུམ་སྒ་ཏིག་ལྕམ་པའོ། །ཨུག་ཆོས་དམར་པོ་དག་ཀྱང་བཏང་། །དཔྱིད་དང་ཚིགས་ལ་འགྲམ་པ་ན། །སོ་མ་རཱ་ཙ་སྦྲང་རྩི་དང་། །གསེར་གྱི་བར་ཤུན་བཏང་སྟེ་སྡུད། །འགྲམ་ན་སྡུད་པའི་སྨན་མཆོག་ཡིན། །ཕོ་བ་མི་བཟོད་ན་ན་ཡང་། །གྲིབ་སྐྱེས་བ་ལུ་བཏང་བས་ཆོག །དཀར་དང་སྐྱུར་གྱི་རྣམ་པ་སྤང་། །གློ་བ་དག་ལ་བབ་པ་ན། །གུར་གུམ་བྲག་ཞུན་བཏང་བས་ཆོག །སྤྲེའུ་སྙིང་པོའི་སྔོ་སྨན་ཤ་དུག་གསོ་བ་ཤིན་ཏུ་ཟབ་པའི་མན་ངག། ༈ །ཡང་སྦྱར་དུག་སྲུང་བའི་སྔགས་ནི། ཨོཾ་ཏྲིག་ལེ་ཧྲི་ཧཱུྃ། ཞེས་ལག་པ་གཡས་པའི་སོར་མོ་ལྔ་ལ་སྔགས་ཐེབས་ལྔ། སྲིན་ལག་གི་ཚིགས་བུ་ལ་ལན་བདུན་བཏབ་ལ་འཇིབ། དེས་དུག་རིགས་ཐམས་ཅད་ཐུབ་ངེས་སོ། ༈ །ཡང་བཙན་དུག་ཤ་དུག་སྦྱར་དུག་སོགས་དུག་རིགས་ཐམས་ཅད་ལ་སྔགས་གཅིག་པུ་འདི་བཟླས་ཆུ་ལ་བཏབ་ནས་ཁོང་དུ་བཏང་བས་དངོས་སུ་ཕན་པ་མྱོང་བས་འགྲུབ་བོ། ༈ །ལྦ་བའི་རྨེན་བཅད་གདམས་པ་ནི། །གནམ་སྟོང་ཐོ་རངས་སྐར་མ་ནི། །མ་གྱེས་དུས་སུ་ཨོལ་གོང་ཅིག །ཐེམས་པར་བཞག་ནས་རྐང་པས་མནན། །ལག་གཡས་སྐམ་པ་འཕྱར་བྱས་ལ། །གཡོན་པས་ཕྲེང་བ་རྩ་གཅིག་གཟུང་། །སྔགས་བཟླས་ཨོལ་གོང་པ་ལ་བཏབ། །སྐམ་པས་ཐེམ་པར་བརྡུངས་ལ་ཟ། །ཞོ་བྲོད་ཙམ་ཡང་ལན་ཅིག་གིས། །མེད་འགྱུར་ཐང་གསུམ་སྨྲོས་ཅི་དགོས། །ཨོཾ་བྷུར་ཁུང་མ་ས་ར་ཁ་གཙྪ་བྷི་མ་ན་སེ་ཧཱུྃ་ཕཊ། ཅེས་པའོ། །ཟབ། ༈ །སྐྲན་ལ། ན་ས་ཏ་ས་ཤ་ཏ་ན་མ་ཤ་ཏ་ས་ཤ། ཞེས་མང་དུ་བཟླས་ཚྭ་ལ་བཏབ་ནས་ཟོས་པས་ཤིན་ཏུ་ཕན་ནོ། ༈ །རྟ་དྲེལ་བོང་གསུམ་གྱི་ཆམས་པ་བསྲུང་བ་ལ། གུ་གུལ། ཤ་ཆེན། བྱ་རྒོད་ཀྱི་ཤ། གནའ་བའི་རྭའི་རྩེ། སྟག་ཤ་བ་ལྔ་པོ་ཆ་མཉམ་དུ་བཏགས། དུ་བས་བདུགས་པས་ཟླ་བ་རེའི་ཆམས་པ་ཐུབ་པར་ངེས། ལོ་རེའི་ཁོང་དུ་དུ་བས་བདུགས་པས་ཡོང་མི་སྲིད། ཆམས་པ་བྱུང་བ་ལ་དུ་བས་ཡང་ཡང་བདུགས་པས་གཉན་སོད་ནས་འཚོ་བ་ཐག་ཆོད། ཆམས་
པ་བྱུང་ན་སྨན་གྱི་སྨན་བོངས་ཆེན་སྨན་ནད་ཀྱིས་འཆི་བས་ཐུན་ཆུང་དགོས་ཟབ། ༈ །རྔོའི་རིགས་གང་བྱུང་ཡང་། མུ་ཟི། ཕག་ཚིལ། ཐར་ནུ། གཡེར་མ། དུ་བ། བུལ་ཏོག་རྣམས་བསྡུས་ལ་གྲོ་ཚན་གྱིས་བྱུགས་བྲུལ། ཚ་བ་ཆེ་ན་ཆུ་ཚན་གྱིས་བཀྲུ། ༈ །གག་པ་གསོ་བ་ལ། རང་གི་མགྲིན་པར་མེའི་བྱ་ཁྱུང་ཆུང་ངུ་ཅིག་བསྒོམ། དེ་ལས་བྱ་ཁྱུང་གྲངས་མེད་པ་མེ་སྟག་ལྟ་བུར་འཕྲོས། མགྲིན་པ་ནས་བཙས་ལུས་ཐམས་ཅད་གང་བར་བསྒོམ། ཧྲི་ཧྲི་ཤག་ཤག་ཚེག་ཚེག་ཐོལ་ཐོལ་རྦད་རྦད་སོད་སོད། ཅེས་པ་ཆུ་ལ་བཟླས་ནས་གག་པ་བྱུང་བ་གཞན་ལ་བྱིན་ན་ཕན་གསུངས། སྔགས་འདི་བློ་ལ་ཡོད་པས་གག་པ་མི་ཡོང་གསུང་ཟབ། ༈ །ལྷོགས་རིམ་བསྲུང་བ་ལ། རང་ཡི་དམ་གང་ཡིན་དུ་བསྒོམ། ནན་ནན་སོད་སོད། འདུལ་འདུལ། ཕུབ་ཕུབ། ཆོམ་ཆོམ། ཀྲོ་ཏ་སོད། ཅེས་བགྲངས་པས་ཐུབ། གཟེར་དང་ཤུ་བ་ལྷོག་རིམས་ཀུན་ལ་སྔགས་བརྒྱབས་པས་ཕན། སྔགས་བགྲངས་པས་རྒྱུ་མ་ཁྲོལ་ཡོང་། དེ་རྒྱག་རན་པའི་ཚོད་ཡིན། རྒྱུ་མ་ཁྲོལ་ནས་བགྲང་ན་རང་ལ་འཁྲུ་བ་ཡོང་ཟབ། ༈ །ལུག་ནད་གཅོད་པའི་སྔགས་ནི། ཙ་སུ་ལ་ཙ་རྦད་ཅེས་བྱེ་མ་དུལ་མ་ལ་བརྒྱབས་ནས་གཏོར་ཟབ། ༈ །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་དུག་གི་རྒྱ་མཚོ་ཆེན་པོའི་དབུས་སུ་རི་རབ་ནག་པོ་གྲུ་བཞི་པའི་སྟེང་། རང་ཉིད་ཁྱུང་ནག་པོ་གཤོག་པ་དང་མཆུ་སྡེར་ལྕགས་ལས་བྱས་པ་གསེར་མིག་འཁྱིལ་བ་དུང་གི་འཆེ་བ་ཅན་གྱི་ཕྱག་གཉིས་གདུག་པ་ཅན་ཞལ་དུ་འདྲེན་པ། སྐུ་ལས་སྤྲུལ་པའི་ཁྱུང་ནག་པོ་ཕྱོགས་བཅུར་འཕྲོ་ཞིང་། བ་སྤུའི་བུ་ག་ཐམས་ཅད་ནས་མེ་སྟག་འཕྲོ་བ་གཅིག་ཏུ་གྱུར་པར་བསྒོམས་ལ། ཨོཾ་ནག་པོ་ཀཱ་ལ་རཀྵ་རྦད་རྦད་སོད་སོད་ཕྱུང་ཕྱུང་། སྤུ་གྲི་ཟངས་ཟིངས་ལྕགས་ཀྱི་སྡེར་མོས་སྙིང་ཕྱུང་། གནོད་བྱེད་གདུག་པའི་ཤ་ལ་ཟོ། ཨོཾ་ལྷང་ལྷང་ཙེར། འུབ་འུབ། སོད་སོད། ཅེས་པ་བཟླས་ལ་འདེབས་
པའི་ཚེ། ཁ་ནས་མེ་སྟག་འཕྲོས་པས་ནད་ཐམས་ཅད་ཚིག་པར་བསྒོམ། མཇུག་ཏུ་ཕུས་བཏབ་པས་ཐལ་བ་ཡང་མི་དམིགས་པར་བསམ་མོ། །རྩུབ་དྲག་ན། ཨོཾ་མ་ཎི་ཁྱུང་ཁྱུང་ཐུམ་ཐུམ་རྦད་རྦད་སྭཱ་ཧཱ། ཞེས་བཟླས་ན་འཇོམས་པ་ཡིན། དེས་ནི་ཐབ་ཤུ་བ་འབྲས་གག་པ་ལྷོག་པ་གཟེར་ཀླུ་གཉན་ས་བདག་སྲིན་པོ་རྒྱལ་འགོང་གནོད་པ་སོགས་ལ་སྔགས་འདིས་སེལ། སྲུང་སྐུད་ནག་པོ་མདུད་པ་བདུན་ལ་སྔགས་བཏབ་རབ་གནས་བྱས་ནས་འདོགས། སྔས་སྲུང་བྱེད་ན་ནད་པའི་གནས་གསུམ་ལ་སྔགས་འདེབས་ཟབ། ༈ །བྱིས་པ་ཁ་ཚེ་ངུ་བ་ལ། བྱིན་རླབས་ཅན་དགེ་སློང་གི་གསོལ་ཆེན། སྒོག་སྐྱ་བསྲེགས་པ་དང་མར་དཀར་དང་གཅིག་ཏུ་བསྣོས་ལ་རྟེན་འབྲེལ་སྙིང་པོ་བཟླས་གྲིབ་སོ་འུབ་འདུས་པ་ལ་བུ་ཆུང་ལ་ནག་ཞུར་བྱའོ་ཟབ། ༈ །ཡང་སཱཙྪ་སེར་པོ་བཞི་བྱས་ནས་རྒྱ་མཐོང་ཀྱི་ཟུར་བཞིར་བཞག་ན་ཐོག་ཐུབ་ངེས་སོ་ཟབ། ༈ །ཡང་ཁྱུ་མཆོག་སྔོན་པོ་གཅིག་གི་ཁོག་པར་སྔགས་འདི་བྲིས། ཨོཾ་ཙ་ན་དྷ་མ་ཧཱ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཨ་པ་ར་ཙིཏྟ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་དུར་ལ་ཧ་རི་ཧཱུྃ་ཕཊ། ཅེས་པ་ཡེ་ཤེས་པའི་ཡི་གེ་སུམ་ཅུ་རྩ་གསུམ་སྤྱན་དྲངས་ནས་བསྟིམས། རྟེན་འབྲེལ་སྙིང་པོས་རབ་གནས་བྱས་གང་འགྲོ་སར་བཅངས་ན་ཚེ་རིང་ནད་མེད་མངའ་ཐང་ཆེ་ཕྱུག་པོར་འགྱུར་རོ། །ཁྱུ་མཆོག་ལ་བརྟེན་ནས་བསོད་ནམ་ཚོགས་སྤེལ་བའོ། ༈ །དབང་སྡུད་ནི། རང་ཕྱག་ན་རྡོ་རྗེ་གཟི་མདངས་ཆེ་བ་གཅིག་ཏུ་བསྒོམ། ཁྲོམ་པ་ཀུན་གསོལ་བ་འདེབས་ཤིང་རང་ཕྱོགས་བྱེད་པར་བསམ། ཕ་རོལ་དེ་ལས་བཟློག་པར་བསམ། རྐང་པ་གཡོན་ངོས་ནས་ས་ཚོམ་གཅིག་བླངས་ནས་སྔགས་བཏབ་ལ་ཁྲོམ་ལ་གཏོར་རོ། །སྔགས་ནི། ཨོཾ་ཨ་ས་ཧ་ཧ་ན་ཁྲོམ་འདི་དབང་དུ་བསྡུས་ཤིག ཅེས་པའོ། ༈ །ཡང་ཀོ་བ་མི་འབུབ་པ་ལ་བྱང་ཆུབ་ཀྱི་སེམས་བསྒོམ། རང་ཉིད་སྐད་ཅིག་གིས་མི་གཡོ་བར་བསྐྱེད། ཆུ་ཕར་ཁར་ཡང་མི་གཡོ་བ་འོད་དང་བཅས་པ་གཅིག་བསྐྱེད། རང་གི་ཐུགས་ཀ་ནས་འོད་འཕྲོས། བླ་
མ་དང་མི་གཡོ་བ་ཡེ་ཤེས་པ་ཐ་མི་དད་པ་སྤྱན་དྲངས། ཆུ་ཕར་ཀའི་མི་གཡོ་བ་ལ་བསྟིམ། མཆོད་པ་ཕུལ། སྤྱིར་ཀོ་བ་མི་བྱིང་བ་དང་། ཁྱད་པར་ཆུ་འདི་ལ་འགྲོ་བ་ལ་ཀོ་བ་མི་འབུབ་པར་གསོལ་བ་བཏབ། དེས་ཀོ་བ་འབུབ་མི་སྲིད་དོ། ༈ །ལྕགས་སྒྲོགས་གིས་བཅིངས་པ་འགྲོལ་ན་མཎྜལ་ཕུལ། དེའི་དབུས་སུ་བྱིའུ་ནས་ཟན་གྱི་བྲུན་སྤུངས། དེ་ལ་སྔགས་སྟོང་ཕྲག་བརྒྱ་བཟླས་ལྕགས་སྒྲོག་ལ་བསྡུས་པས་ལྕགས་སྒྲོག་ཆད་ནས་གྲོལ་ཡོང་གསུངས་ཟབ། ༈ །ཡང་གཞན་གྱི་ཡིད་འགུགས་པའི་ཐབས་ནི། འགུགས་སྔགས་གསེར་གྱི་ལྕགས་ཀྱུ་ནི། ཕོ་ལ་བྱེད་ན་མགྲོན་བུ། མོ་ལ་བྱེད་ན་ཤིང་ཚྭ་ལ། ཨོཾ་མངྒ་ཨཱ་ཡུར་པུཎྱཻ་ཨ་ཛཱི་དྷ་ར་ཡེ་སྭཱ་ཧཱ། སྐྱེས་ཕོ་མོའི་བླ་ཁུག་ཅེས་སྐྱེས་པར་རྒྱག་ན་རྐང་རྗེས་ཀྱིས། མོ་ལ་རྒྱག་ན་མོ་རང་གི་གོས་ཀྱི་ཐོམ་བུ་ལ་རྒྱག རྒྱག་པའི་དུས་ནི་ཕོ་ལ་ཚེས་གཅིག མོ་ལ་གནམ་གང་ཉིན། ༈ །གློ་ཞི་བའི་སྔགས་ནི། ཨོཾ་ར་ཏ་ནན་པ་ར་ནན་པ་ར་ནི་ནན་སྭཱ་ཧཱ། ཞེས་མང་དུ་བཟླས་ཟབ། ༈ །རྨི་ལམ་གསལ་བ་ལ། ཨོཾ་ཙནྟྲ་དེ་བ་སུ་ཕུ་ར་ལི་ཡེ་སྭཱ་ཧཱ། ཞེས་མང་དུ་བཟླས་ན་རྨི་ལམ་གསལ་ལོ། །ཡང་རྨི་ལམ་ངན་པ་བཟློག་པའི་སྔགས་ནི། ན་མཿསརྦ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱན་ན་མོ་ཧ་ཏ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ལན་གཅིག་བཟླས་པས་རྨི་ལམ་ཅན་པ་བཟློག་པར་འགྱུར་རོ། །ལན་གསུམ་བརྗོད་པས་དུས་མིན་པར་འཆི་བ་བཟློག་པར་འགྱུར་རོ། །ལན་བཞི་བརྗོད་པས་བགེགས་ཕོ་མོ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ལན་ལྔ་བརྗོད་པས་ནད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ལན་དྲུག་བརྗོད་པས་ཉམས་གྲིབ་དང་མི་གཙང་བ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ལན་གསུམ་བརྗོད་པས་ཉུངས་ཀར་ལ་བཟླས་ནས་ཕུར་ཁ་སྟོན་པའི་ཕྱོགས་སུ་འཕང་ན་ཕུར་ཁས་མི་ཚུགས་པར་འགྱུར་རོ། །ཕྲ་མེན་ཕྱིན་ཅི་ལོག་གི་རིགས་ཐམས་ཅད་ཟློག་ཅེས་བྱ་བ་ཟབ། ༈ །ཤོ་རྒྱན་ཐོབ་པར་འདོད་ན། ན་མོ་བྷ་ག་ཏེ་ཛྙཱ་ན་ནི་ས་ཧཱུྃ། ཞེས་
པ་མང་དུ་བཟླས་ལ་ཉུངས་ཀར་ལ་བཏབ་རས་གཙང་མའི་ཁུག་ཚང་ཅིག་གི་ནང་དུ་སྔགས་བཏབ་པའི་ཉུངས་ཀར་དང་ཟངས་ཀྱི་བྱང་བུ་མིག་དགུ་པ་གཅིག མགྲོན་བུ་བུ་ཆེ་མ། གཡུ་རྙིང་གཅིག་སྟེ་དེ་བཞི་བཅུག་ནས་ལག་པ་གཡས་ལ་བཏགས་ནས་གྲིལ་བས་ཐོབ་བོ་ཟབ། ༈ །གཟའ་སྲུང་བ་ནི། ཨོཾ་ཧཱུྃ་ཧྲཱིཿམ་ཏྲི་ཨ་སུ་ར་སྭཱ་ཧཱ། རཀྵ་རཀྵ་སྭཱ་ཧཱ། ཞེས་པ་སྤེལ་ཚིག་དང་བཅས་པ་བྲི། སྨྱུག་སྦུབས་ལ་དཀྲིས་ནས་ཚོན་སྐུད་སྣ་ལྔས་དཀྲིས་མགུལ་དུ་བཏགས་ན་སྲུང་བའི་མཆོག་གོ །ར་པ་ལ་བརྒྱུད་པའོ། ༈ །ཡང་གཅིག་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཅན་གྱི་རྒྱལ་པོ་དྲི་མ་མེད་པ་ཟླ་བའི་སྒྲོན་མ་ལ་ཕྱག་འཚལ་ལོ། །ཞེས་མང་དུ་བཟླས་ན་གཟའི་ནད་མི་འབྱུང་ངོ། ༈ །ཡང་རླུང་གནོན་པར་འདོད་པས། རྡེའུ་དཀར་ནག་ལྔ་ལ་སྔགས་འདི་བཏབ། ཨོཾ་མཾ་བཾ་བཾ་ཡུ་མུ་ན་ཐ་ར་འབྱུང་བའི་ཁ་ཆིངས། ཞེས་པ་མང་དུ་བཏབ། ཕྱོགས་སུ་གཏོར་བས་བཟློག་ངེས། ༈ །ཡང་སད་བསྲུང་བ་ལ། ལྕམ་པའི་འབྲུ། སྤྱི་བའི་འབྲུ། སྐྱེར་པའི་འབྲུ། ཤུག་པའི་འབྲུ། སྤྲ་ཚིལ། སྤོས་དཀར། བདུད་རྩི་སེར་པོ། དོམ་མཁྲིས། དུ་བ་རལ་པ། སྟག་ཤ། སྤྱང་ཀིའི་བྲུན། རྒོད་ཚིལ། ཁྱི་ལྕེ་བ། ཕག་ཁྲག གོང་མའི་རྫས་ཀྱིས་སྲོད་ལ་དུ་བ་བཏང་། དེ་འོག་རྫས་ཀྱིས་ནམ་ཕྱེད་དུ་བ་བཏང་། དེ་འོག་རྫས་ཀྱིས་ཐོ་རངས་དུ་བ་བཏང་། དེ་འོག་ཀུན་གྱི་བུད་ཤིང་ཡོ་མོས་བྱེད་དེ་དུ་བ་གང་དགོས་བཏང་། གསུམ་ཀའི་རྫས་ཀྱི་བུངས་སྐྱེད། གང་བསྲུང་ཡུལ་དུ་དུ་བའི་ངད་འབྱུང་བ་ཙམ་གྱིས་ངེས་པར་ཐུབ་པོ་ཟབ། ༈ །གྲིབ་སྲུང་ནི། ཨ་ཧ་བ་ཏ་སོང་ལ། ཡ་གི་ཤི་ཛ་ཝ་ར་གཱ་བྷི་ས་མ་འབྲུ་ཏི་བི་མན་སེ་ཨུ་ཙུ་མ་ཀྲོ་ཙི་ད་ཁ་ལ་ཧཱུྃ་ཕཊ། སྔགས་འདི་ལན་བདུན་ཆུ་ལ་བཟླས་ནས་འཐུང་ན་མི་དེས་ཡུལ་ཁམས་བརྒྱར་མྱུལ་ཡང་མཛེ་ཕོ་དམེ་ཕོ་མི་གཙང་བ་ཐམས་ཅད་ཀྱིས་མི་ཚུགས། འདི་འཆང་བའི་མི་དེ་ཤེལ་
དཀར་དང་འདྲའོ། ༈ །ཡང་ལྕགས་སྲེག་འདག་པའི་སྔགས་ནི། ཨོཾ་མ་མ་མ་ད་ཁྱེ་མུ་ན་ཡེ་སྭཱ་ཧཱ། ཅེས་བརྒྱ་རྩ་བརྒྱད་བཟླས། དེ་ནས་ཉེར་གཅིག་བཟླས་ནས་ལྕགས་བསྲེག་ལྡག ༈ །ཟ་ཡིག་གི་གདམས་པ་ནི། ན་མོ་ཕུད་ཕུད་རཀྵ་ཕུད་ཕུད་ཤ་ཕུད་ཕུད་ཙ་ཀྲི་ན་སྭཱ་ཧཱ། ཟ་ཡིག་འདི་རྒྱ་སྣག་གིས་རྒྱ་ཤོག་ལ་བྲིས། རང་སྔགས་ཀྱིས་རབ་གནས་བྱས་ལ་མཇུག་ནས་ཡར་དྲིལ་ཏེ་ཟོས་པས་ནག་པོ་དགུ་ཐུབ་ཡིན། འདི་བྲི་དུས་དམ་ཚིག་སྤྱི་དང་མཐུན་ལ། ཁྱད་པར་གྱི་དམ་ཚིག་ནི་བོང་བུའི་སྐད་མི་ཐོས་པ་བྱེད་ཟབ་རྒྱ་རྒྱ། རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས་པའོ། ༈ །ཨོཾ་ཁྲོཾ་ཙ་ར་གྷཻ་ཧཱུྃ་ཧྲཱིཿ ཞེས་པ་ལན་བདུན་བཟླས་རྐང་མཐིལ་གཉིས་ལ་བཏབ་ན་རྐང་འོག་ཏུ་ཤི་བའི་སེམས་ཅན་ཐམས་ཅད་སུམ་ཅུ་རྩ་སུམ་པའི་ལྷར་སྐྱེ་བར་འགྱུར་རོ། །ཞེས་འཇམ་དཔལ་རྒྱུད་ལས་གསུངས་སོ། ༈ །ཡང་། བི་མ་ལེ་མ་ཧཱ་བི་མ་ལེ། ཨུ་ཧ་ལེ་ཨུ་ཧ་ལེ་མ་ཧཱ་ཨུ་ཧ་ལེ། ཧུ་མ་ལེ་མ་ཧཱ་ཧུ་མ་ལེ་མ་ཧཱ་བ་ཧ་ལེ་ཙི་ལི་ཏ་སྭཱ་ཧཱ། ཞེས་པ་འདི་བཟླས་པས་བགེགས་བསྲུང་ཞིང་བདུད་ཀྱི་འཁོར་སོགས་ཀྱིས་མི་འཚེ་བར་གསུངས་འདུག ༈ །ཡང་ལག་པ་གཡོན་པའི་སོར་མོ་བཞི་ཁུ་ཚུར་བཅངས་ཤིང་གཡས་ནས་གཡོན་པའི་མཐེ་བོང་ཁུ་ཚུར་བཅིངས་པ་བཞིན་བཅངས་ནས་གཡོན་པའི་མཐེ་བོང་གི་རྩེ་གཡས་པའི་ཁུ་ཚུར་གྱི་གོང་བུར་བྱུང་སྟེ་གཡས་པའི་མཛུབ་མོ་ཕན་ཚུན་དུ་རྒྱུ་བར་བྱས་ཏེ་སྔགས་འདི་བཟླས། ཨོཾ་ཀུ་ཙི་ཀུ་ཙི་ཀུ་མ་རི་ཙ་རི་ཙ་རི་ཙ་རི་ལི་སྭཱ་ཧཱ། ཞེས་ཉལ་ཁར་ལན་རེ་བཟླས་ཤིང་ཁར་ཕྱག་རྒྱ་ལན་རེ་བགྱི་བ་བརྒྱ་རྩ་བརྒྱད་ཚང་བར་བྱས་ན་སེམས་ལ་གང་འདོད་པ་རྨི་ལམ་དུ་མཐོང་བར་འགྱུར་བ་དང་། དེ་ལྟར་རྟག་པར་བྱས་ན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་སངས་རྒྱས་ཀྱིས་ལུང་སྟོན་པ་དང་། སངས་རྒྱས་པར་འགྱུར་བའི་བར་དག་ཀྱང་མཐོང་བར་འགྱུར་གསུངས་འདུག་གོ ༈ །ཨ་བི་ར་ཧཱུྃ་ཥེ་ཙ་ར་
མ་སྭཱ་ཧཱ། འདི་ཉི་ཤུ་རྩ་གཅིག་བཟླས་ནས་ཤ་ལ་བཏབ་ཟོས་ན་གང་གི་ཤ་ཟོས་པའི་སེམས་ཅན་དེ་སུམ་ཅུ་རྩ་གསུམ་དུ་སྐྱེའོ། ༈ །ན་མོ་གུ་རུ། དབང་ཕྱུག་མི་ལ་རས་པས། རི་ཁྲོད་ལམ་འཕྲང་འགྲིམ་པའི་མན་ངག་ལ། དབེན་པ་སྡོད་པའི་དུས་སུ། དགོན་པའི་སྤྱིལ་བུའི་ཕྱོགས་བཞིར་ཐོ་བཞིར་འོག་ཏུ་དགའ་བ་འཁྱིལ་བ་གཡོན་སྐོར་དུ་བྲིས། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་བཞག་སྟེ། ཁ་སྦྱར་མནན་རབ་གནས་ས་ལ་སྔགས་ནས་བྱའོ། །དེ་ལྟར་བྱས་ན་མི་རྒོད་དང་། ཇག་པ་དང་། ཆོམ་རྐུན་དང་། ཁྱི་དང་། དབོ་དཀར་དང་། བྱི་བ་ལ་སོགས་པས་གནོད་པ་མི་ཡོང་ཐག་ཆོད། ལམ་སྲུང་འདིས་རང་ཀྱང་འགྲོངས། ངན་སོང་དུ་འགྲོ་མི་སྲིད་པས་ཡིད་ཆེས་པར་གྱིས་ཤིག སོས་དལ་དུ་སྡོད་མི་རུང་། བརླ་གཡས་པ་ལ། སི་ཧི་བྲི། སྒོའི་ཡ་ཐེམ་ལ། སསྐྲྀ་བྲི། རང་མིན་པ་གཞན་གྱིས་མི་རིག་པར་བྱའོ། །འདིར་རྗེ་བཙུན་ལ་ཚེ་རིང་མཆེད་ལྔས་དངོས་སུ་ཕུལ་མན་ངག་ཆིག་བརྒྱུད་གསེར་གྱི་བཀའ་རྒྱ་ཡིན་པས། ཚེ་འདི་དོན་དུ་གཉེར་བའི་མི་ལ་མི་སྟེར་མཁའ་འགྲོའི་བཀའ་ཆད་འོང་བས་གསང་ཟབ། ༈ །ཧ་ནུས་ཤབྡ་རི་ཧྲི་ད་སྭཱ་ཧཱ། འདི་བློ་ལ་བཟུང་ནས་བརྗོད་ན་མཚམས་མེད་ལྔའི་སྡིག་པ་འདག་གོ ༈ །ཇོ་མོ་སྒྲོལ་མ་དཀར་མོའི་སྒོ་ནས་པྲ་འབེབས་ནི། རང་སྤོས་ཀྱིས་བདུག་ཅིང་ཁྲུས་བྱས་སྨྲ་བ་བཅད་ནས་ཞག་ལྔ་བསྒྲུབས་ན་འཇིག་རྟེན་གྱི་ལྷ་འདྲེ་འགུལ་ཚད་མཐོང་བར་འགྱུར་རོ། །སྔགས་ནི། ཨོཾ་སྒྲི་ས་ར་ཙ་ཀརྨ་ར་ཙ་ས་ཐ་ན་ཕཊ་སྭཱ་ཧཱ་ན་ར་ས་ཕཊཿཅེས་པའོ། །པྲ་འབེབས་ན་ནས་བྲེ་གང་ལ། མདའ་རྒོད་སྒྲོ་མ་གཅིག་ཁམས་མཐུན་གྱི་དར་དང་མེ་ལོང་བཏགས་པས་གཟེར། སྨན་ཕུད་དང་ཆང་ཕུད་ཀྱིས་མཆོད། རང་གི་མདུན་དུ་མཆོད་རྟེན་དཀར་པོ་གསལ་བར་བསྒོམས་ལ། སྔགས་འདི་བརྒྱའམ་སྟོང་བཟླས་བཏབ། ཨོཾ་བྲུཾ་བྲུཾ་ཀྱི་ཀྱི་ནཱ་ག་ཕོབ། ནཱ་ག་སྟོན། སྤྱན་རས་གཟིགས་ཕོབ། སྤྱན་རས་གཟིགས་སྟོན། ཆུ་བུར་རྡོལ་བའི་མིག་གི་སྒོ་ཕྱེས་སོལ། དེས་འཇིག་རྟེན་གྱི་ལྷ་འདྲེ་འགུལ་ཚད་མཐོང་བར་འགྱུར་རོ། །ཞེས་པའང་བློ་གཏེར་དབང་པོས་
སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཞལ་སྐོང་དུ་ལྷོ་བྲག་སྙན་བརྒྱུད་ཀྱི་མན་ངག་དང་། ན་བཟའ་བེ་བུམ་ལས་ཉེར་མཁོ་རྣམས་བཏུས་པ་དགེ་ལེགས་འཕེལ།། །།
གྲུབ་པའི་དབང་ཕྱུག་ཛ་ཧཱ་བྷཱི་རའི་གདམས་པ་ཐུན་མོང་མ་ཡིན་པ།
གྲུབ་པའི་དབང་ཕྱུག་ཛ་ཧཱ་བྷཱི་རའི་གདམས་པ་ཐུན་མོང་མ་ཡིན་པ་བཞུགས།།
ན་མོ་གུ་རུ་རཏྣ་ཡ། མཐའ་ཡས་དམ་ཆོས་ནོར་བུའི་མཛོད་བཟུང་ནས། །སྐལ་ལྡན་གྲུབ་པའི་ལམ་ལ་འགོད་པའི་དཔལ། །འཆི་མེད་བརྙེས་པ་འགྲོ་བའི་མགོན་པོ་ཡི། །ཞབས་ལ་བཏུད་ནས་གསང་ཆེན་ཡི་གེར་འདྲི། །གང་ཞིག་འཆི་མེད་བསྒྲུབ་འདོད་པས། །རྣམ་ཤེས་བཞོན་པ་དབང་དུ་བྱ། །དེ་ཡི་ཚུལ་ཡང་བསམ་ཡས་ལས། །ཚེགས་ཆུང་དོན་ཆེ་འདི་ཉིད་ལོངས། །རང་ཉིད་ཀུན་ཏུ་བཟང་པོར་བསྒོམ། །ཉི་མར་དབྱུང་ནས་ཟླ་བར་རྔུབས། །ཀེང་རུས་གདན་གྱི་འདུག་སྟངས་ཀྱིས། །«ཁ་་་་་་»ཀ་ལིང་ཀ་ནས་དྲག་པོར་གསུམ། །ཁོང་འདར་ཤིན་ཏུ་ཐོན་པོར་དབྱུང་། །ཅི་བདེར་འདུག་པའི་རྣལ་འབྱོར་པས། །བྱ་ལམ་«ནམ་མཁར་་་་་་»ཟ་ཞིང་དྲག་པོར་རྔུབས། །ཇི་སྲིད་ལྟོ་བ་མ་ཁེངས་པ། །དེ་སྲིད་ཚོད་དང་སྦྱར་ཞིང་ཟ། །སོ་མ་«ལྟོ་བ་་་་་»སིནྡྷེ་ཅི་བདེར་བཞག །འགྲོ་བར་བརྩམས་ན་ཅུང་ཟད་མནན། །འདི་ལྟར་བརྩོན་པའི་རྣལ་འབྱོར་པ། །ནད་ཀྱི་རྣམ་པ་ཀུན་བྱང་ཞིང་། །ཟག་མེད་བདེ་བ་རབ་རྒྱས་ནས། །འཆི་མེད་གོ་འཕང་ངེས་པར་ཐོབ། །སྒོ་བཞི་བཀག་པའི་སྦྱོར་བ་དང་། །དགུ་ཕྲུགས་འཕྲུལ་འཁོར་སྦྱོར་བ་ཡིས། །«མ་དཔེར་འགོ་བའི་ནད་ཟེར་བའང་འདུག་ཀྱང་ཁྲིད་ཀྱི་དགོངས་པར་མགོ་བོའི་ནད་ཟེར་བ་འདི་ཀ་ཡིན་་་་་་»མགོ་བོའི་ནད་
རྣམས་ཀུན་བྱང་ནས། །སྐྲ་ལི་ནག་ཅིང་འཁྱིལ་བར་འགྱུར། །ཡུན་རིང་བསྡམས་ནས་ཤུགས་དྲག་པར། །མཐོང་ལམ་ནས་དབྱུང་འཁྲུལ་འཁོར་བྱ། །མིག་གི་རབ་རིབ་མཐའ་དག་སེལ། །དེ་བཞིན་དབང་པོ་གཞན་ལའོ། །སྒོ་དགུ་བཀག་པའི་བསམ་གཏན་དང་། །རྡོ་རྗེའི་«པད་ཀོར་་་་་་»གར་དང་བཅས་«དམིགས་བསལ་མེད་་་་་་»པའི་གླུ། །ཁྲོ་བོས་«གང་རུང་་་་་་»བགེགས་དཔུང་ངེས་འཇོམས་པས། །ཐུན་གྱི་ཐོག་མ་མཐའ་མར་བསྒོམ། །བྷྲཱུ་རླུང་འདི་ཉིད་བདུན་ཕྲག་གསུམ། །ཟས་གཞན་སྤངས་ཏེ་བསྒོམ་པར་བྱ། །དེ་ནས་རིམ་གྱིས་ཟླ་བ་དྲུག །བསྒོམ་ན་འཆི་མེད་འགྲུབ་བོ་གསུངས། །ཁོ་བོའི་བླ་མ་ནུབ་ཕྱོགས་པ། །འདི་ཉིད་ཟླ་བ་དྲུག་བསྒོམས་པས། །མེ་དང་ཆུ་ཡིས་མི་གནོད་པའི། །རྫུ་འཕྲུལ་མཆོག་ལ་མངའ་བརྙེས་གྱུར། །ཁོ་བོ་བློ་ཞན་བརྩོན་འགྲུས་དམན། །འོན་ཀྱང་ཞག་བདུན་ཉམས་བླངས་པས། །ཡིད་ཆེས་ངོ་མཚར་མང་དུ་བྱུང་། །དེ་སླད་འདི་ནི་དོན་བརྒྱུད་ཡིན། །སྔོན་ཆད་ཆ་ལག་ཕྲ་མོ་ལས། །རྫོགས་པར་སུ་ལའང་བསླབས་པ་མེད། །ད་ལམ་སྣོད་ལྡན་གང་ཟག་ལ། །སྦ་བསྲི་མེད་པར་ཕུལ་བ་ལགས། །ཡི་གེ་མེད་པའི་སྙན་བརྒྱུད་འདི། །དམ་པའི་ཞལ་ངོར་འདྲི་སྙམ་ཚེ། །རྨི་ལམ་
ཉམས་ཀྱི་སྣང་བ་ལ། །བླ་མས་ཡི་གེར་བཀོད་ནས་གནང་། །དེ་དོན་ཚང་ལ་མ་ནོར་བར། །ཡི་གེར་བཀོད་པའི་དགེ་བ་ཡིས། །མཁའ་ཁྱབ་འགྲོ་ཀུན་ཆོས་ཀྱི་དབྱིངས། །ཀུན་ཏུ་བཟང་པོ་མངོན་གྱུར་ཤོག །ཅེས་པ་ཆོས་རྗེ་མཁྱེན་ལྡན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་འོད་ཟེར་གྱིས་བཀས་བསྐུལ་ནས། རྒྱལ་ཁམས་ཀྱི་སྤྲང་པོ་མཁྱེན་བརྩེའི་དབང་ཕྱུག་གིས་བླ་མའི་གསུང་བཞིན་ཡི་གེར་བྲིས་པ་ཉི་ཟླ་ལྟར་གྱུར་ཅིག །སརྦ་དཱ་མངྒ་ལཾ། འདི་ཐམས་ཅད་གཅིག་ཏུ་དགོས་པའི་ངེས་པ་མེད་པས། གང་དགོས་གཅིག་བྱས་ལ་སྔོན་འགྲོ་དང་རྗེས་གང་ཡང་མི་དགོས་སོ། ༈ །གྲུབ་པའི་དབང་ཕྱུག་ཆེན་པོ་ཛ་ཧཱ་བྷཱིར་ནས་བརྒྱུད་པའི་འཆི་མེད་བྷྲཱུ་རླུང་གི་གདམས་པ་ཟབ་མོ་བཞུགས་སོ། །ན་མོ་གུ་རུ་ཌཱ་ཀི་ནཱི་ཡཻ། འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་ཛ་ཧཱ་བྷཱིར་ནས་བརྒྱུད་པའི་ཚེ་སྒྲུབ་ཟབ་མོ་ཉམས་སུ་བླང་བར་འདོད་པས་ནམ་མཁའ་སྔོ་སང་རྒྱ་ཆེ་བ་མཐོང་བའི་སར་སྟན་བདེ་ལ་འདུག་སྟེ། ཉམས་སུ་ལེན་རྒྱུ་ནི། དང་པོར། རང་ཉིད་«མཆན་རྙིང་པ་ཞིག་ཏུ། སྟོང་པར་བསྒོམ་པ་ཡིན་གྱི་ཞལ་ཕྱག་ཅན་མེད་ཅེས་སྣང་།་་་་་»ཀུན་ཏུ་བཟང་པོར་བསྒོམས་ཞེས་པའི་དོན་རང་གི་ལུས་གནས་ཁང་ལུང་པ་ཡུལ་ཕྱོགས་ཐམས་ཅད་མི་དམིགས་པར་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་ཀུན་ཏུ་བཟང་པོ་སྐུ་མདོག་སྔོན་པོ་གཅེར་བུ་རྒྱན་མེད་པ་ཞིག་བསམས་པའི་སྤྱི་བོར་«མཆན་རྙིང་དུ། རང་ཐ་མལ་པར་གསལ་བའི་སྤྱི་བོར་ཞེས་སྣང་།་་་་་»དྲིན་ཆེན་རྩ་བའི་བླ་མ་གྲུབ་ཐོབ་ཛ་ཧཱ་བྷཱིར་སྐུ་མདོག་སྨུག་ནག་ཤ་རྒྱས་ཤིང་བརྗིད་ཆགས་པ། ཉི་མ་བྱེ་བའི་འོད་ཅན། གཅེར་བུ་རྒྱན་མེད་ཞབས་གཉིས་མཉམ་པའི་མཐིལ་སྦྱར་བའི་མཐེབ་ཆེན་གཉིས་རྩེ་སྤྲད་པ་རང་གི་ཚངས་བུག་ཏུ་ཟུག་པ། ཕྱག་གཉིས་སྤྱི་བོར་ཐལ་མོ་སྦྱར་བ། དབུ་སྐྲ་རལ་པའི་ཐོར་ཅོག་བཅིངས་པ་སྐྱབས་གནས་ཀུན་འདུས་སུ་མོས་ལ། རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ལྟུང་བ་ཉེས་པ་མྱོང་བར་ངེས་པའི་ལས་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། སྙམ་པས་ལུས་ངག་
ཡིད་གསུམ་འཇུག་པ་གཅིག་ཏུ་བསྒྲིལ་ནས་གསོལ་བ་འདི་ལྟར་འདེབས་སོ། །ཨོཾ་ཨཱཿཧཱུྃ། དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་ཝ། །གྲུབ་པའི་འཁོར་ལོས་སྒྱུར་བ་ཛ་ཧཱ་བྷཱིར། །དངོས་གྲུབ་བརྙེས་པ་བྷྲ་མ་ནཱ་ཐ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྙན་བརྒྱུད་མཛོད་འཛིན་མ་ཎི་ནཱ་ཏ་དང་། །ངེས་པར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས། །འཕགས་མཆོག་བྱམས་པ་སྐལ་ལྡན་བཟང་པོ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་གྲུབ་བརྙེས་དབང་ཕྱུག་རབ་བརྟན་དང་། །རྡོ་རྗེ་འཆང་དངོས་ཁྱབ་བདག་ཞྭ་ལུ་པ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེར། །གསོལ་བ༴ །རིག་འཛིན་གྲུབ་པའི་གཙུག་རྒྱན་པདྨའི་མཚན། །སློབ་བཤད་འཛིན་མཁས་ཀུན་དགའ་བློ་གྲོས་དང་། །རིག་འཛིན་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་ཞབས། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྔོན་འགྲོ་གསུམ་གྱིས་རང་རྒྱུད་ལེགས་སྦྱངས་ནས། །དངོས་གཞི་སྟོང་པ་རྔུབས་པའི་རྣལ་འབྱོར་གྱིས། །ཐ་མལ་སྣང་བའི་སྒྲིབ་པ་ཀུན་བྱང་ནས། །ཚེ་འདིར་མཁའ་སྤྱོད་འགྲུབ་པ་བྱིན་གྱིས་རློབས། །ཞེས་བརྒྱ་སྟོང་ནས་ལན་གསུམ་ཡན་ཆད་བརྗོད། དེ་ནས་ལག་གཡས་པའི་ཐལ་མོ་སྨིན་མཚམས་སུ་དེངས་བྱས་ནས། ན་མས་ཛ་ཧཱ་བྷཱིར། ཞེས་ལན་གསུམ་བརྗོད་པས་བླ་མ་དགྱེས་ཤིང་འཛུམ་པས་འོད་ཟེར་དམར་པོ་བདེ་བ་ཆེན་པོའི་རང་བཞིན་སྣུམ་པ། འཚེར་བ། འདྲིལ་བ་ཞིག་ཏུ་གྱུར་ནས་རང་གི་སྤྱི་བོར་ཐིམ་པས་བླ་མའི་སྐུ་གསུང་ཐུགས་མཁྱེན་བརྩེ་ནུས་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་པར་བསམས་ལ་ཕྱག་རྒྱ་ཆེན་པོའི་ངང་དུ་ཅུང་ཞིག་བཞག དེ་ནས། ཉི་མར་དབྱུང་ནས་ཟླ་བར་རྔུབས། །ཞེས་པའི་དོན་སྣ་བུག་གཡོན་བཀག་ལ་གཡས་ནས་ཕྱིར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུང་ནས་དུ་བ་ཐོན་པ་ལྟར་སོང་། ནམ་མཁའི་དབྱིངས་སུ་ཡལ་བར་བསམས་ལ་རླུང་ཤུགས་བསྐྱེད་དེ་འབུད། ཡང་སྣ་བུག་གཡས་བཀག་ལ་
སངས་རྒྱས་བྱང་སེམས་བླ་མ་ཡི་དམ་སོགས་མདོར་ན་སྐྱབས་གནས་ཡོད་དོ་ཅོག་གི་མཐུ་སྟོབས་ནུས་པ་བྱིན་རླབས་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་བྱུང་། སྣ་བུག་གཡོན་ནས་སོང་། ལུས་ཀྱི་ནང་ཐམས་ཅད་གང་བར་བསམས་ལ་ཅུང་ཞིག་རླུང་འཛིན། ཡང་སྣ་བུག་གཡོན་བཀག་གཡས་ནས་ཤུགས་བསྐྱེད་དེ་ཕྱིར་འབུད་པ་སོགས་སྔར་ལྟར་ལན་གསུམ་སོང་རྗེས། ཀེང་རུས་གདན་གྱི་འདུག་སྟངས་ཀྱིས། །ཀ་ལིང་ཀ་ནས་དྲག་པོར་གསུམ། །ཁོང་འདར་ཤིན་ཏུ་ཐོན་པར་དབྱུང་། །ཞེས་པའི་«མཆན་རྙིང་དུ། པུས་མོ་གཡས་བཙུགས་ལག་གཉིས་རྡོ་རྗེ་ཁུ་ཚུར་བརླར་བརྟེན་ཞེས་སྣང་།་་་་་»དོན་འོག་སྒོ་སྟན་ལ་མ་རེག་པར་རྐང་མཐིལ་གཉིས་སྦྱར་ལ་རྟིང་པའི་སྟེང་དུ་འཕོངས་བཞག་ལ་ཐེབ་ཆེན་སྟན་ལ་གཏད། ལག་གཉིས་ཀྱི་མཐེབ་ཆེན་གྱིས་སྲིན་ལག་གི་འདྲེ་རྩ་མནན་ལ་ཁུ་ཚུར་བསྡམས་པ་པུས་མོ་གཉིས་ཀྱི་སྟེང་དུ་བཞག་ལ་ཅུང་ཞིག་སྒུར་བར་བྱས། ཁ་ནས་ཧཱ་ཞེས་རླུང་དྲག་ཏུ་བསྲིངས་ལ་ལུས་ཀུན་བསྒྲིལ་ཞིང་ཁོང་འདར་ཐོན་པར་བྱ། ཡང་ངལ་གསོ་ཞིང་སླར་ཡང་དེ་འདྲ་ལན་གཉིས་ཏེ་གསུམ་བྱ། དེ་ནས། ཅི་བདེར་འདུག་པའི་རྣལ་འབྱོར་པས། །བྱ་ལམ་བཟའ་ཞིང་དྲག་པོར་རྔུབས། །ཇི་སྲིད་ལྟོ་བ་མ་ཁེངས་པ། །དེ་སྲིད་ཚོད་དང་སྦྱར་ཞིང་བྱ། །ཞེས་པས་ལུས་གང་བདེ་བར་བསྡད་ནས། སེམས་ཀྱིས་ཁམས་གསུམ་གྱི་ནམ་མཁའ་སྔོ་མེ་རེ་རེ་བྱུང་ནས་ལུས་སྔོ་མེར་གྱིས་གང་བར་བསམས་ལ། འོག་རླུང་ཅུང་ཞིག་འཐེན། ཁ་ནས་རླུང་སྒྲ་བཅས་སུ་ཧུབ་ཀྱིས་དྲངས་ཤིང་ལྟོ་བ་ལྟིར་གྱིས་ཁེངས་པ་དང་། སྟེང་རླུང་མནན་ཏེ་རླུང་ཁ་སྦྱར། མི་ཐུབ་ཙ་ན་དལ་བུས་བཏང་། བསྒོམ་བྱའི་དངོས་གཞི་ཡིན་པས་ལན་གང་མང་བྱ། ཡང་སྐབས་འགར་སྒོམ་པ་སོགས་བྱུང་ན། རང་གི་མདུན་འདོམ་གང་གི་ནམ་མཁར་གྲུབ་ཐོབ་ཛ་ཧཱ་བྷཱིར་སྐུ་མདོག་སྨུག་ནག་ཞབས་གཉིས་མཐིལ་སྦྱར་བ། ཕྱག་གཉིས་པུས་མོའི་སྟེང་དུ་ས་གནོན་གྱི་ཕྱག་རྒྱ་མཛད་པ་ཟླ་བ་ཉ་གང་བའི་རྒྱབ་ཡོལ་ཅན། སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་གྲུབ་པའི་དངུལ་ཆུ་ལྟ་བུ་ཟིལ་པ་ཕྲོམ་ཕྲོམ་ཡོད་པར་བསམས་ལ། ཁ་ནས་རླུང་རྔུབས་པས་
བདུད་རྩི་ཐམས་ཅད་སྐྱ་ནུར་ནུར་བྱུང་། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་མེར་གྱིས་གང་། འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། རྟག་བརྟན་གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་ལུས་སུ་གྱུར་ཅིང་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་ཕྲོམ་ཕྲོམ་ཡོད་པར་བསམས་ལ་རླུང་འཛིན་པ་ལན་འགའ་རེ་བྱ། རྗེས་ལས་སྦྱོར་ནི། སྒོ་བཞི་བཀག་པའི་སྦྱོར་བ་དང་། །དགུ་ཕྲུགས་འཁྲུལ་འཁོར་སྦྱོར་བ་ཡིས། །མགོ་བོའི་ནད་རྣམས་ཀུན་བྱང་ཞིང་། །མིག་གི་རབ་རིབ་མཐའ་དག་སེལ། །དེ་བཞིན་དབང་པོ་གཞན་ལའོ། །ཞེས་པའི་དོན་ལག་པའི་མཐེབ་ཆེན་གཉིས་ཀྱིས་རྣ་བ་གཉིས། མཛུབ་མོ་གཉིས་ཀྱིས་མིག་གཉིས། གུང་མོས་སྣ་གཉིས། སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ཀྱིས་ཁ་སྟེ་སྒོ་བཞི་བཀག་ཅིང་རླུང་བཟུང་ནས། གཡས་སུ་ལན་གསུམ། གཡོན་དུ་ལན་གསུམ། ཡང་གཡས་སུ་གསུམ་རེ་བསྐོར། མིག་ལྟ་བུ་ལ་མཚོན་ན་ལིང་ཏོག་རབ་རིབ་སོགས་མིག་ནད་ཐམས་ཅད་དུ་བའི་རྣམ་པས་མིག་ནང་ནས་འཐོན་ཞིང་རླུང་གིས་དེད་པར་བསམས་ལ་མིག་ཕྱེ། གཞན་རྣམས་མ་བསལ་བར་བཞག མ་ཐུབ་ན་བསལ་ལ་སྣ་ནས་དལ་བུས་བཏང་། དེས་གཞན་ལ་ཡང་བགྲེས་ཤེས་པར་བྱའོ། །དེ་ལྟར་བསྒོམས་པའི་ཕན་ཡོན་ནི་གཞུང་ལས། འདི་ལྟར་བརྩོན་པའི་རྣལ་འབྱོར་པ། །ནད་ཀྱི་རྣམ་པ་ཀུན་བྱང་ཞིང་། །ཟག་མེད་བདེ་བ་རབ་རྒྱས་ནས། །འཆི་མེད་གོ་འཕང་ངེས་པར་འཐོབ། །ཅེས་དང་། བྷཱུ་རླུང་འདི་ཉིད་བདུན་ཕྲག་གསུམ། །ཟས་གཞན་སྤངས་ཏེ་བསྒོམ་པར་བྱ། །དེ་ནས་རིམ་གྱིས་ཟླ་བ་དྲུག །བསྒོམས་ན་འཆི་མེད་འགྲུབ་བོ་གསུངས། །ཁོ་བོའི་བླ་མ་ནུབ་ཕྱོགས་པས། །འདི་ཉིད་ཟླ་བ་དྲུག་བསྒོམས་པས། །མེ་དང་ཆུ་ཡིས་མི་གནོད་པའི། །རྫུ་འཕྲུལ་མཆོག་ལ་མངའ་བརྙེས་གྱུར། །ཁོ་བོ་བློ་ཞན་བརྩོན་འགྲུས་དམན། །འོན་ཀྱང་ཞག་བདུན་ཉམས་བླངས་པས། །ཡིད་ཆེས་ངོ་མཚར་མང་དུ་བྱུང་། །ཞེས་གསུངས་པ་ལྟར་ཐོག་མར་ཞག་བདུན་ལྟ་བུར་ཟས་
སྐོམ་གྱི་སྤྲོས་པ་བཅད་ལ་ཐུན་གྲངས་དང་ཐུན་ཚད་མེད་པར་བསྒོམས་པས་ནད་ཐམས་ཅད་བྱང་བ་ནི་ཉམས་སུ་མྱོང་། དེ་ནས་གོམས་པར་བྱས་ནས་ཟླ་དྲུག་བཏང་ན་ངེས་པར་འཆི་མེད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་གྲུབ་ཐོབ་ཛ་ཧཱ་བྷཱིར་ནས་བརྒྱུད་པའི་ཚེ་སྒྲུབ་ཀྱི་ཉམས་ཁྲིད་འདི་ཉིད་དྲིན་ཅན་རྡོ་རྗེ་འཆང་བསོད་ནམས་ཆོས་འཕེལ་གྱིས་བཀའ་གནང་བ་ལྟར་ལྷ་རིགས་འ་ཞའི་བནྡེ་འཇམ་དབྱངས་ངག་གི་དབང་ཕྱུག་རྒྱལ་མཚན་རབ་བརྟན་གྱིས་རྗེ་བླ་མའི་བཞུགས་གནས་གྲོ་མོ་ལུང་དུ་ཤུགས་འབྱུང་མགྱོགས་བྲིས་སུ་སྦྱར་བ་འདིས་ཀྱང་སེམས་ཅན་ཐམས་ཅད་འཆི་མེད་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ༈ །འདི་ཉིད་ཉམས་ཁྲིད་ལུང་དང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། པདྨ་སཾ་བྷཱ་ཝ། མ་ཧཱ་སིདྡྷི་ཛ་ཧཱ་བྷཱིར། བྷྲ་མ་ནཱ་ཐ། མ་ཎི་ཀ་ནཱ་ཐ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞྭ་ལུ་པ། རྒྱལ་དབང་ལྔ་པ་ཆེན་པོ། རིག་འཛིན་པདྨ་ཕྲིན་ལས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་པ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། རིག་འཛིན་ཕྱོགས་ལས་རྣམ་རྒྱལ། མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། །དེས་བདག་ལ་སྩལ་བའོ། ༈ །ཛ་བཱིར་གྱི་རླུང་ཁྲིད་འཇའ་ལུས་མངོན་གྱུར་ཞེས་བྱ་བ་བཞུགས། །ན་མོ་གུ་རུ་ཛ་ཧཱ་བཱི་རཱ་ཡ། གང་གི་བཀའ་དྲིན་བདག་ལ་ནོད་པ་ཡིས། །སྙིང་མུན་སེལ་བའི་སྒྲོན་མེ་རབ་སྦར་ནས། །སྟོང་གསུམ་གསལ་མཛད་རྗེ་བཙུན་བླ་ན་མེད། །གྲུབ་མཆོག་བློ་བཟང་བྱམས་པར་གུས་པར་འདུད། །རྒྱ་གར་ཤར་ཕྱོགས་གྲུབ་ཆེན་ཛ་བཱིར་ནས། །རིམ་པར་བརྒྱུད་པའི་རླུང་ཁྲིད་དག་སྣང་མའི། །ཉམས་ལེན་མདོ་ཙམ་འདྲི་བར་བྱེད་པ་ལ། །བཀའ་སྲུང་དྲང་སྲོང་བརྒྱད་ཀྱིས་གནང་བ་སྩོལ། །ངེས་འབྱུང་ལྷག་བསམ་སྔོན་སོང་རྣལ་འབྱོར་པ། །ཚེ་འདི་བློས་བཏང་རླུང་ཁྲིད་ཟབ་མོའི་དོན། །སྐལ་ལྡན་
འགའ་ལ་ཕན་ཕྱིར་ལྷག་བསམ་གྱིས། །ཟབ་མོ་རླུང་གི་བཅུད་ལེན་ཉམས་ཁྲིད་བཤད། །དེ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། རང་ཉིད་གང་དུ་འདུག་པའི་གནས་ཁང་དེ་ཉིད་ཀྱང་རང་གར་གྲུབ་པ་མ་ཡིན་པ་ངོ་བོ་པདྨ་བཀོད་པའམ་བདེ་བ་ཅན་ཡིན་པ་ལ། རྣམ་པ་ས་ཆུ་མེ་རླུང་ནམ་མཁའ་ལྔའི་བཅུད་རིམ་བཞིན་སེར་དཀར་དམར་ལྗང་སྔོ་བའི་འཇའ་ཚོན་སྣ་ལྔའི་རང་བཞིན་དུ་བསམ། རང་ཡང་ཐ་མལ་དུ་གནས་པ་མ་ཡིན་པར་རང་ལུས་འཇའ་ཚོན་གྱི་རང་བཞིན་རྣམ་སྣང་གི་ཆོས་བདུན་དུ་བཅས་པའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་སྔོན་པོ་བཻ་ཌཱུརྻ་ལྟ་བུ་ཁྱད་ཆོས་བཞི་ལྡན། རྩ་རྩེ་རྦད་ཀྱིས་བཅད་པ། སྦ་མཁར་འབྲིང་པོ་ཙམ། ཡར་སྣ་ཚངས་བུག་དང་མར་སྣ་གསང་གནས་སུ་ཟུག་པ། གཡས་གཡོན་དུ་རིམ་པ་ལྟར་རོ་རྐྱང་གཉིས་ཁ་དོག་དཀར་དམར་མདའ་སྨྱུག་ཙམ་གྱི་ཡར་སྣ་རྣ་བ་གཉིས་སུ་སྦལ་པའི་ཁ་གདངས་པ་ལྟ་བུ། མར་སྣ་དབུ་མར་ཟུག་པ་ཡི་གེ་ཆ་ལྟ་བུ། རྩ་དེ་གསུམ་ལུས་ཀྱི་ཀ་བའི་ཚུལ་དུ་གནས་པ། འཇའ་ཚོན་སྣ་ལྔར་བསྒོམས་ཀྱང་ཆོག གཞན་རྒྱབ་རྩ་ཉི་ཁྲི་ཆིག་སྟོང་རྒལ་ཚིགས་རེ་གདུང་མ་རྒྱུག་པའི་དྲལ་མའི་ཚུལ་དུ་ཡོད་པའམ། ཡང་ན་རྩ་ཕྲན་ཉི་ཁྲི་ཆིག་སྟོང་གྲོ་སོགས་འབྲིང་པོ་ཙམ་གྱི་རྩ་བ་རྣམས་འཁོར་ལོ་ལྔའི་གནས་རྣམས་སུ་ཟུག་པ། རྩེ་མོ་ནས་བ་སྤུ་ཉི་ཁྲི་ཆིག་སྟོང་སྐྱེས་པ་རྣམས་ཀྱང་འཇའ་ཚོན་ལྔའི་རང་བཞིན་ནམ། ཡང་ན་འཇའ་དཀར་པོའི་རང་བཞིན་གདུང་མ་ལ་རྒྱུག་པའི་དྲལ་མའི་ཚུལ་དུ་བསམ། རྒྱས་པར་སྤྲོ་ན་རྩ་འཁོར་ཕྲན་རགས་པ་རྣམས་བླ་མེད་ལྟར་གསལ་བཏབ། སྐྱབས་ཡུལ་དང་བླ་མའི་རྣལ་འབྱོར་ལྷན་ཅིག་བསྐྱེད་པ་ནི། རང་གི་སྤྱི་བོར་ཁྲི་སྙན་སཱ་ལེའི་པགས་པའི་སྟེང་དུ། དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གྲུབ་ཐོབ་ཛ་ཧཱ་བཱི་རའི་རྣམ་པ་ཅན་འཕོངས་ཀྱིས་ཚངས་བུག་དང་། ཞབས་རྟིང་གཉིས་ཀྱིས་རོ་རྐྱང་གཉིས་ཀྱི་ཁ་བཀག་པ་འཇའ་ཚོན་གྱི་རྣམ་པར་བཞུགས་པའི་ཕྱག་གཉིས་མཛོད་སྤུར་ཐལ་མོ་སྦྱོར་བ། ཨང་རག་
དང་སྒོམ་ཐག་དམར་པོ། ན་བཟའ་དཀར་པོ། དབུ་སྐྲ་མཐིང་ག་ཐོར་ཅོག་ཕྱེད་བཅིངས་བྱས་པ། ཁྲི་སྙན་གྱི་པགས་པ་གཉིས་བལྟབས་བྱས་པ་ཕྲག་པ་གཡོན་དུ་བཀལ་བའི་མགོ་བོས་ནུ་མ་གཡོན་པ་བཀབ་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསོལ་བ། དེ་ཐམས་ཅད་ཀྱང་འཇའི་རང་བཞིན་ཅན། ཞལ་ནས་ཁྲི་སྙན་གྱི་རཱ་དུང་འབུད་པའི་སྒྲ་ལས། ཛ་བཱི་རའི་ཕྱི་ནང་གསང་གསུམ་གྱི་ཆོས་ཀྱི་ཕྱོགས་བཅུར་སྒྲོགས་པར་བསམ། དེའི་དབུ་གཙུག་ཏུ་ཁྲི་སྙན་གྱི་པགས་པའི་སྟེང་དུ་མཆོག་སྤྲུལ་རིན་པོ་ཆེ་བློ་གསལ་བསྟན་སྐྱོང་། དེའི་དབུ་གཙུག་གི་གདན་སྟེང་དུ་རྗེ་བཙུན་འཆི་མེད་གྲུབ་པའི་དབང་མོ་དཔལ་ལྡན་བཟང་མོ་ནས། མ་ཧཱ་ནཱ་ཐའི་བར་བླ་མ་ཐམས་ཅད་གྲུབ་ཐོབ་ཛ་ཧཱ་བཱི་རའི་རྣམ་པ་ཅན་དང་། ཡང་ན་རྩ་བའི་བླ་མ་ནས་རྒྱལ་དབང་རཏྣའི་བར་ཕལ་ཆེར་རབ་བྱུང་གི་རྣམ་པ་ཅན་ཆོས་གོས་གསུམ་དང་། པཎྜི་ཏ་བཛྲ་ནཱ་ཐ། གྲུབ་ཆེན་ཛ་ཧཱ་བཱི་ར། གྲུབ་ཆེན་མ་ཧཱ་ནཱ་ཐ་གསུམ་གྲུབ་ཐོབ་ཀྱི་རྣམ་པ་ཅན་ཨང་རག་སྒོམ་ཐག་སོགས་གསོལ་བ་རྣམས་ཐོ་བརྩེགས། མ་ཧཱ་ནཱ་ཐའི་སྤྱི་བོར་པདྨ་འདབ་མ་སྟོང་ལྡན་ཉི་ཟླའི་སྟེང་དུ་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ཟ་ཧོར་གྱི་ཆ་ལུགས་འཇའ་ཚོན་སྣ་ལྔའི་རང་བཞིན་ཅན། དེའི་སྤྱི་བོར་པད་ཟླའི་སྟེང་དུ་ལོངས་སྐུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པའི་རྣམ་པ་ཅན་སྐུ་མདོག་གངས་རི་ལྟར་དཀར་བ། དེའི་སྤྱི་བོར་པད་ཟླའི་སྟེང་དུ་ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་བྱེ་རུའི་མདོག་འདྲ་བ་ཕྱག་གཉིས་མཉམ་བཞག་ཅན་རྣམས་གསལ་བར་བསྒོམ་ཞིང་། རང་གི་གཡས་གཡོན་དུ་ཚེ་འདིའི་ཕ་མས་ཐོག་དྲངས་པའི་མ་གྱུར་སེམས་ཅན་ཐམས་ཅད་ཀྱང་འཇའ་ལུས་ཀྱི་རང་བཞིན་དུ་བསམས་ནས་འཇའ་ལུས་མཁའ་སྤྱོད་སོགས་འདོད་ཡུལ་བྱས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་དང་། སྤྲོ་ན་ཡན་ལག་བདུན་པ་དང་མཎྜལ་འབུལ། བདག་སོགས་འགྲོ་བ་སེམས་ཅན་རྣམས། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །དམ་ཆོས་རྣམས་ལ་སྐྱབས་སུ་མཆི། །དགེ་འདུན་རྣམས་ལ་
སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ལན་བདུན་ནམ་གསུམ་མམ་གཅིག་བརྗོད། བླ་མ་དཀོན་མཆོག་རྣམ་གསུམ་ལ། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །གསོལ་འདེབས་དགེ་ཚོགས་བྱང་ཆེན་བསྔོ། །ཕྱི་ནང་སྣོད་བཅུད་ལོངས་སྤྱོད་རྣམས། །དཀོན་མཆོག་གསུམ་ལ་གུས་པས་འབུལ། །རང་གཞན་ཚོགས་གཉིས་རབ་རྫོགས་ཤིང་། །ཡང་དག་འཇའ་ལུས་མྱུར་ཐོབ་ཤོག །དེ་ནས་དབྱངས་དང་བཅས་པས་གསོལ་བ་འདེབས་པ་ནི། ན་མོ། ཀ་དག་རང་བྱུང་ཉིད་ཀྱི་ཕོ་བྲང་དུ། །ཆོས་སྐུ་འོད་མི་འགྱུར་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འཇའ་ལུས་གྲུབ་པ་དང་། །ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚིག་འོག་མ་གཉིས་ཀུན་ལ་འགྲེ། ལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་དུ། །ལོངས་སྐུ་སྤྱན་རས་གཟིགས་ལ༴ ཕུང་པོ༴ ཚེ་འདིར༴ །ཐུགས་རྗེ་ཕྱོགས་ལྷུང་བྲལ་བའི་ཕོ་བྲང་དུ། །སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས། ཕུང་པོ༴ ཚེ་འདིར༴ །འཁྲུལ་པའི་མཚན་མ་རང་གྲོལ་ཕོ་བྲང་དུ། །མ་ཧཱ་ནཱ་ཐའི་ཞབས་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །རྩ་གསུམ་བདེ་བ་ཆེན་པོའི་ཕོ་བྲང་དུ། །གྲུབ་ཆེན་ཛ་ཧཱ་བཱི་ར་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །སྐུ་དང་ཡེ་ཤེས་མཐར་ཕྱིན་ཕོ་བྲང་དུ། །བཛྲ་ནཱ་ཐའི་ཞབས་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །གཞོ་སྟོད་ཏེ་སྒྲོ་བྲག་གི་རི་ཁྲོད་དུ། །རྒྱལ་དབང་རཏྣའི་ཞབས་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །གནས་ཆེན་ཟབ་ཕུ་ལུང་གི་ཕོ་བྲང་དུ། །རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །མཁའ་ཁྱབ་བསམ་གཏན་གླིང་གི་དགོན་པ་རུ། །མཁས་མཆོག་འོད་གསལ་རྒྱ་མཚོ་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །གང་ཤར་བདེ་བ་ཆེན་པོའི་ཕོ་བྲང་དུ། །རས་ཆེན་ཆོས་རྒྱལ་ལྷུན་གྲུབ་
ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །སྤྱི་བོ་བདེ་བ་ཆེན་པོའི་ཕོ་བྲང་དུ། །བྱམས་མགོན་ཚུལ་ཁྲིམས་གྲགས་པ་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །སྙིང་ག་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །འདྲེན་མཆོག་སངས་རྒྱས་ཤེས་རབ་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །ལྟེ་བ་སྤྲུལ་པའི་སྐུ་ཡི་ཕོ་བྲང་དུ། །འཇམ་དབྱངས་བྱམས་པ་ཀུན་དགའ་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །ལྷུན་གྲུབ་སྐུ་གསུམ་འདུས་པའི་ཕོ་བྲང་དུ། །འདྲེན་མཆོག་བློ་བཟང་ཆོས་རྒྱན་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །དབེན་གནས་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། །འདྲེན་མཆོག་ལྷ་པའི་མཚན་ཅན་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །ཁ་སྐོང་ནི། བྱང་ཆེན་ཐར་པ་ཆེན་པོའི་རི་ཁྲོད་དུ། །མཁས་གྲུབ་བློ་བཟང་བསྟན་འཛིན་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །ཡང་དབེན་བསམ་གཏན་སྒང་བའི་གཟིམ་སྤྱིལ་དུ། །བཤེས་གཉེན་ཡེ་ཤེས་རྒྱལ་མཚན་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །དགའ་ལུང་འཆི་མེད་གྲུབ་པའི་དབེན་གནས་སུ། །རྗེ་བཙུན་དཔལ་ལྡན་བཟང་མོ་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །མཁས་པའི་འབྱུང་གནས་ཞྭ་ལུ་རི་ཕུག་ཏུ། །རིན་ཆེན་བློ་གསལ་བསྟན་སྐྱོང་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །རིས་མེད་མཁས་གྲུབ་འདུ་བའི་བསྟི་གནས་སུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །བཀོད་པ་བྱང་ཆུབ་སེམས་ཀྱི་ཕོ་བྲང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཕུང་པོ༴ ཚེ་འདིར༴ །གསང་གནས་བདེ་བ་རྒྱས་པའི་ཕོ་བྲང་དུ། །བཀའ་སྲུང་དྲང་སྲོང་སྡེ་བརྒྱད་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དང་། །ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། འོད་དཔག་མེད་ནས་རེ་རེ་བཞིན་རིམ་པར་འཇའི་རང་བཞིན་རྩ་བའི་བླ་མའི་བར་ཐིམ་པར་དམིགས་ནས་འཇོག་ལ། དེ་ནས། ན་མོ་ཛ་ཧཱ་བཱི་ར། ཞེས་པའི་སྔགས་བདུན་ནམ། ཉེར་གཅིག་བརྗོད་ནས། ལག་པ་གཡོན་པའི་སྲིན་མཛུབ་ཀྱིས་ལྕེ་ཐོག་ནས་མཆིལ་མ་བླངས་པ་སྨིན་མཚམས་སུ་ཐིག་ལེ་བྱས་པས། དེ་ཁྲི་སྙན་སཱ་ལེའི་པགས་པར་གྱུར་པའི་སྟེང་དུ་ཛ་བཱི་ར་མཐེབ་ཚོན་གང་བ་བཞེས་པ་གཅིག་བསྐྱེད་པའམ། ཕྲ་བ་ནས་རྡོག་ཙམ་ཞིག་བཞེངས་སྟབས་ཀྱིས་བཞུགས་པ་དེས་གེགས་སེལ་ཞིང་། ཟས་ཀྱི་དངོས་གྲུབ་
སྟེར་བར་བསམ་མོ། །གཉིས་པ་དངོས་གཞི་ལ་བདུན། ཟས་སུ་ཟ་བ། གོས་སུ་གྱོན་པ། གདན་དུ་འདིང་བ། ཚེ་བསྲིང་བ། བྱིན་རླབས་དབང་བཞི་ལེན་ཚུལ། སྐོམ་དུ་བཏུང་བ། གེགས་སེལ་བ་རྣམས་སོ། །དང་པོ་ཟས་སུ་ཟ་བ་ལ་གཉིས་ཏེ། རླུང་ཞི་བ་སྒྲ་མེད་དུ་ཟ་བ་དང་། དྲག་པོ་སྒྲ་བཅས་སུ་ཟ་བའོ། །དང་པོ་རླུང་ཞི་བ་སྒྲ་མེད་དུ་ཟ་བ་ནི། ཕྱིའི་འབྱུང་བ་ལྔའི་བཅུད་རྣམས་མདུན་གྱི་ནམ་མཁར་འཇའ་ཚོན་སྣ་ལྔའི་རང་བཞིན་དུ་གསལ་བ། ནང་གི་རླུང་གིས་འཐེན་ནས་རང་གི་ཁར་རྔུབས་ཏེ་ཟ་བ་དང་། གཉིས་པ་རླུང་དྲག་པོར་ཟ་བ་ན། མགྲིན་པ་ཅུང་ཟད་བཏེགས་ནས་ཁ་གདངས་པས་གཡོན་ནས་གཡས་སུ་བསྐོར་ནས་ལན་གསུམ་ཙམ་ཧབ་ཧབ་བྱས་ཏེ་འགྲམ་ཕུག་བསྟིགས་ནས་མཆིལ་མ་དང་ལྷན་དུ་ལྡིག་བསྐྱུར་བྱ་ཞིང་ཅུང་ཟད་རེ་དགང་བས་ལུས་ཀྱི་ནང་ཐམས་ཅད་འཇའ་ཚོན་གྱིས་ཁྲིག་མེར་ཏེ་གང་བར་བསམ་ཞིང་། བཅུད་རྣམས་རླུང་འཇའ་ཚོན་སྣ་ལྔ་ཟ་བའི་སྐབས་ལྟར་ལ་ཟས་མེད་པས་ཆོག་པར་བྱེད། ཅི་སྟེ་མཆོག་ན་ཇ་ཕོར་གང་དོས་བྲིད། བཟའ་བཅའ་བཏུང་བ་དང་སྣང་བ་ཐམས་ཅད་ཀྱང་འཇར་བསྒོམ། འཇའི་མཚན་ཉིད་ཀྱང་གོང་དུ་བསྟན་པ་ལྟར་གོང་འོག་ཐམས་ཅད་དུའོ། །གཉིས་པ་གོས་སུ་གྱོན་པ་ནི། རླུང་སྔར་ལྟར་ཟོས་པས་ལུས་ནང་དུ་མ་ཤོང་བར་རོ་རྐྱང་གསུམ་གྱི་ཁ་ནས་ཐོན་པས་བླ་མ་ཛ་ཧཱ་བཱི་ར་འདོམ་གང་ཙམ་འཕགས་ནས་འཇའི་སྟེང་དུ་བཞུགས། དེ་ནས་ཀྱང་ལུས་ཀྱི་ནང་དུ་མ་ཤོར་བར་རྩ་ཕྲན་ཉི་ཁྲི་ཆིག་སྟོང་གི་ཁ་དང་ཁྱད་པར་སྤྱི་བོ་ནས་ལུད་པ་བདེ་དྲོད་དང་བཅས་པ་ལུས་ལ་འཇའ་དགུ་བརྩེགས་ཀྱི་གོས་ཁྲ་ཤིག་ཤིག་གཡོགས་པས་བདེ་དྲོད་འབར་བར་བསམ་ཞིང་། གོས་ཐམས་ཅད་ཀྱང་འཇའ་ཚོན་དུ་བསྒོམ་མོ། །གསུམ་པ་གདན་དུ་འདིང་བ་ནི། རླུང་སྔར་ལྟར་ཟོས་པས་ལུས་ནང་དུ་མ་ཤོང་བར་འོག་སྒོ་གཉིས་དང་། ལུས་སྨད་ཀྱི་བ་སྤུའི་བུ་ག་རྣམས་ནས་སྡོམ་གྱི་ཐག་པ་ལྟར། ཤིན་ཏུ་ཕྲ་བ་འཇའི་རྣམ་པར་འཕྲོས་པའི་རྩེ་མོ་ལྕགས་ཀྱུ་ལྟ་བུས་འོག་གཞི་དབང་ཆེན་གསེར་གྱི་ས་གཞི་ནས་འ་བྱུང་བ་ལྔའི་བཅུད་རྣམས་འཇའ་སྣ་ལྔའི་རང་བཞིན་དུ་
བསྡུས་པས། དབྱར་དུས་ས་རླངས་རྒྱས་པ་ལྟར་སྟོང་གསུམ་གང་བ་དེ་ཐམས་ཅད་རིམ་གྱིས་གླིང་བཞི་དང་། འཛམ་གླིང་དང་། ཡུལ་ཕྱོགས་གནས་ཁང་རྣམས་སུ་འདྲིལ། མཐར་རང་གི་མལ་ཁེངས་པས་ལུས་ཀྱི་ནུ་མ་མན་བཏུམས་ནས་ལུས་ལ་བདེ་དྲོད་འབར་བར་བསམ་ཞིང་། གདན་ཐམས་ཅད་འཇར་བསྒོམ། བཞི་པ་ཚེ་བསྲིང་བ་ནམ་མཁའ་ཟས་སུ་ཟ་བ་ནི། ནམ་མཁའ་ལ་ལྟ་སྟངས་གཏད་དེ། ཧཱུྃ་ཞེས་བརྗོད་ནས་རླུང་ཟོས་པས་འཛམ་གླིང་གི་ནམ་མཁའི་ཁམས་ཐམས་ཅད་འཇའ་བཻཌཱུརྻའི་མདོག་ལྟ་བུ་བྱུང་བ་མདུན་གྱི་ནམ་མཁར་ཧཱུྃ་མཐིང་ཁ་མཁྱུད་གང་ཙམ་དུ་གྱུར་པ་རླུང་ཞབས་གཅོད་པ་དང་མཉམ་དུ་བྱུང་བས་ཚེའི་བདུད་རྩི་སྔོན་པོ་ཞུ་ནས་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམ་མོ། །ལྔ་པ་བྱིན་རླབས་དབང་བཞི་ལེན་ཚུལ་ནི། རླུང་སྔར་ལྟར་ཟོས་པས་ལུས་ནས་འཇའ་ཚོན་མཆོད་སྤྲིན་གྱི་རྣམ་པ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་མཉེས་པར་བྱས། དེ་རྣམས་ཀྱི་གནས་ལྔ་ནས་ཡེ་ཤེས་ལྔ་འཇའ་ཚོན་སྣ་ལྔའི་རྣམ་པར་སྤྱན་དྲངས་པ་རང་གི་གནས་ལྔར་ཐིམ་པས་སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ་ནས་སྐུ་བཞི་ཐོབ་པའི་མོས་པ་ཅི་བརྟན་བྱའོ། །དྲུག་པ་སྐོམ་དུ་བཏུང་བ་ནི། སྣང་བ་ཐམས་ཅད་ཆུར་བསྒོམ་ཞིང་། ཁྱད་པར་བྲག་གཡང་མཐོན་པོའི་ཆུ་ཤིན་ཏུ་བསིལ་བ་ཤང་སྒྲ་དང་བཅས་པ་ནམ་མཁའ་ནས་བྱུང་བར་བསམ་ཞིང་། རླུང་སོ་ལ་བཤད་ནས་སྐོམ་དུས་སུ་བཏུང་བའོ། །བདུན་པ་གེགས་སེལ་བ་ནི། སྒྲ་མེད་ཞི་བར་ཟ་སྐབས། ལུས་གནད་མ་ངེས། འཕོང་ཅུང་ཟད་བཏེགས་མགུལ་པ་གྱེན་ལ་བརྐྱངས་ནས་ཟོས་པས། དྲག་པོར་ཟོས་པའི་གེགས་དམར་ཐོམ་སོགས་སེལ། ཧབ་ཟས་ཀྱི་སྐབས། ལུས་གནད་གོང་ལྟར་ལ་ཧབ་ཅེས་རྦད་ཀྱིས་བཅད་ནས་ཟ་ཞིང་བྲང་ལ་ཁུ་ཚུར་བྱས་པས་རླུང་སྟོད་དུ་ཕྱུར་བ་དང་། འཚང་བ་སེལ་ལོ། །བཙན་ཐབས་སུ་ཟ་སྐབས། ཡ་རྐན་གྱི་སྟེང་ནས་འབེབས་པ་དང་། མགྲིན་པ་བཀུག་ནས་འདེགས་པ་གཉིས་ཀྱིས་ངལ་དུབ་སེལ་བའོ། །སྒྲེགས་སྐྱུགས་གནོན་ཞིང་འོག་རླུང་མི་བཏང་བ་གནད་ཆེ། འདི་རྣམས་
གེགས་སེལ་ཡིན་ཞིང་། དངོས་གཞི་དྲག་ཟས་རང་ལ་འབད་དོ། །འདིའི་སྐབས་འགྲོ་འདུག་དགོས་དུས་འཇའ་དཀར་པོའི་སྟེང་དུ་འགྲོ་བའི་དམིགས་པ་བྱེད། སྔ་ཐུན་ལ་ཐོག་མར་ངག་མི་བཏང་བར་རླུང་རོ་དགུ་ཕྲུགས་སུ་འབུད་ཅིང་། དགེ་སེམས་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་ནས་བཟུང་ཐུན་དྲུག་གི་སྐབས་སོ་སོའི་དམིགས་པ་དང་། རླུང་ཟས་གཉིས་ལ་འབད་པ་གལ་ཤིན་ཏུ་ཆེ། ཐུན་ཐ་མར་ཉལ་བར་ཕྱོགས་པ་དང་། སྤྱི་བོའི་བླ་མ་སྨིན་མཚམས་ཀྱི་གྲུབ་ཆེན་ཛ་བཱི་ར་ལ་བསྟིམས་ཞིང་ཅི་གནས་སུ་མཉམ་པར་བཞག རླུང་དེ་ཉིད་བུམ་པ་ཅན་དུ་འཛིན་ན་བླ་མ་རྣམས་འཇའ་ཚོན་གྱི་རྣམ་པར་རང་ལ་ཐིམ་ནས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས། འཇའ་ལུས་ཕྱི་གསལ་ནང་གསལ་དུ་མཉམ་པར་བཞག བདག་ལུས་ཛ་ཧཱ་བཱིར་ཏུ་གསལ་བའི་ལུས་ནང་དུ། རྩ་དབུ་མ་ཡར་རྩེ་སྤྱི་བོར་ཟུག་པ་མར་སྣ་ལྟེ་འོག་གཉེར་པོ་ཆེར་ཟུག་པ་མཚན་ཉིད་བཞི་དང་ལྡན་པ། དེ་ཡང་ཏིལ་གྱི་མར་མེ་ལྟར་གསལ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། པདྨའི་འདབ་མ་ལྟར་སྲབ་པ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། དེ་ཡང་རྟ་རྔ་ཙམ་ནས་མདའ་སྨྱུག་ཙམ། སྦ་ལྕག་ཙམ། ལུས་རིལ་པོ་དབུ་མ། དེ་རྒྱ་ཇེ་ཆེར་སོང་། ནམ་མཁས་གར་ཁྱབ་དབུ་མས་ཁྱབ་པར་བསམ། སླར་ཡང་ཇེ་ཕྲ་ལ་སོང་། སྦ་ལྕག་ཙམ་དུ་གསལ། གཡས་སུ་རོ་མ་དམར་པོ་ཡར་སྣ་སྣ་བུག་གཡས་ལ་ཟུག་པ་དང་། གཡོན་མ་རྐྱང་མ་དཀར་མོ་ཡར་སྣ་སྣ་བུག་གཡོན་ལ་ཟུག་པ། གཉིས་ཀའི་མར་སྣ་དབུ་མའི་མར་སྣར་ཟུག་པ། དེ་ཡང་རྩ་གསུམ་གྱི་རྩ་བ་ཡི་གེ་ཆའི་འཕོངས་ལྟ་བུའོ། །རྩ་གསུམ་པོ་ལུས་ཀྱི་ཀ་བའི་ཚུལ་དུ་གནས་པའོ། །དེ་ལྟར་གནས་པའི་རྩ་དབུ་མ་ལ་མཁར་བཙལ་ཏེ་སྙིང་ཁར་ཆོས་ཀྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པར་བརྒྱད་གཉིས་བཅུ་དྲུག སྤྱི་བོར་སུམ་བརྒྱ་དྲུག་ཅུ། ལྟེ་བར་དྲུག་ཅུ་རྩ་བཞི། གསང་གནས་ཉི་ཤུ་རྩ་བརྒྱད། རྩ་འཁོར་དེ་རྣམས་གདུགས་ཀྱི་རྩིབས་མ་ལྟར་གསལ་བའོ། །དེ་ཐམས་ཅད་ཀྱང་དབུ་མའི་མཚན་ཉིད་ལྟར་གསལ་བའོ། །དབུ་མ་དེའི་ནང་དུ་མར་སྣར་ཉི་མའི་
དཀྱིལ་འཁོར་གྱི་སྟེང་དུ། མི་ཤིགས་པའི་ཨ་ཐུང་སྐྲ་རྩེ་ཙམ་དབུ་མའི་ནང་དུ་ཚུད་པ་མེ་འོད་ཕྲོམ་ཕྲོམ་འབར་བ་ལ་ཤེས་པ་གཏད། དེའི་ངང་ནས་རླུང་རོ་དགུ་ཕྲུགས་སུ་འབུད་ཅིང་། དེ་ནས་རླུང་ནང་དུ་རྔུབ་སྟེ། ལྟེ་འོག་ཏུ་ཁ་སྦྱར་བཟུང་ངོ། །དམིགས་པ་ཨ་ཐུང་མེ་འོད་འཕྲོ་བ་ལ་གཏད། འོག་རླུང་བསྐུམ། རླུང་མི་ཐུབ་པ་དང་རྔུབ་ཆུང་བྱེད་ཅིང་དལ་བུས་སྣ་ནས་བཏང་། དེ་ལ་གོམས་པ་དང་མེ་ལྟེ་འོག་ཏུ་འབར་བ་ལ་དམིགས་པ་གཅིག དེ་ནས་སྙིང་ཁ་མགྲིན་པ་རྣམས་རེ་རེ་ལ་དམིགས་པ་རེ་རེ་བྱེད། དེ་དང་བསྟུན་ནས་རྔུབ་ཆུང་རེ་བསྣན་ཏེ་བསྒོམ། ལག་གི་མཛུབ་མོ་བསྣོལ་ཏེ་པུས་མོར་འཁྱུད་ལ་སྤྲུགས་པར་བྱའོ། །ཕོ་བ་བསྐོར་བ་བརྒྱ་རྩ་རེ་ཡང་བྱ། མགོ་བོ་གཡས་གཡོན་གདུགས་ལྟར་བསྐོར། གཡས་གཡོན་ཕྱོགས་བཞི་དག་ལ་འཕང་། །ལག་པ་གཡས་གཡོན་རེས་མོས་འཕང་། །རོ་སྟོད་གཡས་གཡོན་རེས་མོས་གཅུད། །སྨད་ལྡེམ་རྐང་པ་རེས་མོས་བཤད། །དེ་ལྟར་བརྩོན་འགྲུས་དྲག་པོས་འབད། །ཡང་རླུང་རྔུབ་སྟེ་ལུས་ཀྱི་ནང་ཐམས་ཅད་མེས་གང་། བ་སྤུའི་བུ་ག་ཐམས་ཅད་མེ་སྟག་ཕྲོམ་ཕྲོམ་ལ་ཤེས་པ་གཏད་ནས་རླུང་བསྒོམ། དེ་ནས་གང་མཐོང་གི་ས་དང་ནམ་མཁའ་ཀུན་མེས་གང་བར་བསམ་སྟེ་རླུང་དྲག་པོར་དགང་། རྔུབ་ཆུང་ལྔ་ལ་བརྡབ་སྤྲུགས་རེ་རེའམ་གསུམ་གསུམ་བྱེད། མཐར་དྲག་པོར་བུས། རྗེས་ལ་འཇམ་རླུང་གིས་ཁ་བརྒྱན་ནོ། །དེ་ནས་འཁྲུལ་འཁོར་རྣམས་ལ་འབད། དེས་ལུས་ཀྱི་རྩ་མདུད་གྲོལ་བས་ལུས་ལ་བདེ་དྲོད་སྐྱེའོ། །གསུམ་པ་རྗེས་ནི། གནས་སྐབས་དང་མཐར་ཐུག་གི་སྨོན་གནས་སུ་གྱུར་པ་འགྲུབ་ཅིང་དེ་ལས་བྱུང་བའི་དགེ་བ་རྣམས་འདུན་པ་དྲག་པོས་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཛ་ཧཱ་བཱི་ར་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྨོན་ལམ་ནི། འཚོ་བའི་རྒྱུན་བཅད་རླུང་སྦྱོར་གྱིས། །མ་རིག་འཁྲུལ་པ་དག་གྱུར་ཏེ། །རྩ་གསུམ་དབང་བསྒྱུར་འཇའ་ལུས་སྐུ། །ཚེ་འདིར་མངོན་དུ་འགྱུར་བར་ཤོག །ཤིས་བརྗོད་ནི། བདེ་སྟོང་ཆོས་ཉིད་འགྱུར་མེད་ཐུགས། །གྲགས་
སྟོང་རྒྱུན་ཆད་མེད་པའི་གསུང་། །སྣང་སྟོང་གསལ་འགྲིབ་མེད་པའི་སྐུ། །འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག །འདི་ལྟར་གདམས་པ་འདི་ཐོག་མར་ཞག་བདུན་ངེས་པར་བྱ་ཞིང་། ཕྱི་ནས་ཇ་སོགས་མེད་པར་ཞག་བརྒྱ་གཅིག་ཡན་ངེས་མེད་གང་ཐུབ་ལ་འབད་ཅིང་། དུས་རྒྱུན་པར་ཡང་བཟའ་བཏུང་བྱེད་དུས་དང་། དགེ་སྦྱོར་གྱི་ཐུན་མཚམས་ཐམས་ཅད་དུ་ཟོས་པའི་ལག་རྗེས་སུ་རབ་འཇའ་ལུས་མངོན་དུ་འགྱུར་བ་དང་། དེ་མིན་ཡང་ཐུག་པ་རྩམ་པ་སྦངས་ནས་ལོ་དང་ཚེ་ཧྲིལ་པོ་བའི་ཉམས་ལེན་བྱ་གསུངས་སོ། །ཕན་ཡོན་ནི། དེ་ལྟར་ཉམས་སུ་བླངས་པས། གནས་སྐབས་སུའང་དགེ་སྦྱོར་འགྲིབ་རྐྱེན་གྱི་དཀོར་སྤྱི་དང་། ཁྱད་པར་ལོག་འཚོ། གཤིན་ཟས་དད་ཟས་སོགས་ཀྱི་ཉེས་པ་ཁེགས་ཤིང་། དཀའ་ཐུབ་བྱས་པས་ལས་སྒྲིབ་དཔག་མེད་འཛད་ཅིང་ཟས་སོགས་ཚེ་འདིའི་དབང་དུ་མི་འགྲོ་བ་དང་། རང་གི་སྟོན་པ་ནས་གོང་མ་རྣམས་ཀྱི་རྣམ་ཐར་དང་མཐུན་པས་གདུང་འཚོབ་པར་ཡང་འགྲོ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །འདི་ཞག་བདུན་ཕྲག་གཅིག་ཐེངས་པས་ཡི་དྭགས་ཀྱི་སྐྱེ་སྒོ་གཅོད་པར་ཨོ་རྒྱན་གྱི་བྲོ་བོར་ཞིང་། གཉིས་པ་བཏང་བས་རླུང་གི་གེགས་སེལ། གསུམ་པ་བཏང་བས་རླུང་གི་མདངས་རྙེད། མང་དུ་བཏང་བས་གྲུབ་ཆེན་ཛ་ཧཱ་བཱི་ར་ལྟར་འཇའ་ལུས་བརྙེས་པ་ལ་སོགས་པའི་ཕན་ཡོན་ཤིན་ཏུ་ཆེ་ཞིང་། མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་མྱུར་དུ་སྟེར་བས་ཚེ་བློས་བཏང་ནས་ལག་རྗེས་ཐོན་པ་གལ་ཆེའོ། །གདམས་པ་འདི་ཚེ་བློས་བཏང་དང་། དབང་བཞི་ཐོབ་པ་ལ་མ་གཏོགས་གཞན་ལ་བྱིན་ན། དྲང་སྲོང་ཆེན་པོ་རཱ་ཧུ་ལ་སོགས་གཟའ་ཆེན་བརྒྱད་ལ་བཅོལ་གཏད་ཡོད་པ་ལགས་པས། རང་སྲོག་ལ་གཅེས་སྤྲས་གལ་ཆེའོ། །ཟུར་སོགས་མ་དག་ལྷག་ཆད་བྱུང་བ་རྣམས། །རིན་ཆེན་བླ་མ་མཆོག་དང་ལྕམ་དྲལ་དང་། །བཀའ་སྲུང་དྲང་སྲོང་སྡེ་བརྒྱད་ལ་སོགས་པའི། །བཤགས་ཡུལ་ཇི་སྙེད་མཆིས་པས་བཟོད་པར་གསོལ། །ཞེས་ཛ་བཱིར་ཀྱི་རླུང་ཁྲིད་བཅུད་ལེན་འཇའ་ལུས་མངོན་གྱུར་ཞེས་པ་འདི་ནི་ལྷོ་སྤྱན་ལུང་གི་སའི་
ཆར། དཔལ་མཆོག་གི་ཕོ་བྲང་སྒྲུབ་གནས་ཆེན་པོ་འབྲོག་ཤེལ་སྟོད་རི་བོ་ཆེར་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སླར་ཡང་ངུར་སྨྲིག་གི་རྣམ་པར་རོལ་པ་བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོ་བློ་བཟང་བྱམས་པ་ཕུན་ཚོགས་མཚན་ཅན་གྱི་བཀའ་འབངས་ཐ་ཤལ་བ་ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་ཟིན་བྲིས་བཏབ་པ་དགེའོ།། །།
དཔལ་ས་སྐྱ་པའི་མན་ངག་ལས་བརྒྱུད་པའི་སྦྱིན་སྲེག་བསྡུས་པའི་སྐོར།
དཔལ་ས་སྐྱ་པའི་མན་ངག་ལས་བརྒྱུད་པའི་སྦྱིན་སྲེག་བསྡུས་པའི་སྐོར་བཞུགས་སོ།།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། དམ་ཚིག་དང་རྗེས་སུ་མཐུན་པའི་ཡོ་བྱད་མ་ཚང་བའམ། དམ་ཚིག་གི་ཉེས་པ་བྱུང་ན། དེའི་སྐྱོན་བསལ་བའི་ཕྱིར། དང་པོར་སྦྲང་རྩི། མར། ཏིལ་ནག་པོ་གསུམ་བསྲེས་ལ་སྡིག་པའི་གཟུགས་གསུམ་ལ་སོགས་པ་ཅི་རིགས་བྱ། དེ་ནས་སྲོད་ཀྱི་དུས་སུ་སྣོད་ཤིན་ཏུ་གཙང་མར། མར་དཀར་པོ་ཞུས་ལ། རས་དཀར་པོ་དྲི་མ་མེད་པའི་སྡོང་བུ་ལ་མེ་སྦར་ཏེ། དེ་ཆང་གིས་བྱུགས་པའི་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་བཞག དེ་ནས་རང་ཉིད་རྣལ་འབྱོར་རྫོགས་པར་བསྒོམ་ལ། སྙིང་གར་སེམས་ཀྱི་རྟེན་ཧཱུྃ་གནས་པ་ལས་ཀྃ་ནག་པོའི་ཕྲེང་བ་ཀྲིག་ཀྲིག་བྱུང་བ་གཟུགས་བརྙན་ལ་བསྟིམས་པ་དེ། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་དམ་ཚིག་གི་ཉེས་པའི་ངོ་བོར་དྲན་པར་བྱ། དེ་ནས་མར་མེ་དེ་རྗེ་བཙུན་མ་རང་གང་བྱེད་དུ་སྐད་ཅིག་གིས་མོས། གཡོན་པའི་མཐེབ་མཛུབ་གཉིས་ཀྱིས། སྡིག་པའི་གཟུགས་དེའི་མགོ་བོ་ནས་དུམ་བུ་དུམ་བུར་བཅད་ཅིང་། རྗེ་བཙུན་མའི་ཞལ་དུ་ཕུལ་བར་དམིགས་ལ། སྔགས་རེ་བརྗོད་ཅིང་བསྲེག དེ་ལྟར་རྫས་ཟད་ཟད་བྱ། རྫས་ཟད་ཀྱང་མར་མེ་མ་མནལ་ན། དེའི་བར་དུ་བསྒོམ་བཟླས་བྱ། ནངས་པར་ཀོང་བུའི་ནང་གི་རྫས་ཀྱི་ཐལ་བ་རྣམས་ཆུ་བོར་དོར། ཀོང་བུ་ཕྱིས་ལ། ཡང་སྔར་བཞིན་བྱ། མཚན་མ་བཟང་པོ་བྱུང་བྱུང་བྱའོ། །དཔལ་ལྡན་རི་ཁྲོད་ཞབས་ཀྱི་གསུང་ངག སྒྲུབ་པ་པོ་ལ་ཕན་པར་བྱེད་པའོ། །རི་ཁྲོད་པ། མཻ་ཏྲི་པ། རྒྱ་གར་ཕྱག་ན། ཧང་དུ་དཀར་པོ། བླ་མ་ལོ་ཆུང་ལེགས་པའི་ཤེས་རབ། བླ་མ་ཨ་སེང་། བླ་མ་ས་སྐྱ་པའོ། །ཁྱད་པར་དུ་དབང་གི་སྦྱིན་སྲེག་བྱེད་པར་འདོད་ན། ས་ཕྱོགས་དབེན་པར་ཆང་དང་བདུད་རྩིས་མཎྜལ་བྱུགས་ལ། དེར་ལི་ཁྲི་ལ་སོགས་པས་ཐབ་གྲུ་གསུམ་དམར་པོ་བྱ། དེར་ཤིང་གང་རྙེད་བརྩིགས། དེ་ནས་ཀཎྜ་ཀ་རཱི། མེ་ཏོག་དམར་པོ། ལན་ཚྭ་དང་བུ་རམ་བསྲེས་པའི་རིལ་བུ་སྲན་མ་ཙམ་པ་བྱ། གཡས་སུ་གཏོར་མ་དམར་པོར་ཁ་དོག་བསྒྱུར་བ་བཞག རང་གི་མདུན་དུ་མཎྜལ་དམར་པོར་བྱུག་པ་ལ། མེ་ཏོག་ཚོམ་བུ་ལྔ་
དགྲམ། ཉི་མ་ཕྱེད་དྲང་པོར་གྱུར་པ་ན། ལྷའི་སྒོམ་བཟླས་སྔོན་དུ་སོང་བས་ལྷག་པའི་ལྷའི་སྙིང་པོའི་མཐར། ཆེ་གེ་མོ་ཝ་ཤ་མ་ན་ཡ་ཧྲཱིཿཛཿཞེས་ཅུང་ཟད་བཟླ། དེ་ནས་ཐབ་ཏུ་མེ་སྦར་ལ། བསྲེག་རྫས་གསུམ་པོ་རིམ་པ་བཞིན་མ་ནོར་བར་སྔར་གྱི་སྔགས་དེས། སྔགས་རེས་རྫས་རེ་རེས་མོས་སུ་ཇི་སྲིད་རྫས་ཟད་ཟད་བསྲེག་གོ །སྦྱིན་སྲེག་འདི་ཞག་ཉེར་གཅིག་རྫོགས་པར་བྱ། སྒྲུབ་པའི་དུས་འདིར་ཁ་ཟས་མང་པོ་སྟེར་བ་བྱུང་ན་མྱུར་དུ་འགྲུབ་པ་ཡིན་ནོ། །གཏོར་མ་ལ་བསྔོ་བ་མེད་དེ་འབུལ་ལོ། །སྤོགས་ཆོག་ལན་གསུམ་གྱིས་མི་འགྲུབ་མི་སྲིད་དོ། །དབང་གི་སྦྱིན་སྲེག་མདོར་བསྡུས། བླ་མ་ལོ་ཆུང་གི་མན་ངག་གོ། ༈ །།ཞི་བའི་སྦྱིན་སྲེག་མདོར་བསྡུས་ནི། ས་ཕྱོགས་དེ་དྲི་ཞིམ་པོའི་ཆུས་སྐྱང་ནུལ་བྱ། དེང་རེ་ཁཱ་དཀར་པོ་ཁྲུ་གང་«མན་ངག་གཅེས་བཏུས་ལས། ཟླུམ་པོར་རྒྱར་ཁྲུ་གང་བ་ཞིག་རེ་ཁཱ་དཀར་པོས་བཅད་ཅེས་གསུངས་སོ།་་་་་»བསྐོར། ཞི་བའི་ཤིང་ངམ། བ་ལང་གི་ལྕི་བ་སྲོག་ཆགས་མེད་པ་ལ་རྩྭ་ལ་སོགས་པས་མེ་སྦར་ཏེ། མདུན་དུ་ཏིལ་ནག་པོ་བཞག་ལ། རང་ལྷའི་རྣལ་འབྱོར་སྐད་ཅིག་གིས་བསྒོམས་ལ། ལྷག་པའི་ལྷའི་སྙིང་པོའི་མཐར། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཧཱུྃ་«མན་ངག་གཅེས་བཏུས་སུ་ཧཱུྃ་མེད།་་་་་»སྭཱ་ཧཱ། ཞེས་པ་ཤམ་བུ་བཏགས་ཏེ་ཏིལ་མེ་ལ་བསྲེག གྲངས་བཟུང་། བསྲེག་རྫས་ཟད་པ་དང་སྟན་དེ་ལས་མ་ལངས་པར་སྙིང་པོ་ཅི་ནུས་གཅིག་བཟླ། དེ་མ་ཐག་ཏུ་ཐལ་བ་ཆུ་བོར་དོར། རྨི་ལྟས་སུ་ཁྲག་སྐྱུགས་པ། འཁྲུ་བ། སྣ་ཁྲག་མང་དུ་བྱུང་བ། ཁྲུས་བྱེད་པ། ལུས་ལས་སྲོག་ཆགས་འཐོན་པ་ལ་སོགས་པ་སྡིག་པ་དག་པའི་རྟགས་དུ་མ་འབྱུང་ངོ། །དུས་ལ་ངེས་པ་མེད། འདི་བྱས་ན་ཡིད་ཆེས་ཁྱད་པར་ཅན་སྐྱེའོ།། །།རྒྱས་པ་ལ། ཚེའམ་ལོངས་སྤྱོད་རྒྱས་པར་འདོད་ན། ཐབ་ལ་ངེས་པ་མེད། མེ་གང་ཡང་རུང་བ་ལ་བཏབ། ལྷག་པའི་ལྷའི་སྙིང་པོའི་མཐར་ལས་ཀྱི་ཤམ་བུ་སོ་སོར་གདགས་ཏེ། ཨཱ་ཡུཿཔུཥྚིཾ་ཀུ་རུ་ཨོཾ། དྷ་ན་པུཥྚིཾ་ཀུ་རུ་ཨོཾ། པུཎྱ་པུཥྚིཾ་ཀུ་རུ་ཨོཾ། ཞེས་པས་དང་པོ་ལ་དཱུརྦའི་མྱུ་གུ་དང་། གཉིས་པ་དང་གསུམ་པ་ལ་འབྲས་སོ་བ་མ་ཉམས་པ་བསྲེག་གོ །ཕྱི་ནས་བཟླས་པ་
བྱ་བ་ལ་སོགས་པ་གོང་དང་འདྲའོ། །དེ་དག་ཀྱང་རྒྱུད་ལས། ཏིལ་ནག་པོ་ཡི་སྦྱིན་སྲེག་གིས། །སྡིག་པ་ཐམས་ཅད་ཞི་བར་བྱེད། །དཱུརྦའི་མྱུ་གུའི་སྦྱིན་སྲེག་གིས། །ཚེ་ཡི་རིག་པ་འཛིན་པར་བྱེད། །སོ་བ་དག་གི་སྦྱིན་སྲེག་གིས། །ནོར་གྱི་འབྱོར་པ་ཕུན་སུམ་ཚོགས། །ཞེས་སོ། །ཨཱ་ཡུརྡ་དེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཚེའི་འོ། །དྷཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ལོངས་སྤྱོད་ཀྱིའོ། །བླ་མ་དྷ་བྱང་ཆུབ་སེམས་དཔས་གནང་བའོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གདན་པ་ཆེ་བ། བླ་མ་དྷ། བླ་མ་བ་རི་བ། བླ་མ་ཨ། བླ་མའོ།། །།གཞན་ཡང་ལས་སྣ་ཚོགས་པའི་སྦྱིན་སྲེག་ནི་ས་བདག་གི་གདོན་གནོད་ན། མར་དང་ཏིལ་དང་། འབྲས་ཡོས་གསུམ་གྱིས་སྦྱིན་སྲེག་བྱ། ནད་གློ་བུར་བ་བྱུང་ན། མར་དང་བྲ་བོ་བསྲེས་པའི་སྦྱིན་སྲེག་བྱ། སྲིན་མོའི་གདོན་གནོད་ན། ཤ་སྣ་ཚོགས་མར་དང་བསྲེས་པའི་སྦྱིན་སྲེག་བྱ། བུད་མེད་ཀྱི་གདོན་གྱིས་བྱིང་བ་ལ་སོགས་པར་གྱུར་ན། ཁྲག་སྣ་ཚོགས་བསྐམས་པ་མར་དང་ལྡན་པའི་སྦྱིན་སྲེག་བྱ། གདོན་སྣ་ཚོགས་གནོད་ན། སྦང་མ་དང་། ལོ་མ་དང་། འབྲུ་སྣ་ཚོགས་དང་། ཚྭ་དང་། མར་བསྲེས་ཏེ་སྦྱིན་སྲེག་བྱ། རྟག་ཏུ་འདྲེས་གནོད་ན་རང་གི་གོས་ཀྱི་དུམ་བུ་དང་། མར་བསྲེས་པའི་སྦྱིན་སྲེག་བྱ། འདི་དག་མེ་གང་ཡང་རུང་བ་ལ་བྱས་པས་བཏུབ་སྟེ། ལན་བདུན་བདུན་གྱིས་འགྲུབ་པར་འགྱུར་རོ། །ཇོ་བོ་རྗེ་ལྷ་གཅིག་ལས་བརྒྱུད་པའོ། ༈ །དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སློབ་དཔོན་དགའ་རབ་རྡོ་རྗེ་ལས་བརྒྱུད་པ་སྟེ། རང་གི་ལྷག་པའི་ལྷ་མཉེས་པར་འདོད་ཅིང་། དམ་ཚིག་དང་སྡོམ་པ་ལ་སོགས་པ་དག་པར་འདོད་པས། ས་ཕྱོགས་དབེན་པར་བ་བྱུང་ལྔ་དང་དྲི་ཞིམ་པོས་བྱུགས་པར། གྲུ་མོ་ནས་མཐེའུ་ཆུང་གི་རྩེའི་ཚད་ཀྱི་རེ་ཁཱ་དཀར་པོ་ཟླུམ་པོ་ཞིག་བྱ། དེར་འོ་མ་ཅན་གྱི་ཤིང་ངམ། ནགས་ཀྱི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པས་ཐབ་ཅི་རིགས་བརྩིག འབྱོར་ན་གཡོན་དུ་མཆོད་པ་ལྔ་བཤམ། མར་དང་། ཏིལ་ནག་པོ་གཉིས་གཡས་སུ་བཤམ། རྡོ་རྗེ་དྲིལ་བུ་མདུན་དུ་བཞག དེ་ནས་རང་ཉིད་ལྷའི་རྣལ་འབྱོར་སྐད་ཅིག་ཙམ་གྱིས་བསྒོམ། བཟླས་པ་ཅུང་ཟད་བྱ།
དེ་ནས་མེ་སྦར་ཏེ། ཐབ་དབུས་སུ་མེ་ལྷ་ཞལ་གཅིག་ཕྱག་གཉིས་པ་སྐད་ཅིག་གིས་བསྐྱེད་དེ། སྐུ་མདོག་དམར་སེར། པད་ཟླ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་བགྲང་ཕྲེང་། གཡོན་རིལ་པ་སྤྱི་བླུགས་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གསལ་གདབ་ཅིང་། དངོས་སམ་ཡིད་ལས་བྱུང་བས་མཆོད་ནས། ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་མར་དང་ཏིལ་ལན་གསུམ་གསུམ་དབུལ། དེ་ནས་འདོད་དོན་ལ་གསོལ་བ་བཏབ་ལ་འབར་བའི་རྣམ་པར་བསམ། དེ་ནས་རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་འཁོར་ལོ་བསྐྱེད་པའམ། སྐད་ཅིག་གིས་དམིགས་ལ། མཆོད་པ་ལྔས་མཆོད། ལྷའི་ཐུགས་ཀར་ས་བོན་དམིགས་ནས། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་མོས་པས། ལྷའི་སྙིང་པོའམ། ཉེ་སྙིང་གི་མཐར། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་བཏགས་པས་མར་དང་ཏིལ་གཉིས་ཀ་བརྒྱ་རྩ་ལ་སོགས་པ་འབྱོར་ཚད་བསྲེག་གོ །དེ་ནས་མཆོད་པ་ལྔས་མཆོད་དེ། དམ་ཚིག་གི་ཉེས་པ་དང་། སྡིག་སྒྲིབ་དག་པར་གསོལ་བ་གདབ། དེ་ནས་ཡི་དམ་རང་གི་ཐུགས་ཀར་བསྡུས་ལ། མེ་ལྷ་སྐད་ཅིག་མས་དམིགས་ཏེ་བསྲེག་རྫས་ལྷག་མ་ཅི་འབྱོར་བ་ཕུལ་ལ། མཆོད་ཅིང་བསྟོད་ལ་སྡིག་པ་དང་བར་ཆད་ཞི་བར་གསོལ་བ་གདབ། དེ་ནས་མི་དམིགས་པར་བྱའོ། །འདི་ནི་ཆོ་ག་ཤིན་ཏུ་བསྡུས་པ་ཡིན་ཏེ། མང་དུ་བྱས་ན་འཕྲལ་དུ་རྨི་ལྟས་བཟང་པོ་ལ་སོགས་པ་འབྱུང་བར་འགྱུར་རོ། །རྫོགས་སོ། །ཞེས་པ་འདི་རྣམས་དཔལ་ས་སྐྱ་པའི་ཕྱག་རྒྱ་ཆེན་པོ་གཅེས་པ་བཏུས་པ་དང་། མན་ངག་རིན་ཆེན་ཕྲེང་བ་གཉིས་ཀ་ལས་ཚིག་དང་གོ་རིམ་ཅུང་ཟད་འདྲ་མིན་ཙམ་མ་གཏོགས་གཅིག་པར་གསུངས་པའི་ཡིག་རྙིང་ཁུངས་བཙུན་ནོ།། །།མངྒ་ལཾ།། །།
ཁྲོ་ཕུ་བརྒྱ་རྩ་ལས་བྱུང་བའི་མན་ངག་ཉེར་མཁོ་འགའ་ཞིག
ཁྲོ་ཕུ་བརྒྱ་རྩ་ལས་བྱུང་བའི་མན་ངག་ཉེར་མཁོ་འགའ་ཞིག་བཞུགས་སོ།།
ཕྱི་ནང་གསང་གསུམ་གྱི་བར་ཆད་སེལ་བའི་མན་ངག«༡» དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་གྱི་བར་ཆད་སྲུང་བ་ལ། ཕྱིའི་བར་ཆད་ལྷ་དང་གཏོར་མས་སྲུང་བ་དང་། ནང་གི་བར་ཆད་སྔགས་དང་ཚོགས་ཆུང་གིས་སྲུང་བ་དང་། གསང་བའི་བར་ཆད་ཏིང་ངེ་འཛིན་དང་རྟེན་འབྲེལ་གྱིས་སྲུང་བའོ། །དང་པོ་ནི། འདི་ལྟར་རྣལ་འབྱོར་པ་ལ་ཕྱིའི་བར་ཆད་དགྲ་གློ་བུར་རམ། མེ་དང་། ཆུ་དང་། ཐོག་རྡིབ་པ་དང་། གྲགས་པ་ངན་པ་ལ་སོགས་པ་བྱུང་ན། ཁྱི་ལ་རྡོ་བརྒྱབ་པ་ལྟར་ཕ་རོལ་གྱི་ལེ་ལན་ལ་སོགས་པའི་རྗེས་མི་གཅད་པར་ཕྱིའི་བར་ཆད་གང་བྱུང་དེའི་ཆོས་མཐུན་བརྩིས་ནས་དེ་ཉིད་བསོད་ནམས་མ་བསགས་པ་ལས་བྱུང་བ་ཡིན་པས། དེའི་ངོ་ལེན་དུ་ཐད་ཀ་ཐད་ཀའི་ཚོགས་གསོག་བྱ། རང་ཡི་དམ་གང་བྱེད་ཀྱི་ལྷ་དཀྲོང་གིས་བསྐྱེད་ལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་བར་ཆད་དང་། དེ་འདྲ་བ་ལ་སོགས་པའི་བར་ཆད་བསལ། ཐམས་ཅད་ཀྱང་ལྷའི་སྐུ་ཡོངས་སུ་དག་པར་བསམ། ལྷའི་ང་རྒྱལ་གྱིས་སྙིང་རྗེ་ཆེན་པོ་བསྐྱེད་ལ།
གཏོར་མ་ལན་གསུམ་གཏང་ངོ། །གཉིས་པ་ནང་གི་བར་ཆད་ལ། ལུས་ལ་ན་ཚའམ། སེམས་ལ་སྡུག་བསྔལ་ལམ། བློ་བཀོལ་དུ་མི་བཏུབ་པའི་ཆགས་སྡང་དྲག་པོ་ལ་སོགས་པ་བྱུང་ན། དེ་རྣམས་ཀྱི་རྒྱུ་ལུས་ངག་ཡིད་གསུམ་གྱིས་ཉེས་པ་ལས་བྱུང་བ་ཡིན་པས་རང་གི་ལུས་མི་དམིགས་པ་ལས། སྤྱི་བོའི་ཐད་ཀར་ཨོཾ་དཀར་པོ། མགྲིན་པའི་ཐད་ཀར་ཨཱཿདམར་པོ། སྙིང་གའི་ཐད་ཀར་ཧཱུྃ་སྔོན་པོ་བསམ། དེ་གསུམ་ལས་འོད་དཀར་དམར་སྔོན་པོ་གསུམ་ཕྱོགས་བཅུར་འཕྲོས་ཏེ། སྲིད་པ་གསུམ་གྱི་ལུས་ངག་ཡིད་གསུམ་གྱི་སྐྱོན་ཐམས་ཅད་དག་པར་བསམ། ཚུར་འདུས་པས་བདག་ཉིད་ཀྱི་སྒོ་གསུམ་གྱི་ཉེས་པ་ཀུན་ཀྱང་དག་ནས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ་ཐོབ་པར་བསམ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་དོ། །ནང་གི་ཚོགས་ཆུང་བཏང་སྟེ། མདུན་དུ་ཉོན་མོངས་པ་དུག་གསུམ་གྱི་ངོ་བོ་མགོ་གསུམ་གྱི་སྒྱེད་བུ་བཙུགས་པར་བསམ།
དེའི་སྟེང་དུ་རང་གི་ཡི་དམ་གྱི་ལྷས་བདག་གི་ཐོད་པ་བཀོག་ནས་ཕྲུ་བ་བཙུགས་པ་ལྟར་བསམ། དེའི་ནང་དུ་རང་ལུས་གཅེར་བུར་བཅུག་ལ་ལྷའི་ལྟེ་བ་ནས་ཡེ་ཤེས་ཀྱི་མེ་ཕྱུང་ལ་ཕྲུ་བའི་འོག་ནས་སྦར་ཏེ་བསྐོལ། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་དེ། བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ། ལྷ་ལས་ལྷ་དཔག་ཏུ་མེད་པ་སྤྲུལ་ནས་ལག་བདེ་བ་བྱས་ཏེ། རིགས་དྲུག་གི་བཅུད་ཀྱི་སེམས་ཅན་ལ་དྲངས། ཁང་སྒྲོམ་མེ་འབར་བ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ལ་གཏོར་བས་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་དག་པར་བསམ། ནང་གཏོར་འདི་ནི་འཆི་ཁར་གནད་གཅོད་མི་འོང་བ་དང་། ན་ཚ་སེལ་བ་དང་། སྲིའུ་གསོ་བའི་མཆོག་ཀྱང་ཡིན་ནོ། །གསུམ་པ་ནི། རང་གི་ལུས་ངག་ཡིད་གསུམ་དེ་ཐ་མལ་པ་གནས་བསྒྱུར་ནས། ལྷའི་སྐུ་གསུང་ཐུགས་སུ་བསྒྱུར། དེའང་བདེན་པར་མི་གཟུང་བར་སྐུ་གཟུགས་བརྙན་ལྟ་བུ། གསུང་བྲག་ཆ་ལྟ་བུ། ཐུགས་འཇའ་ཚོན་ལྟ་བུར་ཤེས་པར་བྱ། སངས་མ་རྒྱས་ཀྱི་བར་དང་། མ་ཤིའི་བར་དང་། སང་ད་ཙམ་གྱི་བར་དུ་མི་འབྲལ་བའི་རྒྱས་གདབ། མེ་ལོང་མཐེབ་གང་བ་གཅིག་ལ་མངལ་ཁྲག་གིས་ཨ་བྲི། རྒྱབ་ཏུ་བྱང་སེམས་དཀར་པོས་ཧཱུྃ་བྲི། ཨོཾ་ཧེ་ཧེ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་མ་མིང་རུས་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་མེ་ལོང་དེ་ལུས་དང་མི་འབྲལ་བར་བཅང་ངོ། །ཤིན་ཏུ་ཟབ་པའི་མན་ངག། ༈ །ཐུགས་རྗེ་ཆེན་པོ་རྡོ་རྗེ་རབ་འཇོམས་ཀྱི་སྒོ་ནས་དཀོར་སྒྲིབ་སྦྱོང་བའི་མན་ངག«༢» དེ་བཞིན་གཤེགས་པ་རྡོ་རྗེ་རབ་འཇོམས་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་རྟེན་གྱི་གླུད་ཟོས་པ་དང་། བླ་མ་དཀོན་མཆོག་གི་དཀོར་ལ་འབགས་པ་དང་། ཁྱད་པར་དགེ་འདུན་གྱི་དཀོར་དང་། བསྔོས་པ་བསྒྱུར་བ་དང་། བརྣབ་སེམས་དང་། ནན་བཙིར་དུ་ལོངས་སྤྱད་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བའི་མན་ངག་དམ་པ་ཡིན་ནོ། །དེ་ལ་གླུད་ཀྱི་རྟེན་
གཞུག་པ་དང་། སྒྲིབ་པ་སྦྱོང་བ་དང་། གཉེན་པོ་བསྟེན་པ་དང་གསུམ་ལས། དང་པོ་རྟེན་གཞུག་པ་ནི། སྐུ་གསུང་ཐུགས་ལ་སོགས་པའི་རྟེན་གང་དང་གང་གི་གླུད་དང་དཀོར་ཟོས་པ། དེའི་ཟབ་མར་རྟེན་གང་འབྱོར་བཞེངས་པ་ལ་རབ་གནས་ཚད་ལྡན་དང་མཆོད་པ་བྱེད། དེ་ཉིད་ཡུལ་དམ་པ་ལ་དབུལ་ལོ། །གཉིས་པ་སྒྲིབ་པ་བཤགས་པ་ནི། བླ་མ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱིས་སྤྱན་དྲངས་ལ། སྔར་བྱས་པ་ལ་འགྱོད་པ་དྲག་པོ་བསྐྱེད། ཕྱིན་ཆད་མི་བྱེད་པར་དམ་བཅའ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །བརྩེ་བས་བདག་ལ་དགོངས་སུ་གསོལ། །བག་མེད་འཁྲུལ་པས་བདག་ནོན་ཏེ། །མི་བཟད་སྡིག་པ་འདི་བགྱིས་གཟིགས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །དེ་བས་གནོང་ངོ་འགྱོད་དོ་མཐོལ། །མི་འཆབ་མི་སྦེད་སོ་སོར་བཤགས། །སླན་ཆད་ཡང་ནི་མི་བགྱིད་དོ། །ཞེས་རང་གི་ལོ་གྲངས་གཅིག་བརྗོད་དོ། །གཉིས་པ་གཉེན་པོ་ཉམས་སུ་བླངས་བ་ལ་གསུམ་སྟེ། ལུས་ཀྱི་ནོངས་པའི་གཉེན་པོར་ལྷ་བསྒོམ་པ་དང་། ངག་གི་ནོངས་པའི་གཉེན་པོར་གཟུངས་བཟླ་བ་དང་། ཡིད་ཀྱི་ནོངས་པའི་གཉེན་པོར་ཏིང་ངེ་འཛིན་བསྒོམ་པའོ། །དང་པོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། སྐད་ཅིག་གིས་ཇོ་བོ་ཐུགས་རྗེ་ཆེན་པོ་རྡོ་རྗེ་རབ་འཇོམས་ཞེས་བྱ་བ་ཞལ་བཅུ་གཅིག ཕྱག་སྟོང་སྤྱན་སྟོང་མངའ་བ། སྤྱི་ལུགས་དང་མི་འདྲ་བ། རྩ་བའི་ཞལ་སྔོན་པོ་ཤིན་ཏུ་ཁྲོས་པ། གཡས་དཀར་གཡོན་དམར་པོའོ། །སྐུའི་ངོ་བོ་ནི་དཀར་བའོ། །རྩ་བའི་ཕྱག་བརྒྱད་ལ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་ནོར་བུ་སྔོན་པོ། གཉིས་པ་ནི་གཡས་རྡོ་རྗེའི་ཕྲེང་བ་དང་གཡོན་པས་པདྨ་དམར་པོ། གསུམ་པ་ན་གཡས་འཁོར་ལོ། གཡོན་མདའ་གཞུ། བཞི་པའི་
གཡས་ལྕགས་ཀྱུ། གཡོན་མེ་ཕུང་བསྣམས་པར་བསྒོམ་པའོ། །སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་དཀོར་གྱི་སྒྲིབ་པ་ལ་སོགས་པ་བྱ་སྒྲོ་མེ་ལ་ཤོར་བ་ལྟར་ཚིག་པར་བསམ་མོ། །ཞལ་ཕྱག་གཞན་ཐམས་ཅད་ནི་སྤྱི་དང་མཐུན་ནོ། །གཉིས་པ་གཟུངས་བཟླ་བ་ནི། དེའི་ཐུགས་ཀའི་ཟླ་བའི་སྟེང་དུ་རང་སེམས་ཧྲཱིཿདཀར་པོའི་མཐའ་སྐོར་དུ་སྔགས་འཁོར་གསུམ་བསམས་ཏེ། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་པས་ནང་དུ་བསྐོར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པས་བར་དུ་བསྐོར། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བཛྲ་སཱ་ར་པྲ་མརྡྷཱ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། སརྦ་ཀླེ་ཤ་ཀརྨ་ཨཱ་ཝ་ར་ཎ། ཤུདྡྷེ་ཤུདྡྷེ། བི་ཤུདྡྷེ་བི་ཤུདྡྷེ། སྭ་བྷཱ་ཝ་བི་ཤུདྡྷེ། ག་ག་ན་སྭ་བྷ་ཝ་བི་ཤུདྡྷེ་སྭཱ་ཧཱ། ཞེས་པས་ཕྱི་ནས་བསྐོར་བར་བསམ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་དཀོར་གླུད་ཟོས་པ་ལ་སོགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ཞིང་བཟླས་བསྒོམ་ཅི་ནུས་བྱ། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་སྡིག་སྒྲིབ་ཐམས་ཅད་མེས་ཡེ་མ་ལུས་པར་བསྲེགས་པར་བསམ་མོ། །གསུམ་པ་ཏིང་ངེ་འཛིན་བསྒོམ་པ་ནི། དེའི་ངང་ལས་སེམས་མ་བཅོས་གཉུག་མའི་ངང་ལ་ལྷོད་དེ་བཞག་གོ །སེམས་འོད་གསལ་ལ་རང་བྱུང་ཡེ་ཤེས་ལ་ཅི་ནུས་ཀྱིས་བཞག་གོ །དེས་ནི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པ་རྣམ་པར་རྟོག་པ་ཐམས་ཅད་རང་གྲོལ་དུ་བསྲེག་པའི་ཕྱིར་སྒྲིབ་པ་སྦྱོང་བའི་མཆོག་འདི་ཡིན་ནོ། །རྗེས་ལ། དེ་ལས་བྱུང་བའི་དགེ་རྩ་བྱང་ཆུབ་ཏུ་བསྔོའོ། །ཐུགས་རྗེ་ཆེན་པོའི་དཀོར་གླུད་ཀྱི་སྒྲིབ་པ་སྦྱོང་བའི་མན་ངག་རྫོགས་སོ། །ཆོས་རྗེ་ལོ་ཙཱ་བའི་གསུང་དག་པར་བྲིས་པའོ། ༈ །ཆབ་གཏོར་བསྡུས་པའི་མན་ངག«༣» དཀོན་མཆོག་
གསུམ་ལ་ཕྱག་འཚལ་ལོ། །ཆབ་གཏོར་བསྡུས་པ་ནི། རང་སྐད་ཅིག་གིས་ཇོ་བོ་སྤྱན་རས་གཟིགས་སྦྲུལ་མགོའི་གདེངས་ཀ་ཅན་དུ་ལམ་གྱིས་བསྐྱེད། ཆབ་གཙང་མ་སྣོད་གཙང་མར་བླུགས་ལ། ཀླུ་སྨན་སྣ་ཚོགས་དང་འབྲུ་དང་། རིན་པོ་ཆེ་དང་། དྲི་ཞིམ་པ་སྣ་ཚོགས་དང་། དར་སྣ་ཚོགས་དང་། དཀར་གསུམ་མངར་གསུམ་ལ་སོགས་པ་སྦྱར་ཏེ། ཧཱུྃ་ཞེས་བརྗོད་པས་ཉེས་སྐྱོན་ཐམས་ཅད་དང་བྲལ་བར་བསམ། ཨཱཿཞེས་བརྗོད་པས་འདོད་པའི་དངོས་པོ་ཐམས་ཅད་ཡིད་ལ་རེ་བ་ལྟར་བྱུང་བར་བསམ། ཨོཾ་ཞེས་བརྗོད་པས་འཕགས་པ་དང་། སོ་སོ་སྐྱེ་བོ་དང་། ཁྱད་པར་ཀླུ་དང་ས་བདག་ལ་སོགས་རང་རང་གི་གནས་སུ་དགོས་འདོད་མ་ལུས་པ་ཐོགས་ཆགས་མེད་པ་བྱུང་བར་བསམ། དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་པས་བདུད་རྩི་རྒྱ་མཚོར་གྱུར་པར་བསམ། ཧྲཱིཿཧྲཱིཿཧྲཱིཿཞེས་བརྗོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆར་ཆེན་པོ་བབས་པ་ལྟར་བྱུང་བས་མཆོག་དང་ཕུལ་དུ་ཕྱིན་པར་བསམ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཱཏ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་ཅི་འདོད་ཐམས་ཅད་ཀྱིས་ནམ་མཁའ་གང་བར་བསམ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ལན་གསུམ་བརྗོད་པས་མགྲོན་ཐམས་ཅད་ཚིམ་ཞིང་དགྱེས་པར་བསམ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛཱ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་མགྲོན་ཐམས་ཅད་ཀྱིས་རང་རང་ཇི་ལྟར་འདོད་པ་ཁོ་ན་ལྟར་གྲུབ་པར་བསམ། ཞེས་སྲི་ཞུ་དང་། ཕན་འདོགས་དང་། ལན་ཆགས་དང་། ཕོངས་པ་དང་། མགྲོན་བཞི་ཀ་ཚིམ་པར་བསམས་ལ། ཆོས་ཀྱི་སྦྱིན་པའི་ཚིགས་སུ་བཅད་པ་བརྗོད་དོ། །ས་གཙང་སར་གཏོར་ལ་མདོ་གདོན། སྨོན་ལམ་གདབ་བོ། །ཆབ་གཏོར་བསྡུས་པ་རྫོགས་སོ།།
༈ །ཀླུ་གཏོར་གཏོང་བའི་མན་ངག«༤» ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ཀླུའི་དབང་པོས་ཀླུའི་གནོད་པ་ཞི་བར་བྱེད་པའི་ཆོ་ག་ནི། དང་པོ་སྙིང་ཐག་པ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། དེ་ནས་རང་ཐུགས་རྗེ་ཆེན་པོ་ཀླུའི་དབང་པོ་ཞེས་བྱ་བ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན་སྐུ་མདོག་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་པར་བསྒོམ། ཕྱག་གཡས་མཆོག་སྦྱིན། གཡོན་པདྨ་འདབ་བརྒྱད་ཐུགས་ཀར་བསྣམས་པ། ཞབས་སྐྱིལ་ཀྲུང་མཛེས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ཚེ་དྲག་ཅན་བདུད་རྩིས་གང་བ་དང་བཅས་པ་བསམ། ཕྱག་གཡས་ཀྱི་མཐིལ་དུ་ཟླ་བ་ལ་ཧྲཱིཿབདུད་རྩིས་གང་བར་བསམ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་ཆུ་གཏོར་བདུད་རྩིར་བྱིན་གྱིས་བརླབས་ཏེ། སྣོད་གཙང་མར་འོ་མ་དང་བཅས་པའི་ཆུས་བཀང་བ་ཀླུ་སྨན་གྱི་རྫས་རྙེད་ཚད་དང་། དཀར་གསུམ་མངར་གསུམ་དར་ཟབ་སྣ་ཚོགས་དང་བཅས་པ་བཤམ། གྲུབ་ན་ཀླུ་ཆེན་བརྒྱད་དང་ཀླུའི་གཟུགས་བརྙན་སྣ་ཚོགས་དང་བཅས་པ་ཡང་དེའི་ནང་དུ་བཞག དེ་ནས་བྱམས་སྙིང་རྗེ་བསྐྱེད་ལ། རང་ཐུགས་རྗེ་ཆེན་པོའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་ཉི་མ་ལ་ཨཱཿདམར་པོ། ཐུགས་ཀར་པདྨ་ལ་ཧཱུྃ་སྔོན་པོ་བསམས་ལ། དེ་གསུམ་ལས་འོད་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཤིང་ཁྱད་པར་གནོད་བྱེད་དང་ཀླུ་གཉན་ལ་སོགས་པའི་སྡུག་བསྔལ་དང་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། ཚིག་ཏུ་ཨོཾ་ཨཱཿཧཱུྃ་བརྗོད་པས་ཆུ་གཏོར་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ཕྱག་གཡས་ཀྱི་ཧྲཱིཿལས་ཡེ་ཤེས་ཀྱི་བདུད་རྩིའི་ཆར་རྒྱུན་བབས་ནས་ཆབ་གཏོར་དང་དབྱེར་མེད་དུ་འདྲེས་ནས་ལྷའི་བདུད་རྩི་ངོ་མཚར་རྨད་དུ་བྱུང་བར་བསམ། དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨོཾ་ནཱ་ག་ས་པ་རི་ཝཱ་ར་
ས་མ་ཡ་ཧཱུྃ་ཛཿཛཿ ཞེས་ལན་གསུམ་བརྗོད་པས། བཱ་སུ་ཀི་ལ་སོགས་པ་ཀླུ་ཆེན་བརྒྱད་ཀྱིས་གཙོ་བྱས་པའི་ས་བདག་ཀླུ་གཉན་གྱི་ཚོགས་ཐམས་ཅད་རང་རང་གནས་ཁང་དང་བཅས་པ་བྱོན་པར་བསམ། དེ་ནས་ཨོཾ་བཱ་སུ་ཀི་མཾ་སྭཱ་ཧཱ། ཞེས་ལན་བརྒྱ་རྩ་གཅིག་བརྗོད། མགྲོན་རྣམས་ཀྱིས་བདུད་རྩིའི་ཆུ་གཏོར་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས། ནད་དང་སྡུག་བསྔལ་ཐམས་ཅད་སོས་ནས་སྒྲུབ་པ་པོ་ལ་ཤིན་ཏུ་མཉེས་པར་བསམ། དེ་ནས་ཀླུ་ལ་སོགས་པ་རྣམས་ལ་ཆོས་བཤད་དེ། འདུས་བྱས་ཐམས་ཅད་མི་རྟག་ཅིང་། །ཟག་བཅས་ཐམས་ཅད་སྡུག་བསྔལ་ཡིན། །མྱ་ངན་འདས་པ་ཞི་ཞིང་བདེ། །ཆོས་རྣམས་ཐམས་ཅད་བདག་མེད་ཉིད། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་གྱི་ལུས་ལ་གནོད་མ་བྱེད། །གནོད་པའི་འབྲས་བུ་སྡུག་བསྔལ་དང་། །ཕན་པའི་འབྲས་བུ་བདེ་བ་ཆེ། །ཞེས་བརྗོད། སྒྲིབ་པ་ལྷག་མ་མ་ལུས་པ་སྦྱང་བའི་དོན་དུ། ཀཾ་ཀ་ནི་ཚར་གསུམ་བཟླའོ། །དེ་ནས་སྨོན་ལམ་གདབ་སྟེ། བདག་གིས་མཆོད་སྦྱིན་འདི་ཡིས་ནི། །ཁྱེད་ཀྱི་སྡིག་སྒྲིབ་དག་གྱུར་ཅིག །དྲིན་ལན་དམ་ཚིག་དྲན་གྱིས་ལ། །བཀའ་དང་དམ་ལ་མ་འདའ་ཞིག །ཞེ་སྡང་གདུག་རྩུབ་ཞི་གྱུར་ནས། །ཕན་ཚུན་མ་བུར་ཤེས་པར་ཤོག །དབང་པོ་རྣམས་ཀྱི་སྤྱོད་ཡུལ་དུ། །མཁོ་རྒུའི་ལོངས་སྤྱོད་འབྱུང་གྱུར་ཅིག །ཉམས་པའི་ལུས་སྲོག་རྒྱས་ཤིང་སོས། །ལུས་དང་ཡན་ལག་བདེ་གྱུར་ཅིག །ཀླུ་ནད་ཐམས་ཅད་གྲོལ་གྱུར་ནས། །སྡུག་བསྔལ་གནོད་པ་ཞི་བར་ཤོག །ངན་སོང་གསུམ་ལས་ཐར་ནས་ནི། །དགའ་ལྡན་གནས་སུ་སྐྱེ་བར་ཤོག །དེང་ཡང་
ཚོགས་ཆེན་གཉིས་བསགས་ནས། མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་དོ། །ཨོཾ་བཛྲ་མུཿ ཞེས་བརྗོད་པས་སེ་གོལ་དང་བཅས་ཏེ་གཤེགས་སུ་གསོལ། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོའོ། །ཐུགས་རྗེ་ཆེན་པོ་ཀླུའི་དབང་པོས་ཀླུ་ནད་ཞི་བར་བྱེད་པའི་ཆོ་ག་རྫོགས་སོ། །ཆོ་ག་འདི་ཡང་ཡང་བྱས་ན་འཕྲལ་ནས་འཕྲལ་དུ་ཕན་ཡོན་འབྱུང་བ་ཡིན། རྟགས་མང་པོ་ཕྱུང་ཕྱུང་བ་ཡིན་ནོ། ༈ །འཆི་བ་བསླུ་བའི་གཏོར་མའི་མན་ངག«༥» །ན་མོ་གུ་རུ། འཆི་བ་སླུ་བའི་གཏོར་མ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱ་སྟེ། བདག་ཡི་དམ་གང་བྱེད་དུ་བསྒོམ། དཀར་གཏོར་གཅིག་བཤམས་ལ། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་དེ། གང་འཆི་བ་བསླུ་བའི་མི་དེ་ཉིད་འདྲ་བ་གྲངས་མང་པོར་བྱིན་གྱིས་བརླབ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ། གནོད་བྱེད་གདོན་དེས་གཙོ་བྱས་སེམས་ཅན་ཐམས་ཅད་རྔབས་བཀྲེས་སངས་པ་དང་། གཟུགས་བཟང་བ་དང་། ན་ཚ་སྡུག་བསྔལ་མེད་པ་དང་། གཞན་གྱི་གནོད་པའི་འཇིགས་པ་དང་བྲལ་བར་བསམ། ཁ་འབར་མའི་སྔགས་བདུན་གྱིས། རང་གི་མདུན་དུ་གནོད་བྱེད་དེ་གཅན་གཟན་ལ་སོགས་པ་སེམས་ཅན་གདུག་པ་ཅན་ཁ་གདངས་པར་བསམས་ལ་སྔར་གྱི་བྱིན་གྱིས་བརླབས་པའི་འཆི་བསླུའི་མི་དེ་འདྲ་བ་བསྐྱེད་པ་དེ་རྣམས་ཁར་མགོ་མཇུག་ལྡོག་སྟེ་དབང་མེད་དུ་བརྫངས་པར་བསམ། སྔགས་ལན་རེ་རེ་ལ་དེ་འདྲ་ལན་རེ་རེ་བྱ། རྗེས་ལ། ལན་ཆགས་ཐམས་ཅད་བྲལ་བར་གྱུར་ཅིག བུ་ལོན་ཐམས་ཅད་ཁྱེར་བར་གྱུར་ཅིག ཤ་འཁོན་ཐམས་ཅད་བྱང་བར་གྱུར་ཅིག ཅེས་བརྗོད་དོ། །འདི་སྡིག་ཆེ་བས་གཞན་ལ་མི་སྤེལ་ཞེས་རྗེ་ལོ་ཙཱ་བས་གསུངས་སོ། །༈ །སྒྲོལ་མའི་སྒོ་ནས་རྨི་ལམ་བརྟག་པའི་མན་ངག«༦» ན་མོ་གུ་རུ། རྟེན་འབྲེལ་མངོན་ཤེས་སུ་འཆར་བའི་མན་ངག་ནི། སྔོན་དུ་རང་ཡི་དམ་གང་ཡིན་དེར་བསྒོམས་ལ། མངོན་རྟོགས་ཚར་གཅིག་ལག་ལེན་བྱ། དེའི་ངང་ལས་བདག་ཉིད་རྗེ་བཙུན་དཀར་མོར་དཀྲོང་གིས་བསྐྱེད། སྙིང་གི་པདྨ་ཁ་ཕྱེ་བའི་ལྟེ་བ་ལ་ཡི་གེ་ཏཱཾ་དཀར་པོ་ལས་འོད་ཟེར་དཀར་པོ་འབར་བར་ལུས་ཀྱི་ནང་ཁོག་སྟོང་དུ་འདུག་པ་མེར་གྱིས་གང་བར་བསམ། ཏཱྃ་གི་ཕྱོགས་བཞིར་དངུལ་གྱི་
མེ་ལོང་བཞི་བསམ། ཨ། ནུ། ཏ། ར་ཞེས་པའི་ཡི་གེ་བཞི། ཤར་ལྷོ་ནུབ་བྱང་གི་མེ་ལོང་བཞི་ལ་རིམ་པ་ལྟར་གཟུགས་བརྙན་ཤར་བར་བསམ། ཏཱྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་སྒྲོལ་མ་སྤྱན་དྲངས་ལ་བསྟིམ། རྟེན་འབྲེལ་མངོན་ཤེས་སུ་འཆར་བའི་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་རང་གིས་འདོད་པའི་དོན་གང་ཡིན་པ་དེ་ཏཱྃ་དཀར་པོ་གཅིག་ཏུ་བསམས་ཏེ། དེ་ལས་འོད་ཟེར་འཕྲོས་པས་རྒྱལ་ཁམས་ཀྱི་འགྲོ་དོན་བྱས་ཤིང་ཁྱད་པར་དུ་བདག་གི་འདོད་པའི་དོན་དེ་དང་དེ་ལྟ་བུ་ཐམས་ཅད་བྱས་ནས་ཏཱྃ་ལས་འོད་སྐར་མདའ་ལྟ་བུ་བྱུང་སྟེ་བདག་གི་སྨིན་མཚམས་སུ་ཟུག་པར་བསམ། དངོས་གྲུབ་དེ་ཞུ་བའི་འདོད་པ་དྲག་པོས་ཏཱྃ་དེ་ཁྱུར་མིད་བྱས་པར་བསམ། དེ་སྙིང་གའི་ཏཱྃ་ལ་ཐིམ་པས་གང་འདོད་པ་དེ་རྨི་ལམ་དུ་ཐེ་ཚོམ་མེད་པར་འཆར་བར་བསམ་མོ། །དེ་ནས་སེང་གེའི་ཉལ་སྟབས་ཀྱིས་གཉིད་ལོག ཤར་གྱི་མེ་ལོང་ལ་ཨ་ཡོད་པ་ཨས་མཚོན་པའི་མིང་ཡིག་གི་སྣང་བ་གང་བྱུང་ཚད་དོན་མི་འགྲུབ་པར་བསྟན་ཏོ། །ལྷོའི་མེ་ལོང་ལ་ནུ་ཡོད་པས་ནུའི་མིང་ཡིག་གིས་མཚོན་པའི་སྣང་བ་གང་བྱུང་ཚད་དོན་འགྲུབ་པར་བསྟན་ཏོ། །ནུབ་ཀྱི་མེ་ལོང་ལ་ཏ་ཡོད་པས་དེའི་མིང་ཡིག་གིས་མཚོན་པའི་སྣང་བ་བྱུང་ན། མི་ཆོས་པའི་རྣམ་པར་ཤར་བ་ཐམས་ཅད་དོན་མི་འགྲུབ་པར་བསྟན་པ་ཡིན། ཆོས་པའི་གཟུགས་སུ་སྣང་བ་བྱུང་ཚད་ནི་དོན་འགྲུབ་པར་བསྟན་པ་ཡིན་ནོ། །བྱང་གི་མེ་ལོང་ལ་རའི་ཡི་གེ་ཡོད་པས་དེས་མཚོན་པའི་མིང་ཡིག་གི་སྣང་བ་བྱུང་ན་སྲོག་ཆགས་ཀྱི་སྣང་བར་ཤར་ཚད་དོན་གྲུབ་པར་སྟོན། སྲོག་ཆགས་ཀྱི་རིགས་མ་ཡིན་པའི་གཟུགས་སུ་ཤར་ཚད་ནི་དོན་མི་འགྲུབ་པར་བསྟན་པ་ཡིན་ནོ། །རྗེས་ལ་བཏང་རག་གི་མཆོད་པ་དབུལ་ལོ། ༈ །ཆོས་སྤྱིའི་ལུང་ནོད་པའི་མན་ངག«༧» དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་སྤྱིའི་ལུང་ནོད་པའི་མན་ངག་ནི། བླ་མའི་མདུན་དུ་མཆོད་པ་བཤམས་ལ་དབུལ། མཎྜལ་ལན་གསུམ་ཕུལ་ལ། གང་ལུང་ནོད་པར་འདོད་པའི་ཆོས་དེ་ལ་དམིགས་ལ་མཆོད་པ་དབུལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་བླ་མའི་ཡེ་ཤེས་
ཀྱི་ངོ་བོ་ཧཱུྃ་དཀར་པོ་དབུས་སུ་བསམ། དེའི་མཐར་ལུང་གང་ལེན་པའི་ཆོས་ཐམས་ཅད་ཡིག་འབྲུའི་རྣམ་པར་འཁོར་རེ་ཡོད་པར་བསམས་ལ། ཐལ་མོ་སྦྱར་ལ་འདི་སྐད་ཅེས། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་བོ་ཁྱོད་ལ་གསོལ་འདེབས་ཀྱི། །མ་ལུས་བཀའ་དྲིན་རྗེས་གནང་སྩོལ། །ཞེས་ལན་གསུམ་བརྗོད། བླ་མས་ཀྱང་ཐུགས་བརྩེ་བས་སློབ་མའི་སྙིང་གར་ཡིག་འབྲུ་རྣམས་འཕོས་པར་བསམ། ཆོས་དེ་དང་དེའི་ཚིག་དོན་ཐམས་ཅད་ལ་དབང་ཐོབ་པར་བསམ་མོ། །སྤྱིའི་ལུང་ནོད་པ། ༈ །མཁའ་འགྲོ་གསང་བའི་ཕྲེང་བ་ཅན་གྱི་སྨྲ་བཅད་ཀྱི་མན་ངག«༨»་་་ནི། བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ། ལྕེ་ཐོག་ཏུ་ཨ་དཀར་པོའི་མཐར་ཨཱ་ལི་དཀར་པོ་གཡས་སྐོར་དང་། ཀཱ་ལི་དམར་པོ་གཡོན་སྐོར་དུ་བསམ། མདུན་དུ་ཡི་དམ་གྱི་ལྷ་བསམས་ལ། སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་ཐིག་ལེ་དཀར་པོ་བབས་པས་ཨཱ་ལི་ཞུ། དམར་པོ་བབས་པས་ཀཱ་ལི་ཞུ། དེ་ནས་ཡང་ཨ་ཞུ་བས་ལྕེ་བྱིན་གྱིས་བརླབས་བོ། །ལུང་བླང་པ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་དེ་རིང་ནས་བཟུང་སྟེ། འདི་སྲིད་ཅིག་ཏུ་ངག་འགོག་པའི་ཡི་དམ་ཡང་དག་པར་བླང་བ་བགྱི་སྟེ། ངག་མ་བསྡམས་པའི་སྨྲ་བ་སྤངས་ནས། སྨྲ་བ་ལས་སླར་ལྡོག་པར་བགྱིའོ། །བདག་སློབ་དཔོན་གྱིས་སྨྲ་བ་འགོག་པའི་ཡི་དམ་དང་ལྡན་པར་ཡང་དག་པར་རྗེས་སུ་གཟུང་དུ་གསོལ། ལན་གསུམ་བཟླ། ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་པར་བྱའོ། །གསང་སྔགས་ཀྱི་སྨྲ་བཅད་ཨི་ཐི། སྨྲ་བཅད་ཀྱི་དམ་བཅའ་བླངས་ཏེ་ངག་བྱིན་གྱིས་རླབས་ནས་སྔགས་བཟླས་པས་ཉིན་མཚན་ཀུན་ཏུ་དབུགས་ཀྱི་འགྱུ་བ་ཐམས་ཅད་སྔགས་སུ་འགྱུར་བས་ལྷ་མྱུར་དུ་འགྲུབ་པ་སོགས་ཕན་ཡོན་དཔག་ཏུ་མེད། ལུས་ཚོང་འདུས་སུ་གནས་ཀྱང་དོན་སྒྲུབ་པ་པོར་འགྱུར་བ་ཡིན་ནོ། ༈ །སེར་བ་དྲག་པོ་སྲུང་བའི་མན་ངག«༩» ན་མོ་གུ་རུ་ཝེ། ཋཿལོག་གིས་སེར་བ་སྲུང་བའི་མན་ངག་ནི། ཨོཾ་ཤྲཱི་ཏུ་ཏ། ཨ་ཛྙཱ་ན་ཡ་ཙ། ཨ་ར་ཝི་ཌཿ དྷཿབ་ར་ན་མེ་ཧཱུྃ་ཧཱུྃ། ཀ་རོ་སྨ་རེ་ཋཿ ཀ་རཱི་ན་ཋཿཋཿ
ཞེས་པ་ནི་ཙཀྲ་ལ་དགོད་པ་དང་། བཟླ་བའི་སྔགས་སོ། །ལྟེ་བར་ཉི་མའི་དཀྱིལ་འཁོར་ནི། ཤིན་ཏུ་འབར་བ་རབ་བསྒོམས་ཏེ། །རྣོན་པོ་འོད་ཟེར་དམར་སེར་མདོག །དྲྭ་བ་དྲྭ་བ་ཆེར་འཁྲིགས་རྣམས། །མི་བཟད་ཚ་བའི་རང་བཞིན་ནོ། །རྩིབས་དྲུག་ལྟེ་བ་རབ་ཏུ་བརྟན། །བྱུ་རུའི་མདོག་ལྟའི་ཧཱུྃ་ཡིག་གཉིས། །ཁྲོས་པའི་ཚུལ་དུ་གནག་གྱུར་ལྡན། །ཡོངས་སུ་རྫོགས་པ་གསལ་བར་བལྟ། །ཧཱུྃ་ཡིག་སྣ་ནས་དྲངས་པ་སྟེ། །རིང་པོར་བརྗོད་པ་ཀུན་ཏུ་གནག །མགྲིན་པར་གནམ་ལྕགས་མར་མེ་ལྟར། །དམར་བའི་ཁ་དོག་འོད་འཕྲོ་བའི། །ཡི་གེ་གཅིག་དང་དཀྱིལ་འཁོར་ནི། །སྣ་ནས་མཛུབ་རྩེས་བླངས་བྱས་ཏེ། །སྒེག་པོའི་ཞྭ་ལྟར་བགོ་བའོ། །ཋཿནི་ཤིན་ཏུ་རྟག་པ་སྟེ། ཋཿལོག་ཐོག་གི་ལྕགས་ཤུགས་བཞིན། །སྤྲིན་དང་བུ་ཡུག་སེར་བའི་དཔུང་། །འབྲུ་མར་མེ་ལྕེ་ཇི་བཞིན་ནོ། །ཤྲཱི་ཡིག་ཤིན་ཏུ་རིད་པ་སྟེ། །འཁྱག་པ་ཀུན་ཏུ་དཀྲུག་སྦྱོར་སྔགས། །ཉི་མའི་འོད་ཀྱི་སྦྱིན་སྲེག་སྟེ། །ཉི་མ་ལྷ་ཡིས་རྣམ་འཇོམས་པའོ། །ཚེ་ཐུང་དགྲ་བོས་གསོད་པ་དང་། །སྨྱོ་འདོད་སྣ་ཚོགས་ཆར་དྲག་པོ། །བརྒྱ་བྱིན་མཚུངས་ཀྱང་མི་བཟློག་གོ །ངན་སྔགས་སྤུ་གྲི་རྣོན་པོ་འདི། །དམ་ཚིག་ཉམས་ན་མི་ཐུབ་བོ། །ཕྱག་ལེན་ནི། འཇིགས་པ་དོམ་འདྲོགས་པ་ལྟར་བྱ། དཔའ་བ་སྟག་ལྟ་བུ་བྱ། རང་གི་གོས་ཐོ་དྲག་ཏུ་གདབ། ཡང་ན་ཕད་རོག་གདབ། ལྟེ་བའི་མ་ཚད། འདོམས་ཀྱི་སྤུའི་ཡ་ཚད་དུ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་པོ་བསྐྱེད་ལ། སྒེག་པོའི་ཞྭ་ལྟར་དུ་བགོ་སེར་ཁང་རིལ་པོ་ཋ་ལོག་གི་ནང་དུ་ཚུད་པར་བསྒོམ་པ་ཤིན་ཏུ་ཡང་གལ་ཆེའོ། །ཋཿལོག་ནམ་མཁའི་མཐོངས་སུ་བསྒོམ་པའི་ལུགས་ལ་དེ་བཞིན་ནོ། །ཋཿལོག་ཧཱུྃ་དམར་གྱི་གདམས་པ། སེར་བ་དྲག་པོ་སྲུང་བའི་མན་ངག ཆོས་རྗེ་མཧཱ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་ཕྱག་བཞེས། ༈ །གཙུག་ཏོར་འཁོར་ལོས་སྒྱུར་བའི་སྒོ་ནས་སེར་བ་སྲུང་བའི་མན་ངག«༡༠» གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་ཕྱག་འཚལ་ལོ། །གཙུག་ཏོར་འཁོར་ལོས་སྒྱུར་བའི་ལུགས་ཀྱི་སེར་བ་སྲུང་བའི་མན་ངག་ལ་དོན་གཉིས་ཏེ། སེར་བ་གཏོང་བ་ཡོད་པའི་སྲུང་ལུགས་དང་། མེད་པའི་
སྲུང་ལུགས་སོ། །དང་པོ་ལ་དོན་གསུམ་སྟེ། རྟེན་འབྲེལ་དང་། ཏིང་ངེ་འཛིན་དང་། སྔགས་སོ། །དང་པོ་ནི། རང་གང་དུ་སྡོད་པའི་ལམ་གྱི་མདུན་དུ། རུ་སྦལ་གྱི་ཁོག་པ་སྟོང་པ་གཅིག་གན་རྐྱལ་དུ་བྱས་ལ། དེའི་ནང་དུ་ཀླུའི་རྒྱལ་པོ་སྦྲུལ་མགོ་དགུ་པ། རོ་སྟོད་མི་ལ་རོ་སྨད་སྦྲུལ་དུ་འཁྱིལ་བ། སྙིང་གར་ཐལ་མོ་སྦྱར་བ། རྒྱུ་སྤྲ་ཚིལ་ལས་བྱས་ལ། རང་གི་མདུན་དུ་ཁ་བསྟན་ལ་བཞག ཐལ་བ་དང་ཡུངས་ཀར་ཕྱེ་མ་བསྲེས་ལ་རུ་སྦལ་གྱི་ཁོག་པ་བཀང་སྟེ། རབས་ཆད་ཕོ་མོ་གང་ཡང་རུང་བའི་ཐོད་པ་རང་ལ་ཁ་ཚུར་བསྟན་ལ་དགབ། དེའི་སྟེང་དུ་གཟུངས་གསེར་ཡིག་ཏུ་བྲིས་ལ་དགབ་བོ། །དེ་ནི་རྫས་བསག་པའོ། །དེ་ནས་ལྷ་བསྒོམ་པ་ནི། སྒྲུབ་པ་པོ་སྤྲོས་པ་ལ་དགའ་ན། ས་བོན་བྷྲཱུྃ་ལས་བསྐྱེད། སྤྲོས་པ་ལ་མི་དགའ་ན། རང་སྐད་ཅིག་གིས་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ་ཞལ་གསུམ། ཕྱག་དྲུག ཞལ་གཡས་དམར། གཡོན་དཀར། དབུས་སྔོན་པོ། ཕྱག་གཡས་དང་། གཡོན་གྱི་དང་པོས་སྤྱི་བོར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་དགྲ་སྟྭ། གསུམ་པས་རྡོ་རྗེ་ཐོ་བ། གཡོན་གྱི་གཉིས་པས་རྡོ་རྗེ། གསུམ་པས་རལ་གྲི་ཐོགས་པ། ཞབས་གཡས་བསྐུམ། གཡོན་བརྐྱང་བ། སྦྲུལ་གྱིས་བརྒྱན་པ། ཤིན་ཏུ་འཇིགས་པར་བསམ། དེའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོའི་མཐའ་སྐོར་དུ། གཟུངས་སྔགས་སྔོན་པོ་ཁོ་རེ་བསམས་ལ། བཀླག་དར་གྱི་ཚུལ་དུ་གཟུང་བར་བྱ་སྟེ། དེ་ཡང་རང་གི་ཐུགས་ཀའི་སྔགས་ལས་འོད་ཟེར་སྔོན་པོ་འཕྲོས་པས། མདུན་གྱི་ཀླུའི་སྙིང་གར་ཕོག་པས། དེ་ལས་འོད་ཟེར་དམར་པོ་འཕྲོས་པས། རུ་སྦལ་གྱི་ནང་གི་རྫས་རྣམས་ལ་ཕོག་པས། རྫས་རྣམས་འོད་དུ་གྱུར་པར་བསམ་མོ། །སྔགས་བཟླ་བ་ནི། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཱ་ཎཱཾ་ཞེས་བྱ་བ་ལ་སོགས་པའི་གཟུངས་བཟླ། རྒྱས་པར་མི་ནུས་ན། ཨོཾ་ཨཱཿཨུཥྞཱི་ཥ་ཙཀྲ་ཝརྟི་ཧཱུྃ་ཕཊ་སྭཱ་ཧཱ། སརྦ་རཱུ་པ་ར་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྲཱུྃ་བྷྱོ་ཧཱ། ཞེས་ཞག་བདུན་བསྙེན་པ་བྱའོ། །དེ་ནས་རུ་སྦལ་གྱི་ནང་གི་ཀླུའི་རྒྱལ་པོ་དེ་ལ་བཅོལ། ནམ་སེར་བ་བྱུང་བ་ན་སྔགས་བཟླས་ཤིང་རྫས་གཏོར། མཛུབ་མོས་གཡུག ཕུས་གདབ།
སེར་བ་གཏོང་བ་ཡོད་ན། དེའི་མིང་རུས་སམ། རྐང་རྗེས་སམ། གོས་ཀྱི་དུམ་བུ་ཀླུའི་འོག་ཏུ་གཞུག ཀླུའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པར་རབ་གནས་བྱས་ལ་བཞག སེར་བ་བྱུང་ཙ་ན། རྡོག་པ་གཡས་ཀྱིས་རུ་སྦལ་དང་བཅས་པ་མནན། གཞན་སྔར་དང་འདྲའོ། །དཔལ་རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱིས་གནང་བ། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་གཏན་ལ་ཕབ་ནས། དག་པར་བྱས་པའི་མན་ངག་ཡིན་ནོ། །ཆོས་ཀྱི་རྗེ་བྱམས་པའི་དཔལ་གྱིས་བསོད་ནམས་དབང་ཕྱུག་ལ་གནང་ངོ། ༈ །འོད་དཔག་མེད་ལ་བརྟེན་ནས་ཚེ་རིང་བའི་མན་ངག«༡༡» སངས་རྒྱས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཚེ་རིང་བའི་གདམས་པ་ཐུན་མོང་མ་ཡིན་པ་འདི་ནི། སྔར་ཆོ་ག་སུས་བྱས་པ་ཐམས་ཅད་ཚེ་རིང་པོ་ཤ་སྟག་བྱུང་བ་ཡིན་ནོ། །ཐོ་རངས་སྔ་མོ་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ་སེམས་ཅན་ཚེ་ཐུང་བ་ཐམས་ཅད་ལ་སྙིང་རྗེ་དྲག་པོ་ལན་གསུམ་བསྒོམ། དེ་ལ་བསམ་པ་གཞན་གྱིས་བར་མ་ཆད་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རང་ཡི་དམ་གང་ཡིན་དུ་སྐད་ཅིག་གིས་དཀྲོང་གིས་བསྐྱེད། དེའི་ནང་ཐམས་ཅད་ནང་ཁྲོལ་ལ་སོགས་པ་མེད་པར་བར་སྣང་དུ་སྔོ་སང་ངེ་འདུག་པ་ཅིག་ཏུ་བསམ། ཐུགས་ཀའི་ཐད་ཀར་ཤེལ་གྱི་མཆོད་རྟེན་ཟླུམ་འཁྱིལ་ལེ་བ་དཀར་ཞིང་མཛེས་པ་གཅིག་བསམ། དེའི་བུམ་པའི་དཀྱིལ་དུ་གང་ལའང་མ་རེག་པའི་ཟླ་བའི་དཀྱིལ་འཁོར་ལ་ཨ་དམར་པོའི་འོལ་མ་སེའི་མདོག་ལྟ་བུ་ཅིག་རང་གི་སྲོག་གི་སྙིང་པོ་དབུགས་དྲོད་ཀྱི་ངོ་བོར་ཡོད་པར་བསམ། སྤྱི་གཙུག་ཚངས་པའི་བུ་གའི་སྟེང་སོར་བཞི་ཙམ་འཕགས་པའི་གནས་སུ་འོད་དཔག་མེད་ཀྱི་སྐུ་མཛུབ་གང་ཙམ། ཞབས་སྐྱིལ་ཀྲུང་། ཕྱག་མཉམ་བཞག སྐུ་མདོག་མེ་ལྟར་འབར་བ། ཚེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཅིག་བསྒོམ། ཨ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཚེའི་རིག་པ་འཛིན་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆར་ཆེན་པོ་ཙམ་ཕབ་ནས་ཐུགས་ཀའི་ཨ་ལ་བསྟིམ། དེའི་འོད་ཁ་དོག་སྣ་ལྔ་འདུས་པ་ལས། ཚེའི་སྙིང་པོ་ཡི་གེ་འཇའ་ཚོན་རིས་སུ་
བུམ་པའི་ལྟེ་བའི་ནང་ཨའི་ཕྱི་སྐོར་དུ་གྲུབ་པར་བསམ་མོ། །དེ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཡི་གེ་བཀླག་དར་བྱས་ནས་ནམ་མཁའ་ཐམས་ཅད་སྒྲས་གང་བར་བསམས་ལ་བཟླ། སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏཱ་བྷཱ་ཡི། ཨཱ་ཡུར་སིདྡྷི་རཱ་ཛཱ་ཡ། ཨོཾ་པཎྱེ་པུཎྱེ་མཧཱ་པུཎྱེ་མཧཱ་ཨཱ་ཡུར་སིདྡྷི་པུཎྱེ་པུཎྱེ་སཾ་བྷ་ར་སིདྡྷི། སརྦ་སཾ་སྐཱ་ར་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། དེའི་ཚེ་ཕྱོགས་བཅུའི་རིག་འཛིན་ཐམས་ཅད་ཀྱིས་ཚེའི་བདུད་རྩི་སྤྱི་བོའི་ཨ་མི་ཏཱ་བྷ་ལ་བསྡུས་ནས། དེའི་བདུད་རྩི་ཐུགས་ཀའི་ཨ་ལ་བསྡུས་ཏེ་ཚེའི་དངོས་གྲུབ་ཐོབ་པར་བསམ། དེ་ལས་ཀྱང་འོད་དཔག་ཏུ་མེད་པ་འཕྲོས་པས་འགྲོ་བ་ཐམས་ཅད་ཀྱི་ཚེ་བསྲིང་བར་བསམ་མོ། །དེ་ལྟར་བཟླས་སྒོམ་བར་མ་ཆད་པར་ཉིན་ལན་གསུམ། མཚན་ལན་གསུམ་དུ་གྲུབ་ན་རབ། ཉིན་ལན་རེ་མཚན་ལན་རེ་བྱས་ན་འབྲིང་། ཐ་མ་ལ་ཡང་མཚན་གྱི་ཐོ་རངས་ལན་རེ་ཅིས་ཀྱང་མ་ཆག་པར་བྱའོ། །རྫོགས་སོ། །འཕགས་པ་ཐུགས་རྗེ་ཆེན་པོས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ལ། དེས་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པ་ལ། དེས་དཔལ་ནིཥྐ་ལཾ་ཀ་ལ། དེས་རྗེ་གྲུབ་ཐོབ་མི་ཏྲ་ལ། དེས་མ་ཧཱ་ལོ་ཙཱ་བ་བྱམས་པའི་དཔལ་ལ། དེས་བསོད་ནམས་དབང་ཕྱུག་ལའོ།། །།
གྲུབ་ཆེན་ཁྱུང་པོའི་མགུར་བརྒྱད་དང་བཀའ་རྒྱ་མ་བཞི་བཅས།
གྲུབ་ཆེན་ཁྱུང་པོའི་མགུར་བརྒྱད་དང་བཀའ་རྒྱ་མ་བཞི་བཅས་བཞུགས་སོ།།
ན་མོ་གུ་རུ། གྲུབ་ཐོབ་ཆེན་པོ་རཱ་ཧུ་ལའི་གདམས་པ། བླ་མ་ཤངས་པས་མགུར་དུ་བཞེངས་པ་འདི་ཡིན་ཏེ། གཟུང་འཛིན་རྣམ་རྟོག་ཐོ་ཅོ་ཆེ། །ཐིམ་པ་རྣམ་གསུམ་གདམས་ངག་བདོག །གཟུང་འཛིན་གཡུལ་ངོ་དེ་ནས་བཟློག །གཟུང་འཛིན་ཅི་ལྟར་དགྱེས་དགྱེས་མཛོད། །ལྷ་ཆེན་དཔེ་དཀར་ཐོ་ཅོ་ཆེ། །ཐི་གུ་མཐོ་གསུམ་གདམས་ངག་བདོག །ལྷ་ཆེན་གཡུལ་ངོ་དེ་ནས་བཟློག །ལྷ་ཆེན་ཅི་ལྟར་དགྱེས་དགྱེས་མཛོད། །ཀླུ་བདུད་ནག་པོ་ཐོ་ཅོ་ཆེ། །ཐོད་པ་ཁ་སྦྱོར་གདམས་ངག་བདོག །ཀླུ་བདུད་གཡུལ་ངོ་དེ་ནས་བཟློག །ཀླུ་བདུད་ཅི་ལྟར་དགྱེས་དགྱེས་མཛོད། །མཚན་མོའི་འབྱུང་པོ་ཐོ་ཅོ་ཆེ། །བདུད་རྩི་ཐིག་ལེའི་གདམས་ངག་བདོག །འབྱུང་པོའི་གཡུལ་ངོ་དེ་ནས་བཟློག །འབྱུང་པོ་ཅི་ལྟར་དགྱེས་དགྱེས་མཛོད། །བྱད་སྟེམས་ནག་པོ་ཐོ་ཅོ་ཆེ། རྡོ་ལེབ་ནག་པོའི་གདམས་པ་བདོག །བྱད་སྟེམས་གཡུལ་ངོ་དེ་ནས་བཟློག །བྱད་སྟེམས་ཇི་ལྟར་དགྱེས་དགྱེས་མཛོད། །འཆི་བདག་ནག་པོ་ཐོ་ཅོ་ཆེ། །ཀེང་རུས་ཏ་རའི་གདམས་པ་བདོག །འཆི་བདག་གཡུལ་ངོ་དེ་ནས་བཟློག །འཆི་བདག་ཅི་ལྟར་དགྱེས་དགྱེས་མཛོད། །གཟའ་བདུད་ནག་པོ་ཐོ་ཅོ་ཆེ། །
རུས་སྦལ་ཙཀྲའི་གདམས་པ་བདོག །གཟའ་བདུད་གཡུལ་ངོ་དེ་ནས་བཟློག །ཁྱབ་འཇུག་ཇི་ལྟར་དགྱེས་དགྱེས་མཛོད། །ངག་ལ་བྱིན་གྱིས་མ་བརླབས་པས། །བཟླས་པ་རྣམས་ལ་ནུས་མ་བྱུང་། །ཨཱ་ལི་ཀཱ་ལིའི་གདམས་པ་བདོག །མི་འགྲུབ་སྙམ་པའི་དོགས་པ་མེད། །ཅེས་མགུར་བརྒྱད་པོ་འདི་ཁྱུང་པོས་ཚོགས་གྲལ་དུ་གསུངས་པའོ། །དེ་ལ་དང་པོ་ཐིམ་པ་རྣམ་གསུམ་གྱི་གདམས་ངག་ཉམས་སུ་ལེན་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། རིགས་དྲུག་གི་སེམས་ཅན་འདི་རྣམས་ཐམས་ཅད་འཁོར་བར་འཁྱམས། སྡུག་བསྔལ་ཉམས་སུ་མྱོང་བ་འདི་རྣམས་གཟུང་འཛིན་གཉིས་ཀྱི་རྟོགས་པས་ལན་པས་དེས་ཕྱི་གཟུང་བའི་ཡུལ་ལ་ཞེན་པའི་རྣམ་པར་རྟོག་པ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཐིམ་པར་བསྒོམ། དེ་རྣམས་སུ་འཛིན་པའི་སེམས་ཀྱི་རྣམ་པར་རྟོག་པ་དེ་ཡང་སྣང་ལ་རང་བཞིན་མེད་པར་ཐིམ་པར་བསྒོམ། དེ་ལྟར་སྒོམ་བྱེད་ཀྱི་ཤེས་པ་དེ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ་པར་བསྒོམ་པ་ནི། མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །རྗེས་ཐོབ་སྣང་བ་ཞེན་མེད་དུ་སེམས་ཅན་གྱི་དོན་གྲུབ་ཚད་དུ་བྱའོ། །མན་ངག་འདི་ཉམས་སུ་ལེན་ནུས་ན།
སངས་རྒྱ་བ་ལ་ཐེ་ཚོམ་མེད། ཐིམ་པ་རྣམ་གསུམ་ཿ མགུར་གཉིས་པའི་དོན་ནི། རང་ཉིད་ལ་དཔེ་དཀར་རམ། རྒྱལ་པོ་ལ་སོགས་པའི་གདུག་རྩུབ་ཆེ་བ་བྱུང་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། བལ་སྐུད་སུམ་སྒྲིལ་མཐོ་གསུམ་པ་ཅིག་གསང་བ་རྡོ་རྗེའི་དཀྱིལ་དུ་སེ་ཆིངས་བྱས་ལ། སྐུད་པའི་སྣེ་གཉིས་སྐེ་རགས་ལ་བརྟོད་དེ། རྡོ་རྗེའི་ཁ་གྱེན་དུ་བསྟན་ན་ཕྱི་ནས་གདོན་ཐམས་ཅད་ཐུབ་བོ། །དེ་ལྟ་བུའི་སྲུང་སྐུད་དེ་ལ་ཡི་དམ་གྱི་ལྷ་མང་དུ་བསྟིམས་ལ། སྔགས་མང་དུ་བཏབ། རང་ལུས་མེ་འབར་བར་བསམ་མོ། །དཔེ་དཀར་སྲུང་བ་ཿ མགུར་གསུམ་པའི་དོན་ནི། རང་ལ་ཀླུ་བདུད་ལ་སོགས་པའི་གནོད་པ་བྱེད་པའམ། འདྲེའམ། རྦད་དམ། དམ་ཅན་ལ་སོགས་པས་གནོད་ན། རང་ཉིད་ཐོད་པ་དུམ་བུ་གཅིག་པ་བྲེ་དཀར་ཙམ་གཉིས་སྦྱར་བའི་ནང་དུ་ཁ་ཊྭཱཾ་ག་རྩེ་གསུམ་པ་རྭ་དབུས་ལ་ཧཱུྃ་གིས་མཚན་པ་ཅིག་ཏུ་བསམས་ལ་གཉིད་ལོག་གོ །ཐོད་པ་ཁ་སྦྱོར་འདི་མ་ཆག་པར་བསྒོམ་ནུས་ན། རྦོད་གཏོང་བྱད་སྟེམས་དམ་ཅན་སོགས་གནོད་བྱེད་ཐམས་ཅད་ཀྱིས་གནོད་པར་མི་ནུས་སོ། །གསུམ་པ་ཿ མགུར་བཞི་པའི་དོན་ནི། མཚན་མོའི་འབྱུང་པོ་བསྲུང་བར་འདོད་ན། ནུབ་མོ་རང་དུར་ཁྲོད་ལ་སོགས་པ་བག་ཚ་བའམ། ས་གཉན་པར་འགྲོ་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། རང་གི་དྲི་ཆེན་རིལ་མ་ཙམ་གཅིག་དང་། དྲི་ཆུ་དང་པོ་ལུག་རྨིག་ཙམ་ལག་མཐིལ་གཡས་པར་གཡོན་པའི་སྲིན་ལག་གིས་མཉེ་སྟེ། སྲིན་ལག་གིས་བླངས་ལ་རང་གི་དཔྲལ་བར་བཞག་ནས། མཐེའུ་ཆུང་ངོས་ནས་བསྐོར་བའི་ཐིག་ལེ་བྱས་ནས། རང་ཉིད་ཡི་དམ་དུ་བསྒོམས་ཏེ་འགྲོ་བའི་ཐོག་མཐའ་གཉིས་ཀྱི་ཚེ་བཟླས་ན། མཚན་མོའི་འབྱུང་པོའི་གདོན་ཐམས་ཅད་ཐུབ་པར་འགྱུར་རོ། །དེ་ནི་སྲུང་བ་ཆེ་གསུང་ངོ། །ཿ མགུར་ལྔ་པའི་དོན་ནི། བྱད་སྟེམས་ནག་པོ་ཞེས་
བྱ་བ་བན་བོན་གྱི་རྦོད་ཁ་བསྲུང་ན། ཆུ་མིག་ལྐུག་པ་ཁ་བྱང་བསྟན་ཅིག་ཏུ་རྡོ་ལེབ་ནག་པོ་གཅིག་བཅུག་ལ་བཞག དེ་མཐུ་བྱེད་པ་བྱུང་བ་དང་། རྡོ་ལེབ་ལ་རང་གི་གྲིབ་མ་དང་ཁ་རླངས་མ་ཤོར་བར་བྱས་ཏེ། དར་རམ་རས་ཀྱི་ཁ་ལ་བླངས་ཏེ་མེ་ལ་བསྲོས་ནས། ལ་མཚལ་གྱི་མྱུ་གུས་༼ཁྑཧཱུྃ༽བྲིས་ལ། ཡང་སྔར་གྱི་ཆུ་མིག་ཏུ་ས་ལ་སྦྱར་ལ་གཞུག་གོ །དེ་ལྟར་བྱས་ན་ངན་སྔགས་སམ། ལྷ་སྔགས་བཟླས་པའི་ནུས་པ་ཁོ་རང་ལ་ལྡོག་པར་ཐེ་ཚོམ་མེད་དོ། །འདི་གང་ཐོང་ཐོང་ལ་སྤེལ་ན་བསྟན་པ་ལ་གནོད་པས་མི་སྤེལ་ལོ། །རྡོ་ལེབ་ནག་པོའི་གདམས་པ་ཿ མགུར་དྲུག་པའི་དོན་ནི། རང་ལ་ཕྱི་ནང་ལ་སོགས་པའི་འཆི་ལྟས་བྱུང་ན། ལྟས་དེ་སྲུང་བའི་ཐབས་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། རང་གི་ལུས་པོ་ཕྱི་ཤ་དང་པགས་པ། ནང་གི་ཀླད་པ་དང་རྩ་རྒྱུས་ཐམས་ཅད་ལུས་ཀྱི་གོས་ཕུད་པ་བཞིན་དུ་དོར་ཏེ། རང་གི་ལུས་ཀེང་རུས་སུ་དཀར་ཀྲོང་ངེ་བསྒོམ་ན། འཆི་བདག་གི་བདུད་འཇོམས་སོ། །དེ་ཡང་། ཀང་ཀ་ལའི་རྣམ་པའམ། །ཡང་ན་ཐོད་པ་ཉིད་ཀྱང་རུང་། །གསར་པར་གསོ་བ་མ་ཡིན་ཏེ། །འཆི་བདག་འཇོམས་པའི་མཆོག་ཡིན་ནོ། །ཞེས་ཨ་བྷི་དྷ་ན་ལས་གསུངས་སོ། །ཀེང་རུས་ཏ་རའི་འཆི་བསླུ་ཿ མགུར་བདུན་པའི་དོན་ནི། སེར་བ་བསྲུང་བ་སྟེ། རྫས་ལ་རུས་སྦལ་གྱི་གཟུགས་ཁོང་སྟོང་ཅིག་བྱས་ལ་སོ་བཏང་། དེའི་ཁོག་པར་སྔགས་འདི་བྲིས་ལ་གཞུག་གོ །ཨོཾ་རུ་རུ་ཀི་ལི་ཀི་ལི་པྲ་མ་ནི། ཁུ་རུ་པ་ཏ་དུར་ནི་སྭཱ་ཧཱ། འབྱུང་པོ་ཁ་ཐམ་ཞེས་པ་འདི་ཉེར་གཅིག་བྲིས་པ་དེ་ལ། བརྒྱ་རྩ་བརྒྱད་བཟླས་པས་རབ་གནས་བྱས་པ། ཡི་གེའི་དབུ་རུས་སྦལ་གྱི་མགྲིན་པར་བསྟན་ལ་གཞུག་གོ །དེ་ནས་སྔགས་འདི་སྦལ་པའི་རྒྱབ་ཏུ་གདབ་བོ། །ཨོཾ་ན་ར་སིམ། ཐི་ར་དྷ་ར། བྷ་སཾ་ཡཻ། གྷུ་ཏྲི་ཧཱ། ཛྭ་ཀི་ནི། ཛྭ་ཀི་ནི། ཙ་ར་ཀ་ར་བི་ཤུད་རྦུད། བྷནྡྷ་བྷནྡྷ། དྷ་དྷི་
བྷནྡྷ། ལྕེ་རེ་བྷནྡྷ། ན་ར་སིཾ། ཀ་ན་ཙ་ཀོ་རི། སི་ཏི་མི་རི། ཧི་ར་བྷོ་རི། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་འདི་སྦལ་པའི་རྒྱབ་ཏུ་གདབ་བོ། །སྔགས་འདི་བཅུ་བཅུས་སེར་བ་ཞག་རེ་ཐུབ་བོ། །བརྒྱ་བཟླས་ན་ཞག་བཅུ། སུམ་བརྒྱས་ཟླ་བ་གཅིག་དྲུག་བརྒྱས་ཟླ་བ་གཉིས། དགུ་བརྒྱས་ཟླ་བ་གསུམ་ཐུབ་བོ། །ཡང་སྔགས་བཅུས་ཆང་ཚོད་རེ་ཐུབ་བོ། །ཞིང་ཡང་དེ་དང་འདྲ། དེ་བཞིན་གྲངས་གོང་དང་འདྲའོ། །སྦལ་པ་ནམ་མཁའ་མཐོང་བའི་སར་བཞག་ན། རང་གཞི་ལ་མི་སྡོད་ཀྱང་སེར་བ་ཐུབ་བོ། །གདོང་ཟློག་བྱེད་ན། སྦལ་པ་ལག་ཏུ་བཟུང་སྟེ། སྔགས་བཟླས་པས་ཐོགས་པ་མེད་དོ། །སྦལ་པའི་ཁ་སེར་རྐང་འཇུག་པའི་སར་བསྟན་ནོ། །ཕྱོགས་གང་ན་འོང་བ་དེས་འགྲེའོ། །རྒྱ་ཆེ་ཆུང་དམིགས་པ་གཙོ་ཆེའོ། །དུས་ཇི་ཙམ་དུ་བསྲུང་བ་དཔྱད་ལ་བྱའོ། །གང་དམིགས་པ་ཐུབ་བོ། །དུས་ཚོད་གྲངས་ཚད་ལ་སོགས་ཞལ་ལས་ཤེས་སོ། །གཟོ་བ། བྲི་བ། རབ་གནས་གསུམ་རྒྱལ་ལ་བྱའོ། །བསྙེན་རྒྱབ་ཡོད་ན་མཆོག མེད་ན་སྔགས་རིངས་སྔོན་ལ་མང་དུ་བཟླའོ། །ཿ མགུར་བརྒྱད་པའི་དོན་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། ཐོ་རངས་དགེ་སྦྱོར་གང་བྱེད་པའི་སྔོན་དུ། རང་ཡི་དམ་ལྷར་གསལ་བའི་ལྕེ་ཐོག་ཏུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ་བསམ། དེ་ལ་ཨཱ་ལི་ཀཱ་ལིས་བསྐོར་བར་བསམ་ཏེ། ཨཱ་ལི་ཀཱ་ལི་ཨོཾ་དང་སྭཱ་ཧཱའི་བར་དུ་བཅུག་ལ་ལན་གསུམ་གསུམ་བརྗོད་པར་བྱའོ། །ངག་གི་ནུས་པ་མཐར་ཐོན་ཏེ། བཟླས་བརྗོད་ནུས་པ་དང་ལྡན་པར་འགྱུར་རོ། །འདི་སློབ་དཔོན་རྣམས་རྩིས་ཆེ་ཐུགས་དམ་དུ་མཛད་དོ། །ངག་ལ་བྱིན་གྱིས་བརླབ་པའོ། །ཿ མགུར་བརྒྱད་ཀྱི་གདམས་པ་རྫོགས་སོ། ༈ །གཞན་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཞན་དོན་མི་འགྲུབ་མི་སྲིད་པའི་རྟེན་འབྲེལ་ནི། སེམས་བསྐྱེད་པ་སྔོན་དུ་སོང་བས་རང་ཡི་དམ་
གྱི་སྤྱི་བོར་རྩ་བའི་བླ་མ་བསྒོམ། དེའི་ཐུགས་ཀ་ནས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཡི་དམ་གྱི་ལྷ་ཚོགས་དང་། ཡེ་ཤེས་ཀྱི་ཆོས་སྐྱོང་དང་བཅས་པ་ཐམས་ཅད་བླ་མ་དེ་ལ་བསྟིམ་མོ། །དེ་ནས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་གདབ་པར་བྱ་སྟེ། བླ་མ་སངས་རྒྱས་རིན་པོ་ཆེ། །བདག་གི་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ། །གཞན་དོན་འབའ་ཞིག་འགྲུབ་པར་མཛད་དུ་གསོལ། །ཅེས་ལན་གསུམ་བརྗོད་དོ། །དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྒོམས་པའི་རྐྱེན་གྱིས། སྤྱི་བོའི་བླ་མ་དེ་རང་ལ་ཐིམ་པ་དང་། རང་ཉིད་ཐུགས་རྗེ་ཆེན་པོ་ཤིན་ཏུ་ཆེ་བར་བསྒོམས་ནས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དུངས་དུངས་པ་བསྒོམས་ལ་སྨོན་ལམ་གདབ་པར་བྱ་སྟེ། བདག་གི་དགེ་བའི་རྩ་བ་འདིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ། གཞན་དོན་འབའ་ཞིག་འགྲུབ་པར་གྱུར་ཅིག བདག་གི་ལུས་ཀྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་གྱུར་ཅིག ངག་གིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་གྱུར་ཅིག ཡིད་ཀྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་གྱུར་ཅིག ལུས་ངག་ཡིད་གསུམ་གྱིས་འཁོར་བའི་རྒྱ་མཚོ་ཆེན་པོ་འདི་སྟོང་པར་མ་གྱུར་གྱི་བར་དུ། སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་དོ། །ཡང་པདྨ་དྲྭ་བའི་རྒྱུད་ལས་གསུངས་པ་བཞིན་དུ། བདག་ནི་སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་རེ་གནས་གྱུར་ནས་ཀྱང་། །སེམས་ཅན་ཀུན་གྱི་རེ་འདོད་ཀུན། །ཚུལ་བཞིན་དུ་ནི་སྐོངས་གྱུར་ཅིག །ཅེས་ལན་གསུམ་མམ་ལྔ་བརྗོད་པར་བྱའོ། །འདི་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། །འདི་དང་ཕྱི་མར་གཞན་དོན་མི་འབྱུང་མི་སྲིད་དོ་གསུང་ངོ། །གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་
དགེའོ། ༈ །རིག་འཛིན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་རབ་གནས་བཀའ་རྒྱ་མ་བཞུགས་སོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ༴ ལན་གཅིག་ཕྱིར་འོང་བ༴ རྒྱུན་དུ་ཞུགས་པ་རྣམས་ལ༴ འཕགས་པ་བྱམས་པ་ལ་སོགས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ༴ བརྟུལ་ཞུགས་གྲུབ་པ་རྣམས་ལ༴ མཐུ་སྟོབས་ཀྱི་བདག་པོ་རྣམས་ལ༴ སེམས་ཅན་གྱི་དོན་དུ་སྨན་པ་རྣམས་ལ་ཕྱག་འཚལ་ལོ། །དེ་རིང་རྒྱུ་སྦྱོར་ཡོན་གི་བདག་པོ་རྣམས་དང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་དབང་གིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་«ཁང་པ་ལྟ་བུ་ལ། གནས་ཁང་ཉིད་དུ། སོགས་དང་། གཞན་ཡང་། སྲུང་བའི་འཁོར་ལོ་ཉིད་ལ། ཞེས་སོགས་ཇི་ལྟར་རིགས་པར་ཁ་བསྒྱུར་བྱའོ།་་་་་»འདི་རྣམས་ལ་འབྱོན་པ་དང་། རབ་ཏུ་གནས་པར་མཛད་དུ་གསོལ། ཅེས་ལན་གསུམ་དང་། རྟེན་འབྲེལ་སྙིང་པོ་བརྗོད། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཟག་པ་མེད་པའི་བདེ་བ་དང་ལྡན་པ། བདེ་བ་ཆེན་པོ་བདེ་བ་བླ་ན་མེད་པ། བྱང་ཆུབ་ཆེན་པོ་ཆོས་ཀྱི་སྐུ་ཆོས་ཐམས་ཅད་མི་གནས་པའི་ངོ་བོར་རབ་ཏུ་གནས་པར་བགྱི། ཞེས་ལན་གསུམ་བརྗོད་ལ་སླར་ཡང་རྟེན་འབྲེལ་སྙིང་པོ་བརྗོད། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་པས་འཇིགས་པ་དང་། །ཇི་ལྟར་ནམ་མཁའ་གནས་ཀྱི་བར། །སྟོན་པ་ཁྱོད་ནི་བཞུགས་སུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་བརྗོད་
ཀྱི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ། །སརྦ་དཱ་སུ་པྲ་མངྒ་ལཾ་བྷ་ཝ་ཏུ། ༈ །རབ་གནས་བཀའ་རྒྱ་མ་བཞུགས། །ན་མོ་གུ་རུ་བཛྲ་ཏཱ་རཱ་ཡཻ། རབ་གནས་བཀའ་རྒྱ་མའི་ཞལ་གདམས་འདི་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་ལ་དར་སེར་ལ་སོགས་པས་བཀབ་སྟེ་བཞག དེ་ཡང་རང་ཉིད་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས། རྗེ་བཙུན་སྒྲོལ་མར་བསྒོམ་ཞིང་མདུན་དུ་འཁར་གཞོང་ལ་སོགས་པའི་སྣོད་གཙང་མར་འབྲས་སམ། ནས་དཀར་མོ་བཟང་པོས་བཀང་ལ། ཡེ་དྷརྨཱ་བརྒྱའམ་སྟོང་ལ་སོགས་པ་ཅི་རིགས་བཟླས་པས། མེ་ཏོག་དེ་རྣམས་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་དཔག་ཏུ་མེད་པར་བསམ་ཞིང་། བྱིན་གྱིས་བརླབས་ཏེ་སྟ་གོན་དུ་གནས་པར་བྱའོ། །དངོས་གཞི་ནམ་ཕྱེད་དུ་སོང་བ་དང་རྟེན་གྱི་དྲུང་དུ་ཕྱིན་ལ། རྟེན་གྱི་ཁེབས་བསལ་ཏེ། རྟེན་དེ་ཉིད་རྗེ་བཙུན་མ་སྒྲོལ་མར་སྐད་ཅིག་གིས་བསྐྱེད་ལ། སྔར་གྱིས་བྱིན་གྱིས་བརླབས་པའི་མེ་«སངས་རྒྱས་ལ་ཕྱག་འཚལ་ལོ་སོགས་བཏོན།་་་་་»ཏོག་གཏོར་བས། རྗེ་བཙུན་མ་སྒྲོལ་མའི་ཚོགས་དཔག་ཏུ་མེད་པ་རྟེན་ལ་སིབ་སིབ་ཐིམ་པས། དེ་རྗེ་བཙུན་མའི་སྐུ་ཤིན་ཏུ་གསལ་ཞིང་བ་སྤུའི་བུ་ག་ཐམས་ཅད་ཀྱང་རྗེ་བཙུན་སྒྲོལ་མའི་སྐུ་ཆུང་བ་ཡན་ལག་དོད་པས་དཀྲིགས་ཐམས་ལ་བསྡམས་པར་བསམ་ཞིང་། མེ་ཏོག་གཏོར། རྗེས་ལ་བཀྲ་«སྨོན་ལམ་དང་བཀྲ་ཤིས་བཀའ་རྒྱ་མ་བྱའོ་གསུང་།་་་་་»ཤིས་ལ་སོགས་པ་བྱ། དགེ་བའི་རྩ་བ་བསྔོ་བར་བྱའོ། །རབ་གནས་བཀའ་རྒྱ་མ་ཤིན་ཏུ་ཟབ་པས་གསང་བར་བྱའོ། །ཿ ནམ་ཕྱེད་རིག་པ་དུས་གནད་ཡིན། ༈ །བླ་མ་ཤངས་པའི་མཎྜལ་བཀའ་རྒྱ་མ་བཞུགས་སོ། །བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་
ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་བརྒྱད་དང་། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བ་སྐྱེད་པའི་མཎྜལ་འདི། །དོན་གཉིས་སྒྲུབ་པར་བྱེད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱིས་བླ་མ་ཡི་དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་དབུལ་བར་བགྱི། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་བྱང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མངྒལཾ། ༈ །ནཻ་གུ་མའི་སྨོན་ལམ་བཀའ་རྒྱ་མ་བཞུགས་སོ། །རྒྱ་གར་སྐད་དུ། ཨརྻ་པྲ་ཎི་དྷཱ་ན་རཱ་ཛ་ནཱ་མ། བོད་སྐད་དུ། འཕགས་པ་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །ཐུགས་རྗེ་ཕྲིན་ལས་ཕུན་སུམ་ཚོགས་པ་ཡིས། །བདག་གི་སྨོན་ལམ་འདི་དག་ཐམས་ཅད་ཀུན། །ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་ཤོག །འདི་ནས་བཟུང་སྟེ་རྣམ་པ་ཐམས་ཅད་དུ། །མོས་གུས་ཚད་མེད་བླ་མ་མཉེས་བྱེད་ཅིང་། །རྣམ་དག་ལུས་ངག་ལོངས་སྤྱོད་མཁའ་མཉམ་མཆོད། །སྐད་ཅིག་མི་འབྲལ་ཕྲིན་ལས་རྒྱས་བྱེད་ཤོག །ཚེ་རབས་ཀུན་ཏུ་ཉན་བཤད་སྒོམ་གྲུབ་ཚེ། །ལོག་པའི་སློབ་དཔོན་དེ་བཞིན་བླ་མར་ངན། །གྲོགས་ངན་སྦྱིན་བདག་ངན་པ་མི་ཕྲད་ཅིང་། །བླ་མ་མཆོག་བསྟེན་བྱང་ཆུབ་དེར་ཐོབ་ཤོག །སྐྱེ་བ་ཀུན་ཏུ་རིགས་བཟང་ནད་མེད་ཅིང་། །དབྱངས་སྙན་གཟུགས་མཛེས་གཟི་བརྗིད་སྟོབས་ལྡན་ནས། །ཚེ་རིང་འཁོར་དང་ལོངས་སྤྱོད་ཆོས་རྣམས་ཀུན། །ལྷུན་གྱིས་གྲུབ་ཅིང་ཀུན་གྱིས་བཀུར་བར་ཤོག །གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ། །སེམས་
ཅན་རྣམས་ཀྱིས་མཐོང་ཐོས་དྲན་རེག་ཚེ། །མཛེས་ཤིང་ཡིད་འོང་ལྟ་བས་མི་ངོམས་ཤིང་། །མི་མཐུན་ཕྱོགས་བྲལ་ཀུན་དང་མཐུན་པར་ཤོག །བདག་ནི་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་རེ་གནས་དཔུང་གཉེན་གྱུར་ནས་ཀྱང་། །གང་ལ་གང་འདོད་རེ་བ་ཐམས་ཅད་ཀུན། །ཚུལ་བཞིན་བདག་གིས་མ་ལུས་སྐོང་བར་ཤོག །བདག་ལ་ཕན་པར་འདོད་པའི་གྲོགས་རྣམས་དང་། །ལུས་ངག་ཡིད་གསུམ་སྨོན་ལམ་གཅིག་ཏུ་སྤྱད། །དུས་འདི་ནས་བཟུང་སྐད་ཅིག་མི་འབྲལ་ཞིང་། །དག་སྣང་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །གང་སྐྱེས་ཡིད་བཞིན་ནོར་བུར་བདག་གྱུར་ཏེ། །དགོས་འདོད་ཐམས་ཅད་ཡིད་ལ་བསམས་མ་ཐག །ཕུན་སུམ་ཚོགས་པ་དཔག་མེད་ཆར་བབས་ནས། །སེམས་ཅན་ཐམས་ཅད་བདེ་ལ་འགོད་པར་ཤོག །བདག་ནི་གནས་པའི་ས་ཕྱོགས་ཐམས་ཅད་དུ། །འགྲོ་ཀུན་ནད་གདོན་འཐབ་རྩོད་དབུལ་ཕོངས་བྲལ། །ཚེ་རིང་ནད་མེད་ཆོས་དང་ལོངས་སྤྱོད་ལྡན། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་ཐམས་ཅད་དུ། །ལོངས་སྤྱོད་ནམ་མཁའི་མཛོད་ལ་མངའ་བརྙེས་ནས། །སྦྱིན་པ་རྣམ་བཞི་ཕྱོགས་བཅུར་གཏོང་བྱེད་ཅིང་། །ཕ་རོལ་ཕྱིན་བཅུར་འགྲོ་ཀུན་སྨིན་གྲོལ་ཤོག །འཁོར་འདས་ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཆགས་ཐོགས་མེད་པའི་ཤེས་རབ་ཕུན་ཚོགས་ནས། །དུས་གསུམ་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཀུན། །སྐད་ཅིག་ཙམ་གྱིས་ཐམས་ཅད་མངོན་གྱུར་ཤོག །བདག་ནི་བསླབ་གསུམ་དྲི་མེད་ལེགས་བརྒྱན་ཞིང་། །རྩོད་བྲལ་ལྷར་བཅས་འཇིག་རྟེན་མཆོད་ཅིང་བསྟོད། །ཚུལ་ཁྲིམས་མཆོག་ལ་འགྲོ་བ་ཀུན་བཀོད་ཅིང་། །ལེགས་པའི་ཡོན་ཏན་མ་ལུས་རབ་རྫོགས་ཤོག །རི་ཁྲོད་དགོན་པར་ཆོག་ཤེས་ཟས་གོས་ལྡན། །ཕྱི་ནང་བར་ཆད་སྐད་ཅིག་མི་འབྱུང་བར། །ཉམས་རྟོག་མཐར་ཕྱིན་ཕྲིན་ལས་
ཚད་མེད་ཀྱིས། །འགྲོ་རྣམས་མ་ལུས་སྨིན་ཅིང་གྲོལ་བྱེད་ཤོག །ལྷ་འདྲེ་སྟོབས་ལྡན་དྲེགས་ཅན་མ་ལུས་ཀུན། །བསྙེན་སྒྲུབ་རྦད་བསྐུལ་སྐད་ཅིག་མི་དགོས་པར། །སྲོག་སྙིང་དབུལ་ཞིང་བྲན་བཞིན་ཉན་པ་དང་། །མཐུ་སྟོབས་ཕུན་ཚོགས་བསྟན་པ་བསྲུང་བར་ཤོག །བདག་གིས་བྱམས་དང་སྙིང་རྗེ་མངོན་གྱུར་ཏེ། །ཁམས་གསུམ་སེམས་ཅན་མ་ལུས་ཐམས་ཅད་ཀུན། །གཅིག་ལ་གཅིག་འཚེའི་གནོད་པ་རབ་ཞི་ནས། །བུ་གཅིག་མ་བཞིན་བརྩེ་བར་གནས་པར་ཤོག །ནམ་ཞིག་འཆི་བའི་དུས་བྱེད་གྱུར་པའི་ཚེ། །གནད་གཅོད་མི་འབྱུང་ཆོས་སྐུ་མངོན་གྱུར་ནས། །གཟུགས་སྐུ་རང་ཤར་གཞན་དོན་ལྷུན་གྲུབ་ཅིང་། །སྐུ་གདུང་རིང་བསྲེལ་འགྲོ་བ་འདྲེན་པར་ཤོག །རྒྱལ་བའི་ཞིང་ཁམས་མ་ལུས་ཐམས་ཅད་དུ། །སངས་རྒྱས་བསྐལ་པའི་རྡུལ་སྙེད་རྒྱ་མཚོ་ལས། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པ་ཡིས། །བསྐལ་པ་རྒྱ་མཚོར་བདག་གིས་མཆོད་བྱེད་ཤོག །ཞིང་ཁམས་རྣམ་དག་རྒྱ་མཚོ་མངོན་གྱུར་ཏེ། །སྤྱོད་པ་རྣམ་དག་ཤེས་རབ་ཚད་མེད་ཀྱིས། །ཆོས་རྣམས་རྒྱ་མཚོ་ཐམས་ཅད་རབ་མཐོང་ནས། །ཡེ་ཤེས་རྒྱ་མཚོ་མ་ལུས་རྟོགས་པར་ཤོག །རྒྱལ་བ་རྒྱ་མཚོའི་གསུང་དབྱངས་མངོན་གྱུར་ནས། །ནམ་མཁའི་མཐའ་ཁྱབ་ཚངས་པའི་དབྱངས་སྒྲོགས་ཤིང་། །འགྲོ་རྣམས་སྐད་དུ་བདག་གིས་ཆོས་བསྟན་ནས། །སེམས་ཅན་མ་ལུས་སངས་རྒྱས་སར་འགོད་ཤོག །ཀུན་བཟང་སྒྱུ་མའི་རྣམ་ཐར་ཇི་བཞིན་དུ། །མཐའ་བྲལ་སྒྱུ་མའི་ཏིང་འཛིན་མངོན་གྱུར་ནས། །སངས་རྒྱས་སྐུ་དང་ཞིང་ཁམས་མ་ལུས་ཀུན། །རྡུལ་གཅིག་སྟེང་དུ་སྐད་ཅིག་འགྲུབ་པར་ཤོག །སེམས་ཅན་ཁམས་དང་རྒྱ་མཚོའི་གཏིང་མཐའ་དང་། །ནམ་མཁའི་མཐའ་དང་ཆོས་དབྱིངས་ཚད་མེད་ལྟར། །བདག་གི་སྨོན་ལམ་ཏིང་འཛིན་ཕྲིན་ལས་རྣམས། །གཏིང་མཐའ་དཔག་མེད་ཚད་བཟུང་མེད་པར་ཤོག །འཁོར་ལོས་སྒྱུར་རྒྱལ་དཔག་མེད་བདག་
སྤྲུལ་ནས། །འགྲོ་ཀུན་རེ་སྐོང་ཆོས་ཀྱི་རྒྱལ་སྲིད་སྐྱོང་། །མཁའ་མཉམ་ཞིང་ཁམས་ཀུན་ལ་དབང་བསྒྱུར་ནས། །སེམས་ཅན་མ་ལུས་བདེ་ལ་འགོད་པར་ཤོག །མ་འོངས་དུས་སུ་ནད་མཚོན་བསྐལ་པ་ཡིས། །སེམས་ཅན་སྡུག་བསྔལ་ཉམ་ཐག་གྱུར་པའི་ཚེ། །བདག་ནི་སྨན་མཆོག་རྒྱལ་པོར་གྱུར་ནས་ཀྱང་། །སྐད་ཅིག་ཉིད་ལ་སྡུག་བསྔལ་ཞི་བྱེད་ཤོག །མུ་གེའི་བསྐལ་པས་བཀྲེས་སྐོམ་གྱུར་པའི་ཚེ། །བཟའ་བཏུང་དར་ཟབ་གསེར་དངུལ་ལོངས་སྤྱོད་རྣམས། །ཕུན་སུམ་ཚོགས་པ་མཁའ་མཉམ་སྤྲིན་བཏིབས་ནས། །ཕྱོགས་བཅུར་འདོད་ཡོན་ལྔ་ཡི་ཆར་འབེབས་ཤོག །བྱང་ཆུབ་སེམས་ཀྱི་སྤྱོད་པ་རླབས་ཆེན་གྱིས། །འཁོར་བའི་རྒྱ་མཚོ་སྟོང་པར་མ་གྱུར་ཚེ། །ནམ་མཁའི་མཐས་གཏུགས་སེམས་ཅན་མ་ལུས་ཀུན། །གང་ལ་གང་འདུལ་དེ་ལ་དེར་སྟོན་ཤོག །ལོག་པའི་ལམ་ཞུགས་སྟོབས་ལྡན་དྲེགས་པ་ཅན། །ཕྱོགས་བཅུ་དུས་གསུམ་རྒྱལ་བས་མ་ཐུལ་བའི། །འགྲོ་ཀུན་མ་ལུས་བདག་གིས་རབ་བཏུལ་ནས། །སྐད་ཅིག་ཉིད་ལ་སངས་རྒྱས་སར་འགོད་ཤོག །ཇི་སྲིད་འཁོར་བར་སེམས་ཅན་གནས་ཀྱི་བར། །དེ་སྲིད་ཕྲིན་ལས་རྩོལ་མེད་རང་ཤར་གྱིས། །སེམས་ཅན་མ་ལུས་སྨིན་ཅིང་གྲོལ་བྱེད་པའི། །འགྲོ་དོན་ལྷུན་གྲུབ་རྒྱུན་ཆད་མེད་པར་ཤོག །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །སོ་སོ་སྐྱེ་བོ་བྱང་ཆུབ་སེམས་དཔའི་ཚེ། །བསྐལ་པ་གྲངས་མེད་སེམས་བསྐྱེད་སྨོན་ལམ་བཏབ། །ཚོགས་གཉིས་མཐར་ཕྱིན་མངོན་པར་སངས་རྒྱས་ནས། །ཕུན་སུམ་ཚོགས་མངའ་ཡོན་ཏན་རྒྱ་མཚོ་ཡི། །སེམས་ཅན་དཔག་མེད་སྨིན་ཅིང་གྲོལ་མཛད་པའི། །སྨོན་ལམ་འཕྲིན་ལས་གཅིག་ཏུ་བསྡོམས་པ་བས། །བདག་གི་སྨོན་ལམ་ཕྲིན་ལས་རྒྱ་ཆེར་ཤོག །གཞན་དོན་ལྷུན་གྲུབ་དཔག་མེད་འབྱུང་འགྱུར་བའི། །བདག་གི་སྨོན་ལམ་འདི་དག་ཐམས་ཅད་ཀུན། །
བྱང་ཆུབ་མཆོག་མོས་དད་པ་རབ་བསྐྱེད་དེ། །གང་གིས་འདེབས་པ་དེ་ལ་ཡོངས་རྫོགས་ཤོག །ཕྱོགས་བཅུ་དུས་གསུམ་འཁོར་འདས་ཐམས་ཅད་ཀྱི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་ཀུན། །རྒྱུན་ཆད་མེད་པ་ཆུ་བོའི་གཞུང་བཞིན་དུ། །བདག་གཞན་ཕྱོགས་རྣམས་ཀུན་ཏུ་ཁྱབ་པར་ཤོག །འཕགས་པ་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །ཿཨྠྀི བཀྲ་ཤིས་བཀའ་རྒྱ་མ་བཞུགས་སོ།། ཨོཾ། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམ་མཛད་ཅིང་། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་རྣམས་ཀྱིས་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང་། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྩོལ་བའི། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག །དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང་། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་ཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །ཡིད་ལ་བྱར་མེད་བདེ་གསལ་ནམ་མཁའི་ངང་། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བསྟེན་ཅིང་མཆོད་པ་དང་། །སྐུར་པ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་སྦྱོར་མཛད་པའི། །མཉམ་ཉིད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་སྒོ་མང་ཇི་སྙེད་ཡོད་པ་ཀུན། །ཕུན་སུམ་ཚོགས་པ་ཆུ་བོའི་རྒྱུན་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོས་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག། །།སརྦ་མངྒ་ལཾ།། །།
རྣམ་སྲས་དཀར་པོ་ཚེ་འཕེལ་གྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ།
རྣམ་སྲས་དཀར་པོ་ཚེ་འཕེལ་གྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བཞུགས་སོ།།
ཨོཾ་སྭ་སྟི། རྣམཾ་ཀུན་སྐྱེ་མེད་རྟོག་པའི་མྱུ་གུ་ནི། །རིན་ཆེན་མཾང་གང་འགྲོ་ལ་འདོད་འཇོའི་སླད། །ཐཾོས་པའི་མོད་ལ་ཚེ་ཡི་མཆོག་སྟེར་བའི། །སྲཾས་ཀྱི་ཐུ་བོའི་ཚུལ་འཛིན་མགོན་པོས་སྐྱོངས། །ཞེས་མཆོད་པར་བརྗོད་ནས། འདིར་རྣམ་སྲས་དཀར་པོ་ཚེ་འཕེལ་གྱི་སྒྲུབ་པ་ལ་གཉིས། རང་གིས་སྒྲུབ་པ་དང་། གཞན་རྗེས་སུ་འཛིན་པའོ། །དང་པོ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ནི། གནས་ཁང་མཚན་ཉིད་དང་ལྡན་པར་དཀོན་མཆོག་གི་རྟེན་སྤྱི་དང་ལྷག་པར་འདིའི་རྟེན་རྣམས་བཤམས་པའི་དྲུང་དུ། དཀར་གསུམ་མངར་གསུམ་ཤས་ཆེ་བ་ལས་གྲུབ་པའི་གཏོར་མ་ཁང་བརྩེགས་གསུམ་རིམ་ཛམ་བཤོས་བརྒྱད་ཀྱིས་བསྐོར་བ་དང་། དེའི་མདུན་དུ་རྡུལ་ཚོན་དཀར་པོའི་མཎྜལ་གྲུ་བཞི་པའི་དབུས་སུ་པདྨ་འདབ་བརྒྱད་དཀར་པོ་མུ་ཁྱུད་དང་བཅས་པའི་ལྟེ་བར་བཻ་དང་། འདབ་མ་བརྒྱད་ལ་ཀྵ་རེ་རེ་བྲི། དེའི་དབུས་སུ་མཉྫིའི་སྟེང་དུ་བུམ་པ་མཚན་ལྡན་བཅུད་ཀྱིས་གང་ཞིང་མགུལ་ཆིངས་ཅན་དུང་ཆོས་རྡོར་གཟུངས་ཁ་རྒྱན་དང་བཅས་པ་བཤམ། མཎྜལ་སོགས་མ་གྲུབ་ན་བུམ་པ་རྐྱང་པ་བཤམས་ཀྱང་བཏུབ། མདུན་དུ་འབུལ་གཏོར་ཟླུམ་པོ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་བཅས་པ་བཤམས་པ་ནི་སྦྱོར་བའོ། །གཉིས་པ་དངོས་གཞི་ལའང་བདག་
མདུན་གཉིས་ལས་དང་པོ་ནི། མཆོད་པ་བྱིན་རླབས་སྤྱི་ལྟར་སྔོན་དུ་འགྲོ་བས་སྐྱབས་སེམས། ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཞི་དང་བཅས་པ། དེའི་ནང་འཁོར་ས་རིམ་པ་གསུམ་ལ། ཕྱི་མ་ལ་གནོད་སྦྱིན་བྱེ་བའི་ཚོགས་དང་། བར་པ་ལ་སྟོབས་ཆེན་སུམ་ཅུ་རྩ་གཉིས། འཁོར་འཁྱམས་དང་པོའི་དབུས་ན་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་བཻ་དང་། འདབ་མ་བརྒྱད་ལ་ཀྵ་ཡིག་རེ་རེ་རྣམས་ཁ་དོག་དཀར་པོ། དེ་དག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྣམ་ཐོས་སྲས་དཀར་པོ་ཚེ་འཕེལ་སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་ཞིང་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་འཆི་མེད་ཚེའི་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་དང་། གཡོན་པས་འཆི་མེད་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞལ་འཛུམ་ལ་ཆགས་པའི་ཉམས་ཅན། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། དབུ་ལ་རིགས་བདག་གི་ཚུལ་དུ་རིན་པོ་ཆེའི་པྲོག་ཞུ་བསྣམས་པ། འདབ་མ་བརྒྱད་ལ་ཤར་དུ་ཛཾ་བྷ་ལ། ལྷོར་གང་བ་བཟང་པོ། ནུབ་ཏུ་ནོར་བུ་བཟང་པོ། བྱང་དུ་ཀུ་བེ་ར། ཤར་ལྷོར་ཡང་དག་ཤེས། ལྷོ་ནུབ་ཏུ་འབྲོག་གནས། ནུབ་བྱང་དུ་ལྔས་
རྩེན། བྱང་ཤར་དུ་པི་ཙི་ཀུཎྜ་ལི། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ཚེ་འགུགས་པའི་ལྕགས་ཀྱུ་དང་། གཡོན་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་བསྣམས་ཤིང་རྟ་དཀར་པོ་ལ་ཆིབས་པ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་གཙོ་བོ་ལ་པདྨ་འདབ་མ་བརྒྱད་དང་། འཁོར་རྣམས་ལ་འདབ་མ་བཞི་རེ་ཡོད་པའི་པདྨའི་དབུས་སུ་ཧཱུྃ་དང་། འདབ་མ་རྣམས་ལ་བཻ྅་རེ་རེས་མཚན་པ། དེ་དག་ལས་འོད་ཟེར་འཕྲོས་པས་དཀར་པོ་ཚེ་འཕེལ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། བླ་མ་དང་ཡི་དམ་དབྱེར་མེད་པས་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་རིན་པོ་ཆེའི་ཅོད་པན་བཞག་པར་བསམས་ལ་ངག་ཏུ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད། དེ་ནས་རང་གི་སྙིང་གའི་མཐའ་སྐོར་དུ་སྔགས་ཕྲེང་གིས་བསྐོར་བ་ལས་འཆི་མེད་བདུད་རྩིས་རྒྱུན་བྱུང་། ལུས་ཀྱི་ནང་ཁེངས་པས་སྡིག་སྒྲིབ་དག་ཅིང་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ་ཞེས་ཅི་ནུས་བཟླས་ལ། མཐར་འཁོར་དང་གདན་བསྡུ་ཞིང་དགེ་བ་བསྔོ་བ་སོགས་སྤྱི་ལྟར་རོ། །ཡང་རང་གཞན་གྱི་དོན་དུ་མདུན་བསྐྱེད་ལ་བརྟེན་ནས་སྒྲུབ་པ་ནི། གཏོར་མ་བུམ་པ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་བུམ་པ་མཚན་ཉིད་དང་ལྡན་ཞིང་ནང་ཆུ་དང་བཅུད་ཀྱིས་གང་བའི་ནང་དང་། གཏོར་མ་ཁང་བཟང་གི་གནས་སུ་གཞལ་ཡས་ཁང་དང་། ལྷ་རྣམས་བསྐྱེད་ནས་སྤྱན་དྲངས་ཤིང་བསྟིམ་པ་དང་། བཟླས་པའི་བར་བདག་བསྐྱེད་ལྟར་ལ་བདག་མདུན་གྱི་འབྱིན་འཇུག་རྣམས་མ་ནོར་བར་བྱ། བཟླས་པ་ནི། ཨོཾ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ་ཨཱ་ཡུརྫྙཱ་ན་སིདྡྷི་ཨ་པ་རི་མི་ཏ་ཚེ་བྷྲཱུྃ་ཞེས་ཅི་ནུས་བཟླ། ཨོཾ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ཨརྒཾ་སོགས་ཀྱིས་མཆོད། འབུལ་གཏོར་འབྲུ་གསུམ་ལན་གསུམ་གྱིས་བརླབས་ལ། མཚན་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལྔའམ་གསུམ་གྱིས་ཕུལ། གདོང་ལྔ་ཉི་ཟླའི་གདན་སྟེང་དུ། །བཻ་ལས་བྱུང་བའི་མགོན་པོ་ནི། །སྐུ་མདོག་དཀར་པོ་ཕྱག་གཉིས་པ། །ཚེ་འགུགས་ལྕགས་ཀྱུ་བུམ་པ་
བསྣམས། །འཆི་མེད་སྩོལ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དུང་ཆོས་ཀྱི་མཆོད་ཡོན་བླུགས་པའི་རྐྱེན་གྱིས་བུམ་ནང་གི་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིས་བུམ་པ་གང་བར་གྱུར་པར་བསམ། བུམ་པ་དེ་རང་གི་སྤྱི་བོར་བཞག་ནས་བླ་མ་དང་ཡི་དམ་དབྱེར་མེད་པས་དབང་བསྐུར་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་མོ། །གཉིས་པ་གཞན་རྗེས་སུ་འཛིན་པ་རྗེས་གནང་དངོས་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་རིམ་གྱིས་འཁོད་པ་ལ། གོང་བཤད་རྒྱས་བསྡུས་ཅི་རིགས་པ་བརྗོད་ནས། རྗེས་གནང་ཞུ་བའི་དོན་དུ་མཎྜལ་ཕུལ། གནོད་སྦྱིན་ནོར་སྐྱོང་རིན་ཆེན་ལྟ་བུའི་སྐུ། །ཆེ་མཆོག་བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །སྒྲུབ་མཆོག་བདག་ལ་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་མ་ལུས་དེང་འདིར་སྩལ་དུ་གསོལ། །ཞེས་ལན་གསུམ་དང་། སྤྲོ་ན་རྒྱུན་བཤགས་ལན་གསུམ་བྱ། སྐུའི་རྗེས་གནང་གི་སླད་དུ། སློབ་མ་རྣམས་སྦྱངས། སྟོང་པའི་ངང་ལས་གཞལ་ཡས་ཁང་དང་བཅས་པའི་གཙོ་འཁོར་ཐམས་ཅད་མངོན་རྟོགས་ལྟར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་སློབ་མ་ལ་བསྟིམ་ཞིང་སྔགས་རོལ་བྱ། གསུང་གི་རྗེས་གནང་གི་སླད་དུ། སློབ་མས། བཅོམ་ལྡན་བདག་ལ་སོགས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་དཀར་པོ་ཚེ་འཕེལ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་དང་བཻ་ཡིག་རྣམས་ལས་སྔགས་ཀྱི་ཕྲེང་བ་མཆེད། ཞལ་ནས་ཐོན་སློབ་མའི་ཞལ་དུ་ཞུགས་སེམས་རྒྱུད་དང་དབྱེར་མེད་དུ་འདྲེས་པར་བསམས་ལ། ཡི་གེ་བདུན་མ་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག སློབ་དཔོན་གྱིས་སློབ་མའི་སྤྱི་བོར་མེ་ཏོག་གཏོར་ལ། བཅོམ་ལྡན་འདི་ལ་སོགས་བརྗོད། དམ་བཅའ་བའི་ལུང་སྤྱི་ལྟར་བྱ། ཐུགས་ཀྱི་རྗེས་གནང་གི་སྔར་བསྒྲུབས་ཟིན་པའི་བུམ་པ་དེ་སློབ་མའི་མགོ་བོར་བཞག་ལ། ཨོཾ་བཻ་ཤྲ་མ་ཎ་ཡེ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ། ཨཱ་ཡུརྫྙཱ་ན་སིདྡྷི་ཨ་པ་རི་མི་ཏ་ཚེ་བྷྲཱུྃ་ཞེས་ལན་བདུན་བཟླས་ལ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །ཞེས་སོགས་བདེན་སྟོབས་བརྗོད་ལ་བུམ་ཆུ་འཐུང་
དུ་གཞུག ཆུ་རྒྱུན་དེ་སྙིང་གའི་ཎི་དང་ཧཱུྃ་ལ་ཐིམ་པས་བདེ་སྟོང་གཉིས་མེད་རྒྱུད་ལ་སྐྱེས་པར་བསམས་ལ་མཉམ་པར་བཞག གཏོར་མ་ལྷར་གསལ་བ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ལ་ཡི་གེ་བདུན་མ་དང་། བླ་མ་རྣམས་ཀྱི་མཚན་ནས་བརྗོད་ཅིང་བཀའ་བསྒོ་ནན་ཏན་དུ་བྱས་པས། རྣམ་སྲས་ཀྱིས་ཀྱང་ཞལ་གྱིས་བཞེས་ཤིང་འོད་དུ་ཞུ་ནས་སློབ་མའི་སྤྱི་བོ་ནས་ཐིམ་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད། རྗེས་གཙོ་བོས་ཇི་ལྟར་སོགས་དང་། མཎྜལ་སོགས་འདྲ། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ་བྱ། བརྟན་བཞུགས་དང་། བཀྲ་ཤིས་བསྔོ་སྨོན་སོགས་སྤྱི་ལྟར་བྱའོ། །ཚེ་སྒྲུབ་ཀྱི་ལས་ཚོགས་ནི། སྤྱིར་ཤམ་བུ་བདུན་གྱི་དངོས་གྲུབ་སྒྲུབ་པའི་ཚུལ་ལས་ཀྱང་། ཨོཾ་བཻ་ཤྲ་མ་ཎ་བི་རུ་རཱ་ག་སྭཱ་ཧཱ། ཞེས་པ། འབུམ་ཕྲག་བརྒྱད་ཀྱི་ཤམ་བུར་ནི། །ཚེ་སྤེལ་སྔགས་འདི་གདགས་པར་གསུངས། །ཨཱ་ཡུཿཛྙཱ་ན་ཡུཿཚེ་ཨ་པ་རི་མི་ཏ་སིདྡྷི་སརྦ་ཕ་ལ་ཧཱུྃ་སྭཱ་ཧཱ། ཤམ་བུ་འདི་མེད་བསྙེན་པས་ཀྱང་། །བུང་བས་སྦྲང་རྩི་བསགས་པ་བཞིན། །བསགས་ཀྱང་གཞན་གྱིས་སྤྱོད་པར་འགྱུར། །ཞེས་གསུངས་ལ། བྱེ་བྲག་དཀར་པོ་ཚེ་འཕེལ་ལ་བརྟེན་པའི་ལས་ཚོགས་ནི། དེ་ནས་སྒྲུབ་པ་འདི་བསྟན་ཏེ། གནོད་སྦྱིན་རྒྱལ་པོའི་ཚེ་སྒྲུབ་འདི། །ཚེ་དཔལ་ཐམས་ཅད་རྒྱས་པར་བྱེད། །དེ་ཡི་རིམ་པ་འདི་ལྟ་སྟེ། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །འདབ་བརྒྱད་པདྨ་མུ་ཁྱུད་བཅས། །ཁ་དོག་དཀར་པོ་བྲི་བར་བྱ། །དེ་དབུས་རིན་ཆེན་བུམ་པ་རུ། །བདུད་རྩི་ལྔ་དང་ཨ་མྲྀ་ཏ། །རིན་ཆེན་ལྔ་དང་སྙིང་པོ་ལྔ། །འབྲུ་ལྔ་མར་གྱི་རིལ་བུར་གཞུག །ཚེ་འབྲས་དག་གིས་ཁ་བཅད་ལ། །མགུལ་ཆིངས་རས་ལ་གཡུ་གདགས་བྱ། །གཏོར་མ་རིན་ཆེན་འབར་བ་བཤམ། །གཞན་ཡང་གནོད་སྦྱིན་མཆོད་པའི་རྫས། །འབྱོར་ཚད་བཤམས་པ་མན་ངག་ཡིན། །བདག་ཉིད་བཛྲ་པཱ་ཎིར་བསྒོམ། །བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་། །ཡངས་ཤིང་མཛེས་པ་བསྐྱེད་པར་བྱ། །ཨ་ལས་ཉི་མ་ཟླ་བའི་གདན། །སེང་ལས་སེང་གེའི་གདན་སྟེང་དུ། །རྒྱལ་པོ་བཻ་ལས་བསྐྱེད་
པར་བྱ། །འཁོར་གྱི་གནོད་སྦྱིན་ཀྵ་ལས་བསྐྱེད། །ཀུན་ཀྱང་སྐུ་མདོག་དཀར་པོ་ལ། །གཡས་པ་ཀུན་ནས་ལྕགས་ཀྱུ་ཐོགས། །གཡོན་པ་ཤེལ་གྱི་བུམ་པ་བསྣམས། །ཁ་རྒྱན་གསེར་གྱི་རྡོ་རྗེ་ལ། །ནང་ན་ཚེ་ཡི་བདུད་རྩིས་གང་། །ཀུན་གྱིས་འཇིག་རྟེན་གང་བར་བསྒོམ། །སྤྱན་དྲངས་བཞུགས་ལ་གཉིས་མེད་བསྟིམ། །དེ་བས་བདག་དང་གནོད་སྦྱིན་གྱི། །ཐུགས་ལས་འོད་འཕྲོས་ལྕགས་ཀྱུ་ཡིས། །ཚེ་འཕྲོག་བུམ་པར་བསྟིམ་པར་བྱ། །སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླས། །ཨོཾ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ་ཛ་ཞེས་པས་ཚེ་བུམ་གང་བར་བསམ། སྔགས་འདིས་བདག་གི་ཐུགས་ཀར་བསྟིམ། ཨོཾ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ་ཨཱ་བེ་ཤ་ཡ་ཧཱུྃ། དེ་ནས་ཚེ་སྒྲུབ་བསྟན་པ་ནི། ཨོཾ་བཻ་ཤྲ་མ་ཎ་ཡེ་བི་རུ་རཱ་ག་ཨཱ་ཡུཿཚེ་ཡུཿཛྙཱ་ན་བིན་དྷུ་ཨ་རི་མི་ཏ་ཚེ་བྷྲཱུྃ། ཞེས་བཟླས་སྔར་བསྐྱེད་གནོད་སྦྱིན་གྱིས། །སྤྲུལ་པ་དང་བཅས་འཇིག་རྟེན་གང་། །བཅུད་ཀྱི་སེམས་ཅན་ཚེ་དཔལ་གང་། །གཡས་ཀྱི་ལྕགས་ཀྱུས་བཀུག་ནས་ཀྱང་། །གཡོན་གྱི་བུམ་པར་བསྡུས་བྱས་ནས། །ཚེ་ཡི་རྟེན་དུ་ཐིམ་པར་བསམ། །དེ་ལྟར་ཚེ་དེ་གྲུབ་པ་ཡི། །རྟགས་ནི་ཚེ་ཆང་ཁོལ་བ་སོགས། །དེ་ལྟར་རྟགས་བཟང་བྱུང་བ་དང་། །ཚེ་བུམ་དག་ནི་སྤྱི་བོར་བཞག །དམིགས་པ་འདི་ལྟར་བསམ་པར་བྱ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡི། །སྐུ་གསུང་ཐུགས་ལས་ཡེ་ཤེས་བཅུད། །ཚེ་ཡི་བདུད་རྩིར་བསྡུས་བྱས་ཏེ། །བུམ་པ་འཆི་མེད་བདུད་རྩིས་གང་། །བདག་གི་ཚངས་པའི་བུ་ག་ནས། །ཐུགས་ཉི་ཟླ་ཁ་སྦྱོར་ནང་དུ་ཐིམ། །དེ་ནས་ཎི་ལ་ཐིམ་པར་བསམ། །ཎི་དང་ཡི་གེ་ཨོཾ་ཨཱཿཧཱུྃ། །དེ་ཡི་ནང་ནས་ཡི་གེ་ཧཱུྃ། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །བདེ་གཤེགས་ཐུགས་དང་མཉམ་པར་གྱུར། །སྔགས་འདི་རང་ལ་ཐིམ་པར་བསམ། །ཨོཾ་བྷྲཱུྃ་ཨཱཿབྷྲཱུྃ་ཡུཿབྷྲཱུྃ་ཎི་བྷྲཱུྃ། དེ་ནས་ཚེ་ཆང་བཏུང་ཞིང་ཟས་ལ་རོལ། །ཚེ་ནི་ལོ་སྟོང་གནས་པར་འགྱུར། །ཚེ་སྒྲུབ་མེད་པར་རྣམ་ཐོས་སྒྲུབ། །གནོད་སྦྱིན་མ་རུངས་པ་རྣམས་ཀྱིས། །ཚེ་ལས་ཕྲི་ནས་བསོད་ནམས་སྐྱེད། །ཚེ་ལ་བར་ཆད་འབྱུང་སྲིད་པས། །ཚེ་སྒྲུབ་བྱེད་པ་ཤིན་ཏུ་གཅེས། །འགྲོ་བཟང་སྙིང་
པོའི་ཚེ་སྒྲུབ་ནི། །བར་ཆད་བྱུང་བ་གཅིག་ཀྱང་མེད། །ཚེ་ཡང་ཚངས་པ་དག་དང་མཉམ། །། གཏོར་མ་འབུལ་བར་འདོད་ན། མདུན་དུ་རྒྱལ་པོ་འཁོར་བཅས་མངོན་རྟོགས་ལྟར་བསྐྱེད། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ། རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པའི་སྣ་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་སྐུ་མདོག་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས། བྱང་ཕྱོགས་ལྕང་ལོ་ཅན་ནས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས། རང་རང་གི་དམ་ཚིག་པ་ལ་ཐིམ་པར་བསམ། གུ་གུལ་དཀར་པོ། ག་བུར། ཙནྡན་དཀར་པོ། དུ་རུ་ཀ ཨ་ཀ་རུ་རྣམས་སྦྱར་བའི་རིལ་བུ་བསྲེག དེ་ཙམ་མ་འབྱོར་ན་འབྲས་ཕྱེ་དང་སྤོས་དཀར་གྱི་དུད་པ་བཏང་ངོ། །དེ་ནས་རོལ་མོའི་སྒྲ་དང་བཅས་པའམ། ཡང་ན་དྲིལ་བུ་གསིལ་ལ། མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཐམས་ཅད་ཉོན་མོངས་འདམ་བྱིང་བས། །མཚམས་མེད་ལྔ་པོ་ཀུན་སྤྱོད་ཅིང་། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང་། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་ཞལ་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་སྲུང་བ་དང་། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་ཤྲ་མ་ཎ་ཡེ་ཨཱ་ཀརྵ་ཡ་ཛཿ ཞེས་དང་། བཻ྅་རིང་པོ་བརྗིད་དང་ལྡན་པ་མིག་འཛུམ་སུམ་ཅུ་སོ་གཉིས་ཀྱི་ཚད་དུ་བརྗོད། རྒྱལ་པོ་རྣམས་ཀྱི་ཐུགས་ཀར་པདྨ་འདབ་བརྒྱད་རེ་རེ་ལ་བཻ་བཞི་བཞི་བསམ་ཞིང་། རྒྱལ་ཆེན་འཁོར་བཅས་ཀྱི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་དང་། རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་གཉིས་འབྲེལ་བར་བསམ། དེ་ནས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་བསམས་ལ། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད། འདིར་མཆོད་སྟོད་རྒྱས་བསྡུས་གང་རུང་བྱ། བཟླས་པ་ནི། རྒྱལ་
པོའི་ཐུགས་ཀར་པདྨ་དཀར་པོའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ། དེའི་ལྟེ་བར་བཻ་དཀར་པོ། གནོད་སྦྱིན་བརྒྱད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཀྵ་རེ་རེས་མཚན་པའི་མཐའ་སྐོར་ལ། ཨོཾ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ། ཞེས་པས་བསྐོར་བ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དེའི་སྣ་ལ་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ་སྤྲུལ་ཏེ་རྒྱལ་ཆེན་འཁོར་བཅས་མཆོད། རཱ་ཛ་འཁོར་བཅས་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་དང་། ཕྱག་གཡས་པའི་རྡོ་རྗེ་ལྕགས་ཀྱུས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཐུགས་ཀ་ནས་འཆི་མེད་ཚེའི་བདུད་རྩི་བཀུག་ནས་རང་ལ་ཐིམ་པར་བསམས་ལ། ཨོཾ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ་ཛཿཞེས་ཅི་ནུས་བཟླ། གཏོར་མ་སེར་ཆེན་ལྟར་བྱིན་གྱིས་བརླབས་ལ་འབུལ་དུས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། སེར་ཆེན་གཙོ་འཁོར་གྱི་སྙིང་པོའམ། ཡང་ན་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ་ཛཱ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་བཏགས་པས་ཕུལ་ཀྱང་རུང་བས་གང་བདེ་བྱ། སླར་ཡང་མཆོད་བསྟོད་དང་། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། བཟོད་པར་གསོལ། དེ་ནས་བཻ྅་རིང་པོ་མིག་འཛུམ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་བརྗོད། ཡིད་ཀྱི་པད་འདབ་ཀྱི་བཻ་རྣམས་གཤེགས་ཤིང་། བདག་མདུན་གྱི་ཐུགས་ཀའི་འོད་ཀྱི་ལྕགས་ཀྱུ་གྲོལ་བར་བསམ། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །བྱང་ཕྱོགས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཞེས་བརྗོད་ལ་མཇུག་བསྡུའོ། །། ༈ །འདིའི་རྗེས་གནང་སྐབས་ཉེར་མཁོའི་ལོ་རྒྱུས་ནི། པཎ་ཆེན་རིན་པོ་ཆེའི་ཤཱཀྱ་མཆོག་ལྡན་དབུས་སྐྱོར་མོ་ལུང་གི་ཆོས་གྲྭར་བཞུགས་སྐབས་མཁན་ཆེན་ཆོས་རྒྱལ་དཔལ་བཟང་ལ་རྣམ་སྲས་དཀར་པོའི་རྗེས་གནང་གསན་དུས། མཚན་ལྟས་ལ་མི་དཀར་པོ་དར་དཀར་པོའི་གོས་གྱོན་པ་ཞིག་གི་ཕུ་དུང་ནང་ནས། འགྲོན་བུ་དཀར་པོ་མང་པོ་ཐུ་བར་བྱིན་བྱུང་བ་བགྲངས་པས་བརྒྱད་ཅུ་ཐམ་པ་འདུག སང་དེ་སྔ་མོར་མཁན་ཆེན་ལ་ཞུས་པས། དེ་ཁྱེད་རང་གི་ཚེའི་ཚད་དུ་འདུག་གསུང་བ་བྱུང་།
ཕྱིས་དེ་ཀ་བཞིན་པཎ་ཆེན་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་ཐམ་པ་བཞུགས། པཎ་ཆེན་ནས་བྲག་དམར་པ་དང་། གླང་ཐང་སྤྱན་སྔ་བ་ཤཱཀྱ་རྒྱལ་མཚན་ལ་བརྒྱུད་དེ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་འདིའི་རྗེས་གནང་དང་ཡིག་ལུང་རྣམས་གསན། ད་ལྟའི་བར་དུ་པཎ་ཆེན་གྱི་ཡིག་ཆ་སོར་བཞག་གིས་གནང་བ་ལགས་སོ། །དེ་ལྟར་རྣམ་སྲས་དཀར་པོ་ཚེ་འཕེལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་འདི་ནི་ཡོངས་རྫོགས་བསྟན་པའི་བདག་པོ་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེས་འདི་ལྟར་གྱིས་ཞེས་བཀའི་ཅོད་ཅན་བདེ་ཆེན་གྱི་འཁོར་ལོར་སྩལ་བར་བརྟེན། དམ་པ་གང་གི་གསུང་གསང་བདུད་རྩིས་འཚོ་བའི་ཤཱཀྱའི་དགེ་སྦྱོར་གཟིམ་འོག་སྤྲུལ་མིང་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་སམ། བརྡ་སྤྲོད་པའི་བཏགས་མིང་འཇམ་དབྱངས་དགའ་བའི་བཤེས་གཉེན་མཚོ་བྱུང་དགྱེས་པའི་བློ་གྲོས་སུ་འབོད་པས་སྦྱར་བའོ། ༈ །རྣམ་སྲས་དཀར་པོ་ཚེ་འཛིན་གྱི་བསྟོད་པ་ཚེ་དཔལ་བསོད་ནམས་འཕེལ་བའི་རོལ་མོ་བཞུགས་སོ། །བཻ། རིན་ཆེན་བདུན་ལས་གྲུབ་པའི་ཁང་པ་བརྩེགས། །ཁོ་ར་ཁོར་ཡུག་གྲོང་དང་སྐྱེད་མོས་ཚལ། །སུམ་རྩེན་གནས་བཞིན་ཉམས་དགའི་མཁར་བརྒྱད་དབུས། །ཕོ་བྲང་མཆོག་ཏུ་བཞུགས་ལ་ཕྱག་འཚལ་ལོ། ༡ །པུཎྜ་རཱི་ཀའི་སྡོང་བུ་རྒྱས་པའི་རྩེར། །བསིལ་སྦྱིན་མ་ཟླུམ་བཞད་པའི་གདན་སྟེང་དུ། །རི་དྭགས་རྒྱལ་པོ་གདོང་ལྔ་འབར་བའི་ལུས། །ཆིབས་རོལ་ངལ་གསོར་སྐྱོང་ལ་ཕྱག་འཚལ་ལོ། ༢ །ཟླ་ཞུན་འཁྱིལ་བའི་མཚོ་ལྟར་དར་བབས་སྐུ། །འོད་ཟེར་རྦ་རླབས་ཕྱོགས་བཅུར་འཁྲུགས་པ་ཅན། །ཉ་རྒྱས་བཞིན་གསལ་ཆུ་སྒྲོས་དམར་བའི་འཛུམ། །རྔམ་ཞིང་ལང་ཚོ་རྒྱས་ལ༴ ༣ །སྤྱན་འབྲས་ཡིད་འོང་མདངས་བཀྲ་ཧུར་ཞིང་མཛེས། །སྨིན་མ་འཁྱོག་པོས་སྲིད་གསུམ་དབང་དུ་སྡུད། །སྙན་ཤལ་རིང་ལ་མགུལ་གྱི་བུམ་པ་མཚར། །སྟོབས་ལྡན་བསིལ་རི་འདྲ་ལ༴ ༤ །ཅོད་པན་རིན་ཆེན་ནོར་བུའི་ཕྲ་ཚོམ་ཅན། །ཐོར་ཚུགས་རྩེ་མོར་འོད་རྒྱས་ཏོག་གིས་མཚན། །སྙན་ཆ་མུ་ཏིག་སེ་མོ་ཤོ་ཤལ་སོགས། །
ལྷབ་ལྷུབ་རྒྱན་གྱིས་སྤྲས་ལ༴ ༥ །མཆོད་སྦྱིན་བརྒྱ་པའི་ན་བཟའ་ལྷ་ཡི་གོས། །གསེར་གྱི་པ་ཏྲ་རིས་མཚན་ཡ་ལད་སོགས། །ཡིད་འཕྲོག་སྐེད་འཆིང་དྲིལ་བུ་གཡར་ཁའི་ཕྲེང་། །སྤུད་པའི་ན་བཟས་ཀླུབས་ལ༴ ༦ །ཕྱག་གཡས་དབང་གི་ནོར་བུའི་ལྕགས་ཀྱུ་ཡིས། །ལྷ་ཀླུ་མི་ཡི་ཁམས་སུ་ཞེན་པའི་བཅུད། །ཚེ་གཡང་བསོད་ནམས་དཔལ་གྱི་རྫོགས་ལྡན་སྤྲིན། །ཉེ་བར་སྡུད་བཞིན་གཡོ་བ་ལ༴ ༧ །གཡོན་པ་ཟླ་ཤེལ་གཙང་མའི་ཀ་ལ་ཤ །ཚེ་ཡི་ཟིལ་མངར་བདུད་རྩི་ཁོལ་བའི་མཚོ། །ལང་ལོང་ཕྱུར་དབུས་རྡོ་རྗེས་མཚན་པ་ཡིས། །འགྲོ་བའི་འཆི་བདག་འཇོམས་ལ༴ ༨ །ཚོགས་གཉིས་ཟླ་བའི་མ་མ་ལས་འཁྲུངས་པའི། །གསང་གསུམ་ཉིན་བྱེད་ཡིད་ཀྱི་མཁའ་དབྱིངས་སུ། །ཤར་བའི་མོད་ལ་རྒུད་མུན་སངས་པ་ཡི། །ཚེ་དཔལ་སྣང་བ་བསྐྱེད་ལ༴ ༩ །མགོན་པོའི་ལས་སྒྲུབ་རྨུགས་འཛིན་གང་བ་བཟང་། །ནོར་བཟང་ཀུ་བེ་ར་ཅན་ཡང་དག་ཤེས། །ལྔས་རྩེན་འབྲོག་གནས་པི་ཙི་ཀུཎྜ་ལཱི། །ཚེ་འཕེལ་རྟ་བདག་བརྒྱད་ལ༴ ༡༠ །གདེངས་ཅན་གྲོང་གནས་ལྟོ་འགྲོ་ནོར་འཛིན་ལྷ། །བྲག་ལྗོངས་གནོད་སྦྱིན་དྲང་སྲོང་སྡེ་བརྒྱད་སོགས། །ཁམས་གསུམ་གནས་པ་དཀར་པོའི་ཕྱོགས་སྐྱོང་བ། །ཀུན་གྱི་སྡེ་དཔོན་ཆེ་ལ་ཕྱག་འཚལ་ལོ། ༡༡ །ཚེ་འཛིན་ལྷ་ཁྱོད་དགེས་པའི་སྤྲིན་ཆེན་ལས། །ཚེ་དཔལ་བསོད་ནམས་ཡེ་ཤེས་འདོད་རྒུའི་ཆར། །ཅི་འདོད་བབ་ནས་བདག་ཅག་རེ་བའི་སར། །ཅི་བསམ་འགྲུབ་པའི་ལོ་ཏོག་འཕེལ་རྒྱས་མཛོད། ༡༢ །ཅེས་རྒྱལ་ཆེན་རྣམ་སྲས་དཀར་པོ་ཚེ་འཛིན་གྱི་བསྟོད་པ་ཚེ་དཔལ་བསོད་ནམས་འཕེལ་བའི་རོལ་མོ་ཞེས་བྱ་བ་བཙུན་པ་བློ་གསལ་བསྟན་སྐྱོང་གིས་འགལ་བྱེད་ཀྱི་ལོ་སྣྲོན་ཟླའི་ཚེས་གཉིས་ལ་ཞྭ་ལུ་རི་ཕུག་ཏུ་བྲིས་པའོ། ༈ །རྒྱལ་ཆེན་རྣམ་སྲས་དཀར་པོ་ཚེ་འཛིན་གྱི་བླ་མ་བརྒྱུད་པའི་བྱིན་འབེབས་འཆི་མེད་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཝེ། ཚེ་སྒྲུབ་བླ་བརྒྱུད་སྤྱན་འདྲེན་བྱིན་འབེབས་ནི། མདའ་བྱ་རྒོད་མ་ལ་གསེར་གཡུས་བརྒྱན་ཅིང་དར་ཚོན་སྣ་ལྔ་བཏགས་པ་ལག་ཏུ་ཁྱེར་ནས་གཡབས་ལ་དབྱངས་དང་བཅས་པའམ། མེད་ཀྱང་རུང་སྟེ་འདི་སྐད་ཅེས་བརྗོད་པར་
བྱའོ། །འོག་མིན་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡང་། །བདག་ལ་བརྩེར་དགོངས་མདུན་གྱི་ནམ་མཁར་བྱོན། །ཚེ་འཛིན་ལྕགས་ཀྱུས་ཚེ་གཡང་ཁུགས་མཛོད་ལ། །བདུད་རྩིའི་བུམ་པས་ཚེ་ཡི་བདག་མཆོག་སྩོལ། །གཞན་དོན་དུ་དབང་བསྐུར་བ་སོགས་ཀྱི་ཚེ། །སྐལ་ལྡན་བུ་ལ་ཚེ་སྐྱོབས་སྲོག་སྐྱོབས་ཤིག །ཆོས་དབྱིངས་བདེ་ལྡན་ཞིང་གི་ཕོ་བྲང་ནས། །སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་ཀུན་བཟང་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །གུར་གུམ་མདངས་བཟང་བཀྲ་བའི་གྲོང་ཁྱེར་ནས། །བྲམ་ཟེ་འགྲོ་བཟང་བྷྲིཾ་ཀར་དགོན་པ་བ། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །བྱང་ཕྱོགས་ཆུ་མིག་རིང་མོའི་ལྷ་ཁང་ནས། །ཟངས་དཀར་ལོ་ཙཱ་འཕགས་པ་ཤེས་རབ་ཀྱང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །གཡེར་པོ་དགེ་ཚལ་འཇད་ཕུ་ལ་སོགས་ནས། །ཇོ་སྟོན་བཅུར་བསོད་པདྨ་བཀྲ་ཤིས་ཀྱང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །ཐང་བུ་མང་གི་གནས་མཆོག་དམ་པ་ནས། །ལྷ་རྗེ་སྟག་པ་ཇོ་བཟང་ཆེན་པོ་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །བྱམས་ཆེན་ལྷ་གནས་ཁྲོ་ཕུའི་དགོན་པ་ནས། །ཁྲོ་ལོ་ཡབ་སྲས་རིན་ཆེན་སེང་གེ་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །དགའ་ལྡན་མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །ཀུན་མཁྱེན་བུ་སྟོན་ཆོས་ཀྱི་རྒྱལ་པོ་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །ཆོས་ཚུལ་སྐད་གཉིས་བསྒྱུར་བའི་གདན་ས་ནས། །ཤཱཀ་བཟང་འཇམ་དཔལ་ངག་དབང་གྲགས་པ་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །ཡུལ་དབུས་སྐྱོར་མོ་ལུང་གི་ཆོས་གྲྭ་ནས། །ཆོས་ཀྱི་རྒྱལ་མཚན་ཤཱཀྱ་མཆོག་ལྡན་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །ལེགས་བཤད་ཁུ་བྱུག་སྒྲོགས་པའི་དགའ་ཚལ་ནས། །ཀུན་དགའ་ཆེ་འཕེལ་ཤཱཀྱ་རྒྱལ་མཚན་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །དཔལ་ལྡན་ཞྭ་ལུའི་གསེར་ཁང་ཕྲ་མོ་ནས། །ཚར་ཆེན་མཁྱེན་བརྩེ་དབང་ཕྱུག་རབ་བརྟན་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །རི་ཕུག་གཟིམ་ཁང་རྣམ་གྲོལ་ཡང་རྩེ་ནས། །
གནས་གསར་མགོན་པོ་བསོད་ནམས་མཆོག་ལྡན་ཡང་། །བདག་ལ་བརྩེར་དགོངས་མདུན་གྱི་ནམ་མཁར་བྱོན། །ཚེ་འཛིན་ལྕགས་ཀྱུས་ཚེ་གཡང་ཁུག་མཛོད་ལ། །བདུད་རྩིའི་བུམ་པས་ཚེ་ཡི་དབང་མཆོག་སྩོལ། །ཡར་ལུང་བཀྲ་ཤིས་ཆོས་སྡེའི་བླ་བྲང་ནས། །འཁོར་ལོའི་མགོན་པོ་བློ་གསལ་མཆོག་ལྡན་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །བསིལ་ལྡན་སྨན་ལྗོངས་ཡངས་པའི་ལྟེ་བ་ནས། །མང་ཐོས་རྒྱ་མཚོ་འཇམ་དབྱངས་བདེ་རྡོར་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །གྲུ་འཛིན་དམར་པོའི་རི་ཡི་ཕོ་བྲང་ནས། །སྤྱན་རས་གཟིགས་དབང་སྐལ་བཟང་རྒྱ་མཚོ་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །གཙང་སྟོད་ཞྭ་ལུའི་དབེན་གནས་དམ་པ་ནས། །རིན་ཆེན་དོན་གྲུབ་ལྕེ་བཙུན་ཡབ་སྲས་ཀྱང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །མོས་གུས་གཞོམ་མེད་ཆོས་ཀྱི་ཕོ་བྲང་ནས། །རྩ་བའི་བླ་མ་ཡེ་ཤེས་དཔལ་འབྱོར་ཡང་། །བདག་ལ༴ །ཚེ་འཛིན༴ །བདུད་རྩིའི༴ །དབུས་ཀྱི་རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །རྒྱལ་ཆེན་རྣམ་སྲས་ཚེ་འཕེལ་ལྷ་ཚོགས་ཀྱང་། །བདག་ལ་བརྩེར་དགོངས་མདུན་གྱི་ནམ་མཁར་བྱོན། །ཚེ་འཛིན་ལྕགས་ཀྱུས་ཚེ་གཡང་ཁུག་མཛོད་ལ། །བདུད་རྩིའི་བུམ་པས་ཚེ་ཡི་དབང་མཆོག་སྩོལ། །སྐལ་ལྡན་བུ་ལ་ཚེ་སྐྱོབས་སྲོག་སྐྱོབས་ཤིག །ཨོཾ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ་ཛཿ ཞེས་སྙིང་པོ་དང་། ཨོཾ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ། ཨཱ་བེ་ཤ་ཡ་ཧཱུྃ། ཨོཾ་བཻ་ཤྲཱ་མ་ཎ་ཡེ་བི་རུ་རཱ་ག་ཨཱ་ཡུཿཚེ་ཡུཿ ཛྙཱ་ན་བིནྡུ་ཨ་པ་རི་མི་ཏ་ཚེ་བྷྲཱུྃ། ཞེས་ཚེ་སྒྲུབ་དབང་བསྐུར་བའི་སྔགས་དང་། ཨོཾ་བྷྲཱུྃ། ཨཱཿབྷྲཱུྃ། ཡུཿབྷྲཱུྃ། ཎི་བྷྲཱུྃ། ཞེས་ཚེ་ཆང་བླུད་པའི་སྔགས་སུ་བཤད་དོ། །རྣམ་སྲས་དཀར་པོ་ཚེ་འཕེལ་གྱི་བླ་མ་བརྒྱུད་པའི་བྱིན་འབེབས་བྱ་ཚུལ་བཙུན་པ་བློ་གསལ་རི་ཁྲོད་པས་ཡི་གེར་བཀོད་པའོ། ༈ །རྒྱལ་ཆེན་རྣམ་ཐོས་སྲས་དཀར་པོ་ཚེ་འཛིན་གྱི་རྒྱུན་ཁྱེར་འཆི་མེད་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི་རསྟུ། རྣམ་ཐོས་སྲས་ཀྱི་ཚེ་སྒྲུབ་ནི། སྐྱབས་སེམས་སྔོན་འགྲོས་སྟོང་པའི་ངང་། །རང་ཉིད་ཕྱག་ན་རྡོ་རྗེ་ཡི། །ང་རྒྱལ་
བརྟན་པོས་འདི་ལྟར་བསྒོམ། །རང་མདུན་ནམ་མཁར་པད་དཀར་ཟླ་ཉིའི་སྟེང་། །སིཾ་ལས་སེང་གེ་དེ་སྟེང་བཻ་ཡིག་དཀར། །འོད་འཕྲོས་འཕགས་ཚོགས་མཆོད་དང་འགྲོ་ཀུན་གྱི། །ཚེ་ཉམས་གསོས་ནས་ཚུར་འདུས་ཡོངས་གྱུར་ལས། །རྒྱལ་ཆེན་རྣམ་སྲས་ཚེ་འཛིན་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་ཚེའི་ལྕགས་ཀྱུ། །གཡོན་པ་ཤེལ་དཀར་བུམ་བཟང་ཚེ་བཅུད་ཀུན། །གསེར་གྱི་རྡོ་རྗེས་མཚན་པ་ཐུགས་ཀར་འཛིན། །ཞལ་བཟང་ཟླ་རྒྱས་ལྟར་མཛེས་ཁྲོ་ཆགས་འཛུམ། །རིན་ཆེན་རྒྱན་སྤྲས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །འདབ་བརྒྱད་སྟེང་དུ་ཀྵ་ཡིག་དཀར་པོ་ལས། །ཛམྦྷ་ལ་སོགས་གནོད་སྦྱིན་རྟ་བདག་བརྒྱད། །སྐུ་མདོག་ཕྱག་མཚན་གཙོ་བོ་དང་མཚུངས་པ། །ཀུན་ཀྱང་རྟ་དཀར་ཆིབས་ཀྱི་གདན་སྟེང་བཞུགས། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུྃ་ཡིག་གིས། །འོད་དམར་སྤྲོས་པ་ཛཿཧཱུྃ་བཾ་ཧོཿཐིམ། །རྒྱལ་པོའི་ཐུགས་ཀར་པད་དཀར་ཟླ་བའི་སྟེང་། །རྡོ་རྗེའི་ལྟེ་བར་བཻ་ཡིག་དཀར་པོ་དང་། །འཁོར་གྱི་ཐུགས་ཀར་ཟླ་སྟེང་ཀྵ་ཡིག་དཀར། །སྔགས་ཀྱིས་བསྐོར་བས་འོད་ཟེར་ཕྱོགས་བཅུར་འཕྲོས། །ཚེ་མདངས་ཡར་བ་འབྱུང་བཞི་འཁོར་འདས་བཅུད། །བསྡུས་ཏེ་གཙོ་འཁོར་ཕྱག་གི་བུམ་པར་བསྟིམས། །དེ་ལས་ལུད་ནས་རང་གི་ཚངས་བུག་ཞུགས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་བྷྲཱུྃ་ཎི་ཨཱཿཡུཿཥེ་ཧཱུྃ་ཛཿ ཞེས་བཟླ། གཏོར་མ། ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་བྱ། འབྲུ་གསུམ་འོད་ཀྱིས་མ་དག་སྐྱོན་སྦྱངས་ནས། །འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོར་གྱུར། །འོད་ཟེར་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ། །གསོལ་བས་འཁོར་བཅས་དགྱེས་ཤིང་ཚིམ་པར་གྱུར། །ཨོཾ་བྷྲཱུྃ་ཎི་ཨཱ་ཡུཿཥེ་ཧཱུྃ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ལྔའམ་བདུན་གྱིས་དབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཡིད་འཕྲོག་ཀཻ་ལ་ཤ་ཡི་རི་བོ་ལ། །ཉི་གཞོན་བྱེ་བས་འཁྱུད་པའི་གཟི་བརྗིད་ཅན། །དྲན་པ་ཙམ་གྱིས་འཆི་བདག་ཀུན་འཇོམས་པ། །རྒྱལ་ཆེན་འཁོར་དང་བཅས་ལ་བསྟོད་པར་བགྱི། །དུས་མིན་འཆི་བའི་དགྲ་ལས་རྣམ་རྒྱལ་ནས། །ལུས་སྟོབས་ཁ་དོག་གཟི་
མདངས་རབ་རྒྱས་ཤིང་། །དམ་ཆོས་སྦྱོང་བའི་ལུས་ནི་རིང་དུ་འཚོ། །ཚེ་ལ་གནོད་མེད་རབ་ཏུ་རྒྱས་པར་མཛོད། །དེ་ལྟར་གསོལ་བཏབ་རྒྱལ་ཆེན་འཁོར་བཅས་ཀྱི། །དངོས་གྲུབ་བསྡུས་ནས་རང་གི་སྙིང་གའི་དབུས། །དཀར་དམར་ཐིག་ལེའི་ནང་གི་ཚེ་སྲོག་རྟེན། །ནྲྀ་ཡིག་ལ་ཐིམ་གཉུག་མའི་ངང་དུ་བསྲེ། །ནྲྀ་ཡིག་མར་མེའི་རྩེ་ལྟར་འབར་བ་དེ། །ཨོཾ་དཀར་ཨཱཿདམར་ཧཱུྃ་སྔོན་ལ་ཐིམ་པས། །རང་རིག་གཞོམ་མེད་ཧཱུྃ་དང་བདེ་གཤེགས་ཐུགས། །དབྱེར་མེད་མི་ཆོད་མི་ཤིགས་བརྟན་པར་གྱུར། །བརྗོད་བྲལ་བདེ་བ་ཆེན་པོའི་ཉམས་ཀྱི་རྩལ། །མི་འགགས་ཅི་ཡང་འཆར་བའི་རྟེན་འབྲེལ་གཤིས། །དཔལ་ལྡན་བླ་མ་མཆོག་དང་མི་གཉིས་པའི། །ནོར་སྐྱོང་ཚེ་འཛིན་དབང་པོ་འགྲུབ་པར་ཤོག །མདུན་གྱི་མགོན་པོའི་ཡེ་ཤེས་པ། །འོད་ཟེར་ལྕགས་ཀྱུའི་སྦྲེལ་བ་བཀྲོལ། །རང་གནས་གཤེགས་ཤིང་དམ་ཚིག་པ། །བདག་གི་སྙིང་གར་ཨེ་མ་ཧོ། །བྲམ་ཟེ་འགྲོ་བཟང་སྙིང་པོའི་ཚེ་སྒྲུབ་འདི། །རྒྱལ་ཆེན་རྣམ་སྲས་སྒྲུབ་ལ་མེད་ཐབས་མེད། །གཞན་དུ་འདི་ཡིས་བསོད་ནམས་སྐྱེད་གྱུར་ཀྱང་། །གནོད་སྦྱིན་གདུག་པས་ཚེ་འཕྲོག་འབྱུང་བར་འགྱུར། །དེ་ཕྱིར་ཚེ་འཛིན་དཀར་པོའི་རྒྱུན་འཁྱེར་འདི། །བྱ་བྲལ་དགེ་སློང་བློ་གསལ་བསྟན་སྐྱོང་གིས། །དཔལ་ལྡན་ཞྭ་ལུའི་དབེན་གནས་རི་ཕུག་ཏུ། །བྲིས་པའི་དགེ་བས་ཕན་བདེ་ཀུན་འགྲུབ་ཤོག། །།སརྦ་མངྒ་ལཾ།། །།
དཔལ་སྟག་ལུང་པའི་མན་ངག་ཟབ་མོ་ལས་ཅུང་ཟད་བཏུས་པ།
དཔལ་སྟག་ལུང་པའི་མན་ངག་ཟབ་མོ་ལས་ཅུང་ཟད་བཏུས་པ་བཞུགས་སོ།།
ན་མོ་གུ་རུ་བྷྱཿ འགྲོ་བའི་མགོན་པོ་ཕག་མོ་གྲུབ་པའི་ཞལ་གདམས། དཔལ་སྟག་ལུང་པ་བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད་པའི་མན་ངག་སྣ་ཚོགས་ཕན་བདེའི་དཔག་བསམ་ལས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡི་དམ་གསལ་བ་དང་ཡོན་ཏན་འཕེལ་བར་འདོད་ན། ནངས་པར་སྔ་བར་མལ་ནས་ལྡངས་ལ་ཡི་དམ་ལྷར་བསྒོམ། རང་གི་སྤྱི་བོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་བླ་མ་ཐ་དད་མེད་པར་བཞུགས་པར་བསམས་ལ། ངག་ཏུ། ཨོཾ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླ། རང་གི་མགྲིན་པར་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་བླ་མ་གཉིས་ཐ་དད་མེད་པར་བཞུགས་པར་བསམས་ལ། ངག་ཏུ་ཨཱཿཉི་ཤུ་རྩ་གཅིག་བཟླ། རང་གི་ཐུགས་ཀར་བཅོམ་ལྡན་འདས་མི་བསྐྱོད་པ་དང་རང་གི་བླ་མ་གཉིས་ཐ་དད་མེད་པར་བཞུགས་པར་བསམས་ལ། ངག་དུ་ཧཱུྃ་ཉི་ཤུ་རྩ་གཅིག་བཟླས་ན་ཡི་དམ་གསལ་ལ་ཡོན་ཏན་འཕེལ་ལོ་གསུང་།། ༈ །།ཕྱི་བདུད་ཀྱི་བར་ཆད་དང་། ནང་ཏིང་ངེ་འཛིན་གྱི་བར་ཆད་དང་། འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་གསུམ་གང་བྱུང་ཡང་སེལ་བའི་ཐབས་ནི། མདུན་གྱི་ནམ་མཁའ་ལ་རང་གི་རྩ་བའི་བླ་མ་དེ་སྐུ་རྣམ་པ་མ་དོར་བར་རུས་པའི་རྒྱན་དྲུག་ལ་སོགས་པ་དང་ལྡན་པ་ལ། བྃ་དཀར་པོ་བརྒྱད་ཀྱིས་བསྐོར་ནས་
བཞུགས་པར་བསམས་ལ། དེ་རྣམས་ལས་བདུད་རྩིའི་རྒྱུན་གཤོལ་མདའ་ཙམ་བྱུང་ནས་བདུད་རྩི་དེས་རང་གི་སྤྱི་བོ་ནས་ལུས་ཀྱི་ནང་དཀར་ལྟེམ་གྱིས་གང་བར་ཡང་ཡང་བསམ་མོ། །དེ་ལྟར་བྱས་ན་བར་ཆད་གསུམ་པོ་གང་ཡིན་ཡང་དག་གོ །བླ་མ་རིན་པོ་ཆེའི་ཞལ་གདམས་ཡི་གེར་བཀོད་པ། ༈ །ཡི་དམ་མང་པོ་ཡོད་པ་ལས་ཅི་ཙུག་བསྒོམ་མ་ཤེས་ན། གཅིག་བསྒོམས་པས་ཀུན་བསྒོམས་པར་འགྲོ་བའི་མན་ངག་ནི། རྒྱུད་གསུམ་ན་བཞུགས་པ་ནི། རྒྱུད་སཾ་གྲ་ཧ་སྟེ་བོད་སྐད་དུ་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བའི་རྒྱུད་ན་རང་གང་མོས་པའི་ཡི་དམ་གཅིག་ཏུ་རྒྱས་བསྡུས་ཇི་ལྟར་ཡིན་པས་ཝལ་གྱིས་བསྒོམ། དེའི་ཐུགས་ཀར་རྒྱས་བསྡུས་ཇི་ལྟར་ཡིན་པའི་ཡི་དམ་གཅིག་བསྒོམ། དེའི་ཐུགས་ཀར་ཡང་གཅིག དེ་བཞིན་དུ་དུ་ཡོད་པ་དེ་རིམ་པ་བཞིན་དུ་ཐུགས་ཀ་ནས་ཐུགས་ཀར་བསྒོམ། དེ་ལ་དང་པོ་རང་གིས་གང་བསྒོམ་པའི་སྙིང་པོ་བཟླའོ། །རྒྱུད་གཉིས་པ་ནི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་གཉིས་ན་ཇི་ལྟར་བཞུགས་ན། དེ་གཉིས་ཀ་ནས་མཐུན་པར་ཡི་དམ་དུ་ཡོད་ཀྱང་བསྒོམ་སྙིང་གང་འདོད་གཅིག་ཆོ་ག་བཞིན་བསྒོམས་ལ། ཡི་དམ་གཞན་དེ་ལ་ཐིམ་པར་བསམ། དེ་ནས་ཡི་གེ་གསུམ་པོ་དེ་སེམས་ཅན་གྱི་རྒྱུད་ལ་ཡོད་ཙ་ན། ལུས་ངག་ཡིད་གསུམ་ཡིན། དེ་དག་པའི་
དུས་ན་སྐུ་གསུང་ཐུགས་ཡིན། སངས་རྒྱས་ཀྱིའང་སྙིང་པོ་དང་། ས་བོན་ཡང་ཡི་གེ་གསུམ་ཡིན་པས། དང་པོ་རང་གི་ངག་ཏུ་ཨོཾ་ཨཱཿཧཱུྃ་བརྒྱ་རྩ་བརྒྱད་བཟླས་ལ། དེ་ནས་རང་གིས་དང་པོར་བསྒོམས་པའི་ལྷ་དེའི་སྙིང་པོ་བཟླས་ན་ཡི་དམ་དུ་ཡོད་པ་དེ་ཐམས་ཅད་ཀྱི་བཟླས་སྒོམ་བྱས་པར་འགྲོ་གསུང་སྐད།། ༈ །།ན་མོ་གུ་རུ། དམ་ཚིག་གི་སེལ་ལམ་མི་གཙང་བ་ཐམས་ཅད་དག་པར་འདོད་པའམ། ཉམས་ཁྱད་པར་ཅན་སྐྱེ་བར་འདོད་པས། ཡི་དམ་ལྷ་ལ་ཁྲུས་ཀྱི་ཆོ་ག་ཞུ་བའི་ཐབས་ནི། ཡོད་ན་དངོས་སུ་པཱུ་ཛ་མདུན་དུ་བཤམ། མེད་ན་ཡིད་ཀྱིས་བཤམས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། སངས་རྒྱས་ཐོབ་པའི་ཆེད་དུ། བདག་གིས་ཡི་དམ་ཀྱི་ལྷ་ལ་ཁྲུས་ཀྱི་ཆོ་ག་ཞུ་སྙམ་དུ་དང་པོ་སེམས་བསྐྱེད། དེ་ནས་ཀྲི་ཡ་མ་གཏོགས་པའི་གསང་སྔགས་ནང་པའི་ལྷ་གང་ཡང་རུང་བ་གཅིག་གི་ཡི་དམ་དུ་རང་ཝལ་གྱིས་བསྐྱེད། མདུན་གྱི་ནམ་མཁའ་ལ་ཡང་ཡི་དམ་ལཱུ་ཧི་པ་ལྟ་བུ་ཡིན་ཡང་རུང་། དཔའ་བོ་གཅིག་པ་ཡིན་ཡང་རུང་། གང་ཡིན་པ་དེ་བསམ། དེ་ལ་ཕྱི་དང་ནང་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་གསུམ་གྱིས་པཱུ་ཛ་བྱ་བ་ནི་མདུན་ན་དངོས་སུ་བཤམས་པ་ཡོད་པའམ། ཡིད་ཀྱིས་བཤམས་པའི་མཆོད་པ་དང་། རང་གི་ཐུགས་ཀའི་ས་བོན་ཧཱུྃ་ལ་སོགས་པ་གང་ཡིན་དེ་ལས་མར་མེ་མ་ལ་སོགས་པའི་ལྷ་མོས་མར་མེ་ལ་སོགས་པའི་མཆོད་པ་རྣམ་པ་ལྔས་མཆོད་པར་བསམ་པ་ནི་ཕྱིའི་མཆོད་པའོ། །ཡང་ས་བོན་གང་ཡིན་དེ་ཉིད་ལས་དགྱེས་རྡོར་བ་ཡིན་ན་གཽ་རཱི་དང་ཙཽ་རཱི་མ་སོགས་སམ། བདེ་མཆོག་པ་ཡིན་ན་ཌཱ་ཀི་མ་ལ་སོགས་པ་བཞི་གཅེར་བུ་རུས་པའི་རྒྱན་དྲུག་ལ་སོགས་པ་དང་ལྡན་པ་ཕྱག་གཡས་གྲི་གུག གཡོན་ན་ཐོད་པ་ཤ་ལྔ་བདུད་རྩི་ལྔས་གང་བ་བསྣམས་པས་མཆོད་པར་བསམ་པ་ནི་ནང་གི་མཆོད་པའོ། །རྫས་གསང་བས་གསང་བའི་མཆོད་པར་འགྲོ། དེའི་རྗེས་ལ་ལྷ་མོ་དེ་རྣམས་མདུན་གྱི་ཡི་དམ་ལ་ཏིམ་གྱིས་ཐིམ་པས་ཡི་དམ་ལ་བདེ་སྟོང་གི་ཉམས་ཁྱད་པར་ཅན་སྐྱེས་པར་བསམ་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེ་ནས་མདུན་གྱི་ཡི་དམ་གྱི་ཐུགས་ཀ་ནས། མར་མེ་ལ་སོགས་པ་དང་དོན་གཅིག་པའི་གཟུགས་རྡོ་
རྗེ་མ་ལ་སོགས་པའི་འདོད་ཡོན་གྱི་ལྷ་མོས་རང་ལ་ཚུར་མེ་ཏོག་གཏོར་ཞིང་། གཽ་རཱི་དང་ཙཽ་རཱིའམ་ཌཱ་ཀི་མ་དང་ལཱ་མཱ་ལ་སོགས་པ་གང་ཡིན་པ་དེས་ཤ་ལྔ་མ་གཏོགས་པ། བདུད་རྩི་ལྔ་དཀར་ལ་དམར་བའི་མདངས་ཆགས་པས་གང་བའི་ཐོད་པ་བསྣམས་ལ། བདག་གི་སྤྱི་བོ་ནས་མར་ལ་བླུགས་པས་རང་གི་ལུས་ཀྱི་ནང་ཐམས་ཅད་དཀར་ལྟེམས་ཀྱིས་གང་བས་དམ་ཚིག་གི་སེལ་དང་། མི་གཙང་བ་ཐམས་ཅད་དག་པར་བསམ། མདུན་གྱི་ཡི་དམ་དང་དེ་ལ་སྤྲོས་པའི་ལྷ་མོ་རྣམས་མི་དམིགས་པར་བྱའོ། །དེ་ལྟར་བྱས་ན་དམ་ཚིག་གི་སེལ་དང་། མི་གཙང་བ་ཐམས་ཅད་དག ཉམས་ཁྱད་པར་ཅན་སྐྱེའོ། །བླ་མ་རིན་པོ་ཆེས་ཁྲུས་ཀྱི་ཆོ་གའམ་དབང་བསྐུར་བསྡུས་པ་ཞེས་ཀྱང་གསུང་། རིན་པོ་ཆེའི་ཞལ་གདམས་ཡི་གེར་བཀོད་པ་དབང་བསྐུར་མ་བྱས་པ་ལ་བཤད་དུ་མི་རུང་གསུང་ངོ། །རྫོགས་སོ། ༈ །ཐིག་ལེ་འབྱམས་པ་ལ་སོགས་པ་བྱས་ནས་ཉམ་ཤིན་ཏུ་ཆུང་ན། དེ་སེལ་བའི་གདམས་ངག་ནི། ལྷུང་བཟེད་དཀར་སེང་བ་གཅིག་གི་ནང་དུ། ཏ་ཐཱ་ག་ཏའི་ཁམས་བྱང་ཆུབ་ཀྱི་སེམས་དཀར་པོས་གང་བ་རང་གི་སྤྱི་བོ་ནས་མར་བྱོན་ནས། རང་གི་ལུས་ཀྱི་ནང་ཚིགས་ཚུན་ཆད་དཀར་མེ་རེ་རེ་གང་བར་ཡང་ཡང་བསམ། དེ་ལྟར་བྱས་ན་ཉམས་སྟོབས་ཆེར་འགྲོའོ། །ཞལ་གདམས་ཡི་གེར་བཀོད་པ་རྫོགས་སོ།། ༈ །།ཨོཾ་སྭ་སྟི། རིན་པོ་ཆེའི་ཞལ་ནས། ཚེ་རིང་བའི་གདམས་ངག་ནི། །ནངས་པར་སད་མ་ཁད་དུ་ཁ་ཤར་ཕྱོགས་སུ་བལྟས་ལ། སེམས་ཅན་ཐམས་ཅད་ཀྱི་ཚེ་ཐུང་བ་དང་ནད་མང་བ་ལ་སོགས་པའི་བར་ཆད་བསལ་བའི་ཕྱིར་དུ་ཚེ་སྲིང་བའི་ཆོ་ག་བྱ་སྙམ་དུ་བསྒོམ། དེ་ནས་རང་སྐད་ཅིག་གིས་ཡི་དམ་དུ་བསྒོམ་ལ་ངག་ཏུ་ཧཱུྃ་ཞེས་བརྗོད་པས་སྤྱི་བོ་ན་ཡར་ལ་བྷྲཱུྃ་དཀར་པོ་གཅིག་བརྡོལ་བར་བསམ། ཡང་བྷྲཱུྃ་ཞེས་བརྗོད་པས་བྷྲཱུྃ་དེ་ལས་བྷྲཱུྃ་བྷྲཱུྃ་གཉིས་བརྩེགས་བརྡོལ། ཡང་བྷྲཱུྃ་ཞེས་བརྗོད་པས་བྷྲཱུྃ་ཡ་ཐ་ལས་བྷྲཱུྃ་གཅིག་བརྡོལ།«་་་་་བྷྲཱུྃ་སུམ་བརྩེགས། »བྷྲུྃ་གསུམ་པོ་དེ་ནས་བདུད་རྩི་ཚངས་བུག་ནས་མར་བབས་པས་ལུས་ཀྱི་ནང་དཀར་ལྟེམ་གྱིས་གང་བས་བདག་གི་ཚེ་ཐུང་བ་ལ་སོགས་པའི་བར་ཆད་ཞི་སྙམ་དུ་བསམ་
ཞིང་། ངག་ཏུ་རྣམ་རྒྱལ་གྱི་གཟུངས་བཏོན་པས་ཆོག མི་ཤེས་ན་བྷྲཱུྃ་རང་བཏོན་པས་ཆོག་གསུང་། འཇོག་ཙ་ན་བྷྲཱུྃ་ལ་བྷྲཱུྃ་ཐིམ་ནས་རང་ལ་ཐིམ་པར་བསམས་ལ་ལངས་པར་བྱ། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཞན་གྱི་གདུག་སེམས་ཞི་བར་བྱེད་པའི་ཐབས་ལ། དང་པོ་རང་ཇོ་མོ་སྒྲོལ་མ་སྐུ་མདོག་དམར་མོའི་སྨིན་མཚམས་ན། སྔགས་ཡི་གེ་བཅུ་པ་དམར་སྒོ་རེ་ཡོད་པ་དེ་ལས་འོད་ཟེར་འཕྲོས་པས་བདག་ལ་སྡང་བའམ། མི་དགའ་བ་དེ་ལ་ཕོག་པས། དེ་ཡང་ཇོ་མོ་སྒྲོལ་མ་དམར་མོར་གྱུར། སྨིན་མཚམས་ནས་འོད་འཕྲོས་པས་དེའི་གདུག་སེམས་ཞི་ཞིང་བདག་ལ་འདུན་པའམ། གུས་པའམ། མོས་བར་བསམ། ཡང་ཡང་མོས་པ་བྱ། དེས་ངེས་པར་བདག་ལ་འདུན་པར་འགྱུར་རོ། །ཐེ་ཚོམ་མེད་དོ། །བླ་མ་ས་སྐྱ་པའི་གདམས་ངག་གཞན་གྱི་གདུག་སེམས་ཞི་བར་བྱེད་པའི་ཐབས་སོ།། ༈ །།ཨོཾ་བུདྡྷ་ཙུ་རུ་མ་ཙུ་རུ་ཀེ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་སྐུ་བླུགས་མའམ། ཐང་ཀའམ། ལྡེར་ཚོའི་མདུན་དུ་མཎྜལ་བྱ། པཱུ་ཛ་དབུལ་ཞིང་མོས་གུས་བྱ་སྟེ། བཟླས་པ་འབུམ་ཕྲག་གསུམ་བསྐྱལ་ནས། ཉའམ། གནམ་སྟོང་ངམ། དུས་ཁྱད་པར་ཅན་ལ་ཤཱཀྱ་ཐུབ་པའི་ཞལ་ཤར་དུ་བསྟན། དེའི་མདུན་ནམ་རྩར་མཎྜལ་བྱ། བཟླས་པ་ནུས་ཚད་གཅིག་བྱས་ཏེ། ཉལ་ཁར་བདག་སྐྱེ་བ་སྔ་མ་གར་སྐྱེས། གང་དུ་སྐྱེ་བསྟན་དུ་གསོལ། ཞེས་བྱས་ལ་གསོལ་བ་བཏབ་ནས་མགོ་བྱང་དུ་བསྟན། ཁ་ནུབ་ཏུ་བསྟན། རྐང་པ་ལྷོར་བསྟན་ཏེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་ན་གར་སྐྱེ་རྨི་ལམ་དུ་སྟོན་ནོ། །དེས་མ་བྱུང་ན་ནུབ་གསུམ་དུ་བསྐྱར་རོ། །ཤཱཀྱ་རཀྵི་ལས་བརྒྱུད་པའོ།། ༈ །ན་མོ་གུ་རུ། རང་འགྲོ་བ་གཞན་གྱི་ཡིད་དུ་འོང་བར་འདོད་ན། ངག་ཏུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་རང་ཇོ་བོ་ཐུགས་རྗེ་ཆེན་པོ་གཅིག་ཏུ་ཝལ་གྱིས་གྱུར། ཕ་རོལ་པོ་གང་ཡིད་དུ་
འོང་བར་འདོད་པའི་འགྲོ་བ་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོར་བསྒོམས་ལ། རང་གི་སྨིན་མཚམས་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་དྲུག་པ་དཀར་སྒོ་རེ་ཡོད་པ་ལས་འོད་འཕྲོས་ནས། ཕ་རོལ་པོ་རང་ལ་ཡིད་དུ་འོང་བར་འདོད་པ་དེའི་སྣ་བུག་གཡོན་པར་ཞུགས། སྙིང་གར་ཐིམ་པས་དེའི་བཅུད་དང་ནུས་པ་ཐམས་ཅད་ཚུར་དྲངས་ནས་ཁོའི་སྣ་བུག་གཡས་ནས་ཚུར་བྱུང་། རང་གི་སྣ་བུག་གཡོན་པར་ཞུགས། སྙིང་གར་ཐིམ་པར་བསམ་པ་སྒོ་རོ་རོ་བྱའོ། །དེ་ལྟར་བྱས་ན་གྲགས་པ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་སྙིང་དུ་སྡུག་གོ །རིན་པོ་ཆེའི་ཞལ་གདམས།། ༈ །རིན་པོ་ཆེའི་ཞལ་ནས། རྨི་ལམ་ངན་པའམ་ལྟས་ངན་པའི་ཆོ་འཕྲུལ་བྱུང་ན་འདི་ལྟར་བྱ་གསུང་། རང་གི་སྤྱི་གཙུག་ཏུ་ཧཱུྃ་སྔོན་པོ་ཁྲུ་གང་བ་གཅིག་རྒྱངས་ཀྱིས་འབྱུང་བར་བསམས་ལ། ཧཱུྃ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག རྨི་ལམ་ངན་པ་དང་ལྟས་ངན་པ་བཟློག་པར་བསམ། ཚུར་འདུས་རང་ལ་ཕོག རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། མཚན་མ་ངན་པ་རྣམས་བཟློག་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་བོ།། ༈ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རང་ཉིད་མི་ནག་པའི་སར་སྡོད་དགོས་ན། མི་རྣམས་ཆོས་ལ་གཟུད་པར་འདོད་ཀྱང་ཤིན་ཏུ་གནག་པའི་ཆོས་ལ་མ་ཚུད་ན། མི་ནག་ཆོས་ལ་གཟུད་པའི་གདམས་ངག་ནི། དབང་ཐང་དར་བའི་ས་ལ་སཱཙྪ་རབ་གནས་ཉི་ཤུ་རྩ་གཅིག་བྱས་པའི་གསུམ་མམ་བདུན་ནམ་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་གང་ཡང་རུང་བ་ཚགས་བྱ། རྫ་ཁ་ཆོད་དང་བཅས་པ་སོ་བཏང་བ་གཅིག་ཚགས་བྱ། དེ་ནས་ཡུལ་མིས་ས་རྟགས་གང་བཟང་ཟེར་བའི་འགྲོ་ལ། རང་ཡི་དམ་གང་ཡིན་ཡང་ཁ་དོག་དམར་པོར་བསྒོམ། སྙིང་གའི་ནང་དུ་བླ་མ་བསྒོམ། དེ་ལྟར་བྱས་ཀྱང་སྙིང་གིས་མ་ཐུབ་ན། རང་ཉིད་བླ་མ་རང་དུ་བསྒོམས་ལ། ས་རྟགས་འདི་ཡོད་པས་མི་ནོར་དར་བ་ཡིན་ཟེར་ཞིང་གྲགས་པའི་སར་ས་བྲུས་པའི་ནང་དུ་ཁོག་མ་གཞུག ཁོག་མའི་ནང་གི་ཞབས་སུ་མི་གང་དབང་དུ་བྱེད་འདོད་པ་དབང་དུ་གྱིས་ཤིག་ལ་སོགས་པ་རྣམས་ཐེམ་ལ་གཞུག དེའི་སྟེང་དུ་སཱཙྪ་རྣམས་བཞུགས་སུ་བཅུག ཁ་ལེགས་པར་བཅད། མིས་མི་མཐོང་བར་བྱ། ཡང་མི་ཆེན་གྱི་མིང་བྲིས་ལ། དགེ་འདུན་འགྲིམ་པའི་འོག་ཏུ་སྦའོ། །ཡང་ན་རང་གི་མལ་འོག་ཏུ་སྦའོ། །
ཡུལ་མི་རྣམས་དབང་དུ་བྱེད་འདོད་ན། སཱཙྪ་ན་བཟའ་དམར་པོ་གསོལ། ཁོག་མའི་ནང་ཡང་དམར་པོས་བྱུག་གོ །དེ་བཞིན་དུ་ཞི་བར་འདོད་ན། སཱཙྪ་ན་བཟའ་དཀར་པོ་གསོལ། ཁོག་མའི་ནང་ཡང་དཀར་པོས་བྱུག ཡུལ་དེར་རང་གི་བསོད་ནམས་བསྐྱེད་པར་འདོད་ན། སཱཙྪ་ལ་ན་བཟའ་སེར་པོ་གསོལ། ཁོག་མའི་ནང་ཡང་སེར་པོས་བྱུག་གོ །དབང་དུ་བྱ་བའི་དུས་སུ་དོང་ཟླ་གམ། ཁོག་མ་ཡང་ཟླ་གམ་བྱ། ཟླ་གམ་ཁ་བཅད་དེ་རང་འདུག་སའི་ཕྱོགས་སུ་བསྟན། ཞི་བའི་ལས་བྱེད་པའི་དུས་སུ། དོང་ཁོག་ཟླུམ་པོ་བྱ། རྒྱས་པའི་ལས་བྱེད་པའི་དུས་སུ་དོང་ཁ་གྲུ་བཞི་བྱ། དྲག་པོའི་དུས་སུ་དོང་ཁ་གྲུ་གསུམ་བྱས་ལ་རྩེ་མོ་རང་ལ་བསྟན་ཏོ། །ཡང་དང་ཡང་གཞུག་པ་གལ་ཆེ། མི་ནག་དཀར་པོར་གཏོང་བའི་མན་ངག་གོ །བཞི་ཀ་ཅིག་ཆར་བྱེད་འདོད་ན། ཁོག་མ་ལ་གྲུ་གསུམ་ལ་སོགས་པ་རྣམས་རི་མོས་བྱས་ཚོན་གྱིས་བྱུགས་ལ་བྱའོ། །ས་རྟགས་བཟང་བའི་ས་དང་མཁར་གང་གི་རྨང་གི་ས་ལ་སཱཙྪ་དང་ཁོག་མ་བྱ། ཁོག་མའི་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད། བླ་མ་བ་རི་བའི་མན་ངག་སློབ་དཔོན་རིན་པོ་ཆེས་བླ་མ་ལ་ས་སྐྱ་པ་ལ་ཞུས་པའོ། །རིན་པོ་ཆེའི་ཞལ་གདམས་བནྡེ་བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད་པ་རྫོགས་སོ།། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རིན་པོ་ཆེའི་ཞལ་ནས། སྒོམ་ཆེན་ཏིང་ངེ་འཛིན་གྱིས་དབང་བསྐུར་ཆུང་ངུ་འདི། ལག་ལེན་གལ་ཆེ་བར་འདུག་པས་ཁོ་བོས་བསྟན། དེ་ཡང་སྒྲུབ་བརྒྱུད་དང་བཅས་པ་གཅིག་བྱ་གསུངས། འགོས་ལྷས་བཙས་བྱ་བ་དེས་རྒྱ་གར་དུ་ལོ་ཙཱ་སློབ་ཏུ་ཕྱིན་པས། པཎྜི་ཏའི་བླ་མ་བརྒྱ་དང་བཅུ་ཡོད་པས། དེའི་ནང་ནས་རྩ་བའི་བླ་མ་གཉིས་ཡོད་དེ་པཎྜི་ཏ་མངོན་ཤེས་ཅན་དང་། བཙུན་མོ་ཅན་གཉིས་ཡིན་སྐད། དེ་ལ་བླ་མ་འགོས་དེ་སྤྱིར་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པའི་ཕུལ་དུ་བྱུང་བ་ཡིན་ལ། ཁྱད་པར་དུ་དཔལ་གསང་བ་འདུས་པ་ལ་མཁས་པ་ཡིན་སྐད། ལན་གཅིག་གསང་བ་འདུས་པ་ལ་ང་ལས་མཁས་པ་མེད་དེ་ཡོང་སྙམ་ཙ་ན། རྣལ་འབྱོར་པ་གཅིག་བྱུང་ནས་ཁྱོད་ཀྱིས་ད་རུང་གསང་བ་འདུས་པའི་དོན་མ་ཤེས་ཟེར་སྐད། འོ་ན་སུས་ཤེས་བྱས་པས་ཡ་གེ་ན་བཙུན་མོ་
ཅན་ཞེས་བྱ་བ་ཡོད་ཟེར་སྐད། གང་ན་ཡོད་དམ་སྙམ་ནས་ནགས་གསེབ་ན་ཡར་ཕྱིན་ཙ་ན། སྤྱིལ་བུ་གཅིག་གི་སྒོ་ན་བུད་མེད་ཕུག་རོན་གྱི་ཁ་དོག་འདྲ་བ་གཟུགས་ཤིན་ཏུ་ལེགས་པ་གཅིག་འདུག་པ་ལ་ཁྱོད་སུ་ཡི་བྱས་པས་བཙུན་མོ་ཅན་གྱི་ཇོ་མོ་ཡིན་གསུང་སྐད། བཙུན་མོ་ཅན་གང་ན་ཡོད་བྱས་པས། སྤྱིལ་པོ་ཕ་གི་ན་ཡོད་ཟེར་དེར་ཕྱིན་པས། བཙུན་མོ་ཅན་བཞུགས་ཀྱིན་འདུག་པ་ལ་གསེར་བག་ཙམ་ཡོད་པ་མཎྜལ་བྱས་ཏེ་ཕུལ་ནས། དཔལ་གསང་བ་འདུས་པའི་དོན་ཞུ་བྱས་པས། ཁྱོད་ལ་དམ་ཚིག་གི་སེལ་ཡོད་པས། ད་ལྟ་ཁྱོད་ཀྱི་མི་གོ་བས། དང་པོ་ཏིང་ངེ་འཛིན་གྱི་དབང་བསྐུར་འདི་ཉམས་སུ་ལོང་དང་། དེ་ནས་གདོད་གསང་བ་འདུས་པའི་དོན་གོ་བས་བསྟན་ནོ་གསུངས་ནས་འདི་གནང་བ་ཡིན་གསུང་། འགོས་ཁུགས་པས་ཟླ་ཕྱེད་ཉམས་ལེན་བྱས་པས། གསང་འདུས་ཀྱི་དོན་མ་ལུས་པ་གོ་བ་ཡིན་གསུང་། དོན་རང་གི་ཐུགས་ལ་ཤར་བས་ཕྱིས་གསང་བ་འདུས་པའི་དོན་གནང་བའི་དུས་སུ་འབུལ་སྙམ་པའི་གསེར་བག་ཙམ་ཡོད་པ་ལ་མཎྜལ་བྱས་ཕུལ་ནས། བཀའ་དྲིན་གྱིས་ཁྱབ་གསུངས་ནས་བྱོན་པར་གདའ། འགོས་ཀྱི་གླེན་བྲེས་པ་ལ་གནང་། དེས་བླ་མ་ས་སྐྱ་པ་ལ་གནང་། དེས་བདེ་བར་གཤེགས་པ་ཕག་མོ་གྲུབ་པ་ལ་གནང་། དེས་ཆོས་རྗེ་སྟག་ལུང་ཐང་པ་ལ་གནང་བའོ། །དེ་ལ་ཏིང་ངེ་འཛིན་གྱི་དབང་བྱེད་ན་སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ཉམས་ཆག་དང་སྡིག་སྒྲིབ་དག་པ་དང་། དེའི་ཆེད་དུ་དབང་བསྐུར་བྱ་སྙམ་དུ་བསམ། རང་གི་མདུན་ནས་ཕ་རོལ་ཁྲུ་བདུན་གྱི་སར་རང་བས་ཁྲུ་གང་གིས་མཐོ་བའི་ནམ་མཁར་གདན་སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་ན། རང་གི་རྩ་བའི་བླ་མ་གང་ཡིན་པ་དེ་བཞུགས་པར་བསམ། དེ་ཡང་བླ་མ་དེའི་ངོ་བོ་མི་འགྱུར་བ་གལ་ཆེ་གསུང་། བླ་མ་དེ་ལྟར་མི་བསྒོམ་པར་རྣམ་པ་བསྒྱུར་ནས་བསྒོམ་ན་མ་གུས་པ་ཆེ་ཤོས་ཡིན་གསུང་། བླ་མ་དེ་བས་ལྷག་ལྷག་པ་བཟང་བཟང་པོ་ཚོལ་རྒྱུ་མེད་གསུང་། དེ་ཡང་གཅེར་བུ་རུས་པའི་རྒྱན་དྲུག་དང་ལྡན་པ་ཡུམ་རྡོ་རྗེ་རྣལ་འབྱོར་མས་སྐུ་ལ་འཁྲིལ་བ་ཅིག་བཞུགས་པར་བསམ། བླ་མའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་སྤྲོས་པས་རང་གི་སྨིན་
མཚམས་སུ་ཐིམ། ལུས་ཀྱི་སྒྲིབ་པ་དག སྐུའི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས། བུམ་པའི་དབང་ཐོབ་ཨང་སྙམ་པ་བྱ། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་དཀར་དམར་གཉིས་བྱུང་། ལྕེ་ཐོག་ཏུ་ཐིམ། ངག་གི་སྒྲིབ་པ་དག གསུང་གི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་པར་བསམ། གསང་བའི་དབང་ཐོབ་ཨང་སྙམ་པ་བྱ། ཐུགས་ཀ་ནས་འོད་ཟེར་སྣ་ལྔ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྒྲིབ་པ་དག ཐུགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས། དབང་གསུམ་པ་དང་བཞི་པ་ཐོབ་ཨང་སྙམ་དུ་མོས་པ་བྱ། དེ་ལྟར་ལན་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བྱས་པས། དམ་ཚིག་ཉམས་ཆག་འདག་ཅིང་སྡིག་སྒྲིབ་དག་ནས་འགྲོ། བྱིན་རླབས་འཇུག་པས་དེ་བཞིན་མཛད་པར་ཞུའོ། ༈ །གུ་རུ་ན་མོ། སྔགས་མཚན་ཉིད་གང་ཡིན་ཡང་རུང་། རང་གིས་མ་ཐོས་པའི་ཆོས་ལུང་ལེན་པར་འདོད་ན། བྱང་ཆུབ་ཆེན་མོའི་སྐུ་བླུགས་མའམ་རས་བྲིས་འདྲ་བ་གཅིག་མཎྜལ་ཐོག་ཏུ་བཞུགས་སུ་བཅུག་ལ། ཡོད་ན་དངོས་སུ་མཆོད་པ་ལྔ་མདུན་དུ་བཤམ། མེད་ན་ཡིད་ཀྱི་ཕུལ་ལ། དེ་ནས་ཕར་ཕྱིན་ཡིན་ན་མཆོད་གནས་དེར་སེམས་བསྐྱེད་པས་ཆོག གསང་སྔགས་ཡིན་ན་མཆོད་གནས་དབང་བསྐུར་བྱས་པ་གཅིག་བྱང་ཆུབ་ཆེན་པོའི་རྒྱབ་ཕྱོགས་སུ་བཞག་ལ་ཡི་གེ་ཀློག་ཏུ་གཞུག མཆོད་གནས་ཀྱིས་ཀློག་པའི་དུས་སུ་བྱང་ཆུབ་ཆེན་པོ་དེའི་ཞལ་ནས་རང་ལ་གསུངས་པར་བསམ་ཞིང་ཚར་གསུམ་བར་དུ་ཀློག་ཏུ་གཞུག ཚར་གསུམ་ཚར་བའི་རྗེས་ལ་བྱང་ཆུབ་ཆེན་པོ་དེས་ཤོད་ཅིག ཀློགས་ཤིག སྒོམས་ཤིག ཟེར་ནས་ལུང་གནང་ཡི་གེ་ཡང་རང་ལ་ཚུར་སྦྱིན་པར་བསམ། དེ་ནས་བཤད་སྒོམ་གང་བྱེད་ཀྱང་རང་དབང་ཆེའོ། །བླ་མ་ས་སྐྱ་པའི་གདམས་ངག་ཡིན་གསུང་། རིན་པོ་ཆེའི་ཞལ་གདམས་བནྡེ་བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད་པ་རྫོགས་སོ།། ༈ །འཁྲུལ་འཁོར་འཕང་ནས་དགྲ་འཇོམས་པ་དང་འདྲ་བ་ནང་གི་བཅུད། དྲི་ཆུའི་བཅུད་ལེན་ལ་གསུམ། དང་པོ་དྲི་ཆུ་དྲོན་མོ་བསྟེན་པ་ལ་སྐྱོན་བདུན། སྐྲ་དཀར་སྐྱེད། མིག་མི་གསལ། ལུས་ཀྱི་མདངས་འཆོར།
མཁྲིས་པ་སྐྱེད། མཆིན་པ་འཇུ། འདྲེ་ནད་འབྱུང་། ཡིད་མི་གསལ་བའོ། །དེའི་ཡོན་ཏན་བག་ཙམ་ནི། མ་ཞུ་བའི་ནད་ཕྲ་མོ་སེལ་བ་དང་། ཉིན་གཅིག་གི་རིམས་ཕྲ་མོ་ཐུབ་པའི་ཡོན་ཏན་ཡོད་གསུང་། དེ་ལས་བཟློག་སྟེ་གྲང་མོ་བསྟེན་པ་ལ་ཡོན་ཏན་བདུན་ཕོ་བའི་མེ་དྲོད་སྐྱེད། དུག་གི་སྲུང་བར་འགྱུར། མཁལ་མའི་མེ་དྲོད་སྐྱེད། ཡིད་གསལ། གཞན་གོ་སླའོ། །ཕོ་བའི་མེ་དྲོད་སྐྱེད་པས་མཁྲིས་པ་མི་སྐྱེད་པ་ཡིན། དུག་གི་སྲུང་བར་སོང་བས་མཆིན་པ་མི་འཇུ་བ་ཡིན། མཁལ་མའི་མེ་དྲོད་སྐྱེད་པས་འདྲེ་ནད་མི་འབྱུང་བ་ཡིན། བསྟེན་པའི་ཐབས་གྲང་མོ་བསྟེན་ཏེ། དེ་ལ་དང་པོ་སྣོད་ལྕགས་ཀྱི་སྣོད་དུ་བྱ་སྟེ། རབ་ཟེ་སྨྱུག་གི་ལྕགས་ལས་བྱ། འབྲིང་ཁབ་ལེན་གྱི་ལྕགས་ལས་བྱ། ཐ་མ་དུལ་མ་མངོན་པར་འདུས་མ་བྱས་པའི་ལྕགས་ལས་བྱའོ། །ཚད་ནི་རབ་མ་ག་དྷའི་ཕུལ་གསུམ་ཤོང་བར་བྱ། འབྲིང་ཕུལ་དོ། ཐ་མ་ཕུལ་གང་ཤོང་བའོ། །དབྱིབས་ནི་ཟླུམ་པོའོ། །ཞབས་ཀྱི་གདུབ་སྐོར་སོར་གཅིག་ཡོད་པའོ། །ཁ་ཁྱེར་ཀྱང་སོར་གཅིག་ཡོད་པའོ། །འབྲིང་དང་ཐ་མ་གཉིས་ལའང་དེ་ཡི་ཆ་ཡིས་བསྐྱུང་ངོ། །ལྕགས་ལ་ཟངས་ལ་སོགས་པ་མ་འདྲེས་པའོ། །དེ་བསྟེན་པའི་རྫས་ལ་འབྲས་བུ་གསུམ་ནི། སྐྱུ་རུ་ར་ལ་རིགས་གཅིག་ལས་མེད། བ་རུ་ར་ལ་རིགས་གཉིས། ཤ་སྐེམ་ནི་བག་ཙམ་ཆུང་བ་ནག་པ་ཅིག་ཡོད། ཤ་ཆེན་ནི་ཟླུམ་པ་སྐྱ་བ་ཆེ་བ་ཅིག་ཡོད། ཨ་རུ་ར་ལ་རིགས་གསུམ། མཆུ་སྙུང་ནི་བག་ཙམ་ནག་པ། ཕྲ་བ་མཆུ་ཅུང་ཟད་གུག་པའོ། །འཕེལ་བྱེད་ནི་ཟླུམ་པོ་ཅིག་ཡོད། དེ་ལ་གསེར་མདོག་ཀྱང་ཟེར། རྣམ་པར་རྒྱལ་བ་ནི་ཚོ་བ་ཁ་བུམ་པ་བཞིན་དུ་འདུག་པ་རྡོག་བག་མི་བཟང་བ་ཆུར་བཅུག་ན་གཏིང་དུ་བྱིང་བ་ཅིག་ཡོད། དེ་ལས་བ་རུ་ར་ཤ་སྐེམ་དང་། ཨ་རུ་ར་མཆུ་སྙུང་སྦངས་ལ། སྦྱར་བའི་ཚད་ནི་སྐྱུ་རུ་རའི་འདྲེ་ལོག་བ་རུ་ར། དེའི་འདྲེ་ལོག་ཨ་རུ་ར། དེ་རྣམས་ཞག་རོ་ཡོད་ན་ཞིབ་པར་བྱ། མེད་ན་རྩིང་བར་བྱ། དེ་ནས་དྲི་ཆུ་གསུམ་སྤང་སྟེ་འཁྲུགས་པ་ནི་ཉིན་མོ་ལས་ཀྱིས་འཁྲུགས་པས་ཉལ་མ་ཐག་གི་དེ་སྤང་། ན་བ་ནི་ཁམས་མ་བདེ་བའི་དུས་ཀྱི་ནད་དེ་སྤང་། བསླད་པ་ནི་ཆགས་པ་སྤྱད་མ་ཐག་གི་དེ་སྤངས་ལ། ནུབ་མོ་ཉལ་
ནས་ཅུང་ཟད་ལོན་པ་ན་ལྕགས་ཀོང་ལ་དྲི་ཆུ་དང་པོ་ལ་དུག་ཡོད་པས་དོར། བར་པ་ནས་ཁྱོར་ཕྱེད་བཏང་། ཐ་མ་ཡང་ནད་དུ་འགྱུར་བས་དེ་སྤང་། དེ་ནས་སྔར་གྱི་སྨན་ཕོ་ཚུ་མ་གཉིས་བཏབ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བཏབ་པ་རས་དཀར་པོས་ཁ་བཅད་ལ་བཞག ནངས་པར་ལག་ཡིག་མཐོང་བ་ན་རང་གི་སྐད་མི་ལ་མ་སྨྲས་པ་དེ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་པའི་སྔགས་འདི་བརྒྱ་སོགས་བཏབ་ལ་བཏུང་བར་བྱའོ། །ཕན་ཡོན་གོང་བཞིན་འབྱུང་ངོ།། ༈ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རང་གི་རྣམ་སྨིན་གྱི་ལུས་ཐ་མལ་པའི་གཟུགས་དེ་མདུན་དུ་ཝལ་བསམས་ལ། བདག་གི་ཤེས་པ་ཤེས་རབ་ཀྱི་རལ་གྲི་གཅིག་ཏུ་ཝལ་གྱིས་བསམས་ལ། རང་ཐ་མལ་པའི་ལུས་པོ་དེ་ཉིད་ཀྱི་སྐེད་པ་བཅད་པར་བསམས་སྟེ། མགོ་ཐུར་དུ་བསྟན་པས་རོ་སྟོད་གཏོར་གཞོང་དུ་བསམ། སྙིང་པད་གཞོང་དུ་བསམ། རོ་སྨད་རལ་གྲིས་གཏུབས་ནས་གཏོར་མར་བླུགས་པར་བསམ། མདུན་གྱི་ནམ་མཁའ་ལ་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་བསམས་ལ། གཏོར་མ་ཕུལ་བས་གསོལ་བར་བསམ། དེ་ལྟར་གསོལ་པས་ཕུང་པོ་མེད་པས་ཕུང་པོའི་བདུད་བཅོམ། ཕུང་པོ་མེད་ཙམ་ན་བཟའ་བཏུང་མི་དགོས་པས་ལྷའི་བུའི་བདུད་བཅོམ། དེ་ལྟར་ཕུང་པོ་མེད་པས་དེ་ལ་ཉོན་མོངས་པ་མེད་པས་ཉོན་མོངས་པའི་བདུད་བཅོམ། དེ་ལྟར་ཕུང་པོ་མེད་པ་དེ་ལ་འཆི་བའི་འཇིགས་པ་མེད་པས་འཆི་བདག་གི་བདུད་བཅོམ། དེ་ལྟར་བདུད་བཞི་བཅོམ་པའི་དུས་ན་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་དེ། དང་པོ་བྱུང་ས་མེད། བར་དུ་གནས་ས་མེད། ཐ་མར་འགྲོ་ས་མེད་པའི་ངང་དུ་བཞག་སྟེ། དབང་གསུམ་པའི་ཉམས་དྲན་པར་བྱས་ལ། བདེ་སྟོང་གི་ངང་ལ་མ་བཅོས་པར་གཞག་གོ །བླ་མ་ནཱ་རོ་པའི་བདུད་བཞི་ངང་གིས་བཅོམ་པའི་གདམས་ངག་རྫོགས་སོ།། ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མའི་ལག་སྒུལ་གྱི་མན་ངག སེམས་ཉིད་བསམ་འཕེལ་གྱི་ནོར་བུ་ཐབས་འདི་ལྟར་བསྒྲུབ་པར་བྱའོ། །དགོང་མོ་རང་གི་མདུན་དུ་ཆུ་ཕུལ་ཕྱེད་ཙམ་བཞག་ལ། ནངས་པར་སྔ་བར་ལངས་ལ། ཆུ་དེའི་
ནང་དུ་ཨ་ལས་ཟླ་བ་དང་། མ་ལས་ཉི་མའི་སྟེང་དུ། ལྷ་མོ་སྐུ་མདོག་དམར་མོ་སྟེ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་བཞུགས། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་སྟེ། །ཕྱག་གཡོན་རིན་ཆེན་འབར་བ་བསྣམས། །དབུ་སྐྲ་ཅོད་པན་རྒྱན་ཆར་ལྡན། །ནུ་མ་མགོ་རྒྱན་དར་དཔྱངས་མཛེས། །དེ་ལྟར་ལྷ་མོ་གསལ་བ་དེ། །སླར་ཡང་འོད་དུ་ཞུ་ནས་ནི། །དམར་ལ་དྭང་བར་ཁྲུག་གིས་སོང་། །ཆུ་དང་གཉིས་མེད་བསམ་ཞིང་བཟླ། །ཨོཾ་ཛམྦྷེ་མོ་ཧེ་ཧྲྀ་ད་ཡ་མེ་ཝརྦྷ་ནི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གམ་ཐ་མ་བདུན་ཡན་ཆད་བཟླས་ཏེ་ཕོ་རོག་གི་སྒྲ་མི་གྲག་པའི་དུས་སུ་ཁྲུས་བྱས་ཏེ་གྲོང་ཁྱེར་དུ་ཕྱིན་ན་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འགུལ་ཏེ། བདག་ལ་བྱམས་ཤིང་ཡོ་བྱད་སྟེར་བར་འགྱུར་རོ། །དེ་ཡང་ཁྲུས་བྱས་མ་ཐག་ཏུ་ཡི་དམ་གྱི་ཐང་སྐུའམ། མེད་ན་ཆོས་པུ་སྟི་ལ་བསྐོར་བ་ལན་གསུམ་བྱས་ནས་སྔགས་ཉེར་གཅིག་བཟླས་ཏེ་གྲོང་ཁྱེར་དུ་འགྲོ་བར་བྱའོ། །དེས་སྐྱེ་བོ་ཐམས་ཅད་བདག་ལ་བསྐུར་སྟི་བྱེད་ཅིང་འདུན་པར་བྱེད་དོ། །ན་མོ་བྷ་ག་ཝ་ཏཱི་ཨུཥྞི་ཥཱ་ཡ་དྷ་ར་དྷ་ར་དྷི་རི་དྷི་ན་ཏེ་ཡེ་སྭཱ་ཧཱ། འདི་སྐབས་སུ་ཅི་ནུས་བཟླའོ། །ནངས་པར་ཕོ་རོག་གི་སྒྲ་མི་གྲག་པའི་སྐབས་སུ་སྔ་མོར་ལངས་ལ་ཆུ་ཁྱོར་བ་གང་ལ་སྔགས་འདི་ཉེར་གཅིག་བཟླས་ནས་འཐུངས་ན་མི་རྣམས་ཀྱི་ཡིད་འགུལ་ནས་མ་བསླངས་པར་ཟས་རྙེད་པར་འགྱུར་རོ། །ཡང་སྔགས་འདི་གིའུ་ཝཾ་ལ་བརྒྱ་རྩ་བརྒྱད་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་ཕོ་མོ་གང་ལ་བལྟས་པས་བདག་ཡིད་དུ་འོང་བར་འགྱུར་རོ། །དེ་བཞིན་དུ་མིག་སྨན་ལ་བཏབ་ནས་མིག་ལ་བྱུགས་ན་གང་མཐོང་བ་དེ་དག་དགའ་བར་འགྱུར་རོ། །མི་མང་པོའི་དྲུང་དུ་འགྲོ་ན་རང་གི་གོས་ཀྱི་ཆ་ག་ལ་ལག་པ་གཡོན་པས་བཟུང་ནས་སྔགས་ཉེར་གཅིག་བཟླས་ན། སྨྲ་མཁས་ལ་ཚིག་བཙན་ཅིང་ཤག་ལེན་ཐེབས་པར་འགྱུར་རོ། །རལ་གྲི་ལ་བཟླས་ནས་གཡུལ་དུ་ཞུགས་ན་བདག་ཉིད་རྒྱལ་བར་འགྱུར་རོ། །ལམ་དུ་ཞུགས་ནས་བཟླས་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གཞན་ཡང་བཀྲ་མི་ཤིས་པ་དང་། རྨི་ལམ་ངན་པ་ཐམས་ཅད་བཟློག་པར་འགྱུར་རོ། །མ་བསྒྲུབ་པར་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཌཱ་ཀི་མའི་ལག་སྒུལ་རྫོགས་སོ། །
མ་གཅིག་གྲུབ་པའི་རྒྱལ་མོས་བླ་མ་རས་ཆུང་པ་ལ་གནང་བ་ནས་རིམ་པར་བརྒྱུད་པའི་གདམས་ངག་གོ། །། ༈ །སྐྱོན་དག་ཡོན་ཏན་རྫོགས་མཛད་རྒྱལ། །བླ་མ་མཆོག་ལ་ཕྱག་འཚལ་ནས། །དམ་ཚིག་ཕན་བདེའི་རྩ་བ་སྟེ། །ཉམས་ན་བཤགས་པའི་གདམས་ངག་བྲི། །དམ་ཚིག་ཉམས་ན་བཤགས་པའི་གདམས་པ་རལ་གྲི་ཁཾ་གི་སྦྱོར་བ་ནི། རང་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལྗང་གུ་ཕྱག་གཡོན་མཉམ་བཞག གཡས་འཇིགས་སྐྱོབ་ཀྱི་ཕྱག་རྒྱ་མཛད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ། རྒྱ་གར་གྱི་རལ་གྲི་དཀར་ཙེ་རེ་བ་ལངས་ནས་ཡོད་པར་བསམ། རལ་གྲི་ཆང་ཟུང་གི་ལྟེ་བར་ཟླ་བའི་སྟེང་དུ་ཁྃ་ལྗང་གུ་ཞིག་ཡོད་པར་བསམ། ཁྃ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག སེམས་ཅན་ཐམས་ཅད་འོད་དུ་ཞུ། འོད་ཁྃ་ལ་ཐིམ། དེ་ནས་མདུན་གྱི་ནམ་མཁར་པྃ་ཡོངས་སུ་གྱུར་པ་ལས་པདྨ། ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཁྃ་ལྗང་གུ་གཅིག་བསམ། དེ་ཡོངས་སུ་གྱུར་པ་ལས་རྒྱ་གར་གྱི་རལ་གྲི་དཀར་ཙེ་རེ་བ་གཅིག་བསམ། རལ་གྲིའི་ཆང་ཟུང་གི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་ཡོད་པ། དེའི་སྟེང་དུ་ཁྃ་ལྗང་གུ་ཡོད་པར་བསམ། དེ་ནས་ཁྃ་དེ་ལ་དེ་བཞིན་གཤེགས་པའི་ཁམས་བདུད་རྩི་དཀར་ན་རར་རང་གི་ཚངས་པའི་བུ་ག་ན་མར་བྱུང་ནས་སྡིག་པ་དང་སྒྲིབ་པ་དམ་ཚིག་ཉམས་ཆག་གི་ཚོགས་ཐམས་ཅད་ནག་ནུར་གྱིས་དྲི་ཆེན་དྲི་ཆུའི་ལམ་དང་། རྐང་པའི་སོར་མོ་བཅུའི་རྩེ་མོ་ནས་མར་བདས་པས་ནག་ནུ་རུ་རུ་བྱུང་བར་བསམས་ལ་ཐུན་གཅིག་ལ་བརྒྱ་རྩ་བརྒྱད་སོགས་བྱས་པས། ཉེས་པའི་ཚོགས་ཐམས་ཅད་དང་། དམ་ཚིག་ཉམས་པ་ཐམས་ཅད་བསྐང་བར་འགྱུར་རོ། །བླ་མ་རིན་པོ་ཆེ་པས། བླ་མ་འཁོན་ས་སྐྱ་པ་ལས་གསན་པའི་རལ་གྲི་ཁྃ་གི་གདམས་ངག་གོ། །། ༈ །ཨོཾ་སྭ་སྟི། བྱམས་པའི་ཐུགས་ཀྱིས་འགྲོ་བ་ཡི། །གདུག་པའི་བསམ་པ་ཞི་གྱུར་ནས། །ཇི་སྐད་གསུངས་བཞིན་སྒྲུབ་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རང་དགེ་འདུན་སྡེ་པའི་དོན་ལ་སོགས་པ་བྱེད་ན། སྡེ་པ་ཀུན་མི་མཐུན་ན་གཅིག་
ལ་གཅིག་མཐུན་ཞིང་དབང་དུ་བྱ་བའི་གདམས་ངག་ནི། རང་གི་མལ་འོག་གམ། སྟེང་ཁང་ན་མལ་ཡོད་ན་འོག་ཏུ་མལ་གྱི་ཐད་ཀར་བྱས་པས་ཆོག་གསུང་། དེར་དོང་ཡན་མན་དུ་ཁྲུ་དོ། ཕན་ཚུན་དུ་ཁྲུ་དོ་བྲུ། སྤྱིར་ཐུམ་པ་གལ་ཆེ། ཆེ་ཆུང་འདྲ་གསུང་། ཤིན་ཏུ་ག་དར་འཇམ་པོ་བྱས་ལ། དྲི་ཞིམ་པོའི་ཆུས་བྱུག གདུག་སེམས་ཞི་བ་ཙམ་ཡིན་ན་དཀར་པོ་བྱ། དབང་དུ་བྱ་བར་འདོད་ན་ནང་དམར་པོ་བྱས་ལ། སྡེ་པའི་གཙོ་བོ་ལ་སོགས་པ་རྣམས་ཀྱི་གཟུགས་བྲིས་ནས་རང་ཡི་དམ་དུ་བྱས་ལ། རྩ་བའི་སྔགས་ཀྱི་འོད་ཟེར་གྱིས་གཟུགས་རྣམས་སྟོང་པར་བསམ། སྟོང་པའི་ངང་ལས་སོ་སོ་རང་རང་གི་གཟུགས་སུ་བསམས་པའི་སྙིང་གར་ནྲྀ་རེ་རེ་བསམ། དེ་ནས་རང་གི་ཐུགས་ཀ་ནས་འོད་འཕྲོས་པས་དེ་རྣམས་བཀུག་སྟེ་གཟུགས་ལ་བསྟིམ་པ་ཡང་ནས་ཡང་དུ་བྱས་ཏེ། དོང་ནང་གི་ལོགས་ཀྱི་ཞལ་བ་ལ་རྒྱབ་གཏད། ཁ་ནང་དུ་ཕྱོགས་པར་བསྒྲིགས་པ་གཅིག་ལ་གཅིག་བྱམས་པ་དང་ལྡན་པར་ཡང་ཡང་བསམ། ཞི་བའི་ལས་སུ་བྱེད་ན་སྤྲ་ཐོག དབང་གི་ལས་སུ་བྱེད་ན་མེ་ཏོག་དམར་པོ་དང་ནས་ཀྱིས་དགང་། ཤིང་ལེབ་ལ་པདྨ་འདབ་བརྒྱད་བྲིས་པས་ཁ་བཅད་ལ་ཞལ་བ་ལེགས་པར་བྱ་གསུང་། རིན་པོ་ཆེའི་ཞལ་གདམས་སོ། །། ༈ །ལོ་ཏོག་ཤིན་ཏུ་རྒྱས་པར་བྱེད་པའི་ཐབས་ལ། ས་བོན་ཐམས་ཅད་ཀྱི་ཕུད་མཚོན་པ་རེ་བསྡུས་ཏེ་འབྲུ་མར་བྱུགས་ལ། ས་བོན་གང་ཡིན་འདྲ་བ་གཅིག་ལ་སྔགས་འདི་གདབ་བོ། །ཨོཾ་ཡུ་རན་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། སྟོང་ཁྲག་གམ་ཁྲི་བཟླས་ནས་བཏབ་ན་ལོ་ཏོག་ཤིན་ཏུ་རྒྱས་པར་འགྱུར་རོ། ༈ །ན་མོ་རཏྣ་ཏྲ་ཡཱ་ཡ་ཤི་བ་ཤ་ཡ་མཱ་ཏི་པྲ་ཤ་ཡ་མ་ཏི་པྲ་མོ་ལ་ཧ་མོ་ཏེ་ཀུ་རུ་སྭཱ་ཧཱ། སྔགས་འདི་བྲིས་ལ་བནྡེའི་སྐྲས་དྲིལ་ཏེ་གང་ལ་བྱ་བའི་མིང་སྨོས་ནས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་རང་གི་ཁྱིམ་དུ་སྦས་ན་མཛའ་བོ་ཀུན་བྱམས་པར་འགྱུར་རོ། །རྫོགས་སོ།། ༈ །ན་མོ་གུ་རུ། རྡོ་རྗེ་ཌཱ་ཀི་ནཱི་ལ་ན་མོ། ཟངས་མའི་གའུ་རྒྱ་དང་དཔངས་སོར་བཞི་བཞི་པ་བྱས་ལ། སྟེང་འོག་གཉིས་ཀའི་ནང་དུ་གྲུ་གསུམ་བསྣོལ་མ་བྲིས་ལ། འོག་མའི་དབུས་སུ་བྃ་དམར་པོ་བྲི། རྩིབས་
དྲུག་ལ་ཨོཾ་བྃ། ཧྃ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧུྃ་ཧྃའུ། ཕཊ་ཕཊ་ཅེས་པ་གཡོན་སྐོར་དུ་བྲི། སྟེང་གི་དབུས་སུ་ཧཱུྃ་སྔོན་པོ་བྲི། རྩིབས་དྲུག་ལ། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧཱུྃ། བཽ་ཥ་ཌ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧཾ་ཞེས་པ་བྲི། སྟེང་གི་མུ་ཁྱུད་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧུྃ་ཧཱུྃ་ཕཊ་ཌཱ་ཀི་ནཱི་ཛྭ་ལ་སམྦ་རྃ་སྭཱ་ཧཱ། ཞེས་པ་གཡོན་སྐོར་དུ་བྲི། སྟེང་གི་རྒྱབ་ཀྱི་དབུས་སུ་ཨོཾ་བྲི། མཐར་གཡས་སྐོར་དུ་རྟེན་འབྲེལ་སྙིང་པོ་ཚར་གཉིས་བྲི། རྟེན་འབྲེལ་གྲུབ་པར་གྱུར་ཅིག་ཀྱང་བྲིའོ། །དེ་ནས་འོག་མའི་ནང་དུ་སིནྡྷུ་ར་དང་། དེའི་སྟེང་དུ་ནས་དང་། གྲོ་དང་། སོ་བ་དང་། ཡུངས་ཀར་དང་། རཏྣ་ལ་སོགས་པ་ཚོགས་ཚད། འོལ་མ་སེ། འབྲུ་ལྔ། རྨ་བྱའི་མདོངས། ཁུག་ཆོས། དར་སྣ་ལྔ། ཟ་འོག གཞན་ཡང་རང་གང་འདོད་པའི་རྫས་བླུག གང་དབང་དུ་བྱ་བའི་མིང་རུས་བླ་དྭགས་དང་བཅས་པ་ཤོག་བུ་དམར་པོ་ལ་གསེར་རམ། མཚལ་གྱིས་གཟབ་མ་བྲི། དེར་ཡང་ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་པ་བྲིས་ལ་གཞུག དེ་ནས་གའུ་ཁ་སྦྱར་ལ། རས་སྐུད་དམར་པོས་པདྨ་རིས་སུ་བཅིངས་ལ། དར་ལེ་བརྒན་དང་རས་དམར་པོའི་ན་བཟའ་གསོལ། ཟབ་ཆེན་གྱི་ཁུག་མར་བཅུག་ལ། དེའང་ཕྱིང་བུ་དམར་པོའི་ཁུག་མར་བཅུག་སྟེ་གསང་གནས་སུ་བཅིང་ངོ། །དུས་བཟང་ལ་པཱུ་ཛ་བྱའོ། །ཚོགས་དང་བ་ལིང་གལ་ཆེའོ། །རྣལ་འབྱོར་མ་སྒྲུབ་པ་ཅིག་གིས་བྱའོ། །ཡང་ན་བདེ་མཆོག་ཡི་དམ་དུ་བྱེད་པ་ཅིག་གིས་བྱའོ། །དེ་ལྟར་བྱས་ན་རྟེན་འབྲེལ་གྱི་ཆེ་བས་འབད་མི་དགོས་པར། རྒྱལ་པོ་ལ་སོགས་དབང་དུ་བྱེད། གང་འདོད་རྫས་རྣམས་ཕུན་སུམ་ཚོགས། ཞེས་རྒྱུད་མངོན་པར་འབྱུང་བ་ནས་གསུངས་སོ། །གསང་སྒྲུབ་མཆན་ཁུང་གི་སྦྱོར་བ། ༈ །འགྲོ་བའི་མགོན་པོ་ཕག་མོ་གྲུབ་པའི་ཞལ་གདམས། དཔལ་སྟག་ལུང་པའི་སྒྲུབ་ཐབས་ཕྲ་མོ་སྣ་ཚོགས་པའི་སྐོར་དངོས་གྲུབ་ཀྱི་བུམ་བཟང་ལས། ན་མོ་གུ་རུ། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་བར་བྱ་བའི་ཆེད་དུ། བདག་གིས་བཅོམ་ལྡན་འདས་འོད་དཔག་མེད་བསྒོམ་པར་བྱ་སྙམ་དུ་བསམས་ལ། ངག་ཏུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། རང་འོད་དཔག་མེད་བྱེ་རུའི་མདོག་སྐྱིལ་ཀྲུང་མཉམ་བཞག་གི་
ཕྱག་རྒྱ་ཅན། ཆོས་གོས་ངུར་སྨྲིག་གསོལ་བ། སྨིན་མཚམས་ཀྱི་མཛོད་སྤུ་དོད་པ། དབུའི་གཙུག་ཏོར་གྱེན་དུ་འཕགས་པ། འོད་དཔག་ཏུ་མེད་པ་འཕྲོ་བ། པད་ཟླའི་གདན་ལ་བཞུགས་པ་ཅིག་ཏུ་ཝལ་གྱིས་བསྒོམས་ལ། དེའི་སྙིང་པདྨ་འདབ་མ་བརྒྱད་དུ་ཡོད་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་དཀར་ཅི་ལེ་བ་ཅིག་བསམ། དེའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཅིག་ཡོད་པར་བསམ། རང་གི་ལྕེའི་རྩེ་མོ་ལ་ཧའི་ཕྱེད་ཚལ་ཤར་མའི་ད་ལོག་འདྲ་བ་དམར་ཙེ་རེ་བ་ཅིག་ཡར་ཡོད་པར་བསམ། ངག་ཏུ་ཧྲཱིཿཧྲཱིཿཞེས་བརྗོད་པས། སྙིང་གའི་ཧྲཱིཿལས་ཧྲཱི་དམར་པོ་རྒྱངས་རྒྱངས་ཕྱིར་འཕྲོ་བར་བསམ་ཞིང་བཟླས་པ་བྱ། ཚར་བ་དང་། བདག་གིས་འོད་དཔག་མེད་བསྒོམས་པ་དེས་འགྲོ་བ་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག་བྱའོ། །དེ་ལྟར་བྱས་ན་བློ་རྣོ། སྐད་སྙན། འགྲོ་བ་གཞན་གྱི་ཡིད་དུ་འོང་གསུང་ངོ། །རིན་པོ་ཆེའི་ཞལ་གདམས་བནྡེ་བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད་པའོ།། ༈ །།ན་མོ་གུ་རུ། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་བར་བྱ། དེའི་ཆེད་དུ་བདག་གིས་ཨ་ར་པ་ཙ་ན་བསྒོམ་སྙམ་དུ་བསམས་ལ། ངག་ཏུ་སྭ་བྷཱ་ཝ་བརྗོད་པས་བདག་གི་ལུས་སྟོང་པར་བྱས་ལ། སྟོང་པའི་ངང་ལས་རང་གི་ལུས་སེམས་ཀྱི་ངོ་བོ་ཡི་གེ་དྷཱི་དམར་པོ་གཅིག་ཏུ་གྱུར་པར་བསམས་ལ། རྒྱས་པར་འདོད་ན་དྷཱིཿལ་དམིགས་ལ་ངག་ཏུ་ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་བཟླ། བསྡུས་པར་འདོད་ན་དྷཱིཿདམར་པོ་དེ་ལ་དམིགས་ལ་ངག་ཏུ་དྷཱིཿདྷཱིཿཞེས་ནུས་ཚད་བཟླའོ། །དེ་ལའང་སྲུང་བ་དགོས་པ་ཁྲོ་བོ་མི་གཡོ་བ་བརྐྱང་བསྐུམ་མམ། པུས་བཙུགས་གང་རུང་ལ་སོགས་པའི་ཡི་དམ་ཡོད་ན་དེ་རང་གི་སྙིང་པོ་བཟླ། དེ་མེད་ན་ཁྲོ་བོ་གང་རུང་ཅིག་བསྒོམས་ལ་སྙིང་པོ་འགའ་རེ་བཟླས་ཀྱིན་ཅོ་སྤུ་ཡོད་ན་སྐྲ་དང་། རབ་བྱུང་ཡིན་ན་སྲུང་སྐུད་དམ། སྒྲོག་བུའམ། གང་རུང་གཅིག་གིས་གོ་ཆོད་པས་དེ་ལ་མདུད་པ་རེ་བྱའོ། །མདུད་པ་དེ་ཁྲོ་བོའི་སྐུར་བསམས་ཀྱང་བཏུབ། ལར་རྟེན་འབྲེལ་ཡིན་པས་མདུད་པ་བྱས་པ་རང་གིས་ཆོག གཞན་བསམ་མི་དགོས། དེ་ལྟར་བྱས་ན་ཤེས་རབ་འཕེལ་ལོ། །བླ་མའི་ཞལ་ནས་མདུད་པ་འཕྲོ་འཕྲོ་གྲོལ་བར་འདུག་གསུང་། ཤེས་རབ་འཕེལ་བའི་གདམས་ངག
རིན་པོ་ཆེ་བདེ་བར་གཤེགས་པའི་ཞལ་གདམས་རིན་པོ་ཆེས་ཡི་གེར་བཀོད་པ་རྫོགས་སོ།། ༈ །ན་མོ་གུ་རུ། སེམས་ཅན་ཐམས་ཅད་དུག་གསུམ་གྱི་ནད་ལས་ཐར་ནས། བུདྡྷ་ཐོབ་པར་བྱ་བའི་ཆེད་དུ་སྨན་བླར་བསྒོམ་སྙམ་དུ་བསམས་ལ། ངག་ཏུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བཅོམ་ལྡན་འདས་སྨན་གྱི་བླར་གྱུར་པར་བསམས་ལ། ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་གཅིག་ཡོད་པ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱཻ། གུ་རུ་བཻ་ཌཱུརྻ། པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ། ཨོཾ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ། རཱ་ཛཱ་མ་མུངྒ་ཏེ་སྭཱ་ཧཱ། ཞེས་སམ། བསྡུ་ན། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛཱ་ས་མུཏྒ་ཏེ་སྭཱ་ཧཱ། ཞེས་པས་བསྐོར་བར་བསམས་ལ། ཨོཾ་དང་བཅས་པ་དེ་རྣམས་ལས་འོད་འཕྲོས། འགྲོ་བ་རིགས་དྲུག་ལ་ཕོག དེ་རྣམས་ཀྱི་རྒྱུད་ཀྱི་དུག་གསུམ་གྱི་ནད་དག་པར་བྱས་ནས། ཚུར་འདུས་སྔགས་རྣམས་ལ་ཐིམ་པར་བསམ་ཞིང་བཟླས་པ་བྱའོ། །རྫོགས་སོ། ༈ །ཚེ་སྲིང་བའི་མན་ངག རྗེ་རས་ཆུང་པས་རྒྱ་གར་ཡུལ་དུ་དུས་ཀྱི་འཁོར་ལོ་མཁན་གཅིག་ལ་«་་་་་ལོ་ཙཱ་བ་ལྷ་མཚོ་དར་མ་བྱ་བས་ཁྲིད་ནས། »རྩིས་བྱེད་དུ་བཅུག་པས་བོད་ཀླུའི་བུར་འདུག ཁྱོད་ཀྱང་བློ་རྣོ་ཚེ་ཐུང་ལོ་ལྔ་བཅུ་ཡན་ཆོད་ལས་མི་ཐུབ་པར་འདུག་ཟེར་བས། ཤིན་ཏུ་བྲེད་ནས་བླ་མ་ཏི་པུ་ལ་ཞུས་པས། ག་རེ་ཚེ་སྲིང་བའི་གདམས་པ་ངས་ཀྱང་ཤེས་ཏེ། བླ་མའི་ཕྱི་མོ་རྣལ་འབྱོར་པ་ཀ་བ་བྱ་བ་«་་་་་གྲུབ་པའི་རྒྱལ་མོ་ལོ་སུམ་བརྒྱ་ལོན་པ། »ལྷ་མོ་ཀུ་རུ་ཀུལླེ་ལས་གྲུབ་པ་ཐོབ་པ་མཁའ་འགྲོ་མ་དང་ལབ་དི་རེ་སྨྲ་བ་ཅིག་ཡོད། ཁྱེད་རང་སོང་ལ་གསེར་ཞོ་ཅིག་ཕུལ་ལ་ཞུས་གསུངས་སོ། །གསེར་གཅིག་ཕུལ་ནས་ཞུས་པས། ནངས་པར་སད་མ་ཐག་ཏུ་ཤར་ཕྱོགས་སུ་ལྟོས་ལ། བཅོམ་ལྡན་འདས་མི་འཁྲུགས་པ་དང་། ཚེ་དཔག་མེད་གཅིག་པ་ཡིན། སྐུ་མདོག་དམར་སེར་ཕྱག་ན་ལྷུང་བཟེད་བདུད་རྩིས་གང་བ་ཐོགས་པ་མཉམ་བཞག་མཛད་པ། ཞལ་ནུབ་ཏུ་གཟིགས་པ་ཅིག་བསམས་ལ། བདུན་རྣམ་དག་བྱས་ལ་གསོལ་བ་གདབ་སྟེ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧེ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ། ཅེས་པས་གསོལ་བ་ལན་གསུམ་གདབ། དེ་ནས་རང་གི་སྣ་བུག་གི་རླུང་གང་ནས་རྒྱུ་བ་དེ་ནས་ཕར་
ལ་«་་་་་ལྕགས་ཀྱུ་ལྟ་བུ་སྔོ་ནར་གྱིས། »གཏང་། རླུང་ནི་བུང་བའི་མཆུ་དང་འདྲ། །བདུད་རྩི་མེ་ཏོག་རྩེ་དང་འདྲ། །ཡར་མར་བུང་བས་རྩི་འཐུངས་ལ། །ལུས་ནང་བདུད་རྩིས་གང་བར་བསམ། «ལྷུང་བཟེད་ནས་རང་གི་ཁོང་པ་བདུད་རྩིས་ཁེངས་པས་ཚེ་རིང་བར་གྱུར་སྙམ་དུ་བསམ།» དེ་ནས་ལྷག་མ་མི་དམིགས་ངང་། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། དང་པོ་བརྒྱ་སོགས་ཇེ་མང་ཇེ་མང་བཟླས་པས་ཞག་བདུན་ནས་འཆི་བ་ཡང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །འཇམ་དཔལ་དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ན་ཡང་སྔགས་དེ་བཞུགས། ནངས་མ་རེ་ལ་མཛོད། ཚེ་རིང་བར་ཡིད་ཆེས་པར་གྱིས་གསུངས་སོ། །ཇོ་མོ་བྷཾ་ག་ལ་བྱ་བ་ལོ་སུམ་བརྒྱ་ལོན་པ་དེས། འདི་དང་ལག་སྒུལ་བླ་མ་རས་ཆུང་པ་«་་་་་རས་ཆུང་པས་ཏི་ཕུ་ལའང་ཞུས་ནས་གདམས་ངག་བོད་སྐད་དུ་བསྒྱུར་བའོ།། »ལ་གནང་། བླ་མ་རས་ཆུང་པས་སློབ་དཔོན་མཉེས་སྟོན་པ་ལ་གནང་ངོ། །ཁོ་རང་ཡང་ངས་འདི་མ་ཆགས་པར་ཉམས་སུ་བླངས་ན་རས་ཆུང་པ་ལོ་བརྒྱ་ལོན་བྱ་བ་ཅིག་འོང་བར་གདའ་ཡང་། གསང་སྔགས་ཀྱི་གདམས་ངག་མང་པོ་ཅིག་ཉམས་སུ་ལོན་པས་ད་ཤི་ནའང་བཟོད་སྙམ་རེས་ཆག་པར་བྱས་པས་ཀྱང་ལོ་འདི་ཙམ་དུ་ཐུབ་གསུངས་ཏེ། ལོ་དགུ་བཅུ་རྩ་དྲུག་བཞུགས་སྐད་དོ། །འདི་རས་ཆུང་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུའི་གཞུང་རྩ་བའོ། ༈ །དཔལ་སྟག་ལུང་པའི་མན་ངག་ནད་གདོན་སྲུང་བ་རྡོ་རྗེའི་གོ་ཆའི་བེའུ་བུམ་ལས། ཨོཾ་སྭ་སྟི། རྫོགས་པའི་རིམ་པ་བསྒོམས་པའི་སྲུང་བ་དང་ཕྱིར་ཟློག་ནི། སེམས་བསྐྱེད་དང་བསྔོ་བ་ནི་མེད། རང་ལྷར་བསམས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ནག་བསམ། དེ་ནས་ངག་ཏུ་ཨོཾ་ཞེས་བརྗོད་པས་སྤྱི་བོའི་ཨོཾ་ལས་ཨོཾ་དཀར་པོའི་ཕྲེང་བ་བྱུང་བས་གཡས་སྐོར་དུ་ལུས་ཐམས་ཅད་དཀྲིས། དེ་ནས་ཨཱཿཞེས་བརྗོད་པས་མགྲིན་པའི་ཨཱཿལས་ཨཱཿདམར་པོའི་ཕྲེང་བ་བྱུང་བས་གཡོན་སྐོར་དུ་ལུས་ཐམས་ཅད་དཀྲིས། དེ་ནས་ཧཱུྃ་ཞེས་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་ནག་གི་ཕྲེང་བ་བྱུང་བས་གཡས་སྐོར་དུ་ལུས་ཐམས་ཅད་དཀྲིས་པའི་ཡི་གེ་གསུམ་གྱི་ཕྲེང་བ་སུམ་རིམ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་བར་ཆད་བསལ།
གནོད་པ་ཞི་བར་བསམས་ལ་ཡང་ཡང་དྲན་པ་མ་ཡེངས་པར་ཉིན་ལན་གསུམ་མཚན་ལན་གསུམ་ཙམ་མོ། །བླ་མ་ས་སྐྱ་པའི་གདམས་ངག་གོ། ༈ །ནངས་པར་ལངས་པའི་དུས་སུ། དབུ་མའི་ཡར་རྩེར་ཧཱུྃ་མཐིང་ནག་མགོ་ཕྱིར་བསྟན་པ་ཅིག་བསམ། མར་སྣར་ཡང་དེ་ལྟ་བུ་གཅིག་བསམ། བར་དུ་རྩ་དབུ་མ་ཧཱུྃ་མཐིང་ནག་གིས་གང་བར་བསམས་པས་ཉིན་ཞག་ཕྲུགས་གཅིག་གིས་སྲུང་བར་འགྲོ། ནུབ་མོ་དེ་ལྟར་བྱས་པས་མཚན་གཅིག་གི་སྲུང་བར་འགྲོའོ། །། ༈ །ན་མོ་གུ་རུ། རྣལ་འབྱོར་པ་ལམ་དུ་འཇུག་པའི་ཚེ། བླ་མ་དཔའ་བོ་མཁའ་འགྲོར་གསོལ་བ་གདབ། །རང་ལུས་ལྷར་བསྒོམ་སྤྱི་གཙུག་དམ་པ་བསྒོམ། །སྐུ་མདོག་སྔོ་ཞིང་སྤྱན་གཉིས་དམར་ལ་ཟླུམ། །ཕྱག་གཡས་སྡིག་མཛུབ་ལམ་གྱི་འཇིག་པ་སེལ། །ཨོཾ་ཐ་ར་ནི་ཐ་ར་ནི་མ་ཧཱ་ར་ཐ་ནི་མི་རྒོད་ཆིངས་ཤིག་ཆིངས་ཤིག ཐི་གུའམ་ནི་སྐུད་པ་ལ། །གྲངས་ནི་བརྒྱ་དང་རྩ་བརྒྱད་གདབ། །ཐི་གུ་མདུན་ལ་དེའི་ནང་དུ། །དགྲ་འདྲེ་གདོན་གསུམ་མ་ལུས་པ། །རང་དབང་མེད་པར་ཐུམ་རིལ་བསམ། །འཇིགས་པ་གྲོལ་ནས་མདུད་པ་དགྲོལ། །། ༈ །ན་མོ་གུ་རུ། དུས་ཀྱི་དང་པོ་སྔ་དྲོ་ལ། ལག་མཐིལ་གཡོན་པར་དྲི་ཆུ་ཡི། །སྟེང་དུ་དམར་ནག་རཾ་བསམས་ཏེ། །དེ་ཞུ་བ་ལས་ཧྲཱིཿརུ་བསམ། །དེ་ལས་འོད་འཕྲོས་འགྲོ་དྲུག་གི །ལས་དང་ཉོན་མོངས་བག་ཆགས་སྦྱངས། །སླར་འདུས་ཧྲཱིཿལ་ཐིམ་གྱུར་པས། །ལྷ་མོ་དམར་མོ་ཞལ་གཅིག་མ། །ཕྱག་བཞི་དམར་ཟླུམ་སྤྱན་གསུམ་མ། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཕྱག་གཉིས་དང་པོ་མདའ་དང་གཞུ། །གཡས་ཀྱི་གཉིས་པ་མཆོག་སྦྱིན་ཕྱག །གཡོན་པ་ཨུཏྤལ་སྡོང་བུར་བཅས། །དེ་ཡོངས་གྱུར་པ་བདུད་རྩིར་ཞུ། །འཐུང་དང་ཁྲུས་བྱ་ལྟ་སྟངས་བྱ། །རོ་ཡིས་འགོ་བའི་ནད་ཡམས་གྲོལ། །ལྟ་སྟངས་མིག་གིས་འཇིག་རྟེན་འདུ། །ཟབ་པའི་གདམས་པ་རྩིས་ཅན་ལགས། །། ༈ །དུག་གི་རིགས་འཇོམས་པར་འདོད་ན། རང་དབང་ཕྱུག་ཆེན་པོར་བསྒོམས་ཏེ། སྐུ་ལ་དོམ་གྱི་སྤུ་འདྲ་བ་སྐྱེས་པ། དབུ་ལ་གཡུའི་རྭ་གཉིས་ཡོད་པ། ནམ་མཁའི་ཁམས་ཁྱབ་པར་བསྒོམ། ཨོཾ་ཤྭ་ཁྲི་ཕོ་ཕེང་ཛ་ཛ་ཧ་ཧ་ས། ཞེས་
དྲག་ཏུ་བཟླས་ན་དུག་ཐམས་ཅད་ཞི་བར་བྱེད་དོ། །དུག་སྔགས་འདིའི་དཔེ་བཞུགས་པ་ཡང་གྲོང་ཁྱེར་ཙམ་ལ་དུག་མི་ཡོང་བའི་བཤད་པ་ཡོད་གསུང་། དེ་བདེན་མིན་རེ་ལྕག་འཇག་བཀས་པའི་ཚལ་པ་ལ་ཐོབ་ལ་ཆོད་དང་གསུང་ངོ། །། ༈ །བླ་མ་ཨ་བྷ་ཡ་ལ་བླ་མ་དཔལ་གྱིས་དུར་ཁྲོད་དུ་འགྲོ་བར་ཞུས་པ་ལ། བླ་མའི་ཞལ་ནས་དུར་ཁྲོད་དུ་མ་འགྲོ། མཁའ་འགྲོ་མ་མངོན་སུམ་དུ་འོངས་ནས་སྲོག་འཕྲོག་པ་ཡང་ཡོད། ཅེ་སྤྱང་དུ་སྤྲུལ་ནས་སྲོག་འཕྲོག་པ་ཡང་ཡོད། ནད་ཡམས་མ་རུངས་པ་བཏང་ནས་སྲོག་འཕྲོག་པ་ཡང་ཡོད་པས་དེར་མ་འགྲོ་གསུང་། ཅིས་ཀྱང་འགྲོ་བར་ཞུས་པ་ལས། འོ་ན་འདི་ལྟར་གྱིས་གསུངས་ནས་གནང་བ་ཡིན། འདི་བྱེད་པའི་ཐབས་ནི། ལག་པ་གཡོན་པའི་མཐེ་བོང་གིས་སྙིང་དཀར་ནག་མཚམས་སུ་མནན་ནས་སྲིན་ལག་སྣ་བུག་གཡོན་དུ་བཅུག་ནས་སྔགས་འདི་བཟླའོ། །རཱ་ག་ཛ་ཌཿ རཱ་ག་ཏ་པ་ཊཿ རཱ་ག་ཏ་མ་གུ་ཊཿ དྷ་རི་ཎིཿ མཐེ་བོང་མ་བསྒུལ་ནས་སྲིན་ལག་ལྟེ་ཁུང་དུ་བཅུག་ལ་སྔགས་འདི་བཟླའོ། །ཨུ་ལ་ཊིཿ བྷེ་དྷ་ལ་ཊི། ཧེ་ཡ་ཙུ་ཀཿ ཏི་ཙ་བྷ་ཝ་མོ་ཧ་ཀཿ མེ་ཝ་སིཿ ཏོ་ཧ་ཀ་གྷ་ཝཿ ཡར་གསུམ་མར་གསུམ་གདབ་བོ། །འདིས་མི་དང་མི་མ་ཡིན་པའི་འཇིགས་པ་ཐམས་ཅད་ལས་བསྲུང་། ཁྱད་པར་མི་མ་ཡིན་པའི་འཇིགས་པ་ལས་བསྲུང་། ནངས་པར་བྱས་པས་ཉིན་ཐུབ། དགོང་མོ་བྱས་པས་མཚན་ཐུབ་གསུང་ངོ། །རིན་པོ་ཆེའི་ཞལ་ནས། རི་ཁྲོད་འགྲིམ་པ་ལ་ཆོས་འདི་བཞི་དང་ལྡན་དགོས། ཆོས་རྒྱུད་ལ་ཐེབས་པ། མན་ངག་ལ་རང་བྱན་ཚུད་པ། དད་པས་ཁམས་སོས་པ། གཞན་གྱི་བར་ཆད་ཕྲ་མོ་སེལ་ནུས་པའོ། །རང་རི་ཁྲོད་དང་དུར་ཁྲོད་ལ་སོགས་པ་ན་འདུག་པའི་དུས་སུ་འཇིགས་པ་བྱུང་བ་ན་བར་ཆད་འབྱུང་། དེ་ལ་རྒྱལ་པོ་བསོད་ནམས་ཅན་གཅིག་དང་དམག་ལྔ་བཅུའམ། རྣལ་འབྱོར་པ་སེམས་ལ་དབང་ཐོབ་པ་གང་དུ་ཡོད་ཀྱང་འཇིགས་པ་མི་འབྱུང་། དེ་ལྟ་བུ་མིན་ན་བར་ཆད་མི་འབྱུང་བར་བྱ་བ་ནི། རང་ཇོ་བོ་སྤྱན་རས་གཟིགས་སུ་བསྒོམ། དེའི་ཐུགས་ཀར་ཡི་གེ་ཧྲཱིཿགཅིག་བསམ། དེ་ལས་འོད་ཟེར་འཕྲོས། གང་འཇིགས་པ་ལ་སོགས་པ་ལ་ཕོག དེ་རྣམས་ཧྲཱིཿལ་བསྡུས་ལ་དེའི་
ངང་ལ་བཞག དེ་ལྟར་བྱས་ཀྱང་མ་ཕན་ན་གཅེར་བུར་བྱས་པ་ལ་བང་བརྒྱུག་ཅིང་མཆོང་བ་ལ་སོགས་པ་བྱ། དེས་མི་འཇིགས་པ་ཡིན་ན་ཡང་རྭ་དུང་ཁ་ལ་ཊ་ལོག་ཉེར་གཅིག་བྲིས་པ་བུས་ན་གཅན་གཟན་ལ་སོགས་པའི་ཉེས་པ་མི་འབྱུང་གསུང་། །། ༈ །ན་མོ་གུ་རུ། འཇིགས་སར་འགྲོ་ན་ཤིང་བུ་སོར་དྲུག་པའམ། བརྒྱད་པ་གཅིག་ལ་སྔགས་ཚར་བདུན་བཏབ་ལ་རང་གི་རྣ་ལྟག་གཡས་པ་ལ་བཀལ་ལ་འགྲོ། འཇིགས་པ་མེད་པའི་སར་ཕྱིན་པ་དང་། བཛྲ་པུཥྤེ་ཧཱུྃ་ཞེས་བརྗོད་ལ་ཤིང་བུ་དཀོན་མཆོག་ལ་དབུལ། བར་དེར་ཤིང་བུ་བོར་ན་གཞན་ཅིག་ལ་སྔར་བཞིན་བྱས་པས་ཆོག་གསུང་། དེ་ལ་སྔགས་ནི། ཨེ་ལེ་བྷེ་ལི་ཙོ་ལི་ཙོ་ར་བྷ་ཝ་མ་ཧཱ་བྷ་ལི་སྭཱ་ཧཱ། རིན་པོ་ཆེའི་ཞལ་ནས་གསུངས་པའི་ལམ་སྲུང་ལགས་སོ། ༈ །སྲུང་སྐུད་ཞལ་གདམས་བཞུགས། དང་པོ་བལ་གཙང་མ་ནག་ནོག་མེད་པ་ཁྱེའུ་འམ་བུ་མོ་གཙང་མ་གྲོང་པའི་ཆོས་ཀྱིས་མ་གོས་པ་ལ་འཁལ་དུ་བཅུག་སྟེ། སུམ་སྒྲིལ་བྱས་ལ་དེ་ནས་རྟེན་འབྲེལ་སྙིང་པོའི་ཆོ་ག་ཞིབ་མོ་ནས་འབྱུང་བའི་སྦྱོར་བ་གསུམ་སྔོན་དུ་བཏང་སྟེ། དང་པོ་སངས་རྒྱས་ཀྱི་ཡོན་ཏན་བསམ། དེ་ནས་རྒྱུ་རྐྱེན་ཚོགས་ན་འབྲས་བུ་འབྱུང་། མ་ཚོགས་ན་མི་འབྱུང་བས། བདག་གི་སྦྱོར་བ་འདིས་བྱ་བ་འགྲུབ་ངེས་སྙམ་དུ་བསམ། དེ་ནས་ཕྱག་འཚལ་རྣམས་བརྗོད། དེ་ནས་རང་གི་སྤྱི་བོར་བྱང་ཆུབ་ཆེན་པོ་མེའི་ཁམས་ལ་སྙོམས་པར་ཞུགས་པར་བསམ། ལག་པའི་མཐིལ་དུ་ཟླ་བའི་སྟེང་དུ་རྟེན་འབྲེལ་གྱི་ཡི་གེ་རྣམས་བསམས་ལ། དེ་དག་ལས་འོད་ཟེར་བྱུང་བས་བསྒྲུབ་བྱའི་ནད་དང་། གནོད་པ་དང་། བར་དུ་གཅོད་པ་ཐམས་ཅད་བཀུག་ནས་མདུད་པའི་ནང་དུ་འུབ་འུབ་བསྡམས་པར་བསམ་ཞིང་། ན་མོ་རཏྣ་ཏྲ་ཡཱ་ཡ་ཨོཾ་ཡེ་དྷརྨཱཿནས། ཤྲ་མ་ཎ་ཆེ་གེ་མོ་ལ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ཤིང་མདུད་པ་རེ་རེ་དོར། མདུད་པ་ཚར་བ་དང་སྲུང་སྐུད་རྣམས་ཟངས་གཞོང་ལ་སོགས་པའི་ནང་དུ་བཞག་སྟེ། དེ་ཟླ་བའི་སྟེང་དུ་རྟེན་འབྲེལ་གྱི་ཡིག་འབྲུ་རྣམས་བསམས་ལ། རྟེན་འབྲེལ་མིང་སྤེལ་དང་བཅས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླ། དེ་ནས་མེ་ཏོག་གཏོར་ལ་གསོལ་བ་གདབ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ནུས་མཐུ་བསམ་གྱིས་མི་ཁྱབ་པས་ཆེ་གེ་མོའི་ནད་དང་།
གནོད་པ་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་ལན་གསུམ་མོ། །དེ་ནས་བསྒྲུབ་བྱ་ལ་གདགས་ཤིང་། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཅན་གྱི་སྨན་རྣམས་ལ་ཕྱག་འཚལ་ལོ། །ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །འདི་འཆང་བ་པོ་ལ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་མཛད་དུ་གསོལ། ཞེས་བརྗོད། ཡེ་དྷརྨཱཿབཟླས་པས་མེ་ཏོག་འཐོར་རོ། །། མཁས་པའི་མཆོག་གྱུར་པཎྜི་ཏ། །དཀའ་སྤྱད་ཚུལ་གྱིས་གྲུབ་པ་བརྙེས། །ཡིད་བཞིན་ནོར་བུ་སངས་རྒྱས་སྲས། །མཉམ་མེད་ནཱ་རོའི་སྐུ་ལ་འདུད། །མཁའ་འགྲོ་གསུམ་གྱི་ཇག་ཆིངས་འདི་ལ་དོན་ལྔ་སྟེ། དང་པོ་ནི། དཔལ་ནཱ་རོ་པ་སྤྱིར་མཆོག་ཐུན་མོང་གི་དངོས་གྲུབ་མཐར་ཐུག་པ་བརྙེས་ནས་སྣང་བ་དབང་དུ་འདུས་པ་ཅིག་ལགས་ཀྱང་། གནས་སྐབས་སུ་འགྲོ་བ་རེངས་པ་དང་། དགུག་པ་ལ་སོགས་པ་ལྟ་སྟངས་ཀྱིས་མཛད་དོ། །དེས་ཐུགས་ཀྱི་སྲས་སྒྲ་སྒྱུར་བླ་མ་ལོ་ཙཱ་བ་ལ་གནང་། དེས་འཛམ་གླིང་ཡོངས་གྲགས་ཉིད་ལ། དེས་དྭགས་པོ་རིན་པོ་ཆེ་ལ། དེས་བླ་མ་ཆེན་པོ་སློང་བ་ལ་གནང་ངོ། །བླ་མ་ཆེན་པོ་དེས་བལ་བོད་གཉིས་ཀྱི་བར་དུ་ཚོང་པ་ལ་སོགས་པ་ཁྲོམ་ཁྲི་ཚོ་རེ་རེ་བ་ཐེངས་གསུམ་སྐྱེལ་མ་བྱས། ཙཽ་ར་བ་ཐམས་ཅད་རེངས་བར་མཛད་གསུང་། དེས་ལས་གསལ་སྟོང་པ་རས་ཆུང་པས་ཞུས། དེས་བདག་ལ་གནང་བའོ། །གཉིས་པ་ལྷ་བསྒོམ་སྟེ། ནངས་པར་སེམས་བསྐྱེད་བྱ། དེ་ནས་མདུན་གྱི་ནམ་མཁར་སྒྲོལ་མ་བསྒོམ། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མར་བསྒོམ། གཏོར་མ་དབུལ། གསོལ་བ་མང་དུ་གདབ་བོ། །གསུམ་པ་རྫས་ནི། རྡེའུ་དཀར་ནག་གཉིས། ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་
གནས་དང་རྣམ་པ་གསུམ་མོ། །བཞི་པ་ནི། གོམ་པ་འདོར་བའི་དུས་མ་འཛོལ་བར་དགོས་ཏེ། རླུང་གཡས་ནས་རྒྱུ་ན་གཡས་འདོར། གཡོན་ནས་རྒྱུ་ན་གཡོན་འདོར་བ་དང་། དེའི་དུས་སུ་རླུང་ནང་དུ་རྔུབས་ནས། དམིགས་པ་གཡས་གཡོན་གྱི་འཁྲུལ་འཁོར་དང་བཅས་པས་དགྲ་བགེགས་ཨེའི་ནང་དུ་བླུགས་ལ། དེ་མདུད་ནས་སྐ་རགས་ཀྱི་གསེབ་ཏུ་གཞུག་གོ །དོན་ལྔ་པ་ནི། ཇག་པ་བྱུང་བའི་དུས་སུ་སྔགས་རབ་བརྒྱ་རྩ་བརྒྱད། འབྲིང་ཉེར་གཅིག ཐ་མ་བདུན་བཟླའོ། །སྔགས་ནི། ཏྲག་སོད། ཏྲིག་མྱོས། ཤད་དེ་ཤད་དེ། བི་ཤད་དེ་བི་ཤད་དེ་སྭཱ་ཧཱ། ཞེས་བཟླའོ། །གདམས་པ་ཐུན་མོང་མ་ཡིན་པ་རྫོགས་སོ། །ཨོཾ་མ་ཎི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་སཱ་རེ་སྭཱ་ཧཱ། ཆང་ལ་བྱེད་ན་ནས་དང་ཕབས་ལ་བསྔགས་སོ། །ཞོ་ལ་བྱེད་ན་ཡུངས་ཀར་ལ་བསྔགས་སོ། །ཉི་ཤུ་རྩ་གཅིག་རེ་གདབ་ཟབ་བོ། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རང་གཞན་གྱི་སྲུང་སྐུད་བྱེད་པར་འདོད་པས། རྒྱུ་རས་སམ། དར་རམ། བལ་གཙང་མ་ལ་བྱ། ལྔ་སྒྲིལ་ལམ། སུམ་སྒྲིལ་དུ་བཀལ། དེ་ནས་རང་ཡི་དམ་གྱི་ལྷར་བསྒོམ། བྱང་ཆུབ་ཀྱི་སེམས་བསྒོམ། སྲུང་སྐུད་ལག་ཏུ་བླངས་ལ་སྭ་བྷཱ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་རང་གི་ཡི་དམ་གྱི་ས་བོན་བསམ། ས་བོན་ཞུ་བས་ཡི་དམ་དུ་ཝལ་གྱིས་བསྐྱེད། དེ་ནས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་མཁའ་འགྲོ་ཡི་དམ་ལྷ་ཚོགས། ཆོས་སྐྱོང་སྲུང་མ་རྣམས་སྤྱན་དྲངས་ལ་ཡིད་ཀྱིས་མཆོད་པས་མཆོད། རང་གཞན་གྱི་བར་ཆད་ཞི་བར་མཛད་དུ་གསོལ་བྱ་བའི་གསོལ་བ་གདབ། དེ་ནས་སྲུང་སྐུད་ཡི་དམ་དུ་གྱུར་པ་དེ་རྣམས་ཞུ་བས་འོད་དཀར་པོའི་སྲུང་སྐུད་དུ་བསམ། དེ་ལ་ཡི་དམ་གྱི་སྙིང་པོ་བཟླས་ཤིང་མདུད་པ་གཅིག་གམ། གསུམ་མམ། བདུན་ལ་སོགས་པ་ཟུང་མ་ཐེམ་པ་བྱ། དེ་རྣམས་ཧཱུྃ་དཀར་པོ་རེ་རེར་བསམ། ཡང་ན་རང་གི་སྔར་གྱི་ཡི་དམ་གྱི་ས་བོན་དུ་བསམ། དེ་གཉིས་འདྲ། སྲུང་སྐུད་དེ་ཡུན་རིང་དུ་བསྒྲུབས་ན་སྔགས་མང་དུ་བཟླ། གློ་བུར་དུ་བྱེད་ན་བརྒྱ་རྩ་བརྒྱད་ནས་བདུན་ཡན་ཆད་བཟླས་ལ་གདགས་སོ། །བླ་མ་ཤངས་པས་
དྭགས་པོ་ཅན་གྱི་ཡོན་བདག་ཕྱུག་ཕྲུག་བུ་གཅིག་པ་ཅིག་ལ་སྲུང་སྐུད་དུ་བཏགས་པ། དོ་གཅིག་མདའ་ལ་ཤི་བས། བུའི་ཕ་ཡིད་མ་ཆེས། དེར་བླ་མའི་ཞལ་ནས་ཚེ་ཟད་པ་ཡིན། སྲུང་སྐུད་མེར་སྲེགས་དང་གསུངས་ནས། བསྲེགས་པས་མ་ཚིག་པས་སླར་དད་པར་གྱུར་ཏོ། །། དེ་ལྟར་འགྲོ་བའི་མགོན་པོ་ཕག་མོ་གྲུ་པ་གཙོ་བོར་གྱུར་པའི་བླ་མའི་ཞལ་གདམས། དཔལ་སྟག་ལུང་ཐང་པ་ཆེན་པོ་བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད་པའི་གདམས་ངག་སྣ་ཚོགས་པའི་བེའུ་བུམ་«་་་་་ལུང་དང་ལག་ལེན་ཅན། »ནས་ཉེར་མཁོ་འགའ་ཞིག་ཁོལ་དུ་བྱུང་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ་མགོན་དཀར་ཡིད་བཞིན་ནོར་བུའི་སྐོར་ཚང་བར།
དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ་མགོན་དཀར་ཡིད་བཞིན་ནོར་བུའི་སྐོར་ཚང་བར་བཞུགས་སོ།།
བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ལ་བརྒྱུད་པ་རིན་ཆེན་སྣ་བདུན་དུ་གྲགས་པའི་བརྒྱུད་པ་གསུམ་པ་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ཚུལ་ཁྲིམས་མགོན་པོའམ་ཤངས་པ་གདུ་བུ་པ་ཞེས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པའི་སྐྱེས་བུ་ཆེན་པོ་དེ་ལ། གྲུབ་ཐོབ་རཱ་ཧུ་ལ་གུཔྟ་བཛྲ་གྱིས་བོད་ཡུལ་དབུས་ཀྱི་འཕན་ཡུལ་འཇོག་པོ་རིར་ཆོས་སྒོ་སྐྱེལ་དུ་བྱོན་པའི་ཤངས་པའི་གསེར་ཆོས་མགོན་དཀར་བཀའ་རྒྱ་མའི་སྐོར། རང་གིས་མོས་པ་དང་ཇི་ལྟར་རྙེད་པ་དཀར་ཆག་ཏུ་བཏབ་སྟེ་བསྒྲིགས་པ་འདི་ལྟ་སྟེ། ཐོག་མར་ལུགས་འདི་རྒྱུད་གང་ལ་བརྟེན་ནས་མགོན་པོ་ཁྲོས་པའི་རྒྱུད་ལེའུ་བརྒྱད་པ་ལ་བརྟེན་པར་གསུངས་ཤིང་། ལུགས་འདིར་རྒྱ་གཞུང་ལྷ་བུའི་སྙན་བརྒྱུད་ཡི་གེ། ཁྱུང་པོ་རྣལ་འབྱོར་པས་མཛད་པའི་སྒྲུབ་ཐབས། བསྟོད་པ་བྱིན་རླབས་ཅན། མགོན་པོའི་ལོ་རྒྱུས། གཏོར་ཆོག མཆོད་འབུལ། སྐོང་བ། རྗེས་གནང་གི་ཡི་གེ་རྙིང་པ་མཎྜལ་གཏོར་མའི་ཞལ་གདངས་ཅུང་ཟད་དང་བཅས་པ། ལས་ཚོགས་ཐུན་
མོང་མ་ཡིན་པ། གཏེར་བུམ་བཅའ་ཐབས། དབང་སྡུད་འཁོར་ལོ། སྦྱིན་སྲེག ཡང་བུམ་པའི་ཞལ་གདམས་རྒྱས་པ། བསྟོད་པ། རབ་གནས་ཀྱི་ཞལ་གདམས་ཏེ། དེ་རྣམས་ཡི་གེ་རྙིང་པའི་སྐོར་རོ། །ཡི་གེ་ཕྱི་མ་གྲུབ་མཆོག་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་སྒྲུབ་ཐབས། འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གིས་མཛད་པའི་སྒྲུབ་ཐབས་རྗེས་གནང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་རྗེས་གནང་། བདག་གིས་བྲིས་པའི་སྒྲུབ་ཐབས། སྦྱིན་སྲེག འདོད་དོན་གསོལ་གདབ། བརྒྱུད་འདེབས་རྣམས་དང་། བརྒྱུད་པ་འདིའི་གསོལ་འདེབས་བྱིན་རླབས་ཆེ་ཤོས་ན་མོ་བུདྡྷའི་གསོལ་འདེབས་རྣམས་བཞུགས་སོ། ༈ །བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དགོས་འདོད་འབྱུང་བའི་གདམས་ངག་དབང་གི་རྒྱལ་པོ་བཞུགས་སོ། །མྱུར་མཛད་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དགོས་འདོད་འབྱུང་བའི་གདམས་ངག་དབང་གི་རྒྱལ་པོ། དངོས་གྲུབ་མ་ལུས་པ་འབྱུང་བའི་བདག་ཉིད་རིན་པོ་ཆེ་འདི་ལ་དོན་བཞི་སྟེ།
ལོ་རྒྱུས་དང་། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དེ་ལ་འདིའི་ལོ་རྒྱུས་རྒྱས་པ་ཆེ་བར་གསལ་ལ། བསྡུས་དོན་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རཱ་ཧུ་ལ་གུཔྟ་བཛྲ་གྱིས་བདག་ཁྱུང་པོ་རྣལ་འབྱོར་ལ་བརྩེ་བ་ཆེན་པོས་དགོངས་ནས། རྒྱ་གར་ནས་ཡུལ་དབུས་སུ་སྐྱེལ་དུ་བྱོན་པའི་གདམས་པའོ། །འདིའི་སྦྱོར་བ་ལ་གསུམ་ལས། དང་པོ་བླ་མ་མགོན་པོ་དབྱེར་མེད་ལ་སོགས་པའི་དབང་ཞུ། རྒྱུད་སྨིན་པར་བྱེད་པའི་བླ་མ་དངོས་ལ་གསོལ་བ་ལོ་ཟླའི་བར་དུ་གདབ། གཉིས་པ་འདི་རང་གི་བཀའ་ཞུ། ཚོགས་དང་གཏོར་མ་དབུལ་ལོ། །གསུམ་པ་རིན་པོ་ཆེ་བསམ་འཕེལ་འདིའི་རྫས་བསགས་པ་ནི། བྲིས་སྐུ་བཞེངས་ལ་རབ་གནས་གཞུང་བཞིན་བྱ། མཎྜལ་མདའ་གང་ལ་དྲི་བཟང་གིས་ཆག་ཆག་གདབ། འབྲི་ལུགས་ནི། དབུས་ལྟེ་བ་དཀར། པདྨ་འདབ་བཞི་ཕྱོགས་ཚོན། དེ་ཕན་ཆད་དཀྱིལ་འཁོར་སྤྱི་དང་མཐུན། བྲིས་སྐུ་བཞེངས་པ་ནི། འདིའི་གཞུང་ལྟར་བཞེངས་པའི་སྐྱ་ཞལ་གྱི་གསེབ་ཏུ། གྲི་ཁྲག སིནྡྷུ་ར། བླ་མ་བཟང་པོའི་གདུང་། རིན་པོ་ཆེ་སྣ་ཚོགས་བསགས་པ་སྐར་མ་རྒྱལ་ལ་བྱུག དེའི་སྟེང་དུ་རྩ་སྔགས་སྟོང་ལ་སོགས་པ་བགྲངས་ལ་ནུས་པ་ཅན་གྱི་བདུད་རྩི་ལྔ་དང་སྦྱར་ལ། དེའི་སྟེང་དུ་རྩ་སྔགས་སིདྡྷི་མ་ཤོང་ཚད་བྲི། ལྷ་བཟོ་དབང་པོ་ཚང་བ། ཕྱུག་པ། སྡོམ་པ་དང་ལྡན་པ་ཞིག་གིས་ཁ་བྱང་དུ་བལྟས་ལ་བྲིའོ། །དེའི་ཉིན་བར་དངོས་གྲུབ་འབྱུང་བའི་གནད། རིག་མ་མཚན་ལྡན་ཅིག་བཙལ་ལ་ཟས་སྣ་ཚོགས་ཀྱི་སྟོན་མོ་བྱའོ། །རབ་གནས་སྤྱི་དང་མཐུན་ལ། དངོས་གྲུབ་སྩོལ་བར་གསོལ་བ་ཡུན་རིང་དུ་འདེབས་ཤིང་། ཡེ་ཤེས་པ་དགུག་གཞུག་བརྒྱ་རྩ་ལ་སོགས་པ་གནད་ཡིན་ཏེ་བླ་མའི་ཞལ་ལས་ཤེས་སོ།«་་་་་ཡིད་བཞིན་ནོར་བུའི་རབ་གནས་དང་རབ་གནས་བཀའ་རྒྱ་མ་བྱེད་པ་ཡིན། »།དངོས་གཞི་ནི། གནས་མཚན་ཉིད་དང་ལྡན་པར་ཆས་ཀ་རྣམས་ལེགས་པར་བསགས་ཏེ། སྟན་བདེ་བ་ལ་འདུག སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་
མཐུན་པར་བྱའོ། །ཁྱད་པར་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་དང་བྲལ་བར་བྱ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱ་སྙམ་དུ་བསམ་པ་ཞེ་ཐག་པ་ནས། ཁ་ཙམ་ཚིག་ཙམ་མ་ཡིན་པ་བྱ། དེ་ནས་རང་གི་སྙིང་གི་དཀྱིལ་དུ་ཐེག་ལེ་དམར་པོ་རྒྱ་སྲན་ཙམ་ཞིག་བསྒོམ། དེའི་དཀྱིལ་འཁོར་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་ཞིག་བསྒོམ། དེ་གཉིས་ལས་འོད་འཕྲོས་པས་དོན་གཉིས་བྱས། ཚུར་འདུས་པས་ཐིག་ལེ་ཧཱུྃ་དང་བཅས་པ་འོད་ཟེར་གྱི་རང་བཞིན་དཔག་ཏུ་མེད་པ་འཕྲོ་བ་ཞིག་བསྒོམ། དེ་ལ་སེམས་གཏད་དེ་བསྒོམས་པས་དེ་གཉིས་ཁྲུག་གིས་འདྲེས་པ་ལས།«་་་་་ཐིག་ལེ་དང་ཧཱུྃ་གཉིས་སྐབས་འདིར་གཞལ་ཡས་ཁང་བསྐྱེད་པ་ཡིན་གསུངས། »རང་གི་མདུན་དུ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་བཞད་ལ་སྤྱན་གསུམ་པ། ཕྱག་དྲུག་པ་གཡས་ཀྱི་དང་པོས་གྲི་གུག་འཕྱར་བ། གཉིས་པས་ནོར་བུ་བསམ་འཕེལ་བསྣམས་པ། གསུམ་པ་ན་ཌ་མ་རུ། གཡོན་གྱི་དང་པོས་ཐོད་པ་ན་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་«་་་་་བུམ་པ་བདུད་རྩི་དང་ནོར་བུས་གང་ནས་ལྷུད་ལྷུད་ཡོད་པར་བསམ། »གང་བ་བརླ་གཡོན་པ་ལ་བརྟེན་ནས་འཛིན་པ། བར་པས་རྩེ་གསུམ། ཐམས་ཅད་ཞགས་པ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྨད་རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་པས་མཛེས་པའོ། །ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་འབྱོན་པ་འདྲ་བ། འགྲོ་འཕྲོ་ལ་བཞུགས་པ་འདྲ་བའི་འོག་ན་ཚོགས་བདག་གཉིས་མནན་ཏེ། ཁ་དང་བཤང་སྒོ་ཐམས་ཅད་ནས་ནོར་བུ་ལྷུག་ལྷུག་སྐྱུགས་པ་ཡོད་པ་གཉིས་བསྐྱེད། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དགོས་འདོད་འབྱུང་བ། ཞལ་འཛུམ་མེ་བ་ཞིག་བསྒོམ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་དམར་མོ། ཞལ་གཅིག་ཕྱག་གཉིས་མ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ།
ཕྱག་གཡས་པས་ལྕགས་ཀྱུ་གཡོན་པས་ཐོད་པ་བསྣམས་པ། ཞབས་གར་སྟབས་སུ་ལིང་ངེ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། ཁམས་གསུམ་དབང་དུ་སྡུད་པ་ཞིག་བསྐྱེད། དེའི་སྙིང་གར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ་ཅིག་བསྐྱེད། དེ་ལས་འོད་ཟེར་འཕྲོས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མགོན་པོ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དགུག ཨརྒྷཾ་ལ་སོགས་པ་ཕྱི་མཆོད་ལྔ་དབུལ། ནང་མཆོད། སྤོས་སྦྱོར། ཡིད་སྤྲུལ་གང་རུང་དབུལ། སྐབས་འདིར་ན་མོ་བུདྡྷའི་གསོལ་འདེབས་བྱེད། བསྙེན་པའི་དུས་སུ་ཐིག་ལེ་དེ་ལ་རྩ་སྔགས་«་་་་་ཀྱི་སྙིང་གའི་ཆོས་ཉིད་ཐིག་ལེ་དམར་པོའི་མཐར་རྩ་སྔགས་བྱེ་རུའི་ཕྲེང་བ་ལྟ་བུ་དམར་ཧྲམ་མེ་བ། མདུན་ནས་བརྩམས་ཏེ་གཡས་སྐོར་དུ་འཁོར་བ་དེ་ལས་འོད་ཟེར་དམར་ཞིང་རྣོ་བ། ལྕགས་ཀྱུའི་དབྱིབས་ཅན་དཔག་མེད་འཕྲོས། སྲིད་ཞིའི་དགེ་ལེགས་ཐམས་ཅད་རང་དབང་མེད་པར་བསྡུས་ནས་ཐིག་ལེ་ལ་ཐིམ་པར་བསམ། ཡང་འོད་ཟེར་དམར་པོ་ཚ་ཞིང་རྣོ་བ་འཕྲོས། འཁོར་གྱི་མཁའ་འགྲོ་ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས། དེའི་རྒྱུད་དབང་མེད་དུ་བསྐུལ་ནས། སྲིད་གསུམ་གྱི་དངོས་གྲུབ་ཧྲིལ་གྱིས་བསྡུས་ནས་རང་ཉིད་ཀྱི་དྲུང་དུ་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་བར་བསམ་མོ། །ཆོས་འབྱུང་དཀར་ལ་མེ་རི་དམར་པོའི་དབུས། པདྨ་དཀར་གདན་འོད་སྟོང་དམར་པོའི་སྟེང་། གངས་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། །ཁྱོད་ལ་རྣམ་དཀར་དད་པས་ཕྱག་འཚལ་ལོ། ཁྱད་པར་དུ་རྒྱལ་པོ། ཕྱུག་པོ། དྲག་རྒུ། ཆེ་རྒུ། སྐྱེས་པ་བུད་མེད་ལ་སོགས་པའི་མི་ཐམས་ཅད་ཀྱི་སྙིང་དུ་འོད་ཟེར་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་རིག་པ་དང་བཅས་པ་ཞུགས། མི་ཐམས་ཅད་ཀྱི་ཤེས་པ་རང་དབང་མེད་པར་བསྐུལ། དེ་དག་གི་དབང་དུ་འུབས་ཀྱིས་འདུས་པར་བསམ། དེ་ཡང་ཁྱད་པར་དུ་གང་དབང་དུ་བསྡུ་བར་འདོད་པ་དེའི་སྙིང་གི་དཀྱིལ་དུ་མི་དེའི་རྣམ་ཤེས་ནི་ལྗང་གུ་ཉ་མིག་ཙམ་ཞིག་ཡོད་པ་དེ། མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བྱས་པར་བསམ་མོ། །མཁའ་འགྲོ་གནོད་སྦྱིན་ལ་བརྟེན་པའི་ཟབ་ཁྱད་དོ། །གཞན་གུད་དུ་ཤེས། »ཀྱིས་གཡས་ཕྱོགས་ནས་བསྐོར་བར་བསམ། བསྙེན་སྔགས་ཆུ་བོའི་རྒྱུན་བཞིན་
འབུམ་ཕྲག་གསུམ་སྔགས་གཞན་དང་མི་བསྲེ་བར་བཟླའོ། །སྔགས་ནི་འདིའོ། །གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ«་་་་་བླ་མ་ནག་པོ་ཆེན་པོ་དང་མཁའ་འགྲོ་སྡེ་བཞིའི་དངོས་གྲུབ་སྩོལ། ཞེས་པར་འགྱུར་རོ།།» ཡིག་འབྲུ་བཅུ་གསུམ་གནས། གི་གུ་བཞི། ཞབས་ཀྱུ་གཉིས། ཁམས་གསུམ་དབང་སྡུད་ཀྱི་སྙིང་པོའོ། །རྟགས་ནི། བླ་མ་དངོས་སུ་བྱོན་པ་དང་། རིག་མ་མཚན་ལྡན་གྱི་དངོས་གྲུབ་སྟེར་བ་དང་། མགོན་པོའི་ཞལ་མཐོང་བ། ཁམས་གསུམ་གྱི་སེམས་ཅན་ལ་དབང་བསྐུར་བ་ལ་སོགས་པ་རྨི་ལམ་དང་ཉམས་སྣང་དང་མངོན་སུམ་དུ་འབྱུང་། དེ་རྟགས་བྱུང་ནས་གྲུབ་པ་ཐོབ་པ་ཡིན་པས། ཡོན་ཏན་ལ་ཚེ་རིང་ནད་མེད། རྨི་ལམ་ཟིན། མི་ནོར་ཟས་གསུམ་འཕེལ་ཞིང་ཁམས་གསུམ་དབང་དུ་འདུ། བར་དོ་མེད་པར་སངས་རྒྱས་མངོན་སུམ་དུ་འབྱུང་ངོ། །བཅོམ་ལྡན་འདས་ལ་གཏོར་མ་འབུལ་བ་ནི། ཟུར་གསུམ་ཁྲུ་གང་བ། ཤ་ལྔའི་རྒྱན་དང་། ཟས་སྣ་ཚོགས་འབྱོར་ཚད་བསགས་ལ་གཏོར་མའི་སྣོད་ཁེངས་པར་བཤམས་ལ་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སོ། །དེ་ལ་བྲིས་སྐུ་གཟུག་གོ །གཡས་སུ་མཁའ་འགྲོ་སྤྱི་གཏོར། རྒྱབ་ཏུ་གནོད་སྦྱིན་གྱི་གཏོར་མ། གཡོན་དུ་གཞི་བདག་གཏོར་མ། མདུན་དུ་མཆོད་པ་རྣམ་ལྔ་ཅི་འབྱོར་པ་བཤམ། གནད་གཅིག་ལ་འདིའི་ལུང་ཞུ་བ་དང་། བཅའ་ག་བྱེད་དུས་ཟས་སྣ་བསགས་ལ་ཚོགས་འཁོར་བྱེད་པ་གལ་ཆེ། འདི་ཞུ་བའི་བླ་མ་དེ་ལ་ཕྱག་རྟེན་གང་ཕུལ་བ་དེ་དངོས་གྲུབ་ཀྱི་ཐོག་མར་འབྱུང་། དེ་ལྟ་མ་ཡིན་ན་དངོས་གྲུབ་ཡལ། ཞེས་གསུངས་སོ། །དམ་ཚིག་གཙང་མའི་རྣལ་འབྱོར་པས། །ཚོགས་འཁོར་བཤམས་དང་བཅས་པས་འགྲུབ། །ཅེས་ཡིད་བཞིན་ནོར་བུའི་རྒྱུད་ལས་གསུངས་སོ། །དེས་བསྐྱེད་རིམ་བསྟན་ནས། རྫོགས་པའི་རིམ་པ་ནི། རང་གི་སེམས་ཉིད་ཐིག་ལེ་དམར་པོར་གྱུར་པ་དེ་ལ་གཏད་དེ། ཇི་ཙམ་གནས་བསྒོམས་པས་རང་སེམས་གཏན་ལ་
ཕེབས་པ་ཡིན། ཡི་གེ་ཐིག་ལེ་འོད་དུ་ཡལ་ཏེ་སོང་བའི་ངང་ལ་ཇི་ཙམ་གནས་གྱི་བར་ལ་འཇོག བཞག་པའི་ངང་ནས་རིག་པ་དེ་རིག་སྟོང་། འགྱུ་བ་དེ་འགྱུ་སྟོང་། མ་སྒྲིབ་པར་གསལ་བ་དེ་གསལ་སྟོང་། ཡིན་མིན་གྱི་མཐའ་དང་བྲལ་བས་རྨི་ལམ་གྱི་སྣང་བ། སྒྱུ་མའི་རང་བཞིན་ཞེས་པ་ལ་ངོ་སྤྲད། དེ་རྣམས་རྫོགས་པའི་རིམ་པའོ། །དེའི་སྟེང་དུ་ཉལ་འཆག་འགྲོ་འདུག་གི་སྣང་བ་ཡང་། དེ་ཁོ་ན་བཞིན་ཉམས་སུ་ལེན་པ་ཁོ་བོ་ཁྱུང་པོ་རྣལ་འབྱོར་པའི་སྤྱོད་ཚུལ་ལོ། །སྒྲུབ་པ་འདི་ལ་གསོལ་འདེབས་ཁོ་ན་གལ་ཆེ། སྒྲུབ་པ་ཐོན་པ་དང་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གཏོར་མ་ཆེ་བར་དངོས་གྲུབ་ཏུ་ལེན་པ་ཡིན། དམ་ཉམས་ཀྱི་ཁར་མི་སྦྱིན། ཁྱི་དང་གླང་ལ་མི་སྦྱིན། གཏོར་མ་གཏན་རྣམས་ལ་མཆོད་བསྟོད་གཞུང་བཞིན་བྱས་ལ། གཏོར་མ་ནངས་ནུབ་ཚ་བའི་དུས་སུ། སྲོག་སྔགས་ཁམས་གསུམ་དབང་སྡུད་ཀྱི་གཤམ་དུ་པཱུ་ཛ་ལ་ཁཱ་ཧི་བཏགས་ལ་དབུལ་ལོ། །དེ་མ་ཡིན་པའི་སྤྱན་འདྲེན་བསྟོད་འབུལ། གཏོར་སྔགས་མགོན་པོའི་གཞུང་བཞིན་བྱེད་པ་ཡིན་གསུངས། རྗེས་བསྔོ་བ་མི་དམིགས་པའི་རྒྱས་འདེབས་ཤིང་བཀྲ་ཤིས་བཀའ་རྒྱ་མ་བརྗོད། བདག་ཁྱུང་པོ་རྣལ་འབྱོར་པས་ཞལ་གདམས་སྙན་བརྒྱུད་ཡི་གེར་བཀོད། བླ་མ་མགོན་པོ་མཁའ་འགྲོས་བཟོད་པར་གསོལ་གསེར་ཆོས་རྣམས་ཀྱི་ནང་ནས་མགོན་པོ་བཀའ་རྒྱ་མ་འདི་རིན་ཆེན་བརྩོན་འགྲུས་ལ་གཏད་དོ། །ཆིག་བརྒྱུད་ལས་མ་སྤེལ་ཅིག འདིའི་བརྒྱུད་པ་ནི། ཡེ་ཤེས་མགོན་པོ། གྲུབ་ཆེན་རཱ་ཧུ་ལ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མཉམ་མེད་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། ཆོས་རྗེ་སྟོན་པ། སྤྲུལ་སྐུ་རིན་བློ། བྲག་ནག་པ་ཡོན་ཏན་རྒྱལ་མཚན། མཁས་བཙུན་རྒྱལ་མཚན་འབུམ། བླ་མ་བྱམས་པ་དཔལ། ཨཱརྻའི་མཚན་ཅན།
རིན་ཆེན་བརྩོན་འགྲུས་རྒྱལ་མཚན། དེ་ལས་རིམ་པར་བརྒྱུད་པའོ། ༈ །མགོན་དཀར་གྱི་བསྟོད་པ་བཞུགས་སོ། །མགོན་པོ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་གཅིག་བསྡུས་རྗེ་བཙུན་སྤྱན་རས་གཟིགས། །དེ་ཡི་སྤྲུལ་པ་ཕྱག་དྲུག་མགོན་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟ་བུ་འོད་ཟེར་འཕྲོ། །ཞལ་གཅིག་ཕྱག་དྲུག་ཞབས་གཉིས་ནོར་བདག་མནན། །འགྲོ་བའི་དབུལ་བ་སེལ་ལ་ཕྱག་འཚལ་ལོ། །ཕྱག་གཡས་དང་པོ་རྡོ་རྗེ་གྲི་གུག་བསྣམས། །བར་པ་ཡིད་བཞིན་ནོར་བུས་དགོས་འདོད་སྟེར། །ཐ་མ་ཌ་རུས་མཁའ་འགྲོ་དབང་དུ་སྡུད། །ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །གཡོན་པས་རིན་ཆེན་བུམ་པ་སྐུ་ལ་གསོལ། །བར་པ་རྩེ་གསུམ་ཁམས་གསུམ་མ་ལུས་སྒྲོལ། །ཐ་མ་ཞགས་པས་སེམས་ཅན་བཅིངས་པ་འགྲོལ། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །སྐུ་སྟོད་རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །སྐུ་སྨད་རིན་ཆེན་ཟར་བུས་རྣམ་པར་མཛེས། །ཕྱག་ཞབས་ཐམས་ཅད་རིན་ཆེན་ནོར་བུས་བརྒྱན། །འགྲོ་བའི་རེ་འདོད་སྐོང་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །དེ་ཡི་མོད་ལ་དབུལ་ཕོངས་སྡུག་བསྔལ་སེལ། །འདོད་རྒུའི་དཔལ་འབྱོར་ཟད་མི་ཤེས་པ་ཡིས། །འགྲོ་བའི་རེ་འདོད་སྐོང་ལ་བདག་བསྟོད་དོ། །ཁྱོད་ལ་མཆོད་ཅིང་གུས་པས་བསྟོད་བྱས་ནས། །ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་ཡང་། །མགོན་པོ་ཁྱོད་ཀྱི་ཐུགས་རྗེས་བདག་བཟུང་ནས། །བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་བསྒྲུབ་པར་མཛོད། །དེ་ཡི་དགེ་བས་བདག་ཀྱང་དེ་བཞིན་དུ། །འགྲོ་བའི་རེ་འདོད་ཡིད་བཞིན་སྐོང་བ་དང་། །སེམས་ཅན་སངས་རྒྱས་ས་ལ་འགོད་པ་ཡི། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །མགོན་པོ་ཡིད་བཞིན་
ནོར་བུ་ལ་བསྟོད་པ། དགོས་འདོད་འབྱུང་བ་ཞེས་བྱ་བ་ཁྱུང་པོ་རྣལ་འབྱོར་པས་སྦྱར་བ་རྫོགས་སོ། ༈ །ཡིད་བཞིན་ནོར་བུའི་ལོ་རྒྱུས་བཞུགས་སོ། །ན་མོ་གུ་རུ། བླ་མ་མཻ་ཏྲི་པ་ཀོ་ས་བྷི་ཀྵིའི་དུར་ཁྲོད་ན་བཞུགས་པའི་དུས་སུ། གྲུབ་ཆེན་རཱ་ཧུ་ལས་གསེར་སྲང་བདུན་ཕུལ་ནས། བོད་ལ་ལོངས་སྤྱོད་ཆུང་བས། ནོར་སྒྲུབ་མྱུར་བ་རྟགས་མཚན་ཆེ་བའི་གདམས་པ་ཅིག་ཞུ་ཞུས་པས། མཻ་ཏྲི་པའི་ཞལ་ནས། ཡིད་བཞིན་གྱི་ནོར་བུའི་མགོན་པོ་ཞེས་ཀྱང་བྱ། ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། འདི་ཕྱི་བར་དོའི་འཇིགས་པ་ལས་སྐྱོབ། ལྷ་འདྲེ་མི་གསུམ་དབང་དུ་སྡུད། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། དགྲ་བགེགས་ཐམས་ཅད་རྡུལ་དུ་རློག་པར་བྱེད་པ། བཟློག་པར་མི་ནུས་པ། མཆོག་དང་ཐུན་མོང་ཐམས་ཅད་ལོ་ཟླས་འགྲུབ་པ། མཆོག་བསྒྲུབས་པས་ཐུན་མོང་ཞར་ལས་འབྱུང་བ། ཐུན་མོང་བསྒྲུབ་པས་མཆོག་ཞར་ལས་འབྱུང་བ་ཞིག་ཡོད་པ་དེ་ཁྱོད་ལ་སྦྱིན་གསུངས་སོ། །དེ་བླ་མ་ལ་ཞུ་བྱས་པས། སྔོན་གྱི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོས་སེམས་བསྐྱེད་འཁོར་བའི་རྒྱ་མཚོ་འདི་སྟོང་པར་མ་གྱུར་བར་དུ་བདག་སངས་རྒྱས་པར་མ་གྱུར་ཅིག གལ་ཏེ་སེམས་བསྐྱེད་ཉམས་པར་གྱུར་ན་མགོ་བོ་ཚལ་པ་སྟོང་དུ་འགས་པ་གྱུར་ཅིག ཅེས་བརྗོད་ནས་དམ་བཅས་ཏེ། རི་བོ་པོ་ཏ་ལར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་། གང་ལ་གང་འདུལ་གྱི་དོན་བྱས་པར་གྱུར་ཏོ། །དེ་ནས་ལོ་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་བྱས་ཏེ། སེམས་ཅན་མང་པོ་ཐར་གྲོལ་བྱུང་ལས་ཆེ་སྙམ་ནས་གཟིགས་པས། སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མེད་པའི་སྟེང་དུ་སྙིགས་མར་སོང་བས་
ཉོན་མོངས་པ་རགས་པ། གདུག་པ་ཆེར་སོང་འདུག་པས། ད་ནི་བདག་གིས་སེམས་ཅན་རེ་འགའ་ཙམ་ཡང་སྒྲོལ་བར་མི་ནུས་པར་འདུག་སྙམ་ནས། སེམས་བསྐྱེད་བཏང་བ་དང་། དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏོ། །དེ་ན་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་ཤིན་ཏུ་མ་ལེགས་པས། དེའི་བཤགས་པ་ལ་སེམས་བསྐྱེད་སྔར་ལས་རྒྱ་ཆེ་བ་ཞིག་ཟུངས་ཤིག་གསུངས་ནས། དབུ་སྟོང་དུ་གས་པ་ཞལ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། །ད་ནི་སྔར་གྱི་སེམས་བསྐྱེད་ལས་རྒྱ་ཆེ་བ་མེད་ཅིང་། དེའི་ཆ་གཅིག་ཀྱང་ངས་མ་ནུས་པས། དེ་བས་རྒྱ་ཆེ་བ་ནི་གཅིག་ཀྱང་མེད་དོ་སྙམ་ནས། ཞག་བདུན་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་བ་དེ་སངས་པ་དང་། ད་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་ལ་བར་ཆད་མང་བ། རྐྱེན་དབང་འབའ་ཞིག་ཏུ་འགྲོ་བ། ལོངས་སྤྱོད་ཆུང་བས་འཚོ་བ་དམན་པ། སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་བ། ཟློག་པ་དང་ནང་དམེ་བྱེད་པ། ཆོས་བྱེད་ཕལ་ཆེར་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས། ཡུན་རིང་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་པ་ཙམ་གྱིས་འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་སྐད་ཅིག་གིས་བརླག་པར་མཛད་པ། མཆོག་དང་ཐུན་མོང་ལོ་ཟླས་འགྲུབ་པའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོར་གྱུར་ནས་སེམས་ཅན་གྱི་དོན་བྱའོ་སྙམ་ནས། ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་བྱུང་བ་ལས། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་དང་། ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་པའི་སངས་རྒྱས་དཔག་ཏུ་མེད་པས་མགྲིན་གཅིག་ཏུ་
བསྡེབས་ཏེ། རིགས་ཀྱི་བུ་སེམས་ཅན་གྱི་རེ་བ་ཚུལ་བཞིན་དུ་སྐོང་བའི་སྤྱོད་པ་འདི་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་ཉིད་ཡི་མཐུ་དང་ལྡན་པར་བྱའོ། །གསང་བའི་ཁྲོ་བོ་དབང་གི་རང་བཞིན་དང་ལྡན་པར་བྱའོ། །དེ་ཉིད་ཀྱི་ཞི་བ་དང་རྒྱས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་སུ་སྤྲུལ་པ་ལས་བྱུང་བའི་གནོད་སྦྱིན་དང་། སྲིན་པོ་དང་། མ་མོ་དང་བཅས་པ་རྣམས་ཀྱིས་ལས་སྣ་ཚོགས་གྲུབ་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་བསྒྲུབ་པ་དང་མཆོད་པ་དང་། དྲན་པས་དངོས་གྲུབ་མ་ལུས་སྟེར་བར་འགྱུར་རོ། །སྒྲུབ་པ་ཉིད་ནས་བྱིན་གྱིས་བརླབ་བོ། །དེ་ཉིད་ཀྱིས་དངོས་སུ་ཞལ་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ཉིད་བསྒྲུབ་པའི་དུས་སུ། ནས་རྗེན་འཐགས་ཀྱི་གཏོར་མ་དང་། སྤོས་སྦྱོར་མ་ཆད་པ་གྱིས། ཁྱི་ནག་པོ་ལ་རྡོ་མི་བརྡེག ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་བསྒོམ། དེ་ལྟར་བྱས་པས་འཚོ་བ་སྦྱོར་ཞིང་ཞལ་དངོས་སུ་སྟོན། འདི་ཆིག་བརྒྱུད་ལགས། ༈ །མགོན་པོ་ཡིད་བཞིན་གྱི་ནོར་བུའི་གཏོར་མའི་ཆོ་ག་བཞུགས། །ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ། དགྲ་བགེགས་ཀྱི་ཤ་ཁྲག་དུ་མ་དང་གྲུབ་པའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། མདུན་བསྐྱེད། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དངུལ་ཆུའི་མདོག་ཅན་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་ལས་མགོན་པོ་ཡིད་བཞིན་གྱི་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་
མདངས་ཆགས་པ། ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་པ། ཕྱག་དྲུག་གཡས་ཀྱི་དང་པོ་ན་གྲི་གུག བར་པ་ན་ཡིད་བཞིན་གྱི་ནོར་བུ། ཐ་མ་ན་ཌ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གྱི་དང་པོ་ན་ཐོད་པའི་ནང་དུ་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་བརླ་གཡོན་པ་ལ་བརྟེན་ཏེ་འཛིན་པ། བར་པ་ན་རྩེ་གསུམ། ཐ་མ་ན་ལྕགས་ཀྱུ་བསྣམས་པ། སྐུ་སྟོད་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང་། སྐུ་སྨད་ལ་རིན་པོ་ཆེའི་ཟར་བུ་དང་ཆུན་འཕྱང་དུ་མས་མཛེས་པ། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་འབྱོན་པ་འདྲ་བ། འགྲོ་འཕྲོ་ལ་ཚོམ་སྟེ་བཞུགས་པ་འདྲ་བའི་འོག་ན་ཚོགས་བདག་ཁ་གཤང་ཐམས་ཅད་ནས་ནོར་བུ་སྐྱུགས་པ་གཉིས་མནན། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དབང་གི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་བསྣམས་པ་དགོས་འདོད་འབྱུང་བ་འཛུམ་དང་ལྡན་པ། མགོན་པོའི་ཐུག་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྕགས་ཀྱུ་དང་ཐོད་པ་བསྣམས་པ་གར་སྟབས་ཀྱིས་བཞུགས་པ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་ཁམས་གསུམ་དབང་དུ་སྡུད་པ་ཅིག་བསྐྱེད། དེའི་ཐུགས་ཀ་ན་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དུར་ཁྲོད་བསིལ་བའི་ཚལ་ནས་མགོན་པོ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གུ་རུ་མ་ཧཱ་ཀཱ་ལ་དང་། ཀྵིཾ་ཉི་ཤུ་རྩ་གཅིག་སོགས་ཀྱིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཆོས་འབྱུང་དཀར་ལ་མེ་རི་དམར་བའི་དབུས། །པད་དཀར་མདངས་ལྡན་འོད་སྟོང་ཕྱོགས་བཅུར་འཕྲོ། །གངས་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། །ཁྱེད་ལ་རྣམ་དཀར་དང་བཅས་གུས་ཕྱག་འཚལ། །ཨོཾ་བཛྲ་ཨརྒྷཾ་སོགས་ཉེར་སྤྱོད་ལྔས་མཆོད། ཙནྡན་ལྗོན་པ་
འཁྲིགས་པའི་དུར་ཁྲོད་ནས། །དྲི་བཞོན་གྱིས་བསྐྱོད་སྤྲིན་དཀར་ཕུང་པོ་བཞིན། །ཕྱག་ན་པདྨོའི་རྣམ་རོལ་བསྟན་སྲུང་མཆོག །མགོན་དཀར་འདོད་རྒུའི་ཆར་འབེབས་གནས་འདིར་གཤེགས། །ལྷན་སྐྱེས་བླ་མ་ཡིད་བཞིན་ནོར་བུ་ཡི། །བཀའ་སྒྲུབ་ཕྱོགས་བཅུའི་འཇིག་རྟེན་དབང་དུ་སྡུད། །རྣལ་འབྱོར་མཆོག་ལ་དངོས་གྲུབ་མྱུར་སྩོལ་བའི། །ཚོགས་བདག་ཌཱ་ཀིའི་ཚོགས་བཅས་གནས་འདིར་གཤེགས། །མགོན་པོ་འཁོར་བཅས་ཐུགས་རྗེའི་ཟློས་གར་གྱི། །རྣམ་པར་གཡོས་པས་སྲིད་ཞིའི་དཔལ་འབྱོར་ནི། །གེགས་མེད་མྱུར་སྩོལ་དབུལ་བའི་སྡུག་བསྔལ་ཀུན། །མ་ལུས་བསལ་ནས་འབྱོར་པ་རྒྱས་པར་མཛོད། །དུར་ཁྲོད་མེ་རིས་ཡོངས་བསྐོར་བའི། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །ཕྱི་ནང་རྔམ་བརྗིད་རབ་མཛེས་པའི། །མཆོད་སྤྲིན་རྒྱ་མཚོས་ཡོངས་སུ་གང་། །གནམ་ལྕགས་ཆོས་འབྱུང་འབར་བ་དང་། །ཡིད་འོང་སྣ་ཚོགས་པད་ཉིའི་གདན། །བགེགས་རྒྱལ་ནོར་བདག་འགྱིངས་པའི་གདན། །ཡེ་ཤེས་ལས་གྲུབ་ཕོ་བྲང་དབུས། །སྤྱན་རས་གཟིགས་མགོན་བཞུགས་སུ་གསོལ། །ཡེ་ཤེས་མགོན་པོ་བཞུགས་སུ་གསོལ། །ཡིད་བཞིན་ནོར་བུ༴ དཔལ་ལྡན་ལྷ་མོ༴ གནོད་སྦྱིན་རྣམ་བཞི༴ དཔལ་མགོན་བདུན་བཅུ༴ མ་ལུས་འཁོར་བཅས༴ པདྨ་ཀ་མ་ལཱ་ཡ་སྟྭཾ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་ཅི་ནུས་བཟླ། གཏོར་མ་འབུལ་བ་ནི། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམས་ལ། རྩ་སྔགས་ཀྱི་མཇུག་ཏུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལྔའམ་བདུན་གྱིས་དབུལ། ནང་མཆོད་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ནས། རྩ་བའི་བླ་མའི་བར་མཚན་བརྗོད་ནས་འབྲུ་གསུམ་བཏགས་ནས་མཆོད། མགོན་པོ་ཡིད་བཞིན་གྱི་ནོར་བུའི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་
ཆེན་པོ། དྲི་དམ་པ། རོ་དམ་པ། རེག་བྱ་དམ་པ། འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི་མགོན་པོ་ཡིད་བཞིན་གྱི་ནོར་བུ་རིགས་བཞིའི་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །ཕྲིན་ལས་ཞུ་ཞིང་གསོལ་བ་ནི། བླ་མ་དམ་པའི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུའང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་དཔལ་འབྱོར་གཟི་བརྗིད་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུ་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་ཞི་ཞིང་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། མཆོད་པ་ནི། རྟེན་ཅིང་འབྲེལ་ལས་བྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཞེས་སོགས་ཉེར་སྤྱོད་ལྔས་མཆོད། བསྟོད་པ་ནི། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ནས། འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་པས་བསྟོད། ༈ །མཆོད་འབུལ་བཞུགས། ཧཱུྃ༑ རྒྱུ་དང་འབྲས་བུ་ཁྱད་པར་བཞིན། །བསྐྱེད་ཅིང་བསྟིམ་པའི་རང་བཞིན་གྱིས། །མ་ཧཱ་ཀཱ་ལ་འདིར་བཞུགས་ལ། །བདག་གིས་མཆོད་བསྟོད་བཞེས་སུ་གསོལ། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །བདག་གི་གནས་མཆོག་དམ་པ་ནས། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མི་ཁྱི་གླང་ཆེན་རྟ་ཡི་ཤ། །བ་གླང་ཁྱུ་མཆོག་ལ་སོགས་དང་། །དྲི་ཆེན་རྣམས་དང་བྱང་ཆུབ་སེམས། །རཀྟ་དྲི་ཆུར་སྦྱར་བ་རྣམས། །མི་ཟད་འབུལ་ལོ་བཞེས་སུ་གསོལ། །དཔལ་ལྡན་མགོན་པོ་ནག་པོ་ལ། །བདག་གི་གནས་མཆོག་དམ་པ་ནས། །ཤ་ཡི་བྱེ་བྲག་འབུལ་བ་ནི། །བཙོས་པ་དང་ནི་བསྲེགས་པ་དང་། །
སྐམ་པ་དང་ནི་རློན་པ་དང་། ཁུ་བ་དུར་ཁྲོད་རུས་པའི་ཚོགས། །མི་ཟད༴ དཔལ་ལྡན༴ བདག་གི༴ ཚོགས་ཀྱི་བྱེ་བྲག་འབུལ་བ་ནི། །བལྟ་ན་མཛེས་ཤིང་མཉན་ན་སྙན། །བསྣམ་ན་ཡིད་འོང་མྱ་ངན་ཞིམ། །རེག་ན་འཇམ་པའི་མཆོད་པའི་ཚོགས། །ཅི་འབྱོར་བ་ནི་བདག་འབུལ་གྱི། །མི་ཟད༴ དཔལ་ལྡན༴ བདག་གི༴ སྤྱན་གཟིགས་བྱེ་བྲག་འབུལ་བ་ནི། །མེ་ཏོག་ལ་སོགས་མཆོད་པའི་ཚོགས། །རྒུན་འབྲུམ་ལ་སོགས་ཆང་གི་ཚོགས། །གུར་གུམ་ལ་སོགས་སྨན་གྱི་ཚོགས། །ཉ་ཤ་ལ་སོགས་ཤ་ཡི་ཚོགས། །སོ་བ་ལ་སོགས་འབྲུ་ཡི་ཚོགས། །ལ་དུ་ལ་སོགས་སྦྱར་བའི་ཚོགས། །གོ་ལ་ལ་དུ་ལ་ཕུག་དང་། །ཁུར་བ་ཞོ་ལ་སོགས་པ་རྣམས། །མི་ཟད༴ དཔལ་ལྡན༴ བདག་གི༴ སྒྲ་ཡི་བྱེ་བྲག་འབུལ་བ་ནི། །པ་ཊ་ཧ་དང་གླིང་བུ་དང་། །རྫ་རྔ་པི་ཝཾ་ཅང་ཏེའུ་དང་། །རྔ་རིང་ཀུན་ཛ་ཏི་མ་དང་། །ཆ་ལང་ཕེག་དང་ཧོར་པ་རྣམས། །མི་ཟད༴ དཔལ་ལྡན༴ བདག་གི༴ གཞན་ཡང་མཆོད་པའི་བྱེ་བྲག་ནི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང་། །ལྷན་ཅིག་སྐྱེས་དང་སྦྱར་བའི་སྤོས། །རང་གཞན་རྐྱེན་ལས་བྱུང་བའི་འོད། །ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །འདོད་ཡོན་ལྔ་དང་ལྡན་པའི་ཟས། །མི་ཟད་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོའི༴ གནོད་སྦྱིན་བཞི་ཡི༴ ཕྱོགས་སྐྱོང་བཅུ་པོའི༴ དཔལ་མགོན་བདུན་ཅུའི༴ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། ༈ །མགོན་པོ་ཡིད་བཞིན་ནོར་བུའི་སྐོང་བ་བཞུགས་སོ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཡིད་བཞིན་མགོན་པོ་ཆེ། །འོད་དཔག་མེད་པའི་སྤྱན་སྔ་རུ། །འཕགས་པ་ལོ་ཀེ་ཤྭ་ར་ཡིས། །འགྲོ་བ་བྱམས་པས་ཉེར་དགོངས་ནས། །དབུལ་བའི་སྡུག་བསྔལ་སེལ་བ་དང་། །རྣལ་འབྱོར་བསོད་ནམས་སྐྱེད་བྱེད་དུ། །སྤྲུལ་པའི་དམ་ཚིག་བཞིན་
དུ་བྱོན། །ཁྱེད་སྲིད་འཕགས་པའི་སྤྲུལ་པ་སྟེ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །དཔག་བསམ་ཤིང་གཅིག་རྩ་བར་གནས། །མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །ཆོས་ཀྱི་ངང་ལས་མ་གཡོས་ཀྱང་། །དེ་རིང་ཡིད་བཞིན་ནོར་བུ་བཞིན། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་ཐུགས་རྗེའི་གཏེར། །མཐུ་ཆེན་རྒྱལ་པོ་ཡིད་བཞིན་མགོན། །དགོས་འདོད་ཀུན་འབྱུང་དཔའ་བོ་ཆེ། །དཀར་སེར་དམར་ལྗང་ཡིད་འོང་མ། །ལས་བཞིའི་ཕྲིན་ལས་སྒྲུབ་མཛད་མ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཌཱ་ཀིའི་འཁོར་ཚོགས་དཔག་མེད་དང་། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །བསྟན་སྲུང་ནོར་ལྷ་གནོད་སྦྱིན་རྣམས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རིན་ཆེན་རྒྱན་ཆ་སི་ལི་ལི། །གསང་བའི་རྔ་ཆུང་དི་རི་རི། །དཔའ་བོའི་ངར་སྐད་ཙེ་རེ་རེ། །དཔའ་མོའི་བརྡ་གླུ་ལྷངས་སེ་ལྷང་། །བླ་མ་ཡིད་དམ་ཐིབས་སེ་ཐིབ། །ནོར་ལྷ་གནོད་སྦྱིན་ཕུངས་སེ་ཕུང་། །སྙིང་རྗེའི་རང་ཉམས་ལྷངས་སེ་ལྷང་། །སྒྱུ་མ་རང་སེམས་རྗེན་ནེ་ནེ། །སྤྲོས་མེད་རིག་པ་གསལ་ལ་ལ། །གཏད་མེད་ངང་དུ་ཡ་ལ་ལ། །བདེ་ཆེན་གོང་བོར་ཁྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་ཕོབ་ལ། །རིན་ཆེན་ནོར་གྱི་ཆར་པ་ཕོབ། །སྒྲུབ་མཆོག་བདག་ལ་བྱིན་རློབས་ལ། །ཁམས་གསུམ་མ་ལུས་དབང་དུ་སྡུས། །གུ་རུ་མ་ཧཱ་ཀཱ་ལ་ཌཱ་ཀི་ནཱི་སརྦ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ འདིའི་མཚམས་སུ་གཏོར་མ་དབུལ། འདོད་དོན་གསོལ་གདབ་བྱ། དངོས་གཞི་ཐུགས་དམ་བསྐང་བ་ནི། ཧཱུྃ། ལྷ་ཆེན་མགོན་པོ་ཐུགས་རྗེའི་གཏེར། །དཔའ་བོ་ཆེན་པོ་ནོར་གྱི་བདག །ཡིད་བཞིན་མགོན་པོ་ཌཱ་ཀིའི་གཙོ། །དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །ཌཱ་ཀིའི་འཁོར་ཚོགས་དཔག་མེད་དང་། །ནོར་ལྷ་གནོད་སྦྱིན་འཁོར་བཅས་ལ། །
དགྱེས་པའི་མཆོད་པ་འབུལ་བ་ནི། ཧཱུྃ། གནས་ཁང་རིན་ཆེན་ཤེལ་གྱི་ཁེབས། །འོད་དཀར་དྲི་མེད་རྣམ་པར་འགྲོ། །གཡུ་ཡི་རྒྱ་ཕིབས་ཆུ་ཤེལ་ཏོག །མུ་ཏིག་དྲྭ་བ་ནོར་བུས་སྤྲས། །གསེར་གྱི་གདུགས་དང་རྒྱལ་མཚན་བཙུགས། །ཕྱོགས་བཅུར་དངུལ་གྱི་བ་དན་གཡོ། །རིན་ཆེན་སྣ་ལྔ་གཅལ་དུ་བཀྲམ། །མོས་པའི་ཕོ་བྲང་བརྗིད་པ་འདི། །བླ་མ་ཡིད་བཞིན་མགོན་པོ་དང་། །གྲངས་མེད་ཌཱ་ཀིའི་འཁོར་ཚོགས་དང་། །ནོར་ལྷ་གནོད་སྦྱིན་ཐུགས་དམ་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཁང་བཟང་དཔལ་ལ་སྤྱོད་པ་དང་། །ཡུལ་རྣམས་དབང་དུ་འདུ་བར་མཛོད། །ཧཱུྃ། རབ་དཀར་ཤེལ་གྱི་ཕོ་བྲང་རབ་བརྗིད་དབུས། །རབ་མཛེས་སྣ་ཚོགས་པདྨ་རྒྱས་པའི་སྟེང་། །རབ་འོད་རབ་འཕྲོས་ཉི་མའི་དཀྱིལ་འཁོར་དབུས། །རབ་དཀར་ཚོགས་བདག་གླང་སྣ་གཡས་ཉལ་ཅན། །རབ་བརྗིད་རིན་ཆེན་ཕྲེང་བ་དར་གྱིས་མཛེས། །རབ་ཏུ་ས་ཡི་བཅུད་ཀྱི་སྙིང་པོ་དང་། །རབ་ལེགས་ནེའུ་ལེ་ནོར་གྱི་རྐྱལ་པ་འཛིན། །སྣ་ཚོགས་ནོར་བུ་སྐྱུགས་མཛད་དེ་ལ་འདུད། །ཆོས་ཉིད་སྤྲོས་བྲལ་ཐེག་ལེ་དམར་པོའི་དབུས། །འཕགས་པའི་ཐུགས་སྤྲུལ་ཧཱུྃ་ཡིག་འཕྲོ་འདུ་ལས། །ལེགས་འཁྲུངས་ཆུ་ཤེལ་ཕུང་པོའི་འོད་ཟེར་ལྡན། །ཐུགས་རྗེའི་གཏེར་ཆེན་ཡིད་བཞིན་ནོར་བུའི་སྐུ། །ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་འཛུམ་ཞིང་འཁྲུག །ཁམས་གསུམ་དབང་སྡུད་ས་གསུམ་ཟིལ་གྱིས་གནོན། །ཞལ་གདངས་རབ་བཞད་ཧེ་ཡི་བཞད་གད་ཅན། །སྒྲུབ་ལ་འཛུམ་སྟོན་དགྱེས་པའི་རྣམ་འགྱུར་ཅན། །བདུད་བཞི་རྩད་གཅོད་གྲི་གུག་རྣོ་ངར་ཅན། །དགོས་འདོད་ཀུན་སྟེར་ཡིད་བཞིན་དབང་གི་རྒྱལ། །འཁོར་བཅས་དབང་སྡུད་སེང་ལྡེང་ཌ་མ་རུ། །བདུད་རྩིས་རབ་བཀང་མཚན་ལྡན་ཀ་པཱ་ལ། །གཏེར་ཆེན་བུམ་པ་དུང་གི་ཁ་རྒྱན་ཅན། །དུག་གསུམ་ཀུན་འཇོམས་རྩེ་གསུམ་འབར་བ་དང་། །ཁམས་གསུམ་དབང་སྡུད་དབང་གི་ལྕགས་ཀྱུ་སོགས། །ཕྱག་ཀུན་རྣམ་པར་འཛིན་མཁས་དེ་ལ་འདུད། །
རིན་ཆེན་རྒྱན་དང་ནོར་བུའི་དོ་ཤལ་དང་། །པདྨའི་དྲྭ་བ་མི་མགོའི་ཅོད་པན་འཛིན། །སྟག་གི་ཤམ་ཐབས་དར་གྱི་ལྷབ་ལྷུབ་ཅན། །ཀུན་ནས་གླང་ཆེན་ཀོ་རློན་རབ་གྱོན་ཅིང་། །གསེར་གྱི་གཡེར་ཁས་ཕྱག་ཞབས་རྣམ་པར་མཛེས། །སིལ་སིལ་ཕྱོགས་ཀུན་ཁྱབ་མཛད་དེ་ལ་འདུད། །ཞབས་གཉིས་འགྲོ་ཚོམ་མེ་དཔུང་འབར་དབུས་བཞུགས། །རཱ་གའི་མདངས་འཛིན་དབང་སྡུད་ཌཱ་ཀིའི་ཚོགས། །རཱ་གའི་ལྕགས་ཀྱུའི་སྣོད་བཅུད་དབང་དུ་སྡུད། །བདུད་རྩིས་རབ་བཀང་མཚན་ལྡན་ཐོད་པ་འཛིན། །གར་སྟབས་སྤྱན་གསུམ་ཁམས་གསུམ་དབང་དུ་སྡུད། །ཆོས་ཉིད་སྤྲོས་བྲལ་ཐིག་ལེ་ཧཱུྃ་དང་བཅས། །ཚད་མེད་ཡོན་ཏན་ཚད་འདས་ཕྲིན་ལས་ཚོགས། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུར་འདུད། །ཧ་ལས་རབ་སྐྱེས་བཛྲ་ཌཱ་ཀི་མ། །དཀར་གསལ་འོད་འཕྲོ་རྡོ་རྗེ་ལྕགས་ཀྱུ་ཡིས། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིན་གྱིས་གནོན། །རི་བོང་འཛིན་འདྲའི་མེ་ལོང་ནད་གདོན་སེལ། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་སྤྲས། །གར་སྟབས་ཌཱ་ཀིའི་འཁོར་ཚོགས་དཔག་མེད་བཅས། །ཀུན་ནས་ཞི་བའི་ལས་མཛད་མ་ལ་འདུད། །རི་ལས་རབ་སྐྱེས་རཏྣ་ཌཱ་ཀི་མ། །གསེར་མདོག་ཇི་བཞིན་འོད་ཟེར་རྣམ་པར་འཕྲོ། །རིན་ཆེན་གྱིས་མཚན་དབང་སྡུད་ལྕགས་ཀྱུ་དང་། །དགོས་འདོད་ཀུན་སྟེར་ཡིད་བཞིན་ནོར་བུ་འཛིན། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་འཁྱུད། །གར་སྟབས་ཌཱ་ཀིའི་འཁོར་ཚོགས་དཔག་མེད་བཅས། །རྒྱས་པའི་ལས་མཛད་མ་ལ་རྒྱས་པར་བསྟོད། །ནི་ལས་རབ་སྐྱེས་པདྨ་ཌཱ་ཀི་མ། །རཱ་གའི་མདངས་ལྡན་ཆགས་པའི་འོད་ཟེར་འཕྲོ། །ཁམས་གསུམ་དབང་སྡུད་རཱ་གའི་ལྕགས་ཀྱུ་དང་། །པདྨའི་ཞགས་པས་འཁོར་འདས་ལུས་སེམས་འགུགས། །རིན་ཆེན་རྒྱན་དང་པདྨའི་ཕྲེང་བས་མཛེས། །སྣ་ཚོགས་གོས་གྱོན་གར་སྟབས་འཁོར་ཚོགས་ལྡན། །ཀུན་ནས་དབང་གི་ལས་མཛད་མ་ལ་འདུད། །
ས་ལས་རབ་སྐྱེས་སྣ་ཚོགས་ཌཱ་ཀི་མ། །སྣ་ཚོགས་མདངས་འཛིན་སྣ་ཚོགས་འོད་ཟེར་འཕྲོ། །སྣ་ཚོགས་ལས་གྲུབ་ལྕགས་ཀྱུ་རྣམ་པར་འཕྱར། །སྣ་ཚོགས་རྡོ་རྗེས་སྣ་ཚོགས་དངོས་གྲུབ་སྟེར། །སྣ་ཚོགས་རྒྱན་ལྡན་སྣ་ཚོགས་འཁོར་གྱིས་བསྐོར། །གར་སྒྱུར་སྣ་ཚོགས་ལས་མཛད་མ་ལ་འདུད། །གཞན་ཡང་འཁོར་ནི་འཇིག་རྟེན་འདས་པ་དང་། །མ་འདས་མཚམས་ཀྱི་ནོར་ལྷ་དབང་གི་ལྷ། །གནོད་སྦྱིན་གཏེར་བདག་ནོར་གྱི་བང་མཛོད་ཅན། །དཀར་སེར་དམར་ལྗང་མདངས་ལྡན་མཐིང་སྨུག་དང་། །ཨིནྡྲ་ནཱི་ལ་ལ་སོགས་སྣ་ཚོགས་མདོག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་བ་དན་དང་། །རྩེ་གསུམ་མདུང་ཐུང་རྒྱན་མཚན་གདུགས་དང་ནི། །རྡོ་རྗེ་པདྨ་རིན་ཆེན་ཞགས་པ་དང་། །ཡིད་བཞིན་ནོར་བུ་དབང་རྒྱལ་དགའ་འཁྱིལ་དང་། །ནོར་གཞོང་ནོར་རྐྱལ་འབྲུ་ཡི་བང་མཛོད་དང་། །རིན་ཆེན་ཕྲེང་བ་འབྲས་ཀྱི་སྙེ་མ་སོགས། །དགོས་འདོད་འབྱུང་བའི་ཕྱག་མཚན་རབ་འཛིན་ཅིང་། །དཔལ་གྱི་ཆས་བརྒྱན་རིན་ཆེན་དར་གྱིས་བཀླུབས། །གར་སྟབས་བཞེངས་བཞུགས་གཟུགས་འགྲོས་སྣ་ཚོགས་ཆིབས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དྲང་སྲོང་དང་། །མིའམ་ཅི་དང་རྒྱལ་པོ་འཁོར་ཚོགས་ཀྱིས། །བསྐོར་ཞིང་སྒྲུབ་ལ་དངོས་གྲུབ་རབ་སྟེར་ཞིང་། །བར་ཆད་ཀུན་སེལ་ཁམས་གསུམ་དབང་སྡུད་པའི། །ནོར་ལྷ་མཁའ་འགྲོའི་ཚོགས་ལ་བདག་བསྟོད་དོ། །ཁྱེད་ལ་དགྱེས་པའི་དམ་རྫས་འབུལ་བ་ནི། །རིན་ཆེན་གདུགས་དཀར་ཆུ་ཤེལ་ཏོག་དང་ལྡན། །སྣ་ཚོགས་གཤམ་བུར་ཕྱོགས་བཅུར་རྣམ་པར་གཡོ། །རིན་ཆེན་ཕྲེང་བ་ཆུན་འཕྱང་རྣམ་པར་མཛེས། །གྲངས་མེད་ཞིང་ན་གནས་པའི་ཚཱ་ཏྲཾ་ཀ །འབུལ་གྱི་ཁམས་གསུམ་དབང་དུ་འདུ་བ་དང་། །ལོངས་སྤྱོད་རྒྱ་ཆེར་ཡོངས་སུ་རྒྱས་གྱུར་ཏེ། །མི་འཇིགས་སྐྱབས་དང་ལྡན་པའི་ཕྲིན་ལས་མཛོད། །ཧཱུྃ། རྒྱལ་མཚན་ཡིད་བཞིན་ནོར་བུའི་ཏོག །གསེར་གྱི་ཡུ་བ་རིན་ཆེན་ཕྲེང་། །སྣ་ཚོགས་དར་གྱི་གཤམ་བུ་དཀྲིས། །སྣ་ཚོགས་ལྷབ་ལྷུབ་
དང་བཅས་པ། །ས་གཞི་གང་བར་བཅས་པ་དང་། །བ་དན་ཤེལ་གྱི་ཡུ་བ་ཅན། །ཕྱོགས་བཅུར་གཡབ་ཅིང་ཕྱོགས་རྣམས་འགེངས། །འཕན་དཀར་མུ་ཏིག་དྲྭ་བས་གཡོགས། །མཛེས་པའི་ཕྱེ་མ་ཕུར་མ་ནི། །བར་སྣང་འགེངས་ཤིང་རྣམ་པར་མཛེས། །གཞན་ཡང་སྣ་ཚོགས་ལས་གྲུབ་པའི། །གསེར་གྱི་རི་མོས་སྤྲས་ཤིང་མཛེས། །རྣམ་དཔྱོད་ཕུན་ཚོགས་མ་ཚང་མེད། །བླ་བྲེ་སྣ་ཚོགས་རྣམ་པར་བཀྲ། །སྣ་ཚོགས་རིན་ཆེན་ཕྲེང་བ་དང་། །ནོར་བུའི་དོ་ཤལ་ས་གཞི་གང་། །མུ་ཏིག་དྲྭ་བས་སྟོང་གསུམ་ཁེངས། །རིན་ཆེན་ཕྲེང་བས་བར་སྣང་གཡོགས། །མཛེས་པའི་པདྨའི་ཆུན་འཕྱང་དང་། །རིན་ཆེན་རྒྱན་དང་ཟ་འོག་གོས། །གསེར་གྱི་གཡེར་ཁའི་ཕྲེང་བ་དང་། །དངུལ་གྱི་དྲིལ་བུ་སིལ་སིལ་སྒྲོགས། །སྣ་ཚོགས་དར་གྱི་ཅོད་པན་འཕུར། །ཡིད་བཞིན་ནོར་བུ་བསམ་འཕེལ་དང་། །ཨིནྡྲ་ནཱི་ལ་ཀེ་ཀེ་རུ། །མན་ཤེལ་མེ་ཤེལ་ཆུ་ཤེལ་དང་། །བཻཌཱུརྻ་དང་དུང་དང་དབྱིག །བྱེ་རུ་མུ་ཏིག་མུ་མེན་གཡུ། །གཡང་ཊིའུ་ལ་སོགས་རིན་ཆེན་རིགས། །རི་ལྟར་སྤུངས་ཤིང་ས་ལྟར་བཀྲམ། །ནམ་མཁའ་ཁྱབ་པར་བྱས་ནས་ནི། །ལྷ་ཆེན་མགོན་པོའི་ཐུགས་དམ་བསྐང་། །ཐུགས་རྗེའི་གཏེར་ཆེན༴ ཡེ་ཤེས་མགོན་པོ༴ གྲངས་མེད་ཌཱ་ཀིའི༴ ནོར་ལྷ་གནོད་སྦྱིན༴ བསམ་དོན་མ་ལུས་འགྲུབ་པ་དང་། །འཆི་མེད་རྒྱལ་མཚན་བརྟན་པ་དང་། །སྙན་གྲགས་ཕྱོགས་བཅུར་རྒྱས་པ་དང་། །ལོངས་སྤྱོད་གཏེར་ཆེན་འཕེལ་བར་མཛོད། །བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ན། །ཆུ་བོ་ཆུ་ཕྲན་གངྒཱ་དང་། །པཀྵུ་སཱི་ཏ་བདུད་རྩིའི་ཆུ། །ཡན་ལག་བརྒྱད་ལྡན་འབབ་ཆུ་དང་། །ལྷ་ཡི་ཆུ་དང་མི་ཡི་ཆུ། །སྣ་ཚོགས་དྭངས་ཤིང་ཡིད་འོང་བའི། །ཡོན་ཆབ་སྣ་ཚོགས་མཛེས་པ་དང་། །པདྨ་ཀུ་མུད་ཨུཏྤ་ལ། །མནྡཱ་ར་བ་ལ་སོགས་པ། །ཁ་དོག་དྲི་བསུང་ཕུན་ཚོགས་པའི། །མེ་ཏོག་ཇི་སྙེད་ཡོད་པ་དང་། །ཙནྡན་དཀར་དམར་ཨ་ཀ་རུ། །ཛཱ་ཏི་ལི་ཤི་ལ་སོགས་པའི། །དྲི་ཞིམ་སྤོས་ཀྱིས་ནམ་མཁའ་ཁེངས། །ཉི་
ཟླ་ཡིད་བཞིན་ནོར་བུའི་འོད། །ལྷ་ཡི་འོད་དང་མར་མེའི་རིགས། །གླིང་བཞི་གསལ་བྱེད་ཐམས་ཅད་དང་། །ག་བུར་ཆུ་དང་གུར་གུམ་ཆུ། །བསིལ་བྱེད་དགེ་བའི་དྲི་མཆོག་དང་། །པུཥྤེ་ཀ་དང་ཤིང་འབྲས་དང་། །ནས་འབྲས་གྲོ་ཏིལ་སོ་སྲན་དང་། །བཅུད་དང་ལྷ་ཡི་ཞལ་ཟས་སོགས། །རི་རབ་ལས་ལྷག་ཕུན་ཚོགས་དང་། །ལྷ་ཡི་རྔ་ཆེན་བརྗིད་པའི་སྒྲ། །གསང་བའི་རྔ་ཆུང་སྙན་པའི་སྒྲ། །དུང་ཆེན་གླིང་བུ་པི་ཝཾ་འཛིན། །དུང་དཀར་ཕེག་རྡོབ་སིལ་སྙན་དང་། །སྙན་པའི་རོལ་མོ་ཇི་སྙེད་ཀུན། །འུར་འུར་ཆེམ་ཆེམ་སྒྲ་སྒྲོགས་པ། །སྲིད་གསུམ་གང་ཞིང་གཡོ་བ་འདི། །མ་ཧཱ་ཀཱ་ལ་འཁོར་བཅས་ལ། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །བསམ་དོན་མ་ལུས་འགྲུབ་པ་དང་། །ཕྲིན་ལས་རྒྱ་ཆེར་འཕེལ་བར་མཛོད། །གཞན་ཡང་དྲག་པོའི་ཉེར་སྤྱོད་ལྔ། །དྲག་པོའི་རྒྱན་དང་མཚོན་ཆ་དང་། །དཔལ་གྱི་ཆས་བརྒྱད་ལ་སོགས་པ། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །བར་ཆད་མ་ལུས་ཞི་བ་དང་། །དགྲ་དང་འབྱུང་པོ་མེད་པར་མཛོད། །མཛེས་པའི་བཀྲ་ཤིས་རྟགས་བརྒྱད་དང་། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་ཡོན་ལྔ་དང་རྫས་མཆོག་བརྒྱད། །སྟོང་གསུམ་མ་ལུས་བཀང་བྱས་ནས། །འབུལ་གྱི་ཡང་དག་བཞེས་སུ་གསོལ། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །རབ་མཛེས་རི་རྒྱལ་ལྷུན་པོ་དང་། །ལྷ་ཡི་ཁང་བཟང་སྐྱེད་མོས་ཚལ། །མེ་ཏོག་ཚལ་དང་ནོར་བུའི་མཚོ། །དཔག་བསམ་ཤིང་དང་འདོད་རྒུའི་དཔལ། །རིན་ཆེན་རི་དང་བདུད་རྩིའི་མཚོ། །གླིང་བཞི་གླིང་ཕྲན་ཉི་ཟླ་དང་། །དེ་ལ་གནས་པའི་ལོངས་སྤྱོད་གཏེར། །ཕུན་ཚོགས་ཡིད་བཞིན་ནོར་བུ་དང་། །སྟོང་གསུམ་དབང་བསྒྱུར་ཙཀྲ་དང་། །ཁམས་གསུམ་རེ་སྐོང་ཡིད་བཞིན་ནོར། །གཟུགས་མཛེས་ཡིད་འོང་བཙུན་མོ་དང་། །རྣམ་དཔྱོད་རྩལ་ལྡན་བློན་པོ་དང་། །ཐེག་ཆེན་སྟོབས་ལྡན་གླང་པོ་དང་། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་
དང་། །འཇིགས་མེད་བདུད་འདུལ་དམག་དཔོན་དང་། །འཛད་མེད་གཏེར་ཆེན་བུམ་པ་དང་། །ནམ་མཁའི་མདོག་མཚུངས་གསེར་མདོག་དང་། །བནྡྷུ་མརྒད་མདོག་མཚུངས་དང་། །ཀིངྴུ་དབང་སྔོན་སྟོན་ཟླའི་མདོག །མརྒད་ཨིནྡྲ་ནཱི་ལའི་མདོག །གུར་གུམ་དུད་ཀ་གཡང་ཊིའི་མདོག །ཤེལ་མདོག་དུང་མདོག་ལི་ཁྲིའི་མདོག །མེ་ཤེལ་གཡུ་དང་བྱི་རུའི་མདོག །སྣ་ཚོགས་མདོག་ཅན་ཡིད་འོང་མ། །སྣ་ཚོགས་རྒྱན་དང་སྣ་ཚོགས་གོས། །སྣ་ཚོགས་རྣམ་འགྱུར་སྣ་ཚོགས་སྟོན། །པི་ཝཾ་སྙན་པའི་སྒྲ་སྒྲོགས་ཤིང་། །གླིང་བུ་སྙན་པར་ཡོངས་སུ་སྒྱུར། །རྔ་ཟླུམ་ལྷ་ཡི་རྔ་ལྟར་རྡུང་། །རྫ་རྔ་ངང་པའི་རྒྱལ་པོའི་སྐད། །ཧེ་ཧེ་བཞད་གད་འཛུམ་དང་བཅས། །སྙན་པའི་ལུས་ནི་སྙན་པར་བསྒྱུར། །ཡིད་འོང་གླུ་དང་མཛེས་པའི་གར། །མེ་ཏོག་དཀར་པོའི་ཆར་འབེབས་ཤིང་། །དྲི་མཆོག་སྤོས་ཀྱི་དུད་པ་འཐུལ། །དྲི་ཆབ་འཐོར་ཞིང་ཞལ་ཟས་འདྲེན། །ཤེལ་གྱི་མེ་ལོང་གཟུགས་དང་བཅས། །གོས་དང་རེག་དང་འཁྱུད་དང་བཅས། །ཟག་མེད་དགའ་བཞིའི་བདེ་བ་དང་། །རིན་ཆེན་གདུག་མཆོག་རིན་ཆེན་ཏོག །སྟོང་གསུམ་ཁྱབ་དང་རྒྱལ་མཚན་མཆོག །ལྷ་ཡི་ཡོ་བྱད་ཕུན་ཚོགས་རྣམས། །དངོས་བཤམས་ཡིད་སྤྲུལ་བློས་སྤྱད་ནས། །ལྷ་ཆེན་མགོན་པོའི་ཐུགས་དམ་བསྐང་། །དཔའ་བོ་རྒྱལ་པོའི༴ གུ་རུ་དབྱེར་མེད༴ མཁའ་འགྲོ་སྡེ་ལྔའི༴ གྲངས་མེད་ཌཱ་ཀིའི༴ སྲུང་མ་རྒྱ་མཚོའི༴ ནོར་ལྷ་གནོད་སྦྱིན་ཐུགས༴ བདུད་བཞི་ཟིལ་གྱིས་གནོན་པ་དང་། །གླིང་བཞི་དབང་དུ་འདུ་བ་དང་། །སྲིད་ཞིའི་དགེ་ལེགས་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས། །སྐུ་བཞི་མངོན་དུ་འགྲུབ་པར་མཛོད། །ཧཱུྃ། མཚན་ལྡན་ཡེ་ཤེས་ཀ་པཱ་ལ། །སྨན་ལྔ་བཅུད་ལྔ་སྙིང་པོ་ལྔ། །འབྲུ་ལྔ་བདུད་རྩི་རྣམ་ལྔ་དང་། །ཕྱག་རྒྱའི་རྒྱན་ལྡན་གཏོར་མ་འདི། །ཡེ་ཤེས་ལྔ་རུ་བྱིན་བརླབས་ནས། །ལྷ་ཆེན་མགོན་པོ་དགྱེས་ཕྱིར་འབུལ། །
བཞེས་ཤིག་རོལ་ཅིག་དགྱེས་པར་རོལ། །མཚན་ལྡན་ཀ་ལི་བདུད་རྩིས་བཀང་། །བདེ་ཆེན་སྟེར་བའི་རྫས་མཆོག་འདི། །ལྷ་ཆེན་མགོན་པོ་དགྱེས༴ བཞེས་ཤིག་རོལ་ཅིག༴ རིན་ཆེན་གཞོང་པ་རིན་ཆེན་དང་། །ཟས་དང་བཅུད་དང་འབྲུས་བཀང་ནས། །ལྷ་ཆེན༴ བཞེས་ཤིག༴ གཏེར་ཆེན་བུམ་པ་སྟོང་གསུམ་གང༴ སྣ་ཚོགས་ནོར་གྱིས་གཏམས་པ་འདི༴ ལྷ་ཆེན༴ བཞེས་ཤིག༴ བདུད་བཞི་ཚར་གཅོད་གྲི་གུག་ནི། །གནམ་ལྕགས་ལས་གྲུབ་རྣོ་ངར་ལྡན། །རལ་གྲི་གསེར་གྱི་ཡུ་བར་བཅས། །ཉི་ཁྱིམ་ཆུ་སྲིན་ཁ་ནས་འཐོན། །ལྷ་ཆེན༴ བཞེས་ཤིག༴ སྟོང་གསུམ་ཡིད་བཞིན་འདོད་རྒུ་སྩོལ། །ཚེ་གཅིག་སངས་རྒྱས་སྟེར་ཡང་ནུས། །བསམ་དོན་མཐའ་དག་ལྟ་ཅི་སྨོས། །ནོར་བུ་དབང་གི་རྒྱལ་པོ་འདི། །ལྷ་ཆེན༴ བཞེས་ཤིག༴ གསང་བའི་རྔ་ཆུང་ཅང་ཏེའུ། །ལྷ་མི་དབང་དུ་རབ་སྡུད་ཅིང་། །སྲུང་མ་ལས་ལ་སྐུལ་བྱེད་འདི། །ལྷ་ཆེན༴ བཞེས༴ མཚན་ལྡན་ཀ་ལི་བདུད་རྩིས་བཀང་། །གཏེར་ཆེན་བུམ་པ་ནོར་གྱིས་བཀང་། །ཁམས་གསུམ་ལོངས་སྤྱོད་དང་མཚུངས་འདི། །ལྷ་ཆེན༴ བཞེས༴ དུག་གསུམ་ཀུན་རྟོག་རྩད་ནས་གཅོད། །སྐུ་གསུམ་འཆི་མེད་དངོས་གྲུབ་སྟེར། །རྩ་གསུམ་བ་དན་དང་བཅས་པ། །ལྷ་ཆེན༴ བཞེས༴ རཱ་གའི་ལྕགས་ཀྱུ་ནུས་པར་ལྡན། །སྣང་བ་དབང་སྡུད་ནོར་བུ་འདི། །ལྷ་ཆེན༴ བཞེས༴ རིན་ཆེན་ནོར་བུ་དོ་ཤལ་བཅས། །རིན་ཆེན་ཕྲེང་བ་དྲྭ་བས་མཛེས། །པདྨའི་ཆུན་འཕྱང་གཡེར་ཁའི་སྦྲེལ། །སྟག་ཤམ་སྣ་ཚོགས་དར་དང་བཅས། །ལྷ་ཆེན༴ བཞེས༴ མདོར་ན་ཕྱི་ཡི་སྣང་བ་རུ། །མཛེས་དང་དགའ་དང་བདེ་བ་དང་། །རིན་ཐང་མེད་པའི་མཆོད་རྫས་ཀུན། །དམིགས་མེད་སྒྱུ་མའི་ངང་ནས་འབུལ། །སྒྱུ་མའི་ངང་དུ་བཞེས་པར་མཛོད། །ལོངས་སྤྱོད་རྒྱ་ཆེན་འཕེལ་བའི་ཕྱིར། །ཚོགས་དང་གཏོར་མ་སྤྱན་གཟིགས་དང་། །འབྲུ་དང་ནོར་དང་ལོངས་སྤྱོད་རྣམས། །ཅི་འབྱོར་གུས་པས་བཤམས་པ་དང་། །
ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དཔག་མེད་མཁའ་ཁྱབ་དང་བཅས་པ། །དམིགས་བྲལ་དམིགས་པས་རབ་བཅད་ནས། །འགྲོ་བའི་སྡུག་བསྔལ་སེལ་ཕྱིར་དུ། །ལྷ་ཆེན་མགོན་པོ་ཁྱོད་ལ་འབུལ། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ཡིད་བཞིན་མགོན་པོའི༴ ཐུགས་རྗེའི་གཏེར་ཆེན༴ བཛྲ་ཌཱ་ཀིའི༴ རཏྣ་ཌཱ་ཀིའི༴ པདྨ་ཌཱ་ཀིའི༴ ཀརྨ་ཌཱ་ཀིའི༴ བུདྡྷ་ཌཱ་ཀིའི༴ གྲངས་མེད་ཌཱ་ཀིའི༴ དཔའ་བོའི་ཚོགས་ཀྱི༴ དཔའ་མོའི་ཚོགས་ཀྱི༴ བསྟན་སྲུང་ཡོངས་ཀྱི༴ དམ་ཅན་རྒྱ་མཚོའི༴ ནོར་ལྷ་གནོད་སྦྱིན༴ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་དཔོན་སློབ་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་མི་མཐུན་ཕྱོགས། །ཞི་བའི་ཌཱ་ཀིས་སེལ་བ་དང་། །ཞི་བའི་དངོས་གྲུབ་སྩལ་དུ་གསོལ། །ཚེ་དང་བསོད་ནམས་དཔལ་འབྱོར་ཀུན། །རྒྱས་མཛད་རྒྱས་པའི་ཌཱ་ཀི་ཡིས། །རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ། །ཁམས་གསུམ་དབང་སྡུད་ཌཱ་ཀི་ཡིས། །ཁམས་གསུམ་སྲིད་གསུམ་མ་ལུས་པ། །དབང་དུ་འདུ་ཞིང་བརྟན་པ་ཡི། །དངོས་གྲུབ་མྱུར་བ་ཉིད་དུ་སྩོལ། །སྣ་ཚོགས་ཌཱ་ཀིས་སྣ་ཚོགས་ཀྱི། །ལས་རྣམས་མཐའ་དག་གྲུབ་པར་མཛོད། །བུདྡྷ་ཌཱ་ཀིས་འཇིགས་མེད་ཀྱི། །སྐུ་གསུམ་ཆེན་པོའི་དངོས་གྲུབ་སྩོལ། །མདོར་ན་མགོན་པོ་འཁོར་བཅས་ཀྱིས། །བརྟེན་ཅིང་བསྒྲུབ་པའི་རྣལ་འབྱོར་གྱི། །བསམ་པའི་དོན་འདི་གྲུབ་པར་མཛོད། །བརྟེན་ནི་ལྷ་ཆེན་མགོན་པོ་བརྟེན། །མཆོད་ནི་ཡིད་བཞིན་མགོན་པོ་མཆོད། །བསྒྲུབ་ནི་གུ་རུ་མགོན་པོ་བསྒྲུབ། །བགྲང་ནི་མགོན་པོའི་རྩ་སྔགས་བགྲང་། །དོན་ནི་སེམས་ཅན་དོན་དུ་བསམ། །ད་ནི་ཐུགས་རྗེས་མྱུར་དུ་གཟིགས། །སྔགས་འཆང་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །དགྲ་དང་ཆོམ་རྐུན་འཇོམས་པ་དང་། །མི་མཐུན་ཕྱོགས་རྣམས་བཟློག་པ་དང་། །བསམ་དོན་མ་ལུས་འགྲུབ་པར་མཛོད། །ཚེ་དང་བསོད་ནམས་རྒྱས་
པ་དང་། །དཔལ་འབྱོར་སྙན་གྲགས་རྒྱས་པ་དང་། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། །ལོ་ཐོག་འབད་མེད་འབྱུང་བ་དང་། །འབྲུ་དང་ཟས་ནོར་འཕེལ་བ་དང་། །རྐང་བཞི་མཐའ་དབུས་རྒྱས་པ་དང་། །རང་གཞན་དོན་གཉིས་འགྲུབ་གྱུར་ནས། །འཆི་མེད་ལོངས་སྐུ་འགྲུབ་པ་ཡི། །ཕྲིན་ལས་ད་ལྟ་འགྲུབ་པར་མཛོད། །དངོས་གྲུབ་ད་ལྟ་སྩོལ་བ་དང་། །བྱིན་གྱི་མྱུར་དུ་རློབ་པ་དང་། །ལྷ་ཆེན་ཁྱེད་ཀྱི་ཞལ་མཐོང་ཤོག །གནས་དང་ཡུལ་དང་ཡོན་བདག་འདི། །བདེ་ཞིང་འབྲུ་རྣམས་འཕེལ་བ་དང་། །བང་མཛོད་ནོར་གྱིས་རབ་གང་ཞིང་། །ཕྱུགས་དང་ལོ་ཏོག་ཕུན་ཚོགས་ནས། །གཏེར་ཆེན་དཔལ་ལ་རབ་སྤྱོད་པའི། །བསྟན་པའི་སྦྱིན་བདག་ཉིད་གྱུར་ཅིག །མདོར་ན་ཡོན་བདག་འཁོར་བཅས་རྣམས། །ལུས་སེམས་བདེ་ཞིང་མདངས་སྟོབས་ལྡན། །ལོངས་སྤྱོད་འཕེལ་ཞིང་བསམ་དོན་འགྲུབ། །སྐུ་ལྔ་འཆི་མེད་ཡེ་ཤེས་སྐུ། །ནོར་བུའི་དཔལ་ལ་སྤྱོད་པར་ཤོག །«དེ་ནས་རིན་ཆེན་མཛེས་པ་དང་། འཛམ་གླིང་མ་ལ་འཇུག »གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ལྷ་ཆེན་མགོན་པོ་མ་ཧཱ་ཀཱ་ལ་དང་། །ཡིད་བཞིན་མགོན་པོ་ཌཱ་ཀིའི་འཁོར་གྱིས་བསྐོར། །བསྟན་སྲུང་རྒྱ་མཚོ་ནོར་ལྷ་གནོད་སྦྱིན་བཅས། །དཀར་ཕྱོགས་དགའ་བའི་གཞི་བདག་འཁོར་བཅས་རྣམས། །ཟག་མེད་བདུད་རྩིའི་གཏོར་མ་འདི་བཞེས་ཤིག །བཅུད་ལྡན་ཟས་ཀྱི་མཆོད་པ་འདི་བཞེས་ཤིག །རིན་ཆེན་རྣམ་ལྔའི་གསེར་སྐྱེམས་འདི༴ །བཏུང་བ་སྣ་ཚོགས་ཕུད་གཏོར་འདི༴ །འབྲུ་དང་སྨན་གྱི་མཆོད་པ་འདི༴ །ནད་གདོན་བར་ཆད་མ་ལུས་ཞི་བ་དང་། །བསམ་དོན་མ་ལུས་མྱུར་དུ་འགྲུབ་གྱུར་ནས། །ལོངས་སྤྱོད་འདོད་རྒུ་དཔལ་ལ་སྤྱོད་པར་ཤོག། ༈ །མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་བཞུགས་སོ། །ཨོཾ་སྭ་སྟི། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ལ། དཀྱིལ་འཁོར་དང་གཏོར་མ་དང་མཆོད་པ་རྣམས་ལེགས་པར་བཤམས་ནས། །སློབ་མ་རྣམས་གྲལ་ལ་
འཁོད་དེ། ཚོགས་བསགས་པའི་དོན་དུ་མཎྜལ་དབུལ། དེ་ནས་འཆི་བ་མི་རྟག་པ་བསམ་པ། འཁོར་བའི་ཉེས་དམིགས་བསམ་པ་ལ་སོགས་པའི་ཆོས་བཤད། དེ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་བཏང་ནས། བླ་མས་ཆོས་སྐྱོང་འཁོར་བཅས་མཆོད་བསྟོད་ཀྱིས་མཉེས་པར་བྱས་ལ། བླ་མ་རྗེ་བཙུན་ཁ་སརྤཱ་ཎིར་དམིགས་པའི་ཐུགས་ཀར་ཡིད་བཞིན་གྱི་ནོར་བུ་གཞུང་བཞིན་བསྐྱེད་པའི་ཐུགས་ཀར་མཁའ་འགྲོ་མ་བསྐྱེད། དེའི་ཐུགས་ཀར་ཐིག་ལེ་དམར་པོའི་སྟེང་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་ཅིག་བསྒོམ། སློབ་མས་མོས་འདུན་དྲག་པོས་བླ་མ་རིན་པོ་ཆེས་བདག་ལ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། སློབ་མ་ཐ་མལ་དུ་གནས་པའི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་གཅིག་བསྒོམ། དེའི་སྟེང་དུ་ཐིག་ལེ་དཀར་པོ་ཅིག་བསྒོམ། དེ་ནས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་མགོན་པོ་ཇི་ལྟ་བར་བསྐྱེད་པའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཐིག་ལེ་དམར་པོའི་སྟེང་དུ་ཧཱུྃ་དཀར་པོ་དང་བཅས་བསྒོམ་དུ་བཅུག་ལ། སློབ་མས་མོས་འདུན་དྲག་པོས། བཅོམ་ལྡན་ཡིད་བཞིན་ནོར་བུ་ཡི། །སྐུ་ཡི་རྗེས་གནང་དབང་བསྐུར་ནི། །བདག་ལ་དབབ་པར་མཛད་དུ་གསོལ། །ཞེས་བརྗོད་ལ། དཔོན་སློབ་གཉིས་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དུར་ཁྲོད་བསིལ་བའི་ཚལ་ནས་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་བྱོན་ནས་སློབ་མ་རྣམས་ལ་སིབ་སིབ་ཐིམ་པར་བསམ། བླ་མ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ནས། བླ་མ་རྣམས་ཀྱི་མཚན་ནས་བརྗོད་ལ་གསོལ་བ་བཏབ་ལ། བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་ཁྱོད་ཀྱིས་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བའི་ཕྱི་བཞིན་རྒྱུག་ཅིང་འབྲངས་ལ། ཚེ་
དང་ལྡན་པ་འདི་བྱ་བའི་སྐབས་དང་སྦྱར། ད་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཕྲིན་ལས་གང་དགོས་སྒྲུབས་ཤིག ཅེས་བརྗོད་དོ། །གསུང་གི་རྗེས་གནང་ནི། བཅོམ་ལྡན་ཡིད་བཞིན་ནོར་བུ་ཡི། །གསུང་གི་དབང་བསྐུར་རྗེས་གནང་ནི། །བདག་ལ་བྱིན་གྱིས་བརླབས་ཏུ་གསོལ། །ཞེས་བླ་མ་ལ་གསོལ་བ་བཏབ་ལ། བླ་མའི་ཐུགས་ཀ་ནས་སྙིང་པོ་ཡིག་འབྲུ་བཅུ་གསུམ་པོ་སློབ་མའི་སྙིང་ག་ནས་བཅུག་ནས། ཧཱུྃ་དཀར་པོ་ལ་འཁོར་བར་དམིགས་ནས། རྗེས་ཟློས་གསུམ་བྱ། རྩ་སྔགས་སིདྡྷི་མ་འདྲེན། བཀའ་བསྒོ་བ་ནི། བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་ཁྱོད་ཀྱིས་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བའི་ཕྱི་བཞིན་དུ་རྒྱུག་ཅིང་འབྲངས་ལ་ད་ནས་བྱང་ཆུབ་མ་ཐོབ་བར་ཞེས་པ་གོང་བཞིན་བྱ། ཐུགས་ཀྱི་རྗེས་གནང་ནི། གསོལ་བ་གདབ། བཅོམ་ལྡན་ཡིད་བཞིན་ནོར་བུ་ཡི། །ཐུགས་ཀྱི་དབང་བསྐུར་རྗེས་གནང་ནི། །བདག་ལ་བྱིན་གྱིས་བརླབས་ཏུ་གསོལ། །བླ་མའི་ཐུགས་ཀའི་པད་ཉིའི་སྟེང་དུ་ཧཱུྃ་དཀར་ལ་འཚེར་བའི་དབུས་སུ་སངས་རྒྱས་མཁའ་འགྲོ། ཤར་དུ་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་བཞུགས་པ་བླ་མའི་ཤངས་གཡས་ནས་ཐོན། སློབ་མའི་སྣ་བུག་གཡོན་ནས་ཞུགས་པས་སྙིང་གར་ཐིམ་པར་བསམས་ནས་བཀའ་བསྒོ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཡང་ཕྲིན་ལས་ཀྱི་གསོལ་གདབ་བྱས་ལ། བླ་མའི་ཐུགས་ཀའི་མཁའ་འགྲོ་ལྔ་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཚོགས་བདག་གི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་པས་ནོར་ལྷ་རྣམས་དང་། གཞན་ཡང་འཇིག་རྟེན་པའི་མཐུ་ཆེ་བ་རྣམས་དང་། རང་གི་བསྒྲུབ་བྱ་དེ་བཀུག་ནས་ཚོགས་བདག་ལ་བསྟིམ་མོ། །བླ་མའི་རྩ་འཁོར་ལོ་བཞིའི་མཁའ་འགྲོ་རྣམས་དབུ་མའི་ནང་ནས་ཡར་སོང་བས། སྨིན་ཕྲག་གི་མཁའ་འགྲོ་ལྔ་ལ་ཐིམ།
དེ་རྣམས་ལས་མཁའ་འགྲོ་དཔག་ཏུ་མེད་པ་འཕྲོས། རིགས་དེ་འདྲ་བ་དཔག་ཏུ་མེད་པ་དབང་དུ་བསྡུས། སློབ་མའི་སྨིན་ཕྲག་གི་མཁའ་འགྲོ་ལྔ་ལ་ཐིམ་པར་བསམ་མོ། །ཐོད་པའི་ནང་གི་བུམ་པ་རིན་པོ་ཆེས་ཁེངས་ནས་ལུད་པས་ཐོད་པའང་ཁེངས་ནས་ཆིལ་ལི་ལི་ལུད་པས་རང་དང་སེམས་ཅན་ཐམས་ཅད་ལ་དགོས་འདོད་ཆར་བཞིན་བབས་པར་བསམ། གཏོར་མ་ཟུར་བརྒྱད་པའི་ཐ་མ་མཐེབ་ཀྱུ་དང་། ཟན་རིལ་བུ་སུམ་བརྩེགས་ཀྱིས་བསྐོར་བ་དེ་ལ་མགོན་པོར་བསྐྱེད། དེ་ལ་ཡེ་ཤེས་པ་དགུག་གཞུག་བྱའོ། །རྗེས་གནང་གི་དམིགས་པ་ཐོན་པ་དང་། གཏོར་མ་དེ་སློབ་མའི་མགོར་བཞག་ལ། བླ་མ་མགོན་པོ་དབྱེར་མེད་སློབ་མའི་མགོ་ཐོག་ཏུ་བྱོན་ཅིང་། ཆེམ་ཆེམ་འུར་འུར་བྱོན་པར་བསམ། སྣང་སྲིད་ཐམས་ཅད་དབང་དུ་འདུས་པ་དང་། མཁའ་འགྲོ་ཐམས་ཅད་དགྱེས་པར་བསམ། མཎྜལ་ནི་ཆོས་འབྱུང་དཀར་པོ་མེ་རི་དམར་པོ། ཁྱམས་ཕྱོགས་མདོག དཀྱིལ་གྱི་ཧཱུྃ་དམར་པོ་ཆོས་འབྱུང་གི་གདེངས་ཀའི་ཟུར་ལ་བསྟན་པ་བྲིའོ། །དེའི་སྟེང་དུ་མཎྜལ་མཉྫིའི་སྟེང་དུ་གཏོར་མ་བཞག་ལ་མཆོད་རྫས་ཀྱིས་བསྐོར། མཎྜལ་པདྨ་དཀར་པོ་འདབ་བཞིའི་ལྟེ་བར་ཉི་མ་དང་བཅས་པ། མཐའ་སྐོར་མེ་རིས་བསྐོར་བ་བྲི། ལྟེ་བར་ཧཱུྃ་དཀར་པོ་བྲི། ལུགས་གཅིག་གོ། ༈ །མགོན་པོ་ཡིད་བཞིན་ནོར་བུའི་ལས་ཚོགས་ཐུན་མོང་མ་ཡིན་པ་བཞུགས། བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ལས་ཁ་ཚར་འདི་ལ་ཞི་བ་ནོར་དུ་སྒྲུབ་པ་དང་། དྲག་པོ་མཐུ་རུ་སྒྲུབ་པ་གཉིས་ལས། འདིར་མྱུར་མཛད་ཅེས་པ་ལ་རྟེན་ནས་ཞི་བ་ནོར་དུ་སྒྲུབ་པའོ། །དེ་ལ་དང་པོ་དཀྱིལ་འཁོར་བྲི་བ་དང་། བུམ་པ་བཅའ་བ་དང་། རྫས་རྣམས་བསག་པ་དང་། ལྷ་བསྐྱེད་པ་དང་། བསྙེན་པ་བསྐྱལ་བ་དང་། རྟགས་ཐོན་པའོ། །དེ་ལ་དཀྱིལ་འཁོར་བྲི་བ་གཞུང་ལྟར་བྱ། བུམ་པ་བཅས་པ་དཀྱིལ་འཁོར་བྲིས་པའི་སྟེང་དུ་
མཉྫི་ལ་སོགས་པའི་ཁར་བཞག གཟུངས་ཐག་ནང་རྫས་སོགས་དང་ལྡན་པར་བྱ། མཆོད་གཏོར་རྒྱས་པར་བཤམ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་ནང་གཞལ་ཡས་ཁང་དུ་བསམ། པདྨ་དང་ཉི་མའི་གདན་སྟེང་དུ་ཧྲཱིཿའམ་གཿའི་ཡིག་འབྲུ་ལ་འོད་འཕྲོས། འགྲོ་བའི་དོན་བྱས་ཡིག་འབྲུ་ལ་ཐིམ། ཧྲཱིཿལས་མགོན་པོ་དཀྲོང་གིས་བསྐྱེད། དེ་ཡང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་དྲུག་པ། གཡས་དང་པོ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། གཉིས་པ་ན་ནེའུ་ལེ། གསུམ་པ་ན་བུམ་པ། གཡོན་དང་པོ་ན་གཅོད་པའི་འཁོར་ལོ། གཉིས་པ་ན་ནེའུ་ལེ། གསུམ་པ་ན་འགུགས་པའི་ཕྱག་རྒྱས་མཐེ་བོང་དང་སྲིན་ལག་སྤྲད་པའོ། །དེ་ནས་ཡེ་ཤེས་པ་དགུག་དབང་བསྐུར་རྫོགས། །བྱང་ཆུབ་སེམས་ཀྱིས་ཐོག་དྲངས་ལ། །ཡན་ལག་བདུན་པ་རྫོགས་པར་བྱ། །དེ་ཡི་ཐུགས་ཀར་ཧྲཱིཿལས་ནི། །སྔགས་ཀྱི་ཤམ་བུར་བཅས་པས་བསྐོར། །གཿའམ་ཧྲཱིཿལས་འོད་འཕྲོས་པས། །སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། །གཟུངས་ཐག་གཟུང་ལ་སྙིང་པོ་བཟླ། །ལྷ་ཡི་ཐུགས་དང་རྒྱུད་བསྐུལ་ནས། །འོད་བྱུང་བུམ་པའི་རྫས་ལ་ཕོག །རིན་པོ་ཆེ་དང་བདུད་རྩིར་གྱུར། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི། །དགོས་འདོད་མ་ལུས་འོད་ཀྱིས་བཀུག །ནོར་གྱི་ཆར་པ་བབས་བྱས་ཏེ། །བུམ་པའི་ནང་དུ་ཐིམ་པར་བསམ། །ཨོཾ་མ་ཧཱ་ཀཱ་ལ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཞེས་བྱ་བ་ཡི་སྙིང་པོ་ནི། །སྨྲ་བཅད་ཁམས་ཀྱིས་ཐུབ་ཚད་བགྲང་། །གསོལ་བ་འདེབས་པ་འདི་བཞིན་བྱ། །ཇོ་བོ་གཟི་ལྡན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །སྦྱིན་པ་ཡོངས་སུ་རྫོགས་བྱའི་ཕྱིར། །འབྱོར་པ་ཆེན་པོའི་དངོས་གྲུབ་སྩོལ། །ཞེས་ནི་ལན་བདུན་གསོལ་བ་གདབ། །རྟགས་ནི་འདི་ལྟར་ཤེས་པར་བྱ། །སྒྲུབ་པ་བྱེད་པའི་དུས་སུ་
ནི། །ནོར་བཟང་འབུལ་བ་བྱུང་ན་བཟང་། །ཞལ་མཐོང་བ་ནི་རབ་ཡིན་ནོ། །རྨི་ལམ་རྟགས་ནི་འདི་ལྟར་རོ། །མེ་ཏོག་མཐོར་དང་བཅས་པ་དང་། །གཞན་གྱིས་ཟས་ནོར་འབུལ་བ་དང་། །འཕྱིང་པ་གོས་གསར་སྦྱིན་པ་དང་། །ཆུ་ཡི་ལོངས་སྤྱོད་བྱེད་པ་དང་། །གོ་ཆ་དམག་མི་རྨི་ན་བཟང་། །སྒྲུབ་པ་ཐོན་པའི་དུས་སུ་ནི། །བུམ་པ་ནས་ནི་རང་ཉིད་བཟའ། །དངོས་གྲུབ་བླང་བའི་དོན་ཡང་ཡིན། །མ་འགྲུབ་ལན་གསུམ་བསྐྱར་བར་བྱ། །དངོས་གྲུབ་འབྱུང་བའི་རྫས་རྣམས་ལ། །བརྟེན་ཅིང་སྒྲུབ་ལ་བརྩོན་པར་བྱ། །དཀོན་མཆོག་གསུམ་ལ་མཆོད་པར་བྱ། །དབུལ་པོ་རྣམས་ཀྱི་དོན་ཡང་བྱ། །རང་ལ་ཞེན་པ་མེད་པར་བྱ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཁོ་ཡིས་ཡོན་བདག་བྱེད་པར་འགྱུར། །འདི་ཡི་ཡིག་སྣ་ཡོད་པ་ཙམ་གྱིས་བང་མཛོད་འཕེལ། འབྲུ་འཁྲུང་། ལོ་ལེགས་འོང་། བསམ་པ་འགྲུབ་བོ། །གཏོར་མ་ཆེ་བ་གཏར་གཟུང་། གཏོར་ཆུང་ཞག་རེ་ལ་ཉི་ཤུ་རྩ་རེ་གཏང་། སྐར་མ་རྒྱལ་འཛོམ་པ་ལ་སྒྲུབ་པ་བྱེད་པའི་དུས་སུའོ། །སྒྲུབ་པའི་དུས་ནི་ཡར་ངོའི་ཚེས་བརྒྱད་ནས་གནམ་སྟོང་གི་བར་ལ་བྱའོ། །ས་མ་ཡ། ༈ །མགོན་པོ་ཡིད་བཞིན་ནོར་བུའི་བུམ་གཏེར་བཅའ་ཐབས་བཞུགས། མགོན་པོ་གཟི་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བུམ་པ་ཁ་ཡངས་ཤིང་མཆུ་ཡོངས་སུ་གྲགས་པ་དང་ལྡན་པ། མ་ཆག་པ། མ་གས་པ། ལྷན་པ་མེད་པ། དྲི་མ་དང་བྲལ་ཞིང་གཙང་བའི་ནང་དུ། ནས་དཀར་མོ་སད་ལ་སོགས་པའི་སྐྱོན་དང་བྲལ་ཞིང་། སྦུན་སོག་དང་སྲན་མ་དང་། རྡོ་ལ་སོགས་པ་གཅིག་ཀྱང་མེད་ཅིང་ཕྱུག་པོའི་བང་མཛོད་ནས་བྱུང་བའམ། ཡང་ན་འབྲས་དཀར་མོ་མ་གྲུས་པ་སྟེ། དེ་གཉིས་གང་ཡང་རུང་བས་ཁེངས་པར་བཀང་། དེའི་སྟེང་དུ་གསེར། དངུལ། བྱེ་རུ། མུ་མེན། གཡུ་རྙིང་། ཟངས། པདྨ་རཱ་ག དུང་ལ་སོགས་པ་རིན་པོ་ཆེ་རྙེད་
ཚད། གོས་དར་བཟང་པོའི་རས་མ་རིགས་མི་གཅིག་པ་རྙེད་ཚད། ཇ་དཀར་ནག་དང་། ཤ། མར། བུ་རམ། རྒུན་འབྲུམ་ལ་སོགས་པའི་ཟས་སྣ། ཨ་རུ་ར་རྣམ་རྒྱལ་ལམ། མ་རྙེད་ནའང་གཞན་གསེར་མདོག་བཟང་པོ་དང་། བཟང་དྲུག་དང་། ག་བུར། ཨ་ག་རུ། ཙནྡན་དཀར་དམར། དབང་ལག་ལ་སོགས་གཞུག་ཅིང་། དེ་དག་ནི་དབུས་སུ་བུམ་པའི་མགྲིན་པ་དང་། ལྟོ་བའི་མཚམས་ལས་ཅུང་ཟད་མཐོ་བ་ཙམ་དུ། མགོན་པོ་གཟི་ལྡན་གྱི་སྐུ་ཙཀླི་རབ་གནས་ཚུལ་བཞིན་དུ་བྱས་པ་བུམ་པའི་མཆུ་ལ་བརྟེན་ཅིང་། བུམ་རྫས་ཀྱི་ནང་དུ་ནུབ་པར་བཞུགས་སུ་བཅུག བུམ་པའི་མཆུ་རང་ལ་བསྟན། ཞག་རེ་ལ་ཐུན་བཞིར་བུམ་པའི་ནང་དུ་མགོན་པོ་བསྐྱེད། ཡེ་ཤེས་པ་གཞུག གསོལ་བ་དྲག་ཏུ་གདབ། གཏོར་མ་ཆེ་བའི་ནང་དུ་གཏོར་ཆུང་བསྟབ། གཏོར་མ་ཆེ་བ་ནི་ནས་དཀར་སོ་གཙང་མའི་རྗེན་ཕྱེ་བཏགས་ལ། དཔལ་བཤོས་ཟུར་གསུམ་ཁྲུ་གང་བ། མར་དང་། སྦྲང་རྩི་དང་། བུ་རམ་གྱིས་བརྒྱན་ཅིང་རྩེ་མོར་མར་གྱི་ནོར་བུ་འབར་བ་དང་། མདུན་ཕྱོགས་ཀྱི་ལོགས་ལ་མར་དཀར་པོ་ཆེན་པོ་བྲིས་པ། མཐེབ་ཀྱུ་བརྒྱ་རྩ་བརྒྱད་ཀྱི་བཅད་ཁ་ནང་དུ་བསྟན་ནས་བསྐོར་བ། སྣོད་ཟངས་ཀྱི་ཀ་ཊོ་ར་ལ་སོགས་པ། གས་ཆག་དང་། བུག་པ་དང་། ལྷན་པ་ལ་སོགས་མེད་པ་ཆེན་པོ་བྱ། ཙཀླི་དང་། མེ་ལོང་དང་། དར་དཀར་དམར་མཐིང་གསུམ་གྱིས་མདའ་རྒོད་སྒྲོ་མ་མེས་མ་རེག་པ་ལ་བརྒྱན་པའི་མདའ་དར་གཟུག ཐུན་དང་པོ་ལ་གཏོར་ཆུང་ཅིག་བླ་མ་ཡི་དམ་ལ་འབུལ། དེ་མ་གཏོགས་ཐུན་བཞི་པོ་རེ་རེ་ལ་གཏོར་ཆུང་ལྔ་ལྔ་མགོན་པོ་རང་ལ་དབུལ། གཏོར་མ་ཆེ་བ་དང་པོ་ནས་སྣོད་ཁེངས་པ། མཐེབ་ཀྱུ་སྣོད་ཕྱིར་མ་ཐལ་བ་བྱ། གཏོར་ཆེན་མགོན་པོར་བསྐྱེད། ཡེ་ཤེས་པ་གཞུག དེ་དང་བུམ་པའི་ནང་གི་མགོན་པོ་དབྱེར་མེད་དུ་མོས་ནས། གཏོར་ཆུང་དབུལ། གཏོར་ཆུང་ནི་གཏོར་མ་ཆེ་བའི་མདུན་དུ་སྣོད་གཞན་བཞག་པའི་ནང་དུ་འབུལ་དུ་རུང་། གཏོར་མ་བྱིན་རླབས་གཞུང་བཞིན་ནོ། །
གཏོར་ཆུང་འབུལ་བའི་ཚེ་རེ་རེ་ལག་པ་གཡས་པས་བཟུང་སྟེ། རྩ་སྔགས་སིདྡྷི་མ་ཡི་གེ་བཅུ་གསུམ་གྱི་མཐར། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ནས་དབུལ། སྒྲུབ་པ་ཐོན་ཁའི་ཐུན་ཐ་མ་ལ། གཏོར་མ་ཆེ་བའི་མགོན་པོ་ནམ་མཁའ་ལ་བཞུགས་སུ་གསོལ་ནས། གཏོར་མ་ཆེ་བ་ལེགས་པར་བྱིན་གྱིས་བརླབས་ཏེ་དབུལ། ཐུན་ཐམས་ཅད་ལའང་གཏོར་མ་ཆེ་བ་མཐེབ་ཀྱུ་རེ་རེས་གསོ། སྒྲུབ་པའི་བར་ལ་མཚམས་དམ་པར་བཅད། གཞན་ལ་གསང་། ངག་བཅད། སྒྲུབ་རྫས་ཕྱིར་མི་འདོན། སྟན་མི་སྤྲུག ཕྱག་དར་མི་བྱ། དབང་སྡུད་ཀྱི་འཁོར་ལོ་བྲིས་ནས་རབ་གནས་བྱས་པ་སྐུད་པ་དམར་པོས་དཀྲིས་ཏེ། སྒྲུབ་པའི་བར་བུམ་པའི་མགུལ་པར་བཏགས་ལ། སྒྲུབ་པ་ཐོན་དུ་ཉེ་བའི་ཐུན་ཐ་མའི་ཚེ། གཏོར་མའི་མགོན་པོ་ནམ་མཁར་བཏེག་པ་དེ་ལ་གཏོར་མ་ཕུལ་ཚར་ནས་འཁོར་ལོ་ལ་བསྟིམས་ཏེ་འཁོར་ལོ་རང་གི་ལུགས་ལ་བཅངས་པས། གང་འདོད་པ་དབང་དུ་འགྱུར་རོ། །སྒྲུབ་པ་ཐོན་ནས་ཐོད་པ་དུམ་བུ་གཅིག་ལ་མཚན་ལྡན་གྱི་ནང་དུ་སྔར་གྱི་བུམ་རྫས་རྣམས་ནས་དང་བཅས་པས་བཀང་བའི་ནང་དུ་བུམ་པའི་ནང་གི་སྐུ་ཙཀླིའི་ཞལ་ཐོད་པའི་དཔྲལ་བར་བསྟན་ནས། སྐུ་ནས་ལ་ནུབ་པར་བྱས་ཏེ་བཅུག་པ་རང་གི་ཉེ་བའི་ཁང་པའམ། རང་གི་མཆོད་ཁང་དུ་གཞན་གྱིས་མི་མཐོང་བར་བཞུགས་སུ་བཅུག་པའི་མདུན་དུ་འཛིན་གཏོར་བཅས་ཏེ་ནུབ་རེ་བཞིན་གསོ་ཞིང་དབུལ། གཞན་བུམ་པའི་རྫས་ཀྱི་ནས་སམ་འབྲས་ལྷག་མ་རང་ཁོ་ནས་ལོངས་སྤྱད་ཅིང་། སྒྲུབ་པའི་གཏོར་མའང་རང་ཁོ་ནས་དངོས་གྲུབ་དུ་བླང་། སྒྲུབ་རྫས་རྣམས་དང་པོ་འཚོལ་བའི་ཚེ་དམ་ཉམས་དང་གྲིབ་ཅན་གྱི་ལག་ནས་བྱུང་བ་དང་མ་འདྲེས་པར་བྱ་ཞིང་བསང་སྦྱངས་ལེགས་པར་བྱས་ནས། གུ་གུལ་གྱིས་བདུགས་ཏེ་བུམ་པའི་ནང་དུ་གཞུག་པར་བྱ་ཞིང་། ཆང་ཕུད་དང་། གཏོར་ཕྱེ་མ་འབགས་པ་གལ་ཆེའོ། །ཞལ་ཤེས་ཞིབ་
པར་ཡི་གེར་བཀོད་པ་ཡིན་པས། ཆེས་ཤིན་ཏུ་གསང་བར་བྱའོ། །དཔེ་སུ་ལའང་མི་བསྟན་ནོ། །ས་མ་ཡ་རཀྵནྟུ། ༈ །དབང་སྡུད་ཀྱི་འཁོར་ལོའི་མན་ངག་ཟབ་མོ་བཞུགས། དབང་སྡུད་ཀྱི་འཁོར་ལོ་བྲི་བ་ནི། བྲི་བའི་གཞི་དར་དང་རས་དམར་པོ། གྲོ་ག་དང་ཤོག་བུ་གང་ཡང་རུང་བའོ། །དུས་ནི་སྐར་མ་རྒྱལ་འཛོམ་པའི་ཡར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་སྔ་དྲོར། ཁ་ནུབ་ལ་བལྟས་ཏེ། རང་ཉིད་མགོན་པོ་ཡིད་བཞིན་ནོར་བུའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་བསྒོམ་ལ། ཡེ་ཤེས་པ་སྤྱན་དྲངས་ནས་བཅུག་སྟེ། བཟླས་པ་ཅུང་ཞིག་བྱ། མགོན་པོའི་ང་རྒྱལ་ལ་གནས་པས་བྲི་བར་བྱའོ། །རྫས་ནི་གུར་གུམ། གི་ཧཾ། སིནྡྷུ་ར་རང་བྱུང་། རྒྱ་སྐྱེགས། ཙནྡན་དམར་པོ་རྣམས་ཀྱི་ཁུ་བ་བསྲེས་པའི་མཚལ་གྱིས་བྲི་བར་བྱ་སྟེ། དེའང་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཧྲཱིཿ དེའི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཆེ་གེ་མོ་«་་་་་མིང་ཡིག་བྲི »ཝཱ་ཤཾ་ཀུ་རུ་ཧོཿཞེས་པ་བྲི། རྩིབས་བརྒྱད་ལ་ཧྲཱིཿ ཤོང་ན་སྔགས་དེ་ཉིད་ཁ་ནང་དུ་བསྟན་པ་བྲི། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་གཡས་སྐོར་དུ་བྲི། མདུན་དུ་བཞག་སྟེ་མཆོད་གཏོར་བཤམ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་གཞུང་བཞིན་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས་གཞུག མཆོད་གཏོར་བཤམས་པ་ཕུལ་ནས། ཐུགས་ཀའི་མཁའ་འགྲོ་མ་མགོན་པོའི་བཤང་ལམ་མམ། ཤངས་བུག་གཡས་ནས་ཐོན་ཏེ། འཁོར་ལོ་ཡིག་འབྲུ་རྣམས་དང་དབྱེར་མེད་དུ་འདྲེས་པར་མོས་ནས། སྔགས་སྤེལ་ཚིག་མེད་པ་སྟོང་རྩ་བརྒྱད་དམ། བརྒྱ་རྩ་བརྒྱད་བཟླས་པའི་མེ་ཏོག་གཏོར། བརྟན་བཞུགས། བསྒྲུབ་བྱའི་རྣམ་ཤེས་བཀུག་ནས་འཁོར་ལོའི་མིང་ཡིག་ལ་བསྟིམ་པ་ལན་མང་དུ་བྱས་ནས་འཁོར་ལོ་དྲིལ་ཏེ། གཞོན་ནུ་མ་མ་ཉམས་པས་བཀལ་བའི་སྐུད་པ་དམར་པོས་འཁོར་ལོ་མི་མཐོང་བར་དཀྲིས་ནས་ལུས་
ལ་བཅང་བའམ། འཛིན་གཏོར་གྱི་མདའ་དར་ལ་གདགས། ཞག་རེ་བཞིན་སྤེལ་ཚིག་དང་བཅས་པའི་བཟླས་པ་མ་ཆག་པར་བྱའོ། །ཆེས་ཟབ་པའི་མན་ངག་གོ །གསང་ངོ། །རྒྱ་རྒྱ་རྒྱ། ས་མ་ཡ། ། ས་མ་ཡ་མ་ཏི་ཀྲ་མ་ན་མོ། །དང་པོར་བྱིན་གྱིས་བརླབ་པའི་ནག་པོ་ཆེན་པོའི་བསྙེན་པ་གྲངས་ཚད་རྫོགས་པར་བྱའོ། །དེ་ནས་མགོན་པོ་ཡིད་བཞིན་ནོར་བུའི་བསྙེན་སྔགས་སིདྡྷི་མ་བསྙེན་པ་གྲངས་ཐམས་ཅད་ཚང་བ། དངོས་སམ་རྨི་ལམ་གྱི་རྟགས་གང་ཡང་རུང་བ་ཐོན་ངེས་པར་བྱ། དེ་ནས་མགོན་པོ་གཟི་ལྡན་དང་། བསྙེན་སྔགས་གྷ་ས་ཏ་དང་། རྫས་བུམ་པ་དང་། འཁོར་ལོ་ལ་སོགས་པ་ལ་བརྟེན་པའི་སྒྲུབ་པ་དང་ལས་སྦྱོར་རྣམས་ཉམས་སུ་ལེན་པ་ལ་འཇུག་པ་ཡིན་ནོ། །གཏོར་མ་ལྷ་རུ་བསྐྱེད་པ་ཡིན་ན། གཏོར་མའི་ལོགས་ལ་མར་གྱིས་ཧཱུྃ་བྲི། ལྷ་རུ་མི་བསྐྱེད་པའི་འཛིན་གཏོར་ནར་མ་སོགས་ལ་མར་དང་བུ་རམ་གྱིས་ནོར་བུ་བྱེད་ཀྱི། ཧཱུྃ་བྲི་བ་མ་ཡིན་ནོ། །ས་མ་པ་ཐཱ་མི་ཐི།། ༈ །ཡིད་བཞིན་ནོར་བུའི་སྦྱིན་སྲེག་བཞུགས། མགོན་པོ་འདིའི་སྦྱིན་སྲེག་ལ་གཉིས་ལས། རྒྱས་པའི་སྦྱིན་སྲེག་བྱེད་ན། ཐབ་ཁུང་ལ་སོགས་པ་ཐམས་ཅད་སྤྱི་དང་མཐུན་པར་བྱས་ནས། མེ་ཏོག་སེར་པོ་ལ་སོགས་པ་བསྲེག་རྫས་དང་། མགོན་པོ་ཡིད་བཞིན་ནོར་བུ་ཐུགས་ཀའི་མཁའ་འགྲོ་མ་དང་བཅས་ཐབ་ནང་དུ་འཇིག་རྟེན་པའི་མེ་ལྷའི་ཐུགས་ཀའི་མེ་གྲུ་གསུམ་གྱི་དབུས་སུ་བསྐྱེད་ནས་ཡེ་ཤེས་པ་གཞུག་པ་སོགས་བྱ། འདས་པའི་མེ་ལྷ་ལ་བསྲེག་རྫས་བརྒྱ་རྩ་བརྒྱད་རེ་འབུལ་བ་དང་། སྔགས་ནི། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ན་སིདྡྷི་ཛཿ བདག་མིང་འདི་ཞེས་བགྱི་པའི་འཁོར་དང་ལོངས་སྤྱོད་དང་ནོར་དང་འབྲུ་དང་། རིན་པོ་ཆེ་ལ་སོགས་པ་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྔགས་རེ་དང་རྫས་རེ་སྤེལ་ལ་དབུལ། དེ་ནས་འདས་པའི་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ།
འཇིག་རྟེན་པ་ལ་ལྷག་མ་ཕུལ་ནས། འཇིག་རྟེན་པའི་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པ་སོགས་ཆོ་ག་སྤྱི་དང་འདྲའོ། །དབང་སྡུད་ལ་ཟླ་གམ་དམར་པོ་བྲིས་པའམ་བརྩིགས་པ་ལ། བསྲེག་རྫས་སོགས་ཆོ་ག་གཞན་ཐམས་ཅད་དབང་གི་སྦྱིན་སྲེག་སྤྱི་དང་མཐུན་པ་ལ། མགོན་པོའི་ཐུགས་ཀའི་མཁའ་འགྲོ་མ་དང་བཅས་པར་བསྲེག་རྫས་འབུལ་བའི་ཚེ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཆེ་གེ་མོ་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་སྔགས་རེ་རྫས་རེ་སྤེལ་ནས་འབུལ་བའི་ཚེ་དུས་སུ་ཐུགས་ཀའི་མཁའ་འགྲོ་མ་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས། བསྒྲུབ་བྱའི་སྙིང་གའམ། བྷ་ག་ནས་ལྕགས་ཀྱུས་བཀུག ཌ་མ་རུའི་སྒྲས་སེམས་མྱོས་པར་བྱས་ཏེ་རང་དབང་མེད་པར་བཀུག་ནས། བདག་གི་རྐང་པའི་དྲུང་དུ་བཞག་པར་བསམ་པ་ཡང་ཡང་བྱའོ། །ཐུག་པ་བསྐོལ་བའི་མེ་ལ་ཡང་བསྐྱེད་ཆོག་མདོར་བསྡུས་བྱས་ནས་ཚྭ་དང་ཕྱེ་མར་ལ་སྔགས་དང་བཅས་ནས་ཅུང་ཟད་རེ་འབུལ་བའི་སྦྱིན་སྲེག་བྱ་བར་ཡང་གསུངས་སོ། །། ༈ །ཡིད་བཞིན་ནོར་བུའི་གཏེར་བུམ་བཅའ་བའི་གདམས་པ་ཟབ་མོ་བཞུགས། ན་མོ་གུ་རུ། ཆོས་སྐྱོང་གི་བུམ་པ་བཅའ་བའི་ཐབས་ནི། དང་པོ་བུམ་པ་སོ་བཏང་བ། མ་སྤྱད་པ། ཚད་བྲེ་གང་ཤོང་བ་ཡན་ཆོད། མགྲིན་པར་བཀྲ་ཤིས་རྫས་བརྒྱད་བྲིས་པའི་ནང་དུ། ཆོས་སྐྱོང་གི་སྐུ་གཟུགས་དང་། རྩ་བའི་སྔགས་སིདྡྷི་མའི་མཇུག འདོད་པའི་དོན་ཞུ་བའི་ཚིག རྟེན་འདི་ལ་གནས་པར་མཛད་དུ་གསོལ། གནས་འདིར་སྐྱེ་བོ་ཐམས་ཅད་གུས་པས་འདུ་ཞིང་འབྱོར་པ་ཐམས་ཅད་ཆུ་བོའི་ཚོགས་བཞིན་འདུ་བར་མཛད་དུ་གསོལ། ཞེས་པ་དང་། སྲུངས་ཤིག་ལ་སོགས་པ་བཏགས་ལ་དེ་འདྲ་བ་མཐིང་ཤོག་ལ་གསེར་གྱིས་བྲིས་པ་དང་། ག་བུར་དང་། བུ་རམ་དང་། ཙནྡན་དམར་པོ། རང་བྱུང་། གི་ཧམ་ལ་སོགས་པས་བྲིས་པ་ཕྱོགས་བཞི་ནས་དབུས་
ཀྱི་སྐུ་གཟུགས་ལ་ཁ་བསྟན་ཏེ་བཞག སྐུ་རབ་གནས་ལེགས་པར་བྱས་པའི་ཞལ་བུམ་པའི་མཆུ་ལ་བསྟན། བུམ་རྫས་རིན་པོ་ཆེ་སྣ་ཚོགས་པ་དང་། སྨན་སྣ་ཚོགས་པ་དང་། འབྲུ་སྣ་ཚོགས་པ་དང་། དར་ཟབ་སྣ་ཚོགས་དང་། མངར་གསུམ་ལ་སོགས་པའི་ཟས་སྣ་ཚོགས་པ་དང་། མགོན་པོའི་དམ་རྫས་སྣ་ཚོགས་བཅུག་ལ་ཁེངས་པར་དགང་། ལུག་དར་མའི་སོག་པ་གཡས་པའི་བལ་རྩི་མེད་པས་ཁ་བཅད། དེའི་སྟེང་དུ་མཐིང་ཤོག་ལ་གསེར་གྱི་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། དེ་ནས་ཚོན་སྣ་ལྔའི་སྐུད་པས་མགུལ་པ་བཅིངས་ལ། དེའི་རྗེས་ཁའི་སྟེང་ནས་རྒྱ་གྲམ་དུ་བཅིང་ངོ། །དེ་ནས་རང་གི་གནས་ཁང་གི་མཛོད་དམ། དགེ་འདུན་གྱི་གཙུག་ལག་ཁང་གི་ཁྱམས་ཀྱི་ནང་ལ་སོགས་པའི་གྱང་ལ་སོགས་ལ། ཐོག་མཚམས་ལས་ཅུང་ཟད་དམའ་བར་ཁུང་བུ་གྲུ་བཞི་པ། དཔངས་སུ་ཁྲུ་གང་བ་བྱས་པའི་ནང་ལ་ཞལ་ཞལ་ལེགས་པོ་བྱ། མཚལ་གྱིས་བྱུག སིནྡྷུ་རེའི་གཡུང་དྲུང་རིས་ཕྱོགས་བཞིར་བྲི། དེའི་ནང་དུ་མཐིང་ཤོག་ལ་གསེར་གྱི་པདྨ་འདབ་བརྒྱད་བྲིས་པ་གདིང་། དེའི་སྟེང་དུ་བུམ་པ་དར་སྣ་ལྔའི་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ནས། ཞལ་ཁང་པའི་ཕུགས་སམ་གཙང་ཁང་སོགས་ལ་བསྟན་ལ་བཞག དེའི་སྟེང་ནས་དར་གྱི་གུར་དབུབ། མདུན་གྱི་མར་གྱི་གཏོར་མ་ནོར་བུས་བརྒྱན་པ་བཞག རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས་ལྷོ་ཕྱོགས་བསིལ་བའི་ཚལ་ནས་མགོན་པོ་སྤྱན་དྲངས་ནས་བུམ་པའི་ནང་དུ་ཐིམ་པ་དང་། གསོལ་བ་བཏབ་ནས་བརྟན་པར་བཞུགས་པ་ལན་བརྒྱ་རྩ་བརྒྱད་དམ། ལྔ་བཅུའམ་ཉེར་གཅིག་བྱ། མཆོད་བསྟོད་གཏོར་མ་དབུལ། རང་དང་བུམ་ནང་གི་མགོན་པོའི་ཐུགས་ཀའི་མཁའ་འགྲོ་མ་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས་ལྷོ་ཕྱོགས་བསིལ་བའི་ཚལ་ནས་ལྷ་དང་མིའི་རིན་པོ་ཆེ་དང་། འབྱོར་པའི་ཁྱད་པར་ཅི་ཡོད་པ་བཀུག་སྟེ། བུམ་པའི་ནང་གི་རིན་པོ་ཆེ་ལ་སོགས་པ་རྣམས་ལ་ཐིམ་པ་ཡང་ཡང་བསྒོམས་ནས་བུམ་པའི་མགུལ་པ་ལ་གཟུངས་ཐག་བཏགས་ནས་བཟུང་སྟེ། རྩ་སྔགས་སིདྡྷི་མ་སྟོང་རྩ་བཟླ།
བུམ་པའི་ནང་གི་ནོར་ཟས་རྣམས་ལུད། མགོན་པོའི་ཕྱག་གི་བུམ་པ་དང་ཐོད་པ་ནས་ཀྱང་ལུད། ནེའུ་ལེ་དང་ཚོགས་བདག་གི་ཁ་བཤང་ནས་ཀྱང་རིན་པོ་ཆེ་ལྷུག་ལྷུག་ལུད་ནས། གནས་ཁང་དང་གཙུག་ལག་ཁང་ལ་སོགས་པའི་ནང་ཐམས་ཅད་སྤྱད་པས་ཟད་མི་ཤེས་པ་ཙམ་དུ་ཁེངས་པར་བསམས་པ་བཀྲ་ཤིས་བྱ། བུམ་པ་གཏོར་མ་དང་བཅས་པ་མི་བསྒུལ། འདག་པའི་ས་གྲུ་བཞི་ལ་གཡུང་དྲུང་རིས་བྲིས་པས་ཁ་བཅད། ཕྱི་ནས་ཞལ་ཞལ་བྱས་ཏེ་མི་མངོན་པར་བྱ། དེ་ལྟར་བྱས་ན་གནས་དེར་འབྱོར་པ་ཟད་མི་ཤེས་པ་འབྱུང་སྟེ། ཐུན་མོང་མ་ཡིན་པའི་མན་ངག་ཟབ་པ་ཡིན་ཅིང་། ཞལ་ཤེས་རྣམས་ཀྱང་ཡི་གེར་བཀོད་པ་ཡིན་པས། དཔེ་གཞན་ལ་མི་བསྟན་པར་ཆེས་ཆེར་གདམས་པར་བྱ། ས་མ་ཡ་རྒྱ་རྒྱ། ༈ །ནག་པོ་ཆེན་པོའི་བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ་ཞེས་བྱ་བ་བཞུགས། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཆོས་དབྱིངས་སྤྲོས་དང་བྲལ་བའི་རང་བཞིན་ལས། །གདུག་པ་འདུལ་ཞིང་བར་ཆད་སྲུང་བའི་ཕྱིར། །འཇིགས་བྱེད་འཇིགས་པར་བྱེད་པའི་རྣམ་འཕྲུལ་གྱིས། །ཐུགས་དམ་རྗེས་སུ་སྐྱོང་ལ་བདག་བསྟོད་དོ། །སྒེག་ཅིང་དཔའ་གཏུམ་མི་གདུག་གཟུགས་འཆང་བ། །འཇིགས་པའི་ཆ་ལུགས་བསྐལ་པའི་མུན་རིམ་བཞིན། །མཐིང་ནག་རབ་འབར་རྣམ་འགྱུར་ཅི་ཡང་སྟོན། །ཁྲོ་གཏུམ་གཤིན་རྗེའི་གཤེད་ལ་བདག་བསྟོད་དོ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་བ་ཡི། །ཧཱུྃ་དང་ཕཊ་ཀྱིས་ལོག་འདྲེན་སྙིང་རབ་འགས། །ཧ་ལ་ཧ་ལའི་གད་མོས་འཇིག་རྟེན་གཡོ། །རབ་བརྗིད་འབྲུག་སྒྲ་སྒྲོགས་ལ་བདག་བསྟོད་དོ། །སྙིང་རྗེ་རྔམ་ཞིང་ཞི་བའི་རང་བཞིན་ལས། །སྒྲིབ་གཉིས་བག་ཆགས་སྤྲོས་པའི་ཕྱོགས་ལས་དབེན། །འགྲོ་འོང་སྐྱེ་བའི་འཕོ་འགྱུར་མེད་པའི་ཀློང་། །དུས་གསུམ་རྣམ་པར་གཟིགས་ལ་བདག་བསྟོད་དོ། །གང་གིས་ཁྱེད་ལ་གུས་པས་གསོལ་བཏབ་ན། །མཆོག་དང་ཐུན་མོང་དཔལ་འབྱོར་དགོས་འདོད་ཀུན། །དབང་གི་རྒྱལ་པོ་ལས་ཀྱང་ལྷག་
པར་འགྱུར། །ཡོན་ཏན་མི་ཟད་གཏེར་ལ་བདག་བསྟོད་དོ། །བདུད་བཞི་དྲེགས་པ་གདུག་པའི་ཚོགས་པ་ལ། །གནམ་ལྕགས་རལ་གྲི་གངས་རིའི་ཆར་ཕབ་ནས། །སྐད་ཅིག་ཉིད་ལ་བསྒྲལ་ནས་རྗེས་སུ་འཛིན། །ཕྲིན་ལས་ཐོགས་པ་མེད་ལ་བདག་བསྟོད་དོ། །གཏོར་མ་རྒྱ་ཆེན་འབུལ་གྱི་མི་དགེ་བཤགས། །ཉིད་ཀྱི་ཟག་མེད་དགེ་ལ་རྗེས་ཡི་རང་། །འགྲོ་བའི་དོན་དུ་བཀའ་སྒྲུབ་སྐྱོང་བ་ལ། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །ས་བཅུའི་མངའ་བདག་བྱང་ཆུབ་སེམས་དཔའ་ཁྱོད། །བསྟན་པ་བསྲུང་ཞིང་འགྲོ་བ་འདུལ་བའི་ཕྱིར། །སྔོན་གྱི་ཐུགས་དམ་ཞལ་གྱིས་བཞེས་པ་རྣམས། །དྲན་པར་མཛོད་ལ་ཡུད་ཙམ་བདག་ལ་དགོངས། །ཐུབ་པའི་བསྟན་པ་སྣུམ་ཟད་མར་མེ་བཞིན། །དམ་པ་རྣམས་ནི་ཉིན་སྐར་རུས་སྦལ་སྤུ། །བླུན་པོ་བཀུར་ཞིང་མཁས་བཙུན་རིང་དུ་བསྲིངས། །ཡང་དག་ཆོས་ནུབ་ཆོས་མིན་དར་བའི་དུས། །ལམ་ཞུགས་ཕལ་ཆེར་བདུད་ཀྱི་ཞགས་པས་ཟིན། །ཁྱེད་ཀྱི་ཕྲིན་ལས་ནུས་པ་ཟད་དམ་ཅི། །ཀྱེ་མ་བདག་གིས་མ་བཟོད་ཞུས་པའི་དོན། །རྡོ་རྗེ་གཏུམ་མཆོག་ཁྱོད་ལ་གསོལ་འདེབས་ཀྱི། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་མཆོག །ཉིན་མོའི་པདྨོ་བཞིན་དུ་རྒྱས་པ་དང་། །བཀའ་བཞིན་སྒྲུབ་པའི་སྐྱེས་མཆོག་དམ་པ་རྣམས། །སྐུ་ཁམས་བཟང་ཞིང་དོན་གཉིས་མཐར་ཕྱིན་མཛོད། །ཡུལ་ཁམས་ཀུན་ཏུ་དུས་ངན་འཐབ་རྩོད་ཞི། །ནད་དང་ཉེར་འཚེ་མུ་གེ་མེད་པ་དང་། །སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་གྱུར་ནས། །མྱུར་དུ་སྲིད་ཞིའི་མཐའ་ལས་གྲོལ་བར་མཛོད། །བླ་མའི་སྐུ་དགྲ་བསྟན་པའི་དཀྲུགས་ཤིང་བྱེད། །བསྒྲལ་བའི་ཞིང་དུ་གྱུར་པའི་མ་རུངས་རྣམས། །རྩད་ནས་བཅད་ནས་མ་ནོར་ལམ་མཆོག་ཏུ། །གཞུག་ཅིང་དོན་ཆེན་འགྲུབ་པའི་ལས་མཛོད་ཅིག །མགོན་པོ་མཆོག་ལ་བསྟོད་ཅིང་གསོལ་བཏབ་པས། །བདག་ནི་སྒྱུ་ལུས་
འདི་ལ་བརྟེན་ནས་སུ། །ས་ལམ་མཐར་ཕྱིན་ཕྲིན་ལས་རྣམ་བཞི་ཡིས། །འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམ་པར་ཤོག །ནག་པོ་ཆེན་པོའི་བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ་ཞེས་བྱ་བ་འདི། ཀུན་དགའ་འོད་ཀྱིས་རྨོག་ལྕོག་འོད་གསལ་གྱི་གཞལ་ཡས་ཁང་དུ་ཆོས་སྐྱོང་དང་ཞལ་མཇལ་དུས་བསྟོད་ཅིང་གསོལ་བ་བཏབ་པ་ཡིན་ནོ། ༈ །ཡིད་བཞིན་ནོར་བུའི་རབ་གནས་བཞུགས། རབ་གནས་སྤྱི་དང་མཐུན་པའམ། འདིའི་སྒོས་ཀྱི་རབ་གནས་བྱ། ཡིད་ལ་འདོད་རྒུ་བདེ་བླག་ཏུ་སྩོལ་བ་དང་། དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་སྩོལ་བའི་གསོལ་བ་ཡུན་རིང་དུ་ཡེ་ཤེས་པ་ལ་གདབ། ཡེ་ཤེས་པ་གཞུག་པ་བརྒྱ་རྩ་ལ་སོགས་པ་བྱེད་པ་མན་ངག་ཡིན་ནོ། །བྲིས་སྐུ་བཞེངས་པའི་གནད་དོ། །མགོན་པོའི་རབ་གནས་ཞེས་ཀྱང་ཟེར། རབ་གནས་བཀའ་རྒྱ་མ་ཞེས་ཀྱང་ཟེར་ལ། རབ་གནས་གང་བྱེད་ཀྱང་ཐོག་མར་བསྙེན་པ་གལ་ཆེ་བས། རང་རྗེ་བཙུན་མ་སྒྲོལ་མར་བསྐྱེད། མདུན་གྱི་མེ་ཏོག་ཀྱང་སྒྲོལ་མར་བསྐྱེད། དེ་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་བསྟིམ་ཞིང་། རྟེན་འབྲེལ་སྙིང་པོ་བཟླ། སྤྱིའི་བསྙེན་པའོ། །མེ་ཏོག་གཏོར་ཙ་ན། ལྷ་གང་ཡིན་པར་བསྐྱེད་ནས། ལྷ་ལ་ཐིམ་པར་བསམ་ཞིང་། འདི་གནད་ཆེ་བ་ཡིན་གསུངས། ཚེ་དང་བསོད་ནམས་རྒྱས་པར་བྱེད་པའི་འདོད་ལྷ་ལྟ་བུའི་རབ་གནས་བྱེད་ན། མེ་ཏོག་རིན་ཆེན་འབྱུང་ལྡན་དུ་བསམ་ཞིང་བསྙེན་པ་བྱ། གཏོར་བ་ན་ཡང་དེ་བཞིན་བྱ། དབང་གི་ལྷ་རབ་གནས་བྱེད་ན། སྣང་བ་མཐའ་ཡས་ཀྱི་ངོ་བོ་ཁྲོ་བོ་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ། གཡོན་ཞགས་པ། སྐུ་མདོག་དམར་པོ་རུ་མེ་ཏོག་རྣམས་བསྐྱེད་ལ། བསྙེན་པ་བསྐྱར། དགུག་གཞུག་བྱེད་གསུངས། ཡང་རྟེན་རྙིང་པ་འདྲེ་ཅན་ལ་རབ་གནས་བྱེད་ན། བདག་བསྐྱེད་མེ་ཏོག་ཁྲོ་བོར་བསྐྱེད། སངས་རྒྱས་བྱང་སེམས་ཐམས་ཅད་ཁྲོ་བོར་བྱོན་ནས། མེ་ཏོག་ལ་
ཐིམ་པར་བསམ་ཞིང་བསྙེན་པ་བྱེད། གཏོར་ཙ་ན་ཡང་དེ་བཞིན་དུ་བྱེད་གསུངས། མེ་ཏོག་གི་ཞལ་གདམས་སངས་རྒྱས་རི་གོང་བའི་གསུང་། ཤངས་པའི་ཞལ་གདམས་ཡི་གེར་བཀོད་པའོ། །བླ་མའི་སྐུ་འབག་ལ་རབ་གནས་བྱེད་ན། སྔོན་འགྲོ་གཞན་དང་ཁྱད་པར་མེད། དངོས་གཞི་བླ་མ་ཡི་དམ་དུ་བསྐྱེད་ལ། ཡེ་ཤེས་པ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར། རྒྱས་གདབ། སྤྱན་དབྱེ་སོགས་གཞན་དང་ཁྱད་པར་མེད། ལོངས་སྐུ་ཡིན་ན་སྐྲ་ཤད་ལ་སོགས་པས་མངའ་དབུལ་ལ། སེམས་ཅན་གྱི་སྣང་བ་ལ་སྤྲུལ་སྐུར་བསམ། བླ་མ་སྔགས་པ་ཡིན་ན་དེས་ཆོག དབུ་སྐྲ་བསིལ་བའི་སྤུ་གྲི་གཏད་པ་སོགས་སྤྲུལ་སྐུའི་ཆོ་ག་དགོས་གསུངས། དེས་གཞན་ལ་འགྲེ། སྐུ་འབག་རབ་གནས་བླ་མའི་གསུང་བཀོད་པའོ། །རབ་གནས་མེ་ཏོག་འཐོར་བ་ཙམ་ལ། རང་དང་མེ་ཏོག་སྒྲོལ་མ་ལྗང་སེར་ཅིག་ཏུ་བསམས་ལ། ན་མོ་བུདྡྷའི་གསོལ་འདེབས་ཀྱིས་འཐོར་གསུངས། སྒྲོལ་མ་ལས་ཀྱི་ལྷ་ཡིན། ལྗང་སེར་རྒྱས་པའི་ལས་འགྲུབ་པ་ཡིན། མེ་ཏོག་འཐོར་བའི་དུས་ཚོད་ནི། རི་རྩེ་ལ་ཉི་མ་ཤར་བར་བཤད་ཀྱང་ལག་ལེན་ནམ་ཕྱེད་ཡོལ། ལྷ་འདྲེ་མི་གསུམ་ཉལ་བའི་དུས་ཚོད། མིས་མ་ཚོར་བར་གཏོར་གསུངས། ཉི་མ་ཤར་བའི་དུས་ཀྱང་སྤྱི་དང་མཐུན་ནས་གཏོར་བ་ཡིན་གསུངས་སོ། །ཁྱད་པར་མགོན་པོ་འདིའི་དབང་དུ་བྱས་ན། བདག་བསྐྱེད་ཁ་སརྤཱ་ཎིའི་ཐུགས་ཀར་མགོན་པོ། དེའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་བསྐྱེད། མེ་ཏོག་རྣམས་མགོན་པོ་དང་མཁའ་འགྲོ་མའི་ཚོགས་སུ་བསྐྱེད་པ་འདྲ་བ་ལ། ཡེ་ཤེས་སེམས་དཔའི་ཚོགས་དང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ། ཁྱད་པར་གནོད་སྦྱིན་ནོར་ལྷའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ། རྩ་སྔགས་སིདྡྷི་མ་གྲངས་ཅི་མང་བྱས་ལ། འཐོར་
དུས་དམ་ཚིག་པའི་རྟེན་དེ་ལ་མེ་ཏོག་མགོན་པོ་མཁའ་འགྲོ་མའི་ཚོགས་སུ་བསམས་ལ། དམ་ཚིག་པ་ལ་ཡེ་ཤེས་པ་ཆུ་ལ་ཆུ་དང་། མར་ལ་མར་བཞིན་དབྱེར་མེད་དུ་གྱུར་པར་མོས་ལ། ངག་ཏུ་བསྙེན་པ་ཡེ་དྷརྨཱ་དང་། ན་མོ་བུདྡྷའི་གསོལ་འདེབས་བརྗོད་ཅིང་གཏོར། མགོན་པོའི་སྤོས་སྦྱོར་བསྲེག རོལ་མོ་བྱ། སྤྱི་དང་མཐུན་པར་བཀྲ་ཤིས་ཀྱི་ཚིགས་བཅད་དང་། མེ་ཏོག་གཏོར་བ་བྱུང་ནའང་ལེགས་སོ། །མགོན་པོ་ཡིད་བཞིན་ནོར་བུའི་སྒྲུབ་སྐོར། ལས་ཚོགས། རྗེས་གནང་། བྲིས་སྐུ་རབ་གནས་སོགས་ཡིག་ཆུང་ལ་གདམས་པ་རྣམས་ཀྱང་དཀྱུས་སུ་བྲིས་པ་ཟབ་ཁྱད་ལ་གནོད་ཀྱང་། རང་གཞན་ལག་ལེན་བདེ་ཞིང་། ཕན་བདེ་ཆེ་བ་ལ་བསམས་ནས། དགེ་སློང་རྡོ་རྗེ་འཛིན་པ་ནམ་མཁའ་སྟོབས་རྒྱས་རྒྱལ་མཚན་དཔལ་བཟང་པོས། དབེན་པའི་གནས་མཆོག་འོམ་བུག་གི་ཡང་དགོན་དུ་སྦྱར་བའོ། །འདི་བཞེངས་དགེ་བའི་ཕན་ཡོན་གྱིས། །མཁའ་མཉམ་སེམས་ཅན་མ་ལུས་པ། །ཚེ་རིང་ལོངས་སྤྱོད་མངའ་བརྙེས་ཤིང་། །ཕྱི་མ་སངས་རྒྱས་མྱུར་ཐོབ་ཤོག། ༈ །མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དངོས་གྲུབ་ཀྱི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཌཱ་ཀི་ནཱི་ཡེ། ལྷ་ཚོགས་བླ་མའི་ཐུགས་ཀྱི་བཅུད་བསྡུས་པ། །གྲུབ་ཆེན་ཁྱུང་པོའི་སྙན་བརྒྱུད་གསེར་ཆོས་མཆོག །མྱུར་མཛད་ཡིད་བཞིན་ནོར་བུ་སྒྲུབ་པའི་ཐབས། །དངོས་གྲུབ་རྒྱ་མཚོ་འདི་ནི་བདག་གིས་བྲི། །དེ་ལ་རྟེན་གྱི་གང་ཟག་རྡོ་རྗེ་ཐེག་པའི་ལམ་ལ་མོས་ཤིང་། ཁྱད་པར་མགོན་པོ་འདི་ཉིད་ལ་དད་པ་དང་ལྡན་པས། ཐོག་མར་རྒྱུད་སྨིན་པར་བྱ་བའི་ཕྱིར། བདེ་མཆོག་ལ་སོགས་པའི་དབང་བཞི་ཡོངས་སུ་རྫོགས་པ་དང་། ཁྱད་པར་བླ་མ་མགོན་པོ་དབྱེར་མེད་དང་། གཏོར་དབང་བར་ཆད་ཀུན་སེལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཞུས་ཤིང་། དེ་རྗེས་གསོལ་བ་ལོ་ཟླའི་བར་དུ་གདབ། ཚོགས་འཁོར་རྒྱ་ཆེན་པོ་བཤམ། བླ་
མ་མཉེས་པར་བྱས་ནས། འདི་རང་གི་རྗེས་གནང་ཡོངས་སུ་རྫོགས་པར་ཐོབ་པའི་རྣལ་འབྱོར་པས། གནས་གཙང་ཞིང་ཡིད་དུ་འོང་བར་རྫས་རྣམས་ཚང་བར་བཤམ། སྟན་བདེ་བ་ལ་འདུག་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། ཁྱད་པར་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་དང་བྲལ་ནས་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་བསྒོམ་སྙམ་པ་བྱས་ལ། རང་ཐ་མལ་དུ་གནས་པའི་སྙིང་གའི་དཀྱིལ་དུ་ཐིག་ལེ་དམར་ཞིང་དྭངས་ལ་འདྲིལ་བ་རྒྱ་སྲན་ཙམ་ཞིག་བསམ། དེའི་ནང་གི་དབུས་སུ་ཧཱུྃ་དཀར་པོ་དངུལ་ཆུ་ལྟར་དྭངས་པ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དབུལ་ཞིང་ཕོངས་པའི་སྡུག་བསྔལ་བསལ། ཡིད་བཞིན་ནོར་བུའི་གོ་འཕང་ལ་བཀོད། ཚུར་འདུས་དེ་གཉིས་དབྱེར་མེད་དུ་ཁྲུག་གིས་འདྲེས་པ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་གྲུ་གསུམ་ཤེལ་ལྟར་དྭངས་ཤིང་ཕྱི་ནས་མེ་རི་འབར་བ། དེའི་ནང་དུ་པྃ་ལས་པདྨ་འདབ་མ་བརྒྱད་པའི་དབུས་སུ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་སྐུ་མདོག་དུང་ལྟར་དཀར་ཞིང་སྨུག་རྩི་གསར་པ་བྱུགས་འདྲའི་དམར་མདངས་ཆགས་པ། ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་པ་ཡིད་ཙམ་ཁྲོ་ཞིང་བཞད་པའི་ཞལ་མཆེ་བ་ཅུང་ཟད་འབུར་བ། ལི་ཁྲིའི་ལྷུན་པོ་ལྟ་བུའི་དབུ་སྐྲ་གྱེན་དུ་འཁྱིལ་བ། དཔྲལ་བར་སིནྡྷུ་རའི་ཐིག་ལེས་བྱུགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་དྲུག་གཡས་ཀྱི་དང་པོས་གྲི་གུག་སྔོན་པོ་ནམ་མཁར་འཕྱར་བ། གཉིས་པས་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་འཛིན་པ། གསུམ་པས་སེང་ལྡེང་གི་ཅང་ཏེའུ་ཁྲོ་ལོ་ལོ་འཁྲོལ་བ། གཡོན་གྱི་དང་པོས་བདུད་རྩིས་གང་བའི་ཐོད་ཆེན་གྱི་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བའི་བུམ་པ་བརླ་གཡོན་པ་ལ་བརྟེན་ཏེ་འཛིན་ཅིང་། གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་རིན་པོ་ཆེའི་ལྕགས་ཀྱུ་འབར་བ་བསྣམས་པ། རིན་
པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སོར་གདུབ། འོག་པགས་ཏེ་ནོར་བུའི་རྒྱན་བརྒྱད་ཀྱིས་མཛེས་པ། སྐུ་སྟོད་ལ་གླང་པོ་ཆེའི་ཀོ་བས་གཡོགས་ཤིང་། སྐུ་སྨད་ལ་སྟག་ལྤགས་གསར་པའི་ཤམ་ཐབས་དཀྲིས་པ། རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱི་སྣེ་མོ་ལ་གསེར་དངུལ་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ། ལྷ་རྫས་ཀྱི་ན་བཟའ་དང་དར་སྣ་ཚོགས་ཀྱི་འཕྱང་འཕྲུལ་ཅན། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཆེན་ནས་ད་ལྟ་རང་འབྱོན་ཞིང་། འགྲོ་འཕྲོ་བཞུགས་པ་འདྲ་བའི་ཞབས་འོག་ན་དཔལ་ཚོགས་ཀྱི་བདག་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་སའི་སྙིང་པོ་ལོ་མ་དང་བཅས་པ་ཞལ་དུ་གསོལ་ཞིང་། གཡོན་གྱིས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་བསྣམས་ནས་སྒྲུབ་པ་པོ་ལ་སྩོལ་བའི་ཚུལ་མཛད་པ། ཁ་དང་བཤང་ལམ་བ་སྤུའི་བུ་ག་ཐམས་ཅད་ནས་ནོར་བུ་ལྷུག་ལྷུག་འབྱུང་བ་རེ་རེ་མནན་ཅིང་ཡེ་ཤེས་ཀྱི་འོད་ཟེར་འབར་བའི་དབུས་ན་བཞུགས་པ་ལ་འཁོར་དབང་སྡུད་ཀྱི་ཌཱ་ཀི་དཔག་ཏུ་མེད་པ་དང་། ནོར་བདག་གནོད་སྦྱིན་ཕོ་མོ་དཔག་ཏུ་མེད་པས་བསྐོར་བའོ། །མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་དགོས་འདོད་འབྱུང་བ་འཛུམ་པའི་མདངས་ཅན། གཡས་ཡིད་བཞིན་གྱི་ནོར་བུ་དང་། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གི་བཞུགས་པའོ། །མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཕྱག་གཡས་ལྕགས་ཀྱུ་དང་། གཡོན་གྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། ཞབས་གར་སྟབས་ཀྱིས་འགྱིངས་ཞིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། ཁམས་གསུམ་དབང་དུ་སྡུད་ཅིང་སྟོང་གསུམ་གཡོ་བར་བྱེད་པ་ཅིག་བཞུགས་པར་བསམ། དེའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ། དེ་ལས་འོད་
ཟེར་འཕྲོས་པས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཤིང་ཙནྡན་རྐང་གཅིག་གི་དྲུང་ནས་མྱུར་མཛད་ཡིད་བཞིན་གྱི་ནོར་བུ་ལ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་མཁའ་འགྲོ་གནོད་སྦྱིན་ནོར་ལྷ་གཏེར་བདག་གི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་ན་ཚུར་ཌ་མ་རུ་དང་དྲིལ་བུ་སྒྲོགས་ཤིང་དགྱེས་པའི་གར་སྟབས་དང་བཅས་པས་བྱོན་པར་བསམ། ཧཱུྃ། ཙནྡན་ལྗོན་ཤིང་འཁྲིགས་པའི་དུར་ཁྲོད་ནས། །དྲི་བཞོན་གྱིས་བསྐྱོད་སྤྲིན་དཀར་ཕུང་པོ་བཞིན། །ཕྱག་ན་པདྨོ་རྣམ་རོལ་བསྟན་སྲུང་མཆོག །མགོན་དཀར་འདོད་རྒུའི་ཆར་འབེབས་གནས་འདིར་གཤེགས། །ལྷ་ཆེན་བླ་མ་ཡིད་བཞིན་ནོར་བུ་ཡི། །བཀའ་སྒྲུབ་ཕྱོགས་བཅུའི་འཇིག་རྟེན་དབང་དུ་སྡུད། །རྣལ་འབྱོར་མཆོག་ལ་དངོས་གྲུབ་སྩོལ་བ་ཡི། །ནོར་བདག་ཌཱ་ཀིའི་ཚོགས་བཅས་གནས་འདིར་གཤེགས། །མགོན་པོ་འཁོར་བཅས་ཐུགས་རྗེའི་ཟློས་གར་གྱི། །རྣམ་པར་གཡོས་པས་སྲིད་ཞིའི་དཔལ་འབྱོར་ནི། །གེགས་མེད་མྱུར་སྩོལ་དབུལ་བའི་སྡུག་བསྔལ་ཀུན། །མ་ལུས་བསལ་ནས་འབྱོར་པ་རྒྱས་པར་མཛོད། །གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་དང་ཛཿཉེར་གཅིག་བརྗོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཆོས་འབྱུང་དཀར་དྭངས་མེ་རི་འབར་བའི་དབུས། །པད་དཀར་གདན་དང་འོད་སྟོང་དཀྱིལ་འཁོར་སྟེང་། །གངས་རི་ལྟར་དཀར་ཞི་ཆགས་ཕྱག་དྲུག་པ། ཁྱོད་ལ་རྣམ་དཀར་དད་པས་ཕྱག་འཚལ་ལོ། །རྩ་སྔགས་མཇུག་ཏུ། ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱི་མཆོད་དང་། མཐེབ་སྲིན་གྱིས་ནང་མཆོད་གཏོར་ལ་བརྒྱུད་པའི་བླ་མའི་མཚན་དང་། རྩ་སྔགས་ཀྱི་མཇུག་ཏུ་འབྲུ་གསུམ་བཏགས་ལ་ནང་མཆོད་དབུལ། བཟླས་པ་བྱེད་པར་འདོད་ན། སྙིང་
གའི་ཆོས་ཉིད་ཀྱི་ཐིག་ལེ་དམར་པོའི་མཐར་རྩ་སྔགས་བྱེ་རུའི་ཕྲེང་བ་ལྟ་བུ་དམར་ཧྲམ་མེ་བ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་འཁོད་དེ། དེ་ལས་འོད་ཟེར་དམར་པོ་རྣོ་བ་ལྕགས་ཀྱུའི་རྣམ་པ་དཔག་མེད་འཕྲོས། སྲིད་ཞིའི་དགེ་ལེགས་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས་ཐིག་ལེ་ལ་ཐིམ་པར་བསམ། ཡང་འོད་ཟེར་དམར་པོ་ཚ་ཞིང་རྣོ་བ་འཕྲོས། འཁོར་གྱི་མཁའ་འགྲོ་དང་ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས་དེ་དག་གི་རྒྱུད་རང་དབང་མེད་པར་བསྐུལ་ནས་སྲིད་གསུམ་གྱི་དངོས་གྲུབ་ཧྲིལ་གྱིས་བསྡུས་ནས་རང་ཉིད་ཀྱི་མདུན་དུ་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་པར་བསམ། ཁྱད་པར་དུ་རྒྱལ་པོ། ཕྱུག་པོ། དྲག་རྒུ། ཆེ་རྒུ། སྐྱེས་པ། བུད་མེད་ལ་སོགས་ཏེ་མི་ཐམས་ཅད་ཀྱི་སྙིང་ནང་དུ་འོད་ཟེར་འཕྲོས། མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་རིག་པ་དང་བཅས་པ་ཞུགས། མི་ཐམས་ཅད་ཀྱི་ཤེས་པ་རང་དབང་མེད་པར་བསྒྱུར་ཏེ་བདག་གི་དབང་དུ་འུབས་ཀྱིས་འདུས་པར་བསམ། དེ་ཡང་ཁྱད་པར་དུ་རང་གང་དབང་དུ་སྡུད་པར་འདོད་པ་དེའི་སྙིང་གི་དཀྱིལ་དུ་མི་དེའི་རྣམ་ཤེས་ནྲྀ་ལྗང་གུ་ཉ་མིག་ཙམ་ཞིག་ཡོད་པར་བསམ། དེ་མཁའ་འགྲོ་དང་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བྱས་པར་བསམ་མོ། །མཁའ་འགྲོ་དང་གནོད་སྦྱིན་ལ་བརྟེན་པའི་ཟབ་ཁྱད་དོ། །ཚོགས་བདག་ལ་བརྟེན་པའི་ཟབ་ཁྱད་ཡོད་དེ་དེ་ཉིད་ཀྱི་སྒོས་གྲུབ་ལས་ཤེས་པར་བྱའོ། །དེ་ལྟའི་མཁས་རློམ་རིག་རྒྱལ་འགའ་ཞིག་གིས། །ཟབ་ཁྱད་འདི་དག་རྣ་བར་མ་ཚོར་བར། །ལོངས་སྤྱོད་འདོད་ནས་ཨུ་ཚུགས་མུན་མདའ་འཕེན། །དེ་དག་ནམ་མཁར་མཛུབ་རིས་བྲི་འདོད་མཚུངས། །དེས་ན་ཁོ་བོ་སྐལ་བ་བཟང་སྙམ་མོ། །དེ་ལྟར་གོང་བཞིན་དམིགས་པ་གསལ་པོས། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པའི་ཡིག་འབྲུ་བཅུ་གསུམ། གི་གུ་བཞི། ཞབས་ཀྱུ་
གཉིས་ཏེ་ཁམས་གསུམ་དབང་སྡུད་ཀྱི་སྙིང་པོ་འདི་ཚིག་གཞན་གྱིས་བར་མ་ཆོད་པར་འབུམ་ཕྲག་གསུམ་ཆུ་བོའི་གཞུང་བཞིན་དུ་བཟླའོ། །དེ་ནས་རྟགས་རབ་མངོན་སུམ། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་མགོན་པོ་དང་། མཁའ་འགྲོ་དངོས་སུ་མཐོང་བ་དང་། བླ་མ་དུར་ཁྲོད་ནས་འབྱོན་པ་དང་། རིག་མ་མཚན་ལྡན་དངོས་གྲུབ་སྟེར་བ་དང་། ཁམས་གསུམ་སེམས་ཅན་ལ་དབང་བསྐུར་བ་དང་། ཉི་ཟླ་ཤར་བ་དང་། གོས་དཀར་པོ་གྱོན་པ་དང་། བུམ་པ་ཐོད་པ་ནོར་བུ་རྙེད་པ་ལ་སོགས་པའི་རྟགས་འབྱུང་ངོ། །དེ་ལྟར་རྟགས་བྱུང་ན་འགྲུབ་པ་ཡིན་པས། ཚེ་རིང་ནད་མེད་ཁམས་གསུམ་དབང་དུ་འདུས། ལྷ་སྲིན་བྲན་དུ་ཁོལ། རྨི་ལམ་ཟིན། བར་དོ་མེད་པར་འཚང་རྒྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན་འབྲས་སམ། ནས་དཀར་རྗེན་བཏགས་ཀྱི་ཕྱེ་མར་ཞོ་དང་སྦྲུས་པའམ། ཟན་ཆུ་རྐྱང་པ་ལས་ཀྱང་རུང་ལ། དབྱིབས་དཔལ་བཤོས་ཟུར་གསུམ་པ་ཁྲུ་གང་བ་མཐའ་མར་ཟན་རིལ་མོ་སུམ་བརྩེགས་ཀྱིས་སྐོར་བ་མར་དང་བུ་རམ་སྦྲང་རྩིའི་རྒྱན་གྱིས་བརྒྱན་པའི་རྩེ་མོར་མར་གྱི་ནོར་བུ་དབང་རྒྱལ་གཟུག ཐ་མར་མཐེབ་ཀྱུ་བརྒྱ་རྩ་བརྒྱད་བཅད་ཁམ་ནང་དུ་བསྟན་ནས་བསྐོར། མགོན་པོའི་ཙཀླི་དང་། མདའ་བྱ་རྒོད་མ་མེས་མ་བཞུར་བ་ལ་དར་དཀར་དམར་མཐིང་གསུམ་བཏགས་པ་གཟུག གཞན་ཡང་ཤ་ལྔ་དང་། ཟས་སྣ་ཚོགས་ཀྱིས་སྣོད་ཁེངས་པར་བཀང་ལ་གཡས་སུ་མཁའ་འགྲོའི་གཏོར་མ། གཡོན་དུ་གཞི་བདག་གི་གཏོར་མ། རྒྱབ་ཏུ་གནོད་སྦྱིན་གྱི་གཏོར་མ། མདུན་དུ་ཉེར་སྤྱོད་དང་ནང་མཆོད་ལ་སོགས་པའི་གཏོར་མ་བཤམ། བྱིན་གྱིས་བརླབས་པ་ནི་མགོན་པོ་བཞིན་བྱའམ། བསྡུ་ན་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་གསོལ་བར་བསམས་ལ། རྩ་སྔགས་མཇུག་ཏུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་ལྔ་བརྗོད། དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །
སངས་རྒྱས་བསྟན་སྲུངས་རྣལ་འབྱོར་གྱི། །ཚེ་སྲིངས་ལོངས་སྤྱོད་རྒྱས་པར་མཛོད། །ཁམས་གསུམ་འགྲོ་བ་དབང་དུ་སྡུས། །ཞེས་བརྗོད། གཞན་ཡང་འདོད་དོན་ལ་གསོལ་བ་གདབ། བསྟོད་པ་བྱ། དེ་ནས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་མགོན་པོ་ལ་ཐིམ། དེ་འོད་དུ་ཞུ་མཁའ་འགྲོ་མ་ལ་ཐིམ། དེ་འོད་དུ་ཞུ་སྔགས་ཕྲེང་ལ་ཐིམ། དེ་འོད་དུ་ཞུ་ཐིག་ལེ་ལ་ཐིམ་པར་བསམ་ཞིང་། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ངག་གི་རླུང་རྒྱུ་བ་རང་སོར་བཞག སེམས་ཀྱི་དུས་གསུམ་གྱི་སྤྲོས་པ་བཅད། དང་པོ་རང་གི་སེམས་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་གསལ་ཞིང་འཚེར་བར་གྱུར་པ་དེ་ལ་སེམས་གཏད་དེ་ཇི་སྙེད་ཅིག་བསྒོམ། བར་དུ་ཐིག་ལེ་དེ་ཡང་འོད་དུ་ཡལ་སོང་བའི་ངང་ནས། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེའི་ངང་ལ་ཇི་ཙམ་གནས་ཀྱི་བར་འཇོག མཐར། དེ་ལྟར་བཞག་པའི་ངང་ནས་རིག་པ་དེ་རིག་སྟོང་། འགྱུ་བ་དེ་འགྱུ་སྟོང་། གསལ་བ་དེ་གསལ་སྟོང་ཡིན་མིན་གྱི་མཐའ་དང་བྲལ་བའི་རྨི་ལམ་གྱི་སྣང་བ་སྒྱུ་མའི་རང་བཞིན་ཞེས་པ་དེ་ལ་གབ་སྟེ་ངོ་སྤྲོད་པའོ། །ཞེས་པ་ཁྱུང་པོ་རྣལ་འབྱོར་གྱི་བཞེད་པའོ། །བླ་མ་གོང་མ་དག་འདི་ཉིད་ཡིད་བཞིན་ནོར་བུའི་རྫོགས་རིམ་དུ་བཞེད་དོ། །སླར་ཡང་ཡིད་བཞིན་ནོར་བུའི་སྐུར་གསལ་སྟོང་སྒྱུ་མ་ལྟ་བུའི་ངང་ལྷ་སྐུར་ལངས་ལ་ཉལ་འཆག་འགྲོ་འདུག་གི་སྣང་བ་ཐམས་ཅད་དེའི་ངང་ནས་བྱའོ། །མྱུར་མཛད་ཡིད་བཞིན་ནོར་བུ་བསྙེན་ཅིང་སྒྲུབ་པའི་ཐབས་དངོས་གྲུབ་ཀུན་གྱི་རྒྱ་མཚོ་ཞེས་བྱ་བ་འདི་ནི། བླ་མ་རཱ་ཧུ་ལ་གུཔྟ་བཛྲ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་བཞེད་སྲོལ་ལ། བླ་མའི་གསུང་ལས་བྱུང་བའི་ཞལ་ཤེས་ཀྱིས་རྣམ་པར་བརྒྱན་ནས། རྣམ་དཀར་ཡོན་ཏན་རིན་པོ་ཆེའི་ཕྲེང་བ་འཛིན་པའི་འབྲོང་རྩེ་ནས་ནང་སོའི་བཀའ་དང་དུ་བླངས་ཤིང་། གཞན་ཡང་རང་རང་གི་སློབ་མ་འགའ་ཞིག་གིས་བསྐུལ་ངོར། དཔལ་ལྡན་མགོན་པོའི་རྣལ་འབྱོར་པ་དགེ་ཚུལ་རྡོ་རྗེ་འཛིན་པ་བློ་གསལ་རྒྱ་
མཚོས་སྦྱར་བ་འདི་རྫོགས་སོ། ༈ །དཔལ་ལྡན་བླ་མའི་མཁྱེན་རབ་ལས་བསྐྲུན་ལྷ་མཆོག་སྒྲུབ་ཐབས་དངོས་གྲུབ་ཀྱི། །ནོར་བུའི་འབྱུང་གནས་རྒྱ་མཚོ་ཆེ་འདི་འབད་པས་སུག་བྲིས་ཉིད་བྱས་ཚེ། །ཐོག་མ་བར་དུ་དགེ་བའི་ལྟས་བཟང་དངོས་གྲུབ་ནོར་བུའི་དགའ་སྟོན་ནི། །མ་ལུས་ཀུན་གྱི་འབྱུང་གནས་རྒྱ་མཚོ་ཆེན་པོ་ཉིད་དུ་གྱུར་པ་ལགས། །སཱ་དྷུ་པཱ་ཤྱ་ཧོ། ༈ །མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེ་རྣམས་བཞུགས། བླ་མ་ཡི་དམ་མཁའ་འགྲོའི་ཞབས་བཏུད་ནས། །མྱུར་མཛད་ཡིད་བཞིན་ནོར་བུའི་གཟི་ལྡན་མཆོག །སྒྲུབ་ཐབས་བླ་མའི་མན་ངག་གསུང་མང་ནའང་། །དད་ལྡན་དོན་གཉེར་ལྡན་ཕྱིར་གསལ་བར་བྲི། །དེའང་སྒྲུབ་པ་པོ་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཏེ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཏེ། ཚེ་འདིར་རྫོགས་པའི་སངས་རྒྱས་དོན་དུ་གཉེར་བས། ཐེག་པ་བླ་ན་མེད་པ་བདེ་མཆོག་ལ་སོགས་པས་དབང་ལེགས་པར་ཐོབ་ཅིང་། དེའི་དུས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་ཞིང་། བླ་མ་མགོན་པོ་དབྱེར་མེད་ཀྱི་བཀའ་དང་། ཡིད་བཞིན་ནོར་བུ་རང་གི་སྒོས་ཀྱི་རྗེས་གནང་ལེགས་པར་ཐོབ་པས། དུར་ཁྲོད་ལ་སོགས་པའི་གནས་མཚན་ཉིད་དང་ལྡན་པར། སྒྲུབ་པའི་རྫས་རྣམས་ཚོགས་པར་བྱས་ནས། སྟན་བདེ་བ་ལ་འདུག་སྟེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་སོགས་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམ་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་ལ་སོགས་པས་སྐྱབས་འགྲོ་
སེམས་བསྐྱེད་རྒྱུད་དང་འགྲེ་བར་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ནས། ཚད་མེད་པ་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་བསྒོམ། དེ་ནས། རང་ཐ་མལ་དུ་གནས་པའི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་རྒྱ་སྲན་ཙམ་གཅིག་གི་དཀྱིལ་དུ། ཧཱུྃ་དཀར་པོ་དངུལ་ཆུའི་མདོག་འདྲ་བ་གཅིག་གནས་པར་གྱུར། དེ་གཉིས་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སེམས་ཅན་གྱི་དབུལ་བའི་སྡུག་བསྔལ་བསལ། ཚུར་འདུས་དེ་གཉིས་རང་གི་རྣམ་པར་ཤེས་པའི་ངོ་བོར་དབྱེར་མེད་དུ་ཁྲུག་གིས་འདྲེས་པ་ཡོངས་སུ་གྱུར་པ་ལས། མདུན་དུ་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག ཕྱག་དྲུག་པ། སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པའི་དཔྲལ་བར་མཁའ་འགྲོའི་ཐིག་ལེས་མཛེས་པ། ཞལ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་། མཆེ་བ་ཅུང་ཟད་གཙིགས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་ཀྱི་དང་པོས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཉིས་པས་རིན་པོ་ཆེ་དབང་གི་རྒྱལ་པོ་ཐུགས་ཀར་འཛིན་པ། ཐ་མས་སེང་ལྡེང་གི་ཌ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གྱི་དང་པོས་བདུད་རྩིས་གང་བའི་ཐོད་པའི་ནང་ན་གནས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་བུམ་པ་བརླ་གཡོན་པ་ལ་བརྟེན་ནས་འཛིན་པ། བར་པས་རྩེ་གསུམ། ཐ་མས་རྡོ་རྗེ་རིན་པོ་ཆེའི་ལྕགས་ཀྱུ་བསྣམས་པ། སྐུ་སྟོད་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། གླང་པོ་ཆེའི་ཀོ་བས་བརྒྱན་ཅིང་། སྨད་སྟག་གི་པགས་པས་ཤམ་ཐབས་དང་། རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱིས་མཛེས་པ། ཞབས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་པ་འདྲ་བ། འོད་འཕྲོ་ལ་བཞུགས་པ་འདྲ་བའི་ཞབས་འོག་ན་ཚོགས་བདག་གླང་སྣ་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། གཡས་སའི་སྙིང་པོ་ལོ་མ་དང་བཅས་ཞལ་དུ་གསོལ་ཞིང་།
གཡོན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་བསྣམས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་པ། ཁ་བཤང་ལམ་བ་སྤུའི་བུ་ག་ཐམས་ཅད་ནས་རིན་པོ་ཆེའི་ལྷུག་པར་འབྱུང་བ་དེ་ཉིད་མནན་ཅིང་། ཕྱག་ཞབས་ཐམས་ཅད་ལ་གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གནོད་སྦྱིན་དཔག་ཏུ་མེད་པས་བསྐོར་བའི་སྐུར་གྱུར། མགོན་པོའི་སྤྱི་བོར་རྩ་བའི་བླ་མ་སྐུ་མདོག་དམར་པོ། རྡོ་རྗེ་འཆང་དགོས་འདོད་ཐམས་ཅད་འབྱུང་བ། ཞལ་འཛུམ་བག་དང་ལྡན་པ། གཡས་པ་ཡིད་བཞིན་གྱི་ནོར་བུ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ། གཡོན་བདུད་རྩིས་གང་བའི་ཐོད་པ་བསྣམས་པ། ཞབས་གར་སྟབས་ཀྱིས་འགྱིང་ཞིང་། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ། ཁམས་གསུམ་དབང་དུ་སྡུད་ནུས་པ་གཅིག་བསམ། དེའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་ཟེར་འཕྲོ་བ་གཅིག་གནས་པར་གྱུར། དེ་ལས་འོད་འཕྲོས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མགོན་པོ་ཡིད་བཞིན་གྱི་ནོར་བུ་ལ་སངས་རྒྱས་བྱང་སེམས་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལཱ་ཡ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །མཆོད་པའི་གནས་འདིར་གཤེགས་ནས་ཀྱང་། །དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །འདིའི་རྩ་སྔགས་ཀྱི་རྗེས་སུ་ཛཿཉེར་གཅིག་བརྗོད་གསུངས། དེ་ནས་ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། བདག་དང་སེམས་ཅན་ཐམས་ཅད་ཀྱི། །དབུལ་བའི་སྡུག་
བསྔལ་ཞི་བར་མཛད། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དེ་ནས་མཆོད་པ་ནི། ནག་པོའི་སྐོང་བ་ལྟར་བྱིན་གྱིས་བརླབས་ནས་དབུལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཚིགས་བཅད་གཞན་རྣམས་སྔར་དང་འདྲ་བ་ལས། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། སིལ་སྙན། གཟུགས་མཆོག སྒྲ། དྲི། རོ། རེག་བྱ་ཞེས་པ་རྣམས་སྤེལ་ཞིང་། སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་ཞེས་པ་རྣམས་ཀྱིས་སྤེལ་ཏེ། ཕྱག་རྒྱ་དང་བཅས་པ་རྣམས་ཀྱིས་མཆོད་པ་ནི་ཕྱི་མཆོད་དོ། །ནང་མཆོད་ནི། ཡི་དམ་གང་བྱེད་དམ། ནག་པོའི་ལྟར་བྱིན་རླབས་བྱས་ཏེ་མཐེབ་སྲིན་གྱིས་བླངས་ཏེ་སྤྱི་བོར་གཏོར་ནས། འདིའི་སྒོས་ཀྱི་བླ་མ་བརྒྱུད་པ་རྣམས་དང་། སྙིང་ག་ནས་གཏོར། ཡི་དམ་རྣམས་དང་། ལྟེ་བ་ནས་གཏོར། རྩ་སྔགས་དང་། ནག་པོའི་སྲོག་སྔགས་ལ་ཨོཾ་ཨཱཿཧཱུྃ་གསུམ་བཏགས་ལ་དབུལ། གཞན་ཡང་འཁོར་རྣམས་དང་། ཆོས་སྐྱོང་རྣམས་དང་། གཞི་བདག་རིགས་དྲུག་སོགས་ལ་འབུལ་བ་སྤྱི་འགྲོ་ལྟར་བྱའོ། །དེ་ནས་གོང་གི་བསྟོད་པ་བསྡུས་པ་དེའམ། ཡང་ན་ཟུར་ན་ཡོད་པའི་བསྟོད་པ་རྒྱས་པས་བསྟོད་པར་བྱའོ། །དེ་ནས་བཟླས་པའི་དམིགས་པ་ནི། ཐིག་ལེ་ལ་རྩ་སྔགས་ཀྱིས་བསྐོར་བར་བསྒོམས་ནས་བྱེད། འདིའི་མན་ངག་ཤིན་ཏུ་གལ་ཆེ་བ་ཡིན། དེ་ཡང་ཐིག་ལེའི་མཐའ་མར་ཡི་གེ་བཅུ་གསུམ་གྱིས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་བསྡུས་པའི་བཅུད་བདེ་དགེ་ཡོན་ཏན་
ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་བཀུག ཐིག་ལེ་ལ་ཐིམ་པས་རྣལ་འབྱོར་པ་ལ་ཚེ་དང་བསོད་ནམས་དང་། དཔལ་དང་། དབང་ཕྱུག་དང་། བདེ་ལེགས་ཆར་བཞིན་དུ་བབས་པར་གྱུར། སླར་ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ལྷ་ཀླུ་གནོད་སྦྱིན་སྟོབས་ལྡན་རྣམས་དང་། མིའི་དབང་པོ་ལ་སོགས་པའི་སྟོབས་ལྡན་ཐམས་ཅད་བཀུག་སྟེ། ཚོགས་བདག་ལ་བསྟིམས་པས། དེ་དག་ཐམས་ཅད་རྣལ་འབྱོར་པའི་བཀའ་བཞིན་དུ་ཉན་ཅིང་། བྲན་བཞིན་དུ་ལས་བསྒྲུབས་པར་གྱུར་པར་བསམས་ནས། ངག་ཚིག་གཞན་གྱིས་བར་མ་ཆོད་པར། བསྙེན་སྔགས་འབུམ་ཕྲག་གསུམ་ཆུ་བོའི་གཞུང་བཞིན་བཟླ། ཞེས་ཁྱུང་པོའི་གསུང་སྒྲོས་ལས་བྱུང་བ་ལས། བདག་གི་བླ་མ་མཁས་གྲུབ་ཆོས་རྗེས་ནི། ཡ་ར་ཅན་བཟླས་ན་རྒྱུད་སྡེ་དང་མཐུན་པས་ལེགས་ཞེས་གསུངས། བཟླ་བྱའི་སྔགས་ནི། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པ་ཡིན་ལ། བཟླས་པ་གྲུབ་པའི་རྟགས་དང་། གྲུབ་ནས་ལས་ལ་སྦྱོར་བའི་སྤེལ་ཚིག་གི་སྦྱོར་ཚུལ་སོགས་ནི་མན་ངག་ལས་ཤེས་པར་བྱའོ། །བཟླས་པ་རྫོགས་ནས་སྔར་ལྟར་མཆོད་བསྟོད་བྱས་ལ། ཐུན་ཐ་མ་ཡིན་ན་དེའི་གཏོར་མ་འབུལ་དགོས་པས། དེའི་ཚུལ་ནི། ནས་དཀར་མོ་རྗེན་འཐགས་བྱས་པའི་རྩམ་པ་ལ་ནང་མཆོད། ཤ་མར། སྦྲང་རྩི་སོགས་སྦྱར་བའི་དཔལ་བཤོས་ཟུར་གསུམ། མཐེབ་ཀྱུ་གྲངས་ཚད་བསྐོར་ཞིང་རྩེ་མོ་མར་གྱི་ནོར་བུས་བརྒྱན་པའམ། མར་རྐྱང་པའི་གཏོར་མའམ། ཟན་ཀྱུ་བཅངས་ཏེ། ནང་མཆོད་ཀྱིས་སྦྱང་། ལས་སྔགས་ཀྱིས་བགེགས་བསྐྲད། རྒྱས་པར་ནི་ནག་པོའི་བྱིན་རླབས་ལྟར། བསྡུས་པ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་མམ་བདུན་བརྗོད་པས། ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ལྟ་བུར་གྱུར་ཅེས་བྱིན་གྱིས་བརླབས་ཏེ། མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་དྲངས་ནས་གསོལ་བར་
བསམ་ཞིང་། རྩ་སྔགས་ལ། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་གྱིས་བསྔོས་ནས། མཆོད་བསྟོད་སྔར་ལྟར་བྱ། ཐུན་མཚམས་དང་གཏོར་མའི་རྗེས་སུ་གསོལ་བ་གདབ་ཅིང་། ཐལ་མོ་སྦྱར་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་གཟི་ལྡན་ཐུགས་རྗེ་ཅན་ཁྱོད་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀྱི་བསྟན་པ་སྲུང་ཤིག དཀོན་མཆོག་གི་དབུ་འཕང་བསྟོད་ཅིག དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག བླ་མའི་སྐུ་ཚེ་སྲིངས་ཤིག ཁྱད་པར་དུ་རྣལ་འབྱོར་པ་བདག་ལ་སྙན་པའི་གྲགས་པས་ས་སྟེང་མ་ལུས་པ་ཁྱབ་པ་དང་། དགོས་འདོད་ཆར་བཞིན་དུ་བབས་ནས་ལོངས་སྤྱོད་ཟད་མི་ཤེས་པ་དང་། མི་ནོར་ཟས་གསུམ་འདུ་ཞིང་ཐོས་བསམ་སྒོམ་གསུམ་གྱི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བདུན་ལ་སོགས་པ་གསོལ་བ་གདབ་པར་བྱའོ། །དེ་ནས་ཉེ་བར་བསྡུ་ན། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་མགོན་པོར་གསལ་བ་ལ་ཐིམ། དེ་འོད་དུ་ཞུ་ནས་མཁའ་འགྲོ་མ་ལ་ཐིམ། དེ་འོད་དུ་ཞུ་ནས་སྔགས་ཕྲེང་ལ་ཐིམ། དེ་འོད་དུ་ཞུ་ནས་ཐིག་ལེ་ལ་ཐིམ་པར་བསམ་ཞིང་། ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་འཛིན་ནོ། །དེའང་འོད་དུ་ཡལ་སོང་བའི་ངང་ནས་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་ཡིན་ནོ་སྙམ་དུ་བཞག་པར་བྱའོ། །འདི་ལ་བླ་མ་རྣམས་རྫོགས་རིམ་གྱི་ཐ་སྙད་མཛད་པར་གདའ། སླར་ཡང་སྐད་ཅིག་གིས་ལྡང་བའི་ངང་ལས། སྐད་ཅིག་གིས་དཔལ་ཡིད་བཞིན་ནོར་བུའི་སྐུར་གྱུར། ཅེས་གསལ་ལ་སྟོང་པ་སྒྱུ་མའི་སྐུར་ལྡང་བར་བྱ་སྟེ། ཉལ་འཆག་འགྲོ་འདུག་གི་སྣང་བ་ཐམས་ཅད་འདིའི་ངང་ནས་ཉམས་སུ་བླང་བར་བྱའོ། །བདག་མདུན་གཅིག་ཏུ་བྱས་ནས་བསྙེན་པའི་ཚུལ་
གྱིས་ཡིད་བཞིན་ནོར་བུའི་སྒྲུབ་པའི་ཐབས་གསལ་བར་བསྟན་ཟིན་ཏོ། །གུ་ཧྱ་ས་མ་ཡ། འདིའི་རྗེས་གནང་ལ། སྦྱོར་བ་དངོས་གཞི་རྗེས་གསུམ་ལ། དང་པོ་ནི། མཎྜལ་གྲུ་གསུམ་འབར་བའི་མེ་རི་དང་བཅས་པའི་དབུས་སུ་ཧཱུྃ་བྲིས་པའམ། ཚོམ་བུ་གང་རུང་དུ་དགོད། མཉྫིའི་སྟེང་དུ་གཏོར་མ་རྒྱན་དང་བཅས་པ་བཞག མཆོད་པ་དང་གཏོར་མས་བསྐོར། སློབ་མ་འཇུག་པ་ནི། འཆི་བ་མི་རྟག འཁོར་བའི་ཉེས་དམིགས། མགོན་པོ་ཇི་ལྟར་ཐུགས་བསྐྱེད་པ་གཞུང་ལས་འབྱུང་བ་ལྟར་བྱས་ནས། སྐྱབས་སུ་འགྲོ་བ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ༴ དགེ་འདུན་ལ༴ བླ་མ་དང་ཡི་དམ་ལྷ་དང་ཡེ་ཤེས་མགོན་པོ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ། སེམས་བསྐྱེད། ཡན་ལག་བདུན་པ་གང་རུང་བྱ། གཉིས་པ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ་པ། གཞུང་གི་ཨོཾ་དང་འབྲེལ་བར་སྐུ་ལས་སྐུ་དཔག་ཏུ་མེད་པ་ཆད། སློབ་མའི་ལུས་ལ་བསྟིམ། མགོན་པོར་བསྐྱེད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ཅེས་གསོལ། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་བྱུང་། རང་གི་སྙིང་གའི་ཧཱུྃ་ལ་ཐིམ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །སྔགས་ཀྱི་བྱིན་རླབས་ཞུགས་པར་མོས་ཤིང་། མཐར་རང་དང་དཀྱིལ་འཁོར་གྱི་ཧཱུྃ་གཉིས་ལས་འོད་འཕྲོས་པས། ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི་མགོན་པོ་མྱུར་མཛད་སྤྱན་རས་གཟིགས་འཁོར་དང་བཅས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ། དམ་ཚིག་པ་ལ་བསྟིམ། དེ་ནས་མགོན་པོའི་གནས་
གསུམ་འབྲུ་གསུམ། སློབ་མ་མགོན་པོར་གསལ་བའི་གནས་གསུམ་དུའང་འབྲུ་གསུམ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་། སློབ་མའི་དཔྲལ་བའི་ཨོཾ་ལ་ཐིམ། བུམ་དབང་ཐོབ། ཨཱཿས་ངག་གི། ཧཱུྃ་གིས་ཡིད་ཀྱི་དབང་ཐོབ་པར་བསམ། མགོན་པོའི་ཡི་གེ་གསུམ་པ་ཆད་ནས་གནས་གསུམ་དུ་བསྟིམ། མཐར་བླ་མ་མགོན་པོ་འོད་དུ་ཞུ། རང་ལ་ཐིམ་པས་ཁམས་གསུམ་མ་ལུས་པ་དབང་དུ་འདུས་པར་བསམ་ལ། ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག གཏོར་དབང་སོགས་གཞུང་གཞན་ལས་ཤེས་པར་བྱའོ། །གཏོར་མ་དང་ཚོགས་དབུལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། གཏོར་མ་གཏོང་། བསྔོ་བ་བྱ། མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། དབང་བཞི་ཉུང་ངུ་དང་བཅས་པ་འདི་གྲོལ་མཆོག་གིས་ཡི་གེར་བཀོད་པའོ། ༈ །མགོན་དཀར་གྱི་རྗེས་གནང་གི་ཕྱག་ལེན་ནག་པོ་འགྲོ་ཤེས་བཀླག་ཆོག་ཏུ་བཀོད་པ་བཞུགས། མཆོག་ཏུ་འགྱུར་བ་མེད་པ་རྡོ་རྗེའི་སྐུ། །ལེགས་སྦྱར་འཆི་མེད་རྔ་ཆེན་ཕྱོགས་བརྒྱར་སྒྲོགས། །གང་ཐུགས་བདེ་ཆེན་འཕེལ་བའི་རྡོ་རྗེ་འཆང་། །སྐྱབས་མཆོག་བླ་མས་བདག་ལ་བྱིན་གྱིས་རློབས། །ཞེས་བརྗོད་ནས། རྗེ་བཙུན་བླ་མ་དམ་པའི་ཕྱག་ལེན་མཐོང་བ་བརྒྱུད་པ་བཞིན་བྲི་བར་བྱ་སྟེ། དེའང་མགོན་དཀར་ལ་གཏོར་མ་ཟན་དྲས་ཟླུམ་པོའི་སྟེང་དུ་ནོར་བུ་མིག་གསུམ་པ། དེའི་སྟེང་དུ་ཛཾ་བཤོས་ཀྱི་དབྱིབས་ལྟ་བུ་ལ། རྩེ་རྒྱན་དར་དཀར་གྱི་གུར་དང་ལྡན་པ། སྟེགས་བུ་ཇི་ལྟར་འོས་པའི་སྟེང་དུ་བཞག དེའི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་བཤམ། སྤྲོ་ན་འབུལ་གཏོར་གཉིས་ཀྱང་བཤམས་ཏེ། སློབ་དཔོན་སྟན་བདེ་བ་ལ་འདུག སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་བཏང་ལ། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་རྒྱ་སྲན་ཙམ་པ། དེའི་དཀྱིལ་དུ་ཧཱུྃ་དཀར་པོ་དངུལ་ཆུ་
དྭངས་པའི་མདོག་ལྟ་བུ་ཅིག་བསྒོམ། དེ་གཉིས་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་དེ་གཉིས་ལ་ཐིམ། སྙིང་གའི་ཧཱུྃ་དང་ཐིག་ལེ་རོ་གཅིག་ཏུ་འདྲེས་པ་ལས། པདྨ་དང་ཉི་མའི་གདན་གྱི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་འཛུམ་ཞིང་ཁྲོ་བའི་ཉམས་དང་ལྡན་པ། སྤྱན་གསུམ་པ། ཕྱག་དྲུག་པ། གཡས་ཀྱི་དང་པོས་གྲི་གུག་འཕྱར་བ། གཉིས་པ་ཡིད་བཞིན་གྱི་ནོར་བུ། གསུམ་པས་ཌ་མ་རུ་འཁྲོལ་བ། གཡོན་གྱི་དང་པོས་ཐོད་པ་དང་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་བརླ་གཡོན་ལ་བརྟེན་ཏེ་འཛིན་པ། བར་པས་རྩེ་གསུམ། ཐ་མས་ལྕགས་ཀྱུ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་སྨད་ལ་རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་པ་འདྲ་བ། འབྱོན་འཕྲོ་ལ་བཞུགས་པ་འདྲ་བའི་ཞབས་འོག་ན་ཚོགས་བདག་ལ་ཕུག་དང་ནེའུ་ལེ་བཟུང་བ་རེ་རེ་མནན་ཏེ། ཁ་དང་བཤང་ལམ་སོགས་ནས་རིན་པོ་ཆེ་ལྷུག་ལྷུག་འོང་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དགོས་འདོད་ཐམས་ཅད་འབྱུང་བ།«་་་་་སྐུ་མདོག་དམར་པོ་གཡས་རིན་པོ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་བསྒོམ།» ཞལ་འཛུམ་བག་དང་ལྡན་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་པོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ། གཡོན་ཐོད་པ་བསྣམས་པ། ཞབས་གར་སྟབས་ལིང་ངེ་བ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། ཁམས་གསུམ་དབང་དུ་སྡུད་པ་ཅིག་ཏུ་གྱུར། དེའི་སྙིང་གར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མགོན་པོ་མཁའ་འགྲོ་མའི་
ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་བསྙེན་སྔགས་ཅི་ནུས་བཟླ། དེ་ནས་མདུན་གྱི་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་མགོན་དཀར་དུ་བསྐྱེད། ཡེ་ཤེས་པ་བསྟིམ། གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སྔོན་འགྲོས་ཕྱི་མཆོད། ནང་མཆོད། དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་ཅན། །འགྲོ་འདིའི་ཕུན་ཚོགས་རེ་བ་སྐོང་བའི་སླད། །རབ་བརྗིད་ཁྲོ་བོའི་དབང་པོར་སྤྲུལ་པ་ལ། །ཡིད་བཞིན་ནོར་བུར་མཚན་གསོལ་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད། འབུལ་གཏོར་ཡང་འབྲུ་གསུམ་གྱིས་ལན་གསུམ་བྱིན་གྱིས་བརླབ། གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ། དེ་ནས་སློབ་མ་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་ལ་མཎྜལ་དབུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་རྒྱུན་བཤགས་ལན་གསུམ། སློབ་དཔོན་གྱི་སྐུ་ལས་འོད་ཟེར་འཕྲོས། སློབ་མའི་ལུས་ལ་ཕོག སྒྲིབ་གཉིས་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་ཞེས་པ་ནས་ཐིག་ལེ་དམར་པོ་འོད་འཕྲོ་བ་ཞེས་པའི་བར་སྔར་བཞིན་བསྐྱེད། དེ་ནས་དངོས་གཞི་ལ། སློབ་དཔོན་དང་མདུན་གྱི་གཏོར་མ་མགོན་དཀར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་པའི་མགོན་པོའི་ཐུགས་ཀར་ཕོག བླ་མ་གོང་མ་རྣམས་ཀྱི་བཀའ་དང་དམ་ཚིག་རྗེས་སུ་དྲན་པའི་དབང་གིས། མགོན་དཀར་ཡིད་བཞིན་ནོར་བུ་ནོར་ལྷའི་
ཚོགས་དང་བཅས་པ་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་མདུན་གྱི་ནམ་མཁའི་གནས་འདིར་བྱོན། དེ་ལས་དེ་འདྲ་བའི་སྐུ་དཔག་ཏུ་མེད་པ་ཆད། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་བྱ་ཞིང་གུ་གུལ་གྱི་དུད་པས་བདུག གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཨཱ་ཝེ་ཤ་ཡ་ཨཿ ཞེས་ལན་གསུམ་མམ་ལྔ་བརྗོད། དེ་ནི་སྐུའི་རྗེས་སུ་གནང་བ་ཡིན། གསུང་གི་རྗེས་གནང་ཞུ་བའི་སླད་དུ་ཐུག་འདུན་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། སློབ་དཔོན་ལ་མགོན་དཀར་ཡིད་བཞིན་ནོར་བུ་དངོས་ཡིན་སྙམ་པའི་གུས་འདུད་གནང་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་མ་ལུས་པ་ཡི་གེ་ཨཱ་ལི་ཀཱ་ལི་དང་། ཁྱད་པར་ཡེ་ཤེས་མགོན་པོའི་གསུང་གི་བྱིན་རླབས་ཐམས་ཅད་ཆོས་སྐྱོང་སྤྱིའི་སྔགས་ཤཱ་ས་ན་དང་། མགོན་དཀར་འདི་ཉིད་ཀྱི་སྔགས་གུ་རུ་མ་ཧཱ་ཀཱ་ལ་སོགས་ཀྱི་སྔགས་ཕྲེང་ཁ་དོག་དཀར་པོ། རང་སྒྲ་སྒྲོགས་བཞིན་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ས་གཞི་བར་སྣང་གང་བ་འུར་འུར་ཐིབ་ཐིབ་བྱུང་ནས་ཁྱོད་རང་མགོན་དཀར་དུ་གསལ་བའི་མགྲིན་པ་ནས་ཐིམ། གསུང་གི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་དང་སྤོས་དུད་བྱ། གུ་རུ་མ་ཧཱ་ཀཱ་ལ་སོགས་ཀྱི་སྔགས་སྔར་བཞིན་བརྗོད། དེ་ནི་གསུང་གི་རྗེས་སུ་གནང་བ་ཡིན། ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་ཐུགས་འདུན་འདི་བཞིན་དུ་མཛད་པར་ཞུ། སློབ་དཔོན་ལ་གུས་འདུད་གནང་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་རྣམ་པ་གྲི་གུག་དང་། ཡིད་བཞིན་ནོར་བུ་དང་། ཌ་མ་རུ་དང་། ཐོད་པའི་ཕྲེང་བ་
ལ་སོགས་པ་ཕྱག་མཚན་བསམ་གྱིས་མི་ཁྱབ་པ། ནམ་མཁའ་ས་གཞི་བར་སྣང་གང་བ་འུར་འུར་ཐིབ་ཐིབ་བྱུང་ནས་མདུན་གྱི་ནམ་མཁར་གནས་པ་ལ་སེམས་ཆེར་གྱིས་གཏད་པས། དེ་རྣམས་འོད་དང་འོད་ཟེར་གྱི་རྣམ་པར་ཞུ་ནས། ཁྱེད་རང་མགོན་དཀར་དུ་གསལ་བའི་སྙིང་གར་ཐིམ་པས། ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་དང་སྤོས་དུད་བྱ་ཞིང་། སྔགས་སྔར་བཞིན་བརྗོད། དེ་ནི་ཐུགས་ཀྱི་རྗེས་སུ་གནང་བ་ཡིན། ཡང་ཐུགས་འདུན་འདི་བཞིན་དུ་མཛད་པར་ཞུ། སློབ་དཔོན་མགོན་དཀར་དུ་གསལ་བ་དང་། མདུན་བསྐྱེད་ཀྱི་མགོན་པོ་གཉིས་ཀྱི་སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ། གསང་གནས་རྣམས་སུ་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་པོ་ཞལ་གཅིག་ཕྱག་གཉིས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡས་ལྕགས་ཀྱུ། གཡོན་ཐོད་པ། ཞབས་གཉིས་གར་སྟབས། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ་རེ་ལམ་སྟེ་གསལ་བཏབ་པའི་མཁའ་འགྲོ་མའི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཀྱི་ཟས་ནོར་བཅུད་གཡང་ལ་སོགས་པའི་དངོས་གྲུབ་འུབ་ཀྱིས་བསྡུས་ནས། ཁྱེད་རང་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་དང་སྤོས་དུད་བྱ། སྔགས་སྔར་བཞིན་བརྗོད། དེ་ནས་བཟླས་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས། སྔགས་ཕྲེང་དང་པོ། གཉིས་པ། གསུམ་པ་རྣམས་ཆད་པས་ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པས། ཐུགས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པའི་རྗེས་ཟློས་ལན་གསུམ་བྱ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་ཕྱག་གིས་མེ་ཏོག་འཐོར་བ་རེ་གནང་ལ་
འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་དབུའི་གཙུག་ཏུ་ཕུལ་བས་སྔགས་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད་བྱས་ལ། སློབ་མའི་མགོ་ལ་མེ་ཏོག་འཐོར་ཞིང་། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །མགོན་དཀར་ཡིད་བཞིན་གྱི་ནོར་བུའི་སྐུ་གསུང་ཐུགས་གསང་སྔགས་རིག་སྔགས་ཀྱི་ནུས་མཐུ་དང་བྱིན་རླབས་ཐམས་ཅད་རིག་པ་འཛིན་པ་འདིའི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག་བརྗོད། དེ་ནས་གཏོར་མ་མགོན་དཀར་དུ་གསལ་བ་སློབ་མའི་མགོ་ཐོག་ཏུ་བཞག་ལ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵནྟུ། རྡོ་རྗེ་འཆང་། དཔལ་ཤ་ཝ་རི། མངའ་བདག་མཻ་ཏྲི་པ། གྲུབ་ཐོབ་རཱ་ཧུ་ལ་གུཔྟ་བཛྲ། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་བཤང་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། མང་མཁར་བ་བློ་གྲོས་རྒྱལ་མཚན། པུ་ཧྲང་དཔལ་ལྡན་དར་པོ། ཞེ་དགོན་པ་རྗེ་བསོད་ནམས་རྩེ་མོ། ལོ་ཆེན་དམ་པ་འགྱུར་མེད་བདེ་ཆེན། རྩ་བའི་བླ་མ་རྗེ་བཙུན་ངག་དབང་ཆོས་ཀྱི་གྲགས་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད།
རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་རྣམས་ལ་འགོ་ཞིང་འཆེས་པ་དང་། བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་དུ་གསོལ། འདི་རྣམས་ལ་སྒྲུབ་པ་བྱེད་པའི་དུས་སུ་འཚོ་བའི་ཡོ་བྱད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཚེ་དང་བསོད་ནམས་ལུང་དང་རྟོགས་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱེད་རང་གི་སྤྱི་བོ་ན་བཞུགས་པའི་མགོན་དཀར་འོད་དུ་ལྟེམ་གྱིས་ཞུ། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པས། མགོན་པོ་ལུས་དང་གྲིབ་མ་ལྟར་དུ་འགྲོགས་ཏེ། སྲུང་སྐྱོབ་མཛད་པ་ཡིན་སྙམ་པའི་མོས་པ་གནང་བར་ཞུ། ཞེས་གཙོ་བོས་ཇི་ལྟར་དང་མཎྜལ། དེང་ནས་བརྩམས་ཏེ་རྣམས་སྤྱི་དང་འདྲ། འབུལ་གཏོར་སྟེང་དུ་འབུལ། ཡིག་བརྒྱ་ལན་གསུམ་ནོངས་པ་བཟོད་གསོལ། དགེ་རྩ་སངས་རྒྱས་ཀྱི་སར་བསྔོའོ། །ཞེས་པ་འདི་ནི་ལོ་ཆེན་དམ་པ་འགྱུར་མེད་བདེ་ཆེན་གྱིས་ཇི་ལྟར་མཛད་པའི་ཕྱག་ལེན་རྣམས་ཡིད་ཡུལ་དུ་ངེས་པར་བྱས་པའི་ཟིན་བྲིས་ཀྱི་ཐོ་ཆུང་ལ་བརྟེན་ནས། སླར་ས་ཕོ་རྟ་ལོར་འཛད་ཆོས་སྒོ་ཐར་གླིང་གི་གཙུག་ལག་ཁང་དུ་ལོ་ཆེན་དེ་ཉིད་ཀྱི་ཞབས་པད་ཉེ་བར་བསྟེན་པ། དགེ་སློང་རྡོ་རྗེ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་ལེགས་པར་བཀོད་པའོ། ༈ །མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས། །རབ་བརྗིད་ཀཻ་ལ་ཤ་ཡི་ལྷུན་པོ་ལ། །རབ་གསལ་ཉི་མའི་དཀྱིལ་འཁོར་ཤར་བ་ལྟར། །རབ་མཆོག་བླ་མ་མགོན་པོ་དབྱེར་མེད་ལ། །རབ་དྭངས་བློ་ཡིས་དབྱེར་མེད་གཅིག་ཏུ་མཆོད། །རྒྱལ་ཀུན་ཐུགས་རྗེའི་སྤྱི་གཟུགས་པད་དཀར་འཆང་། །རྒྱལ་བསྟན་བསྲུང་ཕྱིར་ཞི་ཁྲོའི་ཟློས་གར་གྱིས། །རྒྱལ་བའི་མཛད་བཟང་བགྲང་ཡས་འགྲོར་སྩོལ་བའི། །རྒྱལ་མཆོག་སྒྲུབ་ཐབས་མཁས་གྲུབ་མང་པོས་མཛད། །དེ་དག་རྣམས་ཀྱི་ལེགས་བཤད་གཅེས་པའི་
ནོར། །རང་གི་ཡིད་མཚོར་འཇགས་པར་བྱ་བའི་ཐབས། །ཡི་གེར་བཀོད་འདི་མཁས་གྲགས་འདོད་མ་ཡིན། །རང་ཉིད་དད་དང་སྤྲོ་བའི་གདུང་ཤུགས་ཏེ། །འདི་ལ་ཆོས་བདག་མཁའ་འགྲོས་གནང་བ་སྩོལ། །ཞེས་མཆོད་པར་བརྗོད་ཅིང་། བཤད་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས། རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་ཟློས་གར། མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དབང་གི་རྒྱལ་པོ་ཞེས་བྱ་བ་འཆད་པ་ལ་གཉིས་ཏེ། རྟེན་གྱི་གང་ཟག་དང་། ཉམས་ལེན་དངོས་སོ། །དང་པོ་ནི། དེའང་སྒྲུབ་པ་པོ་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཏེ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཏེ། ཚེ་འདིར་རྫོགས་པའི་སངས་རྒྱས་དོན་དུ་གཉེར་བས། རྡོ་རྗེ་ཐེག་པའི་ལམ་ལ་མོས་ཤིང་། བདེ་མཆོག་ལ་སོགས་པའི་དབང་བཞི་ལེགས་པར་ཐོབ་པ། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་ཞིང་། ཁྱད་པར་བླ་མ་མགོན་པོ་དབྱེར་མེད་ཀྱི་བཀའ་ཡིད་བཞིན་ནོར་བུའི་སྒོས་ཀྱི་རྗེས་གནང་ལེགས་པར་ཐོབ་པའི་རྣལ་འབྱོར་པས་སོ། །གཉིས་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དུར་ཁྲོད་ལ་སོགས་པའི་གནས་མཚན་ཉིད་དང་ལྡན་པར། ཕྱགས་དར་སྐྱང་ནུལ་སོགས་བྱས་ལ། བླ་བྲེ་དང་། ཡོལ་བ་སོགས་ཡོད་ན་བཤམ། བྲིས་སྐུ་སོགས་སྦྱིན་པ། བྱེ་བྲག་གི་རྟེན་ཡོད་ན་བཤམ། མ་འབྱོར་ན་སྐྱོན་མེད། མཆོད་གཏོར་ཅི་འབྱོར་བཤམས་ལ་སྟན་བདེ་བ་ལ་འཁོད་དེ། རྡོ་རྗེ་སྐྱིལ་ཀྲུང་སོགས་བསམ་གཏན་གྱི་སྤྱོད་ལམ་གྱིས་འདུག་ནས། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་དམིགས་ཏེ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་འགྲོ་བྱེད་པར་བསམ་ཞིང་སྙིང་ཁོང་རུས་པའི་གཏིང་ནས། ངག་ཏུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་
མཆིས་ཀྱི་བར་དུ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཉེར་གཅིག་སོགས་ཅི་ནུས་སེམས་དང་འདྲེས་ངེས་བྱ། ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས་རང་གཞན་ལ་ཐིམ་པས། དཀོན་མཆོག་གི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ། སངས་རྒྱས་ཆོས་ཚོགས་མ་གཞན་འདྲ་བ་ལས། བདག་གི་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་འདིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས། སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་མགོན་དཀར་ཡིད་བཞིན་ནོར་བུའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ཞེ་ཐག་པ་ནས་བསམ་ཞིང་། ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་། ཞེས་སོགས་ཀྱི་ཚད་མེད་བཞི་བསྒོམ། རང་ཐ་མལ་དུ་གནས་པའི་སྙིང་གི་དཀྱིལ་དུ་ཆོས་ཉིད་ཀྱི་ཐིག་ལེ་དམར་ཞིང་དྭངས་ལ་འདྲིལ་བ། རྒྱ་སྲན་ཙམ་ཞིག་བསམ། དེའི་ནང་གི་དབུས་སུ་ཧཱུྃ་དཀར་པོ་དངུལ་ཆུ་ལྟར་དྭངས་པ་གཅིག་བསམ། དེ་གཉིས་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། ཡིད་བཞིན་ནོར་བུའི་གོ་འཕང་ལ་བཀོད། ཚུར་འདུས་ཐིག་ལེ་ཧཱུྃ་དང་བཅས་པ་ལ་ཐིམ། དེ་གཉིས་དབྱེར་མེད་དུ་ཁྲུག་གིས་འདྲེས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་
འདས་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པར་གྱུར་པ་ནི། ཕྱི་རོལ་དུ་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ་ཆོས་འབྱུང་གྲུ་གསུམ་ཤེལ་དཀར་ལྟར་དྭངས་ཤིང་། ཕྱི་ནས་མེ་རི་དམར་པོ་འབར་བ། དེའི་དབུས་སུ་པྃ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གྃ་ལས་ཚོགས་བདག་གི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་སྐུ་མདོག་དུང་ལྟར་དཀར་ཞིང་། སྨུག་རྩི་གསར་པས་བྱུགས་འདྲའི་དམར་མདངས་ཆགས་ཤིང་བརྗིད་པ། ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་པ། ཞལ་འཛུམ་ཁྲོའི་ཉམས་དང་ལྡན་ཞིང་མཆེ་བ་ཅུང་ཟད་གཙིགས་པ། ལི་ཁྲིའི་ཆུན་པོ་ལྟ་བུའི་དབུ་སྐྲ་དང་། སྨིན་མ་དང་། སྨྲ་ར་དམར་སེར་གྱེན་དུ་བརྫེས་ཤིང་འཁྱིལ་བ། དཔྲལ་བར་མཁའ་འགྲོ་མའི་ཐིག་ལེ་སིནྡྷུ་རའི་ཐིག་ལེས་བྱུགས་པ། ཐོད་སྐམ་ལྔའི་དབུ་བརྒྱན་དང་། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་དྲུག་གི་གཡས་ཀྱི་དང་པོས་སེར་སྣ་ལ་སོགས་སྐྱོན་དྲུག་གཅོད་པའི་གྲི་གུག་སྔོན་པོ་ནམ་མཁའ་ལ་འཕྱར་བ། གཉིས་པས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཐུགས་ཀར་འཛིན་པ། གསུམ་པས་སེང་ལྡེང་གི་ཌ་མ་རུ་དྲག་ཏུ་འཁྲོལ་བས་མཁའ་འགྲོ་དབང་དུ་སྡུད་པ། གཡོན་གྱི་དང་པོས་བདུད་རྩིས་གང་བའི་ཐོད་ཆེན་གྱི་ནང་དུ། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་བུམ་པ་སེར་པོ་བརླ་གཡོན་པ་ལ་བརྟེན་ཏེ་འཛིན་པས་འདོད་རྒུ་སྩོལ་བ། གཉིས་པས་དུག་གསུམ་འཇོམས་པའི་རྩེ་གསུམ། གསུམ་པས་ཁམས་གསུམ་འགུགས་པའི་རིན་པོ་ཆེའི་ལྕགས་ཀྱུ་འབར་བ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ།
ཞབས་གདུབ། སོར་གདུབ། འོག་པག་སྟེ། ནོར་བུའི་རྒྱན་བརྒྱད་ཀྱིས་མཛེས་པ། སྐུ་སྟོད་ལ་གླང་པོ་ཆེའི་ཀོ་བས་གཡོགས་ཤིང་། སྐུ་སྨད་ལ་སྟག་ལྤགས་གསར་པའི་ཤམ་ཐབས་དཀྲིས་པ། རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱི་སྣེ་མོ་ལ། གསེར་དངུལ་གྱི་དྲིལ་བུ་དང་གཡེར་ཁ་འཁྲོལ་བ། ལྷ་རྫས་ཀྱི་ན་བཟའ་དང་དར་སྣ་ཚོགས་ཀྱི་འཕྱང་འཕྲུལ་ཅན། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་ཞིང་། འབྱོན་འཕྲོ་ལ་ཚོམ་སྟེ་བཞུགས་པ་འདྲ་བའི་ཞབས་འོག་ན། དཔལ་ཚོགས་ཀྱི་བདག་པོ་གླང་པོ་ཆེའི་གདོང་པ་ཅན། མདོག་དཀར་པོ། ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་ཞིང་། གཡོན་གྱིས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་བསྣམས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་པ། ཁ་དང་བཤང་ལམ་བ་སྤུའི་བུ་ག་ཐམས་ཅད་ནས། ནོར་བུ་ལྷུག་ལྷུག་འབྱུང་བ་རེ་རེ་མནན་ཅིང་། ཡེ་ཤེས་ཀྱི་འོད་ཟེར་མེ་འོད་འབར་བའི་དབུས་ན་བཞུགས་པ་ལ། འཁོར་དབང་སྡུད་ཀྱི་ཌཱ་ཀི་བྱེ་བ་འབུམ་སྡེ་དཔག་ཏུ་མེད་པ་དང་། ནོར་བདག་གནོད་སྦྱིན་ཕོ་མོ་དཔག་ཏུ་མེད་པས་བསྐོར་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་མོ་དགོས་འདོད་ཐམས་ཅད་འབྱུང་བ། ཞལ་འཛུམ་པའི་མདངས་ཅན། གཡས་ཡིད་བཞིན་ནོར་བུ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་། བཅུ་དྲུག་ལོན་པའི་ལང་ཚོ་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ་དང་། གཡོན་གྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། ཞབས་གར་སྟབས་ཀྱིས་འགྱིང་ཞིང་། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། ཁམས་གསུམ་དབང་དུ་སྡུད་ཅིང་
སྟོང་གསུམ་གཡོ་བར་བྱེད་པ་ཅིག་བཞུགས་པར་བསམ། མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་སྔོན་པོ། ཐུགས་ཀའི་མཁའ་འགྲོ་མའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ། དེ་ལས་འོད་ཟེར་འཕྲོས་པས། རྒྱ་གར་ཤར་ལྷོའི་མཚམས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཤིང་ཙནྡན་རྐང་གཅིག་གི་དྲུང་ནས་མྱུར་མཛད་ཡིད་བཞིན་གྱི་ནོར་བུ་ལ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་མཁའ་འགྲོ་གནོད་སྦྱིན་ནོར་བདག་གི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཌ་མ་རུ་དང་དྲིལ་བུའི་སྒྲ་སྒྲོགས་ཤིང་། དགྱེས་པའི་གར་སྟབས་དང་བཅས་ཏེ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅའ། སྤྱན་འདྲེན་མཆོད་གཏོར་བཟླས་པའི་སྐབས་རྣམས་སུ་མགོན་པོའི་སྤོས་སྦྱོར་ཡོད་ན་བསྲེག བསྟོད་པ་སྤྱན་འདྲེན་སོགས་ལ་ཌ་དྲིལ་ཀྱང་སྤྲོ་ན་བྱས་པས་ཆོག ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀ་ལ་ཆེ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །མཆོད་པའི་གནས་འདིར་གཤེགས་ནས་ཀྱང་། །དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཧཱུྃ། ཙནྡན་ལྗོན་ཤིང་འཁྲིགས་པའི་དུར་ཁྲོད་ནས། །དྲི་བཞོན་གྱིས་བསྐྱོད་སྤྲིན་དཀར་ཕུང་པོ་བཞིན། །ཕྱག་ན་པདྨོའི་རྣམ་རོལ་བསྟན་སྲུང་མཆོག །མགོན་དཀར་འདོད་རྒུའི་ཆར་འབེབས་གནས་འདིར་གཤེགས། །ལྷ་ཆེན་བླ་མ་ཡིད་བཞིན་ནོར་བུ་ཡི། །བཀའ་སྒྲུབ་ཕྱོགས་བཅུའི་འཇིག་རྟེན་དབང་དུ་སྡུད། །རྣལ་འབྱོར་མཆོག་ལ་དངོས་གྲུབ་མྱུར་སྩོལ་བའི། །ནོར་བདག་ཌཱ་ཀིའི་ཚོགས་བཅས་གནས་འདིར་གཤེགས། །མགོན་པོ་འཁོར་བཅས་ཐུགས་རྗེའི་ཟློས་གར་གྱིས། །རྣམ་པར་གཡོས་པས་སྲིད་ཞིའི་དཔལ་འབྱོར་ནི། །གེགས་མེད་
མྱུར་སྩོལ་དབུལ་བའི་སྡུག་བསྔལ་ཀུན། །མ་ལུས་བསལ་ནས་དཔལ་འབྱོར་རྒྱས་པར་མཛོད། །གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཉེར་གཅིག ཛཿའམ། ཀྵིཾ་ཉེར་གཅིག་རྣམས་བརྗོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ཐལ་མོ་སྦྱར་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །དབུལ་བའི་སྡུག་བསྔལ་ཞི་བར་མཛད། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་འབྱུང་དཀར་དང་མེ་རི་དམར་བའི་དབུས། །པད་དཀར་གདན་དང་འོད་སྟོང་དཀྱིལ་འཁོར་སྟེང་། །གངས་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། །ཁྱོད་ལ་རྣམ་དཀར་དྭང་བས་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། མཆོད་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་རང་བཞིན་སྟོང་ཉིད། རྣམ་པ་རྟེན་ཅིང་འབྲེལ་བ་ལས་བྱུང་བའི་མཆོད་རྫས། བྱེད་ལས་མགོན་པོ་འཁོར་བཅས་ཐུགས་མཉེས་པར་བྱེད་པའི་མཆོད་སྤྲིན། མཆོད་ཡོན། ཞབས་བསིལ། བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དང་། གཞན་ཡང་ཕྱི་ནང་གསང་བའི་མཆོད་སྤྲིན། དངོས་སུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་པ་ལ་སོགས་པ། མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་ཐམས་ཅད་གང་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ནས། ཤབྡ་ཨཱཿཧཱུྃ་གི་བར་དང་། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་པ་རྣམས་ཀྱི་བྱིན་གྱིས་བརླབས་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །
མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཚིགས་བཅད་གཞན་རྣམས་སྔར་དང་འདྲ་བ་ལས། ཞབས་བསིལ་དང་། པཱ་དྱཾ། མེ་ཏོག་དང་། པཥྤེ། བདུག་སྤོས་དང་། དྷཱུ་པེ། མར་མེ་དང་། ཨཱ་ལོ་ཀེ། དྲི་ཆབ་དང་། གནྡྷེ། ཞལ་ཟས་དང་། ནཻ་ཝི་དྱ། སིལ་སྙན་དང་། ཤབྡ། གཟུགས་མཆོག་དང་། རཱུ་པ། སྒྲ་སྙན་དང་། ཤབྡ། དྲི་མཆོག་དང་། གནྡྷེ། རོ་མཆོག་དང་། རཱ་ས། རེག་བྱ་དང་། སྤརྴེ་རྣམས་ཚིགས་བཅད་དང་སྔགས་རྣམས་སྤེལ་ཏེ། ཕྱག་རྒྱ་དང་བཅས་པས་ཕྱི་མཆོད་ནང་མཆོད་བྱིན་རླབས་ཡི་དམ་གང་བྱེད་དམ། ཡང་ན་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། བྷྲཱུྃ་ཨཱྃ་ཛྲིཾ་ཁྃ་ཧཱུྃ་ལས་བྱུང་བའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཕྱག་རྒྱ་དང་བཅས་པ་ལན་གསུམ་གྱིས་བྱིན་བརླབ། བསྡུ་ན་འབྲུ་གསུམ་གྱིས་ཆོག་གསུངས། གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ་སྤྱི་བོར་གཏོར་ནས། རྒྱས་པར་ན་འདིའི་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་ནས་བརྗོད་ལ་དབུལ། བསྡུ་ན། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྙིང་ག་ནས་གཏོར་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ། ལྟེ་བ་ནས་གཏོར་ལ་རྩ་སྔགས་སིདྡྷི་ཛཿའི་མཇུག་ཏུ། མགོན་པོ་ཡིད་བཞིན་ནོར་བུའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་འཁོར་གྱི་མཁའ་འགྲོ་ནོར་སྦྱིན་རྣམས་ཀྱི་ཞལ་དུ༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ གཞི་བདག་རིགས་དྲུག་རྣམས་ལྷར་གསལ་བའི་ཞལ་དུ༴ རང་གིས་ཀྱང་མྱང་། འདི་ཅུང་ཟད་བསྡུས་པ་ཡིན་ལ། རྒྱས་པར་ན་བླ་མེད་སྤྱི་ལྟར་
རོ། །ཁྱུང་པོས་མཛད་པ་ལ་སོགས་པའི་བསྟོད་པ་གང་རུང་གིས་བསྟོད། བཟླས་པ་བྱེད་པར་འདོད་པས། འདིའི་མན་ངག་ཤིན་ཏུ་གལ་ཆེ་བ་ཡིན་ཀྱང་། འདིར་མ་སྦས་པར་གསལ་པོར་བརྗོད་ན། མགོན་པོའི་ཐུགས་ཀའི་མཁའ་འགྲོ་མའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ། ཐིག་ལེ་དམར་པོའི་སྟེང་དུ་ཧཱུྃ་དཀར་པོ་དང་བཅས་པ་བསྒོམས་ལ། འདི་ལྟར་བརྗོད་ཅིང་བསམ་མོ། །སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེ་དམར་པོའི་མཐར། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པའི་སྔགས་ཕྲེང་བྱེ་རུའི་ཕྲེང་བ་ལྟ་བུ་དམར་ཧྲམ་མེ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་འཁོར། དེ་ལས་འོད་ཟེར་དམར་ཞིང་རྣོ་བ་དཔག་མེད་འཕྲོས་པས་སྲིད་པ་འཁོར་བ་དང་། ཞི་བ་མྱ་ངན་ལས་འདས་པའི་བསྡུས་པའི་བརྟན་གཡོ་སྣོད་བཅུད་ཀྱི་དགེ་ལེགས་ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་ཐིག་ལེ་ལ་ཐིམ་པས། རྣལ་འབྱོར་པ་ལ་ཚེ་དང་བསོད་ནམས་དང་དཔལ་དང་དབང་ཕྱུག་དང་བདེ་ལེགས་ཆར་བཞིན་དུ་འབབས་པར་གྱུར། ཅེས་བརྗོད་ཅིང་དམིགས་པ་གསལ་གང་ཐེབས་རིག་པ་གྲུང་བཏོན་ཅིང་ཧུར་ལ་བླངས་ཏེ་བཟླས་པ་བྱ། ལས་དང་པོ་པས་བཟླས་དམིགས་མང་པོ་དུས་གཅིག་ལ་མི་ལྕོགས་པས། ཡང་ན་འདི་ལྟར་བརྗོད་ཅིང་བསམ། སླར་ཡང་འོད་ཟེར་དམར་པོ་ཚ་ཞིང་རྣོ་བ་འཕྲོས། འཁོར་གྱི་མཁའ་འགྲོ་དང་ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་དག་གི་རྒྱུད་དབང་མེད་དུ་བསྐུལ་ནས་སྲིད་གསུམ་གྱི་དངོས་གྲུབ་ཧྲིལ་གྱིས་བསྡུས། རང་ཉིད་ཀྱི་མདུན་དུ་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་བཟླས་པ་བྱ། ཡང་འོད་ཟེར་འཕྲོས། རྒྱལ་པོ་ཕྱུག་པོ། དྲག་རྒུ་ཆེ་རྒུ། སྐྱེས་པ་བུད་མེད་ལ་སོགས་ཏེ། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་སྙིང་དུ་འོད་ཟེར་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་རིག་པ་དང་བཅས་པ་ཞུགས། མི་ཐམས་ཅད་ཀྱི་ཤེས་པ་རང་དབང་མེད་པར་གྱུར་ནས་བདག་གི་དབང་དུ་འུབ་ཀྱིས་བསྡུས་པར་གྱུར། ཅེས་
བརྗོད་ཅིང་སྔགས་བཟླ། དེ་ཡང་ཁྱད་པར་དུ་རང་གིས་གང་དབང་དུ་བསྡུ་བར་འདོད་པ་དེའི་སྙིང་གི་དཀྱིལ་དུ་མི་དེའི་རྣམ་ཤེས་ནྲྀ་ལྗང་གུ་ཉ་མིག་ཙམ་ཡོད་པ་དེ། མཁའ་འགྲོ་དང་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བྱས་པར་བསམ་ཞིང་བཟླ། མཁའ་འགྲོ་དང་གནོད་སྦྱིན་ལ་བརྟེན་པའི་ཟབ་ཁྱད་དོ། །ཚོགས་བདག་ལ་བརྟེན་པའི་ཟབ་ཁྱད་ནི། སླར་ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ལྷ་ཀླུ་གནོད་སྦྱིན་སྟོབས་ལྡན་རྣམས་དང་། མིའི་དབང་པོ་ལ་སོགས་པའི་སྟོབས་ལྡན་ཐམས་ཅད་བཀུག་སྟེ། ཚོགས་བདག་ལ་བསྟིམས་པས། དེ་དག་ཐམས་ཅད་ཀྱིས་རྣལ་འབྱོར་པའི་བཀའ་བཞིན་དུ་ཉན་ཅིང་། བྲན་བཞིན་དུ་ལས་བསྒྲུབས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་བཟླས་པ་བྱ། སྐབས་འགར་སེམས་གནས་ལུགས་ཀྱི་སྟེང་དུ་འཇོག་ཅིང་བྱ། རེས་ལྷའི་སྤྱན་དབུས་མ་ནས་བཟུང་སྟེ་རྟེན་དང་བརྟེན་པ་ལ་སེམས་གཏད་ཅིང་བཟླ། རེས་འགའ་སྙིང་གའི་སྔགས་ཀློག་པའི་ཚུལ་དང་། རེས་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་དང་། གཙོ་ཆེར་གོང་གི་བཟླ་ཚུལ་དེ་རྣམས་བྱ། གང་ལྟར་ནའང་སེམས་མ་ཡེངས་པར་དགོས་ཏེ། སེམས་གཞན་གཡེངས་པས་བྱས་པ་ནི། །བསྐལ་པར་བཟླས་ཀྱང་མི་འགྲུབ་བོ། །ཞེས་གསུངས། བཟླས་པའི་ཡུལ་ཕྲེང་བའང་སྤྱི་འགྲོ་ལྟར་བྱིན་རླབས་དང་ལྡན་པར་བྱ། འདི་བསྒྲུབ་པའི་སྐབས་སུ་རང་འདོད་ཀྱི་འཁྲིས་མེད་པར་བྱ། བཟླ་བྱའི་སྔགས་ནི་དམིགས་པ་གསལ་པོས། གུ་རུ་མ་«་་་་་བླ་མ་ནག་པོ་ཆེན་པོ་དང་མཁའ་འགྲོ་སྡེ་བཞིས་དངོས་གྲུབ་རྩོལ།» ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པའི་ཡི་གེ་འབྲུ་བཅུ་གསུམ། གི་གུ་བཞི། ཞབས་ཀྱུ་གཉིས་ཏེ། ཁམས་གསུམ་དབང་སྡུད་ཀྱི་སྙིང་པོ་འདི་ཚིག་གཞན་གྱིས་བར་མ་ཆོད་པར་འབུམ་ཕྲག་གསུམ་ཆུ་བོའི་གཞུང་བཞིན་བཟླ་བར་བྱའོ། །ཞེས་ཁྱུང་པོས་གསུངས་ལ། མཁས་གྲུབ་ཆོས་རྗེའི་གསུང་རྒྱུན་ལས་ས་ཡ་ར་ཅན་འབྱུང་སྟེ་གང་ལྟར་ནའང་
འབུམ་ཕྲག་བཅུ་གསུམ་ཁ་སྐོང་ཁྲི་ཚོ་བཅུ་གསུམ་དང་བཅས་པ་བཟླས་ན་ལེགས་ཤིང་། དེ་རྣམས་ནི་གྲངས་བསྙེན་གྱི་དབང་དུ་བྱས་ལ། མཚན་མའི་བསྙེན་པ་ནི་རྟགས་ཤིག་མ་བྱུང་གི་བར་དུ་བྱེད་པའོ། །རྟགས་ནི། རབ་མངོན་སུམ། འབྲིང་ཉམས་སྣང་། ཐ་མ་རྨི་ལམ། མགོན་པོ་དང་མཁའ་འགྲོ་དངོས་སུ་མཐོང་བ་དང་། བླ་མ་དུར་ཁྲོད་ནས་བྱོན་པ་དང་། རིག་མ་མཚན་ལྡན་གྱིས་དངོས་གྲུབ་སྟེར་བ་དང་། ཁམས་གསུམ་སེམས་ཅན་ལ་དབང་བསྐུར་བ་དང་། ཉི་ཟླ་ཤར་བ་དང་། གོས་དཀར་པོ་གོན་པ་དང་། བུམ་པ་ཐོགས་པ་དང་། ནོར་བུ་རྙེད་པ་ལ་སོགས་པའི་རྟགས་འབྱུང་། དེ་ལྟར་རྟགས་བྱུང་ན་འགྲུབ་པ་ཡིན་པས། ཚེ་རིང་། ནད་མེད། ཁམས་གསུམ་དབང་དུ་འདུས། ལྷ་སྲིན་བྲན་དུ་ཁོལ། རྨི་ལམ་ཟིན། བར་དོ་མེད་པར་འཚང་རྒྱའོ། །ཐུན་གསུམ་བཞི་དྲུག་རྣམས་གང་རུང་ཡིན་ནའང་། བསྟེན་པ་ནི་མི་ཚིག་དང་སྔགས་གཞན་མ་འདྲེས་ཤིང་གདན་ཐོག་གཅིག་ཏུ་འགྲོ་དགོས། ཐུན་མཚམས་སུ་འཐོར་བསྙེན་གྱི་ཚུལ་དུ་བཟླ་རུང་ཡང་དེས་བསྙེན་པའི་གོ་མི་ཆོད། སྔོན་འགྲོ་ཞག་ཁ་ཤས་སྐྱབས་འགྲོ་སེམས་བསྐྱེད་དང་། ཐུན་མཚམས་སྡིག་བཤགས་ཡིག་བརྒྱ་སོགས་ལ་འབད། དངོས་གཞི་མཚམས་ཀྱི་དཀྱིལ་རང་དུ་སླེབས་ནས་གདན་གྱི་དྲོད་མ་ཡལ་བར་བཟླས་པ་རང་ལ་འབད། སྒྲུབ་གཡོག་མ་གཏོགས་པའི་མི་གཞན་དང་མི་འཕྲད། ལྷ་རྗེ་ཉམས་ཅན་གྱི་གང་ཟག་འདྲ་མཚམས་འོག་ཏུ་འཇུག མཚམས་ཀྱི་རིང་ལ་ཡི་གེ་དང་དངོས་སྤྱད་གསར་པ་ལེན་དགོས་བྱུང་ན་རང་གི་མལ་དང་ཉེ་བར་མི་ལེན། གཞན་དུ་བླང་། ཡིག་ལན་ཀྱང་མལ་ས་ནས་མི་བྱེད། མཚམས་གྲོལ་བའི་ཚེ་ལྷོད་ཀྱིས་གྲོལ། མཚམས་དང་དགེ་སྦྱོར་ཐམས་ཅད་མགོ་མཇུག་ལྷོད་ལ། དཀྱིལ་དུ་བསྒྲིམ་དགོས་པས། དགེ་སྦྱོར་ནས་འདྲ་མ་ཟེར་རོ། །སྤྱིར་མཚམས་དང་དགེ་སྦྱོར་གང་བྱེད་ཀྱང་ཚེ་འདིའི་འཁྲི་བ་བཅད་དགོས། ཐོག་མ་མེད་
པ་ནས་འཁོར་བར་འཁྱམས་ཚུལ་བསམས་ན་ཚེ་འདིར་ཕུན་སུམ་ཚོགས་པ་ཇི་སྙེད་ཐོབ་ཀྱང་བྱེད་རྒྱུ་མི་སྣང་། འདིའི་བསྙེན་པའི་སྐབས་སྒྲུབ་ཐབས་དང་སྔགས་ཀྱི་དག་ཆ་ཙམ་མ་གཏོགས་དཔེ་ཆ་མང་པོ་མི་བལྟ། ལས་དང་པོ་པ་བསྙེན་པའི་སྐབས་སུ་ཡི་གེ་འབྲི་འདོད་པ། དབྱངས་འཐེན་པ། རྩོམ་བྱེད་འདོད་རྣམས་བྱུང་ནའང་མི་བྱ། ངེས་འབྱུང་མི་སྐྱེ་ན་འཆི་བ་མི་རྟག འཁོར་བའི་ཉེས་དམིགས་སྟོན་པའི་དཔེ་ཁ་གསལ་དེ་འདྲ་བལྟ། འདིའི་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་བླ་མའི་རྣམ་ཐར་ཅུང་ཟད་བལྟ། གཞན་སྤྲོས་པ་མང་པོ་མི་བྱ། ན་ཚ་ལྟ་བུ་བྱུང་ཡང་ཐུན་མ་ཆག་པ་ཙམ་བྱེད། སྤྱིར་ཕྱི་གུ་ཡངས་མདོག་ཁ་བ་ལ་ཁོང་བསྒྲིམ་པ་ཅིག་བྱེད་དགོས། བཟླས་པ་བསྡུ་དུས་སྤྲོ་ན་ཕྲེང་བ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས། བདེ་བར་གཤེགས་པ་སོགས་དང་། བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་སོགས་ཀྱིས་གསོལ་བ་གདབ། ཨཱ་ལི་ཀཱ་ལི། ཡིག་བརྒྱ། རྟེན་འབྲེལ་སྙིང་པོ་རྣམས་ཚར་གསུམ་རེ་ཙམ་བྱུང་ན་ཤིན་ཏུ་ལེགས། བླ་མ་ཡི་དམ་གྱི་མཚན་ནས་སྨོས་ཏེ་ཐུན་རེ་ལ་སྔགས་གང་སོང་གི་གྲངས་ཕུལ་ན་ཕན་ཡོན་ཆེ་གསུངས། གུ་རུ་མ་ཧཱ་ཀཱ་ལ་སོགས་སྔགས་མཆོད་ཙམ་དང་། མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་མཛད་པའི། །འདོད་རྒུ་དངོས་གྲུབ་སྩོལ་མཛད་ཁྱོད་ལ་བསྟོད། །མཆོད་བསྟོད་བསྡུས་པ་ཙམ་བྱེད་ན་བཟླས་པའི་གོང་དུའང་འདི་བཞིན་ནོ། །འདོད་དོན་གསོལ་གདབ་འདིར་བྱས་ཀྱང་ལེགས། དེ་རྣམས་ནི་བསྐྱེད་རིམ་ཀྱི་བྱ་བའོ། །ཐུན་མཚམས་སུ་གཏོར་མ་ནི། སྤྱིར་ཐུན་མཚམས་ཐམས་ཅད་དུ་བྱུང་ན་ལེགས་མོད། ཐ་ནའང་ཐུན་ཐ་མ་ལ་ཅིས་ཀྱང་བྱེད་དགོས། དེའི་ཚུལ་ནི། འབྲས་སམ་ནས་དཀར་མོ་རྗེན་འཐགས་བྱས་པའི་ཕྱེའམ། མ་འབྱོར་ན་རྩམ་པ་གཞན་དང་། ནང་མཆོད། བསད་
ཤ་མ་ཡིན་པའི་ཤ་སྐམ། མར་ཁུ། མངར་གསུམ་རྣམས་བསྲེས་པའམ། མར་རམ། ཟན་ཆུ་རྐྱང་པས་ཀྱང་རུང་། དབྱིབས་དཔལ་བཤོས་ཟུར་གསུམ་ཁྲུ་གང་བ། མཐར་ཟན་རིལ་སུམ་བརྩེགས་ཀྱིས་བསྐོར་བ་མར་དང་བུ་རམ་སྦྲང་རྩིའི་རྒྱན་གྱིས་བརྒྱན། རྩེ་མོར་མར་གྱི་ནོར་བུ་དབང་རྒྱལ་གཟུག མཐའ་མར་མཐེབ་ཀྱུ་བརྒྱ་རྩ་བརྒྱད་བཅད་ཁ་ནང་དུ་བསྟན་པས་བསྐོར། མགོན་པོའི་ཙཀླི་དང་། མདའ་བྱ་རྒོད་མ་མེས་མ་བཞུར་བ་ལ་དར་དཀར་དམར་ཐིང་གསུམ་བཏགས་པ་གཟུག གཞན་ཡང་ཤ་ལྔ་དང་། ཟས་སྣ་ཚོགས་ཀྱིས་སྣོད་ཁེངས་པར་དགང་། གཡས་སུ་མཁའ་འགྲོའི་གཏོར་མ། གཡོན་དུ་གཞི་བདག་གི་གཏོར་མ། རྒྱབ་ཏུ་གནོད་སྦྱིན་གྱི་གཏོར་མ། མདུན་དུ་ཉེར་སྤྱོད་དང་ནང་མཆོད་སོགས་བཤམ། ནང་མཆོད་དང་ཆུ་ཆང་གིས་བྲན། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཤ་ལྔ། བདུད་རྩི་ལྔ། དགྲ་བགེགས་ཀྱི་ཤ་ཁྲག་དུ་མ་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཕྱག་རྒྱ་དང་བཅས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་མམ་བདུན་བརྗོད་པས་བྱིན་གྱིས་བརླབས། དེ་ནས་གཏོར་མགྲོན་ནི་བདག་མདུན་གཅིག་ཏུ་བྱས་ནས་བསྙེན་པའི་ཚུལ་ཡིན་པས་སྒྲུབ་ཐབས་རྣམས་སུ་གསལ་པོར་མ་གསུངས་ཀྱང་། ལས་དང་པོ་པ་ཡིད་ཆེས་པའི་ཕྱིར་དུ་མདུན་བསྐྱེད་ནི་བྲིས་སྐུ་ལ་སོགས་པའི་རྟེན་ཡོད་དམ། རྟེན་གཏོར་རམ། དཀྱིལ་འཁོར་ལྟ་བུའི་དམིགས་རྟེན་ཡོད་ན་དེ་ལ་དམིགས་རྟེན་བྱས་ནས་བསྐྱེད། མེད་ཀྱང་རུང་སྟེ། སྭ་བྷཱ་ཝའི་སྔགས་བརྗོད། སྟོང་པའི་ངང་ལས་མདུན་དུ་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་སོགས་ནས་དམ་ཚིག་པ་དང་གཉིས་
སུ་མེད་པར་གྱུར་གྱི་བར། རང་ཉིད་ཅེས་པ་ལ་སོགས་པའི་ཚིགས་ཕྲད་ཅུང་ཟད་དོར་བ་ཙམ་མ་གཏོགས་མངོན་རྟོགས་ལྟར་བྱ། གཏོར་མ་འབུལ་བའི་དམིགས་པ་ནི། བདག་མདུན་གྱི་མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ནས་གསོལ་བར་བསམ་ཞིང་། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་ལྔའམ་བདུན་བརྗོད་ཅིང་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་བྱ། མཆོད་བསྟོད་མདོར་བསྡུས་བྱ། ཌ་དྲིལ་ཡོད་དམ་མེད་ཀྱང་རུང་སྟེ། ཐལ་མོ་སྦྱར་ལ། དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་བསྲུང་རྣལ་འབྱོར་གྱི། །ཚེ་སྲིངས་ལོངས་སྤྱོད་རྒྱས་པར་མཛོད། །ཁམས་གསུམ་འགྲོ་བ་དབང་དུ་སྡུས། །ཞེས་བརྗོད། གཞན་ཡང་ཐལ་མོ་སྦྱར་ཏེ་མོས་པ་རྩེ་གཅིག་པས། བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་གཟི་ལྡན་ཐུགས་རྗེ་ཅན་ཁྱོད་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག དཀོན་མཆོག་གི་དབུ་འཕང་བསྟོད་ཅིག དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག བླ་མའི་སྐུ་ཚེ་སྲིང་ཤིག ཁྱད་པར་དུ་རྣལ་འབྱོར་པ་བདག་ལ་སྙན་པའི་གྲགས་པས་ས་སྟེང་མ་ལུས་པ་ཁྱབ་པ་དང་། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་ནས་ལོངས་སྤྱོད་ཟད་མི་ཤེས་པ་དང་། མི་ནོར་ཟས་གསུམ་འདུ་ཞིང་། ཐོས་བསམ་སྒོམ་གསུམ་གྱི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་ལན་བདུན་ལ་སོགས་པས་གསོལ་བ་གདབ། བཟླས་པའི་མཇུག་ལ་སོགས་པའི་མཆོད་བསྟོད་ཀྱི་གཤམ་ཐམས་ཅད་དུ་འདིས་ཡང་ཡང་གསོལ་བ་འདེབས་པ་གནད་དོ། །རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་ལམ་མི་དམིགས་པ་གང་རུང་བྱ། དེ་ནས་ཉེ་བར་བསྡུ་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་
ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་ཆོས་འབྱུང་དང་བཅས་པ་རང་མགོན་པོར་གསལ་བ་ལ་ཐིམ། རང་ཉིད་གདན་དང་བཅས་པ་སྙིང་གའི་མཁའ་འགྲོ་མ་ལ་ཐིམ། དེ་འོད་དུ་ཞུ་ནས་སྔགས་ཕྲེང་ལ་ཐིམ།«་་་་་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་འཛིན། »དེ་ཧཱུྃ་ལ་ཐིམ། ཧཱུྃ་གི་ཞབས་ཀྱུ་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས། ཟླ་ཚེས་ཐིག་ལེ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར། ཅེས་བརྗོད་ཅིང་བསམས་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ངག་རླུང་རྒྱུ་བ་རང་སོར་བཞག སེམས་དུས་གསུམ་གྱི་སྤྲོས་པ་བཅད་དེ་འོད་དུ་ཡལ་སོང་བའི་ངང་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ནོ་སྙམ་དུ་བཞག དེ་ཡང་དང་པོར་ཐིག་ལེའང་སེམས་རིང་དུ་འཛིན། དེ་ནས་རིམ་གྱིས་སྤྲོས་བྲལ་དུ་འཇོག མཐར་དེ་ལྟར་བཞག་པའི་ངང་ནས། རིག་པ་དེ་རིག་སྟོང་། འགྱུ་བ་དེ་འགྱུ་སྟོང་། གསལ་བ་དེ་གསལ་སྟོང་། ཡིན་མིན་གྱི་མཐའ་དང་བྲལ་བས་རྨི་ལམ་གྱི་སྣང་བ། སྒྱུ་མའི་རང་བཞིན་ཞེས་པ་དེ་ལ་གབ་སྟེ་ངོ་སྤྲད་པའོ་ཞེས་པ་ཁྱུང་པོ་རྣལ་འབྱོར་གྱི་བཞེད་པའོ། །བླ་མ་གོང་མ་དག་འདི་ལ་ཡིད་བཞིན་ནོར་བུའི་རྫོགས་རིམ་ཞེས་པའི་ཐ་སྙད་ཀྱང་མཛད། སླར་ཡང་སྐད་ཅིག་གིས་སྟོང་པའི་ངང་ལས་རང་ཉིད་དཔལ་ཡིད་བཞིན་ནོར་བུའི་སྐུར་གྱུར། ཅེས་བརྗོད་ཅིང་ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུར་གསལ་གདབ། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་བསྲུང་བ་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་ནོར་བུ་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་བ་སྨོན་ལམ་བྱ། ཉལ་འཆག་འགྲོ་འདུག་གི་སྣང་བ་ཐམས་ཅད་འདིའི་ངང་ནས་བྱ། ཐུན་མཚམས་སུ་བརྒྱུད་འདེབས། བསྟོད་པ། གསོལ་འདེབས་སོགས་དགེ་བའི་ལས་ལ་འབད།
སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ལས་འཁྱར་དུ་མི་གཞུག མགོ་མཇུག་བར་གསུམ་རྣམས་སུ་ཚོགས་འཁོར་གང་འགྲུབ་བྱ། དེ་ཡང་རང་གི་འབྱོར་ཚོད་དང་བསྟུན་ནས་བཤམས་ལ། གཏོར་མ་ལྟར་བྱིན་གྱིས་བརླབ། ཚོགས་ཕུད་བླ་མ་ཡི་དམ་ལ་དབུལ། དེ་ནས་རང་དང་གྲོགས་དམ་ཚིག་ཅན་གྱིས་རོལ། ལྷག་མ་འབྱུང་པོར་བཏང་བ་ཙམ་གྱིས་རུང་། མགོན་པོའི་གཏོར་མ་དམ་ཉམས་ཁྱི་གླང་སོགས་ལ་མི་སྦྱིན། དངོས་གྲུབ་ཏུ་ལེན། སྐབས་འགར་སྐོང་གསོའི་མཆོད་འབུལ་རྒྱས་པར་བྱེད་ན་ཡིག་རྙིང་དུ་ཤེས། སྒྲུབ་པ་དང་ལས་ཚོགས་ཀྱི་རིམ་པ་སོགས་རྒྱས་པར་མན་ངག་ལོགས་སུ་ཤེས་པར་བྱའོ། །སྐབས་གཞན་དུ་གཏོར་མ་མ་ཆག་ཙམ་བྱེད་ཚེ། ཡི་དམ་ཆོས་སྐྱོང་གཞན་དང་མཉམ་དུ་གཏོར་མ་ཟླུམ་གཏོར་ནོར་བུའི་རྒྱན་ཅན་སོགས་གང་འབྱོར་ལ་བརྟེན་ཏེ་མ་ཆག་ཙམ་བྱ། སྦྱིན་སྲེག་ཀྱང་ཡི་གེ་རྙིང་པ་ལྟར་རོ། །གནད་གཅིག་ལ་བླ་མའི་མོས་གུས་དང་། འདི་སྒྲུབ་པ་ལ་གཞན་གྱིས་མ་ཚོར་བ་ལེགས། ནོར་ལྷ་གཞན་ལ་འགབ་འདྲེ་གནོན་པ་སོགས་དགོས་ནའང་འདི་ལ་དེ་འདྲ་མི་དགོས་ཤིང་། འགྲུབ་ཐག་ཀྱང་ཉེ། ཚེ་འདིའམ། འཆི་ཁ། བར་དོ་སོགས་སུ་སླེབས་ཆེ་བའི་གདམས་པ་ཡིན། འདིའི་རྒྱབ་རྟེན་དུ་ཡིག་རྙིང་རྣམས་ལ་འདྲིས་པར་བྱའོ། །མང་པོས་རྣ་བར་མ་ཚོར་ཞིང་། །ལ་ལས་མིང་ཙམ་ཐོས་ན་ཡང་། །འདི་འདྲའི་རྣམ་གཞག་མི་ཤེས་པར། །འདོད་གདུང་ཨུ་ཚུགས་མུན་རྡོ་འཕེན། །ཨེ་མ་འདི་འདྲའི་ལེགས་བྱས་ངོ་མཚར་རྨད། །རཱ་ཧུ་ལ་དང་ཁྱུང་པོ་རྣལ་འབྱོར་གྱི། །གཞུང་གི་བདུད་རྩི་མཁས་གྲུབ་རིམ་བརྒྱུད་ནས། །རང་ཉིད་བཅུད་ལེན་བྱ་ཕྱིར་འདི་བསྐྲུན་ཏོ། །འདིས་མཚོན་དགེ་ཚོགས་གང་ཞིག་གྲུབ་པ་དེས། །ཚེ་འདིའི་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །མྱུར་དུ་ཤི་འཕོས་སྨོན་པའི་གནས་སྐྱེས་ཏེ། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཕུལ་གྲུབ་ཤོག །ཅེས་པ་འདིའང་སྙོམ་ལས་པ་
སངས་རྒྱས་ཕུན་ཚོགས་ཀྱིས་སོ། ༈ །མགོན་དཀར་ཡིད་བཞིན་ནོར་བུའི་སྦྱིན་སྲེག་བཀླག་པས་དོན་འགྲུབ་བཞུགས། ན་མོ་གུ་རུ་མ་ཧཱ་ཀཱ་ལཱ་ཡ། མགོན་དཀར་ཡིད་བཞིན་ནོར་བུའི་བསྙེན་པ་རྫོགས་པའི་རྣལ་འབྱོར་པས། སྦྱིན་སྲེག་བྱ་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ཐབ་གནས་ཉམས་དགའ་བར། སའི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གང་རུང་བྱས་པའི་མཐར། ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་གདབ། སྲད་བུ་ཁྲུ་གང་གི་ཚད་གྱིས་དབུས་ནས་ཚངས་ཐིག་ལ་ཕྱོགས་བཞིར་མཚན་མ་བྱས་ལ། དེའི་བར་གྱི་སྲད་བུ་དེ་གཡོན་པས་མཚན་མའི་སྟེང་ནས་བཟུང་། གཡས་པས་ལྷོ་བྱང་གི་ཟུར་ཐིག་ལ་རི་མོར་བྱས་ཏེ་ཤར་ནུབ་ལའང་རིགས་འགྲེའོ། །དེའི་སྟེང་ཐིག་བཞི་བཏབ་པས་ཐབ་ནང་དང་། དེའི་ཕྱི་རོལ་དུ་ཤར་ནུབ་ལ་སོར་བརྒྱད་པ་གཉིས་ཀྱི་མཚན་མ་བྱས་ལ་རྟགས་ནང་མ་ནས་དབུས་བར་གྱི་སྲད་བུ་དེས་ཟུར་ཐིག་བཞི་ལ་མཚན་མ་བྱས་ཏེ། དེ་སྟེང་ཐིག་བཞི་བཏབ་པས་ཁ་ཁྱེར་འབྱུང་། ཡང་རྟགས་ཕྱི་མ་ནས་དབུས་བར་གྱི་སྲད་བུས་སྔར་བཞིན་ཟུར་ཐིག་བཞི་ལ་མཚན་མ་བྱས། དེ་སྟེང་ཐིག་བཏབ་པས་མུ་རན་འབྱུང་ངོ། །ཐབ་སྟེགས་ཀྱི་ཐིག་མི་དགོས། ཐབ་ནང་གི་དབུས་ནས་སུམ་གཉིས་ཕྱིར་བཞག་པའི་སུམ་ཆ་ཟླུམ་པོར་བསྐོར་བས་པད་ལྟེ་དང་། ཕྱིའི་སུམ་གཉིས་ལ་གཅུས་ཐིག་བཏབ་པས་པད་འདབ་བྱ། ཐབ་ཀྱི་གཞི་ཐམས་ཅད་ཁ་དོག་སེར་པོ་བྱ། ཁ་སྒྱེར་མུ་རན་གང་རུང་ལ་རིན་པོ་ཆེའི་ཕྲེང་བས་བསྐོར། ཁ་དོག་འདྲེས་པའི་སྐྱོན་སྤོང་བའི་ཕྱིར། བཅད་ཚོན་ཐམས་ཅད་དང་རིན་པོ་ཆེའི་ཁ་དོག་ལི་ཁྲིས་བྱ། དབུས་སུ་པད་ཉིའི་སྟེང་དུ་འབྲས་དཀར་རམ། རྡུལ་ཚོན་གྱི་ཚོམ་བུ་དཀར་པོ་དགོད། དེའང་གཙོ་བོའི་ཞལ་འཇིག་རྟེན་པའི་ལྷོར་བསྟན་པའི་དབང་དུ་བྱ། བུད་ཤིང་ཚེར་མ་ཅན་མ་ཡིན་པའི་འབྲས་བུ་ཅན་གྱི་ཤིང་། སེར་ཞིང་དྲི་ཞིམ་
པོའི་དབུས་ཀྱི་ཆ་ལས་བྱུང་བའམ། དེ་མེད་ན་སྲོག་ཆགས་མེད་པའི་ནགས་ཀྱི་ལྕི་བ་ཐབ་ཀྱི་ཁ་ཁྱེར་གྱི་སྟེང་ནས་དཔངས་ཁྲུ་གང་ཙམ་གྲུ་བཞིར་བརྩིགས་པའི་ནང་གི་«འཇིག་རྟེན་པའི་་་་་་»ཤར་ལྷོའི་མཚམས་སུ་ཏིང་ལོ་ཆེ་བ་གཅིག་ཀྱང་བཤམ། མེ་ནི་དགེ་འདུན་གྱི་བསྲོ་ཁང་ངམ། རྒྱལ་པོའི་ཁྱིམ་གྱི་མེས་བྱའོ། །ཐབ་ཀྱི་མཐའ་བསྐོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ། དྲི་བཟང་པོས་བྱུག དེའི་མདུན་དུ་རང་གི་སྟན་ནང་ཚང་ཅན་ཁ་དོག་སེར་པོའི་སྟེང་དུ། ས་འཇའ་ལི་སོགས་ཁྱེལ་སྟེགས་བྱ། རང་གི་མདུན་དུ་བསང་ཆུའི་སྣོད་དུང་ཕོར་སོགས་དང་། ཀུ་ཤའི་འཐོར་ཡབ། རྡོ་དྲིལ་ནང་མཆོད་རྣམས་བཤམ། རྡོ་རྗེ་དྲིལ་བུའི་བར་དུ་དགང་གཟར་ཁ་སྦྱར་ལ་བཞག སོ་སོར་བཞག་ན་བར་ཆད་ཀྱི་ཆོས་ཡིན་གསུངས། ཀུ་ཤའི་ཆུན་པོ་བརྒྱད་ཀྱང་བཤམ། གྲུབ་ན་ཐབ་དང་སྒྲུབ་པ་པོའི་བར་དུ་འཇིམ་པ་ལ་བྱས་པའི་མེ་ཡོལ་དཀར་ཞལ་གྱིས་བྱུགས་པ་བཤམས་ཏེ། འདི་ཏི་སེའི་གངས་རིར་བསྒོམས་ཏེ། སྒྲུབ་པ་པོ་ལ་འཇིག་རྟེན་རང་རྒྱུད་པའི་མེ་ལྷའི་རིགས་ཀྱིས་ཉེར་འཚེ་སེལ་བར་བཤད། དཔལ་འབར་ཞིག་ཀྱང་སྟ་གོན་བྱ། རང་གི་གཡོན། ཐབ་ཀྱི་གཡས་ནས་ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་དང་བཅས་པ་བཤམ། རང་གི་གཡས་ཐབ་ཀྱི་གཡོན་ནས་བསྲེག་རྫས་གཟི་བརྗིད་འཕེལ་བྱེད་ཡམ་ཤིང་། འབྲས་བུ་ཅན་གྱི་ཤིང་སྦོམ་ཕྲ་གུང་མོ་ཙམ་སེར་ཞིང་དྲི་ཞིམ་པ། ཁྲུ་གང་བ་རྩ་རྩེ་མར་དང་སྦྲང་རྩིས་བྱུགས་པ། འབྱོར་པ་འཕེལ་བྱེད་མར་ཁུ་གཙང་མ། བདེ་དགེ་ཀུན་སྟེར་ཞིང་ཤེས་རབ་འཕེལ་བྱེད་འོ་མར་ཕྱེ་གསུམ་སྦྲང་རྩི་སོགས་བསྲེས་པ། སྡིག་པ་འཇོམས་བྱེད་ཏིལ་ནག་དང་། བགེགས་ཞི་བྱེད་ཡུངས་ཀར། ནོར་འབྲུ་འཕེལ་བྱེད་སོ་བ། ལོངས་སྤྱོད་རྒྱས་བྱེད་འབྲས། རླུང་ཤུགས་འཕེལ་བྱེད་
ནས། ནད་རྣམས་འཇོམས་བྱེད་གྲོ། སྟོབས་རྣམས་འཕེལ་བྱེད་སྲན་མ། ཚེ་རྒྱས་བྱེད་དཱུརྦ། རྫས་རྣམས་དག་བྱེད་ཀུ་ཤ་རྣམས་གོ་རིམ་བཞིན་བཤམ། རྫས་རྣམས་ལ་བདུད་རྩི་ལྔས་གཏོར་ལ་བཞག སྒྲུབ་པ་པོ་རང་ཉིད་སྔ་དྲོའི་དུས་སུ་ཁྲུས་བྱས། འབྱོར་ན་གོས་རྒྱན་སེར་པོས་བརྒྱན། བདག་གི་ཚེ་དང་ལོངས་སྤྱོད་བསོད་ནམས་ལ་སོགས་པ་རབ་ཏུ་རྒྱས་ཏེ་ཚིམ་པའི་བསམ་པས་སྔར་བཤམས་པའི་སྟན་ལ་ཁ་བྱང་དུ་བལྟས་ཏེ། ས་འཇའ་ལི་ལ་ཁྱེལ་འདུག་གིས་འདུག་པ་བཟང་པོའི་འདུག་སྟངས་ཞེས་པའི་སྤྱོད་ལམ་གྱིས་འདུག་གོ །གཉིས་པ་དངོས་གཞི་ནི། སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་བར། མགོན་དཀར་གྱི་བདག་བསྐྱེད་ཚུལ་བཞིན་བྱས་ལ། འདི་ནས་བརྩམས་ཏེ་སྦྱིན་སྲེག་གི་ཆོ་ག་མ་གྲུབ་གྱི་བར་ལ་ལག་པ་གཉིས་པུས་མོ་ལས་མི་འདའ་བ་ལ་བསླབ་བོ། །དེ་ནས་དཔལ་འབར་ཆེ་བ་ཞིག་ལ་གོང་དུ་བཤད་པའི་མེ་སྦར་ཏེ། ཡམ་ཤིང་མར་ལ་སྦགས་པའམ། རྩ་སྐམ་པོ་གཞན་དང་བཅས། ལག་པ་གཉིས་གུས་པའི་ཚུལ་གྱིས་ཐབ་ལ་གཡས་ནས་ཟླུམ་པོར་བསྐོར་ཞིང་། ངག་ཏུ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་སོགས་ལན་གསུམ་བརྗོད་ལ། ཨོཾ་ཛྭ་ལ་ཛྭ་ལ་རྃ། ཞེས་བརྗོད་དེ། ཐབ་ཀྱི་ནང་གི་ཏིང་ལོ་ལ་མེ་གསོ། ཁུ་ཚུར་གཉིས་བཅངས་པའི་མཐེབ་མཛུབ་གཉིས་བརྐྱངས་པའམ། རྩེ་སྦྱར་བ་རིན་པོ་ཆེའི་ཁུ་ཚུར་གྱི་ཕྱག་རྒྱས་དགང་གཟར་བླུགས་གཟར་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང་། བླུགས་གཟར་གྱིས་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་རྃ། ཞེས་བརྗོད། ཐབ་དང་ཡོ་བྱད་བསང་བ་ནི། རང་ལྷའི་ང་རྒྱལ་གྱིས་བསང་ཆུ་ལ་ཨ་མྲྀ་ཏའམ། ཧཱུྃ་རིང་པོ་འགའ་ཞིག་བརྗོད་པས་རྫས་རྣམས་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་བསམས་ལ། སྔགས་དེ་གཉིས་གང་རུང་བརྗོད་ཅིང་ཀུ་ཤའི་འཐོར་ཡབ་ཀྱིས་
ཐབ་དང་ཡོ་བྱད་ཐམས་ཅད་བསང་གཏོར་བྱས་ཏེ་བགེགས་བསལ་ལ། བསྲེག་རྫས་དང་མཆོད་རྫས་རྣམས་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསྲེགས་རྫས་དང་། མཆོད་རྫས་འདི་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་མཉེས་པ་དང་། སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང་། ཨོཾ་ཤྲཱིཾ་སྭཱ་ཧཱས་མར། ཨོཾ་ཛྲིཾ་སྭཱ་ཧཱས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱང་། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ནས། ཤབྡ་ཨཱཿཧཱུྃ། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། ཐབ་སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་སེར་པོ་རྒྱར་ཁྲུ་གཉིས་པ། ཟབས་སུ་ཁྲུ་གང་བ། ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ། ཁ་ཁྱེར་རམ་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་མཚན་པ། བྲིས་པ་དང་གཉིས་སུ་མེད་པར་གྱུར། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་བཞི་པ། གཡས་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་དབྱུ་གུ་དང་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་དཀྱིལ་འཁོར་སེར་པོ་ལས་འོད་ཟེར་སེར་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་
པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་ལག་པ་གཉིས་ཀྱི་མཐེ་བོ་གུང་མོའི་རྩ་བར་བཞག མཛུབ་མོ་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང་། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ། སརྦ་ཀརྨ་པྲ་སཱ་དྷ་ཀ མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི། དྭི་ཛ་ས་ཏྭ་མ་གྲྀ་ཧཱི་ཏྭཱ། ཨཱ་ཧུ་ཏིཾ་ཨཱ་ཧཱ་ར། ཨསྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་ལ་ཐབ་ནང་དུ་མེ་ཏོག་ཅིག་ཕུལ་ཏེ། ཐབ་ཀྱི་ཤར་ལྷོར་པདྨའི་གདན་ལ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ། ཨོཾ་ཨརྒྷཾ་སོགས་ཀྱིས་ཆུ་གཉིས་དབུལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་པའམ། སྤོས་དང་བཅས་པའི་དྲིལ་བུ་བཟུང་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལཱ་ཡ། སརྦ་བྷསྨི་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ་ཞེས་བརྗོད་ལ། ཛཿཧཱུྃ་བཾ་ཧོཿཞེས་པས་བསྟིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་། རྡོ་རྗེའི་བསྡུ་བའི་ཕྱག་རྒྱས་དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར། ཞེས་པའི་མཚན་
སྔགས་རེ་རེའི་མགོར་སྦྱར་བའི་ཉེར་སྤྱོད་ལྔ། གྷཎྜེ་ར་ཎི་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱ་ཧཱུྃ། ཞེས་པས་ནང་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ། དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ཏེ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ཡང་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་བགེགས་མེད་ཅིང་ཞི་བར་མཛོད་ཅིག །ཨོཾ་བཛྲ་སཏྭ་ཨཱཿ ཞེས་བརྗོད་དེ། ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་སྐོར་དུ་དགྲམ་མོ། །འདས་པའི་མེ་ལྷ་མཆོད་པ་ནི། འཇིག་རྟེན་པའི་མེ་ལྷའི་ཐུགས་ཀའི་མེ་གྲུ་གསུམ་གྱི་དབུས་སུ་པད་ཉིའི་སྟེང་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས་སོགས་ནས། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་གཞུག་པའི་བར་གྱི་མགོན་པོ་མཁའ་འགྲོ་མ་དང་བཅས་པ་མངོན་རྟོགས་ལྟར་བསྐྱེད། དེའི་མཐའ་སྐོར་དང་བར་སྣང་རྣམས་སུ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲིན་ཕུང་འཐིབས་པ་ལྟར་མངོན་སུམ་དུ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ། ལྷ་ཐམས་ཅད་འཛུམ་ཞིང་ཚིམ་པ། འོད་ཟེར་སེར་པོ་འཕྲོ་བ་དང་། གཟི་བརྗིད་དང་ལྡན་པའི་སྒོ་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱི་
ཚེ་དང་བསོད་ནམས་ལོངས་སྤྱོད་ལ་སོགས་པ་རྒྱས་པའི་ལས་མཛད། ཅེས་བརྗོད་ཅིང་བསམ། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་ཆུས་གཏོར་ཏེ། མི་གཙང་བ་དང་ཉམས་པ་ཐམས་ཅད་དག་པར་བསམ། དེ་ནས་ཁུ་ཚུར་གྱིས་གཟར་བུ་གཉིས་བཟུང་སྟེ། ལྷ་ཐམས་ཅད་ཀྱི་ཞལ་ཅུང་ཟད་གདངས་པར་བསམས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་བསམ། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་བསམས་ཏེ། གུ་རུ་མ་ཧཱ་སོགས་ལན་འགའ་ཞིག་མར་ལ་སྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་ཨཱ་དཱི་བྱཱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ། གཟར་བུ་གཉིས་ཁ་སྦྱར་ལ་ལྷ་ཐམས་ཅད་ཀྱི་ཞལ་དུ་དུས་གཅིག་ལ་ཕུལ་བར་བསམས་ལ། མཐར་བདག་མིང་འདི་ཞེས་བགྱི་བའི་འཁོར་དང་ལོངས་སྤྱོད་དང་། ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྜིཾ་ཀུ་རུ་ཨོཾ། དེ་ལྟ་བུ་ལན་གསུམ་ལ་སོགས་པས་བྱོན་སྐྱེམས་དབུལ། གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད། དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་ཅན་སོགས་ཀྱིས་བསྟོད། དེ་ནས་ཡམ་ཤིང་ནས་བརྩམས་ཏེ་བསྲེག་རྫས་རྣམས་སྡེ་ཚན་རེ་རེའི་ཐོག་མར། ཨོཾ་བོ་དྷི་བྲྀཀྵ་ལ་སོགས་པ་རང་རང་རྫས་སྔགས་ཚར་གསུམ་མམ་ལྔ་ལ་སོགས་པ་དང་། འབུལ་སྔགས་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པ་འབའ་ཞིག་གིས་དབུལ། མཇུག་ཏུ་སྤེལ་ཚིག་གོང་ལྟར་བརྗོད་ཅིང་བརྒྱ་རྩ་བརྒྱད་ལ་སོགས་པ་ཇི་ཙམ་འབྱོར་པ་དབུལ། ལོགས་ནས་སྒྲུབ་གཡོག་གཅིག་གིས་གྲངས་བཟུང་སྟེ། ཡམ་ཤིང་ལ་སོགས་པ་རྣམས་རིམ་པ་བཞིན་ལག་པ་གཡོན་དུ་བཟུང་ལ། གཡས་
པའི་མཐེབ་སྲིན་གྱིས་སྟེང་ནས་བླངས་ཤིང་ཅུང་ཟད་བསྐོར་ཏེ། མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ། དེའང་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གསུམ་མམ་ལྔ་སོགས་དང་། གུ་རུ་མ་ཧཱ་སོགས་ཀྱིས་བརྒྱ་རྩ་བརྒྱད་དབུལ། མཇུག་ཏུ་བདག་མིང་འདི་ཞེས་སོགས་ཀྱི་སྤེལ་ཚིག་གོང་ལྟར་བརྗོད། འོག་མ་རྣམས་ལའང་འདིའི་རིགས་འགྲེ་སྦྱར་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཞོ་དང་སྦྱར་བའི་ཟས་མཆོག ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱས་ཏིལ་ལམ་ཡུངས་དཀར། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱས་འབྲས་སོ་བ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱས་གྲོ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དཱུརྦ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱས་ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་མཐར་གོང་ལྟར་གྱི་སྤེལ་ཚིག་སྦྱར་རོ། །དེ་ནས་སྐབས་འདིར་ཁྱད་པར་གྱི་རྫས་ཟས་མཆོག་ལ་གྲངས་བཟུང་སྟེ། རྩ་སྔགས་ཀྱིས་སྟོང་ཕྲག་ལྔའམ། ཁྲི་ལ་སོགས་པ་«་་་་་འདི་ནི་ཆོ་ག་ཚར་རེའི་སྔགས་གསོག་ཚུལ་ཡིན་པ་དེ་ལྟར་ཞག་གྲངས་དུ་མར་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆའི་ཁ་སྐོང་མ་འགྲིག་བར་དུ་བྱའོ།། »ཇི་ཙམ་ནུས་པ་འབུལ་ཞིང་། སྐབས་སྐབས་སུ་ཡམ་ཤིང་དང་མར་ཅི་འབྱོར་པ་དབུལ། སྒྲུབ་གཡོག་གཅིག་གིས་མེ་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་འཇུག་གོ །དེ་ཡང་ཡམ་ཤིང་འབར་བའི་མེ་འོད་ལ། ཞུ་བའི་རྫས་རྣམས་ནི་ལྷ་ཐམས་ཅད་ཀྱི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །བསྲེག་རྫས་རྣམས་རྫོགས་པ་དང་། གོང་བྱོན་སྐྱེམས་ཀྱི་སྐབས་སུ་བཤད་པ་ལྟར་མར་དགང་བླུགས་གསུམ་འབུལ། མཆོད་པ་རྣམས་ཁ་གསོས་བྱིན་གྱིས་བརླབས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །སོགས་ཚིགས་བཅད་སྔགས་ཕྱག་རྒྱ་དང་བཅས་པས་མཆོད།
ནང་མཆོད་ཀྱི་ཕུད་ནས་བླ་མ་ཡི་དམ་སོགས་ལ་དབུལ། འཇིག་རྟེན་ལས་འདས་པའི་གཏོར་མ་ལ་བར་ཕུད་དབུལ། ལྷག་མ་ཆོས་སྐྱོང་དང་འབྱུང་པོ་རིགས་དྲུག་སོགས་ལའང་མཆོད་ལ། རང་གི་སྙིང་གའི་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོར་མཆོད་པར་བསམས་ཏེ། བདུད་རྩི་ཅུང་ཟད་ལྕེ་ལ་མྱངས་ལ། རྡོ་རྗེ་དྲིལ་བུ་འཛིན་པས་ཕྱོགས་བཅུ་དུས་གསུམ་སོགས་སམ། མི་ཤེས་ན་གོང་ལྟར། དུས་གསུམ་རྒྱལ་བ་སོགས་ཀྱིས་བསྟོད། འདས་པའི་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། གུ་རུ་མ་ཧཱ་སོགས་རྩ་སྔགས་ཀྱི་མཇུག་ཏུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་གསུམ་མམ་ལྔ་སོགས་ཕྱག་རྒྱ་དང་བཅས་པས་དབུལ། མཆོད་པ་ཕྱི་ནང་དང་བསྟོད་པ་བྱ། བདག་གི་ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་རྣམ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་རང་གི་ཡིད་ལ་གང་འདོད་པའི་དོན་ལ་གསོལ་བ་བཏབ་ལ་སྐབས་འདིར་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར། མ་འབྱོར་པ་དང་ཉམས་པ་དང་། །ཞེས་སོགས་དང་། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། སེམས་སྒྲིབ་པ་དང་ལྡན་པའི་དབང་གིས། ཏིང་ངེ་འཛིན་མི་གསལ་བ་དང་། བྱིང་བ་དང་། རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པར་གསོལ་བར་མཛད་དུ་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་རྗེས་སུ། ཨོཾ་ཨཱཿཧཱུྃ། བཛྲ་མུཿཞེས་དང་། མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་རྡུལ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ་དམ་ཚིག་པ་རང་ལ་ཐིམ་པར་བསམ། གསུམ་པ་རྗེས་ལ། འཇིག་རྟེན་པའི་མེ་ལྷ་ལ་བསྲེག་རྫས་ལྷག་མ་རྣམས་ཡམ་ཤིང་ནས་ཀུ་ཤའི་བར། བདུན་ནམ་བཅུ་གཅིག་སོགས་ཅི་འབྱོར་དབུལ། སྤེལ་ཚིག་ཀྱང་འདྲ། མར་དགང་བླུགས་གསུམ་གྱི་སྦྱིན་སྲེག་དབུལ། ཡོན་བདག་ལ་སོགས་པའི་དོན་
དུ་བྱེད་ན། དེའི་ལག་པ་གཡས་པའི་མཐེ་བོང་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ། བདག་གམ་ཡོན་བདག་སོགས་སྤེལ་ཚིག་གོང་ལྟར་བརྗོད། བདུན་ཚན་གསུམ་པོ་རེ་རེའི་མཐར་བྱས་པའོ། །གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ། ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་གསུམ་མམ་ལྔས་དབུལ། མཚན་སྔགས་རེ་རེ་ནས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། ནང་མཆོད། འཇིག་རྟེན་དབང་ཕྱུག་སོགས་བསྟོད་པ་རྒྱས་བསྡུས་གང་རིགས་བྱ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་མིང་འདི་ཞེས་བགྱི་བའི་འཁོར་དང་ལོངས་སྤྱོད་དང་། ནོར་དང་། འབྲུ་དང་། རིན་པོ་ཆེ་ལ་སོགས་པ་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ་ཞེས་དང་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། ཨོཾ་པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱས་བསང་གཏོར་དང་། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱས་འཐོར་འཐུང་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ། ཞེས་དང་། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ་ཞེས་སོགས་ཀྱིས་བསྲུང་བ་བྱ། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །སོགས་ཀྱི་བསྔོ་བ་སྨོན་ལམ་ཅི་ཤེས། འབད་དང་རྩོལ་བ་སོགས་བཀྲ་ཤིས་གང་ཤེས་བྱ།
མཆོག་གི་དངོས་གྲུབ་བསྒྲུབ་པ་ཡིན་ན། མེ་མ་ཤིའི་བར་དུ་མི་བསྒུལ་ཤི་བ་དང་གཞན་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ལ་གནས་དབེན་པར་བསྐྱལ། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་ལ་ཐབ་ཀྱི་ཤུལ་དང་ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ་མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་པར་བྱའོ། །འདི་ནི་བཙུན་པ་སྙོམ་ལས་པ་བུདྡྷི་ལཀྵྨཱིཾས་བྲིས་པའོ། །དགེ་ལེགས་དཔལ་འབྱོར་རྒྱས་པས་ཕྱོགས་ཀུན་ཁྱབ་གྱུར་ཅིག། ༈ །མགོན་དཀར་ཡིད་བཞིན་ནོར་བུ་ལ་གནད་ནས་བསྐུལ་བའི་ཚིགས་བཅད་བཞུགས་སོ། །དཔལ་ལྡན་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །སྙིགས་མའི་གནས་ཚུལ་གཟིགས་པས་ཐུགས་འབྱུང་ནས། །ཞག་བདུན་བརྒྱལ་ཞིང་སླར་ཡང་དགོངས་པའི་ཕུལ། །སྙིགས་མའི་སེམས་ཅན་ཚེ་ཐུང་བར་ཆད་མང་། །རྐྱེན་དབང་འགྲོ་ཞིང་ལོངས་སྤྱོད་འཚོ་བ་དམན། །སྒྲུབ་ལོང་མེད་པར་བར་ཆད་དབང་དུ་འགྲོ། །དམ་ཚིག་མི་བསྲུང་དམེ་འཁྲུག་ཆོས་མིན་བྱེད། །ཆོས་བྱེད་རློམས་ཀྱང་བར་དོ་མི་ཆོད་པ། །དེ་དག་གཟིགས་ནས་ཡུན་ལ་མི་ལྟོས་པར། །དྲན་ཅིང་གསོལ་བ་བཏབ་པ་ཙམ་གྱིས་ཀྱང་། །བསམ་ཀུན་ཡིད་བཞིན་ནོར་ལྟར་འགྲུབ་ཅེས་པའི། །བདེན་པ་གནད་ནས་བསྐུལ་ཞིང་གསོལ་བ་འདེབས། །དབུལ་ཕོངས་སྡིག་སྡུག་གིས་གཟིར་མགོན་མེད་རྣམས། །ཡིད་ལ་རེ་བ་མཐའ་དག་རྫོགས་བགྱིད་པའི། །སྦྱིན་པའི་ཕ་རོལ་ཕྱིན་འབྲས་བསོད་ནམས་ཚོགས། །མྱུར་དུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ཡང་བྷ་དནྟ་བུདྡྷ་ལཀྵྨཱིཾས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་བགྱིས་པའོ། ༈ །མགོན་དཀར་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ་ཝེ། གསང་བ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་། །བྱམས་དང་སྙིང་རྗེའི་མངའ་
བདག་ཤ་ཝ་རི། །མཁས་ཤིང་གྲུབ་པའི་མངའ་བདག་མི་ཏྲི་པ། །གསང་བའི་མངའ་བདག་གསུམ་ལ་གསོལ་བ་འདེབས། །མཐུ་སྟོབས་དབང་ཕྱུག་གྲུབ་ཆེན་རཱ་ཧུ་ལ། །གྲུབ་པའི་དབང་ཕྱུག་ཁྱུང་པོ་རྣལ་འབྱོར་ཞབས། །མཁས་པའི་དབང་ཕྱུག་རིན་ཆེན་བརྩོན་འགྲུས་ཏེ། །མཁྱེན་པའི་དབང་ཕྱུག་གསུམ་ལ༴ སྤྱན་རས་གཟིགས་གྲུབ་དབོན་སྟོན་སྐྱེར་སྒང་བ། །གྲུབ་བརྙེས་གཉན་སྟོན་སྦས་པའི་རྣལ་འབྱོར་ཞབས། །འགྲོ་མགོན་ཆེན་པོ་སངས་རྒྱས་སྟོན་པ་སྟེ། །འགྲོ་བའི་འདྲེན་པ་གསུམ་ལ༴ མཁས་གྲུབ་ཆེན་པོ་གཙང་མ་ཤངས་སྟོན་དང་། །མུས་པ་ཆེན་པོ་རྒྱལ་མཚན་དཔལ་བཟང་པོ། །བླ་མ་ཆེན་པོ་རྡོ་རྗེ་གཞོན་ནུ་སྟེ། །ཆོས་རྗེ་བླ་མ་གསུམ་ལ༴ འཁྲུལ་ཞིག་མུས་ཆེན་ནམ་མཁའི་རྣལ་འབྱོར་པ། །བྱང་སེམས་ཆེན་པོ་སྦྱིན་པ་བཟང་པོའི་ཞབས། །གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོ་སྟེ། །གྲུབ་པའི་མཆོག་གྱུར་གསུམ་ལ༴ བློ་གྲོས་རྒྱལ་མཚན་མཚན་ཅན་མང་མཁར་བ། །དཔལ་ལྡན་དར་པོའི་མཚན་ཅན་པུ་རོང་བ། །ཞེ་དགོན་ཆོས་རྗེ་བསོད་ནམས་རྩེ་མོ་སྟེ། །སྐྱེ་རྒུའི་འདྲེན་པ་གསུམ་ལ༴ ལོ་ཆེན་དམ་པ་འགྱུར་མེད་བདེ་ཆེན་དང་། །རྗེ་བཙུན་ངག་དབང་ཆོས་ཀྱི་གྲགས་པའི་ཞབས། །བདག་པོ་ངག་དབང་བསོད་ནམས་རྒྱལ་མཚན་ཏེ། །མཁྱེན་བརྩེ་གཏེར་ཆེན་གསུམ་ལ༴ བཀྲ་ཤིས་སྙན་པར་གྲགས་པའི་དཔལ་ལྡན་དང་། །མཁྱེན་པའི་སྤྱན་ལྡན་སངས་རྒྱས་དཔལ་བཟང་པ། །མགོན་དང་དབྱེར་མེད་རྩ་བའི་བླ་མ་སྟེ། །བཀའ་དྲིན་ཆེ་ལྡན་གསུམ་ལ་གསོལ་བ་འདེབས། །དངོས་བརྒྱུད་བླ་མའི་ཚོགས་དང་བཅོམ་ལྡན་འདས། །ཡིད་བཞིན་ནོར་བུ་མཁའ་འགྲོའི་ཚོགས་བཅས་དང་། །གཞན་ཡང་ཕྱག་བྱར་འོས་པ་ཐམས་ཅད་ལ། །ཟོལ་མེད་སྙིང་ནས་ཕྱག་འཚལ་སྐྱབས་སུ་མཆི། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཀུན་གྱིས་མཆོད། །སྡིག་པ་ཀུན་བཤགས་དགེ་
ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་རྟག་པར་བཞུགས་སུ་གསོལ། །དགེ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཁྱེད་ལ་གུས་པས་འདོད་དོན་ཞུ་བ་ནི། །གནས་སྐབས་སུ་ཡང་ཆོས་དང་མཐུན་པའི་དོན། །ཚེ་རིང་ནད་མེད་ལང་ཚོའི་དཔལ་ཐོབ་ནས། །མཐུན་རྐྱེན་གོང་འཕེལ་ཉིད་དུ་མཛད་དུ་གསོལ། །ཁྱད་པར་མཛད་མེད་ལོངས་སྤྱོད་དཔལ་ཐོབ་ནས། །དེ་ཉིད་ལོག་པའི་འཚོ་བར་མི་འགྱུར་བར། །ཡར་མཆོད་སྦྱིན་གཏོང་ལ་སོགས་བསོད་ནམས་ཀྱི། །ཚོགས་ཆེན་མྱུར་དུ་རྫོགས་པར་མཛད་དུ་གསོལ། །ཐབས་ཤེས་ཟུང་དུ་འཇུག་པའི་ས་ལམ་གྱི། །ཐེག་ཆེན་ལམ་གྱི་རིམ་པ་ལེགས་བགྲོད་དེ། །ཀུན་མཁྱེན་སངས་རྒྱས་གོ་འཕང་མཐོན་པོ་ནས། །སྡུག་བསྔལ་ལྡན་པའི་འགྲོ་ལ་གཟིགས་པར་ཤོག །ཅེས་ཚིག་དོན་ཡིད་ལ་བསམ་ཞིང་། མ་ཡེངས་པར་གསོལ་བ་དྲག་ཏུ་གདབ་བོ། །ཞེས་མགོན་དཀར་ཡིད་བཞིན་ནོར་བུའི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་ནི་དོན་གཉེར་གྱི་བཞེད་པ་བཞིན་བིཀྵུ་བུདྡྷ་ལཀྵྨཱིཾས་བྲིས་པ་འདིས་རང་གཞན་གྱི་ཆོས་དང་མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག། ༈ །མུས་ཆེན་ནམ་མཁའི་རྣལ་འབྱོར་མན་གྱི་བརྒྱུད་པ་དེ་གསོལ་འདེབས་འདི་སྐུལ་བ་པོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ལྟར་བྲིས་པ་ཡིན་ལ། བདག་གིས་ཐོབ་པའི་བརྒྱུད་པ་ནི། ནམ་མཁའི་རྣལ་འབྱོར་པའི་རྗེས་སུ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དང་། །ནི་གུའི་ཆོས་ལ་དབང་བསྒྱུར་སངས་རྒྱས་བཟང་། །མཁས་གྲུབ་མཚུངས་མེད་གསུམ་ལ༴ །ནམ་མཁའ་རྒྱལ་མཚན་ཞེས་གྲགས་མཚོ་སྒོ་བ། །རྣལ་འབྱོར་དབང་ཕྱུག་ཀུན་དགའ་བསོད་ནམས་ཞབས། །སྔགས་འཆང་ཆེན་པོ་དཀོན་མཆོག་ལེགས་འཛིན་རྗེ། །འགྲོ་བའི་སྐྱབས་མཆོག་གསུམ་ལ༴ །ཨེ་ཝཾ་མཁས་གྲུབ་དཔལ་ལྡན་དོན་གྲུབ་རྗེ། །གང་དེའི་སྐུ་དབོན་དཔལ་མཆོག་རྒྱལ་མཚན་ཞབས། །འཇམ་དབྱངས་བླ་མ་ནམ་མཁའ་དཔལ་བཟང་པོ། །
རྒྱལ་བའི་རྒྱལ་ཚབ་གསུམ་ལ༴ །ཁ་སྐོང་ནི། མཁྱེན་བརྩེའི་གཏེར་ཆེན་སངས་རྒྱས་ཕུན་ཚོགས་དང་། །རྣམ་འདྲེན་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ཞབས། །བསྟན་འགྲོའི་གཙུག་རྒྱན་དཔལ་ལྡན་ཆོས་སྐྱོང་སྟེ། །ཕན་བདེའི་མཆོག་སྩོལ་གསུམ་ལ༴ །མཁས་བཙུན་དམ་པ་རིན་ཆེན་མཆོག་གྲུབ་དང་། །ཐམས་ཅད་མཁྱེན་དབང་ནམ་མཁའ་འཆི་མེད་ཞབས། །རྡོ་རྗེ་འཆང་དངོས་འཇམ་དཔལ་བཟང་པོ་སྟེ། །བཀའ་དྲིན་ཉམས་མེད་གསུམ་ལ་གསོལ་བ་འདེབས། །ཞེས་སོ། །འཁོར་འདས་རང་སེམས་རྨི་ལམ་སྒྱུ་མ་ལ། །གསལ་སྟོང་ལྷན་སྐྱེས་འོད་གསལ་བདེ་བ་ཆེ། །སྩོལ་མཛད་དཔལ་ལྡན་རྩ་བའི་བླ་མ་མཆོག །སྐྱབས་གནས་ཀུན་འདུས་ཞབས་ལ་གསོལ་བ་འདེབས། །དངོས་བརྒྱུད་བླ་མའི་ཚོགས་དང་བཅོམ་ལྡན་འདས། །ཞེས་པ་མན་ཆད་སྔར་ལྟར་སྦྱར་རོ། ༈ །མགོན་པོ་ཡིད་བཞིན་ནོར་བུའི་སྐོར་ལས། ན་མོ་བུདྡྷའི་གསོལ་འདེབས་བྱིན་རླབས་ཆེ་བ་བཞུགས། །བླ་མ་མགོན་པོ་དབྱེར་མེད་དུ་བསམས་ལ། ན་མོ་བུདྡྷ་ཡ།«་་་་་ཕྱག་འཚལ་ལོ་སངས་རྒྱས་ལ།» ན་མོ་གུ་རུ་ཧེ།«་་་་་ཕྱག་འཚལ་ལོ་བླ་མ་ཀྱེ།» བཛྲ་བཱི་ར་བཱི་ར་ནི།«་་་་་རྡོ་རྗེ་དཔའ་བོ་དཔའ་མོ།» ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི།«་་་་་དཔལ་མཁའ་འགྲོ་མཁའ་འགྲོ་མ།» ཛོ་ཀ་ཛོ་ཀི་ནཱི།«་་་་་རྣལ་འབྱོར་རྣལ་འབྱོར་མ།» སརྦ་བུདྡྷ་བོ་དྷི་ས་ཏྭཱ་ཡ་ཤ་ར་ཎཾ་གཙྪཱ་མི་ཀྱེ་ཀྱེ།«་་་་་ཐམས་ཅད་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སྐྱབས་སུ་མཆིའོ།།» ཕྱོགས་བཅུ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས༴ དཔའ་བོ་དང་དཔའ་མོར་བཅས་པ་ཐམས་ཅད་ཀྱིས༴ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས༴ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་
མངའ་བ་ཁྱེད་རྣམས་ཀྱིས་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག ཅེས་བརྗོད་དོ། །དེ་ལྟར་རྗེ་བཙུན་ཕྱག་ན་པདྨོའི་ཐུགས་རྗེའི་སྒྱུ་འཕྲུལ། མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་སྐོར་འདི་ནི། བླ་མ་གོང་མ་རྣམས་ཀྱི་གསུང་རབ་ཐོར་བུར་བཞུགས་པ་གཅེས་སྤྲས་སུ་བྱ་བའི་ཕྱིར་དང་། དེང་སང་ཕལ་ཆེར་སྒྲུབ་ཐབས་རྗེས་གནང་ཙམ་རེ་ལས། ཡིག་ཆ་རྣམས་ཐོས་བསམ་གྱི་ཡུལ་དུ་བྱས་པ་དཀོན་པར་སྣང་བའི་ཕྱིར། རང་གཞན་ཀུན་ལ་ཕན་ཐོགས་པར་གྱུར་ན་ཅི་མ་རུང་སྙམ་པའི་བསམ་པས་ཀུན་ནས་བསླངས་ཏེ། དགེ་སློང་སྙོམ་ལས་པ་སངས་རྒྱས་ཕུན་ཚོགས་ཀྱིས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་བསྒྲིགས་པའི་ཡི་གེ་པ་ནི་མདོ་ཁམས་ལྷོ་སྨད་པ། ཤེས་རབ་ལྷུན་གྲུབ་ཀྱིས་གུས་པས་བགྱིས་པ་འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། ༈ །མགོན་པོ་དཀར་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །སྟོབས་བཅུའི་དབང་ཕྱུག་དཔལ་སྟུག་སྲས་དང་བཅས། །ཇི་སྙེད་མ་ཚང་མེད་པར་ཡོངས་འདུས་ཞལ། །དྲན་པས་སྲིད་ཞིའི་དཔལ་འཇོ་བླ་མ་དང་། །ཟུང་མིན་མགོན་པོ་ཡིད་བཞིན་ནོར་བུས་སྐྱོངས། །གང་གི་ཐུགས་རྗེའི་འདབ་སྟོང་དགོད་པ་ལས། །ཐུན་མོང་མཆོག་དངོས་འཛད་མེད་རེ་བདེའི་དཔལ། །ཉེར་འདྲེན་སྒྲུབ་ཐབས་རྗེས་གནང་བུང་བའི་གླུ། །སྐལ་བཟང་ལེགས་བྲིས་གཞོན་ནུའི་སྒྲ་འཛིན་དཔྱིད། །འཕགས་ཡུལ་གྲུབ་དབང་མཁྱེན་རབ་མཐའ་མེད་
ཀྱི། །རལ་པ་ལས་བརྒྱུད་མཁས་གྲུབ་ཁྱུང་པོ་ཡི། །དཀའ་སྤྱད་བྷ་གི་ར་ཐས་ཉེར་ཕབ་ཀླུང་། དངོས་གྲུབ་རིན་ཆེན་རྡུལ་ཕྲེང་འདྲེན་པ་བརྩམ། དེའང་ཐོག་མར་འདིའི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སྤྱི་ལྟར་ཅི་ནུས་དང་། སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་མགོན་དཀར་ཡིད་བཞིན་ནོར་བུའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་རྒྱ་སྲན་ཙམ། དེའི་དཀྱིལ་དུ་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་མའི་མདོག་ལྟ་བུ་ཅིག་བསྒོམ། དེ་གཉིས་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་དེ་གཉིས་ལ་ཐིམ། སྙིང་གའི་ཧཱུྃ་དང་ཐིག་ལེ་རོ་གཅིག་ཏུ་འདྲེས་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་འཛུམ་ཞིང་ཁྲོ་བའི་ཉམས་དང་ལྡན་པ། སྤྱན་གསུམ་པ། ཕྱག་དྲུག་པ། གཡས་ཀྱི་དང་པོས་གྲི་གུག་འཕྱར་བ། གཉིས་པས་ཡིད་བཞིན་གྱི་ནོར་བུ། གསུམ་པས་ཌ་མ་རུ་འཁྲོལ་བ། གཡོན་གྱི་དང་པོས་ཐོད་པའི་ནང་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་བརླ་གཡོན་ལ་བརྟེན་ཏེ་འཛིན་པ། བར་པས་རྩེ་གསུམ། ཐ་མས་ལྕགས་ཀྱུ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་སྨད་ལ་དར་སྣ་ཚོགས་ཀྱི་ཤམ་ཐབས་དང་རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་པ་འདྲ་བ། འབྱོན་འཕྲོ་ལ་བཞུགས་པ་འདྲ་བའི་ཞབས་འོག་ན་ཚོགས་བདག་
ལ་ཕུག་དང་ནེའུ་ལེ་བཟུང་བ་རེ་རེ་མནན་པའི་ཁ་དང་བཤང་ལམ་ཐམས་ཅད་ནས་རིན་པོ་ཆེ་ལྷུག་ལྷུག་འོང་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་དགོས་འདོད་ཐམས་ཅད་འབྱུང་བ་ཞལ་འཛུམ་བག་དང་ལྡན་པ། གཡས་རིན་པོ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ་གཡོན་ཐོད་པ་བསྣམས་པ། ཞབས་གཉིས་གར་སྟབས་ལིང་ངེ་བ། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ། ཁམས་གསུམ་དབང་དུ་སྡུད་པ་ཅིག་ཏུ་གྱུར། དེའི་སྙིང་གར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མགོན་པོ་མཁའ་འགྲོ་མའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏཱིཙྪ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང་། ཨོཾ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ་ཤབྡ། གནྡྷེ། རཱ་ས། སྤརྴེ་རྣམས་ཀྱིས་མཆོད། ནང་མཆོད་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ། མཐེབ་སྲིན་གྱིས་འཐོར་བའི་ཚུལ་དང་། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྩ་སྔགས་ཀྱི་མཇུག་ཏུ་བླ་མ་མགོན་པོ་དབྱེར་མེད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་དང་རང་གིས་མྱང་། འཁོར་གྱི་མཁའ་འགྲོ་ནོར་སྦྱིན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པས་མཆོད་ལ། དེ་ནས་བཟླས་པ་བྱ་བ་ནི། སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེ་དམར་པོའི་མཐར་རྩ་སྔགས་བྱེ་རུའི་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། སྲིད་ཞིའི་དགེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་བསྡུས་
ནས་ཐིག་ལེ་ལ་ཐིམ་པར་བསམས་ལ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པ་ཅི་ནུས་བཟླ། ཡང་འོད་ཟེར་སྔར་བཞིན་འཕྲོས། འཁོར་གྱི་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ། སྲིད་པ་གསུམ་གྱི་དངོས་གྲུབ་ཐམས་ཅད་རིལ་གྱིས་བསྡུས་ནས་རང་གི་མདུན་དུ་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་པར་བསམ། ཁྱད་པར་སྟོབས་འབྱོར་ཆེ་རྒུ་ཐམས་ཅད་ཀྱི་སྙིང་དུ་འོད་ཟེར་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་རིག་པ་དང་བཅས་པ་ཞུགས། དེ་དག་གི་རྒྱུད་རང་དབང་མེད་པར་བསྐུལ་ནས་བདག་གི་དབང་དུ་འདུས་པར་བསམ། ཁྱད་པར་དམིགས་ཡུལ་གྱི་སྙིང་དཀྱིལ་རྣམ་ཤེས་ནྲྀ་ལྗང་གུ་ཉ་མིག་ཙམ་ཡོད་པ། མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བྱས་པར་བསམ་པ་ནི་མཁའ་འགྲོ་གནོད་སྦྱིན་ལ་བརྟེན་པའི་ཟབ་ཁྱད་དོ། །བཟླས་པའི་མཇུག་ཏུ་གང་འདོད་པའི་དོན་ལ་གསོལ་བ་གདབ། དེ་དག་ནི་བསྐྱེད་རིམ་མོ། །དེ་ནས་ཉེ་བར་བསྡུ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་གདན་དང་བཅས་པ་སྙིང་གའི་མཁའ་འགྲོ་མ་ལ། དེ་སྔགས་ཕྲེང་ལ། དེ་ཐིག་ལེ་ལ། དེ་ཧཱུྃ་ཡིག་ལ། དེ་ཡང་ནཱ་དའི་བར་དུ་ཐིམ། དེ་ཡང་འོད་དུ་ཡལ་བའི་ངང་ལ་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག བཞག་པའི་ངང་ལ་རིག་པ་དེ་རིག་སྟོང་། འགྱུ་བ་དེ་འགྱུ་སྟོང་། མ་སྒྲིབ་པར་གསལ་བ་དེ་གསལ་སྟོང་། ཡིན་མིན་གྱི་མཐའ་དང་བྲལ་བར་རྨི་ལམ་གྱི་སྣང་བ། སྒྱུ་མའི་རང་བཞིན་ཞེས་ངོ་སྤྲོད་པ་རྫོགས་པའི་རིམ་པའོ། །ཞེས་ཤངས་པ་དུ་གུ་པ་བཞེད་དོ། །སླར་ཡང་དེའི་ངང་ནས་ལྷ་ཡི་སྐུར་ལྡངས་ལ་གཏོར་མའི་རྣལ་འབྱོར་རམ། གནས་གསུམ་བསྲུང་ཞིང་དགེ་བ་འདི་ཡི་མྱུར་དུ་བདག །ཡིད་བཞིན་ནོར་བུ་འགྲུབ་གྱུར་ནས་སོགས་ཀྱིས་བསྔོ་བ་སྨོན་ལམ་
བྱ། ཐུན་མཚམས་སུ་གཏོར་མ་འབུལ་ན། གཏོར་མ་དཔལ་བཤོས་སམ་ཡང་ན་ཟླུམ་གཏོར་དཀར་པོ་མཐེབ་ཀྱུས་བསྐོར་བ་ལ། རྩེ་མོར་མགོན་པོའི་ཙཀླི་དང་། མར་གྱི་ནོར་བུའི་གཟུགས་སོགས་རྒྱན་ལྡན། མཐེབ་ཀྱུ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ། བུ་རམ་སོགས་ཟས་སྣས་བཀང་བ། གཡས་སུ་མཁའ་འགྲོ་སྤྱི་གཏོར་དང་། གཡོན་དུ་གཞི་བདག་གཏོར་མ། རྒྱབ་ཏུ་གནོད་སྦྱིན་གྱི་གཏོར་མ། མདུན་དུ་ཉེར་སྤྱོད་བཅས་བཤམས་ལ། གཏོར་མ་ནང་མཆོད་ཆུ་གཙང་གིས་བྲན་ལ། ཨོཾ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། བྷྲཱུྃ་ཨཱྃཿཛྲཱིཾ་ཁྃ་ཧཱུྃ་ལས་ཡེ་ཤེས་ལྔ་རྣམས་མེས་གདུངས་ཏེ་བསྐོལ་ཞིང་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་བརྗོད། བསྡུ་ན་སྔགས་འདི་ཁོ་ནས་བྱིན་རླབས་བྱས་ཀྱང་རུང་ངོ། །མདུན་བསྐྱེད་རྒྱས་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་དངུལ་ཆུ་དྭངས་པའི་མདོག་ལྟ་བུ། དེ་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་མགོན་པོ་ཡིད་བཞིན་གྱི་ནོར་བུ་སོགས་ནས་གཉིས་སུ་མེད་པར་ཐིམ་པའི་བར་འདྲ་བར་བྱས། བསྡུ་ན་སྐད་ཅིག་གིས་སྤྱན་དྲངས། གཏོར་སྔགས་རྩ་སྔགས་འབྲུ་བཅུ་གསུམ་པ་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་མམ་ལྔས་ཕུལ། མཚན་སྔགས་སྔོན་འགྲོའི་ཕྱི་མཆོད། ནང་མཆོད། དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་འཆང་། །འགྲོ་འདིའི་ཕུན་ཚོགས་རེ་བ་སྐོང་བའི་ཕྱིར། །རབ་བརྗིད་ཁྲོ་བོའི་དབང་པོར་སྤྲུལ་པ་ལ། །ཡིད་བཞིན་ནོར་བུར་མཚན་གསོལ་ཁྱོད་ཕྱག་འཚལ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བསྟན་པ་བསྲུང་ཞིང་རྣལ་
འབྱོར་པའི། །ཚེ་སྲིངས་ལོངས་སྤྱོད་རྒྱས་པ་དང་། །སྐྱེ་འགྲོ་དབང་དུ་འདུ་བར་མཛོད། །ཅེས་དང་སྤྲོ་ན། བཅོམ་ལྡན་འདས་ཡིད་བཞིན་གཟི་ལྡན་ཐུགས་རྗེ་ཅན་ཁྱོད་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀྱི་བསྟན་པ་སྲུང་ཤིག དཀོན་མཆོག་གི་དབུ་འཕང་བསྟོད་ཅིག དགེ་འདུན་གྱི་སྡེ་སྐྱོངས་ཤིག བླ་མའི་སྐུ་ཚེ་སྲིངས་ཤིག རྣལ་འབྱོར་བདག་ལ་སྙན་པའི་གྲགས་པས་ས་སྟེང་མ་ལུས་པར་ཁྱབ་པ་དང་། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་ནས། ལོངས་སྤྱོད་ཟད་མི་ཤེས་པ་དང་མི་ནོར་ཟས་གསུམ་འདུ་ཞིང་། ཐོས་བསམ་སྒོམ་གསུམ་འཕེལ་བ་དང་། ཕྲིན་ལས་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་པ་འདི་ནི་བདག་མདུན་གང་ཡིན་གྱི་སྐབས་སུའང་འདིས་གསོལ་བ་གདབ་པ་ནི་གནད་དོ་གསུངས་སོ། །དེ་ནས་རྟེན་ལ་བརྟན་བཞུགས་བྱས་ནས་གནས་བསྲུང་དགེ་བ་བསྔོ་བ་བཀྲ་ཤིས་གང་ཤེས་བྱའོ། །གོང་གི་ཉེར་བསྡུ་ཞེས་པའི་རྫོགས་རིམ་སྐབས་འདིར་བསྒོམ་ཀྱང་རུང་བས་གང་མོས་བྱའོ། །སྤྱོད་ལམ་གྱི་གནས་སྐབས་ཀུན་ཏུ་སྣང་གྲགས་རིག་གསུམ་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤེས་པའི་དྲན་པ་མ་བརྗེད་པར་བྱ་བ་གལ་ཆེ། འགྲུབ་པའི་རྟགས་དང་ཡོན་ཏན་ཐམས་ཅད་ནི་མི་བསླུ་བར་འབྱུང་བ་ནི་ངེས་པ་ཉིད་དོ། །མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྟེགས་བུ་རྟེན་ཁེབས་ལ་སོགས་པས་བཀབ་པར་མེ་ཏོག་གི་སིལ་མ་བཀྲམ་པའི་སྟེང་དུ། འདིའི་གཏོར་མ་ཟན་དྲས་ཟླུམ་པོའི་སྟེང་དུ་ནོར་བུ་མིག་གསུམ་པའི་སྟེང་ཛཾ་བཤོས་ཀྱི་དབྱིབས་ཅན་ལ་མར་གྱི་རྩེ་རྒྱན་ཉི་ཟླ་ནོར་བུ་ལ་སོགས་པས་བརྒྱན་པ་དར་དཀར་གྱི་གུར་དང་ལྡན་པ་བཞག དེའི་མདུན་དུ་འབུལ་གཏོར་ཟླུམ་པོ་གཉིས་དང་ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་རྣམས་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་སོགས་འོག་ཏུ་མཁོ་བའི་ཡོ་བྱད་རྣམས་མ་ཚང་བ་
མེད་པར་བྱའོ། །གཉིས་པ་ནི་མཆོད་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་པས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ་སོགས་ནས་ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་གི་བར་དང་། དྷརྨྨ་ར་ཎི་རོལ་མོ་བཅས་པས་བྱིན་གྱིས་བརླབ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ་བདག་བསྐྱེད་བཟླས་པའི་མཇུག་ཏུ་གང་འདོད་པའི་དོན་ལ་གསོལ་བ་གདབ་པའི་བར་གོང་ལྟར་ཉམས་སུ་བླང་ངོ། །དེ་ནས་མདུན་གྱི་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་པའི་མདོག་ལྟ་བུ། དེ་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་མགོན་པོ་ཡིད་བཞིན་གྱི་ནོར་བུ་སོགས་ནས་གཉིས་སུ་མེད་པར་ཐིམ་པའི་བར་གྱིས་གཏོར་མ་མགོན་དཀར་དུ་བསྐྱེད། མཆོད་པ་བྱིན་རླབས་སྔར་བཞིན་བྱས་ལ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་རེ་རེ་སྔོན་འགྲོའི་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། རྩ་སྔགས་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། དུས་གསུམ་རྒྱལ་བ་ཀུན་དངོས་སོགས་ཀྱིས་བསྟོད། འབུལ་གཏོར་སྔར་ལྟར་བྱིན་གྱིས་བརླབས་པའམ་བསྡུ་ན། འབྲུ་གསུམ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ་ཐལ་མོ་སྦྱར་བ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས་ཏེ་གོང་ལྟར་ཕུལ་ལ་མཆོད་བསྟོད་དང་གསོལ་གདབ་ཇི་ལྟར་རིགས་པ་བྱ། གཏོར་མ་གཉིས་པ་མཁའ་འགྲོ་སྤྱི་གཏོར་ལྟར་དབུལ་ལོ། །དེ་ནས་སློབ་མ་རྣམས་ཁྲུ་བྱས་གྲལ་ལ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་བྱས་ནས་སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་ཇི་ལྟར་རིགས་པ་བྱ། འདིར་གང་གསན་པར་བྱ་བའི་རྗེས་སུ་གནང་བ་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་ཟློས་གར། མྱུར་མཛད་མགོན་པོ་ཡིད་བཞིན་གྱི་ནོར་བུ་ཕྱག་དྲུག་པ་སྟེ། དེ་ལ་ཞི་བ་ནོར་
དུ་སྒྲུབ་པ་དང་དྲག་པོ་མཐུ་རུ་སྒྲུབ་པ་སྟེ་གཉིས་ལས། འདི་ཉིད་སྔ་མ་སྟེ་དེའང་གནས་སྐབས་སུ་ཆོས་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྩོལ་ཞིང་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྐྱོབ་པ་དང་། མཐར་ཐུག་བླ་ན་མེད་པའི་གོ་འཕང་བདེ་བླག་ཏུ་སྟེར་བའི་གདམས་པ་ཁྱད་པར་ཅན་གྲུབ་ཆེན་རཱ་ཧུ་ལས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་མན་ངག་སྒོ་སྐྱེལ་གྱི་ཚུལ་དུ་གནང་བའི་མགོན་དཀར་ཡིད་བཞིན་གྱི་ནོར་བུའི་རྗེས་སུ་གནང་བ་སྟེ། དེའང་སྔོན་གྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། བླ་མ་མཻ་ཏྲི་པ་ཀོ་ས་བྷིཀྵིའི་དུར་ཁྲོད་ན་བཞུགས་པའི་དུས་སུ། གྲུབ་ཆེན་རཱ་ཧུ་ལས་གསེར་སྲང་བདུན་ཕུལ་ནས། བོད་འདིར་ལོངས་སྤྱོད་ཆུང་བས། ནོར་སྒྲུབ་མྱུར་ལ་རྟགས་མཚན་ཆེ་བའི་གདམས་པ་ཞིག་ཞུ་ཞུས་པས། མཻ་ཏྲི་པས་ཞལ་ནས། ཡིད་བཞིན་གྱི་ནོར་བུའི་མགོན་པོ་ཞེས་ཀྱང་བྱ། ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ་བ་འདི་ཕྱི་བར་དོའི་འཇིགས་པ་ལས་སྐྱོབ་པ། ལྷ་འདྲེ་མི་གསུམ་དབང་དུ་སྡུད། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་། དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་བྱེད་པ་ལ་བཟློག་པས་མི་ཚུགས་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་ལོ་ཟླས་འགྲུབ་པ། མཆོག་བསྒྲུབས་པའི་ཐུན་མོང་ཞར་ལས་འབྱུང་བ། ཐུན་མོང་བསྒྲུབས་པའི་མཆོག་ཞར་ལས་འབྱུང་བ་ཅིག་ཡོད་པ་དེ་ཁྱོད་ལ་སྦྱིན་གསུངས་སོ། །དེ་བླ་མ་ལ་ཞུ་བྱས་པས། བླ་མའི་ཞལ་ནས་མགོན་པོ་འདིས་ཐུགས་བསྐྱེད་པའི་ཚུལ་གསུངས་པ། སྔོན་གྱི་དུས་སུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོའི་སེམས་བསྐྱེད་དེ། འཁོར་བའི་རྒྱ་མཚོ་ཆེན་པོ་འདི་སྟོངས་པར་མ་གྱུར་བར་དུ་བདག་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག གལ་ཏེ་བདག་སེམས་བསྐྱེད་འདི་ཉམས་པར་གྱུར་
ན་མགོ་བོ་ཚལ་བ་སྟོང་དུ་འགས་པར་གྱུར་ཅིག ཅེས་བརྗོད་ནས་དམ་བཅས་ཏེ། རི་བོ་པོ་ཏ་ལར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་གང་ལ་གང་འདུལ་གྱིས་ལོ་གྲངས་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་བྱས་ཏེ་མཐར་སེམས་ཅན་གྱི་ཁམས་ཕལ་ཆེར་གྲོལ་བ་བྱུང་བས་ཆེ་སྙམ་ནས་གཟིགས་པས། སེམས་ཅན་གྱི་ཁམས་ལ་འགྲིབ་པ་མེད་པའི་སྟེང་དུ། སྙིགས་མར་སོང་བས་ཉོན་མོངས་པ་རགས་པ་གདུག་པ་ཆེར་སོང་བ་གཟིགས་པ་དང་། ད་ནི་བདག་གིས་སེམས་ཅན་རེ་འགའ་ཙམ་ཡང་བསྒྲལ་བར་མི་ནུས་པར་འདུག་སྙམ་ནས། སེམས་བསྐྱེད་བཏང་བ་དང་དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏོ། །དེའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་ཤིན་ཏུ་མ་ལེགས་པས་དེའི་བཤགས་པ་ལ་སྔར་ལས་རྒྱ་ཆེ་བ་ཞིག་གི་སེམས་བསྐྱེད་ཅིག་གསུངས་ནས། དབུ་ཚལ་པ་སྟོང་དུ་གས་པ་དབུ་བཅུ་དང་། དེའི་གོང་དུ་སངས་རྒྱས་འོད་དཔག་ཏུ་མེད་པའི་དབུ་ཡོད་པ་དང་བཅས་པའི་ཞལ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེའི་ཚེ་ཐུགས་རྗེ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ད་ལྟར་གྱི་སེམས་བསྐྱེད་དེའི་ཆ་གཅིག་ཀྱང་ངས་མ་ནུས། དེ་བས་རྒྱ་ཆེ་བ་ཞིག་ཀྱང་མེད་ན་ཇི་ལྟར་བགྱི་སྙམ་ནས་ཞག་བདུན་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་བ་དེ་སངས་པ་དང་། ད་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་ལ་བར་ཆད་མང་བ། རྐྱེན་དབང་འབའ་ཞིག་ཏུ་འགྲོ་བ། ལོངས་སྤྱོད་ཆུང་ཞིང་འཚོ་བ་དམན་པ། སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་ཞིང་བཟློག་པ་དང་ནང་དམེ་བྱེད་པ། ཆོས་བྱེད་ཕལ་ཆེར་ཡང་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས། ཡུན་རིང་པོར་བསྒྲུབ་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་པ་ཙམ་གྱིས་འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། མི་ནོར་ཟས་གསུམ་ཤུགས་
ལས་འབྱུང་བ། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་སྐད་ཅིག་གིས་བརླག་པར་བྱེད་པ། མཆོག་དང་ཐུན་མོང་ལོ་ཟླས་འགྲུབ་པའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོར་གྱུར་ནས་སེམས་ཅན་གྱི་དོན་བྱའོ་སྙམ་དུ་དགོངས་ཏེ། ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་ཕྱུང་། དེ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་དང་ས་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་པའི་སངས་རྒྱས་དཔག་ཏུ་མེད་པ་མགྲིན་གཅིག་ཏུ་བསྡེབས་ཏེ། རིགས་ཀྱི་བུ་སེམས་ཅན་རེ་བ་ཚུལ་བཞིན་དུ་སྐོང་བའི་སྤྱོད་པ་འདི་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་ཕྲིན་ལས་འདི་ཉིད་མཐུ་དང་ལྡན་པར་བྱའོ། །གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་གྱིས་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱིས་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཕྲིན་ལས་སུ་སྤྲུལ་པ་ལས་བྱུང་བའི་གནོད་སྦྱིན་དང་གཤིན་རྗེ་དང་སྲིན་པོ་དང་། མ་མོ་དང་བཅས་པ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་བསྒྲུབ་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་བསྒྲུབ་པ་དང་། མཆོད་པ་དང་། དྲན་པས་དངོས་གྲུབ་མ་ལུས་པ་སྟེར་བར་འགྱུར་རོ། །བསྒྲུབ་པ་ཉིད་ནས་བྱིན་གྱིས་རློབ་པ་དང་། དེ་ཉིད་ཀྱིས་དངོས་སུ་ཞལ་སྟོན་པར་འགྱུར་རོ། །ཞེས་ལུང་བསྟན་བྱིན་གྱིས་བརླབས་ཤིང་བཀའ་བསྒོ་བ་མཛད་དོ། །དེས་ན་ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་བསྒྲུབས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་གཅིག་ཅར་དུ་སྩོལ་བས་ཁྱད་པར་འཕགས་ཤིང་བྱིན་རླབས་དངོས་གྲུབ་ཤིན་ཏུ་མྱུར་བ་ཡིན་པས་ཡིད་ཆེས་པའི་གནས་སུ་མཛད་འཚལ། ལོ་རྒྱུས་འདི་དག་མི་སྤྲོ་ན་མ་བརྗོད་ཀྱང་ཆོག དེ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་ལ་བྱ་བའི་རིམ་པ། སློབ་དཔོན་ལ་མགོན་དཀར་ཡིད་བཞིན་ནོར་བུ་དངོས་ཡིན་སྙམ་པས་རྗེས་གནང་ཞུ་བའི་ཡོན་ཏུ་མཎྜལ་དང་། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །
ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ། རྒྱུད་དག་པའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཡིད་བཞིན་ནོར་བུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་སྤྱན་སྔར་ཡན་ལག་བདུན་པ་བགྱི་སྙམ་པས། དཀོན་མཆོག་གསུམ་ལ་སོགས་ཀྱི་རྗེས་ཟློས་ལན་གསུམ་བྱ་བ་རྣམས་སྔོན་འགྲོ་ཡིན། རྗེས་གནང་གི་གཞི་དགོད་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་མགོན་དཀར་དུ་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་པས། ཁྱེད་རྣམས་ཀྱི་ལུས་ལ་ཕོག་པས། སྡིག་སྒྲིབ་དང་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཁྱེད་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་བའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་བཅོམ་ལྡན་འདས་མགོན་པོ་ཡིད་བཞིན་ནོར་བུ་ཞེས་པ་ནས་ཐིག་ལེ་དམར་པོ་འོད་འཕྲོ་བ་ཞེས་པའི་བར་སྒྲུབ་ཐབས་བཞིན་གསལ་གདབ། དེ་ནས་དངོས་གཞི་སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དང་མདུན་བསྐྱེད་ཀྱི་གཏོར་མ་གཉིས་ཀ་མགོན་དཀར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་པའི་ཐུགས་ཀར་ཕོག་པས། བླ་མ་གོང་མ་རྣམས་ཀྱི་བཀའ་དང་དམ་ཚིག་རྗེས་སུ་དྲན་པའི་དབང་གིས་མགོན་པོ་ཡིད་བཞིན་ནོར་བུ་ནོར་ལྷའི་ཚོགས་དང་བཅས་པ། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་མདུན་གྱི་ནམ་མཁའི་གནས་འདིར་བྱོན། དེ་རྣམས་ལས་དེ་འདྲ་བའི་སྐུ་དཔག་ཏུ་མེད་པ་ཆད། ཁྱེད་རང་རྣམས་མགོན་
དཀར་དུ་གསལ་བའི་སྐུ་ལུས་ལ་སིབ་ཀྱིས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅེས་དང་། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿཨཱ་བེ་ཤ་ཡ་ཨཱཿཞེས་ལན་གསུམ་མམ་ལྔ་བརྗོད་ཅིང་རོལ་ཆེན་བྱ་ཞིང་གུ་གུལ་གྱིས་བདུག དེ་ནི་སྐུའི་རྗེས་སུ་གནང་བ་ཡིན། གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་མདུན་བསྐྱེད་གཉིས་ཀ་མགོན་དཀར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་ཡི་གེ་ཨ་ཨཱ་ཨི་ཨཱི་ནས་ཨཾ་ཨཿཞེས་པའི་ཨཱ་ལི་དང་། ཀ་ཁ་ག་གྷ་ང་། ཙ་ཚ་ཞེས་པ་ནས་ཧ་ཀྵཿཞེས་པའི་ཀཱ་ལི་དང་། ཁྱད་པར་ཡེ་ཤེས་མགོན་པོའི་གསུང་གི་བྱིན་རླབས་ཐམས་ཅད་ཆོས་སྐྱོང་སྤྱིའི་སྔགས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་སོགས་ནས་ཧཱུྃ་ཕཊ་ཅེས་དང་། མགོན་དཀར་འདི་ཉིད་ཀྱི་སྔགས་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿཞེས་པའི་སྔགས་ཕྲེང་ཁ་དོག་དཀར་པོ་རང་སྒྲ་སྒྲོགས་བཞིན་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ས་གཞི་བར་སྣང་གང་བ་འུར་འུར་ཐིབ་ཐིབ་བྱུང་ནས་ཁྱེད་རང་རྣམས་མགོན་དཀར་དུ་གསལ་བའི་མགྲིན་པ་ནས་སིབ་ཀྱིས་ཐིམ། གསུང་གི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད་བྱས་ལ། གུ་རུ་མ་ཧཱ་ཀཱ་ལ་སོགས་སྔར་བཞིན་བརྗོད་ཅིང་རོལ་ཆེན་དང་སྤོས་དུད་བྱ། དེ་ནི་གསུང་གི་རྗེས་སུ་གནང་བ་ཡིན། ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་དང་མདུན་བསྐྱེད་གཉིས་ཀ་མགོན་དཀར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང་། ཁྱད་པར་ཡེ་ཤེས་མགོན་པོའི་ཐུགས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་རྣམ་པ་
གྲི་གུག་དང་ཡིད་བཞིན་ནོར་བུ་དང་། ཌ་མ་རུ་དང་། ཐོད་པའི་ཕྲེང་བ་ལ་སོགས་པའི་ཕྱག་མཚན་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ས་གཞི་བར་སྣང་གང་བ་འུར་འུར་ཐིབ་ཐིབ་བྱུང་ནས་མདུན་གྱི་ནམ་མཁར་གནས་པ་ལ་སེམས་ཆེར་གྱིས་གཏད་པས་དེ་རྣམས་འོད་དང་འོད་ཟེར་གྱི་རྣམ་པར་ཞུ་ནས། ཁྱེད་རང་རྣམས་མགོན་དཀར་དུ་གསལ་བའི་སྙིང་ག་ནས་སིབ་ཀྱིས་ཐིམ་པས་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད་ཅེས་དང་། སྔགས་སྔར་བཞིན་བརྗོད་ཅིང་རོལ་ཆེན་དང་སྤོས་དུད་བྱ། དེ་ནི་ཐུགས་ཀྱི་རྗེས་སུ་གནང་བ་ཡིན། །ཡང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་མགོན་དཀར་དུ་གསལ་བ་དང་མདུན་བསྐྱེད་ཀྱི་མགོན་དཀར་གཉིས་ཀའི་སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ། གསང་གནས་རྣམས་སུ་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡས་ལྕགས་ཀྱུ་གཡོན་ཐོད་པ་བསྣམས་པ། ཞབས་གཉིས་གར་སྟབས་ལིང་ངེ་བ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་རེ་ལམ་གྱིས་གསལ་བཏབ་པའི་མཁའ་འགྲོ་མ་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཀྱི་ཟས་ནོར་བཅུད་གཡང་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འུབ་ཀྱིས་བསྡུས་ནས་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པའི་མོས་པ་མཛོད་ཅེས་དང་སྔགས་སྔར་བཞིན་བརྗོད་ཅིང་རོལ་ཆེན་དང་སྤོས་དུད་བྱ། དེ་ནས་བཟླས་ལུང་སླད་དུ་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས། སྔགས་ཕྲེང་དང་པོ་གཉིས་པ་གསུམ་པ་རྣམས་ཆད། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པས་ཐུགས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད་ཅེས་དང་སྔགས་ཀྱི་རྗེས་ཟློས་བྱར་གཞུག དེ་ལྟར་རྗེས་ཟློས་བྱས་ནས་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་
ཏོག་འཐོར་བ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ། ཁྱེད་རང་རྣམས་ཀྱི་དབུ་གཙུག་ཏུ་བཞག་པས། སྔགས་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སྙམ་དུ་མོས་པ་མཛོད་ཅེས་དང་། སློབ་མའི་མགོ་བོར་མེ་ཏོག་འཐོར་ཞིང་། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །མགོན་དཀར་ཡིད་བཞིན་ནོར་བུའི་སྐུ་གསུང་ཐུགས། གསང་སྔགས་རིགས་སྔགས་ཀྱི་ནུས་མཐུ་དང་བྱིན་རླབས་ཐམས་ཅད་རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག་ཅེས་བརྗོད། དེ་ནས་གཏོར་མ་མགོན་དཀར་དུ་གསལ་བ་སློབ་མའི་མགོ་ཐོག་ཏུ་སྤྱན་དྲངས་ཏེ་བཀའ་བསྒོ་བ་ནི། གུ་རུ་མ་ཧཱ་ཀཱ་ལ་ནས་ཛཿས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། ཡང་དག་པར་རྫོགས་པའི་སངས་རྒྱས། དཔལ་ལྡན་ཤཱ་བ་རི། མངའ་བདག་མཻ་ཏྲཱི་པ། གྲུབ་ཐོབ་རཱ་ཧུ་ལ་གུཔྟ་བཛྲ། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ། གཉེན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། མང་མཁར་བ་བློ་གྲོས་རྒྱལ་མཚན། པུ་རང་དཔལ་ལྡན་དར་པོ། ཞི་དགོན་རྗེ་བསོད་ནམས་རྩེ་མོ། ལོ་ཆེན་དམ་པ་འགྱུར་མེད་བདེ་ཆེན། མཁས་གྲུབ་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན།
མཁས་མཆོག་བཀྲ་ཤིས་དཔལ་ལྡན། ཁམས་སྟོན་སངས་རྒྱས་དཔལ་བཟང་། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཛིན་པ་ཀུན་དགའ་བསྟན་འཛིན། ཡང་ན་སངས་རྒྱས་ཕུན་ཚོགས་ནས་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་རྣམས་ལ་འགོ་ཞིང་འཆེས་པ་དང་། བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་དུ་གསོལ། འདི་རྣམས་ཀྱིས་དམ་པའི་ཆོས་སྒྲུབ་པར་བྱེད་པའི་དུས་སུ་འཚོ་བའི་ཡོ་བྱད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་དང་སྙན་གྲགས་དང་ལུང་དང་རྟོགས་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། དེ་ལྟར་བསྒོམ་པས་ཁྱེད་རང་གི་སྤྱི་བོ་ན་བཞུགས་པའི་མགོན་དཀར་འོད་དུ་ལྟེམ་གྱིས་ཞུ་བ་ལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་གཉིས་སུ་མེད་པར་ཐིམ་ནས་མགོན་པོ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་རྟག་ཏུ་སྲུང་སྐྱོབ་མཛད་པ་ཡིན་སྙམ་དུ་མོས་པ་མཛོད། རྗེས་གཙོ་བོས་སོགས་དང་མཎྜལ། དེང་ནས་སྤྱི་དང་འདྲ། འབུལ་གཏོར་སྟེང་དུ་འབུལ། ཡིག་བརྒྱ་ལན་གསུམ་བརྗོད་ཅིང་མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མདུན་བསྐྱེད་རང་ལ་བསྟིམས་ནས་དགེ་རྩ་སངས་རྒྱས་ཀྱི་སར་བསྔོའོ། །སྨྲས་པ། འཕགས་ཡུལ་རིན་ཆེན་གླིང་དུ་རཱ་ཧུ་ལས། །གདམས་ངག་འདོད་འབྱུང་ནོར་བུ་ལེགས་བླངས་ནས། །གངས་ཅན་བསྟན་འགྲོའི་དབུལ་བ་དབྲོག་སླད་དུ། །གྲུབ་དབང་ཁྱུང་པོའི་ཐུགས་གསང་དཔལ་བེར་སྦས། །ཡིད་བཞིན་ནོར་མཆོག་གྲུབ་པའི་དབང་ཕྱུག་གི །ཞལ་ལུང་གཙོར་བརྟེན་སྒྲུབ་ཐབས་རྗེས་གནང་བཅས། །ཡི་གེ་ཡིད་ཆེས་སུམ་ལྡན་ཁམས་གསུམ་དཔལ། །ཡོངས་འགུགས་པདྨ་རཱ་
གའི་ལྕགས་ཀྱུ་འདི། །འབད་པས་ལྷུར་བླངས་དགེ་བས་སྟོབས་བཅུ་པའི། །དགོངས་པ་འཆད་མཁས་བསྟན་པ་འཛམ་བུའི་གླིང་། །བྱམས་བསྟན་མ་ཤར་དེ་སྲིད་ཆེས་བདོ་བས། །རིས་བྲལ་སེམས་ཅན་ཕན་པར་བྱེད་གྱུར་ཅིག །ཅེས་མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ནི་ཆོས་རྗེ་བཀྲ་ཤིས་དཔལ་བཟང་པོ་སོགས་དོན་གཉེར་དག་གིས་བསྐུལ་ངོར། འདི་སྐོར་ལ་བླ་མ་སོ་སོས་མཛད་པའི་ལྷ་བསྐྱེད་དུར་ཁྲོད་རྒྱན་ཆས་སོགས་ཕྱག་དྲུག་ནག་པོའི་པར་བཀབ་ཀྱི་སྤྲོས་པ་མང་དུ་མཆིས་མོད། མཁས་གྲུབ་ཁྱུང་པོས་མཛད་པའི་གཞུང་དྲི་མ་མེད་པ་ཉིད་གཙོར་བཟུང་། དེ་དང་མཐུན་ཤས་ཆེ་བ་མཁན་ཆེན་ངག་ཆོས་པ་དང་བསྟན་འཛིན་ཕྲིན་ལས་པ་སོགས་མཁས་གྲུབ་མང་པོའི་གསུང་རབ་དང་རྗེས་གནང་གི་ཕྱག་ལེན་གང་ལས་མནོས་པའི་རྗེས་སུ་འབྲངས་ནས་ཉམས་སུ་བསྟར་བདེ་བར་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་སྦྱར་བ་འགྲོ་བ་ཐམས་ཅད་ལ་ཕན་པར་གྱུར་ཅིག། །།སརྦ་མངྒ་ལཾ།། །།
ཤངས་ལུགས་མགོན་དཀར་ཡིད་བཞིན་ནོར་བུའི་རྟེན་ལ་བརྟེན་ནས་ཕྱྭ་གཡང་འགུགས་པའི་ཆོ་ག་རིན་ཆེན་དོན་ཡོད་ཞགས་པ།
ཤངས་ལུགས་མགོན་དཀར་ཡིད་བཞིན་ནོར་བུའི་རྟེན་ལ་བརྟེན་ནས་ཕྱྭ་གཡང་འགུགས་པའི་ཆོ་ག་རིན་ཆེན་དོན་ཡོད་ཞགས་པ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་བི་ཛ་ཡནྟུ། སྲིད་ན་སྙེམས་པའི་མཐུ་ལྡན་ལྷ་ཆེན་ཡང་། །གང་གི་ཞབས་ཟུང་འདེགས་ལ་མངོན་སྤྲོ་ན། །གཞན་དག་སྨོས་སུ་མེད་པར་དབང་བསྒྱུར་བའི། །ཕྲིན་ལས་ལྷུན་གྲུབ་ཡིད་བཞིན་ནོར་བུས་སྐྱོངས། །གང་དེའི་རྟེན་མཆོག་གཏེར་གྱི་བུམ་བཟང་ལ། །བརྟེན་ནས་སྲིད་ཞིའི་ཕྱྭ་གཡང་ཕུན་ཚོགས་ཀུན། །རིམ་གྱིས་འགུགས་བྱེད་སྤྱི་མཐུན་ཆོ་གའི་ཁྲིགས། །རིན་ཆེན་དོན་ཡོད་ཞགས་པ་འདི་ན་སྤེལ། །དེ་ལ་འདིར་ཤངས་ལུགས་མགོན་དཀར་ཡིད་བཞིན་ནོར་བུའི་ལས་ཚོགས་ལས་བྱུང་བའི་གཏེར་བུམ་མདུན་བསྐྱེད་ཀྱི་སྒྲུབ་རྟེན་བྱས་ཏེ། ཕྱྭ་གཡང་འགུགས་པའི་ཆོ་ག་ངག་འདོན་ཟོར་ཡང་བའི་དབང་གིས་རྣམ་སྲས་ནོར་བུ་མཆོག་རྒྱལ་ནས་ཁ་བསྐངས་ཏེ་ཁྱེར་བདེ་དོན་ཚང་གི་ཚུལ་དུ་སྨོས་ན། སྦྱོར་བ་བི་སྤེན་འགྲུབ་སྦྱོར་སོགས་དགེ་བའི་ཉིན་མཛོད་ཕུག་གམ། བཀྲ་ཤིས་པའི་ཁང་པར་སྟེགས་བུ་ཁེབས་ལྡན་གྱི་ཁར་འབྲུའི་པདྨ་འདབ་བརྒྱད་ཀྱིས་དབུས་སུ་གཏེར་བུམ་བཅའ་སྒྲུབ་ཚད་ལྡན་སྔོན་དུ་སོང་ཟིན་པ་བཞུགས་སུ་གསོལ། གཏོར་མ་བཞི་དང་ཉེར་སྤྱོད་བུམ་པ་སྒྲུབ་ཐབས་ནས་འབྱུང་བ་བཞིན་དང་། གཡས་གཡོན་གང་བདེར་སྐོང་བའི་གཏོར་མ་ཞི་དྲག་གི་མཆོད་པ་བཅས་བཤམ། མགོན་པོའི་བྲིས་འབུར་གྱི་སྐུ་ཡོད་ན་ཅི་བདེ་བར་བཀོད་ཅིང་། འདོད་ཡོན་སྤྱན་གཟིགས་ཀྱི་བྱེ་བྲག་ཅི་འབྱོར་པ་བཤམས་ཤིང་བག་དྲོ་བར་བྱ། མདའ་དར་དང་རྡོར་དྲིལ་ནང་མཆོད་
ཌ་མ་རུ་རྔ་སིལ་དུང་དཀར་སོགས་ཉེར་མཁོ་ཐམས་ཅད་ཚོགས་པར་བྱ། སྟེགས་ཇི་ལྟར་རིགས་པར་ཕྱྭ་གླུད་ཅེས་པ་དཀར་གཏོར་གཉིས་དང་བགེགས་གཏོར་བཤམས་པ་ཆབ་ཀྱིས་བྲན། དངོས་གཞིའི་ངག་འདོན་ལ། སྒྲུབ་པ་པོ་རྣམས་སྟན་ལ་འཁོད་དེ། ཕྱྭ་གླུད་ཀྱི་གཏོར་མ་དང་པོ་བསང་སྦྱང་། སྟོང་པའི་ངང་ལས་ཕྱྭ་གླུད་ཀྱི་གཏོར་མ་འདོད་དགུ་ཕུན་སུམ་ཚོགས་པའི་རྒྱ་མཚོར་གྱུར་པར་བསམས་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་བཞི་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཙ་ཏུརྨ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་སོགས་ལན་གསུམ་གྱིས་བསྔོས་ལ། གཏོར་མ་གཉིས་པ་བྱིན་རླབས་སྔར་བཞིན་དང་། སླར་ཡང་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། ཕྱྭ་ཁུ་ཡེ། ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟ་གཤིན་རྗེའི་རྒྱལ་པོ་སྟེ། །ཤར་ཕྱོགས་ཁམས་ལ་དབང་གིས་བསྒྱུར། །རྗེ་བློན་བཙུན་མོ་འཁོར་དུ་བཅས། །ཕྱྭ་གླུད་བཟང་པོ་འདི་བཞེས་ལ། །ཕྱྭ་དང་གཡང་ནི་འདིར་ཁུག་ཅིག །དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །གྲུལ་
བུམ་མ་མོའི་རྒྱལ་པོ་སྟེ། །ལྷོ་ཕྱོགས་ཁམས་ལ་དབང་གིས་བསྒྱུར། །རྗེ་བློན་བཙུན་མོ་འཁོར་དུ་བཅས། །ཕྱྭ་གླུད་བཟང་པོ་འདི་བཞེས་ལ། །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །ཀླུ་དང་བདུད་ཀྱི་རྒྱལ་པོ་སྟེ། །ནུབ་ཕྱོགས་ཁམས་ལ་དབང་གིས་བསྒྱུར། །རྗེ་བློན་བཙུན་མོ་འཁོར་དུ་བཅས། །ཕྱྭ་གླུད་བཟང་པོ༴ །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་ཤ་ཟའི་རྒྱལ་པོ་སྟེ། །བྱང་ཕྱོགས་ཁམས་ལ་དབང་གིས་བསྒྱུར། །རྗེ་བློན་བཙུན་མོ་འཁོར་དུ་བཅས། །ཕྱྭ་གླུད་བཟང་པོ༴ །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་སོགས། །ལྷ་ཆེན་བརྒྱད་པོ་ཐམས་ཅད་དེ། །སྟེང་ཕྱོགས་ལྷ་ཡི་ཚོགས་བཅས་རྣམས། །ཕྱྭ་གླུད་བཟང་པོ༴ །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །འོག་ཕྱོགས་དགའ་བོ་འཇོག་པོ་སོགས། །ས་བདག་ཀླུ་གཉན་ཐམས་ཅད་དེ། །འོག་ཕྱོགས་གནས་པའི་ཚོགས་བཅས་རྣམས། །ཕྱྭ་གླུད་བཟང་པོ༴ །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །བར་སྣང་ཉི་ཟླ་རྒྱུ་སྐར་དང་། །གཟའ་དང་གདོང་མོ་གཟེད་སྨན་སོགས། །བར་སྣང་གནས་པའི་ཚོགས་བཅས་རྣམས། །ཕྱྭ་གླུད་བཟང་པོ་འདི༴ །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །ཕྱོགས་མཚམས་བདུད་རྨུ་རྒྱལ་པོ་བཙན། །སྲིན་པོ་འབྱུང་པོ་མ་མོ་དང་། །གཡའ་སྨན་གངས་སྨན་མཚོ་སྨན་དང་། །ཡུལ་ཕྱོགས་འདིར་གནས་གཞི་བདག་དང་། །དམ་སྲི་གདོན་བགེགས་ཐམས་ཅད་རྣམས། །ཕྱྭ་གླུད་བཟང་པོ་འདི་བཞེས་ལ། །ཕྱྭ་དང་གཡང་ནི་འདིར་ཁུག་ཅིག །དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །ཅེས་པའི་གཏོར་མ་བསྔོས་ནས་ཕྲིན་ལས་བཅོལ་ལོ། །ཕྱྭ་རྫས་བསང་བ་ནི། བགེགས་གཏོར་གཅིག་ལ། ཨོཾ་ཨཱཿཧཱུྃ་གིས་
བྱིན་གྱིས་བརླབས་ཏེ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿསོགས་ཀྱིས་བསྔོས་ལ། རྡོ་རྗེ་དྲིལ་བུ་ཐོགས་ཏེ་འདི་སྐད་དུ། ཧཱུྃ་གསང་ཆེན་སྒྲུབ་པའི་དཀྱིལ་འཁོར་འདིར། །དངོས་གྲུབ་སྩོལ་ཕྱིར་འདུ་འགྱུར་བའི། །ལྷ་དང་སྲུང་མ་མ་གཏོགས་པའི། །དངོས་གྲུབ་བར་དུ་གཅོད་བྱེད་པའི། །གདོན་བགེགས་འབྱུང་པོ་ཁྱེད་ཅག་རྣམས། །མཆོད་སྦྱིན་གཏོར་མས་ཚིམ་གྱིས་ལ། །མ་འཚེ་བར་ནི་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་བྱེད་ན། །བདེ་གཤེགས་ཀུན་འདུས་ཐུགས་གཉིས་མེད། །ཡེ་ཤེས་ཁྲོ་བོའི་འཕྲོ་འདུ་ཡིས། །བགེགས་དཔུང་ཐམས་ཅད་རྡུལ་ཕྲན་བཞིན། །འཐག་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བརྗོད་ཅིང་རོལ་མོ་དང་བཅས་ཏེ། ཨོཾ་སུམྦྷ་སོགས་དང་། ཡུངས་ཐུན་བརྡེག་ཅིང་མཚམས་གཅད་དོ། །ཕྱྭ་སྒོ་བསྡམ་པ་ནི། ཤར་གྱི་སྒོ་མ་ལྕགས་ཀྱུ་མ། །དཀར་མོ་ཞི་བའི་ལས་ལ་བརྩོན། །དུང་གི་སྒོ་མོ་བསྡམས་ནས་ཀྱང་། །ཕྱྭ་དང་གཡང་དུ་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །ལྷོ་ཡི་སྒོ་མ་ཞགས་པ་མ། །སེར་མོ་རྒྱས་པའི་ལས་ལ་བརྩོན། །གསེར་གྱི་སྒོ་མོ་བསྡམས་ནས་ཀྱང་། །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །ནུབ་ཀྱི་སྒོ་མ་ལྕགས་སྒྲོག་མ། །དམར་མོ་དབང་གི་ལས་ལ་བརྩོན། །ཟངས་ཀྱི་སྒོ་མོ་བསྡམས་ནས་ཀྱང་། །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི༴ །བྱང་གི་སྒོ་མ་དྲིལ་བུ་མ། །སྔོན་མོ་དྲག་པོའི་ལས་ལ་བརྩོན། །གཡུ་ཡི་སྒོ་མོ་བསྡམས་ནས་ཀྱང་། །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །ཞེས་པའི་སྒོ་མ་བཞི་ལ་ལས་བཅོལ། དེ་ནས་གནས་དང་མཆོད་པའི་ཡོ་བྱད་རྣམས་བྱིན་རླབས་ཀྱེ་རྡོར་ལྟར་ལ། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་སིལ། མེ་ཏོག་སོགས་བརྗོད་མཐར།
གྷཱཎྚེ་ར་ཎི་ཏ་རོལ་ཆེན་དང་བཅས་པས་བྱིན་དབབ་བོ། །དེ་ནས་མགོན་དཀར་གྱི་བདག་བསྐྱེད་སྐྱབས་འགྲོ་ནས་བཟུང་ཉེར་བསྡུའི་རྫོགས་རིམ་གྱི་བར་ཉམས་སུ་བླངས་ལ། སླར་ཡང་དེའི་ངང་ནས་རང་ཉིད་ལྷའི་སྐུར་གྱུར་པར་བསམས་ལ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བུམ་པའི་གྲངས་དང་མཉམ་པའི་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིན་པོ་ཆེ་དང་འབྲུ་བཅུད་དང་། ཟས་ནོར་ལོངས་སྤྱོད་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བར་གྱུར་པར་བསམས་ལ། ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྦྱང་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྙིང་གར་བཞག་ལ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཞེས་ལན་གསུམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་དཔྲལ་བར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ། བདུད་རྩི་འཁྱིལ་པའི་སྔགས་རྒྱས་བསྒྱུར་བ་ནི། ཐལ་མོ་སྦྱར་བའི་ཁ་གྱེན་དུ་ཕྱེ་སྟེ་མཐེ་བོང་བསྣོལ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དང་། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་སྤྱོད་པར་དབང་བ་ནི། གཡས་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང་། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་དང་། ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱ་བ་ནི། གཡས་ཁུ་ཚུར་བཅངས་པ་སྙིང་གར་བཞག གཡོན་མཐེ་བོང་ལག་མཐིལ་དུ་བཞག་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛ་ལ་ནི་སྭཱ་ཧཱ། ཞེས་དང་། དབང་བསྒྱུར་འཁོར་ལོའམ། ལྷ་མགོན་སྤྱིའི་སྔགས་རྒྱས་དབང་དུ་བྱ་བ་ནི། སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས་པ་ལས། མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་ལ། ཨོཾ་ན་མསྶ་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་པཉྩ་ཏི། མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་དང་ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་
ཞིང་སྔགས་རྣམས་ལན་གསུམ་ལ་སོགས་པ་བརྗོད་དོ། །དེ་ལྟར་སྔགས་དྲུག་ཕྱག་དྲུག་གིས་ཡོ་བྱད་རྣམས་ཟད་མི་ཤེས་པའི་གཏེར་དང་། ལོངས་སྤྱོད་དང་། བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ནས། དེ་ལྟ་བུའི་བུམ་པའི་ནང་སྟོད་ཀྱི་ཆ་ལ་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་པའི་སོགས་ནས། ཆོས་ཉིད་ཀྱི་ཐིག་ལེ་དམར་པོ་འོད་འཕྲོ་བ། འཁོར་དུ་མཁའ་འགྲོ་གནོད་སྦྱིན་ནོར་བདག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པར་གྱུར། ཡང་འཁོར་ལོ་ཡོད་ན་བསང་སྦྱང་། འཁོར་ལོ་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་འཁོར་ལོའི་གྲངས་དང་མཉམ་པའི་ཧཱུྃ་དཀར་པོ་དངུལ་ཆུ་དྭངས་པའི་སོགས་ནས། དཔག་ཏུ་མེད་པས་བསྐོར་བ་དང་བཅས་པར་གྱུར་ཅེས་པའི་བར་གྱིས་འཁོར་ལོ་བསྐྱེད། སྐུ་རྟེན་ཡོད་ནའང་བུམ་བསྐྱེད་ཀྱི་ཞར་ལ་གསལ་འདེབས་ཙམ་ལས་ལོགས་སུ་བསྐྱེད་མི་དགོས་སོ། །སྤྱན་འདྲེན་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དུར་ཁྲོད་བསིལ་བའི་ཚལ་ནས་མགོན་པོ་ཡིད་བཞིན་ནོར་བུ་ལ་མཁའ་འགྲོ་གནོད་སྦྱིན་ནོར་བདག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ རྔ་སིལ་དབྱངས་དང་བཅས་ཏེ། སྐོང་བའི་མགོ་ནས་འབྱུང་བའི། ཧཱུྃ། ཙནྡན་ལྗོན་པས་མཚན་པའི་དུར་ཁྲོད་ནས། །སྟོན་ཀའི་སྤྲིན་དཀར་ཕུང་པོ་གཡོ་བ་བཞིན། །ཕྱག་ན་པདྨོའི་རྣམ་རོལ་བསྟན་སྲུང་མཆོག །མགོན་དཀར་ནོར་བུའི་ཆར་འབེབས་གནས་འདིར་གཤེགས། །ལྷ་ཆེན་བླ་མ་ཡིད་བཞིན་ནོར་བུ་ཡི། །བཀའ་བསྒྲུབ་ཕྱོགས་བཅུའི་འཇིག་རྟེན་དབང་དུ་སྡུད། །རྣལ་འབྱོར་འདོད་པའི་དངོས་གྲུབ་མྱུར་སྩོལ་བའི། །མཁའ་འགྲོ་ནོར་བདག་ཚོགས་བཅས་ད་ཚུར་སྤྱོན། །མགོན་པོ་འཁོར་བཅས་སྔོན་གྱི་ཐུགས་བསྐྱེད་དང་། །དམ་ཚིག་ལ་དགོངས་དགྱེས་པས་གནས་འདི་རུ། །ནོར་བུ་དགོས་འདོད་དཔལ་དང་འགྲོགས་པ་བཞིན། །ཚུར་གཤེགས་དཔལ་འབྱོར་རྣམ་པར་རྒྱས་པར་མཛོད། །ཅེས་དང་། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་དང་། ཛཿཉེར་གཅིག་གིས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་བསྟིམ། མཆོད་པ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་
རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས། ཤབྡ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས་ནས། ཨོཾ་སརྦ་བིཏ་པཱུ་ར་སོགས་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ་ཞེས་དང་། དྲི་མེད་ཡིད་འོང་ལྷ་ཡི་རྫས། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་བཤོས་རོལ་མོའི་ཚོགས། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་མི་ཕྱུགས་ལོངས་སྤྱོད་སོགས། །ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས། ཤབྡ་ཨཱཿཧཱུྃ་གིས་རོལ་མོ་དང་བཅས་ཏེ་ཉེར་སྤྱོད་དང་། འཇིག་རྟེན་གཟུགས་མཛེས་ཇི་སྙེད་དང་། །སྙན་བརྗིད་རོལ་མོ་ཡིད་འོང་དྲི། །རོ་མཆོག་རེག་བྱའི་འདོད་ཡོན་ལྔ། །མགོན་པོ་འཁོར་དང་བཅས༴ །བཞེས་ནས་མི་ཕྱུགས༴ །ཕྱྭ་གཡང་འགུགས་པའི༴ །མཚན་སྔགས་ཀྱི་མཐར། པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་འདོད་ཡོན་ལྔ་དང་། སྔོན་གྱི་བསོད་ནམས་མཐུ་ཆེན་གྱི། །དཔལ་དུ་འོངས་པ་འབྱོར་པའི་ཕུལ། །མི་དབང་རྒྱལ་སྲིད་རིན་ཆེན་བདུན། །མགོན་པོ༴ །བཞེས་ནས༴ ཕྱྭ་གཡང༴ །སཔྟ་ཨུ་པ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་རིན་ཆེན་བདུན་དང་། གང་གང་འདོད་པའི་དོན་དེ་ནི། །དེ་དེ་ལ་བརྟེན་འགྲུབ་བྱེད་པའི། །རྫས་མཆོག་ཉེ་བའི་རིན་ཆེན་བདུན། །མགོན་པོ༴ བཞེས་ནས༴ ཕྱྭ་གཡང༴ སཔྟ་ཨུ་པ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་ཉེ་བའི་རིན་ཆེན་བདུན་དང་། དགེ་མཚན་གང་གིས་སྤྲས་པ་དེར། །རྟག་ཏུ་ཤིས་པའི་དཔལ་འཇོ་བ། །བཀྲ་ཤིས་རྟགས་བརྒྱད་འདི་དག་ནི། །མགོན་པོ༴ །བཞེས་ནས༴ །ཕྱྭ་གཡང༴ །ཨཥྚ་མངྒ་ལ་ལིངྒ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་བཀྲ་ཤིས་རྟགས་བརྒྱད་དང་། ས་གཞི་རི་རབ་རི་བདུན་གླིང་། །རྒྱ་མཚོར་བཅས་པ་ལྷ་དང་མིའི། །དཔལ་འབྱོར་ཕུན་ཚོགས་མཎྜལ་འདི། །མགོན་པོ༴ །བཞེས་ནས༴ །ཕྱྭ་གཡང༴ །མཎྜལ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་མཎྜལ་དང་། ཤ་ལྔ་བདུད་རྩི་ཡེ་ཤེས་
ལྔའི། །རང་བཞིན་ཟག་མེད་བདུད་རྩི་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་མི་ཕྱུགས་ལོངས་སྤྱོད་སོགས། །ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨ་མྲྀ་ཏེ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་ནང་མཆོད་འབུལ་ལོ། །བསྟོད་པ་ནི། གངས་ཅན་རི་པའི་ལྷ་གཅིག་པད་དཀར་འཆང་། །སོགས་སམ། ཕྱོགས་བཅུ་དུས་གསུམ་སོགས་ཁྱུང་པོས་མཛད་པ་གང་རུང་གིས་བསྟོད་དོ། །དེ་ནས་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ་དང་། མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མུ་མ་ལས་བདུད་རྩི་ལྔ། བྷྲཱུྃ་ཨཱྃ་ཛྲིཾ་ཁྃ་ཧཱུྃ་ལས་ཡེ་ཤེས་ལྔ་རྣམས་མེས་གདུངས་ཏེ་བསྐོལ་ཞིང་ཞུ་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརྗོད། གཏོར་སྔགས་རྩ་སྔགས་འབྲུ་བཅུ་གསུམ་པ་ལ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་གསུམ་མམ་ལྔས་ཕུལ་ལོ། །མཚན་སྔགས་སྔོན་འགྲོའི་ཕྱི་མཆོད། ནང་མཆོད། དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་འཆང་། །འགྲོ་འདིའི་ཕུན་ཚོགས་རེ་བ་སྐོང་བའི་ཕྱིར། །རབ་བརྗིད་ཁྲོ་བོའི་དབང་པོར་སྤྲུལ་པ་ལ། །ཡིད་བཞིན་ནོར་བུར་མཚན་གསོལ་ཁྱོད་ཕྱག་འཚལ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བསྟན་པ་བསྲུང་ཞིང་རྣལ་འབྱོར་པའི། །ཚེ་བསྲིང་ལོངས་སྤྱོད་རྒྱས་པ་དང་། །སྐྱེ་འགྲོ་དབང་དུ་འདུ་བར་མཛོད། །ཅེས་དང་། སྤྲོ་ན། བཅོམ་ལྡན་འདས་ཡིད་བཞིན་གཟི་ལྡན་ཐུགས་རྗེ་ཅན་ཁྱོད་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག དཀོན་མཆོག་གི་དབུ་འཕང་བསྟོད་ཅིག དགེ་འདུན་གྱི་སྡེ་སྐྱོངས་ཤིག བླ་མའི་སྐུ་ཚེ་སྲིངས་ཤིག རྣལ་འབྱོར་པ་བདག་ལ་སྙན་པའི་གྲགས་པས་ས་སྟེང་མ་ལུས་པར་ཁྱབ་པ་དང་། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་ནས་ལོངས་སྤྱོད་ཟད་མི་ཤེས་པ་དང་། མི་ནོར་ཟས་གསུམ་དབང་དུ་འདུ་ཞིང་། ཐོས་བསམ་སྒོམ་གསུམ་འཕེལ་བ་དང་།
ཕྲིན་ལས་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་དང་། གཏོར་མ་གཞན་ཐམས་ཅད་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་འབུལ་ལོ། །དེ་ནས་མེ་ཏོག་ཐོགས་ལ། མགོན་པོ་ཡིད་བཞིན་ནོར་བུ་འཁོར་དང་བཅས་པ་ཁྱེད་རྣམས་རྟེན་འདི་དག་ལ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་གནས་འདིར་མཁྱེན་ལྡན་དང་སྟོབས་ལྡན་འབྱོར་ལྡན་གྱིས་མཚོན་པའི་སྐྱེ་འགྲོ་ཐམས་ཅད་འདུ་ཞིང་། སྲིད་ཞིའི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་ཆུ་བོའི་རྒྱུན་བཞིན་དུ་འདུ་བར་མཛད་དུ་གསོལ། ཞེས་དང་། སུ་པྲ་ཏིཥྛ་སོགས་ཀྱིས་མེ་ཏོག་འཐོར། དེ་ལྟ་བུའི་བརྟན་བཞུགས་འདི་ཉེར་གཅིག་གམ་ལྔ་བཅུའམ་བརྒྱ་རྩ་བརྒྱད་ཀྱི་བར་ཅི་ནུས་སུ་བྱ་བར་བཤད་དོ། །དེ་ནས་གཟུངས་ཐག་བཟུང་ལ། རང་གི་སྙིང་ག་ནས་འོད་ཟེར་སྔགས་ཕྲེང་གི་རྣམ་པ་ཅན་སྤྲོས་པས་བསྐུལ། མདུན་བསྐྱེད་ཀྱི་མགོན་པོ་རྣམས་ཀྱི་ཐུགས་ཀའི་མཁའ་འགྲོ་མ་རྣམས་ལས། དེ་འདྲ་བའི་དབང་སྡུད་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། ལྷ་མི་ཀླུ་དང་བཅས་པའི་ཚེ་དང་བསོད་ནམས། སྟོབས་དང་དཔལ་འབྱོར། ལོངས་སྤྱོད་དབང་ཕྱུག སྙན་གྲགས་རིགས་བཟང་། རིན་པོ་ཆེ་དང་། འབྲུ་རིགས་དང་། རྟ་ཕྱུགས་འཕེལ་བ་ལ་སོགས་པ་འབྱོར་པའི་ཁྱད་པར་ཡིད་ལ་ཇི་ལྟར་འདོད་པ་ཐམས་ཅད་བཀུག་སྟེ། བུམ་པའི་ནང་གི་རྫས་རྣམས་ལ་གཉིས་སུ་མེད་པར་བསྟིམས་པས་འདོད་དགུའི་དཔལ་འབྱོར་ཟད་མི་ཤེས་པའི་གཏེར་གྱི་བུམ་པ་བཟང་པོར་གྱུར། བུམ་པའི་ནང་གི་དཔལ་འབྱོར་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་རྒྱས་ཤིང་ཁ་ནས་ལུད། མགོན་པོའི་ཕྱག་གི་བུམ་པ་དང་ཐོད་པ་ནས་ཀྱང་ལུད། ཚོགས་བདག་གི་ཁ་དང་བཤང་ལམ་དང་ནེའུ་ལེ་རྣམས་ལས་ཀྱང་རིན་པོ་ཆེ་སྣ་ཚོགས་པ་ལྷུག་ལྷུག་བབས་པས་གནས་ཁང་དང་། གཙུག་ལག་ཁང་དང་། ཕོ་བྲང་བང་མཛོད་ལ་སོགས་པའི་ནང་ཐམས་ཅད་ཕྱུར་བུར་ཁེངས་པས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་མཚོན་པའི་སེམས་ཅན་ཐམས་ཅད་འདོད་དགུའི་དཔལ་འབྱོར་མཛད་པ་མེད་པའི་གཏེར་ལ་ལོངས་སྤྱོད་པའི་དབང་དང་ལྡན་པར་གྱུར་
པར་བསམས་ལ། རྩ་སྔགས་འབྲུ་བཅུ་གསུམ་པ་ཅི་ནུས་སུ་བཟླའོ། །བཟླས་པའི་མཐར་མཆོད་བསྟོད་མདོར་བསྡུས་བྱའོ། །སྐོང་བ་སྐབས་འདིར་བྱས་ཀྱང་ཆོག་མོད། འོག་ཏུ་རྗེས་ཆོག་གི་མགོར་བྱས་ན་བདེ་བས་དེར་བརྗོད་པར་བྱའོ། །དེ་ནས་ཕྱྭ་འགུགས་དངོས་ལ་མཇུག་པར་བྱ་སྟེ། རྔ་སིལ་དབྱངས་དང་བཅས་པས་མདའ་དར་གཡབ་ཅིང་། ཕྱྭ་ཁུ་ཡེ། དེ་རིང་བཀྲ་ཤིས་ཉི་མ་ལ། །དམ་ལྡན་རྣལ་འབྱོར་བདག་ཅག་གིས། །རྒྱལ་བའི་བསྟན་པ་དར་བ་དང་། །འཇིག་རྟེན་དགེ་ལེགས་འབྱུང་བ་དང་། །སེམས་ཅན་དབུལ་ཕོངས་སེལ་བ་དང་། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྦྱིན་བདག་དཔལ་འབྱོར་རྒྱས་པའི་ཕྱིར། །འདོད་དགུའི་འཁྱིལ་བའི་གནས་མཆོག་འདིར། །ཕྱྭ་གཞི་པདྨ་རྒྱས་པའི་སྟེང་། །ཕྱྭ་སྣོད་རིན་ཆེན་བུམ་པའི་ནང་། །ཕྱྭ་རྫས་ནོར་བུ་རིན་ཆེན་རིགས། །འབྲུ་སྣ་ཟས་གོས་སྨན་གྱི་ཚོགས། །དཔལ་གཡང་ཅན་གྱི་ནོར་སྣ་དང་། །བྱིན་རླབས་དངོས་གྲུབ་རྫས་ཀུན་བསགས། །སྔགས་དང་ཕྱག་རྒྱའི་བདེན་སྟོབས་ཀྱིས། །འཛད་མེད་ལོངས་སྤྱོད་འབྱུང་བའི་གཞི། །ནམ་མཁའི་མཛོད་དུ་བྱིན་གྱིས་བརླབས། །མགོན་པོ་འཁོར་བཅས་བསྐྱེད་ཅིང་བསྟིམ། །མཆོད་ཅིང་བསྟོད་པས་མཉེས་བྱས་ནས། །གསང་སྔགས་རྫས་ཀྱིས་ཐུགས་དམ་བསྐུལ། །གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །ཕྱྭ་ཁུ་ཡེ། སྤྱན་རས་གཟིགས་དབང་མྱུར་མཛད་མགོན། །ཡིད་བཞིན་ནོར་བུ་ཐུགས་རྗེའི་གཏེར། །རིགས་བདག་བླ་མ་རྡོ་རྗེ་འཆང་། །དགོས་འདོད་ཀུན་འབྱུང་དབང་གི་རྒྱལ། །ཐུགས་མཚོར་སྒེག་པའི་སྨིན་འཁྱོག་མ། །གྲངས་མེད་མཁའ་འགྲོའི་འཕྲོ་འདུ་ཅན། །ཕྲིན་ལས་དབང་གི་ལྕགས་ཀྱུ་ཡིས། །སྐྱེ་འགྲོའི་ཡིད་དབང་སྐུལ་བྱེད་ཅིང་། །ཞབས་འདེགས་སྲིད་གསུམ་དྲེགས་པའི་གཙོ། །རིན་ཆེན་མང་སྐྱུགས་ལྷ་ཆེན་དང་། །གནོད་སྦྱིན་ནོར་བདག་བསམ་ཡས་ཚོགས། །བུམ་བཟང་ནེའུ་ལེ་སྒྲོམ་བུ་སོགས། །མ་ངེས་ཕྱག་མཚན་ཕྱྭ་སྣོད་དུ། །སྣོད་
བཅུད་ཕྱྭ་གཡང་ཀུན་བསྡུས་ཏེ། །སྒྲུབ་པོའི་རེ་བ་ཡོངས་སུ་སྐོང་། །ཨེ་མ་ཡེ་ཤེས་སྤྲོས་བྲལ་དབྱིངས། །གཅིག་དང་དུ་མར་མ་དམིགས་ཀྱང་། །འགྲོ་བའི་དོན་དུ་ཐ་དད་གཟུགས། །སྒྱུ་མའི་རོལ་པ་ཅིར་ཡང་གདའ། །གཞན་ཡང་མགོན་པོ་དགྱེས་སྐྱེད་ཡུམ། །རེ་མ་ཏཱི་དང་ལས་མཁན་ཚོགས། །ལྷ་ཀླུ་གཟའ་སྐར་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་འཇིགས་བྱེད་དགུ་ལ་སོགས། །བདག་ཅག་དམ་ཆོས་སྒྲུབ་པ་ཡི། །བར་ཆད་སེལ་བའི་ལས་ལ་བརྩོན། །གཤིན་རྗེ་མ་མོ་སྲིན་པོ་སོགས། །མི་སྡུག་འཇིགས་པའི་གཟུགས་འཆང་བ། །ཀུན་ཀྱང་མགོན་པོའི་ཐ་ཚིག་ལྟར། །སྣ་ཚོགས་ཕྲིན་ལས་སྒྲུབ་པས་བྲེལ། །འཁོར་བཅས་དགྱེས་པར་བྱ་བ་དང་། །བདག་གི་འདོད་པའི་དོན་སྒྲུབ་ཕྱིར། །མཆོད་བསྟོད་བསྐུལ་ཞིང་གསོལ་འདེབས་ན། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། ཕྱྭ་ཁུ་ཡེ། སྔོན་ཚེ་སྣང་བ་མཐའ་ཡས་ཀྱིས། །སྙིགས་མའི་སེམས་ཅན་དབུལ་ཕོངས་པའི། །རེ་འདོད་ཡོངས་སུ་རྫོགས་པའི་ཕྱིར། །མགོན་པོ་ཁྱོད་ཉིད་བྱིན་བརླབས་ཏེ། །བཀའ་བསྒོས་གཡར་དམ་བཅས་པའི་དོན། །ནམ་ཡང་བསླུ་བར་མི་འགྱུར་ཡང་། །ད་ལྟ་དུས་ངན་ཤུགས་བདོ་བས། །མི་རྣམས་ཚེ་ཐུང་འཚེ་བ་མང་། །ཡུན་རིང་སྒྲུབ་པའི་ལོང་མེད་པས། །རྩེ་གཅིག་གསོལ་བ་བཏབ་ཙམ་ན། །ཞལ་བཟང་སྟོན་ཟླ་བཞད་པ་ལྟར། །བསྟན་ཅིང་དངོས་གྲུབ་འོད་དཀར་གྱིས། །བདག་ཅག་གདུང་བ་བསལ་བར་རིགས། །འཁོར་བཅས་དགྱེས༴ །བདག་གི༴ །མཆོད་བསྟོད༴ །ཕྱྭ་གཡང༴ །དགོས་འདོད༴ །ཚེ་དང་དཔལ་ནི༴ །ཕྱྭ་འདིར༴ །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །ཞེས་བསྐུལ་ལོ། །སླར་ཡང་སྤྱི་མཐུན་འགུགས་བྱེད་ཀྱི་ལྷ་མོ་སྤྲོ་བ་ནི། ཚིག་རིས་དང་མཐུན་པའི་དམིགས་པ་དང་བཅས་ཏེ། བདག་མདུན་ལྷ་ཡི་ཐུགས་ཀ་ནས། །ཕྱྭ་གཡང་འགུགས་པའི་ལྷ་མོ་སྤྲོས། །མདུན་བསྐྱེད་ལྷ་ཡི་མཐར་འཁོད་དེ། །ཕྱྭ་གཡང་འགུགས་པའི་ལས་མཛད་གྱུར། །ཕྱྭ་ཁུ་ཡེ། ཕྱོགས་
བཅུ་འཇིག་རྟེན་ཐམས་ཅད་ནས། །འཁོར་འདས་རྟེན་དང་བརྟེན་པ་ཡི། །ཕྱྭ་གཡང་ཐམས་ཅད་ཚུར་བསྡུས་ནས། །ཕྱྭ་རྫས་གཡང་རྫས་རྣམས་ལ་བསྟིམ། །སྦྱིན་བདག་དཔལ་ནི་འཕེལ་བར་མཛོད། །མདུན་བསྐྱེད་ལྷ་ཡི་ཤར་ཕྱོགས་ནས། །ལཱ་སྱ་དཀར་མོ་ཕྱྭ་ཡི་བདག །དཀར་མོ་འབུམ་དང་བཅས་པས་ཀྱང་། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །མདུན་བསྐྱེད་ལྷ་ཡི་ལྷོ་ཕྱོགས་ནས། །མཱ་ལེ་སེར་མོ་ཕྱྭ་ཡི་བདག །སེར་མོ་འབུམ་དང་བཅས་པས་ཀྱང་། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །མདུན་བསྐྱེད་ལྷ་ཡི་ནུབ་ཕྱོགས་ནས། །གཱི་ཏི་དམར་མོ་ཕྱྭ་ཡི་བདག །དམར་མོ་འབུམ་དང་བཅས་པས་ཀྱང་། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །མདུན་བསྐྱེད་ལྷ་ཡི་བྱང་ཕྱོགས་ནས། །ནཱིརྟི་སྔོན་མོ་ཕྱྭ་ཡི་བདག །སྔོན་མོ་འབུམ་དང་བཅས་པས་ཀྱང་། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་ཆར་དུ་འདིར༴ །ཚེ་དང་དཔལ་ནི་འདིར༴ །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །ཕྱྭ་ཁུ་ཡེ། ཉི་མ་ཤར་ཕྱོགས་ཕ་གི་ན། །གཡང་གི་ལྷ་མོ་དཀར་མོ་ནི། །དཀར་མོ་འབུམ་དང་བཅས་པས་ཀྱང་། །ཕྱག་ན་འགུགས་བྱེད་ལྕགས་ཀྱུ་དང་། །གཡོན་ན་སྟིམ་བྱེད་བུམ་པ་འཛིན། །ལྕགས་ཀྱུས་ཁུག་ལ་བུམ་པར་སྟིམས། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་ཆར་དུ་འདིར༴ །ཚེ་དང་དཔལ་ནི་འདིར༴ །ཉི་མ་ལྷོ་ཕྱོགས་ཕ་གི་ན། །ཕྱྭ་གཡང་འགུགས་པའི་ལྷ་མོ་སེར། །སེར་མོ་འབུམ་དང་བཅས་པས་ཀྱང་། །གཡས་ན་འགུགས་བྱེད་ལྕགས་ཀྱུ་དང་། །གཡོན་ན་སྟིམ་བྱེད་བུམ་པ་འཛིན། །ལྕགས་ཀྱུས་ཁུག་ལ་བུམ་པར་སྟིམས། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་ཆར་དུ་འདིར༴ །ཚེ་དང་དཔལ་ནི་འདིར༴ །ཉི་མ་ནུབ་ཕྱོགས་ཕ་གི་ན། །གཡང་གི་ལྷ་མོ་དམར་མོ་ནི། །དམར་མོ་འབུམ་དང་བཅས་པས་ཀྱང་། །གཡས་ན་འགུགས་བྱེད་ལྕགས་ཀྱུ་དང་། །གཡོན་ན་སྟིམ་བྱེད་བུམ་པ་འཛིན། །ལྕགས་
ཀྱུས་ཁུག་ལ་བུམ་པར་སྟིམས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །དགོས་འདོད་ཆར་དུ་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །ཉི་མ་བྱང་ཕྱོགས་ཕ་གི་ན། །ཕྱྭ་གཡང་འགུགས་པའི་ལྷ་མོ་ལྗང་། །ལྗང་མོ་འབུམ་དང་བཅས་པས་ཀྱང་། །གཡས་ན་འགུགས་བྱེད་ལྕགས་ཀྱུ་དང་། །གཡོན་ན་སྟིམ་བྱེད་བུམ་པ་འཛིན། །ལྕགས་ཀྱུས་ཁུག་ལ་བུམ་པར་སྟིམས། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་ཆར་དུ་འདིར༴ །ཚེ་དང་དཔལ་ནི་འདིར༴ །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །ཉི་མ་དབུས་ཕྱོགས་ཕ་གི་ན། །གཡང་གི་ལྷ་མོ་སྨུག་མོ་ནི། །སྨུག་མོ་འབུམ་དང་བཅས་པས་ཀྱང་། །གཡས་ན་འགུགས་བྱེད་ལྕགས་ཀྱུ་དང་། །གཡོན་ན་སྟིམ་བྱེད་བུམ་པ་འཛིན། །ལྕགས་ཀྱུས་ཁུག་ལ་བུམ་པར་བསྟིམ། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་ཆར་དུ་འདིར༴ །ཚེ་དང་དཔལ་ནི་འདིར༴ །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདི་མ་ཉམས་བསྐྱབ་ཏུ་གསོལ། །ཞེས་བརྗོད་ལ། འདིའི་རྗེས་སུ་འོག་གི། ཧཱུྃ་བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །དབང་སྡུད་འོད་ཀྱི་ལྕགས་ཀྱུ་སྤྲོས། །ཞེས་པ་ནས། བརླིང་བར་མཛོད། ཅེས་པའི་བར་བླངས་ལ་སྦྲེལ་ཏེ་འདོན་ནོ། །ཕྱྭ་འགུགས་ཀྱི་བཟླས་པ་བྱ་བ་ནི། མགོན་པོའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོའི་དཀྱིལ་དུ་ཧཱུྃ་དཀར་པོ། ཐིག་ལེའི་མཐའ་སྐོར་དུ་རྩ་སྔགས་བྱི་རུའི་ཕྲེང་བ་ལྟ་བུས་བསྐོར་བ། རང་གི་ཐུགས་ཀའི་ཧཱུྃ་ཡིག་ཐིག་ལེ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པའི་རྩེ་ལས་མཆོད་པའི་སྤྲིན་དཔག་ཏུ་མེད་པ་སྤྲོས་པས་མགོན་པོ་འཁོར་དང་བཅས་པ་མཆོད་པས་མཉེས་ནས། དེའི་ཐུགས་ཀའི་དབང་སྡུད་ཀྱི་མཁའ་འགྲོ་མ་ལས་རང་འདྲ་འོད་ཟེར་དམར་པོ་དང་བཅས་པ་དང་། འཁོར་གྱི་མཁའ་འགྲོ་གནོད་སྦྱིན་དྲེགས་བྱེད་ཀྱི་ཚོགས་དང་བཅས་པ་ལས་རང་འདྲ་ཉི་ཟེར་གྱི་རྡུལ་ལྟར་མང་བ། གློག་ལྟར་མྱུར་བ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་ཁམས་ཀྱི་ཚེ་དང་བསོད་ནམས། མཐུ་སྟོབས་དབང་ཕྱུག དཔལ་འབྱོར་གཟི་བརྗིད་
ཟས་ནོར་ལོངས་སྤྱོད་ལ་སོགས་པའི་ཕྱྭ་གཡང་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ནས་བདག་དང་སྦྱིན་བདག་རྟེན་རྫས་རྣམས་ལ་བསྟིམས་པས། ཚེ་དང་བསོད་ནམས་དང་གཟི་བརྗིད་ལ་སོགས་པ་རྒྱས་པར་བྱས། གནས་ཁང་ལུང་པ་ཐམས་ཅད་རིན་པོ་ཆེ་དང་འབྲུ་ནོར་ལ་སོགས་པ་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་མེར་གྱིས་ཁེངས་པར་བསམས་ལ། གུ་རུ་མ་ཧཱ་ཀཱ་ལ་སོགས་མང་དུ་བཟླས། མཐར་སྤྲོ་ན། རྩ་སྔགས་ཀྱི་མཇུག་ཏུ། དྷ་ན་མེ་དྷི་སིདྡྷི་སིདྡྷི་ཛཿ རཏྣ་པུ་ནི་སིདྡྷི་སིདྡྷི་ཛཿ ན་ན་ཁ་དྷེ་སིདྡྷི་སིདྡྷི་ཛཿ དྷ་ན་སཾ་བྷོ་སིདྡྷི་སིདྡྷི་ཛཿ ཞེས་ཤམ་བུ་སྦྱར་བ་ཅུང་ཟད་བཟླ། སྔགས་འདི་གྲུབ་ཆེན་ཐང་སྟོང་པའི་གསུང་སྐོར་ཞིག་ལ་ཡོད་འདུག་ཀྱང་ཞུ་དག་ཕྲན་བུ་དགོས་འདྲ། དེ་ནས། མགོན་པོ་ཡིད་བཞིན་ནོར་བུ་འཁོར་དང་བཅས་པས་བདག་དང་སྦྱིན་བདག་གིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ལ་སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །ཚར་གྲངས་དུ་བྱེད་ན་མཆོད་གཏོར་རྣམས་ཁ་གསོས་ལ། མཆོད་པ་རྣམས་བྱིན་གྱིས་བརླབ། དྲི་མེད་ཡིད་འོང་ནས་འདིའི་བར་བྱ་ཞིང་། ཚར་གསུམ་མམ་ལྔ་བདུན་སོགས་ཇི་ལྟར་སྤྲོ་བར་བྱའོ། །འདི་ལ་མཆོད་ཕྲེང་འབྲིང་པོའི་ལུགས་གཅིག་ཡོད་མོད། ཚིག་ཚོགས་མང་ཉུང་ཁྱད་ཆེ་བ་མེད་པས་མ་བཀོད་དོ། །དེ་ནས་སྐོང་བའི་གཏོར་མ་ཆབ་ཀྱིས་བྲན། སྐོང་རྫས་རྣམས་དང་གཏོར་མའི་དཀྱིལ་དུ་རྃ་སོགས་ཧེ་རུ་ཀའི་མགོ་ནས་འབྱུང་བའི་སྔགས་དྲུག་ཕྱག་དྲུག་དང་། བདག་གི་བསམ་པའི་སོགས་བདེན་སྟོབས་དང་། གཏོར་སྔགས་ལན་གསུམ་གྱིས་ཕུལ། ཧཱུྃ། སྤྱན་རས་གཟིགས་དབང་ཐུགས་རྗེའི་ཆུ་གཏེར་ལས། །ཞེས་སོགས་ཀྱི་སྐོང་བ། བཤགས་པ། ཕྲིན་བཅོལ་རྣམས་སྐོང་ཆོག་ཡོངས་འདུའི་ས་བརྟོལ་བཞིན། ཚར་གྲངས་སུ་བྱེད་ན་གཏོར་མ་གསོས་ལ། བྱིན་རླབས་མན་སྔར་བཞིན་བྱ་ཞིང་ཚར་རྗེས་མའི་མཐར་དབྱངས་ཅི་རིགས་པ་དང་བཅས་ཏེ་བསྟོད་པ་ཡང་བྱའོ། །ཉིན་གྲངས་སུ་བྱེད་ན་ཉིན་སྔ་མ་རྣམས་ལ་འདིར་རྗེས་ཆོག་བྱ་སྟེ། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབ། མཆོད་བསྟོད་མདོར་བསྡུས་བྱས་ལ། འཁོར་
ལོའི་ལྷ་རྣམས་འོད་དུ་ཞུ་བ་ལས་སྐྱེ་འགྲོ་ཐམས་ཅད་དབང་དུ་སྡུད་པར་བྱེད་པའི་འཁོར་ལོའི་རྣམ་པར་གྱུར་ཅེས་དང་། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་བ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། མགོན་པོ་ཡིད་བཞིན་ནོར་བུ་འཁོར་དང་བཅས་པ་རྟེན་འདི་ལ་བརྟན་པར་བཞུགས་སོགས་བརྟན་བཞུགས་གོང་ལྟར་བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག །མྱུར་མཛད་མགོན་པོ་འགྲུབ་སོགས་ཀྱིས་དགེ་བ་བསྔོ། འདི་ཉིད་ཀྱི་བཀྲ་ཤིས་བཀའ་རྒྱ་མའམ་མི་ཤེས་ན་རྒྱལ་མཚན་རྩེ་མོ་སོགས་གང་རིགས་ཀྱི་བཀྲ་ཤིས་དང་། ཐམས་ཅད་ནམ་མཁའ་མཛོད་བཞིན་ལ་སོགས་པའི་སྨོན་ལམ་གྱི་རྒྱས་གདབ་བོ། །ཉིན་གྲངས་མི་བྱེད་པའམ་ཉི་མ་རྗེས་མའི་ཉིན་རྗེས་ཆོག་གི་མགོར་ཕྱྭ་སྒོ་དབྱེ་བ་སོགས་བྱ་སྟེ། དེ་ཡང་རིན་ཆེན་སྣ་བདུན་ཙཀླི། ཚོགས་ཀྱི་ཡོ་བྱད་རྣམས་འདུ་བྱས། ཡོན་བདག་བོས་ཏེ་སྟན་བཟང་པོའི་སྟེང་དུ་བཞག་ལ། རྔ་སིལ་གདངས་དང་བཅས་པས། ཕྱྭ་ཁུ་ཡེ། སྤྱན་རས་གཟིགས་དབང་མྱུར་མཛད་མགོན། །ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །མཁའ་འགྲོ་གནོད་སྦྱིན་ནོར་བདག་གི། །འཁོར་དང་བཅས་རྣམས་དགོངས་སུ་གསོལ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི། །ཚེ་དང་བསོད་ནམས་འཕེལ་བ་དང་། །དབང་ཕྱུག་དཔལ་འབྱོར་རྒྱས་པའི་ཕྱིར། །ཕྱྭ་སྒོ་གཉེན་པོ་འབྱེད་དུ་གསོལ། །ཕྱྭ་སྒོ་གཉེན་པོ་བྱེད་ནས་ནི། །ཕྱི་རོལ་ཕྱྭ་གཡང་དགུག་ཏུ་གསོལ། །གནས་ཁང་འདི་ལ་བསྐྱིལ་ཏུ་གསོལ། །མི་རྒྱུད་འདི་ལ་བསྟིམ་དུ་གསོལ། །རྟེན་རྫས་འདི་ལ་བསྟིམ་དུ་གསོལ། །སྐྱེ་འགྲོ་རྣམས་ལ་སྤེལ་དུ་གསོལ། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །དགོས་འདོད་ཆར་དུ་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །ཕྱྭ་ཁུ་ཡེ། ཤར་གྱི་སྒོ་མ་ལྕགས་ཀྱུ་མ། །དཀར་མོ་ཞི་བའི་ལས་མཛད་མ། །ཤར་གྱི་སྒོ་འདི་འབྱེད་དུ་གསོལ། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་
ཆར་དུ་འདིར༴ །ཚེ་དང་དཔལ་ནི་འདིར༴ །ལྷོ་ཡི་སྒོ་མ་ཞགས་པ་མ། །སེར་མོ་རྒྱས་པའི་ལས་མཛད་མ། །ལྷོ་ཡི་སྒོ་འདི་འབྱེད་དུ་གསོལ། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་ཆར་དུ་འདིར༴ །ཚེ་དང་དཔལ་ནི་འདིར༴ །ནུབ་ཀྱི་སྒོ་མ་ལྕགས་སྒྲོག་མ། །དམར་མོ་དབང་གི་ལས་མཛད་མ། །ནུབ་ཀྱི་སྒོ་འདི་འབྱེད་དུ་གསོལ། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །དགོས་འདོད་ཆར་དུ་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །བྱང་གི་སྒོ་མ་དྲིལ་བུ་མ། །སྔོན་མོ་དྲག་པོའི་ལས་མཛད་མ། །བྱང་གི་སྒོ་འདི་འབྱེད་དུ་གསོལ། །ཕྱྭ་གཡང་ཐམས་ཅད་འདིར༴ །དགོས་འདོད་ཆར་དུ་འདིར༴ །ཚེ་དང་དཔལ་ནི་འདིར༴ །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །སྦྱིན་བདག་དཔལ་ནི་འཕེལ་བར་མཛོད། །ཅེས་བརྗོད། དེ་ནས་མདའ་དར་ཐོགས་ཏེ། ཧཱུྃ། བདག་མདུན་ལྷ་ཡི་ཐུགས་ཀ་ནས། །དབང་སྡུད་འོད་ཀྱི་ལྕགས་ཀྱུ་སྤྲོས། །ཕྱོགས་བཅུའི་རྒྱལ་བ་རྒྱལ་བའི་སྲས། །ཚེ་ལྷ་ནོར་ལྷ་གཏེར་བདག་གི། །མཁྱེན་བརྩེའི་ནུས་པ་ཡོན་ཏན་དང་། །ཁམས་གསུམ་སྣོད་བཅུད་འཇིག་རྟེན་གྱི། །ཚེ་བཅུད་བསོད་ནམས་གཟི་བརྗིད་སྟོབས། །མི་ནོར་ལོངས་སྤྱོད་དབང་ཕྱུག་རྣམས། །ཁབ་ལེན་དང་ཕྲད་ལྕགས་ཕྱེ་ལྟར། །ཚུར་བསྡུས་བདག་མདུན་ལྷ་རྣམས་དང་། །གཡང་རྫས་ལ་བསྟིམས་སྒྲུབ་ཁང་གི། །ཕྱི་ནང་འདོད་དགུས་གཏམས་པར་གྱུར། །ཕྱྭ་ཁུ་ཡེ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ནས། །ཕུན་སུམ་ཚོགས་པའི་ཕྱྭ་འདིར་བྱོན། །ཤར་ཕྱོགས་རྒྱ་ནག་མི་ཡུལ་ནས། །མི་མང་འཕེལ་བའི་ཕྱྭ་འདིར་ཁུག །ལྷོ་ཕྱོགས་རྒྱ་གར་ཆོས་ཡུལ་ནས། །དམ་ཆོས་དར་བའི་ཕྱྭ་འདིར་ཁུག །ནུབ་ཕྱོགས་གེ་སར་དམག་ཡུལ་ནས། །གཡུལ་ལས་རྒྱལ་བའི་ཕྱྭ་འདིར་ཁུག །བྱང་ཕྱོགས་སྟག་གཟིག་ནོར་ཡུལ་ནས། །འདོད་དགུ་ནོར་གྱི་ཕྱྭ༴ །སྟེང་ཕྱོགས་འདོད་གཟུགས་ལྷ་ཡུལ་ནས། །གཟུགས་མཛེས་ལང་ཚོའི་ཕྱྭ༴ །འོག་ཕྱོགས་ནོར་ཅན་ཀླུ་ཡུལ་ནས། །རིན་ཆེན་གཏེར་གྱི་ཕྱྭ༴ །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །སྦྱིན་བདག་དཔལ་ཀུན་འཕེལ་བར་མཛོད། །ཕྱི་ནང་ཐེག་པའི་ཆོས་ཀྱི་ཕྱྭ༴ བསྟན་པ་རྒྱས་པའི་ཕྱྭ་འདིར༴ །བདེ་བའི་སར་ཕྱིན་ཐར་པའི་ཕྱྭ། །མཁས་བཙུན་གྲུབ་པའི་ཕྱྭ་འདིར༴ །ཚེ་དཔལ་མངའ་ཐང་འདོད་པའི་ཕྱྭ། །སྲིད་པའི་
ཕུན་ཚོགས་ཕྱྭ་འདིར་ཁུག །རིན་ཆེན་འབྲུ་དབྱིག་ནོར་གྱི་ཕྱྭ། །ཅི་འདོད་འབྱུང་བའི་ཕྱྭ་འདིར་ཁུག །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །སྦྱིན་བདག་དཔལ་ནི་འཕེལ་བར་མཛོད། །རིགས་བཟང་མི་འཆད་མི་ཡི་ཕྱྭ། །དཔའ་མཛངས་ལྡན་པའི་ཕྱྭ་འདིར་ཁུག །རྟ་མང་འཕེལ་བ་རྟ་ཡི་ཕྱྭ། །འགྲོ་མགྱོགས་བཞོན་པའི་ཕྱྭ་འདིར༴ །ཁྱུ་མང་འཕེལ་བ་གནག་གི་ཕྱྭ། །གྲངས་མེད་ཕྱུགས་ཀྱི་ཕྱྭ་འདིར༴ །གང་འདོད་འཇོ་བ་བཞོན་མའི་ཕྱྭ། །འོ་བཅུད་མང་འཛིན་ཕྱྭ་འདིར༴ །རོ་བཅུད་སྨིན་པ་འབྲུ་ཚོགས་ཕྱྭ། །ལོ་ལེགས་འབྲུ་འཕེལ་ཕྱྭ་འདིར༴ །ངོ་ཚ་གཅེར་སྐྱོབ་བགོ་བའི་ཕྱྭ། །དྲོ་འཇམ་བདེ་སྟེར་ཕྱྭ་འདིར༴ །ལུས་སྲོག་འཚོ་བྱེད་ཟས་ཀྱི་ཕྱྭ། །རོ་བཅུད་མངར་བའི་ཕྱྭ་འདིར༴ །མི་ཕྱེད་རང་སྲུང་གོ་མཚོན་ཕྱྭ། །དགྲ་ལས་རྒྱལ་བྱེད་ཕྱྭ་འདིར་ཁུག །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །སྦྱིན་བདག་དཔལ་ནི་འཕེལ་བར་མཛོད། །སྲ་ཞིང་བརྟན་པ་ས་ཡི་ཕྱྭ། །ཐེག་པ་ཆེ་བའི་ཕྱྭ་འདིར་ཁུག །རླན་ཞིང་གཤེར་བ་ཆུ་ཡི་ཕྱྭ། །རྒྱུན་མི་ཆད་པའི་ཕྱྭ་འདིར་ཁུག །ཚ་ཞིང་སྲེག་པ་མེ་ཡི་ཕྱྭ། །སྨིན་པར་བྱེད་པའི་ཕྱྭ་འདིར་ཁུག །ཡང་ཞིང་གཡོ་བ་རླུང་གི་ཕྱྭ། །སྟོབས་དང་ལྡན་པའི་ཕྱྭ་འདིར་ཁུག །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །སྦྱིན་བདག་དཔལ་ནི་འཕེལ་བར་མཛོད། །འཕོ་འགྱུར་བྲལ་བ་གོ་འཕང་ཕྱྭ། །རི་རྒྱལ་ལྟ་བུའི་ཕྱྭ་འདིར་ཁུག །ཀུན་ཏུ་གསལ་བ་སྙན་པའི་ཕྱྭ། །ཉི་ཟླ་ལྟ་བུའི་ཕྱྭ་འདིར་ཁུག །ཁྱབ་བདག་ཆེན་པོ་དབང་གི་ཕྱྭ། །ནམ་མཁའ་ལྟ་བུའི་ཕྱྭ་འདིར་ཁུག །མི་ཟད་འཕེལ་བ་དཔལ་འབྱོར་ཕྱྭ། །དབྱར་མཚོ་ལྟ་བུའི་ཕྱྭ་འདིར་ཁུག །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་ནས། །བདེ་དགའ་དཔལ་འབྱོར་རྒྱས་པའི་ཕྱྭ། །ཉི་མ་བཞིན་དུ་ལྷམ་མེར་བྱོན། །ཟླ་བ་བཞིན་དུ་གསལ་ལེར་བྱོན། །ན་བུན་བཞིན་དུ་ཐིབས་སེར་བྱོན། །སྦྲང་ཆར་བཞིན་དུ་སིལ་ལེར་བྱོན། །དེ་རིང་སྦྱིན་པའི་བདག་པོ་ཡི། །ཚེ་དང་བསོད་ནམས་རིགས་བརྒྱུད་འཁོར། །ནོར་ཕྱུགས་ལོངས་སྤྱོད་ཐམས་ཅད་ནི། །འཕེལ་ཞིང་རྟག་ཏུ་བརླིང་བར་
མཛོད། །དེ་ནས་དངོས་གྲུབ་བསྐུལ་བ་ནི། ཕྱེ་མར་མདའ་དར་གཏོར་མ། སྤྱན་གཟིགས་སོགས་སྦྱིན་བདག་ཕོ་མོ་གང་ཡོད་ལ་ལག་སྟོང་མ་ལུས་པར་འཛིན་དུ་བཅུག་ལ། སློབ་དཔོན་གྱིས་གཏེར་བུམ་ཐོགས་ཏེ། བརྡ་སྤྲོད་མེད་ཀྱང་རུང་མོད། སྤྲོ་ན་འདི་སྐད་བརྗོད། འོ་ཁྱེད་རང་རྣམས་དངོས་གྲུབ་བླང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། བུམ་པ་འདི་ཉིད་སྲིད་པ་གསུམ་གྱི་ཕྱྭ་གཡང་དགེ་ལེགས་ཕུན་སུམ་ཚོགས་པ་ཐམས་ཅད་འདུས་པའི་ངོ་བོ་མི་ཟད་པའི་གཏེར་ནམ་མཁའི་མཛོད་ལྟ་བུར་གྱུར་པའི་དབུས་སུ་མགོན་པོ་ཡིད་བཞིན་ནོར་བུ་འཁོར་མཁའ་འགྲོ་ནོར་བདག་གི་ཚོགས་དང་བཅས་པ་ལ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚེ་ལྷ་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་དང་བཅས་པར་གསལ་བ་དེ་དག ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ནས་དངོས་གྲུབ་བསྐུལ་བའི་རྐྱེན་གྱིས་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་དང་ཞབས་འོག་གི་ཚོགས་བདག་གི་ཁ་དང་བཤང་ལམ་དང་། ནེའུ་ལེ་རྣམས་ལས་རིན་པོ་ཆེ་སྣ་ཚོགས་པ་ལྷུག་ལྷུག་བབས། བུམ་པའི་ནང་གི་ཕྱྭ་རྫས་རྣམས་ལས་འདོད་དགུ་ལོངས་སྤྱོད་ཀྱི་ཆར་ཆེན་པོ་ཕབ་ནས་དངོས་གྲུབ་ཏུ་སྩལ་བས། ཁྱེད་རྣམས་ཀྱི་ཚེ་དང་བསོད་ནམས་སྟོབས་དང་གཟི་བརྗིད་ལ་སོགས་པ་རྒྱས་པར་བྱས། གནས་ཁང་དང་ལུང་པ་ཐམས་ཅད་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་ཡོངས་སུ་གང་བར་མོས་པ་མཛོད། དྲིལ་གསིལ་དབྱངས་དང་བཅས་པས། ཕྱྭ་ཁུ་ཡེ། བླ་མ་རྒྱལ་བ་སྲས་དང་བཅས། །ཚེ་སྦྱིན་ནོར་སྦྱིན་ལྷ་ཡི་ཚོགས། །མྱུར་མཛད་མགོན་པོ་ཐུགས་རྗེ་ཅན། །མཁའ་འགྲོ་གནོད་སྦྱིན་འཇིག་རྟེན་སྐྱོང་། །ཐམས་ཅད་བདག་ལ་བརྩེར་དགོངས་ནས། །དེང་འདིར་སྦྱིན་པའི་བདག་པོ་ལ། །ལུས་ལ་མི་ཤིགས་དངོས་གྲུབ་སྩོལ། །ངག་ལ་འགག་མེད་དངོས་གྲུབ་སྩོལ། །སེམས་ལ་འཁྲུལ་མེད་དངོས་གྲུབ་སྩོལ། །ཡོན་ཏན་ཟད་མེད་དངོས་གྲུབ་སྩོལ། །ཕྲིན་ལས་མི་ནུབ་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །མི་ནོར་འཕེལ་བའི་དངོས་གྲུབ་སྩོལ། །འཁོར་འབངས་རྒྱས་པའི་དངོས་གྲུབ་
སྩོལ། །སྙན་གྲགས་རྒྱས་པའི་དངོས་གྲུབ་སྩོལ། །ལོ་ཕྱུགས་ལེགས་པའི་དངོས་གྲུབ་སྩོལ། །རིན་ཆེན་འབྲུ་འཕེལ་དངོས་གྲུབ་སྩོལ། །ལོངས་སྤྱོད་རྒྱ་མཚོའི་དངོས་གྲུབ་སྩོལ། །མངའ་རིས་ཡངས་པའི་དངོས་གྲུབ་སྩོལ། །དགེ་ཆོས་འཕེལ་བའི་དངོས་གྲུབ་སྩོལ། །ཅི་བསམ་འགྲུབ་པའི་དངོས་གྲུབ་ཀྱིས། །སྦྱིན་བདག་འདི་ལ་དབང་བསྐུར་རོ། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཨ་བྷི་ཥིཉྩཱ་མི། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་བརྗོད་ཅིང་གནས་གསུམ་དུ་རེག་ཅིང་ལག་ཏུ་སྦྱིན་ཏེ་དབང་བསྐུར། གཏོར་མའི་ཟས་སྣ་སོགས་དངོས་གྲུབ་ཀྱི་རྫས་རྣམས་ལས་ཅུང་ཟད་རེ་འགྱེད། དེ་ནས་འབྱོར་པ་རྒྱས་པའི་ཕྱིར་རྒྱལ་སྲིད་སྣ་བདུན་གྱི་གཟུགས་རེ་རེ་ནས་ཐོགས་ཏེ། ཕྱྭ་ཁུ་ཡེ། ཀུན་ལ་དབང་བསྒྱུར་འཁོར་ལོའི་ཕྱྭ། །དབང་གིས་བསྒྱུར་བའི་བཀྲ་ཤིས་སྩོལ། །ཨོཾ་ཙཀྲ་རཏྣ་མངྒ་ལ་བྷ་ཝ་ཏུ་སྭཱ་ཧཱ། མུན་སེལ་འདོད་འབྱུང་ནོར་བུའི་ཕྱྭ། །དགོས་འདོད་འབྱུང་བའི་བཀྲ་ཤིས་སྩོལ། །ཨོཾ་མ་ཎི་རཏྣ་མངྒ་ལ་བྷ་ཝ་ཏུ་སྭཱ་ཧཱ། ཐམས་ཅད་ཀུན་བསྐྱེད་བཙུན་མོའི་ཕྱྭ། །མཛེས་སྡུག་དཔལ་གྱི་བཀྲ་ཤིས་སྩོལ། །ཨོཾ་ཝསྟཱི་རཏྣ་མངྒ་ལ་བྷ་ཝ་ཏུ་སྭཱ་ཧཱ། ཕྱི་ནང་དོན་གྲུབ་བློན་པོའི་ཕྱྭ། །ཆེ་སྲིད་བརྟན་པའི་བཀྲ་ཤིས་སྩོལ། །ཨོཾ་མ་ཧཱ་ཏཱ་རཏྣ་མངྒ་ལ་བྷ་ཝ་ཏུ་སྭཱ་ཧཱ། ཐེག་ཆེན་སྟོབས་ཆེན་གླང་པོའི་ཕྱྭ། །སྟོབས་ཆེན་ཟིལ་གནོན་བཀྲ་ཤིས་སྩོལ། །ཨོཾ་ཧསྟི་རཏྣ་མངྒ་ལ་བྷ་ཝ་ཏུ་སྭཱ་ཧཱ། ཅང་ཤེས་ཤུགས་ལྡན་རྟ་མཆོག་ཕྱྭ། །བདེ་ཆེན་བགྲོད་པའི་བཀྲ་ཤིས་སྩོལ། །ཨོཾ་ཨ་ཤྭ་རཏྣ་མངྒ་ལ་བྷ་ཝ་ཏུ་སྭཱ་ཧཱ། ལོག་རྟོག་དཔུང་འཇོམས་དམག་དཔོན་ཕྱྭ། །བདུད་ལས་རྒྱལ་བའི་བཀྲ་ཤིས་སྩོལ། །ཨོཾ་ཁངྒ་རཏྣ་མངྒ་ལ་བྷ་ཝ་ཏུ་སྭཱ་ཧཱ། མི་དབང་འཁོར་ལོས་སྒྱུར་རྒྱལ་གྱི། །རིན་ཆེན་སྣ་བདུན་བཀྲ་ཤིས་མཆོག །དེང་འདིར་བདག་ཅག་འཁོར་བཅས་ལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཅེས་དང་གཞན་ཡང་བཀྲ་ཤིས་ཅི་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །དེ་ནས་ཡོན་མཆོད་ཐམས་ཅད་གཏང་རག་གི་ཚོགས་ལ་རོལ་པ་ནི། སྔར་བཤམས་པའི་ཚོགས་རྫས་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཚོགས་ཕུད་དང་པོ་སྣོད་གཅིག་ཏུ་ཆབ་ཀྱིས་བྲན་ཏེ། ཞལ་ཟས་རོ་བརྒྱ་སོགས་ཚིགས་བཅད་ཀྱིས་བླ་མ་དང་དཀོན་མཆོག་ལ་དབུལ།
གཉིས་པ་གཏོར་མ་རྣམས་ཁ་གསོས་ལ་ཆབ་བྲན། གུ་རུ་མ་ཧཱ་ཀཱ་ལ་སོགས་གཏོར་སྔགས་དང་། ཨོཾ་ཁ་ཁ་ཁཱ་ཧི་སོགས་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ཀྱིས་མདུན་བསྐྱེད་གཙོ་འཁོར་ལ་དབུལ། དེ་ནས་དཔོན་སློབ་སྦྱིན་བདག་དང་བཅས་པ་ལ་དྲངས་ཏེ་ལོངས་སྤྱད། སློབ་དཔོན་གྱི་ལྷག་མ་ཆང་དང་ཆབ་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སཱི་སྭཱ་ཧཱ། འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ནོ། །ངོམས་ཤིང་ཚིམ་པའི་སྐལ་བ་དང་ལྡན་པར་གྱུར། ཅེས་བརྗོད་ལ་གཙང་སར་དོར་རོ། །སྦྱིན་བདག་རང་གནས་སུ་བཏང་ལ། མཆོད་པ་ཁ་གསོས་ཏེ་རྗེས་ཆོག་གོང་བཞིན་བྱ། བུམ་པ་སོགས་སྒྲུབ་རྟེན་རྣམས་མཛོད་ཕུག་ཏུ་སྒྲོམ་བུ་ལ་སོགས་པར་འཇོག་ཅིང་བཀྲ་ཤིས་བརྗོད་དོ། །རྣམ་གཞག་སྤྱི་དང་མི་འགལ་འདོན་བརྗོད་ཚིག །སྟབས་བདེ་ལྷུར་བྱས་ཆོ་ག་འདི་སྤེལ་བའི། །ལྷག་བསམ་འོད་བརྒྱས་འགྲོ་བའི་དཔལ་འཕེལ་ཞིང་། །དགེ་བ་བྱང་ཆུབ་ཆེན་པོའི་རྒྱུར་སྨིན་ཤོག །ཅེས་མགོན་དཀར་ཡིད་བཞིན་ནོར་བུའི་བུམ་པའི་རྟེན་ལ་བརྟེན་ནས་ཕྱྭ་གཡང་འགུགས་པའི་ཆོ་ག་རིན་ཆེན་དོན་ཡོད་ཞགས་པ་ཞེས་བྱ་བ་འདི་ནི་བྲང་ཏི་འཇམ་པའི་དབྱངས་ནམ་མཁའ་རྒྱལ་མཚན་ལེགས་པའི་འབྱུང་གནས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བཀའ་ལུང་གྱེན་ཟློག་མ་སྤོབས་པར་འདོན་བརྗོད་སྟབས་བདེ་བ་ལྷུར་བླངས་ཏེ་རྒྱལ་ཁམས་པ་ངག་དབང་བློ་གྲོས་སྙིང་པོ་གཞན་ཕན་མཐའ་ཡས་པའི་འོད་ཟེར་ཞེས་བོད་པས་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།
བཀྲ་ཤིས་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པའི་སྐོར་རྣམས།
བཀྲ་ཤིས་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པའི་སྐོར་རྣམས་བཞུགས་སོ།།
ན་མོ་རཏྣ་གུ་རུ། གཙོ་མོ་བཀྲ་ཤིས་ཚེ་རིང་མ་ལ་སོགས་པ་དཔོན་གཡོག་ལྔའི་སྒྲུབ་པའི་ལག་ཁྲིད་དང་། སྲོག་གི་སྙིང་པོ་དང་། དངོས་གྲུབ་གང་སྟེར་བ་རྣམས་རྗེ་བཙུན་ལ་ཕུལ་བ་ལྟར། བཀྲ་ཤིས་ཚེ་རིང་མའི་སྒྲུབ་ཐབས་བཤད་པར་བྱ་སྟེ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་བདག་ཉིད་བསྒོམ། གུ་གུལ་གྱི་དུད་པས་བདུགས་ལ། རང་གི་མདུན་དུ་མཎྜལ་བྱས་ལ། དྲི་ཞིམ་པོའི་ཆུ་དང་། ཙནྡན་དང་། གུ་གུལ་དང་། སྤོས་སྣ་ཚོགས་དང་། ཨ་ཀ་རུ་དང་། དུ་རུ་ཀ་ལ་སོགས་པ་མཎྜལ་ལ་བྱུགས་ལ་གྲུ་བཞི་རིན་པོ་ཆེའི་ཕྲེང་བ་འཕྱང་བ། དྲྭ་བ་དྲྭ་ཕྱེད་མེ་ཏོག་གིས་བརྒྱན་པ། དབུས་སུ་རིན་པོ་ཆེ་ལས་བྱས་པའི་གའུ་ཁ་སྦྱར་བའི་ནང་དུ། སྒྲུབ་པ་པོ་རྣལ་འབྱོར་པ་འཁོར་དང་བཅས་པའམ་རང་གི་མིང་བྲིས་ལ། ཚེ་དང་ལོངས་སྤྱོད་སྤེལ། དབང་ཐང་རྒྱས་པར་མཛད་དུ་གསོལ་བྱ་བ་བྲིས་ཏེ། སྲོག་གི་སྙིང་པོ་འདི་མཚན་ཐོག་ཐག་གཅིག་ལ་བསྒྲུབ་པར་བྱའོ། །ཨོཾ་«སྒྲུབ་ཐབས་གཞན་ཏུ། ཨོཾ་ཨ་ཀ་ནི་ཙ་ལི་མི་ཐུ་ཕྲི་ལེ་ཏེ་སྭཱ་ཧཱ།་་་་་»ཀ་ན་ཝ་ཏི་མི་ཐུན་ནན་ཡི་རི་སྭཱ་ཧཱ། དེ་ལྟར་སྒྲུབ་པ་བྱས་ནས། དེའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཡོད་ན་ཙནྡན་གྱི་ཆུའི་པཱུ་ཛ་དབུལ་བར་བྱའོ། །གང་ཚེ་རིང་མའི་གཟུགས་སུ་མཐོང་ན་བསྒྲུབ་པའི་དམ་རྫས་བཅུད་ལེན་སྟེར། གསེར་གྱི་དོང་རྩེ་ཉིས་
བརྒྱ་སུམ་བརྒྱ་སྟེར། ཡང་ན་སྲིང་མོའི་ལུས་སུ་འོངས་ནས། ཚེ་སྒྲུབ་པའི་བཅུད་ལེན་སྟེར་ཞིང་ལྷའི་བུ་བུ་མོ་རྣམས་ཀྱང་སྟེར་རོ། །དུས་གསུམ་དུ་གཏམ་ཡང་ཟློས་པར་བྱེད་དོ། །ཡང་ན་ཆུང་མའི་ལུས་སུ་འོངས་ནས་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །ཡིད་ལ་འདོད་པ་ཐམས་ཅད་སྟེར་བར་འགྱུར་རོ། །མདོར་ན་ལྷའི་ལོངས་སྤྱོད་ཀྱང་སྟེར་བར་འགྱུར་རོ། །དབང་ཕྱུག་ཀྱང་སྦྱིན་པར་བྱེད་དོ། །གཙོ་མོ་ཚེ་རིང་མའི་སྒྲུབ་ཐབས་རྫོགས་སོ། །མཐིང་གི་ཞལ་བཟང་མའི་སྲོག་གི་སྒྲུབ་ཐབས་བསྟན་པ་ནི། ཆུ་ཀླུང་གི་འགྲམ་དུ་སོང་ལ་ཙནྡན་གྱི་མཎྜལ་བྱས་ལ། མཆོད་པ་ཆེན་པོ་བྱས་ཤིང་། ཨ་ཀ་རུ་ནག་པོའི་དུད་པ་ཕུལ་ཏེ། ཉིན་རེ་བཞིན་སྔགས་ནི་ཁྲི་ཁྲི་བཟླ་བར་བྱའོ། །ཨོཾ་«ཨོཾ་ན་ཏྲི་མ་ཏྲི་དུ་རུ་མ་ཏྲི་སྭཱཧཱ་ཞེས་པའང་སྣང་།་་་་་»ན་ཏྲི་མ་ཏྲ་སུ་རུ་ས་མ་ཏི་སྭཱ་ཧཱ། དེ་ནས་ཞག་བདུན་ཕྲག་གཉིས་པའི་ནམ་ཕྱེད་ནས་ཅིས་ཀྱང་འོང་ངོ། །འོངས་ནས་ཀྱང་སྒྲུབ་པ་པོ་ལ་གང་ལ་གང་འདོད་པ་སྟེར་རོ། །མཐིང་གི་ཞལ་བཟང་མའི་སྒྲུབ་ཐབས་རྫོགས་སོ། །གཏད་དཀར་འགྲོ་བཟང་མའི་སྒྲུབ་ཐབས་ལ། ཤིང་མྱ་ངན་མེད་པའི་འོག་ཏུ་འདུག་སྟེ། མཎྜལ་རྗེ་བཙུན་མ་ཌཱ་ཀི་འཁོར་དང་བཅས་པ་ལ་འབུལ་ཞིང་ཟས་སུ་ཤ་ཟ་ཞིང་། བདུག་པ་དང་། མེ་ཏོག་དང་། དྲི་དང་གཏོར་མ་ལ་སོགས་པས་མཆོད། ཉིན་
རེ་ལ་སྔགས་སྟོང་ཕྲག་རེ་བརྗོད་པར་བྱའོ། །ཨོཾ་«ཨོཾ་ཨ་ནི་ནི་མ་ཏ་ར་ཀི་ནི་མི་ཐུན་ཕྲི་ལི་རི་ཡེ་སྭཱ་ཧཱ། ཞེས་པའང་གདའ།་་་་་»ཨ་ནནྟ་ཌཱ་ཀི་ནཱི་མི་ཐུན་ནན་ཕྲི་ལི་སྭཱ་ཧཱ། ཟླ་བ་གཅིག་གི་ཁོངས་སུ་ངེས་པར་འོངས་ནས་མ་དང་སྲིང་མོ་ཆུང་མའི་ལས་བྱེད་པར་འགྱུར་རོ། །རྒྱན་དང་། བཅུད་དང་། བཅུད་ལེན་སྒྲུབ་པ་སྐྱོང་བའི་སྒོམ་པ་སྲུང་བ་དང་། ཉི་མ་རེ་རེ་བཞིན་འདོད་པའི་ཞལ་ཟས་དང་གསེར་ཞོ་བརྒྱ་བརྒྱ་སྟེར་བ་དང་། སྲིང་མོར་གྱུར་ནས། དཔག་ཚད་སྟོང་ནས་ཀྱང་ལྷའི་བུ་མོ་བླངས་ནས་སྟེར་བར་འགྱུར་རོ། །གཏད་དཀར་འགྲོ་བཟང་མའི་སྒྲུབ་ཐབས་རྫོགས་སོ། ༈ །མི་གཡོ་གླང་བཟང་མའི་སྒྲུབ་ཐབས་ལ། རང་གི་ཁྱིམ་གྱི་ས་ཕྱོགས་ཙནྡན་གྱི་མཎྜལ་བྱས་ཏེ་གུ་གུལ་གྱི་དུད་པས་བདུག ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་ཚེས་བཅོ་ལྔའི་བར་དུ་ཉི་མ་རེ་བཞིན། ཨོཾ་དྷ་ཀ་ས་དྷ་«ཨོཾ་ཌཱ་ཀི་ས་པ་རི་ཙཀྲ་མུ་ནི་ཏིཥྛ་རྦད་ལོ་སྭཱ་ཧཱ། ཞེས་པའང་སྣང་།་་་་་»ས་རི་ཙཀྲ་མུ་ནི་ཏིཥྛ་རྦད་ནན་སྭཱ་ཧཱ། སྔགས་སྟོང་ཕྲག་རེ་རེ་བཟླས་ཏེ། དེ་ནས་ཟླ་བ་ཕྱེད་ནས་ཅི་ཙམ་འབྱོར་པའི་པཱུ་ཙ་བྱས་ནས། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་པ་བྱས་ན། དངོས་གྲུབ་ངེས་པར་འོང་བར་འགྱུར་རོ། །མི་གཡོ་གླང་བཟང་མའི་སྒྲུབ་ཐབས་རྫོགས་སོ། ༈ །ཅོད་པན་མགྲིན་བཟང་མའི་སྒྲུབ་ཐབས་ལ། བླ་མའི་རྣལ་འབྱོར་བསྒོམས་བྱས་ནས། །རང་ཉིད་ནུབ་ཏུ་འདུག་པར་བྱ། །མཎྜལ་ལ་སོགས་སྔོན་མ་བཞིན། །དམ་རྫས་ཤ་ཆེན་གཏོར་མ་བཅས། །སྤོས་ཆེན་ལ་སོགས་བསྲེག་པར་བྱ། །མཎྜལ་དབུས་སུ་ཤ་ཆེན་དང་། །དེའི་ནང་ཞིང་ཆེན་པགས་པ་ལ། །བསྒྲུབ་བྱའི་ལིང་ག་མིང་རུས་བྱ། །དུག་དང་གྲི་ཁྲག་དག་གིས་བྲི། །སེང་ལྡེང་ཕུར་པ་སོར་བདུན་པས། །དམིགས་པའི་ཙིཏྟའི་ནང་དུ་གདབ། །ནུབ་ཏུ་ཁྲོས་པའི་སེམས་ལྡན་པས། །གསང་སྔགས་རབ་ཏུ་བཟླ་བར་བྱ། །ཨོཾ་ད་«ཨོཾ་ཌཱ་ཀི་ནཱི་ཀནྡྲ་པ་ནི་མཱ་ར་ཡ་ཛཿ ཞེས་པའང་གདའ།་་་་་»ཀྲི་ཀ་ར་ཏ་ཀ་ཨུ་པ་ཀྲ་ནི་མཱ་ར་ཡ་བཛྲ་སྭཱ་ཧཱ། ཁྲི་ཕྲག་གཅིག་གིས་མཱ་ར་ཡ། །ཚེས་གཅིག་བཟླས་པའི་ཐེམ་པ་དང་། །རཱུ་པ་ཕུར་བུ་དང་བཅས་ཏེ། །ནུབ་ཕྱོགས་གངས་ཀྱི་ལྟོ་བ་རུ། །གན་རྐྱལ་དག་ཏུ་མནན་པར་བྱ། །ཡང་ན་བྲག་དང་ཆུ་འཐབ་བར་དུ་མནན། །སྒྲུབ་ལ་བར་དུ་གཅོད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །ཆོས་
འཁོར་ཉམས་པར་བྱེད་པ་ན། །སྒྲུབ་པ་འདི་ལ་འབད་པར་བྱ། །གཞན་དུ་བྱས་ན་དམ་ཚིག་ཉམས། །ཉམས་ལེན་སྒྲུབ་པ་བསྐྱང་བ་དང་། །སྒོམ་ཆེན་བར་ཆད་བསྲུང་བ་དང་། །ལོངས་སྤྱོད་བཅུད་ལེན་སྟེར་བ་ཡི། །རྫས་རྣམས་འགྲུབ་པར་ཐེ་ཚོམ་མེད། །བསྟན་པའི་སྤྱི་དགྲ་འདུལ་བའོ། །ཉམས་ལེན་གདམས་པའི་ཡི་གེ་འདི། །རྗེ་བཙུན་ཉིད་ལ་སྲོག་སྙིང་ཕུལ། །ངན་རྫོང་བོ་དྷི་རཱ་ཛ་དང་། །རས་པ་ཞི་བ་འོད་གཉིས་ཀྱིས། །ཞལ་གདམས་ཡི་གེར་བཀོད་པ་སྟེ། །མི་ལ་མི་སྦྱིན་གཅེས་པར་བཅང་། །བསྟན་ན་དམ་ཚིག་ཉམས་ཞེས་གསུང་། །སྣོད་མིན་རྣམས་ལ་གསང་བར་བྱ། །ཅོད་པན་མགྲིན་བཟང་མའི་སྒྲུབ་ཐབས་རྫོགས་སོ། ༈ །རྗེ་བཙུན་ལྷན་ཅིག་སྐྱེས་མ་ལ་ཕྱག་འཚལ་ལོ། །ཕྱི་ལྟར་གཙང་རིགས་ལྷ་མོ་སྟེ། །ནང་ལྟར་རིག་འཛིན་ལྷ་མོ་ལྔ། །ཨ་ཛི་དྷ་ར་ས་སྲུང་སྟེ། །གསང་བ་སྔགས་ཀྱི་ཌཱ་ཀི་ལྔ། །འདི་དག་བསྒྲུབ་པར་འདོད་པ་དེས། །གཡའ་རི་གངས་རི་མཐོན་པོའམ། །རྫ་རི་ངོས་བཟང་དག་ལ་བསྒྲུབ། །ཡང་ན་ནགས་རི་མཐོན་པོའམ། །ནགས་ཚལ་གླིང་དུ་བསྒྲུབ་པར་བྱ། །དམ་ཚིག་ལྡན་པའི་སྔགས་པ་ཡིས། །སྒྲུབ་པའི་མཐུན་རྫས་བསྟན་པ་ནི། །ཟ་འོག་དར་དཀར་གུར་དང་ནི། །རས་དཀར་དག་གི་གུར་ཆུང་ཕུབ། །གཡང་ཤ་གཙང་མ་ཆང་ཕུད་བཅས། །གཡང་འཕྱིང་གཙང་མའི་སྟེང་དུ་ནི། །ལོགས་ལ་མཚལ་གྱི་གཡུང་དྲུང་ལྔ། །ཕྱོགས་བཞི་དབུས་དང་ལྔ་རུ་བྱ། །གྲོ་བག་ཕྱེ་ལ་རིན་ཆེན་ལྔ། །ཙནྡན་དཀར་དམར་བསྲེས་པ་ཡི། །འབྲུ་སྣ་འབྲས་དཀར་དག་ཀྱང་བསྲེ། །ནས་ཕྱེ་ངར་བཏགས་ར་དཀར་དང་། །བ་དམར་འོ་མ་ཆུ་ཡིས་སྦྲུ། །དེ་ལ་འབྲང་རྒྱས་ལྔ་དང་ནི། །འབྲི་ལུག་ར་དང་རྟ་སྦྲུལ་དང་། །སྲོག་ཆགས་གཟུགས་ནི་སྣ་ཚོགས་བྱ། །དུད་འགྲོ་རྣམས་དང་གཅན་གཟན་དང་། །ཆུ་ལ་གནས་སོགས་དུ་མ་བྱ། །འབྲང་རྒྱས་རེ་རེའི་རྩེ་མོ་ལའང་། །རིན་ཆེན་འབར་བའི་གཟུགས་རེ་བསྐྱོན། །གསེར་སྐྱེམས་གཙང་མ་གཡུ་སྔོན་མཆོད། །ཀ་ར་བུ་རམ་སྦྲང་རྩི་བྱ། །རྒུན་འབྲུམ་ལ་སོགས་ཤིང་ཏོག་དང་། །རིན་ཆེན་སྣ་ལྔ་དར་སྣ་ལྔ། །དར་དཀར་ཡོལ་བ་སྦྲེལ་བ་དང་། །མཎྜལ་གཙང་མའི་སྟེང་དུ་གཞག །དཔོན་གཡོག་ལྔ་ཡི་ཙཀླི། །རྒྱན་
དང་བཅས་པ་གཟུག་པར་བྱ། །རྩི་ཐོག་མར་དང་འོ་མ་དང་། །ཞོ་དང་ཁུར་བ་ལ་སོགས་དང་། །ཞུན་མར་ཚོགས་རྫས་མཐའ་མ་བསྐོར། །མདའ་དར་མེ་ལོང་མུ་ཏིག་དང་། །སོར་གདུབ་གཡུ་ཆུང་གཙང་མ་དང་། །རྫས་ཀྱི་རིམ་པ་བཤམ་པར་བྱ། །གསང་བའི་ཁྱད་པར་རྫས་འདི་ནི། །བདུད་རྩི་ལྔ་དང་སིནྡྷུ་ར། །ཌཱ་ཀི་ཁྱད་པར་བརྟེན་པའི་རྫས། །ནེ་ལེའི་བླུད་བུར་གཞུག་པར་བྱ། །དུས་གསུམ་དག་ཏུ་གཏོར་མ་གཏོང་། །ཕུད་ཀྱིས་མཆོད་ཅིང་བསྐུལ་བར་བྱ། །དུས་ནི་ཡར་ངོའི་ཚེས་ལྔ་ནས། །ཕྱི་མའི་ཚེས་ལྔའི་བར་དག་ཏུ། །ཟླ་བ་གཅིག་ཏུ་གསང་ལ་བསྒྲུབ། །དམ་ཚིག་དག་ནི་འདི་ལྟར་བསྲུང་། །ཡུགས་ས་ཕོ་མོའི་ཟས་དང་ནི། །རྟ་བོང་ཤ་དང་མཛེ་ཅན་དང་། །ཉམས་པ་ཅན་དང་གཏམ་མི་བྱ། །ཁང་རུལ་མི་འགྲོ་རལ་ཧྲུལ་དང་། །ས་ཕུག་འདྲེ་ཅན་སྤང་བར་བྱ། །ཐོ་ཕྱིར་ཁྱི་དང་བུད་མེད་སྤང་། །ཡང་ན་ཆུ་གླིང་དག་ཏུ་བསྒྲུབ། །སྒོམ་པའི་རིམ་པ་འདི་ལྟར་བྱ། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ། །ཚོགས་བསག་ལྷ་དང་བླ་མ་ལ། །ཡན་ལག་བདུན་པ་རྒྱས་པར་བྱ། །དེ་ནས་རང་ཉིད་སྐད་ཅིག་གིས། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །ལྷན་ཅིག་སྐྱེས་མའི་སྐུར་བསྒོམ་ཞིང་། །ལྷག་པའི་བསམ་པས་སེམས་བསྐྱེད་ཅིང་། །ཚད་མེད་བཞི་དང་སྟོང་པར་བསྒོམ། །དེ་ཡི་ངང་ལས་ཧྲཱིཿལས་བསྐྱེད། །ཆོས་འབྱུང་གྲུ་གསུམ་ཡངས་པའི་ནང་། །པྃ་ལས་བྱུང་བའི་པདྨ་དང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །རྃ་ལས་ཉི་དཀྱིལ་སྟེང་དུ་ནི། །འཇིགས་བྱེད་དུས་མཚན་གདན་སྟེང་དུ། །ཇོ་མོ་རྗེ་བཙུན་རྣལ་འབྱོར་མ། །གཡས་པ་རྡོ་རྗེ་གྲི་གུག་ཅན། །གཡོན་པ་ཐོད་ཁྲག་ཐུགས་ཀར་འཛིན། །ཕྱག་རྒྱ་ལྔ་དང་འགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་གཅེར་བུའི་གཟུགས། །མི་མགོའི་ཅོད་པན་དོ་ཤལ་ཅན། །སྣ་ཚོགས་དར་གྱི་རྒྱན་གྱིས་མཛེས། །སྤྱན་གསུམ་མཆེ་གཙིགས་དབུ་སྐྲ་གྲོལ། །བདེ་བའི་གར་སྟབས་ལྡན་པར་བསམ། །དེ་ཉིད་གནས་གསུམ་རྒྱས་གདབ་དང་། །ཡེ་ཤེས་བསྟིམ་དང་དབང་བསྐུར་བ། །མཆོད་བསྟོད་བྱས་ནས་གསང་སྔགས་བཟླ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བྷཱ་ར་ཧཱི་ཕཊ། མ་ཧཱ་བཛྲ་ཡོ་གི་ནཱི་ཧཱུྃ་ཕཊ་སྭཱ་ཧཱ། བདུད་རྩི་མྱང་བར་བྱས་ནས་ནི། །
ཅི་རིགས་པར་ནི་གསང་སྔགས་འདི། །སྔགས་ཀྱི་ཕྲེང་བ་མགལ་མེ་ལྟར། །འཁོར་བའི་ཚུལ་དུ་བཟླ་བར་བྱ། །སྔགས་ཀྱི་འོད་ཟེར་དུ་མ་ཡིས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ལས་ཀྱི་ཌཱ་ཀི་དུ་མ་རྣམས། །རང་དབང་མེད་པར་བཀུག་ནས་ཀྱང་། །ཕྲིན་ལས་ཅི་བཅོལ་བྱེད་པར་བསམ། །ཁྱད་པར་ཌཱ་ཀི་སྡེ་ལྔ་ལས། །རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སྐུ་མདོག་དཀར་མོ་གཞོན་ཚུལ་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་འཕྱར། །གཡོན་པ་ཚེ་ཡི་བུམ་པ་འཛིན། །བུམ་པའི་སྟེང་དུ་དཔལ་བེའུ་དང་། །གཡུང་དྲུང་རིན་ཆེན་འཁྱིལ་པ་དང་། །ལྷབ་ལྷུབ་དར་གྱི་རྒྱན་དང་བཅས། །རིན་ཆེན་དུ་མས་མཛེས་པ་ཡི། །བཀྲ་ཤིས་ཚེ་རིང་གཙོ་མོ་ནི། །སེང་གེ་དཀར་མོ་ཆིབས་སུ་བཅིབས། །གངས་དཀར་སྟེང་ན་བཞུགས་པར་བསམ། །ལྷ་མོ་ཅོད་པན་མགྲིན་བཟང་མ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །སྐུ་མདོག་དམར་མོ་མདངས་ཆགས་མ། །ཆིབས་སུ་ཤ་བ་ཡུ་མོ་བཅིབས། །ཕྱག་གཡས་རིན་ཆེན་ནོར་བུ་དང་། །གཡོན་པ་རིན་ཆེན་སྒྲོམ་བུ་བསྣམས། །རྣལ་འབྱོར་བདག་གི་ཕྲིན་ལས་བསྒྲུབ། །ལྷ་མོ་མཐིང་གི་ཞལ་བཟང་མ། །སྐུ་མདོག་སྔོན་མོ་འཚེར་བག་ཅན། །རྡོ་རྗེ་ཁྲོས་མ་ཞེས་བྱར་གྲགས། །ཆིབས་སུ་རྐྱང་མོ་ཁ་དཀར་བཅིབས། །གཡས་ན་དངུལ་གྱི་མེ་ལོང་བསྣམས། །གཡོན་ན་ལྷ་ཡི་བ་དན་འཕྱར། །རྣལ་འབྱོར་ཕྲིན་ལས་མཛད་པ་ཡིན། །ལྷ་མོ་མི་གཡོ་གླང་བཟང་མ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཆིབས་སུ་རྒྱ་སྟག་གྲུས་མ་བཅིབས། །གསང་མཚན་རྡོ་རྗེ་བཞད་པ་མོ། །ཕྱག་གཡས་རིན་ཆེན་གསེར་གཞོང་ན། །ལྷ་ཡི་ཞལ་ཟས་སྣ་ཚོགས་བསྣམས། །གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །ལྷ་མོ་གཏད་དཀར་འགྲོ་བཟང་མ། །སྐུ་མདོག་སྔོ་ལྗང་མདངས་དང་ལྡན། །ཕྱག་གཡས་རྩ་མཆོག་དཱུརྺ་བསྣམས། །གཡོན་ན་སྦྲུལ་གྱི་ཞགས་པ་འཛིན། །གཡུ་འབྲུག་སྔོན་མོ་ཆིབས་སུ་བཅིབས། །གསང་མཚན་རྡོ་རྗེ་གར་མཁན་མ། །ཁྱོད་ཀྱི་རྫུ་འཕྲུལ་མཐུ་སྟོབས་ཀྱིས། །སྣང་སྲིད་བདག་གི་དབང་དུ་བསྡུས། །ཕྲིན་ལས་ཐོགས་པ་མེད་པ་ཡི། །ཐོགས་
མེད་ནུས་པ་འདིར་སྟོན་ཅིག །ཅེས་བརྗོད་པས། བསྐུལ་བ། བསྐྱེད་པ། སྤྱན་འདྲེན་པ་གསུམ་དུ་ཡོད་པ་དུས་གཅིག་ལ་བྱའོ། །ལྷ་མོ་འཁོར་བཅས་ཀྱིས་བདག་ལ་བསྐོར་བ་བྱེད་པར་བསམས་ནས་སྔགས་འདི་བཟླ་བར་བྱའོ། །ཨོཾ་བཛྲ་«དཔེ་གཅིག་ལ་མི་སྣང་།་་་་་»མ་མ་རུ་རུ་ཙིཏྟ་དྷ་ར་མེ་ཛུ་ཏེ་ཧཱུྃ་བྷྱོ་ཛཿ ཨོཾ་བཛྲ་ཡ་ཏྲ་སིང་སིང་ཧཱུྃ་བྷྱོ་ཛཿ ཨོཾ་བཛྲ་བི་«ཨོཾ་བཛྲ་བྷ་ཀི་ཞེས་པའང་སྣང་།་་་་་»ཀྱཻ་མུ་ཏ་བྷྱོ་ཛཿ ཨོཾ་བཛྲ་ཨ་བྷི་པྲ་«དཔེ་གཅིག་ལར་སྣང་།་་་་་»ནི་ཧཱུྃ་བྷྱོ་ཛཿ ཨོཾ་བཛྲ་པྲ་«དཔེ་གཅིག་ལ་བཛྲ་དང་པྲ་མི་སྣང་།་་་་་»སི་ར་ཏིང་ཏིང་ཁ་ཐིམ་«ཏིང་ཞེས་པའང་གདའ།་་་་་»ཛྙཱ་ན་ཧཱུྃ་བྷྱོ་ཛཿ དམ་ཅན་རྩལ་དབབ་པའི་སྲོག་གི་སྙིང་པོ་སྤྱི་མཐུན་གྲགས་པའི་སྔགས་ནི། ཨོཾ་བཛྲ་ཧྲིཾ་ཧྲིཾ་མ་ཧཱུྃ་བྷྱོ་ཛཿ ཨོཾ་ཨཱཿཧཱུྃ་ཨ་མོ་གྷ་སདྡྷི་དྷེ་ཝ་པཉྩ་ན་བཛྲ་ར་ཏཾ་ས་མ་ཡ་སྟྭཱཾ། ཧ་ས་ར་ནི་ཐ་ཏེ་ག་ཏེ་ཏྲི་ཨ་བྷི་ནི་ཧཱུྃ་ཕཊ་སྭཱ་ཧཱ། སྤྱིར་བཟླས་པ་བྱའོ། །ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གསུམ། །སྨན་གྱི་ལྷ་མོ་བྷ་ན་ཀ །ནགས་ཀྱི་ལྷ་མོ་པུས་སིང་མ། །མདངས་ཀྱི་ལྷ་མོ་པྲ་མོ་ཧེ། །རྩ་ཡི་ལྷ་མོ་བྷི་ན་ཀ །འོད་ཀྱི་ལྷ་མོ་སི་ཡ་རི། །དེ་ལྟར་རིག་པའི་ལྷ་མོ་དེ། །ནང་ལྟར་རིག་འཛིན་ལྷ་མོ་ཉིད། །ཨཉྫི་དྷ་ར་པྲ་བྷ་ཀ །གསང་བ་ཌཱ་ཀི་སྡེ་ལྔ་མ། །དུར་ཁྲོད་གནས་ཀྱི་ལྷ་མོ་དེ། །རྣལ་འབྱོར་ཀུན་གྱི་ཉུལ་ལེ་མ། །བཀའ་ཉན་ལྷ་མོ་འབུམ་སྡེར་བཅས། །འཇིག་རྟེན་གསུམ་གྱི་མངའ་བདག་མོ། །བོད་ཁམས་སྐྱོང་བའི་བསྟན་སྲུང་ལྔ། །བདག་གི་ཅི་འདོད་སྒྲུབ་བྱེད་པའི། །དམ་ཚིག་བསྐྱེད་ལ་ཡེ་ཤེས་བསྟིམ། །དབང་བསྐུར་རྒྱས་གདབ་བྱིན་བརླབས་ནས། །ཅི་འདོད་དངོས་གྲུབ་བྱིན་ནས་ནི། །རང་གི་གནས་སུ་གཤེགས་སུ་གསོལ། །དེ་ནས་རྩ་བའི་རྗེ་བཙུན་མའི། །སྐུ་ལས་འོད་འཕྲོས་ཁམས་གསུམ་ཁྱབ། །སེམས་ཅན་དོན་བྱས་ཚུར་འདུས་པས། །བདག་ཉིད་སྐུ་ལ་ཉེར་འདུས་ཏེ། །དེ་ནས་ས་བོན་བྃ་ལ་བསྟིམ། །འོད་གསལ་ངང་ལས་འདའ་ས་མེད། །རྗེས་ལ་མཐུན་དུ་སྤྱོད་ལམ་བསྟན། །འདི་ནི་གསང་བའི་མན་ངག་སྟེ། །ལྷན་ཅིག་སྐྱེས་མའི་སྙིང་པོ་ཡིན། །མཛེས་མ་རྣམས་ལ་ཡི་དམ་དུ། །ཇོ་མོ་ལྷན་སྐྱེས་མངོན་རྟོགས་བཤད། །ལྷ་མོ་ལྔ་ཡིས་སྤྱན་སྔ་རུ། །གསང་བའི་རང་སྲོག་སྙིང་པོ་ཕུལ། །རྗེ་བཙུན་བརྒྱུད་པར་བཅས་པ་ཡི། །བཀའ་སྲུང་མཁའ་འགྲོར་དམ་བཅས་པས། །དམ་བཅའ་འགལ་ན་དམྱལ་བར་འགྲོ། །དེས་ན་དཔལ་ལྡན་རྡོ་རྗེ་འཛིན། །བཞད་པ་རྡོ་རྗེའི་གསུང་བཞིན་སྒྲུབས། །
བཀའ་སྲུང་བཀའ་ཡི་བྱ་ར་གྱིས། །སྐབས་སུ་གཏོར་མ་འབུལ་བ་ནི། །རྗེ་བཙུན་མ་ཡི་གཏོར་མ་ནི། །བྱིན་རླབས་རྒྱས་པར་བྱས་ནས་ནི། །ཞབས་སུ་སོ་སོའི་གཏོར་མ་ནི། །ཨོཾ་བཛྲ་ས་མ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་ཛྙཱ་ན་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་བརྗོད་པས་འབུལ་ཞིང་བསྐུལ་བར་བྱའོ། །སྒྲུབ་པ་ཐོན་ནས་གཏོར་མ་གཏོང་། །བླ་རྡོ་རང་ལུས་བཅང་བར་བྱ། །དངོས་གྲུབ་བླངས་ལ་ཕྲིན་ལས་བཅོལ། །ཞག་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ཟླ་བ་གཅིག་ཏུ་བསྒྲུབ། །འདི་ནི་སྤོགས་ཆོག་བྱ་མི་དགོས། །ཉིན་རེ་ཉམས་སྣང་རྟག་ཏུ་འབྱུང་། །གསང་བ་ཐུན་མོང་མ་ཡིན་པས། །བླ་མ་རྗེ་བཙུན་གསུང་ལས་ནི། །སྨན་བཙུན་ཌཱ་ཀི་ལྔ་པོ་ཡི། །མན་ངག་གསང་བའི་སྒྲོམ་བུ་འདི། །དགེ་བསྙེན་བྷོ་དྷི་རཱ་ཛས་རྙེད། །སྐལ་ལྡན་རྣམས་དང་འཕྲད་པར་ཤོག ། ༈ །གཙོ་མོ་བཀྲ་ཤིས་ཚེ་རིང་མའི་སྔགས། ཨོཾ་ཀ་མ་ཝ་ཏི་མི་ཐུན་ན་པྲེ་མེ་རི་སྭཱ་ཧཱ། མཐིང་གི་ཞལ་བཟང་མའི་སྔགས་ནི། ཨོཾ་ན་ཀྲི་མ་ཏི་སུ་རུ་ས་མ་ཏི་སྭཱ་ཧཱ། གཏད་དཀར་འགྲོ་བཟང་མའི་སྔགས་ནི། ཨོཾ་ཨནྟན་རཀྟ་ནི་མི་ཐུན་ན་པྲེ་ཡེ་སྭཱ་ཧཱ། མི་གཡོ་གླང་བཟང་མའི་སྔགས་ནི། ཨོཾ་དྷ་ཀ་ས་དྷ་ས་རི་ཙཀྲ་མུ་ནི་ཏིཥྛ་ལོ་སྭཱ་ཧཱ། ཅོད་པན་མགྲིན་བཟང་མའི་སྔགས་ནི། ཨོཾ་ཌཱ་ཀི་ཀ་ར་གྲ་ཡུ་ཀྲ་པ་ནི་མཱ་ར་ཡ་ཛ་ཛ་སྭཱ་ཧཱ། ༈ །རྗེ་བཙུན་མི་ལ་རས་པ་ལ་ཕྱག་འཚལ་ལོ། །འདི་ལ་ཕྱི་སྨན་མོ་ལྟར་སྒྲུབ་པ་དང་། ནང་རིག་འཛིན་ལྷ་མོ་ལྟར་སྒྲུབ་པ་དང་། གསང་བ་ཌཱ་ཀི་མ་ལྟར་སྒྲུབ་པའོ། །དེ་ཡང་རྫས་ནི། མུ་ཏིག་མིག་མེད་དམ། ཉ་ཕྱིས་རྙེད་ན་ཕྱི་སྒྲུབ། ནང་སྒྲུབ་བྱེད་པར་འདོད་ན། མེ་ལོང་གཙང་མ། གསང་བ་སོར་གདུབ་བུད་མེད་ཀྱིས་མ་རེག་པའོ། །དེ་ནས་དམིགས་པའི་ཁྱད་པར་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡོད་པས། ཕྱི་ལྟར་སྒྲུབ་སྟེ་ལྷ་མོ་སོ་སོའི་སྙིང་དཀར་ནག་མཚམས་ནས་འོད་ཀྱིས་ལྕགས་ཀྱུ་ལྟ་བུར་བཏབ་སྟེ་རང་དབང་མེད་པར་བྱུང་ནས། མ་ལྟར་བྱམས་ནས་ལྷ་མོའི་ཆ་བྱད་ཅན། །བཞོན་པ་ཅན་གྱིས་བསྐོར་བ་བྱེད་པར་བསམ། སྲིང་
མོ་ཅན་ལྟར་ནི། འོད་ཀྱི་ལྕགས་ཀྱུས་ལྟེ་བ་ནས་དྲངས་ཏེ། སྐུ་མདོག་དཀར་མོ་ཤ་སྟག་བཞོན་པ་མེད་པས་བདག་ལ་བསྐོར་བ་བྱས་པས། སྲིང་མོ་ལྟར་གདུང་བར་བསམ། གསང་བ་བྲན་མོ་ལྟར་སྒྲུབ་པ་ནི། ལྕགས་ཀྱུས་གསང་གནས་སུ་བཏབ་པས། བདག་ལ་བརྩེ་བའི་སྒོ་ནས། བུད་མེད་དམར་མོ་གཅེར་བུ་རུས་རྒྱན་ཅན་ལྔས་ཕྱག་གཡས་ན་ཌ་མ་རུ། གཡོན་པས་ཐོད་པའི་ནང་དུ་ཞལ་ཟས་སྒྲུབ་པ་པོ་ལ་སྟོབ་ཅིང་། བཀའ་ཉན་བྲན་བཞིན་ཏུ་འཁོར་བར་བསམ། སྲོག་སྙིང་དར་ལེབ་རྒན་ལ་སྒྲུབ་པ་ཞག་ཉི་ཤུ་རྩ་གཅིག་བྱ། སྒྲུབ་པ་ཐོན་ནས་དར་དཀར་ལ་འཁོར་ལོ་དང་སྲོག་སྙིང་བྲིས་ལ་ལུས་ལ་བཅང་བར་བྱའོ། །ཐུན་མོང་མ་ཡིན་པའི་མན་ངག་རྫོགས་སོ། ༈ །དཔལ་ལྡན་ལྷན་ཅིག་སྐྱེས་མ་ལ་ཕྱག་འཚལ་ལོ། །གདམས་པ་ཉམས་སུ་ལེན་པར་འདོད་ན། གནས་གངས་ཡོད་པའི་རི་མཐོན་པོར་སོང་ལ། མཐུན་རྐྱེན་འཛོམ་པར་བྱས་ལ། གཡང་ཕྱིང་གཙང་མ་དང་། བག་ཕྱེ་གཙང་མ་དང་། ནས་དཀར་མོ་དར་ཚགས་བྱས་པ་བ་དམར་མོའམ། ར་དཀར་མོའི་འོ་མས་སྦྲུས་ལ། འབྲང་རྒྱས་ལྔ། གཏོར་མ་ལྔ། གཡང་ཤ་ལུག་གི་ལག་གཡས་དང་། ནང་ཤ་དང་། རྩི་སྨན་དཀར་གསུམ་དང་མངར་གསུམ་དང་། རྫས་ལ་དར་དཀར་ལ་ལྷ་མོ་ལྔའི་སྲོག་གི་སྙིང་པོ་བྲི། དར་ལེབ་རྒན་ལ་འཁོར་ལོ་བྲི། དར་དཀར་གྱི་གུར་ལྔའམ། མེད་ན་གཅིག་དབུབ། དེ་ནས་རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ཚད་མེད་པ་དང་བྱང་ཆུབ་ཀྱི་སེམས་བསྒོམ། ཇོ་མོ་ཞལ་གཅིག་ཕྱག་གཉིས་མ་འཇིགས་བྱེད་དང་དུས་མཚན་མནན་པ། རྒྱན་ཆ་ལུགས་དང་ལྡན་པར་གསལ་བའམ། བདག་ཉིད་ཀྱི་ཡི་དམ་གང་ཡིན་གང་རུང་བའི་སྤྱི་གཙུག་ཏུ་རྗེ་བཙུན་མི་ལ་རས་པ་གསལ་བར་བསྒོམ། དེ་ནས་ལྷའི་ཐུགས་ཀ་ནས་འོད་འཕྲོས་པས་བཀྲ་ཤིས་ཚེ་རིང་མ་དཔོན་གཡོག་ལྔ་ལྷ་སྨན་འབུམ་དང་བཅས་པ་རང་དབང་མེད་པར་མདུན་དུ་བྱུང་སྟེ། བདག་ལ་བསྐོར་བ་བྱེད་ཅིང་ཕྱག་བྱེད་བཀའ་ཉན་པར་བསམ། ཙཀླི་ལྔ་བྲིས་པ་ལ་དམ་ཚིག་སེམས་དཔའ་བསྐྱེད། ཡེ་ཤེས་པ་བསྟིམས་ལ། གུར་དེ་གཞལ་ཡས་ཁང་དུ་བསམ། འབྲང་རྒྱས་ལ་སོགས་པ་ཟས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས་ཕུལ་
བས་མཉེས་པར་བསམ། འོ་མ་ལ་ཀ་ར་བུ་རམ་བཏབ་ལ་མཆོད་ཅིང་གཏོར། སྔགས་བརྗོད་ཅིང་། དམིགས་པས་བདག་གི་བཀའ་ཉན་པར་བསམ་མོ། །སྔོན་རྗེ་བཙུན་མ་རི་ཁྲོད་ཏ་ལ་མ་ལ་སོགས་པ་རྣམས་དང་། བར་དུ་སློབ་དཔོན་པདྨ། ད་ལྟ་རྗེ་བཙུན་མི་ལ་རས་པའི་བཀའ་མ་བཅག་ཅིག་བྱའོ། །སྐུ་མདོག་ཕྱག་མཚན་ནི་གཞུང་ན་གསལ། ཨོཾ་སི་ང་སི་ང་ཧཱུྃ་ང་ཧཱུྃ་ང་ལྷ་ང་ལྷ་ང་«པཱ་ཏྲ་པཱ་ཏྲ་གདའ།་་་་་»ཡ་ཌ་ཡ་ཌ་ཕཊ་ཕཊ་དྷི་སི་མུ་ཁེ་སྭཱ་ཧཱ། ཨོཾ་ལ་སོགས་པ་གདགས། སྔགས་འདི་ཅི་རིགས་བགྲང་ཞིང་ཐུན་གྱི་ཞབས་སུ་གཏོར་མ་གཏོང་། ལས་བཅོལ་ཏེ། བཀྲ་ཤིས་པ། ཚེ་རིང་བ། དཔལ་བསྐྱེད་པ། ལོངས་སྤྱོད་སྤེལ་བ། བར་ཆད་སོལ། བསྟན་པ་སྲུངས། ཞེས་ལས་ལ་སྦྱར། ཐ་མ་གཤེགས་སུ་གསོལ། རྟགས་མྱུར་དུ་འབྱུང་། ཆོ་འཕྲུལ་ཆེན་པོ་ལ་སོགས་ངན་ཏེ་མི་འཆུན་པས། རྗེ་བཙུན་མ་དང་། མི་ལ་ལ་གསོལ་བ་དྲག་ཏུ་གདབ། ཞག་ཉི་ཤུ་རྩ་གཅིག་གིས་ངེས་པར་འགྲུབ་བོ། །སྒྲུབ་པ་ཐོན་ནས་མི་ལ་རྫས་མི་སྦྱིན་རང་བཟའོ། །གཏོར་མ་སྟེགས་མཐོན་པོའི་སར་གཏོང་། དེ་ནས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ལས་བྱེད་བཀའ་ཉན་ནོ། །བཀྲ་ཤིས་ཚེ་རིང་མའི་སྒྲུབ་ཐབས་རྫོགས་སོ། ༈ །ངན་རྫོང་སྙན་བརྒྱུད་ཇོ་མོ་བཀྲ་ཤིས་ཚེ་རིང་མའི་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་བཞུགས་སོ། །དཔལ་ལྡན་བཞད་པ་རྡོ་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཇོ་མོ་ལྷ་སྨན་ཚེ་དབང་མའི་སྒྲུབ་ཐབས་ནི། ཕྱི་སྒྲུབ་བསྙེན་པ་ཡིན། ནང་སྒྲུབ་སྒྲུབ་པ་ཡིན། གསང་སྒྲུབ་བསད་པ་ཡིན། དེ་ཁོ་ན་ཉིད་སྤོགས་པའི་ཚུལ་ལོ། །དེ་ལ་ཕྱི་སྒྲུབ་ལ། དཀྱིལ་འཁོར་མདའ་གང་གྲུ་བཞི་པ་དེའི་སྟེང་དུ་གྲ་འཕྱིང་གཙང་མའི་སྟེང་དུ་དར་དཀར་མཐོ་གང་པ་གཅིག་གདིང་། ས་གཙང་མ་ལ་བུམ་སྨན་བཏབ་སྟེ་གངས་ཀྱི་གཟུགས་བྱས་པ་ས་དཀར་བསྲེས་ལ་དེའི་སྟེང་དུ་གཞག དེ་ལ་མདའ་བྱ་རྒོད་མ་ལ་དར་སྣ་ལྔ་མེ་ལོང་དང་མགྲོན་བུ་དང་། སྨན་བཟང་དྲུག་རྣམས་བཏགས་ལ་གཟུག དེའི་སྟེང་དུ་དར་དཀར་ལ་ཇོ་མོའི་སྐུ་ཞལ་གསུམ་ཕྱག་བཞི་མ་སྟག་མོ་ལ་ཆིབས་པ་གཅིག་གངས་ལ་
གཟུག དེའི་མདུན་ཏུ་སྨན་ལེབ་ལ་མཚལ་གྱི་གཡུང་དྲུང་རིས་བྲིས་པ་གཞག ཆང་ལ་བཟང་དྲུག་བཏབ་པ་ཡང་མདུན་ཏུ་གཞག་གོ །དེ་ནས་དར་དཀར་གྱི་གུར་ཕུབ་གཏོར་མ་རྒྱན་དང་བཅས་པ་བཤམ་མོ། །རང་ཁྲུས་བྱས་སྤོས་དཀར་དུད་པ་དང་ཆུ་གཏོར་བཏང་ལ། བདག་སྒྲུབ་པ་བྱེད་པ་ལ་བར་ཆད་གནོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། སྔོན་འགྲོ་གཏོར་མ་གཏོང་། སུམྦྷས་བགེགས་བསྐྲད། སྐྱབས་འགྲོ་སེམས་བསྐྱེད་སྔོན་ཏུ་སོང་བས་ཡིག་བརྒྱས་རྒྱུད་སྦྱངས་ལ། རང་ལྷའི་ང་རྒྱལ་གྱིས་ཇོ་མོ་སྤྱན་དྲངས་ཤིང་འཁོད་པར་བྱ་སྟེ། ཨོཾ་མུ་ཧཾ་རིང་གྲ་གྲ་ཧཱུྃ་ཧཱུྃ་ཛ་ཛཿ ཨོཾ་ཁ་ལ་རཀྵ་རྦད། ཐུམ་རིལ་བྷྱོཿ ཞེས་རྟགས་མ་བྱུང་བར་བཟླ། གྲིབ་དང་མི་གཙང་བ་ལ་འཛེམ། མཚམས་དམ་པ་དང་སྨྲ་བ་བཅད་པ་གལ་ཆེ། མཚམས་ཁོག་ཏུ་ཁྱི་དང་བུད་མེད་མི་བཏང་ལ། བསྟོད་པ་གང་ཤེས་བྱའོ། །ཇོ་མོའི་ཕྱི་སྒྲུབ་ཟབ་མོ། ༈ །ཇོ་མོའི་ནང་སྒྲུབ་བཞུགས་སོ། །རྗེ་བཙུན་མ་ལ་ན་མོ། ནང་གནོད་སྦྱིན་མོའམ་གཏེར་སྒྲུབ་ནི། སྔར་གྱི་སྟེང་དུ། ཁྱད་པར་གྱི་རྫས་ལྷ་མོ་གནོད་སྦྱིན་མོ་གསེར་གྱི་མདོག་འདྲ་བ་གཡས་ལྕགས་ཀྱུ། གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ་བསྣམས་པ་སྐུ་ལ་རཏྣ་མང་པོས་སྤྲས་པ། གསུས་པ་འཕྱང་བ་སྟག་མོ་གྲུས་མ་བསྣོལ་བའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རྒྱབ་ཤེལ་གྱི་གངས་ལ་གཏད་པ། འཁོར་གནོད་སྦྱིན་མོ་དཔག་ཏུ་མེད་པས་བསྐོར་བ་རྣམས་ཀྱིས་སྒྲུབ་པ་པོ་ལ་ལོངས་སྤྱོད་ཀྱི་ཆར་འབེབས་པར་བསམ་ཞིང་། ཙཀླི་བྲིས་པ་གངས་ལ་གཟུག ཙཀླི་དེའི་མདུན་ཏུ་འབྲུ་སྣ་ལྔས་བྱས་པའི་འབྲང་རྒྱས་ཀྱི་སྟེང་དུ། ཡུལ་དེ་ན་ཕྱུག་པའི་ཕུ་མདའ་བར་གསུམ་གྱི་ཞིང་མཛོད་ཀྱི་ས་སྤར་རེ་དང་ནས་བྲེ་གང་རྒྱལ་ལམ་བྲེ་ཕུལ་གྱི་སྐར་མ་ལ་བླངས་ལ་ཕྱིབ་པའི་གཟུགས་གཅིག གསང་ལུག་གཅིག དཔལ་བཤོས་གཅིག རིན་ཆེན་འབར་བའི་གཟུགས་གཅིག་བྱས་ལ། མར་དང་བུ་རམ་དང་། སྦྲང་རྩི་དང་ཀ་ར་བྱུགས་ལ་འབྲང་རྒྱས་ཁར་གཞག ས་ལ་རིན་ཆེན་བརྡར་ལ་བཟང་དྲུག་དང་བསྲེས་ལ་དཀར་གསུམ་མངར་གསུམ་གྱིས་སྦྲུས། སྨན་སྣ་ཚོགས་ས་དཀར་གྱི་
གསེབ་ཏུ་སྤོས་ཆུ་དང་སྦྱར་ལ་གངས་གཟུགས་བྱས་པ་གུར་དཀར་གྱི་འོག་ཏུ་གཞག བག་ཕྱེའི་ནང་དུ་བཟང་དྲུག་ལ་ཀླུ་སྨན་བཏབ་ལ་ཆུ་གཏོར་རྒྱུན་མི་ཆད་དུ་གཏོང་ངོ། །ཆང་ཕུད་ལ་རིན་པོ་ཆེ་བཏབ་པ་དང་། འབྲས་དུང་། རིན་པོ་ཆེ། འབྲང་རྒྱས། སྨན་ལེབ། མར། བུ་རམ་རྣམས་ཀྱིས་དུས་བཞིར་མཆོད། ཕུད་དང་གཏོར་མའི་ལྷག་མ་དངོས་གྲུབ་ཏུ་ཟའོ། །མདུན་གྱི་ལྷ་མོ་རྣམས་ཀྱིས་བདག་ལ་འབྲུ་དང་ནོར་ལོངས་སྤྱོད་ཀྱི་ཆར་དང་། ས་འོག་གཏེར་གྱི་དངོས་གྲུབ་གནང་བར་བསམས་ལ། མེ་ཏོག་དཀར་པོ་དང་སེར་པོ་གཏོར་ཞིང་སྔགས་འདི་བཟླའོ། །ཨོཾ་མུ་ཧཾ་རིང་གྲ་གྲ་ཧཱུྃ་ཧཱུྃ་ཛ་ཛཿ རཏྣ་སིདྡྷི་བྷ་ཀུ་ཏ་མ། ཁ་ལ་རཀྵ་སིདྡྷི་བྷྲཱུྃ་རི། ཞེས་བཟླའོ། །ཕྱག་རྒྱའམ་བུད་མེད་བཟང་མོས་ནོར་སྟེར་བ་དང་། སྒྲུབ་པ་པོས་རིན་པོ་ཆེ་དང་ནོར་གྱི་ཆར་འབེབས་པ་རྨིས་ན་འགྲུབ་པའི་རྟགས་སོ། །ལོངས་སྤྱོད་རྣམས་ཀྱིས་བླ་མ་དང་དཀོན་མཆོག་མཆོད་པ་དང་། ཕ་མ་དང་སེམས་ཅན་ལ་སྦྱིན་པར་བཏང་ན་འདི་དང་ཕྱི་མར་འབྱོར་པ་མི་ཟད་པར་འབྱུང་སྟེ་སྲིད་པ་གསུམ་ཡང་དབང་དུ་འདུའོ། །ནང་གནོད་སྦྱིན་མོའི་ཚུལ་དུ་སྒྲུབ་པའི་གདམས་པ་ཟབ་མོ། སྒྲུབ་པའི་བཅའ་གཞི་ལག་ལེན་དང་། དམ་ཚིག་གི་རིམ་པ་རྣམས་ནི་ཕྱི་སྒྲུབ་ལྟར་ཉམས་སུ་བླང་ཞིང་ཤེས་པར་བྱའོ། །ཤིན་ཏུ་གསང་བ་གལ་ཆེའོ། ༈ །ཇོ་མོའི་གསང་སྒྲུབ་བཞུགས་སོ། །རྗེ་བཙུན་བཞད་པ་རྡོ་རྗེ་ལ་ན་མོ། གསང་བ་མཁའ་འགྲོ་མའི་ཚུལ་གྱིས་བསྟན་པའི་དགྲ་བོ་ཆོམ་ལ་དབབ་པ་དྲག་པོའི་མཐུ་སྒྲུབ་བསྟན་པ་ནི། གནས་དང་རྫས་དང་བཅའ་གཞི་དང་། ལྷ་བསྒོམ་ཞིང་ཐུན་གྱི་ཏིང་ངེ་འཛིན་ནོ། །གནས་ནི་དུར་ཁྲོད་དམ། མི་ཕུང་ཤུལ་ལམ། ལྷ་ཁང་རྙིང་པའམ། གངས་ཀྱི་འདབས་སམ། ལྷ་འདྲེའི་རྒྱུ་སྲང་དུ་དཀྱིལ་འཁོར་མདའ་གང་གྲུ་བཞི་པའི་དབུས་སུ། འབྲུབ་ཁུང་གྲུ་གསུམ་བྱས་ལ་རྩང་གིས་བསྐོར་ལ་ནང་རོ་སོལ་གྱིས་བྱུག་གོ །དགྲ་བོའི་ལིངྒ་གྲོ་ག་ལ་བྲིས་ལ་བསད་སྔགས་ཀྱིས་མཐའ་མ་བསྐོར་རོ། །འབྲུ་སྣ་ལྔའི་ཕྱེ་མ་ལ་མཱ་རའི་ཟག་རྫས་དང་རྐང་རྗེས་ས་གྲོགས་མཁར་གྱི་ས་དང་བསྲེས་ལ་རཱུ་པ་བྱས་ལ། ལིངྒའི་སྤྱི་གཙུག་ཏུ་གཞུག་གོ །
འཕོང་ན་མར་ཐུར་ལ་བརྡེག ཁྲག་སྐམ་ཉུངས་ཀར། ཉུངས་ནག་ལ་སོགས་ཐུན་རྫས་རྣམས་དུག་ཆུས་བྲན་ལ། ཐུན་མཚོན་ཆའི་ཆར་དུ་བསམ་མོ། །ལྷ་བསྒོམ་པ་ནི་རང་ཡི་དམ་གང་རུང་དུ་བསྒོམ་མོ། །མདུན་དུ་མཁའ་འགྲོ་སྐུ་མདོག་མཐིང་ནག ཞལ་གསུམ་སྤྱན་དགུ་ཉི་ཟླ་ལྟར་འབར་བའི་སྡང་མིག་ཕྱོགས་བཅུར་བགྲད་པ། སྐུ་སྟོད་རལ་པ་འབུམ་གྱིས་བརྒྱན་པ། ཞལ་ཁྲོ་གཉེར་མཆེ་བ་གཙིགས་པ། གཡས་པས་གྲི་གུག་གདེངས་པའི་ཚུལ་དུ་བསྣམས་པ། གཡོན་པ་ནད་ཀྱི་རྐྱལ་པ་ཁ་ཕྱེ་ནས་བསྟན་པ་འཇིག་པར་བྱེད་པ་རྣམས་ལ་ཚ་བའི་ནད་ཀྱི་དབལ་གཏོར་བ། ལྕེ་བར་སྣང་གི་ཁམས་ཁེབས་པས་དགྲ་བོའི་བླ་འཚོལ་བ། རལ་པ་བསིགས་པའི་སྐྲ་གསེབ་ནས་ཐོག་དང་སེར་བའི་བུ་ཡུགས་འཕེན་པ། ཞབས་གཉིས་སྟག་མོ་རོལ་པའི་གདན་སྟེང་ན་དོར་སྟབས་སུ་བགྲད་པ། སེང་གེ་དཀར་མོ་རོལ་དུ་ཁྲིད་པ་བརྗིད་པའི་སྐུ་རི་རབ་དང་མཉམ་པའོ། །དེའི་མདུན་ན་ཤ་ཟ་དང་། མ་མོ་དང་། མོན་མོ་དང་། ཌཱ་ཀི་མ་རྣམས་ནི་དགྲ་བོའི་ཤ་ཟ་ཁྲག་འཐུང་། རོ་ལ་ཞོན། ལྤགས་ལ་གྱོན། ཀླད་པ་ལྡག འོ་དོད་འབོད། རྒྱ་མཚོ་ཧུབ་ཀྱིས་འཐུངས་ཀྱང་ང་མི་ངོམས། སྲིད་གསུམ་ཟས་སུ་ཟོས་ཀྱང་མི་འགྲངས་ཟེར་བ་རྣམས་སོ། །མོའི་གཡས་ན་གདོན་ཆེན་བཅོ་བརྒྱད་ནི། ཕྱག་ན་རལ་གྲི་དང་། བེ་ཅོན། ཐོ་བ། དགྲ་སྟྭ། དབྱུག་ཏོ། ཞགས་པས་འཆིངས། གྲི་གུག་གིས་གཏུབ། བ་དན་དམར་ནག་འཕྱར་བ། རོ་ལངས་ལ་ཞོན་ནས་བསྭོས་འདེབས་པའོ། །མོའི་གཡོན་ན། བྱིས་པའི་གདོན་ཆེན་བཅོ་ལྔ་ནི། སྟག་ཆས་དང་། གཟིག་ཆས། གུང་ཆས་ཅན་རྣམས་ནི་གོ་ཆ་སྲ་ཞིང་མཚོན་རྣོ་བ་རྣམས་སོ། །མོའི་རྒྱབ་ནས་གཞུག་སྡུད་པ་ནི། ཕྱོགས་སྐྱོང་བ་བཅུ་འཁོར་དང་བཅས་པ་རྣམས་སོ་སོ་རང་རང་གི་ཆས་དང་། ཕྱག་མཚན་བསྣམས་ནས་ཕྱིའི་རྟིང་སྐུལ་མཛད་པའོ། །མདུན་གྱི་ལིངྒ་བསྟན་པའི་དགྲ་བོ་དངོས་སུ་བསམས་པའི་སྟེང་ན་མང་ལ། ཁྲོ་མོ་འཁོར་བཅས་ཀྱིས་སྔགས་མཚོན་ཆའི་བུ་ཡུགས་དང་ཐོག་སེར་དུ་ཕབ་པས། ཤོ་མངས་ལ་སེར་བ་རྒྱབ་པ་བཞིན་དུ་བསམས་ལ། སྔགས་
འདི་བཟླ། ཨོཾ་མུ་ཧཾ་རིང་གྲ་གྲ་ཧཱུྃ་ཧཱུྃ་ཛ་ཛཿ ཨོཾ་ཁ་ལ་རཀྵ་རྦད། ཆེ་གེ་མོའི་སྲོག་ལ་ཐུཾ་རིལ་བྷྱོ། ཞེས་ཐུན་གྱིས་བྲབ། ཤ་ཁྲག་གི་གཏོར་མ་བཟང་པོས་མཆོད། བསྟོད་པ་དང་བསྐུལ་བ་དྲག་པོ་བྱའོ། །དེ་ལྟར་བྱས་པས་རྟགས་ནི། རྨི་ལམ་དུ་གསོད་པ་དང་། གཏུབ་པ་དང་། ནང་རོལ་ཟ་བ་དང་། བླ་འདོད་པ་དང་། ཞགས་པ་འདེབས་པ། ཁྲིད་ནས་བསད་ཅིང་ཟ་བ་རྣམས་འབྱུང་ངོ། །རྟགས་དེ་རྣམས་བྱུང་བ་དང་། ཞག་བདུན་དྲག་པོའི་ཕུར་པས་གདབ། མཚོན་གྱིས་གཏུབས་ལ། དགྲ་བོ་མེ་རུ་བསྲེག་པར་ལིངྒ་བསྲེག དེ་ནས་ལིངྒ་གསར་པ་གཅིག་དང་བཅས་པ་མཆོད་རྟེན་གྱི་འོག་ཏུ་མནན་པ་བྱ། ཡང་ན་ཀླུ་གནས་པའི་སར་མནན་ནོ། །བསྐུལ་ཡང་ཡང་བྱའོ། །ཤ་ཟ་ཌཱ་ཀིའི་སྲོག་ཏིག དགྲ་བོའི་སྲོག་མཆན་འདི། བསྟན་པ་འཇིག་པའི་དགྲ་བོ་ལ་བྱ་ཡི། གཞན་དུ་སྡིག་ཆེ་བས་གསང་ངོ། །བསྐུལ་བྱེད་ན། བྷྱོ། མ་མོ་ཆེན་མོ་སྲོག་བདག་མོ། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞལ་གསུམ་སྤྱན་དགུ་ཉི་ལྟར་གསལ། །འབར་བའི་སྡང་མིག་ཕྱོགས་བཅུར་བགྲད། །སྐུ་སྟོད་རལ་པ་འབུམ་གྱིས་བརྒྱན། །ཞལ་ནི་ཁྲོ་གཉེར་མཆེ་བ་གཙིགས། །ཕྱག་གཡས་གྲི་གུག་དགྲ་ལ་འདེབས། །གཡོན་པས་ནད་ཀྱི་སེར་བ་འབེབས། །ལེབ་རྒན་ལྗགས་དམར་གློག་ལྟར་འཁྱུག །རལ་པ་བསིགས་པས་སྟོང་གསུམ་ཁེངས། །ཐོག་དང་སེར་བའི་བུ་ཡུག་འཕེན། །སྟག་མོ་རོལ་པའི་སྟེང་དུ་བཞུགས། །རོལ་དུ་སེང་གེ་དཀར་པོ་ཁྲིད། །བརྗིད་པའི་སྐུ་ལ་འབར་བའི་ཉམས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་སྔོན་ནས་ལས་བྱེད་མ། །ཤ་ཟ་མ་མོ་མོན་མོ་དང་། །ཌཱ་ཀི་དམ་ཅན་རྒྱ་མཚོ་རྣམས། །ཤ་ལ་དགའ་ཞིང་ཁྲག་ལ་འཐུང་། །རོ་ལ་ཞོན་ནས་པགས་ལ་གོན། །ཀླད་པ་ལྡག་ཅིང་འོ་དོད་འབོད། །རྒྱ་མཚོ་བཏུངས་ཀྱང་མི་ངོམས་ཤིང་། །སྲིད་གསུམ་ཟོས་ཀྱང་འགྲངས་པ་མེད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གཡས་ཀྱི་གདོན་ཆེན་བཅོ་བརྒྱད་ནི། །ཕྱག་ན་རལ་གྲི་བེ་ཅོན་དང་། །ཐོ་བ་དགྲ་སྟྭ་དབྱུག་ཏོ་བསྣམས། །ཞགས་པས་འཆིངས་ཤིང་མཚོན་གྱིས་གཏུབ། །བ་དན་དམར་ནག་དགྲ་ལ་འཕྱར། །
ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་གཡོན་ནས་རུ་འདྲེན་པ། །བྱིས་པའི་གདོན་ཆེན་བཅོ་ལྔ་ནི། །སྟག་གཟིག་གུང་གི་ཕོ་ཆས་ཅན། །གོ་ཆ་སྲ་ཞིང་མཚོན་ཆ་རྣོ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་རྒྱབ་ནས་རྟིང་སྐུལ་བ། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །རང་རང་ཕྱག་མཚན་མཚོན་ཆ་བསྣམས། །དགྲ་བོའི་ཚེ་སྲོག་ཆོད་ལ་ཤོག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །ཞེས་བསྐུལ་ལོ། །ཁ་ཐཾ། ། ༈ །ཇོ་མོའི་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་བཞུགས་སོ། །རྗེ་བཙུན་བཞད་པ་རྡོ་རྗེ་ལ་ན་མོ། དེ་ཁོ་ན་ཉིད་ལ་མ་མོ་དབང་དུ་འདུས་པས། དགྲ་བོ་རྔམ་ཞིང་འབྲོས་སུ་གཞུག་པ་ནི། རྫས་བཅའ་ཞིང་བསྟེན་པ་དང་། ལྷ་བསྒོམ་པ། སྔགས་བསྟན་པ། ལས་ལ་སྦྱོར་བའོ། །རྫས་ནི་ལྟས་ངན་གྱི་ཤ་ཁྲག་གང་རྙེད་ས་བཟང་གི་གསེབ་ཏུ་བཏབ་ལ་མིའི་ལུས་པོ་ལ་བྱའི་མགོ་བོ་གསུམ་ཡོད་པ་ཁ་གདངས་པ། ལུས་ལ་མཚེ་དང་ཉུངས་ཀར་དང་ལྟས་ངན་གྱི་སྤུ་སྣ་ཚོགས་པས་བརྒྱན་པ། ཕྲག་པ་གཡས་སུ་འུག་པ། གཡོན་ན་བྱ་རོག སྤྱི་གཙུག་ན་སྲིན་བྱ། ལག་པ་གཡས་ཁྲམ་ཤིང་། གཡོན་སྲིན་བྱ། སྐུ་ལ་ལྟས་ཅན་སྣ་ཚོགས་བསྒོམས་ལ། དཀྱིལ་འཁོར་མདའ་གང་གྲུ་བཞིའི་དབུས་གྲུ་གསུམ་ནང་དུ་ལིངྒ་དགུག་གཞུག་བྱས་ལ་གཞུག དེའི་ཁ་ཁྱེར་ལ་སྐུ་གཟུགས་དེ་གཞུག དབུས་སུ་དམར་གཏོར་ཆེ་བ་གཅིག་མཉྫིའི་ཁར་གཞག་གོ །དེའི་ཕྱོགས་བཞིའི་ཤར་དུ་ཝ་ལ་སྤྲེའུ་ཞོན་པ་བཞག ལྷོར་བྱ་རོག་འུག་པ་ལ་ཞོན་པ། ནུབ་ཏུ་བུ་ཆུང་གླ་བ་ལ་ཞོན་པ། བྱང་དུ་རྒན་མོ་ཕག་ལ་ཞོན་པའི་སྤྱི་གཙུག་ན་སྲིན་བྱ་ཁུས་འདེབས་པའོ། །དེ་ཚེ་ཡང་སོ་སོའི་ཤ་ཁྲག་ཡོད་ན་རབ། མེད་ཀྱང་བྱའོ། །ཡི་དམ་རྟ་མགྲིན་བསྒོམས་ལ་ལྟ་བ་ཆོས་ཉིད་ཀྱི་གདེངས་དང་ལྡན་པར་བྱའོ། །སྙིང་ག་ནས་ཧཱུྃ་དང་ཛ་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་བཞིན་གྱི་གནས་ནས་བདུད་མོའི་ཆ་ལུགས་ཅན་འཁོར་བཅས། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱ་ཞིང་བརྟན་པར་བྱ། དེ་ནས་སྔགས་འདིས་བསྐུལ་ལོ། །ཨོཾ་མུ་ཧཾ་རིང་གྲ་གྲ་ཧཱུྃ་ཧཱུྃ་ཛ་ཛཿ ཨོཾ་ཁ་ལ་
རཀྵ་རྦད། །དགྲ་བོ་ཆེ་གེ་མོ་ལ་ལྟས་ངན་སྣ་ཚོགས་ཕོབ། ཐུཾ་རིལ་ཐུཾ་རིལ་བྷྱོཿ ཞེས་བཟླས་པས་སྐུ་ལས་ལྟས་ངན་སྣ་ཚོགས་འཕྲོས་པས། ལ་ལ་དགྲའི་ཁང་ཐོག་ན་ལྡིང་། ལ་ལ་གོས་ཀྱིས་སྟེང་དང་སྒྱེད་པོའི་ཁ་ལ་འབབ། ལ་ལ་མལ་ས་ན་ཞུགས་ཤིང་སྐད་སྣ་ཚོགས་འདོན་པར་བསྒོམ་མོ། །རང་གི་ཁང་པར་ལྟས་ངན་བྱུང་ན་འགྲུབ་པའི་རྟགས་ཡིན་པས། དགྲ་བོའི་ཕྱོགས་སུ་ཁ་བལྟས་ལ་རྦད་པར་བྱའོ། །དེ་ནས་ཡང་རྟགས་དེ་རྣམས་དྲྭ་བར་བཅུག་ནས་དགྲ་ཕྱོགས་སུ་བསྐྱལ། གཏོར་མ་དམར་ཆེན་ཟོར་དུ་འཕེན། ཡས་རྟགས་ཇི་ལྟར་བྱས་པ་བཞིན་དུ་འོང་ངོ། །ང་མི་འདིས་བཏང་བ་ཡིན་ཟེར་ནས་འབབས་སོ། །བབས་སུ་བྱུང་ན་མཁའ་འགྲོ་འཁོར་དང་བཅས་པ་ལ་གཏང་རག་བཟང་དུ་གཏོང་ངོ། །དེ་ལྟར་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་གང་བྱེད་ཀྱང་། སྔོན་འགྲོ་གནས་ཁང་སྐྱང་ནུལ་བྱ་བ་དང་། རང་ཁྲུས་བྱ། ཆུ་གཏོར་གཏོང་། སཱཙྪ་གདབ། སྤང་སྐོང་ཀློག བཀའ་བརྒྱུད་རྣམས་ལ་གསོལ་བ་གདབ། མ་ཉེས་པའི་དཔང་གཟུག་པ་གལ་ཆེའོ། །དམ་ཚིག་ལ་དགེ་བའི་ཕྱོགས་དང་དུ་བླང་། གཙང་སྦྲ་ཐོན་པར་བྱ། འཁོན་དང་ཐབ་གཞོབ་མི་གཏོང་། ཡུགས་ས་དང་བསྣོལ་ལ་སོགས་པ་མི་བསྟེན། དེ་ལྟར་བྱས་ན་ཉམས་བཟང་པོ་མངོན་ཤེས་འདྲ་བ་འབྱུང་། ཕྱི་ནང་གི་བར་ཆད་ཐམས་ཅད་སེལ། མཐུ་དང་ཆོ་འཕྲུལ་ལས་སྦྱོར་ནི། འཁོར་མ་ཐུབ་པའམ། བསྟན་པ་འཇིག་པ་ལ་ཐུག་ན་བྱ་ཡི། གཞན་གར་གར་བྱས་ན་བླ་མ་མཁའ་འགྲོའི་བཀའ་ཆད་ཡོང་ངོ། །རང་བདེ་བས་མི་ཆོག སེམས་ཅན་ཐམས་ཅད་བདེ་དགོས་སོ། །འདི་རྗེ་བཙུན་གྱི་ཡོན་བདག་མོའང་ཡིན། མུ་དྲར་ཡང་ཞབས་ཏོག་མཛད་པའི་མངོན་ཤེས་ཅན། རེས་ལུས་མི་སྣང་པར་བྱེད། རེས་རི་ཁྲོད་དང་གྲོག་ཕུག་ན་བཞུགས་པ་གཅིག་ལ་བྲིན་དུ་ཞུས་སོ། །། ༈ །དབང་ཕྱུག་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་དང་རྗེས་གནང་གི་རིམ་པ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། དབང་ཕྱུག་ཚེ་རིང་མཆེད་ལྔའི་རྗེས་གནང་བྱེད་པར་འདོད་པས། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་། ཚེ་རིང་མའི་རྗེས་གནང་ཐོབ་པའི་
གང་ཟག་གིས་དབེན་པའི་གནས་སུ་གཞི་བཟང་པོའི་ཁར་མཉྫི་ལ་སོགས་པའི་སྟེགས་ཅུང་ཟད་མཐོ་བའི་སྟེང་དུ་ཚེ་བུམ། ཚེ་ཆང་། ཚེ་རིལ། ཚེ་གཏོར། དེའི་མདུན་དུ་སྨན་མོ་ལྔའི་གཏོར་མ་གངས་གཟུགས་ལྔ་ལ་སོ་སོའི་ཙཀླི་བཙུགས་པའི་མཐར། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་བསྐོར། སློབ་དཔོན་གྱི་མདུན་དུ་བུམ་པ་ཁ་རྒྱན་མགུལ་ཆིངས་ནང་རྫས་གཟུངས་རྡོར་དང་བཅས་པ། རྡོར་དྲིལ། ཌ་མ་རུ། ནང་མཆོད། ལྷ་མོ་ལྔའི་ཕྱག་མཚན་སོགས་བཤམ། མཆོད་པ་རྣམས་སུམྦྷས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཅེས་དང་། སོ་སོའི་ཕྱག་རྒྱ་དང་བཅས་ཨརྒྷཾ་ནས་ཤབྡའི་བར་བརྗོད། དྷརྨཱ་ར་ཎི་ལན་གསུམ་གྱིས་བྱིན་དབབ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྤྱི་དང་མཐུན་པར་བྱས་རྗེས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་དུར་ཁྲོད་དང་བཅས་པའི་དབུས་སུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་ལྟེ་བར་སྣ་ཚོགས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་དང་བཅས་པའི་སྟེང་དུ། ཧྲཱིཿལས་རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་ཉི་མ་འབུམ་གྱི་གཟི་བརྗིད་ཅན་འགྱིང་བག་དང་ལྡན་ཞིང་། འོད་ཟེར་སྣ་ཚོགས་འཕྲོ་བ། རྩ་ཞལ་ཅུང་ཟད་ཁྲོ་ཞིང་སྤྱན་གསུམ་དང་ལྡན་པ་མཆེ་བ་ཅུང་ཟད་གཙིགས་པ། གཡས་ཕག་ཞལ་མཐིང་ག་ངུར་སྒྲ་སྒྲོགས་པ། རབ་བརྗིད་དྲག་མོའི་དཔལ་དང་ལྡན་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་ཤིང་མཆན་ཁུང་དུ་ཁ་ཊྭཱཾ་ག་ལ་དྲིལ་བུ་གཡེར་ཁ་འཕན་རྩེ་གསུམ་པས་བརྒྱན་པ་འཆང་བ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པ་ལ་མེ་ཏོག་གིས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། གཅེར་བུ་ཕྱག་
རྒྱ་ལྔས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡས་བརྐྱང་གིས་བཞུགས་པའི་གནས་རྣམས་སུ་ཟླ་བའི་གདན་ལ། ཨོཾ་བྃ། ཧྃ་ཡྃ། ཧྲཱིཾ་མཱོཾ། ཧྲཱིཾ་ཧྲཱིཾ། ཧུྃ་ཧཱུྃ། ཕཊ་ཕཊ། ཕཻཾ་འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་གཡོན་སྐོར་དང་བཅས་པ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཡེ་ཤེས་བདག་གི་རྒྱུད་ལ་ཞུགས། སྡིག་སྒྲིབ་དག ཚེ་དཔལ་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བསམས་ལ། ཨོཾ་གསུམ་མ་ཅི་ནུས་བཟླས་པའི་མཐར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་དུར་ཁྲོད་དང་བཅས་པ་ལ་ཐིམ། དེ་ཆོས་འབྱུང་ལ་ཐིམ། ཆོས་འབྱུང་གདན་དང་བཅས་པ་རང་ལ་ཐིམ། རང་ཉིད་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ། དེ་མི་དམིགས་པའི་ངང་ལ་མཉམ་པར་གཞག་གོ །མདུན་བསྐྱེད་སྒྲུབ་པ་ལ་གསུམ་ལས། དང་པོ་ནི་ཚེ་བུམ། ཚེ་ཆང་། ཚེ་རིལ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་བསལ། ཚེ་སྲོག་རྒུད་པ་ལས་བསྐྱབས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་བྱེ་རུའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་བསྣམས་པ། མཚན་དཔེས་སྤྲས་པ། ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་
ཀྱིས་བརྒྱན་པ། དར་ཁའི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་མངའ་བ་ཅན་དུ་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་ལྷ་སྤྱན་དྲངས་ལ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམས་ལ། ཨོཾ་ཨ་མི་ཏཱ་བྷ་ཝ་སོགས་མཚན་སྔགས་རེ་རེ་སྔོན་འགྲོའི་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། མདུན་བསྐྱེད་ལ་དམིགས་པའི་ཚེ་གཟུངས་ཅི་རིགས་བཟླས་པའི་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དུས་མིན་གྱི་འཆི་བ་བསལ་ནས་འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད། གཉིས་པ་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་བུམ་པ་སྤྱི་ལྟར་བསྐྱེད་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿརྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་གཞག ཤར་དུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ། ལྷོར་རིན་འབྱུང་སེར་པོ་མཆོག་སྦྱིན་མཉམ་གཞག ནུབ་ཏུ་འོད་དཔག་མེད་དམར་པོ་མཉམ་གཞག བྱང་དུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་གཞག ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གནས་གསུམ་བྱིན་རླབས་ཡེ་ཤེས་པ་དགུག་གཞུག དབང་བསྐུར། རིགས་ལྔས་རྒྱས་གདབ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། རང་གི་སྙིང་གའི་ས་བོན་
ལས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས། བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་དང་། ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿརྣམས་ཅི་ནུས་དང་། ཚེ་གཟུངས་ཅི་རིགས་བཟླས་རྗེས་གཟུངས་ཐག་བསྡུས་ལ། གོང་ལྟར་མཆོད་བསྟོད་ཡིག་བརྒྱ་ལན་གསུམ་གྱི་མཐར། ཨོཾ་ཨཱཿཧཱུྃ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་བརྗོད། གསུམ་པ་ཆོས་སྐྱོང་གཙོ་འཁོར་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་ལྔའི་དབུས་སུ་མྃ་ལས་ཇོ་མོ་བཀྲ་ཤིས་ཚེ་རིང་མ་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ་སེང་གེ་དཀར་མོ་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་མ་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཚེའི་བར་ཆད་བསྲུང་བའི་ཕྱིར་ནམ་མཁའ་ལ་གདེངས་པ། གཡོན་ཚེའི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། ཞལ་འཛུམ་ཞིང་ཅུང་ཟད་ཁྲོ་བ། དུང་གི་ཐོར་ཚུགས་ཅན་དར་མནྟྲ་ཁའི་ན་བཟའ་ཁ་དོག་མི་འདྲ་བ་སུམ་བརྩེགས་གསོལ་བ། དེའི་ཤར་དུ་ཨིཾ་ལས་མཐིང་གི་ཞལ་བཟང་མ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ག་རྐྱང་བུ་ཁ་དཀར་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་མ། གཡས་འཕྲུལ་གྱི་མེ་ལོང་ལ་བལྟ་བའི་ཚུལ་གྱིས་འཛིན་པ། གཡོན་བ་དན་ནང་དུ་གཡོབ་པ། ཨིནྡྲ་ནཱི་ལའི་ཐོར་ཚུགས་ཅན། ལྷོར་ཨྃ་ལས་མི་གཡོ་གླང་བཟང་མ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ། སྟག་མོ་གྲུས་མ་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་མ། གཡོན་རོ་མཆོག་བརྒྱ་པའི་ཞལ་ཟས་ཀྱིས་གང་བའི་གཞོང་པ་ཐུགས་ཀར་འཛིན་པ། གཡས་པའི་མཐེབ་སྲིན་གྱིས་གཡོན་པའི་གཞོང་པ་ནས་བླངས་ནས་སྟེར་བའི་ཚུལ་མཛད་པ། གསེར་གྱི་ཐོར་ཚུགས་ཅན། ནུབ་ཏུ་ཙྃ་ལས་ཅོད་པན་མགྲིན་བཟང་མ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་ཤ་བ་ཡུ་མོ་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་མ། གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། གཡོན་ནོར་གྱི་བང་མཛོད་ཀྱི་
སྒྲོམ་བུ་འཛིན་པ། བྱེ་རུའི་ཐོར་ཚུགས་ཅན། བྱང་དུ་ཏྃ་ལས་གཏད་དཀར་འགྲོ་བཟང་མ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་གུ་གཡུ་འབྲུག་སྔོན་མོ་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་གཡས་ན་རྩྭ་དཱུརྺའི་ཆུན་པོ་དང་། གཡོན་སྦྲུལ་ཞགས་འཛིན་པ། གཡུའི་ཐོར་ཚུགས་ཅན། གཙོ་འཁོར་ཐམས་ཅད་ཀྱང་མཚར་སྡུག་འོད་དུ་ཆགས་པ། ལྷ་དང་མིའི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། སྲབ་འཇམ་ཁ་དོག་བཟང་པོའི་ན་བཟའ་གསོལ་བ། འཁོར་ལྷ་མ་སྲིན་རྒྱ་མཚོ་ལྟ་བུའི་དབུས་ན་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བཀྲ་ཤིས་མཐོན་མཐིང་རིའི་རྒྱལ་མོ་ནས། དབང་ཕྱུག་ཚེ་རིང་མཆེད་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཤ་ཆེན་སྤོས་དཀར་སོགས་བསྲེགས་ལ་རྡོར་དྲིལ་འཛིན་པས་ངག་ཏུ། བྷྱོ། སྔོན་ཚེ་དུར་ཁྲོད་བསིལ་ཚལ་དུ། །མཁའ་འགྲོ་སེང་གེའི་གདོང་ཅན་གྱི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །སྔོན་ཚེ་ཁ་ལ་རོང་སྒོ་རུ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །སྔོན་ཚེ་སྨན་ལུང་ཆུ་བར་དུ། །དབང་ཕྱུག་བཞད་པ་རྡོ་རྗེ་ཡི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །ཕྱི་ལྟར་ལྷ་སྨན་ཆེན་མོ་ལྔ། །ནང་ལྟར་ཞིང་སྐྱོང་མཁའ་འགྲོ་ལྔ། །གསང་བ་ཡེ་ཤེས་མཁའ་འགྲོ་ལྔ། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །སྡེ་བརྒྱད་དུ་མའི་འཁོར་བཅས་རྣམས། །རྣལ་འབྱོར་སྒྲུབ་པོ་འཁོར་བཅས་ལ། །ཐུགས་དམ་བརྩེ་བས་དགོངས་མཛོད་ནས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་མངྒ་ལཾ་ཨཱ་ཡུཿཔུཎྱ་ཌཱ་ཀི་ནཱི་པཉྩ་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས། མཱྃ་ལཱྃ་ཨཱྃ་ཙཱྃ་ཏཱྃ་པཉྩ་ཌཱ་ཀཱི་ནཱི་ས་པ་རི་ཝཱ་ར་སྔོན་འགྲོའི་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། དམ་ཚིག་ཕྱག་རྒྱ་སྤྱི་བོར་བཞག་ལ། ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་འཁོར་དང་བཅས་པ། དབང་ཕྱུག་བཞད་པ་རྡོ་རྗེ་ལ་སོགས་པ་རྩ་བ་དང་
བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་གང་ཟག་རྣམས་དང་རྣལ་འབྱོར་པ་བདག་ལ་གནོད་པར་བྱེད་པའི་དགྲ་བགེགས་ལོག་འདྲེན་གདུག་པ་ཅན་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཐལ་བར་རྡུལ་དུ་བརླག་པ་དང་། སངས་རྒྱས་ཀྱི་བསྟན་པ་དར་བ། བསྟན་འཛིན་རྣམས་ཀྱི་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ། རྣལ་འབྱོར་པ་བདག་ཅག་འཁོར་བཅས་ཀྱི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འགྲུབ་པའི་ཕྲིན་ལས་མཛོད་ཅིག ཅེས་དམ་ལ་བཞག མཆོད་པ་བྱིན་རླབས་གོང་ལྟར་བྱས་ལ། རབ་བརྗིད་གངས་དཀར་གུར་གྱི་ནང་དབུས་སུ། །སྣ་ཚོགས་རིན་ཆེན་བརྩེགས་པའི་གདན་ཁྲི་ལ། །ལྷ་ཡི་དར་གྱི་གཡོགས་མས་བཀབ་པའི་སྟེང་། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་བདུན། །ཁང་བཟང་སྐྱེད་ཚལ་གོས་དང་རྒྱན། །བཞོན་པ་འབྲུ་སྣ་རིན་པོ་ཆེ། །གོ་མཚོན་གནག་ཕྱུགས་ལ་སོགས་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་རྣམས་ཀྱིས། །སྨན་བཙུན་མཆེད་ལྔའི་ཐུགས་དམ་བསྐང་། །བདག་ཅག་མི་ཤེས་རྨོངས་པའི་མཐུས། །ལུས་ངག་ཡིད་ཀྱིས་ནོངས་བགྱིས་ཏེ། །ཐུགས་དང་འགལ་བར་གང་གྱུར་པ། །བྱང་ཞིང་དག་པར་མཛད་དུ་གསོལ། །བྷྱོ། ཆོས་སྐུ་སྐྱེ་བ་མེད་པ་ལས། །འགྲོ་བའི་དོན་དུ་བྱོན་པ་ཡི། །རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་པའི། །ཇོ་མོ་བཀྲ་ཤིས་ཚེ་རིང་མ། །མཁའ་འགྲོ་ཆེན་མོ་ལྔ་ལ་བསྟོད། །ཅེས་དང་། བསྟོད་པ་རྒྱས་པ་ལ་སྤྲོ་ན་གཞན་ནས་འབྱུང་བ་བཞིན་བྱའོ། །ཚེ་གཏོར་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་བདུད་རྩིའི་རང་བཞིན་ཏུ་གྱུར། འབྲུ་གསུམ་གྱི་བྱིན་གྱིས་བརླབ། མཚན་སྔགས་ལ་ཨ་ཀཱ་རོ་བཏགས་པས་དབུལ་
མཆོད་བསྟོད། མཆོད་སྦྱིན་གཏོར་མ་སོགས་འདོད་དོན་ཞུ། ཆོས་སྐྱོང་མའི་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་ལ། མཱྃ་ལཱྃ་ཨཱྃ་ཙཱྃ་ཏཱྃ་པཉྩ་ཌཱ་ཀཱི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྔའམ་བདུན་གྱིས་དབུལ། གོང་ལྟར་ཕྱི་མཆོད་ཀྱིས་མཆོད། པཉྩ་ཌཱ་ཀི་ནཱི་ཨཉྫི་དྷ་རཱི་སྭཱཧཱ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་ལ། གོང་གི་བསྟོད་པའི་མཐར། སྨན་བཙུན་ཆེན་མོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་ནས་ཀུན་འགྲུབ་ཤོག་གི་བར་སྤྱི་ལྟར་བརྗོད། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ་བ་ནི། རང་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ལྷ་མོ་ལྔའི་ཐུགས་ཀར་རང་རང་གི་ས་བོན་སྔགས་ཕྲེང་གིས་བསྐོར་བ་ལ་ཕོག ཐུགས་རྒྱུད་བསྐུལ་ཏེ་སྨན་བཙུན་མ་མཆེད་ལྔ་རང་རང་གི་དངོས་གྲུབ་རྣམས་རང་ཉིད་ལ་སྩོལ་བར་བསམས་ལ། ཨོཾ་མྃ་མངྒ་ལ་ཨཱ་ཡུར་པུཎྱ་ཨཉྫི་དྷ་ར་སྭཱ་ཧཱ། ཨོཾ་ཨིཾ་ཨིནྡྲ་ནཱི་ལ་མུ་ཁ་བྷ་དྲ་ཨཉྫི་དྷ་ར་སྭཱ་ཧཱ། ཨོཾ་ཨྃ་ཨ་ཙ་ལ་ཧ་ན་བྷ་དྲ་ཨཉྫི་དྷ་ར་སྭཱ་ཧཱ། ཨོཾ་ཙྃ་མུ་ཀུ་ཊ་མ་དྷུ་ར་བྷ་དྲ་ཨཉྫི་དྷ་ར་སྭཱ་ཧཱ། ཨོཾ་ཏྃ་ཏད་བྷ་ཛྙཱ་ན་ཀ་ར་བྷ་དྲ་ཨཉྫི་དྷ་ར་སྭཱ་ཧཱ། ཞེས་ཅི་ནུས་བཟླ། འདོད་དོན་གསོལ་ནས་དམ་ཚིག་དང་ལྡན་ཞིང་དོན་གཉེར་ཀྱི་སློབ་མ་རྣམས་ཁྲུས་བྱས། གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་སྤྱི་དང་མཐུན་པར་གསལ་གདབ། ལོ་རྒྱུས་བརྗོད་པར་སྤྲོ་ན། རྗེ་བཙུན་ཆེན་པོ་བཞད་པའི་རྡོ་རྗེ་དེས་རྗེ་མར་པའི་དྲུང་དུ་དཀའ་བ་མང་དུ་སྤྱད་ཅིང་། གདམས་ངག་ཟབ་པ་དང་རྒྱ་ཆེ་བ་དུ་མ་ཞུས་ཏེ། གནས་བྱིན་རླབས་ཅན་སྨན་ལུང་ཆུ་བར་དུ་ཏིང་ངེ་འཛིན་ལ་བཞུགས་པའི་དུས། བཀྲ་ཤིས་ཚེ་རིང་མས་གཙོ་བྱས་པའི་མཁའ་འགྲོ་མ་ལྔ་ལ་སོགས་པ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་གནམ་ས་བསྒྱུར་བ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ། ཏིང་ངེ་འཛིན་ལ་བར་ཆད་བྱེད་དུ་བྱུང་བར། རྗེ་བཙུན་ཆེན་པོ་དེ་ཉིད་སྐྱེ་བ་མེད་པའི་དོན་ལ་སྣང་བ་ཕྱོགས་
མེད་དུ་གཟིགས་ཤིང་། ཏིང་ངེ་འཛིན་ལ་རྩལ་འབྱོངས། རིག་པ་འོད་གསལ་གྱི་མདོངས་ཐོན་པའི་སྟོབས་ཀྱིས། སྐུ་ལུས་གཟུང་འཛིན་གྱི་ཕུང་པོ་ལ་ཞེན་པ་མེད་པར་མཆོད་སྦྱིན་དུ་བསྔོས་པས། དེའི་ཚེ་འཇིག་རྟེན་གྱི་མཁའ་འགྲོ་མ་དེ་དག་ཤིན་ཏུ་གནོང་ཞིང་འགྱོད་ནས་གུས་པས་བཏུད། བཤགས་པ་ཕུལ། ད་ཕྱིན་རྗེ་བཙུན་ཆེན་པོའི་བཀའ་དང་དམ་ལ་མི་འདའ་ཞིང་བཀའ་བཞིན་རྗེས་སུ་བསྒྲུབ་པར་བགྱིའོ། །ཞེས་ཞུས་པས། རྗེ་བཙུན་གྱིས་དེ་རྣམས་བཀའ་འབངས་བགྱིད་པ་གཙིགས་ལ་ཕབ། དམ་ལ་བཏགས། དབང་དང་གདམས་ངག་ཚེ་རིང་སྐོར་གསུམ་དབང་བཞི་མདུད་གྲོལ་ལ་སོགས་པ་གནང་། དེ་དག་གིས་རང་རང་གི་སྲོག་སྙིང་དང་སོ་སོའི་ཕྲིན་ལས་འདི་བསྒྲུབ་ཅེས་པའི་དངོས་གྲུབ་རེ་ཕུལ། རྗེས་འཇུག་ཆོས་བརྒྱུད་འཛིན་པ་རྣམས་ཀྱིའང་བཀའ་སྲུང་བྱེད་པར་དམ་བཅས། རྗེ་བཙུན་ལ་དན་རྫོང་རས་པ་དང་། རས་པ་ཞི་བ་འོད་གཉིས་ཀྱིས་བགྲོས་ཏེ་ཡང་ཡང་ཞུས་པས། ལྷན་ཅིག་སྐྱེས་མའི་མངོན་རྟོགས། ཚེ་དཔག་མེད་ཀྱི་དབང་། ཚེ་རིང་མའི་རྗེས་གནང་ངོ་སྤྲོད་རྣམས་མཛད་ནས་ཐུགས་དགྱེས་བཞིན་ཏུ་གནང་། ཉམས་སུ་ལེན་པའི་སྒོམ་ཆེན་ནམ། སྣོད་ལྡན་བྱུང་ན་མ་གཏོགས་མ་སྦྱིན། དབུས་ན་མར་ན་བསྐུར་ལ་སྤྱིར་ཐེག་པ་ཆེན་པོའི་ཆོས་ལ་མཁས་པ་དགོས། རྣལ་འབྱོར་བླ་མེད་ཀྱི་ཆོས་མང་དུ་མཁྱེན་པ། ཆོས་འདི་ལ་མོས་པ་འགྲོ་དོན་ནུས་པ་གཅིག་ལ་བྱིན་གསུངས། ངན་རྫོང་རས་པས་གུང་ཐང་རས་ཆུང་པ་དང་། འོམ་ཆུང་རས་པ་གཉིས་ལ་གནང་། གུང་ཐང་པ་ལ་རྗེ་བཙུན་གྱི་ཞལ་གདམས་བརྗོད་ནས་དབུས་སུ་བཏང་། ཁོང་གི་གོས་ཀྱི་གོང་བར་བཅུག་པས་གོང་ཁུག་མར་གྲགས། དབུས་སུ་སློབ་མའི་སྣོད་བརྟགས་པས། དགེ་བཤེས་རྒྱ་ཕོ་བ་ལུང་པ། སྲས་དར་མ་མདོ་སྡེའི་སྐྱེ་བ་ཡིན་ཞེས་གྲགས། དེ་བླ་མའི་ལུང་དང་མཐུན་པར་བྱུང་ནས་དེ་ལ་གནང་། དེ་ནས་རིམ་པར་བརྒྱུད་དེ་རྩ་བའི་བླ་མའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལ། དེ་ལྟ་བུའི་རྗེས་གནང་ཟབ་མོ་བསྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་སྔོན་ཏུ་
ལེགས་པར་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བརྗོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས་ནས་གནང་བར་མཛོད་ཅེས་པའི་བར་དང་། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སྟེང་གི་ཆ་ལ་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ། ཚེ་དཔག་ཏུ་མེད་པ་རྣམས་བཞུགས་པ་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱིས་བསྐོར་བ། འོག་གི་ཆ་ལ་ཚེ་རིང་མ་མཆེད་ལྔ་བཞུགས་པ་རྣམས་ཀྱི་སྤྱན་སྔར་སྡིག་སྒྲིབ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག་གི་བར་དང་དེ་རྣམས་ཀྱིས་སྔོན་འགྲོའི་རིམ་པ་རྣམས་ལེགས་པར་གྲུབ་ནས། དངོས་གཞི་ལ་སྤྱི་བོར་ཚེ་དབང་བསྐུར་བ། རིགས་ལྔའི་ཆུ་དབང་སྦྱིན་པ། ཆོས་སྐྱོང་མའི་རྗེས་གནང་བྱ་བ་དང་གསུམ་ལས། དང་པོ་ཚེ་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཅེས་དང་སློབ་མ་བསང་སྦྱངས། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་དུར་ཁྲོད་དང་བཅས་པའི་དབུས་སུ་སློབ་མ་རྣལ་འབྱོར་མར་བདག་བསྐྱེད་བཞིན་བསྐྱེད། དེའི་སྤྱི་བོར་རི་དྭགས་ཀྲྀཥྞ་ས་རའི་པགས་པའི་གདན་ལ་རྗེ་བཙུན་བཞད་པའི་རྡོ་རྗེ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཀཱ་ཤི་ཀའི་རས་ཀྱི་ན་བཟའ་གསོལ་བ། ཆོས་འཆད་ཀྱི་ཕྱག་རྒྱ་ཅན། དབུ་སྐྲ་སེ་བུན་ནེ་བ། རྡོ་རྗེའི་གླུ་དབྱངས་ལེན་པ། རོལ་པའི་སྟབས་ཀྱིས་བཞུགས་པའི་ཞབས་གཡས་པའི་མཐེ་བོང་ཁྱེད་རང་རྣམས་ཀྱི་ཚངས་བུག་ལ་རེག་པ། དེའི་དབུ་ཐོག་ཏུ་རྨ་བྱས་བཏེག་པའི་སོགས་ནས་གནས་གསུམ་བྱིན་རླབས་ཀྱི་བར་གོང་བཞིན་བརྗོད། དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་དང་འོག་མིན་དང་། བདེ་བ་ཅན་སོགས་ནས་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས། དཔའ་བོ་
མཁའ་འགྲོ། ཆོས་སྐྱོང་སྲུང་མ་དང་བཅས་པ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་དམ་ཚིག་སེམས་དཔའ་སུམ་བརྩེགས་བསྒོམས་པ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཨོཾ་གསུམ་མམ་ཚེ་གཟུངས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། ཛཿཧཱུྃ་བཾ་ཧོཿ ཞེས་སོགས་ཡང་ཡང་། སྤོས་རོལ་བྱ། དེ་ནས་སྤྱི་བོར་བཞུགས་པའི་ཚེ་དཔག་མེད་དང་། རྗེ་བཙུན་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། འཇིག་རྟེན་འདྲེན་པའི་ནས་ཕྱག་འཚལ་ལོ། །གངས་ཅན་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པ། །མི་ལ་ཞེས་བྱར་ཡོངས་གྲགས་པའི། །ཕ་རས་པ་དེ་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤ་ར་རེ་ཧཱུྃ་ཕཊ། ཅེས་གསོལ་བ་བཏབ་པས། ཚེ་དཔག་མེད་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་འཕྲོས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཡར་བ་ཉམས་པ། གཞན་གྱིས་ངན་ཐབས་བྱས་པ། འདྲེ་སྲིན་གདུག་པ་ཅན་གྱིས་བླ་ཚེ་གཞོམ་པ། བན་བོན་མཐུ་བོ་ཆེས་བཀུག་ཅིང་ཁྱེར་བ་རྣམས་བཀུག ཕྱི་རོལ་འབྱུང་བ་བཞིའི་ནང་ན་གནས་པའི་འཆི་མེད་ཚེའི་དངོས་གྲུབ། ཟག་བཅས་འཁོར་བ་པ་དང་། ཟག་མེད་མྱ་ངན་ལས་འདས་པའི་བཅུད་མཐུ་སྟོབས་ཡོན་ཏན་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་བསྡུས་ནས་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་ཞུགས། ཁོལ་ཞིང་ལུད་པའི་རྒྱུན་རྗེ་བཙུན་ཆེན་པོའི་དབུ་གཙུག་ཏུ་ཞུགས། སྐུ་གང་། ཞབས་གཡས་པའི་མཐེ་བོང་ནས་བརྡོལ། ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བའི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། འཁོར་འདས་ཤེས་བྱའི་ཡོན་ཏན་རྫོགས་ཤིང་། འཆི་བདག་གི་འཇིགས་པ་ལས་གྲོལ་ནས་འཆི་མེད་ཚེའི་དངོས་གྲུབ་ལ་བརྟན་པ་ཐོབ་པའི་མོས་པ་མཛོད། ཅེས་ཚེ་བུམ་སློབ་མའི་སྤྱི་བོར་བཞག་ཅིང་ཚེ་གཟུངས་བརྗོད། རིག་འཛིན་ཚེ་དབང་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཆོས་སྐྱོང་སྲུང་མར་བཅས་
པས་རྡོ་རྗེ་སློབ་མ་འདི་རྣམས་ལ་འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་དང་ཚེ་རིལ་ཚེ་ཆང་བྱིན་ལ། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་བགྱི། །ཞལ་ཟས་བསྟེན་པས་ནད་ཀུན་ལ། །གྲོལ་བར་ཐེ་ཚོམ་བྱ་མི་དགོས། །ཞེས་པའི་མཐར་ལོ་བརྒྱ་ཐུབ་ཅིང་སོགས་ཤིས་བརྗོད་བྱ། གཉིས་པ་རིགས་ལྔའི་ཆུ་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བའི་གནས་ལྔར། སེང་གེ། རྨ་བྱ། གླང་ཆེན། རྟ་མཆོག མཁའ་ལྡིང་གིས་བཏེག་པའི་ཁྲི་པད་ཟླས་མཚན་པ་ལས། ཨོཾ་ཧྲཱིཿཧཱུྃ་ཏྲཱྃ་ཨཱཿ དཔྲལ་བར་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ། མགྲིན་པར་འོད་དཔག་མེད་དམར་པོ་མཉམ་གཞག སྙིང་གར་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་གཞག ལྟེ་བར་རིན་འབྱུང་སེར་པོ་མཆོག་སྦྱིན་མཉམ་གཞག གསང་བར་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་ཅིང་མཚན་དཔེས་སྤྲས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་རང་རང་གི་ས་བོན་གྱིས་མཚན་པ་དེ་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་ཁྱབ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་ཀྱི་བྱིན་རླབས་བདུད་རྩི་ཁ་དོག་ལྔའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པར་མོས། དེ་ཉིད་བརྟན་པར་བྱ་བའི་ཕྱིར་ནམ་མཁའ་གང་བའི་དབང་ལྷ་རྣམས་དང་། སློབ་དཔོན་ལྷན་ཅིག་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བར་མོས། ཞེས་བུམ་པ་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་སྐུར་གྱུར་པ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨོཾ། ཞེས་བརྗོད་ལ་བུམ་ཆུ་སྦྱིན། བུམ་པ་ལྟག་པར་བཞག སངས་རྒྱས་ཀུན་གྱི་གསུང་གྱུར་པ། །བཅོམ་ལྡན་སྣང་བ་
མཐའ་ཡས་ཀྱིས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །འཆི་མེད་ཚེ་ཡི་དངོས་གྲུབ༴ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ བུམ་པ་དཔྲལ་བར། སངས་རྒྱས་ཀུན་གྱི་ཐུགས་གྱུར་པ། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ཡིས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །འཆི་མེད་ཚེ་ཡི༴ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། བུམ་པ་རྣ་ལྟག་གཡས། སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །འཆི་མེད་ཚེ་ཡི༴ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཏྲཱྃ། བུམ་པ་རྣ་ལྟག་གཡོན། སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །གསང་གནས་བདེ་སྐྱོང་འཁོར་ལོ་རུ། །འཆི་མེད་ཚེ་ཡི༴ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ཆུ་ལྷག་མ་ཡར་ལུད་པ་ལས་གནས་ལྔར་རིགས་ལྔས་དབུར་བརྒྱན་པར་མོས། དེ་ལྟར་དབང་བསྐུར་བས་གཏི་མུག་ལ་སོགས་པའི་ཉོན་མོངས་པ་ལྔ་དག རྣམ་སྣང་ལ་སོགས་པའི་དབང་ལྔ་ཐོབ། གཟུགས་ཕུང་ལ་སོགས་པའི་ཕུང་པོ་ལྔ་གནས་གྱུར། ཆོས་དབྱིངས་ལ་སོགས་པ་ཡེ་ཤེས་ལྔ་མངོན་དུ་བྱས། རིགས་ལྔའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་ནོ་ཞེས་དང་། ཆོས་སྐུ་ནམ་མཁའ་སོགས་ནས་ཤོག་གི་བར་བརྗོད་ལ་མེ་ཏོག་གཏོར། དེ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་དབང་ལེགས་པར་གྲུབ་ནས། གསུམ་པ་ཆོས་སྐྱོང་མའི་རྗེས་གནང་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། བསང་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་མདུན་གྱི་གཞིར་སོགས་ཅེས་དམ་བཞག་གི་བར་གོང་གི་མངོན་རྟོགས་ལྟར་བརྗོད། དེ་ནས་ཚེ་རིང་མའི་གཏོར་མ་སློབ་མའི་ལག་ཏུ་གཏད་ལ། གཙོ་མོ་བཀྲ་ཤིས་ཚེ་རིང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཅན། །མི་འགྱུར་ཡོན་ཏན་ཀུན་རྫོགས་པ། །ཚེ་འཕེལ་རིགས་བརྒྱུད་དངོས་གྲུབ་སྩོལ། །ཨོཾ་མྃ་མཾ་ག་ལ་ཨཱ་ཡུཿཔུཎྱ་ཨཉྫི་དྷ་ར་སྭཱ་ཧཱ། སངས་རྒྱས་མཁའ་འགྲོ་བཀྲ་ཤིས་ཚེ་རིང་མ་འཁོར་དང་བཅས་པ་དབང་ཕྱུག་བཞད་
པའི་རྡོ་རྗེའི་སྤྱན་སྔར་ཁས་བླངས་དམ་བཅས་པ་བརྟན་པར་མཛོད་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་ཡང་དམ་ལྡན་རྡོ་རྗེའི་སློབ་མ་འདི་རྣམས་ལ་འཆི་བ་མེད་པའི་ཚེ་དང་། སྲིད་སྲུངས། རིགས་བརྒྱུད་འཕེལ་བའི་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད། ཤར་ཕྱོགས་ཀྱི་གཏོར་མ། ལྷ་མོ་མཐིང་གི་ཞལ་བཟང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད༴ མི་འགྱུར་ཡོན་ཏན་ཀུན༴ སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨིཾ་ཨིནྡྲ་ནཱི་ལ་མུ་ཁ་བྷ་དྲ་ཨཉྫི་དྷ་ར་སྭཱ་ཧཱ། རྡོ་རྗེ་མཁའ་འགྲོ་མཐིང་གི་ཞལ་བཟང་མ་འཁོར་དང་བཅས་པ༴ སྣང་གསལ་པྲ་ཡི་དངོས་གྲུབ་སྩལ་དུ༴ ལྷོའི་གཏོར་མ། ལྷ་མོ་མི་གཡོ་གླང་བཟང་མ། །དཔལ་འབར་བཀྲ་ཤིས༴ མི་འགྱུར་ཡོན་ཏན༴ རྨ་གཡང་ཟས་ཀྱི་དངོས་གྲུབ༴ ཨོཾ་ཨྃ་ཨ་ཙ་ལ་ཧ་ན་བྷ་དྲ་ཨཉྫི་དྷ་ར་སྭཱ་ཧཱ། རིན་ཆེན་མཁའ་འགྲོ་མི་གཡོ་བློ་བཟང་མ་འཁོར་དང་བཅས་པ༴ རྨ་གཡང་ཟས་ཀྱི་དངོས་གྲུབ༴ ནུབ་ཀྱི་གཏོར་མ། ལྷ་མོ་ཅོད་པན་མགྲིན་བཟང་མ། །དཔལ་འབར་བཀྲ་ཤིས༴ མི་འགྱུར་ཡོན་ཏན༴ བང་མཛོད་ནོར་གྱི་དངོས་གྲུབ་སྩོལ། །ཨོཾ་ཙྃ་མུ་ཀུ་ཊ་མ་དྷུ་ར་བྷ་དྲ་ཨཉྫི་དྷ་ར་སྭཱ་ཧཱ། པདྨ་མཁའ་འགྲོ་ཅོད་པན་མགྲིན་བཟང་མ་འཁོར༴ བང་མཛོད་ནོར་གྱི་དངོས་གྲུབ༴ བྱང་གི་གཏོར་མ། ལྷ་མོ་གཏད་དཀར་འགྲོ་བཟང་མ། །དཔལ་འབར༴ མི་འགྱུར་ཡོན་ཏན༴ རྐང་བཞི་ཕྱུགས་འཕེལ་དངོས་གྲུབ་སྩོལ། །ཨོཾ་ཏྃ་ཏད་བྷ་ཛྙཱ་ན་ཀ་ར་བྷ་དྲ་ཨཉྫི་དྷ་ར་སྭཱ་ཧཱ། ལས་ཀྱི་མཁའ་འགྲོ་གཏད་དཀར་འགྲོ་བཟང་མ་འཁོར༴ རྐང་བཞི་ཕྱུགས་འཕེལ་བའི༴ དེ་རྣམས་ཀྱིས་གཏོར་མའི་རྗེས་གནང་གྲུབ་ནས། དེ་ནས་དངོས་གྲུབ་ཀྱི་རྗེས་གནང་གི་སླད་དུ་ཕྱག་མཚན་རྣམས་རིམ་པར་ལག་ཏུ་གཏད་པར་མོས། གཙོ་མོ་བཀྲ་ཤིས་ཚེ་རིང་མ་མཚར་སྡུག་ཏུ་ཆགས་ཤིང་རྒྱན་དང་ན་བཟའ་མཛེས་པར་བྱས་པས་སྲིད་སྲུང་རིགས་བརྒྱུད་འཕེལ་བའི་དངོས་གྲུབ་ཀྱི་རྗེས། རྡོ་རྗེ་དང་བུམ་པ་འཛིན་པས་ཁྱེད་རང་རྣམས་ལ་གུས་པའི་ཚུལ་གྱིས་བསྐོར་བ་ལིང་ལིང་བྱེད་ཅིང་ཁོ་མོའི་མིང་ནི་བཀྲ་ཤིས་ཚེ་རིང་མ་
ཞེས་བགྱི་བ་ལགས་ཏེ། ཚེ་དང་རིགས་བརྒྱུད་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ། །ཞེས་བརྗོད་པའི་མོས་པ་མཛོད་ཅིག དབྱངས་དང་བཅས་ཏེ། བཞད་པའི་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྲིད་སྲུང་ཚེ་ཡི་དངོས་གྲུབ་འབུལ། །ཨོཾ་མྃ་མངྒ་ལ༴ ལྷ་མོ་མིང་གི་ཞལ་བཟང་མ་མཚར་སྡུག༴ མཛེས་པར་བྱས་པས་སྣང་གསལ་པྲ་ཡི་དངོས་གྲུབ་ཀྱི་རྫས་མེ་ལོང་དང་མདའ་དར་འཛིན༴ མིང་ནི་མཐིང་གི་ཞལ་བཟང་མ་ཞེས་བགྱི་བ་ལགས་ཏེ། སྣང་གསལ་པྲ་ཡི་དངོས་གྲུབ་འབུལ། བཞད་པའི་རྡོ་རྗེའི༴ ཇི་ལྟར་ཁས༴ སྐལ་ལྡན་རིགས་ཀྱི༴ སྣང་གསལ་པྲ་ཡི་དངོས་གྲུབ་འབུལ། །ཨོཾ་ཨིཾ་ཨིནྡྲ་ནཱི་ལ༴ སླར་ཡང་ལྷ་མོ་མི་གཡོ་གླང་བཟང་མ་མཚར་སྡུག༴ མཛེས་པར་བྱས་པས་རྨ་གཡང་ཟས་ཀྱི་དངོས་གྲུབ་ཀྱི་ཁ་ཟས་ཀྱིས་བཀང་བའི་སྣོད་འཛིན། མིང་ནི་མི་གཡོ་བློ་བཟང་མ་ཞེས་བགྱི་བ་ལགས་ཏེ། རྨ་གཡང་ཟས་ཀྱི་དངོས་གྲུབ༴ བཞད་པའི་རྡོ་རྗེའི༴ ཇི་ལྟར༴ སྐལ་ལྡན་རིགས༴ རྨ་གཡང༴ ཨོཾ་ཨྃ་ཨ་ཙ་ལ༴ སླར་ཡང་ལྷ་མོ་ཅོད་པན་མགྲིན་བཟང་མ་མཚར་སྡུག༴ མཛེས་པར་བྱས་པས་བང་མཛོད་ནོར་གྱི་དངོས་གྲུབ་ཀྱི་རྫས་རིན་པོ་ཆེ་དང་དེས་གང་བའི་སྒྲོམ་བུ་འཛིན། མིང་ནི་ཅོད་པན་མགྲིན་བཟང་མ་ཞེས་བགྱི་བ་ལགས་ཏེ། བང་མཛོད་ནོར་གྱི་དངོས་གྲུབ༴ བཞད་པའི་རྡོ་རྗེའི༴ ཇི་ལྟར་ཁས༴ སྐལ་ལྡན་རིགས༴ བང་མཛོད་ནོར་གྱི་དངོས་གྲུབ་འབུལ། །ཨོཾ་ཙྃ་མུ་ཀུ་ཊ༴ སླར་ཡང་ལྷ་མོ་གཏད་དཀར་འགྲོ་བཟང་མ་མཚར་སྡུག༴ མཛེས་པར་བྱས་པས་རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་ཀྱི་རྫས་རྩྭ་དཱུརྺའི་ཆུན་པོ་དང་སྦྲུལ་ཞགས་འཛིན། མིང་ནི་གཏད་དཀར་འགྲོ་བཟང་མ་ཞེས་བགྱི་བ་ལགས་ཏེ། རྐང་བཞི་ཕྱུགས་ཀྱི་དངོས་གྲུབ༴ བཞད་པའི་རྡོ་རྗེའི༴ ཇི་ལྟར༴ སྐལ་ལྡན༴ རྐང་བཞི་ཕྱུགས་འཕེལ་དངོས་གྲུབ་འབུལ། །ཨོཾ་ཏྃ་ཏད་བྷ༴ འབད་དང་རྩོལ་བས་མ་གོས་པ། །སོགས་ཀྱིས་བཀྲ་ཤིས་བརྗོད། དེས་དངོས་གཞི་ལེགས་པར་གྲུབ་ནས། དེ་དག་གི་གནས་
སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་སོགས་དང་། གཏང་རག་ཏུ་མཎྜལ། ལུས་ལོངས་སྤྱོད་སོགས་ཆ་ཤས་ཀྱི་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་སོགས་སྤྱི་དང་འདྲའོ། །རྗེས་ཀྱི་བྱ་བ་ནི། ཚོགས་ཡོད་ན་ལོངས་སྤྱད། མཆོད་པ་རྣམས་ཁ་གསོ། བསང་སྦྱངས་བྱིན་བརླབས་ལ། ཚེ་དཔག་མེད་ཀྱི་མཚན་སྔགས་སྔོན་འགྲོའི་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། ཚེ་རིང་མ་ལ་མཚན་སྔགས་སྔོན་འགྲོའི་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། ཆོས་སྐུ་སྐྱེ་བ་སོགས་ཀྱིས་བསྟོད། འདོད་དོན་ཞུ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཙཀླི་ལ་བརྟན་བཞུགས། རྟེན་མེད་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་མི་དམིགས་པར་གཞག ཨྃ་བྃ་སོགས་བརྗོད་པས་བསྲུང་། དགེ་བ་བསྔོ་ཞིང་བཀྲ་ཤིས་བྱའོ། །དེ་ལྟར་བཀྲ་ཤིས་ཚེ་རིང་མ་མཆེད་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་མདོར་བསྡུས་པ་འདི་རང་གཞན་ལ་ཕན་པའི་ཕྱིར་དུ། མཚུངས་མེད་ངག་དབང་རྣམ་རྒྱལ་སོགས་ཡོངས་འཛིན་དམ་པ་རྣམས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་ཤཱཀྱའི་དགེ་སློང་མཆོག་ལེགས་རྡོ་རྗེས་ཤྲཱི་ན་ལེནྡྲར་སྦྱར་བའོ། ༈ །བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །བླ་མ་རྡོ་རྗེ་རྣལ་འབྱོར་མར། །བཏུད་ནས་དེ་ཡི་རྣམ་འཕྲུལ་ལས། །ཡོངས་ཤར་སྨན་བཙུན་མཆེད་ལྔ་ཡི། །གསོལ་མཆོད་སྙིང་པོར་དྲིལ་ཏེ་བཤད། །དེའང་དབེན་པའི་གནས་སུ་མཆོད་གཏོར་སོགས་ཚོགས་པར་བྱས་ནས། བདག་གི་རྣལ་འབྱོར་སྔོན་ཏུ་འགྲོ་བས་ཡོ་བྱད་རྣམས་བསང་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་དར་དཀར་གྱི་གུར་ཁྱིམ་ཡངས་ཤིང་རྒྱ་ཆེ་བ་བཀོད་པས་མཛེས་པའི་དབུས་སུ་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་
བ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། དེ་ནས་དམ་ཚིག་གི་འཁོར་ལོ་གསལ་གདབ་པ་ནི། ཆོས་ཀུན་གནས་ལུགས་གཟོད་མ་ནས། །སྟོང་ཉིད་སྤྲོས་མཚན་ལས་འདས་ཀྱང་། །སྣང་ཚུལ་རྟེན་ཅིང་འབྲེལ་འབྱུང་གི། །རྣམ་རོལ་འགགས་པ་མེད་པའི་རྩལ། །ཁོར་ཡུག་གངས་རིས་བསྐོར་བའི་དབུས། །སྤང་ལྗོངས་མེ་ཏོག་སྣ་ཚོགས་དང་། །བདུད་རྩིའི་ཆུ་གཏེར་འཁྱིལ་པའི་གཞིར། །སྤྲིན་དང་ན་བུན་འཁྲིགས་པའི་ཀློང་། །ཟླ་ཞུན་ཐགས་སུ་བཏགས་པ་ལྟར། །རབ་དཀར་ཀཱ་ཤིའི་ལྡིང་གུར་ནི། །དབང་པོའི་གཞུ་ཡི་ཚོན་རིས་ཅན། །ཡངས་ཤིང་རྒྱ་ཆེ་བཀོད་ལེགས་པར། །རྒྱལ་ཀུན་ཡུམ་གཅིག་རྣལ་འབྱོར་མའི། །ཡེ་ཤེས་ལྔ་ཡི་རྣམ་འཕྲུལ་ལས། །ཡོངས་ཤར་གངས་ཅན་བོད་ཡུལ་འདིར། །དཀར་ཕྱོགས་སྐྱོང་བའི་སྲུང་མའི་གཙོ། །དབུས་སུ་བཀྲ་ཤིས་ཚེ་རིང་མ། །དཀར་གསལ་རྡོ་རྗེ་ཚེ་བུམ་བསྣམས། །ཆིབས་སུ་སེང་གེ་དཀར་མོ་བཅིབས། །མདུན་དུ་མཐིང་གི་ཞལ་བཟང་སྔོ། །འཕྲུལ་གྱི་མེ་ལོང་བ་དན་གཡོབ། །ཆིབས་སུ་རྐྱང་མོ་ཁ་དཀར་བཅིབས། །གཡས་སུ་མི་གཡོ་གླང་བཟང་སེར། །རོ་མཆོག་བརྒྱ་ལྡན་ཟས་གཞོང་བསྣམས། །ཆིབས་སུ་རྒྱ་སྟག་གྲུས་མ་བཅིབས། །རྒྱབ་ཏུ་ཅོད་པན་མགྲིན་བཟང་དམར། །རིན་ཆེན་གཏེར་གྱི་སྒྲོམ་བུ་འཛིན། །ཆིབས་སུ་ཤ་བ་ཡུ་མོ་བཅིབས། །གཡོན་ཏུ་གཏད་དཀར་འགྲོ་བཟང་ལྗང་། །རྩྭ་མཆོག་དཱུརྦ་སྦྲུལ་ཞགས་གདེངས། །ཆིབས་སུ་གཡུ་འབྲུག་སྔོན་མོ་བཅིབས། །ཀུན་ཀྱང་དར་དང་རཏྣས་བརྒྱན། །རིན་ཆེན་སྣ་ལྔའི་ཐོར་ཚུགས་ཅན། །མཚར་སྡུག་འོད་ཆགས་གཟི་བྱིན་འབར། །འཛུམ་ཞིང་དགྱེས་པའི་ཚུལ་དུ་བཞུགས། །འཁོར་དུ་བརྟན་མ་བཅུ་གཉིས་དང་། །ལྷ་སྨན་འབུམ་ཕྲག་གྲངས་མེད་སོགས། །སྤྲུལ་དང་ལས་མཛད་བསམ་མི་ཁྱབ། །སོ་སོའི་གནས་གསུམ་འབྲུ་གསུམ་དང་། །རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འཕྲོས་པའི་འོད་ཀྱིས་བལ་བོད་མཚམས། །བཀྲ་ཤིས་ལྷུན་ཆགས་གངས་ཀྱི་རི། །
མཐོན་མཐིང་རྒྱལ་མོའི་ཕོ་བྲང་ནས། །སྨན་བཙུན་འཁོར་བཅས་སྤྱན་དྲངས་ཏེ། །བསྐྱེད་པའི་རྟེན་ལ་གཉིས་མེད་ཐིམ། །ཕྲིན་ལས་ཅི་བཅོལ་བྱེད་པར་གྱུར། །སྤྱན་འདྲེན་པ་ནི། བྷྱོ། རྡོ་རྗེ་བཙུན་མོ་སེང་གེའི་གདོང་། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་། །རྣལ་འབྱོར་དབང་ཕྱུག་བཞད་པ་རྗེ། །སྲས་དང་སློབ་མར་བཅས་པའི་མདུན། །ཇི་ལྟར་ཞལ་བཞེས་དེང་དགོངས་ལ། །བརྒྱུད་འཛིན་བདག་གིས་འབོད་པའི་ཚེ། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །མཆེད་དང་སྤྲུལ་པ་ཡང་འཁོར་བཅས། །དངོས་གྲུབ་འདོད་རྒུའི་ཆར་འབེབས་ཕྱིར། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཨོཾ་བཛྲ་ས་མ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་ཛྙཱ་ན་ས་པ་རི་ཝཱ་ར་ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཛཿ ཞེས་བརྗོད་པས་མདུན་གྱི་ནམ་མཁར་བྱོན་པ་ཛཿཧཱུྃ་བཾ་ཧོཿས་མདུན་བསྐྱེད་དང་དབྱེར་མེད་དུ་བསམ། སླར་ཡང་ནམ་མཁའི་ཁམས་གང་ལྷས། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་རྣལ་འབྱོར་མ། །ལྷན་ཅིག་སྐྱེས་མས་དབུར་བརྒྱན་གྱུར། །དེ་ནས་གཏོར་མ་འབུལ་བ་ནི། མགྲོན་རིགས་འཁོར་བཅས་ལྗགས་ཧཱུྃ་ལས། །རྡོ་རྗེ་རྩེ་གཅིག་རྣམ་པ་ཡི། །འོད་ཀྱི་སྦུ་གུས་གཏོར་མའི་བཅུད། །དྲངས་ཏེ་ཟག་མེད་བདེ་བས་ཚིམ། །ཨོཾ་བཛྲ་ས་མ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་ཛྙཱ་ན་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་དབུལ། སྤྲོ་ན་ཐུགས་དམ་བསྐང་བའི་ཆོ་ག་བྱ། གང་ལྟར་ཡང་མཆོད་པ་ནི། ཨོཾ་ཨཱཿཧཱུྃ། ལྷ་རྫས་ལས་གྲུབ་ཏིང་འཛིན་མཐུས། །བྱིན་བརླབས་རབ་འབྱམས་མཆོད་པའི་སྤྲིན། །ཕྱོགས་དུས་ཀུན་ཏུ་མི་ཟད་པས། །སྨན་བཙུན་ཆེན་མོ་འཁོར་བཅས་མཆོད། །ཨོཾ་བཛྲ་ས་མ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། བྷྱོ། ཕྱི་ལྟར་གཙང་རིགས་ལྷ་མོ་སྟེ། །ནང་ལྟར་རིག་འཛིན་ལྷ་མོ་ལྔ། །ཨཉྫི་དྷ་ར་ས་སྲུང་སྟེ། །གསང་བ་སྔགས་ཀྱི་ཌཱ་ཀི་ལྔ། །དོན་དམ་བདེ་ཆེན་ཡེ་ཤེས་དབྱིངས། །གཅིག་ཉིད་དུ་མའི་རྣམ་རོལ་ཅན། །སྨན་བཙུན་ཆེན་མོ་འཁོར་བཅས་ལ། །མཆོད་ཅིང་
བསྟོད་དེ་ཕྱག་ཀྱང་འཚལ། །ཕྲིན་ལས་གསོལ་བ་ནི། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་། །བོད་སྐྱོང་བརྟན་མ་བཅུ་གཉིས་སོགས། །སྣང་སྲིད་མ་མོ་འབུམ་སྡེའི་ཚོགས། །སྔོན་ཚེ་ཡེ་ཤེས་མཁའ་འགྲོ་མ། །བདུད་འདུལ་སེང་གེའི་གདོང་ཅན་དང་། །འཆི་མེད་པདྨ་སཾ་བྷ་ཝས། །དབང་བསྐུར་རྡོ་རྗེའི་དམ་ཚིག་བསྟན། །ཁྱད་པར་རྣལ་འབྱོར་དབང་ཕྱུག་གིས། །མཛེས་མ་རྣམས་ལ་ཡི་དམ་དུ། །ཇོ་མོ་ལྷན་སྐྱེས་མངོན་རྟོགས་ཕོག །ལྷ་མོ་ལྔ་ཡིས་སྤྱན་སྔ་རུ། །གསང་བའི་རང་སྲོག་སྙིང་པོ་ཕུལ། །རྗེ་བཙུན་བརྒྱུད་པར་བཅས་པ་ཡི། །བཀའ་སྲུང་མཁའ་འགྲོར་དམ་བཅས་པས། །དམ་བཅའ་འགལ་ན་དམྱལ་བར་འགྲོ། །དེ་བས་དཔལ་ལྡན་རྡོ་རྗེ་འཛིན། །བཞད་པ་རྡོ་རྗེའི་གསུང་བཞིན་སྒྲུབས། །བཀའ་སྲུང་བཀའ་ཡི་བྱ་ར་གྱིས། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི། །མཆོད་གཏོར་རྒྱ་ཆེན་འདི་བཞེས་ལ། །གངས་ཅན་ལྗོངས་ཀྱི་བསྟན་དང་འགྲོར། །ཕན་བདེའི་དགའ་སྟོན་རྒྱས་པ་དང་། །ཁྱད་པར་བསྟན་འཛིན་སྐྱེས་བུ་རྣམས། །སྐུ་ཚེ་ཕྲིན་ལས་ཕྱོགས་བརྒྱར་སྤེལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་གདོན་བར་ཆད་བསྲུང་བ་དང་། །མི་མཐུན་ཕྱོགས་ཀུན་ཉེར་ཞི་ཞིང་། །བཀྲ་ཤིས་ཚེ་རིང་དཔལ་འབྱོར་སྐྱེད། །སྲིད་དང་ཞི་བའི་དགེ་མཚན་རྣམས། །ཐོགས་པ་མེད་པར་དབང་དུ་སྡུས། །མདོར་ན་ཆོས་མཐུན་བསམ་སྦྱོར་ཀུན། །ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའི་མཐར་གཏོར་མགྲོན་གྱི་གཙོ་མོ་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། འཁོར་རྣམས་ཀྱང་དགྱེས་བཞིན་གཤེགས་པར་བསམ། དམ་ཚིག་པ་མི་དམིགས་པའི་ངང་དུ་འོད་གསལ་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ་བློ་གཞག་པར་བྱའོ། །སྨན་བཙུན་ཆེན་མོ་མཆེད་ལྔ་ཡི། །གསོལ་མཆོད་འཇུག་བདེ་སྙིང་པོའི་ཕུལ། །གྲུབ་པའི་ཞལ་ལུང་ལ་སྦྱར་བས། །བཀྲ་ཤིས་ཆར་ཆེན་འབེབས་གྱུར་ཅིག །ཅེས་པའང་རིག་འཛིན་གྱི་བཙུན་པ་མཉྫུ་གྷོ་ཥས་སྦྱར་བ་དགེ་ལེགས་ཀྱི་པདྨོ་མཆོག་ཏུ་རྒྱས་པར་སིདྡྷི་རསྟུ།། །།
ལྷ་སྨན་བཀྲ་ཤིས་ཚེ་རིང་མའི་ཕྲིན་ལས་ལ་བརྟེན་ནས་ཚེ་གཡང་སྒྲུབ་པའི་ཆོ་ག་བཀྲ་ཤིས་གཏེར་མཛོད།
ལྷ་སྨན་བཀྲ་ཤིས་ཚེ་རིང་མའི་ཕྲིན་ལས་ལ་བརྟེན་ནས་ཚེ་གཡང་སྒྲུབ་པའི་ཆོ་ག་བཀྲ་ཤིས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།
བླ་མ་དང་དཔལ་བཞད་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཆར་ཁའི་མདངས་ཀྱིས་སྲིད་ཞིའི་ཕུན་ཚོགས་ཀུན། །སྡུད་ཅིང་འགྲོ་ལ་སྩོལ་མཛད་འཆི་མེད་མགོན། །གྲུབ་པའི་རིག་འཛིན་དགོས་འདོད་འབྱུང་བའི་གཟུགས། །གངས་ཅན་གཙུག་གི་ནོར་བུར་གྱུར་ལ་འདུད། །སྐྱེ་བ་གཅིག་གི་གོམ་སྟབས་ལམ་ལྔ་དང་། །ས་བཅུའི་མཐར་བགྲོད་ཟུང་འཇུག་ཕྱག་རྒྱའི་སྐུར། །རས་དཀར་བླ་གོས་གཡོ་བས་སྲིད་གསུམ་གྱི། །མོས་གུས་སྡུད་པའི་དཔའ་བོར་ཕྱག་འཚལ་ལོ། །ཐབས་མཆོག་བདེ་བའི་གྲུབ་སྟེར་འདོད་པ་མོ། །ལྷན་སྐྱེས་མཛེས་མ་ཡེ་ཤེས་ལང་ཚོ་ཅན། །བཀྲ་ཤིས་འབུམ་གྱི་ཆར་འབེབས་རིགས་ལྔ་པོས། །དགེ་ལེགས་རིན་ཆེན་ཆར་དུ་བསྙིལ་བར་མཛོད། །རྣམ་གཞག་གྲུབ་པའི་གཞུང་ལས་བྱུང་། །དགོས་པ་སྙིགས་མའི་དུས་སུ་ཆེ། །ལག་ལེན་གསལ་བྱེད་བདུད་རྩིའི་འོད། །ལྷག་བསམ་འོ་མའི་མཚོ་ལས་ཕྱུང་། །དེའང་རྗེ་བཙུན་རས་པ་ཆེན་པོའི་བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་བའི་རྒྱལ་མོ་ཆེན་མོ་འདི་སྒྲུབ་པ་པོའི་བློ་ཁྱད་ཀྱིས་མ་དང་སྲིང་མོ་དང་གྲོགས་མོ་དང་བྲན་གྱི་ཚུལ་གྱིས་གཙོ་བོར་བསྟེན་པའི་ཆོ་ག་དང་འབྲེལ་པར། མཆོག་དང་ཚེ་དང་ཐུན་མོང་གི་ལས་སྒྲུབ་པ་གསུམ་སྟོན་པ་ལས། སྒྲུབ་པ་པོ་མཆོག་དམན་ཀུན་དང་མཐུན་ཅིང་དགེ་བ་མ་ལྟར་དུ་བསྟེན་ཅིང་། ཐུན་མོང་ཕྲིན་ལས་ཀྱི་ནང་ཚན་ཕྱྭ་ཚེ་གཡང་གི་སྒྲུབ་ཐབས་
འཆད་པ་ལ་དོན་གསུམ། སྦྱོར་བ་གཡང་རྫས་བསགས་པ། དངོས་གཞི་གཡང་ཆོག་བྱ་བ། རྗེས་གཡང་གཏའ་བསྡམ་པའོ། །དང་པོ་ལ་གཉིས། རྒྱས་པ་དང་། བསྡུས་པའོ། །དང་པོ་ནི། རང་དོན་དང་འབྱོར་ལྡན་ལྟ་བུར་རྒྱུན་དུ་འཁོར་བའི་རྟེན་བཙུགས་པ་དང་ལྷན་ཅིག་བཤམ་རྒྱས་པར་སྤྲོ་ན། གནས་གཙང་ཞིང་ཡིད་དུ་འོང་བ་བྱི་དོར་བྱས་ཤིང་རྒྱན་གྱིས་བསྟར། དུས་ཚོད་ཉི་མ་བྱང་བགྲོད་དང་ཡར་གྱི་ངོའི་རེས་གཟའ་ཕུར་བུ་དང་སྤེན་པ་སོགས་དར་ཞིང་། རྒྱལ་དང་བྲེ་ཕུལ་ལ་སོགས་པ་ཕྱྭ་གཡང་གི་ལས་ལ་དགེ་བ། ཚེས་གཉན་གནོད་པའི་རྒྱུ་བ་མེད་པའི་དུས་སུ་རྫས་བསགས་པ་དང་། བྱ་བའི་དབུ་ཞབས་ཁེལ་བར་བྱས་ཏེ། དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་རིམ་པ་གཉིས་པའི་དང་པོའི་དབུས་སུ་བདག་བསྐྱེད་གང་བྱེད་ཀྱི་འབུལ་གཏོར་བཀོད་པ་ལས། ཕྱག་གཞེས་སུ་རྡོ་རྗེ་རྣལ་འབྱོར་མ་དང་། སྒྲོལ་དཀར་གང་རུང་ལ་མཛད་པས་དེ་དག་གི་གཏོར་འབུལ། གཡས་ངོས་སུ་བུམ་པ་བཅུད་ལྡན་ཚེ་རིལ་ཚེ་ཆང་བཅས་པ། གཡོན་ངོས་སུ་མ་མགོན་ལྕམ་དྲལ་སོགས་ཆོས་སྐྱོང་སྤྱིའི་སྤུངས་གཏོར་རྣམས་བཤམ། སྟེགས་གཉིས་པར་ཕྱིང་དཀར་གཙང་མའི་སྟེང་དུ་དར་དཀར་པོ་དྲི་མ་མེད་པའི་རྒྱ་མཚལ་ལྕོག་ལ་མས་གཡུང་དྲུང་དུ་གཡས་སྐོར་ལྔ་ཚོམས་སུ་བྲིས་པ་གདིང་། དེའི་ཁར་རིན་པོ་ཆེའི་སྣོད་གས་ཆག་མེད་པའི་
གཙང་མར། འབྲས། གྲོ། ནས་དཀར་མོ་སོགས་འབྲུ་དཀར་བའི་ཕྱེ་ལ་དཀར་གསུམ་མངར་གསུམ་རིན་པོ་ཆེ་དང་སྨན་སྣའི་ཕྱེ་མ་བསྲེས་ཤིང་བ་དཀར་མོའི་འོ་མ་དང་མར་ཁུས་སྦྲུས་པ་ལ་རྟེན་གཏོར་ལྷ་མོ་སོ་སོ་གནས་པའི་གངས་རིའི་དབྱིབས་ཅན་མཐོང་བརྒྱུད་ལྟར་ཤིན་ཏུ་ལེགས་པར་བཅོས་པའི་རྩེ་མོའི་ཆ་ལ་གངས། བར་གཡའ་དང་སྤང་། གཤམ་རྣམས་བྲག་རི་དང་རྩི་ཤིང་ནགས་ཚལ་བཟང་པོས་བརྒྱན་པའི་རྣམ་པ་ཅན། རྩེ་མོར་རིན་པོ་ཆེ་དབང་གི་རྒྱལ་པོ་འབར་བས་མཚན་པ་ལ་སོ་སོའི་སྐུ་རྟེན་གྱི་ཙཀླི་བཙུགས་ལ། དབུས་ཀྱི་གཡུང་དྲུང་སྟེང་གཙོ་མོ་ཞལ་མདུན་ལྟ་དང་། ཕྱོགས་བཞིར་ལྷ་མོ་བཞི་ཞལ་ནང་ལྟར་བཞག མདའ་རྒོད་སྒྲོ་མ་མེས་མ་ཤུར་བ་ལྔ་ལ་ལྷ་མོ་སོ་སོའི་ཁ་དོག་དང་མཐུན་པའི་དར་ཆེན་ཁ་གྲུ་མ་ཉམས་པ་རེ་དང་། མེ་ལོང་། གསང་བའི་རྟེན་རྫས་དར་གྱི་ཁུད་དུ་གཏུམས་པ་བཏགས་ལ་རྟེན་གཏོར་སོགས་སོ་སོར་འཇུག་པའམ། གཏོར་མ་སོ་སོའི་རྒྱབ་ངོས་སུ་སྣོད་འབྲུ་ཡིས་བཀང་བར་བཙུགས་ཀྱང་རུང་ངོ། །རིན་པོ་ཆེའི་ཟ་མ་ཏོག་གམ་གའུའི་ནང་དུ་གསང་བའི་རྟེན་རྫས་རྣམས་དང་། སྲོག་སྙིང་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་གཤམ་དུ། བདག་སྒྲུབ་པ་པོའམ་སྦྱིན་བདག་མིང་འདི་ཞེས་བྱ་བ་འཁོར་དང་བཅས་པ་ལ་སྲིད་སྲུང་ཚེ་དང་། སྣང་གསལ་པྲ་དང་། རྨ་གཡང་ཟས་དང་། བང་མཛོད་འབྲུ་དང་། རྐང་བཞི་ཕྱུགས་ལ་སོགས་པའི་གཡང་དང་དངོས་གྲུབ་མ་ལུས་སྩལ་བར་མཛད་དུ་གསོལ། ཚེ་དང་ལོངས་སྤྱོད་སྤེལ། དབང་ཐང་རྒྱས་པར་མཛད་དུ་གསོལ། ཞེས་སོགས་བྲིས་པ་དང་ལྷན་ཅིག་སྒྲུབ་བརྒྱུད་རིན་པོ་ཆེའི་དམ་རྫས་སེལ་མེད་བཅས་བཅུག་ལ་རྒྱས་བསྡམས་པ་གཙོ་མོའི་གཏོར་མའི་རྒྱབ་ཏུ་བཞག སྤྲོས་པ་ཆེ་བར་བྱེད་ན་གའུ་ལྔ་ལ་སྔགས་དང་ཤམ་བུ་སོ་སོར་རྒྱས་པ་སྤེལ་ཞིང་། དབུས་ཀྱི་གཡས་གཡོན་ཏུ་གསེར་གྱི་རྡོ་རྗེ་དང་། ཚེ་བུམ་ཤིང་པདྨ་དཔལ་བེའུ་གཡུང་དྲུང་རིན་པོ་ཆེ་འབར་བས་ཁ་བརྒྱན་པ། ཤར་གྱི་གཡས་གཡོན་དུ་དར་དཀར་གྱི་བ་དན་དང་དངུལ་དཀར་གྱི་མེ་ལོང་། ལྷོར་རིན་པོ་ཆེའི་སྡེར་མ་ཟས་སྣས་བཀང་བ་དང་ནེའུ་ལེའི་རྐྱལ་པ། ནུབ་ཏུ་ནོར་བུ་དང་རིན་པོ་ཆེའི་སྒྲོམ་བུ།
བྱང་དུ་རྩ་དཱུརྦའི་ཆུན་པོ་དང་སྦྲུལ་ཞགས་རྣམས་དངོས་དང་གཟུགས་བརྙན་རི་མོར་བྲིས་པ་སོགས་འབྱོར་པས་དཔག་སྟེ་གཞག་གོ །གའུ་ལྔ་དང་ཕྱག་མཚན་གྱི་རྟེན་རྣམས་མ་འགྲུབ་ན་གའུ་གཅིག་ནི་ངེས་པར་དགོས། གང་ལྟར། རྟེན་གཏོར་ལྔའི་མདུན་སོ་སོར་མཆོད་གཏོར་འབྲང་རྒྱས་རྩེ་ལ་རིན་པོ་ཆེས་མཚན་པ་ལྔ། བར་མཚམས་རྣམས་སུ་སྨན་ཏིང་གསང་ཕྱི་འབྲང་རྒྱས་རྣམས་གྲངས་ངེས་མེད། སྲོག་ཆགས་སྣ་ཚོགས་པའི་གཟུགས་འགྲོས་སྤར་དུ་བཏབ་པས་བཀང་བའི། གཡས་ངོས་སུ་སྲེ་མོའི་བླུད་བུ་ཁ་བཤུས་སེན་བཤུས་བུག་རལ་མེད་པའམ། མ་འཛོམ་ན་དེའི་གཟུགས་ཀྱི་ནང་དུ་གསང་བའི་རྟེན་རྫས་དང་གཡང་རྫས་ཀྱིས་བཀང་བ་བཞག དེ་ལ་གསང་བའི་རྟེན་རྫས་ནི། རབ་མུ་ཏིག་མིག་མེད། མ་འབྱོར་ན་མུ་ཏིག་གང་རུང་། དངུལ་གྱི་སོར་གདུབ་བུད་མེད་ཀྱིས་མ་རེག་པ། གཡུ་དྲུག་དཀར། བདུད་རྩི་ལྔ་དང་། སིནྡྷུ་ར་རྣམས་སོ། །གཡོན་ཏུ་གཡང་ཆང་དཀར་ཡོལ་གས་མེད་དམ་ཐོད་པ་མཚན་ལྡན་བཟང་པོར་བདུད་རྩི་ལྔ་དང་སྨན་སྣ་ལྔའི་ཕྱེ་མ་སྦྱར་བའི་ཆང་གི་ཉིང་ཁུས་བཀང་བར་མར་གྱི་ཟེ་སྒྲོ་ཅན། ནང་དུ་མར་དཀར་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་བཀྲ་བར་བཤམ། རྒྱབ་ཏུ་གཡང་ཟན་དཀར་གསུམ་མངར་གསུམ་དང་། ཟས་སྣ་ལས་གྲུབ་པའི་འབྲང་རྒྱས་ཀྱི་རྣམ་པ་རྩེ་མོ་རྡོ་རྗེ་ཉི་ཟླ་སྤྲིན་རིས་ཀྱིས་མཚན་པ་བཞག མདུན་ཏུ་སྣོད་གཙང་མར་ཕྱེ་མར་སྤུངས་པ་དང་། བདུད་རྩི་རིལ་བུ་དང་ལྡན་པའི་སྨན་ཐོད། ཇི་ལྟར་བདེ་བའི་བར་མཚམས་སུ་གཙང་ཤ་དཀར་མོ་ལག་གཡས་མར་གྱི་གཡུང་དྲུང་གིས་སྤྲས་པ། གྲོ་མ། ཚོད་མའི་སྣོད། གཡང་ནས་དཀར་མོ་སྣོད་ཕྱུར་བུར་བཀང་བ་གཡོས་སྐྱོ་མར་གྱི་ཟེ་སྒྲོ་ཅན། ཟས་སྣ་ཚོགས་ཀྱིས་གང་བའི་སྣོད་རྣམས་དང་། གཞན་ཡང་གཡང་རྟེན་ནོར་སྣ། ཤིང་ཏོག སྨན་སྣ། དར་སྣ། གོས་ཆེན། འབྲུ་སྣ་རྣམས་ཤིན་ཏུ་འཛོམ་ཆེ་བ་དང་། ནོར་ལྷའི་རྟེན་བྱིན་རླབས་ཅན་སོགས་དང་། བྱེ་བྲག་བཀྲ་ཤིས་པའི་རི་དགུའི་ས་སྣ་རྡོ་སྣ། ཆུ་སྣ་ཤིན་ཏུ་འཛོམ་ཆེ་བའི་རྒྱུན་དང་། ནོར་ཅན་དགུ་ཡི་བང་མཛོད་ཀྱི་འབྲུ་སྣ། རྒྱལ་པོའི་ཁབ་དང་ཚོང་འདུས་ཆེན་པོའི་ས། བཙན་ཕྱུགས་འཕན་དར་འཛོམ་པ་དགུའི་ཞིང་ས། རྟ་
དྲེལ་ནོར་ལུག་སོགས་ཀྱི་སྤུ་སྣ། བཀྲ་ཤིས་རྟགས་བརྒྱད་དང་། རིན་ཆེན་སྣ་བདུན་སོགས་ཀྱི་ཙཀླི། མེ་ལོང་། གི་ཝཾ་སོགས་བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པ། མདོར་ན་གཡང་ཆགས་པའི་རྟེན་རྣམས་མ་ཚང་བ་མེད་པར་བསག འབྱོར་ན་རྟེན་གཏོར་ལྔ་ལ་དར་རས་དཀར་པོའི་གུར་དབུབ། མ་འབྱོར་ན་གཙོ་མོའི་གཏོར་མ་ལ་དར་གདུགས་དཀར་པོ་གཟུག ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་། གཡབ་པའི་མདའ་དར་བདུག་སྤོས་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དེ་ལྟར་མི་འབྱོར་བའམ། སྤྲོས་པ་ཆུང་བར་འདོད་ན། གོང་གཏོར་དང་གདན་སོགས་སྔར་དང་འདྲ་བ་ལས། གཡང་རྟེན་དུ་གཏོར་མ་གངས་གཟུགས་ལྔ་ཚོམ་སྣོད་དུ་བཞག་པའི་རྩེར་དར་གདུགས་དཀར་པོ་དང་། འཛོམ་ན་སྐུ་རྟེན་བཙུགས་པ་དང་། མདའ་དར་སྤྱི་བསྡུས་གཅིག གའུ་དང་ནེའུ་ལེ་ནི་ལུགས་འདིའི་ཟབ་གནད་ཡིན་པས་གའུ་གཅིག་ངེས་པར་དགོས། གཡས་སུ་ནེའུ་ལེ་ཟན་ལ་བཟོས་པ། གཡོན་ཏུ་གཡབ་ཆང་། མདུན་དུ་མཆོད་གཏོར་དང་ཕྱེ་མར་སྨན་ཐོད་ལ་སོགས་པ་སྟེ། དེ་ཕྱིན་ཆད་གཞི་གང་མཚུངས་ལ། ཇི་ལྟར་འབྱོར་པའི་གཡང་རྫས་དང་། ཉེར་སྤྱོད་ལ་སོགས་པ་བཤམ་མོ། །གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད། བུམ་བསྐྱེད། མདུན་བསྐྱེད་དོ། །དང་པོ་ནི། ཕྱག་ལེན་ལྟར་བདུད་རྩི་བྱིན་རླབས་ནས་བརྩམ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་བཟླས་བསྡུ་ལྡང་གི་བར་དུ་བྱ་བ་སྟེ་ཇོ་མོ་ཉིད་ཀྱི་ཡི་དམ་གྱི་ལྷ་ཡིན་པས་ཕྲིན་ལས་སྐུལ་སླ་བ་དང་། མཆོག་སྒྲུབ་པའི་གནད་ཞར་ལ་ཚང་བའོ། །གཉིས་པ་ནི། བདག་བསྐྱེད་བསྡུ་ལྡང་གྲུབ་མ་ཐག བསང་སྦྱང་། སྟོང་པའི་ངང་ལས། བྷྲཱུྃ་ལས་བྱུང་བའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པད་ཟླའི་གདན་ལ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་གཞག་མཛད་པའི་སྟེང་ན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ། རྒྱན་རྣམས་དང་སྟོད་གཡོགས་སྨད་གཡོགས་ཀྱིས་སྤྲས་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དེའི་ཐུགས་ཀར་ཟླ་བ་ལ་ཧྲཱིཿདམར་པོ་གནས་པའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས། འཇིག་རྟེན་
འདྲེན་པའི་སོགས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་ལྷ་སྤྱན་དྲངས་དབང་བསྐུར་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་གྱུར། དེའི་ཐུགས་ཀར་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་རང་དང་བསྲུང་བྱའི་མིང་ངམ་གཞན་དོན་དུ་བསྒྲུབ་བྱ་དེ་ཉིད་གསལ་བར་གྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་རྒྱུད་བྱིན་གྱིས་རློབས་ཤིག ཚེ་དང་ཡེ་ཤེས་ཀུན་ནས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤ་ར་རེ་ཧཱུྃ་ཕཊ། ལན་གསུམ། དེ་ནས། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་བརྒྱུད་དེ་སོང་། བུམ་པའི་ལྷ་ལ་ཕོག་པས་དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་སངས་རྒྱས་ཐམས་ཅད་གྱི་ཚེའི་དངོས་གྲུབ་དང་བརྟན་པ་དང་གཡོ་བའི་བཅུད་ཐམས་ཅད་བསྡུས་ཏེ་བཅོམ་ལྡན་འདས་ཀྱི་ཤངས་བུག་ཏུ་ཞུགས་ནས་བསྒྲུབ་བྱའི་ལུས་ཐམས་ཅད་ལ་ཐིམ་པས་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། ཡང་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་སྐྱོང་གནོད་སྦྱིན་ལ་སོགས་འཇིག་རྟེན་དྲེགས་པ་ཅན་རྣམས་ཀྱི་ལག་ནས་ཚེ་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཨོཾ་ཨཾ་གུ་ཤ་ས་མ་ཡ་ཨེ་ཧྱེ་ཧི་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ། ཞེས་ཉེར་གཅིག་ཙམ་བཟླ། ཚེ་དཔག་མེད་ཀྱི་སྐུ་ལས་བབས་པའི་བདུད་རྩིས་བུམ་པ་ཁེངས་ཤིང་ཆིལ་ཆིལ་ལུད་པ་ཀ་པཱ་ལའི་བདུད་རྩི་དང་འདྲེས་པར་གྱུར། ཨོཾ་བཛྲ་ཨཱ་ཡུ་ཥེ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བཟླ། ཚེ་རིལ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གནས་པ། མཱྃ་ཨཱྃ་ཙྃ་ཨ་ཏྃ་ཞེས་པ་རྣམས་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། འབྲུ་གསུམ་མང་དུ་བཟླས་པས་བྱིན་གྱིས་བརླབ། འདི་ནི་ཚེ་སྒྲུབ་པའི་གནད་ཞར་བྱུང་དུ་ཚང་བའོ། །བར་འདིར་ཡི་དམ་དང་མ་མགོན་སོགས་ཆོས་སྐྱོང་ཡེ་ཤེས་པའི་གཏོར་འབུལ་དང་། སྤྲོ་ན་ཚོགས་ཀྱི་མཆོད་པའང་བྱའོ། །གསུམ་པ་ལ་གཉིས། སྤྱིར་མཆོད་བསྟོད་བསྙེན་བཟླས་བྱ་བ། བྱེ་བྲག་ཕྱྭ་གཡང་གི་
ལས་ལ་སྦྱར་བའོ། །དང་པོ་ནི། མདུན་རྟེན་གྱི་རྫས་རྣམས་བསང་སྦྱངས་ལ་ལྷར་བསྐྱེད། སྤྱན་དྲངས་བཞུགས་སུ་གསོལ། དམ་ལ་བཞག དོ་གལ་ཆེ་ན་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བཅས་གཙིགས་ལ་དབབ་པའི་སྔགས་ལན་གསུམ་དང་། ཐུན་སྔགས་ཉེར་གཅིག་བརྗོད། དཀྱུས་ཙམ་ལ་མི་དགོས། ཌཱ་ཀི་ལྔ་སོ་སོའི་ཐུགས་ཀར་ཉི་མའི་སྟེང་དུ་རིམ་བཞིན་ཨྃ་ཧ་རི་ནི་སའི་ས་བོན་ལ་རང་རང་གི་སྔགས་ཀྱིས་བསྐོར་བར་གྱུར། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་ལྔའི་ཐུགས་ཀར་རེག་སྟེ་རྒྱུད་པ་བསྐུལ་བས་མ་ལྟར་བྱམས་པས་དགོངས་པར་མོས་ལ་སྔགས་ལྔ་པོ་ཞལ་ཤེས་ལྟར་བཟླ། དོ་གལ་བྱེད་སྐབས། མཐར་སིང་ང་སོགས་ཀྱི་སྔགས་དམིགས་ཕྱི་སྒྲུབ་ལྟར་བྱ། དཀྱུས་འགྲེ་ལ་མི་དགོས། དེ་ནས་མི་ལའི་བསྟོད་ཕྱག ཚེ་དཔག་མེད་དང་ཕག་མོའི་བསྟོད་ཕྱག་ཤློ་ཀ་རེ་སྔོན་ཏུ་འགྲོ་བའི་ལས་གཞུང་གི་ཕྱག མཆོད་ཕྲེང་དང་གཏོར་འབུལ། བསྟོད་པ་གསེར་སྐྱེམས་གསོལ་སྐོང་བཅས་རྒྱས་པར་བྱའོ། །གཉིས་པ་ཕྱྭ་གཡང་གི་ཕྲིན་ལས་བྱེ་བྲག་ཏུ་བསྐུལ་བ་ནི། སྐབས་དོན་གྱི་སྒྲུབ་པ་གཙོ་བོ་ཡིན་ཏེ། གཏོར་མཆོད་ཁ་གསོ། གསེར་སྐྱེམས་གསར་དུ་བཤམ། ཙནྡན་ཨ་ག་རུ་གུ་གུལ་དཀར་པོ་སོགས་དྲི་བཟང་པོའི་སྤོས་བཏུལ། བཟང་ཤིང་གི་སྤོས་དུད་གཏོང་། རོལ་མོ་གླིང་བུའི་སྒྲ་དང་དབྱངས་སྙན་པས་འདི་སྐད་གྱེར་རོ། །བྷྱོ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ནི། །བལ་བོད་གཉིས་ཀྱི་སོ་མཚམས་ན། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་ལ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གཡུ་ཡི་སྐ་རགས་ཅན། །སྨན་ལྗོངས་བྲག་གི་རྭ་བ་ཅན། །གནས་མཆོག་དེ་འདྲའི་གཡོན་མགུལ་ན། །དར་དཀར་གུར་གྱི་ནང་ཤེད་ན། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །དྲག་པོའི་གདུང་བས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ཧཱུྃ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཁྱོད་ཀྱི་ཚེ་དང་འབྲང་སྨོས་པ། །ཡབ་ནི་
ལྷོ་ལྷ་དེ་བོ་ཡིན། །ཡུམ་ནི་འབྲང་ཡུལ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཁྱོད་ནི་གཙང་རིགས་ལྷ་ཡི་སྲས། །མཚར་སྡུག་འོད་དུ་ཀྱི་ལི་ལི། །ཞལ་བཟང་ཟླ་བ་ཉ་བ་འདྲ། །ལྷ་མོ་རྣམས་ཀྱང་ཟིལ་གྱིས་གནོན། །མགྲིན་པ་གཅིག་ལ་གླུ་སྒྲ་སྟོང་། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། །དབུ་སྐྲ་ཉག་མ་རེ་རེ་ལ། །གསེར་གཡུའི་ལན་ཚར་སྟོང་སྟོང་ལྡན། །ན་བཟའ་དར་དཀར་གོ་ཟུ་གསོལ། །རིན་ཆེན་དུ་མས་སྐུ་ལུས་བརྒྱན། །ཉིན་གསུམ་གངས་དཀར་སྟོད་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། །མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །རབ་ཏུ་འཇིགས་པའི་དུར་ཁྲོད་དུ། །མཁའ་འགྲོ་རྣམས་དང་ཚོགས་འཁོར་རོལ། །བཀའ་ཉན་སྤྲུལ་པའི་ཕོ་ཉ་སོགས། །མ་ལུས་འཁོར་དང་བཅས་པ་རྣམས། །འདིར་བྱོན་བདག་གི་ཕྲིན་ལས་མཛོད། །ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་རྩི་ཕུད་དང་། །མེ་ཏོག་ཡིད་འོང་མཛེས་པའི་ཚལ། །སྤོས་དྲི་ཕུན་སུམ་ཚོགས་པ་དང་། །སྒྲོན་མེ་དྲི་མཆོག་བཤོས་གཙང་དང་། །སྒྲ་སྙན་གསང་བའི་རྔེའུ་ཆུང་རྣམས། །ཐུགས་བརྩེར་དགོངས་ཤིང་བཞེས་ནས་ཀྱང་། །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །སྔོན་ཚེ་དབེན་གནས་ཡོངས་རྫོང་དུ། །དཔལ་ལྡན་བཞད་པ་རྡོ་རྗེ་ལ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བགྱིད་པར་གཙིགས་ལ་ཕབ། །ཆོས་རྒྱུད་སྤེལ་བར་གཡར་དམ་བཅས། །དེ་རིང་སྨན་བཙུན་རྒྱལ་མོ་ལ། །མིང་པོས་གསོལ་བ་འདེབས་པ་ནི། །སྲིད་སྲུང་རིགས་རྒྱུད་སྤེལ་བ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་དང་། །རྨ་གཡང་ཟས་ཀྱི་དངོས་གྲུབ་དང་། །བང་མཛོད་ནོར་གྱི་དངོས་གྲུབ་དང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དང་། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཁྱོད་ལ་གསོལ་བ་འདེབས་པ་ནི། །སྦྱིན་བདག་ཚེ་སྲིངས་གཟི་མདངས་སྐྱེད། །ནང་གི་རླུང་སེམས་དབང་དུ་སྡུས། །ཟག་བཅས་ལུས་ཀྱི་བདེ་བ་སྐྱེད། །ཕྱི་ཡི་སྣང་བ་དབང་དུ་སྡུས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །བཀྲ་ཤིས་དཔལ་སྐྱེད་འཁོར་སྐྱོངས་ལ། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། །
བསམ་དོན་ཡིད་བཞིན་འགྲུབ་པ་སོགས། །བཅོལ་པའི་ལས་ཀྱི་འབྲས་བུ་དེ། །མཆིས་པར་མཛོད་ཅིག་ཐུགས་དམ་ཅན། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བཀྲ་ཤིས་དཔལ་སྐྱེད་གཡང་ཁུག་ཅིག །འབྲང་རྒྱས་བྲན་ལ། སྣོད་ཀྱི་འཇིག་རྟེན་བས་ཀྱང་རྒྱ་ཆེ་ཞིང་། །རི་རབ་ལྷུན་པོ་བས་ཀྱང་བརྗིད་ཆགས་པ། །ཉི་ཟླ་ཟུང་གཅིག་ལས་ཀྱང་འོད་འབར་བ། །བདུད་རྩིའི་རྒྱ་མཚོར་གྱུར་པའི་གཏོར་མ་འདི། །བཞད་པ་རྡོ་རྗེ་ཡི་དམ་ཆོས་སྐྱོང་ཚོགས། །ལྷ་སྨན་འཁོར་བཅས་ལྗགས་ཀྱི་པདྨ་ནི། །རྡོ་རྗེ་རྩེ་གསུམ་སྦུ་གུས་དགྱེས་པར་དྲོངས། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་མཱན་གུ་རུ་དེ་ཝ་བཛྲ་ས་མ་ཡ་སརྦ་པཉྩ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་སརྦ་ཀརྨ་སིདྡྷིམྨེ་པྲ་ཡཙྪ་ཧཱུྃ། ཞེས་ལན་གསུམ་གྱིས་འབུལ་ལ། ཕྲིན་ལས་བཅོལ་བ་ནི། ཨོཾ། ཉི་མ་ནུབ་ཕྱོགས་ཕ་གི་ན། །གངས་དཀར་དགུང་ལས་རྩེ་མཐོ་བ། །མཐོ་ལ་གཉན་ནོ་ཚེ་རིང་མ། །དེ་ལ་བརྟེན་པའི་ལྷ་མོ་ནི། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །འཁོར་དུ་འཇིག་རྟེན་སྨན་མོ་བཞི། །གཏད་དཀར་འགྲོ་བཟང་མ་དང་ནི། །ལྷ་མོ་མཐིང་གི་ཞལ་བཟང་མ། །དཔལ་ལྡན་ཅོད་པན་མགྲིན་བཟང་མ། །མི་གཡོ་གླང་བཟང་འཁོར་དང་བཅས། །སྐུ་ལ་དར་དཀར་ལའུ་གསོལ། །སྣ་ཚོགས་དར་གྱི་ལྷབ་ལྷུབ་དང་། །རིན་ཆེན་གསེར་གཡུའི་རྒྱན་ཆ་ཅན། །མཐུ་དང་རྫུ་འཕྲུལ་མངའ་བདག་མོ། །བརྟན་མ་བཅུ་གཉིས་ཁྱོད་ཀྱི་འཁོར། །ཡུལ་ལྷ་སྡེ་བརྒྱད་ཁྱོད་ཀྱི་བྲན། །སོ་སོའི་གཡར་དམ་ཇི་བཞིན་དུ། །རྣལ་འབྱོར་སྒྲུབ་པའི་སྡོང་གྲོགས་མཛོད། །ཕྱི་ནང་གསང་བའི་བར་ཆད་སོལ། །སྤྱི་དང་ཁྱད་པར་དངོས་གྲུབ་སྩོལ། །བཅོལ་པའི་ཕྲིན་ལས་གང་དང་གང་། །མ་སྲིང་ཚུལ་གྱིས་བསྒྲུབ་པར་མཛོད། །འཇིག་རྟེན་འདས་དང་མ་འདས་པ། །སྟོང་ཁམས་སྲིད་པ་གསུམ་གྱི་བཅུད། །མི་ཡི་གཡང་དང་ཕྱུགས་ཀྱི་རྩི། །ཚེ་བསོད་དཔལ་འབྱོར་སྙན་གྲགས་དང་། །ཟས་ནོར་དབང་ཐང་ལོངས་སྤྱོད་སོགས། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །སྟེང་ནས་ཆར་བཞིན་འབེབས་པར་མཛོད། །འོག་ནས་མཚོ་ལྟར་འཁྱིལ་བར་མཛོད། །བར་ནས་སྤྲིན་བཞིན་གཏིབས་པར་མཛོད། །ཅེས་སྤྱིར་ཕྲིན་ལས་བཅོལ་ནས། བྱེ་བྲག་ཏུ་བསྐུལ་
བ་ནི། མདའ་དར་གཡབ་ལ། ཀྱཻ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སྐུ་མདོག་དཀར་མོ་གཞོན་ཚུལ་ཅན། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །འཁོར་ཡང་དཀར་མོ་འབུམ་སྡེས་བསྐོར། །དེ་རིང་སྤྲུལ་པས་སྟོང་གསུམ་ཁེངས། །སྦྱིན་པའི་བདག་པོ་འདི་ལ་ནི། །མི་བརྒྱུད་སྤེལ་ཞིང་ཚེ་རིང་བ། །བཀྲ་ཤིས་དཔལ་སྐྱེད་གཡང་ཁུག་མཛོད། །ཤར་ནས་རྡོ་རྗེ་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་འཚེར་བག་ཅན། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །འཁོར་ཡང་སྔོན་མོ་འབུམ༴ །དེ་རིང་སྤྲུལ༴ །སྦྱིན་པའི༴ མི་བརྒྱུད༴ འཁོར་འབངས་སྤེལ་བའི་གཡང་ཁུག་མཛོད། །ལྷོ་ནས་རྡོ་རྗེ་བཞད་པ་མོ། །སྐུ་མདོག་གསེར་སྦྱངས་བཙོ་མའི་མདོག །ཆིབས་སུ་སྟག་མོ་གྲུས་མ་ཆིབས། །འཁོར་ཡང་སེར་མོ་འབུམ༴ །དེ་རིང༴ །སྦྱིན་པའི༴ །མི་བརྒྱུད༴ །ཟས་ནོར་ལོངས་སྤྱོད་གཡང་ཁུག་མཛོད། །ནུབ་ནས་རྡོ་རྗེ་དཔལ་མོ་ཆེ། །སྐུ་མདོག་ལི་ཁྲིའི་ཞུན་ལྟ་བུ། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །འཁོར་ཡང་དམར་མོ་འབུམ༴ །དེ་རིང༴ །སྦྱིན་པའི༴ །མི་བརྒྱུད༴ །རིན་ཆེན་བང་མཛོད་གཡང་ཁུག་མཛོད། །བྱང་ནས་རྡོ་རྗེ་གར་མཁན་མ། །སྐུ་མདོག་ལྗང་གུ་མརྒད་མདོག །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །འཁོར་ཡང་ལྗང་མོ་འབུམ༴ །དེ་རིང༴ །སྦྱིན་པའི༴ །མི་བརྒྱུད༴ །ནོར་ཕྱུགས་འཕེལ་བའི་གཡང་ཁུག་མཛོད། །ཨོཾ་བཛྲ་མ་མ་རུ་རུ་ཙིཏྟ་དྷ་མི་བཛྲ་ཏྲེ་ཧཱུྃ་བྷྱོ་ཛཿ ཨོཾ་བཛྲ་བྷ་ཀི་མུ་ཏ་ཧཱུྃ་བྷྱོ་ཛཿ ཨོཾ་བཛྲ་ཡ་ཏྲ་སིང་སིང་ཧཱུྃ་བྷྱོ་ཛཿ ཨོཾ་བཛྲ་བྷི་པྲ་ནི་ཧཱུྃ་བྷྱོ་ཛཿ ཨོཾ་བཛྲ་པྲི་ས་རི་ཏིང་ཏིང་ཁ་ཏིང་ཛྙཱ་ན་ཧཱུྃ་བྷྱོ་ཛཿ དེ་ནས་ལས་ལ་སྦྱོར་བའི་བསྙེན་པ་བྱ་བ་ནི། དམིགས་པའི་གཞི་སྔར་ལྟར་ལས། རང་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བདེ་བའི་རེག་བྱ་ཅན་འཕྲོས། གཙོ་མོ་ལ་ཕོག་པས་ཨོཾ་ཡིག་མི་གཡོ་བར་སྔགས་ཕྲེང་གཡོན་དུ་འཁོར་བས་སྔོན་གྱི་དམ་ཚིག་དྲན་ནས་སྐུ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཚེ་བསོད་འབྱུང་བའི་བཅུད་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས། བདག་དང་སྦྱིན་བདག་གཡང་རྫས་རྣམས་ལ་སིབ་སིབ་ཐིམ། ཚེ་རིང་བ་དང་བསོད་ནམས་འཕེལ་བ་རིགས་བརྒྱུད་ཆོས་བརྒྱུད་དར་བའི་དངོས་གྲུབ་
ཐོབ་ཅིང་དེ་ལྟ་བུའི་དངོས་གྲུབ་སྩོལ་བར་གསུང་ཡང་བྱོན་པར་བསྒོམས་ལ། ཨོཾ་ཨ་ཀ་ནི་ཙ་ལི་མི་ཐུ་ཕྲི་ལི་རི་ཡི་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། མཐར། ཇོ་མོ་བཀྲ་ཤིས་ཚེ་རིང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་ཏན་ཀུན་རྫོགས་མ། །སྲིད་སྲུང་ཚེ་ཡི་ཕྱྭ་གཡང་སྩོལ། །ཨོཾ་མཾ་མངྒ་ལ་ཨཱ་ཡུར་དཱིརྒྷ་ཨཉྫི་དྷཱ་ར་སྭཱ་ཧཱ། ཞེས་འདོད་དོན་གསོལ། དེས་འགྲེས་ཏེ། འོད་ཟེར་སྔོན་པོས་མཐིང་གི་ཞལ་བཟང་མའི་ཐུགས་རྒྱུད་བསྐུལ་བའི་སྤྲོ་བསྡུས་འཇིག་རྟེན་ཁམས་ཀྱི་དཔའ་བོ་ཌཱ་ཀི་དྲང་སྲོང་གྲུབ་པ་ལྷ་འདྲེ་རྣམས་ཀྱི་མངོན་པར་ཤེས་པ་དང་། ཞི་བའི་ལས་ཀྱི་དངོས་གྲུབ་ཐམས་ཅད་འོད་སྔོན་པོའི་རྣམ་པར་བསྡུས་ཏེ་ཐིམ་པས། སྣང་གསལ་པྲ་དང་ནད་གདོན་བར་ཆད་ཐམས་ཅད་ཞི་བའི་ཕྱྭ་གཡང་ཐོབ་ཅིང་གསུང་བྱོན་པར་མོས་ལ། ཨོཾ་ན་ཏྲི་མ་ཏྲི་རུ་རུ་མ་ཏྲི་ན་མེ་ཏདྱ་ཐཱ། བྷ་གི་པུ་ཥྱ་མ་ནི་སྟོན། བ་སུ་པུཎྱེ་སྟོན། ཤ་རི་མ་ནི་སྟོན། སྨོས་སྨྲོས། སརྦ་ཨུ་པ་དྲ་བེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་མཐར། ཇོ་མོ་མཐིང་གི་ཞལ་བཟང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་ཏན་ཀུན་རྫོགས་མ། །སྣང་གསལ་པྲ་ཡི་ཕྱྭ་གཡང་སྩོལ། །ཨོཾ་ལཾ་ཨིནྡྲ་ནཱི་ལ་མུ་ཁ་བྷ་དྲ་ཨཉྫི་དྷཱ་ར་སྭཱ་ཧཱ། དེ་བཞིན་ཏུ། འོད་ཟེར་སེར་པོས་མི་གཡོ་གླང་བཟང་མའི་ཐུགས་རྒྱུད་བསྐུལ་བའི་སྤྲོ་བསྡུས་འཇིག་རྟེན་ཁམས་ཀྱི་རྨ་གཡང་ཟས་དང་ལོངས་སྤྱོད་ཀྱི་ཕྱྭ་གཡང་ཐམས་ཅད་འོད་སེར་པོའི་རྣམ་པར་བསྡུས་ཏེ་ཐིམ་པ་སོགས་བསྒོམས་ལ། ཨོཾ་ཌཱ་ཀི་ནཱི་ས་པ་རི་ཙཀྲ་མུ་ནི་ཏིཥྛ་རྦད་ལོ་ན་ན་ཁ་དྷེ་རཏྣ་སིདྡྷི་ཧཱུྃ་སྭཱ་ཧཱ། བཟླས་མཐར། ཇོ་མོ་མི་གཡོ་གླང་བཟང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་ཏན་ཀུན་རྫོགས་མ། །རྨ་གཡང་ཟས་ཀྱི་ཕྱྭ་གཡང་སྩོལ། །ཨོཾ་ཨྃ་ཨ་ཙ་ལ་ཧ་ས་བྷ་དྲ་ཨཉྫི་དྷཱ་ར་སྭཱ་ཧཱ། ཡང་འོད་ཟེར་དམར་པོས་ཅོད་པན་མགྲིན་བཟང་མའི་ཐུགས་རྒྱུད་བསྐུལ་བའི་སྤྲོ་བསྡུས་འཇིག་རྟེན་ཁམས་ཀྱི་བང་མཛོད་འབྲུའི་ཕྱྭ་གཡང་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་ཐིམ་པ་སོགས་སྒོམ་བཞིན་ཏུ། ཨོཾ་ཌཱ་ཀི་ནཱི་ཀནྟྲ་པ་ནི་མཱ་ར་ཡ་ཛཿཛཿདྷ་ན་བྲཱི་ཧི་སིདྡྷི་ཧཱུྃ་སྭཱ་ཧཱ། བཟླས་མཐར། ལྷ་མོ་ཅོད་པན་མགྲིན་བཟང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་
ཏན་ཀུན་རྫོགས་མ། །བང་མཛོད་ནོར་གྱི་ཕྱྭ་གཡང་སྩོལ། །ཨོཾ་ཙྃ་མུ་ཀུ་ཊ་མ་དྷཱུ་ར་བྷ་དྲ་ཨཉྫི་དྷཱ་ར་སྭཱ་ཧཱ། ཡང་འོད་ཟེར་ལྗང་གུས་གཏད་དཀར་འགྲོ་བཟང་མ་བསྐུལ་བའི་སྤྲོ་བསྡུས་འཇིག་རྟེན་ཁམས་ཀྱི་རྐང་བཞི་ཕྱུགས་ཀྱི་ཕྱྭ་གཡང་ཐམས་ཅད་བསྡུས་ཏེ་ཐིམ་པ་སོགས་བསྒོམས་ལ། ཨོཾ་ཨ་ནི་ནི་མ་ཏ་ར་ཀི་ནི་མི་ཐུ་ནི་ཕྲི་ལི་རི་ཡེ་སརྦ་པཱ་ཐུ་སིདྡྷི་ཧཱུྃ་སྭཱ་ཧཱ། བཟླས་མཐར། ཇོ་མོ་གཏད་དཀར་འགྲོ་བཟང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་ཏན་ཀུན་རྫོགས་མ། །རྐང་བཞི་འཕེལ་བའི་ཕྱྭ་གཡང་སྩོལ། །ཨོཾ་ཧི་ཏྭོ་བྷ་ཝ་ཛ་གད་བྷ་དྲ་ཨཉྫི་དྷཱ་ར་སྭཱ་ཧཱ། ཞེས་ལས་བཅོལ། མཇུག་གི་མཚན་སྔགས་རྣམས་ཀྱང་ལན་བདུན་ནམ་གསུམ་རེ་ཙམ་བཟླ་གྲུབ་ན་ལེགས་སོ། །བསྙེན་པའི་མཇུག་དོན་གསེར་སྐྱེམས་དང་བསངས་མཆོད་འབུལ་ཅིང་ཕྲིན་ལས་ལ་བསྐུལ་བ་ནི། ཨོཾ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སྐུ་མདོག་དཀར་མོ་གཞོན་ཚུལ་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་འཛིན། །བུམ་པའི་སྟེང་ན་དཔལ་བེའུ་དང་། །གཡུང་དྲུང་རིན་ཆེན་འཁྱིལ་བས་བརྒྱན། །ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །རིན་ཆེན་དུ་མས་མཛེས་པར་བཀླུབས། །བཀྲ་ཤིས་ཚེ་ཡི་གཙོ་མོ་སྟེ། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །གངས་དཀར་སྟོད་ན་བཞུགས་པ་མོ། །འདིར་བྱོན་གཡང་གི་རྟེན་ལ་བཞུགས། །གསེར་སྐྱེམས་ཟས་ཕུད་གཙང་མས་མཆོད། །བཟང་ཤིང་སྤོས་ཀྱི་དུད་པས་བསངས། །སྣོད་བཅུད་ཀུན་གྱི་ཕྱྭ་གཡང་ཁུག །སྲིད་སྲུང་ཚེ་ཡི་དངོས་གྲུབ་སྩོལ། །ལྷ་མོ་མཐིང་གི་ཞལ་བཟང་མ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །སྐུ་མདོག་སྔོ་བསངས་འཚེར་བག་ཅན། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས། །གཡོན་པས་ལྷ་ཡི་བ་དན་འཕྱར། །སྐུ་ལ་དར་དཀར་ན་བཟའ་གསོལ། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །འདིར་བྱོན་གཡང༴ །གསེར་སྐྱེམས༴ །བཟང་ཤིང༴ །སྣོད་བཅུད༴ །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ལྷ་མོ་མི་གཡོ་གླང་བཟང་མ། །གསང་མཚན་རྡོ་རྗེ་བཞད་པ་མོ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཆིབས་སུ་རྒྱ་སྟག་ཁྲ་བོ་ཆིབས། །ཕྱག་གཡས་རིན་
ཆེན་སྡེར་བཟང་ནང་། །ལྷ་ཡི་ཞལ་ཟས་སྣ་ཚོགས་བསྣམས། །གཡོན་ན་ནེའུ་ལེའི་རྐྱལ་པ་འཛིན། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །འདིར་བྱོན་གཡང༴ །གསེར་སྐྱེམས༴ །བཟང་ཤིང༴ །སྣོད་བཅུད༴ །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ལྷ་མོ་ཅོད་པན་མགྲིན་བཟང་མ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །སྐུ་མདོག་དམར་གསལ་མདངས་དང་ལྡན། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །ཕྱག་གཡས་ཡིད་བཞིན་ནོར་བུ་དང་། །ཕྱག་གཡོན་རིན་ཆེན་སྒྲོམ་བུ་བསྣམས། །སྣང་སྲིད་ཐམས་ཅད་དབང་སྡུས་ལ། །རྣལ་འབྱོར་བདག་གི་ཕྲིན་ལས་མཛོད། །འདིར་བྱོན༴ །གསེར་སྐྱེམས༴ །བཟང་ཤིང༴ །སྣོད་བཅུད༴ །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །ལྷ་མོ་གཏད་དཀར་འགྲོ་བཟང་མ། །གསང་མཚན་རྡོ་རྗེ་གར་མཁན་མ། །སྐུ་མདོག་སྔོ་ལྗང་མདངས་དང་ལྡན། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །ཕྱག་གཡས་རྩྭ་མཆོག་དཱུརྦ་དང་། །གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས། །ཕྲིན་ལས་ཐོགས་པ་མེད་པ་ཡི། །མཐུ་དང་ནུས་པ་འདིར་སྟོན་ཅིག །འདིར་བྱོན་གཡང༴ །གསེར་སྐྱེམས༴ །བཟང་ཤིང༴ །སྣོད་བཅུད༴ །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །གཡང་འགུགས་པ་ནི། མདའ་དར་གཡབ་ལ། བསོ་བསོ་ཡཱ་ཡཱ་ཨ་ཏི་ཧོཿ དེ་རིང་ཕྱཱ་དང་གཡང་དུ་བླན། །དེ་རིང་དཔལ་དང་གཡང་ཁུག་ཅིག །ཟས་ནོར་ལོངས་སྤྱོད་གཡང་ཁུག་ཅིག །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་སྟེང་ཕྱོགས་ཕ་གི་ན། །སྤྲིན་དཀར་ལྡིང་བའི་འོག་ཤེད་ན། །ཤེལ་དཀར་གུར་ཕུབ་ནང་ཤེད་ན། །རིན་ཆེན་གཡུ་ཡི་ཁྲི་སྟེང་ན། །ལྷ་སྨན་འབུམ་གྱི་གུང་དབུས་ན། །རྡོ་རྗེ་ཀུན་བཟང་དཔལ་གྱི་ཡུམ། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །མཆེད་ལྔ་འཁོར་དང་བཅས་པ་རྣམས། །དད་དང་གདུང་བས་ཁྱོད་འབོད་ན། །ཉི་ཟེར་འཆར་ཀའི་མདངས་ལ་ཆིབས། །རྫུ་འཕྲུལ་ཞབས་ཀྱིས་སྐད་ཅིག་ལ། །དོ་ནུབ་སྒྲུབ་པའི་གནས་འདིར་བྱོན། །གསེར་སྐྱེམས་ཛ་གད་མཆོད་པ་བཞེས། །དམ་རྫས་བདུད་རྩིའི་མཆོད་པ་བཞེས། །འདོད་ཡོན་ཞལ་ཟས་སྣ་ཚོགས་བཞེས། །སྨན་རཀ་གཏོར་ཚོགས་མཆོད་པ་བཞེས། །སརྦ་པཱུ་ཛ་ཨ་ལ་ལ་ཧོཿ བསོ་བསོ་ཡཱ་ཡཱ་ཨ་ཏི་ཧོཿ ཧཱུྃ། སྔོན་ཚེ་བཞད་པ་རྡོ་རྗེ་ཡིས། །
བཀའ་བཏགས་དམ་ཚིག་དྲན་མཛོད་ལ། །བརྩེ་གདུང་དགོངས་པ་མ་གཡེལ་བར། །མ་ཡིས་བུ་ལ་ཕམ་ཕབ་ཞུ། །སྒྲུབ་རྫས་རྣམས་ལ་ནུས་པ་ཞུ། །རྟེན་རྫས་རྣམས་ལ་བྱིན་རླབས་ཞུ། །གནས་ཁང་འདི་ལ་གཡང་ཅིག་ཁུག །འཛམ་གླིང་བྱང་ཕྱོགས་རྒྱལ་ཁམས་ཀྱི། །ཚེ་དཔལ་བསོད་ནམས་ཕྱྭ་གཡང་དང་། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་ཞུ། །མི་ནོར་དཔལ་འབྱོར་མངའ་ཐང་དང་། །བཀྲ་ཤིས་ཕྱྭ་གཡང་དངོས་གྲུབ་རྣམས། །དེ་རིང་གཡང་རྫས་འདི་ལ་ཁུག །གསེར་སྐྱེམས་བདུད་རྩིའི་མཆོད་པ་བཞེས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད་ལ་གསེར་སྐྱེམས་དབུལ། ཨོཾ་དེ་བཱི་བྷི་ཤ །མཧཱ་བྷི་ཤ །ཨཉྫི་དྷ་རི། མྃ་ཙྃ་ཨཱྃ་ལྃ་ཏྃ། ལྷང་ལྷང་ཌཱ་ཀི་མ་ལས་ལ་རུབ་རུབ་སྭཱ་ཧཱ། ཞེས་ཉེར་གཅིག་ཙམ་བཟླས་པས། སྲིད་པ་གསུམ་གྱི་ཚེ་བསོད་འཁོར་སློབ་རིགས་བརྒྱུད་བཟའ་བཏུང་ལོངས་སྤྱོད་རིན་ཆེན་བང་མཛོད་ནོར་ཕྱུགས་མངའ་ཐང་སྙན་གྲགས་ཀྱི་བཅུད་གཡང་ཐམས་ཅད་དཀར་ལ་གསལ་ཞིང་སྣུམ་ལ་འདྲིལ་བའི་འོད་ཟེར་གྱི་ཚུལ་དུ་ཕྱོགས་བཅུ་ནས་ཁ་བ་བུ་ཡུག་འཚུབས་པ་ལྟར་ཐིབ་ཐིབ་བྱུང་ནས་མདུན་གྱི་ཚེ་རྟེན་གཡང་རྟེན་དང་། བསྒྲུབ་བྱའི་མི་ནོར་ཞིང་ཁང་རྣམས་ལ་ཐིམ་པས་བཀྲག་མདངས་སྣུམ་འོད་གཟི་བརྗིད་དང་ལྡན་པར་བསྒོམ། ཕྱྭ་གཡང་གི་ལས་ལ་སྦྱོར་བ་འདི་ཉིད་སྒྲུབ་པའི་དངོས་གཞི་ཡིན་པས། མདུན་བསྐྱེད་མཆོད་བསྟོད་སོགས་གོང་དུ་ཚར་གཅིག་གིས་འཐུས། བྷྱོ། རྡོ་རྗེ་གདན་གྱི་སོགས་ནས་འདི་ཡན་ཉིན་མོ་དེར་ཚར་གྲངས་གང་འགྲུབ་བྱ་དགོས་སོ། །ཞག་གྲངས་བྱེད་ན་དགོང་མོ་དང་། གཡང་གཏད་བྱ་བའི་སྐབས་ཀྱི་ཐོག་མར་སྤྱི་ལྟར་གཡང་འགུགས་དམིགས་བསལ་སྤྲོ་ན་གཉིས། སྤྱིར་རིགས་ལྔ་མཁའ་འགྲོས་ཁམས་ལྔའི་བཅུད་གཡང་འགུགས་པ་དང་། བྱེ་བྲག་སྨན་བཙུན་མཆེད་ལྔས་སྣོད་བཅུད་ཀྱི་ཕྱྭ་གཡང་སྡུད་པར་བསྐུལ་བའོ། །དང་པོ་ནི། སྤྲོས་པ་ཆེ་བར་བྱེད་ན། བུ་མོ་གཙང་མ་རྒྱན་གྱིས་བརྒྱན་པ་ལྔས་མདའ་དར་ལྔ་གཡབ་ཅིང་། བསང་དུད་དང་ཁུ་ཡེ་སྒྲོགས་པ་སོགས་སྤྱི་ལྟར་བྱས་ལ། བྷྱོ། གཟུགས་ཕུང་གཏི་མུག་གནས་དག་ཆོས་དབྱིངས་མདངས། །དུས་གསུམ་རྒྱལ་ཡུམ་ཆོས་དབྱིངས་དབང་ཕྱུག་མའི། །ཐུགས་
སྤྲུལ་བུདྡྷ་གར་དབང་མཁའ་འགྲོ་མ། །དཀར་མོ་སྣ་ཚོགས་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་སྡུད་བྱེད་གཡབ་དར་དཀར་པོ་བསྣམས། །སྣ་ཚོགས་ལས་མུན་མྱུར་སྒྲུབ་བདེན་མཐུ་ཅན། །དར་དཀར་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་འགུགས་པར་མཛོད། །ཕྱོགས་བཅུ་ནམ་མཁའི་ནུས་བཅུད་ཚེ་བསོད་གཡང་། །སྟེང་འོག་ལྷ་ཀླུ་ས་བདག་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་བསྟིམ། །དྭངས་གསལ་གདལ་ཁྱབ་ཚེ་གཡང་བརྟན་པར་མཛོད། བྷྱོ། རྣམ་ཤེས་ཞེ་སྡང་གནས་དག་མེ་ལོང་མདངས། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མཱ་མ་ཀཱི །ཐུགས་སྤྲུལ་རྡོ་རྗེ་གར་དབང་མཁའ་འགྲོ་མ། །སྔོན་མོ་ཞི་བའི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་འགུགས་བྱེད་གཡབ་དར་སྔོན་པོ་བསྣམས། །མི་མཐུན་ལས་རྐྱེན་གཞོམ་པའི་བདེན་མཐུ་ཅན། །དར་སྔོན་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་འགུགས་པར་མཛོད། །ཕྱོགས་བཅུའི་ཆུ་ཁམས་ནུས་བཅུད་ཚེ་བསོད་གཡང་། །ཤར་ཕྱོགས་དྲི་ཟ་རྒྱལ་འགོང་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་བསྟིམ། །སྣུམ་བཅུད་དཀྱུས་རིང་ཚེ་གཡང་བརྟན་པར་མཛོད། །བྷྱོ། ཚེ་རབ་ང་རྒྱལ་གནས་དག་མཉམ་ཉིད་མདངས། །དུས་གསུམ་རྒྱལ་ཡུམ་སངས་རྒྱས་སྤྱན་མ་ཡི། །ཐུགས་སྤྲུལ་རིན་ཆེན་གར་དབང་མཁའ་འགྲོ་མ། །སེར་མོ་རྒྱས་པའི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་འཆིང་བྱེད་གཡབ་དར་སེར་པོ་བསྣམས། །ཚེ་བསོད་དཔལ་འབྱོར་བསྐྱེད་པའི་བདེན་མཐུ་ཅན། །དར་སེར་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱཱ་གཡང་འགུགས་པར་མཛོད། །ཕྱོགས་བཅུའི་ས་ཁམས་ནུས་བཅུད་ཚེ་བསོད་གཡང་། །ལྷོ་ཕྱོགས་གཤིན་རྗེ་སྲིན་ཐེལ་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་བསྟིམ། །སྲ་བརྟན་གཞོམ་མེད་ཚེ་གཡང་བརྟན་པར་མཛོད། །བྷྱོ། འདུ་ཤེས་འདོད་ཆགས་གནས་དག་སོར་རྟོག་མདངས། །དུས་གསུམ་རྒྱལ་བ་སྐྱེད་ཡུམ་གོས་དཀར་མོའི། །ཐུགས་སྤྲུལ་པདྨ་གར་དབང་མཁའ་འགྲོ་མ། །དམར་མོ་དབང་གི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་འགུགས་བྱེད་
གཡབ་དར་དམར་པོ་བསྣམས། །སྣང་སྲིད་དབང་དུ་འགུགས་པའི་བདེན་མཐུ་ཅན། །དར་དམར་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་འགུགས་པར་མཛོད། །ཕྱོགས་བཅུའི་མེ་ཁམས་ནུས་བཅུད་ཚེ་བསོད་གཡང་། །ནུབ་ཕྱོགས་ཀླུ་དབང་བཙན་བདུད་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་བསྟིམ། །དྲོད་བཀྲག་གཟི་འབར་ཚེ་གཡང་བརྟེན་པར་མཛོད། །བྷྱོ། འདུ་བྱེད་ཕྲག་དོག་གནས་དག་བྱ་གྲུབ་མདངས། །དུས་གསུམ་རྒྱལ་ཡུམ་དམ་ཚིག་སྒྲོལ་མ་ཡི། །ཐུགས་སྤྲུལ་ཀརྨ་གར་དབང་མཁའ་འགྲོ་མ། །ལྗང་མོ་ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་མྱོས་བྱེད་གཡབ་དར་ལྗང་གུ་བསྣམས། །བར་ཆད་དགྲ་བགེགས་འདུལ་བའི་བདེན་མཐུ་ཅན། །དར་ལྗང་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་འགུགས་པར་མཛོད། །ཕྱོགས་བཅུའི་རླུང་ཁམས་ནུས་བཅུད་ཚེ་བསོད་གཡང་། །བྱང་ཕྱོགས་གནོད་སྦྱིན་མ་མོའི་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་བསྟིམ། །གཡོ་མྱུར་སྟོབས་ལྡན་ཚེ་གཡང་བརྟན་པར་མཛོད། །གཉིས་པ་ནི། ཀྱེ། དབུས་ཀྱི་ཕྱོགས་ནས་གཡང་གི་བདག་མོ་ནི། །སངས་རྒྱས་མཁའ་འགྲོ་དུང་གི་ཐོར་ཚུགས་ཅན། །ཚེ་ལ་མངའ་མཛད་དཀར་མོ་འབུམ་གྱིས་བསྐོར། །ལྷ་སྨན་རྒྱལ་མོའི་ཐུགས་དམ་གནད་ནས་བསྐུལ། །འཕགས་པའི་ཐུགས་རྗེའི་བྱིན་རླབས་ནུས་རྩལ་དང་། །ལྷ་དང་དྲང་སྲོང་གནོད་སྦྱིན་བསོད་ནམས་ལས། །གྲུབ་པའི་མངའ་ཐང་སྙན་གྲགས་ལོངས་སྤྱོད་དང་། །འཁོར་ལོས་སྒྱུར་བའི་ཕྱྭ་གཡང་འདིར་ཁུག་ཅིག །དར་པོའི་དར་གཡང་བཙན་པོའི་བཙན་གཡང་དང་། །ཕྱུག་པོའི་ཕྱུག་གཡང་ཐམས་ཅད་འདིར་ཁུག་ཅིག །ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་འགུགས་པ། །བསོད་ནམས་ཉི་ཟླ་བཞིན་དུ་ཤར་ཅིང་བྱོན། །ལྷོ་ཡི་ཕྱོགས་ནས་ཕྱྭ་དང་གཡང་འགུགས་པ། །ནོར་ཕྱུགས་ལྷོ་སྤྲིན་བཞིན་དུ་འཐིབ་ཅིང་བྱོན། །ནུབ་ཀྱི་ཕྱོགས་ནས་ཕྱྭ་དང་གཡང་འགུགས་པ། །སྙན་གྲགས་གཡུ་འབྲུག་བཞིན་དུ་སྒྲོག་ཅིང་བྱོན། །བྱང་གི་ཕྱོགས་ནས་ཕྱྭ་དང་གཡང་འགུགས་པ། །ལོངས་སྤྱོད་སྦྲང་ཆར་བཞིན་དུ་འབབ་ཅིང་བྱོན། །
མཚམས་བཞིའི་ཕྱོགས་ནས་ཕྱྭ་དང་གཡང་འགུགས་པ། །ཚེ་དཔལ་རྒྱུད་རིང་ཆུ་བོ་བཞིན་དུ་བྱོན། །སྟེང་གི་ཕྱོགས་ནས་ཕྱྭ་དང་གཡང་འགུགས་པ། །ཡོན་ཏན་ཀུན་ཁྱབ་ནམ་མཁའ་བཞིན་དུ་བྱོན། །བར་སྣང་ཕྱོགས་ནས་ཕྱྭ་དང་གཡང་འགུགས་པ། །མི་བརྒྱུད་སྐར་འཚོགས་བཞིན་དུ་བཀྲ་ཞིང་བྱོན། །འོག་གི་ཕྱོགས་ནས་ཕྱྭ་དང་གཡང་འགུགས་པ། །ཉམས་རྟོགས་རྩི་ཤིང་རྒྱས་ལྟར་སྨིན་ཅིང་བྱོན། །ཤར་ཕྱོགས་རྒྱ་ཡི་ཇ་དར་འདིར་སྡུས་ཤིག །ལྷོ་ཕྱོགས་རྒྱ་གར་ཆོས་གཡང་འདིར་སྡུས་ཤིག །ནུབ་ཕྱོགས་གུ་གེའི་གསེར་གཡུ་འདིར་སྡུས་ཤིག །བྱང་ཕྱོགས་གེ་སར་རྩལ་གཡང་འདིར་ཁུག་ཅིག །ཅང་ཤེས་རྟ་ཡི་རྟ་གཡང་འདིར་ཁུག་ཅིག །ཟ་ལེ་འབྲི་ཡི་འབྲི་གཡང་འདིར་ཁུག་ཅིག །ཚེ་ཚེ་ར་ཡི་ར་གཡང་འདིར་ཁུག་ཅིག །གཡང་དཀར་ལུག་གི་ལུག་གཡང་འདིར་ཁུག་ཅིག །རྩི་མཆོག་མར་གྱི་མར་གཡང་འདིར་ཁུག་ཅིག །འབྲས་དྲུག་འབྲུ་ཡི་འབྲུ་གཡང་འདིར་ཁུག་ཅིག །ཟད་མེད་གཏེར་གྱི་བུམ་པ་ལྟར་མཛོད་ལ། །དཔལ་འབྱོར་མཚོ་ལྟར་རྒྱས་པའི་དངོས་གྲུབ་སྩོལ། །ཀྱེ། ཤར་གྱི་ཕྱོགས་ནས་གཡང་གི་བདག་མོ་ནི། །རྡོ་རྗེ་མཁའ་འགྲོ་མཐིང་གི་ཐོར་ཚུགས་ཅན། །ཤེས་རབ་མངའ་མཛད་སྔོན་མོ་འབུམ་གྱིས་བསྐོར། །མཐིང་གི་ཞལ་བཟང་ཐུགས་དམ་གནད་ནས་བསྐུལ། །འཕགས་པའི་ཐུགས་རྗེ་སོགས་གོང་ལྟར་འགྲེས་སོ། ཀྱེ། །ལྷོ་ཡི་ཕྱོགས་ནས་གཡང་གི་བདག་མོ་ནི། །རིན་ཆེན་མཁའ་འགྲོ་གསེར་གྱི་ཐོར་ཚུགས་ཅན། །ཟས་ནོར་མངའ་མཛད་སེར་མོ་འབུམ་གྱིས་བསྐོར། །མི་གཡོ་གླང་བཟང་ཐུགས་དམ་གནད་ནས་བསྐུལ། །འཕགས་པའི་ཐུགས་རྗེ་སོགས། ཀྱེ། ནུབ་ཀྱི་ཕྱོགས་ནས་གཡང་གི་བདག་མོ་ནི། །པདྨ་མཁའ་འགྲོ་བྱེ་རུའི་ཐོར་ཚུགས་ཅན། །འབྲུ་བཅུད་མངའ་མཛད་དམར་མོ་འབུམ་གྱིས་བསྐོར། །ཅོད་པན་མགྲིན་བཟང་ཐུགས་དམ་གནས་ནས་བསྐུལ། །འཕགས་པའི་ཐུགས་རྗེ་སོགས། ཀྱེ། བྱང་གི་ཕྱོགས་ནས་གཡང་གི་བདག་མོ་ནི། །ལས་ཀྱི་མཁའ་འགྲོ་གཡུ་ཡི་ཐོར་ཚུགས་ཅན། །ནོར་ཕྱུགས་མངའ་མཛད་ལྗང་མོ་འབུམ་གྱིས་བསྐོར། །གཏད་དཀར་འགྲོ་བཟང་ཐུགས་དམ་གནད་ནས་བསྐུལ། །འཕགས་པའི་ཐུགས་རྗེ་སོགས་བརྗོད་ལ། མཐར་གྲུབ་ཆེན་ཐང་
སྟོང་རྒྱལ་པོའི་གསུང་བྱིན་རླབས་ཅན་གྱི་ཁུ་ཡེ་ནི། ཀྱེ། སྟོང་གསུམ་ཁམས་ན་ཡུལ་བདེ་ཞིང་། །རྫོང་བཙན་ཁྲིམས་སྙན་དུས་ཆར་བབ། །ལོ་ལེགས་ཆོས་དར་ཕྱི་ཡི་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །མི་ཆོས་ཕྱུགས་བརྒྱུད་འཕེལ་ནང་གཤིན། །ཕོ་དཔའ་མོ་མཛངས་འོག་རྟ་མགྱོགས། །གོ་བཙན་མཚོན་རྣོ་ནང་གི་གཡང་། །དེང་འདིར༴ །མཁས་གྲུབ་རྩོད་རྒྱལ་དོན་གཉིས་འགྲུབ། །ནད་མེད་ཚེ་རིང་རྒྱགས་སྐྱིད་བདེ། །མཐར་ཐུག་འཚང་རྒྱ་དོན་གྱི་གཡང་། །དེང་འདིར༴ །ཆོས་དབྱིངས་ཆོས་ཅན་བསླུ་མེད་མཐུ། །བདེན་པའི་ཚིག་ལ་དབང་རྣམས་ཀྱིས། །ཅི་བཏབ་སྨོན་ལམ་འགྲུབ་པའི་གཡང་། །དེང་འདིར༴ །ཚོགས་རྫོགས་རྟེན་འབྲེལ་མངའ་ཐང་ལས། །རྫས་རྟགས་རྒྱལ་སྲིད་ཉེ་བཅས་ཀྱིས། །འཇིག་རྟེན་དགེ་མཛད་བཀྲ་ཤིས་གཡང་། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཛ་ཡ་ཛ་ཡ་སིདྡྷི་ཧོཿ ཞེས་བརྗོད། ཉིན་གྲངས་སྐབས་འདི་མཚམས་རྗེས་ཀྱི་བྱ་བ་མཆོད་བསྟོད་ཕྲིན་བཅོལ་ནོངས་བཤགས་བརྟན་བཞུགས་བཀྲ་ཤིས་སོགས་བྱས་པས་འགྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཡང་གཏའ་བསྡམ་པ་ནི། གསེར་སྐྱེམས་དང་བཅས་པའི་གཡང་འགུགས་སྔགས་བཟླས་ཡན་གྲུབ་པ་དང་། སྦྱིན་བདག་རྣམས་གོས་གསར་པ་གྱོན་ཏེ། སྟན་དཀར་འབྲུ་གཙང་གིས་གཡུང་དྲུང་བྲིས་པ་ལ་བཞག མདའ་དར་གཡབ་ལ་གཡང་འགུགས་རྒྱས་པ་གོང་ལྟར་གྱེར། དེ་ནས་དབུས་ཀྱི་རྟེན་རྣམས་ལག་ཏུ་གཏད་ལ། ཀྱེ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་ཏན་ཀུན་རྫོགས་མ། །དེ་རིང་རྒྱུ་སྦྱོར་སྦྱིན་བདག་ལ། །སྲིད་སྲུང་ཚེ་ཡི་ཕྱྭ་གཡང་སྩོལ། །ཨོཾ་མངྒ་ལ་ཨཱ་ཡུཿདཱིརྒྷ་ཨཉྫི་དྷ་ར་སྭཱ་ཧཱ། སརྦ་སིདྡྷི་ཕ་ལ་དེ་ཧི་ཧོཿ དེས་རིགས་འགྲེས་ཤར་ལྷོ་ནུབ་བྱང་གི་རྟེན་རྣམས་རིམ་པར་གཏད་ལ། གོང་དུ་བསྙེན་པའི་སྐབས་སུ་སྨོས་པ་དེ་ཉིད་ལ་ཚིག་དང་སྔགས་ཤམ་ཅུང་ཟད་བསྒྱུར་བས་རེ་རེ་བཞིན་སྤྲད་ལ། རྟེན་རྣམས་རེ་ཞིག་རང་མལ་དུ་སླར་བཞུགས། སྦྱིན་བདག་ནང་མ་དམ་ལྡན་གལ་ཆེན་ཡིན་ན་སྲོག་གཏད་སྐབས་ལྟར་དེ་ལྟར་བྱིན་པས་ཞལ་བཞེས་རྗེས་སུ་འབྲང་བར་མོས་ལ། བཞད་པ་རྡོ་རྗེའི་སྤྱན་སྔ་སོགས་བརྗོད་
ལ་ཐ་ཚིག་འབོག་གོ །གོང་ལྟར་མཐའ་རྟེན་ཏུ། སངས་རྒྱས་བསྟན་སྲུང་སོགས་ཀྱིས་ཕྲིན་ལས་བཅོལ། ཚེ་གཟུངས་བརྗོད་ལ་ཚེ་རྫས་སྦྱིན། བཀྲ་ཤིས་པའི་ཕྱེ་མར་སྔོན་འགྲོའི་ཚེ་ཟན། གཡང་ཆང་། གཡང་ཟས། གྲོ་མ། དབུ་ཀྱུ། ཟས་སྣ་ཚོགས་ཀྱི་སྣོད། གཡང་ནས་སོགས་ལག་ཏུ་རིམ་པར་གཏད། དེ་དག་གིས་ཀྱང་གཡང་མར་བྱུགས། གཡང་ཟས་ཟ། གཡང་ཆང་བཏུང་། གཡང་ཐོད་གདགས་པར་བྱ། དེ་དག་གི་ཚེ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ཏེ་བཀྲ་ཤིས་རྒྱས་པར་བརྗོད་ལ་སྦྱིན་བདག་གནས་སུ་བཏང་། སླར་མཆོད་པ་ཁ་གསོས་ལ་རྗེས་ཆོག་བྱིན་རླབས་སྔོན་དུ་འགྲོ་བའི་མཆོད་བསྟོད་རྒྱས་པར་བྱ། ནོངས་བཤགས་བཟོད་གསོལ་གྲུབ་མཚམས་རྟེན་རྣམས་གང་དུ་བཞག་འོས་པའི་སར་བཀོད་ལེགས་མཆོད་པའི་བྱེ་བྲག་བཅས་བཞུགས་སུ་གསོལ་ལ། ཨོཾ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངང་ཉིད་ལས། །ཐབས་མཁས་ཐུགས་རྗེས་ལྷ་མོའི་ཚུལ་བཟུང་ནས། །སངས་རྒྱས་བསྟན་པ་སྲུང་ཞིང་སྤེལ་མཛད་མ། །མཁའ་འགྲོ་ཆེན་མོ་བཀྲ་ཤིས་ཚེ་རིང་མ། །དཔོན་གཡོག་ལྔར་བཅས་ཞིང་སྐྱོང་མཁའ་འགྲོ་མའི། །འཁོར་གྱི་ཚོགས་དང་བཅས་པ་འདིར་གཤེགས་ལ། །གཡང་རྟེན་རྣམས་ལ་མི་འབྲལ་རྟག་པར་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་བྱེ་བྲག་དང་། །ཛ་གད་སྨན་ཕུད་མཆོད་པ་འདི་བཞེས་ལ། །སྔར་བཅོལ་ལས་རྣམས་གྲུབ་པའི་གཏང་རག་དང་། །ད་བཅོལ་བསྒྲུབ་ཕྱིར་གཏོར་མ་སྨན་ཕུད་བཞེས། །རྣལ་འབྱོར་བདག་དང་སྦྱིན་པའི་བདག་པོ་ལ། །ཚེ་དང་དཔལ་འབྱོར་བསམ་པའི་དོན་རྣམས་ལ། །བར་དུ་གཅོད་བྱེད་ནད་དང་གདོན་བགེགས་དང་། །མི་དང་འབྱུང་པོའི་བར་ཆད་བཟློག་ཏུ་གསོལ། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ས་དང་ལམ་གྱི་ཡོན་ཏན་བསྒྲུབ་པ་ལ། །བར་དུ་གཅོད་བྱེད་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་འདོད་དགུ་མ་ལུས་འགྲུབ་པར་མཛོད། །བསྟན་དང་བསྟན་པའི་ཁུར་འཛིན་སྐྱེས་བུ་དང་། །རྣལ་འབྱོར་འགྲོ་དོན་ཕྱོགས་བཅུར་འཕེལ་བ་དང་། །གང་ལ་གང་འདུལ་ཕྲིན་ལས་རྣམ་པ་བཞི། །འགྲོ་ལ་ཕན་བདེ་འགྲུབ་པའི་སྡོང་གྲོགས་མཛོད། །ཅེས་ཕྲིན་ལས་བཅོལ་ལ། གཏའ་བསྡམ་པ་ནི། ཧཱུྃ།
དབུས་ནས་སྐུ་ཡི་ཌཱ་ཀི་ནཱི། །དཀར་མོ་སངས་རྒྱས་རིགས་ཀྱི་ཡུམ། །པད་ཅན་བཀྲ་ཤིས་ཚེ་རིང་མ། །དཀར་མོ་འབུམ་སྡེའི་འཁོར་དང་བཅས། །མཆོག་ཐུན་དངོས་སྩོལ་ཁྱད་པར་དུ། །སྲིད་སྲུང་ཚེ་གཡང་འགུགས་པར་མཛོད། །རྒྱལ་མཚན་ལྟ་བུར་མི་ནུབ་པའི། །ཚེ་གཡང་བདེ་དྲོད་དབང་ཐང་གཟི། །རྣལ་འབྱོར་བདག་གི་ལུས་ལ་སྩོལ། །སྐུ་ཡི་རྡོ་རྗེ་བརྟན་པར་མཛོད། །ཚེ་གཡང་བཅོལ་ལོ་གཏའ་བསྡམས་ལ། །སྐུ་ཡི་འཁོར་ལོས་རྒྱས་ཐོབ་ཅིག །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཀཱ་ཡ་ཙཀྲ་མུ་དྲ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཧཱུྃ། ཤར་ནས་ཐུགས་ཀྱི་ཌཱ་ཀི་ནཱི། །སྔོན་མོ་རྡོ་རྗེ་རིགས་ཀྱི་ཡུམ། །རི་མོ་མཐིང་གི་ཞལ་བཟང་མ། །སྔོན་མོ་འབུམ་སྡེ་འཁོར་དང་བཅས། །མཆོག་ཐུན་དངོས་སྩོལ་ཁྱད་པར་དུ། །སྣང་གསལ་པྲ་གཡང་འགུགས་པར་མཛོད། །གཡུང་དྲུང་ལྟ་བུ་མི་འགྱུར་བའི། །ཚེ་གཡང་མཁྱེན་བརྩེ་ཉམས་རྟོགས་རྩལ། །རྣལ་འབྱོར་བདག་གི་ཡིད་ལ་སྩོལ། །ཐུགས་ཀྱི་རྡོ་རྗེའི་དབང་ཐོབ་མཛོད། །ཚེ་གཡང་བཅོལ་ལོ་གཏའ་བསྡམས་ལ། །ཐུགས་ཀྱི་རྡོ་རྗེས་རྒྱས་ཐོབ་ཅིག །ཨོཾ་སརྦ་བཛྲ་ཌཱ་ཀི་ནཱི་ཙིཏྟ་བཛྲ་མུ་དྲ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཧཱུྃ། ལྷོ་ནས་ཡོན་ཏན་ཌཱ་ཀི་ནཱི། །སེར་མོ་རིན་ཆེན་རིགས་ཀྱི་ཡུམ། །བ་ལང་མི་གཡོ་གླང་བཟང་མ། །སེར་མོ་འབུམ་སྡེ་འཁོར་དང་བཅས། །མཆོག་ཐུན་དངོས་སྩོལ་ཁྱད་པར་དུ། །བཟའ་བཏུང་གོས་རྒྱན་གཡང་འགུགས་མཛོད། །ཉི་ཟླ་ལྟར་གསལ་ཆ་རྫོགས་པའི། །ཚེ་གཡང་མཐུ་སྟོབས་འདོད་འབྱོར་བྱིན། །རྣལ་འབྱོར་བདག་གི་ནུས་པར་སྩོལ། །ཡེ་ཤེས་རྡོ་རྗེ་བལྟམས་པར་མཛོད། །ཚེ་གཡང་བཅོལ་ལོ་གཏའ་བསྡམས་ལ། །ཡོན་ཏན་ནོར་བུས་རྒྱས་ཐོབ་ཅིག །ཨོཾ་སརྦ་རཏྣ་ཌཱ་ཀི་ནཱི་གུ་ཎ་མ་ཎི་མུ་དྲ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཧཱུྃ། ནུབ་ནས་གསུང་གི་ཌཱ་ཀི་ནཱི། །དམར་མོ་པདྨ་རིགས་ཀྱི་ཡུམ། །དུང་ཅན་ཅོད་པན་མགྲིན་བཟང་མ། །དམར་མོ་འབུམ་སྡེ་འཁོར་དང་བཅས། །མཆོག་ཐུན་དངོས་སྩོལ་ཁྱད་པར་དུ། །རིན་ཆེན་བང་མཛོད་གཡང་ཁུག་མཛོད། །རྡོ་རྗེ་ལྟ་བུར་གཞོམ་མེད་པའི། །ཚེ་གཡང་སྙན་གྲགས་བདེན་གྲུབ་ནུས། །རྣལ་འབྱོར་བདག་གི་ངག་ལ་སྩོལ། །གསུང་གི་རྡོ་རྗེ་འགྲུབ་པར་མཛོད། །ཚེ་གཡང་བཅོལ་ལོ་གཏའ་བསྡམས་ལ། །
གསུང་གི་པདྨས་རྒྱས་ཐོབ་ཅིག །ཨོཾ་སརྦ་པདྨ་ཌཱ་ཀི་ནཱི་ཝཱ་ཀ་ཀ་མ་ལ་མུ་དྲ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཧཱུྃ། བྱང་ནས་ཕྲིན་ལས་ཌཱ་ཀི་ནཱི། །ལྗང་མོ་ཀརྨ་རིགས་ཀྱི་ཡུམ། །རི་དྭགས་གཏད་དཀར་འགྲོ་བཟང་མ། །ལྗང་མོ་འབུམ་སྡེ་འཁོར་དང་བཅས། །མཆོག་ཐུན་དངོས་སྩོལ་ཁྱད་པར་དུ། །རྐང་བཞི་ཕྱུགས་གཡང་འགུགས་པར་མཛོད། །ཡིད་བཞིན་ནོར་ལྟར་བསམ་འཕེལ་བའི། །ཚེ་གཡང་འཁོར་སློབ་བསྟན་འགྲོའི་དོན། །རྣལ་འབྱོར་བདག་གི་ལུས་ལ་སྩོལ། །ངོ་བོ་རྡོ་རྗེ་མཐར་ཕྱིན་མཛོད། །ཚེ་གཡང་བཅོལ་ལོ་གཏའ་བསྡམས་ལ། །ཕྲིན་ལས་རྒྱ་གྲམ་རྒྱས་ཐོབ་ཅིག །ཨོཾ་སརྦ་ཀརྨ་ཌཱ་ཀི་ནཱི་ཀརྻ་བི་ཤྭ་བཛྲ་མུ་དྲ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཧཱུྃ། ལྷ་སྨན་མཆེད་ལྔ་ཉིད་དང་དེར། །སྐྱོ་བསང་བསྙེན་བཀུར་ཤུལ་འབྲང་བ། །སྣག་གཉེན་མངག་གཞུག་རུ་འདྲེན་ཚོགས། །ལྷ་ཀླུ་དྲི་ཟ་མིའམ་ཅི། །གནོད་སྦྱིན་རྨུགས་འཛིན་རིག་པ་འཛིན། །གྲུབ་པ་ལྷ་མིན་བུ་མོའི་ཚོགས། །བརྟན་མ་ཕྱོགས་སྐྱོང་སྡེ་བརྒྱད་གཞན། །མིང་དུ་འཚལ་ཞིང་སྲིད་དོ་ཅོག །ཀུན་ཀྱང་ཁྱོ་ཤུག་རིགས་ཆོ་འབྲང་། །རང་རང་དབང་བསོད་ཚེ་ལས་གཡང་། །ཟླ་ཉི་རི་གླིང་འབྱུང་ལྔའི་བཅུད། །གཞན་ཡང་སྔོན་ལན་ཆགས་དང་འཕྲལ། །རྐྱེན་ལྡང་མ་རུངས་གདུག་པའི་སྡེས། །ཚོགས་གཉིས་བསྒྲུབ་ལ་བར་བཅད་ནས། །བརྐུས་འཕྲོག་ཡར་ཉམས་སྦས་པའི་སྐུང་། །མདོར་ན་འཁོར་འདས་སྣོད་བཅུད་ཀྱི། །ནུས་བྱིན་ཚེ་བསོད་དཔལ་གཡང་ཀུན། །རྟེན་འདིར་ཁུག་བསྟིམ་གོང་དུ་སྤེལ། །གཏའ་སྡོམ་རྒྱས་ཐོབ་བརྟན་པར་སྤོས། །སྲུང་སྐྱོབ་མེལ་ཚེས་རྟག་ཏུ་སྐྱོངས། །ཨོཾ་སརྦ་དྷརྨ་པཱ་ལ་རཀྵི་ཏ་རཀྵནྟུ་ཤ་ར་ཎ་གུཔྟ་མུ་དྲ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་སྒོ་བསྡམས་ལ་རིགས་ལྔའི་ཕྱག་མཚན་གྱི་རྒྱས་གདབ། མན་ངག་ལྟར་མེ་ཏོག་འཐོར། རྟེན་སྙིང་བརྗོད་ལ་བརྟན་བཞུགས་དང་ཤིས་བརྗོད་རྒྱས་པར་བྱའོ། །སྒྲུབ་པ་ཐོན་ནས་རབ་ཞག་ཉེར་གཅིག འབྲིང་བཅུ། མཐར་ཞག་བདུན་གྱི་རིང་། དཀོན་མཆོག་མཆོད་པའི་ལས་མ་གཏོགས་ནོར་འབྲུ་སོགས་ཕྱིར་གཏོང་བ་འཛེམ་མོ། །དེ་ནས་ཀྱང་གཡང་སྒྲུབ་ཀྱི་རྟེན་རྫས་རྣམས་ལ་དུས་བཟང་རྣམས་སུ་བསངས་དང་གསེར་སྐྱེམས་མཆོད་པའི་བྱེ་བྲག་ཅི་འབྱོར་པས་མཆོད་ཅིང་ལོ་དུས་སུ་སྒྲུབ་པ་བསྐྱར་མ་བྱས་པའི་ཕན་
ཡོན་ནི། གཙང་སྨྱོན་རུས་པའི་རྒྱན་ཅན་གྱི་ཞལ་ནས། དེ་ལྟར་བསྒྲུབས་པའི་འབྲས་བུ་སྒྲུབ་པ་པོ་ཚེ་རིང་བ་དང་། ནད་མེད་པ་དང་། གྲུབ་ཆེན་བརྒྱད་ལ་སོགས་པ་ཐོབ་ནས་ལོངས་སྤྱོད་པས་མི་བྲེལ་བ་དང་། སྒྲུབ་བརྒྱུད་ཆུ་བོའི་གཞུང་ལྟར་རིང་བ་དང་། མཐར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མཁའ་ལ་སྤྱོད་པའི་གོ་འཕང་འཐོབ་པར་འགྱུར་རོ། །ཞེས་གསུངས་ཤིང་། ཁྱད་པར་ཚེ་དང་ནོར་དང་དབང་ཕྱུག་གི་འདོད་པ་ཟད་མི་ཤེས་པ་འཇོ་བ་རྩ་བའི་གཞུང་ལས་རྒྱ་ཆེར་གསུངས་པ་དང་། ལྷ་མོ་འདི་ཉིད་བསྟེན་ཅིང་མཆོད་པ་ཙམ་གྱིས་བཀྲ་ཤིས་ཤིང་དོན་ཐམས་ཅད་འགྲུབ་པ་སྒྲུབ་བརྒྱུད་རིན་པོ་ཆེ་རྣམས་ཀྱིས་ཡང་ཡང་དུ་གསུངས་ཤིང་བསྔགས་སོ། །བསྟན་པའི་དབུ་འཕང་དམ་ཆོས་སྒྲུབ་པས་བསྟོད། །ཆོས་སྒྲུབ་པ་ལ་ཆོས་མཐུན་འཚོ་རྐྱེན་དགོས། །ཁ་ན་མ་ཐོ་མེད་པའི་དཔལ་གྱི་གཡང་། །སྡུད་བྱེད་སྒྲུབ་ཐབས་འདི་མིན་གཞན་མཆོག་གང་། །སྣོད་བཅུད་དཔལ་འབྱོར་དཔག་བསམ་འཁྲི་ཤིང་ནི། །རེ་བའི་སུམ་རྩེན་གྲོང་དུ་རྒྱས་པ་ལས། །དགེ་ལེགས་འཛད་དུ་མེད་པར་འདོད་འཇོ་བས། །བསམ་དོན་ཡོངས་སུ་རྫོགས་པའི་བཀྲ་ཤིས་ཤོག །ཅེས་པའང་འཕགས་པའི་ནོར་གྱི་གཏེར་ཆེན་པོ་ལ་གདོད་ནས་དབང་བསྒྱུར་བ་དཔལ་ལྡན་བླ་མ་འཇམ་མགོན་དགྱེས་པའི་དཔའ་བོའི་བཀའ་ལུང་ནོར་བུའི་ཕུད་དུ་སྤྱི་བོར་བཀོད་དེ། གཞན་ཕན་གྱི་བློས་བྱམས་མགོན་ཏཱའི་སི་ཏུའི་འབངས་ཐ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁོད་བྷ་ཊའི་ཤིང་གིས་བརྒྱན་པའི་ལྷན་སྐྱེས་མཛེས་མའི་ཁྱིམ་དང་ཉེ་བའི་བསྟི་གནས་སུ་གྲུབ་པའི་གཞུང་བཟང་པོ་སོར་བཞག་ཏུ་བསྒྲིགས་པ་དགེ་ལེགས་འཕེལ།། །།
བསྔོ་སྨོན་ཤིས་བརྗོད་དང་བཅས་པའི་སྐོར་དགེ་ལེགས་བཀྲ་ཤིས་ཆར་འབེབས།
བསྔོ་སྨོན་ཤིས་བརྗོད་དང་བཅས་པའི་སྐོར་དགེ་ལེགས་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྻ་བྷ་དྲ་ཙརྻ་པྲ་ཎི་དྷ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། །འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གི་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་བདག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །
རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བ་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་
གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེ་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་
དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དང་ནི་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་
རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་པར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་དུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་དག་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་དགྲོལ། །ཆོས་
རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་དག་བདག་གིས་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ན། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་
ཡང་དད་པ་བསྐྱེད་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་གྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་གྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་གྱུར། །བདུད་དང་མུ་སྟེགས་མང་པོ་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་
འགྲོ །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་པར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ནང་ཚན་ཕལ་པོ་ཆེའི་སྡོང་པོ་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་སྤྱོད་པ་ཕྱོགས་གཅིག་པའི་ལེའུ་ལས་ཕྱུང་བའོ། ༈ །དཀོན་མཆོག་བརྩེགས་པ་ལེའུ་ཞེ་གཅིག་པ་བྱམས་པས་ཞུས་པ་ལས་བྱུང་བའི་བྱམས་པའི་སྨོན་ལམ་ནི། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང་། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་
ཐམས་ཅད་ཟློག་བྱེད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལས་རྣམ་པ་གསུམ་གང་གིས། །བསོད་ནམས་ཚོགས་ནི་བསྐྱེད་པ་དེ། །བདག་གི་ཀུན་མཁྱེན་ས་བོན་དུ། །བདག་གི་བྱང་ཆུབ་མི་ཟད་ཤོག །ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པ་ཡི་རང་བ། །དེ་ལ་བདག་ནི་ཡི་རང་ངོ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡི་རང་ངོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང་། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །འདོད་པའི་དམ་དུ་བྱིང་གྱུར་ཅིང་། །སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །སེམས་ཀྱི་དྲི་མར་བགྱིས་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །
འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག །མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །མ་སྐྱེས་པ་དང་མི་འབྱུང་དང་། །རང་བཞིན་མ་མཆིས་གནས་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག །སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག །བདག་འཛིན་བདག་གིར་འཛིན་པ་ཡི། །དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་སྨན་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །དངོས་པོ་དངོས་པོ་མ་མཆིས་པར། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །དངོས་པོ་ཐམས་ཅད་རྣམ་འཇིག་པས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམས་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །སའམ་ཡང་ན་ཆུ་འམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང་། །བཟོད་པ་ཁྲོ་བ་མ་མཆིས་པས། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང་། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །རྣམ་པར་ཐར་པའི་སྒོ་གསུམ་དང་། །དུས་གསུམ་མཉམ་པ་ཉིད་དང་ཡང་། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །སངས་རྒྱས་ཀུན་གྱིས་བསྔགས་པ་དང་། །འོད་དང་གཟི་བརྗིད་འབར་བ་དང་། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་གི་བསམ་
པ་རྫོགས་གྱུར་ཅིག །དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང་། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །ས་བཅུའི་སྤོ་ལ་རབ་གནས་ཤོག །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོདྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ༈ །ཕར་ཕྱིར་བཅུ་གཅིག་གི་སྨོན་ལམ་ནི། ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །སྦྱིན་པའི་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་སྦྱིན་པའི་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཚུལ་ཁྲིམས་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བཟོད་པའི་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་བཟོད་པའི་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་བརྩོན་འགྲུས་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །བསམ་གཏན་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་བསམ་གཏན་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཤེས་རབ་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཐབས་ཀྱི་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཐབས་ཀྱི་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །སྟོབས་ཀྱི་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་སྟོབས་ཀྱི་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །སྨོན་ལམ་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་སྨོན་ལམ་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཡེ་ཤེས་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཡེ་ཤེས་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །ཐུགས་རྗེ་ཆེན་པོ་རྐང་གཉིས་མཆོག་གྱུར་པ། །ཆོས་སྐུའི་ཕ་རོལ་ཕྱིན་པ་ཕུན་སུམ་ཚོགས། །ཇི་ལྟར་བཅོམ་ལྡན་ཆོས་སྐུའི་ཕ་རོལ་ཕྱིན། །བདག་གཞན་རིང་པོར་མི་ཐོགས་དེ་འདྲར་ཤོག །བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་
དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་བཞིན་འགྲུབ་གྱུར་ཅིག། ༈ །རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་སྙིང་པོ་ནི། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ཀྱང་ཀུན་ནས་བཟང་པོར་རེད་གྱུར་ཅིག །འཇིག་རྟེན་ཐམས་ཅད་མ་ལུས་སེམས་ཅན་རྣམས། །ཇི་སྙེད་རྒྱལ་བ་ཀུན་གྱི་ཐུགས་ཆུད་པ། །ཀུན་ཀྱང་མཁས་པ་ཀུན་གྱིས་བསྔགས་པ་ཡི། །ཀུན་ཏུ་བཟང་པོ་དེ་བཞིན་གྱུར་པར་ཤོག །ཕྱོགས་རྣམས་མ་ལུས་ཀུན་ཏུ་ཅི་བྱས་པ། །སྐྱེས་བུ་དམ་པ་ད་ལྟར་ཡོངས་སུ་བསྔོ། །རྡོ་རྗེ་རྒྱལ་མཚན་རྒྱལ་བས་གང་གསུངས་པ། །ཡོངས་བསྔོ་དམ་པ་མཆོག་དང་ཕུལ་ཡང་ཡིན། །དེ་བཞིན་ཞིང་རྣམས་ཐམས་ཅད་མ་ལུས་པར། །རྒྱུ་བཞིན་ཀུན་ཀྱང་ཁོང་དུ་ཆུད་བྱས་ཏེ། །སེམས་ཅན་ཇི་སྙེད་ཐམས་ཅད་མ་ལུས་པ། །དེ་དག་ཀུན་ཀྱང་ཀུན་ཏུ་བཟང་གྱུར་ཅིག །སྦྱིན་པས་ཡོངས་བསྔོ་ཇི་བཞིན་རེད་གྱུར་ཅིག །ཚུལ་ཁྲིམས་ཀྱིས་ཀྱང་བསྔོས་བཞིན་རེད་གྱུར་ཅིག །བརྩོན་འགྲུས་སྟོབས་ཀྱིས་བསྐལ་པར་མི་ལྡོག་ཅིང་། །བཟོད་པས་འཁྲུགས་པ་མེད་པའི་ཡིད་གྱུར་ཅིག །བསམ་གཏན་གྱིས་ཀྱང་རྩེ་གཅིག་ཡིད་ལྡན་ཞིང་། །ཏིང་འཛིན་ཀུན་གྱི་སྤྱོད་ཡུལ་ཤེས་གྱུར་ཅིག །ཤེས་རབ་དུས་རྣམས་གསུམ་པོ་ཐམས་ཅད་དུ། །འཇིག་རྟེན་དག་ཏུ་མཐར་དམིགས་མེད་གྱུར་ཅིག །ལུས་དང་ངག་དང་ཡིད་རྣམས་ཐམས་ཅད་ཀྱང་། །རྣམ་པ་ཀུན་ཏུ་རྣམ་དག་མཁས་གྱུར་ཅིག །སྤྱོད་པ་དེ་དག་ཐམས་ཅད་མ་ལུས་པར། །ཀུན་ཀྱང་ཀུན་ཏུ་བཟང་པོར་རེད་གྱུར་ཅིག །ཇི་ལྟར་ཆོས་དབྱིངས་རློམ་པའི་སེམས་མེད་ཅིང་། །དེ་ལ་སྤྲོས་དང་ཆགས་པ་མེད་པ་དང་། །མྱ་ངན་འདས་དང་སྒྲིབ་པ་མེད་པ་ལྟར། །དེ་བཞིན་སེམས་ལ་རློམ་སེམས་མེད་གྱུར་ཅིག །ཆོས་མཁས་ཡོངས་སུ་བསྔོ་བ་གང་བརྗོད་པ། །དེ་ནི་
རྒྱལ་བས་གསུངས་པའི་བསྔོ་བ་སྟེ། །མཁས་པའི་སྤྱོད་པ་ཅི་ནས་འགྲུབ་གྱུར་པར། །དགེ་བ་ཡངས་པས་དེ་ཡིས་ཡོངས་སུ་བསྔོ། །རྒྱལ་བའི་སྲས་ཀྱིས་འདི་ལ་བསླབ་བྱས་ཏེ། །ཇི་སྙེད་གང་ཡོད་ཐམས་ཅད་མ་ལུས་པར། །ཁམས་རྣམས་ཀུན་ཀྱང་ཡོངས་སུ་བསྡུས་བྱས་ཏེ། །ཅི་ནས་བདེར་གཤེགས་སྟོབས་ལ་འཇུག་པར་བསྔོ། །ཞེས་སོ། །རྟག་ཏུ་བདེ་དང་ལྡན་པར་ཤོག །རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །རྟག་ཏུ་མཉམ་པར་བཞག་གྱུར་ཅིག །ཟླ་ཉི་ནོར་བུ་རོལ་མོ་ལྟར། །སེམས་ཅན་དོན་ལ་འཇུག་པར་ཤོག །ཇི་ལྟར་རྒྱལ་བ་མཁས་པ་རྣམས། །ཤེས་རབ་ཕ་རོལ་ཕྱིན་ཐབས་བསྔོས། །དེ་ལྟར་བདག་གིས་དཀར་པོ་རྣམས། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །དཀོན་མཆོག་གསུམ་ལ་དམིགས་པ་ཡི། །བདག་གི་ལུས་ངག་ཡིད་དགེ་དང་། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ལས་བྱུང་གང་། །དེ་དག་ཀུན་གྱིས་བདག་ཉིད་ནི། །ཚངས་པར་སྤྱོད་པ་ལྡན་པ་དང་། །འཇིག་རྟེན་མགོན་གྱི་བསྟན་པ་ལ། །རབ་བྱུང་མངོན་དགའ་དབང་ལྡན་ཞིང་། །སངས་རྒྱས་ཀུན་གྱི་གསུང་རབ་ཀྱི། །གཞུང་དོན་ཚིག་ལ་མཁས་གྱུར་ནས། །དམ་ཆོས་ཡོངས་སུ་འཛིན་པ་དང་། །ལུས་དང་སྲོག་ལ་དགའ་མེད་ཤོག །བདག་ནི་འགུམ་པའི་དུས་བགྱིད་ཚེ། །ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ། །སངས་རྒྱས་ཚེ་དཔག་མེད་མཐོང་ནས། །འདི་ནས་བདེ་བ་ཅན་དུ་མཆི། །བདུད་ཀྱི་སྤྱོད་ཡུལ་མངོན་གྱུར་ཚེ། །དྲང་སྲོང་ཆེན་པོ་ཚེ་དཔག་མེད། །རྟག་ཏུ་སྟོན་པ་མཛད་གྱུར་ཅིང་། །ས་བཅུ་ཐོབ་ནས་དེ་དག་གི། །རྣམ་པར་དག་པའི་རིམ་པ་ཡིས། །བྱང་ཆུབ་དམ་པ་ཐོབ་པར་ཤོག །སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཐོབ་ནས། །བག་ཆགས་བཅས་པའི་ཉེས་བསགས་རྩ་ནས་བཏོན། །ཡེ་ཤེས་སྒྲིབ་མེད་སྙིང་རྗེར་ལྡན་ནས་སུ། །འགྲོ་བ་རྣམས་ལ་སྨན་དང་བདེ་བར་ཤོག །འཕགས་པ་ཡོངས་སུ་བསྔོ་བའི་
རྒྱལ་པོ་ཆེན་པོའི་མདོ་ལས་བྱུང་བའོ། །ཡོན་ཏན་རྒྱ་མཚོ་དཔག་མེད་པ། །སངས་རྒྱས་དམ་ཆོས་འཕགས་པ་ཡི། །དགེ་འདུན་དུས་གསུམ་བཞུགས་པ་རྣམས། །མ་ལུས་པ་ལ་སྐྱབས་སུ་མཆི། །མི་དགེ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བར། །རྫོགས་སངས་རྒྱས་ལ་བསྐུལ་མ་འཚལ། །ཀུན་མཁྱེན་སྤྱན་གྱིས་གཟིགས་པ་ཡི། །བདག་དགེ་ཆུང་ངུ་གང་མཆིས་པ། །དེས་ནི་གཏན་དུ་བྲལ་བ་དང་། །ཐམས་ཅད་ཉེ་བར་ཞི་གྱུར་ཅིག །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཤེས་པའི་ཏིང་ངེ་འཛིན། །བྱང་ཆུབ་བར་གྱི་ཚེ་རབས་སུ། །རྟག་ཏུ་སངས་རྒྱས་དག་དང་ཕྲད་གྱུར་ཅིག །རྟག་པར་རྒྱུན་ཏུ་ངུར་སྨྲིག་གྱོན་པར་ཤོག །རྟག་ཏུ་ཚངས་པར་སྤྱོད་པ་ཐོབ་གྱུར་ཅིག །སྐྱེས་ནས་ཤིན་ཏུ་སེམས་ཅན་དོན་བྱེད་ཤོག །དམ་ཆོས་སྤྱོད་ལ་རྟག་ཏུ་གནས་གྱུར་ཅིག །རྟག་ཏུ་ཆོས་ཀྱང་ཀུན་ཏུ་འཛིན་པར་ཤོག །རྟག་ཏུ་རྒྱལ་བ་རྣམས་ཀྱི་ཆོས་བཟུང་ནས། །རྟག་ཏུ་སྲོག་ཆགས་རྣམས་ལ་ཕན་བྱེད་ཤོག །རྟག་ཏུ་བརྩོན་འགྲུས་བརྟན་པོ་རྩམ་གྱུར་ཅིག །ཐོས་པའི་ཆོས་རྣམས་ཆུད་ཟར་མ་གྱུར་ཅིག །དུས་རྣམས་ཀུན་ཏུ་མཉམ་པར་འཇོག་གྱུར་ཅིག །ཡོན་ཏན་རྣམས་ཀྱི་རྟག་ཏུ་བརྒྱན་པར་ཤོག །ཅེས་དང་། ལམ་ངན་ལས་ནི་འགྲོ་མ་གྱུར། །འཇིག་རྟེན་འདྲེན་པ་མཐོང་གྱུར་ཅིག །སངས་རྒྱས་ཀྱིས་ནི་གང་བསྟན་པའི། །ལམ་ལ་རྟག་ཏུ་བསྟེན་པར་ཤོག །ཅེས་པ་འདི་འཕགས་པ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འཛིན་པའི་མདོའི་བམ་པོ་བཞི་པ་ནས་བྱུང་བའོ། །བདེ་སྨོན་ནི། ནུབ་ཀྱི་ཕྱོགས་ན་བདེ་བའི་འབྱུང་གནས་ཏེ། །རྡུལ་བྲལ་འཇིག་རྟེན་ཁམས་ནི་བདེ་བ་ཅན། །དེ་ན་སེམས་ཅན་ཁ་ལོ་སྒྱུར་བ་ཡི། །འདྲེན་པ་ཚེ་མཐའ་ཡས་པ་ད་ལྟར་བཞུགས། །དེར་ནི་བུད་མེད་རྣམས་ཀྱང་མི་འབྱུང་སྟེ། །རྣམ་པ་ཀུན་ཏུ་གཡེམ་པའི་
ཆོས་མེད་ལ། །རྒྱལ་བའི་སྲས་པོ་དེ་དག་བརྫུས་ཏེ་སྐྱེ། །དྲི་མ་མེད་པའི་པདྨའི་སྙིང་པོར་འདུག །འདྲེན་པ་ཚེ་མཐའ་ཡས་པ་དེ་ཉིད་ཀྱང་། །པདྨའི་སྙིང་པོ་དྲི་མེད་དགའ་བ་ལ། །སེང་གེའི་ཁྲི་ལ་རབ་ཏུ་བཞུགས་པ་ཡང་། །སཱ་ལའི་རྒྱལ་པོ་ལྟ་བུར་རྣམ་པར་མཛེས། །འདྲེན་པ་འོད་དཔག་མེད་པའི་སངས་རྒྱས་ཞིང་། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །པདྨ་དཀར་པོའི་ལེའུ་བཞི་པར་གསུངས་སོ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་བརྗོད་ན། །དེ་ནི་དེ་རུ་སྐྱེ་བར་འགྱུར། །འཆི་བའི་དུས་སུ་སྟོན་པ་ནི། །དགེ་སློང་དགེ་འདུན་བཅས་ཏེ་མཐོང་། །དེ་ན་བུད་མེད་ཡོད་མ་ཡིན། །མངལ་ན་གནས་པ་ཡོད་མ་ཡིན། །རིན་ཆེན་རྣམས་ཀྱི་པདྨོ་ལས། །རྫུ་འཕྲུལ་ཆེན་པོ་འབྱུང་བར་འགྱུར། །ཟས་དང་གོས་དང་སྨན་རྣམས་དང་། །ཆོས་གོས་མལ་ཆ་ལྷུང་བཟེད་རྣམས། །སེམས་ཀྱིས་བསམས་མ་ཐག་ཏུ་ནི། །དེ་དག་མོད་ལ་འབྱུང་བར་འགྱུར། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདེ་བ་ཅན་གྱི་བསྔགས་པ་བརྗོད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །འཆི་མེད་རྔ་སྒྲ་ལས་གསུངས་སོ། །འོད་ནི་དཔག་མེད་གཟི་བརྗིད་དཔག་མེད་དང་། །སྐུ་ཚེ་དཔག་མེད་དགེ་འདུན་དཔག་ཏུ་མེད། །བྱང་ཆུབ་སེམས་དཔས་བསྐོར་ཞིང་མཛེས་གྱུར་པ། །སངས་རྒྱས་དེ་ཡི་ཞིང་དུ་སྐྱེ་བར་ཤོག །རྒྱ་ཆེན་ཞིང་དེར་སྐྱེས་པར་གྱུར་ནས་ཀྱང་། །ལྷ་ཡི་མིག་དང་ལྷ་ཡི་རྣ་བ་དང་། །ཚེ་རབས་དྲན་དང་བློ་གྲོས་མཁས་མཆོག་དང་། །རྫུ་འཕྲུལ་སྟོབས་ཀྱང་མྱུར་དུ་ཐོབ་པར་ཤོག །
རྫུ་འཕྲུལ་སྟོབས་ཀྱིས་ཞིང་མང་སོང་ནས་ནི། །སངས་རྒྱས་བྱེ་བ་མང་ལ་མཆོད་བྱས་ཏེ། །བདེ་བར་གཤེགས་ལ་མཆོད་པ་བྱས་ནས་ཀྱང་། །བདེ་བ་ཅན་དུ་སླར་འོངས་བདེ་དགྱེས་ཤོག །འོད་དཔག་མེད་ཀྱི་ཞིང་བཀོད་ལས་གསུངས་སོ། །བདག་ནི་འགུམ་པའི་དུས་བགྱིད་ཚེ། །ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ། །སངས་རྒྱས་ཚེ་དཔག་མེད་མཐོང་ནས། །འདི་ནས་བདེ་བ་ཅན་སྐྱེ་ཤོག །ཡོངས་སུ་བསྔོ་བའི་རྒྱལ་པོ་ཆེན་པོ་ལས་བྱུང་བའོ། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་ཐོབ་པར་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །བཟང་སྤྱོད་ལས་བྱུང་བའོ། ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་པ་གང་བགྱིས་དང་། །སྔོན་གྱི་ཚེ་རབས་གཞན་དག་དང་། །ཚེ་རབས་འདི་དང་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང་། །ཁྲོ་བ་དག་གི་དབང་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །སྦྱིན་གནས་གང་ཡང་རུང་བ་དང་། །དེ་བས་གཞན་པའི་སེམས་ཅན་དག །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་
བགྱིས་དང་། །གང་ཡང་བགྱིད་དུ་སྩལ་བ་དང་། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང་། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་པ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱི་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོང་མི་བགྱིད། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། །དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ། །ས་ལ་མགོ་བོས་གཏུགས་ནས་ནི། །དཀོན་མཆོག་གསུམ་ལ་བློ་ཅན་གྱིས། །དེ་ལྟར་གུས་པས་སྐྱབས་སུ་འགྲོ། །དེ་ནས་མཆོག་གི་ས་བོན་གང་། །ཐར་པ་བདུད་རྩི་འབྲས་བུ་སྦྱིན། །ཤིན་ཏུ་བསྒོམས་ནས་མཆོག་གྱུར་པ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོགས་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟས་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་འགྱུར་བར་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་། །སྡུག་བསྔལ་བདེ་བར་བྱེད་པ་དང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་
ལས་རྣམས་གང་དང་གང་། །འདི་དང་གཞན་ཏུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་བའི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་འཕེན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང་། །གང་ཡང་ཅུང་ཟད་བྱེད་འགྱུར་བ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང་། །སྒྲོལ་བར་བྱ་བའི་ཕྱིར་འབད་ཅིང་། །བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ། །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །ཆོ་ག་བཞིན་ཏུ་ཀུན་ཏུ་བསྐྱེད། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། །བྱམས་པ་ཉེ་བར་གནས་པར་བྱ། །སེམས་ནི་ལེགས་པར་སྐྱེད་བའི་ཕྱིར། །སྣ་ཚོགས་ཐབས་ཀྱིས་རྗེས་དྲན་དྲུག །ནང་གི་བདག་ཉིད་ཞི་བ་ཡིས། །བསམ་པ་གཅིག་ཏུ་བསྒོམ་པར་བྱ། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་ནས་ཡི་རང་ངོ། །སེམས་ཅན་ཐམས་ཅད་བདེ་བ་དང་། །ཞི་ཞིང་ནད་ཀྱང་མེད་པར་ཤོག །བདག་ཀྱང་བྱ་བ་ཀུན་ནུས་ཤིང་། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་དང་། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །དཔལ་ལེགས་པར་གྲུབ་པའི་རྒྱུད་ཆེན་པོ་ལས་བྱུང་བའི་སྨོན་ལམ་རྫོགས་སོ། །ཇི་སྲིད་བདག་ནི་འཁོར་བའི་ཚེ། །དེ་སྙེད་བདག་གི་ལུས་སྐྱེས་བར། །དེ་སྲིད་མགོན་པོ་མཆོད་བགྱིད་ཅིང་། །དེ་སྙེད་ལུས་སྦྱོར་ཚོགས་བགྱིད་ཤོག །ཇི་སྲིད་བདག་ནི་འཁོར་བའི་ཚེ། །ཇི་སྐད་བདག་གི་ངག་སྐྱེས་བར། །དེ་སྲིད་མགོན་པོའི་
མཚན་བརྗོད་ཅིང་། །ངག་གི་སྦྱོར་བ་ཚོགས་བགྱིད་ཤོག །ཇི་སྲིད་བདག་ནི་འཁོར་བ་ན། །དེ་སྙེད་བདག་གི་ཡིད་འབྱུང་བ། །དེ་སྙེད་མགོན་པོ་རྗེས་དྲན་ཞིང་། །ཡིད་སྦྱོར་ཚོགས་པར་བགྱིད་གྱུར་ཅིག །དེ་ལྟར་ལུས་དང་ངག་ཡིད་ཀྱིས། །ཐུགས་རྗེའི་དབང་ཕྱུག་བསྟེན་བགྱིས་པས། །ལུས་དང་ངག་ཡིད་སྐྱོན་བྲལ་ཞིང་། །ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིག །དེ་ལྟར་ལུས་ངག་ཡིད་ཀྱིས་སུ། །ཐུགས་རྗེའི་དབང་ཕྱུག་སྐུ་གསུང་ཐུགས། །རྟག་ཏུ་སྦྱོར་བར་བགྱིས་པས་ན། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །སྲིད་གསུམ་རེ་བའི་གནས་གཅིག་པོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པ། །དེ་འདྲ་བདག་ཀྱང་གྲུབ་གྱུར་ཏེ། །སྲིད་གསུམ་རེ་རྫོགས་བགྱིད་གྱུར་ཅིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་ནོར་བུའི་རྟོག་པ་ལས་བྱུང་བའོ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་ཆོས་རྣམས་ཐམས་ཅད་མྱུར་དུ་རྟོགས་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་ཡེ་ཤེས་མིག་ནི་མྱུར་དུ་ཐོག་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་སེམས་ཅན་ཐམས་ཅད་མྱུར་དུ་སྒྲོལ་བར་ཤོག །སྤྱན་རས་གཟིགས༴ །བདག་གིས་ཐབས་མཁས་པ་དག་མྱུར་དུ་ཐོབ་པར་ཤོག །སྤྱན་རས་གཟིགས༴ །བདག་ནི་མྱུར་དུ་ཤེས་རབ་གྲུ་ཡིས་སྒྲོལ་བར་ཤོག །སྤྱན་རས་གཟིགས༴ །བདག་ནི་མྱུར་དུ་སྡུག་བསྔལ་མཚོ་ལས་འདའ་བར་ཤོག །སྤྱན་རས་གཟིགས༴ །བདག་ནི་མྱུར་དུ་ཚུལ་ཁྲིམས་རྐང་གི་ལམ་ཐོབ་ཤོག །སྤྱན་རས་གཟིགས༴ །བདག་ནི་མྱུར་དུ་མྱ་ངན་འདའ་བའི་རིར་འཛེག་ཤོག །སྤྱན་རས་གཟིགས༴ །བདག་ནི་མྱུར་དུ་འདུས་མ་བྱས་ཀྱི་ཁྱིམ་ཕྱིན་ཤོག །སྤྱན་རས་གཟིགས༴ །བདག་ནི་མྱུར་དུ་ཆོས་ཉིད་སྐུ་དང་མཚུངས་པར་ཤོག །བདག་ནི་རལ་གྲིའི་རི་
ལ་འཛེག །རལ་གྲིའི་རི་ནི་རང་བསྙིལ་ཤོག །བདག་ནི་ཆུ་ཚན་ཕྲད་གྱུར་ན། །ཆུ་ཚན་མེ་མུར་རང་ཞི་ཤོག །སེམས་ཅན་དམྱལ་བར་བདག་སོང་ན། །སེམས་ཅན་དམྱལ་བར་རང་སྐམ་ཤོག །བདག་ནི་ཡི་དྭགས་གནས་སོང་ན། །བཀྲེས་སྐོམ་དག་ནི་འགྲང་བར་ཤོག །བདག་ནི་ལྷ་མིན་གནས་སོང་ན། །ངན་སེམས་རང་ནི་དུལ་བར་ཤོག །བདག་ནི་དུད་འགྲོའི་གནས་ཕྱིན་ན། །རང་ཉིད་ཤེས་རབ་ཆེ་ཐོབ་ཤོག །ཅེས་པ་འདི་ཡང་ངོ། ༈ །བདག་གི་བསོད་ནམས་མཐུ་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཐམས་ཅད་ནད་ཀྱང་མེད་པར་ཤོག །ཡང་ན་དེ་བཞིན་གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཡང་ན་སེམས་ཅན་ཐམས་ཅད་ཀྱི། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །སྒྲིབ་པ་མེད་པའི་ཚུལ་གྱིས་སུ། །མ་ཐོགས་པར་ནི་གྲུབ་པར་ཤོག །དུད་འགྲོ་གཅིག་ལ་གཅིག་ཟ་བའི། །སྡུག་བསྔལ་ནམ་ཡང་འབྱུང་མ་གྱུར། །ཡི་དྭགས་རྣམས་ལ་ཟས་སྐོམ་སོགས། །ཐོགས་པ་མེད་པར་འབྱུང་བར་ཤོག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་བཟད་རྣམ་པ་སྣ་ཚོགས་པ། །བདག་གི་བསོད་ནམས་མཐུ་ཡིས་ནི། །དེ་དག་མྱུར་དུ་ཞི་བར་གྱུར། །སེམས་ཅན་སྡུག་བསྔལ་ཐམས་ཅད་ལ། །སྙིང་རྗེ་ཆེན་པོ་བསྐྱེད་ནས་ནི། །བསྒྲུབ་པ་དེ་དང་གཞན་དག་ཀྱང་། །དེས་ནི་ཡང་དང་ཡང་བསམ་ཤོག །བདག་གི་བསོད་ནམས་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ། །སེམས་ཅན་རྣམས་ལ་ཕན་འདོགས་པས། །དོན་རྣམས་གང་དག་བསམས་པ་ཀུན། །སེམས་ཅན་ཁམས་ནི་མ་ལུས་འདིར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་པ་འདི་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་བམ་པོ་གསུམ་པ་ནས་བྱུང་བའོ།། །།
བདག་གིས་དུས་གསུམ་བསགས་པ་ཡི། །སངས་རྒྱས་རྣམས་ལ་མཆོད་པ་སོགས། །དགེ་བ་དག་ནི་བསྡུས་བྱས་ཏེ། །སེམས་ཅན་དོན་དུ་བསྔོ་བར་བྱ། །བདག་གི་བསོད་ནམས་སྟོབས་ཉིད་ཀྱིས། །བདེ་བ་ཐམས་ཅད་ཚོགས་ཀྱི་མཆོག །སེམས་ཅན་ཐམས་ཅད་བདེ་ཆེན་ལྡན། །མ་ལུས་པར་ནི་གྲུབ་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །འབྱུང་པོ་ཀུན་ལ་བྱམས་པར་ཤོག །དུད་འགྲོ་ཐམས་ཅད་འཇིགས་མེད་ཅིང་། །ངན་སོང་ཐམས་ཅད་ཞི་གྱུར་ཅིག །ཅེས་དང་། སྦྱིན་པའི་ཕ་རོལ་ཕྱིན་སྤྱོད་པས། །སེམས་ཅན་ཐམས་ཅད་དཔལ་དང་ནི། །ནོར་དང་ལྡན་པར་གྲུབ་པར་ཤོག །བདེ་བ་མ་ཚང་མེད་གྱུར་ཅིག །སེམས་ཅན་ཐམས་ཅད་བྱང་ཆུབ་དང་། །སྡོམ་ལ་རབ་ཏུ་གནས་པར་ཤོག །རྒྱགས་སོགས་ཉེས་པ་ཆེན་པོ་རྣམས། །ཀུན་ནས་ཀུན་ཏུ་ཞི་གྱུར་ཅིག །འཇིགས་དང་འཁོན་དང་སྡུག་བསྔལ་ལ། །སོགས་པའི་འཇིགས་ཀུན་ཞི་གྱུར་ཅིག །བྱམས་དང་ལྡན་པའི་རྣལ་འབྱོར་གྱིས། །ཆོས་ལ་བདག་མེད་སྒྲུབ་པར་ཤོག །འཁོར་བ་མཐར་ཐུག་བར་དུ་ནི། །བདག་འཚང་རྒྱ་བར་མ་གྱུར་ཅིག །དེ་བཞིན་སེམས་ཅན་ཐམས་ཅད་ནི། །དེ་ཉིད་སྒྲུབ་པ་བྱེད་པར་ཤོག །སེམས་ཅན་ཀུན་གྱི་འདོད་ཆགས་སོགས། །ཉོན་མོངས་ཆེན་པོ་ཞི་བར་ཤོག །སེམས་ཅན་ཐམས་ཅད་གཡེང་མེད་ཅིང་། །བསམ་གཏན་བཞི་དང་ལྡན་པར་ཤོག །སངས་རྒྱས་ཡེ་ཤེས་ཤེས་རབ་ཆེ། །སྡུག་བསྔལ་གཅོད་བྱེད་བླ་ན་མེད། །ཤེས་རབ་སྦྱོར་བས་དག་བྱེད་པའི། །སངས་རྒྱས་སེམས་ཅན་དག་གྱུར་ཅིག །མདོར་ན་བདག་གཞན་འགྲོ་བ་ཀུན། །རྒུད་པ་ཀུན་དང་བྲལ་བར་ཤོག །ཕུན་སུམ་ཚོགས་པའི་བདེ་བ་ཡིས། །ཚེ་འདིར་སངས་རྒྱས་ཉིད་གྱུར་ཅིག །རྣལ་འབྱོར་གྱི་རྒྱུད་བཤད་རྒྱུད་རྡོ་རྗེའི་རྩེ་མོ་ལས་བྱུང་བའོ། ༈ །བླ་མེད་ཀྱི་རྒྱུད་ལས་བྱུང་བའི་སྐོར་ལ། བདེ་མཆོག་
ལས་གསུངས་པའི་སྨོན་ལམ་ནི། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། །ཧེ་རུ་ཀ་དཔལ་དེ་དང་སྔགས་པ་ལྷན་ཅིག་གར་བྱེད་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་ཀྱང་། །རོལ་མོ་གླུ་དབྱངས་སིལ་སྙན་སོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེ་གསུངས་ཆོས་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ཀྱང་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། ༈ །དཔལ་ཀྱེ་རྡོ་རྗེ་ལས་གསུངས་པའི་སྨོན་ལམ་ནི། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག། ༈ །དུས་འཁོར་ལས་ནི། དགེ་བ་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་དུས་ཀྱི་འཁོར་ལོའི་དྲིན་ལས་དེ་ཉིད་འགྱུར་བར་ཤོག །ཅེས་སོ།། ༈ །གསང་འདུས་ལས་གསུངས་པའི་སྨོན་ལམ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་ཀུན་གྱི་ཀུན་བདག་ཉིད། །རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །བྱང་ཆུབ་ཕྱིར་ནི་སྤྱོད་གང་དང་། །རྫོགས་སངས་རྒྱས་ཀྱི་གང་ཡིན་དང་། །བྱང་ཆུབ་རྡོ་རྗེས་གང་གསུངས་པའི། །སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག །དཔལ་ལྡན་འདུས་པའི་ལམ་གྱི་མཆོག །
བསྐྱེད་པའི་རིམ་པར་ལེགས་གནས་ཤིང་། །རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ལ་འཇུག་ཤོག །སྔགས་ཀྱི་དམིགས་པ་རྟོགས་ནས་ནི། །རྡོ་རྗེའི་བཟླས་པ་རྣམས་ལ་སློབ། །རྡོ་རྗེའི་བཟླས་གནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་གྱུར་ཅིག །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐའ་ནི་རྣམ་པར་སྦྱང་། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་ཤོག །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །རྡོ་རྗེ་འཛིན་པ་ཆེན་པོ་སྟེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་ཉིད་གྱུར་ཅིག། ༈ །བསྟན་འབར་མ་བཞུགས་སོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གོ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །སེམས་ཅན་དོན་དུ་བདག་གིས་སྔོན། །དཀའ་བ་གང་ཞིག་སྤྱད་གྱུར་དང་། །བདག་གི་བདེ་བ་བཏང་བ་ཡིས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ངས་སྔོན་ནད་པའི་ཆེད་དག་ཏུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བུ་དང་བུ་མོ་ཆུང་མ་དང་། །ནོར་དང་གླང་ཆེན་ཤིང་རྟ་དང་། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་འབར༴ །བདག་གིས་སངས་རྒྱས་རང་སངས་རྒྱས། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །བསྟན་པ་ཡུན་རིང༴ །བསྐལ་པ་བྱེ་བ་དུ་མར་བདག །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང་། །བྱང་ཆུབ་དོན་དུ་ཐོས་བཙལ་བས། །བསྟན་པ་ཡུན་རིང༴ །བདག་གིས་ཚུལ་ཁྲིམས་བརྟུལ་ཞུགས་དང་། །དཀའ་ཐུབ་ཡུན་རིང་བསྟེན་བྱས་ཤིང་། །ཕྱོགས་བཅུའི་སངས་རྒྱས་ངས་མཆོད་པས། །བསྟན་པ་ཡུན་རིང༴ །བདག་སྔོན་བརྩོན་འགྲུས་དང་ལྡན་པས། །རྟག་ཏུ་བརྟན་ཅིང་
ཕ་རོལ་གནོན། །སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །བདག་བསྟན་ཡུན་རིང་འབར་གྱུར་ཅིག །བཟོད་བརྟུལ་རྟག་ཏུ་བརྟན་བྱས་ཤིང་། །སེམས་ཅན་ཉོན་མོངས་སྙིགས་མ་ཡི། །སེམས་ཅན་ངན་བཟོད་བྱས་གྱུར་པས། །བསྟན་པ༴ །བསམ་གཏན་རྣམ་ཐར་གཟུགས་མེད་དང་། །ཏིང་འཛིན་གང་གཱའི་བྱེ་སྙེད་པ། །བསྒོམས་པ་དེའི་མཐུས་བདག་གི་ནི། །བསྟན་པ༴ །ཡེ་ཤེས་དོན་དུ་བདག་གིས་སྔོན། །དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང་། །བསྟན་བཅོས་དུ་མ་ཉེར་བསྟན་པས། །བདག་གི་བསྟན་པ་འབར་གྱུར་ཅིག །བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང་། །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །བདག་སྔོན་སྡིག་པའི་སེམས་ཅན་རྣམས། །བྱམས་པས་གསལ་བར་སྨིན་བྱས་ཤིང་། །ཐེག་པ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་ཆོས་སྦྱིན་རྒྱས་གྱུར་ཅིག །བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་བསྒྲལ་ཅིང་། །ཡང་དག་ལྟ་ལ་བཀོད་བྱས་པས། །ཆོས་ནི་རྣམ་པར་འཕེལ་གྱུར་ཅིག །བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་བྱས་ཤིང་། །བདག་གིས་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར་ཅིག །བདག་གིས་མུ་སྟེགས་ཅན་གཞན་དག །ལྟ་བའི་ཆུ་ལས་བསྒྲལ་བྱས་ཤིང་། །ཡང་དག་ལྟ་ལ་བཀོད་གྱུར་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག །བསྟན་པ་ཡུན་རིང་འབར་གྱུར་ཅིག །འདི་ནི་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པའོ། ༈ །ཨོཾ་སྭ་སྟི་སིདྡྷཾ། བྱ་བའི་རྒྱུད་ལེགས་པར་གྲུབ་པ་ལས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་བཅད་རིང་མོ་ནི། རྨི་ངན་འཇིགས་དང་སྡིག་པ་ཐམས་ཅད་འཇིག་བྱེད་པ། །ཚེ་དང་འབྱོར་
དང་སྟོབས་དང་བདེ་བ་རྣམས་འཕེལ་བ། །ཁྱེད་ཀྱི་བཀྲ་ཤིས་ཐམས་ཅད་འགྲུབ་པར་བྱེད་འདི་དག །རབ་ཏུ་བརྗོད་ཀྱིས་དེ་ཕྱིར་མི་རྣམས་བསྒྲིམས་ཏེ་ཉོན། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པ་མཐར་ཕྱིན་པའི། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་གང་། །དགེ་མཉམ་བསམ་སེམས་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང༴ །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་སྦྱིན་མཛད་འགྲོ་བའི་དོན་ལ་མི་བསླུ་བའི། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས༴ །བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་པ། །ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས༴ །སེམས་ཅན་ཀུན་གྱི་དོན་ལ་ཐུགས་ནི་རབ་ཏུ་དགོངས་མཛད་དེ། །འགྲོ་བ་མཐའ་དག་འཆིང་བས་བཅིངས་ལས་དགྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས༴ །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །གསེར་གྱི་མདོག་ཅན་འགྲོ་བའི་རྩ་ལག་གཅིག་པུ་དང་། །ཆོས་དང་དགེ་འདུན་ལྷ་དང་ལྷ་མིན་གྱིས་བསྟོད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བདུད་སྟོབས་རབ་ཏུ་འཇོམས་པའི་བཀྲ་ཤིས་གང་ཡིན་དང་། །རྣམ་པར་སྣང་མཛད་ཐམས་ཅད་སྐྱོབས་དང་རྣམ་གཟིགས་དང་། །ཀུན་ཏུ་མཆོད་ཅིང་མགོན་དུ་གྱུར་པ་གཟི་བརྗིད་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ །འགྲེས་སོ། །པདྨའི་བླ་དང་ཤཱཀྱ་ཐུབ་དང་ཐུབ་ཆེན་དང་། །ཡེ་ཤེས་
དབང་ཕྱུག་སྤྱན་ལེགས་པ་དང་ཟླ་ཞལ་དང་། །འབྲུག་གི་སྒྲ་དང་རྔ་སྒྲ་ལྟ་བུར་དབྱངས་སྙན་པ། བཀྲ་ཤིས༴ །འོད་ཟེར་རྒྱལ་མཚན་དང་ནི་གསེར་ཐུབ་འོད་སྲུངས་དང་། །མར་མེ་མཛད་དང་ཤིན་ཏུ་བརྗིད་པར་གཤེགས་པ་དང་། འདྲེན་པ་གཙུག་ཏོར་ཅན་དང་འོད་ཏོག་དཔག་མེད་འོད། །བཀྲ་ཤིས༴ །པདྨ་མཛེས་དང་ཡེ་ཤེས་སྟོབས་དང་ཟླ་འོད་དང་། །ཉི་མའི་ཞལ་དང་དགྲ་ལས་རྒྱལ་དང་རྒྱལ་བལྟམས་དང་། །ཡོན་ཏན་འབྱུང་གནས་དཔལ་གྱི་གཟི་བརྗིད་འཇིག་རྟེན་གཙོ། །བཀྲ་ཤིས༴ །མི་འཁྲུགས་པ་ནི་རྡོ་རྗེའི་གདན་ལ་བཞུགས་པ་དང་། །འདྲེན་པ་མཆོག་སྦྱིན་རིན་ཆེན་ཏོག་ཏུ་བཅས་པ་དང་། །རྣམ་པར་སྤེལ་དང་ལག་ན་རིན་ཆེན་རྒྱལ་པོ་མཆོག །བཀྲ་ཤིས༴ །འཇིག་རྟེན་དབང་ཕྱུག་རྟག་ཏུ་རྒྱལ་དབང་གཙུག་ཏོར་ཅན། །སྟོན་ཟླ་དྲི་མེད་ལྟ་བུར་ཞལ་རས་མཛེས་པ་དང་། །ནམ་མཁའི་སྙིང་པོ་དང་ནི་ས་ཡི་སྙིང་པོ་དག །བཀྲ་ཤིས༴ །འཇམ་དཔལ་གཙུག་ཕུད་ཤིན་ཏུ་མཛེས་པས་རབ་བརྒྱན་པ། །གཞོན་ནུའི་གཟུགས་ནི་གསེར་མཆོག་འོད་དང་ལྡན་པ་དང་། །རྟག་ཏུ་རྒྱལ་བར་དཀའ་བ་ལག་ན་རྡོ་རྗེ་དཔལ། །བཀྲ་ཤིས༴ །བྱམས་པ་ཤིན་ཏུ་རྨད་དུ་བྱུང་བའི་གཟུགས་མངའ་བ། །ལྕང་ལོ་འཁྱིལ་མངའ་མཆོད་རྟེན་གཙུག་ཏོར་གནས་པ་དང་། །ཀུན་ཏུ་བཟང་དང་ནོར་བཟང་དང་ནི་སྒྲ་གཅན་འཛིན། །བཀྲ་ཤིས༴ །སྐུལ་བྱེད་མ་དང་སྒྲོལ་མ་ཁྲོ་གཉེར་འགྲོ་ཕན་དང་། །དེ་བཞིན་ཤེས་རབ་ལ་སོགས་ཕ་རོལ་ཕྱིན་དྲུག་དང་། །རྨ་བྱ་དང་ནི་འཕགས་མ་གཞན་གྱིས་མི་ཐུབ་མ། །བཀྲ་ཤིས༴ །གཙུག་ཏོར་ལས་བྱུང་གསང་སྔགས་རྗེས་འཛིན་བཅས་པ་དང་། །ཕྱིར་ཟློག་མ་དང་བསིལ་བའི་ཚལ་ནི་རྒྱལ་ལས་འཁྲུངས། །ལྷ་མོ་རི་ཁྲོད་ལོ་མ་ཅན་དང་བཅས་པ་རྣམས། །བཀྲ་ཤིས༴ །དོན་ཡོད་གྲུབ་དང་སྟོང་ཆེན་རབ་ཏུ་འཇོམས་མ་དང་། །གྲོང་ཁྱེར་ཝཱ་རཱ་ཎ་སཱི་ཞེས་བྱར་གྲགས་པ་ལ། །བདེ་བའི་སྙིང་པོ་གཅིག་དང་ཀུ་ཤའི་
གྱད་ལྡན་པ། །བཀྲ་ཤིས༴ །རྡོ་རྗེའི་ལྕགས་ཀྱུ་དང་ནི་གཙུག་འཕྱང་འོད་པོ་ཆེ། །དེ་བཞིན་བགེགས་འཇོམས་འཕགས་པ་བདུད་རྩི་ཐབ་སྦྱོར་དང་། །ཟླ་འོད་དེ་ཡང་གཞོན་ནུ་གཟུགས་དང་ལྡན་པ་ནི། །བཀྲ་ཤིས༴ །གཤིན་རྗེའི་གཤེད་པོ་འཇིགས་ཀུན་རབ་ཏུ་འཇོམས་མཛད་པ། །པདྨ་མཐར་བྱེད་གནོད་མཛེས་དེ་བཞིན་འཁོར་ལོ་ཅན། །གཞན་གྱིས་མི་ཐུབ་དབྱུག་སྔོན་བསྣམས་པར་མཛད་པ་དག །བཀྲ་ཤིས༴ །འཕགས་པ་མི་གཡོ་བགེགས་རིགས་རབ་ཏུ་འཇོམས་པ་དང་། །ཕུན་སུམ་ཚོགས་བྱེད་རྨུགས་འཛིན་ཨུཏྤལ་མདོག་ཅན་དང་། །གླང་ཆེན་ཀོ་རློན་སྟག་ལྤགས་རག་གིས་བརྒྱན་གྱུར་པ། །བཀྲ་ཤིས༴ །འཕགས་པ་ཤཱ་རིའི་བུ་དང་མཽ་གལ་འོད་སྲུང་དང་། །ནོར་བུ་འཛིན་དང་མ་འགག་ཉེ་བར་འཁོར་དང་བཅས། །རབ་འབྱོར་དང་ནི་ལུས་འཕགས་རི་བོ་ཀུན་དགའ་བོ། །བཀྲ་ཤིས༴ །སྟོབས་ཆེན་བགེགས་ཀྱང་རིགས་ནི་རབ་ཏུ་འཇོམས་པ་དང་། །འོད་ཟེར་ལྡན་དང་ཆ་བྱད་རབ་ཏུ་འཚེར་བ་དང་། །དུག་སེལ་སྦྲུལ་གདུག་རྒྱས་པ་རབ་ཏུ་འཇིགས་བྱེད་པ། །བཀྲ་ཤིས༴ །འཕྲོག་མ་རྣ་ཆ་བསྣམས་པ་སྣ་ཚོགས་གཡུ་འགུལ་བ། །བུ་ཕོ་ལྔ་བརྒྱ་དག་གིས་བརྒྱན་པར་གྱུར་དེ་དང་། །གནོད་སྦྱིན་བདག་པོ་ལྔས་རྩེན་དང་ནི་པདྨའི་མིག །བཀྲ་ཤིས༴ །ཧ་ལ་ཧ་ལ་སེམས་ཅན་ཀུན་ལ་ཕན་མཛད་པ། །རིན་ཆེན་སྒྲོལ་མར་གྲགས་དང་ནོར་གྱི་རྒྱུན་མཆོག་དང་། །གནོད་སྦྱིན་བདག་པོ་རྣམ་ཐོས་སྲས་པོའི་དཔལ་ཐོབ་པ། །བཀྲ་ཤིས༴ །ཐམས་ཅད་སྒྲོལ་བ་སྦྱིན་ཕོད་དམ་པ་གཟི་ཆེན་དང་། །བྱམས་པའི་སྟོབས་ཀྱི་གཏོང་བའི་སྟོབས་ཆེན་ལྡན་པ་དང་། །སྤྲིན་གྱི་ཏོག་དང་ལྡན་པའི་བུ་ནི་གང་ཡིན་པ། །བཀྲ་ཤིས༴ །རབ་ཏུ་དགའ་ལ་སོགས་པའི་ས་བཅུ་དེ་དག་དང་། །དཔའ་བས་བྱིན་པ་དེ་དང་གཙུག་ན་ནོར་བུ་དང་། །རྒྱལ་པོ་དམ་པ་ཟས་གཙང་དང་ནི་ཀ་པི་ན། །བཀྲ་ཤིས༴ །ལུམྦིའི་ཚལ་ནི་བུང་བ་ལང་ལིང་འཕུར་ཞིང་ལྡིང་། །མེ་ཏོག་
འབྲས་བུ་རྣམ་པ་སྣ་ཚོགས་ཀྱིས་ནི་བརྒྱན། །རྨ་བྱ་དང་ནི་ཁུ་བྱུག་མང་པོའི་སྒྲ་འབྱིན་པ། །བཀྲ་ཤིས༴ །བཙུན་མོ་སྒྱུ་འཕྲུལ་དང་ནི་དེ་བཞིན་གཽ་ཏ་མི། །ཤཱཀྱའི་བུ་མོ་རྫུ་འཕྲུལ་ཆེན་མོ་གྲགས་འཛིན་དང་། །ནཻ་རཱཉྫ་ན་བསོད་ནམས་ལྡན་པ་འབབ་ཆུར་བཅས། །བཀྲ་ཤིས༴ །འཇིག་རྟེན་དབང་ཕྱུག་པདྨ་བུང་བ་ཁྱུང་ལྡིང་དང་། །འཇམ་དཔལ་ཨུཏྤལ་སྔོན་པོ་ཡིད་དུ་འོང་བ་དང་། །མགོན་པོ་བྱམས་པ་ཡིས་ནི་ཀླུ་ཤིང་མེ་ཏོག་བསྣམས། །བཀྲ་ཤིས༴ །རྣམ་སྣང་མཛད་ཀྱི་ཟླ་འོད་ལྟ་བུའི་འཁོར་ལོ་དང་། །རིན་འབྱུང་དཔལ་ཐོབ་རིན་ཆེན་ལྟ་བུའི་འོད་དག་དང་། །མགོན་པོ་འོད་དཔག་མེད་པའི་པདྨ་མཆོག་དག་ནི། །བཀྲ་ཤིས༴ །དོན་ཡོད་གྲུབ་པས་ལེགས་བསྣམས་རལ་གྲི་མཆོག་དང་ནི། །མི་བསྐྱོད་རྡོ་རྗེ་ཉིད་དང་དེ་བཞིན་གཞན་ཡང་ནི། །སྐྱོབ་པ་ཐམས་ཅད་ཀྱི་ནི་ཕྱག་མཚན་མ་ལུས་པ། །བཀྲ་ཤིས༴ །ཡིད་བཞིན་ནོར་བུ་འདོད་འཇོའི་བ་དང་བཅས་པ་དང་། །དཔག་བསམ་གྱི་ནི་ཤིང་དང་བུམ་པ་བཟང་པོ་དང་། །རྒྱལ་བ་ཀུན་གྱིས་ངེས་པར་བསྟེན་པའི་བྱང་ཆུབ་ཤིང་། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལམ་འཇུག་དུས་དང་ནོར་དང་འབྲུ་རྣམས་སྡུད་པ་དང་། །ནངས་པར་དུས་སམ་ཡང་ན་ཞི་བའི་ལས་བྱེད་ཚེ། །དགའ་སྟོན་ཀུན་ནས་འཇུག་དང་དགོས་པ་སྒྲུབ་པ་ན། །མིང་མཚན་འདི་དག་མི་ཡིས་རབ་ཏུ་བསྒྲིམས་ཏེ་ཉོན། །རྒྱལ་བ་དག་དང་རྒྱལ་བའི་མཚན་འདི་མ་ལུས་པར། །ལྷ་ལ་གུས་བཞིན་ཉིན་གཅིག་བཞིན་དུ་ནངས་པར་སུས་བརྗོད་པ། །དེ་ནི་དམྱལ་བ་ཡི་དྭགས་གནས་སུ་མི་སྐྱེ་ནད་མེད་ཅིང་། །དཔལ་དང་བསོད་ནམས་ནོར་དང་བཀྲ་ཤིས་རྣམ་པར་འཕེལ། །ཆེ་བའི་ཆེ་མཆོག་དཀོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་ཟླ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །འབྱུང་པོ་གང་
དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་རླབས་ཀྱིས། །བདེན་པ་འདི་གསུངས་དེ་ལ་སྡིག་མེད་ཅིང་། །ལྷར་བཅས་ལྷ་མིན་དག་གིས་མཆོད་འོས་པའི། །བདེན་པ་འདིས་ནི་དེང་འདིར་བདེ་ལེགས་ཤོག །ཅེས་སོ། ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདིའམ་གང་དག་འདས་པ་དང་། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །བདེ་བས་འདི་ནི་རིན་ཆེན༴ །བདེན་པ་དེ་ཡིས་འདིར་ནི༴ །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བའི་མིག་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས༴ །བདེན་པ༴ །གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཞེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན༴ །བདེན་པ༴ །གང་དག་བརྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །གཽ་ཏ་མ་ཡི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ། །མུན་པ་བསལ་ན་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན༴ །བདེན་པ༴ །ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་
ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །དེ་བས་དགེ་འདུན༴ །བདེན་པ༴ །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང་། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ཅིང་། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ལ། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན༴ །བདེན་པ༴ །ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན༴ །བདེན་པ༴ །ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡི། །འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་ཞིང་། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི། །དེ་དག་འཇིགས་པ་བརྒྱད་དང་ཕྲད་མི་འགྱུར། །དེས་ན་དགེ་འདུན༴ །ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་བ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བ། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག །སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར༴ །སེམས་ཅན་གང་དག༴ །དེ་དག་ཐམས་ཅད༴ །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ༴ །སེམས་ཅན་གང་དག༴ །དེ་དག་ཐམས་ཅད༴ །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །
སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག །འདི་ན་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་བརྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་དང་། །དགྲ་བཅོམ་དག་གི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽ་གལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུངས་སྦྱངས་པའི་ཡོན་ཏན་དང་། །ཀཽཎྜི་ནྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག །སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ་རྫོགས་སོ། ༈ །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམ་གཟིགས་མྱ་ངན་འཚང་ལ་གནས། །རྒྱལ་བ་གཙུག་ཏོར་པདྨ་དཀར་པོའི་དྲུང་། །ཐམས་ཅད་སྐྱོབ་པ་སཱ་ལའི་དྲུང་ན་གནས། །བྲམ་ཟེ་འཁོར་བ་འཇིག་ནི་ཤིར་ཤའི་དྲུང་། །སངས་རྒྱས་གསེར་ཐུབ་ཨུ་དུམྦཱ་རའི་དྲུང་། །འོད་སྲུང་ནྱ་གྲོ་དྷ་ཡི་དྲུང་ན་གནས། །ཤཱཀྱ་ཐུབ་མཆོག་ཁྱད་པར་གནས་དྲུང་དུ། །ཕྱིན་ནས་བྱང་ཆུབ་ཐོབ་གྱུར་གཽ་ཏ་མ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། །མངོན་པར་དད་པའི་ལྷ་གང་འཁོད་པ་དག །ལྷ་རྣམས་དེ་དག་ཡིད་དགའ་མགུར་གྱུར་ནས། །རྟག་ཏུ་དགེ་ཞིང་ཞི་བར་འགྱུར་བར་བྱོས། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །རྐང་གཉིས་ཁྱེད་རྣམས་
བདེ་ལེགས་ཤིང་། །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ལམ་དུ་ཞུགས་རྣམས་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤིང་། །དེ་དག་སྡིག་པར་མ་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་མེད། །བདེན་པའི་ཚིག་གིས་ཀུན་ཏུ་བདེ་ལེགས་ཤོག །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག་རྫོགས་སོ། ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རིགས་གསུམ་གྱི་བཀྲ་ཤིས། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དབྱངས་གཞོན་ནུའི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་དབང་། །བདེ་གཤེགས་གསུང་གི་བཀྲ་ཤིས༴ །བཀྲ་ཤིས་དེས་ནི༴ །བཅོམ་ལྡན་ལྗང་སེར་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེ་སྟེ། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས༴ །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དཔལ་རིགས་གསུམ་གྱི་བཀྲ་ཤིས་རྫོགས་སོ། ༈ །རྒྱ་གར་སྐད་དུ། མངྒ་ལ་གཱ་ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་རྣམས་ལ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །
ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། ༈ །རྒྱ་གར་སྐད་དུ། རཏྣ་ཏྲི་སྭ་སྟི་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་བརླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་བརླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམས་འཕེལ་བ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་བརླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་བརླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །དགེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་གསུངས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
སྒྲུབ་ཐབས་ཀུན་ལས་བཏུས་པའི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་དགེ་ལེགས་གངྒཱའི་ཀླུང་ཆེན།
སྒྲུབ་ཐབས་ཀུན་ལས་བཏུས་པའི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་དགེ་ལེགས་གངྒཱའི་ཀླུང་ཆེན་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། རང་བཞིན་འོད་གསལ་འདུས་མ་བྱས་དབྱིངས་རྣམ་ཀུན་མཆོག་ལྡན་ཆོས་ཀྱི་སྐུ། །སྐུ་དང་ཡེ་ཤེས་རྒྱ་མཚོའི་སྙིང་པོ་ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས། །ཟུང་འཇུག་ཡེ་ཤེས་སྒྱུ་འཕྲུལ་རོལ་པས་སྲིད་པའི་མཐའ་ཡང་ཕམ་མཛད་པ། །སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མ་མཁྱེན་བརྩེའི་དབང་པོས་བདག་སྐྱོངས་ཤིག །གང་ལ་དད་པས་བསྙེན་ཅིང་སྒྲུབ་བྱེད་ལ། །དངོས་གྲུབ་མཆོག་གི་སྐལ་བ་བདེ་བླག་ཏུ། །སྦྱིན་མཛད་རྒྱུད་སྡེ་བཞི་ལས་ལེགས་བསྟན་པའི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །གཏིང་མཐའ་མི་མངོན་ཚོགས་ཟུང་རྒྱ་མཚོའི་ཀློང་། །བཙོ་མ་གསེར་རིར་མཚན་དཔེ་དཔལ་འབར་ཞིང་། །ཉི་གཞོན་བྱེ་བས་འཁྱུད་འདྲ་ལྷང་ངེ་བ། །སྲིད་ཞིའི་རྒྱན་གཅིག་ཤཱཀྱའི་ཏོག་ལ་འདུད། །སྲིད་པའི་གདུང་བ་མཐའ་དག་གཞིལ་བའི་སྨན། །ཐོག་མཐའ་བར་དུ་དགེ་བའི་དཔལ་ཡོན་ཅན། །བདུད་རྩིའི་རང་བཞིན་འགོག་བདེན་དེ་ཐོབ་རྒྱུ། །ལམ་བདེན་ལུང་གི་ཆོས་བཅས་སྤྱི་བོར་བསྙེན། །ཤིན་ཏུ་ཞི་བ་དམ་པའི་བརྟུལ་ཞུགས་དང་། །རིག་གྲོལ་ཡོན་ཏན་རྒྱ་མཚོ་འཁྱིལ་པའི་ཐུགས། །གཅིག་ཏུ་གཞན་དོན་ལྷུར་ལེན་བྱང་སེམས་དང་། །ཉན་རང་འཕགས་པའི་ཚོགས་ལའང་ཕྱག་
བགྱིའོ། །གྲུབ་པ་ཡོངས་ཀྱི་སྤྱི་མེས་ས་ར་ཧ། །རྒྱལ་བས་ལུང་བསྟན་འཕགས་མཆོག་ཀླུ་ཐོགས་གཉིས། །གསང་ཆེན་བསྟན་པའི་སྲོལ་འབྱེད་བི་རཱུའི་ཞབས། །མཁས་གྲུབ་ཁྱུ་མཆོག་ཆེན་པོ་རྣམས་ལ་འདུད། །ཟབ་རྒྱས་རྒྱུད་སྡེའི་སྟོན་པ་སྒེག་རྡོར་ཆེ། །ལྷག་པའི་ལྷ་ཡིས་རྗེས་བཟུང་ཙནྡྲའི་མཚན། །རྒྱུད་དང་མན་ངག་གསལ་བྱེད་ཛེ་ཏཱ་རི། །འཇིགས་མེད་འབྱུང་གནས་སྦས་པ་རྣམས་ལ་འདུད། །རྒྱལ་སྲས་ལམ་བཟང་སྣང་མཛད་ཇོ་བོ་རྗེ། །གྲུབ་གཉིས་ཆོས་ཀྱི་སྐྱེས་འདྲེན་བ་རིའི་ཞབས། །ཡོངས་རྫོགས་བསྟན་པའི་བཀའ་བབས་ས་སྐྱ་པ། །བརྒྱུད་པར་བཅས་པའི་ཞབས་ལ་གུས་ཕྱག་འཚལ། །སྒྲུབ་ཐབས་རྒྱ་མཚོའི་དེད་དཔོན་གྲགས་རྒྱལ་མཚན། །བཀའ་གདམས་ནོར་བུའི་མཛོད་གདལ་ནམ་མཁའ་གྲགས། །གསུང་རབ་ཀུན་ལ་འཇིགས་བྲལ་བོ་དོང་པ། །སྨྲ་བའི་དབང་ཕྱུག་ཆེ་རྣམས་ཕྱག་གི་ཡུལ། །ངེས་དོན་ལམ་གྱི་ཤིང་རྟ་བཀའ་བརྒྱུད་པ། །གྲུབ་པའི་གསེང་ལམ་འབྱེད་མཁས་ཁྱུང་པོའི་ཞབས། །མན་ངག་རྒྱ་མཚོར་དབང་བསྒྱུར་ཕ་དམ་པ། །རིག་སྔགས་འཆང་རྣམས་གཙུག་རྒྱན་མཆོག་ལ་འདུད། །བོད་ཡུལ་རྒྱུད་སྡེའི་སྒྲོན་མེ་ཀུན་མཁྱེན་བུ། །མདོ་རྒྱུད་ཕྲིན་ལས་
མཁའ་ཁྱབ་ཙོང་ཁ་པ། །གྲུབ་པའི་མན་ངག་མཆོག་ཐོབ་རྗེ་བཙུན་ཆེ། །ཟབ་རྒྱས་གདམས་པའི་མཛོད་རྣམས་སྤྱི་བོར་མཆོད། །སྙིགས་དུས་རྒྱལ་བ་གཉིས་པ་ངོར་ཆེན་རྗེ། །ལུང་རྟོགས་བསྟན་པའི་ཉིན་བྱེད་ངག་གི་དབང་། །རྡོ་རྗེ་འཆང་དངོས་བསྟན་པའི་རྒྱལ་མཚན་ཏེ། །བཀའ་དྲིན་མཉམ་མེད་རྣམས་ལ་གུས་པས་འདུད། །རྒྱུད་དང་གྲུབ་པའི་མན་ངག་ལེགས་འབྲེལ་ཞིང་། །སྐལ་བཟང་སྐྱེ་བོས་དོན་གཉིས་བསྒྲུབ་པའི་གཞི། །གང་ལས་བརྒྱུད་པའི་ཕྲེང་བ་ཡིད་འོང་བས། །བློ་ལྡན་མོས་པའི་མགུལ་པ་མཛེས་པར་བྱེད། །ཟུང་འཇུག་མཆོག་དངོས་ཡན་ལག་རབ་འབྱམས་ལས། །སྒྲུབ་ཐབས་དངོས་གྲུབ་འདོད་པ་ཀུན་འཇོ་བའི། །བརྒྱུད་པའི་སྣང་ཚུལ་དགེ་ལེགས་བྱེ་བའི་གཏེར། །གངྒཱའི་ཀླུང་ཆེན་ཕབ་ལ་དེང་འཇུག་ཅིག །དེ་ལ་འདིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་རྒྱུད་སྡེ་རིན་པོ་ཆེ་རྩོད་པ་མེད་པ་རྣམས་ལས་ལེགས་པར་བསྟན་ཅིང་ཚད་མར་གྱུར་པའི་པཎ་གྲུབ་རྣམས་ཀྱིས་ཐུགས་ཉམས་སུ་གཞེས་ཤིང་གཏན་ལ་ཕབ། གངས་ཅན་གྱི་ལྗོངས་སུ་ལོ་ཙཱ་སྐྱེས་ཆེན་རྣམས་ཀྱིས་བསྒྱུར་བཤད་འཆད་ཉན་གྱི་སྒོ་ནས་སྣང་བར་མཛད་ལ། བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་གཙོ་བོར་གྱུར་པའི་རྡོ་རྗེ་འཛིན་པ་ཆེས་མཆོག་ཏུ་གྱུར་པ་རྣམས་ཀྱི་བཀའ་སྲོལ་དྲི་མ་མེད་པ་ལས་བྱོན་པའི་སྒྲུབ་ཐབས་ཡན་ལག་དང་བཅས་པའི་སྐོར་བཀའ་ཡོད་ལ་ལྷད་མ་ཞུགས་པའི་རྒྱུན་ཇི་སྙེད་བཞུགས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྒྲིགས་པ་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་ཞེས་ཡོངས་སུ་གྲགས་པའི་ཆོས་སྡེ་འདི་ཉིད་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་གང་ལས་བརྒྱུད་པའི་ཡི་གེ་རྣམ་པར་དག་པ་ཇི་ལྟར་རྙེད་པར་བྲི་བར་བྱའོ། །དེ་ཡང་ཐོག་མར་དགེ་བའི་ལྷ་གསུམ་ལས། ཚེ་དཔག་མེད་དཀར་པོ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་རྗེས་གནང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆ་ལྟར་ནོས་ནས། དེས་མཛད་པའི་སྒྲུབ་ཐབས་རྗེས་
གནང་དང་བཅས་པ་དང་། བརྒྱུད་འདེབས་འཆི་མེད་རྡོ་རྗེའི་སྒྲ་དབྱངས། རྒྱུན་ཁྱེར། བསྙེན་པ་བྱེད་ཚུལ་རྗེས་གནང་གི་གསལ་བྱེད་དང་བཅས་པ་འཆི་མེད་གྲུབ་པའི་བཅུད་ལེན་མཁས་དབང་བྱམས་པ་ཕྲིན་ལས་ཡོན་ཏན་གྱིས་མཛད་པ་དག་གི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། དཀོན་མཆོག་ལྷུན་གྲུབ་ཡན་རྗེས་གནང་གི་གཤམ་དུ་གསལ། དེ་ནས་ནམ་མཁའ་དཔལ་བཟང་། རྩེ་གདོང་ཁྲི་ཆེན་བསོད་ནམས་ལྷུན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། གཟིམ་འོག་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། འཇམ་མགོན་བསྟན་འཛིན་སྙན་གྲགས། དེ་ལས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསན་པ་སྟེ་འོག་མ་རྣམས་ལའང་དེ་བཞིན་ཤེས་པར་བྱའོ། །ཡང་ན། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཡན་གསན་ཡིག་གཞན་ལྟར་ལ། དེ་ནས་བྱམས་པ་བསོད་ནམས་དཔལ་ལྡན། ཐར་རྩེ་ནམ་མཁའ་བསམ་འགྲུབ། ཡབ་རྗེ་ཀུན་དགའ་བློ་གྲོས་མན་འདྲ། རྗེས་གནང་གི་གསལ་བྱེད་སོམ་ཉིའི་མུན་སེལ་ཞུ་ཆེན་རིན་པོ་ཆེས་མཛད་པའི་ལུང་ནི་དེ་ཉིད་ཀྱི་གསུང་འབུམ་བརྒྱུད་པ་ལྟར་ཏེ་འོག་ཏུ་ཤེས། ༈ །སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་འོད་ཟེར་དྲུག་སྦྲགས་ཀྱི་སྐོར་ལའང་། དངོས་གྲུབ་སྒྲུབ་པའི་སྣོད་རུང་བྱ་བ་རྗེས་གནང་། དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་དངོས་གཞི་དམིགས་ཁྲིད། དེ་དག་གི་རྒྱབ་རྟེན་ལུང་གི་རིམ་པའོ། །དང་པོ་ནི། ཚར་ཆེན་རིན་པོ་ཆེའི་སྒྲུབ་ཐབས་དང་། འཇམ་མགོན་མཁྱེན་བརྩེའི་རྗེས་གནང་ལ་སྙན་བརྒྱུད་ཞལ་ཤེས་ཀྱིས་བརྒྱན་ཏེ་ལེགས་པར་ཐོབ་པའི་རྩ་བའི་བརྒྱུད་པ་ནི། ཚར་ཆེན་ཡན་བརྒྱུད་འདེབས་དང་། རྒྱལ་དབང་ལྔ་པ་རིན་པོ་ཆེ། ཞུ་ཆེན་པཎྜི་ཏ་སོགས་ཀྱི་གསན་ཡིག་རྣམས་
ལས་ཤེས་སླ། དེ་ནས་མཁྱེན་བརྩེའི་དབང་ཕྱུག བསླབ་གསུམ་རྒྱལ་མཚན། དབང་ཕྱུག་རབ་བརྟན། ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན་མཁྱེན་བརྩེ་ལས། བསླབ་གསུམ་པ། སྔགས་འཆང་བསོད་ནམས་ཆོས་འཕེལ། བྱང་གླིང་བཀྲ་ཤིས་རྒྱལ་མཚན་གསུམ་གྱིས་གསན། ཡབ་སྲས་བཞི་ག་ལས་དབང་རབ། དེ་ལས་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། དེ་གཉིས་ཀ་ལས་ཞྭ་ལུ་མཁན་ཆེན་གྱིས་གསན་པ་མན་འདྲ། ཡང་ན་ཀུན་བློ་ནས། ན་ལེནྡྲའི་གཟིམ་འོག་མཆོག་སྤྲུལ་བྱམས་པ་བསྟན་འཛིན་འཕྲིན་ལས། སྨྲ་དབང་ཕྲིན་ལས་ཡོན་ཏན། འཇམ་མགོན་བླ་མ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ཡང་ན་ཀུན་བློ་ནས། ཟུར་འཆད་པ་རིན་ཆེན་རྒྱལ་མཚན། ལྔ་རིག་པ་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན། དེ་སྲས་འཇམ་མགོན་རྡོ་རྗེ་རིན་ཆེན། ཁྱབ་བདག་ཞྭ་ལུ་པ་རིན་ཆེན་བློ་གསལ་བསྟན་སྐྱོང་། དེ་ལས་སོ། །ཡང་ན་འཇམ་མགོན་རྡོ་རྗེ་རིན་ཆེན། རྣམ་འདྲེན་ངག་གི་དབང་པོ། རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་ལེགས་གྲུབ། དེ་ལས་སོ། །གཉིས་པ་ནི། ཚར་ཆེན་རིན་པོ་ཆེའི་ཉམས་ལེན་སྙིང་པོ་བསྡུས་པ་དང་། འཇམ་མགོན་མཁྱེན་བརྩེའི་དམིགས་རིམ་སྐྱབས་ཡུལ་ཞིང་ཁམས་མ་སྦྱར་བ་ལ། བླ་མ་བརྒྱུད་པའི་གསུང་སྒྲོས་ཀྱིས་བརྒྱན་པ་མུས་མཁན་རིན་ཆེན་ཆོས་ལྡན་གྱིས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་ཉམས་ཁྲིད་རྒྱས་པར་ཐོབ་པའི་བརྒྱུད་པ་ནི། ཞྭ་ལུ་མཁན་ཆེན་ཡན་རྗེས་གནང་གི་བརྒྱུད་པ་དང་པོ་རྩ་བའི་བརྒྱུད་པ་དང་འདྲ། དེ་ནས།
འདར་གྲང་ཆེན་མཁན་པོ་རིན་ཆེན་འཇམ་དཔལ། བྲག་རྩ་བ་བློ་གསལ་བསྟན་འཛིན། འཇམ་མགོན་ཀུན་དགའ་བློ་གྲོས། མུས་ཆེན་ཆོས་ཉིད་ཡེ་ཤེས། རྗེ་བཙུན་བསྟན་པའི་ཉི་མ། ཡབ་རྗེ་ཀུན་དགའ་རིན་ཆེན། འཇམ་མགོན་རྡོ་རྗེ་རིན་ཆེན། འདྲེན་མཆོག་ངག་གི་དབང་པོ། མཚུངས་མེད་རྡོ་རྗེའི་སློབ་དཔོན་ཆེན་པོ་ངག་དབང་ལེགས་གྲུབ། དེ་ལས་སོ། །ཡང་ཚར་ཆེན་ཡབ་སྲས་ཀྱི་ཡིག་ཆའི་སྟེང་ནས་དམིགས་ཁྲིད་མདོར་བསྡུས་སུ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་མགོན་བསྟན་འཛིན་སྙན་གྲགས། རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་རྣམས་ལས་ཐོབ་པའི་བརྒྱུད་པའང་ཀུན་བློ་ཡན་ཁྲིད་ཀྱི་བརྒྱུད་པ་བཤད་མ་ཐག་པ་ལྟར་དང་། དེ་མན་སོ་སོར་ཐོབ་པའི་རྗེས་གནང་གི་བརྒྱུད་པ་དང་འདྲའོ། །གསུམ་པ་ལ། སྒྲོལ་དཀར་བཀའ་བབས་ཐ་དད་པ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་རྩ་བའི་ཡིག་ཆ་དང་། འདིའི་ཐུན་མོང་མ་ཡིན་པའི་ཡིག་ཆའི་སྐོར་གཉིས་ལས། དང་པོ་ལ། ལོ་རྒྱུས་ནས། ཅེ་སྤྱང་སྔོན་མོའི་ལམ་སྲུང་གི་གསལ་བྱེད་བར་གྱི་བརྒྱུད་པ་ནི། ཚར་ཆེན་ནས། མཁྱེན་བརྩེ། བསླབ་གསུམ་པ། དབང་རབ། བཀའ་འགྱུར་བ། ཞྭ་ལུ་མཁན་ཆེན། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར་བ། ཀུན་བློ། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྡོ་རྗེ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་གཉིས། གཉིས་ཀ་ལས་སོ། །ཡང་ན་ནམ་མཁའ་འཆི་མེད་ནས། མཁས་དབང་བླ་མ་ཀུན་དགའ་དོན་གྲུབ། རྗེ་འཇམ་དཔལ་བཟང་པོ་གཉིས། དེ་ལས་སོ། །ཡང་ན། ཀུན་དགའ་དོན་གྲུབ་ནས། རྡོ་རྗེ་འཛིན་པ་དགེ་འདུན་རྒྱ་མཚོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །གཉིས་པ་ལ། བརྒྱུད་འདེབས་དང་། ཉམས་ལེན་སྙིང་པོ་བསྡུས་པ་ཚར་ཆེན་གྱིས་
མཛད་པ། རྗེས་གནང་གི་ཡི་གེ། ཟབ་ཁྲིད་ཀྱི་དམིགས་རིམ་ཟིན་བྲིས། སྦྱིན་སྲེག་གི་ངག་འདོན་ཚེ་དང་བསོད་ནམས་ཉི་མ་བདུན་འབར་རྣམས་མཁྱེན་བརྩེས་མཛད་པ། རྒྱུན་ཁྱེར་དབང་རབ་ཀྱིས་མཛད་པ་རྣམས་ལས་སྔ་མ་བཞིའི་བརྒྱུད་པ་ནི་རྩ་བའི་ཡིག་ཆ་དང་འདྲ། སྦྱིན་སྲེག་དང་རྒྱུན་ཁྱེར་གཉིས་གནས་གསར་བ་ནས། བྲག་རྩ་བློ་གསལ་བསྟན་འཛིན། འཇམ་མགོན་ཀུན་བློ་མན་འདྲ། རྗེས་གནང་ཐུན་མོང་མ་ཡིན་པའི་ཟིན་བྲིས་དང་། གནས་གསར་བས་མཛད་པའི་སྒྲུབ་ཐབས་ཚིགས་བཅད་མའི་ལུང་རྒྱུན་སླར་བཙལ། ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པ་ནག་འགྲོས་བཀླགས་ཆོག་ཏུ་བཀོད་པ་འཇམ་མགོན་ཀུན་བློའི་གསུང་། ཀུན་བློ་ནས་བསྟན་འཛིན་ཕྲིན་ལས། ཕྲིན་ལས་ཡོན་ཏན། འཇམ་མགོན་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ཡང་ན་ཀུན་བློ་ནས། ཆོས་ཉིད་ཡེ་ཤེས་སོགས་ཁྲིད་ཀྱི་བརྒྱུད་པ་དང་འདྲ། རྡོ་རྗེའི་སློབ་དཔོན་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་ཟབ་ཁྲིད་ཐུན་མོང་མ་ཡིན་པའི་ཡི་གེ་བདེ་ལྡན་མགོན་པོ་ཞལ་ལུང་། དེའི་འཆད་ཐབས་སྐལ་བཟང་རྣ་བའི་དགའ་སྟོན། བསྙེན་ཐབས་སྦྱིན་སྲེག་དང་བཅས་པའི་གསལ་བྱེད་ཉེར་མཁོའི་ཡི་གེ་སྲིད་ཞིའི་དགེ་ལེགས་ནམ་མཁའ་མཛོད་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་རྣམས་མཛད་པ་པོ་ལས་སོ། ༈ །དབྱངས་ཅན་མ་དཀར་མོ་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་པཎྜི་ཏ་ས་མནྟ་ཤྲཱིའི་ལུགས་ཀྱི་རྗེས་གནང་ཐུགས་སྲས་ལོ་ཙཱ་བ། པཎ་ཆེན་ནམ་མཁའ་དཔལ་བཟང་། འཇམ་མགོན་ཀུན་བློ་རྣམས་ཀྱི་ཡིག་ཆའི་སྟིང་ནས་སོ་སོར་ནོད་པའི་བརྒྱུད་པ་ནི། དེ་ཝཱི་སྭ་ར་སྭསྟི། པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ་མུ་ནཱིནྡྲ། ལོ་ཆེན་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་ཆོས་རྒྱལ། མཁས་པ་ཙནྡྲ་ཤྲཱི། མཁྱེན་རབ་རིན་ཆེན་མཆོག་གྲུབ། ལོ་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་
འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང་། མཆོག་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། དེད་དཔོན་མཁྱེན་བརྩེ་རབ་བརྟན། གཉིས་ཀ་ལས། རྨོར་ཆེན། གནས་གསར་བ། ཀུན་བློ། དབྱངས་ཅན་གྲུབ་པ་བསྟན་འཛིན་ཕྲིན་ལས། ཕྲིན་ལས་ཡོན་ཏན། འཇམ་མགོན་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ཡང་ན། དཔལ་ལྡན་ཆོས་སྐྱོང་ཡན་གཞན་དུ་གསལ། དེ་ནས་དབོན་རིན་ཆེན་མཆོག་གྲུབ། ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་། ཀུན་བློ་ལས་ནམ་མཁའ་འཆི་མེད་ཀྱིས་གསན་པར་བཞེད་པའང་སྣང་། ཡང་ན། ནམ་མཁའ་དཔལ་བཟང་ནས། ཤར་ཆེན་ཀུན་བཀྲས། ཤེས་རབ་འབྱུང་གནས། ཞྭ་ལུ་མཁན་ཆེན། རྒྱལ་དབང་ལྔ་པ་རིན་པོ་ཆེ་ངག་དབང་བློ་བཟང་བརྒྱ་མཚོ། ཐུགས་སྲས་འཇམ་དབྱངས་གྲགས་པ། འཇམ་དབྱངས་བདེ་བའི་རྡོ་རྗེ། སྟག་ལུང་པ་བསྟན་པའི་རྒྱལ་མཚན། ཀུན་མཁྱེན་འཇིགས་མེད་དབང་པོ། གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེ། བྲག་སྒོམ་ཞབས་དྲུང་རིན་པོ་ཆེ་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། །དེའི་རྒྱབ་རྟེན་ལུང་གི་སྐོར་ལ། དབྱངས་ཅན་དཀར་མོའི་རྗེས་གནང་སྒྲུབ་ཐབས་དང་བཅས་པ་པཎྜི་ཏའི་གསུང་རྒྱུན་བཞིན་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་བརྒྱུད་པ་ནི། ཐུགས་སྲས་ལོ་ཙཱ་བ། སྐུ་ཞང་ནམ་མཁའ་ཆོས་རྒྱལ། མཁས་པ་ཙནྡྲ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། ཆོས་རྗེ་དོན་གྲུབ་རྒྱལ་མཚན། བྱང་གླིང་བཀྲ་ཤིས་རྒྱལ་མཚན། རྗེ་ཀུན་དགའ་བཀྲ་
ཤིས། རྗེ་དཀོན་མཆོག་རྒྱལ་མཚན། ཞྭ་ལུ་མཁན་ཆེན། རྒྱལ་དབང་ལྔ་པ། གོང་དཀར་བ་མང་ཐོས་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ། མཁན་ཆེན་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། དཔལ་མང་མཁན་ཆེན་དཀོན་མཆོག་རྒྱལ་མཚན། དེ་ལས་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དང་། ལྷ་བཙུན་འཇམ་པའི་དབྱངས་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གཉིས། གཉིས་ཀ་ལས་སོ། །པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང་། རྗེས་གནང་གི་ཁ་སྐོང་དང་བཅས་པའི་ལུང་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་བརྒྱུད་པའང་རྗེས་གནང་དང་འདྲའམ་སྙམ། ལྷ་མོ་དབྱངས་ཅན་མའི་བསྙེན་ཐབས་དང་། ཉམས་ལེན་གྱི་ཡན་ལག་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་ནི། སངས་རྒྱས་ཕུན་ཚོགས་ནས་ཞུ་ཆེན་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་བར་དེའི་གསན་ཡིག་ལྟར་ལ། དེ་དབོན་ངག་དབང་དགེ་ལེགས་ལྷུན་གྲུབ། ལྷ་བྱ་བླ་མ་ངག་དབང་དཔལ་འབྱོར། ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་བཟང་པོ། ལྷོ་པ་བླ་མ་ཀུན་དགའ་དཔལ་ལྡན། བཤེས་གཉེན་ངག་དབང་བསྟན་པ། རྡོ་རྗེ་འཛིན་པ་ངག་དབང་ལེགས་གྲུབ། དེ་ལས་སོ། །སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཤེས་རབ་དཔལ་འབར་འཇམ་མགོན་ཀུན་བློས་མཛད་པ། བརྒྱུད་འདེབས་བྱིན་རླབས་གཏེར་མཛོད། སྒྲུབ་ཐབས་ཉུང་གསལ་སྙིང་པོར་དྲིལ་བ། བསྟོད་པ་རྨོངས་པའི་མུན་འཕྲོག་རྣམས་གཟིམ་འོག་པ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པ་རྣམས་རྗེས་གནང་གི་བརྒྱུད་པ་དང་པོ་དང་འདྲ། དབྱངས་ཅན་མ་དཀར་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་བློ་གྲོས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་འཇམ་དབྱངས་བླ་མ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མཛད་པ་རྗེ་ཉིད་ཀྱི་ཞལ་སྔ་ནས་ནོས་སོ། །རིང་འཚོའི་
ཆོ་ག་སྒྲུབ་པའི་རྣམ་པར་གཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་པའི་ཐིག་ལེ། མཛད་པ་པོ་འཇམ་མགོན་བླ་མ་ངག་དབང་ཡོན་ཏན་རྒྱ་མཚོ་ཉིད་ཀྱི་ཞལ་སྔ་ནས་སོ། ༈ །མ་གཅིག་གྲུབ་པའི་རྒྱལ་མོས་རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པ་ལ་སྩལ་བའི་ཚེ་སྒྲུབ་ཐུན་མོང་མ་ཡིན་པ་ཤིན་ཏུ་ཟབ་པ། ཚར་ཆེན་རིན་པོ་ཆེའི་བྱིན་རླབས་ཀྱི་ཆོ་ག་པད་དཀར་བཞད་པའི་དགའ་སྟོན་གྱི་སྟེང་ནས་ཚེའི་བྱིན་རླབས་ལ་བརྟེན་ནས་ཚེ་སྲིང་བའི་སྨིན་བྱེད་རྒྱས་པར་ནོས་ནས། ལུང་ལ། འབའ་ར་བས་མཛད་པའི་ཚེ་ཁྲིད་རིན་ཆེན་གཏེར་མཛོད་ཀྱི་སྐོར་ལ། བླ་མ་བརྒྱུད་པའི་ལོ་རྒྱུས་ཤངས་སྒོམ་རྒྱལ་མཚན་དཔལ་བཟང་པོས་ཡི་གེར་བཀོད་པ། ཚེ་དབང་། བསྐྱེད་ཆོག བསྟོད་པ་གདོད་ནས་རྣམ་དག་མ། བརྒྱུད་འདེབས་ཡེ་ཤེས་ལྔ་ལྡན་མ། ཁྲིད་ཡིག་འབྲིང་པོ། བསྡུས་པ། སྒྲུབ་ཐབས་ཚིགས་བཅད་བཀའ་རྒྱ་མ། ཞལ་ཤེས་ཐུན་མོང་མ་ཡིན་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འབའ་ར་བ་རྒྱལ་མཚན་དཔལ་བཟང་། བྱ་བྲལ་ཆོས་རྗེ། སྐྱེས་མཆོག་སྨོན་ལམ་དཔལ། རྗེ་བློ་གྲོས་ཆོས་རྒྱལ། འབྲུག་པ་པདྨ་དཀར་པོ། མཉམ་མེད་ལྷ་རྩེ་བ། རྒྱལ་བ་དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། མི་ཕམ་ཆོས་ཀྱི་དབང་ཕྱུག དགེ་ལེགས་བཞད་པ། འཇམ་མགོན་དགྱེས་པ། འཇམ་དཔལ་དཔའ་བོ། ཀུན་གཟིགས་ཆོས་ཀྱི་སྣང་བ། དགེ་སློང་འཕགས་པ་དོན་གྲུབ། རྒྱལ་དབང་ཆོས་རྗེ་བློ་བཟང་རྣམ་རྒྱལ། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། དེ་ལས་སོ། །ཡང་ན། ཀུན་དགའ་ལྷུན་གྲུབ་ནས་རིམ་པར་བརྒྱུད། ཁམས་སྤྲུལ་ཐུགས་ཀྱི་རྡོ་རྗེ། དགེ་སློང་འཕགས་པ་དོན་གྲུབ་མན་འདྲ། བྱིན་རླབས་ཀྱི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་
རྒྱལ་མོ། ཏེ་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། དབང་ཕྱུག་མི་ལ་རས་ཆེན། རྗེ་དྭགས་པོ་ལྷ་རྗེ། རྗེ་ཕག་མོ་གྲུ་པ། འབྲི་གུང་འཇིག་རྟེན་གསུམ་མགོན། སྤྱན་སྔ་གྲགས་པ་འབྱུང་གནས། མཉམ་མེད་ཡང་དགོན་ཆོས་རྗེ། ཐུགས་སྲས་སྤྱན་སྔ་རིན་ལྡན། ཀུན་མཁྱེན་ཟུར་ཕུག་ཆོས་རྗེ། རྗེ་འབའ་ར་བ་རྒྱལ་མཚན་དཔལ་བཟང་། རྟོགས་ལྡན་རིན་ཆེན་འཕེལ་བ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་ཀུན་སྤངས་པ་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། རིན་ཆེན་བསྟན་གསལ། བློ་གྲོས་ཆོས་འཕེལ། ངག་དབང་ཡེ་ཤེས། ཆོས་གྲགས་རྒྱ་མཚོ། ངག་དབང་ཆོས་ཀྱི་རྒྱ་མཚོ། ཀུན་བཟང་ཆོས་དབྱིངས་རྡོ་རྗེ། རིན་ཆེན་བློ་གསལ་བསྟན་སྐྱོང་། དེ་ལས་སོ། །ཡང་། ཝཱ་གིནྡྲ་མངྒ་ལ་ལས་ཐོབ་པའི་བརྒྱུད་པ་ཚོལ། ཚར་ཆེན་གྱིས་མཛད་པའི་དབང་ཆོག་པད་དཀར་བཞད་པའི་དགའ་སྟོན་མཛད་པ་པོ་མན་བྱིན་རླབས་ཀྱི་བརྒྱུད་པ་དང་འདྲའམ་སྙམ། བརྒྱུད་པའི་ཁ་སྐོང་དག་འཇམ་མགོན་བློ་གྲོས་མཐའ་ཡས་ཉིད་ལས་སོ། །བློ་གསལ་བསྟན་སྐྱོང་གིས་མཛད་པའི་ཚེ་ཁྲིད་ཀྱི་བརྒྱུད་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་མཛད་པ་པོ་ནས་དཀོན་མཆོག་བསྟན་པ་རབ་རྒྱས་ལས་སོ། ༈ །དཔལ་ས་སྐྱ་པ་སྔགས་འཆང་ཆེན་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་གྲུབ་རྒྱལ་ལུགས་ཀྱི་དབང་མཆོག་གི་སྟེང་ནས་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ། འབའ་ར་བ་ཡན་གོང་དང་འདྲ། དེ་ནས་མཁས་བཙུན་བདེ་ལེགས་རིན་ཆེན། གངས་ཅན་ཀུན་དགའ་དཔལ་བཟང་། དབུ་མ་པ་དཔལ་ལྡན་བཟང་པོ། ཆོས་རྗེ་དཔལ་
མགོན་«ལྡན་མགོན་པོ།་་་་་»པ། འཇམ་དབྱངས་སངས་རྒྱས་རིན་ཆེན། ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས། སྔགས་འཆང་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། འཇམ་དབྱངས་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག ངག་དབང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། རྡོ་རྗེ་འཆང་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་གསན་པ་ཡིན་སྙམ་སྟེ་སླར་བརྟག། ༈ །པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཚེ་སྒྲུབ་གྲུབ་རྒྱལ་མའི་དབང་ཆོག་འདོད་རྒུའི་ཆར་འབེབས་ཀྱི་སྟེང་ནས་ལུང་བཅས་ཐོབ་པའི་བརྒྱུད་པ་ནི་སླར་ཚོལ། ༈ །གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་རྨོར་ཆེན་རྗེས་མཛད་པའི་ཡི་གེའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ཛཻ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། དེ་ལ་རྗེ་བཙུན་རིན་པོ་ཆེ་དང་། སྒོམ་པ་རྒྱ། རྗེ་བཙུན་པ་ལས་ཆོས་རྗེ་པ། སྒོམ་པ་རྒྱ་དང་། ཆོས་རྗེ་པ་གཉིས་ཀ་ལས་སློབ་དཔོན་དོ་བ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། ཡར་ཀླུང་པ་སེངྒེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིངས་པ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། རྗེ་བཙུན་རིན་ཆེན་རྒྱ་མཚོ། དོལ་པཎ་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས་ནས། ནམ་
མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་གསན་ནམ་སྙམ། ལུང་ལ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་རྗེས་གནང་གི་ཡི་གེ། ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱི་སྒྲུབ་ཐབས་བརྒྱུད་ཡིག་བཅས། འཕགས་པ་རིན་པོ་ཆེའི་སྒྲུབ་ཐབས། བསྟོད་པ་པདྨོའི་ཕྲེང་བ། རྨོར་ཆེན་གྱིས་མཛད་པའི་རྗེས་གནང་བྱ་ཚུལ་བསམ་འཕེལ་ནོར་བུ་བཅས། བསོད་རྩེ་འཕགས་པ་གཉིས་ཀྱི་གསུང་བཀའ་འབུམ་ལྟར་ལ་ཡར་ཀླུང་པའི་ཡིག་ཆ་བཙལ། ༈ །སྟག་ལུང་པ་བཀྲ་ཤིས་དཔལ་གྲུབ་ཀྱི་ཡིག་ཆའི་སྟེང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། གྲུབ་པའི་རྒྱལ་མོ། ཏི་ཕུ་«འདི་མ་བྱུང་།་་་་་»པ། རས་ཆུང་རྡོ་རྗེ་གྲགས། བུར་སྒོམ་ནག་པོ། ཕག་མོ་གྲུ་པ། སྟག་ལུང་ཐང་པ། སྐུ་ཡལ་བ། སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། སྐུ་ཞང་རིན་ཆེན་བསོད་ནམས་དཔལ། ཆོས་སྐུ་ཨོ་རྒྱན་མགོན་པོ། ཡེ་ཤེས་བཟང་པོ། བླ་མ་རྒྱལ་བཟང་། བསོད་ནམས་རྒྱལ་མཚན། བློ་གྲོས་རིན་ཆེན། དོན་གྲུབ་རིན་ཆེན། ཆོས་དཔལ་བཟང་པོ། མཁར་དྲུང་བསོད་ནམས་བཀྲ་ཤིས། རྗེ་དྲུང་མཚོ་སྐྱེས་རྡོ་རྗེས། ཀུན་དགའ་བཀྲ་ཤིས། ངག་དབང་རྣམ་རྒྱལ། བཀྲ་ཤིས་དཔལ་གྲུབ། ཁྱབ་བདག་གྲགས་པ་ལེགས་གྲུབ། ངག་དབང་གྲགས་པ། དམ་ཆོས་ཕྲིན་ལས་ཕུན་ཚོགས། ངག་དབང་ཕྲིན་ལས་བསྟན་འཛིན། གྲུབ་མཆོག་སྒོམ་པ་ངག་དབང་ཕུལ་ལྡན། བཀྲ་ཤིས་གྲགས་པ་ཡེ་ཤེས། བཀྲ་ཤིས་དགེ་ལེགས་བཟང་པོ། ངག་དབང་བསྟན་པའི་ཉི་མ། དེ་ལས་སོ། །ཡང་ན། རྗེ་དྲུང་གྲགས་པ་ལེགས་གྲུབ་ནས། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ། རྗེ་ངག་དབང་གྲགས་པ། ངག་དབང་ཕྲིན་ལས་བསྟན་འཛིན། ངག་དབང་ཕྲིན་ལས་མཆོག་གྲུབ། གྲགས་པ་མང་ཐོས།
ངག་དབང་དཔལ་འཕེལ། ངག་དབང་ཀུན་དགའ་བཀྲ་ཤིས། རྗེ་ཆོས་དབྱིངས་ལྷུན་གྲུབ། སྟག་ལུང་པ་ངག་དབང་བསྟན་པའི་ཉི་མ། ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། དེ་ལས་སོ། །སྒྲུབ་ཐབས་རིན་འབྱུང་ལྟར་ན། རྗེ་དྲུང་མཚོ་སྐྱེས་རྡོ་རྗེ་ཡན་འདྲ། དེ་ནས་ཀུན་དགའ་བཀྲ་ཤིས། ཏཱ་ར་ནཱ་ཐ་ལའོ། ༈ །གྲུབ་རྒྱལ་ཚེ་དཔག་མེད་དཀར་པོ་ཡང་གསང་ཕྱག་བཞི་པ་རས་ཆུང་ལུགས་དཔལ་སྟག་ལུང་པ་ལ་བཀའ་བབས་པའི་བྱིན་རླབས་དབང་བསྐུར་གྱི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། རས་ཆུང་རྡོ་རྗེ་གྲགས་པ། རྣལ་འབྱོར་པ་བུར་སྒོམ་ནག་པོ། བདེ་གཤེགས་ཕག་མོ་གྲུ་པ། དཔལ་སྟག་ལུང་ཐང་པ་རིན་པོ་ཆེ་སོགས་སྟག་ལུང་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུའི་བརྒྱུད་པ་དང་འདྲའོ། ༈ །ཀུན་མཁྱེན་རོང་སྟོན་ཆེན་པོའི་ཉེ་བརྒྱུད་ཚེ་སྒྲུབ་ཞག་བདུན་མ་ཚར་ཆེན་རིན་པོ་ཆེའི་ཉམས་ལེན་འཆི་མེད་བདུད་རྩིའི་བཅུད་ལེན་གྱི་ཡི་གེའི་སྟེང་ནས་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་སྡོང་པོ། ཀུན་མཁྱེན་རོང་སྟོན་ཆོས་རྗེ། ཐུགས་སྲས་ནམ་མཁའ་དཔལ་ལྡན། རྡོ་རིང་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཁྱབ་བདག་དབང་ཕྱུག་རབ་བརྟན། ཞྭ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ། ལྷ་བཙུན་ངག་གི་དབང་ཕྱུག རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། བར་འདིར་ཀུན་བློ་ཡོད་མིན་དཔྱད། འཇམ་དཔལ་རྡོ་རྗེ། ཀུན་དགའ་དཔལ་བཟང་། ཀུན་དགའ་འཇམ་དཔལ། དེ་ལས་སོ། །ཡང་ན། གནས་གསར་བ་ཡན་སྤྱི་དང་འདྲ། དེ་ནས་བློ་གསལ་ཕུན་ཚོགས། ཀུན་དགའ་མཁྱེན་རབ། འགྱུར་མེད་མཆོག་
གྲུབ། ཕྲིན་ལས་ཡོན་ཏན། བསྟན་འཛིན་སྙན་གྲགས། དེ་ལས་སོ། །ཡང་ན། གནས་གསར་བ་ནས། ས་ཆེན་ཀུན་བློ། འདར་གྲོང་སློབ་དཔོན་འཇམ་དཔལ་རྡོ་རྗེ། ཀུན་དགའ་དཔལ་བཟང་། ཀུན་དགའ་འཇམ་དཔལ། བློ་གྲོས་རྒྱ་མཚོ། འཁོན་སྟོན་རྡོ་རྗེ་རིན་ཆེན། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། ༈ །ཚེ་སྒྲུབ་ཟབ་མོ་རྗེ་བཙུན་ས་སྐྱ་པའི་གདམས་པ་ཐུན་མོང་མ་ཡིན་པའི་གདམས་པའི་ལུང་ངག་དབང་ཀུན་དགའ་རིན་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། སློབ་དཔོན་ཀུན་དགའ་སྙིང་པོ། ཛཻ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་ལོ་ཙཱ་བ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། རྡོ་རྗེ་འོད། འཁོན་སྟོན་ཤར་པ། འཇམ་དབྱངས་རྒྱལ་མཚན། སྤང་ཁང་པ། སྲུ་ལུང་པ། རྗེ་བྲག་ཕུག་པ། རི་ཁྲོད་གྲུབ་ཆེན། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། དཔལ་ལྡན་རྡོ་རྗེ། ས་སྐྱ་ལོ་ཙཱ་བ། ཀུན་དགའ་རིན་ཆེན། བསོད་ནམས་དབང་པོ། ཀུན་དགའ་བསོད་ནམས། བསོད་ནམས་དབང་ཕྱུག ཀུན་དགའ་བཀྲ་ཤིས། བསོད་ནམས་རིན་ཆེན། ཀུན་དགའ་བློ་གྲོས། བྱམས་པ་བསྟན་འཛིན། ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། ༈ །འཆི་མེད་རང་གཟུངས་སུ་གྲགས་པ་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་རྗེས་གནང་བྱ་ཚུལ་ཡིག་རྙིང་གི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཚེ་དཔག་མེད། དགྲ་བཅོམ་བློ་གྲོས་དཔལ། པཎ་ཆེན་ནགས་ཀྱི་རིན་ཆེན། འབྲུག་པ་རྒྱལ་དབང་ཆོས་རྗེ། རྗེ་ངག་དབང་རྣམ་རྒྱལ། འབྲུག་པ་པདྨ་དཀར་པོ། མི་ཕམ་བློ་གྲོས། ཀུན་དགའ་ལྷུན་གྲུབ། ཐུབ་བསྟན་
རིན་ཆེན། བསོད་ནམས་རྒྱལ་མཚན། དགེ་ལེགས་དཔལ་བཟང་། ཆོས་ཀྱི་དབང་ཕྱུག ཐུབ་བསྟན་དར་རྒྱས། པདྨ་ལྷུན་གྲུབ། ཆོས་དབྱིངས་ལྷུན་གྲུབ། དཔའ་བོ་གཙུག་ལག་ཆོས་རྒྱལ། དེ་སྲས་བསྟན་པ་ཡར་འཕེལ། ལྷ་བཙུན་དོན་གྲུབ་རྒྱལ་མཚན། དེ་ལས་སོ། །ཡང་ན། ཡེ་ཤེས་གྲུབ་པ་ཡན་སྔར་ལྟར་ལ། དེ་ནས་སངས་རྒྱས་གྲགས་པ། བླ་མ་རྡོ་རྗེ་རིན་ཆེན། དཀའ་བཞི་པ་དཔལ་ལྡན་གྲགས་པ། རེད་མདའ་བ་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀྱ་མཆོག་ལྡན། སྤྱང་ལུང་གཞོན་ནུ་མཆོག་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བྲག་སྟོད་ལྷ་དབང་གྲགས་པ། རྗེ་མི་ཕམ་བློ་གྲོས་ནས་འདྲའོ། ༈ །ཁྲིད་ལུང་གི་བརྒྱུད་པ། ཐུབ་པའི་དབང་པོ། དགྲ་བཅོམ་པ་མ་ཏི་ཤྲཱི། བལ་པོ་ཧ་དུ་ཙནྡྲ། དར་མ་«ཆོས།་་་་་»གྲགས། མངའ་རི་དཔལ་ཆེན་རྒྱལ་བ་གྲུབ། སློབ་དཔོན་ཡེ་ཤེས་རྒྱལ་བ། ཤེས་རབ་རྒྱལ་མཚན་ནམ་ཤེས་རབ་གྲགས་པ། ཡེ་ཤེས་གྲུབ་པ། བསོད་ནམས་མགོན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བཀྲ་ཤིས་རིན་ཆེན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། དཀོན་མཆོག་རྒྱལ་མཚན། སངས་རྒྱས་རིན་ཆེན། ས་ལོ་ཀུན་དགའ་བསོད་ནམས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། བྲང་ཏི་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དཔལ་མཆོག་རྒྱལ་མཚན། མཁན་སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། འཇམ་དབྱངས་བསྟན་འཛིན། བསོད་ནམས་དཔལ་འབྱོར། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། དེ་ལས་སོ། །ལུང་ལ་འདིའི་རྩ་བ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་ས་ལོ་ཆེན་པོའི་གསུང་ལྟར་སྔགས་ལ་ཞུ་དག་བཅས་
བཀོད་པ་མཛད་པ་པོ་ནས་གོང་དང་འདྲ། ཞུ་ཆེན་རིན་པོ་ཆེ་ནས་མཛད་པ་གདམས་པའི་གསལ་བྱེད་ཡིད་ཆེས་སུམ་ལྡན་འོག་ཏུ་ཤེས། བརྒྱུད་འདེབས་རིང་འཚོའི་དཔལ་སྟེར་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་མཛད་པ། དེ་ཉིད་ལས་སོ། ༈ །མགོན་པོ་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པའི་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ། བྱིན་རླབས་ཀྱི་ཆོ་ག་དང་བཅས་པའི་སྟེང་ནས་དབང་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། སྤྱན་རས་གཟིགས། པདྨ་འབྱུང་གནས། བརྒྱུད་སྲོལ་ཀུན་འདུས་ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། དཀོན་མཆོག་བསྟན་འཛིན། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་ཉི་མ། པདྨའི་རྒྱལ་མཚན། དཔལ་སྟག་ལུང་ཐང་པ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ། དེ་ལས་སོ། ༈ །གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་ཚེ་སྒྲུབ་འཆི་མེད་དཔལ་སྟེར་དཔལ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ཀྱི་དབང་ཆོག་རྡོ་རྗེའི་རྒྱ་མདུད་ཀྱི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། མགོན་པོ་ཚེ་དཔག་མེད། རྟ་མགྲིན་དབང་གི་རྒྱལ་པོ། ཨོ་རྒྱན་པདྨ་འབྱུང་གནས། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྡོ་རིང་ཀུན་སྤངས་ཆེན་པོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། མཁན་ཆེན་དབང་ཕྱུག་དཔལ་བཟང་། མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། ངག་དབང་བསོད་ནམས་དབང་ཕྱུག ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། མཁན་
ཆེན་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་སོ། །ཐང་རྒྱལ་ཚེ་དབང་ཕྱག་ལེན་རྒྱས་པར་གནང་བའི་བརྒྱུད་པ་ནི། ས་སྐྱ་པ་ཀུན་དགའ་བསོད་ནམས་ཡན་སྤྱི་ལྟར་ལ། མང་ཐོས་བསོད་ནམས་ཆོས་འཕེལ། གྲུབ་དབང་སངས་རྒྱས་བསྟན་པ། ཆེན་པོ་བྱམས་པ་ཆོས་རྒྱལ། ལྕེ་བཙུན་བསྟན་འཛིན་ཕྲིན་ལས། ཁྱབ་བདག་ཡེ་ཤེས་དཔལ་འབྱོར། རྡོ་རྗེ་འཆང་བློ་གསལ་བསྟན་སྐྱོང་། དེ་ལས་སོ། །ཡང་ན། ལྔ་པ་རིན་པོ་ཆེ་ཞྭ་ལུ་མཁན་ཆེན། རིན་ཆེན་འཇམ་དཔལ། འཇམ་དཔལ་མཁྱེན་བརྩེ། བྱམས་པ་ཆོས་རྒྱལ་མན་འདྲ། ཡང་ན། རྨོར་ཆེན། གནས་གསར་བ། ཁ་རག་ཆོས་རྗེ་བོད་འབྲུག་པ་བློ་གསལ་ཕུན་ཚོགས། བསྟན་འཛིན་ཕྲིན་ལས་མན་འདྲའོ། ༈ །ཡང་། ཚེ་དབང་ཐང་རྒྱལ་མའི་བརྒྱུད་པ་ནི། ཀུན་བློ་ནས། ནམ་མཁའ་འཆི་མེད། དབང་སྡུད་སྙིང་པོ། ཨ་ཎི་དྲུང་། གསུམ་ག་ལས་རྗེ་བླ་མ་ཕྲིན་ལས་རབ་རྒྱས། དེ་ལས་སོ། །ཡང་ན་ནམ་མཁའ་འཆི་མེད་ལས། མཁན་ཆེན་མཆེད་གཉིས། གཉིས་ཀ་ལས་ཕྲིན་རབ། ཡང་ན། དབང་སྡུད་སྙིང་པོ་ལས། ཁྲི་ཆེན་དང་། ཀུན་དགའ་རིན་ཆེན་གཉིས། གཉིས་ཀ་ལས་ཕྲིན་ལས་རབ་རྒྱས། ཡང་ན་བྱམས་པ་ཀུན་དགའ་བསྟན་འཛིན་ལས། བྱམས་པ་འཇམ་དཔལ་གྲགས་པ། བླ་མ་ཕྲིན་ལས་རབ་རྒྱས། ཡང་ན་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། རྗེ་གྲུབ་ཐོབ་ཆེན་པོའི་གསུང་རྩ་བ། ཉེ་བརྒྱུད་འཆི་མེད་དཔལ་སྟེར་སྒྲུབ་ཐབས། དབང་གི་ཐོ། དབང་ཆོག་འཆི་མེད་རྡོ་རྗེའི་རྒྱ་བདུད་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པ་བཅས། ནམ་མཁའ་འཆི་མེད་ཡན་གོང་ལྟར་ལ། བླ་མ་དམ་པ་བསོད་ནམས་དཔལ་བཟང་། དེ་ལས་སོ། ༈ །རིག་འཛིན་ཆོས་རྗེ་གླིང་པའམ་འཛམ་གླིང་རྡོ་རྗེའི་དག་སྣང་ཐང་རྒྱལ་ཚེ་སྒྲུབ་ཤིན་ཏུ་ཉེ་བརྒྱུད་ལོ་བརྒྱ་མར་གྲགས་པའི་ཚེ་དབང་
དེ་ཉིད་ཀྱི་ཡིག་སྟེང་ནས་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་དཔག་མེད། དཔལ་ཆེན་རྟ་མགྲིན་པདྨ་འབྱུང་གནས། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། གཏེར་སྟོན་ཆོས་རྗེ་གླིང་པ། རྭ་སྟོན་སྟོབས་ལྡན་རྡོ་རྗེ། རིག་འཛིན་ཐུགས་མཆོག་རྡོ་རྗེ། རིག་འཛིན་སྨོན་ལམ་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཡོངས་འཛིན་བློ་བཟང་བསྟན་འཕེལ། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། དེ་ལས་སོ། ༈ །གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་སློབ་དཔོན་ཛེ་ཏཱ་རིས་ལེགས་པར་བཀྲལ་བའི་རྗེས་སུ་གནང་བ་ངོར་ཆེར་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། གསང་འཛིན་ཕྱག་ན་རྡོ་རྗེ། སློབ་དཔོན་ཛཻ་ཏཱ་རིའམ་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བསོད་ནམས་དཔལ་བ། བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བློ་གྲོས། སངས་རྒྱས་རིན་ཆེན། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ཀུན་དགའ་དཔལ་འབྱོར། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། ངག་དབང་ཆོས་སྐྱོང་བཟང་པོ། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། གཙུག་ཏོར་རྣམ་པར་རྒྱལ་མའི་རྟོག་པའི་ཊཱི་ཀ་རྗེ་བཙུན་བསོད་ནམས་རྩེ་མོའི་གསུང་ལ་གྲགས་པས་གསལ་བྱེད་གནང་བ། དེའི་བསྡུས་དོན། སྒྲུབ་ཐབས་སྟོང་མཆོད་རྗེས་གནང་གི་ཆོ་ག་དང་བཅས་པ་བདུད་རྩིའི་ཆུ་རྒྱུན་དཀོན་
མཆོག་ལྷུན་གྲུབ་ཀྱིས་མཛད་པ། གཟུངས་རིང་། བསྟོད་པ་འཆི་མེད་དཔལ་སྦྱིན་མ་ངོར་ཆེན་གྱིས་མཛད་པ། བརྒྱུད་འདེབས་སངས་རྒྱས་རིན་ཆེན་གྱིས་མཛད་པ། ཁ་སྐོང་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཆོས་སྐོར་གྱི་རྣམ་གཞག་རབ་ཏུ་གསལ་བ། བསྙེན་ཐབས་བཅས་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། སྦྱིན་སྲེག་གི་ཐོ་ཡིག་འཆི་མེད་འོད་སྣང་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་རྣམས་ཀྱི་བརྒྱུད་པ་ནི་སོ་སོའི་བཀའ་འབུམ་གྱི་བརྒྱུད་པ་སོགས་ལྟར་ཏེ་འོག་ཏུ་ཤེས། ༈ །ངེས་བརྗོད་བླ་མའི་རྒྱུད་ནས་བསྟན་པའི་འཆི་མེད་རྡོ་རྗེའི་ལྷ་མོའི་སྒྲུབ་ཐབས། རྗེས་གནང་། མན་ངག་དང་བཅས་པའི་སྐོར་ལ། རྗེ་བཙུན་གྲགས་པའི་གཞུང་། ངོར་ཆེན་གྱི་འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་གདམས་ངག་དངོས་གྲུབ་ཀྱི་རྒྱལ་པོ། དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒོམ་བཟླས་ལ་བརྟེན་ནས་འཆི་མེད་ཀྱི་དངོས་གྲུབ་སྒྲུབ་པའི་གདམས་ངག སྒྲུབ་ཐབས་རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་ཏེ་འདི་དག་གི་ལུང་བརྒྱུད་སོ་སོའི་བཀའ་འབུམ་དང་། གཞུང་གི་བརྒྱུད་པ་ལྟར་རོ། །སྐྲ་སེན་སྲེག་པའི་ཆོ་ག་བདེ་ལེགས་ཉི་མ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་ནི་བཀའ་འབུམ་བརྒྱུད་པ་ལྟར། ༈ །དབོན་སྟོན་སྐྱེར་སྒང་པ་ནས་བརྒྱུད་པའི་བཟང་སྤྱོད་འཆི་སླུའི་གཞུང་རྩ་བའི་བརྒྱུད་པ་བཙལ། ༈ །བྱ་རྒྱུད་རིགས་གསུམ་སྤྱིའི་ཆོ་ག་ཁ་ཆེ་ཡེ་ཤེས་རྡོ་རྗེས་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བ་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་མཛད་པའི་དཀྱིལ་ཆོག་ཕྲིན་ལས་ལྷུན་གྲུབ་ཀྱི་སྟེང་ནས་དབང་བསྐུར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། གསང་བའི་བདག་པོ། ཨིནྡྲ་བྷཱུ་ཏི། གྲུབ་བརྙེས་འཆི་མེད་ཞབས། འཕགས་པ་ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཁ་ཆེ་ཡེ་ཤེས་རྡོ་རྗེ། གྲགས་འབྱོར་ཤེས་རབ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། དཀར་ཤཱཀྱ་གྲགས་པ། དེ་དཔོན་ཀུན་
དགའ་དཔལ། དར་མ་ཡེ་ཤེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ངག་གི་དབང་པོ། བྱང་ཆུབ་སེང་གེ། རེད་མདའ་བ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། རྗེ་ལྷུན་གྲུབ་དཔལ་ལྡན། མཁན་ཆེན་སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ཐར་རྩེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རིགས་ཀུན་ཁྱབ་བདག་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། མཁན་ཆེན་རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཛིན་དབང་ངག་དབང་ལེགས་གྲུབ། ཡང་ན། ནམ་མཁའ་འཆི་མེད་ནས། གྱང་ར་བླ་མ་གྲགས་པ་རབ་རྒྱས། ངག་དབང་བཟང་པོ། རྗེ་བླ་མ་ངག་དབང་ལེགས་གྲུབ། དེ་ལས་སོ། ༈ །དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་པཎྜི་ཏ་མ་ཏིའམ་མཚན་གཞན་སྒེག་པའི་རྡོ་རྗེར་གྲགས་པས་འཇམ་དཔལ་དཔའ་བོ་གཅིག་གྲུབ་པའི་རྒྱུད་ལ་བརྟེན་ནས་ལེགས་པར་བཀྲལ་བའི་འཇམ་དཔལ་དཀར་པོའི་ཆོས་སྐོར་ལ། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་ཆའི་སྟེང་ནས་རྗེས་སུ་གནང་བ་ལེགས་པར་ནོས་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་དཔལ་དབྱངས། སློབ་དཔོན་ཛེ་ཏཱ་རི། པཎྜི་ཏ་ཆེན་པོ་མ་ཏིའི་ཞབས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བྱང་ཆུབ་དཔལ། བདེ་བ་དཔལ། སངས་རྒྱས་གཞོན་ནུ། བསོད་ནམས་ཤེས་རབ། མཁན་ཆེན་ཤེས་རབ་མགོན་པོ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ།
པཎ་ཆེན་ནམ་མཁའ་དཔལ་བཟང་། ནམ་མཁའ་སངས་རྒྱས། ནམ་མཁའ་དཔལ་བཟང་། མཁན་ཆེན་སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་པའི་འཇམ་དཔལ་དཀར་པོའི་སྒྲུབ་ཐབས་མན་ངག་དང་བཅས་པ་བཀོལ་བ་ནི་བཀའ་འགྱུར་རྒྱུད་འབུམ་གྱི་བརྒྱུད་པ་ལྟར། པཎྜི་ཏ་མ་ཏི་ནས་བརྒྱུད་པའི་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པའི་སྐོར། འཇམ་དཔལ་གྱི་སྒྲུབ་ཐབས་པཎྜི་ཏ་མ་ཏིས་མཛད་པ། པཎ་ཆེན་ཤཱཀྱ་ཤྲཱི་དང་། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བ། བསྐྱེད་རིམ་དང་མཐུན་པར་བསྟོད་པ། ལོ་རྒྱུས། རྗེས་གནང་གི་ཡི་གེ་པཎ་ཆེན་ཕྱག་བཞེས་ཁྲོ་ལོས་མཛད་པ། རྩ་བའི་སྒྲུབ་ཐབས་ལས་ཁ་ཚར་བཞི་བཅས་རྒྱ་སྟོན་གྱིས་སྦྱར་བ་རྣམས་ཀྱི་བརྒྱུད་པ་འོག་གསེར་པོད་བརྒྱུད་པ་ལྟར། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བསོད་སྙོམས་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་ལུང་བརྒྱུད་ནི། བསོད་སྙོམས་པ་རིན་ཆེན་རྒྱལ་མཚན། བཀའ་བཞི་པ་རིན་ཆེན་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། དག་སྣང་རོལ་པ། མཁྱེན་རབ་ཕྲིན་ལས་དབང་པོ། གཟིམ་འོག་གོང་མ་བསྟན་འཛིན་ཕྲིན་ལས། ཕྲིན་ལས་ཡོན་ཏན། བསྟན་འཛིན་སྙན་གྲགས། དེ་ལས་སོ། །སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཐར་རྩེ་པཎ་ཆེན་གྱིས་མཛད་པ། བསྙེན་པའི་ལག་ལེན་རྣམ་གསལ་
དང་། བརྒྱུད་འདེབས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ། བསྙེན་སྒྲུབ་ཁ་སྐོང་གི་སྦྱིན་སྲེག་ཡེ་ཤེས་འོད་སྣང་། ལས་ཚོགས་འདོད་དོན་ལྷུན་གྲུབ་བཅས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་རྣམས་སོ་སོའི་བཀའ་འབུམ་བརྒྱུད་པ་ལྟར་རོ། ༈ །འཇམ་དཔལ་དབྱངས་ཀྱི་སྒོམ་བཟླས་འཕགས་པ་བཞད་པའི་རོལ་གར་ཀུན་གཟིགས་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་ལུང་། མཛད་པ་པོ་ནས། ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད་དབང་པོ། མ་ཧཱ་པཎྜི་ཏ་གུ་ཎ་སཱ་ག་ར། དེ་ལས་སོ། ༈ །བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ་ཞེས་འཇམ་དབྱངས་མཇིང་ཡོན་མའི་བསྟོད་པའི་ལུང་། སློབ་དཔོན་ཙནྡྲ་གོ་མཱི་ནས། རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་བར་གཞན་དུ་གསལ། དེ་ནས་ཀཾ་ཚང་ཆོས་སྤྱོད་ཀྱི་བརྒྱུད་པ་ལྟར། མཁན་པོ་ཀརྨ་མཁྱེན་བརྩེ། ཆོས་ཀྱི་དབང་ཕྱུག ཀརྨ་ཉི་མ། ཀརྨ་ཕྲིན་ལས། རྒྱལ་དབང་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། འཇམ་མགོན་བསྟན་པའི་ཉིན་བྱེད། དབོན་སྤྲུལ་དབང་གི་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ཀུན་གཟིགས་ཡོན་ཏན་རྒྱ་མཚོ། དེ་ལས་སོ། ༈ །རྗེ་བཙུན་དམ་པ་རྒྱ་གར་ནས་བརྒྱུད་པའི་འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་ལ། མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ཉིན་བྱེད་དང་རྗེས་གནང་གི་ཡི་གེ་བཀླགས་པས་དོན་གྲུབ་ཀྱི་སྟེང་ནས་རྗེས་གནང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་སྨྲ་བའི་སེང་གེ། ལྷ་མོ་དབྱངས་ཅན་མ། རྗེ་བཙུན་དམ་པ་སངས་རྒྱས། ཁ་ཆེ་གུ་ཧཱ་ཛྙཱ་ན། གླན་སྒོམ་ཡབ་སྲས། འོད་ཟེར་ཤཱཀྱ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ། སྐྱི་སྟོན་ཀཱིརྟི་དྷཱ་ཛ། དོལ་བུ་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་
གྲོས། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། རྒྱལ་བ་ལྷ་མཆོག་སེང་གེ། པྲཛྙཱ་དྷྭ་ཛ། ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ཡེ་ཤེས་བཟང་པོ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན་ལྷ་མཆོག་སེང་གེ་ཡན་གོང་ལྟར་ལ། དེ་ནས་དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ། བྲང་ཏི་པཎ་ཆེན་ནས་ནམ་མཁའ་བསམ་འགྲུབ་བར་གོང་དང་འདྲ། དེ་ནས། ངག་དབང་ཤེས་རབ། རིན་ཆེན་གྲགས་པ། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དེ་ལས་སོ། །ལུང་ལ། འཇམ་དཔལ་དམར་པོའི་གསུང་གི་སྒྲུབ་ཐབས་རྗེ་ཀ་མ་ལ་ཤཱི་ལས་མཛད་པ་ནས། དབང་སྡུད་འཁོར་ལོ་འབྲི་ཚུལ་གྱི་གསལ་བྱེད་བར་ཡིག་རྙིང་གི་ལུང་འོག་གསེར་པོད་བརྒྱུད་ཡིག་ལས་འབྱུང་བ་ལྟར་དང་། སྒྲུབ་རྗེས་ཡིག་ལུང་རྗེས་གནང་དང་འདྲའམ་སྙམ། སྨྲ་སེང་སྒྲུབ་ཐབས་ཡིག་རྙིང་། རྗེས་གནང་བཀླག་པས་དོན་གྲུབ། བོགས་འདོན་སྒྲུབ་སྐོར་ཉིན་བྱེད་སྣང་བ། བརྒྱུད་འདེབས་བློ་གྲོས་རྒྱས་བྱེད་རྣམས་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། བརྒྱུད་འདེབས་བྱིན་རླབས་ནོར་བུའི་ཕྲེང་བ་ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ། བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་ངག་འདོན་དང་བཅས་པ་ཡེ་ཤེས་མཆོག་གི་ཉི་མ་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་རྣམས་ལས་དཔལ་གྲུབ་གསུང་རྣམས་རྗེས་གནང་དང་འདྲ་ལ། གཞན་གཉིས་སོ་སོའི་མདུན་ནས་སོ། ༈ །ངག་གི་དབང་ཕྱུག་སྨྲ་བའི་སེང་གེའི་སྒྲུབ་ཐབས་སྙན་པའི་རོལ་མོར་འཁྲོལ་བ་གཞོན་ནུ་རྣམ་པར་རོལ་པ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་
གསུང་ལྟར་འཇམ་མགོན་ཐམས་ཅད་གཟིགས་པ་ཡོན་ཏན་རྒྱ་མཚོས་མཛད་པ་རྗེ་ཉིད་ནས་སོ། །འཇམ་དབྱངས་སྨྲ་སེང་སྒྲུབ་ཐབས་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་ལུང་བཙལ། ༈ །རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་སྐོར་དཔལ་ས་སྐྱ་པ་ལ་བཀའ་བབས་པའི་རྗེས་གནང་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་པའི་དབྱངས། གྲུབ་ཆེན་ཛེ་ཏཱ་རི། འདིར་མྱ་ངན་མེད་དཔལ། རྡོ་རྗེ་གདན་པ་ཆེན་པོ་རོལ་པའི་རྡོ་རྗེ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། བརྩེ་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། དཔལ་ཆེན་རྒྭ་ལོ། དེ་སྲས་རོང་པ་ཤེར་སེང་། གྲགས་པ་སེང་གེ། བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང་། བསོད་ནམས་ལྷུན་གྲུབ། ངག་དབང་བརྟན་རྡོར། བསོད་ནམས་བསྟན་འཛིན། བཀྲ་ཤིས་དཔལ་ལྡན། ཀུན་དགའ་རིན་ཆེན། སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། ནམ་མཁའ་འཆི་མེད། མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། འཇམ་མགོན་ས་པཎ་ཡན་གོང་དང་འདྲ། དེ་ནས་མཁས་གྲུབ་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པ། ལོ་ཙཱ་བ་མཆོག་ལྡན། བསོད་ནམས་དབང་ཕྱུག བྲག་ལུང་པ་རིན་ཆེན་དཔལ། ཆོས་ཀྱི་གྲགས་པ། ས་བཟང་མ་ཏི། ས་བཟང་འཕགས་པ། ངོར་ཆེན་མན་འདྲ། ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱི་ཡིག་སྟེང་ནས་རྗེས་གནང་ལུང་བཅས་ཐོབ་པའི་བརྒྱུད་པ་ངོར་ཆེན་ནས་དཀོན་མཆོག་ལྷུན་གྲུབ་
བར་འདྲ། དེ་ནས་དཀོན་མཆོག་རྒྱ་མཚོ། བཅོ་བརྒྱད་པ་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་བསྟན་འཛིན་ཕུན་ཚོགས། ངག་དབང་ཀུན་དགའ་བསོད་ནམས། ས་ཆེན་ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། བྱམས་པ་སྨོན་ལམ་གྲགས་པ། དེ་ལས་སོ། །ལུང་ལ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཚིགས་བཅད་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། སྒྲུབ་ཐབས་ཀྱི་གསལ་བྱེད། འཇམ་པའི་རྡོ་རྗེའི་མཆོད་བརྗོད་ས་པཎྜི་ཏས་མཛད་པ། སྒྲུབ་ཐབས་བློ་འཕེལ་གསེར་གྱི་ཕྲེང་མཛེས་དང་། རྗེས་གནང་གཅིག་ཤེས་ཀུན་ཁྱབ་ས་ལོ་ཀུན་དགའ་བསོད་ནམས་ཀྱིས་མཛད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཐར་པཎ་གྱིས་མཛད་པ། སྒྲུབ་ཐབས་གེགས་སེལ་དང་བཅས་པ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་རྣམས་ལས་ས་ལོའི་གསུང་མ་གཏོགས་པའི་གཞན་སོ་སོའི་བཀའ་འབུམ་ལྟར། ༈ །བྱམས་པའི་རྣམ་འཕྲུལ་གཡག་མི་ཕམ་ཆོས་ཀྱི་བླ་མའི་དག་སྣང་འཇམ་དབྱངས་དང་ས་སྐྱ་པཎྜི་ཏ་ཆེན་པོ་སྦགས་ཏེ་སྒྲུབ་པའི་བྱིན་རླབས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་ལྟར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་དབྱངས། ཆོས་རྗེ་ས་པཎ། གཡག་ཕྲུག་སངས་རྒྱས་དཔལ་བ། རོང་སྟོན་ཤཱཀྱ་རྒྱལ་མཚན། དགེ་བ་རྒྱལ་མཚན། འབྲས་མོ་བ་བསོད་ནམས་རྒྱལ་མཚན། ཡོན་ཏན་རྒྱ་མཚོ། ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་དབང་ཕྱུག་རབ་བརྟན། ངག་དབང་ཆོས་གྲགས། ཀུན་དགའ་བསོད་ནམས། བསོད་ནམས་དབང་ཕྱུག རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ།
ཆོས་རྗེ་ས་སྐྱ་པཎྜི་ཏའི་རྣམ་ཐར་བསྟོད་པ་ཆོས་རྒྱལ་མ་ཡར་ཀླུང་པས་མཛད་པ། མཇུག་ཏུ་སྐྱེ་བ་སྐྱེ་བ་སོགས། རྣམ་ཐར་སྒོམ་ཚུལ་གཡག་པ་སངས་རྒྱས་དཔལ་བས་མཛད་པ། བླ་མའི་རྣལ་འབྱོར་གྱི་བྱིན་རླབས་བྱ་ཚུལ་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ས་འཇམ་སྦགས་ཏེ་སྒྲུབ་པའི་ཉམས་ལེན་ཀུན་བསོད་གསུང་བཞིན་ཀུན་དགའ་ཚུལ་ཁྲིམས་ཀྱིས་བྲིས་པ། བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་མཁྱེན་བརྩེ་ནུས་མཐུའི་ཆར་འབེབས་འཇམ་མགོན་ཀུན་བློས་མཛད་པ། མཎྜལ་སོ་བདུན་མ། རྩ་བའི་ལུང་བརྒྱུད་བཙལ། རྗེ་ས་པཎ། བླ་མཆོད་གོང་མ་ཏོག ཏི་ཤྲཱི་གྲགས་པ་འོད་ཟེར། ཀུན་དགའ་སྨོན་ལམ། དཀོན་མཆོག་གྲགས་པ། གཡག་ཆོས་ཀྱི་བླ་མ། རོང་སྟོན་ནོ། །ཞེས་འབྱུང་བ་བརྟག ཡིག་ཆ་གཞན་དག་གི་ལུང་བརྒྱུད་སླར་བཙལ། ༈ །པཎྜི་ཏ་གསེར་གདུགས་ཅན་ནས་བརྒྱུད་པའི་འཇམ་དབྱངས་དཀར་པོ་ཤེས་རབ་འཁོར་ལོའི་རྗེས་གནང་རྨོར་ཆེན་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་གཞོན་ནུ། པཎ་ཆེན་གསེར་གདུགས་ཅན། ཟླ་འབྱུང་སྦས་པ། སྒྲ་གཅན་འཛིན། དྲི་མ་མེད་པའི་དཔལ། རྣམ་པར་བཤད་པའི་ལྷ། ཤཱཀྱ་དཔལ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། བསོད་ནམས་རིན་ཆེན། དབང་ཕྱུག་ཆོས་རྒྱལ། ཆོས་གྲགས་དཔལ་བཟང་། ཁྲོ་ཕུ་རིན་ཆེན་འབུམ། བསོད་ནམས་བཟང་པོ། སེང་གེ་དཔལ་བ། རིན་ཆེན་བཟང་པོ། ཆོས་གྲུབ་སེང་གེ། རཏྣ་བྷ་དྲ། འགྱུར་མེད་བདེ་ཆེན། དཀོན་མཆོག་ལེགས་འཛིན། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། རིན་ཆེན་བསོད་ནམས་མཆོག་གྲུབ། ངག་དབང་བློ་བཟང་རྒྱ་མཚོ། ཀུན་དགའ་བསོད་ནམས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། བྱམས་པ་བསྟན་འཛིན་སྙན་གྲགས། དེ་ལས་
སོ། །ལུང་ལ། འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་ཚིགས་བཅད་མ། སྒྲུབ་ཐབས་རྗེས་གནང་གསལ་བར་བཀོད་པ་མ་ནོར་གསལ་སྒྲོན་རྨོར་ཆེན་རིན་པོ་ཆེས་མཛད་པ་སྟེ་གོང་དང་འདྲའམ། ༈ །གྲུབ་པའི་སློབ་དཔོན་རྡོ་རྗེ་མཚོན་ཆ་ལ་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་པའི་ཚེ་བསྟོད་པ་གང་བློ་མའམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་སྒྲུབ་ཀྱི་རིག་གཏད་རྨོར་ཆེན་རིན་པོ་ཆེའི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་པའི་དབྱངས་སློབ་དཔོན་རྡོ་རྗེ་མཚོན་ཆ། པཎྜི་ཏ་འབུམ་ཕྲག་གསུམ་པ། རྔོག་ལོ་བློ་ལྡན་ཤེས་རབ། ཁྱུང་རིན་ཆེན་གྲགས་པ། རྒྱ་དམར་བ་བྱང་ཆུབ་གྲགས་པ། ཕྱྭ་པ་ཆོས་ཀྱི་སེང་གེ། གཙང་ནག་པ་བརྩོན་འགྲུས་སེང་གེ། དན་འབག་པ་དར་མ་སེང་གེ། གཉལ་ཞིག་པ་འཇམ་དཔལ་རྡོ་རྗེ། ཟངས་རི་པ་དར་མ་ཚུལ་ཁྲིམས། གྲ་ཐང་པ་བསོད་ནམས་རྒྱལ་མཚན། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། བླ་མ་བཀྲ་ཤིས་རིན་ཆེན། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ། ནམ་མཁའ་དཔལ་བཟང་། ནམ་མཁའ་སངས་རྒྱས། བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། རྗེ་བཙུན་མ་བསྟན་པའི་ཉི་མ། འཇམ་དཔལ་གཞོན་ནུ་ངག་དབང་རྡོ་རྗེ་རིན་ཆེན། དེ་ལས་སོ། །ལུང་ལ། བསྟོད་པ་གང་བློ་མ་ཕན་ཡོན་དང་བཅས་པ་ལོ་ཆེན་འགྱུར། རྗེས་གནང་གི་ཐོ་ཡིག་ཚར་ཆེན་གསུང་། རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་མཁས་པའི་ཡིད་འཕྲོག་རྨོར་ཆེན་གྱིས་མཛད་པ་སྟེ་སླར་བཙལ། ༈ །མཚན་ཡང་དག་པར་བརྗོད་
པའི་འཇམ་དཔལ་སྒྲུབ་ཐབས་བརྒྱ་རྩ་ལས་བྱུང་བའི་རྗེས་གནང་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། གསང་བའི་བདག་པོ། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བསོད་ནམས་སྐྱབས། གཟུངས་དཔལ་བ། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། ཤེས་རབ་འབྱུང་གནས། བསོད་ནམས་རྒྱ་མཚོ། ལྷུན་གྲུབ་དཔལ་ལྡན། ཀུན་དགའ་བཀྲ་ཤིས། བསོད་ནམས་རིན་ཆེན། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། སྒྲུབ་ཐབས་བརྒྱ་རྩ་ནས་ཕྱུང་བའི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་བ་རིའི་འགྱུར། སྒྲུབ་ཐབས་དང་། དེའི་ས་བཅད་རྗེ་ས་ཆེན་གྱི་གསུང་། སྒྲུབ་ཐབས་རིན་པོ་ཆེའི་ཐེམ་སྐས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ། ༈ །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འདོན་ཐབས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་རྣམས་ལས་སྒྲུབ་ཐབས་བརྒྱ་རྩའི་བརྒྱུད་པ་ལྟར་དང་། གཞན་སོ་སོའི་གསུང་འབུམ་ལྟར་རོ། ༈ །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོ་དཔལ་བསམ་ཡས་པ་ངག་གི་དབང་པོའི་བཀའ་སྲོལ་ལས་བྱུང་བའི་རྗེས་གནང་རྗེ་འགྱུར་མེད་རྡོ་རྗེའི་སྒྲུབ་ཐབས་འདོད་འཇོ་བུམ་བཟང་གི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི་འདོད་བུམ་ལྟར་ཏེ་ལོགས་སུ་ཤེས། ལུང་ལ། སྒྲུབ་ཐབས་ངག་གི་འོད་
ཟེར་བྲམ་ཟེ་ཕུར་བུས་མཛད་པ་སུམ་པ་ལོ་ཙཱའི་འགྱུར། ལས་སྦྱོར་གྱི་རྩ་བ་དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པ། ཕུར་བུས་མཛད་པའི་བསྟོད་པ་གྲུབ་པ་ངག་གི་འོད་ཟེར། སྒྲུབ་ཐབས་འོད་ཀྱི་དྲྭ་བ་ཀུན་མཁྱེན་དྲི་མེད་པས་མཛད་པ་ལ་ནང་གསེས་སྒྲུབ་ཐབས། གེགས་སེལ། ལས་སྦྱོར་དམ་ཚིག་དང་བཅས་པ། བསྟོད་པ་རབ་དགའི་དབྱངས། དེའི་སྒྲུབ་ཐབས་རྗེས་གནང་། སྦྱིན་སྲེག་གི་ཆོ་ག་སྙིང་པོར་དྲིལ་བ་གཉིས་རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པ་ལས། རྒྱ་གཞུང་རྩ་བའི་བརྒྱུད་པ་བཙལ། དྲི་མེད་འོད་ཟེར་གྱི་གསུང་རྣམས་དེ་ཉིད་ཀྱི་གསུང་ཐོར་བུའི་ལུང་བརྒྱུད་ལྟར་དང་། འགྱུར་མེད་རྡོ་རྗེའི་གསུང་རྣམས་གོང་རྗེས་གནང་དང་འདྲ། ༈ །དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རིང་བརྒྱུད་བྲམ་ཟེ་ཕུར་བུའི་ལུགས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ་ཚིགས་བཅད་མའི་ལུང་གི་བརྒྱུད་པ་དང་། དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཤེས་རབ་ཀྱི་སྣང་བ་རྒྱས་བྱེད་དབྱངས་ཅན་གྲུབ་པ་རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི་སླར་བཙལ། ༈ །བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དབྱངས་ཅན་དགའ་བ་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོའི་རྗེས་གནང་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ལྷ་མོ་དབྱངས་ཅན་མ། པཎྜི་ཏ་ཤཱི་ལཱ་ཀ་ར། ཙནྡྲ་ཤྲཱི། གོ་ཏཾ་ཤྲཱི། ཐར་ལོ་ཉི་མ་རྒྱལ་མཚན། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་རྒྱལ། བོ་དོང་པཎ་ཆེན་དབྱངས་ཅན་དགའ་བ། སྟག་ལུང་པ་ངག་དབང་གྲགས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། གླང་ཐང་སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག དབང་ཕྱུག་རབ་བརྟན། བཀའ་འགྱུར་
བ་ཆེན་པོ། བྱམས་པ་བསོད་ནམས་མཐའ་ཡས། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། རྗེ་ངག་གི་དབང་པོ། འཇམ་མགོན་རྡོ་རྗེ་རིན་ཆེན། བྱམས་པ་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ཉེ་བརྒྱུད་ཀྱི་ལྷ་མོ་དབྱངས་ཅན་མ། པཎ་ཆེན་འཇིགས་མེད་གྲགས་པ་མན་འདྲའམ་སྙམ། ལུང་ལ། སྒྲུབ་ཐབས་རྩ་བ་འབུམ་ཁྲི་ལྔ་སྟོང་བཟླ་བར་བྱའོའི་མཐའ་ཅན། ཟབ་མོའི་གདམས་པའི་གེགས་སེལ། གེགས་སེལ་ཁྱད་པར་ཅན། སྒྲུབ་ཐབས་གེགས་སེལ་སྤོགས་ཆོག་དང་བཅས་པ། རིལ་བུ་སྒྲུབ་ཐབས། རྗེས་གནང་། དབྱངས་ཅན་གྱི་བསྟོད་པ། ཡང་བསྟོད་པ་དབྱངས་ཅན་མགུལ་རྒྱན། རྒྱན་གྱི་ཕྲེང་བ། བྱིན་རླབས་ཀྱི་སྣང་བ་བཅས་པཎ་ཆེན་དབྱངས་ཅན་དགའ་བ་ཉིད་ཀྱི་གསུང་སྟེ་རྗེས་གནང་དང་འདྲ། ༈ །དབྱངས་ཅན་མའི་སྒོམ་བཟླས་ཏམྦུ་རའི་དབྱངས་སྙན་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་ལུང་། མཛད་པ་པོ་ནས། ཀརྨ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད་དབང་པོ། མ་ཧཱ་པཎྜི་ཏ་གུ་ཎ་ས་མུ་དྲ། དེ་ལས་སོ། ༈ །ཁ་ཆེའི་པཎྜི་ཏ་ཆེན་པོ་བིཀྵ་པ་ར་མ་ནས་བརྒྱུད་པའི་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་རྗེས་གནང་ཤིན་ཏུ་ཟབ་པ་རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ལ་བཀའ་བབས་གསུམ་དང་ལྡན་པ་ལས། དང་པོ་ས་ལུགས་ཀྱི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། རྗེ་བཙུན་འཇམ་དཔལ་དབྱངས། ལྷ་མོ་དབྱངས་ཅན་མ། པཎྜི་ཏ་བིཀྵ་པ་ར་མ། བདེ་གཤེགས་སྲུང་བ། ཁ་ཆེའི་པཎྜི་ཏ་ཛ་ཡ་ཀ འོད་བྱེད་འབྱུང་གནས་སྦས་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ། ས་སྐྱ་པཎ་ཆེན། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། སེང་གེ་བཟང་པོ། སེང་གེ་རྒྱལ་མཚན། རྒྱལ་བ་
མཆོག་«ཕྱག་བྲིས་སུ་མ་བྱུང་་་་་་»དབྱངས། ནམ་མཁའ་བསོད་ནམས། ཆོས་ཀྱི་རྒྱལ་མཚན། དྭགས་པོ་ཀརྨ་ཕྲིན་ལས། ཚར་ཆེན་བློ་གསལ་རྒྱ་མཚོ། བོད་མཁར་ཆོས་རྗེ་མཻ་ཏྲི། གཞོན་ནུ་ཆོས་དཔལ་བཟང་པོ། དཔལ་འབྱོར་ལྷུན་གྲུབ། ཟུར་དཔལ་འབྱོར་ཕྲིན་ལས་རབ་རྒྱས། ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། མཁན་ཆེན་དགེ་བའི་དབང་པོ། ངག་དབང་སྦྱིན་པ། བློ་གྲོས་དབང་ཕྱུག བློ་གསལ་ཕུན་ཚོགས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ངག་དབང་ཀུན་དགའ་བློ་གྲོས། འཆི་མེད་བསྟན་པའི་ཉི་མ། བསྟན་པའི་སྒྲོན་མེ། བྱམས་པ་ཕྲིན་ལས་ཡོན་ཏན། འཇམ་མགོན་ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། །གཉིས་པ་རྔོག་ལུགས་ཀྱི་བརྒྱུད་པ་ནི། པཎྜི་ཏ་ཛ་ཡ་ཀ རྔོག་ལོ་བློ་ལྡན་ཤེས་རབ། འབྲི་ཤེས་རབ་འབར། ཕྱྭ་པ་ཆོས་ཀྱི་སེང་གེ གཙང་ནག་པ་མིའི་སེང་གེ། ལྷ་སའི་བླ་མ་རྔོག་ཁུ་དབོན་གཉིས། རྒྱལ་ཚ་ལུང་མང་པོ་མན་འདྲ། གསུམ་པ་མར་དོ་ལུགས་ཀྱི་བརྒྱུད་པ་ནི། ཀུ་སཱ་ལི་པ། བྲམ་ཟེ་དཔལ་འཛིན། རྒྱལ་པོ་རཱ་ཛ་ཀཱ་ཡ། དེའི་ཡིག་མཁན་པཎྜི་ཏ། པཎྜི་ཏ་འབུམ་ཕྲག་གསུམ་པ། བལ་པོ་དྷ་མ་ཏཱ་མ། དེ་གཉིས་ཀ་ལ་ལོ་ཙཱ་བ་མར་པོ་དོ་པ་ཆོས་ཀྱི་དབང་ཕྱུག གཟེ་པ་བློ་ལྡན། ཁམས་པ་ཤཱཀྱ་རྡོ་རྗེ། སྲས་དྷརྨ་ཀཱིརྟི། བླ་མ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་ཆེན་མན་འདྲའོ། །ཡང་ན། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོའི་ཡིག་ཆའི་སྟེང་ནས་ལུང་ཐོབ་པའི་བརྒྱུད་པ་ནི། གཞན་སྔར་ལྟར་ལ། རྒྱལ་དབང་ལྔ་པ་ཆེན་པོ། གནས་བརྟན་འཇམ་དབྱངས་གྲགས་པ། འཇམ་དབྱངས་བདེ་
བའི་རྡོ་རྗེ། རྗེ་བསྟན་པའི་རྒྱལ་མཚན། དཀོན་མཆོག་འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། དབལ་མང་དཀོན་མཆོག་«ཕྱག་བྲིས་སུ་མེད།་་་་་»རྒྱལ་མཚན། རྗེ་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། །ལུང་ལ། རྗེ་དབོན་བློ་གསལ་དབང་པོས་མཛད་པའི་བརྒྱུད་འདེབས། ཕྲིན་ལས་ཡོན་ཏན་གྱིས་ཁ་སྐོང་མཛད་པ། དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་སྒྲུབ་ཐབས། གཏོར་འབུལ། བསྟོད་པ། རྗེས་གནང་བཅས་ཡིག་རྙིང་། ཉམས་ལེན་བྱ་ཚུལ་དང་། རྗེས་གནང་བྱ་ཚུལ་གསལ་བའི་སྒྲོན་མེ་རྨོར་ཆེན་གྱིས་མཛད་པ། བསྙེན་སྒྲུབ་བྱ་ཚུལ་བློ་གྲོས་ཉིན་བྱེད་འདྲེན་པའི་ཤིང་རྟ་དང་། རྗེས་གནང་བྱ་ཚུལ་ཡིད་ཀྱི་མུན་སེལ་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པ་སྟེ། འདིའི་གསུང་གོང་དང་འདྲ་ལ། གཞན་བཙལ། ༈ །བོ་དོང་ལུགས་ཀྱི་དབྱངས་ཅན་དམར་མོ་གསང་སྒྲུབ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་འཇིགས་བྲལ་དགྱེས་པའི་ལམ་སྲོལ་རྗེ་བླ་མ་ཉིད་ཀྱིས་མཛད་པ་གོང་དབྱངས་ཅན་དཀར་མོ་དང་འདྲའམ་སྙམ། ༈ །པཎྜི་ཏ་དཱ་ན་ཤཱི་ལ་ནས་བརྒྱུད་པའི་མི་གཡོ་བ་དཀར་པོའི་རྗེས་གནང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ། ཁྲོ་རྒྱལ་མི་གཡོ་མགོན་པོ། འོད་བྱེད་འབྱུང་གནས། པཎ་ཆེན་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ། འདུལ་འཛིན་བྱང་ཆུབ་སེམས་དཔའ། ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། སེང་གེ་བཟང་པོ། སེང་གེ་རྒྱལ་མཚན། བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིངས་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ངག་དབང་ཀུན་དགའ་བསོད་ནམས། བསོད་ནམས་དབང་ཕྱུག རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་
གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན་རྡོ་རྗེ་འཆང་། མི་གཡོ་བ། ཨ་བྷ་ཡཱ་ཀ་ར། ཨ་ནནྟཱ་ཀ་ར་གུཔྟ། སློབ་དཔོན་ལྷན་སྐྱེས། དཱ་ན་ཤཱི་ལ། ས་སྐྱ་པཎྜི་ཏ། འུ་ཡུག་པ་རིག་པའི་སེང་གེ། བཅོམ་ལྡན་རལ་གྲི། སློབ་དཔོན་སེང་གེ་བཟང་པོ། མཁན་ཆེན་བསོད་ནམས་བཟང་པོ། བླ་མ་དར་མ་བཟང་པོ། བསོད་ནམས་ཤེས་རབ། ཤེས་རབ་མགོན་པོ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། ཡོན་ཏན་དཔལ་བ། རོང་སྟོན་ཤཱཀྱ་རྒྱལ་མཚན། རིན་ཆེན་མཆོག་གྲུབ། རིན་ཆེན་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་ཡོན་ཏན་ཁྲི་ནས། གཞོན་ནུ་གྲགས་པ། ཕྱོགས་ལས་རྣམ་རྒྱལ། སངས་རྒྱས་དཔལ་བ། རོང་སྟོན་མན་འདྲའོ། །ལུང་ལ། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་དཱ་ན་ཤཱི་ལའི་རང་འགྱུར། ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་བཅུད་ཀྱི་སྙིང་པོ་བཀོད་པ། ཞལ་གདམས་གསུམ། རྗེས་གནང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་ཉམས་ལེན་གནད་དང་བཅས་པ། བསྟོད་པ་ཡན་ལག་བདུན་ལྡན་རྣམས་མཁས་པ་ཡོན་ཏན་ཁྲིས་མཛད་པ་རྣམས་གསེར་པོད་བརྒྱུད་པར་གསལ། སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་དེ་ཉིད་ཀྱི་བཀའ་འབུམ་ལྟར་རོ། ༈ །གྲུབ་པའི་སློབ་དཔོན་ཆེན་པོ་ཀངྐ་དཏྟའི་བཀའ་སྲོལ་ལས་བྱུང་བའི་རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་གྱི་བྱིན་རླབས་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། སློབ་དཔོན་ཀངྐ་དཏྟ། འཇིགས་མེད་འབྱུང་གནས་སྦས་པ། སུ་ཙ་རིསྟ་སྟེ་ལེགས་སྤྱོད། རིན་ཆེན་སྲུང་བ། མ་ན་ཀ་ཤྲཱི། ཆག་ལོ་
ཆོས་རྗེ་དཔལ། གུ་ལུང་པ་མདོ་སྡེ་«རྒྱལ་མཚན་སྣང་།་་་་་»དཔལ། ཤོང་ལོ་རྡོ་རྗེ་རྒྱལ་མཚན། མཆོག་ལྡན་ལེགས་པའི་བློ། དཔང་ལོ་བློ་གྲོས་བརྟན་པ། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་། གུ་གེ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཀུན་དགའ་མཆོག་ལྡན། མུས་ཆེན་ནམ་མཁའ་དཔལ་བཟང་། བཅོ་བརྒྱད་པ་མཆོག་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན་ལུང་བཅས། ཁྲི་ཆེན་པདྨ་བདུད་འདུལ་དབང་ཕྱུག་ཡན་ཚོལ། དེ་ནས། བླ་མ་ངག་དབང་བཟང་པོ། རྗེ་བླ་མ་ངག་དབང་ལེགས་གྲུབ། དེ་ལས་སོ། །ཡང་ན། དཔང་ལོ་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་མན་འདྲ། ལུང་ལ། ཤེས་རབ་ཀྱི་སྣང་བ་སྒྲུབ་པའི་ཆོ་ག་སློབ་དཔོན་ཀངྐ་དཏྟས་མཛད་པ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས། བྱིན་རླབས་ཀྱི་ཆོ་ག་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། བསྟོད་ཚིག་ཤེས་བྱ་རབ་གསལ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ་རྣམས་གོང་གསལ་ལྟར། ༈ །ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་རྗེས་གནང་ལ་ས་ལུགས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་དང་། སྐྱེར་སྒང་ལུགས་གཙོ་བོར་གྱུར་པ་བརྒྱུད་པའི་ཁྱད་པར་གནད་འདུས་འཇམ་མགོན་ཀུན་བློའི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་འཇིག་རྟེན་དབང་ཕྱུག གྲུབ་ཆེན་སྒྲ་གཅན་འཛིན་
བཟང་པོ། ཇོ་བོ་རྗེ་མར་མེ་མཛད། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ་ཤེས་རབ་འབར། བ་ཡུ་བ་ཤེས་རབ་ཚུལ་ཁྲིམས། དེས་མངའ་རིས་ཤེས་རབ་རྒྱལ་མཚན། ལྕེ་སྒོམ་ཤེས་རབ་རྡོ་རྗེ་གཉིས། གཉིས་ཀས་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ། གཉན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ། ཤངས་སྟོན་རིན་ཆེན་རྒྱལ་མཚན། ཚུལ་ཁྲིམས་འབུམ། གཉན་སྟོན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའ་རྣལ་འབྱོར། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། མུས་ཆེན་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ། །ཡང་ན། འཇམ་མགོན་ཀུན་དགའ་བློ་གྲོས་ནས། བྱམས་པ་ཕྲིན་ལས་ཡོན་ཏན། བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ཡང་ན། བསྟན་འཛིན་ཕྲིན་ལས་ནས། བླ་མ་དཔལ་ལྡན་དོན་གྲུབ། དེ་ལས་སོ། །ཡང་ས་ལུགས་ཀྱི་བརྒྱུད་པ་ལྟར་ན། རྫོགས་པའི་སངས་རྒྱས། ཛེ་ཏཱ་རི། རྡོ་རྗེ་གདན་པ། བ་རི་ལོ་ཙཱ། རྗེ་ས་ཆེན། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་དཔལ་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། རྗེ་སེམས་དཔའ་ཆེན་པོ་མན་འདྲ།
ཉེ་བརྒྱུད་ལྟར་ན། འཕགས་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་མུས་ཆེན་སེམས་དཔའ་ཆེན་པོ་ལ་དངོས་སུ་གནང་བ་སྟེ་བརྒྱུད་སྲོལ་ཐམས་ཅད་འདི་ཉིད་ལ་འདུས་སོ། །ལུང་ལ། སྤྱན་རས་གཟིགས་ཡི་གེ་དྲུག་པའི་སྒྲུབ་ཐབས་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་བ་རི་ལོ་ཙཱའི་འགྱུར། ཕྱག་བཞི་པའི་སྒྲུབ་ཐབས་འཕགས་པ་རིན་པོ་ཆེས་མཛད་པ། གཙོ་འཁོར་གསུམ་པའི་སྒྲུབ་ཐབས་མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ། དེའི་ཆོ་ག་འཕགས་པ་མཉེས་བྱེད་ས་ལུགས་རྗེས་གནང་དང་བཅས་པ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། སྨྲེ་སྔགས་ཀྱི་བསྟོད་པ་བྱིན་རླབས་ཅན་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། གཙོ་འཁོར་གསུམ་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བློ་དམན་གོ་བདེ་ཇོ་ལུགས་ས་ལུགས་སྐྱེར་སྒང་ལུགས་བཅས་གཅིག་འདུས་འཇམ་མགོན་ཀུན་བློས་མཛད་པ་ལ་གསལ་བྱེད་ཅུང་ཟད་རྗེ་བླ་མ་ཉིད་ཀྱིས་མཛད་པ། སྦྱིན་སྲེག་ཕྲིན་ལས་རབ་རྒྱས་དང་། སྐྱེར་སྒང་ལུགས་ཀྱི་ཡི་གེ་དྲུག་པའི་ལས་ཚོགས་ཉེར་མཁོ་བཏུས་པ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་བཅས་སོ་སོའི་བཀའ་འབུམ་དང་། ཡི་གེ་དྲུག་པའི་སྒྲུབ་ཐབས་བ་རི་བརྒྱ་རྩ་ལྟར་དང་། བསྟོད་པའི་བརྒྱུད་པ་འོག་ཏུ་ཤེས། ༈ །རྗེ་བཙུན་ས་སྐྱ་པའི་གདམས་པ་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་འགྲོ་འདུལ་ཕྱག་བཞི་པ་གཙོ་རྐྱང་གི་རྗེས་གནང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་མཆོག་སྤྱན་རས་གཟིགས། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་ཆེན་གོང་མ་ལྔ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བསོད་ནམས་སྐྱབས། གཟུངས་ཀྱི་དཔལ་བ། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཡོངས་འཛིན་དཀོན་མཆོག་འཕེལ་བ།
ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ཀུན་དགའ་ལེགས་པ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། ཞལ་དཀར་བ་ངག་དབང་ཤེས་རབ། རིན་ཆེན་གྲགས་པ། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། དེ་ལས་སོ། །ཡང་ན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། འཇམ་མགོན་ངག་དབང་ལེགས་གྲུབ། དེ་ལས་སོ། །ལུང་ལ། ཇོ་བོ་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་རྗེ་ས་སྐྱ་པའི་མན་ངག་ཟབ་མོ་འཕགས་པ་རིན་པོ་ཆེས་མཛད་པ། རྗེས་གནང་ཐུགས་རྗེའི་ཆུ་རྒྱུན་ཞུ་ཆེན་གྱིས་མཛད་པ། ཉམས་ལེན་མདོ་ཁམས་ཤར་ཕྱོགས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་རྣམས་བཀའ་འབུམ་ལྟར། ༈ །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་སྒོམ་ལུང་གཞུང་རྩ་བའི་ཡིག་རྙིང་ལ་ཕྱག་ལེན་གྱིས་བརྒྱན་པའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་མཆོག་སྤྱན་རས་གཟིགས། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྡོ་རིངས་པ་ཀུན་སྤངས་ཆེན་པོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། གྲུབ་མཆོག་ངག་དབང་ཉི་མ། བསོད་ནམས་དབང་ཕྱུག རྨོར་ཆེན་ཀུན་དགའ་ལྷུན་གྲུབ། རིན་ཆེན་བསོད་ནམས་མཆོག་གྲུབ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཕེལ། བསྟན་འཛིན་བརྒྱད་པ་མཁྱེན་རབ་མཐུ་སྟོབས། དེ་ལས་སོ། །ལུང་ལ། གཞུང་རྩ་བ་རྗེ་གྲོལ་མཆོག་གསུང་གོང་ལྟར་དང་། དེའི་བསྒཽམ་ལུང་འབོགས་ཚུལ་གཞན་ཕན་མཁའ་ཁྱབ་དང་། སྒོམ་བཟླས་ཀྱི་ངག་འདོན་མདོ་སྔགས་ཡོངས་བཅུད་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མཛད་པ་དེ་ཉིད་ལས།
རྗེ་གྲུབ་ཐོབ་ཆེན་པོ་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ཀྱང་གོང་དང་འདྲའམ་སྙམ། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་བཅུ་གཅིག་ཞལ་གཙོ་རྐྱང་གི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆ་ལྟར་ཐོབ་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎ་ཆེན་ཟླ་བ་གཞོན་ནུ། པཎྜི་ཏ་ཡེ་ཤེས་བཟང་པོ། བལ་པོ་པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཆེན་ཉི་ཕུག་པ་ཆོས་ཀྱི་གྲགས་པ། སྤྲུ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིག མཁན་ཆེན་རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ། མཁན་ཆེན་ལྡོག་ལྷོད་པའམ་བདེ་བ་ཅན་པ། བྱང་སེམས་ཆུ་བཟང་པ་དབང་ཕྱུག་«བྱང་ཆུབ།་་་་་»འབར། རིན་པོ་ཆེ་ཤེས་རབ་འབུམ་པ། རྒྱལ་སྲས་དངུལ་ཆུ་ཐོགས་མེད་བཟང་པོ་དཔལ། རྗེ་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ཀུན་དགའ་ལེགས་པ། སངས་རྒྱས་ཕུན་ཚོགས། བསོད་ནམས་བཟང་«དཔལ་ལྡན།་་་་་»པོ། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། གཉིས་ཀ་ལས་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་སོ། །ཡང་ན། ནམ་མཁའ་བསམ་འགྲུབ་ནས། ངག་དབང་ཤེས་རབ། རིན་ཆེན་གྲགས་པ། མཁན་ཆེན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། དེ་ལས་སོ། །ཡང་ན་ཞུ་ཆེན་ཡན་དེའི་གསན་ཡིག་ལྟར་ལ། ཡེ་པཎ་ངག་དབང་རབ་རྒྱས། བླ་མ་དགེ་འདུན་རྒྱ་མཚོ། ཆོས་རྗེ་དགེ་ལེགས་རྒྱ་མཚོ། དེ་ལས་སོ། །ལུང་ལ། འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་དགེ་སློང་མ་དཔལ་མོས་མཛད་པ་ལོ་ཆེན་རིན་བཟང་འགྱུར། འཇིག་རྟེན་དབང་ཕྱུག་གི་གཞུང་བཞི་ཉམས་སུ་ལེན་ཚུལ་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བསྙེན་ཐབས་དྲི་མེད་ཕྲེང་བ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་སྟེ་སོ་སོའི་གསུང་འབུམ་ལྟར་དང་། དཔལ་མོའི་རྒྱ་གཞུང་གཞན་དུ་ཤེས། ༈ །ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་བཅུ་གཅིག་ཞལ་ལ་བདེ་གཤེགས་རིགས་བཞིས་བསྐོར་བ་ལྷ་ལྔའི་རྗེས་གནང་སངས་རྒྱས་དཔལ་བཟང་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཐུགས་རྗེ་ཆེན་པོ། དགེ་སློང་མ་དཔལ་མོ། ཟླ་བ་གཞོན་ནུ། པཎྜི་ཏ་ཛྙཱ་ན་བྷ་དྲ། བལ་པོ་པེ་ཉ་བ། བྱང་སེམས་ཟླ་རྒྱལ། ཉི་ཕུག་པ་ཆོས་ཀྱི་གྲགས་པ། སྤྲུ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། རྩེ་འདུལ་ཐུགས་རྗེ་བྱང་ཆུབ། མཁན་ཆེན་བདེ་བ་ཅན་པ། ཆུ་བཟང་པ་དབང་ཕྱུག་འབར། ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། ཤཱཀྱ་དོན་གྲུབ། ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། རྨོར་པ་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་སྐྱ་པ་ཀུན་དགའ་བློ་གྲོས། འཆི་མེད་བསྟན་པའི་ཉི་མ། འཇམ་མགོན་རྡོ་རྗེ་རིན་ཆེན། མང་ཐོས་དོན་གྲུབ་རྒྱལ་མཚན། དེ་ལས་སོ། །ལུང་ལ། བཅུ་གཅིག་ཞལ་དཔལ་མོ་ལུགས་རིགས་བཞིས་བསྐོར་བའི་རྗེས་གནང་གི་ཆོ་ག་གཞན་ཕན་ཟླ་སྣང་རྗེ་བླ་མ་ཉིད་ཀྱིས་མཛད་པ། ༈ །དེ་དང་རྗེས་སུ་འབྲེལ་བ་དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཞལ་བཅུ་
གཅིག་པའི་སྒྲུབ་ཐབས་སྨྱུང་གནས་དང་བཅས་པའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་། བརྒྱུད་འདེབས་བྱིན་རླབས་འདྲེན་པའི་ཤིང་རྟ་བཅས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་རྗེ་བླ་མས་བཀླགས་ཆོག་ཏུ་ཞལ་སྐོང་གནང་«རྗེས་གནང་གི་རྩ་བའི་བརྒྱུད་པ་འདི་ཁོ་ནའོ།་་་་་»བ། སྨོན་ལམ་དང་བཀྲ་ཤིས་རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པ། མཎྜལ་ངག་འདོན་དང་། སྒྲུབ་པའི་མཎྜལ་ཐོ། ༈ །ཐེག་ཆེན་གསོ་སྦྱོང་རང་གིས་ལེན་པའི་ཆོ་ག་བཀླགས་ཆོག་བཅས། གཞན་གཉིས་སོ་སོའི་བཀའ་འབུམ་ལྟར་དང་། གསོ་སྦྱོང་རྣམ་རྒྱལ་སྟོང་མཆོད་ལྟར། བཅུ་གཅིག་ཞལ་དཔལ་མོ་ལུགས་མཁའ་འགྲོ་ལྔ་བསྐོར་གྱི་བུམ་པའི་དབང་། སྔགས་ཀྱི་དབང་། ཕྲིན་ལས་ཀྱི་རྗེས་སུ་གནང་བ་དང་བཅས་པ་སྐྱིད་ཤོད་སྤྲུལ་སྐུ་བསྟན་འཛིན་ཕྲིན་ལས་ཀྱི་གསུང་ཟིན་བྲིས་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎྜི་ཏ་ཡེ་ཤེས་བཟང་པོ། པཎྜི་ཏ་ཟླ་བ་གཞོན་ནུ། ཇོ་བོ་ཨ་ཏི་ཤ། ལྷ་བཙུན་བྱང་ཆུབ་འོད། བལ་པོ་པེ་ཉ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉི་ཕུག་པ་ཆོས་ཀྱི་གྲགས་པ། བཤེས་གཉེན་གྲགས་པ་ཚུལ་ཁྲིམས། བཤེས་གཉེན་ཀླུ་སྒྲུབ་མཚན་ཅན། བཀའ་བཞི་པ་དཀོན་མཆོག་ལྷུན་གྲུབ། ཤེས་རབ་བརྩོན་འགྲུས། བླ་མ་སངས་རྒྱས་རིན་ཆེན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། རྗེ་རིན་ཆེན་རྒྱལ་མཚན། བླ་མ་རིན་ཆེན་གྲུབ། བླ་མ་རྒྱལ་མཚན་རིན་ཆེན། གནས་རྙིང་པ་ཀུན་དགའ་བདེ་ལེགས། པཎ་ཆེན་དགེ་འདུན་རྒྱ་མཚོ། རྟ་ཚག་པ་བློ་བཟང་ཨེ་ཝཾ། སྲས་ཁང་སྔགས་རམས་པ་བཟང་པོ་རྣམ་རྒྱལ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཀུན་མཁྱེན་དཔལ་འབྱོར་ཕྲིན་ལས་རབ་རྒྱས། ཀུན་གཟིགས་ལྔ་པ་རིན་པོ་ཆེ་བློ་བཟང་རྒྱ་མཚོ། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། ཀློང་རྡོལ་གསན་ཡིག་ལས། གྲུབ་བརྙེས་འཇམ་དཔལ་རྒྱ་མཚོ། སྣང་།
སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། བདེ་འབྱོར་དཔོན་སློབ་ངག་དབང་དོན་གྲུབ། ལྕང་སྐྱ་རོལ་པའི་རྡོ་རྗེ། རྒྱལ་སྲས་སྐལ་བཟང་ཐུབ་བསྟན། བཀྲ་ཤིས་ལྷུན་པོ་བཤེས་གཉེན་ཡེ་ཤེས་བཀྲ་ཤིས། ཤར་རྩེ་རྡོ་རྗེ་འཆང་བློ་བཟང་ཡོན་ཏན། མཁས་གྲུབ་ཆེན་པོ་དམ་ཚིག་རྡོ་རྗེ། ཆུ་བཟང་བ་སྐལ་བཟང་མཁས་གྲུབ། བཤེས་གཉེན་བཀའ་འགྱུར་པ་ཆེན་པོ་གྲགས་པ་ཀླུ་སྒྲུབ། མཆོག་སྤྲུལ་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་ཐུགས་རྗེ་ཡོངས་གྲགས་དཔལ་དེ་ལས་སོ། །ཡང་ན། ལྔ་པ་ཡན་སྔར་སྨོས་པ་ལྟར་ལ། དེ་ནས་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། རྗེ་ངག་དབང་བྱམས་པ། བྱེས་ཟུར་ངག་དབང་དོན་གྲུབ། བྲག་རི་རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས། སྤང་ལུང་པ་ངག་དབང་ཆོས་འཛིན། སེར་རྩེའི་དགེ་བཤེས་སྐལ་བཟང་ཐོགས་མེད་དམ་སྐལ་བཟང་མཁས་གྲུབ། སྣང་། ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། དེ་ལས་སོ། །ལུང་ལ། བཅུ་གཅིག་ཞལ་དཔལ་མོ་ལུགས་མཁའ་འགྲོ་ལྔ་བསྐོར་གྱི་རྗེས་སུ་གནང་བའི་ཆོ་ག་གཞན་ཕན་ཟླ་ཟེར་རྗེ་བླ་མ་ཉིད་ཀྱིས་མཛད་པ། ༈ །སློབ་དཔོན་ལྷན་སྐྱེས་རོལ་པས་བཀྲལ་ཞིང་བ་རི་ལོ་ཙཱ་ནས་བརྒྱུད་པའི་དོན་ཡོད་ཞགས་པ་ལྷ་ལྔའི་རྗེས་གནང་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། ཤཱི་ལཱ་ཀ་ར། བཻ་རོ་ཙ་ན། ཨེ་རང་པ་ཏི། རིགས་ངན་རྣལ་འབྱོར་མ། དོན་ཡོད་རྡོ་རྗེ། དྷརྨ་པཱ་ལ། བསོད་སྙོམས་པ་ཆེན་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། གྲགས་རྒྱལ། ས་པཎ། གཙང་«ཙོང་པོ།་་་་་»པ་ཞོར་བ། ལ་རུ་པ། བླ་མ་གྲགས་ཆེན་«པ་དཔལ།་་་་་»པ། ཀུན་མཁྱེན་འཕགས་འོད། འདིར་བུ་སྟོན་སྣང་། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་
དཀོན་མཆོག་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། རྗེ་ཏིང་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་ནས། ས་ཆེན་ཀུན་དགའ་བློ་གྲོས། ཆོས་ཉིད་ཡེ་ཤེས། ཡེ་ཤེས་རྒྱལ་མཆོག བྱ་གཤོང་སློབ་ཟུར་བློ་གྲོས་རྒྱ་མཚོ། འཁོན་སྟོན་རྡོ་རྗེ་རིན་ཆེན། དེ་ལས་སོ། །ཡང་ན། རྨོར་ཆེན་ནས། དཔལ་ལྡན་ཆོས་སྐྱོང་། སངས་རྒྱས་དཔལ་བཟང་། བསོད་ནམས་དཔལ་བཟང་། ཆོས་ཉིད་ཡེ་ཤེས་མན་འདྲ། ལུང་ལ། འཕགས་པ་དོན་ཡོད་ཞགས་པའི་རྟོག་པའི་ཆོ་ག་བྱ་རྒྱུད་ལྟར་སྒྲུབ་ལུགས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། མཎྜལ་གྱི་མཆོད། ལྷ་ལྔའི་བསྟོད་པ་དྷ་བྱང་ཆུབ་སེམས་དཔས་མཛད་པ། སྲུང་འཁོར་བྲི་ཚུལ། བྲི་ཐབས་དངོས། དོན་ཞགས་ལྷ་ལྔའི་སྒྲུབ་ཐབས་ཐར་པཎ་གྱིས་མཛད་པ། རྗེས་གནང་གོ་བདེ་བཀླགས་ཆོག་ངག་ཆོས་ཀྱིས་མཛད་པ་བཅས། གཞན་བཀའ་འབུམ་ལྟར་དང་། ངག་ཆོས་གསུང་རྗེས་གནང་དང་འདྲ། ༈ །སློབ་དཔོན་ཨ་བ་དྷཱུ་ཏཱི་པ་ལ་ཡེ་ཤེས་མཁའ་འགྲོས་དངོས་སུ་གདམས་པ་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་མདོ་ལུགས་མཛེ་གསོས་ཀྱི་ཆེ་བ་ཇོ་བོ་རྗེ་ནས་བརྒྱུད་པའི་རྗེས་གནང་སྒྲུབ་ཐབས་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་མཁའ་འགྲོ་མ། གསེར་གླིང་པ་ཨ་བ་དྷཱུ་ཏཱི། ཇོ་བོ་རྗེ་ཨ་ཏི་ཤ། དགེ་བཤེས་རོང་པ་མགར་«རིན་བརྒྱུད་དུ་མེད།་་་་་»དགེ། དགེ་བཤེས་མཛང་གྱད་ཕུ་བ། རྗེ་ས་སྐྱ་པ་ཆེན་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། བླ་ཆེན་བསོད་བློ། ཐེག་ཆེན་ཆོས་རྗེ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ངག་དབང་གྲགས་པ། ཡིག་དྲུག་པ་ཤེས་
རབ་དཔལ་འབྱོར། རྗེ་བཙུན་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རྗེ་རིན་ཆེན་རྒྱ་མཚོ། རྗེ་དྲུང་ཡེ་ཤེས་རྒྱ་མཚོ། གྲུབ་ཆེན་ཀུན་བཟང་དབང་པོ། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། བསྟན་འཛིན་ཆོས་ཀྱི་ཉི་མ། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། པདྨ་ཉིན་བྱེད་དབང་པོ། འཇམ་པའི་རྡོ་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེ་ལས་སོ། །རིན་འབྱུང་ལུང་བརྒྱུད། ཚེ་དབང་ནོར་བུ་ནས། སྤྲུལ་སྐུ་ཀུན་དགའ་རྣམ་རྒྱལ། ལོ་ཆེན་ཚེ་དབང་ཀུན་ཁྱབ། ཀརྨ་ངེས་དོན་བསྟན་འཛིན། ཀརྨ་འོད་གསལ་འགྱུར་མེད། ཀུན་གཟིགས་ཡོན་ཏན་རྒྱ་མཚོ། དེ་ལས་སོ། །ཡང་འདི་ལ། ཕྱག་ན་རྡོ་རྗེ། ཇོ་བོ་མན་ཆད་བཀའ་གདམས་ལྷ་བཞི་ལྟར་དེད་ཀྱང་ཆོག ཡང་བ་རི་ལུགས་ལྟར་ན། རྗེ་བཙུན་སངས་རྒྱས། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། བླ་མ་ས་ཆེན། གྲགས་པ་ནས་འདྲའོ། །ལུང་ལ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ཞེས་བྱ་བའི་ཆོ་ག་རྒྱ་བརྩོན་སེང་གི་འགྱུར་རྒྱུད་འབུམ་ལྟར་དང་། གཟུངས་ལག་ཏུ་བླང་བའི་རིམ་པ་རྒྱས་པར་བཤད་པ་རྗེ་བཙུན་གྲགས་པས་མཛད་པ་བཀའ་འབུམ་ལྟར། སྒྲུབ་ཐབས་རྗེས་གནང་དང་བཅས་པ་རིན་འབྱུང་ཡིག་རྙིང་བསྡེབས་པའི་བཀླགས་ཆོག་རྗེ་བླ་མ་ཉིད་ཀྱིས་མཛད་པ་བཅས། ༈ །སློབ་དཔོན་འགྲོ་བཟང་སྙིང་པོས་བཀྲལ་བའི་ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་ཞུ་ཆེན་རིན་པོ་ཆེའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་སཛྫ་ན། ཇོ་བོ་ཛི་ཏ་དེ་བ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན། དཔྱལ་བསོད་ནམས་རིན་ཆེན། འཇིད་ཕུ་པདྨ་བཀྲ་ཤིས། རྟག་པ་ཇོ་བཟང་།
ལོ་ཙཱ་བ་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག བསོད་ནམས་སེང་གེ། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་སེམས་དཔའ་ཆེན་པོ། སྐུ་ཞང་ནམ་མཁའ་མཆོག་གྲུབ། རིན་ཆེན་དཔལ་གྲུབ། མཁྱེན་རབ་ཆོས་རྗེ། དེ་ལས་རྡོ་རིངས་པ་དང་། སྒོ་རུམ་པ་གཉིས། གཉིས་ཀས་ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། དེ་གཉིས་ཀས་མགོན་པོ་བསོད་ནམས་མཆོག་ལྡན། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཀླུ་སྒྲུབ་རྒྱ་མཚོ། དམ་ཆོས་བཟང་པོ། འཇམ་དཔལ་རྒྱ་མཚོ། དེས་རྒྱལ་བ་སྐལ་བཟང་རྒྱ་མཚོ་དང་། འཕགས་པ་ལྷ་ཡེ་ཤེས་བསྟན་པའི་མགོན་པོ་གཉིས། གཉིས་ཀས་རྗེ་རིན་ཆེན་དོན་གྲུབ། བསྟན་འཛིན་ཕྲིན་ལས་བཟང་པོ། བླ་མ་སྦྱིན་པ་ཆོས་འཕེལ། རིན་ཆེན་ལྷུན་གྲུབ། ངག་དབང་བཟང་པོ། ངག་དབང་རྡོ་རྗེ་རིན་ཆེན། དེ་ལས་སོ། །ཡང་ན་དཀོན་མཆོག་བསྟན་པ་རབ་རྒྱས་ལས་ཏེ་སླར་བརྟག ལུང་ལ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་ཟངས་དཀར་ལོ་ཙཱའི་འགྱུར། གཏོར་མ། རྫས་སྔགས་སྨན་གྱི་འཁྲུལ་འཁོར། བསྐྲད་པ། བསྣུན་པ། སྦྱིན་སྲེག་བཅས་རྗེ་བླ་མའི་མཆན་ཅན་མཛད་པ་པོ་དང་སྒྱུར་བྱེད་གོང་དང་འདྲ། ཁྲུས་ཆོག་མཛད་བྱང་མེད་པ། སྒྲུབ་ཐབས་རྗེས་གནང་གི་ཆོ་ག་མཁས་པའི་ཞལ་ལུང་ཞུ་ཆེན་གྱིས་མཛད་པ་བཅས། གཞན་བཙལ། ཞུ་ཆེན་ཡིག་ཆ་བཀའ་འབུམ་ལྟར། ༈ །པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡི་དམ་སྒྲུབ་སྐོར་ཨེ་ཝཾ་གྱི་ཡིག་སྟེང་ནས་ཕྱག་རྡོར་འཁོར་ཆེན་གྱི་རྗེས་གནང་ཟུར་བཀའི་བརྒྱུད་པ་ནི། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཡོངས་འཛིན་བློ་བཟང་ལས་གསན་པ་དེ་ཉིད་ཀྱི་གསན་ཡིག་ན་གསལ་ཞིང་། ཞི་བ་ལྷའི་གསན་ཡིག་ལྟར་ན། རྒྱལ་
བ་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། མཁའ་འགྲོ་སེང་གེའི་གདོང་ཅན། གྲུབ་ཐོབ་ཤ་བ་རི་པ། གྲུབ་ཐོབ་ཛ་པ་རི་པ། དེ་བ་པུཎྜ་མ་ཏི། མགར་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། གཤིན་སྟོན་རིན་ཆེན་དངོས་གྲུབ། དམར་ཆོས་ཀྱི་རྒྱལ་མཚན། དམར་ཤེས་རབ་རྡོ་རྗེ། དམར་ཐུབ་པ་ཤེས་རབ། དམར་བརྩོན་འགྲུས་རྡོ་རྗེ། དམར་ཆོས་ཀྱི་རྒྱལ་པོ། དམར་ཤཱཀྱ་གྲུབ་པ། བླ་མ་གྲགས་པ་དཔལ། ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ་བཟང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། བཟང་པོ་རྒྱལ་མཚན། ངག་དབང་བློ་གྲོས། མལ་སྟོན་ཚུལ་ཁྲིམས་རིན་ཆེན། སྔགས་རམ་པ་དགེ་འདུན་བཀྲ་ཤིས། ལྷ་བཙུན་བསོད་ནམས་དཔལ་བཟང་། སྒོམ་སྡེ་ནམ་མཁའ་རྒྱལ་མཚན། པཎ་ཆེན་བློ་བཟང་ཆོས་རྒྱན། རིག་འཛིན་འཇམ་དབྱངས་གྲགས་པ། མཁར་རྡོ་བཟོད་པ་རྒྱ་མཚོ། རྗེ་ངག་དབང་རྒྱ་མཚོ། མཚུངས་མེད་ངག་དབང་ལེགས་གྲུབ། ཡོངས་འཛིན་དགེ་ལེགས་རྒྱ་མཚོ། ཞི་བཟང་དགེ་ལེགས་རྒྱལ་མཚན། རྗེ་བྱམས་པ་བློ་གྲོས། ཆབ་མདོ་གླིང་སྨད་སློབ་ཟུར་འཕགས་པ་མཆོག་དགའ། ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། དེ་ལས་སོ། །ཡང་ན། དམར་ཤཱཀྱ་གྲུབ་པ་ནས། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། བླ་མ་འཇམ་དབྱངས་དཀར་པོ། ཆོས་རྗེ་རིན་ཆེན་ལེགས་པ། སྐུ་ཞང་མཁྱེན་རབ་ཆོས་རྗེ། འདུལ་འཛིན་གྲགས་པ་རྒྱལ་མཚན། ཞྭ་ལུ་བ་ལེགས་པ་རྒྱལ་མཚན། རྒྱུད་པ་ཤེས་རབ་བཟང་པོ། མཁས་གྲུབ་ཉི་མ་བཀྲ་ཤིས། མཁས་གྲུབ་བདེ་ལེགས་ཉི་མ། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་མན་འདྲའོ། ལུང་ལ། དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་གཙོ་རྐྱང་གི་སྒྲུབ་ཐབས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ། རྩ་སྔགས་སམ་ཕྲེང་སྔགས་སུ་གྲགས་པ་འགྲོལ་བཅས་གོང་དང་འདྲ། རྗེས་གནང་གི་ཆོ་ག་རྗེ་བླ་མ་ཉིད་ཀྱིས་མཛད་པ་བཅས། ༈ །དཔལ་
ཕྱག་ན་རྡོ་རྗེའི་ཞལ་མཇལ་ཞིང་མཐུ་སྟོབས་ཀྱི་དབང་ཕྱུག་སྙེ་མདོ་བླ་ཆེན་ཤཱཀྱ་དཔལ་བ་ནས་བརྒྱུད་པ་ཕྱག་རྡོར་འབྱུང་པོ་འདུལ་བྱེད་སེམས་དཔའ་སུམ་བརྩེགས་མེ་དབང་བཞི་དང་བཅས་པའི་རྗེས་གནང་མཁན་ཆེན་ངག་དབང་བསྟན་པའི་རྡོ་རྗེའི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། བླ་ཆེན་ཤཱཀྱ་དཔལ། བླ་ཆེན་ཆོས་དཔལ་བ། ཆོས་རྗེ་བོད་འབྲུག་པ་གཉིས་ཀས། བྱམས་པ་རིན་ཆེན་དཔལ་བཟང་། ཆོས་རྗེ་ལྷ་དབང་བློ་གྲོས། ཆོས་རྗེ་གྲགས་པ་ནུས་མཐུ། མཁན་ཆེན་བསོད་ནམས་དབང་པོ། རྗེ་ཤཱཀྱ་སེང་གེ། མཁན་ཆེན་བསོད་ནམས་མཆོག་གྲུབ། མཁན་ཆེན་རིན་ཆེན་འཇམ་དཔལ། རིན་ཆེན་འཇམ་དཔལ་མཁྱེན་བརྩེ། བླ་མ་འཇམ་དཔལ་བཟང་པོ། བྱང་གླིང་པ་འཇམ་དཔལ་ཚུལ་ཁྲིམས། བྱང་གླིང་པ་སྨོན་ལམ་བསམ་གཏན། ཆོས་རྗེ་ཡེ་ཤེས་དཔལ་འབྱོར། མཆོག་སྤྲུལ་རིན་པོ་ཆེ་བློ་གསལ་བསྟན་སྐྱོང་། རྗེ་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། །ཡང་ན་འཇམ་དཔལ་བཟང་པོ་ནས། ལྕེ་བཙུན་བསྟན་འཛིན་ཕྲིན་ལས། ཆོས་རྗེ་ཡེ་ཤེས་དཔལ་འབྱོར་མན་འདྲ། ལུང་ལ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་བྱམས་པ་རིན་ཆེན་དཔལ་བཟང་གིས་མཛད་པ། གཏོར་མའི་བཀའ་བསྒོའི་འདོད་གསོལ་བཅས་གོང་དང་འདྲའམ་སྙམ་ཞིང་། ཀུན་བློའི་མེ་དབང་། ཀུན་བློ། གོང་མ། གུ་ཎ་ཡན་འདྲ་ཞེས་སྣང་བ་སླར་དཔྱད། ༈ །ཕྱག་རྡོར་ཨུ་ཙརྻ་དྲག་སྔགས་ཀྱིས་ཆེ་བ་ཞེས་གསུངས་པའི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ལུང་བཅས་ལ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། དཔལ་གསང་བའི་བདག་པོ། སློབ་དཔོན་པདྨ་བཛྲ། འཕགས་མཆོག་ཀླུ་སྒྲུབ། ཟླ་བ་གྲགས་«དཔེ་གཅིག་ལ་མེད།་་་་་»པ། ཙནྡྲ་གཽ་མཱི། ཆོས་ཀྱི་རྒྱལ་པོའམ་དྷརྨ་ཕ་«ནོར་རམ།་་་་་»ལ། བླ་མ་ཟངས་གླིང་པ། ཁམས་པ་ཨ་སེང་། ཞང་སྟོན་དཀོན་མཆོག་དཔལ། རུ་སྨོན་
མཁར་བ། སྐྱི་སྟོན་པ། དཀོན་མཆོག་བློ་གྲོས། ཆོས་ཀྱི་གྲགས་པ། ཨེ་པ་འཁོན་སྟོན། མཆོག་ལྡན་པ། རྒྱལ་བ་འོད་ཟེར། སློབ་དཔོན་སྨྲ་བའི་སེང་གེ། བྱང་ཆུབ་སེང་གེ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་གྲགས་པ་རྒྱལ་མཚན། གློ་བོ་ཀུན་དགའ་ལེགས་འབྱུང་། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། ས་ཆེན་ཀུན་དགའ་རིན་ཆེན། དེ་ལས་སོ། །ཡང་ན། ཀུན་དགའ་རིན་ཆེན། རྡོ་རྗེ་རིན་ཆེན། རྗེ་བླ་མ་བསྟན་པ་རབ་རྒྱས། དེ་ལས་སོ། །ཡང་ན། ཁམས་པ་ཨ་སེང་ནས། ཇོ་སྲས་གཉལ་པ་རིན་ཆེན་འོད། བླ་ཆེན་དཀོན་མཆོག་རྒྱ་མཚོ། ཇོ་སྲས་མེ་འབར། བླ་མ་དོན་ཞགས་པ། བླ་མ་ལྷ་རྗེ། སློབ་དཔོན་ཆོས་གྲགས་མན་འདྲའོ། །ཡང་ན། ངོར་ཆེན་ནས། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་སངས་རྒྱས་རིན་ཆེན། དཀོན་མཆོག་ལྷུན་གྲུབ་མན་འདྲ། ལུང་ལ། སྒྲུབ་ཐབས་གཏོར་ཆོག་དང་བཅས་པ། རྗེས་གནང་བྱ་ཚུལ་བཅས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་བཀའ་འབུམ་ལྟར། ༈ །སྟག་ལུང་པ་བཀྲ་ཤིས་དཔལ་གྲུབ་ཀྱི་ཡིག་ཆའི་སྟེང་ནས་རས་ཆུང་ལུགས་ཀྱི་གཏུམ་པོ་ཁྲ་ཐོགས་ཀྱི་རྗེས་གནང་སྟག་ལུང་ཕྱོགས་ནས་བརྒྱུད་པ་དང་། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་ཡིག་སྟེང་ནས་རས་ཆུང་ལུགས་ཀྱི་གཏུམ་པོ་ཁྱུང་ལྔའི་རྗེས་གནང་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ནས་དགེ་ཕྱོགས་ལ་བརྒྱུད་པ་གཉིས་རས་ཆུང་པའི་བར་འདྲ་བ་ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན་ལས་གསན་པའི་ཚུལ་གཞན་དུ་ཤེས། ལུང་ལ།
དཔལ་ཕྱག་ན་རྡོ་རྗེ་གཏུམ་པོའི་རྗེས་གནང་སྒྲུབ་ཐབས་མན་ངག་དང་བཅས་པའི་ཡི་གེ་རྡོ་རྗེའི་མེ་ཁྲིད་རྗེ་བླ་མའི་གསུང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྐོང་གནང་བ། ༈ །ལྷོ་བྲག་ཕྱག་རྡོར་སྙན་བརྒྱུད་ཀྱི་སྐོར་ལས། རྟ་ཕྱག་ཁྱུང་སྟེ་གཉེན་པོའི་ལྷ་གསུམ་གཅིག་ཏུ་དྲིལ་བའི་སྐོར་ལས་ཕྱག་ན་རྡོ་རྗེ་དྲག་པོ་གསུམ་སྒྲིལ་གྱི་རྗེས་གནང་རྟ་ཚག་རྗེ་དྲུང་བློ་བཟང་དཔལ་ལྡན་རྒྱལ་མཚན་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དཔལ་གསང་བའི་བདག་པོ། གྲུབ་ཆེན་ལས་ཀྱི་རྡོ་རྗེ། རྒྱལ་བ་བློ་བཟང་གྲགས་པ། གཉལ་གུང་སྣང་ཆོས་རྗེ་མཛེས་པ་དཔལ་བཟང་པོ། བློ་གྲོས་མཆོག་ལྡན་མཛེས་པ། སེང་གེ་དཔལ་ལྡན་མཛེས་པ། ནམ་མཁའ་དཔལ་ལྡན་མཛེས་པ། ནམ་མཁའ་ཆོས་བཟང་མཛེས་པ། ནམ་མཁའ་འོད་མཛེས་བཟང་པོ། ནམ་མཁའ་ལྷུན་གྲུབ་དཔལ་མཛེས། ནམ་མཁའ་མཛེས་པ་དཔལ། རྣལ་འབྱོར་དབང་ཕྱུག་བསོད་ནམས་འོད་མཛེས། དཔལ་འབྱོར་དོན་ཡོད་མཛེས་པ། ཤེས་རབ་གྲགས་མཛེས། ཉི་ཟླ་འོད་མཛེས། དཔལ་ལྡན་མགོན་པོ་མཛེས་པའི་རྡོ་རྗེ། མཁས་གྲུབ་མགོན་པོ་མཛེས་པའི་དབང་ཕྱུག གྲུབ་དབང་འཕགས་པ་བསྟན་དར། བྲག་གཡབ་ཆུ་བར་བླ་མ་དགེ་འདུན་བཀྲ་ཤིས། ཀློང་རྡོལ་གྲུབ་ཆེན་ངག་དབང་བློ་བཟང་། ལྕགས་ར་སྤྲུལ་སྐུ་ངག་དབང་ཕྲིན་ལས་དཔལ་བཟང་། དགའ་ལྡན་ཁྲི་ཆེན་བློ་བཟང་བཀྲ་ཤིས། ཆུ་བཟང་དགེ་བཤེས་སྐལ་བཟང་མཁས་གྲུབ། རྡོ་རྗེ་འཆང་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། དེ་ལས་སོ། །ལུང་ལ། དྲག་པོ་གསུམ་བསྒྲིལ་གྱི་དམིགས་པ་ལས་ཀྱི་རྡོ་རྗེས་ཡི་གེར་བཀོད་པ་ནི་གོང་དང་འདྲ་ལ། སྒྲུབ་ཐབས་རྡོ་རྗེ་ཕ་ལམ་རྒྱལ་དབང་སྐལ་བཟང་རྒྱ་མཚོས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྒྱལ་དབང་སྐལ་བཟང་རྒྱ་མཚོ། ལྕགས་ར་སྤྲུལ་སྐུ་ངག་དབང་ཕྲིན་ལས་དཔལ་བཟང་། ཀློང་རྡོལ་གྲུབ་ཆེན་ངག་དབང་བློ་བཟང་། མང་ཐོས་ཁྱབ་བདག་རྡོ་རྗེ། བཞི་སྡེ་དཔོན་སློབ་ཤེས་
རབ་རྒྱ་མཚོ། བདེ་ཡངས་དགེ་བཤེས་ཡེ་ཤེས་རྒྱ་མཚོ། གྲུབ་མཆོག་བློ་བཟང་ཤེས་རབ་དཔལ་བཟང་པོ། རྡོ་རྗེ་འཆང་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། དེ་ལས་སོ། ༈ །པདྨའི་རིགས་ཀྱི་ཡུམ་རྗེ་བཙུན་སྒྲོལ་མ་དཀར་པོ་ཡིད་བཞིན་འཁོར་ལོའི་སྐོར་ལ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡིག་ཆའི་སྟེང་ནས་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ལེགས་པར་ཐོབ་པའི་བརྒྱུད་པ་ལ་བཀའ་བབས་དགུ་དང་ལྡན་པ་ལས། དང་པོ་ཇོ་བོ་ཐུགས་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་སྒྲོལ་མ། ངག་དབང་གྲགས་པ། གསེར་གླིང་པ། ཇོ་བོ་རྗེ་ཨ་ཏི་ཤ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ་གཞོན་ནུ་འོད། དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། ཞང་སུམ་ཐོག་པ། ཞང་ཀ་ཚལ་བ། བླ་མ་ལྷ། སློབ་དཔོན་རིན་ཆེན་བཟང་པོ། མཁན་ཆེན་བདེ་བ་དཔལ། ཀ་བཞི་པ་གྲགས་པ་གཞོན་ནུ། བུ་སྟོན་ཐམས་ཅད་མཁྱེན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དཀའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་ཆོས་རིན་དཔལ་བ། ཆོས་རྗེ་བློ་གྲོས་རྒྱ་མཚོ། ཐུགས་རྗེ་ཅན་རིན་ཆེན་བཟང་པོ། སྔགས་འཆང་ཀུན་དགའ་བསོད་ནམས། སྔགས་འཆང་དཀོན་མཆོག་ལེགས་འཛིན། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། མཁན་ཆེན་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། དེ་ལ་བྱམས་པ་ནམ་མཁའ་བསམ་འགྲུབ་དང་། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གཉིས། གཉིས་ཀ་ལས་ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། བླ་མ་དམ་པ་
ནས། སྤོས་ཁང་པ་རིན་ཆེན་རྒྱལ་མཚན། རྒྱལ་བ་ཕྱག་ན་པ། ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་པ་རིན་ཆེན་རྒྱལ་མཆོག རྫོང་དཀར་བ་ཤེས་རབ་རྒྱལ་མཆོག འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས་མན་འདྲ། ཡང་ན། ཆག་ལོ་རིན་ཆེན་ཆོས་རྒྱལ་ནས། ས་ལོ་འཇམ་པའི་རྡོ་རྗེ། རྗེ་དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་འཆང་སངས་རྒྱས་སེང་གེ། པཎ་ཆེན་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཤར་པ་ཤེས་རབ་འབྱུང་གནས། མཁན་ཆེན་བསོད་ནམས་མཆོག་གྲུབ་མན་འདྲའོ། །བཀའ་བབས་གཉིས་པ་ས་ལུགས་ནི། སྒྲོལ་མ། ངག་དབང་གྲགས་པ། ཛཻ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། གོང་མ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་མན་འདྲ། གསུམ་པ་གཉན་ལུགས་ནི། སྒྲོལ་མ། ངག་དབང་གྲགས་པ། གྲུབ་ཆེན་མ་ཏི། གཉན་ལོ་ཙཱ་བ། གནམ་ཁའུ་པ། ས་ཆེན་མན་འདྲ། བཞི་པ་པཎ་ཆེན་ལུགས་ནི། སྒྲོལ་མ། ཁ་ཆེ་པཎ་ཆེན། བྱང་ཆུབ་དཔལ། བདེ་བ་དཔལ། གྲགས་པ་གཞོན་ནུ། བསོད་ནམས་གྲགས་པ། བླ་མ་དམ་པ་མན་འདྲ། ལྔ་པ་ནགས་རིན་ལུགས་ནི། སྒྲོལ་མ། ངག་དབང་གྲགས་པ། པཎྜི་ཏ་ནགས་ཀྱི་རིན་ཆེན། རྗེ་ཀུན་དགའ་མཆོག་གྲུབ། དེ་དབོན་ཀུན་དགའ་གྲོལ་མཆོག ཆོས་རྗེ་ཀུན་དགའ་རྒྱལ་མཚན། སྔགས་འཆང་དཀོན་མཆོག་ལེགས་འཛིན་མན་འདྲ། དྲུག་པ་ཨ་བྷ་ཡའི་ལུགས་ནི། སྒྲོལ་མ། ཨ་བྷ་ཡ། ཤུ་བྷཾ་ཀ་ར། རཏྣ་རཀྵི་ཏ། གཽ་ཏཾ་ཤྲཱི། ཀཱིརྟི་ཙནྡྲ། ལོ་ཙཱ་བ་གྲགས་
རྒྱལ། ཤེར་སེང་། བག་སྟོན། ཤེས་རབ་སེང་གེ། རིན་ཆེན་འཕེལ། ཡེ་ཤེས་འཕེལ། ཀུན་དགའ་བསོད་ནམས། བླ་མ་བྱང་སེམས། རྒྱམ་པ་ཡོན་ཏན་འོད། ཤངས་དཀར་བ་རིན་ཆེན་རྒྱལ་མཚན། སྐུད་ལུང་པ་སངས་རྒྱས་དཔལ། རྗེ་འཕགས་པ་རིན་ཆེན། ཆག་ལོ་རིན་ཆེན་ཆོས་རྒྱལ་མན་འདྲ། བདུན་པ་དཔྱལ་ལུགས་ནི། མཁའ་འགྲོ་མ། རྡོ་རྗེ་གདན་པ། ནིཥྐ་ལཾ་ཀ དཔྱལ་ཆོས་བཟང་པདྨ་ཅན། ཨ་མོ་གྷ། གཞོན་ནུ་དཔལ། ཐར་ལོ། བུ་སྟོན་རིན་པོ་ཆེ་མན་འདྲ། བརྒྱད་པ་རྔོག་ལུགས་ནི། སྒྲོལ་མ། ངག་དབང་གྲགས་པ། མར་པ། རྔོག་ཆོས་སྐུ་རྡོ་རྗེ། མདོ་སྡེ། ཀུན་དགའ། གཟི་བརྗིད་གྲགས་པ། རིན་ཆེན་བཟང་པོ། ཆོས་ཀྱི་རྒྱལ་མཚན། སངས་རྒྱས་རྒྱལ་མཚན། བྱང་ཆུབ་དཔལ། བྱམས་པ་གླིང་པ་བསོད་ནམས་རྒྱ་མཚོ། ཞྭ་དམར་བཞི་པ། ཆག་ལོ་རིན་ཆེན་ཆོས་རྒྱལ་མན་འདྲ། དགུ་པ་སྒར་ལུགས་ནི། སྒྲོལ་མ། ཀརྨ་པ་རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། བསོད་ནམས་འབུམ། བླ་མ་རྒྱལ་མཚན། ཞྭ་དམར་བཞི་པ་མན་འདྲའོ། །དེ་དང་ལྷན་ཅིག་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་དང་། བསྟོད་པ། སངས་རྒྱས་ཕུན་ཚོགས་པས་མཛད་པའི་ལྷན་ཐབས། བཀྲ་ཤིས་ལྷུན་གྲུབ་ཀྱིས་མཛད་པའི་བརྒྱུད་འདེབས་རྣམས་ཀྱི་ལུང་ཡང་ཐོབ་བོ། །ཞེས་སྣང་། ལུང་ལ། ཚེ་སྦྱིན་སྒྲོལ་མའི་མངོན་རྟོགས་ལས་དང་པོ་པས་ཉམས་སུ་བླང་བདེ་ཀུན་མཁྱེན་བསོད་ནམས་སེང་གེའི་གསུང་ཟིན་བྲིས་དང་། རྗེས་གནང་ཤིན་ཏུ་ཟབ་པ་སངས་རྒྱས་རིན་ཆེན་གྱིས་མཛད་པ། སྒྲུབ་ཐབས་བུམ་མཆོག་རྗེས་གནང་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། དེའི་ཟུར་འདེབས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཀ་བསྟོད་འཆི་མེད་རྡོ་རྗེའི་གླུ་དབྱངས་
དཀོན་ལྷུན་དང་། འདོད་དོན་གསོལ་འདེབས་གློ་བོ་མཁན་ཆེན། བརྒྱུད་འདེབས་དངོས་གྲུབ་འདོད་འཇོ་བཀྲ་ཤིས་ལྷུན་གྲུབ་ཀྱིས་མཛད་པ་རྗེ་བླ་མའི་ཁ་སྐོང་ཅན། བསྙེན་པ་བྱ་ཚུལ་ཡི་གེའི་ཟླ་འོད་གསར་པ། རྗེས་གནང་གི་བརྒྱུད་འདེབས་རྗེ་བླ་མའི་ཁ་སྐོང་ཅན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ། སྦྱིན་སྲེག་གི་ཆོ་ག་འདོད་དོན་ཀུན་འགྲུབ། རྒྱས་པའི་སྦྱིན་སྲེག་གི་ཐོ་བཅས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་བཅས་ཀྱི་གོང་གསལ་ལས་གཞན་སོ་སོའི་བཀའ་འབུམ་ལྟར་དང་འཕྲོ་བཙལ། ༈ །མང་མཁར་བ་བློ་གྲོས་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བེའུ་བུམ་ལ། ལོ་རྒྱུས། སྒྲུབ་སྐོར། རྗེས་གནང་། ལས་ཚོགས་དང་བཅས་པའི་རྗེས་གནང་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི་སླར་བཙལ། ༈ །མཁས་གྲུབ་ནོར་བཟང་རྒྱ་མཚོ་ནས་བརྒྱུད་པའི་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་ཁྱད་པར་ཅན་རྒྱལ་དབང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཡིག་ཆའི་སྟེང་ནས་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ་དཀར་མོ། མཁས་གྲུབ་ནོར་བཟང་རྒྱ་མཚོ། རྒྱལ་དབང་དགེ་འདུན་རྒྱ་མཚོ། སེ་ར་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བདེ་ལེགས་ཉི་མ། སྒམ་སྡེ་པ་ནམ་མཁའ་རྒྱལ་མཚན། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། ཀུན་གཟིགས་ལྔ་པ་ཆེན་པོ། འཇམ་དབྱངས་ཕྲིན་ལས་ལྷུན་གྲུབ། ཀུན་མཁྱེན་ངག་དབང་བརྩོན་འགྲུས། མཁན་ཆེན་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། རྗེ་བླ་མ་དཀོན་མཆོག་རྒྱལ་མཚན། བྲག་དགོན་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། །ལུང་ལ། ཡིད་བཞིན་འཁོར་ལོ་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྒྱལ་དབང་དགེ་འདུན་རྒྱ་མཚོས་མཛད་པ། བསྟོད་པ་ཚེ་དང་ཡེ་ཤེས་སྤེལ་བ་རིན་པོ་ཆེའི་ཕྲེང་བ་པཎ་ཆེན་དགེ་འདུན་གྲུབ་ཀྱིས་མཛད་པ་བཅས།
འདིའི་ལུང་ཀློང་རྡོལ་གསན་ཡིག་ལྟར་ན། མཛད་པ་པོ་ནས། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ཡེ་ཤེས་རྩེ་མོ། རབ་འབྱམས་པ་ངག་དབང་རྒྱལ་མཚན། ཀ་ཆེན་ཆོས་དཔལ་བ། ཚོགས་གསོག་པ་ཚུལ་ཁྲིམས་རྒྱ་མཚོ། སྤྲུལ་སྐུ་དགེ་ལེགས་རྒྱ་མཚོ། རབ་འབྱམས་པ་བསོད་ནམས་ཉི་མ། སློབ་དཔོན་སངས་རྒྱས་དཔལ་བཟང་། ཁྲི་ཆེན་སྦྱིན་པ་རྒྱ་མཚོ། མཁས་གྲུབ་བློ་བཟང་བསྟན་འཛིན། ཀ་ཆེན་ཡེ་ཤེས་ཡར་འཕེལ། ཞང་ཞུང་པ་ཡེ་ཤེས་མཐའ་ཡས། དགེ་སློང་བློ་བཟང་བསམ་གཏན། ཡོངས་འཛིན་བློ་བཟང་ཚུལ་ཁྲིམས། སྔགས་ཆེན་རྡོ་རྗེ་འཛིན་པ། ཀ་ཆེན་ཉི་མ་ཚུལ་ཁྲིམས། དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། ༈ །པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བདུད་རྩིའི་ཐིག་ལེ་རྗེ་བླ་མ་ཉིད་ཀྱིས་མཛད་པ། བརྒྱུད་པ་བཀའ་བབས་དགུའི་ནང་གི་དེ་དང་འདྲའམ་སྙམ་ལ། རིན་འབྱུང་ལྟར་ན། རྗེ་བཙུན་སྒྲོལ་མ། ཁ་ཆེ་པཎ་ཆེན། བྱང་ཆུབ་དཔལ། བདེ་བ་དཔལ། ཀ་བཞི་པ། བསོད་ནམས་གྲགས་པ། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་རྒྱན། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་སེམས་དཔའ་ཆེན་པོ། ཤར་ཆེན་ཤེས་རབ་རྒྱ་མཚོ། རྭ་སྟོན་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག མཁན་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཀུན་དགའ་སྙིང་པོ། རིན་ཆེན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། ཕྲིན་ལས་ཤིང་རྟ་མན་འདྲ། ༈ །འཇམ་དཔལ་དཔའ་བོ་གྲུབ་པའི་རྒྱུད་ནས་བསྟན་ཅིང་བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་ལྷ་མོ་ཤྲ་མ་ཎའི་རྨི་ལམ་བརྟག་པའི་མན་ངག་དྭགས་པོ་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ། དེའི་སྒོ་ནས་རྨི་ལམ་བརྟག་སྒྲུབ་བྱ་ཚུལ་དུས་གསུམ་བླང་དོར་རབ་གསལ་འཇམ་མགོན་ཀུན་བློས་མཛད་པ་བཅས་ལུང་ཁྲིད་ཀྱི་བརྒྱུད་པ་ནི། རྗེ་བཙུན་
སྒྲོལ་མ། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཤར་པ་ཡེ་ཤེས་འབྱུང་གནས། ཀུན་དགའ་སེང་གེ། སེང་གེ་རྒྱལ་མཚན། གར་ཐིག་པ་བསོད་ནམས་རྒྱལ་མཚན། ཤེས་རབ་རྡོ་རྗེ། གྲགས་པ་རྡོ་རྗེ། གྲགས་པ་དོན་གྲུབ། རི་ཁྲོད་གྲུབ་ཆེན། བཀྲ་ཤིས་རྣམ་རྒྱལ། དགེ་ལེགས་བཟང་པོ། རིན་ཆེན་ཆོས་རྒྱལ། ཤེས་རབ་རྒྱལ་མཚན། དོན་གྲུབ་རྒྱལ་མཚན། སངས་རྒྱས་རིན་ཆེན། བསྟན་འཛིན་བཟང་པོ། ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ། ཀུན་དགའ་བློ་གྲོས། ཆོས་ཉིད་ཡེ་ཤེས། ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། ༈ །སློབ་དཔོན་ཟླ་བའི་བཤེས་གཉེན་ནས་བརྒྱུད་པའི་རྨི་ལམ་ལུང་སྟོན་སྒྲོལ་མའི་སྒྲུབ་ཐབས་རྩ་བ་སློབ་དཔོན་ཟླ་བའི་བཤེས་གཉེན་གྱིས་མཛད་པ་ཁྲོ་ཕུ་ལོ་ཙཱའི་འགྱུར། སྒྲུབ་ཐབས་ཇོ་ནང་རིན་འབྱུང་ལས་བྱུང་བ། སྒོམ་ལུང་དང་མན་ངག་གི་གསལ་བྱེད་ཉུང་ངུ་ཟླ་བའི་མེ་ལོང་རྗེ་བླ་མ་ཉིད་ཀྱིས་མཛད་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། མཁན་པོ་བསོད་ནམས་དབང་ཕྱུག ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། དགྲ་བཅོམ་པ་ཡོན་ཏན་བློ་གྲོས། སྤྱང་ལུང་པ་ཆེན་པོ། པཎ་ཆེན་རིན་པོ་ཆེ། བྱང་སེམས་ཤེས་རབ་དཔལ་འབྱོར། རྗེ་བཙུན་ཀུན་དགའ་གྲོལ་མཆོག མཁན་ཆེན་ལུང་རིག་རྒྱ་མཚོ། རྗེ་ཀུན་དགའ་སྙིང་པོ། ཀུན་དགའ་ཆོས་བསམ། བླ་མ་རས་རྐྱང་པ། དྲུང་རམས་པ་གྲགས་པ། སློབ་དཔོན་བློ་གྲོས་རྣམ་རྒྱལ་ཁུ་དབོན། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། བཀའ་བརྒྱད་ཕྲིན་ལས་ཤིང་རྟ་མན་གོང་གོས་སྔོན་ཅན་དང་འདྲ། ལུང་ཡང་ཚེ་དབང་ནོར་བུ་ནས་
སྤྲུལ་སྐུ་ཀུན་དགའ་རྣམ་རྒྱལ་མན་འདྲ། ༈ །བུདྡྷ་ཙུ་རུ་ཀའི་སྐྱེ་བ་བརྟག་པའི་གདམས་ངག་གཞུང་གསལ་བྱེད་དང་བཅས་པ་དྲི་བྲལ་ནོར་བུའི་མེ་ལོང་རྗེ་བླ་མ་ཉིད་ཀྱིས་མཛད་པ། དེ་ལ་ནང་གསེས་དཔའ་བོ་གཅིག་གྲུབ་རྒྱུད་ཀྱི་དུམ་བུ། གྲགས་པའི་རྒྱུད་འགྲེལ། སྣར་ཐང་པའི་མངོན་རྟོགས་བརྒྱ་རྩ་ལས་བྱུང་བ་དང་། སྟག་ལུང་པའི་མན་ངག་ལས་བྱུང་བ། ལག་ལེན་གསལ་བྱེད་བཅས་སོ་སོའི་ཕྱོགས་ནས་གསན་པར་ངེས། ༈ །ཇོ་བོ་ཏཻ་ལོ་པས་ནཱ་རོ་པ་ལ་བརྒྱུད་དེ་དཔལ་ས་སྐྱ་པ་ལ་བཀའ་བབས་པའི་སྒྲོལ་མ་ཉིན་ཞི་མཚན་ཁྲོའི་རྗེས་གནང་སྒྲུབ་ཐབས་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། པཎྜི་ཏ་འབུམ་ཕྲག་གསུམ་པ། གཉན་ལོ་དར་མ་གྲགས། བླ་མ་གནམ་ཁའུ་པ། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཚོགས་སྒོམ་པ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། གཟུངས་ཀྱི་དཔལ་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་ཀུན་དགའ་རྒྱལ་མཚན། རྗེ་སངས་འོད་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག རྗེ་ལྷ་དབང་གྲགས་པ། རྗེ་བཙུན་ཆེན་པོ་ཀུན་དགའ་སྙིང་པོ། རྗེ་རིན་ཆེན་རྒྱ་མཚོ། རྗེ་དྲུང་ཡེ་ཤེས་རྒྱ་མཚོ། གྲུབ་ཆེན་ཀུན་དགའ་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་མན་འདྲ། ལུང་བརྒྱུད་ཀྱང་གོང་ལྟར་རོ། །ཡང་ན། རྗེ་བཙུན་སྒྲོལ་མ། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ། མལ་གྱི་ལོ་ཙཱ་བ། རྗེ་ས་ཆེན་མན་འདྲ། ལུང་གཞན་རྗེ་བཙུན་མའི་སྒོམ་བཟླས། དུག་ཞི་བ། སྲིད་སྤེལ་བ། མཎྜལ་གྱི་ཆོ་ག་རྣམས་ཡིག་རྙིང་། སྒྲུབ་ཐབས་རིན་འབྱུང་ནས་བྱུང་བ། ཕྱག་འཚལ་
ཉེར་གཅིག་བསྟོད་སྒྲུབ་ཤེལ་གྱི་པི་ཝཾ་ཞུ་ཆེན་རིན་པོ་ཆེས་མཛད་པ་ལས་ཡིག་རྙིང་གོང་དང་འདྲ་ལ། གཞན་གཉིས་གཞུང་དང་བཀའ་འབུམ་ལྟར། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་སྒྲུབ་ཐབས་རྗེས་གནང་ངག་དབང་བརྟན་པའི་རྡོ་རྗེའི་ཡིག་སྟེང་ནས་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། མཆད་ཀ་བ། སེ་སྤྱིལ་བུ་བ། རམས་ལྷ་ལྡིང་མ་བ། སངས་རྒྱས་དབོན། སློབ་དཔོན་ཡོན་ཏན་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་ཀ་བཞི་པ། རིན་པོ་ཆེ་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད། འགྲོ་མགོན་དཔལ་ལྡན་ཡེ་ཤེས། གླང་ཐང་ཆོས་རྗེ་ཤེས་རབ་རྡོ་རྗེ། གནུབས་དཔལ་རྒྱལ་བཟང་པོ། ནམ་མཁའ་བཟང་པོ། ཆོས་རྗེ་བློ་གྲོས་འབྱུང་གནས། རྗེ་བཙུན་དཀོན་མཆོག་བློ་གྲོས། འབུམ་རམས་རྒྱལ་བ་བློ་གྲོས། ངག་དབང་བརྟན་པའི་རྡོ་རྗེ། སྐྱོ་མདའ་བ་འཕགས་པ་ཆོས་ཀྱི་རྒྱལ་མཚན། མཁས་བཙུན་བསོད་ནམས་དབང་ཕྱུག མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། དེ་དབོན་དགེ་ལེགས་ལྷུན་གྲུབ། བླ་མ་ངག་དབང་ཆོས་འབྱོར། བླ་མ་དཔལ་ལྡན་ཕྲིན་ལས། དེ་ལས་སོ། ༈ །མཉམ་མེད་ཇོ་བོ་ཆེན་པོའི་བཀའ་སྲོལ་ལས་བྱོན་པའི་སྒྲོལ་མ་ཉེར་གཅིག་རྒྱས་པའི་རྗེས་གནང་མཆོག་ལེགས་རྡོ་རྗེ་དང་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་རིམ་པར་ནོས་པ་ལ། དང་པོ་རྩ་བ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལྗང་མོ། གཉིས་པ་ནད་གདོན་བགེགས་རིགས་ཞི་བའི་སྒྲོལ་མ་དཀར་མོ། གསུམ་པ་ཚེ་དང་ལོངས་སྤྱོད་འཕེལ་བའི་སྒྲོལ་མ་སེར་མོ། བཞི་པ་ཚེ་འཕེལ་བའི་སྒྲོལ་མ་སེར་མོ། ལྔ་པ་བུད་མེད་དབང་དུ་བྱེད་པའི་སྒྲོལ་མ་དམར་མོ། དྲུག་པ་འབྱུང་པོ་འདུལ་བའི་སྒྲོལ་མ་དམར་ནག བདུན་པ་གཞན་གྱི་རིག་སྔགས་ཟློག་པའི་སྒྲོལ་མ་ནག་མོ།
བརྒྱད་པ་དགྲ་བོ་གསོད་པའི་སྒྲོལ་མ་དམར་ནག དགུ་པ་འཇིགས་པ་ཐམས་ཅད་སྲུང་བའི་སྒྲོལ་མ་དཀར་མོ། བཅུ་པ་བདུད་དང་བར་དུ་གཅོད་པ་ཐམས་ཅད་འདུལ་བའི་སྒྲོལ་མ་དམར་མོ། བཅུ་གཅིག་ལ་དབུལ་བ་སེལ་བའི་སྒྲོལ་མ་དམར་སེར། བཅུ་གཉིས་པ་བཀྲ་ཤིས་པའི་སྒྲོལ་མ་སེར་མོ། བཅུ་གསུམ་པ་བགེགས་དང་བར་ཆད་སྲུང་བའི་སྒྲོལ་མ་དམར་མོ། བཅུ་བཞི་པ་བགེགས་ལ་བསྣུན་པའི་སྒྲོལ་མ་ནག་མོ། བཅོ་ལྔ་པ་སྡིག་པ་ཞི་བར་བྱེད་པའི་སྒྲོལ་མ་དཀར་མོ། བཅུ་དྲུག་པ་ཤེས་རབ་འཕེལ་བའི་སྒྲོལ་མ་དམར་མོ། བཅུ་བདུན་པ་བདུད་དང་བར་ཆད་ཞི་བའི་སྒྲོལ་མ་དམར་སེར། བཅོ་བརྒྱད་པ་ཀླུའི་དུག་ཞི་བའི་སྒྲོལ་མ་དཀར་མོ། བཅུ་དགུ་པ་རྩོད་དང་རྨི་ལམ་ངན་པ་སེལ་བའི་སྒྲོལ་མ་དཀར་མོ། ཉི་ཤུ་པ་རིམས་ནད་སེལ་བའི་སྒྲོལ་མ་དམར་སེར། ཉེར་གཅིག་པ་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་སྒྲོལ་མ་དཀར་མོ་བཅས་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་སྒྲོལ་མ། དཔལ་ལྡན་ཨ་ཏི་ཤ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། མཆད་ཀ་བ་ཡེ་ཤེས་རྡོ་རྗེ། སྐྱེར་སྒང་པ་ཆོས་ཀྱི་སེང་གེ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། ཟེའུ་གྲགས་པ་ཤེས་རབ། ཟེའུ་གྲགས་པ་བརྩོན་འགྲུས་སྐུ་མཆེད། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། རོང་སྟོན་ཤཱཀྱ་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། བླ་མ་བསོད་ནམས་རྒྱལ་མཚན། བསོད་ནམས་དཔལ་འབྱོར། སྨོན་ལམ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། བསོད་ནམས་རྒྱལ་མཚན། རྒྱལ་བ་ལྷུན་གྲུབ། སྤྲོ་ལུང་པ། བློ་གསལ་བསྟན་འཛིན། ས་ཆེན་ཀུན་
དགའ་བློ་གྲོས། ཐར་རྩེ་བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། རྗེ་བཙུན་མའི་བསྟོད་སྒྲུབ་ཉམས་སུ་ལེན་ཚུལ་རྩ་བ། བསྟོད་པ་དང་ལས་ཚོགས་ཉེར་གཅིག་སྦྱར་ནས་ཇོ་བོ་ལ་གནང་ཞིང་ལུང་བསྟན་པ། རྩ་བ་སེང་ལྡེང་ནགས་སྒྲོལ་ལྷ་སྔགས་བསྟོད་པ་རྣམས་ཡིག་རྙིང་སྟེ་གོང་དང་འདྲ། ༈ །སྒྲོལ་མ་ལ་གསོལ་བ་འདེབས་པ་མཎྜལ་བཞི་པའི་ཆོ་ག་ས་ལུགས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་བཀླགས་ཆོག་མཛད་པ་རྗེ་བླ་མས་ཞུ་དག་གནང་བ། མཎྜལ་བཞི་ཆོག་གསལ་བའི་སྒྲོན་མེ་དང་། བརྒྱུད་འདེབས་བཅས་རྨོར་ཆེན་རིན་པོ་ཆེས་མཛད་པ་བཅས་ཀྱི་ལུང་བརྒྱུད་ནི། རྗེ་བཙུན་སྒྲོལ་མ། དཔལ་ལྡན་ཨ་ཏི་ཤ། འབྲོམ་སྟོན་པ། དགོན་པ་བ། ཞང་སྟོན་ཀ་མ་བ། ལུམ་པ་བ། ཆུ་མིག་པ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། དཀོན་མཆོག་གྲགས་པ། བདེ་བ་དཔལ། བཀའ་བཞི་གྲགས་པ་གཞོན་ནུ། མཁན་ཆེན་བསོད་ནམས་གྲགས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་ཀུན་དགའ་བཟང་པོ། མཁྱེན་རབ་རིན་ཆེན་མཆོག་གྲུབ། ཤཱཀྱ་དོན་གྲུབ། ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་བྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཀུན་མཁྱེན་འཇིགས་མེད་དབང་པོ། དཔལ་མང་དཀོན་མཆོག་རྒྱལ་མཚན། རྗེ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། །ཡང་ན། དཀོན་མཆོག་རྒྱལ་མཚན། ལྷ་བཙུན་དོན་གྲུབ་རྒྱལ་མཚན། བླ་མ་ངག་དབང་བཟང་པོ། རྗེ་བླ་མ་ངག་དབང་ལེགས་གྲུབ། དེ་ལས་སོ།།
པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་ལྗང་གུ་རྗེ་ས་སྐྱ་པཎ་ཆེན་དང་གནུབས་ལོ་ཙཱ་བ་ནས་བརྒྱུད་པ་སྒྲུབ་ཐབས་རིན་འབྱུང་ལྟར་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། རཱ་ཧུ་ལ་ཤྲཱི། བི་མ་ལ་ཤྲཱི། བི་ཁྱཱ་ཏ་དེ་བ། བུདྡྷ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ་ནས། རྗེ་བཙུན་ཀུན་དགའ་སྙིང་པོ་བར་གོང་རྨི་ལམ་སྒྲོལ་མ་དང་འདྲ། དེ་ནས་རྗེ་རིན་ཆེན་རྒྱ་མཚོ་མན་སྒྲོལ་དཀར་གྱི་བརྒྱུད་པ་དང་འདྲའོ། །ཉེ་བརྒྱུད་ནི་རྗེ་བཙུན་སྒྲོལ་མས་ཁ་ཆེ་པཎ་ཆེན་ལ་དངོས་སུ་གནང་། དེ་ནས་འཇམ་དབྱངས་ས་པཎ་ལ་བརྒྱུད། རིང་བརྒྱུད་གཞན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ལས་བརྒྱུད་པ་ཡོད་མོད་ཀྱང་མ་བཞུགས་སྙམ། ལུང་ལ། སྒྲུབ་ཐབས་འཇམ་དབྱངས་ས་པཎ་གྱིས་མཛད་པ། བསྟོད་སྒྲུབ། བུམ་ཆོག བུམ་པ་དང་། སཱཙྪ་ལ་བརྟེན་པའི་ལས་ཚོགས། རྫོགས་རིམ་བཅས་པཎ་ཆེན་གསུང་ཟབ་མོ་རྣམས་གོང་དང་འདྲ། ༈ །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་པ་ཐུགས་དམ་གནད་ནས་སྐུལ་བའི་སྒྲ་དབྱངས་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་དེ་ཉིད་ཀྱི་བཀའ་འབུམ་ལྟར། ༈ །གྲུབ་པའི་སློབ་དཔོན་དགའ་རབ་རྡོ་རྗེ་ནས་རྡོ་རྗེ་གདན་པ་ལ་བརྒྱུད་དེ་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་དཔལ་ཀྱེ་རྡོ་རྗེ་ལྷན་སྐྱེས་ཀྱི་བྱིན་རླབས་ཟབ་མོ་སྒྲུབ་ཐབས་རིན་འབྱུང་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། དགའ་རབ་རྡོ་རྗེ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། ལུང་ཕུ་བ། སེམས་ཆེར་བ་གཞོན་ནུ་གྲུབ། བྲག་ཕུག་པ། བླ་མ་དམ་པ། རྒྱལ་སྲས་ཐོགས་མེད། ཉན་པོ་པ་དཔལ་ལྡན་རིན་ཆེན། མ་ཎི་བ་ལེགས་རྒྱལ། འཕགས་མཆོག་གྲགས་པ་བསོད་ནམས། རྗེ་ཀུན་དགའ་མཆོག་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག མཁས་
གྲུབ་སངས་རྒྱས་ཡེ་ཤེས། རྗེ་བྱམས་པ་ལྷུན་གྲུབ། རྗེ་བཙུན་ཀུན་དགའ་སྙིང་པོ། རྗེ་རིན་ཆེན་རྒྱ་མཚོ་མན་གོང་དང་འདྲ། ལུང་ལ། ཧེ་བཛྲ་དང་ཙཀྲ་སམྦ་རའི་མན་ངག་ས་མཱཔྟ་མི་ཐིའི་མཐའ་ཅན། བསྐྱེད་རྫོགས་ཀྱི་མན་ངག་དྷ་བྱང་ཆུབ་སེམས་དཔའི་གསུང་། དཔའ་གཅིག་མངོན་རྟོགས་བཅས་གོང་མའི་བཀའ་འབུམ་ལས་བྱུང་བ་དེ་ཉིད་ཀྱི་བརྒྱུད་པ་ལྟར། ༈ །མཁས་གྲུབ་དུས་ཞབས་པ་ཆེན་པོ་ལས་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་བྱིན་རླབས་ཆོས་རྗེ་ས་པཎ་ཁུ་དབོན་གྱི་གསུང་དང་སྒྲུབ་ཐབས་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། དུས་ཀྱི་འཁོར་ལོ། གྲུབ་ཆེན་རཱ་ཧུ་ལ་ཤྲཱི་ནས། རྗེ་བཙུན་ཀུན་དགའ་སྙིང་པོའི་བར་གོང་ཤཱཀ་ཤྲཱིའི་སྒྲོལ་མ་དང་འདྲ། དེ་ནས་རྗེ་རིན་ཆེན་རྒྱ་མཚོ། སྙིང་པོ་མཐའ་ཡས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་མན་འདྲ། ལུང་ལ། དུས་འཁོར་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་དུས་ཞབས་པས་མཛད་པ་གནུབས་ལོ་ཙཱ་བའི་འགྱུར་ཁྲོ་ཕུ་བརྒྱ་རྩའི་བརྒྱུད་པ་ལྟར། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་གོང་དང་འདྲ། ༈ །སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས་ཆོས་རྗེ་ས་པཎ་ཁུ་དབོན་གྱི་གསུང་རབ་དང་སྒྲུབ་ཐབས་རིན་བྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། གོང་ཀྱེ་རྡོར་ལྷན་སྐྱེས་དང་འདྲ། ལུང་ལ། སྒྲུབ་ཐབས་འཕགས་པ་རིན་པོ་ཆེས་མཛད་པ། བྱིན་རླབས་ཆོས་རྗེ་ས་པཎ་གྱིས་མཛད་པ་བཀའ་འབུམ་ལྟར། ༈ །བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་སློབ་དཔོན་བྷུ་རི་པས་མཛད་པ་ལོ་ཆེན་འགྱུར་བཙལ། ༈ །པཎ་གྲུབ་དབང་པོ་ནཱ་རོ་པ་ནས་བརྒྱུད་དེ་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་གསེར་ཆོས་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་ཐབས་དང་ཐར་པཎ་བྱིན་རླབས་ཆོ་གའི་ཡིག་སྟེང་ནས་ལེགས་
པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ནཱ་རོ་ཏ་པ། བལ་པོ་ཕམ་མཐིང་པ། ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས། བླ་མ་ས་སྐྱ་པ་ཆེན་པོ། བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། ས་སྐྱ་པཎྜི་ཏ་ཆེན་པོ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་ཕྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་«བརྒྱུད་ཡིག་གཅིག་ལ་མ་བྱུང་ཡང་ཆད་འདྲ།་་་་་»ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན་དང་། གྲུབ་ཆེན་བུདྡྷ་ཤྲཱི་གཉིས། གཉིས་ཀས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ། སངས་རྒྱས་རིན་ཆེན། ལྷ་མཆོག་སེང་གེ། དཀོན་མཆོག་ལྷུན་གྲུབ། བུདྡྷ་སིཾ་ཧ། ནམ་མཁའ་དཔལ་བཟང་། བསོད་ནམས་ལྷུན་གྲུབ། ཀུན་དགའ་བཀྲ་ཤིས། ཤེས་རབ་འབྱུང་གནས། དཔལ་མཆོག་རྒྱལ་མཚན། དམ་ཆོས་བསམ་འགྲུབ། སངས་རྒྱས་ཕུན་ཚོགས། བཀྲ་ཤིས་ལྷུན་གྲུབ། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་སོ། །ཡང་ན། མཁན་ཆེན་སངས་རྒྱས་ཕུན་ཚོགས་ནས། བསོད་ནམས་དཔལ་ལྡན། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད་མན་འདྲའོ། །ལུང་ལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཇོ་བོ་ནཱ་རོ་ཏ་པས་མཛད་པ་འབྲོ་ལོ་ཤེས་རབ་གྲགས་ཀྱི་འགྱུར་རྗེ་བླ་མའི་མཆན་ཅན། རྣལ་འབྱོར་བཅུ་གཅིག་ཉམས་སུ་ལེན་ཚུལ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བསྟོད་པ་དང་། བརྒྱུད་འདེབས་ངོར་ཆེན་གྱིས་མཛད་པ་ཐར་པཎ་དང་རྗེ་བླ་མའི་
ཞལ་སྐོང་ཅན། བྱིན་རླབས་བྱ་ཚུལ་མཐོང་བ་དོན་ལྡན་ནམ་མཁའ་དཔལ་བཟང་གིས་མཛད་པར་ཞུས་དག་དང་ཁ་འཕང་དཀྱུས་སུ་བཅུག་པ། ཞི་བའི་སྦྱིན་སྲེག་ཐར་པཎ་གྱིས་མཛད་པ་བཅས། ༈ །གྲུབ་དབང་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིས་བཀྲལ་བའི་ཨིནྡྲ་མཁའ་སྤྱོད་མ་རྡོ་རྗེ་ཕག་མོ་ཞལ་གཉིས་མའི་བྱིན་རླབས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་«སྒྲུབ་ཐབས་རིན་འབྱུང་དུ། རྣལ་འབྱོར་མ། ཨིནྡྲ་བྷཱུ་ཏི་ནས། བལ་པོ་བྷ་རེནྡྲ་རུ་ཙོ་བར་དཔྱལ་ལུགས་ཕག་མོ་སྐོར་གསུམ་དང་འདྲ་གསུང་།་་་་་»མ། གྲུབ་ཆེན་ལྭ་བ་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨི་ཀ་ར། བྲམ་ཟེ་བིརྺ་པ། གྲུབ་ཐོབ་ཤ་བ་རི་པ། མངའ་བདག་མཻ་ཏྲི་གུཔྟ། སློབ་དཔོན་བཛྲ་པཱ་ཎི། བལ་པོ་བྷ་རེནྡྲ་རུ་ཙི། བལ་པོ་ཡེ་ཤེས་རྡོ་རྗེ། དཔལ་ས་སྐྱ་གོང་མ་རྣམ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། དེས་གུང་རུ་ཤེས་རབ་བཟང་པོ་དང་། རིན་ཆེན་མཁྱེན་རབ་མཆོག་གྲུབ་གཉིས། གཉིས་ཀས་ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། བཅོ་བརྒྱད་པ་ངག་དབང་མཆོག་ལེགས་རྡོ་རྗེ། དེ་གཉིས་ཀས་མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ས་ཆེན་ཀུན་དགའ་རྒྱལ་མཚན། འཇམ་མགོན་རྡོ་རྗེ་རིན་ཆེན། དེ་ལས་སོ། །ཡང་ན། རྡོ་རྗེ་རིན་ཆེན་ནས། སྡེ་དགེ་བླ་མ་ངག་དབང་བཟང་པོ། དཔོན་སློབ་རིན་པོ་ཆེ་ངག་དབང་ལེགས་གྲུབ། དེ་ལས་སོ། །ཡང་ན་བྲག་ཕུག་པ་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་
ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། གུ་ཤྲཱི་ནམ་མཁའ་བཟང་པོ། ཉི་ལྡེ་བ་ངག་དབང་གྲགས་པ། གཅེན་རྒྱ་གར་ཤེས་རབ་རྒྱལ་མཚན། གཅུང་བདག་ཆེན་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིངས་པ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། མངོན་དགའ་ཆོས་རྗེ་རིན་ཆེན་རྒྱ་མཚོ། མང་ཐོས་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་འདྲའོ། །ལུང་ལ་དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་ཕག་མོ་ཞལ་གཉིས་མའི་གཞུང་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིས་མཛད་པ་ལོ་ཙཱ་བ་པྲཛྙཱ་ཀཱིརྟིའི་འགྱུར། རྗེ་བླ་མས་མཆན་རྙིང་ལ་བརྟེན་ཏེ་གསལ་བར་བཏབ་པ། ༈ །སྒྲུབ་ཐབས་བྱིན་རླབས་ཀྱི་ཆོ་ག་གོ་བདེ་བ་གྲགས། ཆོ་ག་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ༈ །གྲུབ་ཆེན་མཻ་ཏྲི་པས་བཀྲལ་བའི་མཻ་ཏྲི་མཁའ་སྤྱོད་དམ་རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མའི་བྱིན་རླབས་སྤྲུ་ལུང་པ་ཀུན་དགའ་སྨོན་ལམ་དང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། རྡོ་རྗེ་ཕག་«རིན་འབྱུང་དུ་མེད།་་་་་»མོ། དཔའ་བོ་སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། དཔལ་ཤ་བ་རི་པ། གྲུབ་ཆེན་མཻ་ཏྲི་པ། རྒྱ་གར་བཛྲ་པཱ་ཎི། གྲུབ་ཆེན་ཀ་མ་ལ་བཛྲ། པཎྜི་ཏ་ཛ་ཡ་སེ་ན། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན། ལོ་པཎ་གཉིས་ཀ་ལས་རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན། འཕགས་པ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ་མན་ཨིནྡྲ་མཁའ་སྤྱོད་དང་འདྲ། ལུང་ལ། རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་གཞུང་རྗེ་བཙུན་རིན་པོ་ཆེའི་མཆན་ཅན་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། བསྟོད་པ་བཅས་སྤྲུ་ལུང་པ་ཀུན་དགའ་སྨོན་ལམ་གྱིས་
མཛད་པ། ༈ །ཕག་མོ་གཞུང་དྲུག་ལ་བརྟེན་གྲུབ་པའི་སློབ་དཔོན་བལ་པོ་བྷ་ལེནྡྲ་རུ་ཙི་ནས་བརྒྱུད་དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ་ལ་བཀའ་བབས་པའི་དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་ཡིག་རྙིང་གི་དགོངས་པ་ལྟར་སྡེབ་གཅིག་ཏུ་བསྐུར་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། རྡོ་རྗེ་ཕག་མོ། ལྕམ་ལེགས་«ལཀྵྨཱི།་་་་་»སྨིན་ཀ་ར། བྲམ་ཟེ་བིརྺ་པ། ཨ་བ་དྷཱུ་ཏཱི་པ། ལྡོང་ངར་བ་ཏིང་འཛིན་རྡོ་རྗེ། བསོད་སྙོམས་པ་རྒྱལ་བས་བྱིན། བསོད་སྙོམས་པ་སངས་རྒྱས་བྱིན། བལ་པོའི་པཎྜི་ཏ་དེ་བ་ཨཱ་ཀ་ར་ཙནྡྲ། བལ་པོ་བྷ་ལེནྡྲ་རུ་ཙི། དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ། ཟར་སྟོན་ཨ་ཙརྻ། གཙང་ཡང་«གཙང་ཡག་རྡོ་རྗེ།་་་་་»དག་རྡོ་རྗེ། དབུས་པ་ཤེས་རབ་རྡོ་རྗེ། ལྕེ་མདོ་སྡེ་སེང་གེ། གྲུ་ཤཱཀྱ་འབུམ། ལྕེ་བློ་ལྡན་སེང་གེ། ལྕེ་བཙུན་བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། སྤོས་ཁང་པ་རིན་ཆེན་རྒྱལ་མཚན། དགའ་གདོང་པ་ཆོས་རྒྱལ་དཔལ་བཟང་། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་མཁྱེན་རབ་མཆོག་གྲུབ། རྡོ་རིངས་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། སྔགས་འཆང་ངག་དབང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། འཇམ་མགོན་ཀུན་དགའ་བློ་གྲོས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། བླ་མ་ཐོགས་མེད་ཆོས་འཕེལ། ཡོངས་འཛིན་བློ་གྲོས་རྒྱ་མཚོ། ངག་དབང་རྡོ་རྗེ་རིན་ཆེན། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། ལྕེ་མདོ་སྡེ་སེང་གེ་ནས། ལྕེ་བློ་ལྡན་གྲགས་པ། སྒོམ་པ་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེའམ་དད་པ་རྒྱལ་པོ། སྲས་ཆོས་
ཀྱི་དབང་ཕྱུག ནམ་མཁའ་འོད་ཟེར། མ་གཅིག་ཇོ་འབུམ། སེ་མོ་ཆེ་བ། བླ་མ་འཇམ་གསར་བ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། རྒྱལ་བ་ཡེ་ཤེས། ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོ། དོལ་པོ་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ངོར་ཆེན་ཀུན་དགའ་བཟང་པོ། རབ་འབྱམས་པ་བསོད་ནམས་སེང་གེ། རྡོ་རིངས་ཀུན་སྤངས་ཆེན་པོ་ནས་འདྲའོ། །ཡང་ན། དཔྱལ་ཀུན་དགའ་རྡོ་རྗེ་ནས། མར་པ་བསོད་ནམས་རྡོ་རྗེ། གཙང་ཤེས་རབ་རྡོ་རྗེ། མར་སྟོན་སེང་གེ་རྒྱལ་མཚན། ལྕེ་མདོ་སེང་གེ་ནས་འདྲ། ཡང་ན་དཔྱལ་ལོ་ནས། ཟར་ཨ་ཙརྻ། གཉིས་ཀས་ཞང་འོད་དེ། དབུས་པ་གཟི་འོད། དབུས་པ་ཤེས་རབ་རྡོ་རྗེ། ལྕེ་མདོ་སེང་གེ། དེ་ནས་འདྲ། ཡང་ན་དཔྱལ་ལོ་ནས། མར་པ་བསོད་ནམས་རྡོ་རྗེ། ཁམས་པ་ཞང་སྟོན། བླ་མ་སྤུག་སྟོན། ལྷ་སྟེང་པ་འབྱུང་གནས་སེང་གེ། ལྕེ་མདོ་སྡེ་སེང་གེ་མན་འདྲ། ཡང་ན། དཔྱལ་ལོ་ནས། ཟར་ཨ་ཙརྻ། བླ་མ་སྣར་སྟོན། གྲགས་པ་ཚུལ་ཁྲིམས། ཀུན་དགའ་རྡོ་རྗེ། ཚུལ་ཁྲིམས་དཔལ་བཟང་། བུ་སྟོན་རིན་ཆེན་གྲུབ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། སྤོས་ཁང་པ་རིན་ཆེན་རྒྱལ་མཚན་ནས་«སྒྲུབ་ཐབས་རིན་འབྱུང་བརྒྱུད་པ་འདི་དང་གོང་འོག་ཀུན་ཏུ་མི་འདྲ་བ་བྱུང་།་་་་་»འདྲའོ། །ལུང་ལ། སྒྲུབ་ཐབས་དང་བྱིན་རླབས་ཀྱི་ཐོ་རྗེ་བཙུན་གྲགས་པའི་གསུང་། མཁའ་སྤྱོད་སྐོར་གསུམ་དང་། ཕག་མོ་སྐོར་གསུམ་གྱི་ཡིག་ཆའི་ལུང་མཁའ་སྤྱོད་བེའུ་བུམ་བརྒྱུད་པ་ལྟར་ཏེ་གཞན་དུ་ཤེས། ༈ །གྲུབ་ཆེན་དཔལ་འཛིན་གྱིས་བཀྲལ་ཞིང་པཎ་ཆེན་བུདྡྷ་ཤྲཱི་ནས་བརྒྱུད་ཁྲོ་ཕུ་ལོ་ཙཱ་བ་ལ་བཀའ་བབས་པའི་ཁྲོས་མ་དམར་མོ་གཙོ་འཁོར་གསུམ་མའི་རྗེས་གནང་སྒྲུབ་ཐབས་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། བྲམ་ཟེ་དཔལ་འཛིན། བློ་གྲོས་བཟང་པོ། བི་མ་ལ་ཤྲཱི། ནི་སྐ་ལངྐ་ཤྲཱི། བུདྡྷ་ཤྲཱི།
ཁྲོ་ཕུ་ལོ་ཙཱ་བ་མན་གོང་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་དང་འདྲ། ལུང་ལ། རྡོ་རྗེ་རྣལ་འབྱོར་མ་ཕག་མོ་ཁྲོས་མའི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ་ཁྲོ་ལོའི་འགྱུར་ཁྲོ་ཕུ་བརྒྱ་རྩའི་བརྒྱུད་པ་ལྟར་དང་། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་དེ་ཉིད་ཀྱི་བརྒྱུད་པ་བཞིན། ༈ །གྲུབ་ཆེན་དམ་པ་སངས་རྒྱས་ནས་བརྒྱུད་པའི་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་བྱིན་རླབས་སྟག་ལུང་བཀྲ་ཤིས་དཔལ་གྲུབ་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། བིརྺ་པ། བྲམ་ཟེ་ཨཱརྻ་དེ་བ། དམ་པ་སངས་རྒྱས། དམ་པ་ཀུན་དགའ། རྗེ་མང་མཁར་བ། བདེ་གཤེགས་ཕག་མོ་གྲུ་པ། དཔལ་སྟག་ལུང་ཐང་པ་མན་བཙལ་ཞིང་། སྨིན་གླིང་ལོ་ཆེན་གྱི་ཡིག་ཆ་ལྟར་ནོས་པའི་བརྒྱུད་པ་ནི་ཞི་བྱེད་བྱིན་རླབས་སྤྱིའི་སྐབས་དང་འདྲ། ༈ །གྲུབ་ཆེན་ཀུཀྐུ་རི་པའི་བཀའ་སྲོལ་ཞི་བ་སྦས་པ་ཡབ་སྲས་ལ་བརྒྱུད་མཁས་གྲུབ་ཆེན་པོ་ཀུན་དགའ་སྙིང་པོ་ལ་བཀའ་བབས་པའི་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་བྱིན་རླབས་སྒྲུབ་ཐབས་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། དཔལ་ཧེ་རུ་ཀ མཁའ་འགྲོ་མ། ཀུཀྐུ་རི་པ། དྷརྨཱ་པ། བྱཱ་ད་ལི་པ། ཨ་སི་ཏ་གྷ་ན། རཱ་ཏི་གུཔྟ། ཤཱནྟི་གུཔྟ། གྲུབ་ཆེན་བུདྡྷ་ནཱ་ཐ། རྗེ་བཙུན་ཆེན་པོ་ཀུན་དགའ་སྙིང་པོ། རྗེ་རིན་ཆེན་རྒྱ་མཚོ་སོགས་གོང་ཁ་པཎ་སྒྲོལ་མ་དང་འདྲ། ལུང་ལ། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས། དྲན་པ་གཅིག་པའི་རྣལ་འབྱོར་བདེ་ཆེན་མྱུར་སྒྲུབ་རྗེ་བཙུན་གྱིས་མཛད་པ་གཉིས་དེ་ཉིད་ཀྱི་གསུང་འབུམ་བརྒྱུད་པ་ལྟར། ༈ །གྲུབ་པའི་སློབ་དཔོན་སྒེག་པའི་རྡོ་རྗེས་བཀྲལ་བའི་དཔལ་གསང་བ་འདུས་པ་ལྷན་སྐྱེས་ཀྱི་རྗེས་གནང་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། མི་བསྐྱོད་རྡོ་རྗེ། རཱ་ཧུ་ལ་ཤྲཱི་སོགས་གོང་ཤཱཀ་ཤྲཱིའི་སྒྲོལ་ལྗང་དང་འདྲ། ལུང་ལ། གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སྒེག་པའི་རྡོ་རྗེས་མཛད་པ་ཁྲོ་ལོའི་འགྱུར།
རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་ཏེ་གོང་ཁྲོས་མ་དམར་མོ་དང་འདྲ། ༈ །རྒྱ་མཚོ་ནས་བྱུང་བའི་གསང་འདུས་འཇམ་རྡོར་གཙོ་རྐྱང་གི་རྗེས་གནང་བརྒྱུད་པ་ནི་དེ་ཉིད་ཀྱི་བརྒྱུད་པ་དང་འདྲ། ༈ །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པ་ནས་མཁས་གྲུབ་བར་མ་ཆད་པ་ལས་བརྒྱུད་པའི་བཅོམ་ལྡན་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་བྱིན་རླབས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་རབ་དང་འབྲེལ་བར་ལེགས་པར་ཐོབ་པའི་བརྒྱུད་པ་ནི་སླར་བཙལ། ལུང་ལ། གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པ་བཀའ་འབུམ་ལྟར། ༈ །གྲུབ་པའི་སློབ་དཔོན་འཇམ་པའི་དབྱངས་དང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནས་བརྒྱུད་པའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཕྱག་གཉིས་པ་རྗེས་གནང་རྭ་ལུགས་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་«རྭ་ལུགས་དབང་ཆེན་དང་འདྲའམ་དཔྱད།་་་་་»ནི། གོང་མ་ཚོ་ལ། དེ་ནས་མུས་ཆེན་ཆོས་ཉིད་ཡེ་ཤེས། བསོད་ནམས་དབང་ཕྱུག དཔལ་ལྡན་དོན་གྲུབ། བླ་མ་དགེ་འདུན་རྒྱ་མཚོ། རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ། དེ་ལས་སོ། །ཡང་ན། ཀུན་དགའ་བློ་གྲོས། ཞལ་དཀར་བ་ངག་དབང་ཤེས་རབ། བཀྲ་ཤིས་ཆོས་འཕེལ། སངས་རྒྱས་ཤེས་རབ། བསྟན་འཛིན་ཕུན་ཚོགས། དགེ་འདུན་རྒྱ་མཚོ་མན་འདྲ། ལུང་ལ། དཔལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་འཇམ་པའི་དབྱངས་ཀྱིས་མཛད་པ་རྭ་ལོའི་འགྱུར། མངོན་རྟོགས་གྲུབ་པའི་ཞལ་ལུང་རྨོར་ཆེན་གྱིས་མཛད་པ་རྭ་བོད་བརྒྱུད་པ་ལྟར་ཏེ་གཞན་དུ་ཤེས། ༈ །གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཐུགས་དམ་ཐུན་མོང་མ་ཡིན་པ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་རྗེས་གནང་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་
ཆེན། ཏིལླི་པ། རྙོག་མེད་དཔལ། མི་ཏྲ་ཛོ་གི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། བསོད་ནམས་དབང་པོ། སེམས་དཔའ་བསོད་ནམས་སེང་གེ། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་མཁྱེན་རབ་མཆོག་གྲུབ། རྗེ་བཙུན་རྡོ་རིངས་པ་ཆེན་པོ། རྗེ་ཀུན་དགའ་གྲོལ་མཆོག རྗེ་ལྷ་དབང་གྲགས་པ། རྗེ་བཙུན་ཀུན་དགའ་སྙིང་པོ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ་མན་གོང་དང་འདྲ། ཡང་ན། རྡོ་རིངས་པ། ཚར་ཆེན་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་ཚོ་ལ། ལུང་ལ། ཐུགས་རྗེ་ཆེན་པོ་ཁ་སརྤ་ཎིའི་སྒྲུབ་ཐབས་ཚིགས་སུ་བཅད་པ་བཞི་པ། དེའི་མན་ངག་དང་བཅས་པ་རྗེ་མི་ཏྲིའི་གདམས་པ། ཐུགས་རྗེ་ཆེན་པོའི་རྒྱུན་གྱི་ཡི་དམ། སྙིང་གི་མུན་སེལ་གྱི་གདམས་ངག་རྣམས་གནུབས་ལོ་ཙཱ་བས་བཀོད་པ་རྣམས་ཁྲོ་ཕུ་བརྒྱ་རྩའི་བརྒྱུད་པ་ལྟར། ༈ །དཔལ་ཀརྨ་ཀཾ་ཚང་གི་ཟབ་ཆོས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་འཇམ་མགོན་བླ་མ་ངག་དབང་ཡོན་ཏན་རྒྱ་མཚོའི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། ཏེ་པུ་པ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། གཉན་རས་དགེ་འདུན་འབུམ། ཆོས་རྗེ་རང་བྱུང་རྡོ་རྗེ། མཁས་གྲུབ་གྲགས་པ་སེང་གེ། རྟོགས་ལྡན་མགོན་པོ་རྒྱལ་མཚན། རྗེ་རོལ་པའི་རྡོ་རྗེ། དཔལ་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རཏྣ་བྷ་དྲ། གྲུབ་མཆོག་ཆོས་དཔལ་ཡེ་ཤེས། ཀུན་མཁྱེན་མཐོང་བ་དོན་
ལྡན། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གར་དབང་ཆོས་ཀྱི་གྲགས་པ། སངས་རྒྱས་མཉན་པ་གྲུབ་ཆེན། རྗེ་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག ལུང་རིག་སྨྲ་བའི་ཉི་མ། འགྲོ་མགོན་ཀརྨ་ཆགས་མེད། དུལ་མོ་ཀརྨ་དར་རྒྱས། དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། དཔལ་ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེ། འཇམ་པའི་རྡོ་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེ་གཉིས་ཀ་ལས་སོ། །ལུང་ལ། འཕགས་པ་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ་གླན་དར་མ་ཚུལ་ཁྲིམས་ཀྱི་འགྱུར། རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་དཀོན་མཆོག་འབངས་ཀྱིས་མཛད་པ་གསལ་བྱེད་ཀྱི་དཀྱུས་བསྡེབས་བཀླགས་གྲུབ། གཏོར་དབང་བཀླགས་ཆོག་ཏུ་བཀོད་པ་ཟབ་གསང་དགོངས་འདུས། ལྷ་ལྔ་གཞུང་རྐྱང་ལུགས་སུ་ཉམས་སུ་ལེན་པའི་ཟིན་བྲིས་པདྨའི་ལྕུག་མ། རྒྱུན་ཁྱེར་འཁོར་ལོ་གསུམ་པ་པདྨའི་སྙིང་པོ། གནས་ལུང་ཁྱེར་པ་དེར་བསྡུས་པ་ཐུགས་རྗེའི་འཁྲུལ་ཞགས། སྲེག་བླུགས་ཀྱི་ཆོ་ག་མདོར་བསྡུས་ཀུན་ལ་ཕན་པ། རབ་ཏུ་གནས་པའི་ཆོ་ག་སྙིང་པོ་བསྡུས་པ་རྣམ་དག་དགོངས་གསལ་རྣམས་འཇམ་མགོན་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོས་མཛད་པ་སྟེ་དེ་ཉིད་ཀྱི་ཞལ་སྔ་ནས་སོ། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་མར་རྔོག་ཇོ་ལུགས་གསུམ་ཀའི་བཀའ་བབས་བཀའ་བརྒྱུད་ཀཾ་ཚང་གི་ལུགས་ཀྱི་རྗེས་གནང་གཅིག་ཤེས་ཀུན་གྲོལ་ལྟར་རྗེ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་ཡིག་ཆ་ཟླ་བ་འདོད་འཇོའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། པཎ་ཆེན་ངག་དབང་
གྲགས་པ། བླ་མ་གསེར་གླིང་པ། དཔལ་ལྡན་ཨ་ཏི་ཤ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། སྤྱན་སྔ་བ་ཚུལ་ཁྲིམས་འབར། འདིར་བྱ་ཡུལ་བ་བཙུད་འདུག དགེ་བཤེས་སྒེ་པ། རྗེ་དྭགས་པོ་ལྷ་རྗེ། ཀརྨ་པ་དུས་གསུམ་མཁྱེན་པ། རས་ཆེན་སངས་རྒྱས་གྲགས་པ། སྦོམ་བྲག་པ་བསོད་ནམས་རྡོ་རྗེ། གྲུབ་ཆེན་ཀརྨ་པཀྵི། ཨོ་རྒྱན་པ་རིན་ཆེན་དཔལ། རྗེ་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། ཆོས་ཀྱི་གྲགས་«རོལ་པའི་རྡོ་རྗེ།་་་་་»པ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། སོག་དབོན་རིག་པའི་རལ་གྲི། རྗེ་མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དེས་དཀོན་མཆོག་འབངས། དཔའ་བོ་གཙུག་ལག་ཕྲེང་བ། སི་ཏུ་ཆོས་ཀྱི་གོ་ཆ། ཡོངས་འཛིན་རྣམ་རྒྱལ་གྲགས་པ། བཞི་གས་ཀརྨ་པ་དབང་ཕྱུག་རྡོ་རྗེ། ཞྭ་དམར་ཆོས་ཀྱི་དབང་ཕྱུག ཆོས་སྒོ་བ་ལུང་རིགས་ཉི་མ། ཀརྨ་ཆགས་མེད། དུལ་མོ་དར་རྒྱས་ཕུན་ཚོགས། ཆོས་ཀྱི་དོན་གྲུབ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། རྡོ་རྗེ་འཆང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེ་ལས་སོ། །ཡང་ན། རྡོ་རྗེ་འཆང་། སྒྲོལ་མ། ངག་དབང་གྲགས་པ། རྡོ་རྗེ་གདན་པ། བ་རི་རིན་ཆེན་གྲགས་པ། གླེ་ནག་པ། དགེ་བཤེས་སྒྲེ་པ། ཡང་ན་ཇོ་བོ་རྗེ། རྣལ་འབྱོར་པ། བྱང་ཆུབ་རིན་ཆེན། སྙུག་རུམ་པ། དགེ་བཤེས་སྒྲེ་པའོ། །ཁྲིད་ཀྱི་བརྒྱུད་པའི་ཁྱད་པར། ཀརྨ་ཆགས་མེད། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། ཤེས་རབ་གྲགས་པ། བསྟན་འཛིན་དོན་གྲུབ། ཐེག་མཆོག་བསྟན་འཕེལ། འཇམ་མགོན་བླ་མ། དེ་ལས་སོ། །ལུང་ལ། ཆོས་རྗེ་རིན་པོ་ཆེའི་ཐུགས་དམ་སྒྲོལ་མ་དཀར་མོའི་
སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཞེས་གྲུབ་ཆེན་ཀརྨ་པ་ལ་སྒྲོལ་དཀར་རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་བཀའ་ཐམས་ཅད་བབས་པའི་རྗེ་དུས་གསུམ་མཁྱེན་པའི་གཞུང་འཇམ་མགོན་ཡོན་ཏན་རྒྱ་མཚོའི་གསུང་མཆན་ཅན་ལ་ནང་གསེས། མངོན་རྟོགས་བསྡུས་པ། རྒྱས་པ། ཕན་ཡོན་སྲུང་ཟློག་ཚེ་སྒྲུབ་དང་། སྲུང་འཁོར་སྲིད་གསོ་ལོ་རྒྱུས་དང་། བུམ་ཆོག་རྟགས་ཚད་བསྟན་པའོ། །ཞེས་ལས་ཁ་ཚར་བརྒྱད་བཅས་གོང་དང་འདྲ་ལ། མངོན་རྟོགས་ཚེ་སྒྲུབ་དང་བཅས་པ་ཏཱ་ར་ནཱ་ཐའི་གསུང་། སྒྲུབ་ཐབས་བདུད་རྩིའི་ཐིགས་པ་འགྱུར་མེད་རྡོ་རྗེས་མཛད་པ་གཉིས་སོ་སོའི་གསུང་འབུམ་ལྟར། ཡིད་བཞིན་འཁོར་ལོའི་རྒྱུན་ཁྱེར་བསྟན་པའི་ཉིན་བྱེད་ཀྱིས་མཛད་པ་གོང་དབྱངས་ཅན་མ་དང་བརྒྱུད་པ་འདྲ། ༈ །འཕགས་མ་ཡིད་བཞིན་འཁོར་ལོའི་བརྒྱུད་པའི་གསོལ་འདེབས་འཆི་མེད་གྲུབ་སྟེར། རྗེས་སུ་གནང་བ་དང་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་ཟླ་བ་འདོད་འཇོ། རིལ་སྒྲུབ་ཀྱི་ལག་ལེན། འཇིགས་པ་བརྒྱད་སྐྱོབ་ཀྱི་སྒོམ་བཟླས་རྡོ་རྗེའི་ཡ་ལད། སྒྲོལ་དཀར་སྨོན་ལམ་བསམ་འགྲུབ་ལྷའི་ལྗོན་ཤིང་རྣམས་དང་། དགེ་བ་ཅན་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་གཙང་ལ་མ་འདྲེས་པ་བདུད་རྩིའི་ཟ་མ་ཏོག་བཅས་འཇམ་པའི་དབྱངས་ཡོན་ཏན་རྒྱ་མཚོས་མཛད་པ་རྣམས་ནི་འཇམ་མགོན་བླ་མ་ཉིད་ཀྱི་ཞལ་སྔ་ནས་སོ། ༈ །གཉན་ལོ་ཙཱ་བ་དར་མ་གྲགས་ནས་རྗེ་བཙུན་ས་སྐྱ་པ་ལ་བརྒྱུད་དེ་བྱུང་བ་གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་རྗེས་འཇམ་མགོན་ཀུན་བློས་བཀླགས་ཆོག་ཏུ་བཀོད་པའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། འཕགས་མཆོག་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་དཔལ། དཔལ་བདེ་བ། དྲི་མེད་སྦས་པ།
རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། བེནྡ་པ་ཆེན་པོ། གཉན་ལོ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། གཉིས་ཀས་ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ། འཇམ་དབྱངས་ས་སྐྱ་པཎ་ཆེན། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། གྲགས་པ་གཞོན་ནུ། བསོད་ནམས་གྲགས་པ། གྲགས་པ་ཚུལ་ཁྲིམས། ཤེས་རབ་རྡོ་རྗེ། གྲགས་«རིན་འབྱུང་དུ་རྒྱལ་བ་་་་་་»པ་བཟང་པོ། བྱང་ཆུབ་སེང་གེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། རྒྱལ་བ་ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། ཀུན་དགའ་ལུང་རིག སྦྱིན་པ་གྲགས་པ། ཀུན་དགའ་བསོད་ནམས། བསོད་ནམས་རྒྱལ་མཚན། ཀུན་དགའ་དཔལ་འབྱོར། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། ངག་དབང་བློ་བཟང་རྒྱ་མཚོ། གོང་དཀར་བ་ཕྲིན་ལས་རྣམ་རྒྱལ། ངག་དབང་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས་མན་འདྲ། ཡང་ན། ཀུན་བློ་ནས། མི་ཉག་རི་ཁུད་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ། བླ་མ་ངག་དབང་བཟང་པོ། དཔལ་ས་སྐྱ་པ་ངག་དབང་རྡོ་རྗེ་རིན་ཆེན། རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་ལེགས་གྲུབ། དེ་གཉིས་ཀ་ལས་སོ། །ཡང་ན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་སོ། ༈ །ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་རྣལ་འབྱོར་
བླ་མེད་དང་རྗེས་སུ་མཐུན་པར་བཀྲལ་བའི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་རྨོར་ཆེན་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཐམས་ཅད་མཁྱེན་པའི་བཤེས་གཉེན། འཕགས་པ་ཀླུ་སྒྲུབ་ཉི་མ་སྦས་པ། ཙནྡྲ་གརྦྷ། ཛཻ་ཏཱ་རི། པཎ་ཆེན་ངག་དབང་གྲགས་པ། ཏ་ཐཱ་ག་ཏ་རཀྵི་ཏ། མཉྫུ་ཤྲཱི། མལ་ལོ་བློ་གྲོས་གྲགས། རྗེ་ས་ཆེན། རྩེ་མོ། གྲགས་པ། མཆིམས་ཆོས་སེང་། བློ་བརྟན། འཇམ་གསར་བ། ཆོས་སྐུ་འོད་ཟེར། འཕགས་འོད། བུ་སྟོན་རིན་པོ་ཆེ། སློབ་དཔོན་དཔལ་མཆོག་དོན་གྲུབ། «དོན་གྲུབ་རྒྱལ་མགོན།་་་་་»རྒྱལ་བ་མགོན། བླ་མ་བཀྲས་རིན་པ། ངོར་ཆེན། རིན་ཆེན་བཀྲ་ཤིས། པཎ་ཆེན་ཤཱཀ་མཆོག རྒྱལ་ཚབ་ཀུན་དགའ་རྒྱལ་མཚན། རྗེ་སངས་འོད་པ། རྗེ་བཙུན་གྲོལ་མཆོག རྗེ་ལྷ་དབང་གྲགས་པ། རྗེ་བཙུནྃ་ཏཱ་ར་ནཱ་ཐ། ཀུན་«རྟགས་ཅན་གསུམ་དཔྱད།་་་་་»དགའ་བསྟན་«པའི་་་་་་»འཛིན་རྒྱལྃ་མཚན་དཔལ་བཟང་། ངག་དབང་ཀུན་དྃགའ་ལྷུན་གྲུབ། གྲུ་བན་བསོད་ནམས་དབང་ཕྱུག མཁན་ཆེན་སངས་རྒྱས་ཡེ་ཤེས། ས་ཆེན་ཀུན་བློ། ཐུབ་བསྟན་མཁན་པོ་དཀོན་མཆོག་རྒྱ་མཚོ། མངའ་རིས། དྲུང་བླ་མ་ཕུན་ཚོགས་བཟང་པོ། རྒྱ་ཚན་ཁྲེབ་དགོན་བླ་མ་བསོད་ནམས་ཆོས་འཕེལ། བླ་མ་དམ་པ་དགེ་འདུན་རྒྱ་མཚོ། ཆོས་རྗེ་དགེ་ལེགས་རྒྱ་མཚོ། དེ་ལས་སོ། །ཡང་། སྒྲུབ་ཐབས་རིན་འབྱུང་ལྟར་ན། རྗེ་ཏཱ་ར་ནཱ་ཐ་ནས། ཀུན་དགའ་བསྟན་པའི་རྒྱལ་མཚན། ཀུན་དགའ་ལྷུན་གྲུབ་བར་གོང་དང་འདྲ། དེ་ནས་ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ་མན་འདྲའོ། །ལུང་ལ། ཉི་སྦས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་བློ་གསལ་ཉེར་མཁོ་རྗེ་བླ་མས་མཛད་པ་གོང་དང་འདྲ་ལ། སྒྲོལ་མ་སྤྱིའི་སྒྲུབ་ཐབས། སོ་སོའི་སྒྲུབ་ཐབས།
བསྟོད་པ་འདོན་ཐབས་ཀྱི་བརྗེད་བྱང་རྣམས་རྗེ་བཙུན་གྲགས་པའི་གསུང་བཀའ་འབུམ་བཞིན། ༈ །བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཉི་མ་སྦས་པས་མཛད་པ་རྒྱ་བརྩོན་སེང་གི་འགྱུར་བསྟན་འགྱུར་བརྒྱུད་པ་ལྟར་ཏེ་བཙལ། ༈ །རྗེ་བཙུན་སྒྲོལ་མ་བཙོན་འདོན་མའི་བསྙེན་སྒྲུབ་ཀྱི་ཆོ་ག་མན་ངག་དང་བཅས་པ་ལ། ཉི་སྦས་ཀྱི་གཞུང་ལས་བཅུ་དགུ་པའི་ལས་ཚོགས་ཁྲི་མུན་ལས་ཐར་བའི་སྒྲུབ་ཐབས་ཁོལ་ཕྱུང་རྗེ་བཙུན་གྲགས་པའི་མཚན་ས་བཅད་དང་བསྟུན་ཏེ་རྗེས་བྲིས་པ། གསལ་བྱེད་རྗེ་བཙུན་གྲགས་པའི་གསུང་གི་དུམ་བུ། ཆོ་ག་བཀླགས་པས་གྲུབ་པར་བཀོད་པ་བྱིན་རླབས་ཐུགས་རྗེའི་གདུགས་དཀར་རྗེ་བླ་མས་མཛད་པ་བཅས་ཏེ་བརྒྱུད་པ་ཉི་སྦས་གཞུང་དང་འདྲ། ༈ །སློབ་དཔོན་ཙནྡྲ་གོ་མཱིས་སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་མཛད་པ་ལས་བྱུང་བའི་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་རྗེས་གནང་འཇམ་མགོན་གུ་ཎའི་ཞབས་ཀྱི་ཡིག་ཆ་ཟླ་བ་འདོད་འཇོ་ཁ་བསྒྱུར་བའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། ཙནྡྲ་གོ་མཱི། ཉི་མ་སྦས་པ། ཟླ་བའི་སྙིང་པོ། ཛཻ་ཏཱ་རི། ངག་དབང་གྲགས་པ། དད་བྱེད་གོ་ཆ། ལྷའི་སྲུང་བ། དཱ་ན་ཤྲཱི། མཉྫུ་ཤྲཱི། མལ་གྱོ་ལོ་ཙཱ་བ། དབང་ཕྱུག་རིན་ཆེན། ཆོས་ཀྱི་དོན་གྲུབ་བམ་ཆོས་འགྲུབ། བློ་གྲོས་བརྟན་པ། ནམ་མཁའ་གྲགས་པ། འཕགས་པ་རིན་ཆེན། ཆོས་རྗེ་མཁན་ཆེན་པ། ཆོས་རྗེ་བྱང་པ། ཆོས་རྗེ་མཆོག་ལྡན་ལེགས་པའི་བློ་གྲོས། དཔལ་ལྡན་སེང་གེ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཐོག་སྟོན་ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། གྲགས་པ་འབྱུང་གནས། བཀྲ་ཤིས་རྣམ་རྒྱལ། གཞོན་ནུ་རྒྱལ་མཚན། དཔལ་ལྡན་རིན་ཆེན། དགེ་འདུན་རྒྱལ་མཚན། ཡོན་ཏན་རྒྱ་མཚོ། དེ་ཝི་རི་པ། སྨོན་ལམ་བཟང་པོ། རིན་ཆེན་དཔལ་བཟང་། རྗེ་མི་བསྐྱོད་རྡོ་རྗེ། སི་ཏུ་ཆོས་ཀྱི་གོ་ཆ།
ཀརྨ་པ་དབང་ཕྱུག་རྡོ་རྗེ་མན་གོང་དཀར་ལུགས་སྒྲོལ་དཀར་དང་འདྲ། ལུང་ལ། འཕགས་མ་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་བཀྲ་ཤིས་ཆར་འབེབས་རྗེ་བླ་མ་ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པ། དེ་ཉིད་ཀྱི་ཞལ་སྔ་ནས་སོ། ༈ །གྲུབ་པའི་སློབ་དཔོན་ཨ་བྷ་ཡཱ་ཀ་རའི་བཀའ་སྲོལ་སྒྲུབ་ཐབས་རྒྱ་མཚོ་ལས་བྱུང་བའི་ཐུབ་པ་དམ་ཚིག་གསུམ་བཀོད་ལྷ་ལྔའི་རྗེས་གནང་གི་བརྒྱུད་པ་ནི་དེ་ཉིད་ཀྱི་སྤྱིའི་བརྒྱུད་པ་ལྟར། ལུང་། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་རྗེ་བླ་མའི་གསུང་འཇམ་མགོན་ཡོན་ཏན་རྒྱ་མཚོས་ཞལ་བསྐངས་པ། ༈ །ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་ཐུབ་དབང་གནས་བརྟན་བཅུ་དྲུག་གི་རྗེས་གནང་དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་རིན་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་དང་། ལུང་། མཆིམས་ཆེན་ནམ་མཁའ་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས། སྔགས་འཆང་ཆེན་མོའི་རྗེས་གནང་གི་ཟིན་བྲིས་བཅས་ཀྱི་བརྒྱུད་པ་བཙལ། ༈ །དེ་དང་རྗེས་འབྲེལ་ཐུབ་དབང་གནས་བརྟན་བཅུ་དྲུག་ལ་ཕྱག་མཆོད་གསོལ་བ་གདབ་པའི་ཆོ་ག་ཐུབ་བསྟན་རྒྱས་པའི་དཔལ་ཡོན་ཀུན་འབྱུང་རྗེ་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་དེ་ཉིད་ཀྱི་ཞལ་སྔ་ནས་སོ། ༈ །རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ནས་བརྒྱུད་དཔལ་ལྡན་ས་སྐྱ་པ་ལ་བཀའ་བབས་པའི་རྟེན་འབྲེལ་སྲུང་བའི་བྱིན་རླབས་རྗེ་ས་ཆེན་གྱི་གསུང་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ཤར་ཕྱོགས་ནག་པོ་པ། ཌ་མ་རུ་པ། གཉིས་སྤངས་ཨ་བ་དྷཱུ་ཏཱི། པཎ་ཆེན་ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། སེ་མཁར་ཆུ་བ། ཞང་སྟོན་ཆོས་འབར། ས་ཆེན། བསོད་རྩེ། གྲགས་པ། དཀར་ཤཱཀྱ་གྲགས།
ལུང་པ་ཀུན་བཟང་དཔལ། དགའ་ལྡན་པ་ཀུན་བསོད། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྗེ་དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། དཀོན་མཆོག་རྒྱལ་མཚན། རྗེ་མཁྱེན་རབ་ཆོས་རྗེ། ཤཱཀྱ་དོན་གྲུབ། ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། མཁན་ཆེན་རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་གཉིས་ཀ་ལས་སོ། །ལུང་ལ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས་ནེར་བན་རཀྵི་ཏས་ཐོ་གར་ཡུལ་ནས་རྙེད་པ། རྟེན་འབྲེལ་སྲུང་བ་རྗེ་ས་ཆེན་གྱི་གསུང་གཉིས་གོང་དང་འདྲ་ལ། ཐེམས་ཡིག་འཕགས་པས་མཛད་པ་བཀའ་འབུམ་ལྟར་རམ་བཙལ། བྱིན་རླབས་བྱ་ཚུལ་མན་ངག་དང་བཅས་པ་ཕན་བདེའི་ཆར་སྤྲིན་རྗེ་བླ་མས་མཛད་པ་བཅས། ༈ །དཔལ་སྣར་ཐང་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ལས་བརྒྱུད་པའི་མན་ངག་ནོར་བུ་བསྟན་པ་སྤྱི་དབང་བྱ་ཐབས་ཆོས་སྤྱོད་བཅུ་ཉམས་སུ་ལེན་ཚུལ་དང་བཅས་པ་བསྟན་པའི་ཚལ་འབྱེད་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཡིག་སྟེང་ནས་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། གནས་བརྟན་ཡན་ལག་འབྱུང་། དཔལ་ལྡན་གྲོ་མོ་ཆེ་པ་བདུད་རྩི་གྲགས། ཞང་སྟོན་ཆོས་ཀྱི་བླ་མ། སྣར་ཐང་པ་སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། ཞོ་ར་བ་འཁོར་ལོ་སེང་གེ། ལ་རུ་བ་བསོད་ནམས་སེང་གེ། མཁན་ཆེན་འོད་ཟེར་སེང་གེ། མུས་སྤད་པ་དཔལ་ལྡན་སེང་གེ། གཉགས་དཔོན་བསོད་ནམས་སེང་གེ།
བན་སྒར་བ་འཇམ་དཔལ་བཟང་པོ། ཀརྨ་ཆོས་གྲགས་རྒྱ་མཚོ། ངོ་ཁྲོ་རབ་འབྱམས་པ་དབང་ཕྱུག་དཔལ། མ་ཎི་ཀུན་དགའ་རྣམ་རྒྱལ། སི་ཏུ་ཆོས་ཀྱི་གོ་ཆ། བླ་མ་ཀརྨ་བཟང་པོ། སི་ཏུ་ཆོས་ཀྱི་རྒྱལ་མཚན། ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག ཀརྨ་པ་ཆོས་དབྱིངས་རྡོ་རྗེ། ཞྭ་དམར་ཡེ་ཤེས་སྙིང་པོ། ཀརྨ་པ་བྱང་ཆུབ་རྡོ་རྗེ། ཞྭ་དམར་ཆོས་ཀྱི་དོན་གྲུབ། སི་ཏུ་ཆོས་ཀྱི་འབྱུང་གནས། ཀརྨ་པ་བདུད་འདུལ་རྡོ་རྗེ། སི་ཏུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ། དེ་ལས་སོ། །ཡང་ན་སི་ཏུ་ཆོས་ཀྱི་གོ་ཆ། ཀརྨ་པ་དབང་ཕྱུག་རྡོ་རྗེ། ཞྭ་དམར་ཆོས་ཀྱི་དབངཕྱུག ཆོས་སྒོ་བ་ལུང་རིག་ཉི་མ། གྲུབ་ཐོབ་ཀརྨ་ཆགས་མེད། དུལ་མོ་དར་རྒྱས་ཕུན་ཚོགས། ཞྭ་དམར་ཆོས་ཀྱི་དོན་གྲུབ་ནས་འདྲའོ། །ཡང་ན། སི་ཏུ་ཆོས་ཀྱི་རྒྱལ་མཚན་ནས། གོང་ར་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན། དྲུང་རམས་པ་ཀརྨ་ཚོགས་གཉིས། ཀརྨ་བསྟན་འཛིན་རྣམ་རྒྱལ། བླ་མ་ཀརྨ་ཀུན་མཁྱེན། སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ནས་འདྲའོ། ༈ །མདོ་སྡེ་ཟབ་མོ་འདོན་པའི་གདམས་ངག་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ལ། ཁ་ཏོན་དང་གླེགས་བམ་ཀློག་པའི་སྔོན་དུ་འགྲོ་བའི་ཆོ་ག་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་ཆོས་ཆུང་བརྒྱ་རྩའི་བརྒྱུད་པ་ལྟར། སྡུད་པ་སོགས་ཤེར་མདོ་འདོན་ཐབས་རྗེ་ས་པཎ་གྱིས་མཛད་པ། ཤེར་སྙིང་འདོན་པའི་མན་ངག་བར་ཆད་ཀུན་སེལ་དགེ་སློང་སྒྲ་ཚད་པས་མཛད་པ་བཙལ། དེའི་ལྷན་ཐབས་ཟབ་དོན་སྙིང་པོ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཕུང་པོ་གསུམ་པའི་མདོ་འདོན་ཐབས་ས་པཎ་གྱིས་མཛད་པ་རྣམས་བཀའ་འབུམ་ལྟར། ༈ །གངས་ཅན་ལྗོངས་ཀྱི་ཐུབ་དབང་གཉིས་པ་མཁན་ཆེན་བོ་དྷི་ས་ཏྭས་བཀྲལ་བའི་བདེ་གཤེགས་སྨན་བླ་མཆེད་བདུན་གྱི་རྗེས་གནང་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་
ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་སྨན་གྱི་བླ་མ། ཤཱཀྱའི་ཏོག འཇམ་དཔལ་དབྱངས། མཁན་ཆེན་བོ་དྷི་སཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་«རིན་འབྱུང་དུ།་་་་་»པོ། སད་ན་ལེགས་འཇིང་ཡོན། མངའ་བདག་ཁྲི་རལ་པ་ཅན། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུངས། མངའ་བདག་དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད། མངའ་བདག་ལྷ་ལྡེ། མངའ་བདག་འོད་ལྡེ། མངའ་བདག་རྩེ་ལྡེ། མངའ་རི་དགྲ་བཅོམ། ཞུ་ལྷན་པ་ཤེས་རབ་གྲགས་པ། ར་ས་ཆུ་ལྷས་པ་དར་མ་རྒྱལ་མཚན། དཔལ་ལྡན་གྲོ་མོ་ཆེ་པ་བདུད་རྩི་གྲགས། སངས་རྒྱས་བསྒོམ། སངས་རྒྱས་སྐྱབས། སྙིང་པོ་རྒྱལ་མཚན། ཀུན་དགའ་སྨོན་ལམ། སྤང་ཁང་པ་གྲགས་པ་དཔལ། མཁན་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད། འཁུས་«འགོས།་་་་་»ལོ་ཙཱ་བ། དཔལ་ལྡན་ཡེ་ཤེས། གར་ཐིག་པ་སེང་གེ་རྒྱལ་མཚན། མཁན་ཆེན་དཀོན་མཆོག་རྒྱལ་མཚན། གྲགས་པ་སེང་གེ། རོང་པོ་བློ་བཟང་། མཁྱེན་རབ་རིན་ཆེན་མཆོག་གྲུབ། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས། ལུམ་པ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། རྣལ་འབྱོར་འཇམ་དཔལ་བཟང་པོ། གཉིས་ཀ་ལས་སོ། །ཡང་ན། ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། གཉིས་ཀ་ལས། ཀརྨ་པཱ་ད། དེ་ལས་སོ། །ཡང་ན། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཡན་དེའི་གསན་
ཡིག་ལྟར་ལ། དེ་ནས་རིན་ཆེན་མཆོག་གྲུབ། འཇམ་དབྱངས་བསྟན་འཛིན། བླ་མ་ཀུན་དགའི་མཚན་ཅན། ངག་དབང་བརྟན་པ། རྗེ་ངག་དབང་ལེགས་གྲུབ། དེ་ལས་སོ། །ལུང་ལ། སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་གནང་བྱ་ཚུལ་བཀླགས་ཆོག་དོན་གྲུབ་བསམ་འཕེལ་ནམ་མཁའ་དཔལ་བཟང་གིས་མཛད་པར་རྗེ་བླ་མས་གསལ་བྱེད་གནང་བ། བདེ་གཤེགས་བདུན་ལ་གསོལ་བ་གདབ་ཚུལ་ཁྱེར་བདེ་དྷརྨ་བྷ་དྲས་མཛད་པ་དང་། ༈ །སྨན་བླ་བདེ་གཤེགས་བརྒྱད་ཀྱི་མཆོད་པའི་ཆོ་གའི་སྙིང་པོ་ཉམས་སུ་ལེན་ཚུལ་འདི་ཕྱིའི་རེ་སྨོན་ཀུན་དཀའ་བསོད་ནམས་ཀྱིས་མཛད་པ་གཉིས་ཀྱི་བརྒྱུད་པ་བཙལ། ༈ །བཅོམ་ལྡན་འདས་འོད་དཔག་མེད་འཁོར་དང་བཅས་པ་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་ཐར་པའི་ཤིང་རྟ་འཇམ་མགོན་ཡོན་ཏན་རྒྱ་མཚོས་མཛད་པ། མཛད་པ་པོ་ཉིད་ཀྱི་ཞལ་སྔ་ནས་སོ། ༈ །ཇོ་བོ་རྗེ་ལྷ་གཅིག་ནས་བརྒྱུད་བཀའ་གདམས་པའི་མན་ངག་སྣར་ཐང་བརྒྱ་རྩ་ལས་བྱུང་བའི་མི་འཁྲུགས་པ་གཙོ་རྐྱང་གི་རྗེས་གནང་ཞུ་ཆེན་པའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་དབྱངས། སློབ་དཔོན་ཡེ་ཤེས་སྙིང་པོ། ཡེ་ཤེས་ཞི་བ། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་སཱ་ལེ་ཆེ་བ། ཆུང་བ་དགེ་བ་ཅན། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་དཱི་པཾ་ཀ་རའམ། ཉེ་བརྒྱུད་ལྟར་ན། རྡོ་རྗེ་འཆང་། ཇོ་བོ་དཱི་པཾ་ཀ་ར། རྣལ་འབྱོར་པ་བྱང་ཆུབ་རིན་ཆེན། སྤྱན་སྔ་བ་ཚུལ་ཁྲིམས་འབར། བྱ་ཡུལ་བ་གཞོན་ནུ་འོད། མུས་སྨན་པ། ཕྱར་ཆེན་པ། གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། འདུལ་འཛིན་གྲགས་པ་བརྩོན་འགྲུས། མཆིམས་བློ་བཟང་གྲགས། གྲོ་སྟོན་ཀུན་དགའ་རྒྱལ་མཚན། དཔང་སྟོན་གྲུབ་པ་ཤེས་
རབ། ཁུ་སྟོན་བསོད་ནམས་མཆོག་གྲུབ། དཔལ་འབར་དཔལ་ལྡན་དོན་གྲུབ། རྩེ་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན། ཐེལ་བྲག་ལྕོག་ཐམས་ཅད་མཁྱེན་པ། ཐོན་པ་བློ་གྲོས་རྒྱལ་མཚན། ཤངས་རི་བོ་དགེ་འཕེལ་པ་ཕྱོགས་ལས་རྣམ་རྒྱལ། རྒྱལ་བ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་དཔལ་འབྱོར་ཕྲིན་ལས་རབ་རྒྱས། རྒྱལ་དབང་བློ་བཟང་རྒྱ་མཚོ། གནས་བརྟན་འཇམ་དབྱངས་གྲགས་པ། རབ་འབྱམས་ཆོས་རྗེ་བཀྲ་ཤིས་རྒྱལ་མཚན། ངག་དབང་སྐལ་བཟང་། འདྲེན་པ་རྒྱ་མཚོ། འཇམ་དབྱངས་དགྱེས་པའི་འབངས། སྐྱོ་མདའ་བ་བསོད་ནམས་དབང་ཕྱུག འཇམ་དབྱངས་སངས་རྒྱས་ཡེ་ཤེས། ས་ཆེན་ཀུན་དགའ་བློ་གྲོས། ཐར་རྩེ་ནམ་མཁའ་འཆི་མེད། བླ་མ་དཔལ་ལྡན་ཕྲིན་ལས། དེ་ལས་སོ། །ཡང་ན། བསོད་ནམས་དབང་ཕྱུག་ནས། ཆོས་རྗེ་ཀུན་དགའ་རྒྱལ་མཚན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཀུན་དགའ་ཤེས་རབ། ཀུན་དགའ་ལྷུན་གྲུབ། རིན་ཆེན་གྲགས་པ། བྱམས་པ་ཀུན་དགའ་བསྟན་འཛིན། བླ་མ་དཔལ་ལྡན་ཕྲིན་ལས། དེ་ལས་སོ། །ཡང་ན། ཇོ་བོ་རྗེ། འབྲོམ་རྒྱལ་བའི་འབྱུང་གནས། རྔོག་ལེགས་པའི་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕྱ་པ་ཆོས་ཀྱི་སེང་གེ། གཙང་ནགས་པ་ཐུགས་རྗེ་སེང་གེ། གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས་པ་མན་འདྲའོ། །ལུང་ལ། མི་འཁྲུགས་པའི་མངོན་རྟོགས་བླ་མ་ཞང་སྟོན་པའི་ཞལ་ནས་བྱོན་པ་ལྟར་བཀོད་པ་གོང་ལྟར། ཇོ་ལུགས་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཆོ་ག་སྡིག་སྒྲིབ་ཀུན་
སྦྱོང་རྗེ་བླ་མས་མཛད་པ། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ཐུགས་དམ་སངས་རྒྱས་ཀླུ་དབང་རྒྱལ་པོ་ལྷ་ལྔའི་རྗེས་གནང་རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཀླུ་དབང་རྒྱལ་པོ། འཕགས་པ་ཀླུ་སྒྲུབ། ཟླ་བ་གྲགས་པ། ཇོ་བོ་རྗེ་དཱི་པཾ་ཀ་ར། འབྲོམ་སྟོན་པ། སྤྱན་སྔ་བ། བྱ་ཡུལ་བ། མུས་སྨན་པ། གྲོ་སྟོན་བདུད་རྩི་གྲགས། ཞང་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིགས་པའི་རལ་གྲི། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་མངྒ་ལ་བྷ་དྲ། འཇམ་དབྱངས་སྔོན་མོ། ཀུན་སྤངས་ཆོས་རྗེ། བྱང་སེམས་བསོད་ནམས་རིན་ཆེན། བྲག་དཀར་སེམས་དཔའ་ཆེན་པོ། མཁས་གྲུབ་ཀུན་དགའ་རྒྱལ་མཚན། བསོད་ནམས་ལྷ་དབང་། སྤྱན་སྔ་ངག་དབང་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། ཐར་རྩེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། འབྲོམ་སྟོན་ནས། པོ་ཏོ་བ། ཤ་ར་བ། གཏུམ་སྟོན་པ། གྲོ་སྟོན་བདུད་རྩི་གྲགས་པ་མན་འདྲའོ། །ལུང་ལ། ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཆེན་རིན་བཟང་འགྱུར། སྒྲུབ་ཐབས་རྩ་བ་བཅོམ་ལྡན་རལ་གྲིས་མཛད་པ། བསྟོད་པ་རྣམ་པར་རྒྱལ་བའི་དབྱངས་ཀུན་མཁྱེན་རོང་སྟོན་གྱིས་མཛད་པ་རྣམས་གསེར་པོད་ལྟར། སྒྲུབ་ཐབས་ངག་དབང་མཆོག་ལེགས་རྡོ་རྗེས་
མཛད་པ། སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་གོ་བདེ་དོན་ཚང་གསལ་བའི་སྒྲོན་མེ་རྨོར་ཆེན་གྱིས་མཛད་པ། བསྙེན་ཐབས་བྲིས་སྐུའི་དམིགས་བསལ་དང་བཅས་པ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཀླུ་གཏོར་བསྡུས་པ་བཅས་གོང་རྗེས་གནང་དང་འདྲའམ་སྙམ། ༈ །དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ཐུགས་དམ་ལྷ་བཞིར་གྲགས་པའི་རྗེས་གནང་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་རིམ་པ་ལ། དང་པོ་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཐུབ་པ་རྡོ་རྗེ་གདན་པ་གཙོ་འཁོར་གསུམ་གྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། མ་ཧཱ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། བྱ་འདུལ་བ་འཛིན་པ། མཁན་པོ་ཆོས་ཀྱི་བྱང་ཆུབ། མཁན་པོ་ཟུལ་ཕུ་བ། སློབ་དཔོན་དཀོན་མཆོག་སེང་གེ། དེ་གཉིས་ཀ་ལས་མཁས་བཙུན་ཚུལ་ཁྲིམས་རིན་ཆེན། དེ་ནས་བླ་མ་དར་མ་བཟང་པོ། ཆོས་རྗེ་གཞོན་ནུ་རྒྱལ་མཚན། བླ་མ་རྒྱལ་མཚན་དོན་གྲུབ། གཙང་པ་རིན་ཆེན་རྒྱལ་མཚན། བྱ་བཏང་བོ་དྷི་སཏྭ། འཇམ་དབྱངས་རིན་ཆེན་གྲགས་པ། སྤྱན་སྔ་བསོད་ནམས་ལྷ་དབང་། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལྕགས་ཐང་རབ་བྱམས་པ་བསོད་ནམས་དཔལ་ལྡན། མང་ཐོས་ཀླུུ་སྒྲུབ་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས། ས་ཆེན་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག མཁན་ཆེན་བསོད་ནམས་མཆོག་གྲུབ། ཀུན་གཟིགས་ལྔ་པ་རིན་པོ་ཆེ་ངག་དབང་བློ་བཟང་རྒྱ་མཚོ། གནས་བརྟན་འཇམ་དབྱངས་གྲགས་པ། རབ་འབྱམས་པ་བློ་བཟང་ཆོས་འཛིན། བྲག་གཡབ་སྤྲུལ་སྐུ་བློ་བཟང་བརྟན་པ། བྱ་བཏང་ཆོས་རྡོ་རྗེ། ཞང་ཞུང་པ་དགེ་སློང་ཡེ་ཤེས་མཐའ་ཡས། ཀུན་མཁྱེན་
དཀོན་མཆོག་འཇིགས་མེད་དབང་པོ། ཁྲི་ཆེན་བསོད་ནམས་དབང་རྒྱལ། མཁན་ཆེན་དཀོན་མཆོག་རྒྱལ་མཚན། རྗེ་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། །པདྨའི་རིགས་ཀྱི་བདག་པོ་སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་ཐུགས་རྗེ་ཆེན་པོ། རཱ་ཧུ་ལ་གུཔྟ་བཛྲ། ཇོ་བོ་ཨ་ཏི་ཤ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། ཤེས་རབ་འབར། ཝ་ཡུ་བ་ཤེས་རབ་ཚུལ་ཁྲིམས། ལྕེ་སྒོམ་ཤེས་རབ་རྡོ་རྗེ། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ། གཉེན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ། གྲུབ་ཐོབ་ཨ་སེང་། གསེར་གླིང་པ་བཀྲ་ཤིས་དཔལ་བ། རྡོ་རྗེ་དཔལ་བ། ཆོས་དཔལ་ཤེས་རབ། གྲགས་པ་འབྱུང་གནས། ལོ་པ་ཚུལ་དར། སྤྱན་སྔ་བསོད་ནམས་ལྷ་དབང་མན་འདྲ། པདྨའི་རིགས་ཀྱི་ཡུམ་སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ་གྱི་རྗེས་གནང་གི་བརྒྱུད་པ་ནི། འཕགས་མ་སྒྲོལ་མ། ཇོ་བོ་དཱི་པཾ་ཀ་ར་མན་ཐུབ་པའི་རྗེས་གནང་དང་འདྲ། གཤེགས་རིགས་ཀྱི་ཁྲོ་བོ་མི་གཡོ་བ་སྔོན་པོ་གཙོ་རྐྱང་གི་རྗེས་གནང་གི་བརྒྱུད་པ་ནི། ཁྲོ་རྒྱལ་མི་གཡོ་བ། ཇོ་བོ་ཨ་ཏི་ཤ །དཔལ་ལྡན་དགོན་པ་བ། སྣེའུ་ཟུར་པ། རྟོགས་ལྡན་བཟང་མོ་བ། དགེ་འདུན་སྒང་པ། སངས་རྒྱས་ཇོ་བོ། བཅུ་བཞི་པ་ཚུལ་ཁྲིམས་མགོན་པོ། ཚེས་བཅུ་པ་ཆོས་ཀྱི་རྡོ་རྗེ། རྒྱལ་སྟེང་གསེར་ཁང་པ་རིན་ཆེན་འཕེལ། ལོ་པ་ཚུལ་དར། སྤྱན་སྔ་བསོད་ནམས་ལྷ་དབང་མན་འདྲའོ། །བཀའ་གདམས་ལྷ་བཞིའི་ཁྲིད་འཇམ་མགོན་ཀུན་དགའ་བསོད་ནམས་དང་། རྗེ་གྲོལ་མཆོག་གི་ཡིག་ཆ་གུང་སྤྲོས་ཏེ་རྒྱས་པར་ལན་གཉིས་སུ་ཐོབ་པའི་བརྒྱུད་པ་ནི། འཇམ་མགོན་ཀུན་དགའ་བསོད་ནམས་ཡན་གསན་ཡིག་སྔ་མ་རྣམས་སུ་ཤེས། དེ་ནས། ས་ཆེན་བསོད་ནམས་དབང་
ཕྱུག མཁན་ཆེན་བསོད་ནམས་མཆོག་གྲུབ། ཀུན་གཟིགས་བློ་བཟང་རྒྱ་མཚོ། སྔགས་ཆེན་དགེ་འདུན་དོན་གྲུབ། སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཕྲིན་ལས། རྗེ་བློ་བཟང་ཆོས་འཛིན། བྲག་གཡབས་སྤྲུལ་སྐུ་ཕུན་ཚོགས་རྒྱ་མཚོ། རྭ་བསྒྲེངས་སློབ་དཔོན་བློ་བཟང་དོན་གྲུབ། ཀློང་རྡོལ་ངག་དབང་བློ་བཟང་། རྒྱལ་སྲས་སྐལ་བཟང་ཐུབ་བསྟན། བློ་བཟང་དགེ་ལེགས་བསྟན་འཛིན། མཁན་ཆེན་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བསྟན་པ་རབ་རྒྱས། དེས་བདག་ལ་རྗེས་གནང་དང་བཅས་པ་ལན་གཉིས་སུ་བཀའ་དྲིན་སྩལ་བའོ། །ཞེས་བྱུང་། ལུང་ལ། བཀའ་གདམས་ལྷ་བཞིའི་མངོན་རྟོགས་རྗེས་གནང་དང་བཅས་པ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ་རྗེ་བླ་མས་གསལ་བྱེད་བཅུག་པ། ཁྲིད་ཀྱི་ཡི་གེ་མདོ་སྔགས་ལམ་གྱི་བཅུད་འདུས་ལ་ནང་གསེས་སུ། ཐུབ་པའི་དབང་པོའི་ལྟ་ཁྲིད། སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད། སྒྲོལ་མ་རྗེས་དྲན་ལྔའི་ཁྲིད། མི་གཡོ་བ་ཆོས་དྲུག་གི་ཁྲིད་བཅས་འཇམ་མགོན་བླ་མ་ཡོན་ཏན་རྒྱ་མཚོས་མཛད་པ་ནི་རྗེ་ཉིད་ཀྱི་ཞལ་སྔ་ནས་སོ། ༈ །བླ་མ་རྡོ་རྗེ་གདན་པའི་ཆོས་དྲུག་བ་རི་ལོ་ཙཱ་བ་ནས་བརྒྱུད་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་རྗེས་གནང་སྒྲུབ་ཐབས་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། རྗེ་བཙུན་ས་སྐྱ་པ་ཆེན་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་རི་ཁྲོད་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན། རྗེ་ཀུན་དགའ་གྲོལ་མཆོག རྗེ་རྡོ་རིངས་པ་ཆེན་པོ། རྗེ་བཙུན་ཀུན་དགའ་སྙིང་པོ། རྗེ་རིན་ཆེན་རྒྱ་མཚོ་མན་
འདྲ། འདིའི་སྤྱན་རས་གཟིགས་ཡི་གེ་ཕྱེད་བཞི་པ། རྗེ་ཀུན་སྙིང་ནས། ཀུན་དགའ་ཆོས་བསམ་ནས་བརྒྱུད་པ་གོང་དང་འདྲའོ། །ལུང་ལ། བླ་མ་རྡོ་རྗེ་གདན་པའི་ཐུགས་དམ་ཆོས་དྲུག་ཕྱོགས་གཅིག་ཏུ་བསྡེབས་པའི་བརྗེད་བྱང་ཡིག་«བ་རིའི་གསུང་ངམ།་་་་་»རྙིང་། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་ལ། འོད་ཟེར་ཅན་མ། མི་གཡོ་བ་སྔོན་པོ་པུས་བཙུགས། སངས་རྒྱས་སྤྱན་མ། སྤྱན་རས་གཟིགས་ཡི་གེ་ཕྱེད་བཞི་པ། ཐུབ་པ་མེ་རུ་ཤི་ཥ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་སྒོམ་བཟླས་ཏེ་ལེའུ་ཚན་དྲུག་གོང་རྗེས་གནང་དང་འདྲ། ༈ །བླ་མ་རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་བརྒྱུད་རྗེ་ས་སྐྱ་པ་ལ་བཀའ་བབས་པའི་ལྷ་མོ་འོད་ཟེར་ཅན་མ་གཙོ་རྐྱང་གི་རྗེས་གནང་ནམ་མཁའ་ལེགས་པའི་ཡིག་ཆ་ལྟར་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བླ་བརྒྱུད་གྲགས་ཆེན་བཅུ་གཅིག ཚོགས་སྒོམ་ཀུན་དགའ་དཔལ། བསོད་ནམས་བརྟན་པ། རྗེ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་ཀྱི་དཔལ་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། དཔལ་ལྡན་རྡོ་རྗེ། རཏྣ་ཤཱི་ལ། སྒོ་རུམ་པ། མཁྱེན་བརྩེའི་དབང་ཕྱུག དབང་ཕྱུག་རབ་བརྟན། ནམ་མཁའ་དཔལ་ལྡན། སྙིང་རྗེ་བཟང་པོ། བསམ་གཏན་བཟང་པོ། ཏིང་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། གནས་གསར་པ་ནམ་མཁའ་ལེགས་པ། སྣང་སྟེ་ནོར་རམ། ངག་དབང་རིན་ཆེན། རྡོ་རྗེ་འཆང་བྱམས་པ་ཀུན་བསྟན་འཛིན། དེ་ལས་སོ། །ཡང་ན། ཀུན་བློ་ནས། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། བྱམས་པ་སྨོན་ལམ་གྲགས་པ། དེ་ལས་སོ། །ལུང་ལ། འཕགས་མ་འོད་ཟེར་ཅན་མའི་
སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་ལ། འོད་ཟེར་ཅན་མའི་སྒྲུབ་ཐབས་ཚིགས་བཅད། སྒྲུབ་ཐབས་བསྟོད་པ་དང་བཅས་པ་འཕགས་པ་རིན་པོ་ཆེས་མཛད་པ། སྒྲུབ་ཐབས་ཤིན་ཏུ་ཟབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ། ཉིན་ཞག་ཕྲུགས་གཅིག་གི་འཇིགས་པ་སྲུང་བ་དབང་ཕྱུག་རབ་བརྟན་གྱིས་མཛད་པ། རྗེས་གནང་གི་ཐོ་ནམ་མཁའ་ལེགས་པས་མཛད་པ། སྒྲུབ་ཐབས་གཟུངས་མདོ་དང་བཅས་པ་ཐུན་མོང་མ་ཡིན་པ་བློ་གསལ་བསྟན་སྐྱོང་གིས་མཛད་པ་སྲུང་སྐུད་བྱེད་ཐབས་བཅས། སྦྱིན་སྲེག་གྱི་ཆོ་ག་འོད་ཟེར་མཐའ་ཡས་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་བཅས་ལས། བློ་གསལ་ཞབས་ཀྱི་གསུང་དེ་ཉིད་ཀྱི་མདུན་ནས་དང་། གཞན་རྗེས་གནང་དང་འདྲའམ་དཔྱད། ༈ །སློབ་དཔོན་ཛེ་ཏཱ་རི་ནས་བླ་མ་རྡོ་རྗེ་གདན་པ་ལ་བརྒྱུད་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་ཁྲོ་རྒྱལ་མི་གཡོ་བ་སྔོན་པོའི་རྗེས་གནང་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བླ་བརྒྱུད་གྲགས་ཆེན་བཅུ་གཅིག ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་བསོད་ནམས་རྒྱལ་མཚན། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། ཤེའུ་ལོ་ཙཱ་བ། བཅོ་བརྒྱད་པ་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། འགྱུར་མེད་མཆོག་གྲུབ། བྱམས་པ་ཕྲིན་ལས་ཡོན་ཏན། རྗེ་བླ་མ་ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ཡང་ན་ཀུན་དགའ་བློ་གྲོས་ནས། ནམ་མཁའ་འཆི་མེད། བྱམས་པ་ཀུན་
དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་ལེགས་གྲུབ། དེ་ལས་སོ། །ཡང་ན། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ནས་རིན་ཆེན་མཆོག་གྲུབ་མན་སྨན་བླ་དང་འདྲ། ཡང་ན། སངས་རྒྱས་ཕུན་ཚོགས་ཡན་ཞུ་གསན་དུ་གསལ། དེ་ནས་བསོད་ནམས་དཔལ་ལྡན། ནམ་མཁའ་བསམ་འགྲུབ། ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། དེ་ལས་སོ། །ལུང་ལ། མི་གཡོ་བ་སྔོན་པོའི་ལོ་རྒྱུས་སྒྲུབ་སྐོར་རྗེས་གནང་དང་བཅས་པ་ལ། གཏམ་རྒྱུད་མངོན་རྟོགས་ལས་ཚོགས་དང་བཅས་པ་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པ། འཁོར་ལོའི་གཞུང་པཎྜི་ཏ་ཆོས་ཀྱི་རྡོ་རྗེ་དང་། ལོ་ཙཱ་བ་ནམ་མཁའ་རྡོ་རྗེའི་འགྱུར། རྒྱུད་ནས་བྱུང་བའི་བསྟོད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་སྟེ་གོང་རྗེས་གནང་དང་འདྲའམ་སྙམ་ལ། གཞན་གཉིས་བཀའ་འབུམ་ལྟར་འདྲེན་ཀྱང་ཆོག། ༈ །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནས་བརྒྱུད་པའི་དཔལ་ལྡན་ཤངས་པའི་ཟབ་ཆོས་གསང་སྒྲུབ་སྐོར་གསུམ་གྱི་བྱིན་རླབས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་ནི་གུ་མ། ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ། གཉན་སྟོན་བརྩོན་འགྲུས་སེང་གེ། སངས་རྒྱས་སྟོན་པ་ཆོས་ཀྱི་བརྩོན་འགྲུས། གཙང་མ་ཤངས་སྟོན་རིན་ཆེན་འབུམ། མཁས་བཙུན་རྒྱལ་མཚན་འབུམ། མཉམ་མེད་བྱམས་པ་དཔལ། བློ་གྲོས་དཔལ། ཀུན་དགའ་དཔལ་བཟང་། ཆོས་རྒྱལ་དཔལ། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། རྡོ་རིངས་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག ཁྱབ་བདག་དབང་ཕྱུག་རབ་བརྟན། མཁན་
ཆེན་ངག་དབང་ཆོས་གྲགས། ངག་དབང་རྣམ་རྒྱལ། བསོད་ནམས་ཆོས་འཕེལ། ལེགས་པའི་འབྱུང་གནས། བསོད་ནམས་དཔལ་བཟང་། ཆོས་ཉིད་ཡེ་ཤེས། ཡེ་ཤེས་རྒྱལ་མཆོག ཡོངས་འཛིན་བློ་གྲོས་རྒྱ་མཚོ། ངག་དབང་རྡོ་རྗེ་རིན་ཆེན། དེ་ལས་སོ། །ལུང་ལ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་གསང་སྒྲུབ་སྐོར་གསུམ་ལ། བདེ་མཆོག་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ནཻ་གུ་མས་མཛད་པ་མཆན་ཅན། ཕྱག་རྡོར་གསང་སྒྲུབ། རྣམ་འཇོམས་གསང་སྒྲུབ་ཁྲུས་ཆུའི་གདམས་པ་དང་། དངོས་གཉིས་སངས་རྒྱས་སྟོན་པའི་གསུང་། བྱིན་རླབས་བྱ་ཚུལ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པར་ཞྭ་ལུ་རྡོ་རྗེ་འཆང་བློ་གསལ་བསྟན་སྐྱོང་གིས་གསལ་བྱེད་མཛད་པ་ནི། རྗེ་དེ་ཉིད་ལས་མནོས་ཤིང་གཞན་དག་གི་ལུང་འཇམ་མགོན་རྡོ་རྗེ་རིན་ཆེན་གྱི་ཞལ་སྔ་ནས་སོ། ༈ །དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་རྗེས་གནང་ཞྭ་ལུ་བློ་གསལ་བསྟན་སྐྱོང་གི་ཡིག་ཆ་ལྟར་ཐོབ་པའི་བརྒྱུད་པ་ནི། དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ། གསང་བདག་ཟླ་བ་བཟང་པོ། ལྷའི་དབང་པོ། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན། རིགས་ལྡན་འཇམ་དཔལ་གྲགས་པ། པདྨ་དཀར་པོ། དུས་ཞབས་པ། ན་ལེནྡྲ་པ། ཁ་ཆེ་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། སྒོམ་པ་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། སྲས་ཆོས་ཀྱི་དབང་ཕྱུག གྲུབ་ཐོབ་ནམ་མཁའ་འོད་ཟེར། མ་གཅིག་སྤྲུལ་སྐུ་ཇོ་འབུམ། སེ་མོ་ཆེ་ནམ་མཁའ་འོད། འཇམ་གསར་བ་ཤེས་རབ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ།
དོལ་བོ་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། ཞྭ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ། བྱང་པ་ལོ་ཙཱ་བ་དཀོན་མཆོག་བཟང་པོ། ལོ་ཆེན་འགྱུར་མེད་བདེ་ཆེན། ཨ་ཝ་དྷཱུ་ཏཱི་པ་ཆེན་པོ། སྤྱན་སྔ་ཀུན་དགའ་དོན་གྲུབ། མཁྱེན་རབ་ཏིང་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཀུན་དགའ་རྣམ་རྒྱལ། ཐར་རྩེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། ནམ་མཁའ་ལེགས་པ་འབྱུང་གནས། བསོད་ནམས་རྒྱལ་མཚན། རྡོ་རྗེ་འཛིན་དབང་བསོད་ནམས་ཕུན་ཚོགས། ཞྭ་ལུ་རྡོ་རྗེ་འཆང་བློ་གསལ་བསྟན་སྐྱོང་། དེ་གཉིས་ཀ་ལས་སོ། །ལུང་ལ། དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས་ཕྱུང་བའི་སྒྲུབ་ཐབས་དང་། འགྲེལ་ཆེན་དྲི་མེད་འོད་ནས་བསྟན་པའི་སྒྲུབ་ཐབས་བུ་སྟོན་གསུང་མཆན་ཅན། སྒྲུབ་རྗེས་ལས་ཚོགས་དང་བཅས་པ་དངོས་གྲུབ་ཀྱི་འདོད་འཇོ་བློ་གསལ་བསྟན་སྐྱོང་གིས་མཛད་པ་བཅས་རྗེ་འདི་ཉིད་ལས་སོ། ༈ །དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས། སྣ་ཚོགས་ཡུམ་དཀར་མོ་དང་། འདབ་ཆགས་མགོན་པོ་རྡོ་རྗེ་ཁྱུང་ཁྲ་གཉིས་ཀྱི་རྗེས་གནང་ཡང་གོང་རྡོ་ཤུགས་དང་འདྲ། ལུང་ལ། བསྡུས་རྒྱུད་དང་། འགྲེལ་ཆེན་ནས་བསྟན་པའི་སྣ་ཚོགས་ཡུམ་སྒྲུབ་ཐབས་བུ་སྟོན་རིན་པོ་ཆེའི་མཆན་ཅན། སྣ་ཚོགས་ཡུམ་གྱི་འབྲུམ་སྲུང་བུ་སྟོན་རིན་པོ་ཆེས་མཛད་པ། སྣ་ཚོགས་ཡུམ་གྱི་རྗེས་གནང་དང་སྒོམ་བཟླས་སྲུང་བ་དང་བཅས་རྭ་སྟོན་ཆོས་གྲགས་དཔལ་བཟང་གིས་མཛད་པ་བཅས་ཀུན་བློ་རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། བྱམས་པ་སྨོན་ལམ་གྲགས་པ། དེ་ལས་སོ། །སྒྲུབ་སྐོར་རྗེས་གནང་
དང་བཅས་པ་ཕན་བདེའི་མཆོག་སྦྱིན་བློ་གསལ་ཞབས་ཀྱིས་མཛད་པ་དང་། ༈ །དུས་འཁོར་ཁྱུང་ཁྲའི་སྒྲུབ་ཐབས་བསྡུས་རྒྱུད་ལས་ཕྱུང་བ་བུ་སྟོན་མཆན་ཅན། སྒྲུབ་ཐབས་ལས་ཚོགས་བཅས་ཀུན་མཁྱེན་དོལ་བུ་པས་མཛད་པ། སྒྲུབ་ཐབས་རྗེས་གནང་བརྟན་གཡོའི་དུག་འཇོམས་ཞྭ་ལུ་བློ་གསལ་ཞབས་ཀྱིས་མཛད་པ་བཅས་རྗེ་འདི་ཉིད་ལས་སོ། ༈ །དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་གྱི་ལས་རྒྱས་པའི་ལྷ་གསུམ་ལས། དང་པོ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་མཁན་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ཐུན་མོང་མ་ཡིན་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། ཡེ་ཤེས་མཁའ་འགྲོ་དྲི་མེད་གཟི་བརྗིད། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ། ཆོས་ཀྱི་སེང་གེ། འཇམ་གསར་བ་ཤེས་རབ་འོད་ཟེར། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེས་རབ་སེང་གེ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེ། བུདྡྷ་སིཾ་ཧ། བྲང་ཏི་པཎ་ཆེན། ནམ་མཁའ་སངས་རྒྱས། ཧོར་ནམ་མཁའ་དཔལ་བཟང་། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། ཐར་རྩེ་ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། འབྱུང་པོ་འདུལ་བྱེད་ཀྱི་རྣལ་འབྱོར་རྡོ་རྗེ་གུར་གྱི་རྒྱུད་ལེའུ་གཉིས་པ་ལས་ཕྱུང་བ་རྗེ་བཙུན་གྲགས་པའི་གསུང་ལྟར་བྲིས་པའི་ས་བཅད་ཅན།
མངོན་རྟོགས་མདོར་བསྡུས་གྲགས་པའི་གུར་རྒྱན་ལས་ཕྱུང་བ། སྒྲུབ་ཐབས་མདོར་བསྡུས་པ་སྒྲུབ་ཐབས་རྒྱ་རྩ་ལས་བྱུང་བ། སྒྲུབ་ཐབས་ཉམས་སུ་བླང་བདེ་དང་རྗེས་གནང་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བརྒྱུད་འདེབས་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་མཆན་ཅན། སྒྲུབ་ཐབས་ཀྱི་བཤད་པ་རྣམ་གསལ་ཉི་མ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ། བསྟོད་པ་གཟིམ་འོག་རིན་པོ་ཆེས་མཛད་པ་གུར་ནས་གསུངས་པའི་ཡིག་བརྒྱ་བཅས། ༈ །གསང་བདག་འབྱུང་པོ་འདུལ་བྱེད་ཀྱི་སྒོ་ནས་ལས་བཞིའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་ནོར་བུ་འདྲེན་པའི་གྲུ་ཆེན་གཟིམ་འོག་བསྟན་འཛིན་ཕྲིན་ལས་ཀྱིས་མཛད་པ། རྗེ་བླ་མས་གསལ་བྱེད་བཅས་པ་དག་པར་བགྱིས་པ་སྟེ་གཟིམ་འོག་པའི་གསུང་བསྟན་འཛིན་སྙན་གྲགས་ལས། གཞན་རྣམས་བཀའ་འབུམ་ལྟར་དང་། སྒྲུབ་ཐབས་བརྒྱ་རྩ་ལས་བྱུང་བ་དེ་ཉིད་ཀྱི་བརྒྱུད་པ་ལྟར་རོ། ༈ །གུར་གྱི་ལས་རྒྱས་པའི་ལྷ་གསུམ་གྱི་གཉིས་པ་ཤེར་ཕྱིན་དཀར་མོའི་རྗེས་གནང་ཐར་རྩེ་པཎ་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ཤཱཀྱ་ཡེ་ཤེས། པུ་ཧྲང་གསལ་བའི་སྙིང་པོ། འཁོན་གྱིས་ཆུ་བ། ས་ཆེན་དཀར་པོ་རྣམ་གསུམ། མཆིམས་ཆོས་ཀྱི་སེང་གེ། མཆིམས་བློ་གྲོས་བརྟན་པ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་བློ། བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ནམ་མཁའ་རྒྱལ་མཚན། ཤེས་རབ་རྡོ་རྗེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་མན་སླར་བཙལ། ལུང་ལ། རྡོ་རྗེ་གུར་གྱི་ལེའུ་བརྒྱད་པ་ནས་བསྟན་པའི་ཤེར་ཕྱིན་དཀར་མོའི་རྣལ་འབྱོར་
ཁོལ་ཕྱུང་རྗེ་བླ་མའི་མཆན་ཅན། གུར་རྒྱན་ལས་བྱུང་བའི་བསྙེན་སྒྲུབ་ལས་གསུམ་གྱི་གཞུང་། ཕྱག་རྒྱ་ཆེན་པོ་རྡོ་རྗེ་གདན་པའི་མན་ངག བསམ་མི་ཁྱབ་པའི་མན་ངག་ལུགས་གཅིག་ས་སྐྱ་པའི་གཅེས་བཏུས་ལས་བྱུང་བ། ཤེར་ཕྱིན་མའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་དང་། བསྟོད་པ་ངོར་ཆེན་གྱིས་མཛད་པ་དེ་ཉིད་ཀྱི་གསུང་འབུམ་ལྟར། གཞན་རྒྱུད་འབུམ་དང་། ས་སྐྱའི་བཀའ་འབུམ་ལྟར་རམ་ལོགས་སུ་བཙལ། ༈ །ཤེར་ཕྱིན་ཡི་གེ་གཅིག་མའི་གཞུང་གསལ་བྱེད་དང་བཅས་པ་ལ། ཡི་གེ་གཅིག་མའི་མན་ངག་དཔལ་ས་སྐྱ་པའི་མན་ངག་གཅེས་བཏུས་ལས་བྱུང་བ། ཡང་དེའི་མན་ངག་ས་སྐྱ་པ་ནས་བརྒྱུད་པ། དེའི་མན་ངག་སྟག་ལུང་པའི་སྒྲུབ་ཐབས་སྣ་ཚོགས་ལས་བྱུང་བ། ཁྲོ་ཕུའི་མན་ངག་བརྒྱ་རྩ་ལས་བྱུང་བ་རྣམས་ཡིག་རྙིང་སྟེ་འདི་ཁྲོ་ཕུ་བརྒྱ་རྩའི་བརྒྱུད་པ་ལྟར་དང་། གཞན་བཙལ། ༈ །གུར་གྱི་ལས་རྒྱས་པའི་ལྷ་གསུམ་གྱི་ཕྱི་མ་སོར་འབྲང་དཀར་མོའི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་དང་། ཐར་པཎ་ཐོ་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། རྣལ་འབྱོར་དབང་ཕྱུག་བིརྺ་པ། ཌོམྦྷི་པ། ངོ་མཚར་རྡོ་རྗེ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། བླ་ཆེན་འབྲོག་མི། སེ་སྟོན། དཀོན་མཆོག་རྒྱལ་པོ། རྗེ་བཙུན་གོང་མ་རྣམ་ལྔ། ནམ་མཁའ་དཔལ་ལྡན། དཔལ་ལྡན་སེང་གེ། བསོད་ནམས་རྒྱལ་མཚན། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དགའ་དབང་ཕྱུག དཀོན་མཆོག་འཕེལ། དཀོན་མཆོག་ལྷུན་གྲུབ། ནམ་མཁའ་དཔལ་བཟང་། བསོད་ནམས་ལྷུན་གྲུབ། བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར་བ། ཀུན་དགའ་བློ་གྲོས། དཔལ་ལྡན་ཆོས་སྐྱོང་།
སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། དེ་ལས་སོ། །ཡང་ན་ལུང་བཅས་ངོར་ཆེན་ཡན་སྔར་ལྟར་ལ། བདག་ཆེན་བློ་གྲོས་དབང་ཕྱུག དགེ་སློང་ཆོས་སྐྱོང་གྲགས། རྗེ་མུས་སྲད་པ་ཀུན་ལེགས། སྒོ་རུམ་པ། མཁྱེན་བརྩེ། བསོད་ནམས་ཆོས་འཕེལ། ངག་དབང་ཆོས་གྲགས། རྒྱལ་རྩེ་བ་ཀུན་དགའ་འམ་ཨཱ་ནནྡ། རཏྣ་བརྡྷ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ཀུན་བློ། རིན་ཆེན་རྒྱལ་མཚན། ཀུན་བཀྲས། ཀུན་རིན། ཀརྨ་པྲ་བརྡྷ། དེ་ལས་སོ། །ལུང་ལ། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ལས་བྱུང་བ་སོར་འབྲང་མའི་རྣལ་འབྱོར་མཆན་ཅན། གུར་རྒྱན་ལས་བྱུང་བའི་མན་ངག སྒྲུབ་ཐབས་ངོར་ཆེན་གྱིས་མཛད་པ། ཡང་སྒྲུབ་ཐབས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་རྣམས་ལས་རྒྱུད་འབུམ་དང་། གཞན་བཀའ་འབུམ་ལྟར། ༈ །དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྒོམ་བཟླས་ཡན་ལག་དང་བཅས་པ་བྱིན་རླབས་ཟླ་ཞུན་གྱི་ཆུ་བོའི་སྟེང་ནས་སྒོམ་བཟླས་ཡིག་ལུང་བཅས། མཛད་པ་པོ་རྗེ་བླ་མ་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་ཞལ་སྔ་ནས་མནོས་སོ། ༈ །བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྒོམ་བཟླས་སྦྱིན་སྲེག་དང་བཅས་པ་ལ། རྗེ་བཙུན་གྲགས་པའི་རྩ་ལྟུང་འཁྲུལ་སྤོང་ལས་ལྟུང་བ་ལས་ལྡང་བའི་ཐབས་ཁོལ་དུ་ཕྱུང་བ། སྒྲུབ་ཐབས་སྡིག་སྒྲིབ་ཀུན་འཇོམས་འཇམ་མགོན་ཀུན་བློས་མཛད་པའི་སྒོམ་བཟླས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ཀུན་དགའ་རིན་ཆེན། འཇམ་མགོན་རྡོ་རྗེ་རིན་ཆེན། དེ་ལས་སོ། །སྦྱིན་སྲེག་གི་ཆོ་ག་འོད་གསལ་རྡོ་རྗེའི་མེ་ལོང་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་ལུང་ནོས་སོ། ༈ །བཅོམ་ལྡན་འདས་དམ་
ཚིག་རྡོ་རྗེ་སོགས་ལ་སྨྲེ་བཤགས་ཀྱིས་གསོལ་བ་གདབ་པ་ཐུགས་དམ་གནད་ནས་སྐུལ་བའི་གདུང་དབྱངས་རྗེ་བླ་མ་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་ལུང་ཡང་དེ་ཉིད་ལས་སོ། ༈ །སློབ་དཔོན་པཱུརྞ་བཛྲ་ལས་རྗེ་བཙུན་སྒྲོལ་བའི་མགོན་པོས་གསན་པའི་འཕགས་པ་ནམ་མཁའི་སྙིང་པོའི་སྒོམ་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཤཱཀྱ་རཀྵི་ཏ། བུདྡྷ་སྭཱ་མི། སུ་ཛཱ་ཏ། སཱ་དྷུ་ཛྙཱ་ན། སཾ་པྲ་ཀཱིརྟྟི། བྲམ་ཟེའི་སློབ་དཔོན་བེ་དཱ་བནྡྷུ། བཱི་ར་མི་ཏྲ། པཱུརྞ་བཛྲ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། དེ་ལས་ཀུན་བཟང་དབང་པོས་གསན་ཅིང་། ཡང་ན། རྒྱལ་ཚབ་ཡེ་རྒྱམ་ནས། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ་མན་རིན་འབྱུང་ནས་བྱུང་བ་སྔ་མ་རྣམས་དང་འདྲ། ལུང་ལ། སྒྲུབ་ཐབས་རིན་འབྱུང་ནས་བྱུང་བའི་སྒྲུབ་ཐབས། ཇོ་བོའི་ལྟུང་བཤགས་ཆོ་ག་ཆོས་ཆུང་བརྒྱ་རྩ་ལས་བྱུང་བ་གཉིས་དེ་ཉིད་ཀྱི་ལྟར། བརྒྱུད་འདེབས་ཨིནྡྲ་ནཱི་ལའི་ཕྲེང་བ། བཟླས་ལུང་སྒྲུབ་ཐབས་ལྟུང་བ་བཤགས་པའི་ཆོ་ག་དང་བཅས་པ་འཕགས་པའི་ལམ་གྱི་ཤིང་རྟ། ཉེ་སྲས་བརྒྱད་བསྟོད་ལས་བྱུང་བ་ནམ་སྙིང་བསྟོད་པ་ནོར་བུའི་སྤྲིན་ཆར་རྣམས་འཇམ་མགོན་ཡོན་ཏན་རྒྱ་མཚོས་མཛད་པའི་ལུང་། མཛད་པ་པོ་ཉིད་ཀྱི་ཞལ་སྔ་ནས་མནོས་སོ། ༈ །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བིརྺ་པ་ནས་སློབ་དཔོན་ཞི་བ་འཚོ་ལ་བརྒྱུད་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་རྗེ་བཙུན་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་མོའི་རྗེས་གནང་ངག་དབང་མཆོག་ལེགས་རྡོ་རྗེའི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། དཔལ་བིརྺ་པ། མཁན་ཆེན་བོདྷི་སཏྭ། འཁོན་ཀླུ་དབང་སྲུང་བ། འཁོན་རྡོ་རྗེ་རིན་ཆེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཚུལ་ཁྲིམས་རྒྱལ་
པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་བལ་པོ། ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། འཁོན་གཙུག་ཏོར་ཤེས་རབ། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་གོང་མ་རྣམ་ལྔ། འཁོན་གཞོན་ནུ་དཔལ་གྲགས། འཕགས་པའི་འོད། གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། པཎ་ཆེན་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཆོས་རྗེ་ཀུན་དགའ་རྣམ་རྒྱལ། ཐར་རྩེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་རིན་ཆེན། དེ་ལས་སོ། །ཡང་ན། ཀུན་བློ་ནས། དཔལ་ལྡན་ཆོས་སྐྱོང་། སྔགས་འཆང་ཀུན་དགའ་རིན་ཆེན། དེ་ལས་སོ། །ལུང་ལ། རྗེ་བཙུན་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོའི་སྐོར་ལ། སྒྲུབ་ཐབས་མདོར་བསྡུས་པ་འཕགས་པ་རིན་པོ་ཆེས་མཛད་པ། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས། སྒྲུབ་ཐབས་དང་རྗེས་གནང་གི་ཐོ་མཆོག་ལེགས་རྡོ་རྗེས་མཛད་པ། བསྟོད་པ་ངག་དབང་བསྟན་རྡོར་གྱིས་མཛད་པ། མཆོད་ཆོག་ནད་གདོན་མུན་པ་སེལ་བའི་མ་ཟླུམ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་རྣམས་རིན་འབྱུང་གཞུང་དང་། བཀའ་འབུམ་སོ་སོ་ལྟར་ལ། མཆོག་ལེགས་རྡོ་རྗེའི་གསུང་རྗེས་གནང་དང་འདྲ། བསྟོད་པའི་བརྒྱུད་པ་བཙལ། ༈ །སློབ་དཔོན་ཙནྡྲ་གོ་མཱི་ནས་བརྒྱུད་དཔལ་ས་སྐྱ་པ་ལ་བཀའ་བབས་པའི་འཇིག་རྟེན་
དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སེང་གེ་སྒྲ། སློབ་དཔོན་ཙནྡྲ་གོ་མཱི། བྲམ་ཟེ་དཔལ་འཛིན། པཎ་ཆེན་ནཱ་རོ་པ། ཕམ་མཐིང་སྐུ་མཆེད། ཨུསྠ་ལ་དྷ་པ་བཛྲ། མཉྫ་གླིང་པ་ཐུགས་རྗེ་ཆེན་པོ། མལ་ལོ་བློ་གྲོས་གྲགས། ས་ཆེན་ཀུན་དགའ་སྙིང་པོ། གཉན་ཕུལ་བྱུང་བ་གཙུག་ཏོར་རྒྱལ་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། ཤར་པ་ཡེ་ཤེས་འབྱུང་གནས། ཤར་པ་ཡེ་ཤེས་རིན་ཆེན། བླ་མ་ཀུན་དགའ་བྱང་ཆུབ། མཁན་ཆེན་རྒྱལ་བ་བཟང་པོ། བླ་མ་གྲགས་པ་དཔལ། མ་ཏི་པཎ་ཆེན་བློ་གྲོས་རིན་ཆེན། ས་བཟང་འཕགས་པ་གཞོན་ནུ། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། ལྷ་མཆོག་སེང་གེ། དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། གཉིས་ཀས་ཐར་རྩེ་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས་སམ། ནམ་མཁའ་དཔལ་བཟང་ནས། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཤར་པ་ཤེས་རབ་འབྱུང་གནས། ཀུན་དགའ་ལེགས་པ། སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། ཐར་རྩེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་བསྐོར་ལ། སེང་གེ་སྒྲའི་སྒྲུབ་ཐབས་
ཙནྡྲ་གོ་མཱིས་མཛད་པ་བ་རིའི་འགྱུར། སྒྲུབ་ཐབས་ཀྱི་དཀའ་འགྲེལ་ས་བཅད་དང་བཅས་པ་རྗེ་ས་ཆེན་གསུང་། སྒྲུབ་ཐབས་དང་གདོན་འགྲོལ་གྱི་ཆོ་ག ཡིག་བརྒྱ། བསྡུས་དོན། ལས་སྦྱོར་སོགས་མངོན་རྟོགས་ཉེ་བར་གསལ་བ་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པ། སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ་དཀོན་མཆོག་ལྷུན་གྲུབ། བསྙེན་ཐབས་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་རྣམས་ནི་བ་རི་བརྒྱ་རྩ་དང་། སོ་སོའི་གསུང་འབུམ་ལྟར། ༈ །སེང་གེ་སྒྲའི་གདོན་དགྲོལ་གྱི་ཆོ་ག་རིན་ཆེན་ཕྲེང་མཛེས་ནག་པོ་འགྲོ་ཤེས་སུ་བཀོད་པ་དཔོན་སློབ་ངག་དབང་བློ་གྲོས་པས་མཛད་པ་བཙལ། བརྒྱུད་འདེབས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་དང་། བུམ་གཏེར་གཞུག་པའི་མན་ངག་གསལ་བྱེད་དང་བཅས་པ་ཀླུ་བུམ་སྒྲུབ་ཐབས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། དེའི་ལྷན་ཐབས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་རྣམས་བཀའ་འབུམ་ལྟར། ༈ །དཔལ་ས་སྐྱ་པའི་གསེར་ཆོས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་ངག་སྲུང་འགྲོལ་གྱི་གདམས་པ་ཀླུ་པའི་གསེར་ཆོས་བཅུ་བཞིའི་ནང་ཚན་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་ཞུ་དག་བྱས་པ། སྒྲུབ་ཐབས་ཚར་ཆེན་རིན་པོ་ཆེ་བློ་གསལ་རྒྱ་མཚོས་མཛད་པ། ཡང་སྒྲུབ་ཐབས་རྨོར་ཆེན་གྱིས་མཛད་པ་རྣམས་གསེར་པོད་ལྟར། ༈ །ཐུགས་རྗེ་ཆེན་པོའི་མིག་འབྱེད་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་བྱོན་ལ། གཏེར་གཞུང་དངོས། ཞལ་ཤེས་ལག་ལེན། དེ་ཉིད་ཀྱི་སྐབས་དོན་གསུམ་གསལ་བྱེད་བརྒྱུད་འདེབས་བཅས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ། བརྒྱུད་འདེབས་ཁ་སྐོང་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ་རྗེ་བླ་མའི་ཞལ་སྐོང་ཅན་བཅས་ཀྱི་གདམས་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། ཉང་
སྒྲུབ་པ་པོ་ཉི་མ་འོད་ཟེར། ཤཱཀྱ་བཟང་པོ། རིག་འཛིན་ལེགས་ལྡན་རྗེ། ཆོས་རྒྱལ་དབང་པོའི་སྡེ། ངག་གི་དབང་པོ། བཀྲ་ཤིས་རྣམ་རྒྱལ། དཀོན་མཆོག་དཔལ་འབྱོར། པདྨ་ཕྲིན་ལས། དེ་ནས། བློ་བཟང་དོན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། ༈ །པཎྜི་ཏ་དོན་ཡོད་རྡོ་རྗེ་ནས་བ་རི་ལོ་ཙཱ་བ་ལ་བརྒྱུད་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པ་རྗེ་བཙུན་རི་ཁྲོད་མ་སེར་མོའི་རྗེས་གནང་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བླ་བརྒྱུད་གྲགས་ཆེན་བཅུ་གཅིག ཤར་པ་ཤེས་རབ་འབྱུང་གནས། ཤར་པ་རྡོ་རྗེ་འོད་ཟེར། རིན་ཆེན་ཡེ་ཤེས། བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བསམ་གཏན་ལྷུན་གྲུབ། ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ། འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། དཀོན་མཆོག་ལྷུན་གྲུབ། ནམ་མཁའ་དཔལ་བཟང་། ས་ཆེན་ཀུན་དགའ་«ཕྱག་བྲིས་སུ་བསོད་ནམས་ལྷུན་གྲུབ་བྱུང་།་་་་་»བསོད་ནམས། བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། འཆི་མེད་བསྟན་པའི་ཉི་མ། གཉིས་ཀ་ལས་ཡོངས་འཛིན་ཀུན་དགའ་བཀྲ་ཤིས། ཁྲི་ཆེན་རིན་པོ་ཆེ་ཀུན་དགའ་བཀྲ་ཤིས། གཉིས་ཀ་ལས་བྱམས་པ་སྨོན་ལམ་གྲགས་པ། དེ་ལས་སོ། །ཡང་ན། ཀུན་བློ་
ནས། ཆོས་ཉིད་ཡེ་ཤེས། ཞི་དགོན་པ་བསོད་ནམས་དབང་ཕྱུག སྨོན་ལམ་གྲགས་པ། དེ་ལས་སོ། །ལུང་ལ། སྒྲུབ་ཐབས་རྗེས་གནང་བཅས་ཐར་པཎ་གྱིས་མཛད་པ་རྗེས་གནང་དང་འདྲ། རྗེ་བཙུན་རི་ཁྲོད་མའི་ཆོ་ག་ཆ་ལག་དང་བཅས་པ་སྡིག་སྒྲིབ་ནད་གནོད་ཞི་བའི་བྱིན་རླབས་ཆུ་རྒྱུན། ཟུར་འདེབས་བྱིན་རླབས་ཆུ་རྒྱུན་སྤེལ་བའི་གངས་རི། བུམ་ཆོག་ཁྱེར་བདེ་ནད་ཡམས་མཐར་བྱེད་བཅས་དཔལ་ས་སྐྱ་པ་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། དེ་ཉིད་ནས། ནམ་མཁའ་འཆི་«བརྟག་་་་་»མེད། བྱམས་པ་ཀུན་དགའ་བསྟན་འཛིན། བླ་མ་དགེ་འདུན་རྒྱ་མཚོ། རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ། དེ་ལས་སོ། ༈ །པཎ་གྲུབ་དབང་པོ་རྡོ་རྗེ་གདན་པ་ནས་སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བ་ལ་བརྒྱུད་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་བསྟན་པའི་འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་པའི་རྗེས་གནང་སྒྲུབ་ཐབས་བརྒྱ་རྩ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་དེ་སྤྱིའི་བརྒྱུད་པ་དང་འདྲ། ལུང་ལ། སྣ་ཚོགས་པའི་ལས་རབ་ཏུ་འབྱུང་བ་འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་འགྲེལ་མན་ངག་དང་བཅས་པའི་སྐོར་ལ། དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་བཞིའི་བདག་ཉིད་ཅན་མཆན་རྙིང་ཁ་བསྐངས་པའི་མཆན་འགྲེལ་རྗེ་བླ་མས་མཛད་པ། རྒྱུད་ཀྱི་ཊཱི་ཀ་རྗེ་བཙུན་གྲགས་པས་མཛད་པ། དཔའ་བོ་གཅིག་པའི་སྒྲུབ་ཐབས་བརྒྱ་རྩ་ནས་བྱུང་བ། དཔའ་བོ་གྲུབ་པའི་སྒྲུབ་ཐབས་འཕགས་པ་རིན་པོ་ཆེས་མཛད་པ། སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་རྗེ་བླ་མ་ཉིད་ཀྱིས་མཛད་པ་བཅས། གོང་མའི་གསུང་བཀའ་འབུམ་ལྟར་ལ་གཞན་རང་གཞུང་ལྟར་རོ། ༈ །གྲུབ་པའི་སློབ་དཔོན་ཛཱེ་ཏཱ་རི་ནས་
བླ་མ་བ་རི་ལོ་ཙཱ་བ་ལ་བརྒྱུད་རྗེ་ས་སྐྱ་པ་ལ་བཀའ་བབས་པའི་རྡོ་རྗེ་རྣམ་འཇོམས་ལྷ་གཅིག་བུམ་གཅིག་གི་རྗེས་གནང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་དང་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། གསང་བའི་བདག་པོ། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། འཕགས་པ་རིན་པོ་ཆེ། བླ་མ་བསོད་ནམས་དབང་ཕྱུག བླ་མ་རིན་ཆེན་དཔལ་བ། བྱང་ཆུབ་གཞོན་ནུ། བྱང་ཆུབ་སེང་གེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དགའ་དབང་ཕྱུག དཀོན་མཆོག་འཕེལ་བ། ལྷ་མཆོག་སེང་གེ། དཀོན་མཆོག་ལྷུན་གྲུབ། ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། དམ་ཆོས་བསམ་འགྲུབ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། ངག་དབང་ཆོས་སྐྱོང་བཟང་པོ། བསོད་ནམས་བསྟན་འཛིན། ཀུན་དགའ་ཡེ་ཤེས། ངག་དབང་བརྟན་པ། འཇམ་མགོན་ངག་དབང་ལེགས་གྲུབ། དེ་ལས་སོ། །ལུང་ལ། སྒྲུབ་ཐབས་རྗེས་གནང་བུམ་ཆོག་གི་ཆོ་ག་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། རྣམ་འཇོམས་གཟུངས། བླ་བརྒྱུད་གསོལ་འདེབས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་རྗེ་བླ་མའི་ཞལ་སྐོང་བཅས། རྗེས་གནང་མཐའ་རྟེན་བཅས་བྱ་ཚུལ་ཐར་པཎ་གྱིས་མཛད་པ། ལས་བཞིའི་སྲེག་བླུགས་ཀྱི་ཆོ་གའི་ཁྱད་པར་རྣམ་འབྱེད་ཧ་ནུ་མནྠ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ། བུམ་ཆོག་ལ་ཉེར་མཁོའི་ལྷན་ཐབས་རྗེ་ངག་དབང་ལེགས་གྲུབ་
ཀྱིས་མཛད་པ་བཅས་ཏེ་འདི་མཛད་པ་པོ་ལས་དང་། གཞན་སོ་སོའི་གསུང་འབུམ་ལྟར། ༈ །རྒྱུད་སྡེ་འོག་མ་གསུམ་ལ་ཉེ་བར་མཁོ་བའི་གཏོར་མ་ཆ་གསུམ་ཆོ་ག་ངོར་ཆེན་གྱིས་བསྒྲིགས་པ། རྒྱལ་ཆེན་སྡེ་བཞིའི་གཏོར་འབུལ་ཉུང་བསྡུས་དཀོན་མཆོག་ལྷུན་གྲུབ་གསུང་ལས་ཕྱུང་བ་གཉིས་ཀྱང་བཀའ་འབུམ་བཞིན། ༈ །རྗེ་བཙུན་ས་སྐྱ་པཎྜི་ཏས་བཀྲལ་བའི་ཁྲོ་རྒྱལ་སྨེ་བ་བརྩེགས་པ་དུད་ཀའི་རྗེས་གནང་ས་ལུགས་རྨོར་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི་རེ་ཞིག་མ་རྙེད་ལ། ལུང་ལ། ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་ས་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ལ་སྒྲུབ་ཐབས་དཔལ་ལྡན་ས་སྐྱ་པའི་མན་ངག་ཀུན་དགའ་རྒྱལ་མཚན་གྱིས་མཛད་པ། མངོན་རྟོགས་རྗེས་གནང་ཁྲུས་ཆོག་དང་བཅས་པའི་ཡི་གེ་མཐོང་བ་དོན་ལྡན་རྨོར་ཆེན་གྱིས་མཛད་པ། གྲིབ་མདོས་བཀྲུ་བྱབ་སྲུང་གསུམ་དང་བཅས་པ་བྱ་ཚུལ་ཞྭ་ལུ་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པ། གྲིབ་གླུད་གཏོང་ཐབས་རྨོར་ཆེན་གྱིས་མཛད་པ་བརྒྱུད་པའི་ཐོ་«རྡོ་རྗེ་རིན་ཆེན་ལས་ཞེས་སྣང་བ་རྗེས་ལུང་ཚད་མའམ་དཔྱད།་་་་་»བཅས། ༈ །རྗེ་བ་རི་བ་ནས་བརྒྱུད་པའི་ཁ་འབར་མའི་གཏོར་ཆེན་གྱི་རྩ་བའི་གཞུང་ལོ་རྒྱུས་དང་བཅས་པ་དཔལ་ས་སྐྱ་པ་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པ་གསལ་བྱེད་ཀྱི་མཆན་ལུང་བཅས་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་གསར་སྤེལ་གནང་བ་རྗེ་ཉིད་ཀྱི་དྲུང་ནས་དང་། འཇམ་མགོན་ས་ལོ་ཆེན་པོའི་ཟུར་འདེབས་ཀྱི་ལུང་བཙལ། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་སྨེ་བརྩེགས་ལྗང་ནག་གི་རྗེས་གནང་མཐར་རྩེ་པཎ་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཇོ་བོ་ཨ་ཏི་ཤ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། བྱ་འདུལ་འཛིན་
བརྩོན་འགྲུས་འབར། མཁན་པོ་ཆོས་ཀྱི་བྱང་ཆུབ། བླ་མ་ཚུལ་ཁྲིམས་རིན་ཆེན། དར་མ་བཟང་པོ། གཞོན་ནུ་རྒྱལ་མཚན། རྒྱལ་མཚན་དོན་གྲུབ། གཙང་པ་རིན་ཆེན་རྒྱལ་མཚན། བྱ་བཏང་བོ་དྷི་སཏྭ། འཇམ་དབྱངས་རིན་ཆེན་གྲགས། སྤྱན་སྔ་བསོད་ནམས་ལྷ་དབང་། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། བཅོ་བརྒྱད་པ་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། གཟིམ་འོག་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། རྗེ་ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ལུང་ལ། སྒྲུབ་ཐབས་རྗེས་གནང་ཁྲུས་ཆོག་གི་ཐོ་བཅས་ནམ་མཁའ་དཔལ་བཟང་གིས་མཛད་པ། ལས་ཚོགས་ཇོ་བོ་ནས་བརྒྱུད་པ་ཡིག་རྙིང་། གྲིབ་གླུད་རྫོང་ཆོག་འགལ་རྐྱེན་མུན་སེལ་ཁྲོ་བོའི་གཟི་འོད་ཡབ་རྗེ་ཀུན་བློས་མཛད་པ་བཅས་གོང་རྗེས་གནང་དང་འདྲའམ་སྙམ། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཁྲོ་བོ་འཆོལ་པ་ཉིད་ཀྱིས་དངོས་སུ་སྩལ་བ་ཆག་ལོ་གསུམ་པ་རིན་ཆེན་ཆོས་ཀྱི་རྒྱལ་པོ་ལ་བཀའ་བབས་པའི་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་མན་ངག་དང་བཅས་པ་གཙང་བྱེད་ཚངས་པའི་ཟླ་ཤེལ་ཆག་ལོས་མཛད་པའི་བརྒྱུད་པ་ནི། ཁྲོ་བོ་སྨེ་བརྩེགས། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། དགེ་བཤེས་ལག་སོར་བ། བྱ་འདུལ་བ་འཛིན་པ། ཟུལ་ཕུའི་མཁན་ཆེན་ཆོས་དབང་། མཁན་ཆེན་ཆོས་བྱང་། མཁན་ཆེན་ཆོས་ཀྱི་ཤེས་རབ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ། གཉལ་གུང་སྣང་བ། བཅོམ་ལྡན་ལྷོ་མཛེས་པ། རྗེ་བཙུན་དཔལ་ཆེན་བཟང་པོ། ཆོས་རྗེ་ཡེ་ཤེས་དཔལ་བཟང་པོ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཡང་ན། ལོ་
མཆོག་པ། མཉམ་མེད་གྲགས་རྒྱལ་བ། བླ་མ་ཤཱཀྱ་པ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་ཀུན་དགའ་བཟང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར། གྲུབ་དབང་བསོད་ནམས་རྒྱལ་མཚན། ཆག་ལོ། དེ་མན་ཆད་ཀྱི་བརྒྱུད་པ་ཚོལ། སྨེ་བརྩེགས་ཀྱི་གདམས་ངག་ཨེ་ཝཾ་ཆོས་ལྡན་གྱི་ཕྱག་ལེན་མྱང་གྲུབ་མ་བཙལ། སྔགས་དོན་ཅུང་ཟད་བཤད་པ་རྗེ་བཙུན་ཀུན་དགའ་སྙིང་པོས་མཛད་པ་བཅས་འདི་བཀའ་འབུམ་བརྒྱུད་པ་ལྟར། ༈ །གྲུ་སྤང་རྩེ་པ་རྡོ་རྗེ་སེང་གེ་ལ་མཁའ་འགྲོ་སེང་གེའི་གདོང་ཅན་གྱིས་སྩལ་བའི་ཁྲོ་མོ་སྨེ་བརྩེགས་མའི་རྗེས་གནང་ཀུན་བློའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། གསང་བདག་ཕྱག་རྡོར། ཌཱ་ཀི་མ་སེང་གེའི་གདོང་ཅན། གྲུ་སྤང་རྩེ་པ་རྡོ་རྗེ་སེང་གེ། ཆོས་རྗེ་བྲག་ནག་པ། བྱང་སེམས་ཆེན་པོ། བླ་མ་དངོས་གྲུབ་རྒྱལ་མཚན། སློབ་དཔོན་བསོད་ནམས་དང་། བདེ་ཕུག་པ་དགེ་ལེགས་རྒྱལ་མཚན། སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། མཁྱེན་བརྩེའི་དབང་ཕྱུག བྱམས་པ་སྐལ་བཟང་གཉིས་ནས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཐར་རྩེ་ནམ་མཁའ་འཆི་མེད། ཀུན་དགའ་མཁས་གྲུབ་དབང་པོ་གཉིས། གཉིས་ཀས་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། ནམ་མཁའ་འཆི་མེད། བླ་མ་ངག་དབང་ཡེ་ཤེས། དགེ་འདུན་རྒྱ་མཚོ། འཇམ་དབྱངས་བློ་གསལ། དེ་ལས་སོ། ལུང་ལ། བུམ་ཆོག་རྗེས་གནང་དང་བཅས་པ་
འཇམ་མགོན་ཀུན་བློས་མཛད་པའི་ལུང་། མཛད་པ་པོ་ནས། ལྷ་ཁང་མཁན་ཆེན་ཀུན་དགའ་དཔལ་བཟང་། བཤེས་གཉེན་ཀུན་དགའ་བསམ་གཏན། བླ་མ་དགེ་འདུན་རྒྱ་མཚོ། རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ། དེ་ལས་སོ། གྲིབ་སེལ་མན་ངག་བློ་གསལ་བསྟན་སྐྱོང་གིས་མཛད་པ་རྗེ་ཉིད་ལས་སོ། ༈ །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞི་བའི་ཞབས་ཀྱི་གདམས་པ་ཇོ་བོ་ལས་བརྒྱུད་པ་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པའི་རྗེས་གནང་བ་རི་བརྒྱ་རྩའི་ཆིངས་སྦྱར་བའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་དབྱངས། སློབ་དཔོན་སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། དཔལ་སྡེ། བི་མ་ལ་གུཔྟ། རིན་ཆེན་གྲགས་པ། སནྡ་པ། གཉན་ལོ་ཙཱ་བ། དགེ་བཤེས་ཁའུ་པ། དེ་གཉིས་ཀ་ལས་རྗེ་བཙུན་ས་སྐྱ་པ་ཆེན་པོ་མན་བརྒྱ་རྩ་སྤྱི་དང་འདྲའམ་སྙམ། ལུང་ལ། བདུད་རྩི་འཁྱིལ་པའི་མན་ངག་ཟབ་མོ་ཀིརྟི་«གྲགས་རྒྱལ།་་་་་»དྷྭ་ཛས་མཛད་པ། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་བཅས་སོ་སོའི་བཀའ་འབུམ་དང་གཞུང་ལྟར། ༈ །པཎ་གྲུབ་དབང་པོ་འཇིགས་མེད་འབྱུང་གནས་སྦས་པ་ནས་དཔལ་ཆེན་རྒྭ་ལོ་ཙཱ་བ་ལ་བརྒྱུད་པའི་ཁྲོ་རྒྱལ་བདུད་རྩི་འཁྱིལ་པའི་རྗེས་གནང་ཀར་ལུགས་གཅིག་ཤེས་ཀུན་གྲོལ་ལྟར་རྗེ་གུ་ཎ་སཱ་ག་ར་ལས་ཐོབ་པ་ནི། འདིའི་བརྒྱུད་པ་སྤྱི་ལ་གསལ་བ་ལྟར་ཏེ་གཞན་དུ་ཤེས། ལུང་ལ། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་གྲུབ་པའི་ཟིལ་དངར་རྗེ་བླ་མ་ཉིད་ཀྱིས་མཛད་པ། ༈ །རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ལྕགས་རི་ལས་མི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་འཇམ་དབྱངས་ནག་པོའི་རྗེས་གནང་རྨོར་ཆེན་ཐམས་ཅད་མཁྱེན་པའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས།
ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། འཇམ་དབྱངས་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ཞང་མདོ་སྡེ་པ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་མཉམ་མེད་པ། ཤཱཀྱ་པ། ས་བཟང་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་པའི་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང་། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་བྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། ཀུན་བློ་ནས། རྗེ་བཙུན་འཆི་མེད་«དཔྱད།་་་་་»བསྟན་པའི་ཉི་མ། ངག་དབང་ཀུན་དགའ་རིན་ཆེན། དེ་ལས་སོ། །ཡང་ན། གློ་བོ་མཁན་ཆེན་ནས། ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། ཐར་རྩེ་པ་མན་འདྲ། ཡང་ན་ཞང་དཀོན་མཆོག་དཔལ། བྲག་ཕུག་པ། དཀོན་མཆོག་རྒྱལ་མཚན། ས་སྐྱ་བུ་སྟོན། ཐེག་ཆེན་རིན་པོ་ཆེ། གླང་ཐང་སྤྱན་སྔ་ཀུན་དགའ་རྒྱལ་མཚན། བསོད་ནམས་ལྷ་དབང་། ལོ་པ་ངག་དབང་ཆོས་གྲགས། བྱམས་པ་ཀུན་དགའ་ཆོས་གྲགས། མཆོག་ལེགས་རྡོ་རྗེ་མན་འདྲ། ཡང་ན། བྲག་ཕུག་པ་ནས། ཡེ་ཤེས་དཔལ། བློ་བཟང་དཀར་མོ། དཀོན་མཆོག་ཐུགས་རྗེ། གླིང་སྨད་པཎྜི་ཏ་ཤེས་རབ་དཔལ་ལྡན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། སློབ་དཔོན་
ཆོས་མཆོག བླ་ཆེན་ཡོན་ཏན་རྒྱ་མཚོ། རྗེ་ཚེ་དབང་བཀྲ་ཤིས། མཚུངས་མེད་རྣམ་རྒྱལ་བཀྲ་ཤིས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། རྗེ་ངག་དབང་རྣམ་རྒྱལ། ས་སྐྱ་པ་ཀུན་དགའ་བཀྲ་ཤིས། རྨོར་ཆེན་མན་འདྲའོ། །ལུང་ལ། གསེར་ཆོས་འཇམ་དཔལ་ནག་པོའི་སྒྲུབ་ཐབས་རྩ་བ་བརྒྱུད་པ་བཅས། རྗེས་གནང་བརྒྱུད་པ་བཅས། སྒྲུབ་ཐབས་པཎ་ཆེན་གྲགས་རྒྱལ་གྱིས་མཛད་པ། ཉམས་ལེན་ཟབ་མོ་ཚར་ཆེན་རིན་པོ་ཆེས་མཛད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྨོར་ཆེན་གྱིས་མཛད་པ། རྗེས་གནང་སྒོམ་ལུང་གི་ཡི་གེ་ལེ་ཚན་དང་བཅས་པའི་ལུང་བརྒྱུད་བཅས་དེ་ཉིད་དུ་གསལ་བ་ལྟར། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་སྲུང་བ་ལྷ་ལྔའི་རྗེས་གནང་སྣར་ཐང་བརྒྱ་རྩའི་ཆིངས་ཀྱིས་བཅིངས་ཏེ་ལེགས་པར་ཐོབ་པའི་བརྒྱུད་པ་ནི་དེ་ཉིད་ཀྱི་བརྒྱུད་པ་ལྟར་ཏེ་གཞན་དུ་ཤེས། ལུང་ལ། སྲུང་བའི་ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྟན་པ་རྒྱ་གཞུང་བཙལ། ༈ །པཎ་གྲུབ་དབང་པོ་ནི་རི་ཏི་པའི་རྗེས་སུ་འབྲང་བ་འཕགས་པ་བྱམས་པའི་རྗེས་གནང་སྒྲུབ་ཐབས་རིན་འབྱུང་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི་དེ་ཉིད་ཀྱི་བརྒྱུད་པ་ལྟར་རམ་གཞན་དུ་བཙལ། ལུང་ལ། ནི་རི་ཏི་པའི་ལུགས་ཀྱི་འཕགས་པ་བྱམས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ། དཔལ་མི་ཕམ་མགོན་པོའི་སྒྲུབ་ཐབས་སློབ་དཔོན་ནི་རི་ཏི་པས་མཛད་པ་ཁྲོ་ལོའི་འགྱུར། བྱམས་པས་དམ་བཅས་པའི་གཟུངས། རྗེ་བཙུན་བྱམས་པ་ལ་བསྟོད་པ་གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་མཛད་པ། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་གོང་ལྟར་དང་། གཟུངས་བཀའ་འགྱུར་བཞིན་ལ་གཞན་འོག་སྨོན་ལམ་མཆོད་ཕྲེང་སོགས་ཁྲོ་ལོའི་འགྱུར་དང་གསུང་རྣམས་སླར་བཙལ། ༈ །པཎ་ཆེན་ཟླ་བ་གཞོན་ནུ་ནས་བལ་
པོའི་པཎྜི་ཏ་བུདྡྷ་ཤྲཱི་བརྒྱུད་ཁྲོ་ཕུ་ལོ་ཙཱ་བས་གསན་པའི་དབྱངས་ཅན་དཀར་མོ་ཕྱག་བཞི་མའི་རྗེས་གནང་གོང་ལྟར་ཐོབ་པའི་བརྒྱུད་པ་དང་། ལུང་ལ། དཔལ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་ཟླ་བ་གཞོན་ནུས་མཛད་པ་ཁྲོ་ལོའི་འགྱུར། སྒྲུབ་ཐབས་བསྡུས་དོན་ཁྲོ་ལོས་མཛད་པ་བཅས་ཁྲོ་ཕུ་བརྒྱ་རྩ་ལྟར། སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་ཟླ་བ་གཞོན་ནུའི་འཁྲི་ཤིང་རྗེ་བླ་མས་མཛད་པ། ༈ །པཎྜི་ཏ་དོན་ཡོད་རྡོ་རྗེ་ནས་བ་རི་ལོ་ཙཱ་བ་བརྒྱུད་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་གཤིན་རྗེ་གཤེད་དམར་པོའི་རྗེས་གནང་བྲང་ཏི་པཎ་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ཡིག་ལུང་བཅས་སླར་བཙལ། ༈ །རྒྱལ་བ་གཡའ་བཟང་པའི་ཁྱད་ཆོས་ཕྱག་རྡོར་ཉི་མ་མདུང་གང་མའི་རྗེས་གནང་བོ་དོང་གྲུབ་ཆེན་པདྨ་གར་དབང་གི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། དྲང་སྲོང་རཱ་ཧུ་ལ། གཡའ་བཟང་ཆོས་རྗེ། ཁམ་སྒོམ་ཉི་མ་རྒྱལ་མཚན། བླ་མ་དོན་ཡོད་དཔལ། བླ་མ་བསོད་ནམས་རྒྱལ་མཚན། མཁན་ཆེན་བྱང་སེང་བ། ཐེག་ཆེན་ཀུན་དགའ་བཀྲ་ཤིས། བླ་མ་ཆོས་གྲགས་པ། རྗེ་རིན་ཆེན་བཀྲ་ཤིས། བཤེས་གཉེན་རིན་ཆེན་བཟང་པོ། གངས་ཅན་ཀུན་དགའ་དཔལ། གླིང་སྨད་པཎྜི་ཏ་ཤེས་རབ་དཔལ་ལྡན། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། ཀུན་མཁྱེན་བྱམས་པ་ཆོས་ཉི། བོ་དོང་པ་པདྨ་གར་དབང་། འཇམ་དབྱངས་ཕྲིན་ལས་གྲགས་པ། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་རྒྱ་མཚོ། རྡོ་རྗེ་སྙིང་པོ། འཇིགས་མེད་གྲུབ་པ། འཇམ་དབྱངས་གར་དབང་། གར་དབང་རིན་ཆེན་བཟང་པོ། འགྲོ་འདུལ་རིག་འཛིན་ཆེན་པོ། སྐལ་བཟང་འཇམ་དབྱངས་རྣམ་རྒྱལ། དེས་སྦྱོར་ར་ཕྲིན་ལས་ལྷུན་གྲུབ་དང་། མཁས་གྲུབ་རིག་འཛིན་རྣམ་རྒྱལ་གཉིས། གཉིས་ཀས་རྡོ་རྗེ་ཕག་མོ་ཆོས་དབྱིངས་བདེ་
ཆེན་མཚོ་མོ། །དེ་ལས་སོ། །ཡང་ན། བོ་དོང་པདྨ་གར་དབང་ནས། ལྕོག་གྲ་བ་གྲགས་པ་འོད་ཟེར། རབ་འབྱམས་ཆོས་རྗེ། གཉིས་ཀས་བླ་མ་རིན་ཆེན། གར་དབང་འདུས་ཆེན་རབ་རྒྱས། བརྟུལ་ཞུགས་ནམ་མཁའི་རྣལ་འབྱོར། གར་དབང་རིན་ཆེན་བཟང་པོ་མན་འདྲའོ། །ལུང་ལ། རྒྱལ་བ་གཡའ་བཟང་པ་ལ་དྲང་སྲོང་གིས་དངོས་སུ་ཕུལ་བའི་སྟེང་གདོན་སྲུང་བའི་མན་ངག་ཉི་མ་མདུང་གང་མར་གྲགས་པ་ལ་རོང་སྐོར་ལེ་ཚན་གཉིས། གཡའ་བཟང་ཡང་དགོན་སྐོར། ཤམ་བུ་ཅལ་གྱི་སྐོར། གཡའ་བཟང་གཟིམ་ཆུང་མའི་སྐོར་ཏེ་སོ་སོར་ལོ་རྒྱུས། སྒོམ་བཟླས། འཁོར་ལོ། ནད་རྟགས། ནད་ཞི་བྱེད། སྨན་གྱིས་གསོ་བ། དུག་འབྱིན་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་གཡའ་བཟང་པ་ནས། གངས་ཅན་པ་ཀུན་དགའ་དཔལ་མན་གོང་དང་འདྲ། དེ་ནས། རིན་ཆེན་ཆོས་ལེགས་འཕེལ། ཨོ་རྒྱན་དཔལ་འབྱོར། གཡའ་བཟང་པ་བཤེས་གཉེན་ཕུན་ཚོགས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། བཤེས་གཉེན་འགྱུར་མེད་དོན་ལྡན། མཁན་ཆེན་ཨོ་ཌི་ཡཱ་ན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། དེ་ལས་སོ། །དེ་ལས་འདིར་བཀོད་པའི་རོང་སྐོར་ལེ་ཚན་གཉིས། བསྙེན་ཡིག་ཞལ་གདམས་སྨར་ཁྲིད་དུ་བཀོད་པ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པ་འདི་ལྟར་དང་། མངོན་རྟོགས་དང་། རྗེས་གནང་པདྨ་གར་དབང་གི་གསུང་དག་གོང་རྗེས་གནང་དང་འདྲའོ། ༈ །མ་གཅིག་གྲུབ་པའི་རྒྱལ་མོས་རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པ་ལ་བར་ཆད་སེལ་བའི་ལྷར་སྩལ་པ་དཔལ་རྟ་མགྲིན་དམར་པོ་དཔའ་བོ་གཅིག་པའི་བྱིན་རླབས་རྗེས་གནང་ཚར་ཆེན་རིན་པོ་ཆེའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དཔལ་རྟ་མགྲིན། མ་གཅིག་གྲུབ་པའི་རྒྱལ་མོ། རྗེ་བཙུན་
རས་ཆུང་རྡོ་རྗེ་གྲགས་པ། རྗེ་བཙུན་མི་ལ། དྭགས་པོ་ཟླ་འོད་གཞོན་ནུ། རྗེ་ཕག་མོ་གྲུ་པ། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན། སྤྱན་སྔ་གྲགས་པ་འབྱུང་གནས། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། སྤྱན་སྔ་རིན་ཆེན་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང་། འབའ་ར་བ་རྒྱལ་མཚན་དཔལ་བཟང་། གྲུབ་ཆེན་རིན་ཆེན་འཕེལ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་མཁྱེན་རབ་མཆོག་གྲུབ། རྡོ་རིངས་ཀུན་སྤངས་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། བླ་མ་གཞོན་ནུ་བློ་གྲོས། མཁན་ཆེན་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ངག་དབང་ཀུན་དགའ་བློ་གྲོས། འགྲོ་མགོན་དཔལ་ལྡན་ཆོས་སྐྱོང་། དཀོན་མཆོག་འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། རྗེ་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། །ལུང་ལ། སྒྲུབ་ཐབས་བྱིན་རླབས་ཀྱི་ཆོ་ག་བཅས་ཚར་ཆེན་རིན་པོ་ཆེས་མཛད་པ་གོང་དང་འདྲ། ༈ །བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་ཞལ་གཟིགས་ཁྲོ་རྒྱལ་རྟ་མགྲིན་ནག་པོ་ཟླ་རྒྱལ་ལུགས་ཀྱི་རྗེས་གནང་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་དཔལ་རྟ་མགྲིན། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ཆེན། ཞང་དབུ་དཀར་བ། ཞང་ལོ་ཙཱ་བ། ཞང་བྱང་རིན། དཔལ་རྒྱལ་བ་གྲུབ། ཆོས་རྗེ་འཛིན་པ། ཆོས་རྗེ་སྤང་སྒང་པ། སྒྲུབ་པ་པོ་རིན་ཆེན་བརྩོན་འགྲུས། མཁས་བཙུན་བྱང་ཆུབ་སེང་གེ། ས་བཟངས་འཕགས་པ། རྗེ་བཙུན་ཀུན་དགའ་བཟང་པོ། ཁ་ཕྱར་བ་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ། འདྲེན་མཆོག་དཀོན་
མཆོག་འཕེལ། རྗེ་བཙུན་ལྷ་མཆོག་སེང་གེ། རྗེ་སངས་རྒྱས་སེང་གེ། ཐར་རྩེ་ནམ་མཁའ་དཔལ་«ཕྱག་བྲིས་སུ་པཎ་ཆེན་ནས། མཆོག་ལེགས་རྡོ་རྗེ། གསུངས་པ་བརྟག་་་་་»བཟང་། དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། རྗེ་བླ་མ་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ཡང་ན། ཀུན་བློ་ནས། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། དཔལ་ས་སྐྱ་ངག་དབང་ཀུན་དགའ་རིན་ཆེན། དེ་ལས་སོ། །ལུང་ལ། རྟ་མགྲིན་ནག་པོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བྱང་སེམས་ཟླ་རྒྱལ་གྱིས་མཛད་པ། རྗེས་གནང་ཡིག་རྙིང་། སྒྲུབ་ཐབས་རྗེས་གནང་གི་ལག་ལེན་དང་བཅས་པ་ཐར་པཎ་གྱིས་མཛད་པ་བཅས་གོང་དང་འདྲའམ་སྙམ། ༈ །གུ་རུ་ཞི་བའི་སྒྲུབ་སྐོར་བླ་མ་གསང་བ་འདུས་པའི་ཕྲིན་ལས་གཏོར་དབང་དང་བཅས་པའི་ལུང་གི་བརྒྱུད་པ་ལོགས་སུ་འབྱུང་བ་ལྟར་དང་། བྱམས་པ་བསྟན་འཛིན་ཕྲིན་ལས་ཀྱིས་མཛད་པའི་ཨོ་རྒྱན་རིན་པོ་ཆེ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གྲུབ་གཉིས་འདོད་འཇོའི་བསམ་འཕེལ་དང་། ཨོ་རྒྱན་རིན་པོ་ཆེའི་བསྟོད་པ། པདྨ་འོད་དུ་སྐྱེ་བའི་སྨོན་ཚིག་བཅས་དེ་ཉིད་ནས། བྱམས་པ་ཕྲིན་ལས་ཡོན་ཏན། གཟིམ་འོག་རིན་པོ་ཆེ་བསྟན་འཛིན་སྙན་གྲགས། དེ་ལས་སོ། ༈ །ཉང་གཏེར་གུ་རུ་དྲག་པོ་མེའི་སྤུ་གྲིའི་རྗེས་གནང་ཞུ་ཆེན་རིན་པོ་ཆེའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མངའ་བདག་ཉང་
ཉི་མ་འོད་ཟེར། མངའ་བདག་སྲས་ཆུང་། གུ་རུ་ཆོས་རིན། ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་དབང་། ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཆོས་རྗེ། སྔགས་འཆང་ལེགས་པ་དཔལ། ཤེས་རབ་རྒྱལ་མཚན། ས་ལོ་ཐམས་ཅད་མཁྱེན་པ། ཀུན་དགའ་རིན་ཆེན། བསོད་ནམས་དབང་པོ། ནམ་མཁའ་སངས་རྒྱས། ནམ་མཁའ་དཔལ་བཟང་། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ཀུན་དགའ་བློ་གྲོས། དཔལ་ལྡན་ཆོས་སྐྱོང་། འཆི་མེད་བསྟན་པའི་ཉི་མ། ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། དེ་ལས་སོ། །ལུང་ལ། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་དྲག་སྒྲུབ་གསལ་བའི་མེ་ལོང་དེ་ཉིད་ཀྱི་གསུང་ཐོར་བུའི་བརྒྱུད་པ་ལྟར་དང་། ཞུ་ཆེན་རིན་པོ་ཆེའི་སྒྲུབ་རྗེས་བརྒྱུད་འདེབས་བཅས་བཀའ་འབུམ་ལྟར། ༈ །དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་མ་ཡིན་པའི་ལས་སྒྲུབ་པའི་ལྷ་གསུམ་གྱི་ནང་ཚན་གསེར་ཆོས་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་རྗེས་གནང་རྨོར་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཆོས་རྒྱལ་ཟླ་བ་བཟང་པོ། འཇམ་དཔལ་གྲགས་པ། པདྨ་དཀར་པོ། དུས་ཞབས་པ་ཆེ་ཆུང་གཉིས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་བཙུན་བརྩེ་བ་ཆེན་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་པཎ། འཕགས་པ་རིན་ཆེན། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། གུ་གེ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། ལྷ་མཆོག་
སེང་གེ། སངས་རྒྱས་སེང་གེ། ནམ་མཁའ་དཔལ་བཟང་། ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། འཇམ་མགོན་ཀུན་དགའ་བློ་གྲོས། ཐར་རྩེ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། ཁྱུང་ཁྲའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ལ། རྩ་བའི་ཡི་གེ་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་ཡ་གྱལ་གཅིག་པུ་གདུང་བརྒྱུད་ཀྱི་ཕྱག་དཔེ་ལ་ཞལ་བཤུས་པ། བསྟོད་པ་རྗེ་བཙུན་རིན་པོ་ཆེས་མཛད་པ། བཟླས་ལུང་བཅས་ས་སྐྱ་པ་ཆེན་པོ་ནས་བརྒྱུད་པའི་མན་ངག་ཕྱོགས་གཅིག་ཏུ་བསྒྲིགས་པ་གསེར་པོད་ལྟར། སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྨོར་ཆེན་གྱིས་མཛད་པ་གཏོར་མའི་བཀའ་བསྒོ་རྗེ་བླ་མས་སྦྱར་བ་བཅས་གོང་དང་འདྲ། ༈ །དཔལ་དུས་ཀྱི་འཁོར་ལོ་གྲུབ་ཆེན་ནཱ་རོ་ཏ་པས་བཀྲལ་བའི་མན་ངག་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་ཤིང་བླ་མ་རྫོང་པ་རིམ་བརྒྱུད་རྡོ་རྗེ་ཁྱུང་ཁྲ་མན་ངག་ལུགས་ཀྱི་རྗེས་གནང་འཕགས་པའི་གསུང་ཟུར་འདེབས་དང་བཅས་པའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ། ནཱ་རོ་ཏ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ། རྗེ་བཙུན་གོང་མ་ལྔ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དགེ་ལེགས་དཔལ་བཟང་། རྫོང་ཆུང་མ་ཀུན་དགའ་བློ་གྲོས། ཆོས་རྗེ་སངས་རྒྱས་བཟང་པོ། རིག་འཛིན་ཆོས་ཀྱི་བློ་གྲོས། རིག་འཛིན་ཆོས་དཔལ་བཟང་པོ།
མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དཔལ་འབྱོར། རྗེ་སངས་རྒྱས་བཀྲ་ཤིས། བྱམས་པ་ངག་དབང་དཔལ་བཟང་། ཞྭ་ལུ་བསོད་ནམས་མཆོག་གྲུབ། གནས་གསར་འཇམ་དབྱངས་བསྟན་འཛིན། གྲ་ཐང་མཁན་ཆེན་ངག་དབང་བསྟན་འཛིན་ཕུན་ཚོགས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། འདི་གཞུང་དུ་མ་བྱུང་ཡང་ཆད་དམ། གནས་གསར་བ་ལེགས་པའི་འབྱུང་གནས། ངག་དབང་ཀུན་དགའ་བློ་གྲོས། གྲུབ་དབང་རིན་ཆེན་རྒྱལ་མཚན། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། རྗེ་ཤེས་རབ་འོད་ཟེར། འཇམ་མགོན་ཀུན་དགའ་རྒྱལ་མཚན། འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན། དེ་ལས་སོ། །ཡང་ན། ཀུན་བློ་ནས། ནམ་མཁའ་ལེགས་པ། བསོད་ནམས་རྒྱལ་མཚན། རྡོ་རྗེ་འཛིན་པ་བསོད་ནམས་ཕུན་ཚོགས། དེ་ལས་སོ། །འདི་ལ་བརྒྱུད་ཚུལ་མི་འདྲ་བ་འགའ་ཞིག་ཀྱང་བྱུང་། ལུང་ལ། དུས་འཁོར་ཁྱུང་ཁྲ་མན་ངག་ལུགས་ཀྱི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ་ལ། ས་སྐྱའི་ཁྱུང་པོད་དཀར་ཆག་དང་དེས་ཟིན་པའི་ལས་ཚོགས་འཁོར་ལོའི་དཔེའུ་རིས་དང་བཅས་པ་གསེར་པོད་ལྟར། སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བདུད་རྩིའི་ཆུ་རྒྱུན་རྗེ་བླ་མས་མཛད་པ། ༈ །རྒྱ་གར་གྱི་བླ་མ་ཨཱ་ཙརྻ་དམར་པོས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་དངོས་སུ་གནང་བ་གསེར་ཆོས་ཁྱུང་ནག་གསེར་མིག་འཁྱིལ་པ་འབྱུང་པོ་འུར་འདེད་ཀྱི་རྗེས་གནང་སངས་རྒྱས་ཕུན་ཚོགས་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སློབ་དཔོན་ཤེས་རབ་གསང་བའམ་ཨཱ་ཙརྻ་དམར་པོ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། རོང་མི་གྲགས་པ་དཔལ། རོང་མི་བུདྡྷ་ཤྲཱི། རོང་མི་དར་མ་གྲགས། རོང་མི་སངས་རྒྱས་རྒྱལ་
མཚན། རོང་མི་བསོད་ནམས་རྒྱལ་མཚན། ཤར་སྦུ་ཆུ་བ་དཔལ་ལྡན་གྲགས་པ། གྲགས་པ་དཔལ་མགོན། ཇོ་གདན་ནམ་མཁའ་ལྷུན་བཟང་། བླ་མ་དཔལ་ལྡན་གྲགས་པ། མུས་ཆེན་འཇམ་དབྱངས་དཀོན་མཆོག་རྒྱལ་«རྒྱ་མཚོ།་་་་་»མཚན། མུས་ཆེན་བསོད་ནམས་ལྷུན་«ཆོས་འཕེལ།་་་་་»གྲུབ། མཁན་ཆེན་ངག་དབང་ཆོས་གྲགས། རྒྱལ་རྩེ་བསོད་ནམས་རྒྱལ་མཚན། སངས་རྒྱས་དཔལ་བཟང་། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་ཆོས་མཛད། རྗེ་བླ་མ་ངག་དབང་ལེགས་གྲུབ། དེ་ལས་སོ། །ཡང་ན། རྨོར་ཆེན་གྱི་ཡིག་སྟེང་ནས་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། སྤྱན་སྔ་དཀོན་མཆོག་རྒྱ་མཚོ་ནས། ཤེའུ་ལོ་ཙཱ་བ། མཆོག་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར་བ། ཆོས་རྗེ་བོད་འབྲུག་པ་བློ་གསལ་ཕུན་ཚོགས། བྱམས་པ་ཀུན་དགའ་མཁྱེན་རབ་སངས་རྒྱས། ངག་དབང་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ལུང་ལ། ནམ་མཁའ་ལྡིང་གསེར་མིག་འཁྱིལ་པ་འབྱུང་པོ་འུར་འདེད་ཀྱི་མན་ངག་ཤར་སྦུ་ཆུ་བ་དཔལ་ལྡན་གྲགས་པས་བཀོད་པ། སྒྲུབ་ཐབས་རྗེས་གནང་གསལ་བའི་སྒྲོན་མེ། གཏོར་མའི་གསལ་བྱེད་དང་བཅས་པ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། བརྒྱུད་འདེབས་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་བཅས་གོང་དང་འདྲ། ༈ །གྲུབ་པའི་དབང་ཕྱུག་རས་ཆུང་རྡོ་རྗེ་གྲགས་པའི་ལུགས་ཀྱི་ཁྱུང་ནག་མེ་ཡི་སྤུ་གྲི་འབར་བའི་རྗེས་གནང་བློ་བཟང་ཆོས་ཀྱི་ཉི་མའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། པདྨ་བཛྲ། སློབ་དཔོན་ཀླུ་སྒྲུབ། ཙནྡྲ་གོ་མི། རྒྱལ་
པོ་དྷརྨ་པཱ་ལ། བླ་མ་ཟངས་གླིང་པ། ཁམ་པ་དབུ་སེ། ཇོ་སྲས་གཉལ་པ། དར་མ་སྙིང་པོ། གཉལ་སྟོན་རྒྱལ་མཚན། འཇམ་དཔལ་མགོན་པོ། ཚུལ་ཁྲིམས་བཟང་པོ། བུ་སྟོན་རིན་ཆེན་གྲུབ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་མཆོག་ཆོས་ཀྱི་རྡོ་རྗེ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། སྐྱིད་ཤོད་ངག་དབང་བསྟན་འཛིན་ཕྲིན་ལས། སྤྲུལ་སྐུ་བློ་བཟང་སྦྱིན་པ། རྗེ་དོན་ཡོད་མཁས་གྲུབ། དྭགས་པོ་བློ་བཟང་སྦྱིན་པ། ཞི་བཟང་འཕགས་པ་དགེ་ལེགས་རྒྱལ་མཚན། ཀློང་རྡོལ་ངག་དབང་བློ་བཟང་། བློ་བཟང་བསྟན་པ། རྟ་ཚག་ཡེ་ཤེས་བསྟན་པའི་མགོན་པོ། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། དེ་ལས་སོ། །ལུང་ལ། ཁྱུང་ནག་གདམས་པ་བློ་བཟང་ཆོས་རྒྱན་གྱིས་མཛད་པ། བཀྲུ་བྱབ་སྲུང་གསུམ་པཎ་ཆེན་དཔལ་ལྡན་ཡེ་ཤེས་གསུང་ལས་བཏུས་པ། རྗེས་གནང་བློ་བཟང་ཆོས་ཀྱི་ཉི་མས་མཛད་པ། སྲུང་འཁོར་ཟ་ཡིག་ཡིག་རྙིང་དང་གུ་གེ་ཡོངས་འཛིན་གྱི་གསུང་ལས་བཏུས་པ་བཅས་གོང་དང་འདྲ་འམ་སྙམ། ༈ །རྗེ་བཙུན་པདྨ་ཐོད་ཕྲེང་གི་གདམས་པ་ཡེ་ཤེས་ཀྱི་ཁྱུང་དམར་པོའི་རྗེས་གནང་ཁྱུང་ནག་ལ་ལྷ་སྔགས་ཁ་བསྒྱུར་ཏེ་ཐོབ་པའི་བརྒྱུད་པ་དང་། ལུང་ལ། ཡེ་ཤེས་བྱ་ཁྱུང་དམར་པོའི་སྒྲུབ་ཐབས་ལས་ཚོགས་སློབ་དཔོན་པདྨའི་གསུང་། རྗེས་གནང་གི་ཐོ་དང་བཅས་པ་བཙལ། ༈ །བླ་མ་རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་པ་བརྒྱུད་པ་དཔལ་ས་སྐྱ་པའི་གསེར་ཆོས་མཁའ་འགྲོ་མ་སེང་གེའི་གདོང་ཅན་སྔོན་མོའི་རྗེས་གནང་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་
ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བླ་བརྒྱུད་གྲགས་ཆེན་བཅུ་གཅིག ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་ཀུན་དགའ་བཀྲ་ཤིས། ངག་ཚུལ་བཟང་པོ། ཚུལ་ཁྲིམས་རྒྱལ་མཚན། བློ་གྲོས་བཟང་པོ། མཁྱེན་རབ་ཆོས་རྗེ། ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ས་སྐྱ་ལོ་ཙཱ་བ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་པ་ཤེས་རབ་འབྱུང་གནས། དྲིན་ཆེན་ཀུན་དགའ་ལེགས་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་སོ། །ཡང་ན། སངས་རྒྱས་ཕུན་ཚོགས་ནས། རྗེ་བསོད་ནམས་དཔལ་ལྡན། ནམ་མཁའ་བསམ་འགྲུབ། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད་དོ། །ལུང་ལ། བྱད་མ་འབུམ་རྔུགས་ཀྱི་འཁོར་ལོ་ཞེས་ལོ་རྒྱུས། ལས་ཚོགས་ཉེར་ལྔ། ཕྱིར་ཟློག་པའི་ཐབས་རྒྱས་བསྡུས། དྲག་མོ་ལ་བརྟེན་ནས་བཟློག་པ་སྟེ་བླ་མ་ས་སྐྱ་པ་ནས་བརྒྱུད་པའི་མན་ངག སྒྲུབ་ཐབས་ཐལ་རྡེབ་བཅས། སྤྱན་འདྲེན་མཆོད་བསྟོད་ཚར་ཆེན་གྱིས་མཛད་པ། སྒྲུབ་ཐབས་ཉུང་བསྡུས་དང་བསྟོད་པ་མཁྱེན་བརྩེས་མཛད་པ་རྣམས་གསེར་པོད་ལྟར། སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ་ཐར་པཎ་གྱིས་མཛད་པ། བསྙེན་པ་བྱ་ཚུལ་གྱི་ཡི་གེ་ཉུང་ངུ་རྣམ་གསལ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། གནས་ཡོ་བྱིན་རླབས་དང་བཟླས་དམིགས་ཞུ་ཆེན་མཆོད་ཆོག་ལས་བྱུང་བ། སྲེག་བླུགས་ཀྱི་ཆོ་ག་ཡེ་ཤེས་མེ་ལྕེ། བླ་བརྒྱུད་བྱིན་རླབས་ཆར་འབེབས། སྒྲུབ་ཐབས་ཉུང་འདུས་བདུད་ལས་རྒྱལ་བའི་བཞད་སྒྲ་བཅས་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་རྣམས་
བཀའ་འབུམ་རྣམས་ལྟར་རོ། ༈ །དཔལ་ས་སྐྱ་པའི་གསེར་ཆོས་མཁའ་འགྲོ་སེང་གདོང་མ་གོང་དཀར་ལུགས་ཀྱི་རྗེས་གནང་ལས་ཚོགས་མངོན་རྟོགས་ཤིན་ཏུ་ཟབ་པའི་སྐོར་ལ། རྗེས་གནང་ཡིག་རྙིང་གི་སྟེང་ནས་ཐོབ་པའི་བརྒྱུད་པ་དང་། ལུང་ལ། རྗེས་གནང་། ལོ་རྒྱུས། ལས་ཚོགས་བཅུ་གཅིག སྲོག་སྔགས་ཤམ་བཅས། ཟློག་པ། ཕྱིར་ཟློག་གནད་ཡིག་མཆན་ཅན། མཁའ་འགྲོ་མའི་ཡི་གེ་བཅུ་བཞི་པ་ཉམས་སུ་ལེན་ཐབས། བསྟོད་པ། བཅས་བཙལ། ༈ །བ་རི་ལུགས་ཀྱི་སེང་གདོང་སྔོན་མོ་གཙོ་འཁོར་གསུམ་ཅན་གྱི་རྗེས་གནང་པཎ་ཆེན་བསོད་ནམས་གྲགས་པའི་མངོན་རྟོགས་ལ་སེ་ར་རྗེ་བཙུན་པའི་ཡིག་ཆ་དང་ཞལ་ཤེས་བཞིན་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་། གཏོར་མའི་བཀའ་བསྒོ་སྦྱར་བ། ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་སེང་གདོང་ཅན། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་གོང་མ་ལྔ། རོང་པ་རྡོ་རྗེ་རྒྱལ་མཚན། སངས་རྒྱས་ཡེ་ཤེས། གཡག་སྡེ་པཎ་ཆེན། རྒྱལ་བ་ཙོང་ཁ་པ། རྗེ་དགེ་འདུན་གྲུབ་པ། པཎ་ཆེན་ལུང་རིགས་རྒྱ་མཚོ། གཙང་དགེ་འཕེལ་ཐུབ་བསྟན་རྣམ་རྒྱལ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། གུ་རུ་སངས་རྒྱས་བཀྲ་ཤིས། བསམ་འགྲུབ་སྒང་པ་བློ་བཟང་ངག་དབང་། ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ། བླ་མ་ངག་དབང་བརྩོན་འགྲུས། བྲག་གཡབས་བློ་བཟང་བསྟན་པ། གདོང་ཀོམ་ཕུན་ཚོགས་རྒྱ་མཚོའམ་ཆོས་ཀྱི་རྡོ་རྗེ། ཞང་ཞུང་པ་ཡེ་ཤེས་མཐའ་ཡས། དཀོན་མཆོག་འཇིགས་མེད་དབང་པོ། རྗེ་བློ་བཟང་སྙན་གྲགས། དབལ་མང་དཀོན་མཆོག་རྒྱལ་མཚན། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། དེ་ལས་སོ། །
ལུང་ལ། སེང་གདོང་སྔོན་མོ་གཙོ་འཁོར་གསུམ་མའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་རྡོ་རྗེའི་སྤྲིན་ཆར་རྗེ་བླ་མས་མཛད་པ། ༈ །བོ་དོང་པ་གྲུབ་ཆེན་སངས་རྒྱས་མགོན་པོའི་ཉེ་བརྒྱུད་སེང་གདོང་རིགས་ལྔའི་རྗེས་གནང་ཡིག་རྙིང་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི་སླར་བཙལ། ལུང་ལ། སེང་གདོང་རིགས་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ཕྲིན་ལས་རྣམ་རོལ་རྗེ་བླ་མ་ཉིད་ཀྱིས་མཛད་པ། ༈ །མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་ཡེ་ཤེས་ཀྱི་ཌཱ་ཀི་ནཱིས་དངོས་སུ་གནང་བའི་མཁའ་འགྲོ་མ་སེང་གེའི་གདོང་ཅན་དམར་མོའི་རྗེས་སུ་གནང་བ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པའང་བཙལ། ལུང་ལ། པཎ་ཆེན་ནགས་རིན་ལུགས་སེང་གདོང་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་མཁའ་འགྲོ་དགྱེས་པའི་དབྱངས་སྙན་རྗེ་བླ་མ་ཉིད་ཀྱིས་མཛད་པ། ༈ །རྗེ་བ་རི་ལོ་ཙཱ་བ་ནས་བརྒྱུད་པ་རྗེ་བཙུན་ས་སྐྱ་པའི་མན་ངག་གཙུག་ཏོར་གདུགས་དཀར་མོ་ཅན་གྱི་རྗེས་གནང་སྒྲུབ་ཐབས་བརྒྱ་རྩའི་ཆིངས་ལྟར་ཐོབ་པའི་བརྒྱུད་པ་དང་། ལུང་ལ། བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོའི་སྒྲུབ་ཐབས་རྗེས་གནང་གཟུངས་བཀླག་ཐབས་དང་བཅས་པ་ལ། སྒོམ་བཟླས་དང་གཟུངས་བཀླག་ཐབས་འཕགས་པ་རིན་པོ་ཆེས་མཛད་པ། སྒྲུབ་ཐབས་དང་རྗེས་གནང་ཐོ་བཅས་རིན་འབྱུང་ནས་བྱུང་བ་བཀའ་འབུམ་དང་གཞུང་ལྟར། གདུགས་དཀར་འདོན་ཐབས་ཐར་ལོའི་ལམ་སྲུང་མ་བློ་གསལ་བསྟན་སྐྱོང་གིས་མཛད་པ་དེ་ཉིད་ལས། ཟློག་སྒྱུར་བྱ་ཚུལ་ལྷོ་བྲག་གྲུབ་ཆེན་གྱིས་མཛད་པ། བསྟོད་པ་ཤློ་ཀ་བཅས་བཙལ། ༈ །བྱད་འགྲོལ་བྱ་ཚུལ་གསལ་བའི་སྒྲོན་མེ་རྨོར་ཆེན་གྱིས་མཛད་པའི་ལུང་བཙལ། ༈ །མ་ཧཱ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་ནས་པཎྜི་ཏ་
ཤུ་བྷཾ་ཀ་ར་གུཔྟ་ལ་བརྒྱུད་པ་ཕྱིར་ཟློག་གི་གདམས་པ་ཟབ་མོ་ཁྲོ་བོ་གཙུག་ཏོར་འབར་བའི་རྗེས་གནང་ཞུ་ཆེན་རིན་པོ་ཆེའི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དེ་བཞིན་གཤེགས་པ་སཱ་ལའི་དབང་པོ། སངས་རྒྱས་ཤཱཀྱ་སེང་གེ། ཨ་བྷ་ཡཱ་ཀ་ར། ཤུ་བྷཾ་ཀ་ར་གུཔྟ། དེ་ལ་ཁ་ཆེ་པཎ་ཆེན་བུདྡྷ་ཤྲཱི་ཛྙཱ་ན་དང་། གྲུབ་ཆེན་ཨཱ་ནནྟ་གུཔྟ་གཉིས་ཀྱིས་ཞུས། གཉིས་ཀས་ཆག་དགྲ་བཅོམ། ཆག་ཆོས་རྗེ་དཔལ། མཁན་ཆེན་དབང་ཕྱུག་ཤེས་རབ། ཆག་དབོན་བསྟན་འཛིན་དཔལ་བཟང་། འོན་འཇག་མིན་«འཇག་མོའི།་་་་་»མཁས་པ་གྲུབ་ཆེན་མངྒ་ལ་ཤྲཱི། རྗེ་བཙུན་དཔལ་ཆེན་བཟང་པོ། ཆོས་རྗེ་ཡེ་ཤེས་དཔལ་བཟང་། དེས་རྒྱལ་སྲས་བློ་བཟང་དཔལ་འབྱོར་དང་། རྡོ་རྗེ་གདན་པ་ཆོས་སྐྱོང་བཟང་པོ་གཉིས། གསུམ་གས་ཆག་ལོ་རིན་ཆེན་ཆོས་རྒྱལ། བླ་མ་རིན་ཆེན་རྒྱལ་མཆོག ཆོས་རྫོང་པ་ངག་དབང་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། ངག་དབང་བློ་བཟང་རྒྱ་མཚོ། ངག་དབང་ཀུན་དགའ་བསོད་ནམས། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་རྒྱལ་མཚན། འཇམ་མགོན་ངག་དབང་རྡོ་རྗེ་རིན་ཆེན། དེ་ལས་སོ། །ལུང་ལ། གཙུག་ཏོར་འབར་བའི་སྒོམ་བཟླས་ཀྱི་མན་ངག་སྲེག་བྱེད་མེའི་འཁོར་ལོ། བསྟོད་ཅིང་ཕྲིན་ལས་འཆོལ་བའི་རབ་ཏུ་བྱེད་པ་སྟེ་ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པ་གཉིས་གོང་དང་འདྲ། སྒྲུབ་ཐབས་རྗེས་གནང་བྱད་འགྲོལ་དང་བཅས་པའི་ལག་ལེན་རྣམ་གསལ་མེ་ལོང་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་བཀའ་འབུམ་ལྟར། ༈ །གནོད་པ་ཕྱིར་ཟློག་པ་ལ་མཆོག་ཏུ་
བསྔགས་པ་བྷ་ཡ་ནཱ་ས་ནིའི་གདམས་ངག་རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་བརྒྱུད་རྗེ་ས་སྐྱ་པ་ལ་བཀའ་བབས་པའི་གཞུང་རྩ་བ་ས་ཆེན་གསུང་ས་པཎ་མཆན་ཅན། བསྙེན་སྒྲུབ་ལས་གསུམ་ཟུར་འདེབས་དང་བཅས་པ་མངའ་རིས་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པ། སྦྱིན་སྲེག་གི་ཟུར་འདེབས་ཕྱག་ལེན་མཆན་ཅན། ཐབ་དཔེ་བཅས་ཀྱི་ལུང་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ་ལས་གསན་ཏེ་བརྒྱུད་པ་བཙལ། ༈ །སློབ་དཔོན་རྒྱལ་པོ་ལྷན་སྐྱེས་རོལ་པ་ལ་རྗེ་བཙུན་མ་ཉིད་ཀྱིས་དངོས་སུ་གནང་བའི་གདམས་པ་དཔལ་ས་སྐྱ་པའི་གསེར་ཆོས་ཀུ་རུ་ཀུལླེའི་རྗེས་གནང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ཐུན་མོང་མ་ཡིན་པར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་མ་ཀུ་རུ་ཀུལླེ། རྒྱལ་པོ་ལྷན་སྐྱེས་རོལ་པ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། དཔལ་ས་སྐྱ་པ་གོང་མ་རྣམ་བཞི། འུ་ཡུག་པ་ཀུན་དགའ་བསོད་ནམས། ཉི་འོག་པ་ཀུན་དགའ་སྨོན་ལམ། བླ་མ་ཡོན་ཏན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། དགའ་ལྡན་པ་ཀུན་དགའ་བསོད་ནམས། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། ལྷ་མཆོག་སེང་གེ། དེས་སངས་རྒྱས་སེང་གེ་དང་། ཤར་ཁང་པ་ཤེས་རབ་རྒྱལ་མཚན་གཉིས། གཉིས་ཀས་ཐར་རྩེ་ནམ་མཁའ་དཔལ་བཟང་། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། མཁྱེན་རབ་ཏིང་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མཁན་
ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། ཐར་རྩེ་ནམ་མཁའ་དཔལ་བཟང་། ནམ་མཁའ་སངས་རྒྱས། ནམ་མཁའ་དཔལ་བཟང་། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ཐར་རྩེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས་མན་འདྲའོ། །ལུང་ལ། རྗེ་བཙུན་མ་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ། སྒྲུབ་ཐབས་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་བ་རིའི་འགྱུར། བསྐྱེད་རྫོགས་ཐུན་མོང་མ་ཡིན་པ་ཉམས་སུ་ལེན་ཚུལ། རྗེས་གནང་བཅས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་རྣམས་གོང་དང་འདྲ། ༈ །སློབ་དཔོན་ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པ་ཀུ་རུ་ཀུལླེ་གསང་སྒྲུབ་ལྷ་ལྔའི་བྱིན་རླབས་མཁན་ཆེན་ངག་དབང་ཆོས་གྲགས་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། བྱང་སེམས་རྡོ་རྗེ་སྙིང་པོ། ཌཱ་ཀི་ནཱི་སུ་པྲ་ཀཱི། ཌོམྦྷི་ཧེ་རུ་ཀ ཙརྞ་པ། ཏཻ་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་སྐྱ་གོང་མ་རྣམ་བཞི། ཁང་སྟོན་འོད་ཟེར་རྒྱལ་མཚན། དགའ་ལྡན་པ་ཀུན་དགའ་བསོད་ནམས། བླ་མ་མཉམ་མེད་པ། མཁས་གྲུབ་གཟུངས་ཀྱི་དཔལ་བ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། དབོན་བསོད་ནམས་རྒྱལ་མཆོག བྲག་ཐོག་པ་བསོད་ནམས་བཟང་པོ། ཐུ་ཆེན་ཀུན་དགའ་རྣམ་རྒྱལ། བླ་མ་བློ་གྲོས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཞབས། ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག བསོད་ནམས་ཆོས་འཕེལ། དབང་ཕྱུག་རབ་བརྟན། ཡངས་ཅན་མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་བསོད་ནམས་མཐའ་ཡས། ལྷ་ཁང་མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ངག་
དབང་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། ཀུ་རུ་ཀུལླེ་གསང་སྒྲུབ་ལྷ་ལྔའི་བྱིན་རླབས་ཀྱི་ཆོ་ག་གསལ་བའི་སྒྲོན་མེ་ངག་ཆོས་ཀྱིས་མཛད་པ་གོང་དང་འདྲ། ༈ །དཔལ་ས་སྐྱ་པའི་གསེར་ཆོས་ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་པའི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ངོར་ལུགས་ཐུན་མོང་མིན་པའི་ལུགས་སུ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། གྲུབ་ཆེན་ས་ར་ཧ། འཕགས་པ་ཀླུ་སྒྲུབ། ཤ་བ་རི་པ། ཧཾ་དུ་དཀར་པོ། མལ་ལོ་བློ་གྲོས་གྲགས་པ། ས་ཆེན་ཀུན་སྙིང་། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། སྐྱོབ་པ་རིན་ཆེན་དཔལ། རོང་པ་ཤེས་རབ་སེང་གེ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ངག་དབང་གྲགས་པ། མཁན་ཆེན་བྱང་ཆུབ་སེང་གེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག དཀོན་མཆོག་འཕེལ་བ། དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། དཀོན་མཆོག་འཕེལ་བ་ནས། ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། ནམ་མཁའ་དཔལ་བཟང་། ནམ་མཁའ་རིན་ཆེན། ནམ་མཁའ་དཔལ་བཟང་། ཤེས་རབ་རྒྱ་མཚོ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ཐར་རྩེ་
ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་བློ་ནས་འདྲའོ། །ལུང་ལ། དཔལ་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ། བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་སློབ་དཔོན་ནག་པོ་སྤྱོད་པས་མཛད་པ་གྱི་ཇོ་ཟླ་འོད་འགྱུར། སྒྲུབ་ཐབས་དང་། རྗེས་གནང་གི་ཆོ་ག་འདོད་རྒུའི་ཆར་འབེབས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་བཅས་གོང་དང་འདྲ། ༈ །སློབ་དཔོན་རྡོ་རྗེ་གདན་པ་ལ་སོགས་པ་ནས་བརྒྱུད་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་གསེར་ཆོས་ཁྲོ་བོ་ཀག་ཆོལ་འདོད་པའི་རྒྱལ་པོའི་རྗེས་གནང་ངོར་ལུགས་ཐུན་མོང་མ་ཡིན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་ངག་དབང་བརྟན་པའི་རྡོ་རྗེའི་གསལ་བྱེད་སྦྱར་བའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཆོས། ཌཱ་ཀི་བདེ་བ་རྒྱས་བྱེད། ཛེ་ཏཱ་རི། རོལ་པའི་རྡོ་རྗེ། བདེ་གཤེགས་སྲུང་བ། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། རྗེ་ས་པཎ། བསོད་ནམས་འབུམ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ངག་དབང་གྲགས་པ། བྱང་ཆུབ་སེང་གེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། གུང་རུ་ཤེས་རབ་བཟང་པོ། རྡོ་རྗེ་འཆང་མཁྱེན་རབ་མཆོག་གྲུབ། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། ངག་དབང་བསྟན་འཛིན་ལྷུན་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། ཀུན་བློ། མཁན་ཆེན་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག དཀོན་མཆོག་འཕེལ་བ། ལྷ་མཆོག་སེང་གེ་མན་གོང་ཚོགས་བདག་དང་འདྲ།
ལུང་ལ། གསལ་བྱེད་ཉི་མའི་འཁོར་ལོ་པཎྜི་ཏ་རྡོ་རྗེ་གདན་པས་མཛད་པ་བ་རིའི་འགྱུར། འདོད་པའི་རྒྱལ་པོའི་སྒྲུབ་ཐབས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་བཅས་གོང་དང་འདྲ། ༈ །དཔལ་ས་སྐྱ་པའི་གསེར་ཆོས་གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་ཞེས་ཀུ་རུ་ཀུལླེ་དཔལ་མོ་གསེར་གྱི་སྙིང་ཐག་ཅན། ནོར་རྒྱུན་མ་དམར་མོ། ལྷ་མོ་ཏི་ནུ་མ་གསུམ་གྱི་རྗེས་གནང་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་སྒྲོལ་མ། གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། ས་སྐྱ་གོང་མ་ལྔ། དགའ་ལྡན་པ་ཀུན་དགའ་བསོད་ནམས། ཁམས་པ་རྡོ་རྗེ་དཔལ། གྲགས་པ་དཔལ། བླ་མ་འཕགས་པ། དཀོན་མཆོག་རྒྱལ་མཚན། རིན་ཆེན་དཔལ། སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐུ་ཆེན་ཀུན་དགའ་རྣམ་རྒྱལ། བློ་གྲོས་རྣམ་རྒྱལ། རྗེ་ཀརྨ་ཕྲིན་ལས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ངག་དབང་རྣམ་རྒྱལ། ས་ཆེན་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། འཇམ་མགོན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། རྗེ་བཙུན་གྲགས་པ་ནས། བླ་ཆེན་ཡར་སྒོམ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཚན། བྲག་ཐོག་པ་མན་འདྲ། ཡང་ན་དེས་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས།
ཚར་ཆེན་མན་འདྲ་སྟེ་སྤྱིའི་བརྒྱུད་པ་དང་། སྒེར་བརྒྱུད། ཏི་ནུ་མ་ནི། ཀུ་རུ་ཀུལླེ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ། ཁའུ་པ། གོང་མ་ལྔ། དོ་པ་སྟོན་ཚུལ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག་མན་འདྲ། ནོར་རྒྱུན་མའང་དེ་བཞིན། ཡང་ན་གསུམ་ག་དམར་པོ་སྐོར་གསུམ་ཀུ་རུ་ཀུལླེ་དང་འདྲ་བར་མཛད་དོ། །ལུང་ལ། དཔལ་མོ་གསེར་གྱི་སྙིང་ཐག་ཅན་གྱི་ཆོས་སྐོར་ལ། གཉན་ལོའི་ཨུ་པ་དེ་ཤ་ས་སྐྱ་པའི་གདམས་པ་ཐུན་མོང་མ་ཡིན་པ་ས་མཱསྟི་མ་ཐི། རྗེས་གནང་། ལོ་རྒྱུས། ནོར་རྒྱུན་མ་དམར་མོའི་སྒྲུབ་ཐབས། ཞལ་ཤེས། རྗེས་གནང་། ཏི་ནུ་མའི་སྐོར་ལ། གདམས་ངག་ས་སྐྱ་པ་ལ་བརྒྱུད་པ་ཐུན་མིན། ལུང་བླང་བ། རྗེས་གནང་མཆན་ཅན། དབང་གི་ལྷ་གསུམ་གྱི་རྗེས་གནང་བཀླགས་ཆོག་གསལ་བའི་སྒྲོན་མེ་ངག་དབང་ཆོས་གྲགས་ཀྱིས་མཛད་པ་རྗེ་བླ་མས་ཤིན་ཏུ་གསལ་བར་བསྡེབས་པ། ལྷ་མོ་ཏི་ནུ་མའི་བསྟོད་པ་ཡིད་འཕྲོག་དགྱེས་པའི་མཆོད་སྤྲིན་གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་བཅས་གོང་དང་འདྲའམ་སྙམ། ༈ །སློབ་དཔོན་ངག་དབང་གྲགས་པ་དང་། པཎྜི་ཏ་དོན་ཡོད་རྡོ་རྗེའི་བཀའ་སྲོལ་བ་རི་ལོ་ཙཱ་བ་ནས་རྗེ་བཙུན་ས་སྐྱ་པ་ལ་བརྒྱུད་པའི་མན་ངག་དབང་གི་སྒྲོལ་མ་དམར་མོའི་རྗེས་གནང་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་སྒྲོལ་མ། ངག་དབང་གྲགས་པ། རྡོ་རྗེ་གདན་པ། བ་རི་རིན་ཆེན་གྲགས། ས་ཆེན་གོང་མ་བཞི། ཤཱཀྱ་འོད་ཟེར། རྒྱལ་ཚ་ལུང་མང་པོ། ཡོན་ཏན་ཁྲི། སེང་གེ་དཔལ། སེང་གེ་རྒྱལ་མཚན། ཀླུ་པ་བསོད་ནམས་དར་རྒྱས། དམར་སྟོན་རྒྱལ་མཚན་འོད་ཟེར། གྲགས་པ་འབྱུང་གནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆག་ལོ་རིན་ཆེན་ཆོས་རྒྱལ། ས་ལོ་འཇམ་
པའི་དབྱངས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ། ནམ་མཁའ་དཔལ་བཟང་། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། དཔལ་ལྡན་ཆོས་མཛད། ཀུན་དགའ་རྣམ་རྒྱལ། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། བསྟན་འཛིན་རྒྱལ་མཚན། ཚུལ་ཁྲིམས་རབ་རྒྱས། ཀུན་དགའ་བཟང་པོ། ཐུབ་བསྟན་མཁན་ཆེན་ཚུལ་ཁྲིམས་དཔལ་བཟང་། ངོར་དཔོན་སློབ་ངག་དབང་ལེགས་གྲུབ་སྙན་བརྒྱུད་བསྟན་པའི་རྒྱལ་མཚན། དེ་ལས་སོ། །ལུང་ལ། རྗེ་བཙུན་ས་སྐྱ་པའི་མན་ངག་དབང་གི་སྒྲོལ་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ལ། དམ་ཚིག་སྒྲོལ་མའི་གསང་སྒྲུབ་སློབ་དཔོན་ངག་གི་དབང་ཕྱུག་གིས་མཛད་པ། འགྲོ་བ་དབང་དུ་སྡུད་པའི་འཁོར་ལོའི་ཆོ་ག་དེ་ཉིད་ཀྱིས་མཛད་པ། སྔགས་ཀྱི་དག་ཡིག གཏོར་མ། ལུང་ལེན་ཐབས། སྦྱིན་སྲེག་གི་མན་ངག འགྲོ་བ་དབང་དུ་སྡུད་པའི་མན་ངག་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཆོ་ག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། རྗེས་གནང་ཐོ་བཅས། བསྟོད་པ་དང་། བསྙེན་སྒྲུབ་ལས་ཀྱི་མན་ངག་བུང་བ་མྱོས་པའི་འགྲམ་ཆང་། བརྒྱུད་འདེབས་སྲིད་ཞིའི་དགེ་ལེགས་ཆར་འབེབས་བཅས་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་རྣམས་ཀྱང་གོང་དང་འདྲའམ་སྙམ་ལ། དམར་པོ་སྐོར་གསུམ་སོགས་འདི་སྐོར་ཞིབ་པར་དེའི་བེའུ་བུམ་གྱི་ལུང་བརྒྱུད་ལས་བཙལ། ༈ །སློབ་དཔོན་འགྲོ་བཟང་སྙིང་པོའི་ལུགས་ཀྱི་ཕྱག་རྡོར་དང་རྣམ་སྲས་སེར་ཆེན་སྦྲགས་ཏེ་སྒྲུབ་པའི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སྤྱོད་མཛད་
ཆོས་ཀྱི་རྡོ་རྗེ། སློབ་དཔོན་ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེའམ་བྲིཾ་ག་རསྟི། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན་རྡོ་རྗེ་རྩེ་མོ། སྤུར་སྟོན་བསོད་ནམས་རིན་ཆེན། འཇིད་ཕུ་པདྨ་བཀྲ་ཤིས། སྟག་པ་ཇོ་བཟང་། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག རིན་ཆེན་བསོད་ནམས་སེང་གེ། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། འགྲོ་མགོན་བསོད་ནམས་རྒྱལ་མཚན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་ཀུན་དགའ་བསོད་ནམས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། དེ་དབོན་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་«འདི་ལ་བརྒྱུད་པའི་ཁྱད་པར་མང་དུ་སྣང་པ་འདི་དང་འབྲེལ་མིན་དཔྱད།་་་་་»ལས་སོ། །ལུང་ལ། ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་དང་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས་དང་གཏོར་ཆོག་དགོས་འདོད་ཀུན་འབྱུང་། ཕྱག་རྡོར་རྣམ་སྲས་སྦྲགས་སྒྲུབ་ཀྱི་རྗེས་གནང་བཅས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། མཆོད་འབུལ་བུ་སྟོན་རིན་པོ་ཆེའི་བསྟོད་ཆེན་ལས་བྱུང་བ་བཅས་བེའུ་བུམ་ལྟར་རམ་གོང་དང་འདྲ། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་དངོས་སུ་གནང་བའི་ཛཾ་བྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔའི་ནོར་སྒྲུབ་རིན་ཆེན་སྤུངས་པ་རྒྱ་བརྩོན་སེང་
དང་ནག་ཚོ་ལོ་ཙཱ་ནས་བརྒྱུད་པའི་རྗེས་གནང་ཀུན་དགའ་བློ་གྲོས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། དཔལ་ལྡན་ཨ་ཏི་ཤ །རྒྱ་བརྩོན་འགྲུས་སེང་གེ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། སྐྱི་སྟོན་སྨོན་ལམ་ཚུལ་ཁྲིམས། སྤྱན་སྔ་བསོད་ནམས་ཆོས་འཕེལ། བཀའ་བཅུ་པ་གཞོན་ནུ་སེང་གེ། སྲིབ་རི་བ་གཞོན་ནུ་རྒྱལ་མཚན། ལྷ་ཕུག་པ་རིན་ཆེན་འོད་ཟེར། བླ་མ་དཔལ་ལྡན་དོན་གྲུབ། སངས་རྒྱས་འོད་ཟེར། བློ་གྲོས་བཟང་པོ། ཤཱཀྱ་བཟང་པོ། སྤྱན་སྔ་བསོད་ནམས་ལྷ་དབང་། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་། ཁྱབ་བདག་གནས་གསར་བ་ཆེན་པོ། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། ཇོ་བོ་ལུགས་ཀྱི་ཛཾ་བྷ་ལ་དཀར་པོའི་རྗེས་གནང་སྒྲུབ་ཐབས་སོགས་ཆ་ཚང་བ་ལ། ཛཾ་བྷ་ལ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས། ལོ་རྒྱུས། རྗེས་གནང་། བསྟོད་པ་ཇོ་བོས་མཛད་པ། སྒོམ་བཟླས་རྗེས་གནང་བཅས་ཤེའུ་ལོ་ཙཱ་བས་མཛད་པ་རྣམས་གསེར་པོད་ལྟར། རྗེས་གནང་ཁམས་གསུམ་དབང་སྡུད་ས་ཆེན་ཀུན་བློས་མཛད་པ། ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་དངོས་གྲུབ་འདོད་འཇོའི་རྫིང་བུ། ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ་འདོད་རྒུ་འདྲེན་པའི་ཤིང་རྟ། གསང་བ་གྭའུ་ལ་བརྟེན་ནས་སྒྲུབ་པ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཟ་མ་ཏོག་བཅས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ་རྣམས་གོང་རྗེས་གནང་དང་འདྲ་ཞིང་། ཕྱི་མ་བཀའ་འབུམ་ལྟར། ༈ །དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་དྲུག་པ་ནས་
གསུངས་པའི་གནོད་སྦྱིན་གནོད་གནས་སེར་པོ་ཞལ་གསུམ་ཕྱག་དྲུག་པའི་སྐུ་གསུང་ཐུགས་མཐའ་རྟེན་དང་བཅས་པའི་རྗེས་གནང་ཟབ་མོ་ཆུ་སྦྱིན་བཅས་ཡིག་རྙིང་གི་དགོངས་དོན་འཁྲུལ་མེད་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་«བུ་སྟོན་ཡན་ལོ་ཆེན་ལུགས་ཀྱི་དབང་བརྒྱུད་ལྟར་ལ། དེ་ནས་ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། ཙོང་ཁ་ཆེན་པོ་ཞེས་བྱུང་།་་་་་»བ་བློ་བཟང་གྲགས་པ་ཡན་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་དབང་བརྒྱུད་ལྟར་ལ། རྗེ་ཤེས་རབ་སེང་གེ། འདུལ་ནག་པ་དཔལ་ལྡན་བཟང་པོ། འཇམ་དབྱངས་དགེ་འདུན་འཕེལ་བ། རྒྱུད་ཆེན་བཀྲ་ཤིས་འཕགས། པཎ་ཆེན། བསམ་གྲུབ་རྒྱ་མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས། རྒྱུད་ཆེན་རྡོ་རྗེ་བཟང་པོ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། དོལ་གསུང་རབ་གླིང་པ་བློ་བཟང་རིན་ཆེན། ཕོ་ཁང་བཀའ་འགྱུར་བ་བློ་བཟང་ཆོས་འཛིན། གདོང་ཀོང་མཆོག་སྤྲུལ་རིན་པོ་ཆེ་ཕུན་ཚོགས་རྒྱ་མཚོ། ཞང་ཞུང་བ་གྲུབ་དབང་ཡེ་ཤེས་མཐའ་ཡས། ཡོངས་འཛིན་དཀྱིལ་ཁང་པ་བློ་བཟང་ཆོས་འཕེལ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། རྒྱལ་སྲས་རིན་པོ་ཆེ་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། སྟག་ཕུ་སྤྲུལ་སྐུ་བློ་བཟང་ཆོས་ཀྱི་དབང་ཕྱུག ར་བླ་སྤྲུལ་སྐུ་བློ་བཟང་བསྟན་པའི་དངོས་གྲུབ། སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ། ཆུ་བཟང་པ་ཡེ་ཤེས་སྐལ་བཟང་མཁས་གྲུབ། ཐེ་བོ་སྤྲུལ་སྐུ་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོ། དེ་ལས་སོ། །སྒྲུབ་ཐབས་རིན་འབྱུང་ནས་བྱུང་བ་ནི་དེ་ཉིད་ཀྱི་བརྒྱུད་པ་ལྟར་ཏེ་བཀའ་སྲོལ་གཅིག་འདུས་སོ། །ལུང་ལ། དཔལ་གསང་བ་འདུས་པ་ལས་བྱུང་བའི་གནོད་སྦྱིན་ཛཾ་བྷ་ལ་སེར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ། གསང་འདུས་རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས་གསུངས་པའི་སྒྲུབ་ཐབས་
རྒྱུད་ཀྱི་དུམ་བུ། དེའི་འགྲེལ་པ་མཆན་བཅས་སྒྲོན་གསལ་ལས་བྱུང་བ། སྒྲུབ་ཐབས་དགེ་འདུན་གྲུབ་པས་མཛད་པ། རྗེས་གནང་འདོད་རྒུའི་ཆར་འབེབས་རྗེ་བླ་མས་མཛད་པ་རྣམས་ལས་རྒྱུད་ཀྱི་དུམ་བུ་འགྲེལ་པ་དང་བཅས་པ་ནི་གསང་འདུས་རྒྱུད་བཤད་ཀྱི་བརྒྱུད་པ་ལྟར་དང་། སྒྲུབ་ཐབས་གོང་དང་འདྲའམ་སྙམ་སྟེ་སླར་བརྟག། ༈ །པཎ་གྲུབ་ཆེན་པོ་རྡོ་རྗེ་གདན་པ་ནས་བརྒྱུད་བ་རི་བའི་སྒྲུབ་ཐབས་བརྒྱ་རྩ་ལས་བྱུང་བའི་འཕགས་པ་ཛམྦྷ་ལ་སེར་པོའི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྒྲུབ་ཐབས་བརྒྱ་རྩ་སྤྱིའི་བརྒྱུད་པ་དང་འདྲ་ལ། ཡང་ན། དཀོན་མཆོག་ལྷུན་གྲུབ་ཡིག་སྟེང་ནས་ཛཾ་སེར་ནག་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། བཛྲ་པཱ་ཎི། ཛཻ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། གོང་མ་ལྔ། ཚོགས་སྒོམ་པ། ཉན་ཆེན་པ། བླ་མ་བསོད་ནམས་སྐྱབས། གཟུངས་དཔལ། དཔལ་ཚུལ། ཤར་ཆེན། ངོར་ཆེན། མུས་ཆེན། རྒྱལ་ཚབ། ཡོངས་འཛིན། ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། ཐར་རྩེ་པཎ་ཆེན། སྒྲུབ་ཁང་པ། དཔལ་མཆོག སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ཀུན་བློ། འགྱུར་མེད་མཆོག་གྲུབ། ཕྲིན་ལས་ཡོན་ཏན། བསྟན་འཛིན་སྙན་གྲགས། ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། དེ་ལས་སོ། །ལུང་ལ། དཔལ་གནོད་གནས་ཀྱི་མདོར་བསྡུས་པའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པ་བ་རིའི་འགྱུར། དེའི་སྒྲུབ་ཐབས་ཀྱི་མན་ངག་བླ་མ་ས་སྐྱ་པ་ཆེན་པོས་མཛད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་བཅས་གཞུང་དང་། བཀའ་འབུམ་ལྟར། ༈ །རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་གསེར་ཆོས་ཛམྦྷ་ལ་དམར་
པོ་སྲོག་སྒྲུབ་རྨོར་ཆེན་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་བིརྺ་པ། ནག་པོ་པ། ཌ་མ་རུ་པ། གཉིས་སྤངས་པ། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཡར་སྒོམ་སེ་བོ། དེས་དབོན་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་ཆོས་«ངག་གི་་་་་»ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། བསོད་ནམས་དར། རྒྱལ་མཚན་འོད་ཟེར། ཀུན་བཟང་རོལ་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། རྡོ་རྗེ་རྒྱལ་མཚན། ཤེས་རབ་རྒྱལ་མཚན། དཀོན་མཆོག་དཔལ་ལྡན། ནམ་མཁའ་དཔལ་བཟང་། མཆོག་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན་རིན་པོ་ཆེ། གནས་གསར་བ་ཆེན་པོ། འཇམ་མགོན་ཀུན་བློ། ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། ཛཾ་དམར་སྲོག་སྒྲུབ་ཀྱི་གདམས་པ་རྗེ་ས་ཆེན་གྱི་མན་ངག་ཡར་ཀླུང་པས་མཛད་པ་མཆན་ཅན། རྗེས་གནང་གི་ཐོ་གོང་དཀར་བས་མཛད་པ། སྒྲུབ་ཐབས་རྗེས་གནང་གོ་བདེ་བཀླགས་ཆོག་རྨོར་ཆེན་གྱིས་མཛད་པ་རྣམས་ལས་གོང་མ་གཉིས་གསེར་པོད་དང་། ཕྱི་མ་གོང་དང་འདྲ། གཉན་ལོ་ཙཱ་བས་མཛད་པའི་ཛམྦྷ་ལ་སུམ་བསྒྲིལ་གྱི་མན་ངག་ཀྱང་གོང་དང་འདྲའམ་སྙམ་སྟེ་བརྟག། ༈ །གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་གཏེར་བྱོན་ཛམྦྷ་ལ་དམར་པོ་གསུང་སྒྲུབ་ཀྱི་རྗེས་གནང་དཔལ་ས་སྐྱ་སྔགས་འཆང་ཆེན་པོའི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས། གྲྭ་པ་མངོན་ཤེས་ཅན། གྲྭ་པ་ཐུགས་རྗེ་འབུམ། ཤཱུ་ལ་ཙནྡྲ།
སོ་སྟོན་ཚུལ་རྒྱལ་བ། མཁན་པོ་ཉི་མ། སློབ་དཔོན་དོན་བཟང་། དབུ་མ་པ་གྲུབ་བརྩོན། བཀའ་བཅུ་བཀྲ་ཤིས་བཟང་པོ། བླ་མ་བློ་གྲོས་བཟང་པོ། རྗེ་བཙུན་སེང་གེ། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་མན་བཙལ། ལུང་ལ། འཕགས་པ་ཛམྦྷ་ལ་དམར་པོ་གསུང་གི་སྒྲུབ་པའི་སྐོར་ལ། ཛམྦྷ་ལའི་སྒྲུབ་ཐབས་སློབ་དཔོན་པདྨས་མཛད་པ། དབང་བསྐུར་བཅས། དེའི་གསལ་བྱེད། སྒབ་འདྲེ་མནན་ཐབས་གཏེར་གཞུང་། དེའི་ཞལ་གདམས། སྲིས་རྐུན་ཁ་ཆིངས་སྲེ་ཐོད་མའི་བཅའ་ཐབས་བཅས་གཞུང་ཡིག་རྙིང་། རྗེས་གནང་བྱ་ཚུལ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པ་བརྒྱུད་པ་བཅས། རྒྱུན་ཁྱེར་དངོས་གྲུབ་ཆར་འབེབས་རིག་འཛིན་པདྨ་ཕྲིན་ལས་ཀྱིས་མཛད་པ་རྣམས་ཏེ་སླར་བཙལ། ༈ །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་བསྟན་པའི་ཛམྦྷ་ལ་ལྗང་གུའི་རྗེས་གནང་སྒྲུབ་ཐབས་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། གོང་རྡོ་རྗེ་ཤུགས་ཀྱི་བརྒྱུད་པ་དང་འདྲ། ལུང་ལ། བསྡུས་རྒྱུད་ཡེ་ཤེས་ལེའུ་ལས་བྱུང་བའི་སྒྲུབ་ཐབས་ཚིགས་བཅད་གསུམ། དེའི་འགྲེལ་པ་དྲི་མེད་འོད་ལས་བྱུང་བ། རིན་འབྱུང་ནས་བྱུང་བའི་སྒྲུབ་ཐབས་རྣམས་ཀྱང་གོང་ལྟར། ༈ །པཎ་ཆེན་ཤཱཀྱ་ཤྲཱི་ནས་ཁྲོ་ཕུ་ལོ་ཙཱ་བ་ལ་བརྒྱུད་པ་ཛམྦྷ་ལ་ནག་པོའི་རྗེས་གནང་སྒྲུབ་ཐབས་རིན་འབྱུང་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སརྦ་ཛྙ་ཀྲྀཥྞ་སྟེ་སློབ་དཔོན་ཐམས་ཅད་མཁྱེན་པ་ནག་པོ། དེས་རྗེས་སུ་བཟུང་བའི་རྒྱལ་པོའི་འདུན་ན་འདོན་ཀ་ན་ཀ་ཤྲཱི་སྟེ་གསེར་དཔལ། བྱང་ཆུབ་སེམས་དཔའ་གསེར་གདུགས་ཅན་ནམ་སློབ་དཔོན་ནོར་སྦྱིན། པཎྜི་ཏ་དབུལ་པོ་ཟངས་གཞོང་ཅན། ཚོང་དཔོན་སམྱཀྶཾ་པ་ཀ་སྟེ་ཡང་དག་མཛེས། «རིན་འབྱུང་དུ་མ་ཡ་སཱུརྻ།་་་་་»པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ། མཁན་ཆེན་བྱང་ཆུབ་དཔལ་བ། བསོད་ནམས་སྟོབས།
བདེ་བ་དཔལ། བཀའ་བཞི་པ། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་རིན་ཆེན་རྒྱལ་མཚན། རྒྱལ་གྲགས་པ། རྒྱལ་ཕྱག་པ། ཉི་མ་རྒྱལ་མཚན། འཇིམས་ཆེན་བསོད་ནམས་རྒྱལ་མཚན། འཇམ་དབྱངས་ཆོས་དབང་། མཁན་ཆེན་ཀུན་དགའ་དཔལ་འབྱོར། མཁན་ཆེན་བཀྲ་ཤིས་རྣམ་རྒྱལ། མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་བཙུན་ཀུན་དགའ་སྙིང་པོ། ཀུན་དགའ་བསྟན་པའི་རྒྱལ་མཚན། ཀུན་དགའ་ལྷུན་གྲུབ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ་མན་འདྲ། ཡང་ན་ཁྲོ་ལོ་མན་ཆད་གསང་འདུས་ལྷན་སྐྱེས་དང་འདྲ་བར་བྱས་ཀྱང་རུང་ངོ། །ལུང་ལ། པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ལ། འཕགས་པ་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ཤཱཀྱ་ཤྲཱིས་མཛད་པ་གནུབས་ལོ་ཙཱའི་འགྱུར། བསྟོད་པ་ཚིག་བཞི། གནད་དྲུག ལོ་རྒྱུས། རྨུགས་འཛིན་འཆོལ་པ་ནག་པོའི་སྒྲུབ་ཐབས་སྦས་པ་བུམ་འཁྱིལ་སློབ་དཔོན་ནོར་སྦྱིན་གྱིས་མཛད་པ་ཁྲོ་ལོའི་འགྱུར། སྒྲུབ་ཐབས་བསྡུས་དོན་བྱམས་པའི་དཔལ་གྱིས་མཛད་པ། སྤྲུལ་པའི་ཕྲིན་ལས་གདུལ་བྱ་གཞན་རྒྱུད་དང་མཐུན་པའི་རྣམ་ཐར་བསྟན་པ། ཕྱི་ནང་གསང་གསུམ་རིན་ཆེན་བདུན་ངོས་འཛིན། གྲོང་ཁྱེར་ཤིང་ཐགས་ཅན་གྱི་ལོ་རྒྱུས། དབང་ཕྱུག་སྙིང་པོའི་གཏེར་བུམ་ནས། ཧཱའི་ཕྲིན་ལས་ཀྱིས་བཀྲ་ཤིས་གསོལ་བའི་བར་གྱི་ལས་ཚོགས་རྣམས་སྐྱོགས་ལོའི་མཆན་ཅན། བསྟོད་པ་ཚིགས་བཅད་དགུ་པ་ཞེས་ཐུན་མོང་གི་དང་། ཕྲིན་ལས་ཉི་ཤུའི་སྒོ་ནས་ཁྱད་པར་གྱི་བསྟོད་པ་ནོར་འཛིན་དཔལ་གྱིས་མཛད་པ་ཁྲོ་ལོའི་འགྱུར། ཡན་ལག་བདུན་གྱི་སྒོ་ནས་བསྟོད་པ་ལོ་ཙཱ་བ་རོལ་པའི་རྡོ་རྗེས་མཛད་པ། མན་ངག་གི་སྒོ་ནས་བསྟོད་པ་ཙནྡྲ་གོ་མཱིས་མཛད་པ། ཐུགས་རྗེ་འདོད་འཇོའི་བ་མོ་ལྷ་བྱང་སེམས་
ཀྱིས་མཛད་པ་རྣམས་སླར་བཙལ། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་རྗེས་གནང་བླ་མས་བཀླགས་ཆོག་ཏུ་བཀོད་བཅས། ༈ །སྒྲུབ་ཐབས་རྒྱ་རྩའི་ཛཾ་ནག་རྗེས་གནང་གོང་དུ་སོང་ལྟར་ལ། ལུང་ལ། ཨུ་ཙཥྨ་ཛམྦྷ་ལའི་སྒྲུབ་པའི་ཐབས་དགའ་བ་སྦྱིན་གྱིས་མཛད་པ་བ་རིའི་འགྱུར། དེའི་མན་ངག་བླ་མ་ས་སྐྱ་པ་ཆེན་པོའི་གསུང་། སྒྲུབ་ཐབས་རྗེས་གནང་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་རྣམས་ཛཾ་སེར་ལྟར། ༈ །པཎ་གྲུབ་དབང་པོ་རྡོ་རྗེ་གདན་པས་ལེགས་པར་བཀྲལ་ཞིང་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པ་ལྷ་མོ་ནོར་རྒྱུན་མ་སེར་མོའི་རྗེས་གནང་ཐར་རྩེ་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། གསང་བའི་བདག་པོ། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། རྗེ་ས་སྐྱ་པ་ཆེན་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། ཚོགས་སྒོམ་པ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། མཁས་གྲུབ་གཟུངས་ཀྱི་དཔལ་བ། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། ལྷ་མཆོག་སེང་གེ། བུདྡྷ་སིཾ་ཧ། དྲང་ཏི་པཎ་ཆེན། ནམ་མཁའ་སངས་རྒྱས། ནམ་མཁའ་དཔལ་བཟང་། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། བྱམས་པ་སྨོན་ལམ་གྲགས་པ། རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་ལེགས་གྲུབ། དེ་ལས་སོ། ཡང་ན་སྒྲུབ་ཐབས་བརྒྱ་རྩ་སྤྱིའི་བརྒྱུད་པ་ལྟར་དང་། བརྒྱུད་པ་གཞན་ནོར་རྒྱུན་མ། ཨ་བྷ་ཡཱ་ཀ་ར། ཤུ་བྷཾ་ཀ་ར། ཤུ་ཛ་ཏི།
རཏྣ་རཀྵི་ཏ། གཽ་ཏཾ་ཤྲཱི། ཀཱིརྟི་པཎྜི་ཏ། ལོ་ཙཱ་བ་གྲགས་རྒྱལ། རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་རྒྱལ། བཀའ་བཅུ་གཞོན་སེང་། མགོན་པོ་འབུམ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན། ངོར་ཆེན། མུས་ཆེན། གོ་རམས་པ། དཀོན་མཆོག་འཕེལ། ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། ཐར་རྩེ་པཎ་ཆེན། ནམ་མཁའ་སངས་རྒྱས། ཧོར་ནམ་མཁའ་དཔལ་བཟང་། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། མཁྱེན་རབ་བསྟན་པའི་དབང་«བྱུང་བ་བརྟག་་་་་་»ཕྱུག མཁྱེན་རབ་འགྱུར་མེད་མཆོག་གྲུབ། བྱམས་པ་ཕྲིན་ལས་ཡོན་ཏན། ངག་དབང་བསྟན་འཛིན་སྙན་གྲགས། མང་ཐོས་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། དེ་ལས་སོ། །ལུང་ལ། ལྷ་མོ་ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ལ། ནོར་རྒྱུན་མའི་སྒྲུབ་ཐབས་དོན་ཡོད་རྡོ་རྗེ་དང་བ་རིའི་འགྱུར། གཟུངས་ཀྱི་མན་ངག་ཀཱིརྟྟི་ཙནྡྲ་དང་ཡར་ཀླུང་ལོ་ཙཱའི་འགྱུར། སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཐར་པཎ་གསུང་རྣམས་གོང་ལྟར། ༈ །པཎྜི་ཏ་ཆེན་པོ་ཛ་མཱ་རི་ནས་བརྒྱུད་འཛིམ་ལོ་ཙཱ་བ་དང་ཁྲོ་ལོ་ཆེན་བྱམས་པའི་དཔལ་གྱིས་ཐུགས་གཙིགས་སུ་མཛད་པའི་འཕགས་མ་ནོར་རྒྱུན་མ་སེར་མོའི་རྗེས་གནང་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྒྱ་གར་ཤར་ཕྱོགས་ཀྱི་གྲུབ་ཐོབ་གཅིག་ལ། པཎྜི་ཏ་ཡ་མཱ་རིས་ཞུས། དེ་ལ་པཎྜི་ཏ་ཨཾ་བྷ་ཙཱརྻ། དེ་ལ་ཤཱཀྱ་སྲུང་བ། འཛིམ་ལོ་ཙཱ་བ། ཁམས་པ་རྡོར་རྒྱལ། རྒྱལ་ཚ་ལུང་མང་པོ། «འདི་གཉིས་དཀྱུས་སུ་མེད་པ།་་་་་»ཀུན་ལྡན་རས་པ། ཁྲོ་ཕུ་ལོ་ཆེན་བྱམས་པའི་དཔལ་མན་ཆད་གོང་གསང་འདུས་ལྷན་སྐྱེས་དང་འདྲ། ལུང་ལ། པཎྜི་ཏ་ཛ་མཱ་རིའི་ལུགས་ཀྱི་འཕགས་མ་ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་མན་ངག་དང་
བཅས་པ་ལ། ཁྲོ་ཕུ་བའི་མན་ངག་བརྒྱ་རྩ་ལས་བྱུང་བའི་གཞུང་རྩ་བ། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་སོ་སོའི་གཞུང་ལྟར། རིག་གཏད་གསལ་བྱེད་རྗེ་ཉིད་ཀྱིས་མཛད་པ། ༈ །འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་བསྟན་པའི་གནོད་སྦྱིན་ཛམྦྷ་ལ་ཡབ་ཡུམ་གྱི་སྒྲུབ་ཐབས་མན་ངག་དང་བཅས་པ་ལ། རྒྱུད་ལེའུ་གཉིས་པ་ལས་ཕྱུང་བའི་སྒྲུབ་ཐབས། དེའི་འགྲེལ་པ་རྗེ་བཙུན་གྲགས་པའི་གསུང་། ངོར་ཆེན་དཀོན་མཆོག་དཔལ་ལྡན་གྱི་རབ་གནས་དཔལ་འབྱོར་རྒྱ་མཚོ་ལས་བྱུང་བའི་གནོད་སྦྱིན་འཁོར་ལོ་སྒྲུབ་ཚུལ་དཔེའུ་རིས་བཅས། རྒྱུད་དང་འགྲེལ་པ་གོང་གཞན་དག་དང་འདྲ་ཞིང་། འཁོར་ལོ་སྒྲུབ་ཚུལ་བཙལ། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ལ་བརྒྱུད་པའི་ཚོགས་བདག་དཀར་པོ་གཙོ་རྐྱང་གི་རྗེས་གནང་ཤེའུ་ལོ་ཙཱ་བའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དཔལ་ཕྱག་ན་རྡོ་རྗེ། ཇོ་བོ་ཆེན་པོ། དཔལ་ལྡན་དགོན་པ་བ། སྤྱན་སྔ་ཚུལ་ཁྲིམས་འབར། སྤྲུལ་སྐུ་བྱ་ཡུལ་བ། གཙང་པ་རིན་པོ་ཆེ། ཕ་སངས་རྒྱས་སྒོམ་པ་བ། ཟེམ་རིན་པོ་ཆེ། ཁམས་ལུང་པ། སངས་རྒྱས་ཇོ་བོ། སངས་རྒྱས་སྟོན་པ། སངས་རྒྱས་སྒོམ་པ་གསར་མ། རིན་པོ་ཆེ་བཅུ་བཞི་པ། རིན་པོ་ཆེ་ཚེས་བཅུ་པ། སྤྱན་སྔ་གྲགས་ཤེ་བ། ལོ་པ་ཚུལ་དར། རིན་ཆེན་བསོད་ནམས་ལྷའི་དབང་པོ། རྒྱལ་སྲས་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ།
འཕགས་པ་ཚོགས་བདག་དཀར་པོ་ཇོ་བོ་ལུགས་ཀྱི་རྗེས་གནང་བྱ་ཚུལ་གསལ་བ་ཤེའུ་ལོ་ཙཱ་བས་མཛད་པ་གོང་དང་འདྲ། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ལ་བརྒྱུད་པའི་ཇོ་ལུགས་ཚོགས་བདག་དཀར་པོ་ཆགས་པ་རྡོ་རྗེ་གཙོ་འཁོར་བཞིའི་རྗེས་གནང་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་པོ་ཨིནྡྲ་བྷཱུ་ཏི། རྒྱལ་པོ་གྲགས་པ། བྱང་ཆུབ་འབྱུང་གནས། རིན་ཆེན་འོད་ཟེར། ཡང་དག་སྦྱིན་པ། རིན་ཆེན་འབྱུང་གནས་ཞི་བ། ཇོ་བོ་རྗེ། གྲུབ་ཐོབ་ཤོལ་པོ་བ། སངས་རྒྱས་དབོན་སྟོན། སངས་རྒྱས་སྟོན་ཚུལ། ཁྱུང་ཚང་བ་ཚུལ་ཁྲིམས་རྒྱལ་མཚན། སློབ་དཔོན་གྲགས་ཚུལ། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། དབུ་མ་པ་གྲུབ་པ་བརྩོན་འགྲུས། བླ་མ་བཀའ་བཅུ་པ། གུང་པ་བཀྲ་ཤིས་བཟང་པོ། གཉག་ཕུ་བ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས། རྗེ་བླ་མ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་དབྱངས་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག སྔགས་འཆང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། དཔལ་ཚོགས་ཀྱི་བདག་པོ་ཆགས་པའི་རྡོ་རྗེ་གཙོ་འཁོར་བཞི་པའི་རྗེས་གནང་གི་ཕྱག་
བཞེས་གསལ་བའི་སྒྲོན་མེ་ངག་དབང་ཆོས་གྲགས་ཀྱིས་མཛད་པ་བརྒྱུད་ཡིག་བཅས་རྗེས་གནང་དང་འདྲ། ༈ །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བཀྲལ་ཞིང་པཎ་ཆེན་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་བ་ལ་གནང་བ་ནོར་ལྷ་དབྱུ་གུ་མཆེད་གསུམ་གྱི་གདམས་པ་རྗེས་གནང་བརྒྱུད་པ་ཟུར་གསལ་ལྟར་ལ། ལུང་། དཔལ་ས་སྐྱ་པའི་གདམས་ངག་ཁྱད་པར་ཅན་ནོར་ལྷ་དབྱུ་གུ་མཆེད་གསུམ་གྱི་མན་ངག་གི་སྐོར་ལ། ཤ་ཟ་མོ་ཀུན་འཁྱིལ་གྱི་རྟོག་པ་ལས་ཕྱུང་བའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བ་རིའི་འགྱུར། ཀུན་འཁྱིལ་མའི་དོན་བསྡུས་པའི་འགྲེལ་པ་རྡོ་རྗེ་གདན་པས་མཛད་པ་བ་རི་དང་པ་ཚབ་འགྱུར། བསྙེན་པའི་མན་ངག སྒྲུབ་པའི་མན་ངག་བ་རི་བའི་ཐུགས་དམ། འདུལ་འཛིན་སེར་པོ་ལ་གནང་བའི་གདམས་པ། མཁའ་འགྲོ་མའི་དངོས་གྲུབ་ལག་བཅངས་ཐུན་མོང་མ་ཡིན་པ་ལེའུ་ཚན། བསྟོད་པ་འདོད་གསོལ་དམིགས་པ་བཅས། དཔལ་ལྡན་ས་སྐྱ་པའི་ཟབ་དོན་དབྱུ་གུ་མ་སྤུན་གསུམ་གྱི་མན་ངག་ཟབ་ལ་མྱུར་བ། བྲིས་སྐུའི་རབ་གནས། ཡིག་ཆུང་། མཁའ་འགྲོའི་ལག་སྒུལ། དབང་སྡུད་བཅའ་གཞི། བྱི་བ་ལ་བརྟེན་ནས་སྒྲུབ་པ། ཡང་མཁའ་འགྲོ་ལག་འགུལ། རྟེན་བཅའ་བ། གཏོར་མ་ལ་བརྟེན་ནས་སྒྲུབ་པ་རྣམས་ཡིག་རྙིང་། སྒྲུབ་ཐབས་ངག་འདོན་གསལ་བར་བཀོད་པ་སིདྡྷི་ཕ་ལའི་བང་མཛོད་མཁྱེན་རབ་བྱམས་པས་མཛད་པ། རྒྱུན་བཟླས་རྨོར་ཆེན་གསུང་། སྒྲུབ་ཐབས་བསམ་དོན་ཀུན་འགྲུབ་དང་། ཙཀྲ་ལ་བརྟེན་ནས་དབང་སྡུད་ཟབ་མོའི་ལག་ལེན་གསལ་བར་བཀོད་པ་བསམ་འཕེལ་ནོར་བུ་ས་ལོ་ཀུན་དགའ་བསོད་ནམས་ཀྱིས་མཛད་པ་བཅས་གསེར་པོད་ལྟར། ༈ །སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་བཀྲལ་ཞིང་ལོ་ཆེན་རིན་ཆེན་བཟང་པོ་ནས་བརྒྱུད་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་མགོན་ལྕམ་དྲལ་ལྷ་གསུམ་གྱི་
རྗེས་གནང་མུས་ཆེན་སངས་རྒྱས་རིན་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲརྡྷཱ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས་པ། ས་ཆེན། རྩེ་མོ། གྲགས་པ། ས་པཎ། འཕགས་པ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། ས་ཆེན་ནས་འདི་ཡན་དམ་པ་ཀུན་དགའ་གྲགས་མ་གཏོགས་གདུང་བརྒྱུད་ཁོ་ནར་བྱོན་པས་ཞལ་ངོ་ནང་བརྒྱུད་ཅེས་གྲགས། རྡོ་རིངས་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག ཕྱི་མ་གཉིས་ལས་མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང་། སྔགས་འཆང་བསོད་ནམས་ཆོས་འཕེལ་གཉིས། གཉིས་ཀ་ལས་ཁྱབ་བདག་དབང་ཕྱུག་རབ་བརྟན། དེ་ནས་ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཟུར་འཆད་པ་རིན་ཆེན་རྒྱལ་མཚན། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། འཁོན་སྟོན་ཀུན་དགའ་རིན་ཆེན། དེ་སྲས་རིན་ཆེན། འཇམ་མགོན་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ངོར་ལུགས་ལྟར་ན། འཕགས་པ་རིན་པོ་ཆེ་ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། རྗེ་བསོད་ནམས་དབང་ཕྱུག རྗེ་བཙུན་རྡོ་རིངས་པ་མན་འདྲ།
ཡང་བླ་མ་དམ་པའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། བླ་མ་དམ་པ་ནས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་པ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། བྱང་ཆུབ་དབང་རྒྱལ། དབང་ཕྱུག་རྒྱལ་མཚན། ཚུལ་ཁྲིམས་བཀྲ་ཤིས། རིན་ཆེན་རྒྱ་མཚོ། བྱམས་པ་བསྟན་པ་རྒྱ་མཚོ། བློ་གྲོས་དབང་ཕྱུག ཆོས་དབང་རྒྱ་མཚོ། ཀུན་དགའ་ཆོས་འཕེལ། དཀོན་མཆོག་སྦྱིན་པ། གངས་དཀར་མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། དེ་ལས་སོ། །ལུང་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ལས་བྱུང་བའི་སྒྲུབ་ཐབས་འབྲོག་མིའི་འགྱུར་ལ་ཡར་ཀླུངས་པས་ཞུས་གཏུགས་བགྱིས་པ། སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལོ་ཆེན་རིན་ཆེན་བཟང་འགྱུར་ས་ཆེན་གྱི་མཆན་བཅས། ལྕམ་དྲལ་ལྷ་གསུམ་གྱི་རྗེས་གནང་བྱ་ཚུལ་སངས་རྒྱས་རིན་ཆེན་གྱིས་མཛད་པ་རྣམས་མགོན་པོད་ཀྱི་བརྒྱུད་པ་ལྟར་ཏེ་གཞན་དུ་ཤེས། ༈ །རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་ཀྱི་རྗེས་གནང་བྱ་ཚུལ་བློ་ཡི་མུན་སེལ་ཤར་ཆེན་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་སྟེང་ནས་རྗེས་གནང་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། མཁའ་འགྲོ་མ་རྡོ་རྗེ་གུར། སློབ་དཔོན་བྲམ་ཟེ་མཆོག་སྲེད། པཎ་ཆེན་བདེ་བའི་རྡོ་རྗེ། ཤྲརྡྷཱ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎ་ཆེན། འགྲོ་མགོན་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་
རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྗེ་བཙུན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ། རྗེ་སངས་རྒྱས་སེང་གེ། པཎ་ཆེན་ནམ་མཁའ་དཔལ་བཟང་། ཤར་ཆེན་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ཤཱཀྱ་ཀུན་དགའ། འདྲེན་མཆོག་ཀུན་དགའ་ལེགས་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། བྱམས་པ་དཔལ་ལྡན་ཆོས་སྐྱོང་། དེ་དབོན་རིན་ཆེན་མཆོག་གྲུབ། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །གཞན་དཔལ་ས་སྐྱ་པ་སྔགས་འཆང་ཀུན་དགའ་རིན་ཆེན་གྱི་ཡིག་ཆའི་སྟེང་ནས་ལྷ་བརྒྱད་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ཡན་ལྷ་གསུམ་དང་འདྲ། དེ་ནས་འཁོན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། ས་ལོ་ཀུན་དགའ་བསོད་ནམས། དེ་དབོན་ཀུན་དགའ་རིན་ཆེན། དེ་སྲས་གྲགས་པ་བློ་གྲོས། དེ་སྲས་ཀུན་དགའ་བློ་གྲོས་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག སྔགས་འཆང་ཀུན་དགའ་བཀྲ་ཤིས། དེ་སྲས་བསོད་ནམས་རིན་ཆེན། དེ་སྲས་ཀུན་དགའ་བློ་གྲོས། དེ་སྲས་དཔལ་ལྡན་ཆོས་སྐྱོང་། དེ་སྲས་ཀུན་དགའ་རིན་ཆེན། དེ་སྲས་འཁོན་སྟོན་རྡོ་རྗེ་རིན་ཆེན། དེ་ལས་སོ། །ཡང་ན། དཔལ་ལྡན་ཆོས་སྐྱོང་ནས། དེ་སྲས་ཀུན་དགའ་བཀྲ་ཤིས། དེ་སྲས་འཇམ་མགོན་བཀྲ་ཤིས་རིན་ཆེན། དེ་ལས་སོ། །ཚར་པ་ནས་བརྒྱུད་པ་ཐུན་མོང་ཐུན་མིན་རྗེས་གནང་རྣམས་འཇམ་མགོན་ངག་དབང་ལེགས་གྲུབ་ལས་ནོས་པ་གཞན་དུ་ཤེས་སོ། ༈ །ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡི་གེའི་སྟེང་ནས་ངོར་ཨེ་ཝཾ་པའི་ལུགས་ཀྱི་
ཞལ་བསྙེན་དུས་ཀྱི་རྗེས་གནང་ཡིག་ཆའི་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། བ་ལིཾ་ཏ་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། ས་ཆེན། རྩེ་མོ། གྲགས་པ། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དེ་ལས། ཤར་ཆེན་ཡེ་ཤེས་རྒྱལ་མཚན་དང་། གྲུབ་ཆེན་བུདྡྷ་ཤྲཱི་གཉིས། གཉིས་ཀ་ལས་ངོར་ཆེན་ཀུན་དགའ་བཟང་པོ། དེ་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་བསོད་ནམས་སེང་གེ། ཡོངས་འཛིན་དཀོན་མཆོག་འཕེལ་བ། རྒྱལ་བ་ལྷ་མཆོག་སེང་གེ། ངོར་དབོན་སངས་རྒྱས་སེང་གེ། པཎ་ཆེན་ནམ་མཁའ་དཔལ་བཟང་། དེ་དབོན་ནམ་མཁའ་སངས་རྒྱས། རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། དེ་དབོན་རིན་ཆེན་མཆོག་གྲུབ། བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། ནམ་མཁའ་སངས་རྒྱས་ནས། རྒྱལ་རྩེ་བ་བསོད་ནམས་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས་མན་འདྲ། ཡང་ན། རིན་ཆེན་མཆོག་གྲུབ་ནས། ཆོས་རྗེ་རིན་ཆེན་ལྷུན་གྲུབ། བླ་མ་ངག་དབང་བརྟན་པ། འཇམ་མགོན་ངག་དབང་ལེགས་གྲུབ། དེ་ལས་སོ། །གཞན་ཡང་བརྒྱུད་པའི་ཁྱད་པར་མང་དུ་ཡོད་པ་གསན་ཡིག་སྔ་མ་རྣམས་ལས་ཤེས་སོ། །ལུང་ལ། དཔལ་མགོན་གདོང་བཞི་པའི་སྒྲུབ་ཐབས་སློབ་དཔོན་ཏ་ཐཱ་ག་
ཏ་རཀྵི་ཏའི་རྒྱ་གཞུང་། རི་སུལ་གྱི་རྣལ་འབྱོར་མས་མཛད་པའི་སྒྲུབ་ཐབས་མཆན་བཤད་དུ་གྲགས་པ་བཅས་ཚར་ཆེན་ཡན་གསན་ཡིག་སྔ་མ་རྣམས་སུ་ཤེས་ལ། དེ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། ཞྭ་ལུ་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མཁས་བཙུན་དཀོན་མཆོག་གྲགས་པ། རྗེ་ཀུན་དགའ་རབ་རྒྱས། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། དེ་ལས་སོ། །པཎ་ཆེན་རྗེས་གནང་གོང་དང་འདྲ་བའམ་བཀའ་འབུམ་ལྟར། ༈ །དཔལ་མགོན་ཞལ་བཞི་པ་དཀར་པོ་ཚེ་འཕེལ་གྱི་སྒོ་ནས་འཆི་མེད་སྒྲུབ་པའི་གདམས་ངག་ཟླ་བའི་བདུད་རྩི་ཤར་བླ་མ་ཀུན་དགའ་དཔལ་ལྡན་གྱི་ཡིག་སྟེང་ནས་རྗེས་གནང་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་མཆོག་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས། མར་མེ་མཛད། གྲུབ་ཆེན་དཔལ་བདེ་བ། དྲི་མེད་སྦས་པ། རིན་ཆེན་རྣམ་གཉིས། བསོད་སྙོམས་པ། གཉན་ལོ་དར་མ་གྲགས། ཁའུ་པ། རྗེ་ས་ཆེན། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ཁུ་དབོན། ཞང་སྟོན། བྲག་ཕུག་པ། བླ་མ་དམ་པ། སེང་གེ་རྒྱལ་མཚན། བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། ཚར་ཆེན་རིན་པོ་ཆེ། མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། རྨོར་ཆེན། སངས་རྒྱས་རྒྱ་མཚོ། གནས་གསར་བ། ས་ཆེན་ཀུན་བློ། ཀུན་དགའ་བཀྲ་ཤིས། ཀུན་དགའ་རིན་
ཆེན། རྡོ་རྗེ་འཛིན་པ་ཀུན་དགའ་དཔལ་ལྡན། གཉིས་ཀ་ལས་སོ། ༈ །དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཨ་བྷ་ཡ་ནས་བརྒྱུད་དཔལ་སྟག་ལུང་པ་ཆེན་པོ་ལ་བཀའ་བབས་པའི་མགོན་པོ་ཕྱག་བཞི་པ་གཙོ་རྐྱང་གི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི་སླར་བཙལ། ༈ །རྡོ་རྗེ་འཆང་ཐར་རྩེ་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་ནས་འཁོར་མང་གི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྱང་སེམས་བློ་གྲོས། འཕགས་པ་ཀླུ་སྒྲུབ། འཕགས་པ་ལྷ། སློབ་དཔོན་དཔའ་བོ། དུས་ཞབས་པ་ཆེ་ཆུང་། རྡོ་རྗེ་གདན་པ་ཆེན་པོ། ཨ་བྷ་ཡཱ་ཀ་ར་གུཔྟ། རྩ་མི་སངས་རྒྱས་གྲགས། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། ཁམས་པ་ཨ་སེང་། གཉིས་ཀས་ཕག་གྲུ་རྡོ་རྗེ་རྒྱལ་པོ། འབྲི་གུང་སྐྱོབ་པ་རིན་ཆེན་དཔལ། སྐྱི་ཤོད་པ་བཀྲ་ཤིས་འབུམ། སྐྱི་ཤོད་པ་གྲགས་པ་སེང་གེ། སངས་རྒྱས་གཞོན་ནུ། འབྲི་གུང་ལོ་ཙཱ་བ་ནོར་བུ་དཔལ། ས་བཟང་གཞོན་ནུ་བློ་གྲོས། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་གྲགས་པ་རྒྱལ་མཚན། གློ་བོ་བསོད་ནམས་ལྷུན་གྲུབ། ས་ལོ་ཀུན་དགའ་བསོད་ནམས། ས་ཆེན་གྲགས་པ་བློ་གྲོས། ངོར་པ་སངས་རྒྱས་སེང་གེ། ཐར་རྩེ་ནམ་མཁའ་དཔལ་བཟང་། ནམ་མཁའ་སངས་རྒྱས། དམ་ཆོས་བསམ་འགྲུབ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ལུང་ལ། ཡེ་ཤེས་ཀྱི་མགོན་པོའི་སྒྲུབ་ཐབས་ལ་ཕྱི་སྒྲུབ་ནང་སྒྲུབ་གཉིས་ཀྱི་གཞུང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཨ་བྷ་ཡ་དང་། རྩ་མིའི་འགྱུར། གསང་སྒྲུབ་སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་མཛད་པ། མགོན་པོ་སྐུ་རག་མའི་རྒྱ་གཞུང་རྗེ་ཕག་གྲུའི་
སྐུ་རེག་ནས་ཕྱུང་བ། བསྟོད་པ་རྐང་བརྒྱད་ཀླུ་སྒྲུབ་ཀྱིས་མཛད་པ་དིང་རི་ཆོས་གྲགས་འགྱུར། གཏོར་ཆོག་རྗེ་གནང་ཚེ་སྒྲུབ་བཅས་དཀོན་མཆོག་ལྷུན་གྲུབ་གསུང་། འཁོར་མང་གི་གཏོར་ཆོག་དང་རྗེས་གནང་བཅས་ཐར་པཎ་གྱིས་མཛད་པ་སྟེ། ཕྱི་ནང་གསང་བའི་སྒྲུབ་ཐབས་ནི་རྒྱ་མཚོ་དང་། ཟུར་མངས་སྙན་བརྒྱུད་ལྟར་ལ། ཕག་གྲུའི་སྐུ་རག་མའི་གཞུང་ཡོངས་རྫོགས་ཀྱི་བརྒྱུད་པ། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན། ཀླུ་བུ་ཐུབ་པ་མོ། རཱ་ཧུ་ལ་བྷ་དྲ། ཀླུ་སྒྲུབ། ཨཱརྻ་དེ་བ། རྟ་དབྱངས། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། རྩ་མི། རྒྭ་ལོ། ཨ་སེང་། འགྲོ་མགོན། ཕག་མོ་གྲུ་པ། དཔལ་སྟག་ལུང་པ། སངས་རྒྱས་སྒོམ་པ། མཁས་པ་བ། བཀྲ་ཤིས་བླ་མ། སངས་རྒྱས་དཔལ་བཟང་། རཏྣ་གུ་རུ། རཏྣ་ཀ་ར། ཀ་དྲུག་པ་ཆེན་པོ། ཆོས་རྒྱལ་མཚན། སྟག་ལུང་བ་ངག་དབང་གྲགས་པ། སློབ་དཔོན་ཚུལ་མཆོག རྗེ་རྣམ་རྒྱལ་ཞབས། ཀུན་དགའ་ཞབས། རྗེ་ངག་དབང་རྣམ་རྒྱལ། ངག་དབང་བཀྲ་ཤིས་དཔལ་གྲུབ། རྗེ་གྲགས་པ་ལེགས་གྲུབ། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ། འཕགས་མཆོག་ངག་དབང་གྲགས་པ། ངག་དབང་ཕྲིན་ལས་བསྟན་འཛིན། དགེ་སློང་གྲགས་པ་བསྟན་འཕེལ། ཐུན་དཔོན་ཕྲིན་ལས་བསྟན་འཛིན། ཐུན་དཔོན་དགེ་ལེགས་དཔལ་འབྱོར། གྲགས་པ་རིན་ཆེན་ལེགས་གྲུབ། འཕགས་མཆོག་ཆོས་དབྱིངས་ལྷུན་གྲུབ། རྡོ་རྗེ་འཆང་ངག་དབང་བསྟན་པའི་ཉི་མ། རྗེ་བླ་མ་མང་ཐོས་འཇམ་དཔལ་རྡོ་རྗེ། དེ་ལས་སོ། །ཡིག་ཆ་གཞན་དག་སོ་སོའི་བཀའ་འབུམ་ལྟར་རོ། ༈ །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནས་མངའ་བདག་མར་པ་བརྒྱུད་བླ་མ་རྔོག་པའི་བཀའ་སྲུང་འདོད་ཁམས་དབང་ཕྱུག་དུད་པའི་སོལ་བ་ཅན་གྱི་རྗེས་གནང་མུས་
ཆེན་སངས་རྒྱས་རིན་ཆེན་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་ཀླུ་སྒྲུབ། ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ་བ། རྔོག་ཆོས་སྐུ་རྡོ་རྗེ། ཞུ་ཆོས་སྡིངས་པ། ཤ་སྒང་པ། གཉགས་སྟོན་ཆེན་པོ། གཉགས་དགེ་བཤེས་མུས་པ། མདོ་སྡེ་གྲགས་པ། སློབ་དཔོན་ཇོ་ཡེ། གཉགས་གནས་གསར་བ། མུས་གླེ་ལུང་ཇོ་སྲས་མ་གཅིག་དགོན་ཆུང་མ། མུས་ཆེན་རྒྱལ་མཚན་བཟང་པོ། གུ་གེ་ཤྲཱི་རིན་པོ་ཆེ། སྨོན་ལམ་རྡོ་རྗེ། བསོད་ནམས་བློ་གྲོས། རྒྱལ་མཚན་བཟང་པོ། སྔགས་འཆང་ཆོས་རྒྱལ་བ། མུས་ཆེན་སངས་རྒྱས་རིན་ཆེན། ལོ་པ་ངག་དབང་ཆོས་གྲགས། སྟོང་ར་བ་འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། རྗེ་སངས་རྒྱས་རྒྱ་མཚོ། གནས་གསར་བ་ལེགས་པའི་འབྱུང་གནས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས། མུས་སློབ་དཔོན་ཆོས་འཕེལ་ལྷུན་གྲུབ། མཁན་ཆེན་བྱམས་པ་དཔལ་ལྡན་བཟང་པོ། དེ་ལས་སོ། །དཔེ་བུམ་ཡོངས་རྫོགས་ལུང་ཀུན་བློ་ཡན་རྗེས་གནང་ཐུན་མོང་མ་ཡིན་པའི་བརྒྱུད་པ་དང་འདྲ། དེ་ནས། ཟུར་འཆད་པ་རིན་ཆེན་རྒྱལ་མཚན། བླ་མ་བྱམས་པ་བསྟན་འཛིན། རྗེ་ཡེ་ཤེས་རྒྱལ་མཆོག བྱམས་པ་དཔལ་ལྡན་བཟང་པོ། དེ་ལས་སོ། །ཡང་ན། བླ་མ་བྱམས་པ་བསྟན་འཛིན་ནས། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། རི་ཁུད་མཆོག་སྤྲུལ་ཀུན་དགའ་མཁས་གྲུབ་དབང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། ༈ །པཎྜི་ཏ་ལྭ་བ་དམར་པོ་ནས་བརྒྱུད་པ་དཔལ་ལྡན་དམག་ཟོར་རྒྱལ་
མོ་རྗེ་ཁོལ་གཉིས་ལས་ཁོལ་མོ་རེ་མ་ཏིའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཟླས་ལུང་ཕྱག་མཚན་གཏོར་མའི་བཀའ་བསྒོ་ཐུན་མོང་མིན་པ་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། པཎྜི་ཏ་ལྭ་བ་དམར་པོ། ལྕེ་འབྱུང་གནས་བཟང་པོ། གནུབས་རྒྱལ་བའི་ཡེ་ཤེས། ཞང་ལོ་ཤེས་རབ་བླ་མ། དེ་སྲས་དགེ་འདུན་བཟང་པོ། དེ་སྲས་ཞང་དཔལ་ཆེན་འོད། དེ་སྲས་ཞང་རྡོ་རྗེ་རྩེ་མོ། ཞང་དིང་རི་བ་ཉི་མ་འོད། ཞང་བསྟན་བཟང་པ་རིན་ཆེན་རྣམ་རྒྱལ། བསམ་གླིང་པ་སངས་རྒྱས་འབྱུང་བ། འཁོན་སྟོན་ཐུགས་རྗེ་རིན་ཆེན། བྱང་སེམས་རིན་ཆེན་མགོན་པོ། ཆོས་རྗེ་ཉི་མ་བཤེས་གཉེན། ཆོས་རྗེ་དཀོན་མཆོག་བཟང་པོ། བླ་མ་འཇམ་དབྱངས་མགོན་པོ། བོ་དོང་འཇམ་དབྱངས་རལ་གྲི། ནམ་མཁའ་སྨོན་ལམ། རྗེ་ནམ་མཁའ་སྙིང་པོ། རྗེ་ནམ་མཁའ་རྒྱལ་མཚན། བྱ་འགྱུར་བ་བསོད་ནམས་སེང་གེ། ཡང་དགོན་པ་དཔལ་ལྡན་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། ངོར་ཆེན་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། ཤར་པ་ཡེ་ཤེས་བཟང་«རྗེ་དམ་ཆོས་བསམ་འགྲུབ་ཅེས་སྣང་།་་་་་»པོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་མན་བཙལ། ལུང་ལ། ཤར་ཆེན་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་རྗེས་གནང་། དེ་ལ་མཁོ་བའི་རྨོར་ཆེན་རིན་པོ་ཆེའི་གཏོར་ཆོག་རྗེས་གནང་དང་བཅས་པ་སྟེ་ཤར་ཆེན་པའི་གསུང་གོང་དང་འདྲ་འམ་སྙམ་ལ། ཕྱི་མ་སླར་བཙལ། ༈ །གྲུབ་ཆེན་ལ་ལི་ཏ་བཛྲ་ནས་བརྒྱུད་པའི་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་འཇིགས་བྱེད། རྡོ་རྗེ་རོ་ལངས་མ། གྲུབ་ཆེན་ལ་ལི་ཏ་
བཛྲ། རྡོ་རྗེ་གདན་པ། དོན་ཡོད་རྡོ་རྗེ། ཡེ་ཤེས་འབྱུང་གནས་སྦས་པ། གྲུབ་ཆེན་པདྨ་བཛྲ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་«འདི་མེད་པ་མང་་་་་་»ན། བལ་པོ་བྷ་རོ་ཕྱག་རྡུམ། རྭ་རྡོ་རྗེ་གྲགས། རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང་། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེས་རབ་སེང་གེ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ། དཔལ་ལྡན་སེང་གེ། སེང་གེ་རྒྱལ་མཚན། ཞང་སྟོན་བསོད་ནམས་གྲགས། གཉན་སྟོན་རྡོ་རྗེ་གྲགས། ཇོ་གདན་ནམ་མཁའ་ལྷུན་བཟང་། སྔགས་འཆང་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་ཀུན་དགའ་བསོད་ནམས། ངོར་ཆེན་ཀུན་དགའ་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། ནམ་མཁའ་དཔལ་བཟང་། ནམ་མཁའ་སངས་རྒྱས། དམ་ཆོས་བསམ་འགྲུབ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། དབོན་རིན་ཆེན་མཆོག་གྲུབ། བྱམས་པ་ནམ་མཁའ་འཆི་མེད། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་«བརྟག་་་་་»འཛིན། དེ་ལས་སོ། །ལུང་ལ། ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ལ་ལི་ཏའི་རྒྱ་གཞུང་། བསྙེན་སྒྲུབ་ལས་གསུམ་གྱི་མན་ངག རྒྱ་སྟོན་གྱིས་མཛད་པའི་སྒྲུབ་ཐབས། སྒྲུབ་ཐབས་རྗེས་གནང་བཅས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། རྗེས་གནང་གི་མཚམས་སྦྱོར་རྗེ་ངག་དབང་ལེགས་གྲུབ་གསུང་བཅས་ལ། གཞུང་རྣམས་རྭ་པོད་བརྒྱུད་པ་ལྟར་དང་། གཞན་གཉིས་གསུང་འབུམ་ལྟར་རོ། ༈ །གྲུབ་པའི་དབང་ཕྱུག་པདྨ་བཛྲ་ནས་བརྒྱུད་པ་དཔལ་འཁོར་ལོ་སྡོམ་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་གནང་མུས་ཆེན་སངས་རྒྱས་རིན་ཆེན་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་པདྨ་བཛྲ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ།
དངུལ་ཆུ་བཻ་རོ་ཙ་ན། ཁམས་པ་རྒྭ་ལོ་གཞོན་ནུ་དཔལ། ས་ཆེན། རྩེ་མོ། གྲགས་པ། བླ་ཆེན་ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེང་གེ་བཟང་པོ། བླ་མ་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་རྡོ་རིངས་པ། ཚར་ཆེན། མཁྱེན་བརྩེ། སྔགས་འཆང་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ། ས་ཆེན་ཀུན་བློ། ལྔ་རིག་པ་ཀུན་དགའ་བཀྲ་ཤིས། བྱམས་པ་ཤེས་རབ་འོད་ཟེར། འཁོན་སྟོན་ཀུན་དགའ་རྒྱལ་མཚན། འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན། དེ་ལས་སོ། །ལུང་ལ། རྒྱུད་གསང་བ་སྙིང་གི་འཁོར་ལོའི་རྒྱུད་སོགས་བེའུ་བུམ་ཡོངས་རྫོགས། བསྙེན་སྒྲུབ་གསལ་བྱེད་ཞུ་ཆེན་རིན་པོ་ཆེས་མཛད་པ། ས་ལུགས་རྗེས་གནང་ཀུན་རིན་གྱི་གསུང་རྣམས་ལས་པོད་གཞུང་གོང་དང་འདྲ། ཞུ་ཆེན་པའི་བཀའ་འབུམ་ལྟར་དང་། གཞན་བཙལ་བར་བྱའོ། ༈ །ཨཱ་ཙྪརྻ་ཉི་འོད་གྲགས་པ་ལས་བརྒྱུད་དེ་བྱུང་བ་གཉན་ལོ་དར་མ་གྲགས་ཀྱི་བཀའ་སྲུང་དཔལ་མགོན་ཞལ་གྱི་བཀའ་སྡོད་གནོད་སྦྱིན་བེཀྩཻ་ཅན་ལྕམ་སྲིང་གི་རྗེས་གནང་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མ་ཧཱ་དེ་ཝ། ཉི་འོད་གྲགས་པ། ཟླ་བ་ནག་པོ། ཤྲཱི་དྷ་ར་ཀྲ་ཤུ། གཉན་ལོ་དར་མ་གྲགས། ཁའུ་པ་ཆོས་ཀྱི་རྒྱལ་མཚན། ས་ཆེན་ཀུན་དགའ་སྙིང་པོ། ཤོད་བུ་བཀྲ་ཤིས་འོད་ཟེར། འདར་ཕྱྭ་རུ་བ་རིན་ཆེན་བཟང་པོ། བོ་དོང་བརྩོན་འགྲུས་རྡོ་རྗེ། ཇོ་སྲས་སངས་རྒྱས་རིན་ཆེན། སློབ་དཔོན་ཤེས་རབ་འཚོ། བླ་མ་བསོད་ནམས་དབང་ཕྱུག ལྕང་སྤེ་བ་སེང་གེ་འབུམ། ཀུན་མཁྱེན་དཔལ་ལྡན་སེང་གེ། ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་མ་གཞོན་ནུ་
དཔལ། བྱམས་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཆེན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། རྒྱལ་རྩེ་བ་བསོད་ནམས་རྒྱལ་མཚན། བྱེ་རྫིང་མཁན་ཆེན་དཔལ་འབྱོར་ཕྲིན་ལས། དོལ་པཎ་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ངག་དབང་དཔལ་ལྡན་ཆོས་སྐྱོང་། དཔལ་ས་སྐྱ་པ་སྔགས་འཆང་བདུད་ཀྱི་སྟོབས་འཕྲོག་ཀུན་དགའ་རིན་ཆེན། དེ་ལས་སོ། །ཡང་ན། ཀུན་བློ་ནས། ཟུར་འཆད་པ་རིན་ཆེན་རྒྱལ་མཚན། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། དེ་ལས་སོ། །ལུང་ལ། སྲོག་བདག་དམར་པོའི་དྲག་སྔགས་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད། དམར་མོ་ཁྲག་གི་མདའ་འཕེན་མའི་རྒྱུད་གཉིས། ཆོས་སྐྱོང་ལྕམ་སྲིང་གི་རྗེས་གནང་། གནོད་སྦྱིན་ལྕམ་དྲལ་གྱི་བསྙེན་སྒྲུབ་ལས་གསུམ་ལག་ཏུ་བླང་བའི་རིམ་པ་ཧ་ལ་ནག་པོ་དུག་གི་སྤུ་གྲི་གཉིས་ཚར་ཆེན་རིན་པོ་ཆེས་མཛད་པ་རྣམས། འཇམ་མགོན་ཀུན་དགའ་བློ་གྲོས། ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་། ཡོངས་འཛིན་པཎྜི་ཏ་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། དེ་སྲས་འཇམ་མགོན་རྡོ་རྗེ་རིན་ཆེན། དེས་བདག་ལ་དཔལ་ས་སྐྱའི་གཞི་ཐོག་བླ་བྲང་དུ་རྗེས་གནང་གཉིས་དང་བཅས་སྩལ་བའོ། །ཞེས་བྱུང་། ༈ །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་མངའ་བདག་མཻ་ཏྲི་པས་གནང་བ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་རྗེས་གནང་རྒྱས་པ་བར་ཆད་ཀུན་སེལ་ངག་དབང་ཆོས་གྲགས་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། དཔལ་ཤ་བ་རི་དབང་ཕྱུག མངའ་བདག་མཻ་ཏྲི་པ། གྲུབ་ཐོབ་རཱ་ཧུ་ལ་གུཔྟ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མཉམ་མེད་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། མཁས་བཙུན་རྒྱལ་མཚན་འབུམ་པ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བཏང་རི་ཁྲོད་རས་ཆེན། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང་། དྲིན་ཆེན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། ཡང་ན་ཚར་ཆེན་ནས། བོད་མཁར་བ་མཻ་ཏྲི། སྤྱན་སྔ་བ་ཆོས་ཀྱི་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། འདྲེན་མཆོག་སངས་རྒྱས་བསྟན་པ། མཁན་ཆེན་སངས་རྒྱས་དཔལ་བཟང་། འཇམ་མགོན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས། མཚུངས་མེད་ཡེ་ཤེས་རྒྱལ་མཆོག ཡོངས་འཛིན་བློ་གྲོས་རྒྱ་མཚོ། འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན། དེ་ལས་སོ། །ལུང་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ། ཡེ་ཤེས་མགོན་པོའི་ལོ་རྒྱུས། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས། ནག་པོ་ཆེན་པོའི་སྒྲུབ་ཐབས་སྲིའུ་གསོ་པའི་ལས་མཐའ་དང་བཅས་པ་དཔལ་ཤ་བ་རིས་མཛད་པ། གཏོར་ཆོག་རྗེས་གནང་དང་བཅས་པ་བར་ཆད་ཀུན་སེལ་བརྒྱུད་ཡིག་བཅས་ངག་དབང་ཆོས་གྲགས་ཀྱིས་མཛད་པ་རྣམས་གོང་དང་འདྲའམ་སྙམ་ལ་ཤངས་ཆོས་བྱིངས་ཀྱི་བརྒྱུད་པར་ཤེས། ༈ །གཙུག་ཏོར་གདུགས་དཀར་ཅན་མའི་བཀའ་སྲུང་དཔལ་མགོན་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས།
གསང་བའི་བདག་པོ། ཛཻ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། སྐྱུ་ར་ཨ་སྐྱབས། ས་ཆེན། རྩེ་མོ། གྲགས་པ། ཕོ་རོག་མདོ་སྡེ་མགོན། རྒན་མོ་ལྷས་པ། འཇམ་དབྱངས་གཞི་ཐོག་པ། རོང་པ་ཨཱ་ཀ་ར། རྗེ་དཀོན་མཆོག་ཚུལ་ཁྲིམས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཆོས་རྗེ་ཚུལ་རྒྱལ་བ། བྱ་བྲལ་བ་བསོད་ནམས་རིན་ཆེན། ཉུག་པ་ཆོས་གྲགས་དཔལ། ཆོས་རྗེ་བསོད་ནམས་རིན་ཆེན། ཆོས་རྗེ་དོན་ཡོད་རྒྱལ་མཚན། མཁན་ཆེན་ཀུན་དགའ་བློ་གྲོས། མཁས་གྲུབ་བཤེས་གཉེན་བཀྲ་ཤིས། དགེ་སློང་ངག་དབང་རྣམ་རྒྱལ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་བསོད་ནམས་རྒྱ་མཚོ། རྗེ་བྱམས་པ་མཁས་བཙུན། སྐུ་ཞང་བློ་བཟང་མཁས་བཙུན། རྗེ་འཇམ་དཔལ་བཟང་པོ། སྐུ་ཞང་བསྟན་འཛིན་ཕྲིན་ལས། རིན་ཆེན་བྱམས་པ་ཆོས་འཕེལ། བླ་མ་རིན་ཆེན་ལྷུན་གྲུབ། ལྷ་བཙུན་དོན་གྲུབ་རྒྱལ་མཚན། དེ་ལས་སོ། །ཡང་ན། རིན་ཆེན་ལྷུན་གྲུབ་ནས། བླ་མ་ངག་དབང་བཟང་པོ། འཇམ་མགོན་ངག་དབང་ལེགས་གྲུབ། དེ་ལས་སོ། །འདིའི་བརྒྱུད་པ་གཞན། སངས་རྒྱས། གཙུག་ཏོར་དཀར་མོ། ཙནྡྲ་གོ་མཱི་སོགས་ཡིག་ཆའི་དཀྱུས་ལྟར་ཤེས་པར་བྱ་ལ། རྩ་བའི་བརྒྱུད་པ་ནི་གོང་དུ་བཤད་པ་ཉིད་དོ། །ལུང་ལ། དཔལ་མགོན་ལེགས་ལྡན་མཆེད་གསུམ་ལ་གཏོར་མ་འབུལ་བའི་ཆོ་ག་བར་ཆད་ཀུན་སེལ། རྗེས་གནང་བྱ་ཚུལ་བཅས་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་ཡང་རྗེས་གནང་དང་འདྲ། ༈ །དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ནོར་ལྷ་ཤིན་ཏུ་བྱིན་རླབས་ཆེ་བ་མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ཞུ་ཆེན་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། དཔལ་ཤ་བ་རི། མངའ་བདག་
མཻ་ཏྲི་པ། གྲུབ་ཐོབ་རཱ་ཧུ་ལ་གུཔྟ་བཛྲ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། གྲུབ་ཐོབ་རྨོག་ལྕོགས་པ། དབོན་སྟོན་སྐྱེར་སྒང་པ། གཉེན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། གཙང་མ་ཤངས་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། མང་མཁར་པ་བློ་གྲོས་རྒྱལ་མཚན། པུ་རང་དཔལ་ལྡན་དར་པོ། ཞེ་དགོན་པ་བསོད་ནམས་རྩེ་མོ། ལོ་ཆེན་འགྱུར་མེད་བདེ་ཆེན། མཁན་ཆེན་ངག་དབང་ཆོས་གྲགས། བདག་ཆེན་བསོད་ནམས་རྒྱལ་མཚན། བཀྲ་ཤིས་དཔལ་ལྡན། སངས་རྒྱས་དཔལ་བཟང་། སངས་རྒྱས་ཕུན་ཚོགས་སམ། དེས་གསན་པ་ལྟར་གྱི་བརྒྱུད་པ་དངོས་ནི། མུས་ཆེན་ནམ་མཁའི་རྣལ་འབྱོར་ནས། མུས་ཆེན་དཀོན་མཆོག་རྒྱལ་མཚན། སངས་རྒྱས་བཟང་པོ། མཚོ་སྒོ་བ་ནམ་མཁའ་རྒྱལ་མཚན། ངག་དབང་ཀུན་དགའ་བསོད་ནམས། སྔགས་འཆང་དཀོན་མཆོག་ལེགས་འཛིན། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དཔལ་མཆོག་རྒྱལ་མཚན། ནམ་མཁའ་དཔལ་བཟང་། མཁན་ཆེན་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཛིན་པ་ཀུན་དགའ་བསྟན་འཛིན། ཡང་ན། སངས་རྒྱས་ཕུན་ཚོགས་ནས། བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། ཐར་རྩེ་ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་སོ། །ངག་དབང་ཆོས་གྲགས་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི་བརྒྱུད་པ་གོང་མ་ལྟར་ལ། སངས་རྒྱས་ཕུན་ཚོགས་ནས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། པདྨ་བདུད་འདུལ་དབང་
ཕྱུག ཀུན་དགའ་རྒྱལ་མཚན། འཇམ་མགོན་རྡོ་རྗེ་རིན་ཆེན། དེ་ལས་སོ། །ལུང་ལ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་བཀའ་སྲུང་ཐུན་མོང་མ་ཡིན་པའི་མགོན་དཀར་ཡིད་བཞིན་ནོར་བུའི་སྐོར་ལ། དཀར་ཆག སྒྲུབ་ཐབས་དགོས་འདོད་འབྱུང་བའི་གདམས་ངག་དབང་གི་རྒྱལ་པོ་མཁས་གྲུབ་ཁྱུང་པོས་རྨོག་ལྕོགས་པ་ལ་གདམས་པའི་སྙན་བརྒྱུད་མཆན་ཅན། བརྒྱུད་པ་བཅས། བསྟོད་པ་དགོས་འདོད་འབྱུང་བ་ཁྱུང་པོས་མཛད་པ། ལོ་རྒྱུས། གཏོར་ཆོག མཆོད་འབུལ། སྐོང་བ། རྗེས་གནང་། ལས་ཚོགས་ཐུན་མོང་མ་ཡིན་པ། བུམ་གཏེར་བཅའ་ཐབས། དབང་སྡུད་འཁོར་ལོའི་མན་ངག སྦྱིན་སྲེག གཏེར་བུམ་བཅས་པའི་གདམས་པ་ཟབ་མོ། བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ་རྨོག་ལྕོགས་ཀུན་དགའ་འོད་ཀྱིས་མཛད་པ། རབ་གནས་ཏེ་ཡིག་རྙིང་། སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་ཚར་ཆེན་གྱིས་མཛད་པ། སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེ་གྲོལ་མཆོག་གསུང་། རྗེས་གནང་གི་ཕྱག་ལེན་བཀླགས་ཆོག་ངག་ཆོས་ཀྱིས་མཛད་པ། སྒྲུབ་ཐབས་དབང་གི་རྒྱལ་པོ། སྦྱིན་སྲེག་བཀླགས་པས་དོན་གྲུབ། གནད་ནས་སྐུལ་བའི་ཚིགས་བཅད། བརྒྱུད་འདེབས་ཁ་སྐོང་བཅས། ན་མོ་བུདྡྷའི་གསོལ་འདེབས། བེའུ་བུམ་གསར་བསྒྲིགས་གནང་བའི་དཀར་ཆག་བཅས་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞུ་ཆེན་པཎྜི་ཏས་མཛད་པ་རྣམས་ཀྱི་བརྒྱུད་པ་ཞུ་ཆེན་ཡན་དེའི་གསན་ཡིག་ལྟར་ལ། སྒྲུབ་ཐབས་ལས་ཚོགས་ཁྱུང་པོས་མཛད་པ་དང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་བཅས་ཀྱི་བརྒྱུད་པ་ནི། ཞུ་ཆེན་ནས། ཞུ་དབོན་དགེ་ལེགས་ལྷུན་གྲུབ། ཞུ་སློབ་ཀུན་དགའ་དོན་གྲུབ། རྗེ་དགེ་འདུན་རྒྱ་མཚོ། འདིར་འཇམ་དབྱངས་བློ་གསལ་ཡོད་དམ་བརྟག དེ་ལས་སོ། །དེ་
མ་གཏོགས་པའི་ལུང་གཞན་གྱི་བརྒྱུད་པ་ནི་ཞུ་དབོན་མན་འདྲ་བའམ། ཡང་ན། མཁན་དབོན་ཀུན་དགའ་གྲགས་པ། བླ་མ་ཀུན་དགའ་རྒྱ་མཚོ། རྡོ་རྗེ་འཛིན་པ་དཔལ་ལྡན་ཕྲིན་ལས། དེ་ལས་སོ། ༈ །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བཀའ་རྣམས་ལས་སྙིང་ཞུགས་ཐུན་མོང་མ་ཡིན་པའི་རྗེས་གནང་། མཁས་གྲུབ་ཐམས་ཅད་མཁྱེན་པའི་གཏོར་ཆོག་དང་། སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཕྲིན་ལས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མགོན་པོ། ཤ་བ་རི། མཻ་ཏྲི་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ། གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང་། སྔགས་འཆང་རྡོ་རྗེ་གཞོན་ནུ། མཉམ་མེད་ནམ་མཁའི་རྣལ་འབྱོར། མཁས་གྲུབ་དགེ་ལེགས་དཔལ་བཟང་། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་རྡོ་རྗེ། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། སྐྱིད་ཤོད་སྤྲུལ་སྐུ་བསྟན་འཛིན་ཕྲིན་ལས། ཁྲི་ཡང་སྟེང་པ་བློ་བཟང་ཆོས་འཕེལ། ཁྲི་ཆེན་བློ་བཟང་དར་རྒྱས། ཞལ་སྔ་ནས་བློ་བཟང་སྦྱིན་པ། ཁྲི་ཆེན་ངག་དབང་མཆོག་ལྡན། རྒྱལ་མཆོག་སྐལ་བཟང་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། དཔལ་ལྡན་ཐུབ་བསྟན་རྒྱལ་མཚན། རྡོ་རྗེ་འཛིན་པ་སྨིན་གྲོལ་རྒྱ་མཚོ། ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། དེ་ལས་སོ། །ཡང་ན། བ་སོ་ཆོས་ཀྱི་རྒྱལ་མཚན་ནས། འཁྲུལ་ཞིག་རིན་ཆེན་བཤེས་གཉེན། རབ་འབྱམས་སྨྲ་བ་སངས་རྒྱས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ་བཟང་། རྒྱལ་བ་བློ་བཟང་
དོན་གྲུབ་མན་འདྲ། ཡང་ན། ཁྲི་ཆེན་ངག་དབང་མཆོག་ལྡན་ནས། སྤང་ལུང་ངག་དབང་ཆོས་འཛིན། སེ་ར་བྱེས་བློའི་སློབ་དཔོན། མཁན་ཆེན་ཤེས་རབ་གྲགས་པ། རྡོ་རྗེ་འཛིན་པ་སྨིན་གྲོལ་རྒྱ་མཚོ་མན་འདྲ། ༈ །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཞལ་གཟིགས་གུར་མགོན་སྤྲིན་གསེབ་མའི་རྗེས་གནང་ངག་དབང་བསྟན་འཛིན་ཕུན་ཚོགས་ཀྱི་ཡིག་སྟེང་ནས་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། རྡོ་རིངས་པ་ཀུན་དགའ་རྒྱལ་མཚན། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ཉི་ཟླ་བཟང་པོ། དེ་དབོན་ངག་དབང་ཉི་མ། བསྟན་འཛིན་ལྔ་པ་ཀུན་དགའ་བསོད་ནམས། ཞྭ་ལུ་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། བསྟན་འཛིན་དྲུག་པ་བློ་བཟང་ཆོས་ཀྱི་དབང་ཕྱུག གཉིས་ཀས་དྲུང་ཆེན་བསོད་ནམས་མཆོག་གྲུབ། བསྟན་འཛིན་བདུན་པ་ཡེ་ཤེས་ལྷུན་གྲུབ། དགེ་སློང་བློ་བཟང་ཡར་འཕེལ། བསྟན་འཛིན་བརྒྱད་པ་རིན་པོ་ཆེ་མཁྱེན་རབ་མཐུ་སྟོབས། དེ་ལས་སོ། ༈ །གྲུབ་ཆེན་ཐང་རྒྱལ་གྱི་བཀའ་སྲུང་མགོན་པོ་བདུན་རྫོགས་ཀྱི་ཡ་གྱལ་བྲམ་ནག་བཤན་པ་དྲུག་བསྐོར་གྱི་རྗེས་གནང་དབང་ཕྱུག་རབ་བརྟན་ཟིན་བྲིས་ལ་རྗེས་གནང་སྤྱི་ཆིངས་སྦྱར་བའི་སྟེང་ནས་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། རྒྱ་གར་ཀཱ་མ་རཱུ་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་གྲོང་མོ་ཆེ་པ། རྗེ་རེ་ཏ་ཟླ་བ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རས་ཆེན་དཔལ་འབྱོར་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། འཇམ་དབྱངས་ཀུན་དགའ་གྲོལ་མཆོག བསྟན་འཛིན་ཉི་ཟླ་བཟང་པོ། རྗེ་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་བསོད་ནམས་མཆོག་ལྡན། ཟུར་ཆོས་དབྱིངས་རང་གྲོལ། རྒྱལ་དབང་བློ་བཟང་རྒྱ་མཚོ། གང་དཀར་མངོན་དགའ་བ་མང་ཐོས་རྒྱ་མཚོ།
འཇམ་དབྱངས་བདེ་བའི་རྡོ་རྗེ། སྟག་ཕུ་བ་བསྟན་པའི་རྒྱལ་མཚན། དཀོན་མཆོག་འཇིགས་མེད་དབང་པོ། ཡོངས་འཛིན་བློ་གྲོས་འོད་ཟེར། མུས་ཆེན་ཆོས་ཉིད་ཡེ་ཤེས། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་རིན་ཆེན། དེ་ལས་སོ། ༈ །ཇོ་བོ་རྗེ་ལྷ་གཅིག་ནས་བརྒྱུད་པའི་མགོན་པོ་སྟག་ཞོན་གྱི་རྗེས་གནང་པཎ་ཆེན་ནམ་མཁའ་དཔལ་བཟང་ཡིག་ཆ་ལྟར་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། གྲུབ་ཐོབ་བི་ཧ་ར། རཏྣ་ཀཱིརྟི། བི་རི་སེ་ཧཾ། ཇོ་བོ་རྗེ་དཔལ་མར་མེ་མཛད། འབན་དཀོན་མཆོག་བློ་གྲོས། བླ་མ་ཤཱཀྱ་འབར། མཁར་སྟོན་ནམ་མཁའ། ལྕེ་མདོ་སྡེ་སེང་གེ། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་ཤེས་རབ་སེང་གེ། གཅུང་ཡེ་ཤེས་དངོས་གྲུབ། རིན་ཆེན་དཔལ་བཟང་། ལྕེ་དབང་ཕྱུག་རྡོ་རྗེ། རིན་ཆེན་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག བསོད་ནམས་ཆོས་འཕེལ། གཉིས་ཀས་དབང་ཕྱུག་རབ་བརྟན། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང་། ནམ་མཁའ་སངས་རྒྱས། ཧོར་ནམ་མཁའ་དཔལ་བཟང་། དམ་ཆོས་བསམ་འགྲུབ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། དེ་དབོན་རིན་ཆེན་མཆོག་གྲུབ། བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་«བརྟག་་་་་་»འཛིན། དེ་ལས་སོ། །འདིའི་བརྒྱུད་པའི་ཁྱད་པར་གཞན་གསར་རྙིང་ལྔ་ཚར་ཆེན་རིན་པོ་ཆེར་འདུས་པའི་ཚུལ་གཞན་དུ་ཤེས་སོ། །ལུང་ལ། གཏོར་ཆོག་དང་རྗེས་གནང་ནམ་མཁའ་དཔལ་བཟང་གིས་མཛད་པ་གོང་ལྟར་དང་། སྐོང་བ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་ནི་བཀའ་འབུམ་ལྟར་རོ། ༈ །གྲུབ་ཆེན་མི་ཏྲ་ཛོ་གི་ནས་ཁྲོ་ཕུ་ལོ་ཙཱ་བར་བརྒྱུད་དཔལ་ཞྭ་ལུ་པའི་སྲུང་མ་མགོན་པོ་བིང་དམར་ལྷ་གཉིས་པའི་རྗེས་གནང་དབང་རབ་པའི་ཐོ་ཡིག་སྟེང་
ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སྤྱན་རས་གཟིགས། མི་ཏྲ་ཛོ་ཀི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། བསོད་ནམས་དབང་ཕྱུག བསོད་ནམས་སེང་གེ། རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། ལོ་ཙཱ་རིན་ཆེན་རྣམ་རྒྱལ། ནམ་མཁའ་མཆོག་གྲུབ། ནམ་མཁའ་འབུམ། ཟླ་བའི་དཔལ། ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་མཆོག་གྲུབ་དཔལ། རྗེ་ཚུལ་ཁྲིམས་བཟང་མོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག བྱམས་པ་བསྐལ་བཟང་། དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། འདིར་བརྒྱུད་ཚུལ་གཅིག་ལ། ངག་དབང་བློ་གསལ་མཆོག་ལྡན། ཆོས་རྗེ་སྨོན་ལམ་ལྷུན་གྲུབ། བློ་བཟང་མཁས་བཙུན་ཞེས་བྱུང་། རིན་ཆེན་འཇམ་དབྱངས། བློ་བཟང་མཁས་བཙུན། འཇམ་དཔལ་ཚུལ་ཁྲིམས། བྱམས་པ་སྨོན་ལམ་བསམ་གཏན། བྱམས་པ་ཆོས་«གཅིག་ལ་འདི་གཉིས་མ་བྱུང་།་་་་་»འཕེལ། བྱང་གླིང་ཡེ་ཤེས་དཔལ་འབྱོར། ཞྭ་ལུ་ཡེ་ཤེས་མཁས་མཆོག རིན་ཆེན་བློ་གསལ་བསྟན་སྐྱོང་། དེ་ལས་སོ། །ལུང་ལ། གཏོར་ཆོག་མཁྱེན་བརྩེ། སྐོང་བ་བློ་གསལ་ཞབས། རྗེས་གནང་དབང་རབ། གཏོར་མའི་བཀའ་བསྒོ་བློ་གསལ་ཞབས་ཀྱིས་མཛད་པ་བཅས་རྗེ་དེ་ཉིད་ལས་སོ། ༈ །ཚར་ཆེན་རིན་པོ་ཆེའི་ཡིག་ཆའི་སྟེང་ནས་དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་བཀའ་རྒྱ་ཅན་ཐུན་མོང་མ་ཡིན་པ་ཐོབ་པའི་བརྒྱུད་པ་ནི། ཚར་ཆེན་ཡན་རྗེས་གནང་གི་ཡིག་ཆ་ལྟར་ལ། དེ་ནས། མཁྱེན་བརྩེའི་དབང་ཕྱུག དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། རྨོར་ཆེན་རྡོ་རྗེ་འཆང་། གནས་གསར་བ། བོད་འབྲུག་པ་བློ་གསལ་ཕུན་ཚོགས། ཁྲི་ཆེན་ཀུན་དགའ་མཁྱེན་རབ། རྗེ་འགྱུར་མེད་མཆོག་གྲུབ། བྱམས་པ་ཕྲིན་ལས་ཡོན་ཏན། བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། །འདིར་བཞུགས་རྗེས་གནང་ཐུན་མོང་བའི་བརྒྱུད་པ་འདི་དང་གཅིག་
གམ་དཔྱད། ལུང་ལ། གཏོར་ཆོག་རིན་རྣམ་པའི་གསུང་དང་། རྗེས་གནང་གི་ཐོ་མཁྱེན་རབ་ཆོས་རྗེའི་གསུང་ལྟར་བྲིས་པ་བཅས་གོང་དང་འདྲ་འམ་བརྟག། ༈ །ཐར་རྩེ་པཎ་ཆེན་ཡིག་ཆའི་«སྔགས་འཆང་ཆེན་མོའི་ཡིག་ཆ་ཡང་ཡོད།་་་་་»སྟེང་ནས་གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། དཔལ་ཨོ་རྒྱན་རིན་པོ་ཆེ། པཎ་གྲུབ་དྷརྨ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་ཡོན་ཏན་ཚུལ་ཁྲིམས། དེ་ལ། མལ་ལོ་ཙཱ་བ་དང་། འབྲམ་ཇོ་སྲས་ཞང་དགེ་གཉིས་ཀྱིས་གསན། གཉིས་ཀ་ལས། བླ་མ་ས་སྐྱ་པ་ཆེན་པོ། དེ་ནས། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ། འཇམ་དབྱངས་ས་པཎ། འཕགས་པ་བློ་གྲོས་རྒྱལ་མཚན། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། གྲ་ཐང་མཁན་ཆེན་ངག་དབང་བསྟན་འཛིན་ཕུན་ཚོགས། འཇམ་དབྱངས་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། ཡར་ཀླུང་པ་ནམ་མཁའ་ལེགས་པ། དེ་ལས། བླ་མ་དམ་པ་ངག་དབང་རིན་ཆེན་དང་། བླ་མ་ངག་དབང་ཆོས་འབྱོར་གཉིས་ཀྱིས་གསན། གཉིས་ཀ་ལས་བླ་མ་ངག་དབང་བཟང་པོ། འཇམ་མགོན་ངག་དབང་ལེགས་གྲུབ། དེ་ལས་སོ། །ཡང་ངོར་ལུགས་ལྟར་ན་བླ་མ་དམ་པ་ནས། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་
ལེགས་པའི་འབྱུང་གནས། ས་ལོ་ཀུན་དགའ་བསོད་ནམས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ངོར་དབོན་སངས་རྒྱས་སེང་གེ། ཐར་རྩེ་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲ། ཡང་ན་ས་ལོ་ནས། སྔགས་འཆང་ཀུན་དགའ་རིན་ཆེན། པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲ། བོད་ཀྱི་གཏེར་བརྒྱུད་ལྟར་ན། དཔལ་ཨོ་རྒྱན་ཆེན་པོ། མཁར་ཆེན་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ལྷ་བཙུན་བྱང་ཆུབ་འོད། ལོ་ཆེན་རིན་བཟང་མན་སྔ་མ་ལྟར་རོ། །འདི་ནི་ཐར་པཎ་ཡིག་སྟེང་ནས་གསན་པའི་ཚུལ་ཏེ། སྔགས་འཆང་ཆེན་པོའི་གསུང་སྟེང་ནས་གསན་པའང་འདི་དང་འདྲ་འམ་སྙམ་ལ་རྗེ་ཉིད་ཀྱིས་གསན་ཡུལ་དཔལ་ས་སྐྱ་པ་ཀུན་དགའ་རིན་ཆེན་ཡིན་ནམ་སྙམ། ༈ །དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་སྔགས་འཆང་ཀུན་དགའ་རིན་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། རྡོ་རྗེ་འཆང་། རྡོ་རྗེ་གཞོན་ནུ། པདྨཱ་ཀ་ར། འཁོན་ཀླུ་དབང་སྲུང་བ། འཁོན་རྡོ་རྗེ་རིན་ཆེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་སྟོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། འཁོན་སྟོན་ས་ཆེན་གོང་མ་རྣམ་ལྔ། གནམ་ཁའུ་པ། འོད་ལྡན་དཔལ། ཁུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ། དགའ་ལྡན་པ་ཀུན་བསོད། གན་པ་རིན་ཆེན་རྒྱལ་མཚན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། བདག་ཆེན་ནམ་མཁའ་རྒྱལ་མཚན། བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན། ས་ལོ་
འཇམ་དཔལ་རྡོ་རྗེ། འཇམ་དབྱངས་ངག་གི་དབང་ཕྱུག སྔགས་འཆང་ཀུན་དགའ་རིན་ཆེན། སྔགས་འཆང་གྲགས་པ་བློ་གྲོས། ཨ་མེས་ཞབས་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག ཀུན་དགའ་བཀྲ་ཤིས། ངག་དབང་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་རིན་ཆེན་རྒྱལ་མཚན། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། བླ་མ་ཤེས་རབ་འོད་ཟེར། ངག་དབང་ཀུན་དགའ་རྒྱལ་མཚན། ངག་དབང་རྡོ་རྗེ་རིན་ཆེན། དེ་ལས་སོ། །ཡང་ན། ས་ཆེན་ཀུན་དགའ་སྙིང་པོ་ནས། གློ་བོ་རྡོ་རྗེ་སྲིན་པོ། གློ་བོ་རྡོ་རྗེ་འཛིན་པ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན། གནམ་ཁའུ་པ་མན་འདྲའོ། །ཡང་ན། ཀུན་བློ་ནས། དཔལ་ལྡན་ཆོས་སྐྱོང་། སྔགས་འཆང་བླ་མ་ངག་དབང་ཀུན་དགའ་རིན་ཆེན། དེ་ལས་སོ། །ཡང་ན། ཀུན་བློ་ནས། པཎ་ཆེན་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན། དེ་ལས་སོ། ༈ །དཀར་ཆག་དཀྱུས་སུ་མ་འཁོད་པ་ཁ་སྐོང་གི་བསྐོར་ལ། ལྷ་མོ་ཤྲ་མ་ཎའི་རྗེས་གནང་རི་བོ་དགེ་ལྡན་པའི་ཕྱོགས་ལ་ཡོངས་སུ་གྲགས་པ་ཐུ་ཀྭན་ཡིག་ཆ་ལྟར་ནི། ཐུབ་པའི་དབང་པོ། ཀུན་དགའ་བོ། ཉི་མ་གུང་པ། ཤ་ནའི་གོས་ཅན། ཁ་ཆེ་ཐམས་ཅད་མཁྱེན་པ། ཉེ་སྦས། རྒྱ་མཚོ་སྐྱོབ། ཛེ་ཏཱ་རི། ངག་དབང་གྲགས་པ། ཁ་ཆེ་མན་ཀ སྐྱོ་ལོ་ཙཱ་བ། ལ་སྟོད་དབང་ཕྱུག་རིན་ཆེན། མཆིམས་སྟོན་བརྩོན་འགྲུས་སེང་གེ། མཆིམས་བློ་གྲོས་བརྟན་པ། ཆོས་རྗེ་འཇམ་གསར་བ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་ཆེན་གྲུབ། དོན་གྲུབ་རྒྱལ་མགོན། བཀྲ་ཤིས་རིན་ཆེན། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་གྲགས་པ་རྒྱལ་མཚན། རོང་སྟོན་ཤཱཀྱ་རྒྱལ་མཚན། པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། དགེ་ལེགས་
དཔལ་བཟང་། རིན་ཆེན་རྣམ་རྒྱལ། ཡེ་ཤེས་རྒྱ་མཚོ། སངས་རྒྱས་རིན་ཆེན། བསྟན་འཛིན་བཟང་པོ། དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་གྲགས་པ། འཇམ་དབྱངས་དོན་གྲུབ། བློ་བཟང་དོན་གྲུབ། དཀོན་མཆོག་འཇིགས་མེད་དབང་པོ། ཁྱབ་བདག་བདེ་བའི་རྡོ་རྗེ། ཞི་བཟང་སྤྲུལ་སྐུ་དགེ་ལེགས་རྒྱལ་མཚན། སེར་སྨད་མཁན་ཆེན་གྲགས་པ་རྒྱ་མཚོ། ཁལ་ཁ་དམ་ཚིག་རྡོ་རྗེ། ཤར་རྩེ་བློ་བཟང་ཡོན་ཏན། ཞི་བཟང་འཕགས་པ་དོན་གྲུབ། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་ལས་གསན་ཅིང་། ཤྲ་མ་ཎའི་སྒྲུབ་ཐབས་ཤེལ་དཀར་མེ་ལོང་གུང་ཐང་པ་བསྟན་པའི་སྒྲོན་མེས་མཛད་པ་དེ་ཉིད་ནས། དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། ༈ །དཔལ་ལྡན་སྲད་བརྒྱུད་པའི་ལུགས་ཀྱི་རི་ཁྲོད་མ་སེར་མོ་རིགས་གསུམ་གྱི་རྗེས་གནང་ཡིག་རྙིང་ལྟར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨཱ་ཙཱརྻ་ཡོ་གཱི་ཤྭ་རི་ནས་རིམ་བཞིན། གྲུ་ཚང་གི་སྔགས་པ་གྲུབ་ཆེན། རྒྱུད་ཆེན་དཀོན་མཆོག་རྒྱལ་མཚན། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། རྗེ་ངག་དབང་བརྩོན་འགྲུས། བློ་བཟང་ཆོས་འཛིན། བློ་བཟང་བསྟན་པ། གདོང་ཀོམ་ཕུན་ཚོགས་རྒྱ་མཚོ། མང་ཐོས་དགེ་ལེགས་རྒྱ་མཚོ། ངག་དབང་ཕྲིན་ལས། སྐལ་བཟང་དགེ་ལེགས་རྒྱལ་མཚན། ར་བླ་བློ་བཟང་བསྟན་པའི་དོན་གྲུབ། ཡོངས་འཛིན་ཡེ་ཤེས་རྒྱ་མཚོ། ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། དེ་ལས་སོ། །ཡང་ན། གདོང་ཀོམ་ཕུན་ཚོགས་རྒྱ་མཚོ་ནས། སྣུབ་སྟོན་བཞད་པ་རྡོ་རྗེ། དཀོན་མཆོག་འཇིགས་མེད་དབང་པོ། སྟོང་སྐོར་འཇམ་དཔལ་དགེ་ལེགས་རྒྱ་མཚོ། སྐལ་བཟང་འཇམ་དཔལ་རྒྱ་མཚོ་མན་འདྲའོ། །ཡང་ན། རྡོ་རྗེ་འཆང་། འཇམ་དཔལ་དབྱངས། རྒྱལ་བ་ཙོང་ཁ་པ་ཆེན་པོ། ཤེས་རབ་སེང་གེ། འདུལ་ནག་པ་དཔལ་ལྡན་བཟང་པོ། རྒྱུད་ཆེན་འཇམ་དབྱངས་དགེ་
འདུན་འཕེལ། རྒྱུད་ཆེན་བཀྲ་ཤིས་འཕགས། རྒྱུད་ཆེན་བསམ་འགྲུབ་རྒྱ་མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས། རྒྱུད་ཆེན་རྡོ་རྗེ་བཟང་པོ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་ནས་འདྲའོ། །དེ་བརྒྱད་ལ་རྒྱུད་ཆེན་རྣམ་བརྒྱད་ཟེར། བརྒྱུད་པ་འདི་ལྟར་ཞི་བཟང་གསན་ཡིག་ན་ཡོད་ཅིང་ཉེ་བརྒྱུད་ཡིན་པར་གྲགས་སོ། །ལུང་ལ། སྲད་བརྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་གྱི་བསྙེན་པ་བྱ་ཚུལ། ལས་སྦྱོར་གྱི་ཁྱད་པར། བུམ་ཆོག བརྒྱད་ཐོད་ལ་བརྟེན་པའི་རིམས་སྲུང་། སྤྱི་འཇོམས་རིལ་བུའི་སྦྱོར་བ། སྲུང་ཞིང་མཚམས་གཅོད་པ་སོགས་ཕྱོགས་གཅིག་ཏུ་བསྡེབས་པ་ནད་རིམས་ཀུན་སེལ་བདུད་རྩིའི་ཆུ་རྒྱུན། སྤྱི་འཇོམས་རིལ་བུའི་སྡེབ་སྦྱོར་ཞལ་བྱུང་ལོ་རྒྱུས་དང་བཅས་པའི་བརྒྱུད་པ་ནི། རྒྱ་གར་གྱི་གྲུབ་ཆེན་ཞིག་གིས་འབྲིང་མཚམས་ཀྱི་སྔགས་པ་ཞིག་ལ་གནང་། དེ་ནས་རིམ་པར་རང་གི་རིགས་བརྒྱུད་ཁོ་ནར་ཆིག་བརྒྱུད་དུ་གནང་བ་ལས་ཕྱིས་སྲད་བརྒྱུད་རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་སྔགས་པ་དེའི་རིགས་སུ་འཁྲུངས་པས་རང་གི་ཁུ་བོ་སྔགས་བཙུན་ཞིག་ལས་གསན། དེ་ནས་རིམ་པར། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། མཁན་ཆེན་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། ཁྲི་ཆེན་བསོད་ནམས་དབང་རྒྱལ། མཁན་ཆེན་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བཀའ་གདམས་པའི་དགེ་བཤེས་རྣམས་ལས་བརྒྱུད་པ་ལྷ་མོ་དཔལ་ཆེན་མའི་སྒོམ་ལུང་འཇམ་མགོན་ཡོན་ཏན་རྒྱ་མཚོའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་རིན་འབྱུང་ལྟར་ན། རྣམ་སྲས་སེར་ཆེན་བརྒྱུད་པ་དང་ཕལ་ཆེར་མཐུན་པ་ལས། རྗེ་རྣམ་རྒྱལ་བཀྲ་ཤིས། རྗེ་རྣམ་
རྒྱལ་ཕུན་ཚོགས། རྗེ་བཙུན་ཀུན་དགའ་སྙིང་པོ། རྗེ་རིན་ཆེན་རྒྱ་མཚོ་མན་སྤྱི་དང་འདྲ། ལུང་ལ། ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་སྒོམ་ལུང་མན་ངག་དང་བཅས་པ་ལ། འཇམ་དཔལ་དཔའ་བོ་གཅིག་གྲུབ་ལེའུ་གཉིས་པ་ནས་བསྟན་པའི་གསང་སྔགས་ལས་ཚོགས་བཅས་རྒྱུད་ཀྱི་དུམ་བུ་མཆན་མ་ཁོལ་ཕྱུང་། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས། གཡང་སྐྱབས་འདོད་རྒུའི་ཆར་འབེབས་ཀརྨ་ཆགས་མེད་ཀྱིས་མཛད་པ། ཟུར་འདེབས་ཡོངས་འདུའི་སྙེ་མ་དང་། མཇུག་ཆོག་ཉུང་ངུར་བསྡུས་པ་འཇམ་མགོན་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་མཛད་པ་བཅས་ཏེ། རྒྱུད་ཀྱི་དུམ་བུ་དང་། རིན་འབྱུང་གཞུང་ལྟར། གཞན་རྗེ་ཉིད་ལས་སོ། ༈ །པཎ་ཆེན་རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་ལ་བརྒྱུད་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་མམ་དབྱུ་གུ་མཆེད་གསུམ་གྱི་རྗེས་གནང་གཟིམ་འོག་བསྟན་འཛིན་ཕྲིན་ལས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་དབྱངས། སློབ་དཔོན་ཀླུ་སྒྲུབ། སློབ་དཔོན་སངས་རྒྱས་ཡེ་ཤེས། ཁ་ཆེ་རིན་ཆེན་རྡོ་རྗེ། རྡོ་རྗེ་གདན་པ་ཆེ་ཆུང་། དེ་གཉིས་ཀས་བ་རི་ལོ་ཙཱ། ས་ཆེན་གོང་མ་རྣམ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཐུ་ཆེན་ཀུན་དགའ་རྣམ་རྒྱལ། བླ་མ་བློ་གྲོས་རྣམ་རྒྱལ། གོང་དཀར་ཕྲིན་ལས་རྣམ་རྒྱལ། བློ་གྲོས་དབང་ཕྱུག ཆོས་དབང་རྒྱ་མཚོ། ཕུན་ཚོགས་རྣམ་རྒྱལ། ཀུན་དགའ་རྣམ་རྒྱལ། གོང་དཀར་མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། དེ་ལས་སོ། །ཡང་ན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་ནས། བྱང་ཆུབ་དཔལ་རྒྱལ། དབང་ཕྱུག་རྒྱལ་མཚན། ཚུལ་ཁྲིམས་བཀྲ་ཤིས། རིན་ཆེན་རྒྱ་མཚོ། བསྟན་པ་རྒྱ་མཚོ། བློ་གྲོས་དབང་
ཕྱུག ཆོས་དབང་རྒྱ་མཚོ། ཀུན་དགའ་ཆོས་འཕེལ། དཀོན་མཆོག་སྦྱིན་པ། རྗེ་བསྟན་འཛིན་ཚུལ་ཁྲིམས། དེ་ལས་སོ། །ཡང་། བསྟན་འཛིན་བརྒྱད་པ་མཁྱེན་རབ་མཐུ་སྟོབས་ལས་ཀྱང་ནོས་སོ། ༈ །ཇོ་བོ་རྗེ་ལྷ་གཅིག་ནས་དགེ་བའི་བཤེས་གཉེན་བཀའ་གདམས་པ་གསར་རྙིང་ལས་བརྒྱུད་པའི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། གཙོ་བོར་སོ་སོའི་སྐུ་བསྐྱེད་བསྟིམས། གསུང་བཟླས་ལུང་ཡོངས་རྫོགས། ཐུགས་འོད་གསལ་གྱི་ངང་དུ་འཇོག་པ། ལྷ་བསྟིམ་པ་བཅས་རྗེ་དྲུང་དགེ་འདུན་བཀྲ་ཤིས་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སྒྲོལ་མ། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། བྱ་མཆད་ཀ་བ། སྐྱེར་སྒང་པ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། ཟེའུ་སྐུ་མཆེད། མཆིམས་བློ་བཟང་གྲགས། གྲོ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། གནས་རྙིང་པ་ཀུན་དགའ་བདེ་ལེགས། རྒྱལ་བ་དགེ་འདུན་རྒྱ་མཚོ། རྗེ་དགེ་འདུན་བཀྲ་ཤིས། རྗེ་མི་གཡོ་སྙིང་པོ། སྒོམ་སྡེ་ནམ་མཁའ་རྒྱལ་མཚན། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། ལྕང་སྐྱ་ངག་དབང་བློ་བཟང་མཆོག་ལྡན། རྗེ་ངག་དབང་བློ་གྲོས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། མཁན་ཆེན་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེ། ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། དེ་ལས་སོ། ༈ །ལྕང་སྐྱ་རོལ་པའི་རྡོ་རྗེའི་ཡིག་སྟེང་ནས་རྡོ་རྗེ་སེམས་དཔའ་ཡུམ་བཅས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྒྱལ་སྲས་བློ་གྲོས་རིན་ཆེན། ཀླུ་སྒྲུབ། མ་ཏངྒི་པ། གྲུབ་ཆེན་ཏཻ་ལོ་པ། ན་རོ་པ། སྒྲ་བསྒྱུར་མར་པ། མཚུར་དབང་གི་རྡོ་རྗེ།
གད་པ་ཀིའརྟི། བྱ་རྐང་པ་བསོད་ནམས་རིན་ཆེན། ཐུར་ལྷ་བ། ཐང་སྤེ་བ། གསེར་སྡིངས་པ། ཀུན་མཁྱེན་ཆོས་འོད། འཕགས་འོད། བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ། རྗེ་ཙོང་ཁ་པ། རྗེ་ཤེས་རབ་སེང་གེ། རྒྱུད་ཆེན་དཔལ་ལྡན་བཟང་པོ། དགེ་འདུན་འཕེལ། བཀྲ་ཤིས་འཕགས། བསམ་འགྲུབ་རྒྱ་མཚོ། བརྩོན་འགྲུས་འཕགས། རྡོ་རྗེ་བཟང་པོ། སངས་རྒྱས་རྒྱ་མཚོ། དཀོན་མཆོག་རྒྱ་མཚོ། དཀོན་མཆོག་ཡར་འཕེལ་བར་རྒྱུད་ཆེན་དང་། དེ་ནས་ལྕང་སྐྱ་ངག་དབང་ཆོས་ལྡན། ཨར་རྩེ་བློ་བཟང་ཆོས་འཛིན། ལྕང་སྐྱ་ཡེ་ཤེས་བསྟན་སྒྲོན། རྗེ་ངག་དབང་ཆོས་གྲགས། རྗེ་ངག་དབང་ཕྲིན་ལས། ཨར་རྩེ་དགེ་ལེགས་ཆོས་འཕེལ། ཧར་ཆེན་ནོ་ཡོན་ཧོ་ཐོག་ཐུ་ཡེ་ཤེས་སྐལ་བཟང་། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ། དེ་ལས་སོ། ༈ །སྐྱིད་ཤོད་པའི་ཡིག་ཆའི་སྟེང་ནས་རྡོར་སེམས་ཡབ་རྐྱང་གི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་འཇམ་དཔལ་དབྱངས། རྗེ་ཐམས་ཅད་མཁྱེན་པ། རྗེ་ཤེས་རབ་སེང་གེ། རྒྱུད་ཆེན་སྦྱིན་པ་དཔལ། རྗེ་སྨྲ་བའི་སེང་གེ། སྔགས་རམས་པ་དགེ་འདུན་བཀྲ་ཤིས། རྗེ་མི་གཡོ་སྙིང་པོ། སྒོམ་སྡེ་བ་ནམ་མཁའ་རྒྱལ་མཚན། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། སྐྱིད་ཤོད་རྡོ་རྗེ་འཆང་། རྗེ་བློ་བཟང་སྦྱིན་པ། ཁྲི་ཆེན་ངག་དབང་མཆོག་ལྡན། རྒྱལ་དབང་སྐལ་བཟང་རྒྱ་མཚོ། བྱེས་ཟུར་ངག་དབང་དོན་གྲུབ། བྲག་རི་རྡོ་རྗེ་འཆང་། རྭ་བསྒྲེངས་ཡེ་ཤེས་བསྟན་པ་དར་རྒྱས། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ། ཆུ་བཟང་དགེ་བཤེས་སྐལ་བཟང་མཁས་གྲུབ། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། དེ་ལས་སོ། ༈ །རྡོར་སེམས་བླ་མེད་རྗེས་གནང་ནི། མཛད་པ་པོ། ཧུ་ཐོག་ཐུ་བློ་གྲོས་ཀུན་དགའ་བསྟན་འཛིན། ལྕང་ལུང་པཎྜི་ཏ། མཆོག་སྤྲུལ་གྲགས་པ་བསྟན་འཛིན། སྡེ་ཁྲི་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཉི་མ།
ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས། ཆུ་བཟང་པ་ཡེ་ཤེས་རྒྱ་མཚོ། རྒྱུད་སྟོད་དགེ་བཤེས་རྨུ་ལི་བ་སྦྱིན་པ་མཐུ་སྟོབས། བཤེས་གཉེན་དམ་པ་ཡེ་ཤེས་གོང་འཕེལ། དེ་ལས་སོ། ༈ །སྐྱིད་ཤོད་པས་མཛད་པའི་རྡོར་སེམས་རྗེས་གནང་ཡིག་ལུང་། མཛད་པ་པོ། དྭགས་པོ་བློ་བཟང་སྦྱིན་པ། ཞི་བ་ལྷ་བཟང་པོ། སེ་ར་རྩེ་བློ་བཟང་སྙན་གྲགས། ཕ་བོང་ཁ་པ་རྒྱ་མཚོ་མཐའ་ཡས། ཡོངས་འཛིན་བློ་བཟང་བསྟན་འཛིན་དཔལ་འབྱོར། ལྷ་བཙུན་ཡེ་ཤེས་རྒྱལ་མཚན། དགེ་བཤེས་ཡེ་ཤེས་གོང་འཕེལ། དེ་ལས་སོ། །ཕུར་བུ་ལྕོགས་བྱམས་པས་མཛད་པའི་རྡོར་སེམས་རིལ་སྒྲུབ། མཛད་པ་པོ། དཔོན་སློབ་བློ་བཟང་ཐུགས་རྗེ། སྤང་ལུང་པ་ངག་དབང་ཆོས་འཛིན། རྒྱུད་སྟོད་མཁན་ཆེན་དགེ་འདུན་དར་རྒྱས། ཁྲི་ཆེན་བློ་བཟང་སྙན་གྲགས། དགེ་བཤེས་ཡེ་ཤེས་གོང་འཕེལ། དེ་ལས་སོ། ༈ །དཔལ་གསང་བ་འདུས་པའི་དྲང་ངེས་ཀྱི་སྔགས་འབྲུ་གསུམ་བཏུ་ཞིང་བྱིན་གྱིས་བརླབས་པའི་རིམ་པ་གུ་གེ་ཡོངས་འཛིན་རིན་པོ་ཆེ་བློ་བཟང་བསྟན་འཛིན་གྱི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། བྱང་སེམས་བློ་གྲོས་རིན་ཆེན། སློབ་དཔོན་ཀླུ་སྒྲུབ། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། ནག་པོ་སྤྱོད་པ། རྒྱལ་རིགས་སྤྲིན་གྱི་ཤུགས་ཅན། འགོས་ལོ་ཁུག་པ་ལྷས་བཙས། མང་ར་བ་སེང་གེ་རྒྱལ་མཚན། རྔོག་ཡེ་ཤེས་སེང་གེ། རྔོག་ཨཱརྻ་དེ་ཝ། གླན་བཙད་ཚ་ཉི་མ་ལྕམ། སྟག་པ་བ་རིན་ཆེན་གྲགས། ཐུར་ལྷ་བ། ཐང་སྤེ་བ་འཕགས་པ་སྐྱབས། གསེར་སྡིང་པ་གཞོན་ནུ་གྲུབ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཙཱ་བ་ནམ་མཁའ་བཟང་པོ། རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་བདག་ཉིད་ཆེན་པོ། མཁས་གྲུབ་ཤེས་རབ་སེང་གེ། འདུལ་
ནག་པ་དཔལ་ལྡན་བཟང་པོ། རྒྱུད་ཆེན་དགེ་འདུན་འཕེལ། བཀྲ་ཤིས་འཕགས། བརྩོན་འགྲུས་འཕགས། སངས་རྒྱས་རྒྱ་མཚོ། དཀོན་མཆོག་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། རྗེ་ངག་དབང་བརྩོན་འགྲུས། རྗེ་ངག་དབང་བློ་བཟང་། མཁན་ཆེན་བློ་བཟང་དཔལ་ལྡན། ཁྱབ་བདག་བློ་བཟང་ཡོན་ཏན། སྨན་རམས་པ་བློ་བཟང་བསོད་ནམས། རྗེ་ངག་དབང་ཆོས་ཀྱི་རྒྱ་མཚོ། བཀའ་འགྱུར་བ་བློ་བཟང་བཀྲ་ཤིས། མཁན་ཆེན་དཀོན་མཆོག་རྒྱལ་མཚན། བྲག་སྒོམ་ཞབས་དྲུང་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། ༈ །དཔལ་འཁོར་ལོ་སྡོམ་པ་རིན་ཆེན་བཞིའི་སྔགས་བཏུ་བའི་ཕྱག་ལེན་དང་བྱིན་གྱིས་བརླབས་པའི་རིམ་པ་བཤད་རྒྱུན་དང་ཟུང་འབྲེལ་དུ་བྱུང་བ་མཁས་གྲུབ་ཆེན་པོ་འཇམ་དབྱངས་བདེ་བའི་རྡོ་རྗེའི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ལཱུ་ཧི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ། རུ་སྦལ་ཞབས། ཛ་ལནྡྷ་རི་པ། ནག་པོ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ་བློ་གྲོས་གྲགས། ས་ཆེན། རྩེ་མོ། གྲགས་པ། ས་པཎ། འུ་ཡུག་པ་བསོད་ནམས་སེང་གེ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ། བུ་སྟོན་རིན་ཆེན་གྲུབ། མཁས་གྲུབ་ཁྱུང་པོ་ལྷས་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྗེ་སངས་རྒྱས་རིན་ཆེན། ངོར་དབོན་སངས་རྒྱས་སེང་གེ། པཎ་ཆེན་ནམ་མཁའ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་དོན་གྲུབ། གུང་ཐང་ལོ་ཆེན་བཤེས་གཉེན་རྣམ་རྒྱལ། གངས་དཀར་བ་མང་ཐོས་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ། བློ་བཟང་བསྟན་པའི་རྒྱལ་མཚན།
དཀོན་མཆོག་འཇིགས་མེད་དབང་པོ། མཁན་ཆེན་དཀོན་མཆོག་རྒྱལ་མཚན། བྲག་སྒོམ་ཞབས་དྲུང་རིན་པོ་ཆེ་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། ༈ །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྩ་སྔགས། སྙིང་པོ། ཉེ་སྙིང་རྣམས་བཏུ་བའི་ཕྱག་ལེན་རྗེས་གནང་དང་བཅས་པ་ལྷ་བཙུན་རིན་ཆེན་རྒྱ་མཚོའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀཱ་ར། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང་། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཡེ་ཤེས་སེང་གེ། བླ་མ་ཡེ་ཤེས་དཔལ་བ། ཆོས་རྗེ་དོན་གྲུབ་རིན་ཆེན། རྗེ་བདག་ཉིད་ཆེན་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་པོ། ལྷ་བཙུན་རིན་ཆེན་རྒྱ་མཚོ། པཎ་ཆེན་ངོ་མཚར་རྒྱ་མཚོ། དམར་སྟོན་ཚུལ་ཁྲིམས་རིན་ཆེན། རྗེ་དགེ་འདུན་བཀྲ་ཤིས། སློབ་དཔོན་ཆོས་གྲགས་འོད་ཟེར། པཎ་ཆེན་ཆོས་ཡར་འཕེལ། རྗེ་བློ་བཟང་ཆོས་རྒྱན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། སྐྱི་ཤོད་སྤྲུལ་སྐུ་བསྟན་འཛིན་ཕྲིན་ལས། པཎྜི་ཏ་བློ་བཟང་སྦྱིན་པ། འཇམ་དབྱངས་བདེ་བའི་རྡོ་རྗེ། རྗེ་བློ་བཟང་བསྟན་འཛིན་རྒྱལ་མཚན། དཀོན་མཆོག་འཇིགས་མེད་དབང་པོ། མཁན་ཆེན་དཀོན་མཆོག་རྒྱལ་མཚན། མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་སོ། །ཡང་ན། མཁས་གྲུབ་རིན་པོ་ཆེ་ནས། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་རྡོ་རྗེ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན་མན་འདྲ། ༈ །དངུལ་རི་བླ་མ་དྷརྨ་བྷ་དྲས་མཛད་པའི་བདེ་མཆོག་སྔགས་བཏུའི་བྱིན་རླབས་ལེགས་བཤད་གསེར་གྱི་ཐུར་མ་དང་། འཇིགས་བྱེད་སྔགས་
བཏུའི་རྗེས་གནང་རབ་གསལ་སྒྲོན་མེ་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། དབོན་འཇམ་དབྱངས་རྡོ་རྗེ། ཆོས་མཛད་དགེ་ལེགས་མཆོག་ལྡན། དགེ་བཤེས་རིན་པོ་ཆེ་ཡེ་ཤེས་གོང་འཕེལ། དེ་ལས་སོ། ༈ །རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སྔགས་བཏུའི་རྗེས་གནང་དངུལ་ཆུ་བླ་མ་རིན་པོ་ཆེས་མཛད་པའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ཡན་ཆོད་བཙལ། དེ་ནས་རིམ་བརྒྱུད་ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་། དེ་ལས་སོ། ༈ །འབྲི་གུང་པ་ཆོས་ཀྱི་གྲགས་པའི་བཀའ་འབུམ་ནས། བླ་མེད་ལྷན་སྐྱེས་རྣམ་པ་བཞི་ཞེས། གསང་གསུམ་འདུས་པའི་སྒེག་རྡོར་ལུགས། བདེ་མཆོག་དྲིལ་བུ་ལུགས། དགྱེས་རྡོར་ཤཱནྟི་པའི་ལུགས། དུས་འཁོར་རཱ་ཧུ་ལ་ཤྲཱི་བྷ་དྲའི་ལུགས་རྣམས་ཀྱི་དབང་། དེ་རྣམས་དང་རྗེས་འབྲེལ་རྫོགས་རིམ་ལ། གསང་འདུས་རིམ་ལྔ་མར་ལུགས། བདེ་མཆོག་རིམ་ལྔ་དྲིལ་བུ་ལུགས། དགྱེས་རྡོར་ཆོས་དྲུག་ནཱ་རོ་ལུགས། དུས་འཁོར་རྫོགས་རིམ་ཀཥྨཱི་ར་པ་སཽ་མ་ནཱ་ཐའི་ལུགས་ཏེ། དེའང་སྒྲུབ་ཐབས་རྫོགས་པའི་རྣལ་འབྱོར་དང་། རྫོགས་རིམ་སྙིང་པོ་དོན་གྱི་ཕྲེང་བ་དག་གི་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། གསང་འདུས་རིམ་ལྔའི་བརྒྱུད་པ། བུ་སྟོན་རིན་པོ་ཆེ་ནས། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁས་པ་ཙནྡྲ་ཀཱིརྟི། རྗེ་ཡེ་ཤེས་རྒྱ་མཚོ། སྐུ་ཞང་མཁྱེན་རབ་ཆོས་རྗེ། བླ་མ་རིན་ཆེན་རྒྱལ་པོ། གྲུབ་ཆེན་པདྨ་གར་དབང་། རྗེ་མང་ཐོས་རྣམ་རྒྱལ། སློབ་དཔོན་བསོད་ནམས་ཆོས་འཕེལ། ཞྭ་དམར་ཆོས་ཀྱི་དབང་ཕྱུག རྗེ་ཆོས་ཀྱི་གྲགས་པའོ། །ནཱ་རོ་ཆོས་དྲུག རྡོ་རྗེ་འཆང་། ཏཻ་ལོ། ནཱ་རོ་པ། མར་པ། མི་ལ། དྭགས་པོ། ཕག་གྲུ། འབྲི་གུང་པ་རཏྣ་ཤྲཱི། དབོན་བསོད་ནམས་གྲགས་པ། གཅུང་རྡོ་རྗེ་གྲགས་པ། ཐོག་ཁ་བ་རིན་ཆེན་སེང་གེ མཚམས་བཅད་པ་གྲགས་པ་བསོད་ནམས། བཅུ་གཉིས་པ་རྡོ་རྗེ་
རིན་ཆེན། ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ། འཛམ་གླིང་ཆོས་ཀྱི་རྒྱལ་པོ། དོན་གྲུབ་རྒྱལ་པོ། ལ་ཕྱི་བ་ནམ་མཁའ་རྒྱལ་མཚན། འདུལ་འཛིན་ངག་དབང་རྒྱལ་མཚན། སྟག་ལུང་པ་ངག་དབང་གྲགས་པ། ཝྃ་རིན་ཆེན་ཆོས་རྒྱལ། རྒྱལ་དབང་ཀུན་དགའ་རིན་ཆེན། རྗེ་རིན་ཆེན་ཕུན་ཚོགས། པཎ་ཆེན་དཔལ་གྱི་རྒྱལ་མཚན། རྒྱལ་དབང་ཆོས་རྒྱལ་ཕུན་ཚོགས། མཁན་ཆེན་རྣམ་འཇོམས་ཕུན་ཚོགས། རྗེ་ཆོས་ཀྱི་གྲགས་པའོ། །བདེ་མཆོག་དྲིལ་བུ་ལུགས། རྡོ་རྗེ་འཆང་། ཀླུ་སྒྲུབ། དྲིལ་བུ་པ། ཛ་ལེནྡྷ་ར། ནག་པོ་སྤྱོད་པ། ཏིལླི་པ། ནཱ་རོ་པ། ཀརྞ་རི་པ། རྡོ་རྗེ་གདན་པ། འཇིགས་མེད་འབྱུང་གནས། རྩྭ་མི་སངས་རྒྱས་གྲགས། དཔལ་རྒྭ་ལོ་ཆེན་པོ། རྗེ་ཕག་མོ་གྲུ་པ། སྐྱོབ་པ་འཇིག་རྟེན་མགོན་པོ། སྤྱན་སྔ་གྲགས་པ་འབྱུང་གནས། བཅུ་གཉིས་པ་རིན་ཆེན་རྡོ་རྗེ། སློབ་དཔོན་དབང་ཕྱུག་བསོད་ནམས། མཁས་གྲུབ་གྲགས་པ་ཤེས་རབ། ཀུན་མཁྱེན་ཚུལ་རྒྱལ་བ། མཚུངས་མེད་གྲགས་པ་རྡོ་རྗེ། གཙང་པ་བློ་བཟང་པ། མཁན་ཆེན་རིན་ཆེན་བཟང་པོ། རྗེ་བསོད་ནམས་མཚན་ཅན། རྒྱལ་དབང་རིན་ཆེན་ཕུན་ཚོགས། དེ་སྲས་ཆོས་རྒྱལ་ཕུན་ཚོགས། རྗེ་ཆོས་ཀྱི་གྲགས་པའོ། །དུས་འཁོར་སྦྱོར་དྲུག་མ་བྱུང་བ་སླར་བཙལ། དེ་དག་གི་བྱིན་རླབས་དབང་བསྐུར་གྱི་བརྒྱུད་པ་ལ། བདེ་མཆོག་ནི། རྡོ་རྗེ་འཆང་། དགའ་རབ་རྡོ་རྗེ། རྡོ་རྗེ་གདན་པ་གཉིས། བ་རི་ལོ་ཙཱ་བ། ས་ཆེན་གོང་མ་ལྔ། ལུང་ཕུ་བ། སེམས་ཆེ་ར་བ། གྲུབ་ཆེན་བུདྡྷ་ན་པ། རྗེ་བཙུན་ཀུན་དགའ་སྙིང་པོ། སྟག་ལུང་ངག་དབང་རྣམ་རྒྱལ། བཀྲ་ཤིས་དཔལ་གྲུབ། གྲགས་པ་ལེགས་གྲུབ། འཇམ་དཔལ་རྒྱ་མཚོ། ངག་དབང་གྲགས་པ། དཔལ་འབྲི་གུང་པ་ཆེན་པོ་ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་
བཟང་པོ། བསྟན་འཛིན་འགྲོ་འདུལ། ལྷོ་དཀོན་མཆོག་ཆོས་ཀྱི་རྒྱལ་མཚན། དོན་གྲུབ་ཆོས་ཀྱི་རྒྱལ་པོ། བསྟན་འཛིན་ཆོས་ཀྱི་ཉི་མ། མགར་ཆོས་ཀྱི་ཉི་མ། སྤྲུལ་སྐུ་ཆོས་ཉིད་ནོར་བུ། རྗེ་དཀོན་མཆོག་བསྟན་འཛིན། དེ་ལས་སོ། །ཡང་ན། དོན་གྲུབ་ཆོས་ཀྱི་རྒྱལ་པོ་ནས། དཀོན་མཆོག་བསྟན་འཛིན། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་ཉི་མ། ངག་དབང་བསྟན་པའི་ཉི་མ། དེ་ལས་སོ། ༈ །སྒེག་པའི་རྡོ་རྗེའི་ལུགས་ཀྱི་གསང་འདུས་དང་། སྒྲ་གཅན་འཛིན་དཔལ་བཟང་པོའི་ལུགས་ཀྱི་དུས་འཁོར་ནི། རྡོ་རྗེ་འཆང་། རཱ་ཧུ་ལ་ཤྲཱི། བི་ཁྱཱ་ཏ་དེ་བ། བུདྡྷ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། བླ་མ་བསོད་ནམས་དབང་ཕྱུག ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། དགྲ་བཅོམ་པ་ཡོན་ཏན་བློ་གྲོས། སྦྱང་ལུང་པ། རེད་མདའ་བ་ཆེན་པོ། པཎ་ཆེན་ཤཱཀྱ་མཆོག་ལྡན། བྱང་སེམས་ཤེས་རབ་དཔལ་འབྱོར། རྗེ་བཙུན་ཀུན་དགའ་གྲོལ་མཆོག རྗེ་ལུང་རིག་རྒྱ་མཚོ། རྗེ་ཀུན་དགའ་སྙིང་པོ་མན་གོང་བདེ་མཆོག་ལྟར་རོ། ༈ །ཤཱནྟི་པའི་ལུགས་ཀྱི་རྡོ་རྗེ་ནི་གོང་གི་བདེ་མཆོག་དང་འདྲའོ། །ཞེས་བྱུང་སྟེ་དབང་ཁྲིད་ཀྱི་བརྒྱུད་པ་སོ་སོར་བཞུགས་ན་འདི་ལྟར་ཡིན་རུང་ཞིང་། བརྒྱུད་ཁུངས་ལེགས་པར་དཔྱད་པར་འོས་སོ། ༈ །དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཞེས་ཡོངས་སུ་གྲགས་པའི་ཡ་རྒྱལ་འཁོན་ལུགས་ཡང་དག་ཟླ་གམ་གཅིག་མའི་བྱིན་རླབས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་དཔལ་ཧེ་རུ་ཀ རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བ། སངས་རྒྱས་གསང་བ། ཧཱུྃ་ཀ་ར། པདྨ་ཐོད་ཕྲེང་། བི་མ་མི་ཏྲ། ཤཱི་ལ་མཉྫུ། རྡོ་རྗེ་བདུད་འཇོམས། ཛྙ་ན་ཀུ་མཱ་ར། འཁོན་ཀླུ་དབང་སྲུང་བ།
རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་པོ། གཙུག་ཏོར་ཤེས་རབ། དགེ་སྐྱབས། དགེ་མཐོང་། བལ་པོ། ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། རྗེ་བཙུན་གོང་མ་ལྔ། གནམ་ཁའུ་པ། བུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་མཆོག་པ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཆོས་སྒོ་བ་ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། ཀླུ་པ་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། ནམ་མཁའ་བློ་གྲོས། ཆག་ལོ་རིན་རྒྱལ། ས་ལོ་ཀུན་བསོད། སྒོ་རུམ་པ་ཀུན་ལེགས། མཁྱེན་བརྩེའི་དབང་ཕྱུག དབང་ཕྱུག་རབ་བརྟན། ཨ་མེས་ཞབས། བསོད་ནམས་དབང་ཕྱུག བསོད་ནམས་མཆོག་གྲུབ། གོང་དཀར་ཕྲིན་ལས་རྣམ་རྒྱལ། སྒྱི་ཆུ་མཁན་པོ་བློ་གྲོས་དབང་ཕྱུག རྣམ་གྲོང་པ་ཆོས་དབང་རྒྱ་མཚོ། གྲུབ་རྒྱལ་གླིང་པ་བསོད་ནམས་རྒྱལ་མཚན། རྣམ་གྲོང་ཡེ་ཤེས་རྣམ་རྒྱལ། གོང་དཀར་མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། དེ་ལས་སོ། །ལུང་ལ། སློབ་དཔོན་ཧཱུྃ་ཀ་རའི་རྒྱ་གཞུང་ཡང་དག་པར་གྲུབ་པའི་བརྒྱུད་པ་བཙལ། ཟླ་གམ་གཅིག་མ་ལ་བརྟེན་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་དེ་ཉིད་ལས་སོ། ༈ །འཁོན་ལུགས་དཔལ་རྡོ་རྗེ་ཕུར་པའི་གཏོར་དབང་དབང་ཆེན་གྱི་རྗེས་འབྲེལ་དུ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། འཁོན་ཀླུ་དབང་སྲུང་བ་ནས། བླ་མ་དམ་པའི་བར་ཡང་དག་དང་འདྲ། དེ་ནས། བླ་ཆེན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་
ཆེན་རྒྱ་གར་བ། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཀུན་དགའ་རིན་ཆེན། བསོད་ནམས་དབང་པོ། གྲགས་པ་བློ་གྲོས། ཀུན་དགའ་བསོད་ནམས། བསོད་ནམས་དབང་ཕྱུག ཀུན་དགའ་བཀྲ་ཤིས། བསོད་ནམས་རིན་ཆེན། ཀུན་དགའ་བློ་གྲོས། དབང་སྡུད་སྙིང་པོ། ངག་དབང་ཀུན་དགའ་རིན་ཆེན། དེ་ལས་སོ། །ཕུར་པ་རྩ་དུམ་རྒྱུད་ས་པཎ་འགྱུར་རྒྱུད་འབུམ་ལྟར་དང་། རྡོ་རྗེ་ཕུར་པའི་སྒྲུབ་སྐོར་རྗེ་བཙུན་གྲགས་པས་མཛད་པ། མཆོད་གཏོར་བསྡུས་པ། བཟླས་པ། སྲུང་བ། གདོན་འདུལ། རྒྱན་གྱི་གདམས་ངག་སངས་རྒྱས་ལག་བཅངས་རྫོགས་རིམ་བཅས་ཡིག་རྙིང་རྣམས་བཀའ་འབུམ་ལྟར་རོ། །ས་ལོའི་བསྙེན་སྒྲུབ་གསལ་བྱེད་བདུད་རྩིའི་འོད་ཅན་ཀུན་བློས་མཆན་དཀྱུས་བསྡེབས་ནག་འགྲོས་གནང་བ། སྒྲུབ་ཐབས་ངེས་དོན་ཐིག་ལེ་ཀུན་བློས་མཛད་པ་ལས། ས་ལོའི་གསུང་དེ་ཉིད་ནས། སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་དབྱངས་བསོད་ནམས་དབང་པོ། ཨ་མེས་ཞབས་ཀུན་དགའ་བསོད་ནམས། ཡབ་རྗེ་ཀུན་དགའ་བཀྲ་ཤིས་མན་སྟོད་ལས་དབང་བརྒྱུད་དང་འདྲ། ཀུན་བློའི་གསུང་ཉིད་ནས་འཆི་མེད་བསྟན་པའི་ཉི་མ། ཀུན་དགའ་རིན་ཆེན། དེ་ལས་སོ། །རྒྱུན་གྱི་ཉམས་ལེན་ཐུགས་ཀྱི་ཐིག་ལེ། བརྒྱུད་འདེབས་བཻ་ཌཱུརྻའི་ཕྲེང་མཛེས། གཏོར་དབང་བྱིན་རླབས་བཅུད་ཐིགས་རྣམས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མཛད་པ་རྗེ་ཉིད་ཀྱི་ཞལ་སྔ་ནས་སོ། ༈ །ཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་ཡིག་ཐར་པའི་སྒོ་གཅིག་བསྟན་འཛིན་ཆོས་ཀྱི་ཉི་མ་ལས་སོ། ༈ །ཚར་ཆེན་ཡིག་སྟེང་ནས་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི་གཞུང་དུ་གསལ་བ་ལྟར་ལ་བརྒྱུད་པའི་ཁྱད་པར་གཞན། ཚར་ཆེན། མཁྱེན་བརྩེ། དགོན་གསར་བ་བསོད་ནམས་ཆོས་འཕེལ། པཎ་ཆེན་
ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། ངག་དབང་བསྟན་པ་རབ་རྒྱས། གྲོ་ལུང་པ་བསོད་ནམས་ཆོས་འཕེལ། བྲག་རྩ་བ་བློ་གསལ་བསྟན་འཛིན་རྒྱ་མཚོ། ཡབ་རྗེ་ཀུན་དགའ་བློ་གྲོས། ཀུན་མཁྱེན་ངག་དབང་བསྟན་འཛིན་ཕྲིན་ལས། བྱམས་པ་ཕྲིན་ལས་ཡོན་ཏན། བྱམས་པ་བསྟན་འཛིན་སྙན་གྲགས། དེ་ལས་སོ། །ལུང་ལ། གསང་སྒྲུབ་ཀྱི་གཞུང་རྩ་བ་ལེ་ཚན་དྲུག ཚར་ཆེན་གྱི་མངོན་རྟོགས་དང་། བྱིན་རླབས་ཀྱི་ཆོ་ག ངག་དབང་ཆོས་གྲགས་ཀྱི་སྒྲུབ་རྗེས། ལྔ་པ་རིན་པོ་ཆེའི་སྒྲུབ་ཐབས། པད་ཕྲིན་གྱི་རྒྱུན་ཁྱེར། བསྙེན་ཡིག སྦྱིན་སྲེག་བཅས་ཀྱི་ཡིག་ཆ་གཞན་དག་གི་ལུང་བྱིན་རླབས་རྗེས་གནང་གི་བརྒྱུད་པ་གཞུང་དུ་གསལ་བ་དང་འདྲའམ་སྙམ་ལ། རྒྱལ་དབང་ལྔ་པའི་གསུང་དེ་ཉིད་ནས། རིག་འཛིན་པདྨ་ཕྲིན་ལས། རྗེ་ངག་དབང་བློ་གྲོས། གཉོས་སྟོན་བློ་བཟང་རྒྱལ་མཚན། ཀུན་བཟང་སྙན་གྲགས་རྒྱ་མཚོ། རིག་འཛིན་ཆོས་རྡོ་རྗེ། བླ་མ་དགེ་ལེགས་ཡོན་ཏན། ཆོས་རྗེ་མཁྱེན་རབ་ཕྲིན་ལས། ངག་དབང་ཆོས་འབྱོར། བྱམས་པ་ཕྲིན་ལས་ཡོན་ཏན། འཇམ་མགོན་བསྟན་འཛིན་སྙན་གྲགས། དེ་ལས་སོ། །པད་ཕྲིན་བསྙེན་ཡིག་དང་། རྒྱུན་ཁྱེར་གཉིས་དེ་ཉིད་ནས། རྨོར་ཆེན། གནས་གསར་བ་མན་རྗེས་གནང་དང་འདྲ། སྦྱིན་སྲེག་མཛད་པ་པོ་ནས་དགེ་སློང་པདྨ་མདོ་སྡེ། ཁམས་ལུང་པ་གསང་སྔགས་བསྟན་འཛིན། གྲུབ་དབང་ཀུན་བཟང་བསམ་འགྲུབ། ཀུན་བཟང་སྙན་གྲགས་རྒྱ་མཚོ་མན་འདྲའོ། ༈ །གཏེར་སྟོན་སུམ་ཚོགས་ཀྱི་གཏེར་བྱོན་རྟ་མགྲིན་ཡང་གསང་ཁྲོས་པས་གྲུབ་ཐོབ་འདར་འཕྱར་བ་ལ་བཀའ་བབས་པའི་གཏོར་དབང་འདར་སྟོན་བློ་བཟང་བསྟན་པའི་ཉི་མ་ལས་ཐོབ་པའི་བརྒྱུད་པ་གཏོར་དབང་དུ་གསལ་བ་ལྟར་ལ་རིང་བརྒྱུད་སློབ་དཔོན་རིན་པོ་ཆེ་ནས། གཏེར་སྟོན་
རྐྱང་པོ་གྲགས་དབང་། སུམ་པ་དབང་ཚུལ། འབྲེ་ཤེས་རབ་བླ་མ། འབྲུག་ཚང་ཞང་སྟོན་གཟི་བརྗིད་འབར། དྷ་ནའི་བླ་མ་རྒྱ། དེ་ནས་གྲུབ་ཐོབ་འདར་འཕྱར་ལའོ། །ཡང་ན། འཁྲུལ་ཞིག་དཀོན་མཆོག་བཟང་པོ་ནས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད། རིག་འཛིན་པདྨ་ཕྲིན་ལས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ཀུན་དགའ་བློ་གྲོས། དཔལ་ལྡན་ཆོས་སྐྱོང་། ཀུན་དགའ་རྒྱལ་མཚན། ཐེག་ཆེན་བཀྲ་ཤིས་རིན་ཆེན། དེ་ལས་སོ། །ལུང་ལ། ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར། ཕྱག་རྒྱ་རྐྱང་སྒྲུབ་ཀྱི་རྣལ་འབྱོར། བྱིན་རླབས་གཏོར་མའི་དབང་བསྐུར་རྣམས་ཚར་ཆེན་རིན་པོ་ཆེ་དང་། རྗེ་བླ་མའི་གསུང་སྟེ་གོང་དང་འདྲའོ། ༈ །གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་བླ་སྒྲུབ་གསང་བ་འདུས་པའི་ཟླུམ་པོ་བཞི་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་མཐའ། ལོངས་སྐུ་ཐུགས་ཆེན། སྤྲུལ་སྐུ་པད་འབྱུང་། མཚོ་རྒྱལ། ཆོས་དབང་། སྨན་ལུང་མི་བསྐྱོད་རྡོ་རྗེ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉེན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་པ། སངས་རྒྱས་དཔལ། དེ་སྲས་ཡོན་ཏན་བཟང་པོ། གུ་རུ་ཆོས་སྐུ་འོད་ཟེར། མཚུངས་མེད་དཔལ་འབྱོར་དབང་ཕྱུག སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ཀརྨ་གུ་རུ། གྲུབ་ཆེན་ཀུན་བཟང་དཔལ་འབྱོར། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། དེ་ལས་རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་དང་། མཆོག་
སྤྲུལ་པདྨ་དབང་རྒྱལ་གཉིས། གཉིས་ཀ་ལས་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ། དེ་ལས་སོ། །ལུང་ལ། བླ་མ་གསང་འདུས་ཀྱི་གཞུང་རྩ་བའི་ཡིག་ཆ། ལས་བྱང་སྙིང་པོ་རབ་གསལ་འགྱུར་མེད་རྡོ་རྗེའི་ཆོག་བསྒྲིགས། བསྙེན་ཡིག་མ་བུ་གཏེར་ཆེན་ཡབ་སྲས་ཀྱིས་མཛད་པ་རྣམས་ཏེ་མཁས་གྲུབ་བསྟན་འཛིན་འཕེལ་རྒྱས་ལས་གསན་ནམ་དཔྱོད། ༈ །ཚར་ཆེན་རིན་པོ་ཆེའི་ཉེ་བརྒྱུད་ཨོ་རྒྱན་བླ་མའི་རྣལ་འབྱོར་གྱི་བརྒྱུད་པ་ནི། མཚོ་སྐྱེས་རྡོ་རྗེ་འཆང་། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། མཁན་ཆེན་བི་ཛ་ཡ། གྲུབ་དབང་བསྟན་པ་རབ་རྒྱས། སྔགས་འཆང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། བྲག་རྩ་རྡོ་རྗེ་འཆང་། གནས་གསར་བ་ལེགས་པའི་འབྱུང་གནས། རིག་འཛིན་ཀུན་དགའ་རྣམ་གྲོལ། ནམ་མཁའ་ལེགས་པ། མཁྱེན་རབ་བདེ་ཆེན། བསྟན་པ་རབ་རྒྱས། ཕྲིན་ལས་ཡོན་ཏན། ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། །གཟིམ་འོག་མཆོག་སྤྲུལ་གོང་མ་དང་། ཡོངས་འཛིན་ཕྲིན་ལས་ཡོན་ཏན་གྱི་གསུང་ཨོ་རྒྱན་བླ་མ་མཆོད་ཆོག་སྐོར། བརྒྱུད་འདེབས། སྨོན་ཚིག བླ་མཆོད་འདོད་འཇོའི་བསམ་འཕེལ། གསོལ་འདེབས་རྣམས་མཛད་པ་པོ་གཟིམ་འོག་བསྟན་འཛིན་ཕྲིན་ལས་དང་། བྱམས་པ་ཕྲིན་ལས་ཡོན་ཏན། དེ་ལས་མཆོག་སྤྲུལ་བསྟན་འཛིན་སྙན་གྲགས། དེ་ལས་སོ། །འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་གསོལ་འདེབས་བསམ་པ་མྱུར་འགྲུབ་བཙལ། ༈ །མངའ་བདག་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་དབང་མེས་སྟོན་འགྲོ་དོན་རབ་འཕེལ་གྱི་ཡིག་ཆའི་སྟེང་ནས་
ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ཌཱ་ཀི་གར་གྱི་དབང་ཕྱུག ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གུ་རུ་ཆོས་ཀྱི་དབང་ཕྱུག རྒྱལ་སྲས་པདྨ་དབང་ཆེན། དྲིན་ཅན་སངས་རྒྱས་ཀུན་གྲོལ། རྟོགས་ལྡན་ཆོས་ཉིད་རང་གྲོལ། བླ་མ་སངས་རྒྱས་ལྷུན་དབང་། སྦས་སྟོན་རྡོ་རྗེ་གཞོན་ནུ། སྦས་སྟོན་དཀོན་མཆོག་དཔལ་བཟང་། གནུབས་རིན་ཆེན་དཔལ་བཟང་། གནུབས་ཆེན་རྒྱལ་སྲས་པདྨ། བླ་མ་བཀྲ་ཤིས་དཔལ་དབང་། ནུབ་དགོན་སྦས་པའི་རྣལ་འབྱོར། སྤྲུལ་སྐུ་མཁྱེན་བརྩེའི་དབང་ཕྱུག བླ་མ་རིན་ཆེན་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། བླ་མ་ནོར་བུ་རིན་བཟང་། གྲུབ་དབང་སངས་རྒྱས་མཆོག་གྲུབ། གྲུབ་མཆོག་ཨོ་རྒྱན་ཡོངས་གྲགས། མེས་སྟོན་འགྲོ་དོན་རབ་འཕེལ། འགྲོ་མགོན་བསོད་ནམས་དཔལ་ལྡན། འཁྲུལ་ཞིག་བསྟན་འཛིན་ཆོས་རྒྱན། གྲུབ་དབང་པདྨ་བསྟན་འཛིན། གྲུབ་མཆོག་སངས་རྒྱས་བཀྲ་ཤིས། མུས་ཆེན་བསོད་ནམས་དབང་ཕྱུག མཁན་ཆེན་ཀུན་དགའ་དཔལ་བཟང་། འདར་གྲོང་ཆེན་སློབ་དཔོན་ཀུན་དགའ་འཇམ་དཔལ། དེ་ལས་སོ། །ཡང་ན། མཁན་ཆེན་ཀུན་དགའ་དཔལ་བཟང་ནས། ཁྱབ་བདག་ངག་དབང་རྒྱལ་མཚན། ཡོངས་འཛིན་བློ་གྲོས་རྒྱ་མཚོ། འཇམ་མགོན་རྡོ་རྗེ་རིན་ཆེན། དེ་ལས་སོ། །ཡང་། དོང་སྤྲུགས་དབང་གཉིས། ལུང་རྫོགས་པར་ནོས་པ། ཁྲ་ཚང་པ་ནས། འཇམ་དབྱངས་ལེགས་བཤད་རྒྱ་མཚོ། ཁ་མོ་བ་སྤང་སྟོན་དབང་ཕྱུག་གྲགས་པ། འབྲས་ལྗོངས་སྤང་སྟོན་གསང་བདག་རྡོ་རྗེ། དེ་སྲས་ཀུན་བཟང་པདྨ་ཚེ་དབང་། ཁྱབ་བདག་ཕྱག་ན་པདྨོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དེ་ལས་སོ། །ཡང་ལུང་སྐོར། གསང་བདག་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། འདར་པདྨ་བདུད་འདུལ། འདར་བློ་
བཟང་བསྟན་པའི་ཉི་མ། དེ་ལས་སོ། ༈ །གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཚེ་སྒྲུབ་བུ་སྟོན་གོང་ཁུག་མ་ཀུན་མཁྱེན་རིན་ཆེན་གྲུབ་ཀྱི་རྣམ་འཕྲུལ་ཞྭ་ལུ་མཆོག་སྤྲུལ་རིན་པོ་ཆེ་ལས་གསན་པའི་བརྒྱུད་པ་གཞུང་དེ་ཉིད་དུ་གསལ་བ་ལྟར་དང་། བོ་དོང་ལུགས་ཀྱི་དབང་བསྐུར་རྡོ་རྗེ་ཕག་མོ་ལས་གསན་ནམ་སྙམ་སྟེ་སླར་བརྟག། ༈ །འཕགས་ཡུལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་སློབ་དཔོན་དཔའ་བོ་འོད་གསལ་གྱི་ལུགས་འབྲུག་ཆེན་ཆོས་ཀྱི་སྣང་བའི་ཡིག་ཆ་རྗེ་གུ་ཎའི་ཞབས་ཀྱི་ལྷན་ཐབས་སྦྱར་བའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཁའ་འགྲོ་མ་ཀོ་ཀི་ལཱི་དང་། དྷརྨ་ན་ཝཱ་མཆེད་གཉིས། པཎྜི་ཏ་དཔའ་བོ་འོད་གསལ། བྲམ་ཟེ་པཎྜི་ཏ་ཀ་མ་ལ། གྲུབ་ཐོབ་ཛ་བ་རི་བ། པཎྜི་ཏ་ཨ་བྷ་ཡ་དཱ་ན་ཤྲཱི། རྩ་མི་སངས་རྒྱས་གྲགས། མི་ཉག་སྨོན་གྲུབ་ཤེས་རབ། བླ་མ་རཏྣ་གུ་རུ། གྲུབ་ཐོབ་ཧཱུྃ་འབར། རྒན་མོ་ལྷས་པ་བྱང་ཆུབ་དཔལ། སྟག་སྟོན་གཞོན་ནུ་དར། ངག་སྟོན་གཞོན་ནུ་ཚུལ་ཁྲིམས། བྲ་འོར་མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་བདེ་ལེགས་པ། འཕགས་མཆོག་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན། རྗེ་བཙུན་ཀུན་དགའ་གྲོལ་མཆོག ལྷ་དབང་གྲགས་པ། རྗེ་བཙུན་ཀུན་དགའ་སྙིང་པོ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་མོ། རིག་འཛིན་ཚེ་དབང་ནོར་བུ། འབྲུག་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། བཀའ་བརྒྱུད་ཕྲིན་ལས་ཡར་འཕེལ། འབྲུག་པ་ཀུན་གཟིགས་ཆོས་ཀྱི་སྣང་བ།
སི་ཏུ་པདྨ་ཉིན་བྱེད་དབང་པོ། རྡོ་རྗེ་འཆང་ཡོན་ཏན་རྒྱ་མཚོ། དེ་ལས་སོ། །ཡང་ན། རྒྱལ་ཚབ་རིན་ཆེན་རྒྱ་མཚོ་ནས། རྗེ་བཙུན་ཕྲིན་ལས་དབང་མོ། བླ་མ་སྙིང་པོ་མཐའ་ཡས། རྗེ་ཡེ་ཤེས་རྒྱ་མཚོ། བླ་མ་ཀུན་དགའ་བཟང་པོ། རིག་འཛིན་ཚེ་དབང་ནོར་བུ་ནས་འདྲའོ། །ཡང་ན་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ནས། གཞོན་ནུ་མགོན་པོ། གྲགས་པ་ཚུལ་ཁྲིམས། རྒྱལ་བ་ཡོན་ཏན་འོད། བླ་མ་རྡོ་རྗེ་རྒྱལ་མཚན། བླ་མ་ཡེ་ཤེས་རྡོ་རྗེ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ་ནས་འདྲའོ། ༈ །དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་གྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཇོ་ནང་ཀུན་དགའ་གྲོལ་མཆོག་ཡན་གོང་ལྟར་ལ་དེ་ནས། བསྟན་འཛིན་ཉི་ཟླ་བཟང་པོ། གླིང་སྟོད་པ་ཀུན་དགའ་བྱང་ཆུབ། རྨོར་པ་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་ངག་དབང་ལྷུན་གྲུབ། རྨོར་གནས་ཀུན་གསུམ། ཀུན་དགའ་བློ་ལྡན། དཔལ་ལྡན་ཕྲིན་ལས། ཐར་རྩེ་ནམ་མཁའ་རྒྱལ་མཚན། དེ་ལས་སོ། །འདི་ཉིད་གཉུག་ལ་པཎ་ཆེན་ནས། སྤྱན་སྔ་ངག་དབང་ཆོས་གྲགས། སྤྱན་སྔ་དཀོན་མཆོག་རྒྱལ་མཚན། མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཀུན་དགའ་དོན་གྲུབ། སྤྱན་སྔ་ངག་དབང་ཆོས་གྲགས། སྔགས་འཆང་ཀུན་དགའ་རིན་ཆེན་བར་བརྒྱུད་ཅིང་དེས་ཡིག་ཆ་མཛད་ཀྱང་ཕྱིས་རྒྱུན་ཆད་ནས་ཇོ་ནང་བརྒྱུད་པར་གསན་ཏེ་ཡིག་ཆ་རང་ལུགས་སོར་གནས་བྱས་པ་ཡིན་ནོ། །ཞེའོ། །ལུང་ལ། གྲུབ་བརྒྱའི་ལོ་རྒྱུས། རྟོགས་བརྗོད་རྩ་འགྲེལ། འབྲུག་པའི་དབང་ཆོག འཇམ་མགོན་བླ་མའི་ལྷན་ཐབས། ཞར་བྱུང་རྗེ་བླ་མའི་བྱིན་རླབས་ཀྱི་ཆོ་ག་བཅས་པ་ལས། ཇོ་ལུགས་སྐོར་གོང་དང་འདྲའོ། ༈ །གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་བླ་མའི་རྣལ་འབྱོར་སྒོམ་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། གྲུབ་ཆེན་རིན་པོ་ཆེ། རྡོ་རིངས་ཀུན་སྤངས་པ། རྗེ་བཙུན་ཀུན་
དགའ་གྲོལ་མཆོག བསྟན་འཛིན་ཉི་ཟླ་བཟང་པོ། ངག་དབང་ཉི་མ། ལྕགས་ཟམ་པ་ཀུན་དགའ་བསོད་ནམས་དབང་ཕྱུག ལྕགས་ཟམ་ཕྱོགས་ཀྱི་གསན་ཐོར་འདི་ལྟར་སྣང་ཡང་བར་འདིར་བླ་མ་གཞན་ཡོད་མེད་དཔྱད། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ར་བ་སྨད་པ་མཁན་ཆེན་བསོད་ནམས་མཆོག་གྲུབ། བསྟན་འཛིན་བདུན་པ་ཡེ་ཤེས་ལྷུན་གྲུབ། ཡོངས་འཛིན་བློ་བཟང་བསྟན་འཕེལ། བསྟན་འཛིན་བརྒྱད་པ་མཁྱེན་རབ་མཐུ་སྟོབས། དེ་ལས་སོ། ༈ །གོང་ཆོས་དབང་རིན་པོ་ཆེ་ནས་བརྒྱུད་པའི་སྐོར་དུ་མ་སོང་བ། ཕྱག་རྡོར་གཏུམ་པོ་ཁྱུང་ལྔ་ཆོས་དབང་ལུགས་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཡིག་སྟེང་ནས་རྗེས་གནང་ལུང་བཅས་མཁན་ཆེན་རྣལ་འབྱོར་འཇམ་དཔལ་བཟང་པོ་ལས་ཀྱང་གསན་མོད་དེ་བརྒྱུད་པ་དེ་ཉིད་དུ་གསལ། ༈ །རས་ཆུང་ལུགས་ཀྱི་གཏུམ་པོ་ལྷ་ལྔའི་དབང་རྗེ་ཡོན་ཏན་རྒྱ་མཚོའི་ཞབས་དང་། མཆོག་སྤྲུལ་ཀརྨ་ངེས་དོན་ལས་གསན་ཏེ་བརྒྱུད་པ་བཙལ། ༈ །ཀརྨ་པ་དུས་གསུམ་མཁྱེན་པའི་བཀའ་འབུམ་ལས་ཐུགས་དམ་ལྔ་ཚན་ལྔ་སོགས་ཐོབ་པའི་བརྒྱུད་པ་གོང་མ་རྣམས་ཚོལ། དེ་ནས་རྗེ་ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ངེས་དོན་བསྟན་པ་རབ་རྒྱས། མཆོག་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་དབང་པོ། དེས་བདག་ལའོ། །ཞེས་གསུངས་པས་ཇོ་ལུགས་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་བརྒྱུད་པ་འདི་བཞིན་ལ། རྗེས་གནང་གི་རྒྱུན་རིན་འབྱུང་ལ་བསྙེགས་དགོས་ཞེས་སྣང་བདེའི་བརྒྱུད་པ་དྲང་བར་བྱ་སྟེ་འཇམ་མགོན་ཡོན་ཏན་རྒྱ་མཚོ་ལས་གསན་ཏོ། ༈ །གསུང་ངག་རིན་པོ་ཆེའི་ཆ་ལག་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣམ་པར་འཇོམས་པ། བིརྺ་པ། ས་ཆེན་གོང་མ་རྣམ་ལྔ། སྐྱོ་སྟོན་དྲི་མེད། ཞང་དཀོན་མཆོག་དཔལ། དགའ་
ལྡན་པ་ཀུན་དགའ་བསོད་ནམས། གན་པ་རིན་ཆེན་རྒྱལ་མཚན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། སངས་རྒྱས་དཔལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན་ནོ། །ཡང་ན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས། བདག་ཆེན་ཀུན་དགའ་རྒྱལ་མཚན། བདག་ཆེན་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་པ་ཀུན་དགའ་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། མཁན་ཆེན་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་གནས་ཀུན་གསུམ། ཀུན་བློས་ཀུན་དགའ་མཁས་གྲུབ་དབང་པོ་དང་། བྱམས་པ་ནམ་མཁའ་འཆི་མེད་གཉིས། གཉིས་ཀས་ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །གཞུང་རྩ་བ་དང་ཡན་ལག་གི་ཡིག་ཆ་རྣམས་ཀྱི་ལུང་ཡང་མཁན་ཆེན་འདི་ཉིད་ལས་སོ། ༈ །གྲུབ་པའི་སློབ་དཔོན་ཞི་བ་སྦས་པའི་བཀའ་སྲོལ་ལས་བྱོན་པའི་དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིག་གཏད་འཇམ་མགོན་གུ་ཎའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་མ་ཨཱརྻཱ་ཏཱ་རཱ། གྲུབ་ཆེན་ཏིལླི་པྲཛྙཱ་བྷ་དྲ། ནཱ་རོ་ཛྙཱ་ན་སིདྡྷི། དཔལ་མཆོག་ཌོམྦྷི་པ། ཀུ་སཱ་ལི་ཆུང་བ། ཨནྟརྒྷ་ན། སློབ་དཔོན་ཡེ་ཤེས་པ་བཤེས་གཉེན། གྲུབ་ཆེན་ཞི་བ་སྦས་པ། སངས་རྒྱས་སྦས་པའི་མགོན་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། གྲུབ་ཆེན་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། འབྲུག་པ་རིན་པོ་ཆེ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། སི་ཏུ་རིན་པོ་ཆེ་འཇམ་མགོན་བསྟན་པའི་ཉིན་བྱེད། མ་ཧཱ་པཎྜི་ཏ་ཚེ་དབང་ཀུན་
ཁྱབ། མཆོག་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་བསྟན་འཛིན་ཕྲིན་ལས་རབ་རྒྱས། ཀརྨ་འོད་གསལ་འགྱུར་མེད། འཇམ་མགོན་བླ་མ་ངེས་པར་ཐམས་ཅད་མཁྱེན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལའོ། །ཞེས་སོ། །ཡང་ན་ཏི་ལོ་པ་ནས། ལཱི་ལཱ་བཛྲ། རཱ་ཧུ་ལ་གུཔྟ། ཇོ་བོ་རྗེ། མ་དྷྱ་མ་སིཾ་ཧ། ཏ་ཏྭཱ་ཤྲཱི་མི་ཏྲ། སངྒྷ་ཤྲཱི། རཏྣ་དྷྭ་ཛ། ནཱ་ཡ་ཀ་ཤྲཱི། དྷརྨ་ཤྲཱི། ཤཱཀྱ་རཀྵི་ཏ། སུ་ཛ་ག བུདྡྷ་ཤྲཱི་མི་ཏྲ། ཛྙཱ་ན་རཏྣ། ཛྙཱ་ན་སེ་ན། རཱ་ཏི་གུཔྟ། ཞི་བ་སྦས་པ་མན་འདྲ། ཡང་ན། འབྲུག་པ་རིན་པོ་ཆེ་ལས། དཔའ་བོ་གཙུག་ལག་དགའ་བའི་དབང་པོ་དང་། ངེས་དོན་བསྟན་འཛིན་གཉིས། དེ་གཉིས་ཀ་ལས་ཚེ་དབང་ཀུན་ཁྱབ་ཀྱིས་གསན་པ་མན་འདྲའོ། ལུང་ལ། རྒྱུན་ཁྱེར་དང་། རིག་གཏད་རྗེ་ཉིད་ཀྱིས་མཛད་པ་གོང་དང་འདྲ། ༈ །ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསར་འགྱུར་གྲུབ་ཆེན་ཞི་བ་སྦས་པའི་བཀའ་སྲོལ་སངས་རྒྱས་དཔའ་བོ་བདུན་གྱི་རྗེས་གནང་རིག་གཏད་དང་། ཐུབ་དབང་ཉེ་སྲས་བརྒྱད་ཀྱི་སྒོམ་ལུང་གཉིས་ཅར་འཇམ་མགོན་ཡོན་ཏན་རྒྱ་མཚོའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར། གྲུབ་ཆེན་ཤཱཀྱ་རཀྵི་ཏ། བུདྡྷ་སྭཱ་མཱི། སུ་ཛ་ཏ། སཱ་དྷུ་ཛྙཱ་ན། སཾ་པྲ་ཀཱིརྟི། བྲམ་ཟེའི་སློབ་དཔོན་བེ་དཱ་བནྡྷཱུ། བཱི་ར་མི་ཏྲ། པཱུརྞ་བཛྲ། རྗེ་ཏཱ་ར་ནཱ་ཐ། རྗེ་རིན་ཆེན་རྒྱ་མཚོ་སོགས་རིན་འབྱུང་སྤྱིའི་བརྒྱུད་པ་ལྟར་དང་། ཐུབ་དབང་བཀའ་གདམས་ལྷ་བཞི་ལྟར་རོ། །ལུང་ལ། རྫོགས་པའི་སངས་རྒྱས་དཔའ་བོ་བདུན་གྱི་སྒྲུབ་ཐབས་ཆོ་ག་རིག་གཏད་བཅས་པ། ཐུབ་དབང་ཉེ་བའི་སྲས་བརྒྱད་ཀྱི་སྒོམ་བཟླས་དང་ལུང་འབོགས་ཚུལ། མཆོད་ཆོག བསྟོད་ཆེན་རྒྱ་མཚོ་རྣམ་བརྒྱད་བཅས་རྗེ་དེ་ཉིད་ལས། མཚན་བརྒྱ་རྒྱུད་འབུམ་ལྟར་རོ། །ཤཱཀྱ་རཀྵི་ཏའི་ལུགས་ཀྱི་རྣམ་རྒྱལ་མ་གཙོ་རྐྱང་ཡང་གོང་དང་འདྲའོ།།
༈ །ཞི་བྱེད་ལུགས་ཀྱི་ཁྲོས་ནག་གསང་སྒྲུབ་བྱིན་རླབས་བརྒྱུད་པ་ནི། དམ་པ་སངས་རྒྱས། གྲོག་ཆུང་དཀོན་སེང་། ཤངས་པ་ལུ་ལྡེམས། དེ་ནས་མཁའ་འགྲོ་མའི་བླ་མ་བཞི་ལས་བརྒྱུད་དེ། ལབ་སྒྲོན། ཁྱི་རྫི་མ། གཅེར་བུ་མ། འབེར་མོ་རོ་ཟན། དེ་ནས་རྒྱལ་བ་ཏེ་ནེ་ནས་རིམ་པར་བརྒྱུད་པ་སྤྱི་དང་འདྲ་བས། རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། དེ་ལས་སོ། ༈ །རྗེ་ངག་དབང་རྣམ་རྒྱལ་གྱི་ཡིག་སྟེང་ནས་ཁྲོས་ནག་ལྷ་ལྔའི་དབང་བསྐུར་ལུང་བཅས། སྟག་ལུང་པ་ངག་དབང་ཆོས་ཀྱི་ཉི་མ། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་ཀྱི་ཞལ་སྔ་ནས་སོ། ༈ །གོང་དུ་མ་སོང་བ་སླར་རྙེད་པ། ས་ལུགས་གྲུབ་རྒྱལ་མའི་བརྒྱུད་པ། ཀུན་བློ་ནས། དབང་སྡུད་སྙིང་པོ། ཀུན་དགའ་རིན་ཆེན། རྡོ་རྗེ་རིན་ཆེན། བློ་གསལ་བསྟན་སྐྱོང་། དེ་ལས་གསན་པར་བྱས་སྣང་། ངོར་ལུགས་ཐར་པཎ་གྱི་ཡིག་སྟེང་ནས་ནི། མུས་ཆེན་སངས་རིན་ཡན་ས་ལུགས་དང་འདྲ། དེ་ནས་ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། ཐར་རྩེ་པཎ་ཆེན། ཤར་ཆེན་ཀུན་དགའ་བཀྲ་ཤིས། ནམ་མཁའ་སངས་རྒྱས། ཧོར་ནམ་མཁའ་དཔལ་བཟང་། མཁན་ཆེན་སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། ༈ །གྲུབ་ཆེན་པདྨཱ་ཀ་ར་དང་། རས་ཆུང་ལུགས་ཟུང་འབྲེལ་གྱི་ཁྱུང་དམར་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། པདྨ་ཀ་ར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་རིམ་པར་བརྒྱུད་དེ། ཉང་ཉི་མ་འོད་ཟེར། སྲས་འགྲོ་བའི་མགོན་པོ། བླ་མ་ཆོས་ཀྱི་དབང་ཕྱུག སྤྲུལ་སྐུ་ཤཱཀྱ་འབུམ། ཤཱཀྱ་སེང་གེ། བྱང་ཆུབ་རྡོ་རྗེ། ཆོས་རྗེ་རྟག་པ་བ། ཆོས་བཟང་བླ་མ། བདེ་ལེགས་རྒྱལ་
མཚན། ལེགས་པའི་འབྱུང་གནས། ལྷ་དབང་བློ་གྲོས། སངས་རྒྱས་སེང་གེ། རིན་ཆེན་རྣམ་རྒྱལ། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ལྷུན་གྲུབ་དཔལ་ལྡན། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་ནམ་མཁའ་རྒྱལ་མཚན། དེ་གཉིས་ཀ་ལས་སོ། །ཡིག་ཆའི་ལུང་ཡང་དེ་དང་འདྲའམ་སེམས། རས་ཆུང་ལུགས་ལྟར་ན་དེ་ཉིད་ཡན་ཁྱུང་ནག་མེའི་སྤུ་གྲི་ལྟར་ལ་དེ་ནས་ཉང་ཉི་མ་འོད་ཟེར་མན་གོང་ལྟར་རོ། ༈ །སྟག་ལུང་ལུགས་ཀྱི་ཚེ་དཔག་མེད་ལོངས་སྐུ་དང་སྤྲུལ་སྐུའི་དབང་བསྐུར་ངག་དབང་བསྟན་པའི་ཉི་མ་ལས་གསན་པའི་བརྒྱུད་པ་གཞུང་གསལ་ལྟར་དང་། ལྷོ་བྲག་གྲུབ་ཆེན་ཕྱག་རྡོར་སྙན་བརྒྱུད་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་ཚེ་དབང་གི་བརྒྱུད་པ་ནི་རེ་ཞིག་མ་རྙེད་ལ། ཐང་ལུགས་ཚེ་དབང་ཕྱག་ལེན་རྒྱས་པའི་བརྒྱུད་པ་གོང་དུ་སོང་བས་ལྕགས་ཟམ་པའི་དབང་ཆོག་གི་བརྒྱུད་པ་དེས་འཐུས་སོ། ༈ །ཡིག་ཆ་རྣམས་ཀྱི་ལུང་སྐོར་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་ལས་གསན་པ་ནི། ཐར་རྩེ་པཎ་ཆེན་གྱིས་མཛད་པའི་རི་ཁྲོད་མའི་རྗེས་གནང་གི་ཡིག་ཆའི་ལུང་། ཀུན་བློ་ནས། འགྱུར་མེད་མཆོག་གྲུབ། ཕྲིན་ལས་ཡོན་ཏན། བསྟན་འཛིན་སྙན་གྲགས། དེ་ལས་སོ། ༈ །སྨན་བླའི་རྗེས་གནང་པཎ་ཆེན་གྱིས་མཛད་པའི་ལུང་། ཐར་རྩེ་པཎ་ཆེན། མཆོག་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར་བ། ཀུན་བློ། རིན་ཆེན་རྒྱལ་མཚན། བསྟན་འཛིན་ཕྲིན་ལས། ཕྲིན་ལས་ཡོན་ཏན། བསྟན་འཛིན་སྙན་གྲགས། དེ་ལས་སོ། ༈ །ས་ལོ་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་འཇམ་དབྱངས་དམར་སེར་གྱི་རྗེས་གནང་གི་ཡིག་ཆའི་ལུང་ཐོབ་པའི་
བརྒྱུད་པ་ནི། ས་ལོ། དཀོན་མཆོག་ལྷུན་གྲུབ། དཔལ་མཆོག་དཔལ་ལྡན། ཀུན་དགའ་བསོད་ནམས། བསོད་ནམས་ལྷུན་གྲུབ། འཁོན་བསོད་ནམས་བསྟན་འཛིན། ངག་དབང་བསྟན་འཛིན་ཕུན་ཚོགས། བསོད་ནམས་རིན་ཆེན། ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། བསྟན་འཛིན་ཕྲིན་ལས་མན་འདྲ། ཡང་ན། རིན་ཆེན་རྒྱལ་མཚན་ནས། ཀུན་དགའ་བཀྲ་ཤིས། སྨོན་ལམ་གྲགས་པ། དེ་ལས་སོ། ༈ །ཀུན་བློས་མཛད་པའི་གཉེན་སྒྲོལ་གྱི་རྗེས་གནང་གི་ལུང་། ཀུན་བློ། རིན་ཆེན་རྒྱལ་མཚན། མཁྱེན་རབ་དགེ་འཕེལ། བསྟན་འཛིན་ཕྲིན་ལས་མན་འདྲ། ༈ །རྟ་མགྲིན་ཟླ་རྒྱལ་ལུགས་ཀྱི་རྗེས་གནང་གི་ལུང་ནི། ཀུན་བློ་ནས། བསྟན་འཛིན་ཕྲིན་ལས་མན་འདྲ། ༈ །གྲུབ་ཐོབ་ཚེ་དབང་འཆི་མེད་རྡོ་རྗེའི་རྒྱ་མདུད་མཛད་པ་པོ། ཀུན་དགའ་བཀྲ་ཤིས། མཁན་ཆེན་སངས་རྒྱས་དཔལ་བཟང་། མུས་ཆེན་བསོད་ནམས་དཔལ་བཟང་། གནས་གསར་བ། ཀུན་བློ། ནམ་མཁའ་འཆི་མེད། ཀུན་དགའ་ཡེ་ཤེས། བླ་མ་ཕྲིན་ལས་རབ་རྒྱས། དེ་ལས་སོ། ༈ །རྨོར་ཆེན་གྱིས་མཛད་པའི་ཁྱུང་ནག་གི་རྗེས་གནང་ལུང་བཅས། རྨོར་ཆེན། གནས་གསར་བ། བོད་འབྲུག་པ། ཁྲི་ཆེན་ངག་དབང་ཀུན་མཁྱེན། རྗེ་བསྟན་འཛིན་ཕྲིན་ལས། ཕྲིན་ལས་ཡོན་ཏན། ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། ༈ །ཀུན་བློས་མཛད་པའི་གཉེན་སྒྲོལ་རྗེས་གནང་གི་ལུང་། ཀུན་བློ། བསྟན་འཛིན་ཕྲིན་ལས། ཕྲིན་ལས་ཡོན་ཏན། རྗེ་བསྟན་འཛིན་སྙན་གྲགས། དེ་ལས་སོ། ༈ །ཐར་རྩེས་མཛད་པའི་སྨེ་བརྩེགས་ལྗང་ནག་གི་རྗེས་གནང་ལུང་བཅས། རྗེ་དྷརྨ་བརྡྷ། ཕྲིན་ལས་ཡོན་ཏན། བསྟན་འཛིན་སྙན་གྲགས། དེ་ལས་སོ། ༈ །རྨོར་ཆེན་ནས་མཛད་པའི་སྨེ་བརྩེགས་དུད་ཀའི་རྗེས་ལུང་། རྨོར་ཆེན།
གནས་གསར་བ། ཀུན་བློ། གཟིམ་འོག་གོང་མ། གུ་ཎ། རྗེ་བླ་མ། དེ་ལས་སོ། ༈ །གཙུག་འབར་དང་འཇམ་དབྱངས་དམར་སེར་ཀྱང་དེ་དང་འདྲ། ༈ །ཕུར་པའི་སྒྲུབ་ཐབས་ངེས་དོན་ཐིག་ལེ་ཀུན་བློས་མཛད་པ། ཀུན་བློ་ནས། རིན་ཆེན་རྒྱལ་མཚན། ཀུན་བཀྲས། དངོས་དཔལ། གུ་ཎ། རྗེ་བླ་མ། དེ་ལས་སོ། ༈ །རྨོར་ཆེན་གྱིས་མཛད་པའི་ཁྱུང་ཁྲའི་སྒྲུབ་རྗེས། རྨོར་ཆེན། གནས་གསར། བོད་འབྲུག་པ། ཁྲི་ཆེན། གུ་ཎ་མན་འདྲ། ༈ །སེང་གདོང་སྔོན་མོ་ཐར་པཎ་རྗེས་ལུང་། པཎ་ཆེན་ནས། མཆོག་ལེགས་སོགས། གནས་གསར་བ་ནས། བོད་འབྲུག་པ། ངག་དབང་ཀུན་མཁྱེན། མཁྱེན་རབ་འགྱུར་མེད་མཆོག་གྲུབ། གུ་ཎ་མན་འདྲའོ། ༈ །ཀུན་བློའི་འབྱུང་འདུལ་མེ་དབང་། ཀུན་བློ། གོང་མ། གུ་ཎ་མན་འདྲ། ༈ །བླ་མ་དམ་པའི་སྒྲོལ་མ་མཎྜལ་བཞི་པ། གནས་གསར། ས་སྐྱ་པ་ཀུན་དགའ་ཕན་བདེ་རྒྱ་མཚོ། བཅོ་བརྒྱད་ཁྲི་ཆེན། གཟིམ་གོང་། །གུ་ཎའོ། ༈ །རྨོར་ཆེན་གྱི་རྟ་གསང་སྦྱིན་སྲེག་རྨོར་ཆེན། གནས་གསར། གཟིམ་གོང་། གུ་ཎའོ། ༈ །དཔལ་ལྡན་དམག་ཟོར་རྒྱལ་མོའི་བེའུ་བུམ་རྒྱལ་བ་དགེ་འདུན་རྒྱ་མཚོས་བསྒྲིགས་པའི་ནང་ནས་བསྙེན་སྒྲུབ་ལས་གསུམ་གྱི་སྤྱི་ཆིངས་ལུང་བརྒྱུད་ནི། རིན་ཆེན་ཆོས་དཔལ་བཟང་པོ་ཡན་རྗེས་གནང་དང་འདྲ། དེ་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། ཡབ་རྗེ་ཀུན་དགའ་རྒྱལ་མཚན། པཎ་ཆེན་དགེ་འདུན་རྒྱ་མཚོ། ཕྱོགས་ལས་རྣམ་རྒྱལ། བསོད་ནམས་རྒྱ་མཚོ། ལྷ་དབང་རྒྱ་མཚོ། དཔལ་འབྱོར་ལྷུན་གྲུབ། རྒྱལ་དབང་ལྔ་པ། འཇམ་དབྱངས་གྲགས་པ། མང་ཐོས་རྒྱ་མཚོ། བདེ་བའི་རྡོ་རྗེ། དོན་གྲུབ་བསྟན་འཛིན། བློ་བཟང་དགེ་ལེགས་བསྟན་འཛིན། དམ་ཚིག་རྡོ་རྗེ། གྲགས་པ་བློ་བཟང་། ཀ་ཆེན་བློ་བཟང་དགེ་ལེགས་ཀུན་ཁྱབ། དེ་ལས་སོ། ༈ །རྒྱལ་བ་དགེ་འདུན་རྒྱ་
མཚོས་མཛད་པའི་གཏོར་ཆོག་ནག་འགྲོས་སུ་བསྒྲིགས་པ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་མཆོད་གཏོར་འབུལ་ཚུལ། ཐུག་གསོལ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་གསེར་སྐྱེམས་བཅས་ཀྱི་བརྒྱུད་པ་ནི། རྒྱལ་བ་དགེ་འདུན་རྒྱ་མཚོ། དབེན་ས་བ་བློ་བཟང་དོན་གྲུབ། སངས་རྒྱས་ཡེ་ཤེས། བློ་བཟང་ཡེ་ཤེས། བློ་བཟང་ཆོས་རྒྱན། དཀོན་མཆོག་རྒྱལ་མཚན། བློ་བཟང་ཡེ་ཤེས། བློ་བཟང་བཟོད་པ། དཔལ་ལྡན་ཡེ་ཤེས། བློ་བཟང་བསྟན་འཛིན། བསྟན་འཛིན་དཔལ་འབྱོར། དཔལ་ལྡན་གྲགས་པ། ཀ་ཆེན་བློ་བཟང་དགེ་ལེགས། དེ་ལས་སོ། ༈ །དངོས་ཀྱི་གསན་ཡུལ་ཙམ་ལས་བརྒྱུད་པ་མ་འཁོད་པ་ཚེ་དཔག་མེད་ལྷ་དགུའི་མན་ངག་དཔལ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ལས་གསན་ཅིང་། དེས་མཚོན་ཏེ། འཇམ་དབྱངས་སྨྲ་སེང་དང་། མང་མཁར་བ་བློ་གྲོས་བཟང་པོའི་སྒྲོལ་དཀར་བེའུ་བུམ་ལུང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། ཚེ་རྟ་ཟུང་འབྲེལ་དང་། འཇམ་དབྱངས་དམར་སེར་རྗེས་ལུང་དཔལ་ལྡན་ཕྲིན་ལས། ཞུ་ཆེན་སྨྱུང་ཆོག་བྱམས་པ་བསྟན་འཛིན་རྣམ་རྒྱལ། འཇམ་དཔལ་ཤེས་རབ་འཁོར་ལོ་དང་། གཙུག་འབར་རྗེས་ལུང་ངག་གི་དབང་པོ། མགོན་དཀར་རྗེས་གནང་དང་། ཡིག་ཆ་སྐོར་སངས་རྒྱས་ཕུན་ཚོགས་ཀྱིས་བསྒྲིགས་པ་ལས་ཚར་ཆེན་དང་། དཔལ་གླིང་པ་བསོད་ནམས་རྒྱ་མཚོའི་ཡིག་ཆ་མ་གཏོགས་གཞན་ཚང་མའི་ལུང་ཞབས་དྲུང་ནམ་མཁའ་རྒྱལ་མཚན། ཆགས་མེད་སྨྲ་སེང་སྒྲུབ་ཐབས་ཀྱི་ལུང་ཀརྨ་པ་ཐེག་མཆོག་རྡོ་རྗེ། ལོ་ཆེན་རིན་ཆེན་རྣམ་རྒྱལ་གྱི་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་དང་། བོ་དོང་པཎ་ཆེན་གྱིས་མཛད་པའི་ལས་སྦྱོར་ཚིགས་བཅད་མ། བསྟོད་པ་བཅས་ཀྱི་ལུང་། འཇམ་དབྱངས་བཞད་པས་མཛད་པའི་སྲད་རྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་གྱི་སྒྲུབ་
ཐབས། སོ་སོའི་ལས་སྦྱོར་དང་བཅས་པའི་ལུང་རྣམས་དཀོན་མཆོག་བསྟན་པ་རབ་རྒྱས། ཁྱུང་པོའི་མགུར་བརྒྱད། སྒྲོལ་དཀར། འཇམ་དབྱངས་སྨྲ་སེང་། འཇམ་དཔལ་ནག་པོ། སེང་གདོང་སྔོན་མོ་གོང་དཀར་ལུགས། དབྱངས་ཅན་དམར་མོ་རྣམས་ལས་སྔར་མ་ཐོབ་པའི་ཡིག་ཆ་ཅི་རིགས་པའི་ལུང་རྣམས་ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། སོར་འབྲང་དཀར་མོ། ཁྱུང་ཁྲ་ནག་ཀུན་བློའི་ཡིག་ཆ། འཇམ་དཔལ་ནག་པོ། རྟ་མགྲིན་ཟླ་རྒྱལ་ལུགས་རྨོར་ཆེན་ཡིག་ཆ་ནས་རྗེས་གནང་ལུང་བཅས། ཀུན་བློའི་ཕུར་པའི་རྒྱུན་ཁྱེར་ངེས་དོན་ཐིག་ལེའི་ལུང་། གུར་དྲག་ཉང་ལུགས་རྗེས་གནང་བཅས་དཔལ་ས་སྐྱ་པ་ཀུན་དགའ་རིན་ཆེན། ཚེ་སྒྲུབ་ཞག་བདུན་མ། སྤྱན་རས་གཟིགས་དོན་ཡོད་ཞགས་པའི་རྗེས་གནང་། བཅུ་གཅིག་ཞལ་རིགས་བཞིས་བསྐོར་བ་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཁྲིད་ལུང་བཅས། མགོན་དཀར་རྗེས་གནང་པོད་ལུང་། ཀུན་བློས་མཛད་པའི་ཛམ་དཀར་རྗེས་གནང་ལུང་། ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་གནང་ལུང་བཅས། སྨེ་བརྩེགས་ས་ལུགས་གྲིབ་མདོས་ཀྱི་ལུང་བཅས་འཇམ་མགོན་རྡོ་རྗེ་རིན་ཆེན། འཇམ་དབྱངས་དཀར་པོའི་སྦྱིན་སྲེག ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། ལས་ཚོགས་ངག་ཤེས། རིན་ཆེན་གྲགས་པ། ཆོས་ཀྱི་རྒྱལ་མཚན་ལས་གསན་པའི་ཚུལ་རྣམས་ཕྱག་ཐོ་ལས་བཤུས་པ་དེ་ཙམ་དང་། གོང་དུ་མ་འབྱོར་བ། འབྲི་གུང་བླ་མེད་ལྷན་སྐྱེས་རྣམ་བཞིའི་རྫོགས་རིམ་སྤྱི་བརྒྱུད། རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། མི་ལ། དྭགས་པོ། ཕག་གྲུ། འབྲི་གུང་སྐྱོབ་པ། དབོན་བསོད་ནམས་གྲགས་པ། གཅུང་རྡོ་རྗེ་གྲགས་པ། ཐོག་ཁ་བ་རིན་ཆེན་སེང་གེ། མཚམས་བཅད་པ་གྲགས་བསོད། བཅུ་གཉིས་པ་རྡོར་རིན། ཉེར་བརྒྱད་པ་རྡོར་རྒྱལ། ཉེར་གཉིས་
པ་ཆོས་རྒྱལ། དོན་གྲུབ་རྒྱལ་པོ། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱལ་མཚན། ངག་དབང་གྲགས་པ། རིན་ཆེན་ཆོས་རྒྱལ། ཀུན་དགའ་རིན་ཆེན། རིན་ཆེན་ཕུན་ཚོགས། དཔལ་གྱི་རྒྱ་མཚོ། ཆོས་རྒྱལ་ཕུན་ཚོགས། རྣམ་རྒྱལ་ཕུན་ཚོགས། ཆོས་ཀྱི་གྲགས་པ། དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། བསྟན་འཛིན་འགྲོ་འདུལ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་ཉི་མ། བསྟན་འཛིན་པདྨའི་རྒྱལ་མཚན། ངག་དབང་བསྟན་པའི་ཉི་མ། དེ་ལས་སོ། །དེ་ལྟ་བུའི་སྒྲུབ་ཐབས་རྣམས་ཀྱི་ཁུངས་རྒྱུད་ཀྱི་དུམ་བུ་རྣམས་ནི་བཀའ་འགྱུར་ལྟར་ཏེ། སྨིན་གྲོལ་གླིང་པའི་རྡོར་འཛིན་འགྱུར་མེད་ཕུན་ཚོགས་ལས་གསན་ཅིང་། དམིགས་བསལ་བདེ་གསང་དུས་གསུམ་ཀྱེ་རྡོར་སོགས་འགའ་ཞིག་དཀོན་མཆོག་བསྟན་པ་རབ་རྒྱས་ལས་གསན། ཕུར་པ་རྩ་དུམ་ལྟ་བུ་རྙིང་རྒྱུད་ལས་བྱུང་བ་ནི་གོང་གསལ་ལྟར་དང་། འཇམ་མགོན་ཡོན་ཏན་རྒྱ་མཚོ་ལས་ཀྱང་གསན། རྒྱ་གཞུང་གི་སྐོར། ཐུབ་བསྟོད་སེམས་བརྩེ་མ། འཇམ་དབྱངས་གང་བློ་མ། བྷཱུ་རི་པའི་རྒྱུན་བཤགས། ཟླ་གྲགས་སྨྲེ་བཤགས་སོགས་བསྟན་འགྱུར་སྐོར་ཐོར་བུ་དང་ཞྭ་ལུའི་ཆོས་སྤྱོད་ལས་འབྱུང་བ་རྣམས་དང་། མདོ་སྡེ་འདོན་པའི་གདམས་ངག་སོགས་ཇོ་བོའི་ཆོས་ཆུང་བརྒྱ་རྩ་ལས་བྱུང་བ་རྣམས་དང་། གནས་བཅུའི་ཆོ་ག་སོགས་སྣར་ཐང་བརྒྱ་རྩ་ལས་བྱུང་བ་རྣམས་དཀོན་མཆོག་བསྟན་པ་རབ་རྒྱས། ཁྱུང་བོའི་མགུར་བརྒྱད་དང་བཀའ་རྒྱ་མ་བཞི་སོགས་ཤངས་ཆོས་ལས་བྱུང་བ་རྣམས་འཇམ་མགོན་ཡོན་ཏན་རྒྱ་མཚོ་ལས་གསན་པར་སྣང་ལ། སྒྲུབ་ཐབས་ཀྱི་ཁུངས་གཙོ་བོ་བ་རི་བརྒྱ་རྩའི་བརྒྱུད་པ་ནི། དེའི་ཆོས་སྐོར་གྱི་བརྒྱུད་འདེབས་ལས་གསལ་བ་ལྟར་དང་། དེའི་རྗེས་གནང་ལུང་བཅས་ཀུན་དགའ་བློ་གྲོས་ནས། ནམ་མཁའ་འཆི་མེད། དཔལ་ལྡན་ཕྲིན་
ལས་ཞབས་ལས་ཀྱང་གསན། དེ་ཉིད་ཡང་ན། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། བཞི་སྡེ་བླ་མ་རིན་ཆེན་ཆོས་འཕེལ། ཡེ་ན་བསོད་ནམས་རྒྱལ་མཚན། བླ་མ་བསྟན་འཛིན་ཆོས་གསལ། བླ་མ་དཔལ་ལྡན་ཕྲིན་ལས། དེ་ལས་སོ། །སྣར་ཐང་བརྒྱ་རྩའི་རྗེས་གནང་ལུང་བཅས་ཀྱང་སྒྲུབ་ཐབས་བརྒྱ་རྩ་དང་འདྲ། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་གསན་ཁུངས་མ་ཆོད་ལ། ལུང་ཀ་ཆེན་ནོར་བུ་དོན་གྲུབ་ལས་གསན་པ་དང་། སྒྲུབ་ཐབས་རིན་འབྱུང་རྗེས་གནང་ལུང་བཅས་འཇམ་མགོན་བློ་གྲོས་མཐའ་ཡས་ལས་གསན་ཏེ་སྤྱིའི་བརྒྱུད་པ་ཕྱག་རྡོར་གོས་སྔོན་ཅན་དང་གྲུབ་བརྒྱའི་སྐབས་ལྟར་ལ། དེའི་ནང་གསེས་གསར་འགྱུར་སྐོར་སྒྲོལ་མ་རྣལ་འབྱོར་མ་དང་འདྲ། ཀར་ལུགས་གཅིག་ཤེས་ཀུན་གྲོལ་དབོན་ཀརྨ་ངེས་དོན་འཇམ་མགོན་གུ་ཎའི་ཞབས་གཉིས་ཅར་ལས་གསན་ཏེ་སྤྱི་བརྒྱུད་དཀར་ལུགས་སྒྲོལ་དཀར་དང་འདྲ། སྒྲུབ་ཐབས་འདོད་བུམ་ལས་བྱུང་བ་རེ་ཟུང་དེ་ཉིད་ཀྱི་བརྒྱུད་པ་ལྟར་ཏེ་གཞན་དུ་ཤེས། དེ་འབྲེལ་ཀུན་མཁྱེན་ཀློང་ཆེན་པའི་དབྱངས་ཅན་མའི་སྐོར་སོགས་མཁན་པདྨ་རྡོ་རྗེ་ལས་གསན་ནམ་བརྟག ཁྲོ་ཕུ་བའི་མན་ངག་བརྒྱ་རྩའི་ལུང་བརྒྱུད་ནི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། དགྲ་བཅོམ་པ་ཡོན་ཏན་བློ་གྲོས། སྤྱང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀྱ་མཆོག་ལྡན་ནས་རིམ་པར་བརྒྱུད། ལྷོ་བྲག་བླ་མ་དཔལ་ལྡན་གྲགས་པ། ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། དེ་ལས་སོ། །ཡང་ན། པཎ་ཆེན་ཤཱཀྱ་མཆོག་ལྡན་ནས། བྲག་དཀར་བ་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་གྲོལ་མཆོག་མན་འདྲ། འདི་ནི་ཁྲོ་ལོའི་འགྱུར་དང་གསུང་སྐོར་འདིར་གང་
བཞུགས་ཀྱི་བརྒྱུད་པར་སྣང་ངོ། །གཞན་འདིར་བཞུགས་པའི་ཡིག་ཆ་བླ་མ་སོ་སོའི་གསུང་རབ་ལས་བྱུང་བ་གསན་ཁུངས་ཙམ་སྨྲོས་ན། གཙོ་བོར་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་ཚང་མ་རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་ལེགས་གྲུབ་ཀྱི་མདུན་ནས་གསན་ཅིང་། ཉེར་མཁོ་འགའ་ཞིག་སློབ་དཔོན་དགེ་འདུན་རབ་རྒྱས། དཀོན་མཆོག་བསྟན་པ་རབ་རྒྱས། འཇམ་མགོན་བསྟན་འཛིན་སྙན་གྲགས་གསུམ་ལས་ཀྱང་གསན་ནོ། །རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་གསུང་འབུམ་དཀོན་མཆོག་བསྟན་པ་རབ་རྒྱས། ངོར་ཆེན་རྡོ་རྗེ་འཆང་གི་གསུང་འབུམ། མཁན་ཆེན་དཀོན་མཆོག་ལྷུན་གྲུབ་གསུང་འབུམ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གསུང་འབུམ་རྣམས་ཚང་མ་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ། མུས་ཆེན་སེམས་དཔའ་ཆེན་པོ་དང་། ཀུན་མཁྱེན་བསོད་ནམས་སེང་གེ། མཁས་གྲུབ་དཔལ་ལྡན་དོན་གྲུབ་གསུམ་གྱི་བཀའ་འབུམ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་གླེགས་བམ་དང་པོ་རྣམས་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་གསུང་རབ་དང་། འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་བཀའ་འབུམ་ལས་གསན་པ་རྣམས་དབང་རྗེས་གནང་སོ་སོའི་སྐབས་སུ་གསལ་ཞེས་སྣང་བ། རྗེས་གནང་གི་བརྒྱུད་པ་དང་འདྲ་བར་ཤེས་ལ། དེ་ལས་སངས་ཕུན་པའི་གསུང་ངག་དབང་ལེགས་གྲུབ་ལས་གསན་པའི་ཚུལ་དབྱངས་ཅན་མ་དཀར་མོའི་སྐབས་ནས་འབྱུང་བ་ལྟར་རོ། །འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱི་གསུང་རབ་རྣམས་ནི་སྐུ་དངོས་ལས་གསན་པར་སྣང་ངོ། །དེ་ལས་གཞན་ཕྱིས་བྱོན་གྱི་ས་སྐྱ་གོང་མ་རྣམས་དང་། ཚར་པའི་བརྒྱུད་འཛིན་རྣམས་ཀྱི་གསུང་གོང་སོ་སོའི་སྐབས་སུ་མ་སོང་བ་རྣམས་མ་ངེས་ཀྱང་། བླ་མ་གོང་མ་
རྣམས་ཀྱི་རྣམ་ཐར་གསན་ཡིག་ལས་སྒྲུབ་རྗེས་མན་ངག་གི་ཡིག་ཆ་སྐོར་གསན་ཐོ་རིམ་འཁོད་ལྟར་རྗེས་འབྲེལ་གང་མཆིས་གསན་པར་གོར་མ་ཆག་ལ། ཕྱོགས་གཞན་པའི་ཡིག་ཆ་ཆེར་མི་སྣང་ཡང་། དཀོན་མཆོག་འབངས་ཀྱི་ཆོས་སྤྱོད་ཟླ་སྤྲུལ་ངེས་དོན་བསྟན་པ་རབ་རྒྱས། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་རྟ་མགྲིན་ལས་ཚོགས་བརྒྱ་རྩ་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་གསན་པ་ཙམ་ལས། མན་ངག་གི་སྐོར་སོགས་འགའ་ཞིག་གསན་ཐོ་མ་རྙེད་པས་རྩད་གཅོད་དགོས་པར་སྣང་། བེའུ་བུམ་སྐོར་ནས་བྱུང་བ་རྣམས་ཀྱི་གཙོ་བོ་ས་སྐྱའི་གསེར་པོད་དུ་གྲགས་པ་ནི། ཀླུ་དབང་རྒྱལ་པོ། ཛཾ་དཀར། སྨྲ་སེང་། མི་གཡོ་བ་དཀར་པོ། སྒྲོལ་དཀར། རྟ་མགྲིན་ཟླ་རྒྱལ་ལུགས། ས་ལུགས་སྨེ་བརྩེགས་དུད་ཀ ཇོ་ལུགས་སྨེ་བརྩེགས་ལྗང་ནག ཛཾ་དཀར་འབྲུག་ཞོན། གསེར་ཆོས་སེང་གདོང་མ། འཇམ་དཔལ་ནག་པོ། སེང་གེ་སྒྲ། རྡོ་རྗེ་ཁྱུང་ཁྲ་བཅས། དུས་འཁོར་ཁྱུང་ཁྲ། ཁྱུང་ནག་འབྱུང་པོ་འུར་འདེད། དབྱུ་གུ་མཆེད་གསུམ། གསེར་ཆོས་ཛཾ་དམར། སྐྱེར་སྒང་རྟ་མགྲིན་གསང་སྒྲུབ་བཅས་ཀྱི་ཡིག་ཆའི་ལུང་རྨོར་ཆེན་ཡན་སོ་སོའི་བརྒྱུད་པ་ལྟར་ལ། དེ་ནས་གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་སོ། །ཡང་ན། ནམ་མཁའ་འཆི་མེད་ནས། མཁས་དབང་ཀུན་དགའ་དོན་གྲུབ། བླ་མ་དམ་པ་དགེ་འདུན་རྒྱ་མཚོ། བྱམས་པ་ཀུན་དགའ་བསྟན་འཛིན་ནོ། རྟ་མགྲིན་གསང་སྒྲུབ་སྐོར་ཀུན་དགའ་དོན་གྲུབ། རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་ལས་ཀྱང་གསན་ནོ། །མཁའ་སྤྱོད་སྐོར་གསུམ་གྱི་བེའུ་བུམ་ལུང་བརྒྱུད་ནཱ་རོ་མཁའ་སྤྱོད་སྐོར་བརྒྱུད་
ཚུལ་མང་དུ་བྱུང་བ་ཐམས་ཅད་འཇམ་མགོན་ཀུན་དགའ་བློ་གྲོས་ལ་འདུས་ཤིང་། དེ་ནས་རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། འཇམ་མགོན་ཀུན་དགའ་རྒྱལ་མཚན། འཁོན་སྟོན་ངག་གི་དབང་པོ་ཐེག་ཆེན་བཀྲ་ཤིས་རིན་ཆེན། དེ་ལས་སོ། །བྱམས་པ་ཕྲིན་ལས་ཡོན་ཏན་གྱི་གཅོད་མཛད་པ་པོ་ནས། ངག་དབང་བསྟན་འཛིན་ཕྲིན་ལས། དེ་ལས་སོ། །ཨིནྡྲ་མཁའ་སྤྱོད་དང་མཻ་ཏྲི་མཁའ་སྤྱོད་གཉིས་འཇམ་མགོན་ཀུན་དགའ་རྒྱལ་མཚན་ཡན་བྱིན་རླབས་དང་འདྲ། དེ་ནས་ཁྲི་ཆེན་བཀྲ་ཤིས་རིན་ཆེན། དེ་ལས་སོ། །དམར་པོ་སྐོར་གསུམ་གྱི་བེའུ་བུམ་ལུང་བརྒྱུད། ཀུ་རུ་ཀུལླེའི་སྐོར་འཇམ་མགོན་ཀུན་དགའ་བློ་གྲོས་ཡན་ཚར་ལུགས་བྱིན་རླབས་དང་འདྲ་ལ། དེ་ནས་པཎ་ཆེན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་མགོན་རྡོ་རྗེ་རིན་ཆེན། དེ་ལས་སོ། །ཡང་ན། ཀུན་བཀྲས་ནས། འཇམ་མགོན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་བཀྲ་ཤིས་རིན་ཆེན། དེ་ལས་སོ། །དེ་འབྲེལ་དམར་ཆུང་སྐོར་གསུམ་གྱི་ལུང་བརྒྱུད། ས་ཆེན་ཀུན་བློ་ཡན་བྱིན་རླབས་དང་འདྲ། དེ་ནས་པཎ་ཆེན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་མགོན་རྡོ་རྗེ་རིན་ཆེན། དེ་ལས་སོ། །ཞར་བྱུང་དུ་ཛམྦྷ་ལ། ཚོགས་བདག ཨ་པ་རཱ་ཙི་ཏ་གསུམ་ལ་བརྟེན་པའི་ཟས་ནོར་སྙན་གྲགས་སྒྲུབ་པའི་མན་ངག་གཉེན་ལོའི་གསེར་ཆོས་ཛཾབྷ་ལ་སུམ་བསྒྲིལ་གྱི་གདམས་པ་ལས་སྦྱོར་ཁོ་ན་ལག་ཏུ་ལེན་པའི་མན་ངག་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། དབང་རབ་ཡན་དམར་ཆུང་སྐོར་གསུམ་རྗེས་གནང་དང་འདྲ། དེ་ནས་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་ལེགས་པའི་འབྱུང་གནས། ས་ཆེན་ཀུན་བློ་མན་གོང་དམར་ཆུང་སྐོར་གསུང་དང་འདྲ། ཚོགས་
བདག་སྐོར་གྱི་ལུང་། མཁྱེན་བརྩེ་ཡན་ཚར་ལུགས་རྗེས་གནང་དང་འདྲ་ལ། དེ་ནས་དབང་རབ། མགོན་པོ་བསོད་ནམས་མཆོག་ལྡན། ངག་དབང་རྣམ་རྒྱལ། ཀུན་དགའ་བཀྲ་ཤིས། རྨོར་ཆེན་མན་གོང་ཛམ་ལ་དང་འདྲ་བ་ལས་རྡོ་རྗེ་རིན་ཆེན་དང་། དཀོན་མཆོག་བསྟན་པ་རབ་རྒྱས་གཉིས་ཀ་ལས་སོ། །འདོད་རྒྱལ་ཡིག་ལུང་། འཕགས་པ་ཡན་རྗེས་གནང་དང་འདྲ། དེ་ནས་མཁས་གྲུབ་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་ནས་ཚར་ཆེན། མཁྱེན་བརྩེ། གཉིས་ཀ་ལས་དབང་རབ། དེ་མན་ཚར་ལུགས་ཚོགས་བདག་དང་འདྲ། ཆོས་སྲུང་ནོར་ལྷའི་སྐོར་གྱི་ཡིག་ལུང་གོང་དཀྱུས་སུ་སོང་ལ། དེ་ལས་གུར་མགོན་སྐོར་ངག་དབང་ལེགས་གྲུབ་དང་། རྣམ་སྲས་སྐོར་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ་མདུན་ནས་གསན་ཏོ། མཐའ་རྟེན་མགོན་དཀར་ཡིད་བཞིན་ནོར་བུའི་བརྒྱུད་པ་གོང་དུ་སོང་ཞིང་། རྣམ་སྲས་དཀར་པོ་ཚེ་འཛིན་གྱི་རྗེས་གནང་གཟིམ་འོག་བསྟན་འཛིན་སྙན་གྲགས་ཡིག་སྟེང་ནས་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། ཚར་ཆེན་ནས། མཁྱེན་བརྩེ། དབང་རབ། ངག་ཆོས། ས་སྐྱ་པ་ཀུན་དགའ་བསོད་ནམས། ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ངག་དབང་བློ་གསལ་ཕུན་ཚོགས། མཁྱེན་རབ་འགྱུར་མེད་མཆོག་གྲུབ། བྱམས་པ་ཕྲིན་ལས་ཡོན་ཏན། ངག་དབང་བསྟན་འཛིན་སྙན་གྲགས། དེ་ལས་སོ། ༈ །རས་ཆུང་ལུགས་ཚེ་དཔག་མེད་དཀར་པོ་ཕྱག་བཞི་པ་རིན་འབྱུང་ནས་བྱུང་བའི་རྗེས་གནང་ནི་དེ་ཉིད་ཀྱི་བརྒྱུད་པ་ལྟར། ༈ །བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་ངག་དབང་མཆོག་ལེགས་རྡོ་རྗེའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་ཚེ་དཔག་མེད། མཁའ་འགྲོ་
སེང་གདོང་མ། གྲུབ་ཆེན་པདྨཱ་ཀ་ར། རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེ། མཉམ་མེད་དྭགས་པོ་ལྷ་རྗེ། ཕག་མོ་གྲུ་པ། འབྲི་གུང་སྐྱོབ་པ། དབོན་བསོད་ནམས་གྲགས་པ། གཅུང་རྡོ་རྗེ་གྲགས་པ། བླ་མ་ཨ་རྩེ། སྤྱན་སྔར་རྡོ་རྗེ་རྒྱལ་པོ། འབྲི་གུང་ལོ་ཙཱ་ནོར་དཔལ་ཡེ་ཤེས། ས་བཟང་འཕགས་པ། ངོར་ཆེན་ཀུན་དགའ་བཟང་པོ། དགའ་གདོང་བ་ཆོས་རྒྱལ་དཔལ་བཟང་། པཎ་ཆེན་ཤཱཀྱ་མཆོག་ལྡན། དབུ་ལེགས་གྲུབ་ཆེན་བསོད་ནམས་རྒྱལ་མཚན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག སྟག་ལུང་ངག་དབང་རྣམ་རྒྱལ། བཅོ་བརྒྱད་པ་མཁྱེན་རབ་མཆོག་ལེགས་རྡོ་རྗེ་ལའོ། །ཡང་ན་རྗེ་བཙུན་མི་ལ་ནས། ངན་རྫོང་རས་པ་བྱང་ཆུབ་རྒྱལ་པོ། རས་ཆུང་རྡོ་རྗེ་གྲགས་པ། དགེ་བཤེས་རྒྱ་ཕོ་ལུང་པ། ལྷ་རིན་ཆེན་རྒྱལ་པོ། རིན་ཆེན་བཟང་པོ། ཚུལ་ཁྲིམས་རྒྱལ་མཚན། ངག་གི་དབང་པོ། བྱང་ཆུབ་སེང་གེ གཞོན་ནུ་ཀུན་དགའ། ཆོས་ཀྱི་རྒྱལ་མཚན། དབང་ཕྱུག་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱལ་མཚན། ངག་གི་དབང་པོ། ངག་དབང་ཆོས་རྒྱལ། སྟག་ལུང་རྣམ་རྒྱལ་བཀྲ་ཤིས། དེ་དབོན་ཀུན་དགའ་བཀྲ་ཤིས། དེ་དབོན་ངག་དབང་རྣམ་རྒྱལ། དེ་གསུམ་ཀས་བཅོ་བརྒྱད་པ་མཆོག་ལེགས་རྡོ་རྗེ་ལའོ། །དེ་ནས་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་འབྱུང་། ས་ཆེན་ངག་དབང་ཀུན་དགའ་བློ་གྲོས། ཞལ་དཀར་པ་ངག་དབང་ཤེས་རབ། བསོད་ནམས་བསྟན་འཛིན། ངག་དབང་དམ་ཆོས། ངག་དབང་བཟང་པོ། ཐར་རྩེ་ནམ་མཁའ་འཆི་མེད་དམ། ཡང་ན་ས་ཆེན་ཀུན་དགའ་བློ་གྲོས་ནས། ཐར་རྩེ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་
བསྟན་འཛིན། རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་གཉིས་ཀ་ལས་སོ། །ཡང་ན་སྟག་ལུང་ངག་དབང་བསྟན་པའི་ཉི་མ་ལས་ཀྱང་གསན། ཡང་རས་ཆུང་ལུགས་ལྟར་ན། ཕག་གྲུ་རྡོ་རྗེ་རྒྱལ་པོ། གླིང་རས་པདྨ་རྡོ་རྗེ། རྒྱ་རས་ཡེ་ཤེས་རྡོ་རྗེ། རྒོད་ཚང་རས་པ་མགོན་པོ་རྡོ་རྗེ། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། སྤྱན་སྔ་བ་རིན་ཆེན་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང་། འབའ་ར་བ་རྒྱལ་མཚན་དཔལ་བཟང་། འཇམ་དབྱངས་རིན་ཆེན་རྒྱལ་མཚན། གྲུབ་ཆེན་བློ་ལྡན་བཟང་པོ། འཁྲུལ་ཞིག་ཀུན་དགའ་བསམ་གཏན། གཙང་སྨྱོན་ཧེ་རུ་ཀ་ཆོས་ཀྱི་གྲགས་པ། རྒོད་ཚང་སྣ་ཚོགས་རང་གྲོལ། ངེས་གནས་པ་བྱམས་པ་ཕུན་ཚོགས། རྗེ་ཀརྨ་བཀྲ་ཤིས། སྨན་སྒོམ་སངས་རྒྱས་ཏེ་རབ་འབྱམས་རྣམ་པ་གསུམ། གསུམ་ཀས་ཀུན་མཁྱེན་གྲུབ་མཆོག་དབང་པོ། རྗེ་ཕྲིན་ལས་རྒྱ་མཚོ། རས་ཆུང་སྤྲུལ་སྐུ་བཀའ་བརྒྱུད་སྒྲོན་མེ། བྱང་ཆུབ་གླིང་པ་ཡོན་ཏན་རྒྱ་མཚོ། རྒྱལ་བ་འཛམ་གླིང་རྡོ་རྗེ། རས་ཆུང་སྤྲུལ་སྐུ་རིག་འཛིན་ངག་གི་དབང་པོ། རྒྱལ་བ་ཡེ་ཤེས་སྐལ་བཟང་། རས་ཆུང་སྤྲུལ་སྐུ་དཔལ་ལྡན་རྒྱ་མཚོ། དགེའུ་བ་ངེས་དོན་བསྟན་འཛིན་ཆོས་ཀྱི་རྒྱ་མཚོ། རས་ཆུང་སྤྲུལ་སྐུ་གྲུབ་མཆོག་མཐུ་སྟོབས་རྒྱ་མཚོ། ཁ་རག་པ་རིན་ཆེན་འོད་ཟེར། རས་ཆུང་སྤྲུལ་སྐུ་དགེའུ་མཆོག་སྤྲུལ་ཏུ་གྲགས་པ་བཀའ་བརྒྱུད་ཕྲིན་ལས་དབང་ཕྱུག དེ་ལས་སོ། །ལུང་ལ། བཀྲ་ཤིས་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་རྗེ་བཙུན་མའི་གསུང་རྩ་བ་སྔགས་བཅས། ཐུན་མོང་མ་ཡིན་པའི་མན་ངག་དང་སྒྲུབ་ཐབས། ངན་རྫོང་སྙན་བརྒྱུད་ལས་བྱུང་བའི་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས། མཆོག་ལེགས་རྡོ་རྗེས་མཛད་པའི་སྒྲུབ་རྗེས་དངོས་གྲུབ་ཆར་འབེབས་བཅས་ཏེ། རྩ་བའི་ཡི་གེ་ལེ་ཚན་ཀརྨ་ངེས་དོན་དབང་པོ་ལས་གསན་ཅིང་
བརྒྱུད་པ་བཙལ། ཕྱི་མ་རྗེས་གནང་དང་འདྲའོ། །ཚེ་རིང་མའི་གཡང་སྐྱབས་ཆོ་ག་མཛད་པ་པོ་འཇམ་མགོན་བླ་མ་ཉིད་ལས་སོ། །འདི་ཡན་ཆོད་ནི་རྗེ་བླ་མ་རྡོ་རྗེ་འཆང་དེ་ཉིད་ཀྱིས་གསན་པའི་ཚུལ་ལོ། །དེ་ལྟར་རྗེ་བླ་མ་འཇམ་པའི་དབྱངས་དེ་ཉིད་ཀྱིས་བསྒྲིགས་ཟིན་པའི་ཁ་སྐོང་རིགས་འཇམ་མགོན་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་གསར་བསྒྲིགས་གནང་བ། ཐུབ་པ་དམ་ཚིག་གསུམ་བཀོད་མཇུག འོད་དཔག་མེད་ཀྱི་སྔགས་ཆོག ཇོ་ལུགས་མི་འཁྲུགས་པའི་ལས་ཚོགས། དོན་ཡོད་ཞགས་པའི་སྨྱུང་གནས་ཆོ་ག བདེ་མཆོག་ལྷན་སྐྱེས་སྒྲུབ་ཐབས། རས་ཆུང་ལུགས་ཀྱི་ཕྱག་རྡོར་གཏུམ་ཁྱུང་བསྙེན་སྒྲུབ་ལས་གསུམ་གྱི་མཇུག མར་ལུགས་རྡོར་སེམས་གཙོ་རྐྱང་གི་སྒྲུབ་རྗེས་མན་ངག་བཅས་པའི་མཇུག དམ་ཚིག་རྡོ་རྗེའི་མན་ངག་སྦྱིན་སྲེག ལྟུང་བ་སྦྱོང་བའི་སྒོ་ཉི་ཤུ་རྩ་ལྔའི་ལག་ལེན། སྡོམ་པ་གསུམ་གྱི་བཤགས་ཚིག སྲུང་བ་ལྷ་ལྔའི་བྱད་འགྲོལ་བཅས་ཆོས་ཚན་བཅུ་གཅིག་གི་རྗེས་གནང་གསུམ་ནི་རྗེ་བླ་མས་སྩལ་གྲུབ་ལ། ཡིག་ཆ་རྣམས་ཀྱི་ལུང་འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས། མཁན་བླ་མ་བཀྲ་ཤིས་འོད་ཟེར། དེ་ལས་བདག་ཉིད་ཀྱིས་ནོས་པ་ཡིན་ནོ། །དེ་འཕྲོས་ཀྱི་ཁ་སྐོང་བདག་ཉིད་ཀྱིས་གསར་བསྒྲིགས་བགྱིས་པའི་རིགས་སོ་སོར་སྦྱར་བྱང་གིས་གསལ་བ་ལྟར་ནས། རྗེས་གནང་བྱིན་རླབས་སྐོར་རྗེ་བླ་མ་འཇམ་པའི་དབྱངས་ཉིད་ཀྱི་ཞལ་སྔ་ནས་ཐོབ་པ། འཇམ་པའི་རྡོ་རྗེ་གཙོ་རྐྱང་། འཇམ་དཔལ་ངག་གི་དབང་ཕྱུག རྣམ་འཇོམས་བིར་ལུགས། རྣམ་རྒྱལ་མ་དཀར་མོ་ཕྱག་གཉིས་མ་གཙོ་རྐྱང་། འབྲུག་ལུགས་ཁྲུས་ལྷ་ལྔ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་རྣམས་དང་། གྲུབ་ཐོབ་བརྒྱད་ཅུའི་བྱིན་རླབས་འབྲུག་ལུགས་ལུང་བཅས་འཇམ་མགོན་བློ་གྲོས་མཐའ་ཡས་དང་། ས་ལུགས་འཇམ་
དབྱངས་ནམ་མཁའ་རྒྱལ་མཚན་གྱི་ཞལ་སྔ་ནས་ནོས་པས་མཚོན་གཞན་ལས་ཐོབ་པའི་བརྒྱུད་པ་ལས་རྟོགས་པར་བྱས་ལ། ཡིག་ཆའི་ལུང་སྐོར་ནས། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སྐོར་འཇམ་མགོན་གུ་ཎའི་ཞབས། སྒྲུབ་ཐབས་བརྒྱ་རྩའི་རྒྱ་གཞུང་ས་སྐྱའི་གསུང་རབ་བོད་གཞུང་སྐོར། ངག་དབང་ལེགས་གྲུབ་གནས་བརྟན་མཆོད་ཆོག་དང་། རྟེན་ཁྲུས་རི་ཁྲུས། མགོན་དཀར་གཡང་ཆོག ཞྭ་ལུའི་སྨན་ཆོག་རྗེས་འབྲེལ་བཅས། རྣམ་སྲས་རྟོག་པ་སོགས་རྒྱ་གཞུང་། ལས་ཚོགས་སྐོར་ཡིག་རྙིང་། བུ་སྟོན་རིན་པོ་ཆེའི་མངོན་རྟོགས་བཅས། སྐལ་བཟང་རྒྱ་མཚོའི་དབང་བཤད། རྨོར་ཆེན་རབ་གནས་ཡོན་བསྒོའི་རྣམ་བཤད། དཀོན་མཆོག་འབངས་ཀྱི་ཆོས་སྤྱོད། མཁན་ཆེན་བློ་གྲོས་རྒྱལ་མཚན་གྱི་རིགས་གསུམ་མགོན་པོའི་རྗེས་གནང་ཆོ་ག འཇམ་མགོན་གུ་ཎའི་ཚེ་རིང་མའི་གཡང་ཆོག རྡོར་སེམས་དང་། གཏུམ་ཁྱུང་གི་ཡིག་ཆ། གུང་ཐང་བའི་ཤྲ་བ་ཎའི་སྒྲུབ་སྐོར། རྗེ་བླ་མའི་སྒྲོལ་དཀར། ཚེ་ལྷ་རྣམ་གསུམ་གྱི་བསྟོད་པའི་སྐོར་བཅས་ཐོབ་པ་དང་། མ་ཐོབ་པའི་བརྒྱུད་པ་ལུང་བཅས་སླར་ཞིབ་ཏུ་བཙལ་དགོས་ཡོད་ཅིང་། རྗེ་བླ་མ་ཉིད་ཀྱི་གསུང་སྒྲོལ་དཀར་སྒྲུབ་ཐབས་རིལ་སྒྲུབ་བཅས། འོད་ཟེར་ཅན་མའི་མན་ངག་ཉེར་མཁོ། ཉེར་མཁོའི་ཆོས་སྤྱོད་མཛེས་རྒྱན་བཅས་མ་ཐོབ་ཅིང་ལུང་རྒྱུན་བཙལ་ཁུངས་དབེན་པས་ལུང་སྤེལ་གྱི་གནང་བ་ཞུ་བ་ལས་ཐབས་མ་བྱུང་ཞིང་། དེ་མ་གཏོགས་པའི་དབང་རྗེས་གནང་བྱིན་རླབས། དེ་དག་དང་རྗེས་སུ་འབྲེལ་བའི་ཡིག་ཆ་རིགས་མ་ལུས་པ་རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་དངོས་ནས་སྔ་ཕྱི་ལན་གཉིས་ཀྱི་སྐབས་སུ་ཡིད་ཆེས་པར་བཀའ་དྲིན་ཏུ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་ཆོས་སྡེ་འདིར་བཀའ་དྲིན་གྱིས་ཁྱབ་ཀྱང་གནས་སྐབས་བསྒྲིག་ཏུ་མ་བྱུང་བ། འཁོན་ལུགས་ཕུར་པའི་གཏོར་དབང་གི་རྗེས་འབྲེལ་སྨད་ལས་དྲག་པོ་སྒྲོལ་དབང་གི་དོད་ཟུར་ལུགས་མཚན་མ་རྫས་ཀྱི་ཕུར་པའི་བྱིན་རླབས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཐུགས་དམ་བཞིའི་ཡ་གྱལ་བདེ་མཆོག་དཀར་པོ་ཚེ་སྒྲུབ་བཅས། ཡང་དག་མེ་གཅིག་གི་གདམས་པ་
རྣམས་ཀྱང་ཟབ་ཆོས་ལ་ཆོག་ཤེས་མི་བྱ་བ་རྣམས་ཀྱིས་བཙལ་ཞིང་དོན་དུ་གཉེར་བས་གདམས་ངག་གི་རབས་མི་བཅད་པར་འོས་ཤིང་། སྒྲོལ་དཀར་སོགས་ཁྲིད་ཀྱི་སྐོར་དཀྱུས་སུ་བཞུགས་པ་རྣམས་ལས་གཞན་གྲུབ་རྒྱལ་ཚེ་ཁྲིད། ཚེ་སྒྲུབ་ཞག་བདུན་མའི་ཁྲིད། ཐུགས་རྗེ་ཆེན་པོའི་དམར་ཁྲིད་རིགས་ལྔ། ལྷན་སྐྱེས་རྣམས་དང་འབྲེལ་བའི་བདེ་ཀྱེ་གསང་གསུམ་གྱི་དམར་ཁྲིད་སོགས་སྒྲུབ་ཐབས་རིན་པོ་ཆེ་འདི་ཉིད་ཀྱི་གྲོལ་བྱེད་ལམ་གྱི་རིམ་པར་འཇོག་རྒྱུ་ཡིན་ཚུལ་རྗེ་བདག་ཉིད་ཆེན་པོའི་གསུང་དཔལ་ལྡན་བློ་གྲོས་རྒྱལ་མཚན་པའི་ཕྱག་ཐོར་ཐེབས་པ་ལྟར་འཆད་ཉན་མཛད་པ་རྣམས་ཀྱིས་ཡལ་བར་མི་འདོར་བར་ཞུ་ཞིང་། དེ་ལས་ཐུགས་རྗེ་ཆེན་པོའི་ཁྲིད་བསྡུས་རྗེ་བླ་མས་བརྒྱུད་འདེབས་བཅས་མཛད་པ་འདིར་བཞུགས་པ་ལྟར་དང་། གཞན་གྱི་དཔེ་རྒྱུན་བཙལ་ཞིང་སྐབས་སུ་བབ་པར་འདོམས་པ་ཡང་ཞར་བྱུང་དུ་གསོལ་བ་ལགས། སྨྲས་པ། བསྟན་འགྲོའི་ལྷ་ལམ་མཐོན་པོར་མངོན་འཕགས་པའི། །རྒྱལ་ཀུན་རྡོ་རྗེ་གསུམ་གྱི་སྣང་བའི་མཛོད། །གསུང་གི་བདུད་རྩིས་སྐལ་ལྡན་ཚིམ་མཛད་རྣམས། །བཀའ་དྲིན་དྲན་པས་སླར་ཡང་ཕྱག་བགྱིའོ། །ཤིན་ཏུ་སྙིགས་མའི་དུས་མཐའི་མེ་ཆེན་གྱིས། །ལུང་རྟོགས་ཆུ་བོ་འབྲི་བར་ཕྱོགས་ཀྱང་སླར། །མགོན་རྣམས་ཐུགས་བསྐྱེད་རྫོགས་ལྡན་སྤྲིན་ཆེན་ལས། །སྔགས་བཅུད་བདུད་རྩིའི་གྲུ་ཆར་ཅི་ཡང་ཕབ། །མཆོག་དང་ཐུན་མོང་དངོས་གྲུབ་སྒྲུབ་པའི་ཐབས། །ཚང་ལ་མ་ནོར་བརྒྱུད་པ་རྣམ་དག་ལས། །ལེགས་པར་བྱོན་པའི་གདམས་ངག་དོན་གཉེར་བློས། །མང་ཐོས་དཔྱོད་ལྡན་རྣམས་ཀྱི་རྗེས་ཞུགས་ཏེ། །རིགས་དང་བཀའ་བབས་ཉམས་ལེན་བྱིན་རླབས་ཀྱི། །ཁྱད་པར་ལ་དགོངས་གཅིག་གིས་མ་ཚིམ་པར། །གདམས་པ་སྣ་རེའང་ཡོངས་འཛིན་མང་པོ་ལས། །འབད་པས་གསན་པ་རྗེ་འདིའི་ཁྱད་ཆོས་ཡིན། །ཐུགས་བསྐྱེད་ཕྱག་གིས་རྒྱུད་གཞུང་རྒྱ་མཚོ་ལས། །མན་ངག་དབྱིག་གི་སྙིང་པོ་ཡོངས་བཏུས་ནས། །ལག་ལེན་གསེར་གྱི་སྐུད་པར་བསྟར་བའི་ཕྲེང་། །མགྲིན་རྒྱ་ཅི་དགར་འཕྱང་འདི་བླ་མའི་དྲིན། །སྒྲུབ་རྗེས་མེ་ཏོག་ལྡུམ་རྭ་ཆེར་མང་ཡང་། །
མན་ངག་ཨུ་དུམྦཱ་ར་བཀྲ་བ་དཀོན། །དོན་གཉིས་སྒྲུབ་གནས་སྔོན་མེད་དགའ་ཚལ་འདི། །སྐལ་བཟང་རིག་པ་འཛིན་རྣམས་རོལ་པའི་གཞི། །གཞན་ཕན་བྱང་ཆུབ་སེམས་ཀྱི་གཡར་དམ་དང་། །གཅིག་ཏུ་འགྲོགས་པའི་རིམ་གཉིས་རྣལ་འབྱོར་གྱིས། །མཆོག་ཐུན་གྲུབ་པའི་ས་ལ་དབང་བསྒྱུར་ནས། །བསྟན་དང་འགྲོ་བའི་འདོད་པ་ཀུན་སྒྲུབས་ཤིག །དཀའ་བརྒྱས་ཟབ་མོའི་བཀའ་ཀུན་བཏུས་པ་འདི། །ཇི་སྙེད་ཡིད་ཀྱི་འདོད་འཇོའི་ལྗོན་ལགས་ཀྱི། །ཐོས་བསམ་སྒོམ་པའི་བསམ་སྦྱོར་རྣམ་དག་གིས། །སྲིད་པ་ཇི་སྲིད་ཉམས་པ་མེད་པར་སྲུངས། །ལྷག་བསམ་རྣམ་པར་དཀར་བའི་བསིལ་ཟེར་དང་། །མི་ཕྱེད་དགེ་བའི་ཟླ་བ་གང་གི་མཁར། །མོས་པས་དྲངས་པའི་སྐྱེ་བོར་རྩ་བ་དང་། །བརྒྱུད་པའི་བླ་མས་དགེ་ལེགས་སིམ་སྩོལ་ཅིག །བསྟན་པ་སྤྱི་དང་ཁྱད་པར་འདི་ཡི་ཆོས། །ཡིད་ཅན་སྤྱི་དང་ཁྱད་པར་སྐལ་ལྡན་དཔལ། །དུས་གསུམ་སྤྱི་དང་ཁྱད་པར་སྙིགས་དུས་འདིར། །གསལ་དང་བརྟན་དང་ལྷག་པར་ཁྱབ་གྱུར་ཅིག །བཀྲ་ཤིས་ཉི་མ་ནུབ་མེད་བྱིན་རླབས་འོད་ཟེར་བརྒྱ་རུ་བཞད། །བཀྲ་ཤིས་ཟླ་བ་འགྲིབ་བྲལ་དངོས་གྲུབ་བདུད་རྩིའི་ཕྲེང་བ་འབེབས། །བཀྲ་ཤིས་རྒྱུ་སྐར་གཡོ་མེད་ཕྲིན་ལས་ཐིག་ལེ་མཁའ་མཉམ་བཀྲ། །བཀྲ་ཤིས་སྣང་བ་མཐའ་ཡས་བླ་མ་ལྷར་བཅས་བདེན་པས་ཤོག །ཅེས་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་ཅི་ཡང་རུང་བ་སྒྲུབ་པ་ལ་མ་ཚང་མེད་པའི་འདོད་རྒུའི་གླིང་ཆེན་པོ་འདི་ཉིད་བརྒྱུད་པ་རྣམ་པར་དག་པ་ལས་ཇི་ལྟར་བྱོན་པའི་ཡི་གེ་དགེ་ལེགས་གངྒཱའི་ཀླུང་ཆེན་ཞེས་བྱ་བ་འདིའང་། མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་རྗེ་བཙུན་བླ་མ་ཐུགས་རྗེའི་བདག་ཉིད་རྣམས་ཀྱི་སྐུ་དྲིན་གྱིས་རིག་པ་འཛིན་པའི་གནས་ལ་དབུགས་དབྱུང་ཐོབ་པ་འཇམ་དབྱངས་བློ་གཏེར་དབང་པོས་དད་ཅིང་གུས་པས་བྲིས་པ་ལམ་ཟབ་མོ་འདི་ཉིད་སྲིད་མཐར་འཕེལ་བ་དང་། དེ་འཛིན་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་བཞེད་ཚུལ་བཞིན་དུ་འགེངས་ནུས་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།
སྒྲུབ་པའི་ཐབས་ཀུན་ལས་བཏུས་པ་དངོས་གྲུབ་རིན་པོ་ཆེའི་འདོད་འཇོའི་དཀར་ཆག་གི་ཡི་གེ་བཀྲ་ཤིས་གྲུབ་པའི་ཆུ་གཏེར།
སྒྲུབ་པའི་ཐབས་ཀུན་ལས་བཏུས་པ་དངོས་གྲུབ་རིན་པོ་ཆེའི་འདོད་འཇོའི་དཀར་ཆག་གི་ཡི་གེ་བཀྲ་ཤིས་གྲུབ་པའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། ཀུན་གསལ་ངོས་སུ་དབང་པོའི་གཞུ་རིས་བཞིན། །སྤྲོས་བྲལ་དབྱིངས་ལས་ཡེ་ཤེས་སྒྱུ་མའི་སྐུ། །རྣམ་ཀུན་མཆོག་ལྡན་འགྱུར་མེད་བདེ་བ་ཆེ། །ཟུང་འཇུག་སྲིད་ཞིའི་ཁྱབ་བདག་ཆེན་པོར་འདུད། །སྤངས་རྟོགས་ངོ་བོར་རྒྱལ་ཀུན་དབྱེར་མེད་ཀྱང་། །སྙིགས་འགྲོར་སྐྱོབས་པའི་ཐུགས་བསྐྱེད་ཕྲིན་ལས་ལ། །ཕྱོགས་བཅུའི་འདྲེན་པས་བསྔགས་པའི་མེ་ཏོག་ཆར། །ལྷན་ཅིག་འཐོར་བ་ཤཱཀྱའི་དབང་པོས་སྐྱོངས། །གྲུབ་པའི་བདུད་རྩིས་སྙིང་ལ་སིམ་གྱུར་པས། །ལྷག་པའི་ལྷ་ཡིས་རྗེས་བཟུང་ཟབ་གསང་ལམ། །མོས་དང་སྐལ་བ་ཇི་བཞིན་གསལ་མཛད་པ། །འཕགས་བོད་ཐུབ་པའི་བསྟན་སྐྱོང་ཆེ་རྣམས་བསྔགས། །འཇྃམ་དབྱངྃས་ངུར་སྨྲིག་འཛིན་པའི་ཟོལ་བསྟན་ཀྱང་། །མཁྱེཾན་བརྩེཾ་ཡེ་ཤེས་རྒྱལ་དང་དབྱེར་མེད་པ། །གངས་ལྗོངས་མཁས་དང་གྲུབ་པའི་དབངཾ་པོཾའི་ཞབས། །སྒོ་གསུམ་གུས་པ་ཆེན་པོས་སྤྱི་བོར་མཆོད། །ཐུགས་བསྐྱེད་སྨོན་ལམ་དུས་སུ་སད་པ་ལས། །བཀའ་བབ་བདུན་གྱི་ཕྲིན་ལས་ཟླ་མེད་པས། །རིས་མེད་བསྟན་པའི་སྲོག་རྩ་བཟུང་བ་ཡི། །རྣམ་ཐར་དཔེར་འོས་ཐུབ་དབང་ཉིད་ལས་མེད། །ངོ་མཚར་མཛད་པ་ནམ་མཁའི་མུ་ཁྱུད་ལས། །གདུལ་བྱའི་བློར་འཚམས་ཤས་ཙམ་སྣང་བྱེད་པའི། །སྒྲུབ་
ཐབས་ཀུན་ལས་བཏུས་པའི་ཆོས་སྡེ་འདིར། །བཞུགས་ཚུལ་དཀར་ཆག་མཐོང་གསལ་དགོད་པར་བྱ། །ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་ཀུན་ལས་བཏུས་པའི་ཆོས་སྐོར་བདུད་རྩིའི་ཆུ་གཏེར་དངོས་གྲུབ་རྦ་རླབས་ཆིལ་ཆིལ་གཡོ་བའི་བཞུགས་ཚོགས་དཀར་ཆག་མདོར་བསྡུས་བཀོད་པ་ལ། འཕགས་ཡུལ་གྱི་པཎ་ཆེན་སྨྲ་བའི་སེང་གེ་རྣམས་ཀྱིས་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་འགོ་ལྔས་འཆད་པའི་རྗེས་སུ་འབྲང་སྟེ་ཅུང་ཟད་སྨོས་ན། ཇི་སྐད་དུ། འདི་ཡི་མཛད་པ་པོ་ནི་སུ། །ཕྱོགས་ནི་གར་གཏོགས་ལུང་གར་བཏུས། །གཞུང་གི་ཚད་ནི་ཇི་ཙམ་ཡོད། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །ཞེས་འབྱུང་བ་ལྟར་ན། དང་པོ་མཛད་པ་པོ་ནི་གངས་རིའི་རྭ་བས་ཡོངས་སུ་བསྐོར་བའི་ལྗོངས་ན་འགྲན་ཟླ་གཉིས་པ་མ་མཆིས་པ་མཁས་ཤིང་གྲུབ་པ་ཡོངས་ཀྱི་ཁྱུ་མཆོག་འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་ཞེས་སྙན་པར་གྲགས་པ་ལྷའི་རྔ་སྒྲས་འཁོར་ཡུག་དང་བཅས་པའི་རི་བོའི་གཏོས་ཀུན་ཏུ་ཁྱབ་པ་དེ་ཉིད་དེ། དེ་ནི་གངས་ཅན་ལྗོངས་ཀྱི་དགེ་བའི་བཤེས་གཉེན་གཞན་ལས་ཁྱད་པར་འཕགས་པའི་ཆོས་བརྒྱད་དང་ལྡན་པ་སྟེ། ཐོག་མར་བསླུ་མེད་རྡོ་རྗེའི་ལུང་གིས་
ཟིན་པའི་ཁྱད་པར་ནི། གཏེར་སྟོན་ཀུན་གྱི་རྒྱལ་པོ་མངའ་བདག་ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་པའི་རི་བོའི་མདུན། །ཕ་ཝཾ་ཀླུ་དབང་འཁྱིལ་པའི་སྟེང་། །མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང་། །བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད། །ཅེས་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་ཡེ་ཤེས་སྒྱུ་མའི་རང་གཟུགས་སུ་གསལ་བར་ལུང་བསྟན་པས་མཚོན། རིན་ཆེན་གླིང་པ། རྡོ་རྗེ་གླིང་པ། མངའ་རིའི་པཎ་ཆེན། བདུད་འདུལ་ནུས་ལྡན་རྡོ་རྗེ་སོགས་གཏེར་རྙིང་རྣམས་དང་། ཕྱིས་སུ་ཨོ་རྒྱན་མཆོག་གྱུར་གླིང་པའི་ལུང་བྱང་རྣམས་ལས་ཀྱང་རྣམ་ཐར་མཛད་ཕྲིན་སྐུ་ཆེ་བའི་ཡོན་ཏན་སོགས་ཤིན་ཏུ་གསལ་བ་རྒྱས་པར་འབྱུང་བས། སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེའི་རྡོ་རྗེའི་ལུང་གིས་ཟིན་པ་ནི་ཆེས་དཀོན་ཅིང་འཁྲུལ་མེད་ཀྱི་ལུང་གིས་ཟིན་པ་དེས་ནི་བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ་ཆོས་ཉིད་དོ། །གཉིས་པ་སྐུ་བལྟམས་པ་དང་གཞོན་ནུ་རོལ་རྩེད་སྐབས་གཞན་ལས་ཁྱད་པར་འཕགས་པའི་ཚུལ་ནི། རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་དཀར་ཕྱོགས་ཀྱི་ཚེས་བཟང་པོར་སྐུ་བལྟམས་རྒྱུའི་སྔར་ནུབ་ཐོ་རངས་ཙམ་དུ་ནམ་མཁའ་ནས་ཉི་མའི་དཀྱིལ་འཁོར་ལྟ་བུའི་འོད་ཆེན་པོ་བྱུང་ནས་ཁྱིམ་དེ་ཡུན་རིང་དུ་ཁྱབ་པ་དང་། ནང་མོར་ཆུ་བླངས་ནས་ཡར་ཁྱིམ་དུ་སླེབ་སྐབས་འོ་མར་འགྱུར་བ་སོགས་གཞན་ལ་འབྱུང་མི་སྲིད་པའི་དགེ་མཚན་བཀྲ་ཤིས་རྟགས་ཀྱི་རི་མོ་སྣ་ཚོགས་སུ་ཤར་བར་འདུག་ཅིང་། དེ་ཉིན་ཉིན་ཕྱེད་རྟའི་དུས་ཙམ་ལ་མ་བསྒྲིགས་ལྷུན་གྲུབ་ཀྱི་ལུང་ནས་བསྟན་པའི་གནས་རི་བོ་ཁྱུང་ཆེན་ལྡིང་བའི་ཉེ་ཞོལ་དུ་རས་དཀར་གྱི་ལྡིང་གུར་ཡངས་པའི་ནང་དུ་སྐྱེད་བྱེད་ལ་ཟུག་རྔུའི་ཚོར་བ་ཅི་ཡང་མེད་པས་བདེ་བར་སྐུ་བལྟམས་པའི་སྐབས་དབུ་སྐྲ་ལྕང་ལོ་ནག་སི་ལེ་བས་སྐུ་སྟོད་ཡན་ཁེབས་པ་དང་། ཕྲུ་མ་ཆོས་གོས་ཀྱི་ཚུལ་དུ་དཀྲིས་པའི་སྟེང་དག་བྱེད་བཀྲ་ཤིས་ཀྱི་རྩྭ་མཆོག་ཀུ་ཤས་བསྡམས་པ་སོགས་འབྱུང་བར་དཀོན་པའི་ལྟས་བཟང་ཕུན་སུམ་ཚོགས་པ་བྱུང་བར་སྣང་། རིམ་པར་སྐུ་ནར་སོན་པའི་སྐབས་གཡོན་ཕྱོགས་བྲག་དཀར་ངོས་སུ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཤིན་ཏུ་གསལ་བ་དུས་རྒྱུན་
ཏུ་གཟིགས་པ་དང་། བྲག་རི་སོགས་སྣང་བ་ཐམས་ཅད་ལྷ་སྐུར་འཆར་ཞིང་ཆུ་རླབས་རྣམས་ཀྱང་འཇའ་འོད་དང་ཡིག་འབྲུའི་རྣམ་པ་ཡང་ནས་ཡང་དུ་གསལ་བ་དང་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དང་། དཔལ་ལྡན་སྔགས་ཀྱི་སྲུང་མས་ཞབས་འདེགས་བསྒྲུབ་པ་རྒྱུན་ཏུ་གཟིགས་པ་དང་། རྒྱལ་དབང་པདྨ་ཐོད་ཕྲེང་རྩལ། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། རྗེ་བཙུན་འཇམ་པའི་དབྱངས། སློབ་དཔོན་འཇམ་དཔལ་བཤེས་གཉེན། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་རྣམས་ཀྱིས་ཞལ་མངོན་སུམ་དུ་གཟིགས་ཤིང་དབང་བསྐུར་བྱིན་གྱིས་བརླབས་པས། དགོངས་པའི་གཏེར་ཁ་དུ་མ་ཐུགས་ལས་བརྡོལ་ཞིང་ས་གཏེར་འགའ་ཞིག་ཀྱང་ཕྱག་ཏུ་སོན་པར་སྣང་ཡང་བྱིས་པའི་དུས་ནས་ཐུགས་ཤིན་ཏུ་སྒམ་པར་བཞུགས་པས་ཆེས་གསང་བའི་རྒྱས་བཏབ་སྟེ་སུས་ཀྱང་མངོན་པར་མ་གྱུར། གཞན་ཡང་རྩ་གསུམ་ལྷག་པའི་ལྷ་དུ་མས་ཞལ་གཟིགས་པ་དང་སྔོན་གྱི་སྐྱེས་པའི་རབས་མང་པོ་གསལ་བར་དྲན་པས་དེ་དག་གི་རྣམ་ཐར་ཤུགས་འབྱུང་དུ་སྐྱོང་བ་དང་། ཁྱད་པར་དུ་རྒྱལ་སྲས་ལྷ་རྗེའི་བག་ཆགས་ཤིན་ཏུ་གསལ་བས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་དང་གཏོར་མཆོད་སོགས་ཡིན་ཞེས་ཤོག་བུ་ཁ་དོག་སྣ་ཚོགས་དང་འཇིམ་པ་ལ་བཅོས་པ་རྣམས་བཀོད་ནས་འདོན་ཚིག་ཆོ་ག་དུ་མར་འཛད་མེད་དུ་གསུངས་པ་དང་། དབང་བསྐུར་ཆོས་འཆད་ཀྱིས་མཚོན་རྣམ་འདྲེན་མཆོག་གི་མཛད་པའི་ཟློས་གར་གཞན་གྱིས་འགྲན་ཟླ་དང་བྲལ་བ་ཅིར་ཡང་བསྒྱུར་བར་མཛད་པས་མཆོག་དམན་ཐམས་ཅད་ནས་རྩོད་པ་དང་བྲལ་བའི་སྤྲུལ་པའི་སྐུའི་སྙན་གྲགས་དབྱར་རྔའི་སྒྲ་དབྱངས་ཕྱོགས་ཐམས་ཅད་དུ་གྲགས་པར་སྣང་ངོ། །གསུམ་པ་དགེ་བའི་བཤེས་གཉེན་ཕྱོགས་མེད་དུ་བསྟེན་པས་ཁྱད་པར་འཕགས་པ་ནི། སྤྱིར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འབྲས་བུ་དུས་ལྔ་བརྒྱ་པ་ཕྲག་བཅུའི་སྐབས་རིམ་བཞིན་དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། ལན་གཅིག་ཕྱིར་འོང་དང་། རྒྱུན་ཏུ་ཞུགས་པ་ཁོ་ནར་བྱོན་པས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཚད་འཕགས་པའི་ས་མ་ཐོབ་པ་གཅིག་ཀྱང་མེད། འབྲས་དུས་ཡོལ་ནས་སྒྲུབ་
དུས་སུ་སླེབས་པ་ན་ཁྱད་པར་དུ་འཕགས་པའི་དགེ་འདུན་བཙུན་པའི་སྡེ་འབུམ་ཕྲག་དུ་མར་བཞུགས་ཀྱང་འཕགས་ས་ཐོབ་པ་གཅིག་ཀྱང་མེད། འཕགས་པ་རྣམས་ནི་གཟུངས་ཐོབ་པ་ཁོ་ན་ཡིན་པས་གསུང་རབ་མཐའ་དག་ཐུགས་ལ་བཞུགས་པས་གླེགས་བམ་གཅིག་ཀྱང་མ་དགོས། སོ་སྐྱེ་རྣམས་ནི་གཟུངས་མ་ཐོབ་པས་འདི་སྐབས་ནས་ཐེག་དམན་གྱི་མདོ་འདུལ་རྣམས་གླེགས་བམ་རྒྱ་ཆེར་འབྲི་བའི་སྲོལ་བྱུང་། འབྲས་དུས་ཡོལ་ལ་ཉེ་བའི་སྐབས་ཙམ་ནས་བཙུན་པ་ཨ་བི་ཏརྐ་སོགས་སེམས་ཙམ་གྲུབ་མཐའ་འཛིན་པའི་སློབ་དཔོན་ལྔ་བརྒྱར་གྲགས་པ་རྣམས་རིམ་གྱིས་བྱོན། དེ་རྣམས་འཇམ་དབྱངས་དང་སྒྲིབ་པ་རྣམ་སེལ་སོགས་ཉེ་བའི་སྲས་ཆེན་པོ་བརྒྱད་དང་མཇལ་ཞིང་བྱིན་གྱིས་བརླབས། ཐེག་ཆེན་གྱི་མདོ་སྡེ་རྣམས་ཀྱི་བཀའ་ལུང་སྩལ། ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས་ཡུལ་ཐ་དད་པ་རྣམས་ནས་ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་སྤྱན་དྲངས། གླེགས་བམ་དུ་བཀོད་པ་རྣམས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་བཞུགས་སུ་གསོལ། བཙུན་པ་ཆེན་པོ་ཕལ་ཆེར་ཡང་དེ་ལ་དད་ནས་ཐེག་ཆེན་པར་གྲགས་པ་ལ་ཉན་ཐོས་པ་རྣམས་ཀྱིས་ཐེག་ཆེན་གྱི་མདོ་སྡེ་རྣམས་རྒྱལ་བའི་བཀའ་མ་ཡིན་པའི་གཏན་ཚིགས་མང་དུ་བཀོད། སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ཙམ་ན་སློབ་དཔོན་ཀླུ་སྒྲུབ་བྱོན། དགུང་ལོ་དྲུག་བརྒྱ་ཙམ་མི་ཡུལ་དུ་བཞུགས། སྐུ་ཚེའི་སྟོད་ལ་གཏམ་ཚོགས། བར་དུ་རིག་ཚོགས་དང་བསྟོད་ཚོགས་མཛད། ཐེག་པ་ཆེན་པོ་བཀའ་རུ་བསྒྲུབ་ཅིང་སེམས་ཙམ་གྱི་གྲུབ་མཐའ་བཀག་ནས་དབུ་མའི་གཞུང་ལུགས་ཐོག་མར་བཙུགས། སྐུ་ཚེའི་སྨད་ལ་གསང་བ་འདུས་པ་སོགས་སྔགས་སྐོར་རྣམས་གསལ་བར་སྤེལ། སྐུ་ཚེའི་རྐེད་པ་ཙམ་ལ་ཆོས་ཉིད་ཀྱི་བདེན་པ་གཟིགས་ཏེ་འཕགས་པའི་ས་བརྙེས། ཀླུའི་རྒྱལ་པོས་སྤྱན་དྲངས་ཏེ་ཀླུ་ཡུལ་དུ་བྱོན་ནས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སྤྱན་དྲངས་པ་ནས་ཐེག་ཆེན་གྱི་མདོ་སྡེ་བྱོན་པའི་རྗེས་མ་ཡིན། དེ་རྗེས་མི་ལོ་བཞི་བརྒྱ་ཙམ་ན་ཐོགས་མེད་སྐུ་མཆེད་བྱོན། ཐོགས་མེད་ཀྱིས་བྱམས་པ་ལོ་བཅུ་གཉིས་སུ་བསྒྲུབས་པས་དགའ་ལྡན་ཏུ་
བྱོན་ཏེ་བྱམས་ཆོས་སྡེ་ལྔ་གསན། ས་གསུམ་པ་བརྙེས་པའི་འཕགས་པར་གྱུར་ཏེ་སླར་མི་ཡུལ་དུ་ཕེབས། ས་སྡེ་ལྔ་སོགས་བསྟན་བཅོས་རྒྱ་ཆེར་མཛད། བྱམས་ཆོས་ཐུན་མོང་པ་བཞི་པོ་ཁྱབ་བརྡལ་དུ་སྤེལ། འཁོར་ལོ་ཐ་མའི་དགོངས་འགྲེལ་རྒྱུད་བླ་མ་གཞན་གྱི་བློར་མི་ཤོང་བར་དགོངས་ནས་གཏེར་དུ་སྦས་པ་ཕྱིས་མངའ་བདག་མཻ་ཏྲི་པ་ལ་ལུང་བསྟན་ལྟར་ཕྱུངས་ཏེ་སློབ་མ་མཆོག་རྣམས་ལ་སྤེལ་བ་ལས་ངེས་དོན་དབུ་མ་ཆེན་པོའི་གྲུབ་མཐའ་བྱུང་། འདི་ནི་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་ཡིན་པས་ལྟ་བའི་གནད་ཇི་བཞིན་པ་འཕགས་པའི་ས་བརྙེས་པ་མ་གཏོགས་སོ་སྐྱེའི་བློས་བརྟག་པར་མི་བཟོད་པས་འཕགས་བོད་ཀྱི་རྟོག་གེ་པ་རྣམས་ཀྱིས་མུ་སྟེགས་རྟག་ལྟ་དང་མཚུངས་པའི་གྲུབ་མཐའ་ཐ་ཆད་དུ་འཛིན་པ་ནི་རང་ཉིད་ཆེས་སྐལ་བ་དམན་པའི་སྐྱོན་ཏུ་མ་ཟད་སེམས་ཅན་དམྱལ་བ་པའི་འོག་གཞི་མཐར་ཐུག་པར་ཡུན་རིང་དུ་བཞུགས་པར་སྤྲོ་བའི་སྟ་གོན་ལ་བཞུགས་པར་སྣང་ངོ། །རྡོ་རྗེ་གདན་གྱི་གཙུག་ལག་ལ་ཕྱི་རོལ་གྱི་དགྲ་ལན་གསུམ་བྱུང་བ་དང་ལྷག་པར་མུ་སྟེགས་ཉི་མའི་དངོས་གྲུབ་ཀྱིས་ཉི་མ་ལོ་བཅུ་གཉིས་སུ་བསྒྲུབས་ནས་གཙུག་ལག་ཁང་ལ་བལྟས་པས་ཕྱིན་ནང་ཐམས་ཅད་བསྲེགས། ཐེག་པ་ཆེན་པོའི་མདོ་སྡེའི་གླེགས་བམ་རྣམས་ཀྱང་ཐལ་བའི་ཁྲོད་ནས་ཕྲན་བུ་ཙམ་ལས་རྙེད་རྒྱུ་མ་བྱུང་བས་ཐེག་པ་ཆེན་པོའི་ཆོས་སྡེ་སུམ་ཆ་གཉིས་ཙམ་ནུབ། སུམ་ཆ་གཅིག་ཙམ་ལུས། ཁྱད་པར་སྡེ་སྣོད་གསུམ་ལས་མངོན་པའི་སྡེ་སྣོད་རྩ་བ་ནས་ནུབ། དཔེར་ན་འབུམ་ཆེན་སྡེ་ལྔ་ལས་དཀོན་མཆོག་བརྩེགས་པའི་ལེའུ་འབུམ་བཞུགས་པ་ལས་དེང་སང་ལེའུ་བཞི་བཅུ་ཞེ་བདུན་ལས་མེད་པས་མཚོན། དེའང་ཕྱིས་སུ་འཕགས་པ་མི་བཞུགས་སྟབས་སོ་སྐྱེའི་དགེ་འདུན་རྣམས་ཀྱི་བློ་ལ་མི་བཞུགས། དཔེ་མེད་པ་དང་རྒྱུན་ཆད་པ་ཡིན། ཕྱིས་སུའང་འཛམ་གླིང་མཛེས་པའི་རྒྱན་དྲུག་དང་། ཆེན་པོ་བཞི། རྨད་དུ་བྱུང་བའི་སློབ་དཔོན་གཉིས་ནས་མཁས་པ་སྒོ་དྲུག་སོགས་ཀྱི་བར་རྒྱལ་བསྟན་གསལ་བར་མཛད་པའི་པཎྜི་ཏ་ཆེན་པོ་ཇི་སྙེད་ཅིག་བྱོན། གསང་སྔགས་རྡོ་རྗེ་ཐེག་པ་ནི་འབྲས་བུའི་དུས་ཙམ་ཆེས་སྔ་བ་ནས་ནུབ་
ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བྱོན་ཏེ་སློབ་དཔོན་དགའ་རབ་རྡོ་རྗེ་སོགས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པ་རྣམས་ཀྱིས་ཨ་ཏི་ཡོ་གའི་བསྟན་པ་སྤེལ། ཨིནྡྲ་བྷཱུ་ཏི་དང་མཚོ་སྐྱེས་ཞབས་སོགས་གྲུབ་པ་སྡེ་བདུན་གྱི་གཞུང་མཛད་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་གདམས་ངག་རྒྱ་ཆེར་སྤེལ། གྲུབ་པའི་ཚོགས་མཐའ་ཡས་པར་བྱོན་ཀྱང་འཕགས་པའི་ཡུལ་དུ་སྔར་གཏན་ནས་མ་གྲགས། ཕྱིས་ཐོར་བུ་ཙམ་བྱོན་པ་རྩོལ་མེད་ཀྱི་ཐེག་པའི་ཆོས་སོ་སོའི་སྐྱེ་བོའི་བློར་མི་ཤོང་བས་ཐེ་ཚོམ་དང་ལོག་ལྟའི་རྒྱུར་འགྲོ། དེའི་རྐྱེན་གྱིས་བསྟན་པ་ཉམས་པ་དང་མནར་མེད་དམྱལ་བའི་རྒྱུ་བསྒྲུབ་པར་གཟིགས་ནས་སྲིད་སྐྱོང་རྒྱལ་པོ་དང་ཆོས་སྐྱོང་རྒྱལ་པོ་གཉིས་ཀྱིས་རྡོ་རྗེ་གདན་གྱི་འོག་སོགས་སུ་གཏེར་དུ་སྦས་ཏེ་རྒྱ་རུ་སྤྲོད་ཀྱིས་བཏབ་པས་སུས་ཀྱང་མཐོང་ཚོར་མེད། རྟ་མཆོག་ཞབས་དང་ས་ར་ཧ་སོགས་ལྷག་པའི་ལྷས་རྗེས་སུ་བཟུང་། ཕྱག་རྒྱ་ཆེན་པོའི་མཆོག་གྲུབ། ཨོ་རྒྱན་ནས་གསང་སྔགས་ཀྱི་རྒྱུད་སྡེ་མང་དུ་སྤྱན་དྲངས། དེ་ནས་རིམ་པར་ལཱུ་དྲིལ་ནག་གསུམ་ནས་བཟུང་ཕྱིས་གྲུབ་ཆེན་ཏཻ་ལོ་པའི་བར་གྲུབ་པའི་དབང་ཕྱུག་དུ་མར་བྱོན་པ་རྣམས་ཀྱིས་བདེ་མཆོག་དང་དགྱེས་རྡོར་སོགས་རྒྱུད་སྡེ་མང་དུ་སྤྱན་དྲངས་ནས་སྐལ་ལྡན་རེ་རེ་ཙམ་ལ་སྤེལ། འཕགས་ཡུལ་གྱི་གསང་སྔགས་པ་རྣམས་གསང་བ་ཤིན་ཏུ་བསྲུང་བ་ཡིན་པས་གྲུབ་པའི་སློབ་དཔོན་གཅིག་ལས་མན་ངག་སྣེ་གཅིག་ཙམ་གསན་ནས་དཀའ་སྤྱད་ཆེན་པོས་ལོ་གྲངས་བཅུ་གཉིས་ཙམ་དུ་དེ་ཁོ་ན་ལ་ཉིན་མཚན་ཀུན་ཏུ་ཉམས་ལེན་ཆིག་དྲིལ་དུ་མཛད་པས་སྦྱོར་ལམ་ཆོས་མཆོག་མན་ཆད་ཀྱི་ལམ་བགྲོད། དེ་ནས་ལྷག་པའི་ལྷས་ལུང་བསྟན་པ་ལྟར་གྲུབ་བརྙེས་ཀྱི་སློབ་དཔོན་ཚོལ་ནས་དེའི་གདམས་ངག་ལ་བརྟེན་ཏེ་སྤྱོད་པ་མཛད་པས་འཕགས་པའི་ས་བརྙེས་ཏེ་མཆོག་གི་གྲུབ་པ་ཉམས་འོག་ཏུ་ཆུད། མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་ལ་མངའ་བརྙེས་ཏེ་ཆོ་འཕྲུལ་ཆེན་པོ་སྐྱེ་བོའི་མངོན་དུ་བསྟན་པ་ན་འདི་ནི་གྲུབ་པ་ཐོབ་པ་ཞིག་གོ་ཞེས་ཤེས་པ་མ་གཏོགས་སྔར་ནས་སྔགས་ལ་ཞུགས་པ་ཡིན་མིན་སུས་ཀྱང་མི་རྟོགས། སྤྱིར་རྒྱུད་སྡེ་བཞི་ལས་བྱ་སྤྱོད་ཀྱི་རིག་པ་འཛིན་པ་འབུམ་ཕྲག་ཙམ་
བྱུང་བར་གྲགས་ཤིང་བྱ་སྤྱོད་ཀྱི་རྒྱུད་རྣམས་ཤིན་ཏུ་དར། དེ་ནས་རྣལ་འབྱོར་རྒྱུད་ལ་དངོས་གྲུབ་བརྙེས་པ་དང་སློབ་དཔོན་མཁས་པ་མང་དུ་བྱོན་ནས་རྣལ་འབྱོར་གྱི་རྒྱུད་ཤིན་ཏུ་དར། ཕྱིས་བླ་མེད་གྲུབ་པའི་སློབ་དཔོན་རྣམས་བྱོན་ཏེ་བླ་མེད་རྒྱུད་སྡེ་དར་བ་ནས་བཟུང་སྔ་མ་རྣམས་རིམ་པར་ཉམས། བོད་ཡུལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཐུ་མི་སམྦྷོ་ཊས་འཕགས་ཡུལ་གྱི་པཎྜི་ཏ་ལས་སཾསྐྲྀ་ཏའི་སྐད་དང་ཡི་གེ་ལེགས་པར་བསླབས། དེ་ལ་དཔེར་མཛད་ནས་བོད་ཀྱི་ཡི་གེའི་གཟུགས་དང་བརྡ་དག་གི་ལམ་སྲོལ་ཐོག་མར་བཏོད། དམ་ཆོས་འགའ་ཞིག་ཀྱང་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་བའི་སྲོལ་བཙུགས། བོད་བྱོལ་སོང་དང་འདྲ་བ་རྣམས་ལ་ལུགས་གཉིས་ཀྱི་བརྡ་འཕྲོད་པའི་སྨྲ་བའི་སྒོ་ཐོག་མར་ཕྱེས་པ་ཡིན་པས་འདི་དང་འདྲ་བའི་ཤེས་རབ་ཅན་གྱི་མཁས་པ་དང་བཀའ་དྲིན་ཆེ་བ་ནི་སུ་ཡང་མ་བྱུང་བར་སྣང་། ཆོས་རྒྱལ་ཁྲི་སྲོང་གིས་རྒྱལ་བསྟན་ཐོག་མར་སྤེལ་བའི་སྐབས་སྒྲུབ་དུས་ཀྱང་ཕྱེད་ཙམ་ཡོལ་བས་འཕགས་ཡུལ་དུ་ཡོངས་སུ་གྲགས་པའི་པཎ་གྲུབ་རྣམས་ནི་མི་བཞུགས། རྣལ་འབྱོར་པ་དང་པཎྜི་ཏ་དཀྱུས་འགྲེ་ཙམ་བཞུགས་པའི་སྐབས་ཡིན་འདུག་ཀྱང་ཐུགས་བསྐྱེད་དང་སྔོན་སྨོན་དབང་གིས་འཆི་མེད་རིག་འཛིན་པདྨ་སཾ་བྷ་བ་དང་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས། མཁན་པོས་རབ་བྱུང་གི་སྡེ་བཙུགས། རྒྱ་གར་པཎ་ཆེན་མང་པོ་དང་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་འཕགས་ཡུལ་དུ་གང་བཞུགས་ཀྱི་དམ་ཆོས་རྣམས་བསྒྱུར། རྒྱལ་བསྟན་ཉི་མ་ཤར་བ་ལྟ་བུར་མཛད། འབྲས་དུས་ཡོལ་སྟབས་མདོ་འདུལ་གྱིས་འབྲས་བུ་ཐོབ་པ་ནི་སུ་ཡང་མ་བྱུང་། གུ་རུ་རིན་པོ་ཆེས་རྡོ་རྗེ་ཐེག་པའི་ཟབ་ལམ་སྐལ་ལྡན་རྣམས་ལ་ལྐོག་ཆོས་སུ་བསྩལ་བས་བཀའ་བབས་མི་དགུ་སོགས་གྲུབ་པ་ཐོབ་པ་བགྲང་ལས་འདས་པར་བྱུང་། རྒྱལ་རབས་གཉིས་ཙམ་ནས་གླང་དར་གྱིས་བསྟན་པ་བསྣུབས། འདུལ་བསྟན་ཉམས་པའི་སྐབས་སུའང་སྔགས་འཆང་གྲུབ་ཐོབ་རྒྱུན་མ་ཆད་པར་བྱུང་ཡང་ཕྱིས་ནས་ལྟ་སྤྱོད་རིམ་པར་དམན་པས་སྔགས་བསྟན་འཆོལ་བར་སྤྱོད་པའི་སྐབས་ལོ་ཙཱ་བ་
རིན་ཆེན་བཟང་པོ་སོགས་འཕགས་ཡུལ་དུ་བྱོན་ནས་ཕྱིས་བྱོན་གྱི་རྒྱུད་སྡེ་རྣམས་བོད་དུ་བསྒྱུར། སྟོད་འདུལ་སྨད་འདུལ་གཉིས་ལས་འདུལ་བའི་བསྟན་པའང་དར་བར་བྱུང་། མར་འགོས་འབྲོག་གསུམ་སོགས་འཕགས་ཡུལ་ལ་བྱོན་དུས་མཁས་པ་སྒོ་དྲུག་བཞུགས་པའི་སྐབས་ཡིན་ཀྱང་ནཱ་རོ་པ་ནི་མར་པ་ལོ་ཙཱ་ཙམ་ལས་གཞན་གྱིས་བསྟེན་རྒྱུ་མ་བྱུང་བ་དང་། འཕགས་ཡུལ་གྱི་སློབ་དཔོན་ཤིང་རྟ་པ་ཐམས་ཅད་ཀྱི་རྗེས་མ་ཨ་བྷ་ཡཱ་ཀ་ར་བྱོན་ཚུན་ཆད་ནས་བ་རི་ལོ་ཙཱ་བ་སོགས་ལོ་ཙཱ་བ་ཕྱི་མ་ཐམས་ཅད་དེའི་རྗེས་འབྲང་འབའ་ཞིག་ཏུ་སོང་སྟབས་བླ་མེད་རྒྱུད་སྡེ་རྣམས་ལ་རྡོར་ཕྲེང་གིས་རྒྱས་བཀབ་ཁོ་ན་འདུག སྔ་འགྱུར་གྱི་ལོ་ཙཱ་བ་བཻ་རོ་ཙ་ན་སོགས་མ་གཏོགས་འཕགས་ཡུལ་གྱི་པཎྜི་ཏ་ལ་འགྲན་ནུས་པའི་ཤེས་རབ་ཅན་གྱི་མཁས་པ་ནི་བོད་ཡུལ་དུ་སུའང་མ་བྱུང་ཡང་། གངས་ཅན་ཉིད་དུ་ཡོངས་སུ་གྲགས་པའི་མཁས་པ་ཀློང་ཆེན་རབ་འབྱམས་བཟང་པོ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། རོང་སྟོན་ཤེས་བྱ་ཀུན་རིག རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་སོགས་རང་རྐང་ཚུགས་ངེས་པའི་མཁས་པ་བྱོན་འདུག ལོ་ཙཱ་དང་མཁས་པར་གྲགས་པ་ཕྱིས་བྱོན་རྣམས་ནི་སྔ་མའི་ལད་མོ་ཟློ་བ་ཙམ་ལས་མ་བྱུང་། མི་འབྱུང་བའི་རྒྱུ་མཚན་ཡང་རྒྱ་ཆེ་བའི་ཤེས་རབ་དང་། ཟབ་པའི་ཤེས་རབ་དང་། རྣོ་བའི་ཤེས་རབ་དང་། འཛིན་པའི་ཤེས་རབ་དང་། སྤོབས་པ་མཐོ་ཞིང་མྱུར་བ་སོགས་དང་མི་ལྡན་པས་གསུང་རབ་མདོ་རྒྱུད་ཀྱི་དགོངས་པ་མི་རྟོགས་པ་གཞིར་བཅས། དབུ་ཕར་འདུལ་མཛོད་སོགས་ཀྱི་གཞུང་ལུགས་རེ་ཟུང་ཙམ་ལ་ཕྱོགས་ཙམ་གོ་བའི་ང་རྒྱལ་གྱིས་བསྟན་བཅོས་རེ་བརྩམས་ནའང་རང་ལུགས་མ་ཡིན་པ་ཐམས་ཅད་ཐུབ་བསྟན་གྱི་ཕྱོགས་སུ་མི་གཏོགས་པ་ལྟ་བུའི་ངན་སྨྲ་དང་ཕྱོགས་ལྷུང་ཁོ་ནར་གྱུར་པ་མཐོང་བ་ནི་ཤེས་རབ་འཆལ་བ་ཞེས་བྱ་བ་དེ་ཡིན་ལ། བསྟན་པ་ཕྱི་དར་སྐབས་སུ་རྗེ་བཙུན་མི་ལ་རས་པ་དང་། ཁྱུང་པོ་རྣལ་འབྱོར་གཉིས་འཕགས་ཡུལ་གྱི་གྲུབ་ཆེན་རྣམས་དང་མཉམ་པའི་གོ་འཕང་མཐོན་པོར་གཤེགས། དེ་
དག་གི་བརྒྱུད་འཛིན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། ཤངས་པ་བཀའ་བརྒྱུད། རིན་ཆེན་རྣམ་ལྔ། ཕྱིས་སུ་དེའི་བརྒྱུད་འཛིན་ཐང་སྟོང་རྒྱལ་པོ་སོགས་གྲུབ་པའི་མངོན་རྟོགས་བརྙེས་པ་ཡིན་འདུག་པ་ལས། རྣལ་འབྱོར་པ་ནུས་པ་ཐོབ་པ་ནི་ཤིན་ཏུ་མང་བར་བྱོན་ཡང་གྲུབ་པ་ཐོབ་པ་ནི་མ་བྱུང་། བསྟན་འཛིན་གྱི་སྐྱེས་ཆེན་གཞན་ལས་ཁྱད་པར་དུ་འཕགས་པ་ལ་འཕགས་པ་དང་། ནུས་པ་ཅུང་ཟད་ཐོབ་པ་ལ་གྲུབ་ཐོབ་ཏུ་བཏགས་པ་ནི་རྒྱུ་མཚན་མི་ཤེས་པའི་བོད་རྣམས་ཀྱི་སྤྱི་ལུགས་ཡིན་པར་འདུག དེས་ན་ལུང་གི་བསྟན་པའང་གཞུག་ལ་ཐུག་ཅིང་སྙིགས་མ་ལྔ་བདོ་བའི་སྐབས་འདིར་ཚུལ་ལྡན་ག་ལ་འབྱུང་ཡང་། བསྟན་པ་དར་བའི་སྐབས་ཀྱི་འཕགས་པ་རྣམས་དང་། དེང་སང་དགེ་སློང་སྡོམ་གཙང་རེ་ངོ་མཉམ་པ་དང་། སྔོན་གྱི་གྲུབ་ཆེན་དང་དེང་སང་སྔགས་ཀྱི་ལམ་ནས་བདེ་སྟོང་གི་ཏིང་འཛིན་ཕྱོགས་ཙམ་སྐྱེས་པ་ཡོན་ཏན་མཉམ་པར་གསུངས་པ་ལ་དགོངས་པས། རྗེ་འདི་ཉིད་སྐུ་ན་ཕྲ་མོའི་དུས་ན་ཟབ་རྒྱས་ཀྱི་ཤེས་རབ་དང་། སྤོབས་པ་མཐོ་ཞིང་མྱུར་བས་མདོ་རྒྱུད་ཀྱི་གཏིང་དཔོག་པའི་མཁས་པ་དང་། ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་རྟགས་མངོན་ཤེས་ཐོགས་པ་མེད་པ་སོགས་གྲུབ་པ་ཐོབ་པའི་རྟགས་མངོན་འགྱུར་དུ་མངའ་ཡང་གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་བཀྲི་བའི་སླད་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་ཕྱོགས་རིས་མེད་པ་ཉིས་བརྒྱ་ལྷག་ཙམ་བསྟེན་པར་མཛད། རང་གི་ཡོན་ཏན་ནི་ཤིན་ཏུ་སྦེད་ཅིང་རྒྱུས་མེད་རྣམས་ཀྱིས་ཕྱོགས་ཙམ་ཡང་མི་མཐོང་། གཞན་གྱི་ཡོན་ཏན་ཕྲ་མོ་ཙམ་ལའང་ཐུགས་ཤིན་ཏུ་དྭངས་པའི་ཚུལ་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་དགེ་ལེགས་ཀྱི་དབྱངས་སྙན་འཁྲོལ་བར་མཛད། གོ་ས་མཐོ་ཞིང་སྟོབས་འབྱོར་སོགས་གཟི་བརྗིད་ཆེ་བ་དང་། སྙན་གྲགས་ལྡན་པ་རྣམས་ལའང་ཅལ་སྒྲོག་གི་རྗེས་སུ་འབྲངས་ནས་མ་བརྟགས་པར་ཟབ་ཆོས་གསན་པ་དང་། དབང་འབྲེལ་ཆོས་འབྲེལ་གསན་པ་སོགས་གཏན་ནས་མི་མཛད། བཀའ་ཆོས་གསན་པ་ནའང་རང་ཉིད་རིགས་
རུས་མཐོ་བའི་ང་རྒྱལ་དང་ཡོན་ཏན་ཆེ་བའི་ཁེངས་པ་གཏན་ནས་མི་མངའ་བར་དམན་པས་མཆོག་ལ་བཏུད་པ་ལྟར་གུས་འདུད་དང་། བཀའ་དྲིན་ཆེ་ཆུང་དང་བསྟུན་པའི་དངོས་འབུལ་གྱ་ནོམ་པ་ཕྱག་ཁར་གང་བཞུགས་སེར་སྣ་མེད་པར་མཆོད་པའི་སྤྲིན་ཏུ་སྤྲོ་བར་མཛད་ཅིང་། བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་མཚོན་རགས་རིམ་ཙམ་འོག་ཏུ་འབྱུང་ངོ། །བཞི་པ་ཐོས་པ་ཕྱོགས་མེད་བཙལ་བས་ཁྱད་པར་འཕགས་པ་ནི། ཐོག་མར་ཡབ་དྲུང་ཆེན་པ་ལས་སྦྱོར་ཀློག་ཕྱག་བྲིས་ཡིག་རིགས། བརྡ་དག་རྣམས་གསན། དྲུང་འཚོ་མཁས་དབང་ཚེ་དབང་དཔལ་འབྱོར་ལས་རྒྱུད་བཞིའི་བཤད་པ། ལག་ལེན། འཚོ་བྱེད་ཚེ་དབང་ལས་དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་རིལ་བུའི་ཕྱག་ལེན། དེ་གཉིས་དང་གཞན་མང་པོ་ལས་གསོ་རིགས་ཀྱི་གཞུང་ཆེ་ཆུང་དང་ཕྱག་ལེན་ཞིབ་པར་གསན་ནས་ལོ་ཤས་ཕྱག་ལེན་དུའང་བཏབ། བཟོ་རིགས་ཆེད་དུ་མ་བསླབས་ཀྱང་སྐུ་གསུང་ཐུགས་རྟེན་གྱི་ཆ་ཚད། དཀྱིལ་འཁོར་ཐིག་རྩ་སོགས་ཀྱང་ཞར་བྱུང་གཟིགས་པས་ཤིན་ཏུ་མཁས་པ་མཁྱེན། ཞེ་ཆེན་པཎྜི་ཏ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་སྒྲ་ཀ་ཙཱན་དབྱངས་གསུམ་གཞུང་། སྡེབ་སྦྱོར། སྙན་ངག་མེ་ལོང་རྣམས་གསན་ནས་བརྡའ་སྤྲོད་ལ་བྱང་ཆུབ་ཅིང་གསུང་བརྩམས་ཁྱད་འཕགས་རང་བབས་ལྟ་བུར་སོང་། བཀྲས་ལྷུན་ཀ་ཆེན་སོགས་ལས་ཚད་མ་རྣམ་འགྲེལ་གཙོས་པའི་གཞུང་ལུགས་དང་རིག་པའི་འགྲོ་ཕྱོགས་གསན། རྟོག་གེའི་རྩོད་གྲྭ་ལ་མ་ཞུགས་ཀྱང་མཁས་འདོད་ང་རྒྱལ་ཅན་ཐམས་ཅད་ཀྱི་སྤོབས་པ་བཅོམ། སྨིན་གླིང་མཁན་པོ་འགྱུར་མེད་ཀུན་ལྡན་ལས་སོ་ཐར་གྱི་སྡོམ་པ་གསན་ནས་དགེ་སློང་གི་ཀུན་སྤྱོད་གཙང་སེང་ངེ་བར་མཛད། ན་ལེནྡྲའི་ཁྲི་འཛིན་བྱམས་པ་བསྟན་འཛིན་སྙན་གྲགས་ལས་མངོན་རྟོགས་རྒྱན། ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས་ལས་དབུ་མ་འཇུག་པ། མངོན་པ་མཛོད་རྣམས་ཀྱི་བཤད་པ་དང་། གཞན་ཡང་དགེ་བཤེས་འགའ་ཞིག་ལས་དེང་སང་རྒྱུན་གང་བཞུགས་ཀྱི་རྒྱ་གཞུང་རྣམས་ཀྱི་བཤད་པ་གསན་ནས་ཤིན་ཏུ་མཁས་པར་མཛད། འཇམ་མགོན་རྡོ་རྗེ་རིན་
ཆེན་སྐུ་མཆེད། ངོར་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྣལ་འབྱོར་འཇམ་དཔལ་བཟང་པོ། འབུམ་རམ་མཁན་པོ་དཔལ་ལྡན་རྒྱལ་མཚན། ཡར་ཀླུང་པ། གཟིམ་འོག་སྤྲུལ་སྐུ། ངོར་པ་དཔོན་སློབ་ངག་དབང་ལེགས་གྲུབ་སོགས་ཡོངས་འཛིན་དུ་མ་ལས་དཔལ་དགྱེས་པ་རྡོ་རྗེའི་སྨིན་བྱེད་རྣམས་དང་། ལམ་འབྲས་ཚོགས་བཤད། སློབ་བཤད་རྣམས་ཀྱིས་ཐོག་དྲངས་པའི་ས་ངོར་ཚར་གསུམ་ལ་གང་བཞུགས་ཀྱི་རྒྱུད་སྡེ་རྣམས་ཀྱི་དབང་། དེ་དག་གི་རྫོགས་རིམ་གྱི་ཁྲིད། ཡིག་ཆ་རྣམས་དང་ས་སྐྱའི་གོང་མ་རྣམ་ལྔ། ངོར་ཆེན་རྡོ་རྗེ་འཆང་དང་དཀོན་མཆོག་ལྷུན་གྲུབ། གོ་རམས་པ་བསོད་ནམས་སེང་གེ། ས་ངོར་ཕྱིས་བྱོན་རྣམས་ཀྱི་བཀའ་འབུམ་ལུང་རྒྱུན་གང་བཞུགས་གསན། སྔ་འགྱུར་རྙིང་མའི་ཕྱོགས་ལ་ཀཿཐོག་པ་རྨོག་སྟོན་ཆོས་དབྱིངས་རྡོ་རྗེ། བྱང་ཆུབ་ཆོས་ཀྱི་ཉི་མ། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། རྟ་ནག་པ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཁམས་ཕྱོགས་རྫོགས་ཆེན་པ་འཇིགས་མེད་རྒྱལ་བའི་མྱུ་གུ། དགེ་མང་མཆོག་སྤྲུལ་གཞན་ཕན་མཐའ་ཡས། དཔལ་ཡུལ་རྒྱ་སྤྲུལ་ཀརྨ་ཀུན་བཟང་བསྟན་འཛིན། ཛཿཀ་མཆོག་སྤྲུལ་ཀུན་བཟང་རྣམ་རྒྱལ། ཁོ་བོས་ཀྱང་རྙིང་སྐོར་བཀའ་གཏེར་གང་ཐོས་ཕུལ་བ་སོགས་རྙིང་ཕྱོགས་ཀྱི་ཡོངས་འཛིན་མང་པོ་ལས་ཨ་ཏི་ཡོ་ག་སེམས་ཀློང་མན་ངག་གི་སྡེ། ཨ་ནུ་ཡོ་ག འདུས་པ་མདོ། མ་ཧཱ་ཡོ་ག་སྒྱུ་འཕྲུལ་ཞི་ཁྲོའི་དབང་། རྒྱུད་རྒྱལ་གསང་བ་སྙིང་པོའི་གཞུང་བཤད། བཀའ་མའི་རྒྱུད་སྡེའི་དབང་རྒྱུན་གང་བཞུགས་རྣམས་དང་། མཆོག་གི་སྤྲུལ་སྐུ་རྣམ་གསུམ། གླིང་ཆེན་བཅུ་གཉིས། དྲི་མེད་རྣམས་གསུམ་ནས་བཟུང་ཕྱིས་ཀྱི་ནུས་ལྡན་ཉེར་གཅིག་གི་བར་དུ་བྱོན་པའི་གཉེར་ཆོས་རྩོད་བྲལ་ཐམས་ཅད་ཀྱི་དབང་། གཞུང་པོད་ཀྱི་ལུང་། བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་ཕྱག་ལེན་ཁྱད་པར་ཅན་ཐམས་ཅད་གསན། རྒྱལ་དབང་ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད་དབང་
པོ། མཁན་ཆེན་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། འབྲི་གུང་སློབ་དཔོན་ཚེ་བདག་པ། སྟག་ལུང་ངག་དབང་བསྟན་པའི་ཉི་མ། ཁོ་བོས་ཀྱང་བཀའ་བརྒྱུད་སྐོར་ཕལ་མོ་ཆེ་ཕུལ་བ་སོགས་དྭགས་པོ་བཀའ་བརྒྱུད་རྩ་བ་དང་། ཀརྨ་ཀཾ་ཚང་། ཕག་གྲུ། ཚལ་པ་སྟེ་བཀའ་བརྒྱུད་ཆེ་བཞི་དང་། ཁྲོ་གླིང་། འབྲི་སྟག སྨར་གཡེལ། གཡམ་ཤུག་བཅས་བཀའ་བརྒྱུད་ཆུང་བརྒྱད་དེ་དེ་དག་གི་སྨིན་གྲོལ་གདམས་ངག་དེང་སངས་རྒྱུན་གང་བཞུགས་ཐམས་ཅད་གསན། ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་། གངས་དཀར་རྡོ་རྗེ་གདན་པ་ཟུང་ལས་དཔལ་རྩེ་དབྱིངས་གསུམ་གྱི་དབང་བཀའ་སོ་སོའི་ལུགས་སྲོལ། ཁྱད་པར་ཞྭ་ལུ་པ་ལས་བུ་སྟོན་བཀའ་འབུམ་རྒྱུན་གང་བཞུགས་རྣམས་ཀྱི་དབང་ལུང་གསན། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་སྨིན་ཁྲིད་དུ་གསན། ལྕགས་ཟམ་བརྒྱད་པ་སོགས་ཡོངས་འཛིན་རྣམ་པ་གསུམ་ལས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྨིན་གྲོལ་གདམས་ངག་མཐའ་དག་གསན། རི་བོ་དགེ་ལྡན་པའི་དགེ་བཤེས་ཆེན་པོ་ལྷ་བཙུན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། བྲག་སྒམ་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས་གཙོས་དགེ་བཤེས་འགའ་ཞིག་ལས་ཇོ་བོ་རྗེའི་སྐྱེས་བུ་གསུམ་གྱི་ལམ་རིམ། ལམ་རིམ་གྱི་ཁྲིད་སྔ་ཕྱི་ལུགས་སྲོལ་མང་ཙམ། འབྲོམ་སྟོན། པུ་ཏོ་བ། སྤྱན་སྔ། ཕུ་ཆུང་བ། དེ་དག་རྣམས་ཀྱི་སློབ་བརྒྱུད་ལས་བྱོན་པའི་བཀའ་གདམས་གླེགས་བམ་རིན་པོ་ཆེ། གཞུང་། གདམས་ངག མན་ངག་རྗེས་འབྲང་དང་བཅས་པ་བཀའ་གདམས་རྙིང་མ་དེང་སང་དཔེ་རྒྱུན་ལུང་རྒྱུན་གང་བཞུགས། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་གསུང་འབུམ་ཁ་ཤས་སོགས་བཀའ་གདམས་གསར་མ་གནད་ཆེ་རིགས་རྣམས་གསན། ཉམས་ལེན་དང་ལྡན་པའི་རྟོགས་ལྡན་འགའ་ཞིག་ལས། ཕ་དམ་པའི་ཞི་བྱེད། མ་གཅིག་ལབ་སྒྲོན་གྱི་གཅོད་ཡུལ་ལུགས་སྲོལ་དྲུག་ཙམ་གྱི་སྨིན་གྲོལ་གསན། ཁོ་བོ་ལས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་བཀའ་འབུམ། རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱུད་སྡེ་སྔར་ཡོད་དང་གསར་
འགྱུར་བཅས་རྣམ་གྲངས་ཤིན་ཏུ་མང་པོའི་དབང་ཁྲིད་ལུང་རྒྱུན་རྣམས་ཚང་བར་ཕུལ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། རྙིང་མ་རྒྱུད་འབུམ། བསྟན་འགྱུར་ལས་ལུང་རྒྱུན་བཞུགས་པའི་པོད་སུམ་ཅུ་ཙམ། གསར་རྙིང་བླ་མ་གོང་མ་ཚད་ལྡན་ཕལ་མོ་ཆེའི་བཀའ་འབུམ། གཏམ་ཚོགས་ཕྲ་མོ་ཡན་ལའང་ཁྱད་གསོད་མི་མཛད་པར་ལུང་རྒྱུན་གསན། རྡོ་རྗེ་ཕྲེང་བ། མི་ཏྲ་བརྒྱ་རྩ། བ་རི་ལོ་ཙཱའི་སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ། སྨིན་གླིང་འདོད་འཇོ་བུམ་བཟང་། སྣར་ཐང་བརྒྱ་རྩ། ཇོ་ནང་རིན་འབྱུང་སོགས་དབང་དང་རྗེས་གནང་གི་རིགས་རྒྱུན་གང་བཞུགས་རྣམས་གསན་ཏེ་ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཆེན་པོར་གྱུར་པའོ། །ལྔ་པ་བསམ་པས་རྣམ་པར་ངེས་པས་ཁྱད་པར་འཕགས་པ་ནི། གང་གསན་པའི་ཆོས་བཀའ་དེ་དག་དབུས་གཙང་ཁམས་གསུམ་དུ་སྤར་རྒྱུན་གང་བཞུགས་ཐམས་ཅད་དེ་འཕྲལ་སྤར་དུ་འདེབས་པ་གནང་། འབྲི་དགོས་པ་ཐམས་ཅད་གླེགས་བམ་འཕྲལ་དུ་བཞེངས་ནས་སྐུ་གཞོན་པའི་སྐབས་ཉིན་མཚན་སྦྲེལ་མར་གླེགས་བམ་རྣམས་ལ་གཟིགས་ནས་སོ་སོའི་ཚིག་དོན་ཐམས་ཅད་ཕན་ཚུན་མ་འདྲེས་པར་ཐུགས་ལ་ཤིན་ཏུ་ངེས་པ་མཛད། བྱེ་མདོ་དབུ་སེམས་ཏེ་གྲུབ་མཐའ་ཆེན་པོ་བཞི་དང་། གསར་རྙིང་རྒྱུད་སྡེ་རྣམས་ལ་མཐའ་དྲུག་ཚུལ་བཞིས་གཏན་ལ་ཕབ་པའི་ཚུལ་རྣམས་དཔྱིས་ཕྱིན་པར་མཁྱེན་པས། སོ་སོའི་རིང་ལུགས་སྨྲ་བའི་མཁས་པ་མཆོག་དམན་སུ་ཞིག་གི་སྤྱན་སྔར་ཕྱིན་ཀྱང་སོ་སོའི་ལུགས་སྲོལ་དེའི་དང་པོ་བྱུང་ཁུངས། སྨིན་གྲོལ་རྣམས་ཀྱི་རྒྱུན། སོ་སོའི་ལག་ལེན་གྱི་ལུགས་སྲོལ་སོགས་ཕ་རོལ་པོ་དེས་ཕྱོགས་སུའང་མི་ཕྱིན་པའི་ལེགས་བཤད་ཡར་ངོའི་ཟླ་བའི་ལང་ཚོ་ངོམ་པས་སྐལ་ལྡན་ཀུནྡའི་བློ་གྲོས་ཀྱི་འདབ་མ་ལྷག་པར་བཞད་ཅིང་། སྐལ་དམན་སྤོབས་པའི་ཆུ་སྐྱེས་ཤིན་ཏུ་ཟུམ་པར་གྱུར་པ་ཉིད་དོ། །དྲུག་པ་སྒོམ་པ་ཉམས་ལེན་ཕྱོགས་མེད་དུ་མཛད་པས་ཁྱད་པར་འཕགས་པ་ནི། གསར་རྙིང་རྒྱུད་སྡེ་གསན་ཚད་རྣམས་ཀྱི་བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་ཆེན་རྣམས་
མཐར་ཕྱིན་པ་དང་། སྙིང་ཐིག་ཡ་བཞི། ལམ་འབྲས་རྒྱས་འབྲིང་བསྡུས་གསུམ། བཀའ་གདམས་ལམ་རིམ་དང་བློ་སྦྱོང་རྒྱས་བསྡུས། ཕྱག་ཆེན་ལུགས་སྲོལ་གསུམ་དང་། ནཱ་རོ་དང་ནི་གུའི་ཆོས་དྲུག ཞི་བྱེད་ལམ་ལྔ། གཅོད་ཡུལ་ལམ་ཁྱེར། རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ། ཨོ་རྒྱན་པའི་བསྙེན་སྒྲུབ་རྣམས་ཀྱི་ཉམས་བཞེས་སོ་སོར་རྟགས་ཐོན་པ་རེ་མཛད། རྫོང་སར་བཞུགས་གནས་སུ་ལོ་གསུམ་བཅད་རྒྱའི་ཁོངས་སུ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་ཐོག་མའི་ཞེན་པ་བཞི་བྲལ་ནས་བཟུང་གཤམ་གྱི་ནོར་བུ་མཐོང་གྲོལ་གྱི་བར་ཐམས་ཅད་ཉམས་བཞེས་མཛད་པས་ཉམས་རྟོགས་ཡོན་ཏན་ཡར་ངོའི་ཟླ་བ་ལྟར་འཕེལ། སྐུ་ཚེའི་མཇུག་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པ་མཐར་ཐུག་པའི་རྟོགས་པ་མངོན་ཏུ་གྱུར་ཏེ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པར་ཞལ་གྱིས་བཞེས་པ་ཉིད་ཚུ་རོལ་མཐོང་བ་རྣམས་ཀྱིས་ཀྱང་མངོན་ཏུ་གྱུར་པ་ཉིད་དོ། །བདུན་པ་བསྟན་པ་ཕྱོགས་མེད་དུ་སྐྱོང་བས་ཁྱད་པར་འཕགས་པ་ནི། སྟོན་པ་ཤཱཀྱའི་དབང་པོ་རྗེས་འབྲང་བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་འཛིན་པ་རྗེས་འབྲང་དང་བཅས་པ་རྣམས་སུ་མ་ཟད། གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པ་ཡན་ཆད་ལ་མཆོག་དམན་དང་ཉེ་རིང་ཕྱོགས་ལྷུང་གཏན་ནས་མི་མངའ་བར་སོ་སོའི་གང་ལ་གང་འདོད་པར་དབང་བསྐུར་ལུང་ཁྲིད་རྣམས་སྐུ་ན་གཞོན་དུས་ནས་ཞི་བར་གཤེགས་ཀྱི་བར་ཉིན་མཚན་སྦྲེལ་མར་ཆུ་བོའི་རྒྱུན་ལྟར་ཆད་པར་མེད་པར་སྩོལ་བ་དང་། སོ་སོའི་ཡིད་ལ་འཐད་པའི་སྤྲོ་བསྐྱེད་གཟེངས་བསྟོད་བསྔགས་པ་བརྗོད་པས་ཀྱང་དགའ་བ་བསྐྱེད་པ་དང་། རིས་སུ་མ་ཆད་པའི་བསྟན་འཛིན་རྣམས་ལ་བསྙེན་བཀུར་རྒྱ་ཆེ་བས་དགྱེས་པ་བསྐྱེད་ཅིང་། གསར་མའི་དགོན་གནས་རྣམས་སུ་སོ་སོའི་རང་ལུགས་ཀྱི་རྒྱུད་སྡེ་རྣམས་ཀྱི་སྒྲུབ་མཆོད་གསར་འཛུགས་ཐེབས་སུ་ཕྱག་རྫས་གང་ཡོད་ཀྱི་ཡོན་སྦྱོར་དང་། དགོན་དཔོན་ཆོས་རྗེ་རྣམས་ལའང་སྐུལ་མ་མཛད། རྙིང་མའི་དགོན་གནས་རྣམས་
སུའང་སྔ་འགྱུར་བཀའ་གཏེར་མང་པོའི་སྒྲུབ་རྒྱུན་དེ་མཚུངས། མདོ་འདུལ་ཆོས་སྤྱོད་ཀྱི་ཕྱག་ལེན་རྣམས་ཀྱང་དེ་བཞིན་མཛད་པས། ས་ངོར། རྙིང་མ། བཀའ་བརྒྱུད། བཀའ་གདམས། ཞི་གཅོད། ཇོ་ཞལ་སོགས་ཀྱི་བརྒྱུད་འཛིན་དགོན་གནས་ཐམས་ཅད་ལ་རྗེ་འདི་ཉིད་ཀྱི་བཀའ་དྲིན་དཔག་བསམ་ལྗོན་ཤིང་གི་གྲིབ་བསིལ་དུ་ངལ་འཚོ་མ་བསྟེན་པ་གཅིག་ཀྱང་མི་སྲིད་པ་ལྟ་བུར་སྣང་བ་ནི། ཇི་སྐད་དུ། དང་པོར་ཟང་ཟིང་སྦྱིན་པས་བསྡུས། །བར་དུ་སྙན་པའི་གཏམ་གྱིས་བྲིད། །ཐ་མར་དོན་མཐུན་ཆོས་ཀྱིས་སྐྱོང་། །རང་ཉིད་ཆོས་བཞིན་སྤྱོད་པའོ། །ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཁྱད་པར་དུ་འཕགས་པ་བསྡུ་བའི་དངོས་པོ་བཞི་ཕྱག་ལེན་ཏུ་བསྟར་བ་འདི་ལྟ་བུ་ནི་ཤིན་ཏུ་དཀོན་པར་འདུག་གོ །བརྒྱད་པ་ཕྲིན་ལས་ཕྱོགས་མེད་དུ་སྐྱོང་བས་ཁྱད་པར་འཕགས་པ་ནི། གསོ་རིག་ཕྱག་ལེན་གནང་བའི་སྐབས་སྨན་དཔྱད་ཀྱིས་ཕན་ཐོགས་ཤིན་ཏུ་ཆེ་བས་སྐྱེ་རྒུ་མང་པོ་ལ་མི་འཇིགས་སྲོག་གི་སྦྱིན་པ་བསྩལ་ཞིང་གསོ་རིག་ལ་མཁས་པའི་སློབ་རྒྱུན་ཀྱང་མང་དུ་བྱུང་། ཐར་རྩེ་མཁན་ཆེན་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་དཔོན་སློབ་ངག་དབང་ལེགས་གྲུབ་སོགས་ལ་བརྡ་སྤྲོད་སྙན་ངག་གི་སྦྱོར་བ་བསླབས་པས་ཤིན་ཏུ་མཁས་པར་ཐུགས་སུ་ཆུབ་ནས་ཕྱག་རྗེས་ངོ་མཚར་བ་བྱུང་སོང་། དཔལ་ལྡན་ས་སྐྱ་པའི་ཞལ་ངོ། ངོར་གྱི་མཁན་པོ་དང་སློབ་དཔོན། ཚར་ལུགས་ཀྱི་བརྒྱུད་འཛིན་ཕྱོགས་སུ་བྱོན་པའི་ཆོས་རྗེ་རྣམས་ལ་རང་ལུགས་ཀྱི་ཆོས་སྦྱིན་ཇི་ལྟར་འདོད་པ་དང་། རྙིང་མ་རྡོར་སྨིན། ཀཿདཔལ། ཞེ་རྫོགས་ཀྱིས་གཙོས་དགོན་ཆེན་རྣམས་ཀྱི་ཁྲི་འཛིན་དང་། དགོན་ཆུང་མང་པོའི་བླ་མ་གྲྭ་རིགས་རྣམས་ལའང་རྙིང་མ་བཀའ་གཏེར་གྱི་སྨིན་གྲོལ་རྣམས་ཀྱིས་རྗེས་སུ་བཟུང་། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། སི་ཏུ་སྐུ་ཕྲེང་གོང་འོག ཟུར་མང་དགོན་ཁག་གཙོ་བོར་གྱུར་པའི་ཀཾ་ཚང་བཀའ་བརྒྱུད་དང་། མདོ་ཁམས་པ་སོགས་འབྲུག་ལུགས་པ་རྣམས་དང་། རི་བོ་ཆེའི་རྗེ་དྲུང་སོགས་སྟག་ལུང་པ་རྣམས་དང་། བླ་མ་ལྷོ་པ་སོགས་
འབྲི་གུང་པ་སྟེ་དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱི་བླ་སྤྲུལ་གྲྭ་རིགས་ཐམས་ཅད་ལའང་སྨིན་གྲོལ་གདམས་པ་སོགས་ཀྱིས་རྗེས་འཛིན་མཛད། བྲག་གཡབ་ནོ་མི་ཧན་དང་གདོང་ཀཾ་སྤྲུལ་སྐུ། ལི་ཐང་ཕྱོགས་ཀྱི་དགེ་བཤེས་ཆེ་ཕྲ་སོགས་དགེ་ལུགས་པ་དུ་མ་ལའང་བཀའ་ཆོས་གང་འདོད་པ་སྩལ། གོང་སྨོས་སོ་སོར་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་མཛད་ཅིང་། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་དང་། དེ་དག་ལ་མཆོད་པའི་ཡོ་བྱད་རྒྱ་ཆེར་བཞུགས་གནས་ཀྱི་དགོན་པར་བཞེངས་བཀོད་དང་། དགོན་གནས་གཞན་དུའང་འདོད་མོས་དང་མཐུན་པར་མཆོད་པའི་རྟེན་དུ་སྩལ་ཞིང་། བཞེངས་མཁན་ལྷ་བཟོ། བྲིས་རྐོས། ཤིང་མཁན། མགར་བ་སོགས་ལའང་གསོལ་ཆས་ཡོན་སྦྱིན་ལེགས་སོའི་དགའ་སྟོན་བཅས་རྒྱ་ཆེ་སྤོམ་མཐོ་བས་ཐམས་ཅད་ཀྱི་ཡིད་མགུ་བར་བསྐྱེད་ཅིང་། ཟང་ཟིང་གི་དངོས་པོ་ལ་རློམ་སེམས་དང་སེར་སྣ་མི་མངའ་བར་གཏོང་བའི་མཛད་པ་རྫོགས་ལྡན་གྱི་སྤྲིན་གྱི་བླ་བྲེ་ལས་འདོད་རྒུ་ནོར་བུའི་ཆར་རྒྱུན་འབད་མེད་ལྷུག་པར་འབེབས་པར་མཛད་པ་ཉིད་དོ། །དེས་མཛད་པ་པོའི་ཆེ་བའི་ཡོན་ཏན་ཕྱོགས་ཙམ་བརྗོད་པ་གྲུབ། གཉིས་པ་ལུང་གང་ལས་བཏུས་ན། འཕགས་ཡུལ་དུ་ཐུབ་བསྟན་འབྲས་བུའི་དུས་ཡོལ་ནས་སྒྲུབ་པའི་བསྟན་པ་ལ་བབས་པའི་སྐབས་ཙམ་རྡོ་རྗེ་ཐེག་པའི་རྒྱུད་དང་གྲུབ་པའི་དབང་ཕྱུག་རྣམས་རིམ་པར་བྱོན་པར་སྣང་ཞིང་། དེའང་བསྟན་པ་སྔ་དར་རིམ་པ་གཉིས། བར་དར་རིམ་པ་གཉིས། ཕྱི་དར་རིམ་པ་གཉིས་ཏེ་དྲུག་ཙམ་གསུངས། གྲུབ་ཐོབ་རྣམས་ཀྱི་གསུང་དང་སྔགས་ཀྱི་ཕྱག་ལེན་ལའང་སོ་སོའི་སྐབས་དང་མཐུན་པའི་ཁྱད་པར་ཆེ་བ་རེ་རེ་ཡོད། ཕྱི་དར་གྱི་ལོ་ཙཱ་བ་རྒ་ལོ་སོགས་བྱོན་པའི་སྐབས་ནི་ཕྱི་དར་གྱི་རིམ་པ་གཉིས་པ་ལ་བབ། ཨ་བྷ་ཡཱ་ཀ་རའང་སྐུ་གཤེགས་ནས་རྡོ་རྗེ་གདན་གྱི་མཁན་པོ་ཙཱ་མི་སངས་རྒྱས་གྲགས་ཀྱིས་མཛད་ཅིང་བསྟན་པ་སྐྱོང་བའི་སྐབས་ཡིན་པར་འདུག བ་རི་ལོ་ཙཱ་སོགས་བྱོན་པའི་སྐབས་ཨ་བྷ་ཡའི་སློབ་མ་མ་ཧནྟ་ཉི་ཤུ་རྩ་བཞི་པོ་རྣམས་བཞུགས་སྐབས་ཡིན་པས་ཕྱག་ལེན་ཐམས་ཅད་ཕྲེང་བ་སྐོར་གསུམ་གྱི་རྗེས་འབྲང་ཁོ་ནར་
སོང་། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་རྣམས་འདི་སྐབས་ཞུས་ནས་བོད་དུ་བྱུང་། རྡོ་རྗེ་ཕྲེང་བ་དང་། བླ་མེད་ཀྱི་སྔགས་རྒྱུད་མང་པོའང་མལ་ལོ་ཙཱ་དང་། ཡར་ཀླུང་ལོ་ཙཱ་བ་སོགས་མང་པོས་བོད་དུ་བསྒྱུར་ནས་སྨིན་གྲོལ་གདམས་པ་སྤེལ་བ་ལས་གཙོ་བོར་རྗེ་བཙུན་ས་སྐྱ་པ་ཁུ་དབོན་ལ་བཀའ་བབས་ཏེ་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དབང་དང་བཤད་བཀའ་སྒྲུབ་ཐབས་རྣམས་ཀྱི་རྗེས་གནང་དང་རྒྱ་གཞུང་གི་ལུང་སོགས་ཀྱི་རྒྱུན་སྲོལ་ཟླ་མེད་པར་བཙུགས། རྗེ་བཙུན་གྲགས་པས་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཙམ་ཐུགས་སུ་ཆུབ་ཅིང་འཕགས་ཡུལ་ནས་བྱོན་པའི་མན་ངག་ཐུན་མོང་མ་ཡིན་པ་དུ་མ་གསན་ཅིང་སྙན་བརྒྱུད་དུ་གནང་བར་མཛད། དེ་དག་གི་རྒྱུད་རྣམས་རྩ་བ་དང་། ཁུངས་དང་འབྲེལ་ངེས་པའི་རྗེས་གནང་དང་། གདམས་ངག་གི་རིག་ཐམས་ཅད་ཕྱོགས་སུ་བསྡུས་པས་ལྷའི་ངོ་བོ་ནི་གཙོ་བོར་བྱ་རྒྱུད་དང་། རྒྱུད་སྡེ་གཞན་བཞི་པོའང་ཅི་རིགས་པར་བཞུགས་པས་རྒྱུད་སྡེ་རྣམ་བཞི་རིན་ཆེན་འབྱུང་བའི་རྒྱ་མཚོ་ཆེན་པོ་ལས་ཟབ་ཅིང་ཉེ་བར་མཁོ་བའི་འདོད་འབྱུང་ནོར་བུ་དབང་གི་རྒྱལ་པོ་ཁྱད་པར་ཅན་རྣམས་ཕྱུང་ཏེ་གྲམ་བུར་བརྡལ་བས་སྐལ་ལྡན་ཀུན་གྱི་དབུལ་བ་གཅིག་ཆར་དུ་སེལ་བར་མཛད་པའོ། །གསུམ་པ་ཕྱོགས་གང་དུ་གཏོགས་ན། རྒྱལ་བ་ཐམས་ཅད་མཁྱེན་པ་སྟོན་པ་ཐུགས་རྗེ་ཅན་ཐུབ་པའི་དབང་པོའི་བསྟན་པ་དམ་པའི་ཆོས་ཐམས་ཅད་བསྡུ་ན་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་། ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས་འདི་ཉིད་མངོན་པའི་ཕྱོགས་དང་། དེ་ལའང་རྒྱ་ཆེ་བ་ཕྱིའི་མངོན་པ་དང་ཟབ་མོ་ནང་གི་མངོན་པ་གཉིས་སུ་ཡོད་ཅིང་། གསང་མཆོག་རྡོ་རྗེ་ཐེག་པ་ནི་ཕྱི་མ་ཉིད་ཡིན་པས་གཞུང་འདི་དག་དེའི་ཁོངས་སུ་གཏོགས། ཐེག་པ་ལ་ཆེ་ཆུང་གཉིས་སུ་དབྱེ་བ་ལས་ཐེག་དམན་ཉན་རང་ལས་ཁྱད་པར་དུ་འཕགས་པ་ཐེག་པ་ཆེན་པོ། ཐེག་ཆེན་ཉིད་ལའང་ཕལ་པ་དང་མཆོག་གཉིས་སུ་དབྱེ་བའི་ཕྱི་མ་ཐེག་མཆོག་བླ་ན་མེད་པ་གསང་སྔགས་ཀྱི་ཐེག་པའི་ཁོངས་སུ་གཏོགས་པ་ཡིན། སྔགས་ཀྱི་རྒྱུད་སྡེ་ལ་མདོ་སྡེ་རྟོགས་པའི་རྒྱུད་དང་།
ཕྱིའི་བྱ་བ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ཕྱིའི་སྤྱོད་པ་དང་ནང་གི་ལྟ་བ་ཆ་མཉམ་དུ་བྱེད་པ་སྤྱོད་པའི་རྒྱུད་དང་། ནང་གི་རྣལ་འབྱོར་རྩལ་དུ་སྟོན་པ་རྣལ་འབྱོར་གྱི་རྒྱུད་དང་། ཐབས་དང་ཤེས་རབ་ཟུང་འཇུག་གི་རྣལ་འབྱོར་ལམ་དུ་བྱེད་པ་བླ་མེད་ཀྱི་རྒྱུད་དེ། དེ་ལའང་ནང་གསེས་སུ་ཐབས་གཙོ་བོར་གྱུར་པ་ཕ་རྒྱུད་དང་། ཤེས་རབ་གཙོ་བོར་གྱུར་པ་མ་རྒྱུད་གཉིས་བཅས་ཐམས་ཅད་བསྡོམས་པས་རྣམ་གྲངས་དྲུག་ཏུ་བཞུགས་པ་ལས། འདིར་བསྒྲུབ་བྱ་ལྷའི་ངོ་བོ་དང་། སྒྲུབ་བྱེད་སྔགས་ཀྱི་རྣམ་གྲངས་རྣམས་ནི་བྱ་སྤྱོད་ཀྱི་རྒྱུད་ལས་འབྱུང་བ་མང་ཞིང་། ཕྱི་མ་གཉིས་ཀྱང་ཅི་རིགས་པར་མཆིས་པས་རྒྱུད་སྡེ་རྣམས་ཀྱི་ཕྱོགས་སུ་གཏོགས་པ་ཡིན་ནོ། །བཞི་པ་གཞུང་གི་ཚད་ཇི་ཙམ་ཞེ་ན། གླེགས་བམ་འདི་རྣམས་སུ་ཤློ་ཀ་དང་བམ་པོའི་ཚད་ཀྱིས་བཅད་དུ་མེད་ཀྱང་། ཆོས་ཚན་སོ་སོའི་བཞུགས་ཚུལ་འོག་གི་དཀར་ཆག་ལས་འབྱུང་བས་འདིར་སྨོས་མ་དགོས་སོ། །ལྔ་པ་གཞུང་འདི་སྡུད་པའི་དགོས་པ་གང་ཞིག་ཡིན་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བའི་སྐབས་སུ་དམ་པའི་ཆོས་མཐའ་དག་འཛིན་པ་ལས་ཀྱང་སྙིགས་མའི་དུས་མཐར་བསྟན་པ་ནུབ་ལ་ཉེ་བའི་སྐབས་འདིར་དམ་པའི་ཆོས་ཤློ་ཀ་རེ་རེ་ཙམ་འཛིན་སྐྱོང་སྤེལ་བ་ཕན་ཡོན་ཆེ་བར་གསུངས་པ་དང་། ཁྱད་པར་འཕགས་པའི་ཡུལ་དང་། སེང་ག་ལའི་གླིང་། འགྲོ་ལྡིང་། ཨོ་ཌི་ཡཱ་ནའི་ཡུལ་སོགས་སུ་གྲུབ་པའི་སློབ་དཔོན་རྣམས་ལ་རྡོ་རྗེ་འཆང་དངོས་དང་། ལྷག་པའི་ལྷ་སོ་སོས་དངོས་སུ་སྩལ་བའི་གདམས་ངག་རྣམས་རིམ་པར་བརྒྱུད་དེ། བྱིན་རླབས་ཀྱི་རྒྱུན་བཟང་བར་མ་ཆད་པར་བྱོན་པའི་སྒྲུབ་ཐབས་དང་མན་ངག་གི་རིམ་པ་མཐའ་ཡས་པ་ལོ་ཙཱ་བ་རྣམས་ཀྱིས་བོད་དུ་བསྒྱུར་བཤད་མཛད་ཅིང་། བོད་ཀྱི་སློབ་དཔོན་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱིས་ཀྱང་གསལ་བྱེད་ཀྱི་ཡིག་ཆ་ཅི་རིགས་པར་མཛད་ཅིང་སྣོད་ལྡན་རྣམས་ལ་སྐལ་པ་བཟང་པོའི་བཅུད་དུ་སྨིན་པར་མཛད་ཀྱང་བཤད་སྒྲུབ་ཀྱི་བསྟན་པ་རིམ་གྱིས་འགྲིབ་པར་གྱུར་པས་དེང་སང་གི་སྐབས་ཕལ་ཆེར་རྒྱུན་ནུབ་པ་དང་། འགའ་ཞིག་མཆིས་པའང་
བརྒྱུད་པ་དང་བྲལ་བ་དང་། བརྒྱུད་པའི་མན་ངག་དང་མི་མཐུན་པ་དང་། རྗེས་སུ་གནང་བ་སོགས་དང་གདམས་ངག་ཡ་བྲལ་བར་གྱུར་པས་ན་དེ་ལྟ་བུའི་སྐྱོན་སྤོང་བའི་ཕྱིར་དང་། རང་གཞན་ལ་ཉེ་བར་མཁོ་བས་ཕན་ཐོགས་ཤིང་རྒྱུན་ཉམས་པར་མི་འགྱུར་བ་སོགས་ཀྱི་ཆེད་དུ་ལྷག་པའི་ཐུགས་བསྐྱེད་ཆེན་པོས་རིས་མེད་པའི་ཡོངས་འཛིན་དུ་མ་ལས་ཐུགས་རྩོལ་འབད་པ་ཆེན་པོས་ཆོས་དང་མཐུན་པར་ཚུལ་བཞིན་དུ་གསན་པ་རྣམས་ལས་གཙོ་ཆེ་བ་ཕལ་ཆེར་ཕྱོགས་གཅིག་ཏུ་སྡུད་པར་མཛད་པའོ། །དེ་དག་གིས་སྤྱིའི་ཁོག་དབུབ་པ་མདོར་བསྡུས་སྔོན་དུ་སོང་། ད་ནི་བཞུགས་བྱང་དཀར་ཆག་དངོས་རྒྱས་པར་བཀོད་པ་ལ། ཐོག་མར། གླེགས་བམ་དང་པོ། ཀ། པ་ལ། སྙིགས་མའི་དུས་ཀྱི་རྡོ་རྗེ་འཆང་གཉིས་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་བརྒྱུད་འཛིན་དང་བཅས་པས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོས་སྐལ་བཟང་གི་སློབ་མ་རྣམས་ཡོངས་སུ་བཀྲི་བ་ན་དཀར་པོ་ལྷ་གསུམ་གྱིས་ཆོས་སྒོ་འབྱེད་པའི་རྗེས་སུ་འབྲངས་ཏེ། འཆི་མེད་གྲུབ་པ་མི་ཏྲ་ཛོ་ཀིའི་ལུགས་ཀྱི་རྒྱལ་པོ་ཚེ་དཔག་ཏུ་མེད་པ་དཀར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལྡེབ ༡༡ རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཐུན་མོང་མ་ཡིན་པ་ཚར་ལུགས་འོད་ཟེར་དྲུག་སྦྲགས་ཀྱི་ཆོས་སྐོར་གྱི་ཡི་གེ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས། ༧༡ པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱི་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོ་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར། ༣༡ བཅས་པས་དགེ་ཞིང་བཀྲ་ཤིས་པའི་སྣང་བ་རྒྱ་ཆེར་སྤེལ་བར་བྱས་པ་ཡིན་ནོ། །དེ་ནས་མཐོ་རིས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་དག་གི་ཕྱི་མོར་གྱུར་པ་རིང་པོར་འཚོ་བའི་དགེ་མཚན་རྒྱས་པའི་སླད་དུ་འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་ཐབས་ལ། རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་པར་གཞག་པ་འཆི་བདག་སླུ་བའི་རྟོག་པའི་དོན་འགྲེལ་ཚེ་དབང་དགའ་བ་འཁྱིལ་པའི་ཐིག་ལེ། ༡༧ མ་གཅིག་གྲུབ་པའི་རྒྱལ་མོ་ལས་བརྒྱུད་པའི་ཚེ་དཔག་མེད་ཡང་གསང་ལྷ་གཅིག་བུམ་
གཅིག་ཚར་ལུགས་ཀྱི་ལོ་རྒྱུས་དབང་ཆོག་སྒྲུབ་ཐབས་དང་བཅས་པའི་སྐོར། ༢༤ མ་གཅིག་གྲུབ་པའི་རྒྱལ་མོའི་ཚེ་དཔག་མེད་ཀྱི་དབང་ཆོག་ས་ལུགས་སྐོར། ༡༨ དཔལ་ལྡན་ས་སྐྱ་པའི་གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་དང་བཅས་པའི་སྐོར། ༡༠ རྒྱལ་དབང་སྟག་ལུང་པ་ཆེན་པོའི་ཟབ་ཆོས་ལས་བྱུང་བའི་ཚེ་དཔག་མེད་སྤྲུལ་སྐུའི་དབང་ཆོག ༦ གྲུབ་རྒྱལ་ཚེ་དཔག་མེད་རས་ཆུང་ལུགས་ཡང་གསང་དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས་དབང་ཆོག་མན་ངག་དང་བཅས་པ། ༧ རོང་སྟོན་ཆེན་པོའི་ཟབ་ཆོས་ཚེ་སྒྲུབ་ཞག་བདུན་མའི་མན་ངག་ཉམས་ལེན་གྱི་རིམ་པ། ༣ ཚེ་དཔག་མེད་ལྷ་དགུའི་མན་ངག་ཚེ་སྒྲུབ་ཟབ་མོ་རྗེ་བཙུན་ས་སྐྱ་པའི་གདམས་པ་ཐུན་མོང་མ་ཡིན་པ། ༢ འཆི་མེད་རང་གཟུངས་སུ་གྲགས་པ་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོ་རིང་བརྒྱུད་ཀྱི་རྗེས་གནང་། ༢ དེའི་ལུས་སྲུང་བའི་རིག་སྔགས་ཀྱི་སྒོམ་བཟླས། ༦ སྒྲ་མི་སྙན་གྱི་ཚེ་སྒྲུབ་ཉེ་བརྒྱུད་འབྲི་གུང་དག་སྣང་། ༥ གྲུབ་ཆེན་ཐང་རྒྱལ་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་གྱི་སྒྲུབ་ཐབས་དབང་ཆོག་མན་ངག་དང་བཅས་པ། ༢༢ བཀའ་གཏེར་དག་སྣང་ཟུང་དུ་འབྲེལ་བའི་ཚེ་སྒྲུབ་ཤིན་ཏུ་ཉེ་བརྒྱུད་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ། ༥ གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྟོག་པའི་ཏཱི་ཀ་སྒྲུབ་ཐབས་སྟོང་མཆོད་རྗེས་གནང་གི་ཆོ་ག་སོགས་ཆོས་སྐོར་ཚང་བ། ༢༧ རིག་པ་རྨ་བྱ་ཆེན་མོའི་སྒོ་ནས་རྡོ་རྗེའི་ཚེ་སྒྲུབ་པ་སོགས་ཀྱི་གདམས་ཟབ། ༧ ངེས་བརྗོད་བླ་མའི་རྒྱུད་ལས་གསུངས་པའི་འཆི་མེད་རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་རྗེས་གནང་འཁྲུལ་འཁོར་གྱི་མན་ངག་དང་བཅས་པ། ༡༨ སྐྲ་སེན་སྲེག་པའི་ཆོ་ག་བདེ་ལེགས་ཉི་མ། ༧ །བཟང་པོ་སྤྱོད་པའི་སྒོ་ནས་འཆི་བ་སླུ་བའི་གདམས་ངག་གསལ་བྱེད་དང་བཅས་པ། ༩ རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཆོ་ག་ལ་བརྟེན་ནས་བརྟན་བཞུགས་འབུལ་ཚུལ། ༡༡ འཆི་སླུ་བླ་སླུ་སུན་ཟློག་སོགས། ༡༧ འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཚེ་དང་
ཡེ་ཤེས་མཆོག་སྦྱིན། ༤ བཅས་བསྡོམས་ཤོག་ལྡེབ་༼༣༢༣༽བཞུགས། ༈ །གླེགས་བམ་གཉིས་པ། ཁ། པ་ལ། རིག་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་སོགས་བསྟན་པའི་སྒྲུབ་ཐབས་ཐམས་ཅད་ཀྱི་རྗེས་སུ་གནང་བ་དང་། ལྷའི་རྣལ་འབྱོར་སྒོམ་པ་ལ་དབང་ཞིང་། རིགས་ཐམས་ཅད་ཀྱི་ཁྱབ་བྱེད། དོན་གཉིས་སྒྲུབ་པའི་ཐབས་ཀྱི་གཙོ་བོ་མཁྱེན་བརྩེ་ནུས་གསུམ་གྱི་དངོས་གྲུབ་སྟེར་བའི་ལྷག་པའི་ལྷ་ཁྱད་པར་ཅན་བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་དཀྱིལ་འཁོར་གྱི་ཆོ་ག་བསྙེན་ཐབས་དང་བཅས་པ་ལྡེབ། ༢༠ ཐོག་མར་བཀོད་ནས། འཚོ་བའི་ལྗོན་བཟང་ཡུན་རིང་དུ་བརྟན་པ་དོན་ཡོད་པར་བྱ་བའི་ཕྱིར་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་དོན་དུ་གཉེར་བ་ན། དེ་རང་གི་ལྷན་ཅིག་བྱེད་པའི་རྐྱེན་མེད་དུ་མི་རུང་པ་མཐོང་བ་དང་མ་མཐོང་བའི་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་སྤོས་པའི་གཏེར་མཛོད་ཆེན་པོ་བརྒྱད་ཀྱི་པདྨ་གཞོན་ནུ་ཁ་ཡོངས་སུ་བྱེ་བའི་སླད། ཤེས་རབ་ཀྱི་ལྷ་ཁྱད་པར་ཅན་གྱི་ཉིན་མོར་བྱེད་པ་ཁོ་ནར་གཅིག་ཏུ་བསྙེན་པའི་དབང་དུ་བྱས་ཏེ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ལས་གསུངས་པའི་འཇམ་དཔལ་དཀར་པོའི་སྒྲུབ་ཐབས། ༤ པཎྜི་ཏ་མ་ཏི་ནས་བརྒྱུད་པའི་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༣༤ འཇམ་དཔལ་དབྱངས་ཀྱི་སྒོམ་བཟླས་འཕགས་པ་བཞད་པའི་རོལ་གར་དང་ཙནྡྲ་གོ་མཱིས་མཛད་པའི་བསྟོད་པ་བཅས། ༦ རྗེ་བཙུན་དམ་པ་སངས་རྒྱས་ནས་བརྒྱུད་པའི་འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༣༢ ངག་གི་དབང་ཕྱུག་སྨྲ་བའི་སེང་གེའི་སྒྲུབ་ཐབས་སྙན་པའི་རོལ་མོར་འཁྲོལ་བ། ༧ རྗེ་བཙུན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་ལྷག་པའི་ལྷ་འཇམ་པའི་དབྱངས་ཨ་ར་ཙ་ན་དམར་སེར་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར། ༡༧ ཆོས་རྗེ་ས་སྐྱ་པཎྜི་ཏ་དང་འཇམ་དབྱངས་དམར་སེར་སྦགས་ཏེ་སྒྲུབ་པའི་ཐབས་
བྱིན་རླབས་མཆོད་ཆོག་དང་བཅས་པའི་སྐོར། ༡༧ མཎྜལ། ༡ པཎྜི་ཏ་གསེར་གདུགས་ཅན་ནས་བརྒྱུད་པའི་འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༡༠ པཎྜི་ཏ་རྡོ་རྗེ་མཚོན་ཆའི་ལུགས་ཀྱི་འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་གང་བློ་མའི་བསྟོད་སྒྲུབ་རྗེས་གནང་དང་བཅས་པའི་སྐོར། ༧ སྒྲུབ་ཐབས་བརྒྱ་རྩ་ལས་བྱུང་བ་མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར། ༡༡ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འདོན་ཐབས་གསལ་བྱེད་དང་བཅས་པ། ༤ བཅས་འཇམ་དབྱངས་ཀྱི་སྐོར་དང་། བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར། ༡༨ དབྱངས་ཅན་མ་དཀར་མོ་རིང་བརྒྱུད་བྲམ་ཟེ་ཕུར་བུའི་ལུགས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ༣ དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་མན་ངག་དང་བཅས་པ་ཤེས་རབ་སྣང་བ་རྒྱས་བྱེད། ༤ བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་གེགས་སེལ་རྗེས་གནང་བསྟོད་པ་དང་བཅས་པའི་སྐོར། ༢༥ དབྱངས་ཅན་མའི་སྒོམ་བཟླས་ཏམྦུ་རའི་དབྱངས་སྙན། ༥ ཁ་ཆེའི་པཎྜི་ཏ་བིཀྵ་པ་ར་མ་ནས་བརྒྱུད་པའི་དབྱངས་ཅན་དམར་མོ་གསང་སྒྲུབ་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར། ༡༧ བོ་དོང་ལུགས་ཀྱི་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༤ བཅས་དབྱངས་ཅན་མའི་སྐོར། ཤེས་རབ་འཆལ་བའི་གེགས་སྲུང་ཞིང་བློ་གྲོས་ཀྱི་སྟོབས་མཆོག་ཏུ་སྐྱེད་པ་པཎྜི་ཏ་དཱ་ན་ཤཱི་ལ་ནས་བརྒྱུད་པའི་མི་གཡོ་བ་དཀར་པོའི་སྒྲུབ་སྐོར། ༡༤ ཐུན་མོང་མ་ཡིན་པའི་ཤེས་རབ་དང་ཡེ་ཤེས་ཁྱད་པར་ཅན་འཆར་བར་བྱེད་པ་རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པའི་སྐོར། ༡༦ ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་བརྒྱུད་
པའི་ཁྱད་པར་གཉིས་ལྡན་གྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར། ༣༠ ཤེས་རབ་ཀྱི་ལྷ་རྣམས་ཀྱི་རྗེས་གནང་སྐབས་སུ་གླེང་བར་འོས་པའི་གཏམ་བདུད་རྩིའི་དབྱངས་སྙན། ༧ བཅས་བསྡོམས་ལྡེབ་༼༣༣༧༽བཞུགས། ༈ །གླེགས་བམ་གསུམ་པ། ག། པ་ལ། བློ་གྲོས་དང་ལྡན་པ་དག་གིས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཉེར་ལེན། རྒྱལ་བ་སྲས་དང་བཅས་པས་བགྲོད་པ་གཅིག་པའི་ལམ། སྲིད་པ་ཀུན་ཏུ་རིན་ཆེན་རིན་ཐང་མེད་པ་བྱང་ཆུབ་སེམས་གཉིས་མི་ཉམས་ཤིང་འཕེལ་བར་བྱེད་པའི་ལྷག་པའི་ལྷ་གཅིག་པུ། བྱེ་བྲག་ཁ་བ་ཅན་པའི་ཡིད་ཅན་མཐའ་དག་གི་ཡི་དམ་གཉིས་པ་མ་མཆིས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐོར་ལ། རྗེ་ས་སྐྱ་པའི་མན་ངག་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་རྗེས་གནང་དང་བཅས་པ་ལྡེབ། ༨ གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་གསལ་བྱེད་དང་བཅས་པ། ༡༡ འཕགས་པ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར། ༡༦ བཅུ་གཅིག་ཞལ་དཔལ་མོ་ལུགས་རིགས་བཞིས་བསྐོར་བའི་རྗེས་གནང་གི་ཆོ་ག ༥ བཅུ་གཅིག་ཞལ་དཔལ་མོ་ལུགས་མཁའ་འགྲོ་ལྔ་བསྐོར་གྱི་རྗེས་གནང་གི་ཆོ་ག ༧ དགེ་སློང་མ་དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་གནས་དང་བཅས་པའི་ཆོ་ག ༢༧ མཎྜལ་བརྟན་བཞུགས། ༡ ཐེག་ཆེན་གསོ་སྦྱོང་རང་གིས་ལེན་པའི་ཆོ་ག ༥ ས་ལུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་ལྷ་ལྔའི་སྒྲུབ་སྐོར་རྗེས་གནང་དང་བཅས་པ། ༡༤ འཕགས་པ་དོན་ཡོད་ཞགས་པའི་སྨྱུང་བར་གནས་པའི་ཆོ་ག ༡༠ བཅས་སྤྱན་རས་གཟིགས་ཀྱི་སྐོར། བྱང་ཆུབ་སེམས་གཉིས་ཀྱི་ཡོན་ཏན་ཇི་ཙམ་འཕེལ་བ་དེ་ཙམ་གྱིས་ཡིད་སྲུབས་ཀྱི་ཕྱོགས་རྣམས་ཟུག་རྔུ་ལྷག་པར་འཕེལ་ནས་བར་དུ་གཅོད་པའི་ཕྱིར། དེ་
དག་ལས་ཡོངས་སུ་སྲུང་ཞིང་སྐྱོབ་པའི་སླད་དུ་ཕྱིའི་གེགས་སེལ་བ་དཔལ་གསང་བའི་བདག་པོ་ལག་ན་རྡོ་རྗེ་འཆང་བའི་སྐོར་ལ། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་མདོ་ལུགས་ཀྱི་གཟུངས་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར། ༡༢ དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར། ༡༡ དགེ་ལྡན་པ་ནས་བརྒྱུད་པའི་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༧ དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཐུན་མོང་མ་ཡིན་པ་མེ་དབང་མ། ༧ དཔལ་ཕྱག་ན་རྡོ་རྗེ་ཨུ་ཙརྻའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར། ༡༠ རྗེ་བཙུན་རས་ཆུང་པའི་ལུགས་ཀྱི་ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ། ༡༥ གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ཐུགས་བཅུད་དཔལ་ཕྱག་ན་རྡོ་རྗེ་དྲག་པོ་སུམ་སྒྲིལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༧ བཅས་ཆེ་བ་དྲུག་གམ་བརྒྱད་དང་ལྡན་པའི་ཕྱག་ན་རྡོ་རྗེའི་སྐོར། བླ་མ་རིགས་གསུམ་མགོན་པོའི་ཐུགས་དམ་གནད་ནས་སྐུལ་བའི་གསོལ་འདེབས། ༤ སྟེ་འཕགས་པ་རིགས་གསུམ་མགོན་པོའི་སྐོར་རྣམས་སོ། །ནང་གི་བར་ཆད་སྲུང་བ་དང་། ལས་རབ་འབྱམས་ཐོགས་པ་མེད་པར་འགྲུབ་ཅིང་། གངས་ཅན་པ་རྣམས་ལ་ཐུགས་རྗེའི་འཇུག་པས་ལྷག་པར་དགོངས་པ་རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོའི་སྐོར་ལ། བར་ཆད་ཞི་ཞིང་ཚེ་དང་ཤེས་རབ་སྤེལ་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་བཀའ་བབས་དགུ་ལྡན་གྱི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་གསལ་བྱེད་དང་བཅས་པའི་སྐོར། ༢༧ མང་མཁར་བ་བློ་གྲོས་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལོ་རྒྱུས་སྒྲུབ་སྐོར་རྗེས་གནང་ལས་ཚོགས་དང་བཅས་པ། ༢༤ མཁས་གྲུབ་ནོར་བཟང་རྒྱ་མཚོའི་ཉེ་བརྒྱུད་སྒྲོལ་དཀར་ཐུན་མོང་མ་ཡིན་པའི་སྒྲུབ་རྗེས་བསྟོད་པ་བཅས། ༧ པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༤
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ལས་ཚོགས་ཉེར་མཁོ་བསྡེབས་པ། ༧ སྒྲོལ་དཀར་གྱི་ལས་ཚོགས་ལྷ་མོ་ཤྲ་བ་ཎའི་རྨི་ལམ་བརྟག་པ་དང་སྒྲུབ་ཐབས་ཀྱི་སྐོར། ༨ སློབ་དཔོན་ཟླ་བའི་བཤེས་གཉེན་ནས་བརྒྱུད་པའི་རྨི་ལམ་ལུང་སྟོན་སྒྲོལ་མའི་སྒྲུབ་ཐབས། ༥ བུདྡྷ་ཙུ་རུ་ཀའི་སྐྱེ་བ་བརྟག་པའི་གདམས་ངག་གཞུང་གསལ་བྱེད་དང་བཅས་པ། ༥ རྗེ་བཙུན་སྒྲོལ་མ་ཉིན་ཞི་མཚན་ཁྲོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར། ༡༡ འཇིགས་པ་མཐའ་དག་སྲུང་ཞིང་ལས་སྣ་ཚོགས་སྒྲུབ་པ་ཇོ་ལུགས་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་སྒྲུབ་ཐབས་དང་རྗེས་གནང་བྱ་ཚུལ། ༤ ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༡༧ ས་ལུགས་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་མཎྜལ་བཞི་པའི་ཆོ་ག ༡༨ ཇོ་ལུགས་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་མདོར་བསྡུས་སྙིང་པོར་དྲིལ་བ། ༣ ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱིའི་ལུགས་ཀྱི་སྒྲོལ་མ་ལྗང་གུའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༧ རྗེ་བཙུན་འཕགས་མ་སྒྲོལ་ལ་གསོལ་བ་འདེབས་པ་ཐུགས་དམ་གནད་ནས་བསྐུལ་པའི་སྒྲ་དབྱངས། ༣ བཅས་རྗེ་བཙུན་སྒྲོལ་མ་དཀར་ལྗང་གི་སྐོར་ཏེ་བསྡོམས་ལྡེབ་༼༣༣༡༽བཞུགས། ༈ །གླེགས་བམ་བཞི་པ། ང་། པ་ལ། རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པའི་སྐལ་བ་དང་ལྡན་པ་དག མཐུན་རྐྱེན་ཚེ་དང་ཤེས་རབ་སྙིང་རྗེའི་སྟོབས་ཕུན་སུམ་ཚོགས་པ་སྐྱེད་ཅིང་། དེའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་མཐའ་དག་ཞི་བ་དང་སྲུང་བར་བྱས་ཏེ། བསྒྲུབ་བྱའི་གཙོ་བོ་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་གོ་འཕང་སྒྲུབ་པའི་མྱུར་ལམ་རྣལ་འབྱོར་བླ་ན་མེད་པའི་ཡི་དམ་གྱི་ལྷ་ཁྱད་པར་ཅན་གྱི་སྐོར་ལ། སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་ས་ལུགས་དཔལ་ཀྱེ་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པ་ལྡེབ། ༧ དུས་ཞབས་པ་ནས་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་རྗེས་
གནང་དང་བཅས་པ། ༤ སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་ས་ལུགས་དཔལ་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། ༨ དེའི་སྒྲུབ་ཐབས་ཚོགས་འཁོར་དང་བཅས་པ་བཀླགས་ཆོག ༤ བདེ་མཆོག་གི་རྒྱུན་བཤགས་རྒྱས་པ། ༤ རྗེ་བཙུན་ས་སྐྱ་པའི་གསེར་ཆོས་མཁའ་སྤྱོད་སྐོར་གསུམ་གྱི་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། ༢༨ རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་ལུགས་ཀྱི་རྡོ་རྗེ་ཕག་མོ་ཞལ་གཉིས་མའི་སྒྲུབ་ཐབས་བྱིན་རླབས་མན་ངག་«འདིའི་མན་ངག་གི་ཡི་གེ་བརྩམས་འཕྲོ་མཐུད་ཐུབ་པ་བྱུང་ན་ཁ་སྐོང་དུ་འཇོག་དགོས།་་་་་»དང་བཅས་པའི་སྐོར། ༡༠ གྲུབ་ཆེན་མཻ་ཏྲི་པའི་ལུགས་ཀྱི་མཁའ་སྤྱོད་རྡོ་རྗེ་ཕག་མོ་རིག་པ་འཛིན་མ་རྩེན་མའི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པའི་སྐོར། ༡༧ དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་སྒྲུབ་ཐབས་བྱིན་རླབས་མན་ངག་དང་བཅས་པའི་སྐོར། ༢༡ གྲུབ་ཆེན་དཔལ་འཛིན་པའི་ལུགས་ཀྱི་རྡོ་རྗེ་ཕག་མོ་ཁྲོས་མ་དམར་མོ་ལྷ་གསུམ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༥ གྲུབ་ཆེན་དམ་པ་སངས་རྒྱས་ལུགས་ཀྱི་ཕག་མོ་ནག་མོའི་བྱིན་རླབས་དང་། དེའི་གཏོར་དབང་བཅས། ༨ གྲུབ་ཆེན་ཞི་བ་སྦས་པའི་ལུགས་ཀྱི་དཔལ་མ་ཧཱ་མཱ་ཡཱ་གཙོ་རྐྱང་གི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། ༦ སློབ་དཔོན་སྒེག་པའི་རྡོ་རྗེའི་ལུགས་ཀྱི་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༤ སྒྲུབ་ཐབས་རྒྱ་མཚོ་ནས་བྱུང་བ་གསང་འདུས་འཇམ་པའི་རྡོ་རྗེ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༧ དཔལ་བིརྺ་པའི་ལུགས་ཀྱི་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། ༦ རྭ་ལུགས་ཉེ་བརྒྱུད་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༨ གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བླ་མེད་སེམས་ཉིད་ངལ་གསོའི་སྒྲུབ་རྗེས་མན་ངག་དང་བཅས་པ། ༧ ཀར་ལུགས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་
ལྷ་ལྔའི་སྒྲུབ་ཐབས་གཏོར་དབང་ལས་ཚོགས་དང་བཅས་པའི་སྐོར། ༦༡ སྒྲོལ་མ་བླ་མེད་ཀར་ལུགས་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཡིག་རྙིང་སྐོར། ༡༡ དེའི་རྗེས་སུ་གནང་བ་དང་བསྙེན་སྒྲུབ་ལས་གསུམ་གསལ་བར་བྱེད་པའི་ཡི་གེ་གཞུང་ཆ་ལག་དང་བཅས་པ། ༤༧ དེའི་ཚེ་ཁྲིད་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་གཙང་ལ་མ་འདྲེས་པ། ༡༥ ཞི་སྦས་ལུགས་ཀྱི་སྒྲོལ་མ་རྣལ་འབྱོར་མའི་རིག་གཏད་སྐོར། ༡༠ སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་གཉན་སྒྲོལ་ཡན་ལག་དྲུག་པའི་སྐོར། ༡༧ སློབ་དཔོན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༡༧ བསྟོད་པ་རྣམ་དག་གཙུག་གི་ནོར་བུ་འདོད་གསོལ་དང་བཅས་པ། ༥ དེའི་ནང་གསེས་རྗེ་བཙུན་སྒྲོལ་མ་བཙོན་འདོན་མའི་བསྙེན་སྒྲུབ་ཆོ་ག་མན་ངག་དང་བཅས་པ། ༡༠ སློབ་དཔོན་ཙནྡྲ་གོ་མཱིའི་ལུགས་ཀྱི་སྒྲོལ་མ་སེར་མོ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་བཀྲ་ཤིས་ཆར་འབེབས། ༤ བཅས་བསྡོམས་ལྡེབ་༼༣༥༧༽བཞུགས། ༈ །གླེགས་བམ་ལྔ་པ། ཅ། པ་ལ། བར་དུ་དགེ་བ་རྣམ་པ་ཀུན་ཏུ་ཕན་པ་དང་བདེ་བ་མཐའ་ཡས་པ་སྦྱིན་པ། སྣ་ཚོགས་པའི་ནོར་བུ་བཞིན་དུ་མཚན་དང་སྐུའི་རྣམ་འགྱུར་ཅི་ཡང་འཆར་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྐོར་ལས། ཐོག་མར་དེ་བཞིན་གཤེགས་པ་ཆགས་བྲལ་གྱི་རྣམ་པ་ཅན་གྱི་སྐོར་ལ། སྒྲུབ་ཐབས་རྒྱ་མཚོ་ནས་བྱུང་བའི་བཅོམ་ལྡན་འདས་ཐུབ་པ་དམ་ཚིག་གསུམ་བཀོད་ལྷ་ལྔའི་སྒྲུབ་རྗེས་མན་ངག་དང་བཅས་པ་ལ་ལྡེབ། ༡༡ ཇོ་བོ་ལུགས་ཀྱི་ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པའི་ཕྱག་མཆོད་རྗེས་གནང་དང་བཅས་པ། ༧ ཐུབ་དབང་གནས་བརྟན་བཅུ་དྲུག་བཅས་ལ་ཕྱག་མཆོད་གསོལ་བ་གདབ་པའི་ཆོ་ག ༢༠ གྲུབ་ཆེན་བི་རཱུ་པ་ནས་བརྒྱུད་པའི་ཐུབ་དབང་རྟེན་འབྲེལ་སྙིང་པོའི་གཟུངས་དང་འབྲེལ་བའི་སྲུང་བ་ཟབ་མོའི་བྱིན་རླབས་མན་ངག་དང་བཅས་པ། ༡༥ མཆིམས་སྟོན་རིམ་བྱོན་གྱི་གདམས་ངག་འཁྲུལ་མེད་ཐུབ་
དབང་ནོར་བུ་བསྟན་པ་སྤྱི་དབང་བྱ་ཐབས་ཆོས་སྤྱོད་བཅུ་ཉམས་སུ་ལེན་ཚུལ་དང་བཅས་པ། ༦ མདོ་སྡེ་ཟབ་མོ་འདོན་པའི་གདམས་ངག་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ། ༧ མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་གནང་བྱ་ཚུལ། ༡༢ སྨན་བླའི་མདོ་ཆོག་སྙིང་པོ་གཞན་ཕན་བདེ་འཇུག ༡༦ སྨན་བླ་བདེ་གཤེགས་བརྒྱད་ཀྱི་མཆོད་པའི་ཆོ་གའི་སྙིང་པོ་ཉམས་སུ་ལེན་ཚུལ། ༦ སྨན་བླའི་མདོ་ཆོག་གཞན་ཕན་བདེ་འཇུག་གི་ཟུར་རྒྱན། ༡༦ བཅོམ་ལྡན་འདས་འོད་དཔག་མེད་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག ༢༠ བཅོམ་ལྡན་འདས་འོད་དཔག་མེད་པའི་སྔགས་ཆོག་མན་ངག་དང་བཅས་པ། ༡༡ ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༡༠ ཇོ་བོ་ལུགས་ཀྱི་མི་འཁྲུགས་པའི་ལས་ཚོགས་ཉེར་མཁོ་བཏུས་པ། ༨ ཀླུ་དང་ས་བདག་གི་གནོད་པ་སོགས་ཞི་བར་བྱེད་པ་ཇོ་ལུགས་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ༡༣ ཀླུ་དབང་རྒྱལ་པོའི་ཆར་འབེབས་བྱིན་རླབས་དཔལ་སྟེར། ༡༢ དེའི་སྒོ་ནས་ཀླུའི་བུམ་གཏེར་སྒྲུབ་ཚུལ་གསལ་བར་བཀོད་པ། ༡༡ ཐུགས་དམ་གྱི་ལྷ་ཁྱད་པར་ཅན་ཕྱོགས་སུ་བསྡེབས་པའི་སྐོར་ལ། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ལྷག་པའི་ལྷ་བཞི་ཞེས་གྲགས་པ་ཐུན་མོང་མ་ཡིན་པའི་ལྷ་འདི་རྣམས་དང་། ལམ་བསླབ་པ་གསུམ་གྱི་ཆོས་ཚུལ་དྲི་མ་མེད་པ་ཟུང་འབྲེལ་དུ་བསྐྱངས་པས་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་ཞེས་གྲགས་པའི་ཡི་གེ་གངས་ཀྱི་རི་བོའི་སུལ་ན་མངོན་པར་བརྗིད་པ་ལས་བྱུང་བའི་བསྟན་པ་འདི་ཡི་སྟོན་པ་གཅིག་པུ་ཐུབ་པའི་དབང་པོ་ལྷ་གསུམ། ཐེག་ཆེན་གྱི་ལམ་མཐའ་དག་གི་བསྐྱེད་གཞི་བྱམས་སྙིང་རྗེའི་ལྷ་སྤྱན་རས་གཟིགས་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ། ཕྱིའི་བར་
ཆད་སེལ་ཞིང་གཙོ་བོར་ཐུན་མོང་གི་ལས་སྒྲུབ་པ་ཕྲིན་ལས་ཀྱི་ལྷ་སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ། ནང་གི་བར་ཆད་སེལ་ཞིང་མཆོག་གི་ཡེ་ཤེས་སྐྱེད་པ་མི་གཡོ་བ་སྔོན་པོ་གཙོ་རྐྱང་སྟེ། བཀའ་གདམས་ལྷ་བཞིའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ། ༣༧ བཀའ་གདམས་ལྷ་བཞིའི་ཉམས་«འདི་དངོས་སྣར་ཐང་བརྒྱ་རྩའི་གཞུང་ལ་བརྟེན་པའི་ཉམས་ལེན་ཉེར་མཁོ་རྗེའི་གསུང་བརྩམས་འཕྲོ་དེ་ཡིན་པས་ཁ་སྐོང་ཐུབ་ན་ལེགས།»ལེན། ༡༦ དངོས་གྲུབ་ཀྱི་སྒོ་མཐའ་ཡས་པར་ཕྱེ་བ། པཎ་གྲུབ་ཆེན་པོ་རྡོ་རྗེ་གདན་པའི་ཐུགས་དམ། སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བའི་གདམས་ཟབ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་ཤིང་ཐུགས་རྩིས་སུ་མཛད་པའི་ལྷག་པའི་ལྷ་དྲུག་ཅེས་གྲགས་པ་ལས། མི་གཡོ་བ་སྔོན་པོ་དང་། འོད་ཟེར་ཅན་མའི་རྗེས་གནང་མན་ངག་དང་བཅས་པ། གཞན་བཞིའི་གདམས་ངག་གི་གཞུང་བཅས་རྡོ་རྗེ་གདན་པའི་ཆོས་དྲུག ༧ ལྷ་མོ་འོད་ཟེར་ཅན་མའི་སྒྲུབ་ཐབས་རྗེས་གནང་གཟུངས་ཀྱི་མན་ངག་དང་བཅས་པ། ༡༣ ལྷ་མོ་འོད་ཟེར་ཅན་མའི་མན་ངག་མདོར་བསྡུས། ༨ མི་གཡོ་བ་སྔོན་པོའི་ལོ་རྒྱུས་སྒྲུབ་སྐོར་ལས་ཚོགས་རྗེས་གནང་དང་བཅས་པ། ༢༡ དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་གསང་སྒྲུབ་སྐོར་གསུམ་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། ༢༣ གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས། ཆར་དབབ་གཅོད་བྱེད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༡༤ རྡོ་རྗེ་ཚེར་མའི་སྡིག་ནད་འཇོམས་པ་སྣ་ཚོགས་ཡུམ་དཀར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༡༡ བརྟན་གཡོའི་དུག་གཞིལ་བ་འདབ་ཆགས་མགོན་པོ་རྡོ་རྗེ་ནམ་མཁའ་ལྡིང་གི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༨ བཅས་བསྡོམས་ལྡེབ་༼༣༥༣༽བཞུགས། ༈ །གླེགས་བམ་དྲུག་པ། ཆ། པ་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེའི་མཐར་ཐུག་དང་ལས་ཀྱེ་རྡོ་རྗེའི་བཤད་
རྒྱུད་རྡོ་རྗེ་གུར་གྱི་ལས་རྒྱས་པའི་ལྷ་གསུམ་ལས། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་རྗེ་གནང་མན་ངག་དང་བཅས་པ་ལྡེབ། ༢༤ བསྟོད་པ། ༡ དཔལ་གསང་བའི་བདག་པོ་འབྱུང་པོ་འདུལ་བྱེད་ཀྱི་སྒོ་ནས་ལས་བཞིའི་སྦྱིན་སྲེག་བྱ་ཚུལ་དངོས་གྲུབ་ནོར་བུ་འདྲེན་པའི་གྲུ་ཆེན། ༣༡ གུར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀར་མོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ། ༡༢ ཞར་བྱུང་ཤེར་ཕྱིན་ཡི་གེ་གཅིག་མའི་གཞུང་གསལ་བྱེད་དང་བཅས་པ། ༧ གུར་གྱི་སོ་སོར་འབྲང་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ། ༨ བཅས། ལས་རབ་འབྱམས་དང་རྗེས་སུ་འབྲེལ་བའི་ལྷག་པའི་ལྷའི་སྐོར་ལ། ཐོག་མར་སྡིག་སྒྲིབ་ཞི་བར་བྱེད་པའི་དབང་དུ་བྱས་ཏེ། ས་ལུགས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་སྒོམ་བཟླས་ཡན་ལག་དང་བཅས་པ་བྱིན་རླབས་ཟླ་ཞུན་གྱི་ཆུ་བོ། ༡༠ གསང་འདུས་ལུགས་ཀྱི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་གཙོ་རྐྱང་གི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པའི་ཡི་གེ་དངོས་གྲུབ་འདོད་འཇོ། ༣༣ ས་ལུགས་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྒོམ་བཟླས་སྦྱིན་སྲེག་དང་བཅས་པའི་སྐོར། ༡༡ སྡིག་ལྟུང་སྦྱོང་བ་དམ་ཚིག་རྡོ་རྗེའི་སྒོམ་བཟླས་དང་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གི་རྒྱུད་རྩ་འགྲེལ་མན་ངག་དང་བཅས་པ། ༤ རྡོ་རྗེ་མཁའ་འགྲོ། ༣ དེའི་སྒོ་ནས་གསོན་གཤིན་གྱི་སྡིག་སྒྲིབ་སྦྱོར་བའི་ཆོ་ག་ཐར་པའི་སྣང་འབྱེད། ༤ བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སོགས་ལ་སྨྲེ་བཤགས་ཀྱིས་གསོལ་བ་གདབ་པ་ཐུགས་དམ་གནད་ནས་སྐུལ་བའི་གདུང་དབྱངས། ༤ སྔགས་ཀྱི་ལྟུང་བ་ཕྱིར་བཅོས་པའི་ཐབས་ཉེར་ལྔ་གསལ་བར་བཀོད་པ་ནོར་བུ་ཀེ་ཏ་ཀའི་ཕྲེང་བ། ༢༧ བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པའི་ཆོ་ག་མདོར་བསྡུས་པ་བྱིན་རླབས་ཀྱི་གངྒཱ་བཟང་པོ། ༡༡ འཕགས་པ་ནམ་མཁའི་སྙིང་པོའི་སྒྲུབ་ཐབས་བཟླས་ལུང་ལས་ཚོགས་དང་བཅས་པའི་སྐོར། ༡༧ ཤཱཀྱ་རཀྵི་ཏའི་ལུགས་ཀྱི་སྒྲིབ་པ་རྣམས་སེལ་གྱི་སྒྲུབ་ཐབས་ལས་
ཚོགས་དང་བཅས་«མ་བྱུང་་་་་་»པ། ༥ སོ་ཐར་གྱི་བཤགས་སྡོམ་ཞི་གནས་གསོ་སྦྱོང་དང་འབྲེལ་བ་ཉེས་ལྟུང་དག་བྱེད་གངྒཱའི་ཆུ་རྒྱུན་སོགས་སྡོམ་གསུམ་བཤགས་ཚིག ༡༥ སྟེང་གདོན་གཟའི་གནོད་པ་ཞི་བར་བྱེད་པ་མཁན་ཆེན་ཞི་བ་འཚོའི་ལུགས་ཀྱི་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོའི་སྒྲུབ་ཐབས་རྗེས་གནང་མཆོད་ཆོག་དང་བཅས་པ། ༡༥ གཟའ་ཡུམ་གྱི་གཟུངས་མདོ། ༣ འོག་གདོན་ཀླུ་དང་ས་བདག་གི་གནོད་པ་ཞི་བ་ལ་གཙོ་བོར་བསྔགས་པ་ས་ལུགས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༢༢ སེངྒེ་སྒྲའི་སྒོ་ནས་གདོན་སྒྲོལ་གྱི་ཆོ་ག་རིན་ཆེན་ཕྲེང་མཛེས་ཀླུ་སྨན་བསྡུ་ཐབས་སྒྲུབ་ཐབས་དང་བཅས་པ། ༢༤ ཀླུ་བུམ་གཞུག་པའི་མན་ངག་གསལ་བྱེད་དང་བཅས་ལ། ༦ དཔལ་ས་སྐྱ་པའི་ཀླུ་པའི་གསེར་ཆོས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་ངག་སྲུང་འགྲོལ་གྱི་གདམས་པ་ཟབ་མོའི་སྐོར། ༥ ཐུགས་རྗེ་ཆེན་པོའི་མིག་འབྱེད་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་བྱོན་གསལ་བྱེད་དང་བཅས་པའི་སྐོར། ༥ ནད་རིམས་ཞི་བ་ལ་མཆོག་ཏུ་བསྔགས་པའི་ས་ལུགས་རྗེ་བཙུན་རི་ཁྲོད་སེར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར། ༣༣ རི་ཁྲོད་མའི་མན་ངག་ཉེར་མཁོ་དགེ་ལེགས་སྣང་གཏེར། ༣ བཅས་བསྡོམས་ལྡེབ་༼༣༤༧༽ བཞུགས། ༈ །གླེགས་བམ་བདུན་པ། ཇ། པ་ལ། སྣ་ཚོགས་པའི་ལས་རབ་ཏུ་འབྱུང་བ་འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་འགྲེལ་མན་ངག་དང་བཅས་པ་ལྡེབ། ༣༧ གྲིབ་དང་མི་གཙང་བ་ཞི་བར་བྱེད་པ་ཁྲུས་ཀྱི་ལྷའི་སྐོར་ལ། བ་རི་ལུགས་ཀྱི་རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བུམ་ཆོག་རྗེས་གནང་གི་ཆོ་ག་དང་བཅས་པ། ༣༩ དེ་དང་འབྲེལ་བའི་འབར་མའི་གཏོར་ཆེན་གྱི་ལོ་རྒྱུས་དང་ཆོ་ག ༩ རྒྱུད་སྡེ་འོག་མ་གསུམ་ལ་ཉེ་བར་མཁོ་བའི་ཆ་གསུམ་གྱི་གཏོར་མ། ༥ རྡོ་རྗེ་རྣམ་པར་འཇོམས་པ་བླ་མེད་བིརྺ་པའི་ལུགས་ཀྱི་སྒྲུབ་ཐབས་
བྱིན་རླབས་མན་ངག་དང་བཅས་པ། ༡༨ ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་དུད་ཀ་ས་ལུགས་ཀྱི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ། ༡༤ ཇོ་བོ་རྗེ་ནས་བརྒྱུད་པའི་སྨེ་བརྩེགས་ལྗང་ནག་གི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༡༡ ཆག་ལུགས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་མན་ངག་དང་བཅས་པ་གཙང་བྱེད་ཚངས་པའི་ཟླ་ཤེལ། ༩ གྲུ་སྤང་རྩེ་བའི་ལུགས་ཀྱི་མཁའ་འགྲོ་མ་སྨེ་བ་བརྩེགས་མའི་བུམ་པའི་ཆོ་ག་ཉམས་གྲིབ་མཐར་བྱེད། ༡༢ དཔལ་གསང་བ་འདུས་པའི་རྒྱུད་ལས་གསུངས་པའི་ས་ལུགས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་ལས་སྦྱོར་རྗེས་གནང་དང་བཅས་པ། ༦ དཔལ་ཆེན་རྒྭ་ལོའི་ལུགས་ཀྱི་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་གྲུབ་པའི་ཟིལ་དངར། ༡༠ འབྲུག་ལུགས་ཁྲུས་ལྷ་ལྔའི་སྒྲུབ་ཐབས་བཀྲུ་བྱབ་སྲུང་བ་རྗེས་གནང་གི་ཆོ་ག་དང་བཅས་པ་དྲི་མ་ཀུན་སེལ། ༧ ས་ལུགས་བཅོམ་ལྡན་འདས་སངས་རྒྱས་སྤྱན་མའི་སྒྲུབ་ཐབས་ཀྱི་རྒྱུད་འགྲེལ་མན་ངག་དང་བཅས་པ། ༡༠ རྟེན་ཁྲུས་རི་ཁྲུས་སོགས་ཀྱི་གསལ་བྱེད་ཉེས་པ་ཀུན་སེལ། ༨ སྔགས་ཀྱི་ནུས་པ་འབྱིན་བྱེད་གསེར་ཆོས་ལུགས་ཀྱི་འཇམ་དཔལ་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༩ ནད་གདོན་མཐའ་དག་སྲུང་བ་ཇོ་བོ་ལུགས་ཀྱི་སྲུང་བའི་ལྷ་མོ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༥ དེའི་བྱད་འགྲོལ་གྱི་ཆོ་ག་དག་གསལ་མདོར་བསྡུས་ཏེ་བཀོད་པ། ༧ འཕགས་མ་སོ་སོར་འབྲང་མའི་འཁོར་ལོའི་མན་ངག་དོན་ཐམས་ཅད་ཡོངས་སུ་གྲུབ་པ་མཁས་པའི་རྣ་རྒྱན། ༡༢ རྒྱས་པའི་ལས་ཀྱི་དབང་དུ་བྱས་ཏེ། ཚེ་རྒྱས་པར་བྱེད་པ་ཚེ་སྒྲུབ་འཆི་མེད་བུ་སྟོན་གོང་ཁུགས་མའི་སྐོར་ལུགས་གཉིས། ༡༤ ཤཱཀྱ་རཀྵི་ཏའི་ལུགས་ཀྱི་ལྷ་མོ་རྣམ་རྒྱལ་མ་དཀར་མོའི་སྒྲུབ་རྗེས་མན་ངག་དང་«འདིའི་མན་ངག་མ་བྱུང་།་་་་་»བཅས་པ། ༦ ཤེས་རབ་རྒྱས་པར་བྱེད་པ་འཕགས་པ་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་
རྗེས་གནང་མན་ངག་«མན་ངག་མ་བྱུང་།་་་་་»དང་བཅས་པ། ༧ ནི་རི་ཏི་པའི་ལུགས་ཀྱི་འཕགས་པ་བྱམས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༨ རྗེ་བཙུན་བྱམས་པ་མགོན་པོ་ལ་མཆོད་པའི་ཆོ་ག་དང་འབྲེལ་བར་དགའ་ལྡན་དུ་སེམས་བསྐྱེད་པའི་སྨོན་ལམ་ནོར་བུའི་ཐེམ་སྐས། ༧ ཁྲོ་ལོའི་གསུང་དངོས་གྲུབ་ཀྱི་རྫས་ཉི་ཤུ་རྩ་བདུན་གྱི་མཆོད་ཕྲེང་འདོད་རྒུའི་སྤྲིན་ཆེན། ༣ དེའི་ཕྱག་རྒྱ། ༡ འཕགས་པ་བྱམས་པའི་བསྟོད་པ་ཡིད་བཞིན་ནོར་བུའི་སྤྲིན་ཕུང་། ༡ ཡང་བསྟོད་པ་དད་པའི་མེ་ཏོག ༡ པཎ་ཆེན་ཟླ་བ་གཞོན་ནུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོ་ཕྱག་བཞི་མའི་སྒྲུབ་ཐབས་མན་ངག་དང་བཅས་པ། ༧ སྨོན་ལམ་དང་ཡེ་ཤེས་རྒྱས་པར་བྱེད་པ་ཤཱཀྱ་རཀྵི་ཏའི་ལུགས་ཀྱི་ཀུན་ཏུ་བཟང་པོའི་སྒྲུབ་ཐབས་མན་ངག་དང་བཅས་པ། སྣོད་བཅུད་ཀྱི་འབྱོར་པ་རྒྱས་པར་བྱེད་པ་སའི་སྙིང་པོའི་སྒྲུབ་ཐབས་མན་ངག་དང་བཅས་པ། ༥ འདི་གཉིས་མ་བྱུང་། ས་སྙིང་དང་བརྟན་མ་སྦྲགས་སྒྲུབ་ཀྱི་གཏེར་བུམ་སྒྲུབ་«འདི་འོག་ཏུ་ཡོད།་་་་་»ཐབས། བདུད་དང་གཤིན་རྗེའི་གཉེན་པོ་དཔལ་གཤིན་རྗེའི་གཤེད་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཆོ་ག་རིན་པོ་ཆེའི་དོ་ཤལ། ༨ སྟེང་གདོན་གཟའ་ཡི་གཉེན་པོ་རྒྱལ་བ་གཡའ་བཟང་པའི་ཁྱད་ཆོས་དཔལ་ཕྱག་ན་རྡོ་རྗེ་ཉི་མ་མདུང་གང་མའི་སྐོར། ༡༢ ཆོས་དབང་ལུགས་ཀྱི་ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་མངོན་རྟོག་རྗེས་གནང་དང་བཅས་པའི་ལག་ལེན་རབ་ཏུ་གསལ་བ། ༦ བར་གདོན་རྒྱལ་འགོང་འབྱུང་པོའི་གཉེན་པོ་དཔལ་རྟ་མགྲིན་གྱི་སྐོར་ལ། རྟ་མགྲིན་དམར་པོ་གྲུབ་རྒྱལ་ལུགས་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། ༨ མཉམ་མེད་ཇོ་བོ་རྗེ་ནས་བརྒྱུད་པའི་རྟ་མགྲིན་དམར་པོ་ཤྭ་ན་བཞི་སྐོར་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར། ༡༡ སྙེ་མོ་གཏེར་སྟོན་རྒྱ་གངས་རི་བས་སྤྱན་དྲངས་པའི་རྟ་མགྲིན་དམར་པོ་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་གཞུང་ཆ་ལག་
དང་བཅས་«འདིའི་བསྙེན་སྒྲུབ་ལས་གསུམ་གྱི་ཡིག་ཆ་རྗེ་བླ་མའི་བརྩམས་འཕྲོ་ཁ་སྐོང་ཐུབ་ན་ལེགས།་་་་་»པ། ༣༠ བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ནས་བརྒྱུད་པའི་དཔལ་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༡༣ དེའི་གཏོར་ཟློག་རྡོ་རྗེའི་མེ་ཆར། ༡༧ བཅས་བསྡོམས་ལྡེབ་༼༣༦༣༽བཞུགས། ༈ །གླེགས་བམ་བརྒྱད་པ། ཉ། པ་ལ། ཆོས་དབང་ལུགས་ཀྱི་གུ་རུ་ཞི་བའི་སྒྲུབ་སྐོར་བླ་མ་གསང་བ་འདུས་པའི་ཕྲིན་ལས་བསྙེན་ཐབས་དོན་དབང་དང་བཅས་པ་ལྡེབ། ༣༢ ཚར་ལུགས་ཨོ་རྒྱན་བླ་མའི་རྣལ་འབྱོར་མཆོད་ཆོག་དང་བཅས་པ། ༡༧ གསོལ་འདེབས་བསམ་པར་མྱུར་འགྲུབ་མ། ༡ གུ་རུ་དྲག་དམར་ཉང་ལུགས་འབྲིང་པོ་མེའི་སྤུ་གྲིའི་སྒྲུབ་རྗེས་མན་ངག་དང་བཅས་པའི་སྐོར། ༡༨ འོག་གདོན་ཀླུ་དང་ས་བདག་གི་གཉེན་པོ་རྡོ་རྗེ་ནམ་མཁའ་ལྡིང་གི་སྐོར་ལ། གསེར་ཆོས་ལུགས་ཀྱི་རྡོ་རྗེ་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ། ༡༠ དུས་འཁོར་མན་ངག་ལུགས་ཀྱི་ཁྱུང་ཁྲའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པའི་སྐོར་རྣམས། ༣༨ དེའི་འཁོར་ལོའི་དཔེའུ་རིས། ༢ དུས་འཁོར་ལུགས་ཀྱི་ཡེ་ཤེས་ཁྱུང་ནག་འབྱུང་པོ་འུར་འདེད་ཀྱི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ། ༡༡ རས་ཆུང་ལུགས་ཀྱི་ཁྱུང་ནག་མེ་ཡི་སྤུ་གྲིའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༤ ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་གི་ཐོ་ཡིག་དང་བཅས་པ། ༣ བྱད་ཕུར་རྦོད་གཏོང་གི་གཉེན་པོ་གསེར་ཆོས་ལུགས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་མན་ངག་ཟབ་མོའི་སྐོར། ༣༦ གོང་དཀར་ལུགས་ཀྱི་དཔལ་ས་སྐྱ་པའི་གསེར་ཆོས་མཁའ་འགྲོ་སེང་གདོང་མའི་རྗེས་གནང་ལས་ཚོགས་མངོན་རྟོགས་ཤིན་ཏུ་ཟབ་པའི་གདམས་པ། ༦ སེང་གདོང་སྔོན་མོ་གཙོ་འཁོར་གསུམ་མའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་རྡོ་རྗེའི་སྤྲིན་ཆར། ༨ སེང་
གདོང་རིགས་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ཕྲིན་ལས་རྣམ་རོལ། ༡༠ དེའི་གཏོར་མ་ལ་བརྟེན་ནས་ཕྱིར་ཟློག་པའི་མན་ངག་སྙིང་པོ་དགྲ་བགེགས་དཔུང་འཇོམས། ༡༡ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་བ་རི་ལུགས་ཀྱི་བུམ་ཆོག་བྱད་འགྲོལ་གྱི་ཡི་གེ་ཤེལ་གྱི་སྦུར་ལེན། ༡༠ སེང་གདོང་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་མཁའ་འགྲོ་དགྱེས་པའི་དབྱངས་སྙན། ༩ གཙུག་ཏོར་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས་རྗེས་གནང་གཟུངས་བཀླག་ཐབས་དང་བཅས་པ། ༦ དེའི་སྒོ་ནས་བྱད་འགྲོལ་བྱ་ཚུལ་གསལ་བའི་སྒྲོན་མེ། ༡༢ གདུགས་དཀར་འཁོར་ལོའི་མན་ངག་རྒྱལ་མཚན་འཛུགས་ཆོག་དང་བཅས་«འོག་ཏུ་ཡོད།་་་་་»པ། རྨི་ལམ་ངན་པ་སོགས་གཙོ་བོར་བཟློག་པ་ཆགས་ལུགས་ཁྲོ་རྒྱལ་གཙུག་ཏོར་འབར་བའི་སྒོམ་བཟླས་ཀྱི་མན་ངག་སྲེག་བྱེད་མེའི་འཁོར་ལོ། ༡༡ ཇོ་ལུགས་ཀྱི་མན་ངག་གཙུག་ཏོར་འབར་བའི་གཏོར་མ་ལ་བརྟེན་ནས་ཕྱིར་ཟློག་པའི་གདམས་པ་བར་ཆད་ཀུན་སེལ། ༩ རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་བདུད་བཞིའི་གཡུལ་ལས་རྒྱལ་བྱེད། ༨ གནོད་པ་ཕྱིར་ཟློག་པ་ལ་མཆོག་ཏུ་བསྔགས་པ་ས་ལུགས་བྷ་ཡ་ན་ས་ནིའི་གདམས་ངག་གསལ་བྱེད་དང་བཅས་པ། ༡༡ ཕྱིར་ཟློག་འཁོར་ལོ་འབར་བའི་གཞུང་མན་ངག་དང་«འོག་ཏུ་ཡོད།་་་་་»བཅས་པ། རིང་པོར་འཚོ་བའི་དཔག་བསམ་ཤེས་རབ་ཀྱི་པདྨོ་དར་ལ་བབ་པས་མཛེས་ཤིང་། ཚུལ་གནས་ཐོས་བསམ་སྒོམ་པའི་ཁུར་གྱིས་ལྕི་བ། རང་དོན་གྱི་ཁོ་ལག་ཡོངས་སུ་རྫོགས་པས་གཞན་དོན་ལྷུན་གྱིས་གྲུབ་པའི་གྲིབ་བསིལ་ཉམས་དགའ་བར་གཅིག་ཏུ་ཕན་པ་འབའ་ཞིག་གིས་ཀུན་ནས་བསླངས་ཏེ་རབ་འབྱམས་དབང་གི་ཕྲིན་ལས་ཀྱི་དྲི་བསུང་མངར་པོས་སྲིད་ཞིའི་ལེགས་ཚོགས་དང་། གདུལ་བྱའི་བུང་བ་སྤྲིན་བཞིན་དུ་འདུ་བར་བྱེད་པ་ལྷག་པའི་ལྷའི་སྐོར་ལ། རྗེ་བཙུན་ས་སྐྱ་པ་
ཡབ་སྲས་ཀྱི་ཐུགས་བཅུད། གསེར་ཆོས་ལུགས་ཀྱི་རྗེ་བཙུན་མ་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༡༤ ཌོམྦི་ལུགས་ཀྱི་ཀུ་རུ་ཀུལླེའི་གསང་སྒྲུབ་ལྷ་ལྔའི་བྱིན་རླབས་ཀྱི་ཆོ་ག་གསལ་བའི་སྒྲོན་མེ། ༧ གསེར་ཆོས་ལུགས་ཀྱི་དཔལ་ཚོགས་ཀྱི་བདག་པོ་དམར་ཆེན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༧ གསེར་ཆོས་དཔལ་འདོད་པའི་རྒྱལ་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༡༡ གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་ལས། པཎྜི་ཏ་འབུམ་ཕྲག་གསུམ་པ་དབང་དུ་བསྡུས་པའི་རྗེ་བཙུན་མ་ཀུ་རུ་ཀུལླེ་དཔལ་མོ་སྙིང་གི་གསེར་ཐག་ཅན། ནོར་རྒྱུན་མ་དམར་མོ། ལྷ་མོ་ཏི་ནུ་མ་སྟེ་དམར་ཆུང་སྐོར་གསུམ་དུ་གྲགས་པའི་སྒྲུབ་རྗེས་མན་ངག་དང་བཅས་པ། ༡༧ དབང་གི་ལྷ་མོ་ཏི་ནུ་མའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཡིད་འཕྲོག་ལི་ཁྲིའི་ཆུ་གཏེར། ༥ རྗེ་བཙུན་ས་སྐྱ་པའི་མན་ངག་དབང་གི་སྒྲོལ་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར། ༡༧ བཅས་བསྡོམས་ལྡེབ་༼༣༥༦༽བཞུགས། ༈ །གླེགས་བམ་དགུ་པ། ཏ། པ་ལ། དེ་ལྟར་དབང་དུ་བྱས་པའི་སྐྱེ་དགུ་རྣམས་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱ་བ་དང་། རླབས་ཆེན་བྱ་བ་ལས་ཀྱི་འཁོར་ལོས་རྒྱལ་བའི་གསང་གསུམ་གྱི་རྟེན་དང་། བསྟན་པ་དེར་འཛིན་དང་བཅས་པ་ལོག་འཚོ་བྲལ་བའི་འབྱོར་པའི་དཔལ་གྱིས་མངོན་པར་མཆོད་པའི་སླད་ཕུན་སུམ་ཚོགས་པའི་ནོར་གྱི་ཆར་ཆེན་པོ་རྫོགས་ལྡན་དུས་ཀྱི་སྤྲིན་ཆེན་ལྟར་འབེབས་པའི་ལྷའི་སྐོར་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བདེ་བྱེད་ཀྱི་རྟོག་པ་གསེར་འོད་འབར་བའི་གཟུངས་དང་སྒྲུབ་ཐབས་ལས་ཚོགས་སོགས་རྒྱ་གཞུང་དང་བོད་གཞུང་དགོས་འདོད་ཀུན་འབྱུང་ལ་ལྡེབ། ༡༧ དེའི་སྒྲུབ་ཐབས་གཏོར་ཆོག་དང་བཅས་པ་ལ། ༡༥ ཇོ་བོ་ལུགས་ཀྱི་ཛཾ་བྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔའི་སྒྲུབ་ཐབས་མན་ངག་དང་བཅས་པ། ༤༩ དེའི་གཡང་«འོག་ཏུ་ཡོད།་་་་་»ཆོག དཔལ་གསང་བ་འདུས་པ་ལས་
བྱུང་བའི་གནོད་སྦྱིན་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༨ སྒྲུབ་ཐབས་བརྒྱ་རྩ་ལས་བྱུང་བའི་འཕགས་པ་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༣ གསེར་ཆོས་ཛམྦྷ་ལ་དམར་པོ་སྲོག་སྒྲུབ་ཀྱི་གདམ་པ་རྗེ་ས་ཆེན་གྱི་མན་ངག་དང་། གཉན་ལོའི་ཛམྦྷ་ལ་སུམ་སྒྲིལ་གྱི་མན་ངག་བཅས། ༨ གྲ་མངོན་ལུགས་ཀྱི་ཛམྦྷ་ལ་དམར་པོ་གསུང་གི་སྒྲུབ་པའི་སྐོར། ༡༣ དེའི་གཡང་«འོག་ཏུ་ཡོད།་་་་་»ཆོག དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པའི་ཛམྦྷ་ལ་ལྗང་གུའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ། ༥ པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པའི་སྐོར། ༢༧ སྒྲུབ་ཐབས་བརྒྱ་རྩའི་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༣ རྡོ་རྗེ་གུར་གྱི་རྒྱུད་ནས་གསུངས་པའི་ནོར་རྒྱུན་མ་སེར་མོའི་སྒྲུབ་རྗེས་མན་ངག་དང་བཅས་པ། ༢༡ པཎྜི་ཏ་ཛ་མཱ་རིའི་ལུགས་ཀྱི་འཕགས་མ་ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་མན་ངག་དང་བཅས་པ། ༤ དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ལས་གསུངས་པའི་གནོད་སྦྱིན་ཛམྦྷ་ལ་ཡབ་ཡུམ་དགུའི་སྒྲུབ་ཐབས་མན་ངག་དང་བཅས་པ། ༨ དེའི་རིག་གཏད་དང་གཏེར་བུམ་སྒྲུབ་ཐབས་བཅས། ༧ ལྷ་མོ་དཔལ་ཆེན་མོའི་«འོག་ཏུ་ཡོད།་་་་་»སྐོར། ཚོགས་བདག་དཀར་པོ་ཇོ་བོ་ལུགས་ཀྱི་རྗེས་གནང་། ཇོ་ལུགས་དཔལ་ཚོགས་ཀྱི་བདག་པོ་ཆགས་པའི་རྡོ་རྗེ་གཙོ་འཁོར་བཞིའི་རྗེས་གནང་གི་ཕྱག་བཞེས། ༤ །དཔལ་ས་སྐྱ་པའི་གདམས་པ་ཁྱད་པར་ཅན་ནོར་ལྷ་དབྱུ་གུ་མ་མཆེད་གསུམ་གྱི་མན་ངག་གི་སྐོར། ༢༤ དེའི་སྒྲུབ་ཐབས་རྗེས་གནང་དང་བཅས་«འོག་ཏུ་ཡོད་་་་་་»པ། དེ་ལྟར་དོན་གཉིས་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པས་བསྟན་འགྲོ་མཐའ་ཀླས་པའི་ངལ་འཚོ་ཟླ་མེད་པར་གྱུར་པ་ལ་གེགས་ཀྱི་སྦྱོར་བས་མི་འཁྲུགས་ཤིང་གདུག་པ་ཅན་ཚར་གཅོད་པའི་བསྟན་སྲུང་དབང་པོ་རྣམས་ཀྱི་སྒྲུབ་སྐོར་ཐུན་མོང་བ་མདོ་ཙམ་བཀོད་པ་ལ། ཐོག་མར་ཡི་དམ་དཔལ་ཀྱེ་རྡོ་རྗེ་གཙོ་རྐྱང་གི་བདག་བསྐྱེད། ༣ ལམ་དབང་ལེན་ཐབས། ༡ ངོར་ལུགས་གཏོར་ཆོག་མཛེས་རྒྱན། ༡༢ གནས་ཡོ་
བྱིན་རླབས། ༡ བཤགས་པ། ༢ ཐེག་ཆེན་སྨོན་ལམ། ༡ བཅས་སྔོན་ཏུ་བཏང་ནས། མགོན་པོའི་སྐོར་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་གསུམ་དང་ལྷ་བརྒྱད་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར། ༡༦ དཔལ་མགོན་གདོང་བཞི་པའི་རྒྱ་གཞུང་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་སོགས་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཞལ་ངོར་ལུགས་བསྙེན་དུས་ཀྱི་སྐོར། ༡༡ ཞལ་དཀར་པོ་ཚེ་འཕེལ་གྱི་སྒོ་ནས་འཆི་མེད་སྒྲུབ་པའི་གདམས་ངག་ཟླ་བའི་བདུད་རྩི། ༡༣ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཐུགས་སྒྲུབ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་གཞུང་སོགས་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༡༧ ཕྱག་བཞི་པ་དཀར་པོའི་ཚེ་སྒྲུབ་ཀྱི་གདམས་པ་ཐུན་མོང་མ་ཡིན་«འདི་མ་བྱུང་བས་སླར་འཛུད་དགོས།་་་་་»པ། ༡༥ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༡༥ ལེགས་ལྡན་མཆེད་གསུམ་གྱི་གཏོར་ཆོག་བར་ཆད་ཀུན་སེལ། ༨ བཅས། ལྷ་མོའི་སྐོར་ལ། དུད་སོལ་མ་དང་། རབ་བརྟན་«འོག་ཏུ་ཡོད།་་་་་»མ། ས་ལུགས་དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་ཤར་ཆེན་གསུང་། ༥ ཡང་གཏོར་ཆོག་རྗེས་གནང་དང་བཅས་པ་རྨོར་ཆེན་གསུང་། ༨ བསྟན་སྲུང་སྣ་ཚོགས་སྐོར་ལ། རྭ་ལུགས་ལས་གཤིན་ལྷ་བཅུ་གསུམ་མའི་རྒྱ་གཞུང་སོགས་སྒྲུབ་རྗེས་ལས་ཚོགས་དང་བཅས་པ། ༡༤ ས་ལུགས་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་གཏོར་ཆོག་རྗེས་གནང་དང་བཅས་པ། ༩ ཚར་ལུགས་གནོད་སྦྱིན་བཻཀྩེ་ལྕམ་སྲིང་དང་འབྲེལ་པར་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་གཏོར་དབང་དང་བཅས་པ། ༡༢ དེའི་མངོན་རྟོགས་དང་འབྲེལ་བའི་བེཀྩེའི་གཏོར་ཆོག་རྗེས་གནང་གི་རྩ་བ། ༥ རྗེས་གནང་ལག་ལེན་ཁྲིགས་ཆགས་སུ་བཀོད་པ། ༦ བཅས་བསྡོམས་ལྡེབ་༼༣༥༥༽བཞུགས། ༈ །གླེགས་བམ་བཅུ་པ། ཐ། པ་ལ། ཉེར་མཁོ་སྣ་ཚོགས་པའི་སྐོར་ལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ་ལ་ལྡེབ། ༡༦ ཐང་རྒྱལ་ལུགས་ཀྱི་བླ་མ་རྡོ་རྗེ་འཆང་གི་སྒོམ་ལུང་མཆོད་ཆོག་དང་བཅས་པ། ༡༡ བླ་མ་དོན་
ཡོད་གྲུབ་པའི་མཆོད་ཆོག་བིལྦའི་སྙེ་མ། ༩ བླ་མ་རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བཤགས་སྦྱོང་གི་ཡི་གེ་གི་ཝཾ་གི་ཐིག་ལེ། ༡༠ ཡི་དམ་རབ་འབྱམས་ཀྱི་སྒྲུབ་ཐབས་དངོས་གྲུབ་འདོད་འཇོ་ ༣༥ དང་། རྒྱུན་ཁྱེར་བསྡུས་པ་དངོས་གྲུབ་སྙིང་«འདི་གཉིས་མ་བྱུང་།་་་་་»པོ། ༡༥ གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་རྗེས་གནང་སོགས་ཀྱི་སྔོན་འགྲོའི་ཆོས་ཀྱི་གཏམ་དུ་བྱ་བ་གཞན་ཕན་རབ་སྟེར། ༡༤ ཆོས་འཆད་ཉན་བྱ་ཚུལ་དང་དབང་བསྐུར་རྗེས་གནང་སོགས་ཀྱི་རྣམ་དབྱེ་བློ་དམན་ཉམས་དགའ། ༡༨ ཡན་ལག་བདུན་པའི་ཆོ་ག་ཆོས་དང་བསོད་ནམས་རྒྱས་བྱེད། ༡༤ ཆོས་སྤྱོད་ཉེར་མཁོ་ཡན་ལག་ཉི་ཤུ་པ་ཡིད་བཞིན་ནོར་བུའི་ཐེམ་སྐས། ༤༨ གཟུངས་སྔགས་བྱིན་རླབས་ཅན་འདོན་ཐབས་དང་བཅས་པ་ཡིད་བཞིན་ནོར་བུའི་སྙིང་པོ། ༡༦ མཆོད་སྦྱིན་ཚོགས་གསོག་གི་རིམ་པ་ཡིད་བཞིན་ནོར་བུའི་རྒྱ་མཚོ། ༡༨ རྒྱུད་སྡེ་བཞིའི་བསྙེན་པའི་ཡི་གེ་སྤྱི་འགྲོ་དངོས་གྲུབ་རིན་པོ་ཆེའི་འབྱུང་གནས། ༡༤ ཡི་དམ་མཁའ་འགྲོ་ཆོས་སྐྱོང་རབ་འབྱམས་ཀྱི་གཏོར་ཆོག་སྐོར་ཕྲིན་ལས་འདོད་འཇོ། ༢༤ ལྷའི་རྣལ་འབྱོར་ཕལ་མོ་ཆེ་ལ་སྦྱར་རུང་སྲེག་བླུགས་ཀྱི་ཆོ་གའི་ཁོག་ཕུབ་ངག་འདོན་བཅས་རིན་ཆེན་གསེར་གྱི་ཕྲ་མིག ༡༥ སྦྱིན་སྲེག་བསྡུས་པ་ཕྲིན་ལས་རིན་པོ་ཆེའི་འབྱུང་གནས། ༧ རབ་ཏུ་གནས་པའི་མདོར་བསྡུས་པ་བཀྲ་ཤིས་རྫོགས་ལྡན་གྱི་སྤྲིན་ཕུང་། ༣༠ རབ་གནས་མདོར་བསྡུས་དགེ་ལེགས་རིན་པོ་ཆེའི་འབྱུང་གནས། ༧ སཱཙྪ་འདེབས་པའི་ཆོ་ག་དགེ་ཚོགས་རྒྱ་མཚོ་འཕེལ་བའི་ཟླ་བ། ༦ ལྷག་པའི་ལྷ་རབ་འབྱམས་ལ་སྦྱར་དུ་རུང་བའི་མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོ། ༡༡ ཚོགས་མཆོད་བསོད་ནམས་རྒྱ་མཚོ། ༡༡ གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་མ་ཎི་རིལ་སྒྲུབ་གཞན་ཕན་ཀུན་ཁྱབ། ༧ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་བརྟེན་ནས་རང་གཞན་གྱི་དོན་བྱ་ཚུལ་ཕན་བདེའི་མྱུར་ལམ། ༡༡ དེའི་ཕྱག་འཚལ། ༢ དེའི་ལྷན་«མ་བྱུང་།་་་་་»ཐབས། ༥ བླ་མ་དམ་པའི་གདུང་མཆོད་དང་ཕལ་པར་ལྷོ་སྒོའི་སྒོ་ནས་ཕན་གདགས་པའི་ཆོ་ག་
གཞན་ཕན་འོད་སྣང་། ༢༠ ཚེ་སྒྲུབ་ཀྱི་ཆོ་ག་སོགས་ཉེར་མཁོ་ཕན་བདེའི་སྤྲིན་ཕུང་། ༡༠ འཆི་མེད་བཅུད་ལེན་གྱི་མན་ངག་བཀྲ་ཤིས་ཞོའི་སྙིང་པོ། ༩ བཅས་བསྡོམས་ལྡེབ་༼༣༥༩༽བཞུགས། ༈ །གླེགས་བམ་བཅུ་གཅིག་པ། ད། པ་ལ། གཙུག་ཏོར་གདུགས་དཀར་ཅན་གྱི་འཁོར་ལོ་བྲི་ཐབས་རྒྱལ་མཚན་འཛུགས་པའི་ཆོ་ག་དང་བཅས་པ་རིག་སྔགས་གྲུབ་པ་ནོར་བུའི་སྙིང་པོ། ༣༡ ས་སྙིང་བརྟན་མ་སྦྲགས་སྒྲུབ་ཀྱི་བུམ་གཏེར་སྒྲུབ་ཚུལ་ཕན་བདེའི་ཡང་སྙིང་། ༩ ལས་ཀྱི་ཚོགས་ཉེར་མཁོ་གཅེས་བཏུས་དངོས་གྲུབ་རིན་པོ་ཆེའི་རྒྱ་མཚོ། ༡༦ གྲུབ་ཆེན་ཛ་ཧཱ་བཱི་རའི་བཅུད་ལེན་གྱི་གདམས་པ་ཉེ་བརྒྱུད་སྙིང་པོ། ༧ དཔལ་ས་སྐྱ་པའི་མན་ངག་ལས་བརྒྱུད་པའི་སྦྱིན་སྲེག་བསྡུས་པའི་སྐོར། ༧ ཁྲོ་ཕུ་བའི་མན་ངག་བརྒྱ་རྩ་དང་། ༨ དཔལ་སྟག་ལུང་པའི་མན་ངག་ཟབ་མོ་ལས་ཅུང་ཟད་བཏུས་པ། ༡༣ གྲུབ་ཆེན་ཁྱུང་པོའི་མགུར་བརྒྱད་དང་བཀའ་རྒྱ་མ་བཞི་བཅས། ༧ དེ་ནས་ཐ་མར་དགེ་བའི་ལས་ཀྱི་ལྷ་གསུམ་ལ་རྣམ་སྲས་དཀར་པོ་ཚེ་འཕེལ་གྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ། ༨ དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ་མགོན་དཀར་ཡིད་བཞིན་ནོར་བུའི་སྐོར། ༥༤ དེའི་གཏེར་བུམ་སྒྲུབ་ཐབས་བཀླགས་«མ་བྱུང་་་་་་»ཆོག ཤངས་ལུགས་མགོན་དཀར་ཡིད་བཞིན་ནོར་བུའི་བུམ་པའི་བརྟེན་ནས་ཕྱྭ་གཡང་འགུགས་པའི་ཆོ་ག་རིན་ཆེན་དོན་ཡོད་ཞགས་པ། ༡༧ བཀྲ་ཤིས་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པའི་སྐོར། ༡༨ དེའི་ཕྲིན་ལས་ལ་བརྟེན་ནས་ཚེ་གཡང་སྒྲུབ་པའི་ཆོ་ག་བཀྲ་ཤིས་གཏེར་མཛོད། ༡༢ བསྔོ་སྨོན་ཤིས་བརྗོད་དང་བཅས་པའི་སྐོར་དགེ་ལེགས་བཀྲ་ཤིས་ཆར་འབེབས། ༡༧ སྒྲུབ་ཐབས་ཀུན་ལས་བཏུས་པའི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གངྒཱའི་ཀླུང་ཆེན། ༡༠༢ དཀར་ཆག་གི་ཡི་གེ་བཀྲ་ཤིས་གྲུབ་པའི་ཆུ་གཏེར། ༢༨ བཅས་བསྡོམས་ལྡེབ་༼༣༤༤༽བཞུགས། ༈ །གླེགས་བམ་བཅུ་གཉིས་པ། ན། པ་ལ། ཁ་སྐོང་གསར་བཅུག་སྐོར། སྒྲུབ་ཐབས་བརྒྱ་རྩའི་རྒ་
གཞུང་ལྡེབ། ༦༧ སྒྲུབ་ཐབས་སོ་སོའི་ཡིག་སྣ། ༤༧ དེའི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པའི་ཐོ་ཡིག་མུན་སེལ་སྒྲོན་མེ། ༢༦ བརྒྱུད་འདེབས། ༢ དབང་དང་རྗེས་གནང་ལ་སོགས་པའི་གོང་དུ་གླེང་བར་འོས་པའི་ཆོས་གཏམ་དབྱར་གྱི་རྔ་གསར། ༧ སངས་རྒྱས་དཔའ་བོ་བདུན་གྱི་སྒྲུབ་ཐབས་ཆོ་ག་རིག་གཏད་དང་བཅས་པ་ངོ་མཚར་ཨུ་དུམྦཱ་རའི་འཁྲི་ཤིང་། ༡༠ ཐུབ་དབང་ཉེ་སྲས་བརྒྱད་ཀྱི་སྒོམ་བཟླས་དང་ལུང་འབོགས་ཚུལ་བྱང་ཆུབ་སྤྱོད་པའི་ཤིང་རྟ། ༩ ཉེ་བའི་སྲས་བརྒྱད་འཁོར་དང་བཅས་པ་དཀྱིལ་འཁོར་གཅིག་ཏུ་མཆོད་ཅིང་བསགས་སྦྱོང་བྱ་བའི་ཆོ་ག་རྒྱལ་སྲས་དགྱེས་པའི་ལམ་འཇུག ༢༠ ཐུབ་བསྟོད་སེམས་བརྩེ་མ། ༡ ཐུབ་དབང་ཉེ་སྲས་བརྒྱད་ཀྱི་མཚན་བརྒྱའི་བསྟོད་པ་གཟུངས་སྔགས་དང་བཅས་པ། ༢༧ ཉེ་བའི་སྲས་ཆེན་བརྒྱད་ཀྱི་རྣམ་ཐར་ལ་བསྔགས་པ་བསྟོད་ཆེན་རྒྱ་མཚོ་རྣམ་བརྒྱད། ༢༣ འབྲི་གུང་བླ་མེད་ལྷན་སྐྱེས་རྣམ་བཞིའི་སྒྲུབ་ཐབས་རྫོགས་པའི་རྣལ་འབྱོར། ༡༤ བླ་མེད་ལྷན་སྐྱེས་རྣམ་བཞིའི་རྫོགས་རིམ་སྙིང་པོ་དོན་གྱི་ཕྲེང་བ། ༢༡ དཔལ་གསང་བ་འདུས་པའི་སྔགས་བཏུའི་བྱིན་རླབས་བྱ་ཚུལ་མཆོག་ཐུན་དངོས་གྲུབ་ཀྱི་བང་མཛོད། ༨ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྔགས་བཏུའི་རྗེས་གནང་། ༥ དཔལ་འཁོར་ལོ་སྡོམ་པ་རིན་ཆེན་བཞིའི་སྔགས་བཏུའི་བྱིན་རླབས་བྱ་ཚུལ་ལེགས་བཤད་གསེར་གྱི་ཐུར་མ། ༩ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་གནས་གསུམ་མཁའ་འགྲོའི་སྙིང་ཏིག ༤ བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་དང་། ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་རྒྱ་གཞུང་དང་། འཆི་མེད་རོལ་མོ་རྣམ་གསུམ་གྱི་བསྟོད་རིང་བཅས། ༡༩ དེའི་བླ་མའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསེང་ལམ། ༣ འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ། ༨ ཚེ་ལྷ་རྣམ་གསུམ་དྲིལ་སྒྲུབ་ཀྱི་རྗེས་སུ་གནང་བའི་ཆོ་ག་འཆི་མེད་རྟག་པའི་ཐིག་ལེ། ༩ པཎ་ཆེན་ཤཱཀྱ་ཤྲཱིའི་བདེ་མཆོག་དཀར་པོ་བྱང་ཆུབ་སྒྲུབ་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ། དེའི་ཚེ་སྒྲུབ་བཅས། ༧ སྒྲུབ་ཐབས་རྒྱ་མཚོ་ནས་བཤད་
པའི་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པའི་ཐོ་ཡིག་དོན་འགྲེལ་འདོད་རྒུའི་ལྗོན་ཤིང་རིན་པོ་ཆེའི་སྙེ་མ། ༧༦ བཅས་བསྡོམས་ལྡེབ་༼༤༣༣༽བཞུགས། ༈ །གླེགས་བམ་བཅུ་གསུམ་པ། པ། པ་ལ། རིགས་གསུམ་སྤྱིའི་རྗེས་གནང་གི་ཆོ་ག་སྲིད་ཞིའི་དགེ་ལེགས་ལྷུན་གྲུབ་ལྡེབ། ༡༠ དགེ་ལུགས་སྔགས་ཆེན་གྱི་ཡིག་ཆ་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ༧ སྲད་རྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་གྱི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ། ༡༦ དཔལ་ཁྲག་འཐུང་ཡང་དག་གི་ཧཱུྃ་ཀ་རའི་རྒྱ་གཞུང་། ༣ ཡང་དག་ཧེ་རུ་ཀ་ཟླ་གམ་གཅིག་མའི་བསྙེན་པ་དང་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཡི་གེ་ཐུགས་ཀྱི་ཐིག་ལེ་སྦྱིན་སྲེག་བཅས། ༡༤ དོན་དབང་གྲུབ་གཉིས་འདོད་འཇོའི་བསྙེན་ཐབས་དང་བཅས་པ། ༡༤ འཁོན་ལུགས་རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་སྒྲུབ་སྐོར་བསྙེན་སྒྲུབ་ཀྱི་ཡི་གེ་བཅས། ༢༢ རྒྱུན་གྱི་ཉམས་ལེན་ཐུགས་ཀྱི་ཐིག་ལེ་བརྒྱུད་འདེབས་གཏོར་དབང་ཡང་ཕུར་ཁྲིད་དང་བཅས་པ། ༩ བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་གཏོར་ཆོག་རྗེས་གནང་གི་ཡི་གེ། ༦ རྙིང་ལུགས་གཏེར་ཁ་གོང་འོག་གི་བརྒྱུད་འདེབས་མདོར་བསྡུས་གསུང་རྒྱུན་མ། ༡ གསོལ་འདེབས་བསམ་པ་ལྷུན་གྲུབ། ༢ བླ་མ་གསང་བ་འདུས་པའི་བྱིན་རླབས་གཏོར་མའི་དབང་བསྐུར། ༥ ཉང་ལུགས་གུར་དྲག་གི་གཏོར་ཟློག་དགྲ་བགེགས་དཔུང་འཇོམས། ༡༧ ཆོས་དབང་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་གཞུང་སྒྲུབ་ཐབས་དབང་ཆོག་དང་བཅས་པ། ༢༡ རིགས་ལྔའི་བུམ་སྒྲུབ། ༡ གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་རྟ་མགྲིན་ལས་ཚོགས་བརྒྱ་རྩ་བརྒྱད་པ། ༩ སྲི་ཟློག་འཁོར་ལོ་འབར་བའི་གཞུང་མན་ངག་དང་བཅས་པ། ༡༣ ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་སྒོམ་ལུང་མན་ངག་གཡང་སྐྱབས་དང་བཅས་པའི་སྐོར། ༢༡ དབྱུ་གུ་མཆེད་གསུམ་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུའི་ཟ་མ་ཏོག་རྗེས་གནང་དཔེའུ་རིས་དང་བཅས་པ། ༨ ལྷ་མོ་ཤྲ་མ་ཎའི་སྒྲུབ་ཚུལ་ཤེལ་དཀར་
མེ་ལོང་། ༤ སོར་འབྲང་མའི་བྱིས་པ་སྲུང་བའི་འཁོར་ལོ། སྤྱི་ཁྱབ་འཁོར་ལོའི་མན་ངག་རབ་གནས་བཅས། ༤ ཆོས་སྤྱོད་ཉམས་ལེན་གྱི་རིམ་པ་རབ་ཏུ་གསལ་བ། ༡༠ ཉེར་མཁོའི་ཆོས་སྤྱོད་མཛེས་རྒྱན་ནོར་བུའི་སྙིང་པོ། ༤༥ རབ་གནས་ཡོན་བསྒོའི་བཤད་པ་ལེགས་བཤད་འོད་ཀྱི་སྙེ་མ། ༦ གྲོལ་བྱེད་ཁྲིད་ཀྱི་གདམས་སྐོར་མཚོན་ཙམ་ལ་ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་གཙོས་དཔལ་མོ་ལུགས། ཟླ་རྒྱལ་ལུགས། སྐྱེར་སྒང་ལུགས། རྒྱལ་པོ་ལུགས་བཅས་སོ་སོའི་བརྒྱུད་འདེབས་ཉམས་ལེན་མདོར་བསྡུས། ༢ ལྕགས་ཟམ་ལུགས་ཀྱི་ཐང་རྒྱལ་ཚེ་སྒྲུབ་སྒྲུབ་ཐབས་དབང་ཆོག་དང་བཅས་པ། ༡༦ ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་སྙན་བརྒྱུད་ལས་བྱུང་བའི་ཚེ་སྒྲུབ་དབང་ཆོག་དོན་གསལ་སྒྲོན་མེ། ༡༣ སྟག་ལུང་ལུགས་ཀྱི་གྲུབ་རྒྱལ་ཚེ་སྒྲུབ་ལོངས་སྐུ་དང་སྤྲུལ་སྐུའི་དབང་ཆོག་འཆི་མེད་གྲུབ་པའི་ཟིལ་དངར། ༩ ཀུན་རིག་ལ་བརྟེན་པའི་རབ་གནས་འབྲིང་པོའི་ཆོ་ག་ཕྲིན་ལས་རྒྱས་«འདི་རྒྱུད་སྡེའི་ཡན་ལག་ཏུ་གཏོགས་ཀྱང་། རབ་གནས་འབྲིང་པོའི་ལག་ལེན་ཤེས་པ་དང་། ཉེར་མཁོའི་ཆེད་དུ་བཀོད།་་་་་»བྱེད། ༡༣ ཇོ་བོ་ཆེན་པོ་གྲོང་ཁྱེར་སྒོལ་བའི་འཁོར་ལོ་བྲི་ཡིག ༥ དཔལ་སྣར་ཐང་པའི་མངོན་རྟོགས་བརྒྱ་རྩ། ༥༤ སྣར་ཐང་བརྒྱ་རྩ་ལས་བྱུང་བའི་ཡི་དམ་ལྷ་ཚོགས་རྣམས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་འདོད་འཇོའི་བ་མོ། ༧༩ བཅས་བསྡོམས་ལྡེབ་༼༤༣༩༽བཞུགས། ༈ །གླེགས་བམ་བཅུ་བཞི་པ། ཤྲཱིཿཔ་ལ། འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ལོ་རྒྱུས། ༦༢ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་དོ་ཧ། ༧ གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་དོ་ཧ་འགྲེལ་བཅས། ༤༨ པཎྜི་ཏ་མི་འཇིགས་པ་སྦྱིན་པ་དཔལ་གྱིས་བསྒྲིགས་པ། དེའི་བྱིན་རླབས་བྱ་ཚུལ་གསལ་བར་བཀོད་པ་མཆོག་གི་བྱིན་རླབས་ཡེ་ཤེས་བཅུད་སྦྱིན། ༢༤ ལྷན་ཐབས་མཐོང་བས་དོན་རྟོགས། ༨ བཅས་འབྲུག་ལུགས། ས་ལུགས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྗེས་གནང་བྱ་ཚུལ། ༡༥ གོང་ཆོས་སྲུང་གི་རྗེས་འབྲེལ་གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་མགོན་སྤྲིན་ཞབས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཉེ་བརྒྱུད་ཐུན་མོང་མ་ཡིན་པ། ༦ ཐང་རྒྱལ་ལུགས་ཀྱི་བྲམ་ནག་ཤན་པ་དྲུག་བསྐོར། ༧ དཔལ་མགོན་ལེགས་
ལྡན་སྟག་ཞོན་འཁོར་དང་བཅས་པའི་གཏོར་ཆོག་སྐོང་བ་རྗེས་གནང་དང་བཅས་པ། ༡༢ མགོན་པོ་བིང་དམར་གྱི་གཏོར་ཆོག་སྐོང་བ་རྗེས་གནང་དང་བཅས་པ། ༦ རྔོག་ལུགས་དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་དུད་སོལ་མའི་ཕྱི་སྒྲུབ་ཀྱི་གཞུང་རྗེས་གནང་གཏོར་ཆོག་སྐོང་བ་དང་བཅས་པ། ༢༡ དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཐུན་མོང་བ། ༤ ངོར་ལུགས་པུ་ཏྲ་མིང་སྲིང་གི་རྗེས་གནང་། ༤ དཔལ་དུར་ཁྲོད་ཀྱི་བདག་པོའི་རྒྱུད་གསང་བ་སྙིང་གི་འཁོར་«བེའུ་བུམ་དུ་བསྐྱར་བལྡབ་འབྱུང་བ་རྣམས་མ་བྲིས་པས་ལུང་རྒྱུན་སྐབས་བསབ།་་་་་»ལོ། ༢༡ དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་བསྙེན་སྒྲུབ་གསལ་བར་བྱེད་པའི་གཏམ་གྱི་རྒྱུད་མང་། ༧ དགེ་ལུགས་དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་སྦྱིན་སྲེག་བཅས། ༡༢ འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་གཏོར་ཆོག ༡༩ སྲོག་བདག་དམར་པོའི་དྲག་སྔགས་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད་དང་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་བཅས། ༡༠ ནོར་ལྷའི་རྗེས་འབྲེལ་ཇོ་ལུགས་ཛམ་དཀར་ལྷ་ལྔའི་ཕྱྭ་གཡང་འགུགས་པའི་ཆོ་ག་འདོད་དགུའི་ཆར་འབེབས། ༡༧ མགོན་པོ་ཛམྦྷ་ལ་དམར་པོའི་ཕྱྭ་གཡང་འགུགས་པའི་ཆོ་ག་པདྨ་རཱ་གའི་ལྕགས་ཀྱུ། ༩ བསྔོ་སྨོན་བཀྲ་ཤིས། ༦ བཅས་བསྡོམས་༼༣༢༧༽བཞུགས། དེ་ལྟར་དཀར་ཆག་རྩ་བ་དང་ཡན་ལག་གིས་ཟིན་པའི་རིགས་གོང་དུ་སོང་བ་རྣམས་ལས་ཀུན་རིག་རབ་གནས་དང་། གྲོང་ཁྱེར་སྒྲོལ་འཁོར་གཉིས་ཀྱི་ལུང་ལག་ལེན་བཙལ་དགོས་ཡོད་ཅིང་། སྐབས་འདིར་འཁོད་མ་ཐུབ་པ་ཆོས་སྡེ་འདིར་བཞུགས་སུ་འོས་པ་གཞན། ཚེ་རིང་མཆེད་ལྔའི་གཡང་སྐྱབས་ལ་དགོས་པའི་ལས་བྱང་། བདེ་མཆོག་དཀར་པོའི་ཁྲིད་ཡིག་དཔྱལ་ཨ་མོ་གྷའི་ཡིག་ཆ། ཀར་ལུགས་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་སྒྲུབ་ཐབས་རྒྱུན་ཁྱེར་བསྟོད་པ་བཅས། ཇོ་ལུགས་འཇིགས་བྱེད་དྲུག་ཅུ་པའི་ཆོ་ག་བསྡུས་པ། དགེ་ལུགས་བདེ་སྨོན་ཞིང་མཆོག་སྒོ་འབྱེད་ལ་བརྟེན་པའི་འོད་ཆོག རྙིང་ལུགས་རྡོ་རྗེ་སྡེར་མོའི་སྒྲུབ་ཐབས་
སོགས་དང་། རྗེ་བླ་མས་གསར་སྤེལ་འཕགས་པ་ནོར་བུ་རྒྱས་པའི་གཞལ་མེད་ཁང་གཟུངས་ཀྱི་མན་ངག དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་བརྟེན་པའི་སྡིག་སྦྱོང་། གསར་དུ་བསྒྲིགས་བཞེད་མངོན་དགའི་ཞིང་སྒྲུབ་སྨོན་ལམ་བཅས། འཕོ་བའི་གདམས་སྐོར་རྣམས་དང་། བཀའ་རྒྱ་མའི་སྐོར། ཚེ་སྒྲུབ་ཞག་བདུན་མའི་མན་ངག་ཐུན་མིན། བོ་དོང་ལུགས་ཀྱི་སེང་གདོང་མ་བཀའ་བཅུའི་མངོན་རྟོགས་རྗེས་གནང་། ཚོགས་བདག་སྤྲེལ་གདོང་། གནོད་སྦྱིན་ཨ་པ་རཱ་ཛི་ཏ། སེང་གདོང་མའི་ལས་ཚོགས་ཉེར་བཞི་པ། རླུང་འཁོར་ཡང་ཟློག་སོགས་དང་། རྣམ་སྲས་རྟ་བདག་བརྒྱད་ཀྱི་གཡང་ཆོག་སོགས་སྣང་ཡང་རེ་ཞིག་ཡུལ་དུས་གང་ཟག་གི་བབ་ལས་སྨོན་པའི་ཡུལ་དུ་གྱུར་པ་འདི་དག་དང་། གོང་སོ་སོར་མཆན་གྱིས་གསལ་བ་རྣམས་བཅས་བསྟན་པ་ཡལ་བར་མི་འདོར་ཞིང་ཟབ་ཆོས་རིན་པོ་ཆེ་དཀོན་ལ་རིན་ཐང་ཆེ་བར་མཁྱེན་པ་རྣམས་ཀྱིས་ཆོག་ཤེས་མི་བྱ་བར་འབད་པས་བཙལ་བར་གསོལ་བ་གདབ་རྒྱུ་དང་། སྒྲུབ་ཐབས་འདི་དང་འབྲེལ་བའི་ཁྲིད་ཆུང་སྐོར་ཐུགས་ཆེན་དམར་ཁྲིད་གོང་དུ་བཀོད་ལྟར་གྱི་གྲས་བདེ་གསང་གཤེད་སྐོར་གྱི་དམར་ཁྲིད་སོགས་རྒྱུད་སྒྲུབ་ཐབས་ཀྱི་རྣམ་དབྱེ་ཕྱེད་པས་འོས་ཤིང་འཐད་ལ་རྒྱུན་མ་ཉམས་པ་རྣམས་སྟབས་སུ་འཆད་ཉན་མཛད་པ་བྱུང་ན་བླ་མ་རྡོ་རྗེ་འཆང་གི་དགོངས་བཞེད་དུ་གནས་ཚུལ་བདེན་པའི་གསུང་ལས་མཐོང་བས་ན་འཆད་ཉན་མཛད་པའི་བླ་སློབ་རྣམས་ཀྱི་མཁྱེན་དབྱིངས་སུ་འཇུག་པ་ཅིས་ཀྱང་ཞུ། དེ་ལྟ་བུའི་ལྷག་པའི་ལྷ་མཆོག་མང་པོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་དགོས་འབྱུང་ནོར་བུའི་གཏེར་གྱིས་གཏམས་པའི་ཆུ་གཏེར་ཆེན་པོའི་འཇིངས་ལས་འོངས་པའི་ལེགས་བཤད་བདུད་རྩིའི་ཀླུང་རྒྱུན་དངོས་གྲུབ་ཀྱི་རླབས་ཕྲེང་ཆིལ་ཆིལ་གཡོ་བའི་བཞུགས་བྱང་གི་ཡི་གེ་རིས་གསལ་བར་བཀོད་གྲུབ་བོ།། །།ཨོཾ་སྭ་སྟི་སིདྡྷིརྦྷ་བནྟུ། གང་ཞིག་སྔ་ན་མེད་པའི་རྨད་ཅིག་སྟོན་ཟླ་གསར་པའི་ལང་ཚོ་ངོམ་བཞིན་ཏུ། །སྙིགས་དུས་སྨག་རུམ་ཤིན་ཏུ་སྟུག་པོར་ཐུགས་བསྐྱེད་ཤིང་རྟས་དྲངས་ཏེ་སྤྲིན་མཐོང་བདུད་རྩིའི་ཟེར། །སྐལ་དམན་འགྲོ་བའི་ཆུ་
སྐྱེས་བཞིན་རས་ཟུམ་ཡང་བློ་ལྡན་ཀུནྡའི་འདབ་བཀྲོལ་བ། །ནམ་མཁའི་ནོར་བུ་དེས་ཀྱང་ཕྱོགས་ཙམ་མི་མཚོན་གྲུབ་གཉིས་ཟིལ་མངར་འཇོ་བའི་དཔྱིད། །སྙིགས་དུས་བསྟན་འཛིན་ཆེན་པོར་གྲགས་རྣམས་ཟང་ཟིང་ཉིད་ལ་སྐྱབས་སུ་བཅོལ། །དཔྱོད་ལྡན་མཁས་པ་ཕྱོགས་རྣམས་ཡིད་ཀྱི་ཟུར་ལ་མ་ཤར་བ། །ཨུ་དུམྦཱ་རའི་སྤུན་ཟླར་སོང་བའི་ཆོས་གཏེར་མཆོག་འདིས་ནི། །རིང་ལུགས་ཉམས་པ་གསོས་ཤིང་སྨིན་གྲོལ་ཆུ་སྲོལ་འགྲིབ་བྲལ་བྱས། །སྒྲུབ་ཐབས་ལན་ཚྭ་ཀུན་ལ་ཟིམ་ཡང་དོན་གནད་རོ་ནུས་བྲལ། །ཉུང་ངུ་རྣམ་གསལ་ཡང་དག་རྫོགས་འདིས་སྒྲུབ་ལ་དངོས་གྲུབ་འཇོ། །ལི་ཤིའི་དྲི་བསུང་ཁ་ནས་འཐུལ་བའི་ཟླ་བཞིན་འཛུམ་རླབས་ཀྱིས། །གཞོན་ནུའི་སྙིང་གི་དཔྱིད་ཐིག་འབྱེད་ལ་སྟབས་སུ་ལྷག་པ་བཞིན། །རྒྱལ་བའི་མཛད་པ་དང་མཚུངས་འགྲོ་མང་རྣམས། །རྒྱལ་སར་འགོད་བྱེད་བྱང་ཆུབ་སྤྱོད་པའི་ཤེས། །འདིས་ཀྱང་སྙིང་པོའི་བསྟན་ལ་རི་མོ་ནི། །ཤིང་རྟ་འདྲེན་བྱེད་རྣམས་ཀྱི་ཟླ་བོར་མཛད། །དང་བ་ཆེན་པོས་དོན་དུ་གཉེར་བ་དང་། །བརྩོན་འགྲུས་ཆེན་པོས་ཉམས་སུ་ལེན་བརྩོན་ན། །རིང་པོར་མི་ཐོགས་དོན་གཉིས་ལྷུན་གྲུབ་ཀྱི། །རྒྱལ་སྲིད་ཆེན་པོ་བདག་གིར་བྱེད་པར་ངེས། །རྣམ་དཀར་བླ་ན་མེད་པ་འདི་ཡི་མཐུས། །རིས་སུ་མ་ཆད་རྒྱལ་བསྟན་ཀུན་ནས་རྒྱས། །བསྟན་པ་སྐྱོང་རྣམས་ཞབས་བརྟན་མཛད་ཕྲིན་འཕེལ། །ཡུན་ཏུ་མི་ཉམས་བཤད་སྒྲུབ་འཕེལ་གྱུར་ཅིག །གོང་མ་སྤྱི་དང་ཁྱད་པར་ཀུན་མཁྱེན་རྗེའི། །ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས། །བདག་ཅག་རྣམས་ཀྱང་མཐོ་རིས་ཡོན་ཏན་ཆོས། །བདུན་ལྡན་དཔལ་གྱིས་རྟག་ཏུ་འཁྱུད་གྱུར་ཅིག །ཟབ་གསང་རྒྱུན་བཟང་དགུན་གྱི་ཆུ་བྲན་ལྟར། །ཆད་དང་ཕྲ་དང་ཉམས་པར་གྱུར་པ་ཀུན། །གཞུང་མཆོག་འདི་མཐུས་དབྱར་གྱི་ཆུ་གཏེར་ལྟར། །གོང་ནས་གོང་འཕེལ་རྒྱུན་མི་ཆད་པར་ཤོག །རྒྱུ་མཚན་ཤེས་ནས་དད་པའི་མིག་བྱེ་སྟེ། །སྨིན་གྲོལ་རྒྱུན་བཟང་སྐོམ་པ་ཆུ་བསིལ་ལྟར། །དོན་ཏུ་གཉེར་ལ་ཤིན་ཏུ་རིངས་པ་དང་། །ཉམས་བླངས་ཐར་པའི་སྲོག་རྩ་རབ་བརྟན་ཤོག །འདི་ཉིད་ཡི་གེའི་ཕྱི་མོར་སྐྲུན་བྱེད་པའི། །འབྲི་རྐོས་
དག་སྡེབ་ཡོན་སྦྱོར་མཁན་རྣམས་ཀྱང་། །ཚེ་འདིར་བདུད་བགེགས་གཡུལ་ལས་རྣམ་པར་རྒྱལ། །བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག་གྱུར་ཅིག །སྐྱེ་ཀུན་ཁྱབ་བདག་བླ་མས་རྗེས་སུ་བཟུང་། །མཉེས་པ་གསུམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས། །གང་གི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་། །མཉམ་པ་ཉིད་དུ་ཆོས་ཀྱི་རྒྱལ་པོར་ཤོག །འདི་ཉིད་གང་དུ་བཞུགས་པའི་ཡུལ་ཁམས་སུ། །སྙིགས་མའི་རྣམ་འགྱུར་ལྷ་མིན་བདུད་དཔུང་གི། །གཟི་བྱིན་ནག་ཕྱོགས་ཟླ་དང་ལྷན་ཅིག་ཉམས། །དགེ་ལེགས་རྫོགས་ལྡན་སྤྲིན་ཆེན་འཁྲིགས་པར་ཤོག །དཀོན་མཆོག་རྩ་གསུམ་བདེན་སྟོབས་ནམ་ཡང་བསླུ་བ་མེད་པ་དང་། །སྐྱབས་ཀུན་འདུས་ཞལ་འཁོར་ལོའི་མགོན་པོའི་ཐུགས་བསྐྱེད་སྨོན་ལམ་མཐུས། །ལྷག་བསམ་དག་པའི་སྨོན་ཚིག་དཔག་བསམ་ལྗོན་པའི་སྡོང་པོ་ལ། །རེ་འབྲས་ཁུར་གྱིས་ལྕི་བས་བསམ་དོན་ཡོངས་གྲུབ་བཀྲ་ཤིས་ཤོག །ཅེས་པ་འདི་ནི་གཙུག་ལག་ཟུང་གི་མཁྱེན་དཔྱོད་ཕུན་སུམ་ཚོགས་པ་རྗེ་དཔོན་སྐལ་བཟང་རྡོ་རྗེ་དང་རྗེ་བླ་མ་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་གྱི་སྐྱབས་འོག་ཏུ་ཆུད་པ་ལས་མཉེས་པ་གསུམ་གྱི་ཞབས་ཏོག་ཕུལ་དུ་ཕྱིན་པར་གྲུབ་པས་ཐུགས་ཟིན་གྱི་སྲས་སློབ་མཆོག་ཏུ་གྱུར་པ་ཚེ་རིང་བཀྲ་ཤིས་ཟུང་ནས་གཞུང་དངོས་ལ་ཞལ་སྐོང་དང་སྤར་གྱི་འཕྲོས་རྣམས་གསར་དུ་བསྐྲུན་པའི་བརྩོན་པ་དང་གཏོང་སྒོ་རྒྱ་ཆེར་སྤེལ་བའི་སྐབས་རིན་ཆེན་དང་པོའི་གནང་སྐྱེས་བཅས་གསུང་སྐུལ་མཛད་པ་དོན་ཡོད་པར་བྱ་བའི་ཕྱིར་ཀུན་མཁྱེན་བླ་མ་རིན་པོ་ཆེའི་བཀའ་སློབ་ཐ་ཤལ་བའི་གྲས་སུ་གཏོགས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་རྒྱལ་སྲས་བློ་གྲོས་མཐའ་ཡས་སུ་འབོད་པས་རང་ལོ་གྱ་བདུན་པར་དབང་པོ་དང་བློ་གྲོས་མི་གསལ་བའི་ངང་ཡིད་ལ་གང་དྲན་སྤེལ་བར་བགྱིས་པའི་ཡི་གེ་པ་ནི་ཉེ་བར་གནས་པའི་བློ་གསལ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ། ༈ །གོང་དུ་ཇི་སྐད་གསུངས་པ་བཞིན། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རིམ་པར་བརྒྱུད་པའི་ཟབ་ཆོས་སྒྲུབ་ཐབས་ཀུན་བཏུས་ཀྱི་དབང་ལུང་མན་ངག་དང་བཅས་
པའི་ཆོས་སྡེ་འདི་ནི། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མ་ཧཱ་པཎྜི་ཏ་ཆེན་པོ་གཞོན་ནུའི་དུས་ནས་མཆོག་གི་དངོས་གྲུབ་བརྙེས་པའི་ཁྱབ་བདག་རྡོ་རྗེ་འཆང་དབང་བཤེས་གཉེན་གྱི་གཟུགས་སྐུ་བཞེངས་པ་ས་གསུམ་གྱི་མགོན་པོ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་སྙན་པའི་བ་དན་སྲིད་རྩེར་གཞལ་བ། འཛམ་གླིང་མཁས་གྲུབ་ཡོངས་ཀྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ། ཐུབ་པའི་བསྟན་པ་རིན་པོ་ཆེ་ས་གསུམ་ན་གསལ་བའི་ཉིན་མོའི་དབང་ཕྱུག་དམ་པ། ཟབ་རྒྱས་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་དེ་ཉིད་ཀྱི་ཞལ་སྔ་ནས། བསྟན་པ་རིན་པོ་ཆེའི་ཉི་མ་ནུབ་རིར་འཛེགས་པ་རྟགས་ཙམ་འཛིན་པའི་དུས་འདིར། བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་རླབས་པོ་ཆེའི་ཁུར་བཞེས་ནས། སྐལ་ལྡན་གྱི་བུ་སློབ་གྲངས་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་མ་ཉམས་པ་འཕེལ་ཞིང་། ཉམས་པ་སོར་ཆུད་པའི་ཆེད། དབུས་གཙང་བོད་ཆེན་ཀུན་ཏུ་སྙིང་སྟོབས་དང་བརྩོན་འགྲུས་ཆེན་པོས་ལུས་སྲོག་ཕངས་པ་མེད་པ་ལྟོ་སྐྱ་གོས་ཧྲུལ་གྱི་ངང་དུ་སྐྱོ་ངལ་སྤངས་ཏེ་བརྒལ་ནས་མཉེས་པ་གསུམ་གྱིས་ཡོངས་འཛིན་གྱི་བརྒྱ་ལྷག་ཙམ་བསྟེན་ནས་དམ་པའི་ཆོས་མ་ལུས་པ་སྐོམ་པས་ཆུ་ཚོལ་བ་ལྟར་ཉུལ་ནས་བསྙེན་ཅིང་སྒྲུབ་པ་ལས་ཚོགས་དང་བཅས་པ་མཐར་ཕྱིན་པར་མཛད། ཕྱི་རབས་ཀྱི་སྐལ་ལྡན་གདུལ་བྱ་སྣོད་དང་ལྡན་པ་ཡོངས་ལ་སྐུ་མཚན་དཔེའི་བཀོད་པ་ཡི་དམ་གྱི་ལྷར་བཞེངས། གསུང་ཚངས་པའི་དབྱངས་ཀྱིས་ལོག་པར་རྟོག་པའི་སྒྲ་བཅོམ་ནས། ཐུགས་ཀྱི་རྟོགས་པ་ཟབ་མོའི་བདུད་རྩིའི་རྒྱུན་གྱིས་ཡིད་ཀྱི་བུམ་པ་བཟང་པོ་ཕྱུར་བུར་གཏམས་ནས། རིས་མེད་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་ལ་ཆགས་ཐོགས་མེད་པ་འཇིགས་བྲལ་གདོང་ལྔའི་ཁྲི་ལ་དབང་བསྐུར་ནས་སྙིགས་དུས་ཀྱི་རྒུད་པ་སེལ་བའི་ཐུགས་བསྐྱེད་ཟབ་མོ་བཞེས། ཟབ་ཆོས་ནུབ་ཏུ་འཕངས་པ་འདི་དག་གི་བཤད་སྒྲུབ་ཡུན་རིང་དུ་གནས་པའི་ཆེད་
དགེ་བཤེས་བསླབ་པ་གསུམ་ལྡན་ཕན་བདེ་བཟང་པོ་ཕྲིན་ལས་ཀྱི་དོ་དམ་པར་བཀའ་གནང་ནས་ཆོས་སྦྱིན་གྱི་དབུ་གཙུགས། སྐབས་སུ་བསྟན་དགྲ་ཉག་རྐེད་པའི་འཚེ་བས་ཡུན་རིང་ཙམ་བཤོལ་དགོས་པ་བྱུང་ཡང་། འཛམ་གླིང་བསྟན་པའི་མངའ་བདག་འཕགས་མཆོག་ཕྱག་ན་པདྨོ་གོང་ས་རྒྱལ་དབང་མཆོག་གི་ཐུགས་བསྐྱེད་ལས། དཔལ་སའི་དབང་ཕྱུག་ཕུ་ལུང་པ་རིག་འཛིན་ཚེ་དབང་རྡོ་རྗེ་དབུས་བློན་པོ་ཆེན་པོའི་ཚོགས་དཔའ་ཤིང་བརྟུལ་ཕོད་པ་རྩལ་དང་སྙིང་སྟོབས་ལྡན་པ་རྣམས་གཙོས་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་དྲག་པོ་མངོན་སྤྱོད་ཀྱི་དཔུང་ལྷ་དང་མིའི་ཚོགས་ས་ཆེན་པོའི་རྡུལ་ལྟ་བུས་སྣ་དྲངས་ནས་དགྲ་བོ་འཁོར་དང་བཅས་པ་རྨེང་མེད་དུ་བཏང་། བོད་ཆེན་པོའི་ལྗོངས་ན་གནས་པའི་བླ་དཔོན་སྤྱི་དང་། བྱེ་བྲག་ས་དབང་སྡེ་དགེ་བློན་འབངས་བཅས་ལ་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་བཀའ་དྲིན་འཁོར་མཐའ་བྲལ་བའི་བྱམས་བརྩེའི་གཟིགས་པ་ཚད་མེད་པས་བསྐྱངས་ནས་ལུགས་གཉིས་ཀྱི་བསྟན་པ་སླར་ཡང་འཕེལ་བའི་སྐྱ་རེངས་དང་པོ་ཤར། མཆོད་ཡོན་ཉི་ཟླ་ཟུང་འབྲེལ་ཞལ་འཛོམ་ནས་མཉམ་མེད་བུ་རམ་ཤིང་པ་ལ་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་གཙུག་ནོར་གྱིས་བཏུད་པའི་དུས་བཟང་པོ་ལྟ་བུ་ཚེས་ནས་སྲིད་པ་བདེ་ལ་བཀོད་པའི་བཀའ་དྲིན་ལས། རྒྱལ་བའི་བསྟན་པ་རིན་པོ་ཆེ་རྟ་བདུན་དབང་པོ་གཡོ་མེད་ལྷུན་པོའི་སྤོ་ལ་འཁྱུད་པའི་གནས་དུས་བཟང་པོར་ཆོས་སྦྱིན་གྱི་འཕྲོ་མཐུད། ཆོས་གྲྭ་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་གི་གནས་ལྔ་རིགས་པར་སྨྲ་བ་དགོན་དཔོན་བླ་མ་འཇམ་དབྱངས་ཡོན་ཏན་ནས་དད་བརྩོན་གཏོང་བ་དང་བཅས་པའི་ཞབས་འདེགས་རྒྱུན་རིང་དུ་བསྒྲུབས། འདས་པའི་སྐབས་སུའང་དགེ་གཞུག་ཕྱག་རྫས་ཀྱི་འཕྲོས་ཡོད་པ་རྣམས་ལྷག་མ་མེད་པར་ཆོས་སྦྱིན་གྱི་ཆ་རྐྱེན་དུ་ཕུལ། རྗེ་བླ་མ་ས་བཅུའི་དབང་ཕྱུག་ཆེན་པོ་དེ་ཉིད་ཞིང་གཞན་གྱི་གདུལ་བྱར་གཟིགས་པའི་སྐབས་སུའང་རྗེ་ཉིད་ཀྱི་ཞབས་པད་བགྲང་བྱ་ཉི་ཤུའི་སྐོར་ལ་མཉེས་པ་གསུམ་གྱིས་བསྟེན་ནས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བུམ་པ་གང་བྱོ་ལ་བཞེས་པ་ནང་ཐུགས་ཀྱི་སྲས་མཆོག་མདོ་སྔགས་བསྟན་པའི་ཤིང་རྟ་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོ་ལ་མཐར་ཕྱིན་པའི་བཀའི་བསྡུ་བ་པོའི་དག་
དགོངས་པ་ཆེད་དུ་གཏད་ནས་ཞལ་ཆེམས་ཀྱི་ཚུལ་དུ་མཛད། མདོ་སྔགས་རིག་གནས་དང་བཅས་པའི་གླེགས་བམ་གཅིག་པུ་བྲག་ཡབ་གདོང་ཀོང་ཁྲི་རིན་པོ་ཆེ་ངག་དབང་དམ་ཆོས་རྒྱལ་མཚན་ལ་དཀར་ཆག་འབྲི་དགོས་པའི་བཀའ་མཆིད་སྩལ། མེ་བྱ་ལོར་འཕྲོས་དང་ཁ་སྐོང་རིགས་དབུ་འཛུགས་རྒྱུའི་བག་ཆགས་ལ་གནས་ཀྱང་། རྒྱལ་ཁབ་ལ་སྐུ་རྐྱེན་ལྟ་བུས་བློ་གཏེར་ཞབས་གཞན་དུ་བཞུད་པས་བཤོལ། ས་ཕག་ལོར་མཁས་ཤིང་དངོས་གྲུབ་བརྙེས་པ་རྡོ་རྗེའི་སློབ་དཔོན་ཆེན་པོ་རྒྱལ་བའི་ལུང་གིས་ཟིན་པ་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་དང་། བློ་གཏེར་ཞབས་རྣམ་པ་གཉིས་བཀའ་བགྲོས་ཏེ་ཁ་སྐོང་དགོས་རིགས་མཐའ་དག་ཟིན་ཐོར་མཛད་ནས་བློ་གཏེར་ཞབས་ཀྱིས་ཆོག་སྒྲིག་གི་དབུ་བརྩམས། ལྕགས་བྱ་ལོ་ནས་བཟུང་བློ་གཏེར་ཞབས་ཀྱིས་ཁ་སྐོང་ཆོག་སྒྲིག་གྲུབ་རིམ་བཞིན་རྗེ་ཉིད་ཀྱི་སྐུའི་སྣག་དབོན་ལུགས་ཟུང་མཁྱེན་པ་གསལ་ཞིང་གཏོང་ཕོད་ཅན་སྐལ་བཟང་རྡོ་རྗེས་ཡོ་བྱད་ཀྱི་ཆ་རྐྱེན་བསྒྲུབས་ནས། བྲིས་རྐོས་སུམ་ཅུ་སྐོར་ཚོགས་ཏེ། ཁོ་བོས་ཀྱང་དག་ཞུས་སོགས་འགན་ཁུར་ལྷོད་མེད་བགྱིས་པ་དང་། འཇམ་མགོན་བློ་གྲོས་ཞབས་ཀྱིས་ཁ་སྐོང་ཆོག་ཁྲིགས་དཔེ་ཚན་བཅོ་ལྔ་ཙམ་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད་ཅིང་། དེ་འཕྲོས་བློ་གཏེར་ཞབས་ཀྱིས་དཔེ་ཚན་དྲུག་ཅུའི་སྐོར་རྐང་བསྒྲིགས་དང་། གཞན་རྗེ་བླ་མའི་མཛད་འཕྲོ་ཞལ་བསབས་པ་བཅས་བསྡམས་པུསྟི་ལྔ་རྫོགས་པར་བཀའ་དྲིན་བསྐྱངས་པ་དང་། ཡོན་གྱི་བདག་པོ་དྲིན་རྗེ་ལྷ་གཅིག་དམ་པ་ཚངས་སྲས་གཅུང་རིན་པོ་ཆེ་ངག་དབང་འཇམ་དཔལ་རིན་ཆེན་གྱི་ཞལ་སྔ་ནས་སྔ་ཕྱི་རྒྱ་ཆེ་ལ་དཔངས་མཐོ་བའི་ཞལ་འདེབས་གནང་སྦྱིན་དང་ཐུགས་རྗེའི་ཚད་མེད་པས་བསྐྱངས་པའི་བཀའ་དྲིན་གྱིས་ཐོག་དྲངས། གཏེར་སྲས་ཚེ་དབང་ནོར་བུ། གླིང་ཆོས་རྒྱལ། ཉག་སྤྱི་ཧོར་ཁང་པ། བསྟན་སྦྱིན་ལ་དཀར་སོགས་སྦྱིན་པའི་བདག་པོ་རྣམས་ཀྱི་མཐུན་རྐྱེན་ལ་བརྟེན་ནས། ཆོས་སྦྱིན་འཛད་མེད་གངྒཱའི་རྒྱུན་ཆེན་པོ་འདི་ནི་རྗེ་བླ་མའི་དགོངས་པར་ཇི་ལྟར་བཞེད་པ་བཞིན་མ་ལུས་ཤིང་ལུས་པ་མེད་པའི་ཚུལ་དུ་རབ་བྱུང་བཅོ་ལྔ་པའི་ནང་ཚན་དགེ་བྱེད་ཆུ་སྟག་ལོ་སྔ་ཕྱིའི་ཁོངས་
གསུང་རབ་མ་ལུས་པའི་གཏེར་མཛོད་གངས་ཅན་ཆོས་ཀྱི་རྒྱ་མཚོ་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་སྤར་ཁང་བཀྲ་ཤིས་སྒོ་མངས་སུ་ལེགས་པར་གྲུབ་པ་འདིས་ཀྱང་ཕན་དང་བདེ་བའི་འབྱུང་གནས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་ནས་བསྟན་འཛིན་རྣམས་ཀྱི་ཐུགས་ཀྱི་བཞེད་པའི་དོན་ཀུན་འབད་མེད་ཡིད་བཞིན་དུ་འགྲུབ་པ་དང་། བཀའ་དྲིན་གསུམ་ལྡན་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ལྡན་བླ་མ་དམ་པ་དེ་ཉིད་དང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྒྱུར་གྱུར་ཅིག ཆོས་ཕུང་ཆེན་པོ་འདི་ཉིད་མཐར་ཕྱིན་པར་མཛད་པའི་བཀའི་སྡུད་པ་པོ་འཇམ་དབྱངས་བློ་གཏེར་དབང་པོའི་ཞབས་གཙོས་བྱ་བ་བྱེད་པ། རྒྱུ་སྦྱོར་བ། ལག་ལེན་བཅས་ཀྱིས་ཐོག་དྲངས་པའི་མགོན་མེད་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་དཔལ་འབྱོར་འཛད་མེད་དབྱར་མཚོ་ལྟར་འཕེལ་ཞིང་ཚེ་རིང་ནད་མེད་དམ་ཆོས་ལྡན་ཅིང་རྟེན་འདིའི་སྣང་བ་ནུབ་མ་ཐག་པར་རྣམ་འདྲེན་སྟོན་མཆོག་དམ་པའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག བསྐལ་མང་སྔོན་གྱི་ཐ་ཚིག་ད་ལྟར་རྗེས་སུ་དྲན་ཅིང་ལེགས་ཉེས་སྟངས་འཛིན་གྱི་བདག་པོ་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ། གཞན་ཡང་སྟོབས་འཕྲོག་དབང་པོ་བྲམ་ཟེའི་གཟུགས་ཅན་འཁོར་སྲིང་མོ་བཞི་སོགས་རུ་འདྲེན་གྱི་དམག་ཚོགས། གནོད་སྦྱིན་ཆེན་པོ་ཟངས་ཀྱི་བཻཀྩེ་ཅན་ལྕམ་དྲལ་ལས་མཁན་སྲོག་བདག་དམར་པོ་གྲི་ཐོགས་བརྒྱད་འཁོར་ཤན་པ་ཉེར་གཅིག་སོགས་དྲག་རྩལ་གློག་ལྟར་མྱུར་བའི་ནུས་མཐུ་ཅན་བཙན་དམག་བྱེ་བ་ས་ཡ། སྲིད་གསུམ་དབང་བསྒྱུར་གཏུམ་མོ་ཆེན་མོ་རེ་མ་ཏི་མ་མོ་འབུམ་སྡེ་དང་བཅས་པ། གསོད་བྱེད་དུས་ཀྱི་ཕོ་ཉ་ནག་པོ་གཟི་ལྡན་སྲས་འཁོར་གཤིན་རྗེའི་དམག་ཚོགས་གློ་བུར་དུ་འཕྲད་པའང་འཛིན་ཅིང་ཟ་བར་བྱེད་པའི་ལས་ལ་མྱུར་བ་སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་ལ་ཕྲིན་ལས་བཅོལ་བ་ནི། དཔལ་
བརྩེ་བ་ཆེན་པོའི་རིང་ལུགས་ཀྱིས་གཙོས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མ་ལུས་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་ནས། རྩ་བ་དང་ཡན་ལག་གི་རིས་སུ་མ་ཆད་པའི་རྟེན་དང་བརྟེན་པར་བཅས་པ་ལ། དམ་ཉམས་ལོག་སྨོན་ཅན་གྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལོག་པར་ལྟ་བའི་མཚོན་གྱིས་རྨ་འབྱིན་པ་པོ་ས་གསུམ་ན་གནས་པ་ཐམས་ཅད་ཀྱི་རིགས་རྒྱུད་རྗེས་འབྲངས་སྡོང་ཟླ་རྒྱབ་རྟེན་དང་བཅས་པའི་ཚོགས་ཐམས་ཅད་སྲུང་མ་མཐུ་བོ་ཆེ་ཁྱེད་རྣམས་ཀྱིས་བསྡིགས་ཤིང་སྤ་བཀོང་ནས་ཐུགས་རྗེ་ཁྲོས་པའི་མཚོན་ཆ་རྣོན་པོའི་དཔལ་གྱིས་གཟུགས་ཕུང་མྱུར་དུ་འབིགས་ནས་ཕྱེ་མར་འཐགས་ཏེ་དོན་སྙིང་རྔམས་ཟས་སུ་བཞེས་ནས་རྣམ་པར་ཤེས་པ་འོག་མིན་ཆོས་ཀྱི་དབྱིངས་སུ་དྲངས་ཏེ་གཏན་གྱི་བདེ་བ་དམ་པ་ལ་དགོད་པར་མཛད་དུ་གསོལ། ཡང་དག་རྫོགས་པའི་སངས་རྒྱས་མཆོག་དེ་ཡིས། །མ་དག་གདུལ་བྱའི་ཁམས་ཀྱི་མོས་སྐལ་དུ། །སྩལ་བ་ཟབ་རྒྱས་སྒྲུབ་ཐབས་གངྒཱའི་རྒྱུན། །བརྩེ་ཆེན་རིང་ལུགས་འཛིན་པའི་ཆོས་གྲྭ་ཆེར། །ཆོས་སྦྱིན་ཟླ་བའི་མ་མར་སྤེལ་བའི་དགེ། །མ་གྱུར་འགྲོ་བ་ཡོངས་ལ་སྙིང་ནས་བསྔོ། །ལྷག་མ་མེད་པར་སྟོན་མཆོག་དམ་པའི་དྲུང་། །བརྫུས་ཏེ་པདྨའི་སྙིང་པོར་སྐྱེས་གྱུར་ནས། །ཟབ་ཅིང་རྒྱ་ཆེའི་ཐེག་པ་མཆོག་གི་གཏམ། །ཐོས་ནས་རྫོགས་སྨིན་སྦྱོང་གསུམ་མཐའ་རུ་ཕྱིན། །འདྲེན་པ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ངན་སོང་གནས་ཀུན་སྟོང་པའི་རྒྱུར་གྱུར་ཅིག །འཇམ་དཔལ་དཔའ་བོ་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་འདི་དག་འགྲུབ་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་ཆོས་སྡེ་རིན་པོ་ཆེ་ཐར་འདོད་རྣམས་ཀྱི་སྙིང་ནོར་གཅིག་པུ་
རང་གཞན་གྱི་དོན་གཉིས་སྒྲུབ་པའི་ལམ་ཚང་ལ་མ་ནོར་བ་གསེར་ཞུན་མ་ལྟ་བུའི་བཞུགས་བྱང་དཀར་ཆག་གི་ཡི་གེ་འདི་ཉིད་ཀྱི་གཞུང་རྒྱལ་བས་ལུང་བསྟན་པ་དོན་དང་ལྡན་པའི་སྐྱེས་བུ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པའི་རྡོ་རྗེའི་གསུང་བྱིན་རླབས་ཀྱི་དཔལ་དང་ལྡན་པ་ལ་ཐོག་མཐའ་བར་དགེས་བཅིངས་པའི་རྣམ་གྲངས་བཞུགས་ཚོགས་རྗེ་བླ་མ་དངོས་ཀྱིས་མཛད་པའི་པུསྟ་ཀཿདགུ་ཇི་ལྟ་བར། ཁ་སྐོང་གསར་བསྣན་རིགས་རྗེ་དེ་ཉིད་ཀྱི་དགོངས་བཞེད་ལྟར་བློ་གཏེར་ཞབས་ཀྱིས་པུསྟ་ཀཿལྔ་སྒྲུབ་པའི་མཆོད་པའི་ཚུལ་དུ་རྗེ་བླ་མའི་མཛད་པའི་གཙོ་བོ་འདི་མཐར་ཕྱིན་པ་ཞིག་བྱུང་ན་དགོངས་པའི་བཀའ་དྲིན་གྱི་བྱས་པ་གཟོ་བའི་སླད་དུ་ཐུགས་བརྩོན་ཆེན་པོས་བཀའ་དྲིན་བསྐྱངས་པ་བཅས་ཡོངས་བསྡོམས་གླེགས་བམ་གྱི་ཕྲེང་བ་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་གྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ། བསྡུ་བའི་དངོས་པོ་བཞིས་ཁྱད་པར་དུ་བྱས་པའི་གྲངས་ལྡན་འདི་ཉིད། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རིས་མེད་པའི་བསྟན་པ་རིན་པོ་ཆེ་བསྟན་འཛིན་དང་བཅས་པ་ལ་བཀའ་དྲིན་གྱི་གདུགས་དཀར་པོ་གཅིག་གིས་སྙོམས་པར་ཁྱབ་པའི་ཚུལ་གཟུ་བོར་གནས་པའི་སྙིང་ལ་བདུད་རྩིར་གྱུར་པ་ལྟར། མཛད་པའི་གཙོ་བོ་འདིའང་དོན་དང་དགོས་པ་ཆེས་མཆོག་ཏུ་གྱུར་པས་མཐར་ཕྱིན་པ་ཞིག་བྱུང་ན་སྙམ་པའི་བློས་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་རྩལ་སྤྲུགས་ཀྱིས་ངལ་བ་དང་བླངས་ནས་ཇི་ལྟར་བསྒྲུབ་པའི་ཚུལ་མཚོན་ཙམ་སྨོས་པ་འདི་ནི་རྗེ་དེ་ཉིད་ཀྱི་བཀའ་དྲིན་ཁོ་ནས་འཚོ་ཞིང་། ཤེས་བྱ་རིག་པའི་གནས་ལྔར་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཐོབ་པ་འཇམ་དབྱངས་ལེགས་པའི་བློ་གྲོས་ཀྱིས་སྦྱར་བ་སྟེ། ཐོག་མཐའ་བར་དགེའི་བཀྲ་ཤིས་སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པས་སྩལ་དུ་གསལ་ལོ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །