← Search

སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།

དཔལ་ལྡན་བློ་གྲོས་རྒྱལ་མཚན། དགེ་འདུན་བཀྲ་ཤིས། སྐལ་བཟང་མཁྱེན་བརྩེ། བཛྲ་ཧཱུྃ་ཀ་ར། བློ་གྲོས་མཐའ་ཡས། བློ་གཏེར་དབང་པོ། ཀུན་བློ། པྲཛྙཱ་རསྨི། ཀུན་དགའ་རིན་ཆེན་བཀྲ་ཤིས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གུ་རུ་ཚེ་བརྟན་རྒྱལ་མཚན། མཉྫུ་གྷོ་ཥ། དཀོན་མཆོག་བསྟན་པའི་སྒྲོན་མེ། ས་སྐྱ་པཎྜི་ཏ། ལྷུན་གྲུབ། ཡེ་ཤེས་ལྷུན་གྲུབ། ལས་ཀྱི་རྡོ་རྗེ།

རིགས་གསུམ་སྤྱིའི་རྗེས་གནང་གི་ཆོ་ག་སྲིད་ཞིའི་དགེ་ལེགས་ལྷུན་གྲུབ།

p. 1

རིགས་གསུམ་སྤྱིའི་རྗེས་གནང་གི་ཆོ་ག་སྲིད་ཞིའི་དགེ་ལེགས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།

p. 2

ཨོཾ་སྭ་སྟི། རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས། །ཚད་མེད་ཐུགས་བརྩེའི་གཏེར་ཆེན་སྤྱན་རས་གཟིགས། །མཐུ་སྟོབས་ནུས་པའི་བདག་ཉིད་རྡོ་རྗེ་འཛིན། །རིགས་གསུམ་དབྱེར་མེད་བླ་མར་གུས་བཏུད་ནས། །གང་དེའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཚུལ། །འཇམ་མགོན་བླ་མའི་ཞལ་གྱི་བདུད་རྩིའི་རྒྱུན། །སྙིང་ལ་སེམས་བཞིན་གཞན་ལ་ཕན་པའི་བློས། །སྲིད་ཞིའི་དགེ་ལེགས་ལྷུན་གྲུབ་འདི་ན་སྤེལ། །འདིར་འཕགས་པ་རིགས་གསུམ་མགོན་པོའི་རྗེས་གནང་ཇི་ལྟར་བྱ་བའི་ཚུལ་ལའང༌། སློབ་དཔོན་དང་སློབ་མ་ལ་བྱ་བའི་རིམ་པ་གཉིས་ཀྱི་དང་པོ་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ། སྟེགས་བུ་ཇི་ལྟར་རིགས་པ་རས་ལ་སོགས་པས་བཀབ་ལ་མེ་ཏོག་གི་སིལ་མ་བཀྲམ། དེའི་སྟེང་དུ་མཉྫིའི་ཁར་མཎྜལ་གཙང་མའི་དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་དང༌། གཡས་གཡོན་དུ་ཟླུམ་པོར་བྱུགས་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་རེ་བཀོད། «འབྱོར་ན་རིགས་གསུམ་གྱི་སྐུ་བརྙན་བཤམ་ཞིང༌། རྗེ་བླ་མའི་ཕྱག་ལེནའང་མཛད། མཆན།» མདུན་དུ་གཏོར་མ་གཉིས། མཐའ་སྐོར་དུ་བྱང་ཤར་ནས་བརྩམས་ཏེ་མཚམས་འཛིན་མེ་ཏོག་ཆུ་གཉིས་ཉེར་སྤྱོད་རྣམས་གཡས་སྐོར་དུ་གྲུ་བཞིར་བཤམས་ལ། སློབ་དཔོན་གྱི་མདུན་དུ་བུམ་གདན་གྱི་སྟེང་དུ་བུམ་པ་ཚད་ལྡན་ཁ་རྒྱན་མགུལ་ཆིངས། མཚན་མ་

p. 3

བཅས་གདགས། དྲག་སྔགས་བཟླ་ཞིང་ཡུངས་ཀར་དང་གུ་གུལ་གྱིས་བྲབ་བདུག་བྱས་ལ། ཆུ་གཙང་མས་སུམ་གཉིས་དགང༌། བུམ་སྨན་ཉེར་ལྔ་གཞུག སྟེང་དུ་དུང་ཆོས་དྲི་བཟང་གི་ཆུ་རྡོར་གཟུངས་དང་བཅས་པ་དང༌། རྡོར་དྲིལ་འཐོར་འབྲུ། སློབ་མ་ལ་དགོས་པའི་མཎྜལ་མེ་ཏོག བདུག་རྫས་སོགས་སྟ་གོན་བྱས་ལ། གཉིས་པ་དངོས་གཞི་ལའང༌། བདག་མདུན་བུམ་གསུམ་རྗེས་གནང་དངོས་དང་བཞི་ལས། དང་པོ་ནི། སློབ་དཔོན་རང་ཉིད་ཁྲུས་དང་གཙང་སྦྲ་ལྡན་པས་ཐོག་མར་མཆོད་པ་རྣམས་ལ་དམིགས་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སོགས་མཆོད་པ་བྱིན་རླབས་སྤྱི་ལྟར། དྷརྨཱ་ར་ཎི་ལན་གསུམ་རོལ་མོ་དང་བཅས་པ་བྱས་ལ། དེ་ནས། བདག་དང་འགྲོ་བ་ཞེས་སོགས་སྐྱབས་འགྲོ་ཅི་ནུས་མཐར། ཐལ་མོ་སྦྱར་ལ། བླ་མ་དང་དཀོན་མཆོག་སོགས་གསོལ་གདབ་དང༌། སེམས་ཅན་ཐམས་ཅད་ནས། དེའི་ཆེད་དུ་བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿསེར་པོ་ལས་འོད་ཟེར་འཕྲོས་པས་བླ་མ་དང་བཅོམ་ལྡན་རིགས་གསུམ་གྱི་དཀྱིལ་འཁོར་ལ་སངས་

p. 4

རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲང༌། ཐལ་མོ་སྦྱར་ཏེ། ན་མོ་གུ་རུ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་པ་བཞི་བསྒོམ། སྭ་བྷཱ་ཝས་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨའི་གདན་གསུམ་གྱི་དབུས་དང་གཡས་ཀྱི་པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དང་གཡོན་གྱི་པདྨའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དབུས་ཀྱི་གདན་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། གཡས་པས་ཤེས་རབ་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་ཞིང༌། འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་འཛིན་པ། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་ཤིན་ཏུ་མཛེས་ཤིང་ཞལ་འཛུམ་བག་དང་བཅས་པ། རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་བ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་ཤིང༌། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། མཚན་དང་དཔེ་བྱད་ཀྱི་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡས་སུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པས་མཆོག་སྦྱིན་དང༌། གཡོན་པས་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་གཡས་ཅུང་ཟད་བརྐྱངས་

p. 5

ཤིང་གཡོན་བསྐུམས་པའི་སྟབས་ཀྱིས་བཞུགས་པ། གཡོན་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་ཐུགས་ཀར་དང༌། གཡོན་པས་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་བཞུགས་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་བསམས་ལ། དེ་ནས་ཐལ་མོ་གཉིས་སྦྱར་བ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་མགོ་བོར་རེག་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཏ་བྷ་ཝཱ་ཡ་སྭཱ་ཧཱ། ཐལ་མོ་སྦྱར་བ་པདྨ་ཁ་བྱེ་བའི་ཚུལ་དུ་སྙིང་གར་རེག་ཅིང༌། ཨོཾ་པདྨོ་ཏ་བྷ་ཝཱ་ཡ་སྭཱ་ཧཱ། ཐལ་མོ་གཉིས་རྒྱབ་སྦྱར་ལ་མཐེ་བོང་མཐེའུ་ཆུང་གཉིས་སྦྱར་ནས་ལྟེ་བར་རེག་ཅིང༌། ཨོཾ་བཛྲོ་ཏ་བྷ་ཝཱ་ཡ་སྭཱ་ཧཱ། ཞེས་རིགས་གསུམ་གྱི་དམ་ཚིག་གི་སྔགས་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་ལྷ་གསུམ་ལ་རིམ་བཞིན་དུ་རྣམ་སྣང༌། འོད་དཔག་མེད། མི་བསྐྱོད་པ་རྣམས་ཀྱི་དབུ་བརྒྱན་རང་ཆས་སུ་བཞུགས་པར་བསམ་མོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རིགས་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་ཕྱག་རྒྱས་སྤྱན་དྲངས་པ་ལ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། མཆོད་པ་གོང་ལྟར་བྱིན་གྱིས་བརླབ། མཚན་སྔགས་རེ་རེ་ཞིང་སྦྱར་བའི། ཨརྒྷཾ་ནས། ཤབྡ་སྭཱ་ཧཱས་མཆོད། སྐུ་གསུང་ཐུགས་འཇམ་འགྲོ་བ་ཡོངས་ཀྱི་དཔལ། །གཞོན་ནུའི་ཚུལ་འཛིན་ཡོན་ཏན་རྒྱས་པའི་སྐུ། །དེ་ཕྱིར་འཇམ་དཔལ་གཞོན་ནུར་མཚན་གསོལ་བ། །བློ་གྲོས་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པའི་ཡེ་ཤེས་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་

p. 6

ཕྱག་འཚལ་ལོ། །ཞེས་པས་བསྟོད། བདག་མདུན་གཉིས་ཀའི་ཐུགས་ཀར་རང་རང་གི་གདན་གྱི་སྟེང་དུ་དྷཱིཿཧྲཱིཿཧཱུྃ་རྣམས་ལ་རང་རང་གི་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར་པར་བསམ། མདུན་གྱི་ལྷའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་སླར་འདུས་ཏེ་རང་གི་སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། དངོས་གྲུབ་བརྙེས་པའི་ལྷ་དང་ཀླུ་དང་དྲང་སྲོང་དང་གྲུབ་པ་དང་རིག་པ་འཛིན་པ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུའི་དངོས་གྲུབ་ཐམས་ཅད་སྩལ་ཞིང་རྒྱུད་བྱིན་གྱིས་བརླབས་པར་གྱུར་པར་བསམས་ཤིང༌། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་གཙོ་བོ་ལ་བརྒྱ་རྩ་སོགས་ཅི་ནུས་དང༌། འཁོར་ལ་དེའི་བཅུ་ཆ་བཅས་ཇི་ལྟར་རིགས་པ་བཟླས་མཐར། མཇུག་ཏུའང་མཆོད་བསྟོད་གོང་ལྟར་བྱས་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། ཨོཾ་བཛྲ་སཏྭ་ས་མ་ཡ་ཞེས་སོགས་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང༌། ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་བཛྲ་མུཿས་མདུན་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་འཁོར་དང་གདན་རང་ལ་ཐིམ་པས་རང་དམ་ཚིག་པའི་ང་རྒྱལ་གྱིས་འཁོད་པར་བསམ་པ་ནི་བདག་བསྐྱེད་དོ། །གཉིས་པ་མདུན་བསྐྱེད་ནི་ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨའི་གདན་གསུམ་གྱི་སྟེང་དུ་དབུས་དང་གཡས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར། གཡོན་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དབུས་ཀྱི་གདན་གྱི་སྟེང་དུ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ལས་སོགས་རང་ཉིད་ཅེས་པའི་ཚིག་དོར་བ་མ་གཏོགས། དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་བསམས་ལ་དམ་ཚིག་གི་ཕྱག་རྒྱས་བྱིན་བརླབ་བཅས་གོང་བདག་བསྐྱེད་ལྟར་བྱས། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་

p. 7

འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་རིགས་གསུམ་གྱི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། སྤྲོ་ན། མ་ལུས་སེམས་ཅན་སོགས་ཚིགས་བཅད་གསུམ་གྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། གོང་གི་མཚན་སྔགས་སྔོན་འགྲོའི། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ། རྣམ་སྣང༌། འོད་དཔག་མེད། མི་བསྐྱོད་པ་རྣམས་ཀྱི་དབུ་རྒྱན་རང་ཆས་སུ་བཞུགས་པར་བསམ། མཆོད་པ་བསང་སྦྱང་བྱིན་བརླབ་གོང་བཞིན་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད་ལ་དྷརྨཱ་ར་ཎི་རོལ་ཆེན་དང་བཅས་པ་བྱས་ལ། བསྟོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས། སྐུ་གསུང་ཐུགས་འཇམ་སོགས་གོང་བདག་བསྐྱེད་བཞིན་བསྟོད། གཏོར་མ་ཆུ་གཙང་གིས་བྲན་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། རྡོ་རྗེ་བསྡམས་པ་བསྐྱོད་པའི་ཕྱག་རྒྱ་དང་བཅས་ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་ཨ་ར་པ་ཙ་ན་སོགས་ལྷ་སྔགས་གསུམ་སྦྲེལ་བའི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཏྲི་ཀུ་ལ་ནཱ་ཐ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། སྐུ་གསུང་ཐུགས་འཇམ་སོགས་ཀྱིས་བསྟོད། བཅོམ་ལྡན་བདག་དང་སེམས་ཅན་ཐམས་ཅད་སོགས་ཀྱིས་གསོལ་བ་གདབ་བོ། །སྒོས་ཀྱི་སྲུང་མ་ལ། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བྱིན་རླབས་དྲན་པར་བྱས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ནས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཞེས་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་ཕུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སོགས་ཀྱིས་མཆོད། དཔལ་ལྡན་མཁའ་འགྲོའི་སོགས་

p. 8

ཀྱིས་བསྟོད། ནག་པོ་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་བཅོལ་ལོ། །དེ་ནས་མདུན་བསྐྱེད་ཀྱི་ལྷ་རྣམས་ལ་དམིགས་ཏེ། སྔགས་གསུམ་པོ་བརྒྱ་སོགས་ཅི་ནུས་བཟླས་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་སོགས་འདོད་དོན་གསོལ་གདབ་བྱས་ལ། བུམ་པ་སྒྲུབ་པ་ནི། བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་ནང་དུ་དབུས་དང་གཡས་སུ་པདྨ་དང་ཟླ་བའི་གདན། གཡོན་དུ་པདྨ་དང་ཉི་མའི་གདན། དབུས་ཀྱི་གདན་གྱི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་སོགས་དང༌། གཡས་སུ་འཕགས་པ་སྤྱན་རས་སོགས་དང༌། གཡོན་དུ་ཕྱག་ན་རྡོ་རྗེ་སོགས་ནས། དར་སྣ་ཚོགས་ཀྱི་ན་བཟའ་ཅན་ཞེས་པའི་བར་གྱིས་བསྐྱེད་ལ། དེ་གསུམ་གྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བསམས་ལ་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷ་རྣམས་ལ་ཕོག་པས། དེ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་སྔགས་ཀྱི་ཕྲེང་བས་མཚན་པ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྩི་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་བསམས་ལ་གཟུངས་ཐག་ནས་བཟུང་སྟེ། ལྷ་སྔགས་གསུམ་པོ་བརྒྱ་རྩ་སོགས་ཅི་ནུས་བཟླས་ལ། མཐར་མཚན་སྔགས་རེ་རེ་ནས་སྦྱར་བས། ཨརྒྷ྄ཾ་ནས། ཤབྡ་རོལ་མོ་དང་བཅས་པས་མཆོད། ལྷ་གསུམ་གྱི་བསྟོད་པས་སྔར་བཞིན་བསྟོད་ལ། བཅོམ་ལྡན་འདས་བདག་

p. 9

དང་སོགས་ཀྱིས་འདོད་དོན་ཞུས་ཏེ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་མཐར། མ་འབྱོར་པ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། དུང་ཆོས་ཀྱི་ཆུ་བུམ་པར་བླུགས་ཏེ། ཨོཾ་ཨཱཿཧཱུྃ་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་དང་ལྡན་པར་བསམ་པ་ནི་སློབ་དཔོན་གྱི་བྱ་བའི་རིམ་པའོ། །གཉིས་པ་སློབ་མ་ལ་བྱ་བའི་རིམ་པ་ནི། དོན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་བྱས་གྲལ་རིམ་བཞིན་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་གྲུབ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་སེམས་བསྐྱེད་གསལ་འདེབས་དང༌། དལ་འབྱོར་རྙེད་དཀའ་སོགས་ཆོས་བཤད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལ་འདིར་རང་རེ་རྣམས་ཀྱི་སྟོན་པ་ཚད་མེད་པའི་ཐུགས་རྗེ་དང་ལྡན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཕྱོགས་རིས་སུ་བསྡུ་ན་ཐེག་པ་ཆུང་ངུ་དང་ཆེན་པོ་གཉིས་སུ་འདུ་ལ། ཐེག་པ་ཆེན་པོ་ལའང་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང༌། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་གཉིས་ལས། འདིར་རིག་སྔགས་འཆང་བའི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་ཡིན། དེ་ལ་བྱ་བ་སྤྱིའི་རྒྱུད་དང༌། སོ་སོའི་རྒྱུད་གཉིས་ལས། བྱ་བ་སྤྱི་ཡིན། དེ་ལ་སྤྱོད་པ་བཞི་པོའི་དོན་འདུས་ཤིང་མ་ཚང་བ་མེད་པར་སྟོན་པ་དཔུང་པ་བཟང་པོའི་རྒྱུད། འཇུག་པའི་སྤྱོད་པ་སྨིན་བྱེད་གཙོ་བོར་སྟོན་པ་གསང་བ་སྤྱིའི་རྒྱུད། སྦྱོར་བའི་སྤྱོད་པ་ལྷའི་རྣལ་འབྱོར་གཙོ་བོར་སྟོན་པ་ལེགས་པར་གྲུབ་པའི་རྒྱུད། སྒྲུབ་པའི་སྤྱོད་པ་མཚན་མེད་ཀྱི་རྣལ་འབྱོར་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མའི་རྒྱུད་དེ་བཞི་ཡོད་པའི་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་དམ། གསང་བ་སྤྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ཁ་ཆེ་ཡེ་ཤེས་རྡོ་རྗེས་ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་བཅོམ་ལྡན་འདས་རིགས་གསུམ་སྤྱིའི་རྗེས་སུ་གནང་བ་སྒྲུབ་པའི་སྐབས་སུ་བབས་པ་སྟེ། དེ་ཡང་བཅོམ་ལྡན་འདས་རིགས་གསུམ་

p. 10

མགོན་པོ་ནི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་རང་གཟུགས་སུ་གྲུབ་པས་གང་གིས་བསྙེན་ཅིང་སྒྲུབ་པ་རྣམས་ལ་ཐམས་ཅད་མཁྱེན་པའི་ལམ་གྱི་སྙིང་པོ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པའི་ཤེས་རབ། ཁམས་གསུམ་ཡོངས་ལ་དམིགས་པ་མེད་པའི་སྙིང་རྗེ། བདུད་དང་བདུད་ཀྱི་རིས་ཀྱི་མི་བརྫི་བའི་མཐུ་ཆེན་པོ་ཐོབ་པས་མཐར་ཐུག་བྱང་ཆུབ་མཆོག་གི་གོ་འཕང་ལ་མྱུར་དུ་རེག་པ་དང༌། བྱ་བའི་རྒྱུད་སོགས་ལས་ལྷག་པའི་ལྷའི་རིགས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དང༌། པདྨ་དང༌། རྡོ་རྗེའི་རིགས་གསུམ་དུ་འདུ་ཞིང༌། དེ་རྣམས་ཀྱི་རིགས་ཀྱི་བདག་པོའང༌། འཇམ་དཔལ། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་གསུམ་དུ་ངེས་པས། འདིའི་བསྙེན་པ་རྫོགས་པས་རིགས་ཐམས་ཅད་ཀྱི་བསྙེན་པ་ལས་སུ་རུང་ཞིང་དངོས་སྒྲུབ་བསྒྲུབ་པ་ལ་དབང་བས་མཚོན་དགོས་པ་བསམ་གྱིས་མི་ཁྱབ་པ་དང༌། བྱེ་བྲག་འཇམ་དཔལ་རྩ་བའི་རྒྱུད་དང༌། སྤྱན་རས་གཟིགས་ཡི་གེ་དྲུག་པའི་གཟུངས། ཕྱག་རྡོར་དབང་བསྐུར་གྱི་རྒྱུད་སོགས་སྔགས་རྒྱུད་རབ་འབྱམས་དང༌། མདོ་སྡེ་རིན་པོ་ཆེ་རྣམས་ནས་འཕགས་པ་འདི་གསུམ་གྱི་མཚན་བཟུང་བ་དང༌། སྐུའི་སྣང་བརྙན་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཐ་དག་ཡིད་བཞིན་དུ་སྩོལ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པ་དང༌། རྒྱུ་མཚན་དེ་དག་ལ་བརྟེན་ནས་འཕགས་བོད་ཀྱི་ལྗོངས་སུ་སྔོན་བྱོན་མཁས་གྲུབ་རིམ་པར་བྱོན་པ་རྣམས་ཀྱང༌། འཕགས་པ་རིགས་གསུམ་གྱི་རྣམ་འཕྲུལ་ཤ་སྟག་ཟམ་མ་ཆད་པར་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ་བར་མཛད་པ་སོགས་ངོ་མཚར་བའི་རྣམ་ཐར་མཐོང་ཆོས་སུ་གྱུར་པས་ན། རྗེས་འཇུག་སྐལ་ལྡན་གྱི་གདུལ་བྱ་རྣམས་ཀྱིས་ཀྱང་འཕགས་པ་རིགས་གསུམ་འདི་ཉིད་བསྙེན་ཅིང་གསོལ་བ་བཏབ་ན་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གདོན་མི་ཟ་བས་ཡིད་ཆེས་པའི་གནས་སུ་མཛད་འཚལ། ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་རྗེས་སུ་གནང་བ་བསྒྲུབ་པར་བྱེད་པ་ལའང་སྔོན་འགྲོ་སློབ་

p. 11

དཔོན་གྱི་བྱ་བ་དང༌། དངོས་གཞི་སློབ་མ་ལ་བྱ་བ་གཉིས་ལས། དང་པོ་སློབ་དཔོན་གྱི་བགྱི་བར་འོས་པའི་རིམ་པ་རྣམས་ཁོ་བོས་སྔོན་དུ་ལེགས་པར་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བའི་རིམ་པ་ལའང་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལའང་མཎྜལ་འབུལ་ཞིང་གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་རྣམས་སུ་ཡོད་པ་ལས། ཐོག་མར་སློབ་དཔོན་ལ་རྗེ་བཙུན་འཇམ་པའི་དབྱངས་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བ་ཞུ། དེ་ལྟར་མཎྜལ་ཕུལ་ནས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ་གྱིས་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་གཙོ་བོར་གྱུར་པའི་འཕགས་པ་རིགས་གསུམ་མགོན་པོ་ལ་གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྲིན་ཕུང་འཁྲིགས་པ་ལྟར་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། དེ་དག་གི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་ལ་སོགས་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ། དེས་རྒྱུད་དག་པར་བྱས་ནས། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ་གྱིས་གསོལ་བ་འདེབས་པ་རྣམས་ནི་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱིས། ཨོཾ་སྭ་བྷཱ་སོགས་བརྗོད་པས་

p. 12

ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གཟུང་འཛིན་ཐ་མལ་གྱི་སྣང་བ་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་སངས་ཀྱིས་སྦྱངས་པའི་མོས་པ་མཛོད། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པྃ་ལས་པདྨའི་གདན་གསུམ་གྱི་དབུས་དང་གཡས་ཕྱོགས་ཀྱི་པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དང༌། གཡོན་ཕྱོགས་ཀྱི་པདྨའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དབུས་ཀྱི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སོགས་ནས། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་བཞུགས་པ། གཡས་སུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འཕགས་པ་སྤྱན་རས་གཟིགས་སོགས་ནས། སྟབས་ཀྱིས་བཞུགས་པ། གཡོན་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཕྱག་ན་རྡོ་རྗེ་སོགས་ནས། དར་སྣ་ཚོགས་ཀྱི་ན་བཟའ་ཅན། གསུམ་གའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གསལ་བཏབ། སློབ་དཔོན་ལ་རྗེ་བཙུན་འཇམ་པའི་དབྱངས་དངོས་ཡིན་སྙམ་དུ་གུས་འདུད་མཛད་པས་སློབ་དཔོན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས། གྲུབ་པ་བརྙེས་པའི་ལྷ་དང་ཀླུ་དང་དྲང་སྲོང་དང་རིག་འཛིན་ལ་སོགས་པ་རྣམས་ཀྱི་ཐུགས་ཀར་ཕོག དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་མཁྱེན་བརྩེ་ནུས་གསུམ་གྱི་ངོ་བོ་ཡིན་པ་ལ་རྣམ་པ་རིག་གསུམ་གྱི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ལ་ཐིམ། དེ་བཞིན་དུ་མདུན་བསྐྱེད་སློབ་དཔོན་དང་བཅས་པའི་ཐུགས་ཀ་ནས་ཀྱང་དེ་འདྲ་བ་

p. 13

བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། ཅེས་དང༌། སྤོས་དཀར་གྱི་དུད་པ་བདུག་ཅིང་དྲིལ་བུ་གསིལ་བ་དང་བཅས་པས། སྔགས་གསུམ་པོའི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱཿདང༌། ཛཿཧཱུྃ་བཾ་ཧོཿབཏགས་པ་མང་དུ་བརྗོད་ལ་བསྟིམ། དེ་ནས་བུམ་པའི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་གསུམ་གྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ནས། མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་བཞུགས་པར་བསམས་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་སོགས། ཞེས་གསོལ་བ་བཏབ་ནས། ནམ་མཁར་བཞུགས་པའི་དབང་ལྷའི་གཙོ་བོ་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་བདུད་རྩིས་གང་བ་རེ་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས། ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་པ་མགོར་བཞག་ཅིང་བུམ་ཆུ་འཐུང་དུའང་བཅུག་ལ། ཞེས་གསུང་བཞིན་དབང་བསྐུར་བས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་པའི་དངོས་གྲུབ་ཐམས་ཅད་ཐོབ། བདག་ཉིད་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུར་གྱུར་པ་བརྟན་པར་བྱས་པར་མོས་པ་མཛོད། དེས་བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྐུའི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་སྐུ་སྒོམ་པ་དང༌། སྐུའི་ཕྲིན་ལས་ཐ་དག་སྒྲུབ་པ་ལ་དབང་ཞིང༌། མཐར་ཐུག་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་

p. 14

བྱས་པའི་མོས་པ་མཛོད། གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་ཁྱེད་རང་རྣམས་གཉིས་ཀ་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཧྲཱིཿཧཱུྃ་ཡིག་རྣམས་གསལ་བཏབ་ལ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་བྱུང་བ་ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གའི་ས་བོན་གྱི་མཐར་གཡས་སྐོར་དུ་འཁོད་པར་མོས་པ་བྱས། མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་སྔགས་རྣམས་ཀྱི་རྗེས་ཟློས་ལན་བདུན་གནང་བར་ཞུ། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པ་མན་ཆད་ཀྱིས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་གྱིས་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་དང༌། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབ་པར་མོས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་དང༌། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རིགས་གསུམ་སྤྱིའི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་འཐོར། དེ་དང་རྗེས་སུ་འབྲེལ་པ་དམ་བཅའ་བའི་ལུང་གི་སླད་དུ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་རིགས་གསུམ་མགོན་པོ་ཡི་དམ་གྱི་ལྷར་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་བཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་རིགས་གསུམ་མགོན་པོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །དེས་བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་གསུང་གི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། གནས་སྐབས་སུ་གསུང་བཟླས་པ་དང༌། གསུང་གི་ཕྲིན་ལས་ཐ་དག་སྒྲུབ་པ་ལ་དབང་ཞིང༌། མཐར་

p. 15

ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སངས་རྒྱས་ཀྱི་གསུང་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད། ཐུགས་ཀྱི་རྗེས་སུ་གནང་བའམ་བྱིན་གྱིས་བརླབ་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་གུས་འདུད་དྲག་པོ་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས། གྲུབ་པ་བརྙེས་པའི་ལྷ་དང་ཀླུ་དང་དྲང་སྲོང་རིག་པ་འཛིན་པ་ལ་སོགས་པ་རྣམས་དང༌། ཁྱད་པར་དུ་ཡང་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་ཀྱི་ངོ་བོ་རལ་གྲི་དང༌། པདྨ་དཀར་པོ་དང༌། རྡོ་རྗེ་ལ་སོགས་པའི་རྣམ་པར་བསམ་གྱིས་མི་ཁྱབ་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀའི་ས་བོན་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། དེའི་ངང་ནས་ཁྱེད་རང་རྣམས་ལྷ་སྐུ་ཞལ་ཕྱག་གི་རྣམ་པར་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དེ་ཉིད་ལ་ཡིད་ཆེར་གྱིས་གཏད་པ་ལ་བརྟེན་ནས་འཁོར་རྣམས་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་ཞིང༌། རང་ཉིད་ལྷར་གསལ་བ་ཡང་སྐུའི་སྟོད་སྨད་ནས་རིམ་བཞིན་འོད་དུ་ཞུ་ནས་ཐུགས་ཀའི་ས་བོན་ལ་ཐིམ། ས་བོན་དེའང་ཇེ་ཆུང་ཆེ་ཕྲར་གྱུར་ཏེ། མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རང་ཡལ་དུ་ཡལ་བ་ལ་བརྟེན་ནས་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཅི་ཡང་མ་གྲུབ་པ་སྤྲོས་བྲལ་ནམ་མཁའི་མཚན་ཉིད་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད་ལ་དེའི་ངང་ལ་ཅི་གནས་སུ་མཉམ་པར་འཇོག་པར་ཞུ། དེས་བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། གནས་སྐབས་སུ་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ་དང༌། ཐུགས་ཀྱི་ཕྲིན་ལས་ཐ་དག་སྒྲུབ་པ་ལ་དབང་ཞིང༌། མཐར་ཐུག་གི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་

p. 16

སངས་རྒྱས་ཀྱི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་མཛོད། སླར་ཡང་དེ་དག་བརྟན་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་རིགས་གསུམ་གྱི་ལྷ་ཚོགས་ལ་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་གྲུབ་པ་བརྙེས་པའི་ལྷ་དང་ཀླུ་དང་དྲང་སྲོང་དང་རིག་པ་འཛིན་པ་ལ་སོགས་པའི་ཚོགས་ཀྱིས་བསྐོར་བ་དང༌། སློབ་དཔོན་ལྷན་ཅིག་པས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཕུན་སུམ་ཚོགས་པ་མངའ་སོགས་དང༌། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་འཇམ་དབྱངས་གཞོན་ནུའི་སྐུ། །བཅོམ་ལྡན་སྐུ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དུང་མདོག༴ །འཇིག་རྟེན་གསུམ་ན་སྤྱན་རས་གཟིགས་དབང་གསུང༌། །བཅོམ་ལྡན་གསུང་སོགས་གོང་བཞིན། །བཅོམ་ལྡན་མཐིང་མདོག༴ །འཇིག་རྟེན་གསུམ་ན་ཕྱག་ན་རྡོ་རྗེའི་ཐུགས། །བཅོམ་ལྡན་ཐུགས་ཀྱི་སོགས་འདྲ། མཐར་བདག་ཅག་སོགས། བཀྲ་ཤིས་ཀྱི་ཚིག་ཅི་རིགས་པ་བརྗོད་པར་བྱའོ། །དེ་རྣམས་ཀྱི་སྒོ་ནས་རྗེས་སུ་གནང་བ་ལེགས་པར་གྲུབ་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་ལ་སྲུང་སྡོམ་བཞིན་དུ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། ཞེས་པས་དམ་ཚིག་བསྡུས་ཏེ་འཛིན་པར་ཁས་བླངས་ནས། རྗེས་སུ་གནང་བ་ཟབ་མོ་ལེགས་པར་ཐོབ་པའི་གཏང་རག་གི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་དང༌། དེ་ལྟར་མཎྜལ་དུ་མ་ཟད་ལུས་དང་ལོངས་སྤྱོད་ལ་སོགས་པ་རྣམས་ཀྱང་སློབ་དཔོན་ལ་འབུལ་གྱིས་ཆ་ཤས་ནས་ཀྱང་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་རྣམས་ཀྱི་སྒོ་ནས་བཅོམ་ལྡན་འདས་རིགས་གསུམ་སྤྱིའི་རྗེས་སུ་གནང་བ་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་གནས་སྐབས་སུ་གནས་དུས་ཀྱི་རྒུད་པ་ཞི་ཞིང༌། མཐར་ཐུག་

p. 17

ཕན་བདེའི་ལམ་བཟང་ཐོབ་པའི་རྒྱུར་གྱུར་པ་སོགས་ཀྱི་ཕན་ཡོན་ངེས་པའི་སྒོ་ནས་བཟླས་བརྗོད་དང་གསོལ་འདེབས་ལ་བརྩོན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། བསོད་ནམས་འདི་ཡིས། སོགས་བསྔོ་སྨོན་ཅི་རིགས་པ་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང༌། རྗེས་ཀྱི་རིམ་པ་ནི། མཆོད་པ་རྣམས་ཁ་གསོས་ལ་གོང་ལྟར་བྱིན་བརླབ་སྔོན་དུ་འགྲོ་བས་མཚན་སྔགས་རེ་རེ་ཞིང་སྦྱར་བས། ཨརྒྷཾ་ནས། ཤབྡའི་བར། དྷརྨཱ་ར་ཎི་རོལ་མོ་དང་བཅས་པས་མཆོད། སྐུ་གསུང་ཐུགས་འཇམ་སོགས་ཀྱིས་བསྟོད་ལ། བཅོམ་ལྡན་འདས། ཞེས་སོགས་ཀྱིས་འདོད་དོན་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐངས་ལ། མ་འབྱོར་པ་དང༌། སོགས་ཀྱིས་བཟོད་པར་གསོལ་ལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་ཨོཾ་ཁྱེད་ཀྱིས་སོགས་ཀྱི་མཐར། བཛྲ་མུཿཞེས་མཐེབ་སྲིན་གྱི་སེ་གོལ་དང་བཅས་པས། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་གནས་གསུམ་བསྲུངས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རིགས་གསུམ་ལྷ་ཚོགས་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་བསྔོ་སྨོན་དང༌། བཀྲ་ཤིས་ཀྱི་ཚིག་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱས་ལ་མཆོད་གཏོར་སོགས་བསྡུས་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཞེས་རིགས་གསུམ་སྤྱིའི་རྗེས་གནང་གི་ཆོ་ག་དགེ་ལེགས་ལྷུན་གྲུབ་ཅེས་བྱ་བ་འདི་ཡང༌། ཐུབ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་ཆེན་པོ་འཇམ་པའི་དབྱངས་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་འཇམ་མགོན་ཐམས་ཅད་གཟིགས་པ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཀྱི་ཚད་མེད་པའི་ཐུགས་རྗེ་དང་ཕྲིན་ལས་ཕ་མཐའ་ཡས་པའི་ནང་ཚན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ལོ་ཐོག་ལ་སད་སེར་བཙའ་ཐན་སོགས་གནས་དུས་ཀྱི་རྒུད་པ་ཞི་ཕྱིར་རྗེ་ཉིད་ཀྱི་བསྟི་གནས་རྫོང་སར་བཀྲ་ཤིས་ལྷ་རྩེས་མཚོན་དགོན་སྡེ་ཕལ་མོ་ཆེར་རིགས་གསུམ་གྱི་སྒྲུབ་མཆོད་ཀྱི་རྒྱུན་ཚུགས་སར་ཡུལ་ལུགས་དང་མཐུན་པར་སྐྱེ་བོ་ཕོ་མོ་ཁྲོམ་ཚོགས་ལ་བསྐུར་དུ་རུང་བའི་རྗེས་གནང་ཞིག་

p. 18

ཡོད་ན་ལེགས་པ་རྒྱུ་མཚན་དུ་མཛད་ནས། སྡེ་དགེ་ཆོས་རྒྱལ་ཆེན་པོ་དབུས་ནས་མར་ཕེབས་པའི་ལྕགས་སྟག་ལོར་འབྱོར་ཕྱག་ལ་བཅར་སྐབས་མཆོད་ཡོན་ཐུན་མོང་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྨིན་གྲོལ་ཆ་ལག་དང་བཅས་པ་དང༌། ཕྲན་ཆུང་སྒེར་ལའང་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད་སོགས་ཟབ་རྒྱས་ཀྱི་གདམས་པ་མང་དུ་བཀའ་དྲིན་སྩལ་ནས་ཞར་བྱུང་དུ་འདི་དང༌། ཚེ་ལྷ་རྣམ་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་བཅས་བཀའ་དྲིན་སྩལ་ཞིང༌། འདི་གཉིས་ཀྱི་རྗེས་གནང་གི་རྒྱུན་དམིགས་བསལ་མི་བཞུགས་ཀྱང༌། སྤྱི་བཀའི་སྒྲུབ་ཐབས་བརྒྱ་རྒྱམ་སོགས་དང༌། ཟུར་བཀའ་རིགས་གསུམ་སོ་སོའི་རྗེས་གནང་མང་དུ་བཞུགས་པ་དག་ལ་ཁུངས་སུ་བྱས་ནས་གསར་དུ་ཆོག་སྒྲིགས་མཛད་པ་ལ་འགལ་བ་མེད་ཅེས་བཀའི་འཕྲོས་དོན་ཞིབ་ཏུ་བསྩལ་ཞིང༌། དེ་རྗེས་ཤིང་རྟ་ལོར་ངེད་རང་བཀྲ་ཤིས་ཕོ་བྲང་དུ་བདག་པོ་ཡབ་སྲས་མདུན་བཅར་སྐབས་རྫོང་སར་དབུ་ཟུར་བླ་མ་ཡོན་ཏན་ལྷུན་གྲུབ་ནས་རིགས་གསུམ་གྱི་རྗེས་གནང་ཞིག་དགོས་ཞེས་གསུངས་ཀྱང༌། དཔེ་མེད་པས་དགོན་དུ་ཕྱག་དཔེའི་ཁྲོད་ན་བཞུགས་ཡོད་སྙམ་པས་གཡར་པོ་ཞུས་ཀྱང་མ་བཞུགས་པས། སླར་ཡང་བླ་མ་ཡོན་ཏན་ལྷུན་གྲུབ་ནས་རིགས་གསུམ་གྱི་རྗེས་གནང་གི་ཆོག་སྒྲིགས་ཞིག་ངེས་པར་དགོས་ཞེས་ནན་ཏན་དུ་གསུང་བར་བརྟེན། འཇམ་མགོན་བླ་མའི་ཞལ་སྔ་ནས་བྱིན་རླབས་ཀྱི་རྒྱུན་ཐོབ་པ་ཉིད་ཁུངས་སུ་བྱས། བདག་མདུན་བསྐྱེད་ཆོག་རྣམས་རིགས་གསུམ་དཀྱིལ་ཆོག་ལས་ཟུར་དུ་བླངས། རིགས་གསུམ་བསྙེན་པའི་སྐབས་བདག་བསྐྱེད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པར་གསུངས་ཀྱང༌། རྗེས་གནང་སྐབས་མདུན་བསྐྱེད་ལ་རྟེན་བསྐྱེད་པ་མེད་པས། བདག་བསྐྱེད་ལ་གཞལ་ཡས་ཁང་མེད་པ་འཐད་དམ་སྙམ་པས་རྟེན་གྱི་བསྐྱེད་ཆོག་དོར། བུམ་དབང་ཞིག་མཛད་འདུག་པར་བརྟེན་བུམ་སྒྲུབ་ཞིག་

p. 19

བཅུག རྗེས་གནང་དངོས་རྒྱུད་སྡེ་འོག་མའི་རིགས་ཀྱི་རྗེས་གནང་ཟུར་བཀའི་རིགས་ཡིག་ཆ་ཁུངས་ཐུབ་ཀྱི་འགྲོས་སྦྱར། མཚམས་སྦྱོར་གྱི་ཚིག་སྣ་ཅུང་ཟད་བསྲིངས་ཏེ་དགེ་སྦྱོང་གི་རྟགས་འཛིན་དཔལ་ལྡན་བློ་གྲོས་རྒྱལ་མཚན་གྱིས་མྱོས་བྱེད་ཀྱི་ལོ་ཐ་སྐར་ཟླ་བའི་ཡར་ཚེས་ལ། དཔལ་བརྩེ་བ་ཆེན་པོའི་དུས་དྲན་གྱི་མཆོད་པར་དམིགས་ཏེ་ལྷུན་གྲུབ་སྟེང་གི་ནོར་འཛིན་གྱི་ཕྱོགས་ཀྱི་ཉིན་དགོན་ཕོ་བྲང་དུ་བྲིས་པ་འདི་ལ་ནོངས་པ་མཆིས་ན་བླ་མ་དང་བཅོམ་ལྡན་འདས་རིགས་གསུམ་གྱི་སྤྱན་སྔར་བཟོད་པར་གསོལ་ཞིང༌། དགེ་བས་མཁའ་མཉམ་ཡིད་ཅན་ཐམས་ཅད་རིགས་གསུམ་གྱི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ་བྷ་ཝ་ཏུ།། །།

རྗེ་བཙུན་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།

p. 20
p. 21

རྗེ་བཙུན་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།

p. 22

རྒྱལ་བའི་ཡུམ་གཅིག་འཕགས་མ་སྒྲོལ་མ་དང༌། །དབྱེར་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །ཕྲིན་ལས་སྣ་ཚོགས་རྫོགས་པར་སྒྲུབ་བྱེད་པའི། །སྒྲོལ་མ་ཉེར་གཅིག་རྗེས་གནང་ཆོ་ག་བྲི། །ན་མ་ཨཱརྻཱ་ཏཱ་རཱ་ཡཻ། བླ་མ་རྗེ་བཙུན་འཕགས་མ་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ། །གདམས་པ་འདིའི་ལོ་རྒྱུས་ནི། ཇོ་བོ་ཆེན་པོ་བོད་དུ་བྱོན་ཁར་རྡོ་རྗེ་གདན་དུ་བསྐོར་བར་མཛད་ཅིང༌། རྗེ་བཙུན་མ་ལ་གསོལ་བ་བཏབ་པས། རྗེ་བཙུན་མས་མངོན་སུམ་དུ་ཁྱོད་བོད་ལ་བྱོན་ཅིག་དང༌། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་འོང་བར་ཡོད། ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པ་འདི་ལ་བརྟེན་པའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་གིས་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པའི་ཚུལ་འདི་ལ་ཐུགས་དམ་མཛོད། བར་ཆད་མི་འབྱུང་ཞིང་མཐུན་རྐྱེན་ཐམས་ཅད་འགྲུབ་བོ། །ཞེས་རྗེ་བཙུན་མས་དངོས་སུ་གནང་བ་སྟེ་བོད་དུ་ཕེབས་ནས་ཐུགས་དམ་གྱི་གཙོ་བོར་མཛད་ཅིང༌། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་སློབ་མ་རྣམས་ལ་གནང་ནས་རིམ་པར་བརྒྱུད་པ་ཡིན་ནོ། །འདི་ཉིད་སྒྲུབ་ཅིང་ཉམས་སུ་ལེན་པ་ལ་རྗེས་གནང་མན་ངག་དང་བཅས་པ་ཐོབ་པའི་སྒྲུབ་པ་པོ་དམ་ཚིག་དང་སྡོམ་པ་ལ་གནས་པས། ཡིད་དང་མཐུན་པའི་གནས་སུ་རྗེ་བཙུན་མའི་སྐུ་གཟུགས་སོགས་རྟེན་གསུམ་དགྲམ། མཆོད་གཏོར་སོགས་ལེགས་པར་བཤམ། སྟན་བདེ་བ་ལ་

p. 23

འདུག་སྟེ་སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ལ། རང་ཉིད་སྐད་ཅིག་གིས་རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་མར་གསལ་བའི་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་དང༌། རྗེ་བཙུན་འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་སངས་རྒྱས་དང་བྱང་སེམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་ཐིམ་པར་གྱུར། གང་གི་དྲིན་གྱིས་བདེ་ཆེན་སོགས་དང༌། བྱམས་པ་ནས་བརྒྱུད་བརྒྱུད་པ་རིན་པོ་ཆེ། །ཇོ་བོ་ཡབ་སྲས་ཡོན་ཏན་རིན་པོ་ཆེ། །སྐུ་མཆེད་ལ་སོགས་བཀའ་བརྒྱུད་རིན་པོ་ཆེ། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་སོགས་བསྟོད་པ་ཉི་ཤུ་རྩ་གཅིག་གིས་ཀྱང་ཕྱག་བྱ། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ལ། ཨོཾ་གུ་རུ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཞེས་སོགས་ཀྱིས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་སེམས་བསྐྱེད། ཐེག་པ་ཆེན་པོའི་གསོ་སྦྱོང་ལེན་པ་བྱུང་ན་ལེགས། དེ་ནས་བྱིན་རླབས་ཞུ་བ་ནི། ལྷ་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་

p. 24

བྱོན་ནས་རང་རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག རྗེ་བཙུན་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་སོང་བར་མོས། ཚོགས་ཞིང་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་པ་ནི་སྔོན་འགྲོ་བསོད་ནམས་ཀྱི་ཚོགས་བསག་པའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དུ་མོས་པས། ཨོཾ་སྭ་བྷཱ་ཝའི་སྔགས་བརྗོད་ཅིང་སྔགས་དོན་ཡིད་ལ་བསམ་པ་ནི་ཡེ་ཤེས་ཀྱི་ཚོགས་བསག་པའོ། །སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་རེ་མེ་རི་འབར་བ་དང་བཅས་པའི་དབུས་སུ་སེང་ལྡེང་ནགས་ཀྱི་ཚལ་ལྟ་བུའི་ས་གཞི་ལ་རིན་པོ་ཆེའི་ཕྱེ་མ་གདལ་བ། ལྗོན་ཤིང་སྣ་ཚོགས་མེ་ཏོག་དང་འབྲས་བུས་བརྒྱན་པ། སྡོང་པོ་ཆེན་པོ་ཆུ་བ་དམར་པོ། ལོ་འདབ་སྔོན་པོ་རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མ་ཅན། གསེར་གྱི་ཟེ་བ་སྦུར་ལོང་གི་ཟེའུ་འབྲུ་དང་ལྡན་པ། སྙིང་པོ་ཐོག་ལ་དངུལ་གྱི་རི་མོས་བསྐོར་བ། དཔག་ཚད་དུ་མའི་ཁྱོན་ཅན་གྱི་ལྟེ་བ་དང༌། མཐའ་སྐོར་དུ་སྣ་ཚོགས་པདྨའི་གདན་ཉི་ཤུ་རྩ་གཅིག་གི་སྟེང་དུ་ཟླ་བའི་གདན་བཅུ་དྲུག ཉི་མའི་གདན་ལྔ་རྣམས་སུ་གྱུར་པར་བསྒོམ། ལྷ་བསྐྱེད་ཚུལ་ལ་ཆོ་ག་གསུམ་བསྐྱེད་བྱས་ནའང་རུང་མོད་ཀྱང་རྒྱ་གཞུང་ལས་སྐད་ཅིག་དྲན་རྫོགས་སུ་མཛད་པས་དེའི་ཚུལ་ནི། དབུས་སུ་རང་ཉིད་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་དཀོན་མཆོག་གསུམ་མཚོན་པའི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་ཅིང༌། སྙན་གྱི་ཐད་ཀར་ཁ་བྱེ་བ་བསྣམས་པ། བཅུ་དྲུག་ལང་ཚོའི་དཔལ་དང་ལྡན་ཞིང༌། ནུ་འབུར་རྒྱས་པ་ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། དབུ་སྐྲ་མཐོན་མཐིང་ཕྱེད་བཅིངས་སུ་བྱས་ཤིང༌། ལྷག་མ་བསིལ་བུར་བབས་པས་སྐུ་སྟོད་ཁེབས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་པཉྩ་ལི་ཀའི་སྟོད་གཡོགས་དང་སྨད་གཡོགས་བྱས་པ། པད་ཟླའི་གདན་ལ་ཞབས་གཡས་ཅུང་ཟད་བརྐྱངས་ཤིང་གཡོན་བསྐུམས་པ་རོལ་པའི་སྟབས་

p. 25

ཀྱིས་བཞུགས་པའོ། །དེ་བཞིན་དུ་གདན་ཉི་ཤུ་རྩ་གཅིག་གི་སྟེང་དུ་ལས་བཞི་སྒྲུབ་པའི་ལྷ་མོ་ཉི་ཤུ་རྩ་གཅིག་བསྒོམ་པ་ནི། ༈ །རྣལ་འབྱོར་པ་གང་ཞིག་གིས་བགེགས་དང་ལོག་འདྲེན་ཞི་ཞིང་དབང་དུ་བསྡུ་བར་འདོད་ན། ཤར་ནས་གཡས་སྐོར་གྱིས་གདན་དང་པོར་མྱུར་ཞིང་དཔའ་བའི་རྗེ་བཙུན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱའི་མཐིལ་ན་དབང་དུ་སྡུད་པའི་བུམ་པ་དམར་པོ་བསྣམས་པ། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལ་བསྣམས་ཤིང་འཛུམ་ལ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། པད་ཟླའི་གདན་ལ་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པའོ། ༈ །ནད་གདོན་བགེགས་རྣམས་ཞི་བར་འདོད་ན། གདན་གཉིས་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་ཞི་བ་ཆེན་མོ་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་ཞི་བར་བྱེད་པའི་བུམ་པ་དཀར་པོ་བསྣམས་པ། ལྷག་མ་གོང་བཞིན་ཏེ་འོག་མ་ཀུན་ལའང་ཤེས་པར་བྱའོ། ༈ །ཡང་ཚེ་དང་བསོད་ནམས་རྒྱས་པར་འདོད་ན། གདན་གསུམ་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་གསེར་མདོག་ཅན་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་མཐིལ་ན་རྒྱས་པའི་བུམ་པ་སེར་པོ་བསྣམས་པ། ༈ །ཚེ་རྒྱས་པར་འདོད་ན། གདན་བཞི་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་གསེར་མདོག་ཅན་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་མཐིལ་ན་ཚེ་རྒྱས་པའི་བུམ་པ་སེར་པོ་བསྣམས་པ། ༈ །རིག་མ་སོགས་དབང་དུ་བསྡུ་བར་འདོད་ན། གདན་ལྔ་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་ཧཱུྃ་སྒྲ་སྒྲོགས་མ་སྐུ་མདོག་དམར་སེར་གཡས་མཆོག་སྦྱིན་གྱི་མཐིལ་ན་ཡིད་འཕྲོག་པའི་བུམ་པ་བསྣམས་པ། ༈ །འབྱུང་པོ་འདུལ་བར་འདོད་ན། གདན་དྲུག་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་སྐུ་མདོག་དམར་ནག་གཡས་མཆོག་སྦྱིན་གྱི་མཐིལ་ན་འབྱུང་པོ་མྱོས་པར་བྱེད་པའི་བུམ་པ་བསྣམས་པ། ༈ །གཞན་གྱི་རིག་སྔགས་ཟློག་པར་འདོད་ན། གདན་བདུན་པ་ལ་སྐད་

p. 26

ཅིག་གིས་རྗེ་བཙུན་མ་གཞན་གྱི་མཐུ་འཇོམས་མ་སྐུ་མདོག་ནག་མོ་ཅུང་ཟད་ཁྲོ་བ་གཡས་མཆོག་སྦྱིན་གྱི་མཐིལ་ན་རིག་སྔགས་ཟློག་པར་བྱེད་པའི་བུམ་པ་བསྣམས་པ། ༈ །བདུད་དང་དགྲ་གཉིས་འཇོམས་པར་འདོད་ན། གདན་བརྒྱད་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་བདུད་དགྲ་འཇོམས་མ་སྐུ་མདོག་དམར་ནག་གཡས་མཆོག་སྦྱིན་གྱི་མཐིལ་ན་དགྲ་འཇོམས་པའི་བུམ་པ་བསྣམས་པ། ༈ །འཇིགས་པ་སྐྱོབ་པར་འདོད་ན། གདན་དགུ་པ་ལ་རྗེ་བཙུན་མ་དཀོན་མཆོག་གསུམ་མཚོན་སྐུ་མདོག་དཀར་མོ་གཡས་མཆོག་སྦྱིན་གྱི་མཐིལ་ན་འཇིགས་པ་སྐྱོབ་པའི་བུམ་པ་བསྣམས་པ། ༈ །འཇིག་རྟེན་དབང་དུ་བསྡུ་བར་འདོད་ན། གདན་བཅུ་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་བདུད་འཇོམས་ཤིང་འཇིག་རྟེན་དབང་དུ་སྡུད་མ་སྐུ་མདོག་དམར་མོ་གཡས་མཆོག་སྦྱིན་གྱི་ཕྱག་མཐིལ་ན་བདུད་འཇོམས་ཤིང་དབང་དུ་སྡུད་པའི་བུམ་པ་བསྣམས་པ། ༈ །དབུལ་བ་སེལ་བར་འདོད་ན། གདན་བཅུ་གཅིག་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་འགུགས་ཤིང་ཕོངས་པ་སེལ་མ་སྐུ་མདོག་གསེར་བཙོ་མ་ལྟར་དམར་སེར་དུ་འདུག་པ་གཡས་མཆོག་སྦྱིན་གྱི་མཐིལ་ན་ཕོངས་པ་སྐྱོབ་པའི་བུམ་པ་བསྣམས་པ། ༈ །བཀྲ་ཤིས་པར་འདོད་ན། གདན་བཅུ་གཉིས་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་བཀྲ་ཤིས་པར་མཛད་མ་སྐུ་མདོག་དམར་སེར་གཡས་མཆོག་སྦྱིན་གྱི་མཐིལ་ན་བཀྲ་ཤིས་པར་མཛད་པའི་བུམ་པ་བསྣམས་པ། ༈ །དགྲའི་དཔུང་འཇོམས་པར་འདོད་ན། གདན་བཅུ་གསུམ་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་མེ་ལྟར་འབར་མ་སྐུ་མདོག་དམར་མོ་གཡས་མཆོག་སྦྱིན་གྱི་མཐིལ་ན་དགྲ་འཇོམས་པའི་བུམ་པ་བསྣམས་པ། ༈ །བགེགས་ལ་བསྣུན་པར་འདོད་ན། གདན་བཅུ་བཞི་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་ཁྲོ་གཉེར་ཅན་སྐུ་མདོག་ནག་མོ་ཁྲོ་གཉེར་ཅུང་ཟད་ཙམ་ཡོད་པ་གཡས་མཆོག་སྦྱིན་གྱིས་བགེགས་ལ་བསྣུན་པའི་བུམ་པ་བསྣམས་པ། ༈ །སྡིག་པ་ཞི་བར་འདོད་ན། གདན་བཅོ་ལྔ་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་ཞི་བ་ཆེན་མོ་སྐུ་མདོག་དམར་མོ་གཡས་མཆོག་སྦྱིན་གྱི་མཐིལ་ན་སྡིག་པ་ཞི་བར་བྱེད་པའི་བུམ་པ་བསྣམས་པ། ༈ །ཤེས་རབ་འཕེལ་ཞིང་རྩོད་པ་ལས་རྒྱལ་བར་འདོད་ན། གདན་

p. 27

བཅུ་དྲུག་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་རིག་པ་ཧཱུྃ་ལས་སྒྲོལ་མ་སྐུ་མདོག་དམར་མོ་གཡས་མཆོག་སྦྱིན་གྱི་མཐིལ་ན་རིག་སྔགས་འཕེལ་བར་བྱེད་པའི་བུམ་པ་བསྣམས་པ། ༈ །བདུད་དང་བར་ཆད་གནོན་པར་འདོད་ན། གདན་བཅུ་བདུན་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་འཇིག་རྟེན་གཡོ་བ་སྐུ་མདོག་དམར་སེར་གཡས་མཆོག་སྦྱིན་གྱི་མཐིལ་ན་རིག་སྔགས་གནོན་པའི་བུམ་པ་བསྣམས་པ། ༈ །ཀླུའི་ཚོགས་ཀྱི་དུག་ཞི་བར་འདོད་ན། གདན་བཅོ་བརྒྱད་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་དུག་ནད་ཞི་ཞིང་སེལ་བར་བྱེད་མ་སྐུ་མདོག་དཀར་མོ་གཡས་མཆོག་སྦྱིན་གྱི་མཐིལ་ན་དུག་ནད་སེལ་བར་བྱེད་པའི་བུམ་པ་བསྣམས་པ། ༈ །རྩོད་པ་དང་རྨི་ལམ་ངན་པ་སེལ་བར་འདོད་ན། གདན་བཅུ་དགུ་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་རྩོད་དང་རྨི་ལམ་ངན་པ་སེལ་མ་སྐུ་མདོག་དཀར་མོ་གཡས་མཆོག་སྦྱིན་གྱི་མཐིལ་ན་རྩོད་དང་རྨི་ལམ་ངན་པ་སེལ་བའི་བུམ་པ་བསྣམས་པ། ༈ །རིམས་ནད་སྲུང་བར་འདོད་ན། གདན་ཉི་ཤུ་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་རིམས་ནད་སེལ་མ་སྐུ་མདོག་དམར་སེར་གཡས་མཆོག་སྦྱིན་གྱི་མཐིལ་ན་རིམས་ནད་སེལ་བའི་བུམ་པ་བསྣམས་པ། ༈ །རྣལ་འབྱོར་པས་ཕྲིན་ལས་སྣ་ཚོགས་སྒྲུབ་པར་འདོད་ན། གདན་ཉེར་གཅིག་པ་ལ་སྐད་ཅིག་གིས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་མཐིལ་ན་ཕྲིན་ལས་སྣ་ཚོགས་སྒྲུབ་པའི་བུམ་པ་བསྣམས་པ། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལ་བསྣམས་པ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་ཅིང༌། པད་ཟླའི་གདན་ལ་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྷ་རང་རང་གི་མདོག་ཅན་གྱི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྗེ་བཙུན་མ་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲང༌། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་རང་རང་སོ་སོའི་དམ་ཚིག་པ་རྣམས་དང་གཉིས་སུ་མེད་པར་

p. 28

གྱུར། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲང༌། མཆོད། འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཞིང་བུམ་པའི་ཆུས་དབང་བསྐུར་བས་ལུས་གང་དྲི་མ་ཐམས་ཅད་དག་བདེ་བ་ཆེན་པོ་མྱོང་ངོ༌། །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་རེ་རེས་རྒྱས་གདབ་ཅིང་དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ཏེ། ཆུ་གཉིས་ཉེར་སྤྱོད་སོགས་ནས་ཡན་ལག་བདུན་པའི་བར་དང༌། ཕྱག་འཚལ་ཉི་ཤུ་རྩ་གཅིག་གིས་བསྟོད་པར་བྱའོ། །དེ་ནས་ལྷ་རྣམས་ལ་དམིགས་པའི་རྣམ་པ་གསལ་བ་དང༌། ང་རྒྱལ་བརྟན་པ་དང༌། དེའང་རྣམ་པ་ལྷར་གསལ་བ་དང༌། ངོ་བོ་རང་བཞིན་མེད་པར་ངེས་པའི་ཟབ་གསལ་གཉིས་མེད་ལ་བསླབ་བོ། །སྒོམ་པས་སྐྱོ་ན་བཟླས་པ་བྱ་བ་ནི། ལྷ་རྣམས་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་ལྷ་རང་རང་གི་མདོག་ཅན་གྱི་ཏཱྃ་ཡིག་གི་མཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བར་ཕྱེ་ནས། ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པའི་དམིགས་པ་སོ་སོར་གསལ་བར་བྱ་ཞིང༌། ལྷ་དེ་དང་དེ་ལ་ང་རྒྱལ་བཞག་ནས་བཟླས་པ་བྱའོ། །བཟླ་བྱའི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གཙོ་མོ་ལ་གསང་སྔགས་ཡི་གེ་བཅུ་པ་འདི་ཁོ་ནའོ། །གཞན་ལྷ་མོ་ཉེར་གཅིག་ལ་ནི་སྭཱ་ཧཱའི་གོང་དུ་སྤེལ་ཚིག་སྦྱར་བས་བཟླ་དགོས་པས་འདི་ལྟར། དང་པོ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཝ་ཤཾ་ཀུ་རུ་སྭཱ་ཧཱ།«་་་་་དབང་དུ་མཛོད། ཅེས་སོ།» །དེ་བཞིན་དུ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ།«་་་་་ཞི་བར་མཛོད། ཅེས་སོ།» །པུཥྚིཾ་ཀུ་རུ་སྭཱ་ཧཱ།«་་་་་རྒྱས་པར་མཛོད། ཅེས་སོ།» །ཨཱ་ཡུརྫྙཱ་ན་ཧྲཱིཿབྷྲཱུྃ་སྭཱ་ཧཱ།«་་་་་ཚེ་དང་ཡེ་ཤེས་སྩོལ། ཅེས་སོ།» །ཆེ་གེ་མོ་ཨཱ་ཀརྵ་ཡ་ཧྲཱིཿ«་་་་་རིག་མ་སོགས་ཁུག ཅེས་སོ།» །སརྦ་དུཥྚིཾ་ཚུ་ལུ་སྭཱ་ཧཱ།«་་་་་གདུག་པ་ཐམས་ཅད་མྱོས་སུ་ཆུག ཅེས་སོ། »།རྦད་འདྲེ་རྦོད་གཏོང་སརྦ་ཝ་ར་ཎ་ཡེ་བྷྱཿསྭཱ་ཧཱ།«་་་་་རྦད་འདྲེ་རྦོད་གཏོང་ཐམས་ཅད་ཟློག ཅེས་སོ།» །བདུན་ཚན་དང་པོའོ། །ཨ་མུ་ཀ་ཤ་ཏཱུ་མཱ་ར་ཡ་ཕཊ།«་་་་་བདུད་དང་དགྲ་བོ་ཆེ་གེ་མོ་ཁོས། ཞེས་པའོ།» །གནོད་པ་སརྦ་རཀྵ།«་་་་་གནོད་པ་ཐམས་ཅད་སྲུངས་ཤིག ཅེས་པའོ།» །སརྦ་མཱ་ར་པྲ་མརྡྷ་ཡ་

p. 29

«བདུད་དཔུང་ཐམས་ཅད་རབ་ཏུ་ཆོམས། ཞེས་པའོ།་་་་་»ཧཱུྃ་ཕཊ། «།ནོར་འཛིན་པའི་གཞི་ཚུགས། ཞེས་པའོ།་་་་་»བ་སུ་དྷ་ར་སྭཱ་ཧཱ། མངྒ་«་་་་་བཀྲ་ཤིས་མཛོད་ཅིག་གཞི་ཚུགས། ཞེས་པའོ།» ལཾ་ཀུ་རུ་སྭཱ་ཧཱ། སྥོ་ཊ་ཡ་བྷ་སྨིཾ་«་་་་་འདི་ཕྱེ་མར་མཛོད། ཅེས་པའོ།» ཀུ་རུ་སྭཱ་ཧཱ། བཛྲ་«་་་་་རྡོ་རྗེ་ཆེན་པོའི་ཞབས་ཀྱིས་སྣུན། ཅེས་པའོ།» མ་ཧཱ་པཱ་ད་ཡ་བྷ་སྨིཾ་ཀུ་རུ་སྭཱ་ཧཱ། བདུན་ཚན་གཉིས་པའོ། «།སྡིག་པ་ཐམས་ཅད་རབ་ཏུ་ཞི་བའི་གཞི་ཚུགས། ཞེས་པའོ།་་་་་»།སརྦ་པཱ་པཾ་པྲ་ཤ་མ་ན་ཡེ་སྭཱ་ཧཱ། «ཆོས་ཐམས་ཅད་རབ་ཏུ་ཤིན་ཏུ་རྣམ་པར་དག་པའི་གཞི་ཚུགས། ཞེས་པའོ།་་་་་»སརྦ་དྷརྨཱ་པྲཱ་ཏི་ཤུདྡྷ་ཡེ་སྭཱ་ཧཱ། སརྦ་སྟམྦྷ་«་་་་་མནན་པ་ཐམས་ཅད་ངེས་པར་གྲོལ་བའི་གཞི་ཚུགས། ཞེས་པའོ།» ནི་ཏཱ་རེ་སྭཱ་ཧཱ། སརྦ་ནཱ་ག་བི་«་་་་་ཀླུའི་དུག་ཐམས་ཅད་ཞི་བར་མཛོད། ཅེས་པའོ།» ཥ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མུརྩཱ་«་་་་་རྩོད་པ་ཐམས་ཅད་སེལ་བའི་གཞི་ཚུགས། ཞེས་པའོ།» པ་ན་ཡ་སྭཱ་ཧཱ། བྷཱི་སྭ་རི་སྭཱ་ཧཱ།«་་་་༌།འཇིགས་པ་ཐམས་ཅད་སེལ་བའི་གཞི་ཚུགས། ཞེས་པའོ།» ཨོཾ་ཏཱ་རེ་ཏུཏྟཱ་རེ་སརྦ་སིདྡྷི་སྭཱ་ཧཱ།«་་་་་དངོས་གྲུབ་ཐམས་ཅད་སྩོལ། ཅེས་པའོ།» བདུན་ཚན་གསུམ་པའོ། །དེ་རྣམས་ལྷ་མོ་ཉེར་གཅིག་སོ་སོའི་ཐུགས་ཀར་བཀོད་པ་ལ་ཡི་གེ་འབུམ་ཕྲག་བཟླས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་ཞེས་གསུངས་པས་ལྷ་སོ་སོ་ལ་རབ་འབུམ་ཕྲག་བཅུ། འབྲིང་ལྔ། ཐ་མའང་འབུམ་ཕྲག་རེ་བཟླས་པའི་བསྙེན་པ་བྱ་ཞིང་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །མཆོད་བསྟོད་བྱ་ཞིང་བསྔོ་བ་སྨོན་ལམ་འདོད་དོན་ལ་གསོལ་གདབ་རྣམས་རྒྱས་པར་བྱའོ། །ཉེར་བསྡུ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལྷ་མོ་རྣམས་ལ་ཕོག་སྟེ། དེ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་འོད་གསལ་དུ་ཞུགས་པ་ལས་སླར་ཡང་རྗེ་བཙུན་མའི་སྐུར་བཞེངས་ཏེ། གང་སྣང་སྟོང་པ་བདེ་བ་ལྷ་སྐུའི་རྣམ་རོལ་དུ་འཆར་བ་ལ་བསླབ་བོ། །འདི་ནི་བསྙེན་པ་བྱེད་ཚུལ་བསྡུས་པ་སྟེ། རྒྱས་པ་ནི་ཇོ་བོའི་རྒྱ་གཞུང་ལས་ཤེས་པར་བྱའོ། །འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པར་འདོད་པའི་རྣལ་འབྱོར་པས་བསྙེན་པ་ལས་རུང་སོང་བས་གནས་ཁང་དུ་བདེ་བར་འདུག་ཅིང༌། སྟན་ལ་སོགས་པའི་སྟེང་དུ་མཎྜ་ལར་པདྨ་འདབ་བརྒྱད་ཉི་ཤུ་རྩ་གཅིག་བྲིས་པའི་ལྟེ་བ་རྣམས་སུ་ཟླ་བའི་གདན་ལ་རང་རང་གི་མདོག་ཅན་གྱི་བུམ་པའམ་ཏཱྃ་ཡིག་རེ་བྲིས་ལ། མཐར་མཆོད་གཏོར་བཟང་པོས་བསྐོར་བར་བྱའོ། །བུམ་པ་ནང་རྫས་མགུལ་ཆིངས་ཁ་རྒྱན་དང་བཅས་པ་རབ་ཉེར་གཅིག འབྲིང་བདུན།

p. 30

ཐ་མ་རྣམ་རྒྱལ་དང་ལས་བུམ་གཉིས་ཀྱི་མདུན་དུ་མཆོད་པ་དང་བཅས་པ་བཤམ། སློབ་དཔོན་གྱིས་བདག་མདུན་བུམ་གསུམ་བསྒྲུབས་ལ་མཆོད་བསྟོད་རྒྱས་པར་བྱས་ཏེ་ལྷ་རྣམས་ལ་གསོལ་བ་བཏབ་པས། དེ་རྣམས་ཀྱི་གནས་གསུམ་ལས་ཡི་གེ་གསུམ་འོད་ཟེར་དང་བཅས་པ་བྱོན་ནས་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པར་བསྒོམ་པ་ནི་བདག་འཇུག་གོ །དེ་ནས་སློབ་མ་མཚན་ཉིད་དང་ལྡན་པ་རྣམས་ཁྲུས་བྱས། ཕྱག་བཙལ། མཎྜལ་ཕུལ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཞེས་སོགས་ཀྱིས་ལན་གསུམ་གསོལ་བ་གདབ། སྤྱི་དང་བྱེ་བྲག་གི་ཆོས་བཤད་དེ་ཀུན་སློང་བཅོས། ཁྱིམ་པ་ཡིན་ན་སྔོན་དུ་བསྙེན་གནས་ཀྱི་སྡོམ་པ་སྦྱིན། ཐེག་ཆེན་ཐུན་མོང་བའི་སྡོམ་པ་འཛིན་པའི་དམིགས་པ་རྣམས་བརྡ་སྤྲད་དེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་གསུམ་གྱིས་སྡོམ་པ་སྦྱིན། གདམས་པ་དངོས་ཀྱི་ལོ་རྒྱུས་དང༌། ཡི་དམ་ལྷའི་སྐུ་ཆེ་བའི་ཡོན་ཏན་རྣམས་བརྗོད་དེ་དད་པ་ལྷག་པར་བསྐྱེད་དུ་འཇུག་གོ །རྗེས་གནང་དངོས་གཞི་ནི། བདག་མདུན་གྱི་ལྷ་ལ་སངས་རྒྱས་བྱང་སེམས་རྩ་བརྒྱུད་ཀྱི་བླ་མས་བསྐོར་བ་མངོན་སུམ་དུ་ཡོད་པར་སློབ་མ་ལ་བརྡ་སྤྲད་དེ་གསོལ་བ་འདེབས་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་རྗེ་བཙུན་སྒྲོལ་མ་ཡི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་རྣམས་ཡི་གེ་བཅུ་པའི་སྔགས་དང་ལས་བུམ་གྱི་ཆུས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་མེ་རི་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བའི་སྟེང་དུ་སྐད་ཅིག་གིས་མྱུར་ཞིང་དཔའ་བོ་སྒྲོལ་མ་སྐུ་མདོག་དམར་མོ་སོགས། སོ་སོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སོགས་གསོལ་བཏབ་ལ་སྒོམ་དུ་གཞུག བདག་མདུན་གྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་

p. 31

བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས་གསང་སྔགས་ཀྱི་ལྷ་ཚོགས་རྗེ་བཙུན་མ་དང་བཅས་པའི་སྐུ་རྡོ་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་སྐུའི་རྗེ་བཙུན་མ་སྐུ་མདོག་དཀར་མོ། ཨོཾ་དཀར་པོའམ་འཁོར་ལོ་དཀར་པོ་བདུད་རྩི་དཀར་པོ་འོད་ཟེར་འཕྲོ་བ་དང་བཅས་པ་གང་རུང་ནམ་མཁའི་ཁམས་གང་བ་ཆེ་བ་རི་རབ་ཙམ་ནས་ཆུང་བ་ཡུངས་འབྲུ་ཙམ་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ་སྤྱན་དྲངས། སློབ་མའི་ལུས་ལ་མཚོ་ལ་ཁ་བ་བབས་པ་དང༌། བྱེ་ཚན་ལ་ཆར་བབས་པ་བཞིན་སིབ་སིབ་ཐིམ་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག སྐུ་ཡི་རྡོ་རྗེའི་རྗེས་གནང་ཐོབ། རྗེ་བཙུན་མའི་སྐུ་དང་དབྱེར་མེད་དུ་གྱུར། དཔྲལ་བར་ཟླ་བའི་སྟེང་དུ་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་དཀར་པོས་མཚན་པར་མོས་པ་གྱིས་ཤིག ཅེས་བརྗོད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཝ་ཤཾ་ཀུ་རུ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དབང་བསྐུར། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་རྗེ་བཙུན་མའི་ལྷ་ཚོགས་རྣམས་ཀྱི་སྐུ་རྡོ་རྗེའི་བྱིན་རླབས་ཐམས་ཅད་སློབ་མའི་ལུས་ལ་འཇུག་པར་གྱུར་ཅིག སྐུ་རྡོ་རྗེའི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་འཐོར། སྐུའི་རྗེས་གནང་ངོ༌། །དེ་བཞིན་དུ། སྐུའི་ཞེས་པའི་གནས་སུ་གསུང་གི་ཞེས་པ་བཅུག་ནས་གསོལ་བ་ལན་གསུམ་གདབ། བདག་མདུན་གྱི་མགྲིན་པའི་ཨཱཿལས་འོད་ཟེར་འཕྲོས་པས། སངས་རྒྱས་བྱང་སེམས་ནས། རྗེ་བཙུན་མའི་ལྷ་ཚོགས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་གསུང་གི་རྗེ་བཙུན་མ་དམར་མོ། ཨཱཿདང་པདྨ་དང་བདུད་རྩི་དང་འོད་ཟེར་དམར་པོ་གང་རུང་ནམ་མཁའི་ཁམས་གང་བ་ཉི་ཟེར་གྱི་རྡུལ་ལྷགས་པ་བཞིན་དུ་སྤྱན་དྲངས། སློབ་མའི་མགྲིན་པར་ཐིམ་པས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི་ཐོབ་པའི་ནུས་པ་བཞག གསུང་རྡོ་རྗེའི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོས་མཚན་པར་གྱུར། སྙིང་པོའི་མཇུག་ཏུ།

p. 32

ཝཱཀ་བཛྲ་ཨ་བྷི་ཥིཉྩ་ཨཱཿསྭཱ་ཧཱ། ལན་གསུམ་གྱིས་དབང་བསྐུར། རྩ་བརྒྱུད་ཀྱི་བླ་མ་ནས་རྗེ་བཙུན་མའི་ལྷ་ཚོགས་རྣམས་ཀྱི་གསུང་རྡོ་རྗེའི་བྱིན་རླབས་ཐམས་ཅད་སློབ་མའི་ངག་ལ་འཇུག་པར་གྱུར་ཅིག གསུང་རྡོ་རྗེའི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་འཐོར། གསུང་གི་རྗེས་གནང་ངོ༌། །ཐུགས་ཀྱི་དོན་དུ། ཐུགས་ཀྱི་རྡོ་རྗེ་སློབ་དཔོན་གྱིས་ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ། བདག་མདུན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་པས། སངས་རྒྱས་བྱང་སེམས་ནས། རྗེ་བཙུན་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྡོ་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐུགས་ཀྱི་རྗེ་བཙུན་མ་སྔོན་མོ། ཧཱུྃ་དང་རྡོ་རྗེ་བདུད་རྩི་འོད་ཟེར་སྔོན་པོ་རྣམས་གང་རུང་ནམ་མཁའི་ཁམས་གང་བ་ཆར་ཆེན་པོ་བབས་པ་བཞིན་དུ་སྤྱན་དྲངས། སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག ཐུགས་རྡོ་རྗེའི་རྗེས་གནང་ཐོབ། ཐུགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས། སྙིང་གར་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་སྔོན་པོས་མཚན་པར་བསམས་ལ། སྙིང་པོའི་མཇུག་ཏུ། ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ལན་གསུམ་གྱིས་དབང་བསྐུར། རྩ་བརྒྱུད་ཀྱི་བླ་མ་ནས། རྗེ་བཙུན་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྡོ་རྗེའི་བྱིན་རླབས་ཐམས་ཅད་སློབ་མའི་ཡིད་ལ་འཇུག་པར་གྱུར་ཅིག ཐུགས་རྡོ་རྗེའི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་ཅིག ཅེས་བརྗོད་མེ་ཏོག་འཐོར། ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་ལྷ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་གསུམ་བྱོན་ནས་སློབ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ་པས། ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་བརླབས་པ་བརྟན་པར་བྱ། ཨོཾ་ཨཱཿཧཱུྃ་བརྗོད་ལ་མེ་ཏོག་འཐོར། དེ་ནས་སྔགས་ཀྱི་རྗེས་གནང་གི་དོན་དུ། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །བླ་མས་ལྷ་ལ་གསོལ་བ་གདབ། སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ་གསོལ་བ་བཏབ་པས། བླ་མའི་ཐུགས་ཀའི་སྔགས་ཕྲེང་ཐུགས་ཀ་ནས་བརྒྱུད་ཞལ་

p. 33

ནས་བྱུང་བ་སློབ་མའི་ཁ་ནས་ཞུགས། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་གི་མཐར་སྔགས་ཕྲེང་འོད་ཟེར་དང་བཅས་པ་གཡས་སྐོར་དུ་འཁོར་བར་བསམས་ལ་སོ་སོའི་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་གསུམ་བྱའོ། །དེ་ནི་བགེགས་ཀྱི་བར་ཆད་ཞི་བ་དང༌། ཞི་སོགས་ཀྱི་དངོས་གྲུབ་སྒྲུབ་པའི་ཕྱིར་སྔགས་ཀྱི་རྗེས་གནང་ངོ༌། །དེ་ནས་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་དབང་གི་ལྷ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཨརྒྷཾ་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་ལ་སོགས་པའི་ཆར་འབེབས། ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་དབང་བསྐུར། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་བརྗོད། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཞེས་པའི་ཚིག་དང་སྙིང་པོའི་མཇུག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུྃ། ཞེས་པས་སོ་སོའི་བུམ་པས་སྤྱི་བོ་ནས་དབང་བསྐུར། བཀྲུ་བ་དང་འཐུང་དུ་འཇུག་གོ །དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར་བས་ལུས་གང༌། དྲི་མ་དག བདེ་བ་ཆེན་པོ་མྱོང༌། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང་དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར་པར་བསམ་པ་ནི་བརྟན་བྱེད་ཀྱི་ཆུ་དབང་ངོ༌། །མཎྜལ་དབུས་ཀྱི་རྡུལ་ཚོན་ནམ་མེ་ཏོག་སྤྱི་བོར་བཞག་ལ་ལྷ་མོ་དངོས་སུ་སློབ་མའི་ལུས་ལ་ཐིམ་པར་བསམས་ལ། དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་མ་ཐོབ་བར། །ཡི་དམ་ལྷ་སྲུང་ཞུགས་ནས་ཀྱང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། དེ་ནི་ལྷ་བསྟིམས་པའི་རྗེས་གནང་ངོ༌། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་ཚིག་

p. 34

དང་སྡོམ་པ་བསྲུང་བར་ཁས་བླང༌། རྒྱུན་དུ་རྗེ་བཙུན་མ་ཡི་དམ་དུ་བྱེད་པར་དམ་བཅའ། ཡོན་དང་མཎྜལ་ཕུལ། གཏང་རག་མཆོད་བསྟོད་རྒྱས་པར་བྱ་ཞིང་བསྔོ་བ་སྨོན་ལམ། ཉེར་བསྡུ་བཀྲ་ཤིས་དགའ་སྟོན་ལ་རོལ་པར་བྱའོ། །ཇོ་བོ་རྗེའི་ཐུགས་དམ་གྱི་ལྷ་རྗེ་བཙུན་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ་འདི་ནི་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་ངོར། བླ་མ་དམ་པའི་གསུང་རྒྱུན་བཞིན་དུ་ཤཱཀྱའི་དགེ་སློང་གྲུབ་དབང་སྔགས་རམ་པ་དགེ་འདུན་བཀྲ་ཤིས་ཀྱིས་གནས་མཆོག་རྒྱལ་གྱི་ལྷ་ཞོལ་ཐོས་བསམ་གླིང་དུ་སྦྱར་བའི་དགེ་བས་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།

སྲད་རྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་གྱི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ།

p. 35

སྲད་རྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་གྱི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ་བཞུགས་སོ།།

p. 36

ཨོཾ་སྭ་སྟི། མི་མཐུན་ཀུན་ཞི་ཕན་བདེའི་འདོད་འཇོ་མཁན། །ལྷ་མོ་རི་ཁྲོད་མ་ལ་གུས་བཏུད་ནས། །དེ་ཡི་སྒྲུབ་ཐབས་ཡིད་ཆེས་མན་ངག་བཅས། །བླ་མའི་གསུང་བཞིན་འདིར་ནི་བྲི་བར་བྱ། །དེ་ལ་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང་འདིའི་རྗེས་གནང་མན་ངག་ཐོབ་པའི་རྣལ་འབྱོར་པས་སྒོམ་བཟླས་བྱ་བ་ལ། ཐོག་མར་སྐྱབས་སེམས་སྤྱི་དང་འདྲ་བར་བྱས། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དང༌། མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཉིད་ཀྱི་རྣམ་པར་ཤེས་པ་པྃ་ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གསུམ་ཕྱག་དྲུག་མ་རྩ་ཞལ་གསེར་གྱི་མདོག་ཅན། གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་དཀར་པོ་དཀྲིས་པ། ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་པ། གཉིས་པས་དགྲ་

p. 37

སྟྭ་འདེབས་པའི་ཚུལ་དུ་མཛད་པ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོས་རྡོ་རྗེ་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། གཉིས་པས་ཤིང་ལོ་གསར་པའི་སྦྲང་གཡབ་གཡོབ་པ། གསུམ་པས་གཞུ་བསྣམས་པ། ཞབས་གཡས་ཀྱི་རྟིང་པས་འོག་ཕྱོགས་བརྟེན་ཅིང་པུས་མོ་གདན་དུ་བཙུགས་པ། གཡོན་བཞེངས་སྟབས་སུ་བཞུགས་པ། དར་དཀར་པོའི་སྟོད་གཡོགས་དང༌། ཤིང་ལོ་གསར་པའི་སྨད་གཡོགས་ཅན། སྦྲུལ་དཀར་པོའི་ཕྲེང་བས་སེ་རལ་ཁ་བྱས་པ། དེའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རྗེ་བཙུན་མ་ནག་མོ། མགྲིན་པར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རྗེ་བཙུན་མ་དམར་མོ་སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིགས་གསུམ་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་སོགས་ཤློ་ཀ་གསུམ་མམ་དང་པོ་གང་རུང༌། ཨོཾ་པརྞ་ཤཱ་བ་རི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛཿཛཿཛཿ འདི་གསུམ་མམ་ཉེར་གཅིག་སྐབས་སྦྱར་བྱེད་གསུངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར།

p. 38

སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྒོ་གསུམ་གྱི་དྲི་མ་དག ཆུ་ལྷག་མ་སྤྱི་བོར་ལུད་པ་ལས་རིགས་གསུམ་ག་ལ་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། མཆོད་རྫས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག་ཅེས་པ་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ་ནས། ཨོཾ་ཤབྡ་ཨཱཿཧཱུྃ་གི་བར་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་མཆོད་ལྷ་སྤྲོས་ཏེ། ཨོཾ་པརྞ་ཤཱ་བ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་ལས་ཤཱ་བ་རཱི། །ལྷ་མོ་གང་གིས་བསྒྲུབས་པས་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རིགས་སོ་སོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་ས་བོན་གྱི་མཐར་རང་རང་གི་སྐུ་མདོག་དང་མཚུངས་པའི་སྔགས་ཕྲེང་གིས་བསྐོར་བའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་རང་འདྲའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། ནད་བདག་གི་ལྷ་མོ་ནད་དང་བཅས་པ་རྣམས་སྐུའི་འོད་ཟེར་གྱིས་བསྲེགས་ཞལ་དུ་གསོལ། ཕྱག་མཚན་གྱིས་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག ཡང་སྐུ་ལས་འོད་ཟེར་འཕྲོས། ལྷག་མའང་བསྲེགས། ཐལ་བ་རྣམས་རླུང་གིས་བསྐྱོད། སླར་ཡང་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས་པའི་རྩེ་ལས་བདུད་རྩིའི་རྒྱུན་བབས་ནས་དྲི་མ་བག་ཆགས་ཙམ་ཡང་མེད་པར་

p. 39

དག་པར་བསམས་ལ། ཨོཾ་པི་ཤ་ཙི་པརྞ་ཤཱ་བ་རཱི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ཨོཾ་ཐིཾ་ཐ་ར་ཏེ་སུ་དུནྟེ་ཛྭ་ལ་སཾ་བྷ་རཾ་སྭཱ་ཧཱ། ཨོཾ་ཀུན྄་དྷེ་ཀུན྄་བྷ་ན྄་ལཾ་བྷྲཱུྃ་ཤལ་ཤལ། དུག་སོད། རྒྱུ་གཟེར་སོད་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླ། འདིར་མ་གཏོགས་ཀྱང་རིམས་ལ་སྔགས་འདི་བཟླ་སྲོལ་ཡོད་པས། ཨོཾ་དཾ་བྷྱོཿ ཡག་བྷྱོཿ འབྲས་གཟེར་བྷྱོཿ འབྲུམ་གཟེར་བྷྱོཿ སྙིང་གཟེར་བྷྱོཿ ལྷོག་གཟེར་བྷྱོཿ རྒྱུ་གཟེར་བྷྱོཿ མཱ་ར་ཡ་ཁ་དཾཿ ཡང༌། ཨོཾ་ཚི་རྟུལ་རྟུལཿ རྨུགས་ཤིག་ཤིགཿ ཧྲི་རཾ་ཙག་ཏྲི་ཡཿ རྦད་མ་ལ་ཡ་རྦདཿ སརྦ་མ་ལ་ཡ་རྦདཿ ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཀྱང་བཟླ། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་ཟླུམ་པོའམ་སྙིང་གཟུགས་གསུམ་གཅིག་གང་རུང་བཤམ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཧཱུྃ་ཕཊ་སྭཱ་ཧཱ། གསུམ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྠ་སཱ་དྷ་ནི་ཧཱུྃ་ཕཊ། ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཏོར་མགྲོན་གྱི་ལྷ་མོ་སྤྱན་དྲང༌། ལྗགས་རྡོ་རྗེ་འོད་ཟེར་གྱི་སྦུ་གུས་གསོལ་བར་བསམས་ལ། ཨོཾ་པི་ཤཱ་ཙི་པརྞ་ཤཱ་བ་རཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་དབུལ། མཆོད་པ་དང་བསྟོད་པ་སྔར་བཞིན་བྱ། གཏོར་མགྲོན་རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་བྱ། བསྔོ་བ་དང་སྨོན་ལམ་ཤིས་བརྗོད་སོགས་སྤྱི་ལྟར་བྱའོ། །འདི་ལ་བརྟེན་པའི་ལས་ཚོགས་ཀྱི་རིམ་པ་ལ།། ༈ །བུ«༡»་མ་ཆོག་ལ་བརྟེན་པའི་རིམས་བསྲུང་ཞིང་མཚམས་གཅོད་པ་ནི། རང་གི་མདུན་དུ་སྟེགས་ཀྱི་སྟེང་སྣ་ཚོགས་པདྨའི་གདན་ལ་བུམ་པ་མཚན་ལྡན་མགུལ་ཆིངས། ཁ་རྒྱན། དུང་ཆོས། གཟུངས་རྡོར། ནང་བུམ་རྫས་ཉེར་ལྔའི་སྟེང༌། ཛཱ་ཏི། གླ་རྩི། ཤུ་དག་གསུམ་བསྣན་པ་བཏབ་པའི་ཆུས་གང་བ་བཞག དེའི་མདུན་དུ་མཆོད་པ་དང༌། གཏོར་

p. 40

མ་བཅས་བཤམ། དེ་ནས་རང་ཉིད་བདག་བསྐྱེད་བཟླས་པ་ཡན་གྲུབ་རྗེས། མཆོད་པ་བསང་སྦྱང་བྱིན་རླབས་སྔར་བཞིན་བྱ། དེ་ནས་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་རིང་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བ། དེའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དང༌། ཞེས་པ་ནས། མཆོད་བསྟོད་བཟླས་པའི་བར་སྔར་ལྟར་ལས་རང་ཉིད་ཅེས་པའི་ཚིག་ཕྲད་འདོར་དགོས་པའི་རིགས་དོར། གཏོར་མགྲོན་ཟུར་དུ་སྤྱན་འདྲེན་མི་དགོས། བུམ་པའི་ལྷ་ལ་དབུལ་བ་དང་མཆོད་བསྟོད་སྔར་བཞིན་བྱ། བུམ་པའི་ལྷ་དམ་ཡེ་དབྱེར་མེད་དུ་བཞུ་བའམ། ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བས་བུམ་པའི་ཆུ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད་དེ་ཆུ་ལྷ་མོ་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་མོས། དེ་ལྟར་བསྒྲུབས་པའི་བུམ་ཆུ་གནས་ཁང་གི་ཕྱི་ནས་རིམ་བཞིན་འཐོར། དམིགས་པ་ནི། རི་ཁྲོད་མ་གསུམ་གྱི་སྐུ་དཔག་མེད་སྤྲོས། དེ་དག་གིས་ནད་ཀྱི་ལྷ་མོ་ནད་དང་བཅས་པ་ཐམས་ཅད་ཕྱག་མཚན་གྱིས་བཅད་ཅིང་གཏུབས། ཞལ་དུ་གསོལ། མེས་བསྲེགས། བདུད་རྩིས་བཀྲུས། ཕྱོགས་མཚམས་ནས་དབུས་སུའང་བསྡུས་ཏེ། བུམ་ཆུ་མང་ཙམ་བླུགས། རི་ཁྲོད་མ་བསྐྱེད། སྐུ་དཔག་མེད་སྤྲོས། གཏུབ། བསྲེག བཀྲུ་བ་སོགས་བྱ། ནད་པ་ཡོད་ན་སྦྱིན་ནོ།། ༈ །གག་ལྷོག་གཟེར་གསུམ་ལ་སོགས་རིམས་ཀྱི་རིགས་མཐའ་དག་བསྲུང་བའི་གཙོ་བོ་བརྒྱད་ཐོད«༢»་ལ་བརྟན་པ་ནི། རྫས་གཙོ་བོ་རྒྱུ་གཟེར་གྱིས་ཤི་བའི་ཁྱེའུ་ལོ་བརྒྱད་པའི་ཐོད་པ་སྟེ། དེ་ཡང་གླ་བའི་རིལ་མ་ཙམ་གྱི་ཐོད་ཚལ་ལ་ཛྭ་ཏིའི་ཆུ་བྱུགས། གྲིབ་སྐམ་བྱ། དེ་བཞིན་དུ་གླ་རྩིའི་ཆུ་དང༌། དེ་སྟེང་ཡང་ཤུ་དག་གི་ཆུ་བྱུགས། རྫས་སོ་སོ་བྱུགས་པའི་སྟེང་སྔགས་མང་དུ་བཏབ། ཡང་ཐོད་ཚལ་གླ་རིལ་ཙམ་དང༌། ཛཱ་ཏི། གླ་རྩི། ཤུ་དག་རྣམས་ཞིབ་པར་

p. 41

བརྡུངས་ཏེ་མར་དང་བསྲེས། སྔགས་བཏབ། གོང་གི་ཐོད་ཚལ་བཅུ་འགྱུར་ཙམ་གྱི་དཀར་གོང་སྲིན་མེད་ངོ་འཇམ་པོ་གཅིག་ལའང་སྔགས་བཏབ། མར་གྱིས་དཀར་གོང་དང་ཐོད་པ་སྦྱར། དེའི་ཕྱི་མར་གྱིས་བཏུམས་པའི་སྟར་ཁ་ཆེ་བ་ཙམ་དེ་ལའང་སྔགས་བཏབ། དེ་ནས་རས་དཀར་པོ་དྲི་མེད་ཀྱིས་བཏུམ། དར་སྐུད་དམ་རས་སྐུད་ཀྱིས་ཁ་བཅིངས། དེ་ལའང་སྔགས་མང་དུ་བཏབ། དེ་ཉིད་ཆུ་མིག་གམ་ཆུ་ར་ལྟ་བུ་ལ་བཅུག་པས་ཆུ་འཐུང་བ་ཀུན་ལ་འགོ་མི་སྲིད་དོ། །ཐུམ་བུ་དེའང་ཆུ་ནང་དུ་ཞག་གསུམ་ཙམ་ལས་མང་བར་བཞག་ན་རུལ་ཡོང་བས་མི་དགོས་པའི་དུས་རས་ཀྱི་ཆུ་བསྐམས་ཏེ་པར་བུ་ལྟ་བུར་བཅུག་སྟེ་ནམ་དགོས་དུས་ལོངས་སྤྱད་པར་བྱའོ།། ༈ །གག་ལྷོག་གཟེར་གསུམ་ཆམ་པ་སོགས་ནད་རིགས་གང་ལའང་ཕན་པའི་སྨན་བ«༣»ཅོས་ལ། སྨན་ཁྱུང་ལྔ་ཡོངས་གྲགས་ལྟར་གྱི་སྟེང༌། གླང་ཆེན་གིའུ་ཝཾ། ཤིང་ཀུན། སྟག་ཤ་ནག་པོ། སྡིག་སྲིན། ཐར་ནུ། མ་ནུ། བྱི་ཐང་ཀ བཅུ་གང༌། བུ་རམ། གུ་གུལ། ཆུ་རྩ། ག་པུར། སུག་སྨེལ། ལི་ཤི། ཤ་ཆེན། བླ་མའམ་སྔགས་པ་ནུས་པ་ཅན་ནམ་དགེ་སློང་གཙང་མ་གང་རུང་གི་དྲི་ཆེན། དྲི་ཆུ། དེ་རྣམས་ཞིབ་བཏགས་རིལ་བུ་སྲན་མ་ཆུང་ཤོས་ཙམ་དྲིལ། གྲིབ་སྐམ། རིན་པོ་ཆེའི་སྣོད་དུ་རིལ་ཆགས་བྱས། རིལ་བུ་རྣམས་བུམ་པར་བླུག བདག་མདུན་བསྒྲུབ། སྔགས་མང་དུ་བགྲང༌། ཞུ་བ་ལས་བྱུང་བའི་རིལ་བུར་བསམ། ནད་སྟོབས་དང་བསྟུན་པའི་རིལ་བུ་གཅིག་གཉིས་ཙམ་བཏང་བས་ཕན་ནོ།། ༈ །ནད་རིམས་བསྲུ«༤»ང་ཞིང་མཚམས་གཅོད་པ་ནི། ལུང་པ་དང་གནས་གཞི་གང་ཡིན་དེའི་དབུས་སུ་རི་ཁྲོད་མ་བསྐྱེད། སྐུ་ལས་རང་འདྲ་དཔག་ཏུ་མེད་པ་སྤྲོས་པས། གཏུབས་གསོལ་བསྲེགས་བཀྲུས་ལ་སོགས་བྱས། སླར་ཡང་སྐུ་ལས་འོད་ཟེར་འཕྲོས་པས་པདྨ་དམར་པོའི་རྭ་གུར། དེའི་ཕྱིར་ཁྲོ་བོའི་རྡོ་རྗེ་སེར་ནག་གང་རུང༌། དེའི་ཕྱིར་ཁྲོ་ཆུ། དེའི་ཕྱིར་མེ་ཁ་དོག་ལྔ། དེའི་ཕྱིར་རླུང་ནག་འཚུབས་མའི་གུར་བསམ། བསྡུ་ན། པདྨ། རྡོ་རྗེ། མེའི་རྭ་བ་བསམ་མོ།། ༈ །རིམས་ཀྱིས་གཙེས་པའི་ནད་«ཁ»པའི་སར་འགྲོ་ན།

p. 42

རང་ལ་ཐོག་མར་གང་སྦྱིན་གྱི་བཟའ་བཏུང་ལ་མཐེབ་སྲིན་གཏད། སྲིན་ལག་རི་ཁྲོད་མར་བསྐྱེད། དེ་ལས་སྤྲུལ་པས་གཏུབས་བསྲེགས་བཀྲུས། སྔགས་བཟླས། ཡང་ནས་བརྔོས་པའི་བྱེ་མ། ཡུངས་ཀར། ཡུངས་ནག སྐེ་ཚེ། ལྕགས་སོལ། རྡོ་ནག་པོ་བསྲེས་པའམ། མ་འཛོམས་ན་བྱེ་མ་དུལ་མ་ལྷ་མོར་བསྐྱེད། སྔགས་མང་དུ་བཟླ། ཞུ་བ་ལས་བྱུང་བའི་ལྷ་མོ་རྡུལ་ཕྲ་རབ་ཏུ་བསམ། མཐའ་ནས་གཏོར་བ་སོགས་དམིགས་སྔགས་སྔར་བཞིན་ནོ། ༈ །རིམས་ཀྱིས་ཤི་བའི་རུས་བུ«ག»་ལྟ་བུ་ནས་ནད་མཆེད་དོགས་ན། མཐའ་ནས་ཕར་རུས་བུ་དངོས་ལའང་འཐོར། ༈ །ཤི་ཁ་གཅོད་པའི་ཐ«ང»བས་ནི། ཤིང་ལེབ་མཐོ་གང་གྲུ་བཞི་པའི་དབུས་སུ་གཡུང་དྲུང་གཡས་སྐོར་སྤྱི་ལྟར་བརྐོས། གཡུང་དྲུང་གི་ལྟེ་བ་དང༌། མཚམས་བཞིར་ཁུང་བུ་རེ་བྲུས། བརྒྱད་ཐོད་གླ་རིལ་ཙམ་ལ་ཛྭ་ཏི་གླ་རྩི་ཤུ་དག་གི་ཆུ་བྱུགས། གྲིམ་སྐམ་བྱ། སྔགས་བཏབ། སྨན་གསུམ་བརྒྱད་ཐོད་དང་བཅས་ཞིབ་པར་བཏགས། མར་ལ་སྦྱར། སྔགས་བཏབ། གཡུང་དྲུང་གི་ལྟེ་བར་མར་ཅུང་ཟད་སྦྱར། དེ་སྟེང་བརྒྱད་ཐོད་གླན། དེ་སྟེང་མར་འབུར་ཙམ། གཡུང་དྲུང་གི་ལོགས་དང༌། མཚམས་ཀྱི་ཁུང་བུ་ཀུན་ལ་མར་གླན། མར་རྣམས་ཀྱི་སྟེང་བྱ་མ་དུལ་མས་བཀབ། དེ་ཉིད་ཕྱི་སྒོའི་ཡ་ཐེམ་སྟེང་བཞག་པས་ཕན་ནོ། ༈ །ཕྱུགས་ནད་གཅོད་«ཅ»ན་གཡུང་དྲུང་གཡོན་སྐོར་ཡིན་ནོ། །གཞན་བྱིངས་འདྲ་བས་སྔར་ལྟར་བསྒྲུབས་པ་ཕྱུགས་རྣམས་ཡོང་བའི་སྒོ་སྟེང་ནས་གཡུང་དྲུང་གི་ཁར་ཆུ་བླུག ཆུ་དེ་ཕྱུགས་ལུག་རྣམས་ཀྱི་མགོ་ཐོག་ཏུ་ཕོག་པར་བྱས་པས་ཕན་ནོ། །ཞེས་པ་འདི་ནི་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་ཡར་འཕེལ་གྱིས་ཕྱག་ལེན་ཏུ་འགེལ་བར་གནང་བཞིན་པ། དགེ་སློང་འཇམ་དབྱངས་བསྟན་འཛིན་གྱིས་ཟིན་བྲིས་སུ་བཀོད་པའོ། །སརྦ་དཱ་མངྒ་ལཾ།། ༈ །རི་ཁྲོད་མ་རིགས་གསུམ་གྱི་ལས་ཕྲན་མྱོང་བས་གྲུབ་པ་བཞུགས་སོ། །སྭ་སྟི། རི་ཁྲོད་མ་རིགས་གསུམ་གྱི་བསྙེན་པ་ལས་སུ་རུང་བས། ལས་ཚོགས་ཀྱིས་གཞན་ལ་ཕན་

p. 43

གདགས་པར་འདོད་ན། ཁྱེའུ་ལོ་བརྒྱ«༡»ད་པ་ནད་ངན་པས་ཤི་བའི་ཐོད་པའི་དུམ་བུ་གླ་རིལ་ཙམ་ལ། ཛཱ་ཏི། གླ་རྩི། ཤུ་དག་གསུམ་གྱིས་སྔ་མ་སྔ་མ་སྐམ་རིམ་གྱིས་ཕྱི་མ་ཕྱི་མ་བྱུགས། དེ་ནས་རི་ཁྲོད་མ་རིགས་གསུམ་དུ་བསྐྱེད། རི་ཁྲོད་མ་རིགས་གསུམ་གྱི་རྩ་སྔགས་གང་མང་དུ་བཏབ། དེ་དང་དཀར་གོང་སྲིན་མེད་གཙང་མ་གླ་རིལ་བཅུ་འགྱུར་ཙམ་གཉིས་མར་གྱིས་སྦྱར། གོང་གི་ཐོད་པ་དང་སྨན་གསུམ་གྱི་ཕྱེ་མ་མར་ལ་སྦྱར་བ་ཐོད་པའི་དུམ་བུ་དང་དཀར་གོང་སྦྱར་བ་མི་དང་ནོར་ཕྱུགས་རྣམས་རི་ཁྲོད་མ་རིགས་གསུམ་དུ་བསྐྱེད། སྔགས་མང་དུ་བཏབ། རྫས་དེ་རས་དཀར་དྲི་མེད་ཀྱིས་བཏུམས་ལ་ཆུ་ར་དང་ཆུ་མིག་སོགས་སུ་འཇུག། ༈ །ནད་པ་ཡོད་ས«༢»ར་འགྲོ་བའི་ཚེ། ནས་བརྔོས་པའི་བྱེ་མ་དུལ་མ་རི་ཁྲོད་མ་རིགས་གསུམ་དུ་བསྐྱེད། སྔགས་གང་མང་བཏབ་པ་རང་རི་ཁྲོད་མར་བསྒོམས་པས་ཁྱེར་ཏེ་གྲོང་ངམ་ཡུལ་དེ་མཐོང་བ་ན་སྔགས་བཟླ་ཞིང་བྱེ་མ་གཏོར། ཡུལ་དེའི་ནད་བདག་མ་མོ་སོགས་རིམ་གྱིས་བྱེ་མ་རི་ཁྲོད་མར་གསལ་བ་རྣམས་ཀྱིས་བསྐོར་ཏེ་ནང་དུ་བསྡུས་པར་བསམ། ཡུལ་དེ་ལ་བསྐོར་ཐུབ་ན་བསྐོར་བཞིན་པས་བྱེ་མ་གཏོར་ཞིང་དེ་ལྟར་བསམ། མི་ཐུབ་ནའང་དམིགས་པ་དེ་བཞིན་བྱ། མཐར་ནད་བདག་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་པའི་མཐའ་སྐོར་དུ་རི་ཁྲོད་མས་བསྐོར་བར་བསམས་ཞིང་སྟེང་དུ་རི་ཁྲོད་མ་གསུམ་བསྐྱེད། སྔགས་བཟླས་ཤིང་རི་ཁྲོད་མའི་མཐའ་འཁོར་ན་གནས་པ་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་ཀྱིས་བཅད་གཏུབས་ཞལ་དུ་གསོལ། སྟེང་དུ་གནས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འོག་ཏུ་འཕྲོས་པས་བསྲེགས། མཐར་ནད་བདག་གི་སེམས་སྡིག་སེམས་དང་བྲལ་བ་དེ་སོས་པར་གྱུར་པ་ལ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་ཡང་ཡང་བསམ། ༈ །ནད་པ་ཡོད་པའི་བཟའ་བཏུང་ལ་སྤྱོད་ད«༣»གོས་བྱུང་ཚེ། བཟའ་བཏུང་གང་ཡིན་པ་དེའི་སྟེང༌། རང་རི་ཁྲོད་མར་གསལ་བའི་སྲིན་ལག་གཡོན་རི་ཁྲོད་མར་བསྒོམས་པའི་ཞབས་ཀྱིས་མནན། དེའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་མེ་སྤྲོས་ཏེ་ཟས་ཀྱི་ནད་གདོན་མི་གཙང་བ་ཐམས་ཅད་བསྲེགས་

p. 44

པར་ཡང་ཡང་བསམས་ལ་སྤྱད། ༈ །ནད་ག«༤»སོ་ན། རང་རི་ཁྲོད་མར་བསྒོམ། ནད་པའི་ནད་དང་ནད་བདག་ཐམས་ཅད་ནད་པའི་སྟེང་དུ་སྤུངས། དེའི་སྟེང་དུ་རི་ཁྲོད་མ་བསྐྱེད། སྔགས་བཟླ་ཞིང༌། རི་ཁྲོད་མའི་ཐུགས་ཀ་ནས་སྤྲོས་པའི་རི་ཁྲོད་མ་དཔག་ཏུ་མེད་པས་ནད་བདག་ཐམས་ཅད་བསྡུས་ཏེ་བསྐོར། སྤྲོས་པའི་མེས་ནད་པ་ནད་བདག་ནད་ཐམས་ཅད་བསྲེགས། སྤྱི་བོའི་བདུད་རྩིའི་ཆུས་ནད་པ་ནད་དང་བྲལ་བ་དང༌། ནད་བདག་གནོད་སེམས་དང་བྲལ་བ་གསོས་ཤིང་དབང་བསྐུར་བས་སྡིག་སྒྲིབ་སྦྱངས། ནད་བདག་སྡིག་སྒྲིབ་དང་བྲལ་ནས་རང་གནས་སུ་གཤེགས། ནད་པ་ནད་གདོན་སྡིག་སྒྲིབ་དང་བྲལ་བའི་མཐའ་བསྐོར་དུ། སྐུ་གསུང་ཐུགས་ཀྱི་རྭ་བ་དགུ། དེའི་མཐར་པད་འདབ། རྡོ་རྗེ། ཁྲོ་ཆུ། རླུང་མེ་རྣམས་ཀྱིས་བསྐོར་བར་བསམ། ༈ །ཤི་ཁ་བྱེ་བ་བསྲུང«༥»་ན། ཤིང་མཐོ་གང་གྲུ་བཞིའི་དབུས་གཡུང་དྲུང་རིས་འདི་བཞིན་བརྐོས། དེའི་ཡང་ལྟེ་བ་ཀྱོང་བུར་བརྐོས་ལ། སྔར་བཤད་པའི་ཐོད་པ། ཛཱ་ཏི། གླ་རྩི། ཤུ་དག་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་བས་གཡུང་དྲུང་རིས་ཀྱི་ནང་དུ་སུམ་ཆ་གཅིག་ནང་དང་ཆ་གཅིག་ཕྱིར་འབུར་བ་ཙམ་བྱུག་ཅིང་ལྟེ་བར་སྔར་བཤད་པའི་རྫས་བྱུག་ཅིང་སྔགས་བཏབ་པའི་ཐོད་པ་དུམ་བུ་གླ་རིལ་ཙམ་པ་བཅུག་ལ། གཡུང་དྲུང་ལྟེ་བ་དང་བཅས་པ་ལ་བྱེ་མ་དུལ་མ་བཏབ་སྟེ། རི་ཁྲོད་མར་བསྐྱེད་ལ་གཞན་གྱིས་མི་མཐོང་བར་སྒོ་སྟེང་དུ་གཡུང་དྲུང་ཡར་བསྟན་ནས་བཞག ༈ །ཕྱུགས«༦»་ནད་གསོ་ན་གཡུང་དྲུང་རིས་འདི་བཞིན། གཞན་མ་གོང་དང་འདྲ་བ་སྒོ་སྟེང་དུ་བཞག་པའི་སྟེང་ནས་གཞན་དུ་བཤད་པ་བཞིན་བསྒྲུབས་པའི་བུམ་ཆུ་བླུགས་པ་འབབ་པའི་ཆུ་ཕྱུགས་རྣམས་འཐུང་དུ་གཞུག་ཅིང༌། ལུས་ལ་འདེབས། ༈ །ཡུལ་བསྲུ«༧»ང་ནི། རི་མོ། ཿཾཿཾ འདི་བཞིན་གྱི་དབུས་སུ་ཡུལ་གྱི་མིང་བྱེ་མ་དུལ་མས་བྲིས་ཏེ། དེ་ཡུལ་དངོས་སུ་མོས། དེའི་སྟེང་དུ་མཉྫིའི་ཁར་བུམ་པ་བཞག རང་རི་ཁྲོད་མར་གསལ། བུམ་པའི་ནང་དུ་རི་ཁྲོད་མ་བསྐྱེད། དེའི་ཐུགས་ཀའི་འོད་ཟེར་གྱི་མེས་ཡུལ་དེའི་མི་མཐུན་ཕྱོགས་བསྲེགས། བདུད་རྩིའི་ཆུས་བཀྲུས་པར་ཡང་ཡང་བསམས་ཞིང་སྔགས་གང་མང་བཟླས།

p. 45

མཐར་གཞི་བདག་གཏོར་མ་སོགས་བྱ། ༈ །དམར་མོའི་སྔགས། ཨོཾ་ཐིཾ་ཐ་ར་ཏིས་དུནྟེ་ཛྭ་ལ་སཾ་བྷ་རཾ་སྭཱ་ཧཱ། ནག་མོའི་སྔགས། ཨོཾ་ཀུནྟེ་ཀུནྡྷན྄་ལཾ་དྲུཾ་ཤལ་ཤལ་དུག་སོད་རྒྱུ་གཟེར་སོད་སྭཱ་ཧཱ། ༈ །རིམས་སྲུང་སྔགས། ཨོཾ་ཚི་བརྟུལ་བརྟུལ། རྨུགས་ཤིག་ཤིག ཧྲི་རཾ་ཙ་ཀྲི་རྦད། སརྦ་མཱ་ར་ཡ་རྦད་ཧཱུྃ་རྦད་སྭཱ་ཧཱ། རིམས་སྲུང་རིལ་བུ་ལ། རྒྱལ་པོ་ཁྱུང་ལྔ་ནི། བཙན་དུག«་་་་་གང་བཟང༌།» སྙིང་གི་ཁྱུང༌། གླ་རྩི་ཁྲག་གི་ཁྱུང༌། རུ་རྟ་རུས་པའི་ཁྱུང༌། ཤུ་དག་«་་་་་ནག་པོ།» རྒྱུས་པའི་ཁྱུང༌། ཨ་རུ་ར«་་་་༌།གསེར་མདོག» ཤ་ཡི་ཁྱུང་ངོ༌། །བློན་པོ་ལྔ་ནི། ཤ་ཆེན། དྲི་ཆེན། གིའུ་ཝཾ། ལི་ཤི། སུག་སྨེལ་ལོ། །འབངས་ལྔ་ནི། ཐར་ནུ། སྟག་ཤ། སྡིག་སྲིན། གུ་གུལ། ཤིང་ཀུན་ནོ། །གཡོག་ལྔ་ནི། མ་ནུ། བྱི་ཏང་ཀ ཆུ་རྩྭ། ཅུ་གང༌། བུ་རམ་མོ། །འདི་རྣམས་ཞིབ་པར་བཏགས་ལ། «བླ་མ་བཟང་པོའི་བྱུང་ན་རབ།» དགེ་སློང་གཙང་མའམ་ཁྱེའུ་ལོ་བརྒྱད་པའི་དྲི་ཆུས་སྦྲུས། རིལ་བུ་སྲན་མ་ཆུང་ཤོས་ཙམ་བསྒྲིལ། ལི་ཁྲིའམ་མཚལ་གྱིས་ན་བཟའ་གསོལ། རི་ཁྲོད་མར་བསྐྱེད། སྔགས་གང་མང་བཏབ། རི་ཁྲོད་མ་ཞུ་བ་ལས་བྱུང་བའི་རིལ་བུར་གྱུར་པའམ། ཡང་ན་སྟེང་དུ་བསྐྱེད་དེ་ཞུ་བ་ཐིམ་པར་བསམ། གང་ལ་བཏབ་ཀྱང་ཕན་ནོ། །རི་ཁྲོད་མ་རིགས་གསུམ་གྱི་ལས་ཕྲན་མྱོང་བས་གྲུབ་པ༌།། ༈ །རི་ཁྲོད་མ་རིགས་གསུམ་གྱི་རྗེས་གནང་བྱ་ཚུལ་བཞུགས་སོ། །ཨོཾ་སྭ་སྟི། རི་ཁྲོད་མ་རིགས་གསུམ་གྱི་རྗེས་གནང་བྱ་ཚུལ་ནི། སློབ་དཔོན་གྱིས་བདག་བསྐྱེད་སྔོན་དུ་བཏང༌། གཏོར་མ་ལྷར་བསྐྱེད། སློབ་མ་ཁྲུས་བྱས། གྲལ་ལ་འཁོད། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་བུམ་ཆུས་ཁྲུས་བྱ། བདེན་བདར་དང་ཁྲོ་བོའི་སྔགས་བརྗོད་ཅིང་ཁྲོ་བོ་སྤྲོས་ཏེ་བགེགས་བསྐྲད། མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བ་གདབ། དཀོན་མཆོག་གསུམ་མས་བྱང་སྡོམ་བཟུང༌། སློབ་མ་བསང་སྦྱང༌། སྟོང་པའི་ངང་ལས་རི་ཁྲོད་མ་རིགས་གསུམ་དུ་བསྐྱེད། ཡེ་ཤེས་པ་བསྟིམས་ཏེ་ལྷ་ངོ་བསྟན། དུས་གསུམ་སངས་རྒྱས་

p. 46

ཐམས་ཅད་དང༌། །སོགས་ཀྱིས་གསོལ་བ་གདབ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གཏོར་མ་ལྷར་བསྐྱེད་པ་ལ་ཕོག དེའི་རི་ཁྲོད་མ་རིགས་གསུམ་གྱི་གནས་ལྔ་ལས་རི་ཁྲོད་མ་དཀར་དམར་མཐིང་སེར་ལྗང་བ་ལྔ་ཚན་གསུམ་སྤྲོས། སློབ་མའི་རིགས་གསུམ་གྱི་གནས་ལྔ་སོ་སོ་ལ་ཐིམ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག རྡོ་རྗེའི་སྐུ་འགྲུབ་པའི་ནུས་པ་བཞག ཁྱད་པར་ལུས་ཀྱི་ནད་གདོན་སྡིག་སྒྲིབ་སྔར་ཡོད་དག་སྟེ་ཕྱིན་ཆད་མི་འཇུག་པའི་ཕྱིར། རི་ཁྲོད་མའི་སྐུ་དཀར་མོའི་རྭ་བ། འཁོར་ལོའི་རྭ་བ། འོད་དཀར་པོའི་རྭ་བ་གསུམ་གྱིས་བསྐོར། སྐུའི་རྗེས་གནང་ངོ༌། །ཡང་གསོལ་བ་བཏབ། སློབ་མ་རིགས་གསུམ་གྱི་ཐུགས་ཀར་ཉི་མ་ལ་རང་རང་གི་ས་བོན། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གཏོར་མའི་རིགས་གསུམ་གྱི་ཐུགས་ཀར་ཕོག ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་ཆད་དེ་སློབ་མའི་རིགས་གསུམ་གྱི་ཐུགས་ཀའི་ས་བོན་གྱི་མཐར་འཁོད་པར་བསམས་ལ་སྔགས་ལན་གསུམ་གསུམ་བཟླས། ངག་གི་ནད་གདོན་སྡིག་སྒྲིབ་དག རྡོ་རྗེའི་གསུང་འགྲུབ་པའི་ནུས་པ་བཞག ཁྱད་པར་ངག་གི་ནད་གདོན་སྡིག་སྒྲིབ་སླར་མི་འཇུག་པའི་ཕྱིར་སྐུའི་རྭ་བ་གསུམ་གྱི་ནང་དུ་རི་ཁྲོད་མ་དམར་མོའི་རྭ་བ། པདྨའི་རྭ་བ། འོད་དམར་པོའི་རྭ་བ་གསུམ་གྱིས་བསྐོར་བ་གསུང་གི་རྗེས་གནང༌། ཡང་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གཏོར་མའི་རིགས་གསུམ་གྱི་ཐུགས་ཀར་ཕོག རིགས་གསུམ་སོ་སོའི་ཕྱག་མཚན་རྡོ་རྗེ་སེར་པོ་དང༌། ནག་པོ་རྩེ་ལྔ་པ། པདྨ་དམར་པོ་གསུམ་དཔག་ཏུ་མེད་པ་སློབ་མའི་ཐུགས་ཀར་ཐིམ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག རྡོ་རྗེའི་ཐུགས་འགྲུབ་པའི་ནུས་པ་བཞག ཁྱད་པར་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་སླར་མི་འཇུག་པའི་ཕྱིར་རྭ་བ་སྔ་མ་རྣམས་ཀྱི་ནང་དུ་རི་ཁྲོད་མ་ནག་མོ། རྡོ་རྗེ། འོད་སྔོན་པོའི་རྭ་བ་གསུམ་གྱིས་བསྐོར། ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་གཏོར་མའི་ལྷ་བསྟིམ། དེ་ནས། བཀྲ་ཤིས་ཚེ་བརྟན་གྱིས་དངོས་གྲུབ་རིལ་བུ་སྦྱིན། ཤིས་བརྗོད་སོགས་བྱའོ། །རི་ཁྲོད་མ་རིགས་གསུམ་གྱི་རྗེས་གནང་བླ་མའི་ཕྱག་ལེན་ལྟར་

p. 47

འཁྲུལ་མེད་དུ་བཀོད་པ་དགེའོ།། ༈ །སྲད་རྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་གྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ནད་རིམས་ཀུན་སེལ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་དབྱེར་མེད་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒུད་པའི་ཉེར་འཚེ་འཁྲུད་པའི་ཆོ་ག་མཁན། །རི་ཁྲོད་ལྷ་མོའི་སྒྲུབ་ཐབས་ལས་སྦྱོར་རྣམས། །འཁྲུལ་བྲལ་བླ་མའི་ཉམས་བཞེས་ཕྱག་ལེན་བཞིན། །བསྟན་འགྲོའི་འཚོ་བྱེད་བདུད་རྩིའི་རྒྱུན་འདི་སྤེལ། །དེ་ལ་འདིར་སྤྱིར་སྔགས་ཀྱི་འཇུག་སྒོ་དམ་པ་རྒྱུད་སྡེ་བཞིར་བཤད་པའི་དབང་ལེགས་པར་ཐོབ་པ་དང༌། ཁྱད་པར་དུ་རི་ཁྲོད་མ་གཙོ་འཁོར་གསུམ་གྱི་རྗེས་གནང་དང་མན་ངག་ལེགས་པར་ཐོབ་པའི་རྣལ་འབྱོར་པས་ཉམས་སུ་ལེན་པ་ལ། ཐོག་མར་བསྙེན་པ་བྱ་ཚུལ་དང༌། བསྙེན་པ་སོང་ནས་ལས་ཚོགས་རྣམས་བྱ་ཚུལ་གཉིས། དང་པོ་ནི་སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དང༌། མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཉིད་ཀྱི་རྣམ་པར་ཤེས་པ་བྃ་ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་གསེར་གྱི་མདོག་ཅན། གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་དཀར་པོས་དཀྲིས་པ། ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་པ། གཉིས་པས་དགྲ་སྟྭ་འདེབས་པའི་ཚུལ་དུ་མཛད་པ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། གཉིས་པས་ཤིང་ལོ་གསར་པའི་

p. 48

སྦྲང་གཡབ་གཡོབ་པ། གསུམ་པས་གཞུ་བསྣམས་པ། ཞབས་གཡས་ཀྱི་རྟིང་པས་འོག་ཕྱོགས་བརྟེན་ཅིང་པུས་མོ་གདན་དུ་བཙུགས་པ། གཡོན་བཞེངས་སྟབས་སུ་བཞུགས་པ། དར་དཀར་པོའི་སྟོད་གཡོགས་དང༌། ཤིང་ལོ་གསར་བའི་སྨད་གཡོགས་ཅན། སྦྲུལ་དཀར་པོའི་ཕྲེང་བའི་སེ་རལ་ཁ་བྱས་པ། དེའི་«་་་་་སེར་མོ་སྐུའི། དམར་མོ་གསུང་གི། སྔོན་མོ་ཐུགས་ཀྱི་ལྷ་མོ་སྟེ། གསུམ་ཀ་འགོད་ཚུལ་ལ་སེར་པོ་དབུས། དམར་པོ་དང་སྔོན་པོ་གཡས་གཡོན་དུ་འགོད་པའམ་འདི་ལྟར་འགོད་ལ། ཞལ་ཕྱག་རྒྱན་ཕྱག་མཚན་སོགས་གཙོ་བོ་ལྟ་བུའམ། ཡང་ན་གཞན་གཉིས་ཞལ་གཅིག་ཕྱག་གཉིས་མ། གཡས་གཡོན་གྱི་གཙོ་བོའི་རྩ་བའི་ཕྱག་མཚན་བསྣམས་པ་བཞུགས་ཚུལ་རྒྱན་སོགས་ལྷག་མ་མཐུན་པར་བྱ། རྒྱུད་ཆེན་སངས་རྒྱས་ཀྱི་སྒྲུབ་ཐབས་སོགས་ལ་ཡོད་གསུང་ངོ༌།།» ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རྗེ་བཙུན་ནག་མོ། མགྲིན་པར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རྗེ་བཙུན་མ་དམར་མོ་སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིགས་གསུམ་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཤློ་ཀ་གསུམ་མམ་དང་པོ་གང་རུང་གི་རྗེས་སུ། ཨོཾ་པརྞ་ཤཱ་བ་རཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛཿཛཿཛཿ«་་་་་མཁན་ཆེན་འཇམ་དབྱངས་བསྟན་འཛིན་གྱི་ཟིན་བྲིས་ལ་ཛཿའདི་གསུམ་མམ། ཉེར་གཅིག་སྐབས་སྦྱར་བྱེད་གསུང་གི་སྣང༌།» ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྒོ་གསུམ་གྱི་དྲི་མ་དག ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་རིགས་གསུམ་ག་ལ་མི་བསྐྱོད་པས་དབུར་བརྒྱན། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། མཆོད་པ་བྱིན་རླབས་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་

p. 49

པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ནས། ཨོཾ་ཤབྡ་ཨཱཿཧཱུྃ་གི་བར་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་མཆོད་ལྷ་སྤྲོས་ཏེ། ཨོཾ་པརྞ་ཤཱ་བ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་ལས་ཤཱ་བ་རཱི། །ལྷ་མོ་གང་གིས་བསྒྲུབས་པས་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རིགས་«་་་་་ལྷ་མོ་གསུམ་གྱི་ཐུགས་གར་པྃ་ཡིག་རང་མདོག་ཅན་གྱི་མཐར་རང་སྔགས་རང་མདོག་ཅན་འོག་ནས་འཆད་པས་བསྐོར་བར་དམིགས་ལ། རང་འདྲའི་སྤྲོ་བསྡུ་བྱ་གསུངས།» སོ་སོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ས་བོན་གྱི་མཐར་རང་རང་གི་སྐུ་མདོག་དང་མཚུངས་པའི་སྔགས་ཕྲེང་གིས་བསྐོར་བའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས། རང་འདྲའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་ནད་བདག་གི་ལྷ་མོ་«་་་་་ཟེར་ཡང་མ་མོ་དང་མཁའ་འགྲོའི་རིགས་ཡིན།» ནད་དང་བཅས་པ་རྣམས་སྐུའི་འོད་ཟེར་གྱིས་བསྲེགས། ཞལ་དུ་གསོལ། ཕྱག་མཚན་གྱིས་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག ཡང་སྐུ་ལས་འོད་ཟེར་འཕྲོས། ལྷག་མ་བསྲེགས་པའི་ཐལ་བ་རྣམས་རླུང་གིས་གཏོར།«་་་་་མཁན་ཆེན་ཟིན་བྲིས་ལ་བསྐྱེད་ཟེར།» སླར་ཡང་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས་པའི་རྩེ་ལས་བདུད་རྩིའི་རྒྱུན་བབས་པས་དྲི་མ་བག་ཆགས་ཙམ་ཡང་མེད་པར་དག་པར་བསམས་ལ། ཨོཾ་པི་ཤཱ་ཙི་པརྞ་ཤཱ་བ་རཱི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ཨོཾ་ཐིཾ་ཐ་ར་ཏེ་ས་དུནྟེ་ཛྭ་ལ་སཾ་བྷ་རཾ་སྭཱ་ཧཱ།«་་་་་མཁན་ཆེན་གྱིས་བྷཾ་ཟེར།» ཨོཾ་ཀུན྄་དྷེ་ཀུནཾ་བྷན྄་ལཾ་ཀྲུ་«་་་་་མཁན་ཆེན་བྷྲཱུྃ་ཟེར།» ཤལ་ཤལ་དུག་སོད། རྒྱུ་གཟེར་སོད་སྭཱ་ཧཱ། ཞེས་པ་ཅི་མང་བཟླ་ཞེས་མཁན་ཆེན་ཟེར་སྣང༌། སྔགས་འདི་གསུམ་གྱི་དང་པོ་རི་ཁྲོད་མ་སེར་མོའི་

p. 50

དང༌། གཉིས་པ་དམར་མོའི་དང༌། གསུམ་པ་སྔོན་མོའི་ཡིན་ཅིང༌། ཕྱི་མ་གཉིས་སྤྱི་འཇོམས་ཀྱི་སྔགས་དང༌། ཁྱད་པར་གསུམ་པ་རྒྱུ་གཟེར་སོགས་རིམས་ལ་བསྔགས་ཞེས་བླ་མ་གསུང་ངོ༌། །འདིར་མི་གཏོགས་ཀྱང་རིམས་ལ་བསྔགས་པ་འདི་བཟླ་སྲོལ་ཡོད་ལ། ཨོཾ་དཾ་བྷྱོཿ ཡག་བྷྱོཿ འབྲས་གཟེར་བྷྱོཿ འབྲུམ་གཟེར་བྷྱོཿ སྙིང་གཟེར་བྷྱོཿ ལྷོག་གཟེར་བྷྱོཿ རྒྱུ་གཟེར་བྷྱོཿ མཱ་ར་ཡ་ཁ་ཐཾཿ«་་་་་མཁན་ཆེན་གྱིས་ཁ་དྷཾ་ཟེར་སྣང༌།» ཡང༌། ཨོཾ་ཚེ་རྟུལ་རྟུལཿ རྨུགས་ཤིག་ཤིགཿ ཧྲི་རཾ་ཙག་ཏྲི་སདཿ རྦད་མ་ལ་ཡ་རྦདཿ སརྦ་མ་ལ་ཡ་རྦདཿ ཧཱུྃ་ཕཊ་སྭཱ་ཧཱཿ ཞེས་ཀྱང་བཟླས། སྔགས་འདི་གཉིས་འདིའི་སྒོས་སྔགས་མིན་ཀྱང་གཞན་ནས་འབྱུང་བ་ཁ་ཚར་ལ་དམ་པ་རྣམས་ཀྱིས་བཏགས་པ་ཡིན་འདྲ། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་ཟླུམ་པོའམ། སྙིང་གཟུགས་གསུམ་མམ་གཅིག་གང་རུང་བཤམ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་བརྗོད་ལ་བྱིན་གྱིས་བརླབ།«་་་་་ཡང་མཁན་ཆེན་གྱིས་དེ་ལས་ཨ་ཀཱ་རོ་གསུམ་བརྗོད་རྗེས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྠ་སཱ་དྷ་ནི་ཧཱུྃ་ཕཊ། ལན་གསུམ་གྱི་བྱིན་རླབས་ཞིག་སྣང་ཞིང༌། བདག་ལ་འདི་མ་གསུངས་པ་དང་མི་དགོས་པ་ཡང་འདྲ་སྙམ་ཞིང་སྔགས་ཆད་པ་དང་མ་དག་པ་འདྲ་སྙམ་པས་དཔྱད་དོ།།» རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གཏོར་མགྲོན་གྱི་ལྷ་མོ་སྤྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་པི་ཤཱ་ཙི་པརྞ་ཤཱ་བ་རཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་དབུལ། མཆོད་པ་དང་བསྟོད་པ་སྔར་བཞིན་བྱ། གཏོར་མགྲོན་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་གསོལ་བྱ། བསྔོ་བ་སྨོན་ལམ་ཤིས་བརྗོད་བྱའོ། །གཉིས་པ་བསྙེན་པ་སོང་ནས་ལས་ཚོགས་བྱེད་ཚུལ་ལ། བུམ་ཆོག་ལ་བརྟེན་ནས་རིམས་བསྲུང་ཞིང་མཚམས་གཅོད་པ་དང༌། བརྒྱད་ཐོད་ལ་བརྟེན་ནས་གག་ལྷོག་གཟེར་གསུམ་

p. 51

སོགས་རིམས་ཀྱི་རིགས་མཐའ་དག་བསྲུང་བ་དང༌། སྤྱི་འཇོམས་རིལ་བུ་ལ་བརྟེན་ནས་གག་ལྷོག་གཟེར་གསུམ་ཆམ་པ་སོགས་ནད་རིགས་གང་ལའང་ཕན་པའི་སྨན་བཅོས་དང༌། བསྲུང་ཞིང་མཚམས་གཅོད་པ་སོགས་ལས་སྣ་གཅེས་བསྡུས་ཐོར་བུའི་སྐོར་རང་བཞི། དང་པོ་ནི། རང་གི་མདུན་དུ་སྟེགས་ཀྱི་སྟེང་སྣ་ཚོགས་པདྨའི་གདན་ལ་བུམ་པ་མཚན་ལྡན་མགུལ་ཆིངས། ཁ་རྒྱན། དུང་ཆོས། གཟུངས་རྡོར་དང༌། ནང་དུ་བུམ་རྫས་ཉེར་ལྔའི་སྟེང་དུ། ཛཱ་ཏི། གླ་རྩི། ཤུ་དག་གསུམ་བསྣན་པ་བཏབ་པའི་ཆུས་གང་བ་བཞག དེའི་མདུན་དུ་མཆོད་པ་གཏོར་མ་དང་བཅས་པ་བཤམ། དེ་ནས་རང་ཉིད་བདག་བསྐྱེད་བཟླས་པ་ཡན་གྲུབ་རྗེས། མཆོད་པ་བསང་སྦྱང་བྱིན་རླབས་སྔར་བཞིན་བྱས། དེ་ནས་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་རིང་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བ་དེའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དང༌། ཞེས་པ་ནས་མཆོད་བསྟོད་བཟླས་པའི་བར་སྔར་ལྟར་ལས་རང་ཉིད་ཅེས་པའི་ཚིག་ཕྲད་སོགས་ཅི་རིགས་དོར། བུམ་པའི་ལྷ་ལ་གཏོར་མ་དབུལ་བ་དང༌། ཡང་མཆོད་བསྟོད་སྔར་བཞིན་བྱས། བུམ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་བུམ་པའི་ཆུ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད་དེ་ཆུ་ལྷ་མོའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་མོས། དེ་ལྟར་བསྒྲུབས་པའི་བུམ་ཆུ་གནས་ཁང་གི་ཕྱི་ནས་རིམ་བཞིན་འཐོར། དམིགས་པ་ནི། རི་ཁྲོད་མ་གསུམ་གྱི་སྐུ་དཔག་ཏུ་མེད་པ་སྤྲོས། དེ་དག་གིས་ནད་ཀྱི་ལྷ་མོ་ནད་དང་བཅས་པ་ཐམས་ཅད་ཕྱག་མཚན་གྱིས་བཅད་ཅིང་གཏུབས། ཞལ་དུ་གསོལ། མེས་བསྲེགས། བདུད་རྩིས་བཀྲུས། ཕྱོགས་མཚམས་ནས་དབུས་སུའང་བསྡུས་ཏེ་

p. 52

བུམ་ཆུ་མང་ཙམ་བླུགས། རི་ཁྲོད་མར་བསྐྱེད། སྐུ་དཔག་མེད་སྤྲོས། གཏུབས། བསྲེགས། བཀྲུས་པ་སོགས་བྱ། ནད་པ་ཡོད་ན་སྦྱིན་ནོ། །གཉིས་པ་ནི། རྫས་ཀྱི་གཙོ་བོ་བརྒྱད་ཐོད་ནི། འབྲུམ་«་་་་་མཁན་ཆེན་གྱི་རྒྱུ་གཟེར་གྱིས་ཤི་བ་ལས་མི་འདུག་ཀྱང་བདག་ལ་རིམས་སོགས་ཀྱིས་ཤི་བ་དང་དེའི་ནང་ནས་གཙོ་བོ་གཟེར་འབྲུམ་གཉིས་ཀ་གསུང༌།» པའམ་རྒྱུ་གཟེར་གྱིས་ཤི་བའི་ཁྱེའུ་ལོ་བརྒྱད་པའི་ཐོད་པ་སྟེ། དེ་ཡང་གླ་བའི་རིལ་མ་ཙམ་གྱི་ཐོད་ཚལ་ལ། ཛཱ་ཏི་དང༌། བའི་ཆུ་བྱུགས་ལ་གྲིབ་སྐམ་བྱས། དེ་བཞིན་དུ་དེའི་སྟེང་དུ་གླ་རྩིའི་ཆུ་དང༌། དེའི་སྟེང་དུ་ཤུ་དག་གི་ཆུ་བྱུག རྫས་སོ་སོས་བྱུགས་པའི་སྟེང་དུ་སྔགས་མང་དུ་བཏབ། དེ་ནས་ཐོད་ཚལ་གླ་རིལ་ཙམ་དང༌། ཛཱ་ཏི། གླ་རྩི། ཤུ་དག་རྣམས་ཞིབ་པར་བསྡུས་ཏེ་མར་དང་བསྲེས་ལ་སྔགས་བཏབ། གོང་གི་ཐོད་ཚལ་བཅུ་འགྱུར་ཙམ་གྱི་དཀར་གོང་སྲིན་«་་་་་རྡོ་དཀར་པོའི་སྟེང་དུ་ནག་པོ་སོགས་མེད་པའི་མིང་ཡིན་གསུང༌།» མེད་ངོས་འཇམ་པོ་གཅིག་ལའང་སྔགས་བཏབ། མར་གྱིས་དཀར་གོང་དང་ཐོད་པ་སྦྱར། དེའི་ཕྱི་མར་གྱིས་བཏུམས་པ་སྟར་ཁ་ཆེ་བ་ཙམ་དེ་ལའང་སྔགས་བཏབ། དེ་ནས་རས་དཀར་པོ་དྲི་མེད་ཀྱིས་བཏུམ། དར་སྐུད་དམ་རས་སྐུད་ཀྱིས་ཁ་བཅིངས། དེ་ལའང་སྔགས་མང་དུ་བཏབ་པ་དེ་ཆུ་མིག་གམ་ཆུ་ར་ལྟ་བུ་ལ་བཅུག་པས་ཆུ་འཐུང་བ་ཀུན་ལ་ནད་རིམས་དེ་དག་འགོ་མི་སྲིད་དོ། །ཐུམ་བུ་དེའང་ཆུ་ནང་དུ་ཞག་གསུམ་ཙམ་ལས་མང་བར་བཞག་ན་རུལ་ཡོང་བས། རྒྱུན་པར་འཇོག་མི་དགོས་པར་ཆུ་འཆུ་བ་སོགས་ཀྱི་སྐབས་སུ་བཞག་ལ། མི་དགོས་པའི་དུས་རས་ཀྱི་ཆུ་བསྐམས་ཏེ་པར་བུ་ལྟ་བུར་བཅུག་ལ་ནམ་དགོས་དུས་སྤྱད་པར་བྱའོ། །གསུམ་པ་ནི། སྨན་ཁྱུང་ལྔ་ཡོངས་གྲགས་ལྟར་གྱི་སྟེང་དུ། གླང་ཆེན་གྱི་གིའུ་ཝཾ། ཤིང་ཀུན། སྟག་ཤ་ནག་པོ། སྡིག་སྲིན། ཐར་ནུ། མ་ནུ། བྱི་ཏང་ཀ ཅུ་གང༌། བུ་རམ། གུ་གུལ། ཆུ་རྩ། ག་བུར། སུག་སྨེལ། ལི་ཤི། ཤ་ཆེན། བླ་མའམ། སྔགས་པ་ནུས་པ་ཅན་ནམ། དགེ་སློང་གཙང་མ་གང་རུང་གི་དྲི་ཆེན་དྲི་ཆུ། དེ་རྣམས་ཞིབ་པར་བཏགས། རིལ་བུ་སྲན་མ་ཆུང་ཤོས་ཙམ་དྲིལ་གྲིབ་སྐམ་བྱས་པ་རིན་པོ་ཆེའི་སྣོད་དུ་རིལ་ཆགས་བྱས། རིལ་བུ་རྣམས་

p. 53

བུམ་པར་བླུག བདག་མདུན་བསྒྲུབ། སྔགས་མང་དུ་བགྲང༌། ཞུ་བ་ལས་བྱུང་བའི་རིལ་བུར་གྱུར་པར་བསམ། ནད་སྟོབས་དང་བསྟུན་པའི་རིལ་བུ་གཅིག་གཉིས་གསུམ་ཙམ་བཏང་བས་ཕན་ངེས་སོ། །བཞི་པ་བསྲུང་ཞིང་མཚམས་གཅོད་པ་ནི། ལུང་པའམ་གནས་གཞི་གང་ཡིན་དེའི་དབུས་སུ་རི་ཁྲོད་མ་བསྐྱེད། སྐུ་ལས་རང་འདྲ་དཔག་མེད་སྤྲོས་པས་གཏུབས་གསོལ་བསྲེགས་བཀྲུས་སོགས་བྱས། སླར་ཡང་སྐུ་ལས་འོད་འཕྲོས་པས་པདྨ་དམར་པོའི་རྭ་གུར། དེའི་ཕྱིར་ཁྲོ་བོའི་རྡོ་རྗེ་སེར་ནག་གང་རུང་གི་རྭ་གུར། དེའི་ཕྱིར་ཁྲོ་ཆུའི་རྭ་གུར། དེའི་ཕྱིར་མེ་ཁ་དོག་སྣ་ལྔའི་རྭ་གུར། དེའི་ཕྱིར་རླུང་ནག་འཚུབས་མའི་རྭ་གུར་བསམ། བསྡུ་ན་པདྨ་རྡོ་རྗེ་མེ་རིས་ཀྱང་ཆོག་གོ །མཚམས་གཅོད་བསྲུངས་བའོ། །རིམས་ཀྱིས་གཙེས་པའི་སར་འགྲོ་ན། རང་ལ་ཐོག་མར་གང་སྦྱིན་གྱི་བཟའ་བཏུང་ལ་མཐེབ་སྲིན་གཏད། སྲིན་ལག་རི་ཁྲོད་མར་བསྐྱེད། དེ་ནས་སྤྲུལ་པས་གཏུབས་བསྲེགས་བཀྲུས། སྔགས་བཟླས། ཡང་ནས་བརྔོས་པའི་བྱེ་མ། ཡུངས་ཀར། ཡུངས་ནག སྐེ་ཚེ། ལྕགས་སོལ།«་་་་་འདི་ཁོལ་ཚ་ཡིན།» རྡོ་ནག་བསྲེགས་པའམ། མ་འཛོམ་ན་བྱེ་མ་དུལ་མ་ལྷ་མོར་བསྐྱེད། སྔགས་མང་དུ་བཟླས། ཞུ་བ་ལས་བྱུང་བའི་རྡུལ་ཕྲ་རབ་ཀྱི་ལྷ་མོར་བསམ། མཐའ་ནས་གཏོར། དམིགས་པ་སྔར་བཞིན་ནོ། །ནད་བྱུང་བའི་གྲོང་མཐའ་བསྐོར་ནས་བྱེ་མ་སོགས་སྔགས་དམིགས་བྱས་པས་ནད་མཆེད་མི་ཐུབ་པར་ཡང་བདག་ལ་བླ་མ་དམ་པས་གསུང་ངོ༌། །རང་སྲུང་ཟབ་མོའོ། །རིམས་ཀྱིས་ཤི་བའི་རུས་བུ་ལྟ་བུ་ནས་ནད་རིམས་མཆེད་དོགས་ན། མཐའ་ནས་རུས་བུ་དངོས་ལའང་འཐོར། ཤི་ཁ་གཅོད་པའི་ཐབས་ནི། ཤིང་ལེབ་མཐོ་གང་གྲུ་བཞི་པའི་དབུས་སུ་གཡུང་དྲུང་གཡས་སྐོར་སྤྱི་ལྟར་བརྐོས། གཡུང་དྲུང་ལྟེ་བ་དང་མཚམས་བཞིར་ཁུང་བུ་རེ་བྲུས། བརྒྱད་ཐོད་གླ་རིལ་ཙམ་ལ་ཛཱ་ཏི། གླ་རྩི། ཤུ་དག་གི་ཆུ་བྱུགས། གྲིབ་སྐམ་བྱས། སྔགས་བཏབ། སྨན་གསུམ་བརྒྱད་ཐོད་དང་བཅས་པ་ཞིབ་པར་བཏགས། མར་ལ་སྦྱར་ནས་སྔགས་བཏབ། གཡུང་དྲུང་གི་ལྟེ་བར་མར་ཅུང་ཟད་སྦྱར། དེའི་སྟེང་དུ་བརྒྱད་ཐོད་གླན།

p. 54

དེའི་སྟེང་མར་འབུར་ཙམ། གཡུང་དྲུང་གི་ལོགས་དང་མཚམས་ཀྱི་ཁུང་བུ་ཀུན་ལ་མར་གླན། མར་རྣམས་ཀྱི་སྟེང་བྱེ་མ་དུལ་མས་བཀབ། དེ་ཉིད་ཕྱི་སྒོའི་ཡ་ཐེམ་སྟེང་བཞག་པས་ཕན་ནོ། །ཕྱུགས་ནད་གཅོད་ན་གཡུང་དྲུང་གཡོན་གོང་དུ་བྲི། གཞན་རྣམས་འདྲ་བས་སྔར་ལྟར་བསྒྲུབ་པ་བྱས་པ་དེ་ཕྱུགས་རྣམས་ཡོངས་པའི་སྒོ་སྟེང་ནས་གཡུང་དྲུང་གི་ཁར་ཆུ་བླུགས་ལ་ཆུ་དེ་ཕྱུགས་རྣམས་ཀྱི་མགོ་ལ་གཏོར་ཞིང་དམིགས་པ་སྔར་ལྟར་བྱས་པས་ཕན་ངེས་སོ། །འདི་དག་ནི་ཉམས་མྱོང་ཐོན་ངེས་ཡིན་པའི་གཏན་ཚིགས་ལོ་རྒྱུས་སོགས་ཡོད་དོ། །སྨྲས་པ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཆུ་མཚོ་ལས། །འཐོན་པའི་རི་ཁྲོད་དབང་མོའི་ཟླ་བ་ནི། །ནད་རིམས་གདུང་བ་སེལ་ལ་ག་བུར་རྒྱུན། །སྒྲུབ་པའི་ཐབས་སུ་འཛག་པ་འདི་ཡིན་གཟུངས། །ཆུ་འདོད་སྨྲིག་རྒྱུ་འཐུངས་ལ་བྲེལ་བ་བཞིན། །སྲོག་འཕྲོག་ཧ་ལའི་རྐྱལ་པ་ཐོགས་པ་ལས། །གཅིག་ཆོག་ལྷ་མོའི་འཕྲུལ་འདི་ཟུངས་ཤིག་དང༌། །གཞུང་ནས་བཤད་བཞིན་འབྱུང་བ་མངོན་སུམ་གྲུབ། །ཚུལ་འདིར་འབད་དགེས་སྤྱི་དང་ཙོང་ཁ་པའི། །མདོ་དང་སྔགས་ཀྱི་བཤད་སྒྲུབ་ཟླ་མེད་པ། །གང་དང་དེར་འཛིན་སྦྱིན་བདག་བཅས་པ་ཀུན། །འཕེལ་རྒྱས་ཕྱོགས་དུས་ཀུན་ཏུ་དགེ་གྱུར་ཅིག །ཅེས་རི་ཁྲོད་ལོ་མ་ཅན་རྣམ་གསུམ་གྱི་སྒྲུབ་ཐབས་ནད་རིམས་ཀུན་སེལ་བདུད་རྩིའི་ཆུ་རྒྱུན་འདི་ནི། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་གྱིས་བླ་མ་གོང་མའི་གསུང་རྒྱུན་ཕྱག་ལེན་ལ་གནང་བ་རྣམས་བདག་ལ་སྩལ་བ་དང༌། མཁན་ཆེན་འཇམ་དབྱངས་བསྟན་འཛིན་གྱི་ཟིན་བྲིས་གཉིས་མི་མཐུན་པ་རྣམས་མཆན་བུར་བྱས་ཏེ་རིག་སྔགས་འཆང་བ་འཇམ་དབྱངས་བཞད་པའི་རྡོ་རྗེས་ཡི་གེར་བཀོད་པ་འདིས་ཀྱང་ཀུན་མཁྱེན་ཙོང་ཁ་པའི་བསྟན་པ་སྤྱི་དང་ཁྱད་པར་དཔལ་ལྡན་སྲད་རྒྱུད་ཀྱི་བཤད་སྒྲུབ་ཕྱོགས་དུས་ཀུན་ཏུ་དར་བར་གྱུར་ཅིག། ༈ །སྤྱི་འཇོམས་རིལ་བུའི་སྡེབ་སྦྱོར་ནི། སྨན་ཆེན། གླ་རྩི། ཤུ་དག ཨ་རུ་ར་གསེར་མདོག ཤ་ཕོ་རུ་རྟ། ཤ་ཆེན། དྲི་ཆེན། གིའུ་ཝཾ། ཅུ་གང༌། བྱི་ཏང་ཀ།

p. 55

ལི་ཤི། སུག་སྨེལ། སྡིག་སྲིན། སྟག་ཤ། བུ་རམ། ཤིང་ཀུན། གུ་གུལ། ཐར་ནུ། ཆུ་རྩ། མ་ནུ་འདི་རྣམས་ཞིབ་པར་བཏགས་ལ། རིལ་བུ་སྲན་མའི་ཕྱེད་ཙམ་བསྒྲིལ། མཚལ་ལམ་ལི་ཁྲིའི་ན་བཟའ་གསོལ། རབ་གནས་བྱས། དགེ་སློང་གཙང་མའི་དྲི་ཆུས་རིལ་བུ་བྱ། ཨོཾ་པི་ཤཱ་ཙི་པརྞ་ཤཱ་བ་རཱི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧཱ། སེར་མོའི་སྔགས་སོ། །ཨོཾ་ཐི་མ་ཐ་ར་ཏིས་དུནྟེ་ཛྭ་ལ་ཤཾ་བ་རཾ་སྭཱ་ཧཱ། དམར་མོའི་སྔགས་སོ། །ཨོཾ་ཀུན་དྷེ་ཀུན་བྷ་ན་ལམ་ཀྲུཾ་ཤལ་ཤལ་དུ་ག་སོད་རྒྱུ་གཟེར་སོད་སྭཱ་ཧཱ། སྔོན་མོའི་སྔགས་ཤམ་བུ་དང་བཅས་པའོ། །སྔགས་རྐྱང་ལ་ཤལ་ཤལ་ཡན་ཆད་ཀྱིས་ཆོག་ཟེར། སེར་མོ་དབུས། དམར་མོ་གཡས། སྔོན་མོ་གཡོན་དུ་འདུག་གསུང༌། ཕྱག་ལེན་སེར་མོའི་མགྲིན་པ་དང་ཐུགས་ཀར་དམར་སྔོ་གཉིས་འགོད་པར་མཛད་གསུང༌། སྔགས་ཀྱི་གྲངས་ནི་བྱེ་བའམ། མཚན་མ་མཐོང་གི་བར། འབྲིང་འབུམ་ཐེར་བཅུའམ་འབུམ་ཐེར་ཁ་ཡར་སོང་བ། ཐ་མའང་འབུམ་ཐེར་གཅིག་གམ་ཁྲི་ཕྲག་བརྒྱད་སོགས་ནི་ལས་ཚོགས་སྒྲུབ་པ་ལ་དགོས་གསུང་ངོ༌། །འདིའི་བརྒྱུད་པ་ནི། རྒྱ་གར་གྱི་གྲུབ་ཆེན་གཅིག་གིས་འབྲི་མཚམས་ཀྱི་སྔགས་པ་གཅིག་ལ་གནང༌། དེ་ནས་རང་གི་རིགས་རྒྱུད་ཁོ་ན་ལས་གཞན་སུ་ལའང་མི་སྟེར་བའི་བཀའ་རྒྱ་བྱས་ཏེ་རིམ་པར་བརྒྱུད་པ་ལས། དུས་ཕྱིས་ཞིག་ན་པཎ་ཆེན་བསམ་འགྲུབ་རྒྱ་མཚོས་དེའི་སྔགས་པ་གཅིག་ལ་གདམས་པ་ངེད་ལ་སྟེར་དགོས་བྱས་པས། ཁྱེད་ངེས་ཅག་གི་སྐྱབས་མགོན་ཡིན་པས་སྟེར་དགོས་མེད་ཀྱང༌། གཞན་ལ་མི་སྤེལ་བའི་དམ་བཅའ་བཞེས་དགོས་ཞུས་པས། ཁོ་བོ་འགྲོ་བ་ལ་ཕན་ཨེ་ཐོགས་བསམ་པ་ཡིན། གཞན་ལ་སྤེལ་མི་རུང་ན་མི་དགོས་གསུངས་མ་བཞེས། སླར་རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་དེའི་རིགས་བརྒྱུད་དུ་འཁྲུངས་པས། དུས་ཕྱིས་རང་གི་ཨ་ཁུ་སྔགས་བཙུན་གཅིག་ལ་ང་ལ་སྟེར་དགོས་གསུངས་པས། ཁྱོད་ལ་སྟེར་ཀྱང་གཞན་ལ་མ་སྤེལ་གསུངས་པ་ན། དེ་རིང་ཁྱེད་ཀྱིས་བརྩམས་པའི་ཉིན་འདིར་སྐྱོར་བ་དང་འདྲི་བ་བྱེད་དགོས། གཞན་མི་བྱེད་ཅེས་གསུངས་ནས་རྒྱུད་ཆེན་དཀོན་རྒྱལ་ལ་

p. 56

ཡོལ་བའི་ཕག་ཏུ་གསན་བཅུག་ནས་གནང༌། རྒྱུད་ཆེན་དེས་དཀོན་མཆོག་ཡར་འཕེལ་སོགས་ཤིན་ཏུ་མང་པོ་ལ་སྒྲུབ་ཐབས་དང་རྗེས་གནང་ལས་ཚོགས་གནང་སྟེ་སྤེལ་བ་ཡིན་གྱི། རྒྱུད་ཆེན་རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོས་ཀྱང་ཉིན་རེར་ཚར་གཅིག་ལས་མ་གསུངས་གསུང༌། རྗེ་དེ་ལ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལས་ཚོགས་དང་བཅས་པར་ལེགས་པར་ཞུས་སོ། །ཤུ་བྷཾ།། ༈ །རི་ཁྲོད་ལོ་མ་གྱོན་མ་རིགས་གསུམ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བདུད་རྩིའི་སྤྲིན་མཛེས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བེ། བླ་མ་མཆོག་དང་དབྱེར་མེད་པའི། །རི་ཁྲོད་ལྷ་མོ་རིགས་གསུམ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་དང༌། །རྗེས་གནང་བདུད་རྩིའི་སྤྲིན་མཛེས་སྤེལ། །འདི་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་ཀྱི་ཁར་རྟེན་གཏོར་དཀར་ཟླུམ་མཐར་རིལ་བུས་བསྐོར་བ་དང༌། དེའི་མདུན་དུ་འབུལ་གཏོར། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། མེ་ཏོག གུལ་ཡུངས་སོགས་དགོས་པའི་ཡོ་བྱད་དང༌། ཉེ་ལོགས་ཅི་རིགས་པར་ལས་ཀྱི་བུམ་པའང་བཤམ་མོ། །གཉིས་པ་ལ་སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བ་གཉིས་ལས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔར་ལྟར་དང༌། ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསགས། སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པར་སྦྱངས་ནས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དང༌། མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པའི་དབུས་སུ་པྃ་ལས་སྣ་ཚོགས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་བྃ་གསེར་གྱི་མདོག་ཅན། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་རི་ཁྲོད་ལོ་མ་གྱོན་མ་སྐུའི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ། ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་རྒྱས་པ་གསེར་གྱི་མདོག་ཅན། གཡས་ཞལ་དུང་ལྟར་དཀར་ཞིང་ཞི་བ།

p. 57

གཡོན་ཞལ་པདྨ་རཱ་ག་ལྟར་དམར་ཞིང་ཆགས་པའི་ཉམས་ཅན། ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་བྲང་འགྲོ་དཀར་པོས་དཀྲིས་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང༌། གཉིས་པས་དགྲ་སྟྭ་འདེབས་ཚུལ་མཛད་པ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། གཉིས་པས་ཤིང་ལོ་གསར་པའི་སྦྲང་གཡབ་གཡོབ་པ། གསུམ་པས་གཞུ་བསྣམས་པ། ཞབས་གཡས་རྟིང་པས་འོག་ཕྱོགས་བརྟེན་ཅིང་པུས་མོ་གདན་དུ་བཙུགས་པ། གཡོན་པ་བཞེངས་སྟབས་སུ་བཞུགས་པ། དར་དཀར་པོའི་སྟོད་གཡོགས་དང༌། ཤིང་ལོ་གསར་པའི་སྨད་གཡོགས་གྱོན་པ། བྲང་འགྲོ་དཀར་པོའི་ཕྲེང་བས་སེ་རལ་ཁ་བྱས་པ། དེའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཐུགས་ཀྱི་ལྷ་མོ་ནག་མོ། མགྲིན་པར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་གསུང་གི་ལྷ་མོ་«་་་་་འདིའི་ལྷ་མོ་དམར་མོ་གཡས་དང༌། སྔོན་མོ་གཡོན་དུ་འགོད་པར་བཞེད་པའང་ཡོད་ཅིང་མདུན་བསྐྱེད་ལ་དེ་ལྟར་ངེས་པར་འཐད།» དམར་མོ། གཉིས་ཀའང་ཞལ་གཅིག་ཕྱག་གཉིས་མ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་གྱིས་དཀྲིས་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞབས་གཡས་པའི་རྟིང་པས་འོག་ཕྱོགས་བརྟེན་ཅིང་པུས་མོ་གདན་ལ་བཙུགས་པ། གཡོན་བཞེངས་སྟབས་སུ་བཞུགས་པ། དར་དཀར་པོའི་སྟོད་གཡོགས་དང༌། ཤིང་ལོ་གསར་པའི་སྨད་གཡོགས་ཅན། སྦྲུལ་དཀར་པོའི་སེ་རལ་ཁ་བྱས་པའོ། དེ་གསུམ་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །སོགས་ཀྱི་རྗེས་སུ། ཨོཾ་པརྞ་ཤཱ་བ་རཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛཿཛཿཛ༔ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་

p. 58

ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་གསུམ་ཀ་ལ་མི་བསྐྱོད་པས་དབུར་བརྒྱན་ཅིང༌། དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར། དེ་ནས་མཆོད་པ་རྣམས་བསང་སྦྱང་བྱིན་རླབས་སྤྱི་ལྟར་བྱ། ཨོཾ་པརྞ་ཤཱ་བ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་ལས་ཤཱ་བ་རཱི། །ལྷ་མོ་གང་གིས་བསྒྲུབས་པས་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། རིགས་སོ་སོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ཡིག་རང་རང་གི་སྐུ་མདོག་དང་མཐུན་པའི་མཐར་སྔགས་ཕྲེང་གསུམ་པོ་སོ་སོས་བསྐོར་བ་ལས་རང་འདྲའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ནད་བདག་གི་ལྷ་མོ་ནད་དང་བཅས་པ་རྣམས་སྐུའི་འོད་ཟེར་གྱིས་བསྲེགས་ཤིང་ཞལ་དུ་གསོལ། ཕྱག་མཚན་གྱིས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག ཡང་སྐུ་ལས་འོད་ཟེར་འཕྲོས་ལྷག་མའང་བསྲེགས་ཐལ་བ་རླུང་གིས་གཏོར། སླར་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས་པའི་རྩེ་ལས་བདུད་རྩིའི་རྒྱུན་བབས་པས། དྲི་མ་བག་ཆགས་ཙམ་ཡང་མེད་པར་གྱུར་པར་བསམས་ལ། ཨོཾ་པི་ཤཱ་ཙི་པརྞ་ཤཱ་བ་རཱི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ཞེས་སྐུའི་ལྷ་མོ་དང༌། ཨོཾ་ཐིམ་ཐར་ཏེ་དུནྟེ་ཛྭ་ལ་སཾ་བྷཱ་རཾ་སྭཱ་ཧཱ། ཞེས་གསུང་གི་དང༌། ཨོཾ་ཀུནྟེ་ཀུནྡྷན྄་ལཾ་བྷྲཱུྃ་ཤལ་ཤལ་དུ་ག་སོད་རྒྱུ་གཟེར་སོད་སྭཱ་ཧཱ། ཞེས་ཐུགས་ཀྱི་ལྷ་མོའི་སྔགས་ཏེ་ཇི་ལྟར་རིགས་པ་བཟླ། མཐར་གཞན་ནས་འབྱུང་བའི་ལས་ཁ་ཚར་གྱི་སྔགས། ཨོཾ་ཧཱུྃ་བྷྱོཿ ཡག་བྷྱོཿ འབྲས་གཟེར་བྷྱོཿ འབྲུམ་གཟེར་བྷྱོཿ སྙིང་གཟེར་བྷྱོཿ ལྷོག་གཟེར་བྷྱོཿ རྒྱུ་

p. 59

གཟེར་བྷྱོཿ མཱ་ར་ཡ་ཁ་ཐཾཿ ཡང༌། ཨོཾ་ཚི་བརྟུལ་བརྟུལཿ རྨུགས་ཤིག་ཤིགཿ ཧྲི་རཾ་ཙག་ཏྲི་སདཿ རྦད་མ་ལ་ཡ་རྦདཿ སརྦ་མ་ལ་ཡ་རྦདཿ ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའང་ཅུང་ཟད་རེ་བཟླས། ལས་ཐམས་ཅད་ཀྱི་བུམ་པར་ཁྲོ་བོ་བདུད་རྩི་འཁྱིལ་པ་གསལ་བའི་བ་སྤུའི་བུ་ག་ནས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་དཔག་ཏུ་མེད་པ་བབས་པས་བུམ་པ་ཁེངས་པར་བསམས་ལ། ཨ་མྲྀ་ཏ་ཅི་ནུས་བཟླས་ལ། ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུར་གྱུར་པར་བསམ། མདུན་གྱི་གཏོར་མ་བསང་སྦྱང༌། བདག་བསྐྱེད་ལྟར་ཡན་ལག་བཞི་རྫོགས་ཀྱིས་བསྐྱེད། མཆོད་པ་བསང་སྦྱང་བྱིན་རླབས་སྔར་ལྟར་འབུལ་ཞིང༌། རྒྱལ་བ་ཀུན་གྱི་སོགས་ཀྱིས་བསྟོད། རིགས་སོ་སོའི་ཐུགས་ཀར་སྔགས་ཕྲེང་བཀོད་ལ་བཟླས་པ་ཅི་ནུས་ཀྱི་མཐར། གཏོར་མ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བརླབ། མདུན་བསྐྱེད་ཀྱི་ལྷ་མོ་རིགས་གསུམ་གྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་པི་ཤཱ་ཙི་པརྞ་ཤཱ་བ་རཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་དབུལ། མཆོད་བསྟོད་སྔར་བཞིན་དང༌། རི་ཁྲོད་ལྷ་མོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། བཅོམ་ལྡན་འདས་མ་འཁོར་དང་བཅས་པས་བདག་གི་རྡོ་རྗེ་སློབ་མ་འདི་རྣམས་འཇུག་ཅིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་སློབ་མའི་དོན་དུ་གསོལ་བ་ལན་གསུམ་བཏབ་པས་རྗེས་སུ་གནང་བར་བསམ། གཉིས་པ་སློབ་མ་ལ་བྱ་བ་ནི། སློབ་མ་རྣམས་གྲལ་ལ་འཁོད་པར་ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་དང༌། སློབ་དཔོན་གྱིས་ལས་བུམ་ཐོགས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨ་མྲྀ་ཏ་བཟླས་པས་ཁྲུས་བྱ། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོ་འདུད་རྩི་འཁྱིལ་པའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་ཁྱེད་

p. 60

རང་རྣམས་ལ་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྒྱངས་རིང་དུ་བསྐྲད་པའི་ཐུགས་མོས་མཛོད། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན༴ དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་རབ་ཏུ་བཞུགས་པ་རྣམས་ཀྱི་བདེན་པ་དང༌། སྙིང་པོ་དང༌། སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་བདེན་པ་དང༌། གསང་སྔགས་དང་རིག་སྔགས་ཀྱི་བདག་པོ་ཁྲོ་བོ་དང༌། ཁྲོ་མོ་རྣམས་ཀྱི་བདེན་པ་དང༌། ཁྱད་པར་དུ་ཡང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་སྒྱུ་མའི་རྣམ་རོལ་བཅོམ་ལྡན་འདས་མ་རི་ཁྲོད་ལྷ་མོ་རིགས་གསུམ་གྱི་བདེན་པ་དང༌། བདེན་པ་ཆེན་པོ་དེ་དག་གི་མཐུ་ལ་བརྟེན་ནས། དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་ས་ཡི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག གང་དག་མི་འགྲོ་ཞིང་འདུག་པ་དེ་དག་ཐམས་ཅད་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང༌། ཨ་མྲྀ་ཏའི་སྔགས་དང༌། སུམྦྷ་ནི་སོགས་བརྗོད་ལ་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་ཀུན་སློང་གསལ་གདབ་པ་ཇི་ལྟར་རིགས་པའི་མཐར། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་སྐོར་ཡིན། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། ད་ལམ་འདིར་སྐབས་སུ་བབ་པ་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པ་ཐམས་ཅད་ཀྱི་ནང་ནས་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་པ་དཔལ་ལྡན་སྲད་རྒྱུད་པའི་ལུགས་ཀྱི་

p. 61

རི་ཁྲོད་ལྷ་མོ་རིགས་གསུམ་གྱི་རྗེས་གནང་ཟབ་མོ་འབུལ་བའི་སྐབས་སུ་བབ་པ་ཡིན་ཅིང༌། དེ་ལའང་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་གསོལ་བའི་དབང་དུ་བྱས་ན། རྒྱ་གར་གྱི་གྲུབ་ཆེན་ཞིག་གིས་འབྲི་འཚམས་ཀྱི་སྔགས་པ་ཞིག་ལ་གནང༌། དེས་རང་གི་རིགས་བརྒྱུད་ཁོ་ན་ལས་གཞན་དུ་མི་སྟེར་བའི་བཀའ་རྒྱ་བཏབ་ནས་རིམ་པར་བརྒྱུད་པ་ལས། ཕྱིས་པཎ་ཆེན་བསམ་འགྲུབ་རྒྱ་མཚོས་དེའི་སྔགས་པ་ཞིག་ལ་ང་ལ་སྟེར་དགོས་གསུངས་པས། ཁྱེད་ངེས་ཅག་གི་སྐྱབས་མགོན་ཡིན་པས་ཕུལ་དགོས་མོད་ཀྱང༌། གཞན་ལ་མི་སྤེལ་བའི་དམ་བཅའ་བཞེས་དགོས་ཞུས་པས། ཁོ་བོས་འགྲོ་བ་ལ་ཕན་ཨེ་ཐོགས་བསམ་པ་ཡིན་གྱི། གཞན་སྤེལ་མི་རུང་ན་མི་དགོས་གསུངས་ནས་མ་བཞེས། སླད་ནས་རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་དེའི་རིགས་རྒྱུད་དུ་འཁྲུངས་པས། དུས་ཕྱིས་རང་གི་ཁུ་བོ་སྔགས་བཙུན་ཞིག་ལ་སྟེར་དགོས་གསུངས་པས། ཁྱོད་ལ་སྟེར་ཀྱང་གཞན་ལ་མ་སྤེལ་གསུངས། དེ་ལ་དེ་རིང་ཁྱོད་ཀྱིས་སྩོལ་བའི་ཉིན་འདིར་སྐྱོར་བ་དང་འབྲི་བ་བྱེད་དགོས་གཞན་མི་བྱེད་ཅེས་གསུངས་ནས། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ་ལ་ཡོལ་བའི་ཕག་ཏུ་གསན་བཅུག་ནས་གནང༌། དེས་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་སོགས་ཤིན་ཏུ་མང་པོ་ལ་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་གནང་སྟེ་དར་རྒྱས་སུ་མཛད་པ་ནས། བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱོན་པའི་རྗེས་གནང་ཟབ་མོ་འབུལ་བ་ལ། སྔོན་འགྲོ་སློབ་དཔོན་གྱི་བྱ་བ་རྣམས་ལེགས་པར་གྲུབ་ཟིན་ནས། དངོས་གཞི་སློབ་མའི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ། མདུན་གྱི་མཎྜལ་གྱི་དབུས་སུ་བླ་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་མ་རི་ཁྲོད་ལྷ་མོ་རིགས་གསུམ་ལ་སྐྱབས་གནས་དཀོན་མཆོག་རྒྱ་མཚོས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་དཔའི་སྡོམ་པ་འཛིན་སྙམ་པས་འདིའི་རྗེས་ཟློས་ལན་

p. 62

གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ནས། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །བར་ལན་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པ་ཡིན་པས་ཐུགས་དམིགས་འདི་བཞིན་དུ་མཛོད། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སློབ་མ་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་སློབ་མ་རྣམས་གང་དུ་གནས་པའི་ས་ཕྱོགས་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། ཞེས་པ་ནས། ཐུགས་ཀར་ཧཱུྃ་སྔོན་པོ་ཞེས་པའི་བར་སྒྲུབ་ཐབས་བཞིན་ལ། རང་ཉིད་ཅེས་པའི་ཚིག་རྣམས་དོར། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རི་ཁྲོད་མ་རིགས་གསུམ་གྱི་སྐུ་ཆེ་ཆུང་དཔག་ཏུ་མེད་པ་གནམ་ས་བར་སྣང་གི་ཁྱོན་ཐམས་ཅད་ཁེངས་པ་ཙམ་དུ་སྤྱན་དྲངས་ཏེ། སློབ་མ་རྣམས་ཀྱི་ལུས་ལ་ཐིམ་པས་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། སྔགས་གསུམ་པོའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་མང་དུ་བརྗོད། དེ་ནས་སློབ་དཔོན་དེ་ཉིད་ཀྱང་ཐ་མལ་གྱི་སློབ་དཔོན་འདི་ལྟ་བུ་མ་ཡིན་པར་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ་ཞེས་སོགས་ནས་སྦྲུལ་དཀར་པོས་སེ་རལ་ཁར་བྱས་པས་མཚན་པ་དང༌། མདུན་གྱི་གཏོར་མ་འདི་ཉིད་ཀྱང་བསྒྲུབས་ཟིན་པ་ལྟར་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མ་སོགས་ནས། སེ་རལ་ཁ་བྱས་པས་མཚན་པར་གསལ་བཏབ་ནས། རྗེས་སུ་གནང་བ་དངོས་ལ་གསུམ་ཡོད་པ་ལས། ཐོག་མར་སྐུའི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུམ་ཡེ་ཤེས་དབྱེར་མེད་པ། །འགྲོ་བའི་འདྲེན་མཆོག་རྗེ་བཙུན་མའི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གཏོར་མ་ལྷར་བསྐྱེད་པ་ལ་ཕོག དེའི་རི་ཁྲོད་མ་རིགས་གསུམ་གྱི་གནས་ལྔ་ལས་རི་ཁྲོད་མ་དཀར་དམར་མཐིང་སེར་ལྗང་གུ་ལྔ་ཚན་གསུམ་སྤྲོས། སློབ་མའི་རིགས་

p. 63

གསུམ་གྱི་གནས་ལྔ་སོ་སོ་ལ་ཐིམ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག རྡོ་རྗེའི་སྐུ་འགྲུབ་པའི་ནུས་པ་བཞག ཁྱད་པར་ལུས་ཀྱི་ནད་གདོན་སྡིག་སྒྲིབ་སྔར་ཡོད་དག་ཅིང་ཕྱིན་ཆད་མི་འཇུག་པའི་ཕྱིར། རི་ཁྲོད་མའི་སྐུ་དཀར་པོའི་རྭ་བ། འཁོར་ལོའི་རྭ་བ། འོད་དཀར་པོའི་རྭ་བ་གསུམ་གྱིས་བསྐོར་བས་སྲ་བརྟན་གཞོམ་གཞིག་དང་བྲལ་བའི་ཐུགས་མོས་མཛོད། གཉིས་པ་གསུང་གི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་སོགས་ནས། གསུང་གི་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་རང་རང་སོ་སོའི་སྔགས་ཀྱི་ཕྲེང་བར་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། སློབ་མ་ལྷ་མོ་རིགས་གསུམ་དུ་གསལ་བའི་ཐུགས་ཀར་ཉི་མ་ལ་རང་རང་གི་སྐུ་མདོག་དང་མཐུན་པའི་པྃ་ཡིག་གིས་མཚན་པའི་མཐར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛོད། སྔགས་གསུམ་གྱི་རྗེས་ཟློས་བྱ། དེས་ངག་གི་ནད་གདོན་སྡིག་སྒྲིབ་དག རྡོ་རྗེའི་གསུང་འགྲུབ་པའི་ནུས་པ་བཞག ཁྱད་པར་དུ་ངག་གི་ནད་གདོན་སྡིག་སྒྲིབ་སླར་མི་འཇུག་པའི་ཕྱིར་སྔར་བསྒོམས་པའི་སྐུའི་རྭ་བ་གསུམ་གྱི་ནང་དུ། རི་ཁྲོད་མ་དམར་མོའི་རྭ་བ། དེའི་ནང་དུ་པདྨའི་རྭ་བ། དེའི་ནང་དུ་འོད་དམར་པོའི་རྭ་བ་གསུམ་གྱིས་བསྐོར་བའི་ཐུགས་མོས་མཛོད། གསུམ་པ་ཐུགས་ཀྱི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་སོགས་ནས། ཐུགས་ཀྱི་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་རིགས་གསུམ་གྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ། རྣམ་པ་རིགས་སོ་སོའི་ཕྱག་མཚན་རྡོ་རྗེ་སེར་པོ་དང་ནག་པོ་རྩེ་ལྔ་པ། པདྨ་དམར་པོ་རྩེ་གསུམ་པ་དཔག་ཏུ་མེད་པ་བྱུང༌། སློབ་མའི་སྙིང་གར་སིབ་སིབ་

p. 64

ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག ཐུགས་རྡོ་རྗེ་འགྲུབ་པའི་ནུས་པ་བཞག ཁྱད་པར་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་སླར་མི་འཇུག་པའི་ཕྱིར་རྭ་བ་སྔ་མ་རྣམས་ཀྱི་ནང་དུ་རི་ཁྲོད་མ་ནག་མོའི་རྭ་བ། དེའི་ནང་དུ་རྡོ་རྗེའི་རྭ་བ། དེའི་ནང་དུ་འོད་སྔོན་པོའི་རྭ་བ་གསུམ་གྱིས་བསྐོར་བའི་ཐུགས་མོས་མཛོད། དེ་ནས་མཐའ་རྟེན་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་རི་ཁྲོད་ལྷ་མོ་རིགས་གསུམ་དུ་གསལ་བ་སློབ་མ་རྣམས་ཀྱི་སྤྱི་བོར་དྲངས་ནས་བཀའ་བསྒོས་པ་ལྟར་ཞལ་གྱིས་བཞེས་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བར་ཆད་ཐམས་ཅད་སེལ་བ་དང༌། དངོས་གྲུབ་ཐམས་ཅད་སྩོལ་བའི་ཐུགས་མོས་མཛོད། གཏོར་མ་མགོ་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ལྷག་པའི་ལྷར་ནི་མཛད་དུ་གསོལ། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཛཿཧཱུྃ་བཾ་ཧོཿ གཏོར་མ་ལྷར་གསལ་བ་ལས་རང་འདྲ་གཉིས་པ་རེ་ཆད་ནས་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འབྲལ་མེད་དུ་བཞུགས་པའི་མོས་པ་མཛོད། དེ་ནས། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་འདུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་བྱ། །འདི་ཟོས་རི་ཁྲོད་ལྷ་མོ་ཡི། །ཞལ་ཟས་བསྟེན་ན་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཞེས་བརྗོད་ལ་གཏོར་མའི་མཐའ་ནས་རིལ་བུ་རྣམས་སྦྱིན། དེས་རྗེས་གནང་གི་དངོས་གཞི་ལེགས་པར་གྲུབ་ནས། དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། བཀའ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། དེ་ཙམ་དུ་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་ཕུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་

p. 65

པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས། དེ་རྣམས་ཀྱིས་དཔལ་ལྡན་སྲད་རྒྱུད་པའི་ལུགས་ཀྱི་རི་ཁྲོད་ལྷ་མོ་རིགས་གསུམ་གྱི་རྗེས་གནང་ཟབ་མོ་བརྒྱུད་ལྡན་དམ་པའི་ཕྱག་ལེན་ལས་བྱུང་བ་ལྟར་ལྷག་ཆད་མེད་པར་ལེགས་པར་ཕུལ་གྲུབ་པ་ཡིན་པས་འདིའི་སྒོ་ནས་ཀྱང་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང༌། གསུམ་པ་རྗེས་ནི། མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོས་ལ་བསང་སྦྱང་བྱིན་རླབས་མཆོད་བསྟོད་སོགས་སྔར་ལྟར་ལ། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། གཏོར་མའི་ཡེ་ཤེས་པ་བཛྲ་མུཿས། རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། རང་ཡང་རིམ་གྱིས་འོད་དུ་ཞུ་ནས་མི་དམིགས་པར་གྱུར་པར་བསམས་ལ་ཅུང་ཟད་མཉམ་པར་བཞག དེའི་ངང་ལས་སྐད་ཅིག་གིས་རི་ཁྲོད་མའི་སྐུར་ལམ་གྱིས་གསལ་གདབ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་བསྔོ་སྨོན་དང༌། སྟོན་མཆོག་དམ་པ་སོགས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཡང་སྔོན་དུ་བསྙེན་པ་བྱ་བའི་ཚུལ་ནི། བདག་བསྐྱེད་བཟླས་པའི་བར་སྔར་ལྟར་དང༌། བཟླས་པའི་མཇུག་ཏུ་གཏོར་མགྲོན་སྤྱན་དྲངས་ལ་གཏོར་མ་འབུལ། མཆོད་བསྟོད་འདོད་དོན་གསོལ་གདབ། གཏོར་མགྲོན་རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་སུ་གསོལ། བསྔོ་སྨོན་ཤིས་བརྗོད་སོགས་སྤྱི་དང་མཐུན་པར་བྱ། དེ་ལྟ་བུའི་རིམ་པས་སྔགས་གསུམ་པོ་གྲངས་རབ་བྱེ་བའམ་མཚན་མ་མཐོང་བའི་བར་དང༌། འབྲིང་འབུམ་ཕྲག་ཆ་ཤས། མ་མཐའ་ཡང་འབུམ་ཕྲག་གཅིག་གམ་ཁྲི་ཕྲག་བརྒྱད་བཟླ་བ་ནི་ལས་རུང་གི་བསྙེན་པའི་ཚད་ཡིན་ལ། ལས་ཁ་ཚར་གྱི་སྔགས་གཉིས་པོ་ནི་ཐུན་གྱི་མཇུག་ཏུ་ཇི་ལྟར་རིགས་པ་ཙམ་བཟླ་བ་ལས་གྲངས་ཚད་ཀྱི་ངེས་པ་མེད་དོ། །སྨྲས་པ། རི་ཁྲོད་ལྷ་མོ་རིགས་གསུམ་གྱི། །སྒྲུབ་ཐབས་རྗེས་གནང་དང་བཅས་པའི། །

p. 66

བདུད་རྩིའི་སྤྲིན་མཛེས་འདི་ཤར་བས། །ནད་གདོན་ཚ་གདུང་ཡོངས་སུ་བཅིལ། །དེ་ལས་བྱུང་བའི་དགེ་ཚོགས་ནི། །ག་བུར་གསར་པའི་ཐིགས་ཕྲེང་གིས། །འགྲོ་ཀུན་ཕན་བདེའི་ངལ་འཚོ་ལ། །ཉམས་མེད་ལོངས་སུ་སྤྱོད་གྱུར་ཅིག །ཅེས་པའང་རྗེ་བླ་མ་མཁས་ཤིང་གྲུབ་པའི་དབང་ཕྱུག་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་ཞལ་སྔ་ནས་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཆེན་པོར་ཇི་ལྟར་སྩལ་བའི་ཕྱག་ལེན་དང༌། རྗེ་ཐུའུ་བཀྭན་པ་བློ་བཟང་ཆོས་ཀྱི་ཉི་མའི་ཡིག་ཆ་སོགས་ལ་བརྟེན་ནས་བཀླགས་ཆོག་མའི་ཚུལ་དུ་ཤར་མདོ་ཁམས་ཀྱི་བཙུན་པ་སྐལ་བཟང་མཁྱེན་བརྩེའི་མིང་ཅན་གྱིས་སྦྱར་བ་ཤྲེ་ཡོ་བྷ་བ་ཏུ།། །།སརྦ་མངྒ་ལཾ།། །།

དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ།

p. 67

དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་ཞེས་བྱ་བ་བཞུགས་སོ། །སློབ་དཔོན་ཧཱུྃ་ཀ་རའི་རྒྱ་གཞུང༌།།

p. 68

རྒྱ་གར་སྐད་དུ། སཾ་སིདྡྷི་མ་ཧཱ་ཤྲཱི་ཧེ་རུ་ཀ་ནོ་པི་ཀ་ནཱ་མ། བོད་སྐད་དུ། དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་ཞེས་བྱ་བ། བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་ལ་ཕྱག་འཚལ་ལོ། །ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཤེས་རབ་ཀྱིས་ནི་བློ་ཕྱེ་ནས། །ངེས་པར་བརྟགས་པའི་ས་གཞི་ལ། །བླ་མས་ངེས་པའི་ལུང་འདི་བསྟན། །སྣུམ་པ་ཡི་ནི་དམ་ཚིག་དང༌། །གཙང་དང་འཇིགས་པའི་བརྟུལ་ཞུགས་ཅན། །དེ་དག་གོམས་ནས་ཉམས་སུ་བླང༌། །བློ་ཞན་ཤེས་རབ་ཆུང་བས་ནི། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །ཕུད་བྱེད་གཉིས་ཀ་སྲེག་པས་ན། །དེ་བས་གཞན་དུ་བསྟན་པ་མིན། །ཕུན་སུམ་ཚོགས་པ་བཞི་ལྡན་ནས། །རྫས་དང་ས་གཞི་བརྟགས་པ་དེར། །འབྱུང་པོའི་གཏོར་མ་བཏང་ནས་ཀྱང༌། །གསང་བའི་དོན་གྱི་ལས་རྣམས་བྱ། །དེ་ནས་དུར་ཁྲོད་བདག་པོ་དག །ཕྱག་རྒྱ་ཆེ་དང་ལྡན་པར་ནི། །ཅི་རིགས་སུ་ནི་ལས་རྣམས་བྱ། །དཀྱིལ་འཁོར་ནུབ་ཕྱོགས་དེ་བཞིན་བཞི། །ཁམ་ཕོར་རི་མོར་བྲིས་པ་དགུ། །སྣང་བའི་འོད་དང་ཆས་པར་དགྲམ། །རྫས་ཀྱིས་མཛེས་པར་འཁོར་བར་བཞག །མིག་གི་རྟེན་ཡང་མངོན་པར་བཞག །མི་དམིགས་ཆོས་ལ་བློ་བརྟན་ཅིང༌། །

p. 69

ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབ། །རྟོགས་པའི་བློ་ཅན་དེ་དག་གིས། །སྲོག་ལུས་མན་ཆད་རྫས་ཀྱི་རྣམས། །བླ་མ་མཉེས་པར་བྱ་ཕྱིར་འབུལ། །དངོས་གྲུབ་འདོད་པར་གསོལ་བ་གདབ། །སློབ་དཔོན་ཇི་བཞིན་སྟན་བདེར་གནས། །རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན། །གཡོན་ཕྱོགས་གནས་ལ་ཚུལ་བཞིན་དུ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །གར་མཁན་ཚུལ་འདྲ་སྒྱུ་མའི་རྒྱ། །དེ་ལས་འཇའ་ཚོན་བཞིན་དུ་གསལ། །འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །ཐིམ་པའི་རྒྱལ་མོར་བྱིན་གྱིས་བརླབ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ཡིས། །བྱང་ཆུབ་སེམས་དེ་བླངས་ནས་ནི། །དེ་དག་དངོས་གྲུབ་ཆེན་པོ་བས། །ཇི་ལྟར་འདོད་པར་ནན་ཏན་བྱ། །ཡིད་འོང་བཀྲ་ཤིས་རིགས་ཀྱི་ཡུམ། །བུ་ལ་གཏད་ནས་མན་ངག་སྦྱིན། །དབང་ཐོབ་མཛེས་པ་དེ་དག་གིས། །དུལ་བའི་སེམས་སུ་བཞག་ནས་ནི། །དམ་ཚིག་ཆེན་པོས་བདེ་བར་གནས། །སངས་རྒྱས་ཚེ་འདིར་བསྒྲུབ་པའི་ཕྱིར། །སྐུ་གསུམ་ས་ལ་གོམས་པར་བྱ། །དང་པོར་ཆོས་ཀྱི་དབྱིངས་ཉིད་ལ། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་ཀུན་ལ་ཁྱབ་པར་བྱ། །མེད་པའི་རྒྱུ་ལས་མངོན་གསལ་བའི། །སེམས་ཀྱི་རང་བཞིན་

p. 70

ཡེ་ཤེས་གསལ། །ཅིར་ཡང་འགྱུར་བའི་ཡིག་འབྲུ་བསམ། །འོད་ཟེར་ཚུལ་དུ་སྤྲོས་ནས་ཀྱང༌། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །རེ་ཞིང་ངམ་པའི་ཚུལ་དུ་དགོངས། །འོད་ཟེར་དེ་དག་འདུས་ནས་ཀྱང༌། །རིན་ཆེན་མཛེས་པའི་གཞལ་ཡས་སུ། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །ཐུགས་རྗེ་ཆེ་དང་ལྡན་པ་ཡི། །དཀྱིལ་འཁོར་ལྔ་ལ་སོགས་པའི་འཁོར། །གྲུབ་པས་བསྟན་པའི་ལུས་བཞིན་དུ། །སྐུ་མདོག་སོ་སོར་གསལ་བ་ཡི། །ཕྱག་རྒྱ་རྒྱན་དང་ཆ་ལུགས་དག །བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ། །ཞི་བའི་མཆོད་པས་མཉེས་པ་དག །བསྙེན་པའི་དོན་དུ་དེ་དག་བྱ། །དངོས་གྲུབ་དམ་ཤེས་བླང་བའི་ཕྱིར། །ལྷག་པའི་རྟགས་ཀྱིས་ཀུན་མཚན་ནས། །སྔ་མ་ལས་ནི་གནས་བསྒྱུར་ཏེ། །དུར་ཁྲོད་ས་རུ་བརྟག་པར་བྱ། །ཡེ་ཤེས་དམ་ཚིག་ཆེན་པོ་ཡིས། །པདྨོ་རིན་ཆེན་ལྡན་བྱས་ནས། །བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། །དབྱིངས་ཀྱི་བདེ་ཆེན་འབྱུང་བ་དེ། །རང་རིག་ཡེ་ཤེས་དེ་ལས་འོད། །ཇི་བཞིན་མཁའ་ལ་གསལ་བ་དག །དྲི་མེད་ཉི་མའི་འོད་པས་འཚེར། །བྱང་ཆུབ་སེམས་ནི་ཀུན་ཏུ་དག །ཁམས་གསུམ་རབ་ཏུ་འདས་ནས་ཀྱང༌། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །འདོད་པར་བྱ་བ་རབ་ཏུ་མཉེས། །བསྐལ་པའི་མེ་ཕུང་འཁྲིགས་པ་བཞིན། །ཁྲོ་བོས་སྤྲུལ་པས་དྲེགས་པ་བསྒྲལ། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །འབར་བའི་འཁོར་ཚོགས་རྣམ་པར་བསམ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །བཞུགས་དང་བརྟན་དང་མི་གཡོ་དང༌། །དམ་ཚིག་ཟིལ་གནོན་ཕྱག་བྱེད་དང༌། །མཆོད་དང་བསྟབས་དང་བཟའ་བ་དག །ཚུལ་རིག་གོམས་པའི་བློ་དག་གིས། །ཅི་རིགས་སུ་ནི་བརྟག་པར་བྱ། །བསྙེན་པར་གནང་བའི་དབང་ཐོབ་ནས། །བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་བསྟན། །བསྒོམ་རྒྱུད་གསལ་བར་ཅི་ནུས་བྱ། །བསྙེན་པའི་ལུང་བཞིན་བརྩོན་པར་འབད། །དམ་ཚིག་མཆོག་གི་མཆོད་པ་དག །བསྐུལ་ཚིག་དབྱངས་ཀྱིས་དེ་དག་མཉེས། །འཁོར་བཅས་མཆོད་པ་རྫོགས་ནས་ནི། །དམིགས་མེད་སྟོབས་ཀྱི་གདེངས་ཅན་གྱིས། །སྐུ་མཆོག་འབར་བའི་ཚུལ་དུ་བསམ། །སྒྲུབ་རྫས་དེ་དག་བྱིན་གྱིས་བརླབ། །ཁམས་གསུམ་ཁྲག་ཏུ་དམིགས་ནས་ནི། །

p. 71

དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། །དངོས་ནི་ཨ་རུ་བྱིན་རླབས་ནས། །རིན་ཆེན་གསལ་བར་ཤར་བ་དང༌། །བྱང་ཆུབ་སེམས་ནི་འོད་ཟེར་འཕྲོས། །མོས་པའི་ཐུགས་ལ་མཉེས་བསམས་ནས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །ཕྱག་མཚན་སྙིང་པོ་ཕྲ་མོ་དག །བརྟན་པར་རེད་ནས་མཁའ་ལ་བཞག །བསྐུལ་བས་རང་བཞིན་ཀུན་འདུས་པ། །དེས་ཀྱང་སྤྲོ་བའི་ལས་ཀུན་བྱེད། །དངོས་ཀྱང་མཆོད་པའི་རྫས་སུ་བསྔོ། །བར་ཆད་བྱེད་པའི་བགེགས་ཆེན་ཀྱང༌། །འཇིགས་པ་མེད་པའི་སེམས་ཀྱིས་བཟློག །དངོས་གྲུབ་སྦྱིན་པའི་གཟུགས་ཅན་ཀྱང༌། །རེ་དང་དོགས་དང་དགའ་བ་ཡི། །ངན་པའི་དོན་གྱི་སེམས་མི་དབྱུང༌། །ཕན་གནོད་བྱེད་པ་རྣམ་གཉིས་པོ། །གཟུགས་དང་སྒྲ་དང་དྲི་དང་ནི། །རྣམ་པ་གསུམ་པོར་བྱུང་བ་ན། །དོགས་དང་བཅས་པའི་སེམས་སྤངས་ཏེ། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །ཉམས་ཀྱི་ཕྱག་རྒྱས་རང་དོན་སད། །གལ་ཏེ་འབྱུང་པོ་མནན་པར་བྱ། །སྟོན་པས་བསྟན་པའི་ལུང་བཞིན་དུ། །ཞག་གྲངས་དུས་ནི་བརྟག་པའམ། །མཚན་མ་བརྟན་པོར་བྱུང་བ་ན། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྐྱ་རེངས་འཆར་བའི་བར་དུ་བསྒྲུབ། །རྫས་ལ་ཧཱུྃ་དབྱངས་བསྟོད་མཆོད་ཀྱིས། །དངོས་གྲུབ་བསྡུས་ཏེ་སྐུ་གསུང་ཐུགས། །ཐོབ་དང་བྱིན་རླབས་དབང་བསྐུར་བྱ། །སྦྱིན་སྲེག་ལས་བཟླས་མཁའ་འགྲོ་བསྐྱང༌། །གཏེར་སྦ་དཀྱིལ་འཁོར་བསྡུ་བ་དང༌། །སྨོན་ལམ་བཀྲ་ཤིས་བྲོ་བརྡུངས་ཏེ། །དགེ་བསྔོ་མ་དག་བཤགས་པ་དང༌། །རྒྱུན་གྱི་ཏིང་འཛིན་ནན་ཏན་བྱ། །ཀུན་ཀྱང་སེམས་ཅན་དོན་དུ་བསྔོ། །སྒྲུབ་པ་ཆེན་པོ་ཡང་དག་པར་གྲུབ་པ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་ཧཱུྃ་ཀ་རའི་ཞལ་སྔ་ནས་མཛད་པ། བོད་ཀྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ལུང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཧཱུྃ་ཀ་ར་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། ཕྱིས་མཆིམས་ཕུ་བྲེ་གུ་དགེའུ་རུ་རིག་འཛིན་གྱི་རྒྱལ་པོ་པདྨ་སཾ་བྷ་བས་རྩ་བ་ཉིད་ལ་འཁྲུགས་པ་གོ་རིམ་བསྡེབས་ཤིང་མ་ཚང་བ་ཁ་བསྐང་བར་མཛད་དེ་གསང་བའི་འགྲེལ་བ་དང་བཅས་པ་ལོ་ཙཱ་བ་ནམ་མཁའི་སྙིང་པོས་བསྒྱུར་ནས་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་སོགས་རྗེ་འབངས་བདུན་ལ་གདམས་ཤིང་བཀའ་རྒྱས་བཏབ་པའོ།། །།

དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྙིང་པོ་ཟླ་གམ་གཅིག་མ་ལ་བརྟེན་པའི་བསྙེན་པ་དང་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཡི་གེ་ཐུགས་ཀྱི་ཐིག་ལེ།

p. 72
p. 73

དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྙིང་པོ་ཟླ་གམ་གཅིག་མ་ལ་བརྟེན་པའི་བསྙེན་པ་དང་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཡི་གེ་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།

p. 74

ན་མཿཤྲཱི་གུ་ར་བེ། སངས་རྒྱས་ཀུན་གྱི་དགྱེས་པ་ཆེ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །བླ་མ་ཡང་དག་ཧེ་རུ་ཀར། །བཏུད་ནས་བསྡུས་པའི་བསྙེན་ཐབས་བྲི། །གངས་ཅན་གྱི་ལྗོངས་སུ་སྔ་འགྱུར་བའི་སྨིན་གྲོལ་བྱིན་རླབས་སྙན་གྲགས་ཀྱི་གཟི་བརྗིད་ཟམ་མ་ཆད་པ་དཔལ་ལྡན་ས་སྐྱའི་ཡབ་ཆོས་ཟླ་གམ་དགུ་པ་རྒྱུན་གྱི་ཉམས་ལེན་དང༌། གྲངས་དུས་ཀྱི་བསྙེན་པ་གཏོང་བའི་ཚེ་བཟླས་སྒོམ་ཁྱེར་བདེ་བས་དོན་གྱི་སྙིང་པོ་ཟླ་གམ་གཅིག་མ་ལ་ཕྱག་བཞེས་སུ་མཛད་ཅིང༌། དེའི་སྒྲུབ་ཐབས་ཀྱི་རྩ་བ་སློབ་དཔོན་ཆེན་པོ་ཧཱུྃ་ཀ་རས་མཛད་པའི་ལག་ལེན་གན་པ་རིན་རྒྱལ་གྱིས་མཛད་པ་ལ། ཆོས་རྗེ་དཔལ་ལྡན་བླ་མས་མཛད་པའི་ཕུར་པའི་མངོན་རྟོགས་སོགས་དང་བསྟུན་པའི་གསལ་བྱེད་འཇམ་མགོན་ས་ལོ་ཆེན་པོས་མཛད་པ་གཞིར་བཞག གསལ་བྱེད་ཀྱི་ཡིག་ཆ་སྔགས་འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ཉམས་ལེན་སྙིང་པོར་དྲིལ་བ་ལ་དོན་གསུམ། བསྙེན་པའི་བཅའ་གཞི། བསྙེན་ཐབས་ཀྱི་ཉམས་ལེན་དངོས། བསྙེན་པ་གྲུབ་ནས་བྱ་བའི་ཚུལ་ལོ། །དང་པོ་ནི། དབེན་ཞིང་ཉམས་དགའ་ལ་བྱིན་རླབས་ཅན་གྱི་གནས་སུ་རྟེན་སྤྱི་དང་ཁྱད་པར་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་འཛོམ་ཞིང་སྤྲོ་ན་རྙིང་མ་སྤྱིའི་ཕྱག་སྲོལ་ལྟར། མཎྜལ་དྲི་དང་བདུད་རྩི་ལྔས་བྱུགས་པ་ལ་ཟླ་གམ་དམར་སྐྱ་སྒོ་གཅིག་པ་ལ་ཕྱག་མཚན་ནམ་ཐིག་ལེ་སྔོན་

p. 75

པོ་བཀོད་པའི་སྟེང་དུ་མཉྫིའི་ཁར་ཐོད་པ་མཚན་ལྡན་ལ་སྐུའམ་སྔགས་དང་རྡོ་རྗེ་ཁ་ཊྭཱཾ་བྲིས་ཤིང་རབ་གནས་བྱས། དར་མཐིང་གའི་ན་བཟས་ཀླུབས་པ་བསླངས་ནས་བཞུགས་པའི་མདུན་དུ་བྷནྡྷ་ལ་ཞུ་ཆེན་གྱི་མར་མེ་བགྱིས་པ་དགོད། དེའི་མདུན་དུ་གཏོར་མ་སྟོད་ཟུར་གསུམ། སྨད་ཟླུམ་པོ་མཐེབ་ཀྱུས་བསྐོར་བ་ལ། ཆེད་དུ་བསད་པ་མ་ཡིན་པའི་ཤ་ཁྲག་གིས་བརྒྱན་པའི་གཡས་གཡོན་སྨན་རཀ མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས། སྤྲོས་པ་བསྡུ་ན་སྨན་རཀ་གཏོར་གསུམ་ཕྱི་མཆོད་ཙམ་ལ་བརྟེན་པ་བརྒྱུད་པ་འདིའི་རྩ་བའི་ཕྱག་ལེན་ཡིན་ལ། དེ་ལྟར་ན་དཀར་མོའི་ཟླུམ་གཏོར། བདུད་རྒྱལ་གྱི་གཏོར་འབུལ་ཟུར་གསུམ་རྣམས་ཀྱང་བཀོད་པར་གསུང༌། སློབ་དཔོན་གྱི་མདུན་དུ་ནང་མཆོད། མེ་ཏོག ཌ་མ་རུ། རྡོ་དྲིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་ཉམས་སུ་བླང་བྱའི་སྒྲུབ་ཐབས་དངོས་བཤད། བསྙེན་ཐབས་ཀྱི་ལག་ལེན་མདོ་ཙམ་བཤད་པའོ། །དང་པོ་ནི། མཆོད་རྫས་རྣམས་ལ། ཨོཾ་བཛྲ་ཡཀྵ་བིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་མཆོད་རྫས་ཀྱི་མིང་ཡིག་དང་པོ་རྣམས་འཕྲོས་འདུས་པ་ལས་མཆོད་རྫས་རྣམས་ལ་ཐིམ་པར་བསམ་ཞིང༌། ཨོཾ་པ་ན་པེཾ་པེ་ནུ་སུ་རུ་ཏོ་ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུཿསརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཨཱཿ

p. 76

ཧཱུྃ་ཞེས་བརྗོད་པས། མཆོད་པའི་ལྷ་མོ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བས་ནམ་མཁའ་གང་བར་བསམས་ལ་རོལ་མོ་བྱ། སྤྲོ་ན་ས་ཕུར་ལྟར་མཆོད་པ་དང་རོལ་མོ་བྱིན་བརླབ། སྐྱབས་འགྲོ་བཞི་སྐོར་བྱའོ། །རྒྱུད་སྦྱང་བ་ནི། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿས་མཁའ་ཁྱབ་ཏུ་སད་པར་མོས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རངས། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱིས་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད་ལ། ཚོགས་ཞིང་རྣམས་རང་ལ་བསྡུ། ཚད་མེད་བསྒོམ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །མཚམས་གཅོད་སྲུང་འཁོར་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དཔལ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ། ཡུམ་ཁྲོ་མོ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་གྱུར། ས་མ་ཡ་སྟྭཾ། བཛྲ་ཨཉྫ་ལི་ཧཱུྃ། བཛྲ་བྷནྡྷ། བཛྲ་ཨཉྫ་ལི་ཛ། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་མཚོན་ཆ་ཐོགས་པ་མང་པོ་བྱུང་སྟེ། དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྒྱང་རིང་དུ་བསྐྲད། ཕཊ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སོང་ཞིག་ལྷ་མིན་ལྷ་ཡང་རུང༌། །ང་ལ་བར་ཆད་བྱེད་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ་སོགས་ཁྲོ་བཅུའི་སྔགས་

p. 77

བརྗོད། ཧཱུྃ་ཞེས་བརྗོད་པས་ཁྲོ་བོ་རྣམས་རང་གི་ཐུགས་ཀར་ཐིམ། ཡང་རང་གི་ཐུགས་ཀ་ནས་མཚོན་ཆ་རྣམ་པ་སྣ་ཚོགས་བྱུང་སྟེ་སྣ་བུག་ནས་འཐོན། གཡས་ནས་བསྐོར་བས་བགེགས་བསྐྲད་དེ་རྭ་བར་གྱུར། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་སྲུངས། །ཨོཾ་བཛྲ་ཨ་ཡུ་དྷ་རཀྵ་ཧཱུྃ་ཕཊ། ཅེས་དང་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་མཐེའུ་ཆུང་གཉིས་སྦྲེལ་གུང་མཛུབ་བརྐྱང་བའི་ཕྱག་རྒྱ་བཅས། ཡང་གཡོན་ནས་བསྐོར་ཏེ་མཚོན་ཆའི་གུར་དུ་གྱུར་ནས་བགེགས་ཀྱིས་མི་ཚུགས་པར་བསམས་ལ། སྔར་གྱི་ཕྱག་རྒྱ་དང་སྔགས་ལ་ཕཊ་བཞག་པ་བརྗོད། སྲུང་བའི་འཁོར་ལོ་ཤིན་ཏུ་བརྟན་ཅིང་གཟི་བརྗིད་དང་ལྡན་པར་གྱུར། རྡོ་རྗེ་ཐལ་མོ་སྦྱར་བ་ལས་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་རྣམ་པར་བྱས་པ་དང༌། སྲིད་པའི་རྩེ་མོ་མན་ཆད་ནས། །དམྱལ་བའི་ས་གཞི་ཡན་ཆད་ཀྱི། །ལོག་པར་ལྟ་བའི་དགྲ་དང་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། །ཨོཾ་བཛྲ་ཏེ་ཛ་ཏཱིཀྵྞ་ཙཀྲ་ཧཱུྃ་ཕཊ། ཅེས་དང༌། གཡོན་སྐོར་དང་སྔགས་ལ་ཕཊ་བཞག་པ་གོང་བཞིན། རྭ་བ་དེ་དག་ལས་འཕྲོས་པའི་མེ་འོད་ཀྱིས་བགེགས་ཐམས་ཅད་བསྲེགས་པར་བསམ་ཞིང༌། ཐལ་མོ་རྒྱབ་སྦྱར་བའི་སོར་མོ་གཞན་རྣམས་བསྣོལ། མཐེ་བོང་རྩེ་སྤྲད་པ་དང༌། ཕྱི་རོལ་ཀུན་ཏུ་འོད་འཕྲོས་པས། །བདུད་དཔུང་ངེས་པར་སྲེག་བྱེད་པ། །ས་དང་མཁའ་ཀུན་ཁྱབ་པ་ཡི། །འབར་བ་མེ་ཡི་ཕུང་པོར་གྱུར། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་བརྗོད། བཤགས་པ་ནི། བཤགས་ཡུལ་རྒྱུད་སྦྱང་བའི་སྐབས་ལྟར་གསལ་བཏབ་ལ། ན་མོ་གུ་རུ་བྷྱཿ ན་མ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿ སྡོམ་གསུམ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༌། །རྩ་བ་ཡན་ལག་ཉེས་བྱས་ཕྲ་མོ་དང༌། །དམ་ཚིག་ཆེ་ཆུང་ཚོར་དང་མ་ཚོར་དང༌། །ཟླ་དང་ཞོར་གྱིས་དམ་ཚིག་ཉམས་པ་དང༌། །ཁས་ལེན་ཆེ་ལ་ཉམས་ལེན་ཆུང་བ་དང༌། །བཀའ་ལྟར་མ་བགྱིས་གཞུང་ལྟར་མ་བསྲངས་དང༌། །ཏིང་འཛིན་ཀློད་གྱུར་ཛབ་བཟླས་ཉུང་བ་དང༌། །ཡི་དམ་ལྷ་ཡི་སྒོམ་པ་གཡེལ་ལ་སོགས། །

p. 78

ཉམས་གྲིབ་ཉེས་པའི་ཚོགས་རྣམས་མ་ལུས་ཀུན། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང༌། །བླ་མ་དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ། །དཔལ་ཆེན་ཡང་དག་དཀྱིལ་འཁོར་ལྷ་ཚོགས་དང༌། །དུར་ཁྲོད་བརྒྱད་གནས་དམ་ཅན་མཁའ་འགྲོ་ལ། །སྔར་བྱས་འགྱོད་དང་ཕྱིན་ཆད་སྡོམ་སེམས་ཀྱིས། །སྒྱུ་མ་ལྟ་བུའི་ངང་དུ་བཤགས་པར་བགྱི། །མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་སྟོབས་བཞི་དང་ལྡན་པའི་སྒོ་ནས་བཤགས་ཏེ་ལྷ་ཚོགས་རྣམས་རང་གི་སྙིང་གར་ཐིམ་པར་མོས། རང་གི་ཐུགས་ཀ་ནས་འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་བསྡུས་ནས་བདག་དང་དཀྱིལ་འཁོར་གྱི་གནས་སུ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། ཨ་ལ་ལ་ཧོཿཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ནང་མཆོད་བྱིན་རླབས་ནི། རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུས། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཡྃ་རྃ་ཀྃ་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་བའི་ཐོད་པ་ཡངས་པར་ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿལས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་གྱུར། རླུང་གཡོས། མེ་སྦར། རྫས་རྣམས་འོད་དུ་ཞུ་ནས་རླངས་པ་ཧཱུྃ་ཨོཾ་སྭཱ་ཨཱཿཧཱ་ལས་ཕྱག་མཚན་ལྔར་གྱུར། ཧཱུྃ་བཛྲ་དྷྲཱྀཀ྄ ཨོཾ་ཛི་ན་ཛིཀ སྭཱ་རཏྣ་དྷྲིཀ྄ ཨོཾ་ཨཱ་རོ་ལྀཀ྄ ཧཱ་པྲཛྙཱ་དྷྲྀཀ྄ ཧེ་རུ་ཀ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿ སྦྱོར་བའི་མེས་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ་དུ་གྱུར། དེ་ལས་འོད་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་བཀུག་ནས་ཐིམ། འོག་གི་བདུད་རྩི་གཏོར་མ་དང་འདྲེས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཞེས་དང༌། ཨོཾ་ཨཱཿཧཱུྃ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋ། གསུམ་གྱིས་བྱིན་བརླབ། རཀྟའི་སྣོད་ཨ་ལས་ཐོད་པ་ཡངས་པར་ར་ལས་དགྲ་བགེགས་བསྒྲལ་བའི་ཁྲག་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མ་སཱུརྻ་མཎྜ་ལ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ། གསུམ་གྱིས་བརླབ་བོ། །ཏིང་ངེ་འཛིན་གསུམ་གྱིས་དཀྱིལ་

p. 79

འཁོར་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་ཞིང་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་དོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གནས་ལུགས་མ་རྟོགས་པ་ལ་སྙིང་རྗེ་ཤར་བ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནོ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་ཧཱུྃ་སྔོན་པོ། རྒྱུའི་ཏིང་ངེ་འཛིན་ནོ། །རྃ་ཡྃ་ཁྃ་སྥ་ར་ཎ་ཕཊ། ཧཱུྃ་ལས་རྃ་ཡྃ་ཁྃ་འཕྲོས་པས་ཐ་མལ་གྱི་སྣང་ཡུལ་བསྲེགས་གཏོར་བཀྲུས་ནས་དག་པར་བྱས། ཨེ་ཡྃ་བྃ་རྃ་ལྃ་རྃ་ཀྃ་བྷྲཱུྃ་སྥ་ར་ཎ་ཕཊ། ཧཱུྃ་ལས་ཡི་གེ་དེ་དག་སྤྲོས་པས་རྟེན་གྱི་དཀྱིལ་འཁོར་དུ་གྱུར། ཨེ་ལས་མཁའ་དབྱིངས་དག་པ་ནམ་མཁའི་དཀྱིལ། །ཡྃ་ལས་རླུང་ཆེན་རྒྱ་གྲམ་སྲ་ཞིང་བརྟན། །དེ་སྟེང་བྃ་ལས་བྱུང་བའི་ཆུ་དཀྱིལ་དཀར། །རྃ་ལས་མེ་བྱུང་བསྐྱོད་པ་དེ་ཡི་ཕྱེད། །ལྃ་ལས་ས་ཡི་དཀྱིལ་འཁོར་བརྟན་པར་གྱུར། །དེ་སྟེང་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས། །དབུས་སུ་ཀེང་རུས་རི་རབ་བརྩེགས་པའི་སྟེང༌། །བདེ་ཆེན་བྱང་ཆུབ་སེམས་ཉིད་གཞལ་ཡས་ཁང༌། །དཀར་དམར་མདོག་ཅན་ཟླ་གམ་སྒོ་གཅིག་པ། །པ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་ཧཱ་དེ་བ་ཛཿ ཨུ་མ་དེ་བཱི་ཛཿ པདྨ་ཉི་མ་ཟླ་བ་དྲག་པོ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ་རྒྱུའི་ཏིང་ངེ་འཛིན་གྱི་ཧཱུྃ་དེ་བབས་པ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་འོད་དུ་ཞུ་བས་རང་དཔལ་ཆེན་ཡང་དག་གི་སྐུར་གྱུར་པ་ནི། ཧཱུྃ་སྥ་ར་ཎ་ཕཊ྄། སཾ་ཧ་ར་ཎ་ཧཱུྃ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ། དབུས་སུ་བདག་ཉིད་ཁྲོ་བོའི་རྒྱལ། །བཅོམ་ལྡན་རྡོ་རྗེ་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །དྲིལ་བུ་ཐོད་ཁྲག་རྒྱུ་ཞགས་གཡོན། །རྡོ་རྗེ་ཁྱུང་གཤོག་རབ་ཏུ་གདེངས། །མཆེ་གཙིགས་སྤྱན་གསུམ་ཟླུམ་ཞིང་དམར། །རལ་པ་ཁམ་པ་གྱེན་དུ་བརྫེས། །གླང་ལྤགས་ཞིང་ཆེན་གཡང་གཞི་གསོལ། །སྟག་གི་པགས་པའི་འོག་པགས་ཅན། །དཀར་དམར་ལྗང་ནག་སྦྲུལ་བགྱིས་བརྒྱན། །དབུ་རྒྱན་སེ་རལ་སྐེད་ཆིངས་དང༌། །ཕྱག་དང་ཞབས་རྣམས་རྣམ་པར་སྤྲས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །རཀྟ་ཞག་དང་ཐལ་

p. 80

ཆེན་གྱི། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་བཞི་གཡས་བསྐུམས་གཡོན་བརྐྱངས་ནས། །དབང་ཕྱུག་ཁ་བུབ་མགོ་བོ་དང༌། །ཨུ་མའི་ནུ་མར་རབ་བརྫིས་ཤིང༌། །ཡེ་ཤེས་མེ་ཕུང་དབུས་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ཡུམ་ཆེན་ཁྲོ་མོ་དབང་ཕྱུག་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། །གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ། །གཟིག་གི་པགས་པའི་ཤམ་ཐབས་ཅན། །རུས་པའི་རྒྱན་ལྔས་སྐུ་ལ་སྤྲས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྐམ་པོ་ལྔ་བཅུས་དོ་ཤལ་བྱས། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །རཀྟ་ཞག་དང་ཐལ་ཆེན་གྱིས། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །ཞབས་གཉིས་གཡས་གཡོན་བརྐྱང་བསྐུམ་གྱིས། །ཡབ་ཀྱི་གཡོན་ནས་འཁྱུད་པས་བཞུགས། ལུས་དཀྱིལ་གསལ་འདེབས་པ་ནི། རང་ལུས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གསལ་བ་ནི། བྱང་ཁོག་ཆོས་ཀྱི་འབྱུང་གནས། ནང་གི་དབུགས་ནི་རླུང་གི་དཀྱིལ་འཁོར། ལུས་ཀྱི་དྲོད་མེ། ཆུ་སེར་དང་ཤ་ལྤགས་ཆུ་དང་ས། རྩ་སྦུབས་ཀྱི་ཁྲག་རཀྟའི་རྒྱ་མཚོ། རྒལ་ཚིགས་ཀེང་རུས་ཀྱི་རི་རབ། ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་གྲུ་བཞི། སྙིང་ག་ནས་འབྱུང་བ་བཞིའི་རླུང་རྒྱུ་བའི་རྩའི་བུ་ག་བཞི་ནི་སྒོ་བཞི། ཙིཏྟ་གཞལ་ཡས་ཁང་ཟླ་གམ། སྲོག་པ་རྩ་སྒོ་གཅིག་པ། སྙིང་ཚིལ་དཀར་དམར་ཉི་ཟླའི་གདན། དབང་པོ་ལྔ་མཆོད་པའི་ལྷ་མོ་སྟེ་རྟེན་གྱི་དཀྱིལ་འཁོར་དང༌། སྤྱི་གཙུག་ཏུ་བཛྲ་ཧེ་རུ་ཀ་སྔོན་པོ་གཡས་རྡོ་རྗེ། མཚོག་མར་བུདྡྷ་ཧེ་རུ་ཀ་དཀར་པོ་གཡས་འཁོར་ལོ། རྣ་བ་གཡས་པར་རཏྣ་ཧེ་རུ་ཀ་སེར་པོ་གཡས་རིན་པོ་ཆེ། ལྟག་པར་པདྨ་ཧེ་རུ་ཀ་དམར་པོ་གཡས་པདྨ། རྣ་བ་གཡོན་པར་ཀརྨ་ཧེ་རུ་ཀ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ། དཔྲལ་བར་སྐུ་རྡོ་རྗེ་དཀར་པོ་གཡས་འཁོར་ལོ། མགྲིན་པར་གསུང་རྡོ་རྗེ་དམར་པོ་གཡས་པདྨ། ཐུགས་ཀར་ཐུགས་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ། གཡོན་རྣམས་རང་རྟགས་ཀྱིས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཡས་ལ་གཽ་རཱི། གཡོན་ལ་པྲ་མོ་ཧ། ཕྱག་གཡས་དང་པོ་ཙཽ་རཱི།

p. 81

གཡོན་དང་པོ་བཻ་ཏཱ་ལི། གཡས་བར་པར་པུཀྐ་སཱི། ཐ་མ་ཤྨ་ཤ་ནཱི། གཡོན་བར་པ་གྷསྨ་རཱི། ཐ་མ་ཙཎྜ་ལཱི། རྒལ་ཚིགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དུ་རྫོགས་པའོ། །སྙིང་གའི་དབུས་སུ་ཡེ་ཤེས་སེམས་དཔའ་རང་འདྲ་ཚོན་གང་བའི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པའི་ལྟེ་བར་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བ་ལ། ཉི་མའི་སྟེང་དུ་ཧཱུྃ་ཡུངས་འབྲུ་ཙམ་གྱི་མཐར་རུ་ལུ་སྐྲ་ཤད་ཀྱིས་བྲིས་པ་ལྟ་བུས་བསྐོར་བའོ། །ཡེ་ཤེས་པ་བསྐྱེད་བསྟིམ་རྒྱས་གདབ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་ཁྲོ་བོ་རིགས་ལྔ་བཛྲ་ས་མཱ་ཛཿ ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་ཧེ་རུ་ཀ་རིག་ལྔ་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསམ་ཞིང༌། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཏྲཱྃ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྲ་རཱི་ཧྲཱིཿ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཱཿ མཆོད་ཡུལ་སྤྱན་དྲང་བ་ནི། རང་གི་སྙིང་ག་ནས་འོད་འཕྲོས་པས་དཔལ་ཆེན་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཧཱུྃ། བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་དང༌། །སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་སྲུང་མའི་ཚོགས། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ནས། །ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་བཱ་ར་ས་མཱ་ཛཿ སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་བདག་དང་མདུན་གྱི་དཀྱིལ་འཁོར་ལ་མཆོད་པར་བསམ་ཞིང༌། སྒེག་ཕྲེང་གླུ་གར་བདུག་པ་མེ་ཏོག་མ། །མར་མེ་དྲི་ཆབ་ཉེར་སྤྱོད་རོལ་མོའི་སྒྲ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་

p. 82

བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་བློ་ཡིས་མོས་བློས་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ བཛྲ་དྷཱུ་པེ་ཧཱུྃ། བཛྲ་པུཥྤེ་ཏྲཱྃ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་གནྡྷེ་ཨཱཿ བཛྲ་པུཥྤེ་ཧཱུྃ། བཛྲ་དྷཱུ་པེ་ཧཱུྃ། བཛྲ་ཨཱ་ལོ་ཀེ་ཧཱུྃ། བཛྲ་གནྡྷེ་ཧཱུྃ། བཛྲ་ནཻ་བི་དྱཱ་ཧཱུྃ། བཛྲ་ཤབྡ་ཧཱུྃ། སྨན་མཆོད་ནི། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་གྲོལ་ཞིང༌། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ། །ཐུགས་དམ་དབྱིངས་ནས་བསྐུལ་བའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ལ། །སྐུ་གསུང་ཐུགས་ཀྱི་ངང་ཉིད་དུ། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཀ་པཱ་ལ་བནྡྷ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱལ་བ་ཀུན་དངོས་རྩ་བརྒྱུད་བླ་མ་དང༌། །ཧེ་རུ་ཀ་དཔལ་གནས་ཡུལ་སྒོ་སྐྱོང་མ། །དབང་ཕྱུག་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནང་མཆོད་མྱངས་ལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རྟོག་མེད་སྤྲོས་བྲལ་མཁའ་དབྱིངས་དག །སྐྱེ་མེད་སྐུ་གསུང་ཐུགས་མངའ་བ། །རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །ཞི་ཁྲོ་རབ་འབྱམས་འཁོར་དང་བཅས། །སྟོང་ཉིད་དབྱིངས་ནས་ཐུགས་དམ་བསྐུལ། །སྤྲུལ་པའི་དབྱིངས་ནས་གཤེགས་སུ་གསོལ། །དངོས་པོའི་མཚན་མར་གཟུང་དུ་མེད། །རྟོག་བྲལ་ཡིད་ཀྱི་མཆོད་པ་འདིས། །

p. 83

དགོངས་པ་ཟབ་མོ་ཐུགས་དམ་བསྐང༌། །ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་མྲྀ་ཏ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏོར་མའི་མཆོད་པ་ནི། རྨད་དུ་བྱུང་བའི་གཏོར་མ་དང༌། །འདོད་པའི་ཡོན་ཏན་རྣམ་ལྔ་པོ། །ཆོས་དབྱིངས་སྐྱེ་བ་མེད་པའི་ངང༌། །ཇི་ལྟར་དམིགས་པ་བཞིན་དུ་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཀྟའི་མཆོད་པ་ནི། རཀྟ་དམར་གྱི་ཨརྒྷཾ་འདི། །དམ་རྫས་ཁྲག་ཆེན་ཆགས་པ་ཡི། །མ་བཅོས་དབྱིངས་སུ་དག་བྱའི་ཕྱིར། །དཔལ་ཆེན་ཁྲག་འཐུང་ཞལ་དུ་འབུལ། །ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། མ་ཧཱ་རཀྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པའི་མཆོད་པ་ནི། ཧཱུྃ། བདེ་གཤེགས་མཉམ་ཉིད་ཆོས་ཀྱི་དབྱིངས། །མ་སྐྱེས་རྡོ་རྗེ་ཀུན་ཏུ་བཟང༌། །ཐབས་མཁས་ཁྲོ་རྒྱལ་སྐུར་སྟོན་པ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་ལ་ཆགས་མི་མངའ། །དགྱེས་མཛད་དཔལ་ཆེན་སྐུ་ལ་འཁྲིལ། །ཤེས་རབ་གཉིས་མེད་བདེ་ཆེན་རྫོགས། །ཁྲོ་མོ་དབང་ཕྱུག་ལ་ཕྱག་འཚལ། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་རང་བཞིན་དང༌། །འབྱུང་བཞི་རྣམ་པར་དག་པ་ཡི། །ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ཆེན་འཁོར་བཅས་དགོངས་སུ་གསོལ། །ཁམས་གསུམ་ཆོས་ཉིད་དུར་ཁྲོད་ལ། །ཉོན་མོངས་དུག་གསུམ་ཐམས་ཅད་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལོ། །ཙིཏྟ་མཁའ་མཉམ་རྒྱལ་པོ་ནི། །ཀུན་གཞི་མ་བཅོས་ཐིག་ལེ་ལ། །རང་བྱུང་ཡེ་ཤེས་སེམས་དཔའ་བཞུགས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དེ་ནས་ཟླ་གམ་དགུ་པ་དང༌། །ཡེ་ཤེས་མེ་དགུ་གཅིག་ཏུ་གསལ། །ཐབས་དང་ཤེས་རབ་གཉིས་མེད་པ། །འབྲས་བུ་སྐུ་གསུང་ཐུགས་སུ་ཤར། །དཔལ་ཆེན་ཡེ་ཤེས་སྐུར་གསལ་བ། །ཐིག་ལེ་ཆེན་པོ་ཡེ་ཤེས་སྐུ། །སེམས་ཉིད་མ་བཅོས་རང་བྱུང་གི། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །ཅེས་པས་བསྟོད། དེ་ནས་ཛབ་བཟླ་བ་ནི། སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་དོན་གཉིས་བྱས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་བྱིན་རླབས་རང་ལ་ཐིམ་པར་བསམ་ཞིང༌། ཧཱུྃ། དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་

p. 84

ནི། །ཡེ་ཤེས་ཚོན་གང་རིན་པོ་ཆེ། །ཐུགས་ཀྱི་སྙིང་པོ་འབྲུ་བརྒྱད་འཕྲོས། །འོད་ཟེར་གསལ་བར་ཀུན་ལ་ཁྱབ། །ཨོཾ་ནི་འབར་བའི་སེང་གེ་བརྗིད། །མ་ཚོགས་སྤྲིན་དང་སྐར་ལྟར་འཕྲོ། །ཧཱུྃ་ཆེན་ཉི་ཟླའི་ཚོགས་རྒྱུན་འདྲ། །མ་ནོར་རེ་སྐོང་མཁའ་ལ་འགྲོ། །ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན། །རུ་ནི་འབར་སྲོག་ཆགས་སྡང་འཇོམས། །ལུ་ནི་ཀུན་བཟང་བདེ་བའི་ཡུམ། །ཧཱུྃ་ནི་ཡེ་ཤེས་ཚད་མེད་བཞི། །བྷྱོ་ནི་གནས་གྱུར་མ་འགགས་པ། །ཧཱུྃ་གིས་བྱིན་རླབས་སྡུད་པར་བྱེད། །རུ་ལུ་འདི་ལྟར་ཡ་མཚན་ཆེ། །རུ་ལུ་རྟོགས་པ་གོང་དུ་འཕེལ། །རུ་ལུ་དངོས་གྲུབ་མ་ལུས་སྟེར། །ཅེས་བརྗོད་ཅིང་དོན་ངེས་པར་བྱས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་འབྲུ་བརྒྱད་པ་ཉིད་ཅི་ནུས་བཟླ། ཐུན་མཐར། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཞེས་པས་ཡུམ་གྱི་སྙིང་པོའང་ཅི་རིགས་པར་བཟླའོ། །ཐུན་བསྡུ་བ་ན། ཕྲེང་བ་ཐལ་མོའི་བར་དུ་བཅུག་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། བདག་བསྐྱེད་ལ་ཕྱི་མཆོད་སྒེག་ཕྲེང་སོགས་གོང་བཞིན་དང༌། ནང་མཆོད་བདུད་རྩི་སྔགས་ཙམ་གྱིས་འབུལ། བསྟོད་པ་ཡབ་ཡུམ་ཤློ་ཀ་གཉིས་ཀྱིས་བསྟོད། མཆོད་པའི་དོན་དུ་སྤྱན་དྲངས་པའི་ལྷ་ལ་དམིགས་ཏེ། ཡེ་ཤེས་ལྔ་ལྡན་རིགས་ལྔ་བདེ་བར་གཤེགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །འཁོར་ལོ་རབ་བསྐོར་ཞི་ཁྲོའི་སྐུར་སྟོན་པ། །ཐུགས་དམ་དབང་གིས་བདག་ལ་བརྩེར་དགོངས་ནས། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་

p. 85

བཟོད་པར་གསོལ་ལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས། བཀའ་བཞིན་བསྒྲུབས་པའི་འབྲས་བུ་ནི། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །བཅད་གཏུབས་ལུས་ལ་མི་འབྱུང་ཞིང༌། །གཟི་མདངས་ཉི་འོད་བཞིན་དུ་ཤོག །ཅེས་དང༌། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་སྣོད་བཅུད་རྟེན་དང་བརྟེན་པར་བཅས་པ་རིམ་གྱིས་བསྡུས། ཡུམ་ཡབ་ལ་ཐིམ། རང་ཉིད་ཧེ་རུ་ཀའི་སྐུར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཀ་བ་ཙི་རཀྵ་ཧཱུྃ། སྨོན་ལམ་ནི། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་བཅོམ་ནས། ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀ་དཔལ་གྱི། །འབྲས་བུ་བྱང་ཆུབ་ངེས་པར་འགྲུབ་གྱུར་ཅིག །ཤིས་བརྗོད་ནི། སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུར་སྤྲུལ་པ། །བཅོམ་ལྡན་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱི། །སྐྱེ་ཤི་མེད་པ་དོན་གྱི་བཀྲ་ཤིས་ཤོག །ཅེས་པ་ཙམ་བྱ་སྟེ། རྒྱུན་གྱི་ཉམས་ལེན་ལ་ནི་དེ་ཙམ་གྱིས་དོན་འདུས་པ་ཡིན་ནོ། །གཉིས་པ་ནི། བསྙེན་པ་ལ་འཇུག་པའི་སྔ་ལོགས་སུ་དམ་ཚིག་གསོ་བའི་བདག་འཇུག་དང༌། ཡིག་བརྒྱའི་སྒོམ་བཟླས། བར་ཆད་སེལ་ཞིང་དངོས་གྲུབ་འགྲུབ་པའི་དཔུང་སྐུལ་སྭཙྪ་ཆུ་གཏོར་སོགས་ཅི་འགྲུབ་བྱས་ལ། དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་བརྒྱད་དམ་བཅུའམ་བཅུ་བཞི་གཟའ་སྐར་འཕྲོད་སྦྱོར་ཤིས་པའི་དགོང་མོ་དབང་གི་དུས་སུ་དབུ་འཛུགས། སྒྲུབ་ཁང་གི་ཕྱི་རོལ་ཏུ་མི་དང་མི་མ་ཡིན་པའི་རྒྱུ་འགྲུལ་སྲུང་བའི་ཐོ་འཛུགས་ཤིང་བགེགས་བསྐྲད་བརྟན་བཞུགས་ཤིས་བརྗོད་ཙམ་བྱས་ལ། ནང་དུ་མི་འཇུག་ཀ་མེད་ཀྱི་མི་དང་དངོས་པོ་དམིགས་ཁོངས་སུ་བཅུག གཞན་གཏོང་ལེན་རྒྱུ་འགྲུལ་དང་སྨྲ་བ་བཅད་ལ། ཁ་ཤར་རམ་ལྷོར་ཕྱོགས་པས་སྟན་བདེ་བ་ལ་འཁོད་དེ་མཆོད་པ་བྱིན་བརླབ་ནས་བརྩམས་མཐར་ཆགས་སུ་བཏང་སྟེ། ཐུན་གཉིས་སམ་གསུམ་མམ་བཞི་ཇི་ལྟར་བདེ་བའི་རིམ་པས་སྒོམ་བཟླས་ལ་འཇུག སྔ་ཐུན་སྲོད་ཐུན་གཉིས་ལ་དཀར་བདུད་ཕུར་སྲུང་རྣམས་ཀྱི་གཏོར་འབུལ་རེའང་མཛད་པའི་ཕྱག་སྲོལ་སྣང་ཞིང༌། གཉིས་ཀར་མ་

p. 86

འགྲུབ་ཀྱང་སྲོད་ཐུན་ལ་བྱ། དེའི་ཚེ་ཐུན་མཇུག་མཆོད་བསྟོད་གྲུབ་མ་ཐག་པར་བྱིན་རླབས་ནས་བརྩམས་བསྟོད་པའི་བར་བཏང་ལ་དངོས་གྲུབ་བླང་བ་གཤེགས་བསྡུ་ཆབ་གཅིག་བྱ། དེ་ལྟ་བུའི་ཚུལ་གྱིས་དུས་ཟླ་བ་གཅིག་དང༌། གྲངས་རུ་ལུ་འབུམ་ཕྲག་བརྒྱད་དམ་བཅུ། ཡུམ་ལ་དེའི་བཅུ་ཆ་གཉིས་ཀའི་ཁ་སྐོང་དང་བཅས་པ་བཟླ། དུས་གྲངས་ཐེམས་པའི་སྔ་དྲོ་ལ་ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམ། ཐུན་མཐའི་མཆོད་བསྟོད། སྲུང་མའི་གཏོར་འབུལ་གྲུབ་པ་དང་ཚོགས་བརྟན་མའི་བར་དུ་བཏང་ལ། དངོས་གྲུབ་བླང་བ་མན་ཆད་དཀྱུས་ལྟར་ལ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ། ཁ་སྐོང་ངམ་ནུས་པའི་འབྱིན་པའི་སྦྱིན་སྲེག་ནི་མཚམས་ཁོངས་དེ་ཉིད་དུ་གྲུབ་ན་མཆོག་ཏུ་འགྱུར་ཞིང༌། དེ་དག་ཟིན་ནས་མཚམས་ཐོ་བསྡུ་ཞིང་བགས་ཀྱིས་གློད་པ་སོགས་མཚམས་ཀྱི་སྤང་བླང་སྤྱི་དང་འདྲའོ། །དེ་ལ་དཀར་བདུད་གཉིས་ཀྱི་གཏོར་འབུལ་རྒྱས་པར་སྤྲོ་ན་ས་ལོ་ཆེན་པོས་མཛད་པའི་ཕུར་བའི་བསྙེན་སྒྲུབ་གསལ་བྱེད་བདུད་རྩིའི་འོད་ཅན་ལྟར་བྱ། མདོར་བསྡུས་ན། གཏོར་མ་རྃ་ཡྃ་ཁྃ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿགསུམ་གྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཀར་མོ་ཉི་ཟླ་དང༌། བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ། ཆེ་བའི་ཆེ་མཆོག་གསང་བའི་གཟུགས། །ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན། །སྲོག་བདག་བདུད་ཀྱི་རྒྱལ་པོ་ཡང༌། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། བཛྲ་ས་མ་ཡ་སྟྭཾ། བཛྲ་ས་མ་ཡ་ཧོཿ རྡོར་ཐལ་ཕྱེ་ལ། ཨོཾ་བཛྲ་ཤཱནྟིཾ་པདྨ་ཀུ་རུ་ཏི་བྷྱོ། ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་བྷཱུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་གསུམ་མམ་ལྔས་གཏོར་མ་ཕུལ། ཨརྒྷཾ་སོགས་དང༌། ཨོཾ་ཨཱཿཧཱུྃ། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། བ་ཤཾ་ཀུ་རུ། དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་པས་ནང་མཆོད་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་

p. 87

དར་བ་དང༌། བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ཀྱི་བར་ཆད་ཐམས་ཅད་ཞི་བ་དང༌། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་དོན་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བྷྱོཿ དཔལ་ལྡན་དཀར་མོ་ཆེན་མོ་ནི། །སྔོན་ཚེ་ཆེ་མཆོག་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དེ་བཞིན་དུ། །བདུད་དང་མུ་སྟེགས་འདུལ་བ་དང༌། །དགྲ་བགེགས་མ་ལུས་བསྒྲལ་བ་དང༌། །སྒྲུབ་པོ་འཁོར་བཅས་བསྲུང་བ་དང༌། །བསམ་པའི་དོན་རྣམས་བསྒྲུབ་པ་དང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། སྔོན་ཚེ་བདུད་ཀུན་གྱི་ནི་བདག་པོ་ཆེ། །ཤིན་ཏུ་མི་བཟད་རྡོ་རྗེ་ཁྲག་འཐུང་གི། །སྤྱན་སྔར་དམ་བཅས་བདུད་རྒྱལ་ཐོད་ཕྲེང་ཅན། །མཐུ་རྩལ་རྨད་བྱུང་ནག་པོ་ཆེ་ལ་བསྟོད། །ཐུགས་དམ་རྗེས་དགོངས་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བསྟོད། ཕུར་སྲུང་ནི་འཁོན་རབས་ཀྱི་བཀའ་སྲུང་ཐུན་མིན་ཡིན་ཀྱང་དཀྱུས་འདིར་མ་བྱས་པས་ཆད་སྐྱོན་མེད་དོ། །གསུམ་པ་ནི། ཚོགས་རྫས་རྣམས་ནང་མཆོད་ཀྱིས་བསང་སྦྱངས་ལ། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་སྭཱ་ཧཱ། རྃ་ཡྃ་ཁྃ་སོགས་སྨན་གཏོར་བྱིན་རླབས་ལྟར་བྱས་ལ། འོག་གི་ཚོགས་རྫས་དང་འདྲེས་པས། ཞེས་བསྒྱུར་ཅིང༌། སྔགས་ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས་ལ། ཧཱུྃ། ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དང༌། །མ་མོ་མཁའ་འགྲོའི་ཚོགས་བཅས་རྣམས། །ཀུན་བཟང་མཆོད་སྤྲིན་ཚོགས་འབུལ་གྱི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་པས་སྤྱན་དྲངས་ནས། དང་པོ་མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན། །ཐུགས་དམ་བཞིན་དུ་བཞེས་སུ་གསོལ། །དམ་ཚིག་སྒྲུབ་པའི་རྫས་མཆོག་འདི། །བདག་དང་མཉམ་པའི་ཚོགས་ལ་འབུལ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །ཆོས་ཉིད་ངང་ལ་ཆོས་ཉིད་རོལ། །ཨ་ལ་ལ་ཧོཿབཞེས་སུ་གསོལ། །རོལ་དུ་གསོལ། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་བརྗོད་ཅིང་ཚོགས་ཕུད་གཏོར་མ་ལ་ཕུལ། བར་པ་བཤགས་པ་ནི། ལུས་ངག་ཡིད་ཀྱི་སྡིག་པ་རྣམས། །གཏི་མུག་དབང་གིས་

p. 88

བྱས་པ་དག །འགྱོད་པའི་སེམས་དང་བཅས་པ་ཡིས། །ལྷ་ཚོགས་ཁྱེད་ལ་མཐོལ་ལོ་བཤགས། །ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་མཆོད་ནི། ཚོགས་ཀྱི་དུམ་བུའམ་ལིངྒ་མདུན་དུ་བཀོད་ལ། འགུགས་གཞུག་སོགས་ས་ཕུར་ལྟར་རམ། བསྡུ་ན། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཨོཾ་རྃ་ཀྲོ་དྷ་ཛྭ་ལ་རྃ་ཧཱུྃ། ཧེ་ཧེ་ཕཊ། ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ཞེས་སྒོ་བ་བཞིའི་ཕྱག་རྒྱས་འགུགས་འཆིངས་སྡོམ་མྱོས་བྱས་ལ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་འབུལ། །ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་བུས་བཏབ་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚ་ན། བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཧཱུྃ། ཞེས་བརྗོད་ཅིང་རལ་གྲིས་གཏུབས་པ་སྨན་རག་གིས་བྲན་ལ། བླ་མ་ལ་ནི་བརྙེས་བྱེད་དང༌། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །དམ་ཚིག་གཉན་པོ་དྲལ་བྱེད་པ། །གནོད་བྱེད་མ་ལུས་ཞལ་དུ་བསྟབ། །བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི། ཞེས་གཏོར་མ་ལ་བསྟབ། ཧོཿ བདག་ཅག་རྡོ་རྗེ་སློབ་དཔོན་དང༌། །མཆེད་དང་ལྕམ་དྲལ་མ་ལུས་པ། །ཞལ་ཟས་ཚོགས་ལ་རོལ་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་ཚོགས་ལ་རོལ། ཕུད་ལྷག་བདུད་རྩིས་བྲན། རང་གི་ཐུགས་ཀའི་འོད་ཟེར་གྱིས་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་དང༌། ཕོ་ཉ་ཕྲ་མེན་མ། འབར་མ།

p. 89

དབང་ཕྱུག་མ། མ་བདུན་སྲིང་བཞི་ལ་སོགས་པ་ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཚོགས་རྣམས་སྐད་ཅིག་གིས་བཀུག་པར་མོས་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨོཾ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏྲཱཾ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧྲཱིཿ ཨོཾ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨཱཿ ཞེས་འབུལ། དམན་ལྷག་བདུད་རྩིའི་ཁ་ཕྲུས་བཏབ་ལ། རྃ་ཡྃ་ཁྃ་དང་འབྲུ་གསུམ་གྱིས་བྱིན་བརླབས་ལ། ཧཱུྃ། མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབས་འདི་གསོལ་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་བརྗོད་ཅིང་ལྷག་མ་ལ་ཆང་གི་ཁ་ཕྲུ་བཏབ་ནས། སརྦ་ཨ་ན་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཅེས་ལྷག་མ་བཏང་ཞིང་ཕྱི་རོལ་དུ་དོར་རོ། །དེ་ནས་བརྟན་མ་སྐྱོང་བ་ནི། སྒྲུབ་ཁང་གི་སྟེང་ངམ་གནས་དེ་ཉིད་དུ་རྡོ་རྗེའི་ཁྱུང་གཤོག་གི་ཕྱག་རྒྱ་བཅས། ཧོ། བོད་ཁམས་སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས། དཔལ་ཆེན་པོ་ཕམ་ཕབས་ལ་མནོས་ཏེ་རྣལ་འབྱོར་པའི་སྟོང་དང་གྲོགས་ལ་ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་བཞི། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མ་ཆེན་མོ་བཞི། དཀར་ཤམ་བཞིན་བཟང་གི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི་རྣམས་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་འདིར་གཤེགས་ཤིག ཛཿཧཱུྃ་བཾ་ཧོཿ ཌཱ་ཀི་ནཱི་ཧཱུྃ་ཛཿ ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ། ཞེས་བརྗོད་ཅིང་བཀུག་ལ་གོང་དུ་བཅས་པའི་ཕྱག་རྒྱས་ཟིལ་གྱིས་མནན་ཏེ། བྷྱོཿ བཀའ་ཡི་བྲན་གཡོག་ཚོགས་དང་བཅས་ཉིད་དུ། །དཔལ་ལྡན་ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་བརྟན་མ་སྐྱོང་མ་རྣམས། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ཏེ། །འདིར་གཤེགས་དམ་དགོངས་མཆོད་སྦྱིན་གཏོར་མ་བཞེས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད་ནས་སྨན་རག་སྦྲན། གཏོར་མ་ཁང་སྟེང་དུ་ཕུལ་ལ། ཡ་ཧི་གཙྪ། ཞེས་གཤེགས་སུ་གསོལ་ལོ། །ཚོགས་མཆོད་འདི་ལྟར་དུས་བཟང་གི་མཆོད་པ་ལྟ་བུར་བཏང་ཡང་ཆོག་ལ།

p. 90

དེའི་ཚེ་ནའང་སྲུང་མའི་གཏོར་འབུལ་གྲུབ་པ་དང་འདི་ཉིད་ཚང་བར་བཏང་ལ། མཐར་དངོས་གྲུབ་བླང་བ་མན་ཆད་སྦྱར་བས་ལེགས་པར་འགྲུབ་བོ། །གྲུབ་པ་བརྒྱུད་མར་བྱོན་རྣམས་ཀྱི། །མཆོག་དངོས་སྒྲུབ་པའི་ལྷ་མཆོག་འདིའི། །རིམ་པ་གཉིས་ཀྱིས་རྡོ་རྗེའི་ལམ། །སྐྱེ་འདི་ཉིད་ལ་མྱུར་བགྲོད་ཤོག །ཅེས་པའང་རང་གཞན་ལ་ཕན་པར་འདོད་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་འཇམ་དབྱངས་འཁོན་སྟོན་རྡོ་རྗེ་འཛིན་པ་རྣམས་ཀྱི་གསུང་རབ་ལས་སྙིང་པོར་དྲིལ་ཏེ་སྦྱར་བ་ནོངས་པའི་ཚོགས་རྣམས་བཤགས་ཤིང༌། དགེ་བས་དཔལ་ཧེ་རུ་ཀ་མཆོག་གི་ཕྱག་རྒྱ་འགྲུབ་པར་གྱུར་ཅིག དགེ་ལེགས་འཕེལ།། ༈ །ཡང་དག་ཧེ་རུ་ཀ་འཁོན་ལུགས་ཟླ་གམ་དགུ་པའི་ཞི་བའི་སྦྱིན་སྲེག་ཉེས་པ་ཀུན་སྦྱོང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བེ། བདག་མེད་ཕྱོགས་བྲལ་དོན་དམ་མེས། །འཁྲུལ་སྣང་གདུག་པའི་ཚང་ཚིང་སྲེག །དཔལ་ལྡན་བླ་མ་ཧེ་རུ་ཀར། །བཏུད་ནས་སྲེག་བླུགས་བྱ་བ་འཆད། །འཁོན་སྟོན་འཇམ་དབྱངས་གོང་མ་རྣམས་ཀྱིས་ཕུར་པ་རྩ་བའི་དཀྱིལ་འཁོར་ཁོ་ན་ལ་བརྟེན་པའི་བསྙེན་པའི་ཁ་སྐོང་གི་ཚེ་དཀྱིལ་འཁོར་ཡོངས་རྫོགས་སྲེག་བླུགས་འབུལ་བའི་ཕྱག་བཞེས་ཀྱིས་འདིར་ཡང་རིགས་འགྲེ་བར་མཛད་པས། ཡང་དག་ཟླ་གམ་གཅིག་མ་ལ་བརྟེན་པའི་བསྙེན་པའི་ཁ་སྐོང་དུ་བྱ་ཆོག་ཅིང༌། ལྷ་དགུའི་བསྙེན་སྒྲུབ་ཀྱི་སྐབས་སུ་ཁྱེར་བདེ་བའི་སྲེག་བླུགས་ཀྱི་ལས་རིམ་འཆད་པ་ལ་གཉིས། ཡོ་བྱད་འདུ་བྱ་བ། ཆོ་ག་དངོས་བཤད་པའོ། །དང་པོ་ནི། བསྙེན་སྒྲུབ་ཀྱི་སྐབས་སུ་གནས་དེ་ཉིད་དུ་བྱ་བ་ཡིན་ལ། གནས་གཞན་དུ་བྱེད་ན་སའི་ཆོ་ག་མདོར་བསྡུས་པས་ས་གཞི་དུལ་བར་བྱས་པ་ལ། མེ་ཐབ་ཐིག་ཆེན་བརྒྱད་བཏབ་པའི་སྟེང་དུ་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བ་ཐབ་དངོས། དེ་རྒྱབ་སོར་བཞི་ཁ་ཁྱེར། སོར་བཞི་མུ་རན། དེ་རྒྱབ་གྲུ་བཞིར་བཅད་པའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་ནང་བསྟན་དང༌། སྟེགས་བུའི་དཔངས་ཚད་དམ་མཛེས་ཆར་གྲུ་བཞིའི་རྒྱབ་ཏུའང་ཆ་ག་སོར་བཞི་པ་བྱ། ནང་སུམ་ཆ་ཟླུམ་པོར་བསྐོར་བའི་དབུས་སུ་ཟླ་གམ་སྒོ་གཅིག་པ་རང་ལ་བསྟན་པ་དང༌། ཕྱོགས་མཚམས་བརྒྱད་དུ་ཟླ་གམ་སྒོ་གཅིག་པ་སྒོ་རྣམས་

p. 91

དབུས་ལ་བསྟན་པ་རེ་རེ་སྟེ་དགུ། ཁ་ཁྱེར་མུ་རན་གང་རུང་ལ་རྡོ་རྗེའི་ཕྲེང་བས་བསྐོར། ཐབ་ཀྱི་གཞི་དཀར་པོ་ལ་བཅད་ཚོན་རྣམས་དམར་སྐྱས་བྱ་ཞིང་ཚོན་སེལ་གཞན་མ་ཕོག་པ་གནད་ཆེ། ལྷའི་གནས་རྣམས་སུ་མེ་ཏོག་ཚོམ་བུའམ། སོ་སོའི་སྐུ་མདོག་དང་བསྟུན་པའི་ཚོན་ཕུང་བྱ། རྒྱས་པར་དབུས་སུ་པད་ཉི་ལ་གནས་པའི་རྡོ་རྗེ་སྔོན་པོ། ཤར་དུ་ཞིང་དབྱུག་སོགས་ཕྱག་མཚན་སོ་སོར་བྲིས་ལ། འོ་མ་ཅན་གྱི་ཤིང་ངམ། དེ་མེད་ན་སྲོག་ཆགས་མེད་པའི་ལྕི་བས་ཐབ་ཀྱི་ཁ་ཁྱེར་གྱི་སྟེང་ནས་ཟླུམ་པོར་བརྩིགས་པ་ལ་ནང་གི་ཤར་ལྷོའི་མཚམས་སུ་ཏིང་ལོ་ཆེ་བ་ཞིག་བཞག མཐའ་སྐོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་པོས་བྱུག དེའི་མདུན་དུ་རང་གི་སྟན་ནང་ཚང་ཅན་དཀར་པོ་བཏིང༌། རང་གི་གཡོན་ཐབ་ཀྱི་གཡས་ནས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་གཏོར་མ་དཀར་ཟླུམ་གཉིས། རང་གི་གཡས་ཐབ་ཀྱི་གཡོན་ནས་བུད་ཤིང་རྒྱུ་ལས་བྱས་པའི་ཡམ་ཤིང་སོར་བཅུ་གཉིས་པ། མར་ཁུ། ཏི་ལམ་ཡུངས་ཀར། ཞོ་དང་སྦྱར་བའི་ཟས་མཆོག སོ་བ། འབྲས། ནས། གྲོ། སྲན་མ། དཱུརྦ། ཀུ་ཤ་རྣམས་རིམ་པར་དགོད། མཆོད་སྲེག་གི་རྫས་དང་སྣོད་དང་སྟེགས་ཐམས་ཅད་ཁ་དོག་དཀར་པོ། སྣོད་ཀྱི་དབྱིབས་ཟླུམ་པོ་བྱ། གཞན་ཡང་ཀུ་ཤའི་ཆུན་པོ་བརྒྱད་དང༌། རང་གི་མདུན་དུ་བསང་ཆུའི་སྣོད། ཀུ་ཤའི་འཐོར་གཡབ། རྡོ་རྗེ་དྲིལ་བུ། ཌ་མ་རུ། འཐོར་ནས། ནང་གི་མཆོད་པ་རྣམས་བཤམ། རྡོ་རྗེ་དྲིལ་བུའི་བར་དུ་དགང་གཟར་བླུགས་གཟར་ཁ་སྦྱར་ལ་བཞག རང་དང་ཐབ་ཀྱི་བར་དུ་མེ་ཡོལ་དཀར་ཞལ་གྱིས་བྱུགས་པ་བཞག རྫས་ཐམས་ཅད་ལ་བདུད་རྩི་ལྔས་བྲན། ཕྱི་ཕྱེད་ཀྱི་དུས་སུ་སྒྲུབ་པ་པོ་ཁྲུས་བྱ། གོས་རྒྱན་དཀར་པོས་བརྒྱན་ལ་སྡིག་པ་དང་བར་ཆད་ཞི་བར་འདོད་པའི་བསམ་པས་ཁ་ཤར་དུ་བསྟན་ལ་སྐྱིལ་ཀྲུང་ངམ་པུས་འཁྱུད་བཅས་ཙོག་པུ་རྐང་པ་གཉིས་ཅུང་ཟད་བསྣོལ་བ་རིག་བྱེད་འདོན་པ་ལྟ་བུའི་སྤྱོད་ལམ་གྱིས་འདུག་གོ །གཉིས་པ་ནི། བདག་གི་རྣལ་འབྱོར་བཟླས་པ་གསོལ་གདབ་ཀྱི་བར་སྔོན་དུ་སོང་ནས། སྲེག་བླུགས་དངོས་ལ་སྦྱོར་བ། དངོས་

p. 92

གཞི། རྗེས་གསུམ་མོ། །དང་པོ་ལ་མེ་བཙལ་ཞིང་སྒྲུབ་པ་ནི། སྐབས་འདིར་ཏིང་ངེ་འཛིན་གྱི་མི་སྦར་ཞིང་ཤིན་ཏུ་འབར་བར་བསམས་ལ་དངོས་སུ་མེ་སྤར། འདི་ནས་བརྩམས་ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་བར་རྡོར་དྲིལ་བཟུང་བ་དང་སྨྲ་བ་བཅད་པ་སོགས་སྤྱོད་ལམ་ངེས་པ་ཅན་དུ་བྱའོ། །བསང་ཆུ་སྒྲུབ་པ་ནི། འོག་གི་ལས་སྔགས་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཤྃ་ལས་བྱུང་བའི་དུང་ཕོར་མཚན་ཉིད་དང་ལྡན་པའི་ནང་དུ་ཧཱུྃ་ལས་བྱུང་བའི་བསང་ཆུ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་ཐམས་ཅད་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཡཀྵ་བིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཉེར་གཅིག་ཙམ་བཟླས་ལ་ཐབ་དང་ཡོ་བྱད་རྣམས་ལ་འཐོར་ཏེ། སྔགས་དེ་ཉིད་དང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ལས་ལྷ་རྫས་ཀྱི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དང༌། བསྲེག་རྫས་རྣམས་ཀྱང་གཙང་ཞིང་ཡིད་དུ་འོང་བ་ཞི་བའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཨཱ་ཧ་ར་ལི་ཧཱུྃ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཨོཾ་བཛྲ་ཤབྡ་ཧཱུྃ། ཨོཾ་བཛྲ་ཨུད་པ་ལ་ཧཱུྃ། ཨོཾ་བཛྲ་བིཏྤཱུ་ར་ཡ་ཧཱུྃ། ཞེས་མཆོད་རྫས་རྣམས་བྱིན་བརླབ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཡམ་ཤིང༌། ཨོཾ་ཤྲཱི་སྭཱ་ཧཱ། མར། ཨོཾ་ཛྲིཾ་སྭཱ་ཧཱ། འབྲུ། ཨོཾ་ཨོཾ་སྭཱ་ཧཱ། རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་ཐམས་ཅད་སྦྱང༌། ཐབ་ལ་བསང་ཆུ་གཏོར་ནས་ལས་སྔགས་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། རྒྱར་ཁྲུ་གང༌། ཟབས་སུ་ཁྲུ་ཕྱེད། ཁ་ཁྱེར་དང་མུ་རན་ལ་རྡོ་རྗེས་མཚན་ཞིང༌། ཕྱི་རོལ་སྟེགས་བུ་གྲུ་བཞིའི་གྲྭ་བཞིར་

p. 93

ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པ་བུད་ཤིང་བརྩིགས་པ་དང་བཅས་པར་གྱུར། ཅེས་མོས། གཉིས་པ་ལ་གཉིས། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འདས་པའི་མེ་ལྷ་མཆོད་པའོ། །དང་པོ་ནི། དེའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དམར་པོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ། ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་གཡས་བགྲང་ཕྲེང་དང༌། གཡོན་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་དང༌། སྨ་རའི་ཨག་ཚོམ་ཅན་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་འཕྲོས་ཏེ་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་བཞག མཛུབ་མོ་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་སརྦ་ཀརྨ་པྲ་སཱ་དྷ་ཀ་མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་དྭི་ཛ་སཏྭ་མ་གྲྀ་ཧི་ཏཱ། སརྦ་སཏྭཱརྠ་ཀྲྀཏྭཱ་ཨ་ཧཱུྃ། ཏི་ཨསྨི་སནྣི་ཧི་ཏྭཱ་བྷ་ཝ། ཞེས་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བཞུགས་སུ་གསོལ། ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ་གིས་མཆོད་དེ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨ་ན་མ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་དུཥྚཱན་བྷ་སྨིན་ཀུ་རུ་ཧཱུྃ་ཕཊ། དྲྀ་ཤྱ་ཧོཿཛཿཧཱུྃ་བཾ་ཧོཿས་མ་ཡ་ཧཱུྃ། ཞེས་དམ་ལ་བཞག ཛཿཧཱུྃ་བཾ་ཧོཿ ཞེས་དམ་ཡེ་བསྲེ། སླར་ཡང་རང་གི་སྙིང་ག་ནས་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་

p. 94

གསོལ། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཀུ་ཤའི་ཆུན་པོ་བརྒྱད་ལ་བསང་ཆུ་གཏོར་ནས་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ། ཀུ་ཤ་འདི་ནི་བཟང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ནི་དག་བྱེད་ཡིན། །འདིས་བདག་ཅག་གི་བགེགས་དང་མི་མཐུན་པའི་ཕྱོགས་ཞི་ཞིང་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པས་ཀུ་ཤའི་རྩེ་མོ་གཡས་སྐོར་དུ་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་དགྲམ། རྡོ་ལྕགས་གཙུབས་པ་སོགས་ལས་བྱུང་བ་མ་ཡིན་པ་ཞི་བའི་རྒྱུ་ལས་བྱུང་བའི་མེ་སྦོར་བྱེད་ལས་སྔགས་ཀྱིས་བསང༌། ཐབ་ལ་གཡས་སུ་ལན་གསུམ་བསྐོར་ཞིང༌། ཨོཾ་བཛྲ་ཛྭ་ལ་རྃ། ཞེས་པས་ཐབ་ཀྱི་ནང་གི་ཏིང་ལོ་དང་བཅས་པའི་མེ་སྦར། སྔགས་དེ་དང་མར་དགང་བླུགས་གསུམ་ཕུལ་ལ་མེ་གསོ། དེ་ནས། མེ་ལྷའི་ལྕེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དང༌། དགང་བླུགས་ཀྱི་ཁ་ལ་རྃ་གྱིས་མཚན་པ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་དཱི་བྱ་པི་ཤུདྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཧྞ་ཡ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་སྔགས་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱོན་ཟན་དབུལ། དགང་བླུགས་ཁ་སྦྱར་མེ་ཐབ་ལ་ལན་གསུམ་བསྐོར་ཞིང༌། ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨརྒྷཾ་ཨཱཿཧཱུྃ། པཱ་དྱཾ་ནས། ཤབྡའི་བར་གྱིས་མཆོད། ནང་མཆོད་མཐེབ་སྲིན་གྱིས་གཏོར་ལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། སྐབས་འདིར་མེའི་པྲ་བརྟག་པར་བཤད་ཅིང༌། དེའང་ཁ་

p. 95

དོག་དཀར་ཞིང་སྣུམ་པ་སྒྲ་ཅུང་ཟད་དང་བཅས་པ་དུ་བ་ཆུང་བ་ཞི་བའི་ལས་ལ་དགེའོ། །དུ་བ་ཆེ་བ་མེ་སྟག་རབ་ཏུ་འཕྲོ་བ་ནི་བགེགས་དང་བཅས་པ་ཡིན་པས་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུ་ཕྱོགས་ཀུན་ཏུ་གཏོར་རོ། །དེ་ནས་བསྲེག་རྫས་འབུལ་བ་ནི། ཐོག་མར་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་པ་བདུན་གྱིས་ཕུལ་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དང༌། གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། དེ་བཞིན་དུ་འོག་མ་རྣམས་ལའང་འགྲེས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛཱ་ཡ་སྭཱ་ཧཱ། ཏིལ་ལམ་ཡུངས་ཀར་དང༌། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཟས་མཆོག་དང༌། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བ་དང༌། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། འབྲས་དང༌། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་དང༌། ཨོཾ་བཛྲ་གྷསྨ་རྻེ་སྭཱ་ཧཱ། གྲོ་དང༌། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུརྦ་དང༌། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་མཐར་གོང་ལྟར་གྱི་སྤེལ་ཚིག་སྦྱར། དེ་ནས་བསང་ཆུ་ནས་མེ་ནང་དུ་ཅུང་ཟད་བླུགས་ལ། ཨོཾ་པྲོཀྵ་ཎཾ་ཨཉྩ་མཱ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་བསང་གཏོར་དང་ཞབས་བསིལ་ཕུལ། མར་བླུགས་གཟར་གང་ཐབ་ནང་དུ་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ། གཉིས་པ་ནི། སླར་མེ་གསོ་བའི་ཕྱིར་བུད་ཤིང་བརྩིག་པ་དང༌། མཆོད་པ་བསྲེག་རྫས་རྣམས་ཁ་ཅུང་ཟད་གསོས་ལ། བསང་སྦྱང༌། མེའི་དབུས་སུ་བདག་གི་ཐུགས་ཀ་ནས་ཧཱུྃ་སྤྲོས། ཧཱུྃ་ལས་རྃ་ཨེ་ཡྃ་ར་བྃ་ཀིཾ་རྃ་རྣམས་འོག་ཏུ་ཆད་སོགས་ལྷ་དགུའི་སྒྲུབ་ཐབས་ལྟར་ལ། བྷྲཱུྃ་ཡིག་འོད་དུ་ཞུ་བ་ལས་ཁྲོ་བོ་རོལ་པའི་ཕོ་བྲང་ཆེན་པོ་གྲུ་བཞི་སྒོ་བཞི་ནས། མེ་ཕུང་འབར་བའོ། །ཧཱུྃ་ལས་པ་མ་ཨ་རྣམས་འོག་ཏུ་ཆད། སླར་ཡང་ཛཿཡིག་འོད་ཀྱི་ལྕགས་ཀྱུས་ལྷ་ཆེན་ཕོ་མོ་བཀུག པ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་ཧཱ་དེ་བ་ཛཿ ཨུ་མ་དེ་བཱི་ཛཿ མ་ཏྲཾ་ཛཿ དབུས་སུ་པདྨ་ཉི་ཟླ་དྲག་པོ་ཕོ་མོའི་གདན། ཕྱོགས་མཚམས་

p. 96

བརྒྱད་དུ་པདྨ་ཉི་མ་རོའི་གདན་རེ་རེ། གདན་དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཧཱུྃ། ཕྱོགས་མཚམས་བརྒྱད་དུ་གྃ་ཙྃ་པྲྃ་བྃ་པྃ་གྷྃ་ཤྃ་ཙྃ། ས་བོན་དེ་རྣམས་ལས་འོད་འཕྲོས་འདུས་དོན་གཉིས་བྱས། ཡོངས་སུ་གྱུར་བ་ལས། དབུས་སུ་དཔལ་ཆེན་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་སོགས་ནས། གཡས་བརྐྱང་གིས་ཡབ་ལ་སྦྱོར་བ། ཤར་དུ་གཽ་རཱི་སྔོན་མོ་སོགས་ས་བོན་དང་བསྐྱེད་སྔགས་དོར་བའི། ལུས་དང་ཡེ་ཤེས་ལ་རྡོ་རྗེ་སེམས་དཔའོ། །དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་སྙིང་ག་ནས་འོད་འཕྲོས་པས་ཧེ་རུ་ཀ་ལྷ་དགུའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ སྤྱན་དྲང་བ་ནི། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་དང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཚིགས་བཅད་གཅིག་གི་མཐར། ཛ་ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས་དབང་གི་ལྷ་ཁྲོ་བོ་རིགས་ལྔ་བཛྲ་ས་མཱ་ཛཿ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱི་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསམ་ཞིང༌། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཏྲྃ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧྲཱིཿ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཱཿ ཞེས་དབང་བསྐུར་ཞིང་རྒྱས་གདབ། དེ་ནས་བྱོན་ཟན་འབུལ་བ་ནི། རུ་ལུ་ལན་གསུམ་གྱི་མཐར། ཨོཾ་ཨགྣ་ཡེ་ཞེས་སོགས་སྤེལ་ཚིག་དང་བཅས་པ་གོང་མེ་ལྷའི་སྐབས་བཞིན་ཕུལ། སླར་ཡང་མཆོད་རྫས་དང་བསྲེག་རྫས་རྣམས་གོང་བཞིན་

p. 97

བྱིན་བརླབས་ལ། སྒེག་ཕྲེང་སོགས་ཕྱི་ནང་གསང་གསུམ་གཏོར་མ་རཀྟ་བསྟོད་པའི་བར་ཟླ་གམ་གཅིག་པའི་སྒྲུབ་ཐབས་ལྟར་ཚང་བར་བྱ། དེ་ནས་ཡམ་ཤིང་ཀུ་ཤའི་བར་བསྲེག་རྫས་འབུལ་བའི་གོ་རིམ་དང་སྤེལ་ཚིག་གོང་ལྟར་ལ། སྔགས་རུ་ལུ་འབའ་ཞིག་གིས་འབུལ། བསྙེན་པ་ཁ་གསོའི་སྐབས་སུ་ཏིལ་ལམ་ཡུངས་ཀར་གང་རུང་ལ་གྲངས་འཛིན་པ་སྟེ། ཆོ་ག་གཅིག་ལའང་འབུལ་ཚན་བཅུ་གཅིག་ཡོད་པའི་བཅུ་ལ་རུ་ལུ་སྟོང་ཕྲག་རེ་བཟླས་པས་ཁྲི་ཚར་བར་འགྱུར་རོ། །སྐབས་སྐབས་སུ་མེ་གསོ་བའི་ཕྱིར་ཡམ་ཤིང་དང་མར་ཇི་ལྟར་རིགས་པ་འབུལ། བསྲེག་རྫས་གཞན་རྣམས་བརྒྱ་རྩ་རེ་འབུལ་དགོས་པར་དུས་གཅིག་ལ་ཕུལ་ན་མེ་མི་འབར་བའི་སྐྱོན་ཡོང་བས་སྐབས་སུ་གང་བབས་རེ་འབུལ། མཐར་མར་གྱིས་གང་བའི་སྦྱིན་སྲེག་ལན་བདུན་སྤེལ་ཚིག་བཅས་གོང་ལྟར་བྱ། དེ་ནས་ཕྱི་མཆོད། ནང་མཆོད། བསྟོད་པའི་མཆོད་པ་བཅས་མདོར་བསྡུས་ཙམ་དང༌། དཀར་བདུད་ཀྱི་གཏོར་འབུལ། ཚོགས་མཆོད་སྤྲོ་ན་བྱིན་རླབས་ནས་བརྟན་སྐྱོང་གི་བར་སྒྲུབ་ཐབས་ཆུང་བ་ལྟར་བྱ། ཡེ་ཤེས་ལྔ་ལྡན་སོགས་ཀྱིས་དངོས་གྲུབ་བླང༌། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཐབ་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་ཐལ་བ་བླངས་པ་དཔྲལ་བར་རེག་གོ །གསུམ་པ་རྗེས་ཀྱི་ལས་རིམ་ནི། ཐབ་ཁུང་དུ་མར་བླུགས་གཟར་དགང་གཟར་ལ་རེག་པ་དང་བཅས་པ་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ། ཞེས་བརྗོད་ལ། མེ་ལྷ་ཞལ་གཅིག་ཕྱག་གཉིས་དྭངས་ཤིང་ཐོགས་པ་མེད་པའི་སྐུ་ཅན་དུ་གྱུར་པར་བསམ། དེ་ནས་བསྲེག་རྫས་ལྷག་མ་རྣམས་སོ་སོའི་སྤེལ་ཚིག་དང་བཅས་པ་བདུན་རེ་དབུལ། སླར་ཡང་མར་གྱིས་གང་བའི་སྦྱིན་སྲེག་ལན་བདུན་ཕུལ་ལ། མཆོད་བསྟོད་གོང་བཞིན་བྱ། མེ་ལྷའི་གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་

p. 98

ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། སྔགས་དེའི་གཤམ་དུ་ཨརྒྷཾ་སོགས་བཏགས་པས་ཕྱི་མཆོད། འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། འཇིག་རྟེན་དབང་ཕྱུག་སོགས་ཀྱི་མཐར། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྟོན་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། དྲང་སྲོང་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་འདོད་དོན་གསོལ་ལ་གཤེགས་སུ་གསོལ་བ་ནི། ཨོཾ་པྲོ་ཀྵ་ཎཾ་ཨཉྩ་མཱ་ནཾ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། བསང་གཏོར་དང་ཞབས་བསིལ་ཕུལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ཡ་ཧི་གཙྪ། ཞེས་དང༌། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། སླར་ཡང་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། གོ་ཆ་བགོ་བ་དང་སྨོན་ལམ་བཀྲ་ཤིས་རྣམས་སྒྲུབ་ཐབས་བཞིན་བྱ། མེ་རང་བཞིན་གྱིས་ཡལ་བ་དང་ཐལ་བ་རྣམས་ལེགས་པར་བསྡུས་ལ་རྒྱུན་འབབ་ཀྱི་ཆུ་བོར་བླུག་པར་བྱའོ། །འདི་

p. 99

ནི་བསྙེན་པའི་ཁ་སྐོང་གཙོ་བོར་བསྟན་གྱི་སྒྲུབ་པའི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་གཞལ་ཡས་ཁང་གདན་བཅས་བསྐྱེད་ནས། དཀྱིལ་འཁོར་ལས་ཡེ་ཤེས་པའི་ཚུལ་དུ་ཚོམ་བུ་སྤྱན་འདྲེན་གྱི་ཚིག་གིས་དྲངས་ལ། ལྷ་རྣམས་བཞུགས་སུ་གསོལ་ཞིང་གསལ་བཏབ་སྟེ་མཆོད་པ་དང༌། རྗེས་ཡེ་ཤེས་པ་ཚོམ་བུ་དང་དབྱེར་མེད་དཀྱིལ་འཁོར་ལྟར་གཤེགས་པ་སོགས་ཁྱད་ཆོས་བྱེ་བྲག་པ་རྣམས་སྤྱི་དང་འདྲའོ། །ལས་ཀྱི་མེ་སྲོག་ཡམ་ཤིང་མར་གྱིས་གསོས། །དེ་ལས་ཡེ་ཤེས་དཀྱིལ་འཁོར་བསྲེག་རྫས་ཀྱི། །དྭངས་མས་བཅུད་བརྟས་དེས་ཀྱང་རྣལ་འབྱོར་གྱི། །ཐར་པའི་སྲོག་རྩ་བདུད་རྩིས་རྒྱས་གྱུར་ཅིག །ཅེས་པའང་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ཡིག་ཆའི་དགོངས་དོན་སོར་བཞག གསར་དུ་སྦྱར་བའི་སྒྲུབ་དཀྱིལ་ཆེ་ཆུང་རྣམས་དང་འབྲེལ་བར་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཆོས་ཀྱི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

འཁོན་ལུགས་ཡང་དག་ཧེ་རུ་ཀའི་དོན་དབང་གྲུབ་གཉིས་འདོད་འཇོ།

p. 100
p. 101

འཁོན་ལུགས་ཡང་དག་ཧེ་རུ་ཀའི་དོན་དབང་གྲུབ་གཉིས་འདོད་འཇོ་ཞེས་བྱ་བ་བཞུགས་སོ།།

p. 102

རྣམ་ཀུན་མཆོག་ལྡན་སྟོང་ཉིད་དང༌། །བདེ་ཆེན་ཐིག་ལེ་མཉམ་སྦྱོར་བའི། །བླ་མ་ཧེ་རུ་ཀར་བཏུད་ནས། །དེ་ཡི་དབང་ཆོག་སྙིང་པོར་དྲིལ། །དེའང་སློབ་དཔོན་ཆེན་པོ་ཧཱུྃ་ཆེན་ཀ་རའི་བཀའ་སྲོལ་ལས་བྱོན་པ་འཁོན་སྟོན་རྡོ་རྗེ་འཛིན་པ་རྣམས་ཀྱི་ཡབ་ཆོས་ཡང་དག་ཧེ་རུ་ཀ་ཟླ་གམ་གཅིག་མའི་དོན་དབང་བྱ་ཚུལ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ནི། དབེན་པའི་གནས་སུ་སྟེགས་བུ་གྲུ་བཞི་བང་རིམ་གཉིས་པར་བདུད་རྩི་ལྔ་བྱུགས་ཤིང་མེ་ཏོག་དགྲམ། སྟེང་མར་དབུས་སུ་ཐོད་སྐུ་དང་བུམ་པ། ཤར་དུ་དྲིལ་བུ། ལྷོར་རྡོ་རྗེ་རྩེ་དགུ། ནུབ་ཏུ་མར་མེ། བྱང་དུ་གསང་རྫས། འོག་མདུན་དུ་འདིའི་གཏོར་མ་སྟོད་ཟུར་གསུམ། སྨད་ཟླུམ་པོ་མཐེབ་ཀྱུས་བསྐོར་བ་ལ། ཆེད་དུ་བསད་པ་མ་ཡིན་པའི་ཤ་ཁྲག་གིས་བརྒྱན་པ། གཡས་གཡོན་དུ་སྨན་རག དཀར་བདུད་ཕུར་སྲུང་གི་གཏོར་མ། མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་དང༌། སློབ་དཔོན་གྱི་མདུན་དུ་ནང་མཆོད་ཌ་དྲིལ་སོགས་མཐོང་བརྒྱུད་བཞིན་བཤམ་མོ། །གཉིས་པ་དངོས་གཞི་ལ། ཡུལ་བདག་གཏོར་མ་དཀར་དམར་གཉིས་བསང་ཆུས་སྦྱངས་ལ། ལས་སྔགས་དང༌། རྃ་ཡྃ་ཁྃ་གིས་བསང༌། རཏྣ་བྷཉྫ་ཨོཾ་ཨཱཿཧཱུྃ། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་

p. 103

གྱུར། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཧཱུྃ། ས་ཕྱོགས་འདི་ན་གནས་པ་ཡི། །ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གི་སྒྲུབ་པ་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱི། །ཅི་བདེ་བར་ནི་གཞན་དུ་སོང༌། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ། གནང་བ་བྱིན་པས་གཞན་དུ་དེངས་པར་མོས། རྡོ་རྗེའི་རྩེས་ནང་མཆོད་རྫས་རྣམས་ལ་འཐོར་ཚུལ་དང༌། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་སོགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བྷནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་རྒྱལ་བ་སྲས་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་ཨཱ་ཧ་ར་ལི་ཧཱུྃ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཨོཾ་བཛྲ་ཤབྡ་ཧཱུྃ། ཨོཾ་བཛྲ་ཨུ་ད་པ་

p. 104

ལ་ཧཱུྃ། ཨོཾ་བཛྲ་བིཏྤཱུ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་དྷརྨ་ར་ཎི་ཏ་ལན་གསུམ་གྱིས་བྱིན་དབབ། སྐྱབས་འགྲོ་ནི། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས༴ དམ་པའི་ཆོས་རྣམས༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཉེར་གཅིག རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བརྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རངས། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དགོས་པ་གསུམ་གྱིས་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་པ་དང་སེམས་བསྐྱེད་བྱ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དཔལ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་

p. 105

པ། ཡུམ་ཁྲོ་མོ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་གྱུར། ས་མ་ཡ་སྟྭཾ། བཛྲ་ཨཉྩ་ལི་ཧཱུྃ། བཛྲ་བྷནྡྷ། བཛྲ་ཨཉྩ་ལི་ཛཿ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་མཚོན་ཆ་ཐོགས་པ་མང་པོ་བྱུང་སྟེ། དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྒྱང་རིང་དུ་བསྐྲད། ཕཊ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སོང་ཞིག་ལྷ་མིན་ལྷ་ཡང་རུང༌། །ང་ལ་བར་ཆད་བྱེད་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བནྡྷ་བནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཧཱུྃ། ཁྲོ་བོ་རྣམས་རང་གི་ཐུགས་ཀར་ཐིམ། ཡང་རང་གི་ཐུགས་ཀ་ནས་མཚོན་ཆ་རྣམ་པ་སྣ་ཚོགས་བྱུང་སྟེ་སྣ་བུག་ནས་ཐོན། གཡས་ནས་བསྐོར་བས་བགེགས་བསྐྲད་དེ་རྭ་བར་གྱུར། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་སྲུངས། །ཨོཾ་བཛྲ་ཨ་ཡུ་དྷ་རཀྵ་ཧཱུྃ། ཞེས་དང་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་མཐེའུ་ཆུང་གཉིས་སྦྲེལ་གུང་མཛུབ་བརྐྱངས་པའི་ཕྱག་རྒྱ་བཅས། ཡང་གཡོན་ནས་བསྐོར་ཏེ་མཚོན་ཆའི་གུར་དུ་གྱུར་ནས་བགེགས་ཀྱིས་མི་ཚུགས་པར་བསམས་ལ། སྔར་གྱི་ཕྱག་རྒྱ་དང་སྔགས་ལ་ཕཊ་བཞག་པ་བརྗོད། དེ་ནས་སྲུང་བའི་འཁོར་ལོ་ཤིན་ཏུ་བརྟན་ཅིང་གཟི་བརྗིད་དང་ལྡན་པར་གྱུར། རྡོ་རྗེ་ཐལ་མོ་སྦྱར་བ་ལས་མཐེའུ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་རྣམ་པར་བྱས་པ་དང༌། སྲིད་པའི་རྩེ་མོ་མན་ཆད་ནས། །དམྱལ་བའི་ས་གཞི་ཡན་ཆད་ཀྱི། །ལོག་པར་ལྟ་བའི་དགྲ་དང་བགེགས། །འདི་རུ་མ་འདུག་གཞན་དུ་

p. 106

དེངས། །ཨོཾ་བཛྲ་ཏེ་ཛ་ཏཱིཀྵྞ་ཙཀྲ་རཀྵ་ཧཱུྃ་ཕཊ། ཅེས་དང༌། གཡོན་སྐོར་དང་སྔགས་ལ་ཕཊ་བཞག་པ་གོང་བཞིན། རྭ་བ་དེ་དག་ལས་འཕྲོས་པའི་མེའི་འོད་ཀྱིས་བགེགས་ཐམས་ཅད་བསྲེགས་པར་བསམ་ཞིང༌། ཐལ་མོ་རྒྱབ་སྦྱར་བའི་སོར་མོ་གཞན་རྣམས་བསྣོལ། མཐེ་བོང་རྩེ་སྤྲད་པ་དང༌། ཕྱི་རོལ་ཀུན་ཏུ་འོད་འཕྲོས་པས། །བདུད་དཔུང་ངེས་པར་སྲེག་བྱེད་པ། །ས་དང་མཁའ་ཀུན་ཁྱབ་པ་ཡི། །འབར་བ་མེ་ཡི་ཕུང་པོར་གྱུར། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཅེས་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ཧེ་རུ་ཀའི་དཀྱིལ་འཁོར་བླ་མ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང་བཅས་པ་སྲུང་འཁོར་གྱི་ནང་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མཿཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་རི་བྷྱཿ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་གྱིས་རྒྱུན་བཤགས་བྱ། མདུན་གྱི་ཚོགས་ཞིང་དེ་ཐམས་ཅད་ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་བསྡུས་ནས་བདག་དང་དཀྱིལ་འཁོར་གྱི་གནས་སུ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། ཨ་ལ་ལ་ཧོཿ ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏས་བསང༌། རང་གི་ཐུགས་ཀ་ནས་རྃ་དམར་པོ་སྤྲོས་པའི་མེས་བདུད་རྩི་དང་གཏོར་མའི་སྣོད་ལ་རེག་པས་མི་གཙང་བ་བསྲེགས། ཡྃ་སྤྲོས་པས་རླུང་གི་གཏོར། ཁྃ་སྤྲོས་པས་ཆུས་བཀྲུས་ཏེ་སྐྱོན་ཐམས་ཅད་དག་པར་བྱས། བྷྲཱུྃ་སྤྲོས་པས་བྷནྡྷ་འབར་བའི་སྣོད་ཆེན་པོར་གྱུར། ཨོཾ་སྤྲོས་པས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་

p. 107

ཐོད་པ་ཡངས་པར་ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿལས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་གྱུར། རླུང་གཡོས། མེ་སྦར། རྫས་རྣམས་འོད་དུ་ཞུ་བའི་རླངས་པ་ཧཱུྃ་ཨོཾ་སྭཱ་ཨཱྃཿཧཱ་ལས་ཕྱག་མཚན་ལྔར་གྱུར། ཧཱུྃ་བཛྲ་དྷྲྀཀ ཨོཾ་ཛི་ན་ཛིཀ སྭཱ་རཏྣ་དྷྲྀཀ ཨཱོཾ་ཨཱ་རོ་ལཱྀ་ཀྲ་ཤཱ་པྲ་ཛྙཱ་དྷྲྀཀ ཧེ་རུ་ཀ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿ སྦྱོར་བའི་མེས་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ་དུ་གྱུར། དེ་ལས་འོད་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་བཀུག་ནས་ཐིམ། འོག་གི་བདུད་རྩི་གཏོར་མ་དང་འདྲེས་ནས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐ། ཞེས་བརྒྱ་རྩ་བརྒྱད་དང༌། ཨོཾ་ཨཱཿཧཱུྃ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཐ། ཞེས་བདུན་གྱིས་བྱིན་གྱིས་བརླབ། རཀྟའི་སྣོད་ཨ་ལས་ཐོད་པ་ཡངས་པར་ར་ལས་དགྲ་བགེགས་བསྒྲལ་བའི་ཁྲག་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མ་སཱུརྻ་མཎྜ་ལ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐ། ཞེས་བདུན་གྱིས་བྱིན་བརླབ་བོ། །དེ་ནས་དངོས་གཞི་བདག་མདུན་དབྱེར་མེད་ཀྱི་ཚུལ་དུ་བསྒྲུབ་པ་ནི། དང་པོ་རང་གི་སེམས་མ་བཅོས་པ་སྤྲོས་པ་དང་བྲལ་བ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང༌། སྟོང་པ་ཉིད་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང༌། དེ་ལྟར་མ་རྟོགས་པ་རྣམས་ལ་རབ་ཏུ་བརྩེ་བའི་སྙིང་རྗེ་བསྒོམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང༌། ཐབས་ཤེས་རབ་གཉིས་མེད་རང་རིག་གསལ་ལ་མ་འགགས་པ་དེ་ཡི་གེ་ཧཱུྃ་སྔོན་པོ་གཅིག་ཏུ་གྱུར་པ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་པ་རྒྱུའི་ཏིང་ངེ་འཛིན་ཏེ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧཱུྃ་རྃ་ཡྃ་ཁྃ་སྥ་ར་ཎ་ཕཊ། ཧཱུྃ་ལས་རྃ་ཆད་སྣོད་བཅུད་ཀྱི་འཇིག་རྟེན་བསྲེགས། ཡྃ་སྤྲོས་པས་རླུང་གིས་གཏོར། ཁྃ་སྤྲོས་པས་ཆུས་བཀྲུས། སྐྱོན་ཐམས་ཅད་དག་པར་བྱས། ཨེ་ཡྃ་བྃ་རྃ་ལྃ་རྃ་ཀཻཾ་བྷྲཱུྃ་སྥ་ར་ཎ་ཕཊ། ཧཱུྃ་ལས་ཡི་གེ་དེ་དག་སྤྲོས་པས་རྟེན་གྱི་དཀྱིལ་འཁོར་དུ་གྱུར། ཨེ་ལས་

p. 108

མཁའ་དབྱིངས་དག་པ་ནམ་མཁའི་དཀྱིལ། །ཡྃ་ལས་རླུང་ཆེན་རྒྱ་གྲམ་སྲ་ཞིང་བརྟན། །དེ་སྟེང་བྃ་ལས་བྱུང་བའི་ཆུ་དཀྱིལ་དཀར། །རྃ་ལས་མེ་བྱུང་བསྐྱོད་པ་དེ་ཡི་ཕྱེད། །ལྃ་ལས་ས་ཡི་དཀྱིལ་འཁོར་བརྟན་པར་གྱུར། །དེ་སྟེང་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས། །དབུས་སུ་ཀེང་རུས་རི་རབ་བརྩེགས་པའི་སྟེང༌། །བདེ་ཆེན་བྱང་ཆུབ་སེམས་ཉིད་གཞལ་ཡས་ཁང༌། །དཀར་དམར་མདོག་ཅན་ཟླ་གམ་སྒོ་གཅིག་པ། །ས་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་ཧཱ་དེ་ཝ་ཛཿ ཨུ་མ་དེ་ཝཱི་ཛཿ པདྨ་ཉི་མ་ཟླ་བ་དྲག་པོ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ་རྒྱུའི་ཏིང་ངེ་འཛིན་གྱི་ཧཱུྃ་དེ་བབས་པ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས། འོད་དུ་ཞུ་བ་ལས་རང་དཔལ་ཆེན་ཡང་དག་གི་སྐུར་གྱུར་པ་ནི། ཧཱུྃ་སྥ་ར་ཎ་ཕཊ྄། སཾ་ཧ་ར་ཎ་ཧཱུྃ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ། དབུས་སུ་བདག་ཉིད་ཁྲོ་བོའི་རྒྱལ། །བཅོམ་ལྡན་རྡོ་རྗེ་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །དྲིལ་བུ་ཐོད་ཁྲག་རྒྱུ་ཞགས་གཡོན། །རྡོ་རྗེ་ཁྱུང་གཤོག་རབ་ཏུ་གདེངས། །མཆེ་གཙིགས་སྤྱན་གསུམ་ཟླུམ་ཞིང་དམར། །རལ་པ་ཁམ་པ་གྱེན་དུ་བརྫེས། །གླང་ལྤགས་ཞིང་ཆེན་གཡང་གཞི་གསོལ། །སྟག་གི་པགས་པའི་འོག་པག་ཅན། །དཀར་དམར་ལྗང་ནག་སྦྲུལ་གྱིས་བརྒྱན། །དབུ་རྒྱན་སེ་རལ་སྐེད་ཆིངས་དང༌། །ཕྱག་དང་ཞབས་རྣམས་རྣམ་པར་སྤྲས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །རཀྟ་ཞག་དང་ཐལ་ཆེན་གྱི། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱངས་ནས། །དབང་ཕྱུག་ཁ་བུབ་མགོ་བོ་དང༌། །ཨུ་མའི་ནུ་མ་རབ་བརྫིས་ཤིང༌། །ཡེ་ཤེས་མེ་ཕུང་དབུས་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུྃ། ཡུམ་ཆེན་ཁྲོ་མོ་དབང་ཕྱུག་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། །གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ། །གཟིག་གི་པགས་པའི་ཤམ་ཐབས་ཅན། །རུས་པའི་

p. 109

རྒྱན་ལྔས་སྐུ་ལ་སྤྲས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྐམ་པོ་ལྔ་བཅུའི་དོ་ཤལ་བྱས། །སྤྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །རཀྟ་ཞག་དང་ཐལ་ཆེན་གྱིས། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །ཞབས་གཉིས་གཡས་གཡོན་བརྐྱངས་བསྐུམ་གྱིས། །ཡབ་ཀྱི་གཡོན་ནས་འཁྱུད་པས་བཞུགས། །སྙིང་གའི་དབུས་སུ་ཡེ་ཤེས་སེམས་དཔའ་རང་འདྲ་ཚོན་གང་པའི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པའི་ལྟེ་བར་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བ་ལ། ཉི་མའི་སྟེང་དུ་ཧཱུྃ་ཡུངས་འབྲུ་ཙམ་གྱི་མཐར་རུ་ལུ་སྐྲ་བཤད་ཀྱིས་བྲིས་པ་ལྟ་བུས་བསྐོར་བ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་ཁྲོ་བོ་རིགས་ལྔ་བཛྲ་ས་མཱ་ཛཿ ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསམ་ཞིང༌། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷ་ཤྭ་རཱི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཏྲཱྃ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧྲཱིཿ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཱཿ རང་གི་སྙིང་ག་ནས་འོད་འཕྲོས་པས་དཔལ་ཆེན་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ རྡོར་དྲིལ་བཅས། ཧཱུྃ། བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་དང༌། །སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་སྲུང་མའི་ཚོགས། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ནས། །ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་ས་མཱ་ཛཿ ཞེས་སྤྱན་དྲང༌། གསལ་ལ་མི་འགྱུར་ཆོས་ཀྱི་

p. 110

སྐུ། །གསལ་མེད་ཆོས་དབྱིངས་ནམ་མཁའ་འདྲ། །བརྗོད་མེད་རྣམ་ཤེས་གཟུགས་དང་བྲལ། །འདུ་འབྲལ་མེད་པ་མཁའ་ལ་རྫོགས། །ཨོཾ་ཤྲཱི་ཧེ་རུ་ཀ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་མ་ཧཱ་སུ་ཁ་ཧཱུྃ། ཞེས་བཞུགས་སུ་གསོལ། རྟོག་མེད་སྤྲོས་བྲལ་མཁའ་དབྱིངས་དག །སྐྱེ་མེད་རྡོ་རྗེ་སྐུ་གསུང་ཐུགས། །རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །འདུ་འབྲལ་མེད་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱི་ཛཿཧོཿ ཞེས་ཕྱག་འཚལ། མཆོད་པ་འབུལ་བ་ནི། བདག་གི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་བདག་དང་མདུན་གྱི་དཀྱིལ་འཁོར་ལ་མཆོད་པར་བསམ་ཞིང༌། སྒེག་ཕྲེང་གླུ་གར་བདུག་པ་མེ་ཏོག་མ། །མར་མེ་དྲི་ཆབ་ཉེར་སྤྱོད་རོལ་མོའི་སྒྲ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་བློ་ཡི་མོས་བློས་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ བཛྲ་དྷཱུ་པེ་ཧཱུྃ། བཛྲ་པུཥྤེ་ཏྲཱྃ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་གནྡྷེ་ཨཱཿ བཛྲ་པུཥྤེ་ཧཱུྃ། བཛྲ་དྷཱུ་པེ་ཧཱུྃ། བཛྲ་ཨཱ་ལོ་ཀེ་ཧཱུྃ། བཛྲ་གནྡྷེ་ཧཱུྃ། བཛྲ་ནཻ་བི་དྱཱ་ཧཱུྃ། བཛྲ་ཤབྡ་ཧཱུྃ། སྨན་མཆོད་ནི། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་གྲོལ་ཞིང༌། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ། །ཐུགས་དམ་དབྱིངས་ནས་བསྐུལ་བའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ལ། །སྐུ་གསུང་ཐུགས་ཀྱི་ངང་ཉིད་དུ། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་ཏུ་དགེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཀ་པཱ་ལ་བནྡྷ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱལ་བ་ཀུན་དངོས་རྩ་བའི་བླ་མ་དང༌། །རིག་འཛིན་བརྒྱུད་པའི་བླ་མ་ཐམས་ཅད་དང༌། །དཔལ་ཆེན་ཧེ་རུ་ཀ་དཔལ་ཡབ་ཡུམ་

p. 111

ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཽ་རཱི་ཙཽ་རཱི་པྲ་མོ་བེ་ཏ་ལཱི། །སྦོས་མོ་ཟད་ཕོད་དུར་ཁྲོད་གཏུམ་མོ་ལ། །རྣམ་དག༴ །ཐུགས་རྗེ། མ་ཧཱ༴ །ཕྱི་ནང་མཁའ་འགྲོ་འཁོར་བཅས་ཐམས་ཅད་དང༌། །གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་སྡེ་དང༌། །དཔག་བསམ་ཤིང་ལྷ་རེ་མ་ཏི་རྣམས་ལ། །རྣམ་དག༴ །ཐུགས་རྗེ༴ མ་ཧཱ༴ །ཤྭ་ན་མུ་ཁ་བདག་ཉིད་ཆེན་མོ་དང༌། །བསེ་ཡི་ལྷ་མོ་ཕྱོགས་བཅུའི་རྣལ་འབྱོར་ཚོགས། །དམ་སྲུང་མཆེད་ལྕམ་བསྟན་མ་བཅུ་གཉིས་ལ། །རྣམ་དག༴ །ཐུགས་རྗེ༴ མ་ཧཱ༴ དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཁཱ་ཧི། བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ༴ ཆོས་སྐུ་ཀུན་ཏུ་བཟང་པོའི༴ ལོངས་སྐུ་རྡོ་རྗེ་སེམས་དཔའི༴ སྤྲུལ་སྐུ་པདྨ་འབྱུང་གནས༴ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི༴ ཁྱད་པར་ཆོས་སྐྱོང་སྲུང་མའི་ཞལ་དུ་ཁཱ་ཧི། རང་གི་ལྕེ་ལ་ནང་མཆོད་བཞག་ནས། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རྟོག་མེད་སྤྲོས་བྲལ་མཁའ་དབྱིངས་དག །སྐྱེ་མེད་སྐུ་གསུང་ཐུགས་མངའ་བ། །རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ། །ཞི་ཁྲོ་རབ་འབྱམས་འཁོར་དང་བཅས། །སྟོང་ཉིད་དབྱིངས་ནས་ཐུགས་དམ་བསྐུལ། །སྤྲུལ་པའི་དབྱིངས་ནས་གཤེགས་སུ་གསོལ། །དངོས་པོ་མཚན་མར་གཟུང་དུ་མེད། །རྟོག་བྲལ་ཡིད་ཀྱི་མཆོད་པ་འདིས། །དགོངས་པ་ཟབ་མོ་ཐུགས་དམ་བསྐང༌། །ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་མྲྀ་ཏ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཌ་དྲིལ་བཅས། གཏོར་མའི་མཆོད་པ་ནི། རྨད་དུ་བྱུང་བའི་གཏོར་མ་དང༌། །འདོད་པའི་ཡོན་ཏན་རྣམ་ལྔ་པོ། །ཆོས་དབྱིངས་སྐྱེ་བ་མེད་པའི་ངང༌། །ཇི་ལྟར་དམིགས་པ་བཞིན་དུ་འབུལ། །ཨོཾ་ཤྲཱི་

p. 112

བཛྲ་ཧེ་རུ་ཀ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཀྟའི་མཆོད་པ་ནི། རཀྟ་དམར་གྱི་ཨརྒྷཾ་འདི། །དམ་རྫས་ཁྲག་ཆེན་ཆགས་པ་ཡི། །མ་བཅོས་དབྱིངས་སུ་དག་བྱའི་ཕྱིར། །དཔལ་ཆེན་ཁྲག་འཐུང་ཞལ་དུ་འབུལ། །ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། མ་ཧཱ་རཀྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་འབུལ། རྡོར་དྲིལ་བཅས་བསྟོད་པའི་མཆོད་པ་ནི། ཧཱུྃ། བདེ་གཤེགས་མཉམ་ཉིད་ཆོས་ཀྱི་ངང༌། །མ་སྐྱེས་རྡོ་རྗེ་ཀུན་ཏུ་བཟང༌། །ཐབས་མཁས་ཁྲོ་རྒྱལ་སྐུར་སྟོན་པ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་ལ་ཆགས་མི་མངའ། །དགྱེས་མཛད་དཔལ་ཆེན་སྐུ་ལ་འཁྲིལ། །ཤེས་རབ་གཉིས་མེད་བདེ་ཆེན་རྫོགས། །ཁྲོ་མོ་དབང་ཕྱུག་ལ་ཕྱག་འཚལ། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་རང་བཞིན་དང༌། །འབྱུང་བཞི་རྣམ་པར་དག་པ་ཡི། །ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ཆེན་འཁོར་བཅས་དགོངས་སུ་གསོལ། །ཁམས་གསུམ་ཆོས་ཉིད་དུར་ཁྲོད་ལ། །ཉོན་མོངས་དུག་གསུམ་ཐམས་ཅད་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལོ། །ཙིཏྟ་མཁའ་མཉམ་རྒྱལ་པོ་ནི། །ཀུན་གཞི་མ་བཅོས་ཐིག་ལེ་ལ། །རང་བྱུང་ཡེ་ཤེས་སེམས་དཔའ་བཞུགས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དེ་ནས་ཟླ་གམ་དགུ་པ་དང༌། །ཡེ་ཤེས་མེ་དགུ་གཅིག་ཏུ་གསལ། །ཐབས་དང་ཤེས་རབ་གཉིས་མེད་པ། །འབྲས་བུ་སྐུ་གསུང་ཐུགས་སུ་ཤར། །དཔལ་ཆེན་ཡེ་ཤེས་སྐུར་གསལ་བ། །ཐིག་ལེ་ཆེན་པོ་ཡེ་ཤེས་སྐུ། །སེམས་ཉིད་མ་བཅོས་རང་བྱུང་གི། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །ཅེས་པས་བསྟོད། དེ་ནས་ཛབ་བཟླས་ནི། སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་དོན་གཉིས་བྱས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་བྱིན་རླབས་རང་ལ་ཐིམ་པར་བསམ་ཞིང༌། ཧཱུྃ། དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནི། །ཡེ་ཤེས་ཚོན་གང་རིན་པོ་ཆེ། །ཐུགས་ཀྱི་སྙིང་པོ་འབྲུ་བརྒྱད་འཕྲོས། །འོད་ཟེར་གསལ་བ་ཀུན་ལ་ཁྱབ། །ཨོཾ་ནི་འབར་བའི་སེང་གེ་བརྗིད། །མ་ཚོགས་སྤྲིན་དང་སྐར་ལྟར་འཕྲོ། །ཧཱུྃ་ཆེན་ཉི་ཟླའི་ཚོགས་

p. 113

རྒྱུན་འདྲ། །མ་ནོར་རེ་སྐོང་མཁའ་ལ་འགྲོ། །ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན། །རུ་ནི་འབར་སྲོག་ཆགས་སྡང་འཇོམས། །ལུ་ནི་ཀུན་བཟང་བདེ་བའི་ཡུམ། །ཧཱུྃ་ནི་ཡེ་ཤེས་ཚད་མེད་བཞི། །བྷྱོ་ནི་གནས་འགྱུར་མ་འགགས་པ། །ཧཱུྃ་གིས་བྱིན་རླབས་སྡུད་པར་བྱེད། །རུ་ལུ་འདི་ལྟར་ཡ་མཚན་ཆེ། །རུ་ལུ་རྟོགས་པ་གོང་དུ་འཕེལ། །རུ་ལུ་དངོས་གྲུབ་མ་ལུས་སྟེར། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཡབ་ཀྱི་སྙིང་པོ་དང༌། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྟཾ། ཞེས་ཡུམ་གྱི་སྙིང་པོའང་ཅི་རིགས་པར་བཟླའོ། །མཇུག་ཏུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་བདག་ཉིད་ལྷར་གསལ་བ་བྱེ་སྟེ་རང་གནས་སུ་འཁོད་པར་བསམ་མོ། །དེ་ནས་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་དཀར་པོ་ལས་བྱུང་བའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པྃ་པདྨ་མཎྜ་ལ་སོགས་ནས། འཁྱུད་པས་བཞུགས་པར་དང༌། རང་གི་སྙིང་ག་སོགས་ནས། ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཱཿབར་དང༌། ཕྱི་མཆོད་སྒེག་ཕྲེང་སོགས་གོང་བཞིན་དང༌། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །བཞེས་ཏེ་ཀུན་ཏུ་དགེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཀ་པཱ་ལ་བནྡྷ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ནང་མཆོད་དང༌། རྡོར་དྲིལ་བཅས། ཧཱུྃ་བདེ་གཤེགས་སོགས་ཡབ་བསྟོད་དང༌། རྣམ་དག་སོགས་ཡུམ་བསྟོད་ཤློ་ཀ་རེ་བྱ། བུམ་བཟླས་ནི། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང༌། བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ།

p. 114

ཆགས་པ་ཆེན་པོས་དགྱེས་པར་རོལ་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང༌། ཡབ་ཡུམ་གྱི་སྔགས་བརྒྱ་རྩ་བརྒྱད་བཟླ། གོང་ལྟར་མཆོད་བསྟོད་བྱ། རུ་ལུ་དང་ཧཱུྃ་བརྗོད་ཅིང་མེ་ཏོག་དཀར་པོ་བུམ་པའི་ནང་དུ་འབུལ་ཞིང༌། སྔགས་དེ་ཉིད་ཀྱིས་སྤོས་དང་བདུག་པའང་དབུལ་ཞིང་བདུག བུམ་ལྷ་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཡོངས་སུ་གང་བར་བསམ་མོ། །དེ་ནས་དཀར་བདུད་དང༌། ཕུར་སྲུང་ལ་གཏོར་ཆོག་ཟུར་ནས་འབྱུང་བ་ལྟར་གཏོར་མ་ཕུལ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པ་ལ། འོ་ནམ་མཁའ་དང་སོགས་ནས། གསན་འཚལ་བར་སྤྱི་ལྟར་དང༌། དེ་ལ་གང་གསན་པར་བྱ་བ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་ཆོས་སྐུ་དགོངས་པ་དང༌། ལོངས་སྐུ་བརྡའི་ཚུལ་དང༌། སྤྲུལ་སྐུ་སྒྲ་ཚིག་ཐ་སྙད་ཀྱི་སྒོ་ནས་འཕགས་པ་དང་སོ་སྐྱེའི་གདུལ་བྱའི་ཡུལ་དང་འཚམས་པར་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ཀྱི་རྗེས་སུ་འགྲོ་བའི་ཆོས་སྒོ་རབ་འབྱམས་རྒྱ་མཚོ་དཔེ་དང་ཚད་ལས་འདས་པར་བསྟན་པ་རྣམས་ཀྱང་སྤང་གཉེན་ནམ། གདུལ་ཡུལ་དབང་པོའི་རིམ་པས་རིགས་བསྡུ་ན་རྒྱུ་འབྲས་ཐེག་པ་གཉིས་སམ། སྔ་འགྱུར་བ་རྣམས་ལ་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་དགུར་གྲགས་པ་ལས། སྐབས་སུ་བབ་པ་འདི་ནི་རྣལ་འབྱོར་ཆེན་པོ་དབང་སྒྱུར་ཐབས་ཀྱི་ཐེག་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་པ་ཆེན་པོ་སྟོན་པའི་གཞུང༌། རྒྱུད་ལུང་མན་ངག་གསུམ་དུ་རིམ་པར་བཞུགས་པའི་དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པ་རྩ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བའི་རྒྱུད་གཉིས། སྤྱིའི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྣམས་སུ་མཆིས་པ་ལས། འདིར་སྒྲུབ་པ་ལག་ལེན་ཏུ་སྟོན་པ་ལས། ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་ཀྱི་བྱེ་བྲག་དཔལ་ཁྲག་འཐུང་གལྤོའི་རྒྱུད་ཀྱི་རྗེས་སུ་འབྲང་

p. 115

པ། དཔལ་ཆེན་ཡང་དག་ཧེ་རུ་ཀ་ལ་བཀའ་སྲོལ་མི་འདྲ་བ་མང་དུ་བཞུགས་པ་ལས། འདིར་ཨོ་རྒྱན་སངས་རྒྱས་གཉིས་པས་འཁོན་སྟོན་ཀླུ་དབང་སྲུང་བ་ལ་ཐུགས་དམ་གྱི་ལྷར་སྩལ་བ་སྟེ། དེ་ལའང་རྒྱས་པ་ཟླ་གམ་དགུ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དོན་དབང་འབྲིང་པོ་བྱ་བ་གཉིས་ལས། འདིར་ཕྱི་མ་ལྟར་ཡང་དག་ཟླ་གམ་གཅིག་མའི་དོན་དབང་བསྐུར་བ་ལ་སློབ་དཔོན་གྱི་བགྱི་འོས་གྲུབ་ནས་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་དམ་ཚིག་པས། །ཡོན་འབུལ་ཐུགས་རྗེས་བདག་ལ་དགོངས། །སངས་རྒྱས་སྐུ་གསུམ་རང་བཞིན་མཆོག །སློབ་དཔོན་མགོན་ལ་བདག་སྐྱབས་མཆི། །སྐལ་བཟང་ལྷ་མོའི་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། མདུན་གྱི་ནམ་མཁར་དཔལ་ཆེན་པོ་ཧེ་རུ་ཀའི་ལྷ་ཚོགས་ཞིང་ནམ་མཁའ་གང་བས་བསྐོར་བའི་སྤྱན་སྔར་བསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་དང༌། སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ་བར་གོང་ལྟར་ལན་གསུམ། དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པདྨ་ཟླ་ཉི་ལྷ་ཆེན་པོ་ཡབ་ཡུམ་གྱི་སྟེང་དུ་ཧཱུྃ་ལས་ཁྱེད་རང་རྣམས་བཛྲ་ཧེ་རུ་ཀ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང༌། གཡོན་གསུམ་དྲིལ་བུ་དུང་དམར་རྒྱུ་ཞགས་འཛིན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་བཞུགས་པར་མོས་ནས། སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་

p. 116

སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་དཔལ་ཆེན་པོ་ཧེ་རུ་ཀའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཌ་དྲིལ། འབེབས་རྫས་དང༌། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་ལ་ཨཱ་བེ་ཤ་ཡ་བཏགས་པ་ལན་མང་དུ་བརྗོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་དབང་དངོས་ལ་བཞི་ལས། དང་པོ་ཕྱི་བུམ་དབང་གི་སླད་དུ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་དཔག་ཏུ་མེད་པ་སྤྱན་དྲངས། ཨོཾ་བཛྲ་ཨཱ་ཧ་ར་ཧཱུྃ། དེ་བཞིན་དུ་དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ། གནྡྷེ་སྦྱར་བ་དང༌། ཨོཾ་བཛྲ་ཨུཏྟ་ཕ་ལ་ཡེ་ཧཱུྃ། ཨོཾ་བཛྲ་བི་སྥུ་ར་ཡེ་ཧཱུྃ། ཞེས་མཆོད། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེའི་ཐུགས་ནི་བླ་ན་མེད། །སྐྱེ་མེད་སྤྲོས་བྲལ་ངོ་བོ་ཉིད། །མི་བསྐྱོད་པ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། དེ་རྣམས་དང་དཀྱིལ་འཁོར་གྱི་ལྷ་ལ་དབང་བསྐུར་བར་ཁྱེད་རང་རྣམས་ཀྱིས་གསོལ་བ་བཏབ་པར་མོས་ཤིག དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། མདུན་གྱི་ལྷ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆུས་དབང་བསྐུར་བར་མོས་ཤིག བུམ་པ་མགོར་བཞག་ལ། ཏིལ་གྱི་གོང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་ལ་ནི་དབང་བསྐུར་བས། །བག་ཆགས་མ་ལུས་དག་གྱུར་ཅིག །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་བུམ་ཆུ་གཏོར། སྤྱན་དྲངས་པའི་ཡེ་ཤེས་ཀྱི་དབང་ལྷ་ཡབ་ཡུམ་གཉིས་སུ་མེད་པར་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བུམ་པ་ཡོངས་སུ་བཀང་བས་དབང་བསྐུར་བར་མོས་ཏེ། ཨོཾ་ལྷ་ཡི་ཆུ་ནི་རྣམ་དག་པས། །རྡོ་རྗེ་གསང་གསུམ་གནས་ལས་བྱུང༌། །རིག་པའི་ལྷ་མོ་ཚོགས་ལྡན་པའི། །རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་པས། དབང་བསྐུར་བའི་ཆུ་རྒྱུན་གྱིས་སློབ་མའི་ལུས་ཐམས་ཅད་གང༌། སྡིག་

p. 117

སྒྲིབ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ། གོང་ལྟར་མཆོད། ནང་ནུས་པ་འཇོག་པའི་དབང་ལ་སྐུའི་དབང་ནི། ཐོད་སྐུ་བསང་སྦྱང༌། དབང་རྫས་དང་སློབ་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་ཉི་མའི་གདན་ལ་ཧཱུྃ་ལས་དཔལ་ཡང་དག་ཞལ་གསུམ་ཕྱག་དྲུག་པ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་དང་མཉམ་པར་སྦྱོར་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང༌། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སངས་རྒྱས་ཀུན་གྱི་སྐུ་ཡི་དབང༌། །ཕྱག་མཚན་རྡོ་རྗེ་ཀ་པཱ་ལ། །སྐུ་ཡི་དངོས་གྲུབ་ཐོབ་བྱེད་པ། །ཁྲག་འཐུང་ཡབ་ཡུམ་དབང་བསྐུར་རོ། །ཨོཾ་ཀ་པཱ་ལ་སིདྡྷི་ཧེ་རུ་ཀ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཨོཾ། ཞེས་ཀ་པཱ་ལ་སྤྱི་བོར་བཞག ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ཁྱེད་རྣམས་ལ་ཐིམ། སྐུ་སྣང་ལ་རང་བཞིན་མེད་པར་ཆུ་ཟླ་ལྟ་བུར་ཤེས་པར་བྱའོ། །དེ་ལྟར་ན་སྐུའི་དངོས་གྲུབ་ཐོབ་སྟེ་སྐུའི་དབང་ངོ༌། །དྲིལ་བུ་ཐོགས་ལ། སངས་རྒྱས་ཀུན་གྱི་གསུང་གི་དབང༌། །ཤེས་རབ་གསུང་གི་སྒྲ་སྒྲོགས་པ། །མཁའ་འགྲོ་སྒྱུ་མའི་སྙིང་པོ་འདི། །གྲགས་སྟོང་གསུང་གི་དངོས་གྲུབ་ཐོབ། །ཝཱ་ཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱ། རུ་ལུ་བརྗོད། དྲིལ་བུ་གཏད་དེ། དྲིལ་བུའི་སྒྲ་ལ་སེམས་གཏད་ནས་རུ་ལུ་ལན་གསུམ་བཟླ་བར་ཞུ། གསུང་གྲགས་སྟོང་སྐྱེ་བ་མེད་པར་ཤེས་པར་བྱའོ། །དེ་ལྟར་ན་གསུང་གི་དངོས་གྲུབ་ཐོབ་སྟེ་གསུང་གི་དབང་རུ་ལུ་བཟླ་བ་བཟླས་ལུང་དང་བཅས་པའོ། །རྡོ་རྗེ་ཐོགས་ལ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབང༌། །གཉིས་མེད་ཡེ་ཤེས་སྐྱེད་པ་པོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནོ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཙིཏྟ་སིདྡྷི་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྡོ་རྗེ་གཏད་དེ། སེམས་མ་སྐྱེས་རྟོག་པ་དང་བྲལ་བས་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟར་གཞག་པར་བྱའོ། །དེ་ལྟར་ན་ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་སྐྱེ་བ་མེད་པའི་དོན་རྟོགས་པ་ནི་ཐུགས་ཀྱི་དབང་ངོ༌། །མར་མེས་དབང་བསྐུར་བ་ལ། མར་མེ་བསྟན་ཏེ། སྐྱེ་མེད་དབྱིངས་ལས་ཡེ་ཤེས་ཆེ། །སེམས་ཅན་མ་རིག་མུན་པ་སེལ། །སེམས་ཉིད་འོད་གསལ་ཆོས་ཀྱི་དབྱིངས། །

p. 118

གསལ་མེད་མར་མེས་དབང་བསྐུར་རོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཛྙཱ་ན་ཨ་བྷི་ཥིཉྩ་མི། དབང་དེ་ཉིད་ཀྱི་སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ་ཐོབ་པར་བྱེད་པ་སྟེ་མ་རིག་པའི་མུན་པ་སེལ་བར་བྱེད་པ་མར་མེའི་དབང་ངོ༌། །དེ་རྣམས་བརྟན་པའི་སླད་དུ་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་འཐོར་ཞིང་སྦྱིན། དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་བདུད་རྩིས་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་མོས་ཤིག གསང་དབང་གི་སླད་དུ། སློབ་དཔོན་དཔལ་ཡང་དག་ཏུ་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུར་ཨོཾ་རྩེ་མོར་ཕཊ་དང་བཅས་པ་ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། ཡུམ་གྱི་མཁར་བབས་པ་མཐེབ་སྲིན་གྱིས་བཟུང་ནས་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག ཐོད་པའི་བདུད་རྩི་བྱིན་ལ། ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས། །རང་གི་སྲས་ཚོགས་དབང་བསྐུར་ཞིང༌། །བྱང་ཆུབ་སེམས་བདེ་དག་པའི་ཆུས། །རྣམ་རྟོག་དྲི་མ་དག་པར་བྱ། །ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བྱིན་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་མྱངས་ལ་བདེ་ཆེན་རྟོགས་པའི་ང་རྒྱལ་གཟུང་བ་འདིའི་རྗེས་ཟློས་མཛོད། ཨ་ཧོ་མ་ཧཱ་སུ་ཁ། དེ་ན་སངས་རྒྱས་ཀུན་དང་མཉམ། །བདག་ནི་བསོད་ནམས་སྐལ་བ་ཆེ། །ཡོན་ཏན་ཀུན་གྱིས་བདག་བརྒྱན་ཏེ། །ཡང་དག་སྦྱོར་བའི་བདག་ཉིད་དོ། །ཞེས་བརྗོད་ལ་བཏུང༌། དེས་ལུས་གང་བས་ངག་གི་ཉེས་པ་དག་ནས་གསུང་རྡོ་རྗེར་གྱུར། ཡུམ་གྱི་བྷ་ག་ནས་གསང་བའི་དབང་ཐོབ་པས་རང་

p. 119

བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང་ཞིང༌། ལམ་ལྔ་ལས་མཐོང་བའི་ལམ་ས་དང་པོའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ངག་གི་དྲི་མ་དག་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །ཞེས་རྟོགས་པ་བསྐྱེད། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བ་ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག དགའ་བའི་གནས་ཆེན་ལྷ་མོ་འདི། །ལེགས་པར་ཟུང་ཞིག་བློ་གྲོས་ཅན། །དགའ་བདེའི་མཆོད་པ་རབ་ཏུ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་ཐམས་ཅད་འདི་ལས་བྱུང༌། །དེ་བས་ཁྱོད་ཀྱིས་འདི་ཉིད་དང༌། །ནམ་ཡང་བྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཁྱེད་རང་རྣམས་དཔལ་ཡང་དག་པར་སྦྱོར་བར་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུ་ཨོཾ། ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་པའི་རྩ་གཡས་ལ་ཨོཾ་དཀར་པོ། རྩ་གཡོན་ལ་ཨཱཿདམར་པོ། དབུས་སུ་ཧཱུྃ་མཐིང་ག རྩེ་མོར་ཕཊ་ཡིག་སེར་པོས་མཚན་པར་གསལ་ཐོབ་ལ། འཁྱུད་པ་དང༌། ཙུམྦ་དང༌། གསང་གནས་སྦྱར་བས་འདོད་ཆགས་ཆེན་པོའི་མེས་དྲོད་སྐྱེས་ཏེ་དྭངས་མ་རྣམས་ཞུ། གསང་གནས་མཉམ་པར་སྦྱར་བས་ཁམས་དྭངས་མ་ཐམས་ཅད་སྤྱི་བོ་ནས་རིམ་བཞིན་འཁོར་ལོ་བཞིར་བརྒྱུད་དེ་རྡོ་རྗེའི་རྩ་བར་ཕྱིན་པས་དགའ་བ། དབུས་སུ་ཕྱིན་པས་མཆོག་དགའ། རྩ་གསུམ་འདོམས་པའི་དབུས་སུ་བྱོན་པས་ཁྱད་དགའ། ནོར་བུའི་རྩེ་མོར་བྱོན་ཏེ་སྟེང་འོག་གི་རླུང་ཁ་སྦྱར་བས་མི་གཡོ་བར་གྱུར་ནས་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་ལ། ལྷན་སྐྱེས་དེ་ཆེར་འཕེལ་བས་བྱང་སེམས་རྒྱས་ཏེ་ལྟེ་སྙིང་མགྲིན་སྤྱིར་ཕྱིན་ཏེ་བརྟན་པས། མས་བརྟན་གྱི་དགའ་བ་བཞི་སྐྱེས་པར་མོས་ལ་རང་ངོ་ངོས་བཟུང་བར་ཞུ། རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང༌། །

p. 120

རྡུལ་བྲལ་ཐར་པ་ཞི་བ་མཆོག །རང་གི་རང་བཞིན་དེ་ཉིད་དོ། །དེ་ལྟར་ཕྱག་རྒྱ་གཏད་དེ་བདེ་སྟོང་གི་ཡེ་ཤེས་སྐྱེས་པས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང༌། ལམ་ལྔ་ལས་རྒྱུའི་ཐེག་པའི་མཐར་ཕྱིན་ཀུན་ཏུ་འོད་ཀྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས། དེས་ཡིད་ཀྱི་དྲི་མ་དག་སྟེ་ཆོས་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །ཞེས་རྟོགས་པ་བརྗོད། དབང་བཞི་པའི་སླད་དུ། རྣལ་འབྱོར་བདེ་བ་ཐམས་ཅད་ཀྱི། །དབང་བསྐུར་བདེ་ཆེན་ལས་བྱུང་བ། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱིས། །རབ་ཏུ་མྱོས་པར་དབང་བསྐུར་འགྱུར། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །སྐད་ཅིག་ཉིད་ལ་དམིགས་མེད་པ། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །རང་བྱུང་ཡེ་ཤེས་ཞེས་བརྗོད་དོ། །ཞེས་པའི་རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཏིང་ངེ་འཛིན་བཞི་པ་སྟེ། དེ་ལ་ཡུན་རིང་དུ་གོམས་པས་བརྟན་པའི་ནང་རྟགས་སུ་ལུས་འགུལ་བསྐྱོད། ངག་དབུགས་འགྱུ་བ། སེམས་ལ་བདེ་སྡུག་གང་གིས་ཀྱང་ཉོན་མི་མོངས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་ལ་མི་འགྱུར་བ་དང༌། ཕྱི་རྟགས་སྣང་བ་ཐམས་ཅད་སྒྱུ་མར་ཤེས་ཤིང་མཚན་འཛིན་དང་བྲལ་བར་འབྱུང་བས། དེ་ལ་འབད་དེ་གོམས་པར་གྱིས་ཤིག ཅེས་བརྗོད། དངོས་གཞི་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྔར་གྱི་བདེ་སྟོང་གི་ཡེ་ཤེས་དྲན་པར་མཛོད་ལ། དེའི་ངང་ལ་མཉམ་པར་ཞོག་ཅིག ཅེས་བརྗོད་ལ་མཉམ་པར་འཇོག་ཏུ་བཅུག ཁྱེད་རྣམས་ཀྱིས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་པས་ལམ་རང་བྱུང་གི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་ཞིང༌། ལམ་ལྔ་ལས་འབྲས་བུའི་ཐེག་པའི་མཐར་ཕྱིན་ལམ་བཅུ་གསུམ་རྡོ་རྗེ་འཛིན་པའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག་སྟེ་ངོ་བོ་ཉིད་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །ཞེས་བརྗོད་དོ། །དེ་རྣམས་ཀྱིས་

p. 121

དབང་བསྐུར་བ་གྲུབ་སྟེ་རྩ་བ་དང་ཡན་ལག་གིས་བསྡུས་པའི་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་འབུལ་བའི་བློས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་བརྗོད། སློབ་དཔོན་གྱིས་ཀྱང༌། སློབ་མ་དམ་པ་དམ་ཚིག་ཆེ། །ཁྱོད་ཀྱི་འབྱོར་ཚོགས་ཤིན་ཏུ་བཟང༌། །དད་མོས་ཆེ་བས་དངོས་གྲུབ་ཐོབ། །དད་མོས་མེད་པས་མི་འགྲུབ་བོ། །ཞེས་བརྗོད། དགེ་བསྔོ་བརྗོད་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། མཆོད་པ་ཁ་གསོས་ལ་བདག་མདུན་གྱི་དཀྱིལ་འཁོར་ལ་མཆོད་པར་བསམ་ཞིང༌། སྒེག་ཕྲེང་གླུ་གར་བདུག་པ་མེ་ཏོག་མ། །སོགས། གོང་བུམ་བསྐྱེད་ལྟར་བྱས་ནས་དངོས་གྲུབ་བླང་བ་ནི། ཡེ་ཤེས་ལྔ་ལྡན་རིགས་ལྔ་བདེ་བར་གཤེགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །འཁོར་ལོར་རབ་བསྐོར་ཞི་ཁྲོའི་སྐུར་སྟོན་པ། །ཐུགས་དམ་དབང་གིས་བདག་ལ་བརྩེར་དགོངས་ནས། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་བྱས་ཏེ། བཀའ་བཞིན་བསྒྲུབས་པའི་འབྲས་བུ་ནི། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །བཅད་གཏུབས་ལུས་ལ་མི་འབྱུང་ཞིང༌། །གཟི་མདངས་ཉི་འོད་བཞིན་དུ་ཤོག །ཨོཾ་བཛྲ་ཀ་བ་ཙི་ཧཱུྃ་ཕཊ། ཅེས་པས་བསྲུངས་ལ། རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་

p. 122

ཝཱཀྩིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་བཅོམ་ནས། །ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀ་དཔལ་གྱི། །འབྲས་བུ་བྱང་ཆུབ་ངེས་པར་འགྲུབ་གྱུར་ཅིག །ཅེས་པས་བསྔོ་སྨོན་གྱིས་རྒྱས་བཏབ་ལ། ཤིས་པ་བརྗོད་པ་ནི། སྐྱེ་མེད་ཆོས་སྐུའི་རང་བཞིན་རྣག་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུར་སྤྲུལ་པ། །བཅོམ་ལྡན་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱི། །སྐྱེ་ཤི་མེད་པའི་དོན་གྱི་བཀྲ་ཤིས་ཤོག །ཅེས་སོགས་ཀྱིས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །འདིའི་སྒོ་ནས་བསྙེན་པ་བྱ་ཚུལ་ནི། ཐོག་མར་གང་དུ་བསྙེན་པ་བྱ་བའི་ས་ཕྱོགས་དབེན་ཞིང་ཉམས་དགའ་བའི་སྒྲུབ་ཁང་བླ་མ་གོང་མ་ཡིད་ཆེས་པ་རྣམས་ཀྱི་བཞུགས་གནས་ཡིན་པའམ། ཡང་ན་འདྲེ་སྲིན་གདུག་པ་ཅན་གནས་པའི་ས་མ་ཡིན་པར་རང་གི་མདུན་དུ་བླ་མ་ཡི་དམ་གྱི་རྟེན་གང་རིགས་དང༌། ཁྱད་པར་དཔལ་ཆེན་ཡང་དག་གི་སྐུ་ལུགས་མའམ། བྲིས་སྐུ་རབ་གནས་ཅན་གྱི་མདུན་དུ་འདིའི་གཏོར་མ་སྟོད་ཟུར་གསུམ། སྨད་ཟླུམ་པོ་མཐེབ་ཀྱུས་བསྐོར་བ་ལ་ཆེད་དུ་བསད་པ་མ་ཡིན་པའི་ཤ་ཁྲག་གིས་བརྒྱན་པ་དབུས་སུ་བཞག དེའི་གཡོན་དུ་བནྡྷ་ལྕང་ལོ་ཅན་གྱི་ནང་དུ་རཀྟ། གཏོར་མའི་གཡས་སུ་ཐོད་པ་མཚན་ལྡན་གྱི་ནང་དུ་སྨན་ཕུད་གཙང་མ། ཐུན་གསུམ་གའི་རྗེས་ལ་བསྔོ་བྱའི་དཀར་མོའི་ཟླུམ་གཏོར། བདུད་རྒྱལ་དང་ཕུར་སྲུང་གི་ཟུར་གསུམ་དང༌། དེ་རྣམས་ཀྱི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ། མར་ངོའི་བརྒྱད་དམ་བཅུའམ་བཅུ་བཞི་གང་རུང་ལ་གཟའ་སྐར་དྲག་ཅིང་ཤིས་པའི་དགོང་ཀའི་དུས་སྒྲུབ་ཁང་གི་ཕྱི་རོལ་ཏུ་གཞན་སྲུང་བའི་ཐོ་མངོན་ཚན་ཅན་འཛུགས། བགེགས་བསྐྲད་བརྟན་བཞུགས་ཤིས་བརྗོད་བྱ། མཚམས་གཡོག་སོགས་འཇུག་དགོས་རྣམས་དམིགས་ཁོངས་སུ་བཅུག་ནས་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སྤྱི་ལྟར་དང༌། རང་ཉིད་ཤར་རམ་ལྷོར་ཁ་ཕྱོགས་པས་སྟན་བདེ་བ་ལ་འདུག་སྟེ་དལ་འབྱོར་རྙེད་དཀའ་སོགས་ཀྱིས་བློ་ཆོས་དང་འདྲེས་ངེས་སུ་བྱས་ནས། ངག་འདོན། སྔོན་འགྲོ་གཏོར་མ་

p. 123

ནས་བརྩམས་ཏེ། ཡབ་ཀྱི་གཡོན་ནས་འཁྱུད་པས་བཞུགས། ཞེས་པའི་བར་གོང་དཀྱུས་བཞིན་དང༌། རང་ལུས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གསལ་བ་ནི། བྱང་ཁོག་ཆོས་ཀྱི་འབྱུང་གནས། ནང་གི་དབུགས་ནི་རླུང་གི་དཀྱིལ་འཁོར། ལུས་ཀྱི་དྲོད་མེ། ཆུ་སེར་དང་ཤ་ལྤགས་ཆུ་དང་ས། རྩ་སྦུབས་ཀྱི་ཁྲག་རཀྟའི་རྒྱ་མཚོ། སྒལ་ཚིགས་ཀེང་རུས་ཀྱི་རི་རབ། ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང་གྲུ་བཞི། སྙིང་ག་ནས་འབྱུང་བ་བཞིའི་རླུང་རྒྱུ་བའི་རྩ་ཡི་བུ་ག་བཞི་ནི་སྒོ་བཞི། ཙིཏྟ་གཞལ་ཡས་ཁང་ཟླ་གམ། སྲོག་པ་རྩ་སྒོ་གཅིག་པ། སྙིང་ཚིལ་དཀར་དམར་ཉི་ཟླའི་གདན། དབང་པོ་ལྔ་མཆོད་པའི་ལྷ་མོ་སྟེ་རྟེན་གྱི་དཀྱིལ་འཁོར་དང༌། སྤྱི་གཙུག་ཏུ་བཛྲ་ཧེ་རུ་ཀ་སྔོན་པོ་གཡས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། མཚོགས་མར་བུདྡྷ་ཧེ་རུ་ཀ་དཀར་པོ་གཡས་འཁོར་ལོ། གཡོན་དེས་ཡུ་བ༴ རྣ་བ་གཡས་པར་རཏྣ་ཧེ་རུ་ཀ་སེར་པོ་གཡས་རིན་པོ་ཆེ། གཡོན་དེས༴ ལྟག་པར་པདྨ་ཧེ་རུ་ཀ་དམར་པོ་གཡས་པདྨ། གཡོན་དེས༴ རྣ་བ་གཡོན་པར་ཀརྨ་ཧེ་རུ་ཀ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ། གཡོན་དེས༴ དཔྲལ་བར་སྐུ་རྡོ་རྗེ་དཀར་པོ་གཡས་འཁོར་ལོ། གཡོན་དེས༴ མགྲིན་པར་གསུང་རྡོ་རྗེ་དམར་པོ་གཡས་པདྨ། གཡོན་དེས༴ ཐུགས་ཀར་ཐུགས་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཡས་ལ་གཽ་རཱི། གཡོན་ལ་པྲ་མོ་ཧ། ཕྱག་གཡས་དང་པོ་ཙཽ་རཱི། གཡོན་དང་པོ་བཻ་ཏ་ལཱི། གཡས་བར་པར་པུཀྐ་སཱི། ཐ་མ་ཤྨ་ཤ་ནཱི། གཡོན་བར་པ་གྷསྨ་རཱི། ཐ་མ་ཙཎྜ་ལཱི། སྒལ་ཚིགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། སྙིང་གའི་དབུས་སུ་ཡེ་ཤེས་སེམས་དཔའ་སོགས་ནས། བཟླས་པའི་བར་གོང་བཞིན་དང༌། དེ་ཡང་རྡོ་རྗེ་ཕུར་པའི་བསྙེན་པ་བྱེད་པའི་ཚེ། ཨོཾ་ནི་དཔལ་ཆེན་ཡབ་ཡིན་ཏེ། །བཛྲ་ཤེས་རབ་ཡུམ་དུ་བརྗོད། །ཀཱི་ལི་དང་པོ་ཁྲོ་བོ་བཅུ། །ཀཱི་ལི་གཉིས་པ་ཁྲོ་མོ་བཅུ། །ཞེས་ཀཱི་ལི་ཡ་ཁོ་ན་ལ་གཙོ་འཁོར་ཐམས་ཅད་ཚང་བར་

p. 124

བསམས་པས། བསྙེན་པ་དང་སྦྱིན་སྲེག་བུམ་པ་འབུལ་བ་སོགས་ཀྱི་སྔགས་ཐམས་ཅད་ཀཱི་ལ་ཡ་ཁོ་ནས་གོ་ཆོད་མཛད་པ་བཞིན་དུ་འདིར་ཡང་མཚུངས་ཏེ། ཛབ་སྐུལ་ལས། རུ་ནི་འབར་སྲོག་ཆགས་སྡང་འཇོམས། །ལུ་ནི་ཀུན་བཟང་བདེ་བའི་ཡུམ། །ཧཱུྃ་ནི་ཡེ་ཤེས་ཚད་མེད་བཞི། །ཞེས་གཙོ་བོ་ཡབ་ཡུམ་དང་ལྷ་མོ་བརྒྱད་ཤིན་ཏུ་གསལ་བར་བསྟན་པས་ན། ས་ལོ་འཇམ་པའི་རྡོ་རྗེས་ཡང་དག་ཟླ་གམ་གཅིག་པའི་སྒྲུབ་ཐབས་ནོར་བུའི་ཕྲེང་བ་ལས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་གསུང་ཚར་བའི་རྗེས་སུ། བསྙེན་པའི་ཚད་ནི་འབུམ་ཕྲག་བཅུའོ། །ཞེས་གསུངས་ནས་ཡུམ་ལ་བཅུ་ཆ་བཟླ་དགོས་པ་སོགས་མ་གསུངས་ཤིང༌། སྔགས་འཆང་ཆེན་མོའི་རིམ་པ་གསལ་བ་ལས། ཟླ་གམ་དགུ་པའི་དབང་དུ་མཛད་དེ་གཙོ་བོ་ལ་འབུམ་ཕྲག་བཅུ་བཟླས་ན། ཡུམ་དང་འཁོར་རྣམས་ལ་བཅུ་ཆ་བཟླ་དགོས་པར་གསུང་བ་ཡང༌། རྒྱས་པ་ལྟར་ན་དེ་ལྟར་བྱས་ཀྱང་འགལ་བ་མེད་མོད། མདོར་བསྡུས་ཤིང་སྙིང་པོ་ཚང་ལ་ཉམས་ལེན་བདེ་བ་ནི་ཟླ་གམ་གཅིག་པའི་ལུགས་འདི་ཁོ་ན་ཡིན་ནོ། །གང་ལྟར་ཐུན་རེ་ལ་རུ་ལུ་ཁྲི་སྟོང་ལ་སོགས་པ་ཅི་འགྲུབ་བཟླས་པའི་མཐར་ཡུམ་གྱི་སྙིང་པོ་གསུམ་སོགས་བཟླས་ལ་ཐུན་བསྡུ་པ་ན། བདེ་བར་གཤེགས་པ་སོགས་ནས། བྱིན་གྱིས་བརླབ་ཏུ་གསོལ། བདག་བསྐྱེད་ལ་ཕྱི་མཆོད་སྒེག་ཕྲེང་སོགས་གོང་བཞིན་དང༌། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །བཞེས་ཏེ་ཀུན་ཏུ་དགེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཀ་པཱ་ལ་བནྡྷ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ནང་མཆོད་དང༌། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། བདེ་གཤེགས་སོགས་ཡབ་བསྟོད་དང༌། རྣམ་དག་སོགས་ཡུམ་བསྟོད་བྱ། སྔ་ཐུན་སྲོད་ཐུན་གཉིས་ལ་དཀར་བདུད་ཕུར་སྲུང་གི་གཏོར་མ་ཡི་གེ་ཟུར་ནས་འབྱུང་བ་བཞིན་ཕུལ། འོན་ཀྱང་གཏོར་བསྔོ་གཞན་དགོས་ན་སྲོད་ཐུན་གྱི་མཇུག་ཏུ་བྱ། དེ་ནས་དངོས་གྲུབ་བླང་བ་ནས། བཀྲ་ཤིས་ཀྱི་བར་གོང་དུ་བཤད་པ་ལྟར་བྱའོ། །དེ་ལྟར་ཟླ་བ་གཅིག་ལ་ཐུན་གསུམ་གྱི་སྦྱོར་བས་རུ་ལུ་འབུམ་ཕྲག་བཅུ་ཁ་

p. 125

སྐོང་དང་བཅས་པ་སོང་བ་དང༌། མཚམས་གྲོལ་བའི་ཉིན་ཚོགས་ལྷག་མ་བསྟན་སྐྱོང་རྣམས་བྱ་ཚུལ་ནི། ཅི་འབྱོར་པའི་ཚོགས་ཕྱག་ལེན་བཞིན་བཤམས་པ་ནང་མཆོད་ཀྱིས་སྦྱངས་ལ། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་རྃ་ཡྃ་ཁྃ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས་ནས་སྤྱན་དྲང་བ་ནི། ཧཱུྃ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དང༌། །མ་མོ་མཁའ་འགྲོའི་ཚོགས་བཅས་རྣམས། །ཀུན་བཟང་མཆོད་སྤྲིན་ཚོགས་འབུལ་གྱི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་པས་སྤྱན་དྲངས་ནས། དང་པོ་མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན། །ཐུགས་དམ་བཞིན་དུ་བཞེས་སུ་གསོལ། །དམ་ཚིག་སྒྲུབ་པའི་རྫས་མཆོག་འདི། །བདག་དང་མཉམ་པའི་ཚོགས་ལ་འབུལ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །ཆོས་ཉིད་ངང་ལ་ཆོས་ཉིད་རོལ། །ཨ་ལ་ལ་ཧོཿབཞེས་སུ་གསོལ། །རོལ་དུ་གསོལ། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་བརྗོད་ཅིང་ཚོགས་ཕུད་གཏོར་མ་ལ་འབུལ། བར་པ་བཤགས་པ་ནི། ལུས་ངག་ཡིད་ཀྱི་སྡིག་པ་རྣམས། །གཏི་མུག་དབང་གིས་བྱས་པ་དག །འགྱོད་པའི་སེམས་དང་བཅས་པ་ཡིས། །ལྷ་ཚོགས་ཁྱེད་ལ་མཐོལ་ཞིང་བཤགས། །དེ་ནས་བསྒྲལ་བའི་མཆོད་པ་ནི། རྣལ་འབྱོར་པའི་མདུན་དུ་ལིངྒ་ཕྱག་ལེན་བཞིན་བཤམས་ལ་གུ་གུལ་གྱིས་བདུགས་ལ་བཞག དེ་དང་ཉེ་བར་ཕུར་པ་དང་རལ་གྲི་ཡང་འདུ་བྱ། རང་ཉིད་རྡོ་རྗེ་དྲིལ་བུ་སྙིང་གར་འདོད་རྒྱལ་གྱི་ཕྱག་རྒྱས་བཟུང་ལ། ངག་ཏུ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ འཇམ་དཔལ་སྐུ། པདྨ་གསུང༌། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕྲིན་ལས་ཕུར་བུ། མ་མོ་རྦོད་གཏོར། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད། འདུས་པ་མདོ། སྒྱུ་འཕྲུལ་རྒྱན། འཆི་མེད་ཚེ། ལྷུན་གྲུབ་རིག་འཛིན། སྙིང་པོ་ཕྱག་རྒྱ། གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ལྷ་ཚོགས་

p. 126

རྣམས་ཀྱི། བཀའ་སྡོད་ཆོས་སྐྱོང༌། མ་མོ་མཁའ་འགྲོ། དམ་ཅན་རྒྱ་མཚོ། རིག་འཛིན་རྣལ་འབྱོར། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བདེན་པ་དང༌། བདེན་པ་ཡང་དག་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། སྤྱིར་བསྟན་པའི་སྤྱི་དགྲ། བླ་མའི་སྐུ་དགྲ། དམ་ཚིག་ཅན་གྱི་སྡང་དགྲ། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པ། ཁྱད་པར་དུ་ཡང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་གྲོགས་མཆེད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་མཚན་མ་རྫས་ཀྱི་ལིངྒ་འདི་ཉིད་ལ་མཆིས་པར་གྱུར་ཅིག ཨེ་རྃ་ཛྭ་ལ་རྃ་ཧཱུྃ། ཧེ་ཧེ་ཕཊ། ཀྲོ་དྷ་ད་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ཅིང་དྲིལ་བུ་གསིལ། སྒོ་མ་བཞིའི་ཕྱག་རྒྱས་བཀུག་ཅིང་བསྟིམས་པས་ལིངྒ་དེ་དགྲ་བགེགས་དངོས་སུ་བསམས་ལ། དེའི་སྙིང་དཀར་ནག་གི་མཚམས་སུ་ཕུར་བུ་བཏབ་པས་ཁོའི་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་བསྒོམ། ཁོའི་ཚེ་ལྷག་རང་ལ་ཐིམ་པས་རང་ཉིད་ཚེ་ལ་དབང་བའི་རིག་འཛིན་དུ་གྱུར་པར་བསམས་ལ། ལིངྒའི་རྣམ་སྨིན་གྱི་ལུས་རལ་གྲིས་དུམ་བུར་གཏུབས་ཤིང༌། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་བསྒྲལ་བའི་ལིང་རོ་དེ་འདོད་ཡོན་ལྔར་བསམས་ནས། ལྷ་ཚོགས་འཁོར་དང་བཅས་པའི་ཞལ་དུ་ཕུལ་བའི་མོས་པ་དང་ལྡན་པས། བླ་མ་ལ་ནི་བརྙས་བྱེད་དང༌། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །དམ་ཚིག་གཉན་པོ་དྲལ་བྱེད་པ། །གནོད་བྱེད་མ་ལུས་ཞལ་དུ་བསྟབ། །བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི། ཞེས་བརྗོད་ལ་ལིང་རོ་གཏོར་མ་ལ་ཕུལ་བས་ལྷ་ཐམས་ཅད་མཉེས་ཏེ། ཧ་ཧ་ཞེས་བཞད། ཧཱུྃ་ཧཱུྃ་ཞེས་བདག་ལ་དངོས་གྲུབ་སྩལ། ཕཊ་ཕཊ་ཀྱིས་དགྲ་བགེགས་ཆོས་ཉིད་དུ་གནས་སྤར་བར་བསམ། དེ་ནས་མཆོད་གཡོག་པས་ཚོགས་ཁྱེར་ལ། ཧོཿ བདག་ཅག་རྡོ་

p. 127

རྗེ་སློབ་དཔོན་དང༌། །མཆེད་དང་ལྕམ་དྲལ་མ་ལུས་པ། །ཞལ་ཟས་ཚོགས་ལ་རོལ་པ་ཡིས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ཨ་ལ་ལ་ཧོ། ཞེས་བརྗོད་ཅིང་ཚོགས་ལ་རོལ། དེ་ནས་ལྷག་མ་རྣམས་བསྡུས་ལ། ལྷག་མ་ཟ་བའི་བྱེ་བྲག་ཕོ་ཉ་ཕྲ་མེན་མ། འབར་མ་དབང་ཕྱུག་མ། མ་བདུན་སྲིང་བཞི་ལ་སོགས་པ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྣམས་བློས་བཀུག་ལ་མཆོད་པར་བསམ་ཞིང༌། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ། དེ་བཞིན་དུ་བར་གྱི་སྔགས་འདྲ་བས། ཨོཾ་བུདྡྷ། ཨོཾ། ཨོཾ་རཏྣ། ཏྲཱུྃ། ཨོཾ་པདྨ། ཧྲཱིཿ། ཨོཾ་ཀརྨ། ཨཱཿ། ཞེས་པས་གཙོ་མོ་བརྒྱད་ལ་གཏོར་མ་བྱིན་ལ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་བརྗོད་ཅིང་ལྷག་མ་ལ་ཆང་གི་ཁ་ཕྲུ་བཏབ་ནས། སརྦ་ཨཱ་ན་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཅེས་པས་ལྷག་མ་བཏང་ཞིང་ཕྱི་རོལ་ཏུ་དོར་རོ། །དེ་ནས་བསྟན་མ་སྐྱོང་བ་ནི། སྒྲུབ་ཁང་གི་སྟེང་ངམ་གནས་དེ་ཉིད་དུ་གཏོར་མ་དང་སྨན་རག་བཤམས་ཏེ། རྡོ་རྗེའི་ཁྱུང་གཤོག་གི་ཕྱག་རྒྱ་བཅས་ལ། ཧོ། བོད་ཁམས་སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས། དཔལ་ཆེན་པོའི་ཕམ་འབབ་ལ་མནོས་ཏེ་རྣལ་འབྱོར་པའི་སྟོང་དང་གྲོགས་ལ་ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མ་ཆེན་མོ་བཞི། དཀར་ཤམ་བཞིན་བཟང་གི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི་རྣམས་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་འདིར་གཤེགས་ཤིག ཛཿཧཱུྃ་བཾ་ཧོཿ ཌཱ་ཀི་ནཱི་ཧཱུྃ་ཛཿ ཨེ་ཨཱ་ར་ལི་ཧྲཱིཾ་ཧྲཱིཾ། ཞེས་བརྗོད་ཅིང་བཀུག་ལ་གོང་དུ་བཅས་པའི་ཕྱག་རྒྱས་ཟིལ་གྱིས་མནན་ཏེ། བྷྱོཿ བཀའ་ཡི་བྲན་གཡོག་ཚོགས་དང་བཅས་ཉིད་དུ། །དཔལ་ལྡན་ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་བསྟན་མ་སྐྱོང་མ་རྣམས། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ཏེ། །འདིར་གཤེགས་དམ་དགོངས་མཆོད་སྦྱིན་གཏོར་མ་བཞེས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་ནས་སྨན་རག་དང༌། གཏོར་མ་རྣམས་ཁང་སྟེང་དུ་ཕུལ་ལ། ཡ་

p. 128

ཧི་གཙྪ། ཞེས་པས་བསྟན་མ་གཤེགས་སུ་གསོལ། དངོས་གྲུབ་བླང་བ་མན་ནི་གོང་ལྟར་བྱ་ཞིང༌། འོན་ཀྱང་བླ་མ་ཡི་དམ་ཆོས་སྲུང་ནོར་ལྷ་སོགས་ཀྱི་བཀྲ་ཤིས་གང་ཤེས་རྒྱས་པར་བྱས་ལ་མཚམས་ཐོ་བསྡུས། རིམ་གྱིས་གནས་གཞན་དུ་འགྲོ་བ་དང༌། མི་དང་འཕྲད་པ་སོགས་བྱ་བ་ལས་དུས་གཅིག་ལ་ཐུག་མི་རུང་བ་བསྙེན་པའི་ཡི་གེ་མང་པོ་ལས་བཤད་དོ། །བསྙེན་པའི་ཁ་སྐོང་སོགས་སྦྱིན་སྲེག་བྱེད་ན་འཇམ་མགོན་ཀུན་བློའི་ཡིག་ཆ་བཞིན་བྱས་པས་འགྲུབ་བོ། །ཞེས་པའང་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་བཞེད་སྐོང་དུ་བློ་གཏེར་དབང་པོས་དབང་གི་སྐོར་རྣམས་རྗེ་ཉིད་ཀྱིས་འདིའི་དོན་དབང་སྩལ་སྐབས་ཟིན་བྲིས་ལྟར་འཇམ་མགོན་རྗེའི་གསུང་ལ་གཞི་བྱས། བསྙེན་ཡིག་དང་ཚོགས་མཆོད་ས་ཆེན་ཀུན་དགའ་བློ་གྲོས་ཀྱི་གསུང་ལྟར་བསྡེབས་པའི་དགེ་བས་བདག་སོགས་འགྲོ་ཀུན་དཔལ་ཧེ་རུ་ཀའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག དགེ་ལེགས་འཕེལ།། །།

རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་སོགས་འཁོན་ལུགས་ཕུར་པའི་བསྙེན་སྒྲུབ་ལས་གསུམ་གྱི་སྐོར་རྒྱུན་ཁྱེར་དང་བཅས་པ།

p. 129

རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་སོགས་འཁོན་ལུགས་ཕུར་པའི་བསྙེན་སྒྲུབ་ལས་གསུམ་གྱི་སྐོར་རྒྱུན་ཁྱེར་དང་བཅས་པ་བཞུགས་སོ།།

p. 130

རྒྱ་གར་སྐུད་དུ། བཛྲ་ཀཱི་ལ་ཡ་མཱུ་ལ་ཏནྟྲ་ཁཎྜ། བོད་སྐད་དུ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །སྲོག་གི་སྒོ་རུ་ཤར་བ་དང༌། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །འཁོར་བ་རྡོ་རྗེར་སྒྲུབ་པར་མཛོད། །འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེའི་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པས། །སྐུ་ཡི་གཏེར་དུ་བདག་བསྐྱེད་ཅིག །ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་གཅིག །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུྃ། ཨོཾ་བཛྲ་སུ་ཀ་ར་མུ་ཁ་ཧཱུྃ། ཨོཾ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་ཆེན་པོ་ཧཱུྃ་མཛད་དང༌། རྡོ་རྗེ་ལྷ་མོ་སྒྲ་འབྱིན་

p. 131

དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་ཕག་གི་མགོ་ཅན་དང༌། རྩངས་པའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ལཱ་སྱ་ཀི་ཧཱུྃ། ཨོཾ་བཛྲ་བྱ་གྷྲ་མུ་ཁ་ཧཱུྃ། ཨོཾ་བཛྲ་གྲྀ་ཌྷ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང༌། རྡོ་རྗེ་ལྷ་མོ་སྒེག་མོ་དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྟག་གི་མགོ་བོ་ཅན་དང༌། བྱ་རྒོད་ཀྱི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ཏཱི་ཏཱ་རུ་ཧཱུྃ། ཨོཾ་བཛྲ་ཙ་མ་ར་མུ་ཁ་ཧཱུྃ། ཨོཾ་བཛྲ་ཏཱ་ན་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་དབྱུག་སྔོན་འཆང་བ་དང༌། ལྷ་མོ་རྡོ་རྗེ་སྡེར་མོ་དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་གཡག་མགོ་ཅན་དང༌། བྱ་རོག་གི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ཤྨ་ཤཱ་ན་པ་ཏི་ཧཱུྃ། ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུྃ། ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་གཤིན་རྗེ་མཐར་བྱེད་དང༌། རྡོ་རྗེ་ལྷ་མོ་དུར་ཁྲོད་ཀྱི་བདག་མོ་དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་རི་དྭགས་ཀྱི་མགོ་ཅན་དང༌། འུག་པའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ། བནྡྷ་བནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་མུ་ཧ་ལ་ཧཱུྃ། ཨོཾ་བཛྲ་ཏྱ་ཀི་མུ་ཁ་ཧཱུྃ། ཨོཾ་བཛྲ་པྲེ་ཏ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་མི་གཡོ་མགོན་པོ་དང༌། རྡོ་རྗེ་ལྷ་མོ་གཏུན་ཁུང་མ་དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་གཟིག་གི་མགོ་ཅན་དང༌། ཁྭའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་

p. 132

ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ཛ་ཡ་ཏི་ཧཱུྃ། ཨོཾ་བཛྲ་བི་ཊཱ་ལ་མུ་ཁ་ཧཱུྃ། ཨོཾ་བཛྲ་པཀྵི་ཏ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་རྟ་མགྲིན་དང༌། རྡོ་རྗེ་ལྷ་མོ་གཏུམ་མོ་དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་བྱི་ལའི་མགོ་ཅན་དང༌། པུ་ཤུད་ཀྱི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་ཏི་ཧཱུྃ། ཨོཾ་བཛྲ་སྲིཾ་ག་ལ་མུ་ཁ་ཧཱུྃ། ཨོཾ་བཛྲ་པཉྫ་ར་ཎ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང༌། རྡོ་རྗེ་ལྷ་མོ་མདའ་སྙེམས་མ་དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྤྱང་ཁུའི་མགོ་ཅན་དང༌། ཁྲའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་མི་ཏི་ཧཱུྃ། ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུྃ། ཨོཾ་བཛྲ་ཏི་ཏི་ལ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་བདུད་རྩི་འཁྱིལ་བ་དང༌། རྡོ་རྗེ་ལྷ་མོ་སྒྲ་མཛད་མ་དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སེང་གེའི་མགོ་ཅན་དང༌། ཕ་ཝང་གི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ། བིནྡྷ་བིནྡྷི་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་རཀྵི་ས་མུ་ཁ་ཧཱུྃ། ཨོཾ་བཛྲ་ན་ཀུ་ལ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང༌། རྡོ་རྗེ་ལྷ་མོ་གསོད་བྱེད་མ་དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང༌། སྲེ་མོའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་མུཎྜེ་མཾ་ཧཱུྃ། ཨོཾ་བཛྲ་རཀྵ་ས་མུ་ཁ་ཧཱུྃ། ཨོཾ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུྃ། འདི་ནི་ཁྲོ་བོ་སྟོབས་པོ་ཆེ་དང༌། རྡོ་རྗེ་ལྷ་མོ་རིགས་བྱེད་མ་དང༌། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དོམ་གྱི་མགོ་ཅན་དང༌། བྱི་བའི་མགོ་ཅན་ནོ། །ཨོཾ་བཛྲ་ཡཀྵ་ས་ད་ཧཱུྃ་ཛཿ ཨོཾ་བཛྲ་བྷཻ་ར་བེ་ཧཱུྃ་ཧཱུྃ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་བྃ། ཨོཾ་བཛྲ་མཱ་ར་ཎི་ཧཱུྃ་བྃ། འདི་ནི་ཤར་དུ་པུ་ཤུད་ཀྱི་མགོ་ཅན་དང༌། ལྷོར་བྱ་རོག་གི་མགོ་ཅན་དང༌། ནུབ་ཏུ་སྲིན་བྱའི་མགོ་ཅན་དང༌། བྱང་དུ་ཁྲའི་མགོ་ཅན་ནོ། །འཁོར་བ་ཕུར་བུ་སྒྲུབ་དོན་དུ། །དབང་དང་བྱིན་རླབས་ཞུ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༌། །རྟགས་དང་མཚན་མ་བསྟན་པ་དང༌། །ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕོ་ཉ་ཆེན་པོའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱི་ཡི་གདོང་ཅན་དུས་ལ་བབ། །བསྒྲལ་བར་བྱ་བའི་དུས་ལ་བབ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །དུས་གསུམ་སངས་རྒྱས་སྲས་བཞིན་དུ། །རིགས་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་

p. 133

དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བཀུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང༌། །ལུས་ངག་ཕྱེ་མར་མཛད་ནས་ཀྱང༌། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལྃ་ཧཱུྃ་ལྃ། སྟྭཾ་བྷ་ནཾ། མོ་ཧཾ་གྷཱ་ཏ་ཡ། བྷ་ག་ཝཱ་ན། ཧྲིཿཥྚྲཱིཿཔི་ཀྲྀ་ཏ་བཛྲ་ཧཱུྃ་ཀ་ར་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ སརྦ་བི་གྷྣཱན་བཛྲ་ཀཱི་ལི་ཀཱ་ལི་ཡ་ཧཱུྃ་ཕཊ། བགེགས་བྱེད་པ་ཡི་བདུད་རྣམས་དང༌། །སྡུག་བསྔལ་སེམས་ལ་མཉམ་སྦྱོར་བ། །ཆེ་གེ་མོ་ཞེས་བྱ་བའི་བདུད། །ཟུངས་ཤིག་རྡུངས་ཤིག་རྣམ་པར་ཆིངས། །བཏོགས་ཤིག་གྲོགས་དང་དབྱེ་བར་གྱིས། །རིང་ནས་ཁུག་ལ་སྨྲ་རུ་ཆུག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །བདག་གིས་དབང་དུ་བྱས་གྱུར་ནས། །བསྒོ་བའི་བཀའ་ཉན་གུས་པར་གྱིས། ཧཱུྃ་པ་ར་བིདྱཱ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། བིནྡྷ་བིནྡྷ་ཧཱུྃ་ཕཊ། གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ། བནྡྷ་བནྡྷ་ཧཱུྃ་ཕཊ། ཏྲཱ་ཤ་ཡ་ཏྲཱ་ཤ་ཡ་ཧཱུྃ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། ཛྭ་ལཱ་པ་ཡ་ཛྭ་ལཱ་པ་ཡ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུྃ་ཕཊ། ཕོ་ཉ་དྲན་དང་མངགས་པའི་ཚོགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །མངོན་སྤྱོད་ཇི་ལྟར་ངེས་པ་དང༌། །མངོན་སྤྱོད་ཕྲིན་ལས་དེ་བཞིན་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཊ་ཀ་ཊ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། མཱ་ར་སེ་ནྱ་པྲ་མརྡ་ནི་ཧཱུྃ་ཕཊ། རྡོ་རྗེ་གསང་བའི་བཀའ་ལུང་གིས། །སྡིག་ཅན་གང་ཞིག་འདའ་ཕྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །མགོ་བོ་ཚལ་པ་བརྒྱ་རུ་གྱིས། །ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུྃ་མ་མ་པ་ཤཱཾ་ཀུ་རུ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སོངས་ཤིག་ལྷ་མིན་ལྷ་ཡང་རུང༌། །ང་ལ་བར་ཆད་བྱེད་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །སརྦ་ཨཱ་ན་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས། །ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་

p. 134

བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧ་ཧ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་བརླབས་སོ། །སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་མཐུར་འགྱུར་རོ། །བརྣག་པ་དེ་ཁོ་ན་ཉིད་དོ། །ཀཱི་ལ་ཡ་ལན་ཉི་ཤུ་རྩ་གཅིག་བཟླའོ། །ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླས་ནས་སྙིང་དཀར་ནག་གི་མཚམས་སུའོ། །ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཕཊ་ཕཊ་ཕཊ། འདི་བརྗོད་པར་བྱའོ། །རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་སློབ་དཔོན་པདྨ་འབྱུང་གནས་དངོས་ཀྱི་རྒྱ་དཔེ་དང་མཐུན་པར། དཔལ་ལྡན་ས་སྐྱ་པཎྜི་ཏས་གཡས་རུའི་སའི་ཆ་ཤངས་ཀྱི་སྲེག་ཞིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་ལོ་ཙཱ་བ་འགོས་དང་ཆག་སོགས་ཁ་གཅིག་གིས་ཐེ་ཚོམ་དུ་མཛད་པ་ན། འབྲོག་མི་ལོ་ཆེན་གྱིས་རྡོ་རྗེ་གདན་གྱི་སྒོ་གོང་དུ་རུ་ལུ་འབྲུ་བརྒྱད་ཀྱི་སྔགས་བྲིས་པ་དང༌། པཎྜི་ཏ་འགའ་ཞིག་གི་ཕྱག་དཔེའི་གསེབ་ཏུ་ཡང་ཕུར་གྱི་རྒྱུད་ཀྱི་དུམ་བུ་འདྲ་གཟིགས་ཀྱང་མན་ངག་མ་གསན་གསུངས་ཏེ། དེ་ལ་དཔགས་ན་སྔ་འགྱུར་རྒྱུད་སྡེའི་སྙིང་པོ་རྣམས་ཕྱིས་ཀྱི་པཎ་གྲུབ་རྣམས་ཀྱིས་ཤིན་ཏུ་གསང་བའི་ཡི་དམ་དུ་མཛད་པར་མངོན་ཅེས་མཁས་པ་དག་གིས་གསུངས་པ་དང༌། ཁྱད་པར་ཁ་ཆེའི་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་སློབ་དཔོན་ཆེན་པོས་དངོས་སུ་གནང་བའི་ཡང་དག་མེ་གཅིག་གི་གདམས་པ་ལོ་ཙཱ་བ་རབ་མཆོག་དཔལ་གྱིས་བསྒྱུར་བ་དང༌། འཇམ་མགོན་ས་སྐྱ་པཎྜི་ཏ་ཤངས་སྲེག་ཞིང་གི་དགོན་པར་བཞུགས་པའི་ཚེ། སྔགས་པ་ཞིག་གིས་རྒྱ་དཔེ་ཞིག་ཕུལ་བ་ལ་གཟིགས་པ་ན། ཕུར་པ་རྩ་བའི་དུམ་བུ་སློབ་དཔོན་རིན་པོ་ཆེའི་ཕྱག་དཔེ་འཁྲུལ་མེད་ཡིན་པར་དགོངས་ཏེ། ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་རྙེད་པ་ནི་ཤིན་ཏུ་སྐལ་བ་བཟང་བས། ཁྱེད་རང་གི་གདོང་མ་གིར་དཔེ་ཆ་བསྣམས་ལ་བཞུགས་ཤིག ངེད་ཅག་གིས་བསུ་བ་བྱེད་པ་ཡིན་ནོ་གསུངས་ཏེ། རྗེ་ཉིད་ཀྱིས་གཙོ་མཛད་པའི་འདུས་པ་རྒྱ་མཚོས་མཆོད་པའི་སྤྲིན་ཆེན་པོ་དང་བཅས་ཏེ་བསུ་བའི་བཀོད་པ་རྒྱས་པར་མཛད་དེ། དེ་ཉིད་དུ་རང་འགྱུར་གནང་བ་སོགས་ལ་བརྟེན་ནས་སྔ་འགྱུར་ལ་ཀླན་ཀ་བྱེད་པ་རྣམས་ཀྱི་སར་ཡང་དཔལ་ཡང་དག་དང༌། རྡོ་རྗེ་ཕུར་པ་ནི་རྩོད་མེད་ཉི་ཟླ་ལྟ་བུའོ་ཞེས་གྲགས་པས་ཕྲིན་ལས་རྒྱ་ཆེར་འཕེལ་བའི་བདག་པོའི་རྐྱེན་ཕུན་སུམ་ཚོགས་

p. 135

པར་གྱུར་ཏོ། །ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པའོ།། ༈ །རྡོ་རྗེ་ཕུར་པའི་སྒྲུབ་སྐོར་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཕུར་པ་རྩ་བའི་རྒྱུད་ལས་དུམ་བུའི་རྒྱུད་འདི་ཕྱུང་ནས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་ཆོ་ག་འདི་ལ་དོན་གསུམ་སྟེ་རྒྱས་པ་དང༌། འབྲིང་པོ་དང༌། བསྡུས་པའོ། །དེ་ལའང་བསྙེན་པ་དང༌། བསྙེན་སྒྲུབ་སྦྲགས་མ་གཉིས་ལས། བསྙེན་སྒྲུབ་སྦྲགས་མའི་ཚུལ་འདི་བརྗོད་པར་བྱ་སྟེ། དེ་ལ་གསུམ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བའོ། །དང་པོ་ལ་གསུམ། རྫས་བསོག་པ་དང༌། མཚམས་བཅད་པ་དང༌། བཤགས་པ་བྱ་ཞིང་བྱིན་གྱིས་བརླབ་པའོ། །དེ་ལ་དང་པོ་གནས་བརྒྱན་ཏེ་རྟེན་བཀྲམ་ལ་ཅི་འབྱོར་པའི་མཆོད་པ་དང་གཏོར་མ་མདུན། རཀྟ་གཡས། ཕུད་གཡོན། བསྙེན་ཕུར་མདུན། རྔེའུ་ཆུང་དང་དྲིལ་བུ་གང་བདེར་བཤམ་མོ། །མཚམས་བཅད་པ་ནི། ཁྲོ་བོ་བཅུའི་སྔགས་ཀྱིས་སྲུང་འཁོར་བརྟན་པར་བསྒོམས་ལ་མཚམས་རྒྱས་བསྡུས་གང་ཡང་རུང་བ་བཅད་དོ། །གསུམ་པ་ཅི་ཤེས་པའི་བཤགས་པ་དང༌། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། དགེ་བའི་རྩ་བ་བསྔོ་བ་དང༌། བྱིན་དབབ་པའོ། །རྫས་བྱིན་གྱིས་བརླབ་པ་ནི། གཏོར་མ་ཨོཾ་ལྔ་ལས་འདོད་ཡོན་ལྔར་བྱིན་གྱིས་བརླབ་བོ། །ཕུད་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ་ལས་ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་དང༌། རཀྟ་རྃ་ལས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བའི་བདུད་རྩིར་བྱིན་གྱིས་བརླབ། རྔ་དང་དྲིལ་བུ་ལ་སོགས་པ་སྟོང་པ་ཉིད་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་བྱིན་གྱིས་བརླབ་བོ། །ཕུར་པ་རྡོ་རྗེ་གཞོན་ནུའི་ལུས་ལ་ཁྲོ་བོ་བཅུས་བརྒྱན་པར་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའོ། །དངོས་གཞི་ལ་གསུམ། ཏིང་ངེ་འཛིན་གསུམ། དཀྱིལ་འཁོར་གསུམ། མཆོད་པ་གསུམ་མོ། །དང་པོ་ལ་གསུམ་ལས། དང་པོ་རྡོ་རྗེ་ཞེས་པས་སྟོང་པ་ཉིད་དུ་བསྒོམ་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང༌། ཁྲོས་པ་ཞེ་སྡང་གཅོད་ཀྱིས་སྙིང་རྗེ་ཆེན་པོ་བསྒོམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནོ། །ནམ་མཁའ་སྟོང་པ་ལ་ཧཱུྃ་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ནོ། །དཀྱིལ་འཁོར་གསུམ་ནི། དང་པོ་ནི་མཚོན་ཆེན་སྔོན་

p. 136

པོ་ཞེས་པས་ཧཱུྃ་དེ་ལས་འབྱུང་བ་རིམ་བརྩེགས་དང་བཅས་པའི་གཞལ་ཡས་ཁང་པ་བསྐྱེད་པ་བསྟན་ཏོ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །ཞེས་པས་རྒྱུའི་ཏིང་ངེ་འཛིན་ཧཱུྃ་དེ་གཞལ་ཡས་ཁང་གི་ནང་དུ་ཕབ་པ་ལས་གཙོ་བོ་བསྐྱེད་པ། མན་ཆད་ཀྱིས་རྡོ་རྗེ་གཞོན་ནུ་རྩ་བའི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་ནི། སྙིང་གི་སྒོ་རུ་ཤར་བ་དང༌། ཞེས་པ་ལ་སོགས་པས་བསྟན་ཏེ་དམ་ཚིག་པ་བསྐྱེད་པའོ། །དེ་ནས་འགྲོ་བའི་རྒྱུད་སྦྱངས་ནས་ཡེ་ཤེས་སེམས་དཔའ་དགུག་པ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པ་ལ་སོགས་པས་བསྟན་ཏོ། །བརྟན་པའི་ཡན་ལག་ཏུ་དབང་བསྐུར་བ་ནི། ཐབས་ཀྱི་སྤྱོད་པས་འགྲོ་བའི་དོན། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ནས་གཉིས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི། སྔགས་རེ་བརྗོད་པས་དྲག་པོའི་ལྷ་བརྫུས་སྐྱེས་སུ་བྱུང་སྟེ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཞེས་པས་ཡབ། ཧཱུྃ་ཞེས་པས་ཡུམ། གརྫ་གརྫ་གཉིས་ཀྱིས་ཕྲ་མེན། ཧཱུྃ་ཕཊ་ཀྱིས་དེ་རྣམས་བསྐུལ་ཏེ་དེ་བཞིན་དུ་ཐམས་ཅད་བསྐྱེད་པར་བྱའོ། །ཁྲོ་བོའི་དཀྱིལ་འཁོར་རོ། །ཞར་ལ་དམ་ཅན་དང་བརྟན་མ་དང་ཆོས་སྐྱོང་རྣམས་སྤྲིན་འཐིབས་པ་ལྟར་བསྒོམ་མོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི། བྱིན་རླབས་བྱས་པའི་ཕུར་པ་ལག་ཏུ་བླངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་དང་མཐུ་རྩལ་དང་བྱིན་རླབས་ཀྱིས་དབང་བསྐུར་བར་བསམ་ཞིང༌། མགོའི་ཕྱོགས་བཞི་སྤྱི་གཙུག་ལྔ་དང༌། སྐུ་གསུང་ཐུགས་ཀྱི་གནས་སུ་གཏུགས་ཤིང་རྩ་སྔགས་བཟླ་བ་དང༌། སྲིད་པའི་ཕུར་བུ་སྒྲུབ་པ་དང༌། ཞེས་པ་ལ་སོགས་པ་བརྗོད་དོ། །དེ་ནི་དངོས་གཞི་དཀྱིལ་འཁོར་གསུམ་མོ། །གསུམ་པ་མཆོད་པ་གསུམ་ནི། བདུད་རྩི་གཏོར་མ་རཀྟ་དང་དེ་ལ་དམིགས་ཏེ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ལ་སོགས་པས་མདུན་དུ་བདག་འདྲ་བའི་ཡིད་ཀྱི་དཀྱིལ་འཁོར་ཅིག་ཞལ་ཕྱེ་ལ་བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་ལ་བདུད་རྩིས་མཆོད་ལ་ཕོ་ཉ་བསྐུལ་བ་སྤྱིར་བསྟན་ནོ། །དེ་ནས་རཀྟའི་མཆོད་པ་ནི་བསྒྲལ་བའི་མཆོད་པ་ཡིན་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅེས་པ་ལ་སོགས་པས་བསྐུལ་ཏེ་དགྲ་བགེགས་ཏིང་ངེ་འཛིན་གྱིས་བཀུག་ལ། ཨོཾ་ལྃ་ཧཱུྃ་ལྃ་ལ་སོགས་ཀྱིས་བཏབ་ལ་

p. 137

བསྒྲལ་ཏེ་རཀྟས་མཆོད། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པས་བསྐུལ། ཧཱུྃ་པ་ར་བིདྱཱ་ལ་སོགས་ཀྱིས་བསྒྲལ་བའི་ཤས་མཆོད། ཕོ་ཉ་བྲན་དང་བཀའ་ཉན་ཞེས་པ་ལ་སོགས་ཀྱིས་བསྐུལ་ཏེ། ཧ་ན་ཧ་ན་བཛྲ་ལ་སོགས་ཀྱིས་བསྒྲལ་ལ། རྡོ་རྗེ་གསང་བའི་བཀའ་ལ་སོགས་པས་བསྐུལ། ཧཱུྃ་མ་མ་པ་ཤྃ་ལ་སོགས་པ་དང༌། འོག་གི་སརྦ་ཨཱ་ན་ཡ་སོགས་སྦྲེལ་ཏེ་དེ་ལ་སོགས་པས་བསྒྲལ་ལ་ཀླད་པས་མཆོད་དེ། གདུག་ཅིང་སྡང་སེམས་ལྡན་པ་ཞེས་པ་ལ་སོགས་པ་དང༌། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན་ལ་སོགས་པས་བསྐུལ་ལ། ཁ་ཏཾ་ནས་ཕཊ་གསུམ་ཡན་ཆད་ཀྱིས་གཏུན་དུ་དགྲ་བགེགས་བརྡུངས་པས་བསྒྲལ་ལ་རུས་པའི་མཆོད་པས་མཆོད། རཀྟའི་མཆོད་པ་དེ་རྣམས་ཐམས་ཅད་ལ་དངོས་སུ་གཏོར་མའི་དཔལ་གྱི་སྟེང་དུ་རཀྟ་སྦྲེང་ཞིང་མཆོད་པར་བྱའོ། །ཤ་དང་ཀླད་པ་རུས་པའི་མཆོད་པ་ཡང་དངོས་སུ་རཀྟ་སྦྲེངས་པས་རཀྟའི་མཆོད་པ་བྱའོ། །དོན་གྱིས་བསྒྲལ་བའི་མཆོད་པ་ཞེས་བྱའོ། །དེ་ནས་གཏོར་མ་འདོད་ཡོན་ལྔར་བྱིན་གྱིས་བརླབས་པ་དེས་མཆོད་ལ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མཆོད། དེས་ལྷ་ཐམས་ཅད་དགྱེས་ནས་ཧ་ཧ་ཧ་ཞེས་གསུང་བར་བསམ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་གསུངས་ནས་བདག་ལ་བྱིན་གྱིས་རློབ་པར་བསམ། ཕཊ་ཕཊ་ཕཊ་ཅེས་པས་དགྲ་བགེགས་བསྒྲལ་བར་བསམ། དེ་ཆོས་ཉིད་དུ་གནས་སྤར་བར་བསམ་མོ། །ཆོས་ཉིད་ཀྱི་བདེན་པ་མན་ཆད་ནི་གདབ་པ་བསྐྱར་བའི་གཞུང་ངོ༌། །དེ་ནས་བསྟོད་པས་བསྟོད་ལ་བཟླས་པ་བྱ་སྟེ། བདག་དང་མདུན་ན་མོ་གཉིས་ཀའི་འོད་འཕྲོ་འདུ་དང་བཟླས་རོགས་བྱེད་པ། ལྷ་དང་མཆོད་པ་དང་དགྲ་བགེགས་བསྒྲལ་བའི་ཏིང་ངེ་འཛིན་བྱའོ། །མཇུག་གི་ཆོས་གསུམ་ནི། གདབ་པ་དང༌། ཚོགས་དང༌། ལས་མཇུག་གོ །དང་པོ་གདབ་པ་ནི། ཤོག་བུ་ལ་ཁྲག་དང་དུག་གིས་དགྲ་བགེགས་ཀྱི་ལིངྒ་རྒྱས་པར་བྲིས་ལ། དེ་ལ་དགུག་གཞུག་མང་དུ་བྱས་ལ་བྲུབ་ཁུང་དུ་བཅུག་ལ་ལག་པས་ཕུར་བུ་ཐོགས་ལ། དམ་ཚིག་ཆེན་པོའི་དུས་ལ་བབ། །མན་ཆད་བསྒྲལ་བའི་མཆོད་པ་བཞིན་བྱས་ཏེ། ཚིགས་བཅད་བརྗོད་པའི་དུས་སུ་ཕོ་ཉ་དགྱེ་ཞིང་

p. 138

དགུག་གཞུག་བྱ། སྔགས་བརྗོད་པའི་དུས་སུ་ཕུར་བུ་གདབ་སྟེ། ཁྲག་དང་ཤ་དང་ཀླད་པ་དང་རུས་པའི་མཆོད་པས་མཆོད་དེ། དེ་ནས་བག་ཟན་དང་དགྲའི་རྐང་རྗེས་ཀྱི་ས་ལ་སོགས་པ་ལས་བྱས་པའི་ལིངྒ་སྔར་བཞིན་གྱི་ཆོ་ག་བྱས་ལ་དུམ་བུར་གཏུབས་ལ་གཏོར་མ་ལ་འབུལ་ལོ། །དེས་ཀྱང་མ་སྒྲོལ་ལ་མ་རྟོག་ན། ཕུར་པ་ལག་ཏུ་བླངས་ལ་ཆོས་ཉིད་ཀྱི་བདེན་པའོ་མན་ཆད་བརྗོད་ཅིང༌། ཀཱི་ལ་ཡ་ལན་ཉི་ཤུ་རྩ་གཅིག་བརྗོད་ཅིང་སྙིང་དཀར་ནག་གི་མཚམས་སུ་ཕུར་པ་བཏབ་པར་བསམས་ལ། ལིངྒའི་སྙིང་གར་ཕུར་བུ་གདབ་བོ། །རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྐྱེ་བར་བསམ་མོ། །དེ་དག་བྱིན་རླབས་ཀྱིས་བདག་ཚེ་ལ་དབང་བའི་རིག་འཛིན་དུ་གྱུར་པར་བསམ་མོ། །དེ་ནས་ཚོགས་ནི་ཡང་སྔ་མ་བཞིན་དུ་བྱས་ལ་དགྲ་བགེགས་བསྒྲལ་བའི་རོ་དེ་འདོད་ཡོན་ལྔར་སྤྲུལ་ལ་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ལྷ་ལ་འབུལ། ཧ་ཧ་ཧ་ཞེས་པས་བཞད། ཧཱུྃ་ཧཱུྃ་ཧཱུྃ་གིས་བདག་ལ་དངོས་གྲུབ་སྩལ། ཕཊ་ཕཊ་ཕཊ་ཀྱིས་དགྲ་བགེགས་བསྒྲལ་བ་ཆོས་ཉིད་དུ་གནས་སྤར་བར་བསམས་ལ་ཚོགས་ལ་རོལ་ཏེ། ལྷག་མ་བསྡུས་ལ་ཁ་ཕྲུས་བཏབ་ལ། ཕུད་ཀྱི་གཏོར་མ་དང་བསྲེས་ནས་ལས་བྱེད་པའི་ཆོས་སྐྱོང་རྣམས་ལ་བྱིན་པར་བསམ། གོང་གི་བན་དང་བཀའ་ཉན་ཞེས་པའི་ཚིགས་བཅད་གཅིག་བརྗོད་པའི་སྐབས་ལ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་བརྗོད་པས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་མོ། །ལས་མཇུག་ནི་མནན་པ་དང༌། སྦྱིན་སྲེག་བྱ། གཏོར་མ་ཟོར་དུ་འཕང་ངོ༌། །མནན་པ་ནི་ལིངྒ་ས་གཉན་པོ་ལ་སྦའོ། །རྡོ་རྗེ་མེ་དབལ་ཞེས་པས་སྦྱིན་སྲེག་གི་ཏིང་ངེ་འཛིན་ཏེ། ལས་དང་མཐུན་པའི་ཐབ་ཏུ་རྡོ་རྗེ་གཞོན་ནུ་བསྐྱེད་ལ། ལས་སོ་སོའི་རྫས་སམ་དགྲ་བགེགས་ཞལ་དུ་ཕུལ་བར་བསམ་ཞིང༌། ལིང་རོ་དང་ལྕགས་ཕྱེ་ཟངས་ཕྱེ་སྐེ་ཚེ་ཡུངས་ཀར། ཡུངས་དམར་ནག མར་ནག་དང་ཁྲག་ལ་སོགས་པ་བསྙེན་སྔགས་ཀྱི་ཤམ་ཏུ་གནོད་བྱེད་མཱ་ར་ཡ་ཕཊ། ཅེས་པ་བཏགས་པའམ་ལས་སོ་སོའི་ཤམ་བུ་གདགས་ཤིང་བསམ་པ་དེས་དབུལ་ལོ། །འདོད་པའི་དོན་ལ་གསོལ་བ་གདབ། བཟོད་པར་གསོལ་ཏེ་ལྷ་མི་དམིགས་པར་བྱའོ། །གཏོར་མའི་ཟོར་ནི་སྒོ་དྲུང་

p. 139

དུ་ཁྱེར་ལ་བརྟན་མ་དགུག་པ་དང་ཟིལ་གྱིས་མནན། གཏོར་མ་སྦྱིན། ལས་གཞོལ། གཤེགས་སུ་གསོལ་བའི་ཏིང་ངེ་འཛིན་རྣམས་ཞེས་སོ། །དེ་ནས་དགྲ་བགེགས་ཀྱི་རྣམ་ཤེས་མར་མེ་འདྲ་བ་ལ། གཏོར་མ་དུག་ཐུན་ཕོག་པས་དགྲ་བགེགས་ཀྱི་རྣམ་ཤེས་མར་མེ་ལྟ་བུ་བསད་ཅིང་བསྒྲལ་ལོ། །རླུང་ཕྱོགས་སུ་འགྲོ་བ་དང་བསྟུན་ལ་གཏོར་མ་འཕང༌། ཟོར་ལམ་ན་དགྲ་བགེགས་གཞན་ཡོད་དུ་དོགས་ན་ལམ་ཕྱེ། གཟུར་ཅིག་ཅེས་བརྗོད་པར་བྱའོ། །བསྙེན་པ་རྐྱང་པ་བྱེད་ན་བཟླས་པ་ཡན་ཆད་ཀྱིས་བཏུབ། དུས་ཀྱི་ཚོགས་ལྟ་བུ་བྱེད་ན་གཞུང་བཞིན་དུ་རྫོགས་པར་བྱེད་དེ། འོན་ཀྱང་གདབ་པ་དང༌། མནན་པ་དང༌། སྦྱིན་སྲེག་མི་བྱེད། སྤྲོས་པ་ལ་དགའ་ན་གདབ་པ་བྱ། མནན་སྲེག་མི་བྱ། བསྙེན་པ་འབུམ་ཕྲག་བཅུ་དྲུག་སོང་ནས་མནན་སྲེག་བྱའོ། །དཀྱིལ་འཁོར་བྲིས་ནས་སྒྲུབ་པ་བྱེད་པའི་ལུགས་འདིར་མི་བརྗོད་དེ་ལས་འདི་ཉིད་ཀྱིས་འགྲུབ་ཅེས་གསུང་ངོ༌། །གཏོར་མ་བཏང་ནས་ཡར་ལོག་པ་དང་ཆོས་བདག་མེད་པ་བསྒོམ་པ་དང༌། སྔགས་བཟླས་པས་བསྲུང༌། ནང་དུ་ཆང་ལ་སོགས་པ་ལོངས་སྤྱད། ལས་བཞིའི་བྲོ་དང་གླུ་གར་དང་བཀྲ་ཤིས་ཀྱི་ཚིག་མང་དུ་བརྗོད། ཤིན་ཏུ་བསྡུས་པའི་བསྙེན་སྒྲུབ་ཀྱི་ཡིག་ཆུང་འདི་ནི་བླ་མ་གོང་མ་རྣམས་ཀྱི་གསུང་དང་ཕྱག་ལེན་ཇི་ལྟར་མཛད་པ་ལྟར་དོན་བསྡུས་ཏེ། དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་བྲིས་པ་རྫོགས་སོ།། ༈ །མཆོད་གཏོར་བསྡུས་པ་བཞུགས། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕུར་པའི་མཆོད་གཏོར་བསྡུས་པ་བྱེད་པར་འདོད་པས། ཤ་ཁྲག་ཕུད་དང་བཅས་པའི་གཏོར་མ་དཔལ་དང་བཅས་པ་ཅི་འབྱོར་བཤམ་ལ། བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ཏེ། གཏོར་མ་ཨོཾ་ཨཱཿཧཱུྃ་ངམ། ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་པ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་ལྔ་ལས་འདོད་ཡོན་ལྔར་བྱིན་གྱིས་བརླབ་བོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལས་བྱུང་བའི་ཕུད་ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་དང༌། རཀྟ་རྃ་ལས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཏུ་བྱིན་གྱིས་བརླབ་བོ། །དེ་ནས་མདུན་དུ་དབང་ཕྱུག་ཕོ་མོའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པའི་མཐའ་མར་ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཧཱུྃ་ཕཊ། ཅེས་པའི་འོད་ཀྱི་འཕྲོ་འདུ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར། གཡས་དང་པོ་རྡོ་རྗེ་རྩེ་དགུ་པ། བར་པ་རྡོ་རྗེ་རྩེ་ལྔ་པ། གཡོན་

p. 140

དང་པོ་མེ་དཔུང༌། བར་པ་ཁ་ཊྭཱཾ་ག འོག་མ་གཉིས་ཕུར་བ་འདྲིལ་བ། སྐུ་ཆེ་ཞིང་རགས་པ། མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་བ། དབུ་སྐྲ་གྱེན་དུ་བརྫེས་པ། གླང་པོ་ཆེའི་ཀོ་རློན་དང༌། ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྟག་གི་པགས་པའི་ཤམ་ཐབས་ཅན་སྦྲུལ་གྱིས་བརྒྱན་པ། ཐོད་པ་ཁྲག་འཛག་པས་དོ་ཤལ་བྱས་པ། སྐམ་པོ་ལྔ་ལྔས་དབུ་བརྒྱན་པ། རཀྟའི་ཐིག་ལེ་ཞག་གི་ཟོ་རིས་ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། ཞི་བའི་ཆ་ལུགས་རྫོགས་པའི་བརྡར་རིན་པོ་ཆེས་བརྒྱན་པའོ། །དེ་ནས་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་སྐྲ་དང་བ་སྤུ་ཐམས་ཅད་ཁྲོ་བོས་གཏམས་པར་བསམ་མོ། །རང་འདྲ་བ་དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཡེ་ཤེས་སེམས་དཔའ་རང་ལྟ་བུ་ཚོན་གང་བ་ཅིག་བསམ། དེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་ལས་རྡོ་རྗེ་ཡུངས་འབྲུ་ཙམ་གྱི་ལྟེ་བ་ལ་ཧཱུྃ་ཆུང་ངུ་ཅིག་བསམས་ཏིང་ངེ་འཛིན་སེམས་དཔའོ། །དེ་ལ་ལྷ་ཐམས་ཅད་ཐིམ་པར་བསམས་ནས་དབང་བསྐུར། རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པ་དེ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དམ་ངོ་བོར་བསམས་པའི་ལྗགས་ལས་འོད་ཟེར་གྱི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། དབུལ་བ་ནི། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཞེས་པས་འདོད་ཡོན་ལྔ་ཕུལ་ལ། ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ་དྷཱུ་པཾ། པུཥྤཾ། དཱི་པཾ། གནྡྷཾ་བ་ལིཾ་ཏ་པྲ་ཏཱིཙྪ་ཧོ་ཤྲཱི་བནྡྷ་ཁཱ་ཧི། ཞེས་པས་དབུལ། ཡང་ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི། ཞེས་པས་ཀྱང་མཆོད་དེ་ལྷ་ཐམས་ཅད་དགྱེས་ནས་ཧ་ཧ་ཧ་ཞེས་གསུང་པར་བསམ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་གསུངས་ནས་བདག་ལ་བྱིན་གྱིས་བརླབས། ཕཊ་ཕཊ་ཕཊ་ཅེས་པས་དགྲ་བགེགས་ཐམས་ཅད་བསྒྲལ་བར་བསམས་ལ་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་བསྒོམ་མོ། །དེ་ནས་སྦྱོར་སྒྲོལ་གྱི་མཆོད་པ་ནི། ཐོག་མར་བདག་ཉིད་རྟོག་སྒོམ་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་པ་དང༌། ཐབས་དང་ཤེས་རབ་བམ། ཟག་པ་མེད་པའི་མཆོད་པ་ནི། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བའི། །

p. 141

ཐབས་དང་ཤེས་རབ་གཉིས་མེད་པ། །པདྨོ་ལ་ནི་རྡོ་རྗེ་ཞུགས། །བདག་ཉིད་མཆོད་པས་མཉེས་པར་བྱའོ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། རཱ་གོ་ཡཾ་ཨ་ནུ་རཱ་ག་ཡ་མེ། བོ་དྷི་ཙིཏྟ་ཞེས་པ་དང༌། གཉིས་སུ་མེད་པའི་མཆོད་པ་དངོས་ནི། མཉམ་པའི་སྒྲུབ་རྫས་ཆེན་པོ་དགེ། །བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཨ་ལ་ལ་སྟེ་དཀྱིལ་འཁོར་ཐིམ། །ཞེས་པ་དང༌། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ལ། བྱང་སེམས་མཁའ་ལས་བླངས་ལྷ་ཐམས་ཅད་ཀྱི་ལྗགས་ལ་བཞག་པར་མོས་ཏེ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། པྲ་ཏཱིཙྪ་ཧོ། ཤྲཱི་བནྡྷ་ཁཱ་ཧི། དེ་ནས་རཀྟ་དབུལ་བ་ནི། ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་རཀྟ་ས་མུ་དྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲྀ་ད་ཡ་བི་པ་ཐ་ཧཱུྃ་ཕཊ། ཅེས་པ་དང༌། ཁམས་གསུམ་ཡོངས་སུ་བསྒྲལ་བའི་མཆོད་པ་ནི། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །དམར་ཆེན་པོ་ཡི་རྒྱ་མཚོ་བསྐྱིལ། །འཁོར་བའི་དྲྭ་བ་བཅད་པའི་ཕྱིར། །འཁོར་གྱི་ཕྲ་མེན་ཚོགས་རྣམས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁ་ཧི། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། ཞེས་པས་མཆོད་ལ། བསྟོད་པ་ནི། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༌། །ཞེས་པ་ལ་སོགས་པས་བསྟོད་དོ། །དེ་ནས་དངོས་གྲུབ་བླང༌། བར་ཆད་ཞི་བར་གསོལ་བ་གདབ། ཡེ་ཤེས་པ་དང་བཅས་པ་བདག་ལ་བསྡུས་ཏེ་བརྟན་པར་བྱའོ། །འདི་ལས་ཀྱང་བསྡུས་པ་བྱེད་ན། བདག་བསྐྱེད་བསྒོམས་ནས་གཏོར་མ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། མདུན་དུ་ཡང་སྔ་

p. 142

མ་ལྟར་བསྐྱེད་ནས། ལྷ་ཐམས་ཅད་ཀྱི་ངོ་བོར་བསམས་ནས་བླ་མེད་མཆོག་ཚིག་རྣམས་དང༌། ཆོས་ཉིད་དུ་སྤར་བའི་བར་དུའོ། །དེ་ནས་མཆོད་པ་རྣམས་དང་བསྟོད་པ་བྱའོ། །འདོད་པའི་དོན་ལ་གསོལ་བ་གདབ། དགེ་བའི་རྩ་བ་རྣམས་སངས་རྒྱས་སུ་བསྔོ། མདུན་བསྐྱེད་བདག་ལ་བསྡུ། སྲུང་བ་བྱའོ། །རྗེ་བླ་མའི་གསུང་བཞིན་བྲིས་པ་རྫོགས་སོ། །བཟླས་པའི་ཚུལ་གསུམ་ལས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། སྡིག་སྦྱོང་དུ་སྔགས་བཟླས་པའོ། །ཨོཾ་བཛྲ་ཀཱི་ལི་ཀཱ་ལི་ཡ་ཧཱུྃ་ཕཊ། ཆོས་ཉིད་སྐྱེ་མེད་དུ་བཟླས་པའོ། །ཨོཾ་བཛྲ་ཀཱ་ལི་ཀཱ་ལི་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ། དགྲ་བགེགས་ཚར་བཅད་པར་བཟླས་པའོ། །རྒྱུན་གྱི་མན་ངག་ཇོ་མོའི་གདམས་ངག་རྫོགས་སོ། །སྙན་བརྒྱུད་ཡི་གེར་བྲིས་པ་རྡོ་རྗེ་ཕུར་པའི་སྔགས་ཕྲ་མེན་ཉིན་ཞག་གཅིག་གི་སྲུང་བ། ཞི་རྒྱས་དབང་མངོན་སྤྱོད་ཀྱི་སྲུང་བ་ལ། རང་རྡོ་རྗེ་གཞོན་ནུར་གསལ་བའི་ཕུར་པ་ཨོཾ་ཨཱཿཧཱུྃ་གསུམ་དུ་བྱས་པས་ཕུར་པའི་སྐུ་གསུང་ཐུགས་ལ་ཐིམ་པས་ཕུར་པ་དེ་སྟོད་ཁྲོ་བོ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པས་ཕུར་པ་འཛིན་པ། སྨད་ཕུར་པའི་དབལ་དར་སྔོན་པོའི་ཤམ་ཐབས་ཅན་དུ་བསམ། མཆུ་བཙུགས་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཎ་ཧཱུྃ་ཕཊ་བརྒྱ་རྩ་བརྒྱད་བཟླའོ། །འགྲོ་ན་ལུས་ལ་བཅང༌། ཉལ་ན་སྔས་སུ་གཟུགས་པར་བྱའོ། །རྦོད་གཏོང་དང་དགྲ་བགེགས་ལ་སོགས་པའི་སྦྱོར་བ་ངན་པ་བྱེད་པས་མི་ཚུགས་སོ། །སློབ་དཔོན་པདྨས་རྣལ་འབྱོར་པའི་བར་ཆད་བསྲུང་བའི་དོན་དུ་མཛད་པ་རྫོགས་སོ།། །།རྡོ་རྗེ་ཕུར་པ་གདོན་དྲག་པོ་འདུལ་བྱེད་ཅེས་ཀྱང་བྱ། གཟས་པ་པོ་ཁ་འཆིང་བ་ཞེས་ཀྱང་བྱ། བཟླས་པ་ཁྲི་བྱས་ན་འགྲུབ་པར་འགྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་གནོད་བྱེད་སརྦ་བིགྷྣཱན་བཛྲ་ཨཾ་ཀུ་ཤ་ཛ་ཛ། ཨ་བརྟ་ཡ། དྷ་རོ་ཨ་ཛྙི་ད་བཛྲ་ཨ་སེ་ཥ། ཨོཾ་བཛྲ་ཨ་སེ་ཥ་ཧཱུྃ་ཨ། སྙིང་ཁྲག་ཀུ་ལུ་ནན། བཾ་ཙི་ཏ་ཙི་ཏ་གནོད་བྱེད་སོགས་མཱ་ར་ཡ་ཧཱུྃ་ཕཊ། ཁ་ག་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། སྔས་སུ་གྲུ་གསུམ་མཐོ་གང་བ་བྱས་ལ་གནོད་པའི་མིང་བྱང་བཅུག་ལ། ཁྲག་དང་ཉུངས་ཀར་གྱི་ཐུན་བྱ། ཕུར་པ་བརྡེག རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་བཅོལ་སྐུལ་བྱ། ཞག་བདུན་གྱིས་གདོན་དྲག་པོ་རྣམས་འཇོམས། ཚེར་མ་ཅན་གྱི་མེ་ལ་བསྲེག ཐལ་བ་གནོད་པའི་ཕྱོགས་སུ་འཕང༌།

p. 143

ལམ་དུ་མནན་པ་བྱ། ཕུར་པའི་གདོན་འདུལ་རྫོགས་སོ།། ༈ །ན་མོ་གུ་རུ། རྡོ་རྗེ་གཞོན་ནུ་རྒྱན་གྱི་གདམས་ངག་སངས་རྒྱས་ལག་བཅངས་ཀྱི་དགོངས་པ། སྤྱི་གཙུག་ཏུ་ཧཱུྃ་སྔོན་པོ་ཅིག་བསམ། འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད། ཚུར་འདུས་རང་གི་སྡིག་སྒྲིབ་སྦྱངས་ལུས་འོད་དུ་སོང་སྟོང་པར་བསམ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཆུའི་ཟླ་བ་ལྟར་གསལ་ལ་རང་བཞིན་མེད་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། ཧཱུྃ་སྔོན་པོ་རྒྱུའི་ཏིང་ངེ་འཛིན་དེ་གྱུར་པ་ལས་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ་ཞབས་བཞི་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པར་བསྒོམ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ་བདག་འདྲ་བ་ཅིག་བསྒོམ། དེའི་ཐུགས་ཀར་རྡོ་རྗེ་རྩེ་དགུ་པ་ཅིག་བསྒོམ། དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་བཀས་ཙམ་ཅིག་བསྒོམ། དེ་ལ་ཧཱུྃ་པུ་ཤུད་ལྟ་བུ་བསམས་པ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པའི་འབྲུ་དགུ་གསེར་གྱི་བ་ཐག་ལྟ་བུས་བསྐོར་བ་ལ་སྔགས་ཀྱི་འོད་ཟེར་ཏིང་འཛིན་སེམས་དཔའ་གསལ། དེས་ཡེ་ཤེས་སེམས་དཔའ་གསལ། དེས་དམ་ཚིག་སེམས་དཔའ་གསལ། དེས་སྡིག་པ་ཐམས་ཅད་དག་པར་བསམ་ཞིང་བཟླ། སྟོང་ལ་སོགས་པ་ཅི་ནུས་བཟླའོ། །ཚུར་འདུས་བདག་ལ་ཐིམ། བདག་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཧཱུྃ་ལ། དེ་ཧ་ལ། དེ་མགོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་སྟོང་པ་འོད་གསལ་ཅིར་ཡང་མ་གྲུབ་པ་ལ་སེམས་བཞག་ལ་སྒོམ་བཟླས་བྱས་པས་སྡིག་པ་ཐམས་ཅད་བྱང༌། བར་ཆད་གདོན་ཞི་ཞིང་ནད་དང་རིམས་ཐམས་ཅད་དང་རྐྱེན་གློ་བུར་ཀུན་ཟློག་གོ །ཚེ་འདི་ལ་རིག་འཛིན་གྱི་གྲལ་དུ་འགྲོ། །ཕྱི་མ་རྡོ་རྗེ་གཞོན་ནུར་བདག་འགྱུར་རོ། །སློབ་དཔོན་པདྨས་མཁར་ཆེ་བཟའ་མཚོ་རྒྱལ་ལ་འབྲལ་ཁར་གདམས་པའོ། །སྣོད་དང་མི་ལྡན་པ་ལ་མི་སྦྱིན་ནོ། །རྫོགས་སོ།། ༈ །དཔལ་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་གསལ་བྱེད་བདུད་རྩིའི་འོད་ཅན་ཞེས་བྱ་བ་ས་ལོ་ཆེན་པོའི་གསུང་ལ་སྔགས་འཆང་ཆེན་པོས་མཆན་

p. 144

གནང་བ་དཀྱུས་མཆན་ལྷན་ཅིག་བསྡེབས་ཤིང་ཨ་མེས་ཞབས་ཀྱི་གསུང་ནས་ཀྱང་ཅུང་ཟད་ཁ་བསྐངས་པ་བཞུགས་སོ། །ཤྲཱི་བཛྲ་ཀུ་མཱ་ར་ཀྲོ་དྷཱ་ཡ་ན་མཱ་མྱ་ཧཾ། སངས་རྒྱས་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུ། །རྡོ་རྗེ་གསུམ་གྱི་ཞལ་ལྡན་ཕ་རོལ་ཕྱིན། །ཕྱག་གི་ཡལ་གས་རབ་བརྗིད་དབང་སྔོན་མདངས། །ཁྲོ་བོའི་དབང་པོའི་མཆོག་ལ་གུས་བཏུད་ནས། །དེ་ཉིད་སྒྲུབ་ཐབས་འཁྲུལ་མེད་བརྒྱུད་པའི་གསུང༌། །ཞལ་གྱི་བདུད་རྩི་ལས་རྙེད་བསྙེན་སྒྲུབ་ཚུལ། །གསལ་བར་སྟོན་པའི་མན་ངག་འདི་བཤད་ཀྱི། །དོན་གཉེར་ཤེས་ལྡན་གུས་པའི་ཚུལ་གྱིས་ཉོན། །དཔལ་རྡོ་རྗེ་གཞོན་ནུ་ས་ལུགས་སུ་གྲགས་པ་འདི་ལ་རྩ་བ་རྡོ་རྗེ་ཁྲོས་པའི་རྒྱུད་ཀྱི་ལེའུའི་ལག་ཟུར་དུ་ཕྱུང་བ་ཕུར་པ་རྩ་དུམ་རྒྱུད་ཆུང་འདི་ཉིད་ལ་བརྟེན་ནས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་དཀྱིལ་ཆོག་རྡོ་རྗེ་ལས་རིམ་རྩ་འགྲེལ་ནས་ཇི་ལྟར་བཤད་པ་བཞིན། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་ཕུར་པའི་བསྙེན་སྒྲུབ་ཀྱི་ཐོ་ཡིག་མཛད་པ་གཞིར་བཞག་ནས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་སྒྲུབ་ཐབས་ཆེ་འབྲིང་ཆུང་ངུ་གསུམ་མཛད་པ་ལས། ཉམས་སུ་ལེན་པ་དང༌། དུས་དང་གྲངས་ཀྱི་བསྙེན་པ་བྱེད་པའི་ཚེ་སྒྲུབ་ཐབས་ཆུང་བ་འདི་ཉིད་དོན་ཚང་ལ་ཉམས་སུ་ལེན་བདེ་བས་དེའི་ཚུལ་དཀྱུས་སུ་མི་གསལ་བ་ཅུང་ཟད་བརྗོད་ན། ཐོག་མར་གང་དུ་བསྙེན་པ་བྱ་བའི་ས་ཕྱོགས་དབེན་ཞིང་ཉམས་དགའ་བའི་སྒྲུབ་ཁང་བླ་མ་གོང་མ་ཡིད་ཆེས་པ་རྣམས་ཀྱི་བཞུགས་གནས་ཡིན་པའམ། ཡང་ན་འདྲེ་སྲིན་གདུག་པ་ཅན་གནས་པའི་ས་མ་ཡིན་པར། རང་གི་མདུན་དུ་བླ་མ་ཡི་དམ་གྱི་རྟེན་གང་རིགས་དང༌། ཁྱད་པར་རྡོ་རྗེ་ཕུར་པའི་སྐུ་ལུགས་མའམ། བྲིས་སྐུ་རབ་གནས་ཅན་གྱི་མདུན་དུ་འདིའི་གཏོར་མ་སྟོད་ཟུར་གསུམ། སྨད་ཟླུམ་པོ་ཐེབ་ཀྱུས་བསྐོར་བ་ལ་ཆེད་དུ་བསད་པ་མ་ཡིན་པའི་ཤ་ཁྲག་གིས་བརྒྱན་པ་དབུས་སུ་བཞག དེའི་གཡོན་དུ་བནྡྷ་ལྕང་ལོ་ཅན་གྱི་ནང་དུ་རཀྟ། ཁྲག་མ་འབྱོར་ན་ཆང་ལ་ཤ་དམར་པོ་བཏབ་པ། གཏོར་མའི་གཡས་སུ་ཐོད་པ་མཚན་ལྡན་གྱི་ནང་དུ་སྨན་ཕུད་གཙང་མ། དེ་རྣམས་ཀྱི་མདུན་དུ་ཆུ་གཉིས་སྔོན་འགྲོའི་མཆོད་པ། མེ་ཏོག

p. 145

བདུག་སྤོས། མར་མེ། དྲི། ཞལ་ཟས་རྣམས་སྦྲེང་ཚར་དུ་བཤམ། རང་ཉིད་ཤར་རམ་ལྷོར་ཁ་ཕྱོགས་པས་སྟན་བདེ་བ་ལ་འདུག་སྟེ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང༌། སྟོང་པའི་ངང་ལས་བྷནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་ཨཱ་ཧ་ར་ལི་ཧཱུྃ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཨོཾ་བཛྲ་ཨུད་ཀ་ཕ་ལ་ཧཱུྃ་ཕཊ། ཨོཾ་སརྦ་བིཏྤཱུ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏཱ། ནཱ་ད་སྭ་བྷཱ་ཝེ་ན་བཛྲ་དྷརྨཱ་ཧྲྀ་ད་ཡ་ནི་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཌ་དྲིལ་དང་བཅས་པས་ལན་གསུམ་བརྗོད། ནམ་མཁར་བླ་མ་ཡི་དམ་ཆོས་སྲུང་རྣམས་མངོན་སུམ་ལྟར་བཞུགས་པར་མོས་ནས་སྐྱབས་འགྲོའི་ཁྱད་པར་བཞི་གཞན་ནས་འབྱུང་བ་ལྟར་གསལ་གདབ། བསྡུ་ན་སྐྱབས་འགྲོའི་ཡུལ་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསམ། སྐྱབས་སུ་འགྲོ་བ་པོ་ཕ་མ་རིགས་དྲུག་གིས་སྐྱབས་འགྲོ་བྱེད་པར་བསམ། རྒྱུ་འཇིགས་དད་སྙིང་རྗེ་གསུམ། དུས་སངས་རྒྱས་མ་ཐོབ་བར་རོ། །ངག་ཏུ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་

p. 146

ཀྱི་མངའ་བདག་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ཉི་ཤུ་རྩ་གཅིག་ཙམ་བྱས་པའི་རྗེས་སུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རངས། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དགོས་པ་གསུམ་གྱིས་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གཅིག སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཚར་གཅིག ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་གྱུར། ས་མ་ཡ་སྟྭཾ། བཛྲ་ཨཉྫ་ལི་ཧཱུྃ། བཛྲ་བནྡྷ། བཛྲ་ཨཉྫ་ལི་ཛཿ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་མཚོན་ཆ་ཐོགས་པ་མང་པོ་བྱུང་སྟེ་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྒྱང་རིང་དུ་བསྐྲད། རྡོ་རྗེ་གསོར་ཞིང་དྲིལ་བུ་དྲག་ཏུ་བརྡུངས་ལ། ཕཊ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སོང་ཞིག་ལྷ་མིན་ལྷ་ཡང་རུང༌། །ང་ལ་བར་ཆད་བྱེད་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་

p. 147

ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བནྡྷ་བནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཁྲོ་བོ་རྣམས་རང་གི་ཐུགས་ཀར་ཐིམ། རང་གི་ཐུགས་ཀའི་ཧཱུྃ་ལས་མཚོན་ཆ་རྣམ་པ་སྣ་ཚོགས་བྱུང༌། སྣ་བུག་ནས་ཐོན། གཡས་ནས་བསྐོར་བ་བགེགས་བསྐྲད་དེ་རྭ་བར་གྱུར། སེམས་ཀྱིས་སྙིང་གའི་ཧཱུྃ་ལས་རྡོ་རྗེ། རལ་གྲི། འཁོར་ལོ། རྒྱ་གྲམ། དབྱུག་ཏོ་རྣམས་སྤྲོས་ནས་འོག་ཏུ་དེ་དག་གི་ས་གཞི། ལོགས་སུ་རྭ་བ། སྟེང་དུ་གུར་ལ་སོགས་པར་གྱུར་པར་བསམས་ཏེ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་རྒྱབ་སྦྱར་མཐེ་ཆུང་སྦྲེལ། མཐེ་བོས་སྲིན་མཛུབ་མནན། གུང་མཛུབ་གཉིས་གྱེན་དུ་སྦྲེལ་བའི་ཕྱག་རྒྱ་གཡོན་དུ་བསྐོར་ཞིང་བགེགས་བསྐྲད། ཕྱག་རྒྱ་གཡས་སུ་བསྐོར་བས་རྭ་གུར་དུ་གྱུར་པར་བསམས་ལ། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་སྲུངས། །ཨོཾ་བཛྲ་ཨ་ཡུ་དྷ་རཀྵ་ཧཱུྃ་ཕཊ། གོང་གི་བཛྲ་ཨ་ཡུ་དྷ་རཀྵ་ཚར་གཉིས་བརྗོད་པའི་རྟིང་མ་ལ་ཕཊ་བཞག་པ། འོག་མ་གཉིས་ལའང་རིགས་འགྲེ་སྦྱར་བ་ལ་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་རྣམ་པར་བྱས་པ་དང༌། སྲུང་བའི་འཁོར་ལོ་ཤིན་ཏུ་བརྟན་ཅིང་གཟི་བརྗིད་དང་ལྡན་པར་གྱུར། སྲིད་པའི་རྩེ་མོ་མན་ཆད་ནས། །དམྱལ་བའི་ས་གཞི་ཡན་ཆོད་ཀྱི། །ལོག་པར་ལྟ་བའི་དགྲ་དང་བགེགས། །འདི་རུ་མ་འདུག་གཞན་དུ་དེངས། །ཨོཾ་བཛྲ་ཏེ་ཛ་ཏིཥྛ་ཙཀྲ་རཀྵ་ཧཱུྃ་ཕཊ། ཅེས་པ་དང༌། ཐལ་མོ་རྒྱབ་སྦྱར་བའི་སོར་མོ་གཞན་བསྣོལ་མཐེ་བོང་རྩེ་སྤྲད་པ་དང༌། རྭ་བ་དེ་རྣམས་ལས་འཕྲོས་པའི་མེ་འོད་ཀྱིས་བགེགས་ཐམས་ཅད་བསྲེགས། ཕྱི་རོལ་ཀུན་ཏུ་འོད་འཕྲོས་པས། །བདུད་དཔུང་ངེས་པར་སྲེག་བྱེད་པ། །ས་དང་མཁའ་ཀུན་ཁྱབ་པ་ཡི། །འབར་བ་མེ་ཡི་

p. 148

ཕུང་པོར་གྱུར། །ཨོཾ་བཛྲ་ཛྭ་ལ་ཨཱ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། མཚམས་བཅད་ཅིང་སྲུང་འཁོར་བསྒོམ་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་སྲུང་འཁོར་གྱི་ནང་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཚར་གསུམ། མདུན་གྱི་ཚོགས་ཀྱི་ཞིང་དེ་དག་ཐམས་ཅད་ཛཿཧཱུྃ་བཾ་ཧོཿ རང་གི་སྙིང་གར་ཐིམ། ཡང་རང་གི་སྙིང་ག་ནས་འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་དང༌། བྱིན་རླབས་བསྡུས་ནས་བདག་དང་དཀྱིལ་འཁོར་གྱི་གནས་སུ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། ཨ་ལ་ལ་ཧོ། ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །དེའི་དུས་ཀྱི་དམིགས་པ་ནི། སྙིང་ག་ནས་འོད་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་ཐམས་ཅད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་རྣམ་པས་མདུན་གྱི་ནམ་མཁའ་གང་བར་བཞུགས་པ་ཐམས་ཅད་ཡབ་ཡུམ་མཉམ་པར་སྦྱོར་བས་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པ་འོད་ཀྱི་རྣམ་པ་ཅན་སྦྱོར་མཚམས་ནས་བྱུང་བས་རང་དང་གནས་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ། རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། རང་གི་ཐུགས་ཀ་ནས་རྃ་དམར་པོ་སྤྲོས་པའི་མེས་བདུད་རྩི་དང་གཏོར་མའི་སྣོད་ལ་རེག་པས་མི་གཙང་བ་བསྲེགས། ཡྃ་སྤྲོས་པས་རླུང་བྱུང་སྟེ་གཏོར། ཁྃ་སྤྲོས་པས་ཆུས་བཀྲུས་ཏེ་དག་པར་བྱས། བྷྲཱུྃ་སྤྲོས་པས་བནྡྷ་འབར་བའི་སྣོད་ཆེན་པོར་གྱུར། ཨོཾ་སྤྲོས་པས་མཆོད་རྫས་རྣམས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེའི་སྟེང་དུ་ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་

p. 149

སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་ཡངས་པར། ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱ་ལས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་གྱུར། རླུང་གཡོས་མེ་སྦར་རྫས་རྣམས་འོད་དུ་ཞུ་བའི་རླངས་པ་ཧཱུྃ་ཨོཾ་སྭཱ་ཨཱཿཧཱ་ལས་ཕྱག་མཚན་ལྔར་གྱུར། ཧཱུྃ་བཛྲ་དྷྲྀཀ྄ ཨོཾ་ཛི་ན་ཛིཀ྄ ས་རཏྣ་དྷྲྀཀ྄ ཨཱཾ་ཨཱ་རོ་ལྀཀ྄ ཅེས་བརྗོད་པས་ཧེ་རུ་ཀ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་སྟྭཾ། ཞེས་བརྗོད་པས་སྦྱོར་བའི་མེས་འོད་དུ་ཞུ་ཨོཾ་ཨཱཿཧཱུྃ་དུ་གྱུར། དེ་ལས་འོད་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་བཀུག་ནས་བསྟིམས། འོག་གི་བདུད་རྩི་དང་འདྲེས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར་པར་བསམ་ཞིང་དུང་ཕོར་འཁྱིལ་བའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐ། ཞེས་བརྒྱ་རྩ་བརྒྱད་དང་རྒྱུན་དུ་གསུམ་རེ། གཞོང་པ་འཁྱིལ་བའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུྃ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཐ། ཞེས་བདུན་གྱིས་བྱིན་གྱིས་བརླབ། རྒྱུན་དུ་གསུམ་རེ། རཀྟའི་སྣོད་ཨ་ལས་ཐོད་པ་ཡངས་པར་ར་ལས་དགྲ་བགེགས་བསྒྲལ་བའི་ཁྲག་ལས་བདུད་རྩིར་བྱིན་གྱིས་བརླབས་ལ་མ་སཱུརྻ་མཎྜ་ལ། ར་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། པདྨ་འཁྱིལ་བའི་ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐ། ཞེས་བདུན་གྱིས་བྱིན་གྱིས་བརླབ་བོ། །ཡང༌། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་བརྗོད་པས། ཕུར་པ་རྡོ་རྗེ་གཞོན་ནུའི་ལུས་ལ་ཁྲོ་བོ་བཅུས་བརྒྱན་པར་གྱུར་པར་བསྒོམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། རྒྱུན་དུ་སྨན་རག་གཏོར་གསུམ་དང་བསྙེན་ཕུར་མ་བཤམས་ཀྱང་བསམས་ནས་བྱིན་རླབས་རུང་བ་འཇམ་མགོན་ཨ་མེས་ཞབས་ཀྱི་གདོང་དགའ་བའི་དྲིས་ལན་ན་ཡོད། དངོས་གཞི་ནི། དང་པོ་རང་གི་སེམས་མ་བཅོས་པ་སྟོང་པ་ཉིད་སྤྲོས་པ་དང་བྲལ་བ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང༌། སྟོང་པ་ཉིད་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་ཅིང༌། དེ་ལྟར་མ་རྟོགས་པ་རྣམས་ལ་རབ་ཏུ་བརྩེ་བའི་སྙིང་རྗེ་བསྒོམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང༌། ཐབས་ཤེས་གཉིས་མེད་རང་རིག་གསལ་ལ་མ་འགགས་

p. 150

པ་དེ་ཡི་གེ་ཧཱུྃ་སྔོན་པོ་གཅིག་ཏུ་གྱུར་པ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་པ་རྒྱུའི་ཏིང་ངེ་འཛིན་ཏེ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །སྲོག་གི་གོ་རུ་ཤར་བ་དང༌། སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། ཧཱུྃ་རྃ་ཡྃ་ཁྃ། སྥ་ར་ཎ་ཕཊ། ཧཱུྃ་ལས་རྃ་ཆད་སྣོད་ཀྱི་འཇིག་རྟེན་བསྲེགས། ཡྃ་འཕྲོས་པས་རླུང་གིས་གཏོར། ཁྃ་སྤྲོས་པས་ཆུས་བཀྲུས་སྐྱོན་ཐམས་ཅད་དག་པར་བྱ། ཨེ། ཡྃ། བྃ། རྃ། ལྃ། ཀེཾ། ཨེ་སྥ་ར་ཎ་ཕཊ྄། ཧཱུྃ་ལས་ཡི་གེ་དེ་དག་སྤྲོས་པས་རྟེན་གྱི་དཀྱིལ་འཁོར་དུ་གྱུར། ཨེ་ལས་མཁའ་དབྱིངས་དག་པ་ནམ་མཁའི་དཀྱིལ། །ཡྃ་ལས་རླུང་ཆེན་རྒྱ་གྲམ་སྲ་ཞིང་བརྟན། །དེ་སྟེང་བྃ་ལས་བྱུང་བའི་ཆུ་དཀྱིལ་དཀར། །རྃ་ལས་མེ་བྱུང་བསྐྱོད་པའི་དེ་ཡི་ཕྱེད། །ལྃ་ལས་ས་ཡི་དཀྱིལ་འཁོར་བརྟན་པར་གྱུར། །དེ་སྟེང་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས། །དབུས་སུ་ཀེཾ་རུས་རི་རབ་བརྩེགས་པའི་སྟེང༌། །གྲུ་གསུམ་མཐིང་ནག་མུ་ཁྱུད་རྡོ་རྗེས་སྤྲས། །ཛཿཔདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་ཧཱ་དེ་ཝ་ཛཿ ཨུ་མ་དེ་ཝཱི་ཛཿ པདྨ་ཉི་མ་ཟླ་བ་དབང་ཕྱུག་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། རྒྱུའི་ཏིང་ངེ་འཛིན་ཧཱུྃ་དེ་བབས་པ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཏེ་འོད་དུ་ཞུ་བ་རང་རྡོ་རྗེ་གཞོན་ནུའི་སྐུར་གྱུར་པ་ནི། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། ཧཱུྃ། གདན་སྟེང་བདག་ཉིད་ཁྲོ་བོའི་རྒྱལ། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང༌། །མེ་དཔུང་འབར་བ་རྩེ་གསུམ་རྣམས། །གཡས་གཡོན་གཉིས་གཉིས་ཕྱག་གིས་བསྣམས། །མཐའ་གཉིས་ཕུར་འདྲིལ་སྐུ་ཆེ་རགས། །མཆེ་གཙིགས་སྤྱན་གསུམ་ཟླུམ་ཞིང་དམར། །རལ་པ་ཁམ་པ་གྱེན་དུ་བརྫེས། །གླང་ལྤགས་ཞིང་ཆེན་གཡང་གཞི་གསོལ། །སྟག་གི་པགས་པའི་འོག་པག་ཅན། །དཀར་དམར་ལྗང་ནག་སྦྲུལ་གྱིས་བརྒྱན། །

p. 151

དབུ་རྒྱན་སེ་རལ་སྐེད་ཆིངས་དང༌། །ཕྱག་དང་ཞབས་རྣམས་རྣམ་པར་སྤྲས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །རཀྟ་ཞག་དང་ཐལ་ཆེན་གྱིས། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་བཞི་གཡས་བསྐུམས་གཡོན་བརྐྱངས་ནས། །དབང་ཕྱུག་ཁ་བུབ་མགོ་བོ་དང༌། །ཨུ་མའི་ནུ་མ་རབ་བརྫིས་ཤིང༌། །ཡེ་ཤེས་མེ་ཕུང་དབུས་ན་བཞུགས། །རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད། སྐྲ་ཉི་ཁྲི་ཆིག་སྟོང༌། བ་སྤུ་བྱེ་བ་ཕྲག་ཕྱེད་བཞི་ལ་སོགས་པ་ཐམས་ཅད་ཀྱང་རྡོ་རྗེ་གཞོན་ནུ་རང་དང་འདྲ་བས་གོ་མཚམས་མེད་པར་གཏམས་པར་གྱུར། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བཅད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །བྷྲཱུྃ་བི་མཱ་ན་མ་སཱུརྻ་ཧཱུྃ། ཛྙཱ་ན་སཏྭ་ཀྲྀཥྞ་ཤཱུ་ཀ་པཉྩ་བཛྲ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། ཨོཾ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ། །གཟིག་གི་པགས་པའི་ཤམ་ཐབས་ཅན། །རུས་པའི་རྒྱན་ལྔས་སྐུ་ལ་བརྒྱན། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྐམ་པོ་ལྔ་བཅུའི་དོ་ཤལ་བྱས། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །རཀྟ་ཞག་དང་ཐལ་ཆེན་གྱི། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །ཞབས་གཉིས་གཡས་གཡོན་བརྐྱང་བསྐུམ་གྱིས། །ཡབ་ཀྱི་གཡོན་ནས་འཁྱུད་པས་བཞུགས། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །འཁོར་བ་རྡོ་རྗེར་སྒྲུབ་པར་མཛོད། །ཨོཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱ་ལ་ཡ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ས་མཱ་ཛཿ ཨོཾ་བཛྲ་ཡཀྵི་ཎི་ཧཱུྃ་ཛཿ ཨོཾ་བཛྲ་བྷཻ་ར་བཱི་ཧཱུྃ་ཧཱུྃ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་བྃ། ཨོཾ་བཛྲ་མཱ་ར་ཎི་ཧཱུྃ་ཧོཿ འགུགས་འདྲེན་འཆིང་སྡོམ་མཉེས་བྱེད་ཀྱི་ཕྱག་རྒྱ་ཀྱེ་རྡོར་བཞིན། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྐབས་སུ། དཔྲལ་བ་མགྲིན་པ་སྙིང་གར་ཨོཾ་ཨཱཿཧཱུྃ་བསམས་ནས། དེ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་

p. 152

ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འབྲུ་གསུམ་གྱི་རྣམ་པར་སྤྱན་དྲངས་ནས་རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་གྱུར་པར་བསམས་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེ་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་གཏེར་དུ་བདག་བསྐྱེད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༌། །རྡོ་རྗེ༴ །ཆོས་ཀྱི༴ །འབར་བའི༴ །གསུང་གི་གཏེར་དུ༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས། །རྡོ་རྗེ༴ །ཆོས་ཀྱི༴ །འབར་བའི༴ །ཐུགས་ཀྱི་གཏེར་དུ་བདག་བསྐྱེད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཡང་ཐུགས་ཀ་ནས་འོད་འཕྲོས་པས་ཁྲོ་བོ་རིགས་ལྔ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། དབང་བསྐུར་བར་གསོལ་བ་གདབ་པར་བསམ་ཞིང༌། ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་བརྗོད། དེ་ནས་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱིས་དབང་བསྐུར་བར་བསམ་ཞིང༌། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཏྲྃ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧྲཱིཿ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཱཿ དེ་ཡན་ཆད་བདག་ཉིད་རྩ་བའི་དཀྱིལ་འཁོར་རོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི། ཨེ་སྥ་ར་ཎ་ཕཊ། ཅེས་བརྗོད་པས་ཕུར་གདན་ཨེ་ལས་གྲུ་གསུམ་མཐིང་ནག་འབར་བར་བསྐྱེད། སརྦ་ཤ་ཏྲཱུྃ་བིགྷྣཱན་ཛཿཧཱུྃ་བཾ་ཧོཿ བརྗོད་དུས་གྲུ་གསུམ་གྱི་དབུས་སུ། དགྲ་བགེགས་ཐམས་ཅད་བཀུག་པར་བསམ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་རཀྵ་རཀྵ་བརྗོད་པའི་ཚེ། མདུན་གྱི་ཕུར་པ་ལ་གུ་གུལ་གྱིས་བདུག་ཅིང༌། ཡུངས་ཀར་གྱིས་བྲབ། བསྙེན་པ་ལ་སོགས་པའི་སྐབས་སུ་ཡུངས་

p. 153

ཀར་གུ་གུལ་རྣམས་ཀྱི་ཐུམ་བུ་དང་ཅོད་པན་ལྔ་བརྩེགས་བཏགས་པ་དེས་གོ་ཆོད་པར་མཛད། ཁོ་བོས་དྲག་པོ་ལ་ནི་རཀྟའི་ཐུམ་བུའང་འདོགས་དགོས་སྙམ་སྟེ་སྒྲོལ་དབང་ན་འདི་ཐམས་ཅད་ལ་རྗེས་ཡོད་པས་སོ། །རང་གི་སྙིང་གའི་ཧཱུྃ་ལས་ཧཱུྃ་གཅིག་མཆེད་པ་མདུན་དུ་སྲས་མཆོག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་དང་ལྡན་པའི་སྐུར་བསམས་ལ། སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་འཇིགས་པའི་སྐུར་སྟོན་པ། །ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་མ་ལུས་ཀུན། །སངས་རྒྱས་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །སྲིད་པ་རྡོ་རྗེ་ཕུར་བུ་བསྒྲུབ་པའི་ཕྱིར། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཞེས་པས་ཆོས་སྐུ་ལས་ལོངས་སྐུ་ཧེ་རུ་ཀར་བཞེངས་པར་བསྐུལ་བས་མཁའ་ནས་ལོངས་སྐུ་ཡབ་ཡུམ་སྤྲུལ་པར་བསམ་སྟེ། ཕྱག་མཚན་གཙོ་བོ་དང་འདྲའོ། །དེ་ནས་ལོངས་སྐུ་ལས་སྲས་མཆོག་སྤྲུལ་པར་གསོལ་བ་གདབ་པའི་ཕྱིར། ཧཱུྃ། དབུས་ཀྱི་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས། །རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ཞེ་སྡང་བདུད་འདུལ་ཁྲོ་རྒྱལ་དབྱིངས་ནས་བཞེངས། །སྲིད་པ་རྡོ་རྗེ་ཕུར་པ་བསྒྲུབ་པའི་ཕྱིར། །མཐིང་ནག་གྲུ་གསུམ་འབར་བའི་གནས་འདིར་གཤེགས། །བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། ཅེས་པས་ལོངས་སྐུ་ལས་སྤྲུལ་སྐུ་སྲས་མཆོག་སྐུ་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་སྨད་ཕུར་བུའི་རྣམ་པ་ཅན་དུ་བསམ། དེའི་སྤྱི་བོར་ཨོཾ། སྐེད་པར་ཧྲཱིཿ རྩེ་མོར་ཕཊ་ཅེས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། བཛྲ་ས་མཱ་ཛཿ ཡེ་ཤེས་པ་སྤྱན་དྲང༌། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་བསྟིམ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་སོགས་ལས་གོང་བཞིན་དབང་བསྐུར། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཧཱུྃ་ཨཱཿ ཨོཾ་ཧཱུྃ། སྭཱ། ཨཱཿ ཧཱ། སྃ། མྃ། ལྃ། པྃ། ཏཱྃ། ས་མ་ཡ་སྟྭཾ། བཛྲ་ཨཉྩ་ལི་ཧཱུྃ། བཛྲ་བྷནྡྷ། བཛྲ་ཨཉྩ་ལི་ཛཿ ཕུར་པ་ཆུ་སྲིན་རྣམ་གྲོལ་གྱི་ཕྱག་རྒྱས་བཟུང་ནས། དཱིཔྟ་ཙཀྲ་ཕུར་པའི་ལྷ། །མཐིང་ནག་གཅེར་བུ་རལ་པ་ཅན། །སྐུ་སྟོད་ཁྲོ་

p. 154

བོ་ཆེན་པོ་ལ། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས། །ལྟེ་བ་མན་ཆད་སྐུ་ཡི་ཆ། །ཨུཏྤལ་སྔོན་པོའི་འདབ་འདྲ་བ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། །དྲག་པོར་གྱུར་པའི་ཕུར་པ་སྟེ། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །གནོད་བྱེད་བགེགས་ལ་སྨོས་ཅི་དགོས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། བཛྲ་ཨ་བྷི་ཥིཉྩ། སྤྱི་གཙུག ཨོཾ་དཱིཔྟ་ཙཀྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། ཙཀྲ་ཨ་བྷི་ཥིཉྩ། དཔྲལ་བ། ཨོཾ་དཱིཔྟ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། རཏྣ་ཨ་བྷི་ཥིཉྩ། རྣ་ལྟག་གཡས། ཨོཾ་དཱིཔྟ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། པདྨ་ཨ་བྷི་ཥིཉྩ། ལྟག་པ། ཨོཾ་དཱིཔྟ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། ཀརྨ་ཨ་བྷི་ཥིཉྩ། རྣ་ལྟག་གཡོན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དཔྲལ་བ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ མགྲིན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་ག གནས་དེ་རྣམས་སུ་རེག་པས་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་ཕྲིན་ལས་བདག་ལ་འདུས་པར་བསམ་མོ། །བསྙེན་ཕུར་མ་བཤམས་པའི་སྐབས་གོང་གི་ཕྱག་རྒྱ་དེ་གནས་དེ་རྣམས་སུ་གཏུགས་པས་གོ་ཆོད་པར་མཛད། དེ་ནས་རང་གི་སྙིང་ག་ནས་འོད་འཕྲོས་པས་རྡོ་རྗེ་གཞོན་ནུ་ལྷ་ལྔ་བཅུ་རྩ་གཅིག་གི་དཀྱིལ་འཁོར་ལ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ རྡོ་རྗེ་གཡབ་དྲིལ་བུ་གསིལ་ལ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༌། །སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་སྲུང་མའི་ཚོགས། །གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ནས། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཡང་དག་དོན་དུ་དག་མོད་ཀྱང༌། །འགྲོ་བ་ཀུན་གྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང༌། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཧསྟ་ཙ་པཱ་དྱཾ་པྲ་ཏཱིཙྪ་བཛྲ་ཨཱ་ས་ན་ཏིཥྛནྟུ། ཞེས་པས་ཞབས་བསིལ་དང་གདན་ཕུལ། བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་

p. 155

མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་མཆོད་པ་ཐམས་ཅད་ཀྱིས་མཆོད། སྒེག་ཕྲེང་གླུ་གར་བདུག་པ་མེ་ཏོག་མ། །མར་མེ་དྲི་མ་ཉེར་སྤྱོད་རོལ་མོའི་སྒྲ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་བློ་ཡི་མོས་བློས་བདག་འབུལ་ན། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཌ་དྲིལ་དང་བཅས་པས། བཛྲ་ལཱ་སྱེ་ཧཱུྃ། བཛྲ་མཱ་ལེ་ཏྲཱྃ། བཛྲ་གཱིརྟི་ཧྲཱིཿ བཛྲ་ནིརྟི་ཨཱཿ བཛྲ་དྷཱུ་པེ་ཧཱུྃ། བཛྲ་པུཥྤེ་ཏྲཱྃ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་གནྡྷེ་ཨཱཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་བི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་རྣམས་ཀྱིས་ཕྱི་མཆོད་དང༌། ནང་མཆོད་མཐེབ་སྲིན་གྱིས་བདུད་རྩི་གཏོར་ལ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ལ། །སྐུ་གསུང་ཐུགས་ཀྱི་ངང་ཉིད་དུ། །བདག་ཅག་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་ཀུན་ཏུ་དགེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཀ་པཱ་ལ་བནྡྷ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱལ་བ་ཀུན་དངོས་རྩ་བའི་བླ་མ་དང༌། །རིག་འཛིན་བརྒྱུད་པའི་བླ་མ་ཐམས་ཅད་དང༌། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཇིགས་བྱེད་ཆེན་པོ་ཁྲོ་བོ་ཡབ་ཡུམ་བཅུ། །སྤྲུལ་པའི་ཁྲ་ཐབས་ཡབ་ཡུམ་ཉི་ཤུ་དང༌། །སྒོ་མ་བཞི་དང་སྲས་མཆོག་ཕུར་བུའི་ཚོགས། །རྣམ་དག་སོགས། ཕྱི་ནང་མཁའ་འགྲོ་འཁོར་བཅས་ཐམས་ཅད་དང༌། །གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་སྡེ་དང༌། །དཔག་བསམ་ཤིང་ལྷ་

p. 156

རེ་མ་ཏི་རྣམས་ལ། །རྣམ་དག་སོགས། ཤྭ་ན་མུ་ཁ་བདག་ཉིད་ཆེན་མོ་དང༌། །བསེ་ཡི་ལྷ་མོ་ཕྱོགས་བཅུའི་རྣལ་འབྱོར་ཚོགས། །དམ་སྲུང་མཆེད་ལྕམ་བརྟན་མ་བཅུ་གཉིས་ལ། །རྣམ་དག་སོགས། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། བརྒྱུད་པའི་བླ་མ་རྣམས་ཀྱི༴ ཆོས་སྐུ་ཀུན་ཏུ་བཟང་པོའི། ལོངས་སྐུ་རྡོ་རྗེ་སེམས་དཔའི། སྤྲུལ་སྐུ་པདྨ་འབྱུང་གནས༴ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི༴ ཁྱད་པར་ཆོས་སྐྱོང་སྲུང་མའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། རང་གི་ལྕེ་དང་གནས་གསུམ་དུ་ནང་མཆོད་བཞག་ནས། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གསང་མཆོད་ནི། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བ། །ཐབས་དང་ཤེས་རབ་གཉིས་མེད་པའི། །པདྨོ་ལ་ནི་རྡོ་རྗེ་ཞུགས། །བདག་ཉིད་མཆོད་པས་མཉེས་པར་བྱོས། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་གོ་ཨ་ནུ་རཱ་ག་ཡཱ་མི་བོདྷི་ཙིཏྟ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། མཉམ་པའི་སྒྲུབ་རྫས་ཆེན་པོ་སྟེ། །བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཨ་ལ་ལ་སྟེ་དཀྱིལ་འཁོར་ཐིམ། །ཛཿཧཱུྃ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། མ་ཧཱ་སུ་ཁ་པྲ་ཏཱིཙྪ་ཧོཿཔྲ་ཏི་གྲྀཧྞ་ཁཱ་ཧི། གསང་མཆོད་དང་དེ་ཁོ་ནའི་མཆོད་པ་འདི་གཉིས་ལ་ཕྱག་རྒྱ་མེད། བསྒྲལ་མཆོད་ནི། རང་གི་ཐུགས་ཀ་ནས་ཁྲོ་བོ་ཁྲོ་མོ་ཁྲ་ཐབས་སྒོ་མ་སྲས་མཆོག་དམ་ཅན་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས་ནས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་བསྒྲལ་བར་བསམ་ཞིང༌། རྡོ་དྲིལ་གསོར་དཀྲོལ་གྱིས། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ༴ །ཕོ་ཉ་ཆེན་པོའི༴ །བདག་ཉིན་ཆེན་མོའི༴ །ས་བདག་རྒྱལ་མོའི༴ །ཁྱི་ཡི་གདོང་ཅན༴ །བསྒྲལ་བར་བྱ་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དུས་གསུམ་སངས་རྒྱས་སྲས་བཞིན་དུ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་

p. 157

དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བཀུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང༌། །ལུས་ངག་ཕྱེ་མར་མཛད་ནས་ཀྱང༌། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལྃ། ཧཱུྃ་ལྃ། སྟམྦྷ་ནི་མོ་ཧཾ་གྷ་ཏ་ཡ་བྷ་ག་ཝཱན྄་ཧྲཱིཿཥ་ཏྲཱིཿབི་ཀྲྀ་བཛྲ་ཧཱུྃ་ཀ་ར་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕཊ། ཁ་ཏྃ་ཁ་ཏྃ་ཁ་ཏྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱ་ཧཱ། ཧཱུྃ་ཧཱུྃ། ཕཊ་ཕཊ། རཀྟའི་མཆོད་པ་ནི། དགྲ་བགེགས་བསྒྲལ་བའི་ཤ་རུས་ཀྱིས་མཆོད་པར་བསམས་ལ། ཌ་དྲིལ། ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་རྣམས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་ས་མ་ཡ་རཀྟ་ས་མུ་དྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲྀ་ད་ཡ་པི་པ་ཐ་ཧཱུྃ་ཕཊ། ཁམས་གསུམ་ཡོངས་སྒྲོལ་གྱི་མཆོད་པ་ནི། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང༌། །གདུལ་དཀའ་མཐའ་དག་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །དམར་གྱི་མཆོད་པ་རྒྱ་མཚོར་བསྐྱིལ། །འཁོར་བའི་དྲྭ་བ་གཅོད་པའི་ཕྱིར། །འཁོར་གྱི་ཕྲ་མེན་ཚོགས་རྣམས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་རུ་དྷི་ར་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་མ་ཏ་ཀ་ཁཱ་ཧི། མ་ཧཱ་ཨསྠི་ཁཱ་ཧི། དེ་ཐམས་ཅད་ལ་གཏོར་མའི་སྟེང་དུ་རཀྟ་སྦྲེང༌། རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་ལྗགས་ལས་བྱུང་བའི་འོད་ཀྱི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿཤྲཱི་ཧེ་རུ་ཀ་ཨི་དཾ་པུཥྤཾ། དྷཱུ་པཾ། དཱི་པཾཾ། གནྡྷཾ། བ་ལིནྟ་པྲ་ཏཱིཙྪ་ཧོ། གྲྀཧྞ་ཁཱ་ཧི། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་འདི་གསུམ་

p. 158

མམ་བདུན་གྱི་གཏོར་མ་ཕུལ། བསྟོད་པ་ནི། རྡོ་རྗེ་ཕྱག་འཚལ་བའི་ཚུལ་དང་དྲིལ་བུ་གསིལ། དགོད་དང་གཤེ་དང་འཇིགས་སུ་རུང་བ་དང༌། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །གར་དགུས་རོལ་མཛད་རྡོ་རྗེ་གཞོན་ནུའི་སྐུ། །ཨེ་ཀ་ཛ་ཊཱི་གུ་ཧྱ་གསང་བའི་ཡུམ། །ཧཱུྃ་མཛད་སྒྲ་འབྱིན་ཕག་དང་རྨིགས་བུའི་མགོ །རྣམ་རྒྱལ་སྒེག་མོ་སྟག་དང་བྱ་རྒོད་མགོ །དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ །མི་གཡོག་ཏུན་ཁུང་གཟིག་དང་ཁྭ་ཏའི་མགོ །རྟ་མགྲིན་གཏུམ་མོ་བྱི་ལ་ཕུ་ཤུད་མགོ །གཞན་གྱིས་མི་ཐུབ་མདའ་སྙེམས་སྤྱང་ཁྲའི་མགོ །འཁྱིལ་པ་སྒྲ་མཛད་སེང་གེ་ཕ་ཝཾ་མགོ །ཁམས་གསུམ་གསོད་མ་དྲེད་དང་སྦྲེ་མང་མགོ །སྟོབས་ཆེན་རིགས་བྱེད་དོམ་དང་བྱི་བའི་མགོ །གནོད་སྦྱིན་འཇིགས་མ་བདུད་རྩི་གསོད་བྱེད་མ། །དངོས་གྲུབ་མཆོག་སྩོལ་ཡེ་ཤེས་ཆེན་མོའི་དངོས། །དཀྱིལ་འཁོར་ཆེན་པོའི་བཀའ་སྲུང་དམ་ཅན་ཚོགས། །ཕྲིན་ལས་བཞི་སྒྲུབ་དམ་ཚིག་རྗེས་གཅོད་པའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །རིགས་ལྔ་ཁྲོ་བཅུ་སྒོ་མ་རྣམ་པ་བཞི། །བགེགས་འདུལ་བྱང་ཆུབ་སེམས་ཀྱི་དངོས་ལ་བསྟོད། །འཛབ་མཆོད་ནི། བཟླས་པའི་སྐབས་སུ། ཧཱུྃ་བཛྲ་ཛྙཱ་ན་ཀཱི་ལི་ཀཱི་ལ་ཡ། ཞེས་བརྗོད་དུས། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའ་ལས་དེ་དང་འདྲ་བ་ཡུམ་མེད་ཅིག་མདུན་དུ་བྱེ་ནས་རང་ལ་ཞལ་བྱོན་པར་བཞུགས། ཛྙཱ་ན་སཏྭ་ཨེ་ཏྲི་ཀོ་ཎ་བི་མཱ་ན་པྃ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡ་མཎྜ་ལ། ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། བརྗོད་དུས། རང་གི་སྙིང་གར་གྲུ་གསུམ་མཐིང་ནག་གི་དབུས་སུ་པདྨ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲ་ཡུམ་མེད་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ། རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ཧཱུྃ་སྔོན་པོ་ཡུངས་འབྲུ་ཙམ་གྱི་མཐར་ཀཱི་ལ་ཡའི་སྔགས་ཁ་དོག་སྔོན་པོ་སྐྲ་ཤད་ཀྱིས་བྲིས་པ་ལྟ་བུ་གཡས་སྐོར་དུ་བསམས་ནས། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །དབང་ཕྱུག་ཕོ་མོ་བསྣོལ་བའི་

p. 159

གདན་སྟེང་ན། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྐུ་མདོག་མཐིང་ནག་འཇིགས་པའི་སྐུར་སྟོན་པ། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད། །འཁོར་གྱི་ཕྲ་མེན་ཕོ་ཉའི་ཚོགས་ལ་སོགས། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །དྲག་པོ་རང་བྱུང་དབང་དང་དངོས་གྲུབ་སྩོལ། །རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་སྔགས་ཕྲེང་ཁ་དོག་སྔོན་པོ་འོད་ཟེར་དམར་པོ་འཕྲོ་བ་ལྕགས་སྒྲོག་སྦྲེལ་བ་ལྟ་བུ་རྡོ་རྗེའི་དབུས་རྭ་ནས་བྱུང༌། ཡེ་ཤེས་སེམས་དཔའ་དང་རང་གི་སྣ་བུག་གཡས་ནས་ཕྱིར་ཐོན། མདུན་གྱི་སེམས་དཔའི་སྣ་བུག་གཡོན་ནས་ཞུགས་དེའི་ཐུགས་ཀའི་ཧཱུྃ་ལ་ཐིམ། ཡང་དེ་ལས་སྔགས་ཕྲེང་བྱུང༌། མདུན་གྱི་སྣ་བུག་གཡས་ནས་ཐོན། རང་དང་ཡེ་ཤེས་སེམས་དཔའི་སྣ་བུག་གཡོན་ནས་ཞུགས། རྡོ་རྗེའི་དབུས་རྭ་ནས་སོང༌། རང་གི་སྙིང་གའི་ཧཱུྃ་ལ་ཐིམ་པར་བསམ། སྔགས་ཕྲེང་ཕྱིར་འགྲོ་དུས་དེ་ལས་རྡོ་རྗེ་གཞོན་ནུའི་སྐུ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་བགེགས་དང་བར་ཆད་ཐམས་ཅད་ཞི་བར་བྱས། སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གྱུར། སྔགས་ཕྲེང་ནང་དུ་འོང་དུས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ཐམས་ཅད་ཀྱི་བྱིན་རླབས་རྡོ་རྗེ་གཞོན་ནུའི་སྐུར་བྱོན་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས། རང་གིས་སྔགས་བརྗོད་པའི་ཚེ་གོང་དུ། བཅོམ་ལྡན་རྡོ་རྗེ་གཞོན་ནུ་སོགས་ཀྱིས་སྤྱན་དྲངས་པས། མདུན་གྱི་བསྒྲུབ་པའི་དཀྱིལ་འཁོར་བླ་མ་ཡི་དམ་ནམ་མཁའ་གང་བར་བཞུགས་པ་རྣམས་དང༌། སེམས་ཅན་ཡི་དམ་གྱི་སྐུར་གྱུར་པ་ཐམས་ཅད་ཀྱིས་རང་གི་སྔགས་བཟླ་གྲོགས་བྱེད་པར་བསམ་ཞིང༌། སྔགས་ཕྲེང་རྒྱུན་མི་འཆད་པར་འཁོར་བ་ལ་སེམས་གཏད་པ་ནི་མན་ངག་དམ་པ་ཡིན་པས་འདིའི་ངང་ནས་ཀཱི་ལ་ཡ་ཁོ་ནར་གྲངས་གཟུང༌། གཞན་ཡང་དམིགས་པའི་རྣམ་གྲངས་རྣམས་རྣམ་བཤད་ཆེན་མོ་ན་ཡོད་དོ། །བཟླས་འཕྲོ་འཇོག་པ་ན། ཨོཾ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅི་རིགས་པ་དང༌། མ་རཀྨོ་ཡཀྨོ། ཀཱ་ལ་རཱུ་བ་སྙིང་རྩ་ལ་ཡཾ་ཡཾ། སྲོག་རྩ་ལ་ཡཾ་ཡཾ། སྙིང་ལ་ཁྲིལ་ཁྲིལ། སྲོག་ལ་ཆུམས་ཆུམས། ཙིཏྟ་སྲོག་ལ་ཏུམ་ཏུམ། ཐུཾ་རིལ་རིལ། སྙིང་

p. 160

ཁྲག་སྲོག་ལ་ཤན་ཤན། སྙིང་ཚག་ཚག འུར་འུར། ཤིག་ཤིག གུལ་གུལ། ཉག་ཉག སོད་སོད། དྷ་ཏི་མ་མ་ཤྲཱི་གྷྲཾ། ཀརྨ་ཀ་ར་མཱ་ར་སེ་ན། པྲ་མརྡྷ་ནི་ཧཱུྃ་ཕཊ། བཞི་སྙིང་གཅིག་ཏུ་དྲིལ་བ་ཅུང་ཟད་བཟླས་ལ། ལག་པ་ཐལ་མོ་སྦྱར་བའི་བར་དུ་ཕྲེང་བ་བཅུག་ནས་ཁ་རླངས་ཕོག་པ་བྱས་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ལ་ཕྲེང་བ་སྤྱི་བོར་འཇོག མདུན་གྱི་ཡེ་ཤེས་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། དེ་ནས་སྒེག་ཕྲེང་སོགས་ཀྱི་སྔགས་ལ་ཌ་དྲིལ་བཅས་ཕྱི་མཆོད་དང༌། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཀ་པཱ་ལ་བནྡྷ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནང་མཆོད་ཕུལ་ནས། རྡོ་རྗེ་ཕྱག་འཚལ་བའི་ཚུལ་དང་དྲིལ་བུ་གསིལ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །མི་བཟད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་ཐུགས་མཆོག་ཡཀྵ་ཧེ་རུ་ཀ །ཡེ་ཤེས་ཁྲོ་བོ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་དང༌། འདི་ནི་བསྙེན་པའི་སྐབས་ལྟར་ཡིན་ལ། གཏོར་བསྔོའི་བདག་བསྐྱེད་སོགས་རྒྱུན་པ་ལྟར་ན། བདེ་བར་གཤེགས་པ་ནས། ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་གྱི་རྗེས་སུ། མདུན་གྱི་ནས་ལྡན་པར་གྱུར་བར། ལྷ་ཚོགས་ནས་སྩོལ་བར་བརྗོད་ལ་གཏོར་བསྔོ་སོགས་ལ་འཇུག་གོ །ལྷ་ཚོགས་འཁོར་བཅས་མ་ལུས་ཀུན། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །

p. 161

གདུག་པའི་དགྲ་བགེགས་སྒྲོལ་བ་དང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །དེ་ནས་གུར་ཞལ་སོགས་ཆོས་སྐྱོང་ལ་གཏོར་མ་སྔར་ནས་འབུལ་བཞིན་པ་ཡིན་ན་འདིར་འབུལ། ཡང་ན་ཐུན་དང་པོ་རྣམས་ལ་དཀར་བདུད་དམ་ཅན་རྣམས་ལ་འབུལ་ཙམ་གྱིས་ཆོག་པས། དེ་དག་གི་གཏོར་མ་དཀར་མོ་ལ་ཟླུམ་གཏོར་དཀར་པོ། བདུད་རྒྱལ་ཕུར་སྲུང་ལ་དམར་གཏོར་གྲུ་གསུམ་རེ་བཤམས་ལ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་སོགས་ཀྱིས་བསང༌། རང་གི་ཐུགས་ཀ་ནས་རྃ་དམར་པོ་སྤྲོས་པ་གཏོར་མའི་སྣོད་ལ་རེག་པས་མི་གཙང་བ་བསྲེགས་སོགས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་བཀུག་ནས་བསྟིམས་པར་གོང་བཞིན། འོག་གི་གཏོར་མ་དང་འདྲེས་པས་ཁ་དོག་དྲི་རོ་སོགས་ནས་གྱུར་བར་ཡང་གོང་བཞིན། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། མདུན་གྱི་ནམ་མཁའི་གནས་སུ་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་བྷྱོཿདཀར་པོ་ཡོངས་སུ་གྱུར་པ་ལས། དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་པས་རི་རབ་བསྒོངས་རྡོར་འཕེན་ཅིང༌། གཡོན་པས་གླིང་བཞི་བྱོ་ལྡོག་ཏུ་མཛད་པ། ཉི་ཟླ་བརྒྱ་ཡིས་དབུ་ལ་བརྒྱན་ཅིང༌། ཉི་ཟླ་དགུ་བརྒྱས་དོ་ཤལ་བྱས་པ། རིན་པོ་ཆེའི་རྒྱན་དང་དར་དཀར་པོའི་ན་བཟའ་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དེའི་གཡོན་དུ་རྟ་ནག་པོའི་སྟེང་དུ་ཧཱུྃ་ལས་བདུད་ཀྱི་རྒྱལ་པོ་ཐོད་པའི་ཕྲེང་བ་ཅན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ཕྱག་གཡས་པས་བ་དན་ནག་པོ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་རུས་ཕྲེང་ཕྱར་ཐབས་སུ་འཛིན་པ། དར་ནག་གི་ན་བཟའ་ཅན། མི་མགོའི་ཕྲེང་བ་དང་སྦྲུལ་གྱིས་བརྒྱན་པ། འཁོར་འཆི་བདག་ནག་པོ་རང་དང་འདྲ་བ་བརྒྱད་ཀྱིས་བསྐོར་བ། གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དཀར་མོ་ཉི་ཟླ་

p. 162

དང་བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ རྡོ་རྗེ་གཡབ་དྲིལ་བུ་གསིལ། བྷྱོཿ ཆེ་བའི་ཆེ་མཆོག་གསང་བའི་གཟུངས། །ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན། །སྲོག་བདག་བདུད་ཀྱི་རྒྱལ་པོ་ཡང༌། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷིཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔའ་རེ་རེས་དབུ་བརྒྱན། དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། བཛྲ་ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ དཀར་མོ་ཉི་ཟླ་དང་བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུའང་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པ་རྣམས་དང༌། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཚར་གཅད་པ་དང༌། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་མཐར་སེ་གོལ་དང༌། ཨོཾ་བཛྲ་ཤཱནྟིཾ་པདྨ་ཀུརྟིང་བྷྱོཿ ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་གསུམ་མམ་ལྔས་གཏོར་མ་ཕུལ། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། བ་ཤཾ་ཀུ་རུ། དཀར་མོ་ཉི་ཟླ་དང༌། བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་པས་ནང་མཆོད་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ཀྱི་བར་ཆད་

p. 163

ཐམས་ཅད་ཞི་བ་དང༌། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་དོན་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་རླབས་དྲན་པར་བྱས། རྡོ་རྗེ་གཡབ་དྲིལ་བུ་གསིལ། ཧཱུྃ་བྷྱོཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཕུར་པའི་སྲུང་མར་ཞལ་བཞེས་པ། །བདག་ཉིད་ཆེན་མོ་ཤྭ་ན་བསེ་མོའི་ཚོགས། །དཔལ་གྱི་ཕོ་ཉ་མཐུ་རྩལ་རྫུ་འཕྲུལ་ཅན། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷ་དྷི་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་མཱ་ར་སེ་ན་པྲ་མརྡྷ་ནི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཡང་ས་པ་རི་ཝཱ་ར་ཡན་གྱི་རྗེས་སུ། ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་ལྔས་གཏོར་མ་ཕུལ་ལ་ནང་མཆོད་གཏོར་ཞིང༌། ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བདག་ཉིད་མ་བཞི། ཤྭ་ན་མ་བཞི། ས་བདག་མ་བཞི་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། བླ་མ་དམ་པ་རྣམས་ཀྱི་སོགས་ཕྲིན་ལས་གོང་བཞིན་བཅོལ་ལོ། །བསྟོད་པ་ནི། རྡོ་རྗེ་ཕྱག་འཚལ་བའི་ཚུལ་དང་དྲིལ་བུ་གསིལ། བྷྱོཿ དཔལ་ལྡན་དཀར་མོ་ཆེན་མོ་ནི། །སྔོན་ཚེ་ཆེ་མཆོག་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དེ་བཞིན་དུ། །བདུད་དང་མུ་སྟེགས་འདུལ་བ་དང༌། །དགྲ་བགེགས་ཐམས་ཅད་བསྒྲལ་བ་དང༌། །སྒྲུབ་པོ་འཁོར་བཅས་བསྲུང་བ་དང༌། །བསམ་པ་ཐམས་ཅད་བསྒྲུབ་པ་དང༌། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། སྔོན་ཚེ་བདུད་ཀུན་གྱི་ནི་བདག་པོ་ཆེ། །ཤིན་ཏུ་མི་བཟད་རྡོ་རྗེ་ཁྲག་འཐུང་གི། །སྤྱན་སྔར་དམ་བཅས་བདུད་རྒྱལ་ཐོད་ཕྲེང་ཅན། །མཐུ་རྩལ་རྨད་བྱུང་ནག་པོ་ཆེ་ལ་བསྟོད། །ཧཱུྃ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཕུར་པའི་སྲུང་མར་ཞལ་བཞེས་པ། །བདག་ཉིད་ཆེན་མོ་ཤྭ་ན་བསེ་མོའི་ཚོགས། །དཔལ་གྱི་ཕོ་ཉ་མཐུ་རྩལ་རྫུ་འཕྲུལ་ཅན། །དམ་ཅན་མ་མོ་སྡེ་གསུམ་མཆེད་བཅུ་གཉིས། །རྣམ་ལྔ་རྒྱན་གྱི་གཏོར་མ་འདི་བཞེས་ལ། །མ་སྲིང་མཛའ་མོའི་ཚུལ་གྱིས་གྲོགས་མཛོད་ཅིག །ཐུགས་དམ་རྗེས་དགོངས་བཅོལ་པའི་ཕྲིན་

p. 164

ལས་མཛོད། །ཐུན་ཐ་མའི་མཇུག་ཏུ་ཡི་དམ་ཀྱེ་རྡོར་སོགས་དང་ལྷན་ཅིག་གཏོར་མ་འབུལ་ན། གཏོར་མ་བྱིན་རླབས་ཀྱེ་རྡོར་བཞིན་བྱས་པས་ཆོག་གི། གཞན་བྱིན་རླབས་ཟུར་དུ་མི་དགོས། ཡེ་ཤེས་ལྔ་ལྡན་རིགས་ལྔ་བདེ་བར་གཤེགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །འཁོར་ལོ་རབ་བསྐོར་ཞི་ཁྲོའི་སྐུར་སྟོན་པ། །ཐུགས་དམ་བཞིན་དུ་བདག་ལ་བརྩེར་དགོངས་ནས། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དངོས་གྲུབ་བླང༌། ཡི་གེ་བརྒྱ་པ་ཚར་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ལྷག་ཆད་ཁ་བསྐངས་ནས་རྟེན་ཡོད་པ་རྣམས་ལ་བརྟན་བཞུགས། མེད་པ་ལ་གཤེགས་གསོལ་རྣམས་སྤྱི་དང་མཐུན་པ་བྱ་ཞིང༌། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཀྲོ་དྷ་རཀྵ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་བ་ཙེ་ཧཱུྃ་ཕཊ། ལུས་བསྲུང་ཞིང་གོ་ཆ་བགོ །དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་བཅོམ་ནས། །རྡོ་རྗེ་གཞོན་ནུ་མྱ་ངན་འདས་པ་ཡི། །འབྲས་བུ་བྱང་ཆུབ་ངེས་པར་འགྲུབ་གྱུར་ཅིག །སོགས་ཀྱིས་བསྔོ་བ་དང༌། སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུར་སྤྲུལ་པ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི། །སྐྱེ་ཤི་མེད་པ་དོན་གྱི་བཀྲ་ཤིས་ཤོག །སོགས་ཀྱི་བཀྲ་ཤིས་རྣམས་སྐབས་དང་སྦྱར་ལ་བྱའོ། །ཐུན་ཐ་མ་ལ་སྲུང་མ་རྣམས་ཀྱི་གཏོར་མ་ཕུལ་རྗེས་བསྟོད་པ་བྱས་ལ་མགྱོགས་གཏོར་ཕུལ་ནས། ཡེ་ཤེས་ལྔ་ལྡན་མན་ཆད་བྱ་ཞིང༌། དུས་རྒྱུན་དུ་བསྙེན་པ་བྱེད་ཚུལ་འདི་ཙམ་གྱིས་ཆོག་ལ་སྐབས་སུ་དུས་བཟང་བ་རྣམས་དང་བསྙེན་པ་ཐོན་རྗེས་ཚོགས་བསྡུས་པ་ནི། ཨོཾ་བཛྲ་ཀྲོ་དྷ་སོགས་དང༌། རང་གི་ཐུགས་ཀ་ནས་རྃ་དམར་པོ་སྤྲོས་པའི་མེས་ཚོགས་ཀྱི་སྣོད་ལ་རེག་པས་མི་གཙང་བ་བསྲེགས། ཞེས་སོགས་ཀྱིས་སྨན་དང་གཏོར་མ་བྱིན་རླབས་ཀྱི་སྐབས་བཞིན་ལ། འོག་གི་ཚོགས་དང་འདྲེས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ཚོགས་ཞིང་སྤྱན་དྲངས་ཤིང་ཚོགས་འབུལ་བའི་ཚིག་ནི། དམིགས་མེད་མཁའ་ལྟར་

p. 165

དག་ཅིང་ཁྱབ་པའི་སྐུ། །སྤྱན་དྲངས་གཤེགས་སུ་གསོལ་བར་མི་དམིགས་ཀྱང༌། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཏེ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ས་པ་རི་ཝཱ་ར་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ། གཟུགས་ཀྱི་མཆོད་པ་ཁྱད་པར་ཆེ། །སྒྲ་ཡི་མཆོད་པ་ཡིད་འོང་ལྡན། །དྲི་ཡི་མཆོད་པས་ཚིམ་པར་བྱེད། །རོ་ཡི་མཆོད་པ་བདེ་མཆོག་ལྡན། །རེག་བྱའི་མཆོད་པ་བླ་ན་མེད། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལས་རྒྱས་པར་འབུལ། །བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་ཨི་དཾ་པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། བ་ལིཾ་ཏ་པྲ་ཏཱིཙྪ་ཧོ། གྲྀཧྞ་ཁཱ་ཧི། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད། བཤགས་པ་ནི། ལུས་ཀྱིས་སྡིག་པ་བགྱིས་པ་མངོན་སུམ་དུ། །ངག་གིས་ཚིག་འཁྱལ་སྨྲས་པ་ངག་ཏུ་བརྗོད། །སེམས་ཀྱིས་བློ་ནོར་ལོག་པར་བསམ་པ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །བཀྲ་བའི་ལྷ་ཚོགས་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༌། །དེ་ཡི་འཁོར་དུ་གཏོགས་པའི་དམ་ཅན་རྣམས། །མི་ཡི་སྐྱོན་མཐོང་ཙམ་ན་བརླག་པར་མཛད། །ཆགས་ཉམས་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས། །མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཕྱག་ལེན་ལ་མཚམས་འདིར་སྤྱི་བསྟབ་དང་བསྟན་སྐྱོང་མཛད་པས། བསྟན་སྐྱོང་ནི། ཧོཿ བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་དཔལ་ཆེན་པོའི་ཕབ་འབབ་ལ་མནོས་ཏེ་རྣལ་འབྱོར་པའི་སྟོང་དང་གྲོགས་ལ། ནག་མོ་བཞིན་མི་སྡུག་པའི་བུ་མོ་བདུད་མོ་ཆེན་མོ་བཞི་དང༌། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་ཆེན་མོ་བཞི་དང༌། དཀར་ཤམ་བཞིན་བཟང་གི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི་རྣམས་སྔོན་གྱི་ཐུགས་

p. 166

དམ་ལས་མ་འདའ་བར་འདིར་གཤེགས་ཤིག ཛཿཧཱུྃ་བཾ་ཧོཿ ཌཱ་ཀི་ནཱི་ཧཱུྃ་ཛཿ ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་བྷྱོཿ བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་བསྟན་མ་སྐྱོང་མ་རྣམས། །འདིར་བྱོན་དམ་དགོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་པའི། །བདུད་མོ་ཆེན་མོ་མཆེད་བཞི་དང༌། །ཁ་རག་ཁྱུང་བཙུན་ལ་སོགས་པའི། །གནོད་སྦྱིན་ཆེན་མོ་མཆེད་བཞི་དང༌། །ཀོང་བཙུན་དེ་མོ་ལ་སོགས་པའི། །སྨན་བཙུན་ཆེན་མོ་མཆེད་བཞི་རྣམས། །བྲན་གཡོག་མང་པོའི་ཚོགས་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །བར་ཆད་རྐྱེན་རྣམས་བཟློག་པ་དང༌། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །ཅེས་བརྗོད་ལ། ཡ་ཧི་གཙྪ། ཞེས་པས་གཤེགས་སུ་གསོལ། ཚོགས་ཀྱི་ལྷག་མ་རྣམས་བསྡུས་ལ། ལྷག་མ་ཟ་བའི་བྱེ་བྲག་ཕོ་ཉ་ཕྲ་མེན་མ། འབར་མ། དབང་ཕྱུག་མ། མ་བདུན། སྲིང་བཞི་སོགས་ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྣམས་བློས་བཀུག་ལ་མཆོད་པར་བསམ་ཞིང༌། བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྤྲུལ་པའི་ཕོ་ཉ་དཔག་ཡས་ལ། །གྲུབ་པ་གསང་བ་འབར་མའི་ཚོགས། །ཚུར་གཤེགས་གཏོར་མ་འདི་བཞེས་ལ། །རྡོ་རྗེ་ལྕམ་དྲལ་བསྲུང་བ་དང༌། །རྐྱེན་ལས་བྱུང་བའི་དགྲ་བོ་རྣམས། །ཡུད་ཙམ་གྱིས་ནི་མེད་པར་མཛོད། །ཅེས་བརྗོད་ཅིང་དམར་གྱི་ཨརྒྷཾ་སྦྲེང༌། དེ་ནས་རྡོ་རྗེའི་འགྲོས་ཀྱིས་ཕྱིར་ནུར་ལ་དཔལ་གྱི་མཁའ་འགྲོ་མ་རྣམས་སྤྱན་དྲངས་ཤིང་མཆོད་པར་བྱ་སྟེ། དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་གྱི། །ཕོ་ཉ་འཇིག་རྟེན་འཇིག་རྟེན་འདས། །དེ་ཡི་བཀའ་ཉན་ཕོ་ཉའི་ཚོགས། །ཕྱོགས་བཅུ་དག་ནས་གཤེགས་སུ་གསོལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །མཆོད་པ་དམ་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་ཕྲ་མེན་ཚོགས་དང་བཅས། །འབར་མ་ཆེན་མོ་ཁྱེད་རྣམས་ཀྱང༌། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧཱུྃ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨོཾ། ཨོཾ་རཏྣ་ཌཱ་

p. 167

ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏྲཱྃ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧྲཱིཿ ཨོཾ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨཱཿ ཞེས་པས་གཙོ་བོ་བརྒྱད་ལ་གཏོར་མ་བྱིན། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་པས་ལྷག་མ་ལ་ཁ་ཆུས་བཏབ་ལ། བསྔོ་བ་ནི། ཁྲོ་རྒྱལ་དཔལ་གྱི་ཕོ་ཉ་མོ། །མ་མོ་བདུན་དང་སྲིང་མོ་བཞི། །དཔལ་ལྡན་ལྷ་མོ་རེ་མ་ཏཱི། །བདུད་འདུལ་ནག་མོ་མཆེད་བཞི་ཡང༌། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཤིག །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །སརྦ་ཨཱ་ན་ཡ་ཧཱུྃ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ། ཅེས་བརྗོད། བསྙེན་པའི་ཚད་ནི་སྟོད་ལས་བྱང་ཆུབ་སྒྲུབ་པ་ལ་ནི་ཚད་མེད་ལ། སྨད་ལས་དགྲ་བགེགས་སྒྲོལ་བའི་དབང་དུ་བྱས་ན་ཀཱི་ལ་ཡ་ལ་ཡི་གེ་སྲོག་ཅན་བཅུ་དྲུག་ཡོད་པས་འབྲུ་འབུམ་གྱིས་འབུམ་ཕྲག་བཅུ་དྲུག དེའི་ཁ་སྐོང་ཁྲི་ཚོ་བཅུ་དྲུག སྟོང་ཕྲག་བཅུ་དྲུག་རྣམས་བཟླས་ནས་བསྙེན་པའི་མཐར་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་སྤྱི་དང་མཐུན་ཞིང༌། གྲངས་ནི་རྫས་ཏིལ་ལམ་ཡུངས་ཀར་གང་རུང་དང༌། སྔགས་ཀཱི་ལ་ཡ་ཁོ་ན་ལ་གྲངས་བཟུང་ནས་སྐབས་སུ། སྔགས་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་ཅན་ཅི་རིགས་བྱ། བསྙེན་པའི་དུས་ཀྱང་ཀཱི་ལ་ཡ་ཁོ་ན་ལ་སྔགས་ཀྱི་གྲངས་བཟུང་བས་ཆོག་གི་གཞན་ཡུམ་དང་འཁོར་རྣམས་ལ་བསྙེན་པ་ཟུར་དུ་མི་དགོས་པར་ཕུར་པའི་ཡི་གེ་རྙིང་པ་ལས་བཤད་པས་ཕྱག་ལེན་ཡང་གོང་དུ་བཀོད་པའི་འདི་ཁོ་ན་ལ་མཛད་པ་བཞིན་ཡིད་གཉིས་ཐེ་ཚོམ་མི་ཟ་བའི་ཚུལ་གྱིས་སྒྲུབ་པ་ལ་ཞུགས་ན། ཡི་དམ་འདི་ཉིད་ཕྲིན་ལས་ཀྱི་ལྷ་ཡིན་པས་སྒྲུབ་ཐག་ཉེ་ཞིང༌། ཁྱད་པར་བཀའ་སྲོལ་བརྒྱུད་པ་རྣམས་ལ་བསྙེན་སྒྲུབ་ཀྱི་དུས་བར་ཆད་མི་འབྱུང་བ་མྱོང་བས་གྲུབ་ཅིང༌། དེའང་བླ་མ་རྣམས་ཀྱིས་བྱིན་རླབས་ཀྱི་རྟགས་མཚན་ཐོབ་པ་ཤ་སྟག་ཡིན་པས་འདི་ལྟ་བུའི་བསྙེན་སྒྲུབ་མཐར་ཕྱིན་ན་གནས་སྐབས་སུ་ཡི་དམ་གཞན་གྱིའང་གེགས་སེལ་བོགས་འདོན་དུ་འགྱུར་བས་མཐར་ཐུག་བསླུ་བ་མེད་པ་རྡོ་རྗེ་འཆང་ལྔའི་སྐུ་རང་བཞིན་དུ་ངེས་པར་འགྱུར་རོ། །མ་

p. 168

ནོར་བརྒྱུད་པ་གཉིས་ལས་ལེགས་འོངས་པའི། །ཤིན་ཏུ་ཟབ་པའི་མན་ངག་གནད་འདི་དག །སྙིགས་དུས་བློ་དམན་རྣམས་ཀྱི་ཡུལ་མིན་ཡང༌། །གཞན་ལ་ཕན་པའི་སེམས་ཀྱིས་འདི་བྲིས་པའི། །དགེ་བ་དྲི་མེད་གང་དེས་སྐྱེ་བོ་ཀུན། །འཁྲུལ་མེད་དམ་པའི་རྗེས་སུ་རབ་ཞུགས་ཏེ། །ཡང་དག་ལམ་ལ་བརྩོན་པ་ལྷུར་བླངས་ནས། །དཔལ་ལྡན་ཀུན་ཏུ་བཟང་པོ་ཉིད་གྱུར་ཅིག །ཅེས་པ་འདི་ནི་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་བྱེད་ཚུལ་ཡི་གེ་རྙིང་མ་རྣམས་སུ་ཅུང་ཟད་མི་གསལ་བ་གསལ་བར་བྱ་བའི་ཕྱིར་བླ་མའི་མན་ངག་གིས་བརྒྱན་ཏེ། མིའི་དབང་པོ་སྒྲོལ་མ་རབ་བརྟན་དཔལ་བཟང་པོའི་བཀས་བསྐུལ་བ་བཞིན། དཔལ་ས་སྐྱ་པཎྜི་ཏ་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་སྒྲོལ་བྱེད་ཀྱི་ལོ་ནག་པ་ཟླ་བའི་མཁའ་འགྲོ་འདུ་བའི་དུས་ཉི་ཤུ་ལྔ་ལ་དཔལ་སྣར་ཐང་གི་གཙུག་ལག་ཁང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་རྣམ་དཔྱོད་དང་ལྡན་པ་ཟླ་བ་གྲགས་པས་བྲིས་པའོ། །ཨི་དཾ་སརྦ་སཏྭ་སྱ་ཧི་ཏོ་བྷ་ཝནྟུ། ཞེས་ས་ལོ་ཆེན་པོ་འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་གསུང་རབ་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོས་མཆན་གནང་བ་དེ་བཞིན། གོང་གི་རིགས་དབོན་གྱི་ཐ་ཤལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ལས་དང་པོ་པ་རྣམས་ཀྱིས་རྟོགས་སླ་བའི་ཆེད་ནག་འགྲོས་སུ་ལུགས་འདི་ལ་མཁོ་ཞིང་ཕྱག་ལེན་མཛད་པ་རྣམས་གོང་མཁུ་དབོན་ཡང་དབོན་རྣམས་ཀྱི་གསུང་རབ་ལས་བཏུས་ནས་ཕན་པའི་ལྷག་བསམ་རྣམ་པར་དག་པས་སྦྱར་བའོ།། ༈ །རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་ངེས་དོན་ཐིག་ལེ་བཞུགས་སོ། །ན་མོ་བཛྲ་ཀཱི་ལཱ་ཡ། འོད་གསལ་དབྱིངས་ལས་མ་གཡོས་ཀྱང༌། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུ། །བླ་མ་རྡོ་རྗེ་གཞོན་ནུ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་བྲི། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི། །སྒྲུབ་ཐབས་ཤིན་ཏུ་བསྡུས་པ་ནི། །འཁྲུལ་ཟད་སྔགས་འཆང་ཡབ་སྲས་ཀྱིས། །ཕྱག་ལེན་མཛད་པ་འདི་

p. 169

ལྟར་རོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཨོཾ་མ་ཧཱ་ཤཱུ་ནྱཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །སྲོག་གི་སྒོ་རུ་ཤར་བ་དང༌། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཧཱུྃ་རྃ་ཡྃ་ཁྃ་སྥ་ར་ཎ་ཕཊ། ཧཱུྃ་ལས་རྃ་ཆད་སྣོད་བཅུད་ཀྱི་འཇིག་རྟེན་བསྲེགས། ཡྃ་སྤྲོས་པས་རླུང་གིས་གཏོར། ཁྃ་སྤྲོས་པས་ཆུས་བཀྲུས་སྐྱོན་ཐམས་ཅད་དག་པར་བྱས། ཨེ་ཡྃ་ཝྃ་རྃ་ལྃ་རྃ་ཀེཾ་ཨེ་སྥ་ར་ཎ་ཕཊ྄། ཧཱུྃ་ལས་ཡི་གེ་དེ་དག་འཕྲོས་པས་རྟེན་གྱི་དཀྱིལ་འཁོར་དུ་གྱུར། ཨེ་ལས་མཁའ་དབྱིངས་དག་པ་ནམ་མཁའི་དཀྱིལ། །ཡྃ་ལས་རླུང་ཆེན་རྒྱ་གྲམ་སྲ་ཞིང་བརྟན། །དེ་སྟེང་ཝྃ་ལས་བྱུང་བའི་ཆུ་དཀྱིལ་དཀར། །རྃ་ལས་མེ་བྱུང་བསྐྱོད་པ་དེ་ཡི་ཕྱེད། །ལྃ་ལས་ས་ཡི་དཀྱིལ་འཁོར་བརྟན་པར་གྱུར། །དེ་སྟེང་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས། །དབུས་སུ་ཀེཾ་རུས་རི་རབ་བརྩེགས་པའི་སྟེང༌། །གྲུ་གསུམ་མཐིང་ནག་མུ་ཁྱུད་རྡོ་རྗེས་སྤྲས། །པྃ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་ཧཱ་དེ་ཝ་ཛཿ ཨུ་མ་དེ་ཝཱི་ཛཿ པདྨ་ཉི་མ་ཟླ་བ་དབང་ཕྱུག་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། རྒྱུ་ཡི་ཏིང་ངེ་འཛིན་གྱི་ཧཱུྃ་བབས་པ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཏེ་འོད་དུ་ཞུ་ནས་རང་རྡོ་རྗེ་གཞོན་ནུའི་སྐུར་གྱུར་བ་ནི། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧ྄ཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། ལན་གསུམ། ཧཱུྃ། གདན་སྟེང་བདག་ཉིད་ཁྲོ་བོའི་རྒྱལ། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང༌། །མེ་དཔུང་འབར་བ་རྩེ་གསུམ་རྣམས། །

p. 170

གཡས་གཡོན་གཉིས་གཉིས་ཕྱག་གིས་བསྣམས། །མཐའ་གཉིས་ཕུར་འདྲིལ་སྐུ་ཆེ་རགས། །མཆེ་གཙིགས་སྤྱན་གསུམ་ཟླུམ་ཞིང་དམར། །རལ་པ་ཁམ་པ་གྱེན་དུ་བརྫེས། །གླང་ལྤགས་ཞིང་ཆེན་གཡང་གཞི་གསོལ། །སྟག་གི་པགས་པའི་འོག་པག་ཅན། །དཀར་དམར་ལྗང་ནག་སྦྲུལ་གྱིས་བརྒྱན། །དབུ་རྒྱན་སེ་རལ་སྐེད་ཆིངས་དང༌། །ཕྱག་དང་ཞབས་རྣམས་རྣམ་པར་སྤྲས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་བྱས། །རཀྟ་ཞག་དང་ཐལ་ཆེན་གྱི། །ཐིག་ལེ་ཟོ་རིས་ཚོམ་བུར་བྲིས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་བཞི་གཡས་བསྐུམས་གཡོན་བརྐྱངས་ནས། །དབང་ཕྱུག་ཁ་སྦུབ་མགོ་བོ་དང༌། །ཨུ་མའི་ནུ་མ་རབ་བརྫིས་ནས། །ཡེ་ཤེས་མེ་ཕུང་དབུས་ན་བཞུགས། རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་སྐྲ་ཉི་ཁྲི་ཆིག་སྟོང་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་ཐམས་ཅད་ཀྱང་རྡོ་རྗེ་གཞོན་ནུ་རང་དང་འདྲ་བས་གོ་མཚམས་མེད་པར་རབ་ཏུ་གཏམས་པར་གྱུར། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོ་རྡོ་རྗེ་བདག་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །བྷྲཱུྃ་བི་མཱ་ན་མ་སཱུརྻ་ཛྙཱ་ན་སཏྭ་ཀྲྀཥྞ་ཤཱུ་ཀ་པཉྩ་བཛྲ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བནྡྷ་ཧཱུྃ་ཕཊ། ཨོཾ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ། །གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ། །གཟིག་གི་པགས་པའི་ཤམ་ཐབས་ཅན། །རུས་པའི་རྒྱན་ལྔས་སྐུ་ལ་བརྒྱན། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྐམ་པོ་ལྔ་བཅུས་དོ་ཤལ་བྱས། །སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱན། །རཏྐ་ཞག་དང་ཐལ་ཆེན་གྱི། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །ཞབས་གཉིས་གཡས་གཡོན་བརྐྱང་བསྐུམ་གྱིས། །ཡབ་ཀྱི་གཡོན་ནས་འཁྱུད་པས་བཞུགས། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །འཁོར་བ་རྡོ་རྗེར་གྲུབ་པར་མཛོད། །ཨོཾ་སྥ་ར་ཎ་ཕཊ་སཾ་ཧ་ར་ཎ་ཧཱུྃ། འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཨོཾ་བཛྲ་ཀཱི་

p. 171

ལི་ཀཱི་ལ་ཡ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ས་མཱ་ཛཿ ཨོཾ་བཛྲ་ཡཀྵི་ཎི་ཧཱུྃ་ཛཿ ཨོཾ་བཛྲ་བྷཻ་ར་བེ་ཧཱུྃ་ཧཱུྃ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་བྃ། ཨོཾ་བཛྲ་མཱ་ར་ཎི་ཧཱུྃ་ཧོཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེ་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་གཏེར་དུ་བདག་བསྐྱེད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༌། །རྡོ་རྗེ་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པ། །གསུང་གི་གཏེར་དུ་བདག་བསྐྱེད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས། །རྡོ་རྗེ་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པ། །ཐུགས་ཀྱི་གཏེར་དུ་བདག་བསྐྱེད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཏྲཱྃ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧྲཱིཿ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཱཿ ཧཱུྃ་བཛྲ་ཛྙཱ་ན་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་སཏྭ་ཨེ་ཏྲི་ཀོ་ན་བི་མཱ་ནཿ པྃ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །དབང་ཕྱུག་ཨུ་མ་བསྣོལ་བའི་གདན་སྟེང་ན། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྐུ་མདོག་མཐིང་ནག་འཇིགས་པའི་རྒྱན་གྱིས་བརྒྱན། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད། །འཁོར་གྱི་ཕྲ་མེན་ཕོ་ཉའི་ཚོགས་ལ་སོགས། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །དྲག་པོ་རང་བྱུང་དབང་དང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། ཇི་ལྟར་རིགས་པའི་མཐར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་

p. 172

ཕྲིན་ལས་ཐམས་ཅད་ཀྱི་སྒོ་ནས་བྱིན་གྱི་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མདུན་གྱི་ཡེ་ཤེས་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ལྷ་ཚོགས་འཁོར་བཅས་མ་ལུས་ཀུན། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །གདུག་པའི་དགྲ་བགེགས་བསྒྲལ་བ་དང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཡེ་ཤེས་ལྔ་ལྡན་རིགས་ལྔ་བདེ་བར་གཤེགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །འཁོར་ལོ་རབ་བསྐོར་ཞི་ཁྲོའི་སྐུར་བསྟན་པ། །ཐུགས་དམ་དབང་གིས་བདག་ལ་བརྩེར་དགོངས་ནས། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧེ་རུ་ཀའི་ཡིག་བརྒྱ་ཚར་གསུམ། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཀྲོ་དྷ་རཀྵ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝ་ཙེ་ཧཱུྃ་ཕཊ། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་བཅོམ་ནས། །རྡོ་རྗེ་གཞོན་ནུ་མྱ་ངན་འདས་པ་ཡི། །འབྲས་བུ་བྱང་ཆུབ་ངེས་པར་འགྲུབ་གྱུར་ཅིག །སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུར་སྤྲུལ་པ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི། །སྐྱེ་འཆི་མེད་པ་དོན་གྱི་བཀྲ་ཤིས་ཤོག །ཅེས་དཔལ་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་ས་ལོ་སྔགས་འཆང་ཡབ་སྲས་ཀྱི་དགོངས་པ་འཁྲུལ་མེད་འདི་ནི་ས་སྐྱ་པ་ཀུན་བློས་ཡོན་ཏན་རྒྱ་མཚོའི་དོན་དུ་བྲིས་པ་དགེ། །།

དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྒྱུན་གྱི་ཉམས་ལེན་བྱ་བའི་རིམ་པ་ཐུགས་ཀྱི་ཐིག་ལེ།

p. 173

དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྒྱུན་གྱི་ཉམས་ལེན་བྱ་བའི་རིམ་པ་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།

p. 174

མི་རྟོག་རྡོ་རྗེས་དངོས་འཛིན་འཇིག །གཞོན་ནུ་སྙིང་རྗེའི་མཚོན་ཆེན་ཐོགས། །ཟུང་དུ་འཇུག་ལ་ཕྱག་བྱས་ནས། །རྒྱུན་གྱི་ཉམས་ལེན་མདོར་བསྡུས་འཆད། །བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡི་དམ་དུ་བྱེད་ཅིང་མངོན་རྟོགས་ཡོངས་རྫོགས་བསྒོམ་པར་མི་ལྕོགས་པ་དག་གིས་ཕྱག་རྒྱ་གཅིག་པ་ལ་རྣལ་འབྱོར་དུ་བྱ་བའི་རིམ་པ་ནི་འདི་ཡིན་ཏེ། ཐོག་མར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རངས། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དགོས་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་རྒྱུན་བཤགས་དང༌། སེམས་ཅན་བདེ་དང་ལྡན་

p. 175

གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བསྒོམ། ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །སྲོག་གི་སྒོ་རུ་ཤར་བ་ན། །སྙིང་གི་གོ་རུ་བསྒོམ་པར་བྱ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་བཞིན་མ་རྟོགས་པའི་སེམས་ཅན་རྣམས་བྱང་ཆུབ་ལ་དགོད་པར་བྱའོ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་སེམས་ཧཱུྃ་ཡིག་མཐིང་ནག་ནམ་མཁའི་ཁམས་སུ་གནས་པར་གྱུར། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ནམ་མཁའི་ཧཱུྃ་ལས་སྤྲོས་པའི་རྃ་ཡྃ་ཁྃ་གིས་སྣོད་བཅུད་ཐམས་ཅད་སྦྱངས། ཨེ་ཡྃ་རྃ་བྃ་ལྃ་རྃ་ཀེཾ་བྷྲཱུྃ་རྣམས་སྤྲོས་པ་ལས་རྟེན་གྱི་དཀྱིལ་འཁོར་གྲུབ་པ་ནི། ཨེ་ཡིག་ནམ་མཁའི་ཁམས་ཀྱི་དབུས་སུ་ཡྃ་ལས་རླུང༌། རྃ་ལས་མེ། བྃ་ལས་ཆུ། ལྃ་ལས་དཀྱིལ་འཁོར་རྣམས་བརྩེགས་པའི་སྟེང་དུ་རྃ་ལས་རཀྟའི་རྒྱ་མཚོ། དེའི་དབུས་སུ་ཀེཾ་ལས་ཀེང་རུས་བརྩེགས་པའི་རི་རབ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ་བྷྲཱུྃ། རི་རབ་ཀྱི་སྟེང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་རབ་ཏུ་འཇིགས་

p. 176

ཤིང་སྐྱི་གཡའ་བའི་དབུས་སུ་གྲུ་གསུམ་མཐིང་ནག་མུ་ཁྱུད་རྡོ་རྗེས་སྤྲས་པ། དེའི་སྟེང་དུ་པདྨ་མཎྜ་ལ་ཧཱུྃ་གིས་སྣ་ཚོགས་པདྨའི་གདན། ཨ་ཙནྡྲ་མཎྜ་ལ་ཧཱུྃ་གིས་ཟླ་བའི་གདན། མ་སཱུརྻ་མཎྜ་ལ་ཧཱུྃ་གིས་ཉི་མའི་གདན། ཤཾ་རུ་དྲྭ་རུ་དྲི་ཏི་ར་བྃ་གྱིས་རུ་དྲྭ་ཕོ་མོ་གཡས་གཡོན་དུ་མགོ་བསྟན་ཏེ་འགྱེལ་བའི་གདན་རྣམས་སུ་གྱུར། ནམ་མཁར་གནས་པའི་རང་སེམས་ཧཱུྃ་ཡིག་དེ་གཞལ་མེད་ཁང་གི་དབུས་ཀྱི་གདན་གྱི་སྟེང་དུ་བབས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཁྱད་པར་དུ་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཧཱུྃ་ལ་ཐིམ། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ། བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུའི་སྐུར་གྱུར་པ་ནི། དུས་མཐའི་སྤྲིན་ལྟར་སྐུ་མདོག་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །རབ་ཁྲོས་ཤིན་ཏུ་འཇིགས་པའི་སྐུ། །སྐུ་ཆེ་རགས་ཤིང་སྦོམ་ལ་ཐུང༌། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ། །ཞལ་གདངས་མཆེ་གཙིགས་ལྗགས་ཀྱང་འགྲིལ། །གཡས་པའི་ཕྱག་གི་དང་པོ་ནི། །རྡོ་རྗེ་རྩེ་དགུ་འཕྱར་ཞིང་གསོར། །གཉིས་པས་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་གྱི་དང་པོ་སྡིགས་མཛུབ་ཅན། །མེ་དཔུང་བསྣམས་པས་གདུག་ཅན་སྲེག །གཉིས་པས་མདུང་རྩེ་གསུམ་པ་ཡིས། །རྩེ་མོར་མཚན་པའི་ཁ་ཊྭཱཾ་ག །ཐ་མ་མདུན་གྱི་ཕྱག་གཉིས་ཀྱིས། །རི་རབ་ཕུར་བུ་བསྒྲིལ་བའི་ཚུལ། །ཞབས་བཞི་གཡས་བསྐུམས་གཡོན་བརྐྱངས་པས། །རུ་དྲྭ་ཕོ་མོ་མནན་ཅིང་བརྫིས། །སྟག་གི་པགས་པའི་སྨད་དཀྲིས་ཅན། །གླང་ལྤགས་ཞིང་ཆེན་སྟོད་གཡོགས་གསོལ། །ཐོད་པ་ཚར་གསུམ་ཕྲེང་བས་བརྒྱན། །གདུག་པའི་སྦྲུལ་གྱིས་བརྒྱན་པ་སྟེ། །རྒྱལ་རིགས་དཀར་པོ་ཐོད་དུ་བཅིངས། །རྗེ་རིགས་སེར་པོས་མགུལ་རྒྱན་ཅན། །

p. 177

དམངས་རིག་དམར་པོ་སྙན་ཆར་བྱས། །བྲམ་ཟེ་ལྗང་གུ་གདུ་བུ་སྟེ། །སྐེ་རགས་དང་ནི་སེ་མོ་དོ། །ཀླུ་ཆེན་གདོལ་པ་ནག་པོའོ། །ཐལ་ཆེན་མཆོག་གི་ཚོམ་བུ་དང༌། །རཀྟ་དམར་གྱི་ཐིག་ལེ་དང༌། །ཞག་ཆེན་ཟོ་རིས་རྣམས་ཀྱིས་མཚན། །སྨ་ར་སྨིན་མ་མེ་ལྟར་འབར། །དབུ་སྐྲ་ཁམས་སེར་གྱེན་དུ་འཁྱིལ། །རྡོ་རྗེའི་གཤོག་པ་གཡས་གཡོན་གདེངས། །སྐུ་ལུས་རྡོ་རྗེས་གོ་ཆར་གཏམས། །ཡེ་ཤེས་མེ་ཕུང་དབུས་ན་བཞུགས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །སྐྲ་དང་བ་སྤུའི་ཁུང་བུ་སོགས། །ཐམས་ཅད་རྡོ་རྗེ་གཞོན་ནུས་གཏམས། །ཐུགས་ཀར་སོར་བཞིའི་ཚད་ཙམ་གྱི། །གཞལ་མེད་ཁང་པ་སྒོ་གཅིག་པ། །སྒོ་སྲུང་རྟ་མགྲིན་རིག་མར་བཅས། །དེ་ནང་ཉི་མ་ལ་གནས་པའི། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧཱུྃ། །མཐའ་སྐོར་སྔགས་ཕྲེང་འཁོད་པར་གྱུར། །ཨོཾ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་རྡོ་རྗེ་དྲིལ་བུ་འཛིན། །གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ། །ཁྲོ་མོའི་ཆ་བྱད་ཡོངས་རྫོགས་པ། །དཔལ་ཆེན་སྐུ་ལ་གཉིས་མེད་འཁྱུད། །ཐུགས་ཀར་ཡེ་ཤེས་སེམས་དཔའ་དང༌། །ཏིང་འཛིན་སེམས་དཔའ་ཨ་ཡིག་གོ །ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །ཧཱུྃ། སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །ཡང་ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ ཧཱུྃ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཛཿཧཱུྃ་བཾ་ཧོཿ རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་རྣམས་ལས་འོད་

p. 178

ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་གནས་གསུམ་དུ་ཐིམ། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ཐམས་ཅད་སྤྱན་དྲངས་མདུན་དུ་བཞུགས་པར་གྱུར། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་བདག་སྩོལ་ཅིག །རིགས་ལྔ་རྣམས་ཀྱིས་དབང་བསྐུར་བར་གྱུར། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཏྲཱྃ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧྲཱིཿ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཱཿ ཞེས་པས་བདག་ཉིད་རྩ་བའི་དཀྱིལ་འཁོར་ལ་དཀྱིལ་འཁོར་རྣམ་གསུམ་རྫོགས་པ་ཉིད་དུ་བསྒོམ། ཧཱུྃ་བཛྲ་ཛྙཱ་ན་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་སཏྭ་ཨེ་ཏྲི་ཀོ་ན་བི་མཱ་ནཿ པྃ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། ཅེས་པས་འཛབ་ཁང་ཕྱེས་ལ། བཅོམ་ལྡན་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད། །རྣམ་སྤྲུལ་ཁྲོ་བོ་ཡབ་ཡུམ་ཕོ་ཉའི་ཚོགས། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །དྲག་པོ་རང་བྱུང་དབང་དང་དངོས་གྲུབ་སྩོལ། །ཅེས་གསོལ་བ་གདབ། བཟླས་པའི་དམིགས་པ་གསལ་བཏབ་ལ་ཀཱི་ལ་ཡ་འབྲུ་བཅུ་དྲུག་པ་ཅི་ནུས་སུ་བཟླས་ལ། མཐར་ཕྲེང་བ་བཅས་ལ་ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་

p. 179

ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་ལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མདུན་གྱི་ཡེ་ཤེས་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཡེ་ཤེས་ལྔ་ལྡན་སོགས་སམ། ལྷ་ཚོགས་འཁོར་བཅས་མ་ལུས་ཀུན། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །གདུག་པའི་དགྲ་བགེགས་བསྒྲལ་བ་དང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་པ་ཙམ་གྱིས་དངོས་གྲུབ་ཞུ། ཧེ་རུ་ཀའི་ཡིག་བརྒྱ་བརྗོད། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཀྲོ་དྷ་རཀྵ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ཝཱ་ཙི་ཧཱུྃ་ཕཊ། ཅེས་གོ་བགོ །དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །རྡོ་རྗེ་གཞོན་ནུ་ཀཱི་ལ་ཡའི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །ཅེས་སོགས་སྨོན་ལམ་གདབ་ཅིང༌། ཧཱུྃ། སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུ་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །མི་འགྱུར་རྟག་པའི་དོན་གྱི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ལ། རྗེས་ཐོབ་ཀྱི་སྣང་གྲགས་རྟོག་གསུམ་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡེ་ཤེས་གཉུག་མའི་འཁོར་ལོ་ལམ་དུ་ཁྱེར་བས་འཁྲུལ་མཚན་ཡོངས་གྲོལ་ཆེན་པོར་ལ་བཟླ་བར་བྱའོ། །ཞེས་པ་འདིའང་རྗེ་བཙུན་ཆེན་པོའི་གསུང་རབ་ཀྱི་ཞབས་ཏོག་དང༌། ཉམས་ལེན་མཁན་རྣམས་ལ་ཕན་པའི་ལྷག་བློས་པདྨ་གར་དབང་རྩལ་གྱིས་ནག་ཟླའི་ཚེས་བཅོ་ལྔར་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །རྡོ་རྗེ་ཕུར་པའི་འཁོན་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་བཻ་ཌཱུརྻའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང༌། །

p. 180

དཀྱིལ་འཁོར་རྒྱ་མཚོའི་གསང་འཛིན་རྡོ་རྗེ་སེམས། །རྒྱལ་ཀུན་སྤྱི་གཟུགས་པདྨ་ཐོད་ཕྲེང་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །ཀླུ་དབང་སྲུང་བ་རྡོ་རྗེ་རིན་ཆེན་དང༌། །ཤེས་རབ་ཡོན་ཏན་ཚུལ་ཁྲིམས་རྒྱལ་པོའི་ཞབས། །རྡོ་རྗེ་གཙུག་ཏོར་དགེ་སྐྱབས་དགེ་མཐོང་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །ཤཱཀ་བློ་ཤེས་རབ་ཚུལ་ཁྲིམས་དཀོན་མཆོག་རྒྱལ། །ས་ཆེན་ཀུན་སྙིང་རྗེ་བཙུན་བསོད་ནམས་རྩེ། །གྲགས་པ་རྒྱལ་མཚན་ས་སྐྱ་པཎ་ཆེན་ལ། །གསོལ་བ༴ །ཆོས་རྒྱལ་འཕགས་པ་འོད་ལྡན་ཀུན་རྡོར་ཞབས། །ལེགས་པའི་བློ་གྲོས་ཀུན་བསོད་རིན་རྒྱལ་མཚན། །དཔལ་ལྡན་བླ་མ་བླ་ཆེན་ཀུན་རྒྱལ་ལ། །གསོལ་བ༴ །ཐེག་ཆེན་ཆོས་རྗེ་རྣམ་རྒྱལ་རྒྱ་གར་བ། །ས་ལོ་འཇམ་རྡོར་སྔགས་འཆང་ཀུན་རིན་རྗེ། །བསོད་ནམས་དབང་པོ་གྲགས་པ་བློ་གྲོས་ལ། །གསོལ་བ༴ །ཀུན་དགའ་བསོད་ནམས་པུཎྱ་ཤྭ་ར་དང༌། །ཀུན་དགའ་བཀྲ་ཤིས་བསོད་ནམས་རིན་ཆེན་ཞབས། །ཀུན་དགའ་བློ་གྲོས་དཔལ་ལྡན་ཆོས་སྐྱོང་ལ། །གསོལ་བ༴ །ཀུན་དགའ་རིན་ཆེན་འཇམ་དབྱངས་མཁྱེན་བརྩེའི་དབང༌། །སྨིན་གྲོལ་མཛོད་འཛིན་རྩ་བའི་བླ་མ་སྟེ། །སྟོད་ལས་མཆོག་སྒྲུབ་དབང་བཞིའི་བརྒྱུད་པ་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །ཡོངས་རྫོགས་བསྟན་འཛིན་བསོད་ནམས་རྒྱལ་མཚན་ཞབས། །ཤེས་རབ་རྡོ་རྗེ་ཐུགས་རྗེ་ཤེས་རབ་དང༌། །དྷརྨཱ་ཀཱིརྟྟི་ནམ་མཁའི་སྙིང་པོ་ལ། །གསོལ་བ་འདེབས་སོ་མངོན་སྤྱོད་མཐར་ཕྱིན་ཤོག །ཤེས་རབ་རྒྱལ་མཚན་ཀུན་དགའ་བསོད་ནམས་མཆོག །ངག་དབང་ཆོས་གྲགས་སྔགས་འཆང་ཆེན་པོ་དང༌། །བསོད་ནམས་དབང་པོ་ཀུན་དགའ་དོན་གྲུབ་ལ། །གསོལ་བ་འདེབས་སོ་མངོན་སྤྱོད་མཐར་ཕྱིན་ཤོག །ཀུན་བསོད་བསོད་ནམས་དབང་ཕྱུག་ཀུན་བཀྲས་རྗེ། །དཀོན་མཆོག་རྒྱལ་པོ་བསོད་ནམས་རིན་ཆེན་སོགས། །སྨད་ལས་དྲག་པོ་སྒྲོལ་དབང་བརྒྱུད་པ་ལ། །གསོལ་བ་

p. 181

འདེབས་སོ་མངོན་སྤྱོད་མཐར་ཕྱིན་ཤོག །དཔལ་ལྡན་ཚུལ་ཁྲིམས་ངོར་ཆེན་ཡབ་སྲས་དང༌། །མ་ཏི་པཎ་ཆེན་རྡོ་རྗེ་གདན་པ་སོགས། །དབང་ལུང་སྲོལ་འཛིན་ངོ་མཚར་བརྒྱུད་པ་ལ། །གསོལ་བ་འདེབས་སོ་ཕྲིན་ལས་ལྷུན་གྲུབ་ཤོག །རྣམ་གསུམ་བརྒྱུད་པའི་ཆུ་བོ་མ་ལུས་པ། །གཅིག་བསྡུས་གསང་བའི་རྒྱ་མཚོ་རིན་ཆེན་མཛོད། །སྒྲོལ་བའི་མགོན་པོ་བརྒྱུད་པར་བཅས་པ་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །རྣམ་གསུམ་ཏིང་ངེ་འཛིན་ལ་ལེགས་གནས་ནས། །དཀྱིལ་འཁོར་གསུམ་བསྒོམ་མཆོད་པ་གསུམ་གྱིས་མཆོད། །དྲི་མ་གསུམ་སྦྱང་སྐུ་གསུམ་མངོན་གྱུར་ཏེ། །མཆོག་སྒྲུབ་ལམ་ནས་དོན་གཉིས་མཐར་ཕྱིན་ཤོག །རྫོང་འཕྲང་སྲོག་གི་གནད་ལ་བྱང་ཆུབ་ཅིང༌། །གསལ་བ་གསུམ་དང་གདིངས་གསུམ་གོམས་པ་ཡིས། །མཚན་མའི་དགྲ་བགེགས་བདག་ཏུ་འཛིན་བཅས་པ། །ཐལ་འབྱིན་དགོངས་པས་མངོན་སྤྱོད་མཐར་ཕྱིན་ཤོག །རྩ་བརྒྱུད་བླ་མས་རྟག་ཏུ་བྱིན་རློབ་ཅིང༌། །ལྷག་པའི་ལྷ་ཡིས་གྲུབ་གཉིས་མྱུར་དུ་སྩལ། །མཁའ་འགྲོ་དམ་ཅན་ཕྲིན་ལས་སྒྲུབ་མཛད་ནས། །ཀཱི་ལ་ཡ་ཡི་དངོས་གྲུབ་མྱུར་ཐོབ་ཤོག །ཅེས་པ་འདིའང་ཀཱི་ལ་ཡའི་ལྟ་དགོངས་ལ་མོས་པ་ལམ་དུ་བྱེད་པ་པདྨ་གར་དབང་བདེ་བའི་རྡོ་རྗེས། རྗེ་བཙུན་སྒྲོལ་བའི་མགོན་པོས་བདུད་བཞི་མཐའ་དག་བཅོམ་ནས་འོད་གསལ་མཁའ་ཁྱབ་ལ་མངོན་པར་བྱང་ཆུབ་པའི་དུས་ཆེན་དབོ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །འཁོན་ལུགས་རྡོ་རྗེ་ཕུར་པའི་གཏོར་དབང་གི་ཡི་གེ་བྱིན་རླབས་བཅུད་ཀྱི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །སྙིང་རྗེ་ཁྲོས་པས་ཞེ་སྡང་གི། །གདུག་ཅན་ཐལ་འབྱིན་ཧེ་རུ་ཀ །ཕྲིན་ལས་རིགས་མཆོག་ལ་བཏུད་ནས། །སྨིན་བྱེད་སྙིང་པོའི་དོན་གསལ་བྱ། །གསང་སྔགས་སྔ་འགྱུར་གྱི་རྒྱུད་གཞུང་རྣམས་སུ་གཏོར་མ་ལ་ཤེས་པ་བཞིའམ་དྲུག་ལྡན་

p. 182

དང་ཕྲིན་ལས་རབ་འབྱམས་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་ཚུལ་རྒྱ་ཆེར་གསུངས་པའི་ནང་ཚན། དབང་དུས་གཏོར་མ་ལྷར་ཤེས་པས་སྨིན་བྱེད་ཐམས་ཅད་ཀྱི་སྣ་འདྲེན་ཅིང་མཇུག་སྡུད་པ་དང༌། གཏོར་མའི་དབང་ནི་དབང་བསྐུར་ཐམས་ཅད་ཀྱི་སྙིང་པོར་གསུངས་པ་ལྟར། འདིར་ཡང་སྟོད་སྨད་ཀྱི་དབང་བསྐུར་རྫོགས་པར་མ་ཐོབ་པ་ལ་བྱིན་རླབས་སྒོ་འབྱེད་དང་བསྐྱེད་བཟླས་ཀྱི་སྣོད་དུ་རུང་བའི་ཕྱིར། དྲག་པོ་སྒྲོལ་དབང་གི་མཐའ་རྟེན་དུ་འབྱུང་བ་ཉིད་ཁོལ་ཕྱུང་དུ་བྱ་བར་སྤྲོ་ན། སྟེགས་བུའི་སྟེང་དུ་ཁྲིའུ་ལ་གཏོར་མ་སྟོད་ཟུར་གསུམ་སྨད་ཟླུམ་པ་མཐེབ་ཀྱུས་བསྐོར་བ་དཀར་ཐིག་དམར་གུར་ཅན་ལ་སྐུ་ཙཀ་དང་དར་གདུགས་མཐིང་གས་བརྒྱན་པ་བཤམ། དེའི་གཡས་གཡོན་དུ་ཐོད་པ་སྨན་རག་གི་བཅུད་ལྡན། མདུན་དུ་ཆུ་གཉིས་ཉེར་སྤྱོད་ཀྱི་མཆོད་པའི་ཕྲེང་བ་བཤམ། སློབ་དཔོན་གྱིས་བླ་མ་དམ་པས་མཛད་པའི་སྒྲུབ་ཐབས་བསྡུས་པའམ། ས་ལོ་ཆེན་པོས་མཛད་པའི་བསྙེན་སྒྲུབ་གསལ་བྱེད་བདུད་རྩིའི་འོད་ཅན་གང་རུང་ངམ། བསྡུ་ན་རྒྱུན་ཁྱེར་ཕྱག་རྒྱ་གཅིག་པས་ཀྱང་རུང་ལ། གང་ལྟར་སྐྱབས་སེམས་ནས་བརྩམས། བསྐྱེད་བསྟིམ་སོགས་དང་བཟླས་པའི་བར་བདག་མདུན་དབྱེར་མེད་དུ་བྱས་ལ་བཟླས་པ་བསྡུས་ཏེ། རང་ཉིད་གཙོ་བོ་ལས་བྱེ་བའི་གཙོ་བོ་གཉིས་པར་གྱུར་པར་མོས། སྔོན་དུ་མཆོད་བསྟོད་མ་སོང་ན་སྐབས་འདིར་མདོར་བསྡུས་བྱ། དེ་ནས་སློབ་མ་རྣམས་སྒོའི་ཕྱི་རོལ་ཏུ་ཁྲུས་བྱ། ནང་དུ་འོང་བ་དང་སློབ་དཔོན་གྱིས་ཀཱི་ལ་ཡའི་དྲག་སྔགས་བརྗོད་ཅིང་རོལ་མོ་ཡུངས་ཐུན་གུ་གུལ་བདུགས་ལ་བགེགས་བསྐྲད། མཎྜལ་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་སྔ་འགྱུར་བཀའ་མའི་ཆོས་སྡེ་ཡོ་ག་རྣམ་པ་གསུམ་གྱི་ནང་ཚན་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་བྱེ་བྲག ཕུར་པ་རོལ་པའི་རྒྱུད་སྡེ་རྣམས་ལ་བརྟེན་ནས་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱིས་སྒྲུབ་ཐབས་རྒྱས་བསྡུས་མཐའ་ཡས་པ་མཛད་ནས། བོད་ཡུལ་གྱི་

p. 183

ལྗོངས་སུ་ཆོས་རྒྱལ་ཡབ་སྲས་གཙོ་བོར་གྱུར་པའི་རྗེ་འབངས་སོ་སོའི་ཐུགས་དམ་གྱི་སྐལ་པར་སྩལ་ཞིང་གྲུབ་པའི་འབྲས་བུ་མངོན་དུ་གྱུར། དེ་དག་གི་དབོན་སྲས་རིག་འཛིན་རྩལ་འཆང་བར་མ་ཆད་པ་ལས་བྱོན་པའི་བཀའ་སྲོལ་དུ་མ་ཞིག་མཆིས་པ་རྣམས་ཀྱི་ནང་ནས་ཉི་ཟླ་ལྟར་གྲགས་པ། འཁོན་ཀླུའི་དབང་པོའི་ཐུགས་དམ། འཁོན་སྟོན་གྲུབ་པའི་དབང་པོ་ད་ལྟའི་བར་དུ་ཟམ་མ་ཆད་པའི་རྒྱུན་ལས་བྱོན་པས་བྱིན་རླབས་ཀྱི་གཟི་བྱིན་དང་ཕྲིན་ལས་བཀའ་བབས་ཀུན་ལས་ཁྱད་པར་དུ་འཕགས་ཤིང་འགྲན་ཟླ་དང་བྲལ་བ་འདི་ཉིད་ལ་བརྟེན་པའི་སྨིན་བྱེད་ཀྱི་སྙིང་པོ་གཏོར་མའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དམ་པ་དགོངས་སུ་གསོལ། །རྡོ་རྗེ་གཞོན་ནུའི་དབང་བསྐུར་བ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དེ་རིང་བདག་ལ་སྩལ་དུ་གསོལ། །ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟ་བུས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཡན་ལག་བརྒྱད་ཚུལ་བཞིན་དུ་བགྱི་བར་མོས་པས་རྒྱུན་བཤགས་འདིའི་རྗེས་ཟློས་ལན་གསུམ་གསུང་བར་ཞུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུའི་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རངས། །དག་པ་མཐའ་བཞི་

p. 184

དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དགོས་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་ལུས་དྲང་པོར་བསྲང་ཞིང་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱིས། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་འདུག་གནས་དང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། ཅེས་བརྗོད་པའི་རྐྱེན་གྱིས། པདྨ་ཉི་མ་ཟླ་བ་དབང་ཕྱུག་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ག་ཕྱག་དྲུག་གི་གཡས་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་པ་དང་རྩེ་ལྔ། གཡོན་དང་པོ་གཉིས་ཀྱིས་མེ་ཕུང་འབར་བ་དང་རྩེ་གསུམ་བསྣམས་པ། ཐ་མ་གཉིས་ཀྱིས་རི་རབ་ཀྱི་ཕུར་བུ་འདྲིལ་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའི་པང་ན་ཡུམ་འཁོར་ལོ་རྒྱས་འདེབས་མ་སྔོན་མོ། ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ། གཡོན་ཐོད་ཁྲག རུས་པའི་རྒྱན་གྱིས་བརྒྱན་པ་དང་མཉམ་པར་སྦྱོར་བའི་སྐུ་ཅན་རེ་གསལ་ལམ་སྟེ་བྱུང་བའི་མོས་པ་མཛོད། རང་གི་སྙིང་གར་ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བ་མེ་འོད་རབ་ཏུ་འབར་བ་དང་བཅས་པ་འཁོད་པར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས་རྡོ་རྗེ་མཁའ་འགྲོ་མ་དཔག་ཏུ་མེད་པ་སྤྲུལ་ཞིང་སྤྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས། སྙིང་

p. 185

གའི་ས་བོན་སྔགས་བཅས་ལ་ཐིམ། སྡིག་སྒྲིབ་དག སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། ལུས་ནང་ཐམས་ཅད་འོད་ཀྱིས་གང་བར་གྱུར། འབྲུ་བཅུ་དྲུག་པའི་སྔགས་ཀྱི་མཐར། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨ། ཞེས་ལན་གྲངས་ཅི་ནུས་བརྗོད། གུ་གུལ་སོགས་འབེབས་པའི་རྫས་བདུག་ཅིང་རོལ་མོའི་སྒྲ་བྱའོ། །དེ་ལྟར་དབབ་པའི་ཡེ་ཤེས་པ་སྒོ་གསུམ་དང་དབྱེར་མི་ཕྱེད་པར་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྗོད། དེ་ནས་དཔལ་གྱི་གཏོར་ཆེན་ཐོགས་ལ། གཏོར་མ་འདི་ཉིད་དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་པདྨ་ཉི་མ་ཟླ་བ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ་ཡུམ་འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་སྦྱོར་བའི་སྐུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། སྐུའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད་ཅིག ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛོད། །དབང་དང་དངོས་གྲུབ་འདིར་སྩོལ་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་གཏོར་མ་སྤྱི་བོར་བཞག ཡང་གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དངོས་སུ་གསལ་བའི་མགྲིན་པའི་ཨཱཿདམར་པོ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་

p. 186

པའི་མོས་འདུན་མཛོད་ཅིག ཧཱུྃ། ཐབས་ཀྱི་སྤྱོད་པས་ཤློ་ཀ་དང༌། སྔགས་གོང་ལྟར་གྱི་ཤམ་དུ། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག ཡང་གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དངོས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད། ཚིགས་བཅད་སྔགས་བཅས་གོང་ལྟར་ལ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྙིང་གར་བཞག ཡང་གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དངོས་སུ་གསལ་བའི་གནས་གསུམ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། རྡོ་རྗེ་གསུམ་འདུས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད། ཚིགས་བཅད་སྔགས་བཅས་ཀྱི་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་གནས་གསུམ་དུ་བཞག སླར་ཡང་གཏོར་མ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཙོ་འཁོར་སྤྲུལ་པ་ཕྱག་བརྙན་དང་བཅས་པའི་སྟེང་གི་ཆ་ལ་རིག་འཛིན་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས། འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་ཏེ་བཞུགས་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། སྐུའི་ཆ་རྣམས་ནས་ཁྲོ་ཆུང་མཚོན་ཆ་མེ་དཔུང་གི་ཚོགས་འཕྲོས་པས་ནད་གདོན་བར་དུ་གཅོད་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་ཅིང་བསལ། རྡོ་རྗེ་བདུད་རྩི་བྱིན་རླབས་ཡེ་ཤེས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་ཞིང་ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་ནས་དབང་བཞི་རྩལ་རྫོགས་སུ་ཐོབ།

p. 187

དངོས་གྲུབ་རྣམ་པ་གཉིས་སྟན་ཐོག་གཅིག་ཏུ་བརྙེས་པར་མོས་ཤིག ཧཱུྃ། འཁོར་བ་ཕུར་བུ་བསྒྲུབ་དོན་དུ། །དབང་དང་བྱིན་རླབས་ཞུ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༌། །རྟགས་དང་མཚན་མ་བསྟན་པ་དང༌། །ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །ཅེས་དང༌། ཡེ་ཤེས་ལྔ་ལྡན་རིགས་ལྔ་བདེ་བར་གཤེགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །འཁོར་ལོ་རབ་བསྐོར་ཞི་ཁྲོའི་སྐུར་སྟོན་པ། །ཐུགས་དམ་བཞིན་དུ་འདི་ལ་བརྩེར་དགོངས་ནས། །དྲག་པོའི་སྟོབས་ཀྱིས་དགྲ་བགེགས་བསྒྲལ་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་གཏོར་མ་སྤྱི་བོར་བཞག་ལ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྟོབས་གཅིག་ཏུ་འདུས་པ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། ནད་གདོན་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་ནས་མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དང༌། སྙིང་པོ་བརྗོད། མཐར། གཏོར་མའི་ལྷ་ཚོགས་འཁོར་དང་བཅས་པ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་མཛོད། ཛཿཧཱུྃ་བཾ་ཧོཿ མཐའ་རྟེན་བཟླས་པའི་ལུང་སྦྱིན་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་སྔོན་པོ་ནས་འབྲས་ཙམ་གྱི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ཡུངས་འབྲུ་ཙམ་གྱི་

p. 188

མཐར་ཀཱི་ལ་ཡ་སྐྲ་ཤད་ཀྱིས་བྲིས་པ་ལྟ་བུས་བསྐོར་ནས་ཡོད་པའི་མོས་པ་མཛོད་ལ། སློབ་དཔོན་ལ་གུས་འདུད་དྲག་པོ་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་དང་པོས་ཐིམ། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་བར་དུ་མཛོད། ཀཱི་ལ་ཡ་ལན་གསུམ། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །གསུམ། སློབ་དཔོན་གྱིས་མེ་ཏོག་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདི་ལ་སོགས་སྤྱི་ལྟར་བྱ། དེ་ནས་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱས་ལ་རོལ་མོ་བསྒྲག དེ་ལྟར་རྡོ་རྗེ་ཕུར་པའི་བཀའ་སྲོལ་ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་འཁོན་ལུགས་གྲུབ་བརྙེས་རིག་འཛིན་བར་མ་ཆད་པའི་བྱིན་རླབས་ཀྱི་རྒྱུན་གཅིག་ནས་གཅིག་ཏུ་བྱོན་པ་གཏོར་མ་ལ་བརྟེན་པའི་སྨིན་བྱེད་ཟབ་མོ་བཟླས་ལུང་དང་བཅས་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་ལེན། གཏང་རག་དགེ་བསྔོ་སོགས་སྤྱི་ལྟར་བྱས་པས་འགྲུབ་ལ། ཆོ་གའི་རྗེས་ཀྱི་བྱ་བའང་ཕྲིན་ལས་གང་ལ་བརྟེན་པ་དེ་ལྟར་བྱ་བ་ཡིན་ནོ། །འབར་བ་ཆེན་པོའི་བྱིན་རླབས་ཉིན་བྱེད་ཀྱིས། །བར་ཆད་དམ་སྲིའི་མུན་ཁང་རྩད་ནས་བཅོམ། །བསྟན་འགྲོའི་དགེ་ལེགས་པད་མཚོ་རྒྱས་པ་ཡིས། །ས་གསུམ་ཀུན་དགར་བྱེད་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་དཔལ་ཧེ་རུ་ཀ་དང་རྣམ་དབྱེར་མ་མཆིས་པ་ཁྱབ་བདག་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་ལུང་ནོར་བུའི་རྒྱལ་པོ་བྱི་དོར་བྱ་བའི་བློས། ཀུ་སཱ་ལི་གུ་ཎའི་མིང་ཅན་བློ་གྲོས་མཐའ་

p. 189

ཡས་པའི་སྡེས། རྩ་བའི་རྒྱུད་དང་འཁོན་ལུགས་དྲག་པོ་སྒྲོལ་དབང་སོགས་ལ་རྩ་བ་ཙམ་བྱུང་བའི་ལུས་བཟང་ལ་སྨིན་བྱེད་སྤྱི་འགྲོའི་ཆོ་གའི་ལང་ཚོས་རྣམ་པར་སྤྲས་ཏེ་དཔལ་ཆེན་རོལ་པའི་ཕོ་བྲང་ག་ལ་བར་སྐལ་ལྡན་ཀུན་དགའི་དགའ་སྟོན་དུ་བགྱིས་པ་དགེ་ལེགས་འཕེལ།། ༈ །ཡང་ཕུར་ཐུན་མོང་གི་ཁྲིད་ཡིག་ཨ་ཏིའི་ལམ་རིམ་ཐར་པའི་སྒོ་གཅིག་ཅེས་བྱ་བ་བཞུགས། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལས། །འདས་པར་སྟོན་མཛད་བླ་མར་འདུད། །ཅེས་མཆོད་པར་བརྗོད་ནས། འདིར་རྫོགས་པ་ཆེན་པོ་ཨ་ཏིའི་ཞལ་གྱི་གདམས་པ་རྣམས་བརྗེད་པས་འཇིགས་ནས་ཡི་གེར་བྲིས་བ་ལ། ཆོས་བདག་མཁའ་འགྲོའི་ཚོགས་དགྱེས་ཤིང་གནང་དུ་གསོལ། དང་པོར་ཆོས་ཉིད་མངོན་སུ་ཉམས་སུ་ལེན་པའི་དུས། ཐོག་མར་སྐྱབས་སེམས་སྔོན་དུ་སོང་བས། རང་ཡི་དམ་ཕུར་པར་གསལ་གདབ་པའམ། གཞན་ཡང་ཡི་དམ་གང་ཡང་རུང་བར་གསལ་བཏབ་ལ། ཐོ་རངས་གཉིད་སོགས་ངོམས་པར་བྱས་ནས། ལུས་གནད་དྲང་པོར་བསྲངས་པའི་སྐྱིལ་ཀྲུང་ངམ། མེ་ཐབ་དྲུག་ཆིངས་ལ་གཡོན་པའི་མཐེ་བོང་གུང་མོ་སྲིན་ལག་གསུམ་པས་བཅིང་དམ་དྲགས་པ་མིན་པའི་འཆིང་བ་བྱས་པའི་ངོས། འཇམ་རླུང་གཡས་གཡོན་དབུས་གསུམ་ནས་བུམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཕྱིར་སངས་སངས་ཀྱིས་དོན་པར་བསམ། ཚུར་རྔུབས་དུས་བླ་མ་ཡི་དམ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པར་བསྒོམ། དེ་ནས་འོག་རླུང་ཅུང་ཟད་འཐེན་ཏེ་སྟེང་རླུང་མནན། མིག་གྱེན་དུ་ལོག་པར་བྱས་ནས་སྨིན་མཚམས་ཀྱི་ཐད་སོར་བཞི་ཙམ་གྱི་ཐད་དུ་མིག་བལྟས་པས། ཐོག་མར་ཕྱི་དབྱིངས་ནམ་མཁའ་སྐྱ་ཝལ་གྱིས་འཆར། ནང་དབྱིངས་ནག་པོ་ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་ཞིག་འཆར། གསང་དབྱིངས་འོད་མཐིང་ག་ཞིག་འཆར་རོ། །ཡང་མིག་ན་ན་མིག་གཡོན་པའི་ཟུར་དུ་ཕབ་ལ་བལྟ། མིག་ལ་རང་གི་

p. 190

ཁ་ཆུ་སྲིན་མཛུབ་ཀྱིས་བྱུག ཡང་ཁ་ཆེས་ཀྱང་བྱུག་གོ །གཡོན་ཟུར་དུ་ཐིག་ལེ་འོད་ལྔའི་དཀྱིལ་འཁོར་འཆར། བསྡུ་བའི་ཚེ་ཐིག་ལེ་མཛོད་སྤུར་བསྡུས་པ་ལ། ཐིག་ལེ་ཁ་«་་་་་མཐིང༌། »ཅིག་སྙིང་གི་དཀྱིལ་དུ་འབྲལ་མེད་དུ་བསྒོམ་པ་གནད་ཆེའོ། །མངོན་སུམ་གཏན་ལ་ཕེབས་པའི་རྟགས་སུ་དགོང་མོ་གཉིད་ལ་འགྲོ་ཁ་དང༌། ཞོགས་པ་གཉིད་སད་འཕྲལ་ལ་ཡང་ཐིག་ལེ་རྣམས་འབྲལ་མེད་དུ་འཆར་ཞིང༌། དེ་ནས་ཐིག་ལེའི་དབུས་སུ་སྤྲུལ་སྐུའི་རྣམ་པའི་སྐུ་རྣམས་ཀྱང་དབུ་ནས་རིམ་བཞིན་སྐུ་སྐེད་ཡན་ཆད་དུ་སྣང་ལ་གཟུང་ཡུལ་དུ་མ་གྲུབ་པར་སྣང་སྟེ་རེས་ཐིག་ལེ་གཅིག་གི་ནང་དུ་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་མ་འདྲེས་པར་སོ་སོར་འཆར། རེས་དེ་རྣམས་གཅིག་ཏུ་བསྡུས་ནས་འཆར། དེ་རྣམས་ནི་སྤྲུལ་སྐུའི་ཞིང་ཁམས་མཐོང་བ་ཡིན་ནོ། །དེ་ནས་ལོངས་སྐུའི་རྣམ་པ་འཆར་བ་ལ། སྤྲུལ་སྐུ་དེའི་དཔྲལ་བར་འཕྲེད་ལ་རི་མོ་དོད་པ་དང༌། དེ་ནས་ཤངས་དང་ཞལ་གྱི་བར་དུ་རི་མོ་དོད་པ་དང༌། དེ་ནས་སྤྲུལ་སྐུ་དེ་རིམ་གྱིས་ཞི་ཁྲོའི་རྣམ་པར་གོང་བཞིན་འཆར་བའོ། །དེ་རྣམས་ནི་ལོངས་སྐུའི་ཞིང་ཁམས་མཐོང་བའོ། །དེ་ནས་ཞི་ཁྲོ་དེ་རིམ་བཞིན་ཁྲོ་བོའི་སྐུ་འཇིགས་ཤིང་སྐྱི་གཡའ་བ། ཆེ་བ་རི་རབ་ཙམ་ཆུང་བ་ཡུངས་འབྲུ་ཙམ་ལ་ཞལ་རས་འཇིགས་ཤིང་རྔམས་པ། སྟག་ཤམ་རྣམས་ལ་ཁྲག་དངོས་སུ་ཐིག་གེ་ཡོད་པའི་རྣམ་པ་འཆར་བའོ། །དེ་རྣམས་ནི་ཆོས་སྐུའི་ཞིང་ཁམས་མཐོང་བ་ཡིན་ནོ། །སྤྲུལ་སྐུའི་ཞལ་རས་མཐོང་ནས་འཇའ་ལུས་འགྲུབ་པར་ཐེ་ཚོམ་མེད་པའོ། །ཁྱད་པར་ལུ་གུ་རྒྱུད་འཆར་བ་དེའི་དཀྱིལ་དུ་ལྟ་བ་གནད་ཡིན་ཅིང༌། མུན་ཁྲི་དང་མུན་ཁང་བྱས་ཚེ་སུན་ཉམས་ཡོང་བས། གླ་བའི་པགས་པ་མཉེན་དུལ་སོང་བའི་ཕྱི་གོས་ཆེན་ནག་པོས་བསྟུམས་པའི་མཐའ་འདྲིལ་བྱས་ལ། མིག་ལ་གསེང་ཡོད་པའི་མིག་དར་བྱས་ནས་མིག་ལ་བཀབ་པས་སྔར་བཞིན་ཉམས་ལེན་བྱས་ན་མཚན་སྣང་རྣམས་འཆར་ཞིང༌། གལ་ཏེ་ལྟག་རྩ་ན་བ་དང༌། དབུགས་སྟོད་དུ་འཚངས་པ་སོགས་བྱུང་ན་ལྟ་སྟངས་ཅུང་ཟད་ཀློད་ལ་དབུགས་སོ་བར་དུ་དལ་བུས་བཏང་ཞིང་སེམས་རང་བབས་སུ་

p. 191

བཞག་པ་དང༌། ཛཱ་ཏི་དང་མར་བསྲེས་ལ་ལྟག་རྩར་བྱུགས་པས་ཁད་ཀྱིས་སེལ་བར་འགྱུར་རོ། །མི་མང་པོ་ཡོད་པའི་སར་ཡང་རང་གི་ཉམས་ལེན་གྱི་དྲན་པ་མ་ཡེངས་པར་སྙིང་གའི་ཐིག་ལེ་མཐིང་ནག་དེ་འབྲལ་མེད་དུ་བསྒོམ་ཞིང༌། རྒྱུན་དུ་རིག་པ་མིག་གི་ནང་དུ་ཧྲིག་གེ་དྲངས་ལ་བསྒོམས་པས། རིག་པ་གསལ་རིག་སྟོང་གསུམ་ནམ་མཁའ་དྭངས་པ་ལྟ་བུ་ལ་མདུན་གྱི་ནམ་མཁའ་ལ་ཐིག་ལེ་དབུས་མཐིང་ག་མཐའ་འཇའ་ཚོན་སྣ་ལྔ་འཕྲོ་བ་དང་བཅས་པ་མཐོང་བ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་མཐོང་བ་ཡིན་པས། འཇའ་ལུས་སུ་འགྲུབ་ཅིང་སེམས་སྐྱེ་མེད་ཀྱི་དོན་རྟོགས་པར་འགྱུར་རོ། །ཞེས་རྫོགས་པ་ཆེན་པོ་ཨ་ཏིའི་ཞལ་གྱི་གདམས་པ་འདི་གཞན་ལ་མི་སྨྲ་བའི་བཀའ་རྒྱ་དང་བཅས། དབུ་མཛད་བསམ་གཏན་ཆོས་འཕེལ་དང་ཆོས་རྗེ་གྭ་པ་གཉིས་ལ་ཐོབ་རྒྱལ་ལྟ་རྩེར་པྲཛྙཱ་རསྨིས་གནང་བའོ། །སརྦ་དཱ་མངྒ་ལཾ།། །།

དཀར་བདུད་ལྕམ་དྲལ་གྱི་གཏོར་ཆོག་དང་རྗེས་གནང་བྱ་ཚུལ་ཤིན་ཏུ་གསལ་བ།

p. 192
p. 193

དཀར་བདུད་ལྕམ་དྲལ་གྱི་གཏོར་ཆོག་དང་རྗེས་གནང་བྱ་ཚུལ་ཤིན་ཏུ་གསལ་བ་བཞུགས་སོ།།

p. 194

ན་མོ་མཉྫུ་གྷོ་ཥ་ཨཱ་ནནྡ་པུཎྱཱ་ཡ། བླ་མ་མཆོག་དང་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་གཞོན་ནུའི་ཞབས་ལ་ཕྱག་འཚལ་ཏེ། །དེ་ཡི་སྲུང་མ་དཀར་བདུད་ལྕམ་དྲལ་གྱི། །རྗེས་གནང་བྱ་ཚུལ་ས་ལོའི་གསུང་བཞིན་བྲི། །དེ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི་གནས་ཡིད་དུ་འོང་བར་ཡི་དམ་ཆོས་སྐྱོང་སོགས་ཀྱི་བྲིས་སྐུ་ཡོད་ན་བཀྲམ་པའི་མདུན་དུ། སྟེགས་ཇི་ལྟར་རིགས་པའི་སྟེང་དུ་ཡི་དམ་ཆོས་སྐྱོང་སོགས་ཀྱི་གཏོར་མ་གང་དགོས་དང༌། ཁྱད་པར་དཀར་མོ་ཉི་ཟླའི་གཏོར་མ་ཟླུམ་པོར་མར་བྱུགས་པ་ལ་ཉི་ཟླ་ནོར་བུ་མེ་རི་སོགས་རྒྱན་ཅི་མཛེས་དང༌། མར་ལ་ཕུག་རོན་གྱི་འོག་ཏུ་སྒོ་ང་གཉིས་སྤྱོད་ཚུལ་གྱི་གཟུགས་བཅོས་པ།«་་་་་གཏོར་མ་པད་གདན་སྟེང་དུ་བཞག» དེའི་གཡོན་དུ་བདུད་རྒྱལ་གྱི་གཏོར་མ་གྲུ་གསུམ་དམར་ནག་ལ་ཤ་དང་མར་གྱིས་རྒྱན་ཅི་མཛེས། དཀར་མོ་ཉི་ཟླའི་གཏོར་མ་ལ་ནམ་མཁའ་རྒྱང་བུ་དཀར་པོ།«་་་་་མ་འབྱོར་ནའང་ཆད་པའི་སྐྱོན་མེད།» དཀར་མོ་ཉི་ཟླའི་སྐུ་བྲིས་པའི་ཙཀ་ལི།«་་་་་མདའ་གཙང་མ་ལ་དར་དཀར་བཏགས་པའི་སྟེང་དུ།» བདུད་རྒྱལ་གྱི་གཏོར་མ་ལ་ནམ་མཁའ་རྒྱང་བུ་སྔོན་པོ་དང༌།«་་་་་མ་འབྱོར་ནའང་བཟོད་དོ།» བདུད་རྒྱལ་གྱི་ཙཀ་ལི་བཙུགས།«་་་་་མདའ་གཙང་མ་དང་སྔོན་བཏགས་པའི་སྟེང་དུ་བཏགས།» དེ་རྣམས་ཀྱི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་

p. 195

ལྔ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད། གཞན་ཡང་རོལ་མོ་མཎྜལ་ནས་དང་བཅས་པ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་བཤམ་མོ། །གཉིས་པ་དངོས་གཞི་ནི་སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བ་གཉིས་ཀྱི་དང་པོ་ནི། སྔར་ནས་བྱེད་བཞིན་པ་ཡིན་ན། རྡོ་རྗེ་ཕུར་«་་་་་ཡི་དམ་གང་བྱེད་ཀྱི་བདག་བསྐྱེད་བྱ།» པའི་སྒྲུབ་ཐབས་རྒྱས་བསྡུས་གང་རུང་ཉམས་སུ་བླངས་ནས་ཡི་དམ་ཆོས་སྐྱོང་སོགས་«་་་་་སྔར་ནས་འབུལ་བཞིན་པ་ཡིན་ན་ཡི་དམ་གང་བྱེད་རྣམས་ལ་འབུལ། དེ་ནས་གུར་མགོན་ལྕམ་དྲལ། ཞལ་བཞི་པ། དུར་ཁྲོད་བདག་པོ། པུ་ཏྲ་ལྕམ་སྲིང༌། དམག་ཟོར་མ། ལས་གཤིན། དཀར་བདུད་ཕུར་སྲུང༌། མཁའ་འགྲོ་སྤྱི་གཏོར། གཞི་བདག་རྣམས་ལ་ཕུལ།» ཀྱི་མཆོད་གཏོར་རྣམས་སོ་སོའི་གཞུང་བཞིན་ཕུལ། ཁྱད་པར་དཀར་བདུད་ཀྱི་གཏོར་མ་ས་ལོ་ཆེན་པོས་མཛད་པའི་གཏོར་ཆོག་བཞིན་ཕུལ་ནས་མཉེས་པར་བྱའོ། །ཞེས་གསུངས་པ་ཉིད་འདིར་དཀྱུས་སུ་བསྡེབས་པ་ནི། དཀར་བདུད་ཀྱི་གཏོར་མ་ལ། ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ་བརྗོད་པར་བྱས་ནས། མདུན་གྱི་ནམ་མཁའི་གནས་སུ་པདྨ་ཉི་མའི་གདན་གྱི་སྟེང་དུ་བྷྱོཿདཀར་པོ་ཡོངས་སུ་གྱུར་པ་ལས། དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་

p. 196

པས་རི་རབ་སྒོང་རྡོར་འཕེན་ཞིང༌། གཡོན་པས་གླིང་བཞི་བྱོ་ལྡོག་ཏུ་མཛད་པ་ཉི་ཟླ་བརྒྱས་དབུ་ལ་བརྒྱན་ཞིང༌། ཉི་ཟླ་དགུ་བརྒྱས་དོ་ཤལ་བྱས་པ། རིན་པོ་ཆེའི་རྒྱན་དང་དར་དཀར་པོའི་ན་བཟའ་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དེའི་གཡོན་དུ་རྟ་ནག་པོའི་སྟེང་དུ་ཧཱུྃ་ལས་བདུད་ཀྱི་རྒྱལ་པོ་ཐོད་པའི་ཕྲེང་བ་ཅན། སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ཕྱག་གཡས་པས་བ་དན་ནག་པོ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པས་རུས་ཕྲེང་འཕྱར་ཐབས་སུ་འཛིན་པ། དར་ནག་གི་ན་བཟའ་ཅན། མི་མགོའི་ཕྲེང་བ་དང༌། སྦྲུལ་གྱིས་བརྒྱན་པ། འཁོར་འཆི་བདག་ནག་པོ་རང་དང་འདྲ་བ་བརྒྱད་ཀྱིས་བསྐོར་བ། གཉིས་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་དཀར་མོ་ཉི་ཟླ་དང༌། བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ་ཆེ་བའི་ཆེ་མཆོག་གསང་བའི་གཟུགས། །ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན། །སྲོག་བདག་བདུད་ཀྱི་རྒྱལ་པོ་ཡང༌། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་སེམས་དཔའ་རེ་རེས་དབུ་བརྒྱན། དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། བཛྲ་ས་མ་ཡ་སྟྭཾ། བཛྲ་ས་མ་ཡ་ཧོཿ དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་ཕྲེང་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད།

p. 197

ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པ་རྣམས་དང༌། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཚར་བཅད་པ་དང༌། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བཛྲ་ཤཱནྟིཾ་པདྨ་ཀུནྟཱིཾ་བྷྱོ། ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཤ་ཏྲུན་བིགྷྣཱན་མཱ་ར་ཡ་ཧཱུྃ་ཕཊ་ཅེས་གསུམ་མམ་ལྔས་གཏོར་མ་ཕུལ། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ། གནྡྷཾ། ནཻ་ཝི་དྱཾ། ཤབྡ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་ཤནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། ཝ་ཤཾ་ཀུ་རུ། དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་པས་ནང་མཆོད་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་དར་བ། བླ་མ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ཀྱི་བར་ཆད་ཐམས་ཅད་ཞི་བ། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་དོན་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། བཟླས་པ་བྱེད་ན། ཐོག་མར་ཡིག་བརྒྱ་དང་ཡི་དམ་གྱི་བཟླས་པ་ཅུང་ཟད་བྱས་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་འོད་ཟེར་དང་བཅས་པ་འཕྲོས། ལྕམ་དྲལ་གཉིས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་གང་བསྒོ་བ་མཉན་པར་བསམས་ལ། ཨོཾ་བཛྲ་ཤཱནྟིཾ་བྷྱོཿ ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷ་ར་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། མཐར་ཕྱི་མཆོད་ནང་མཆོད། འདོད་དོན་གསོལ་གདབ་བཅས་གོང་ལྟར་དང༌། སྐོང་བ་བྱེད་ན་གཞན་དུ་གསལ་བ་ལྟར་བྱ། གང་ལྟར་ཡང་བསྟོད་པ་ནི་རྡོ་དྲིལ་བཅས། བྷྱོཿ དཔལ་ལྡན་དཀར་མོ་ཉི་ཟླ་ནི། །དར་དཀར་འཇོལ་བེར་སྐུ་ལ་གསོལ། །རི་རབ་གླིང་བཞི་ཕྱག་ན་བསྣམས། །སྐྱེ་འགྲོ་གསོ་མཛད་ཁྱོད་ལ་བསྟོད། །ཧཱུྃ་དཔལ་ཆེན་བཀའ་ཡི་ཕོ་ཉ་ནི། །རླུང་གི་ཤུགས་ཅན་བདུད་རྟའི་སྟེང༌། །

p. 198

མདོག་ནག་རུ་མཚོན་ཐོད་ཕྲེང་ཅན། །བདུད་རྒྱལ་མགོན་པོ་ཁྱོད་ལ་བསྟོད། །ཧཱུྃ་བདུད་རྟ་བྲ་ནག་རུས་རྒྱན་ཅན། །དེ་སྟེང་གཤིན་རྗེ་ཁྲོས་པའི་གཟུགས། །བ་དན་མི་སྙིང་ཁྲོམ་ཤིང་ཐོགས། །སྲོག་བདག་ནག་པོ་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །གཉིས་པ་སློབ་མ་ལ་བྱ་བ་ནི། སློབ་མ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ། དམ་ཚིག་དང་ལྡན་པ་གཅིག་ནས་བདུན་གྱི་བར་ཁྲུས་བྱས་གྲལ་ལ་འཁོད་པ་ལ་ལས་ཀྱི་རྡོ་རྗེས་མེ་ཏོག་བཀྲམ་བསྡུ་ཚར་བ་དང༌། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་འདིར་སྙིགས་མ་ལྔ་བདོ་བའི་དུས་སུ་ཆོས་བྱེད་པའི་གང་ཟག་ནི་དཀོན་ཞིང༌། རེ་རེ་ཙམ་བྱུང་བ་ལ་བར་ཆད་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་བས། དེ་ཉིད་ཟློག་པར་བྱེད་པ་ལ་སྲུང་མ་རེ་བསྟེན་དགོས་ཏེ། འཇིག་རྟེན་པའི་སྲུང་མ་རྣམས་ནི་བསྟེན་ཀྱང་དགོས་པ་མེད་པས་ཆོས་པ་རྣམས་ཀྱིས་སྙིང་རྗེས་ཀུན་ནས་བསླངས་ཏེ་གཏོར་མ་རེ་ཙམ་སྟེར་བ་མ་གཏོགས་བསྟེན་ཅིང་བསྒྲུབ་པར་བྱ་བ་མ་ཡིན། དེས་ན་འཇིག་རྟེན་ལས་འདས་པའི་སྲུང་མ་ཁྱད་པར་ཅན་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རེ་བསྟེན་དགོས། དེའི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་ཆེས་བྱིན་རླབས་ཆེ་བའི་སྲུང་མ་འདི་ནི། འཁོན་ཀླུའི་དབང་པོ་དང༌། འཁོན་རྡོ་རྗེ་རིན་ཆེན་གཉིས་ཀྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལས་དངོས་སུ་གསན་ཅིང༌། དེ་དག་ནས་འཁོན་སྟོན་རིམ་པར་བརྒྱུད་དེ། རྩ་བའི་བླ་མ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང༌། དེའི་གཅུང་འཇམ་དབྱངས་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་པ་སྐུ་མཆེད་ཀྱི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པར་བྱོན་པའི་ས་སྐྱ་པའི་ཕ་ཆོས་ལྷད་མེད་པ་རྡོ་རྗེ་ཕུར་པའི་ཆོས་སྐྱོང་དཀར་མོ་ཉི་ཟླ་དང༌། བདུད་རྒྱལ་ཐོད་ཕྲེང་ལྕམ་དྲལ་གྱི་རྗེས་སུ་གནང་བ་

p. 199

བསྒྲུབ་པར་བྱ་བ་ཡིན་ཞིང༌། དེ་ལྟ་བུའི་རྗེས་སུ་གནང་བ་བྱེད་པ་ལ་སློབ་མ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ་གཅིག་ནས་བདུན་གྱི་བར་ཟུང་དུ་མ་གྱུར་པ་ཞིག་ལ་བྱ་བ་དགོས་པ་ཡིན་ཏེ། དེ་ལ་སློབ་དཔོན་གྱི་བྱ་བ་ཡི་དམ་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་དང༌། མདུན་དུའང་སྲུང་མའི་ཚོགས་རྣམས་བསྐྱེད་ཅིང་མཆོད་གཏོར་གྱིས་མཉེས་པར་བྱ་བའི་བར་དགོས་པ་འཁོར་དང་བཅས་པ་ད་ལན་གྱི་གནས་སྐབས་སུ་ལེགས་པར་གྲུབ་ཟིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། བླ་མ་དང་རྡོ་རྗེ་གཞོན་ནུ་ཐ་མི་དད་པ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད་ནས། འདུད་ཀྱི་བར་དང༌། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཤློ་ཀ་གཉིས། དེ་ལྟར་གསོལ་བ་བཏབ་ནས། ཁྱེད་རང་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར་ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ལྟར་རྒྱུད་དག་པར་བྱས་ནས་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་དཀར་མོ་ཉི་ཟླ་ལྕམ་དྲལ་གྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ལན་གསུམ་གསོལ་བ་བཏབ་ནས། རྗེས་

p. 200

གནང་དངོས་ལ་སྐུ་དང་གསུང་གི་རྗེས་སུ་གནང་བ་གཉིས་ལས། དང་པོ་སྐུའི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་རྡོ་རྗེ་གཞོན་ནུ་དངོས་ཡིན་སྙམ་དུ་གུས་འདུད་དྲག་པོ་དུང་པ་རེ་བྱས་པས་སློབ་དཔོན་གྱིས། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ནས་ཀོ྅ཧཾ་གི་བར་བརྗོད། ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་ཉི་མ་ཟླ་བ། དབང་ཕྱུག་ཕོ་མོ་བསྣོལ་བའི་གདན་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཡུམ་འཁོར་ལོ་རྒྱས་འདེབས་དང་མཉམ་པར་སྦྱོར་བའི་སྐུ་ཅན་རེ་རེར་གྱུར་པའི་སྙིང་གར་ཉི་ཟླའི་སྟེང་དུ་ཧཱུྃ་མཐིང་ནག་རེ་ཡོད་པའི་མོས་པ་མཛད་ནས་སླར་ཡང་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། མདུན་གྱི་ཡི་དམ་ཆོས་སྐྱོང་སོགས་ལ་ཕོག་པས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། དཀར་བདུད་ལྕམ་དྲལ་ལ་ཕོག་པས་དེའི་ཐུགས་རྒྱུད་བསྐུལ་ནས། ལྕམ་དྲལ་གཉིས་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་གང༌། དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད། སྐུ་རྣམས་ཚུར་འདུས་ནས་ཁྱེད་རང་རྣམས་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་སིབ་སིབ་ཐིམ་པའི་རྐྱེན་གྱིས་སྐུའི་བྱིན་རླབས་ཞུགས་ཤིང༌། ཕྲིན་ལས་རྣམ་པ་བཞི་རང་དབང་མེད་པར་བསྒྲུབ་པའི་མོས་པ་མཛོད་ཅེས་གུ་གུལ་གྱིས་བདུག དྲིལ་བུ་དང་རོལ་མོའི་སྒྲ་དྲག་པོ་མང་དུ་བྱ། འོག་ནས་འབྱུང་བའི་སྔགས་ཚན་གཉིས་པོའི་མཇུག་ཏུ། ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་ཡང་བརྗོད། དེ་དག་ནི་སྐུའི་རྗེས་སུ་གནང་བའོ། གཉིས་པ་གསུང་གི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་གུས་འདུད་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས་མདུན་གྱི་ཡི་དམ་ཆོས་སྐྱོང་སོགས་ལ་ཕོག དེ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས་དཀར་བདུད་ལྕམ་དྲལ་ལ་ཕོག་པས། ལྕམ་དྲལ་གཉིས་ཀྱི་གསུང་གི་

p. 201

རང་བཞིན་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང་ནས། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་སིབ་སིབ་ཐིམ་པས་གསུང་གི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཞུགས་པའི་མོས་པ་མཛོད། སྔགས་ཚན་གཉིས་རོལ་མོ་བདུག་པ་སོགས་བྱེད། དེ་ནས་བཟླས་ལུང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། དཀར་མོ་ཉི་ཟླའི་ཐུགས་ཀར་ཉི་ཟླའི་སྟེང་དུ་བྷྱོཿ བདུད་རྒྱལ་གྱི་ཐུགས་ཀའི་ཉི་ཟླའི་སྟེང་དུ་ཏྲག་དེ་གཉིས་ཀྱི་ཐུགས་ཀར་སྔགས་ཕྲེང་གིས་བསྐོར་ནས་ཡོད་པར་མོས་ལ། སློབ་དཔོན་མདུན་བསྐྱེད་ཡི་དམ་ཆོས་སྐྱོང་སོགས་ལ་གུས་འདུད་བྱས་པས། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་དཀར་བདུད་ལྕམ་དྲལ་ལ་ཕོག་པས། དེ་གཉིས་ཀྱི་ཐུགས་ཀའི་སྔགས་ཕྲེང་ས་བོན་དང་བཅས་པ་ལས་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང༌། ལྕམ་དྲལ་གྱི་ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་སིབ་སིབ་ཐིམ་པར་མོས་ནས་སྔགས་འདི་གཉིས་ཀྱི་རྗེས་ཟློས་མཛོད། ཨོཾ་བཛྲ་ཤཱནྟིཾ་པདྨ་ནས། མཱ་ལ་དྷ་ར་ཧཱུྃ་ཕཊ་ཀྱི་བར་གཏོར་ཆོག་བཞིན་དང༌། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། སློབ་དཔོན་གྱིས་མེ་ཏོག་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་ཁྱེད་རང་རྣམས་ཀྱི་མགོ་ཐོག་ཏུ་བཞག་པའི་མོས་པ་མཛོད་བྱས་ལ་སྔགས་གཉིས་ལན་གསུམ་ཙམ་བརྗོད། དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་མགོ་ཐོག་ཏུ་མེ་ཏོག་བཞག་ཅིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་བཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དཀར་བདུད་ལྕམ་དྲལ་གྱི་གསུང་གི་བྱིན་རླབས་དང་ནུས་

p. 202

མཐུ་ཐམས་ཅད་འཇུག་པར་གྱུར་ཅིག ལས་ཀྱི་རྡོ་རྗེས་གཏོར་མ་ལ་དཔལ་འབར་བཙུགས་ནས་ཕུལ། སློབ་དཔོན་གྱིས་ཕྱག་ཏུ་བཟུང་ལ། དེ་ནས་ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། གཏོར་མ་འདི་ཉིད་དཀར་བདུད་ལྕམ་དྲལ་འཁོར་དང་བཅས་པར་མོས་པའི་སྟེང་གི་ཆ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་ནས་རྩ་བའི་བླ་མས་བཀའ་བསྒོས་པ་བཞིན་དུ་བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་བཀའ་བསྒོས་པའི་མོས་པ་མཛོད་ཅིག ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། འཁོན་ཀླུ་དབང་སྲུང་བ། འཁོན་རྡོ་རྗེ་རིན་ཆེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང༌། འཁོན་སྟོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཁའུ་པ་འོད་ལྡན་དཔལ། ཁུ་ལུང་པ་ཀུན་དགའ་འོད་ལྡན། ལོ་ཙཱ་བ་མཆོག་ལྡན། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་བསོད་ནམས། འཇམ་དབྱངས་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན། ཁ་སྐོང་ནི། སྔགས་འཆང་ཀུན་དགའ་རིན་ཆེན། སྔགས་འཆང་གྲགས་པ་བློ་གྲོས། འཇམ་མགོན་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། འཇམ་མགོན་དཔལ་ལྡན་ཆོས་སྐྱོང༌། སྔགས་འཆང་བླ་མ་ངག་

p. 203

དབང་ཀུན་དགའ་རིན་ཆེན་དང༌། འཇམ་མགོན་རྡོ་རྗེ་རིན་ཆེན་ལ་སོགས་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དཀར་མོ་ཉི་ཟླ་བདུད་རྒྱལ་འཁོར་དང་བཅས་པས་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པ་རྣམས་དང་ཁྱད་པར་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ནས་བསྲུང་བ་དང༌། སྐྱབས་པ་དང༌། སྦ་བ་དང༌། འགོ་བའི་ཕྲིན་ལས་མཛོད་ཅིག མདོར་ན་འདི་རྣམས་ཀྱི་དམ་པ་ཆོས་སྒྲུབ་པའི་འགལ་རྐྱེན་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ཞིང༌། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས། ཕྲིན་ལས་རྣམ་པ་བཞི་གང་བཅོལ་བ་ཐམས་ཅད་མྱུར་དུ་འགྲུབ་པའི་ཕྲིན་ལས་དམ་པ་མཛོད་ཅིག ཅེས་བཀའ་བསྒོས་ཤིང་དོན་བསྒྲུབ་པར་བསམ། འདིའི་གཏོར་མ་སློབ་མའི་མདུན་དུ་འཛིན་པ་མ་གཏོགས་མགོ་ཐོག་ཏུ་མི་འཇོག སློབ་མའི་ལག་པར་གཏད་ཅིང་སྔགས་བཟླས་རོལ་མོ་བྱེད་དོ། །དེ་ནས་སྲུང་མ་འདི་ཉིད་མི་འབྲལ་ཞིང་ཉེ་བར་བྱ་བའི་ཕྱིར། རྗེས་གནང་ཐོབ་ཕྱིན་ཆད་དུས་རྒྱུན་དུ་མཆོད་གཏོར་མ་ཆག་པར་འབུལ་དགོས་ཞེས་སློབ་མ་ལ་བསྒོའོ། །དེ་རྣམས་ཀྱིས་རྗེས་སུ་གནང་བ་ཟབ་མོ་ཐོབ་པས། དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་བསྲུང་བསྡམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། རྗེས་གནང་ཐོབ་པའི་གཏང་རག་ཏུ་དམིགས་ཏེ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་ལུས་དང་ལོངས་སྤྱོད་ལ་སོགས་པའང་ཡོན་དུ་འབུལ་ཞིང་ཆ་ཤས་ནས་ཀྱང་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་རྣམས་ཀྱི་སྒོ་ནས་ཕུར་སྲུང་ཁྱད་པར་ཅན་དཀར་བདུད་ལྕམ་དྲལ་གྱི་རྗེས་སུ་གནང་བ་ཟབ་མོ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེ་བར་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད་ནས་སློབ་མ་རྣམས་རང་གནས་སུ་གཏང༌། དེ་ནས་སློབ་

p. 204

དཔོན་གྱིས་ཚོགས་ཡོད་ན་ཕུར་པའི་ཚོགས་བསྡུས་པ་ལྟར་བྱ། ཐུན་གཏོར་སོགས་འབུལ་དགོས་ཡོད་ན་འབུལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ། རྟེན་ཡོད་པ་རྣམས་ལ་བརྟན་བཞུགས། མེད་པ་རྣམས་ལ་གཤེགས་གསོལ། གོ་ཆ་བསྒོ་བ། བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་བདག་བསྐྱེད་སྐབས་ཐོབ་དང་བསྟུན་ནས་བྱའོ། །ལམ་ཟབ་རྡོ་རྗེ་ཕུར་པ་འདིའི། །ཆོས་ཟབ་གནད་རྣམས་སྲུང་མཛད་པའི། །རབ་ཟབ་དཀར་བདུད་ལྕམ་དྲལ་གྱི། །མཆོག་ཟབ་རྗེས་གནང་བྱ་ཚུལ་ནི། །ས་ལོ་སྐུ་མཆེད་སྐུ་དྲིན་ལས། །ལེགས་པར་ཐོབ་པའི་ས་སྐྱ་པ། །རིག་འཛིན་ངག་གི་དབང་པོ་མཆོག །ཀུན་དགའ་རིན་ཆེན་བདག་གིས་སྦྱར། །ཅེས་རྡོ་རྗེ་ཕུར་པའི་སྲུང་མ་ཐུན་མོང་མ་ཡིན་པ་དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་བྱ་ཚུལ་འདི་ནི། རང་གི་མཆོད་གཡོག་པ་བློ་གྲོས་གསལ་བའི་ཀ་བཅུ་པ་ཀུན་དགའ་སེང་གེས་བསྐུལ་བའི་ངོར། ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་པའི་རྗེས་གནང་གི་ཡིག་ཆ་ལ་བརྟེན་ཞིང༌། དེ་དག་ཏུ་མི་གསལ་བ་རྣམས་རྗེ་བཙུན་ས་ལོ་ཆེན་པོ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་ཀྱི་གསུང་རྒྱུན་ཕྱག་ལེན་གྱིས་བརྒྱན་ཏེ། ས་སྐྱ་པ་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ། །ཡི་གེ་པ་ནི་ངག་དབང་དཔལ་འབྱོར་གྱིས་བགྱིས་སོ། །འདི་ལ་ཉེས་པའི་ཚོགས་མཆིས་ན་དཀར་བདུད་ལྕམ་དྲལ་ཁྱེད་ཀྱིས་བཟོད་པར་མཛད་དུ་གསོལ། མངྒ་ལཾ་བྷ་ཝ་ཏུ། ཤུ་བྷཾ།། །།

གཏེར་ཁ་གོང་འོག་གི་བརྒྱུད་པའི་གསོལ་འདེབས་མདོར་བསྡུས་གསུང་རྒྱུན་མ།

p. 205

གཏེར་ཁ་གོང་འོག་གི་བརྒྱུད་པའི་གསོལ་འདེབས་མདོར་བསྡུས་གསུང་རྒྱུན་མ་བཞུགས་སོ། །ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨེ་མ་ཧོཿ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། །ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང༌། །བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ། །ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན། །བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན། །གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །བླ་མ་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིཾ་ཧ། །པདྨ་ཀ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་དང་གཏེར་སྟོན་རྒྱ་མཚོ་སོགས། །བཀའ་གཏེར་བླ་མ་རྣམས་ལ་གསོལ༴ །མངའ་སྐྱོང་ཁྲི་ལྡེ་སྲིན་སྦར་གནས་སོགས་ཀྱི། །ཟབ་གཏེར་སྒོ་འབྱེད་དོན་དུ་བསྟན་པའི་བདག །ཉང་རིགས་སྐུ་བལྟམས་རལ་པའི་ཅོད་པན་ཅན། །གོང་མ་ཉི་མ་འོད་ཟེར་ལ་གསོལ༴ །དེ་འོག་ཞིང་

p. 206

དེར་སྤང་སྟོན་གྲུབ་པའི་སྲས། །བོད་ཡུལ་གཏེར་གཅིག་གནམ་སྐས་མཁར་ཆུ་སོགས། །བཅོ་བརྒྱད་སྒོ་འབྱེད་གུ་རུ་ཆོས་དབང་ཞེས། །འབྲེལ་ཚད་དོན་ལྡན་ཆེན་པོ་ལ་གསོལ༴ །འགྲོ་བའི་མགོན་པོ་པདྨ་དབང་ཆེན་དང༌། །མྱོས་སྟོན་ཞིག་པོ་མི་བསྐྱོད་རྡོ་རྗེ་སོགས། །སྲས་དང་སློབ་མ་རིམ་པར་བྱོན་པ་ཡི། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་དུ་སྟོན་མཛད་པའི། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་གྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཁྱེད་རྣམས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཅེས་པ་གཏེར་ཁ་གོང་འོག་གི་བརྒྱུད་འདེབས་མདོར་བསྡུས་རིག་འཛིན་བརྒྱུད་པའི་གསུང་རྒྱུན་ལས་བྱུང་བ་ལྟར་བྲིས་པ་དགེ། །།

ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བསམ་པ་ལྷུན་གྲུབ།

p. 207

ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བསམ་པ་ལྷུན་གྲུབ་བཞུགས། །ཨེ་མ་ཧོ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས། །སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ། །འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན། །འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱི་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས། །ཆོས་རྒྱལ་གདུང་བརྒྱུད་ཐ་ལ་མ་སྟོང་བར། །དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ། །རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན། །ཨོ་རྒྱན་པདྨ་འབྱུང་གནས་ལ༴ བསམ་པ་ལྷུན་གྱིས་འགྲུབ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས། །མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ། །ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ། །བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན། །ཨོ་རྒྱན༴ བསམ་པ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། །ནང་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན། །ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན། །འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན། །ཨོ་རྒྱན༴ བསམ་པ༴ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ། །སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས། །ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེ། །དེ་འདྲའི་དུས་ན་བདག་འདྲ་ཐུགས་རྗེས་སྐྱོབས། །དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན། །ཨོ་རྒྱན༴ བསམ་པ༴ །ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས། །ཆོས་འཁོར་གཉེན་པོ་འཇིག་ལ་ཐུག་པའི་ཚེ། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ཧོར་སོག་དམག་དཔུང་ཟློག་པར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ །སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ། །མི་

p. 208

བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ༴ །ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས། །ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ། །ཨོ་རྒྱན༴ བསམ་པ༴ །འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ། །སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས། །དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ །ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན། །དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས། །ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ །སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ། །ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་གཞི་བདག་གཉེན་པོའི་འཁོར་དང་བཅས། །ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ །སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན། །འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས། །གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ །ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས། །སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས། །འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ །ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ། །བསད་ཁྱེར་ཇག་པའི་ཆོམ་པོས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན། །ཙཽ་ར་མི་རྒོད་རྔམ་སེམས་རླག་པར་བྱེད། །ཨོ་རྒྱན༴ བསམ་པ༴ །གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས། །མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས། །

p. 209

གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར། །ཨོ་རྒྱན༴ བསམ་པ༴ །ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ། །གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ། །བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ། །ཨོ་རྒྱན༴ བསམ་པ༴ །སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ། །འཁྲུལ་སྣང་ཉིད་འཁྲུལ་སྡུག་བསྔལ་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས། །འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ །གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན། །ཡིད་གཉིས་ཐེ་ཚོམ་མེད་པར༴ །ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ། །སྡུག་བསྔལ་འཁྲུལ་བ་རྩད་ནས་གཞིག་པར་བྱེད། །ཨོ་རྒྱན༴ བསམ་པ༴ །འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༌། །ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན། །དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་ཐུགས་རྗེས་འཕོ་གྱུར་མེད་པར་གཟིགས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་སོ།། ༈ །སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་བསམ་དོན་མྱུར་འགྲུབ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེར། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པས་གང་ཤར་ཤུགས་འབྱུང་དུ་གསོལ་བ་བཏབ་པ་དགེ། །།

བླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་བྱིན་རླབས་གཏོར་མའི་དབང་བསྐུར་བྱ་བའི་ཚུལ།

p. 210
p. 211

བླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་བྱིན་རླབས་གཏོར་མའི་དབང་བསྐུར་བྱ་བའི་ཚུལ་བཞུགས་སོ།།

p. 212

ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོ་ཡི། །གསང་གསུམ་ཀུན་འདུས་ཐོད་ཕྲེང་རྩལ། །སྙིང་དབུས་པདྨོའི་ཟེའུ་འབྲུའི་རྩེར། །བཞུགས་ལ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལ་འདིར་བླ་མ་གསང་བ་འདུས་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་གཏོར་དབང་གནད་ཀྱི་ཤོག་གཅིག་མ་བསྐུར་བར་སྤྲོ་ན། ལས་གཞུང་གི་དངོས་གྲུབ་བླང་བའི་བར་དཀྱུས་ལྟར་སོང་ནས། དཀྱིལ་འཁོར་དུ་ཚོགས་པའི་འདུས་པ་རྣམས་ལས་གཞན་པ་གསར་དུ་འཇུག་ན། ཁྲུས་བྱ། བགེགས་ཕྲལ། སྲུང་འཁོར་བསྒོམ་པ་རྣམས་མདོར་བསྡུས་ཙམ་སྔོན་དུ་གཏོང༌། ཇི་ལྟར་ཡང་སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཇི་སྐད་དུ་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ལས། རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པར་

p. 213

བྱ། །མར་གྱི་ངོ་ཡི་ཚེས་བཅུ་དང༌། །ཟླ་བ་ཡར་ངོར་གྱུར་པ་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །ཞེས་དང༌། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་ཞལ་ནས། ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །བསྙེན་སྒྲུབ་སྐོང་བཤགས་ཚོགས་མཆོད་འབད་པར་བྱ། །ཞེས་གསུངས་པ་ལྟར་ཡར་ངོ་དང་མར་ངོའི་ཚེས་བཅུའི་དུས་སུ་ཕྱི་རོལ་དུ་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རློབ་པའི་ཕྱིར་རང་བཞིན་གྱིས་འདུ་ཞིང༌། ནང་དུ་རྣལ་འབྱོར་པའི་རྩ་རླུང་ཐིག་ལེ་རྣམས་ཐིམ་དང་ལོངས་སྤྱོད་བདག་པོའི་འགྲོས་ཀྱིས་དབུ་མར་འདུ་བས་ཉེ་བའི་འདུ་བ་ཞེས་དུས་ཁྱད་པར་དུ་འཕགས་པའི་སྐབས་འདིར་སྣང་གྲགས་རིག་གསུམ་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལས་མི་འདའ་བའི་སྒོ་ནས་ཕྱི་ནང་གི་དཀྱིལ་འཁོར་གྱི་ཚོགས་ཀྱི་ལོངས་སྤྱོད་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས་ཡུལ་དང་དབང་པོ་གཉིས་སུ་མེད་པའི་བདེ་ཆེན་རྡོ་རྗེའི་དམ་ཚིག་གིས་མཉེས་པར་བྱ་བ་ནི་བསོད་ནམས་དངོས་གྲུབ་རྒྱ་མཚོའི་ཉེར་ལེན་མཆོག་ཏུ་གྲུབ་པར་མ་ཟད། རང་ཅག་གངས་ཅན་པའི་འགྲོ་བ་རྣམས་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེས་རྨད་དུ་བྱུང་བའི་སྐྱབས་དང༌།

p. 214

མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ། སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས། དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་ཞིང་འདིར་ངོ་མཚར་མཛད་པའི་གཙོ་བོ་རགས་རིམ་རྣམས་བསྟན་པ་དང༌། རྗེས་འཇུག་གི་གདུལ་བྱ་རྣམས་ལ་ཐུགས་རྗེའི་གཟུགས་དང་ཁྱད་པར་ཅན་མངོན་སུམ་དུ་འཇུག་པས་བྱིན་གྱིས་རློབ་པར་ཞལ་གྱིས་བཞེས་པའི་དུས་ཀྱང་ཡར་ངོའི་ཚེས་བཅུའི་དུས་ཆེན་འདི་རྣམས་ཡིན་པའི་ཚུལ་བླ་མ་གསང་བ་འདུས་པའི་ཞལ་གདམས་ལས། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ ཞེས་དང༌། རིག་འཛིན་རྒོད་ལྡེམ་གྱི་གཏེར་བྱོན་མངའ་བསྐྱེད་ནོར་བུའི་བང་མཛོད་ལས། བོད་ལ་བདེ་བསྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང་༔ དེ་དུས་ང་ལ་མོས་པ་ཡིས༔ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་ལྟོས༔ ཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ འགྲོ་དྲུག་ཐུགས་རྗེས་འདྲེན་པ་ཡི༔ ལས་དང་སྨོན་ལམ་རྒྱ་ཆེར་ཐོབ༔ འབྲིང་གིས་ལུས་ངག་ཡིད་གསུམ་གྱིས༔ སྒྲིབ་སྦྱོང་ལས་ལ་བརྩོན་པར་གྱིས༔ ཞེས་དང༌། ཡང་སྙིང་འདུས་པའི་སྐུལ་བྱང་ལས། ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་བློན་སྔགས་སློབ་ལ༔ འབྱུང་ངོ་ཅོག་གི་ཚེས་བཅུའི་དུས༔ ང་ཉིད་འབྱོན་པའི་དབུ་བསྙུངས་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཅིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྟུང་ན་ངེས་ཤེས་ཀྱིས༔ བློ་སྙིང་བྲང་གསུམ་ང་ལ་གཏོད༔ ཅེས་དང༌། ཞལ་གདམས་གསེར་ཕྲེང་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་ཆེན་བཅུ་ཡི་ཉིནཿ ཨོ་རྒྱན་ང་

p. 215

དངོས་བོད་ཡུལ་ཐམས་ཅད་དུ༔ ངེས་པར་འབྱོན་ནོ་ང་ཡི་ཐ་ཚིག་ཡིན༔ བྱུང་ངོ་ཅོག་གི་ཟླ་བའི་ཚེས་བཅུ་ལ༔ སྤྲུལ་པས་གངས་ཅན་ཁྱབ་པར་མི་འབྱོན་རེའི༔ ཐ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས༔ སྤྱོད་ལྡན་གཏོར་མ་རིན་ཆེན་འབར་བ་བཤམས༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲ་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུས་ངུས་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་འབྱོན་དམ་ཚིག་ན་ར་ཀན༔ ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་སྤྱི་དང་བྱེ་བྲག་གི་ཕན་ཡོན་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དུས་བཟང་ཚེས་བཅུའི་མཆོད་པའི་དངོས་གྲུབ་བླང་བའི་ཆོ་ག་དང་རྗེས་སུ་འབྲེལ་བར། འཇམ་དཔལ་དབྱངས་དངོས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་མཁར་ཆུ་གནམ་སྐས་ཅན་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་གཏོར་དབང་གནད་ཀྱི་ཤོག་གཅིག་མ་དང༌། རིག་འཛིན་པདྨ་གླིང་པའི་བླ་མ་ནོར་བུ་རྒྱ་མཚོའི་རབ་འབྱམས་བཀའི་དབང་བསྐུར་ལས་འབྱུང་བའི་གཏོར་དབང་སྟེ། བརྒྱུད་པའི་ཁྱད་པར་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སྤྲོ་ན། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་སྐྱབས་གནས་རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་

p. 216

སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ་ལས་གཞུང་གི་སྐྱབས་སེམས་ལན་གསུམ། བྱིན་རླབས་ཀྱི་གཞི་བརྟན་པར་བྱེད་པ་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ་གཞི་ལུས་ཀྱི་བཀོད་པ་དབང་ཆེན་རྟ་མཆོག་ཧེ་རུ་ཀ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ། ཡབ་ཡུམ་གྱི་སྤྱི་བོར་རྟ་གདོང་དང་ཕག་ཞལ་བཞད་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཉིས་བརྐྱངས་བསྐུམས་གར་གྱི་རོལ་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་ལམ་གྱིས་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པ་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རང་བཞིན་གྱིས་གནས་དང༌། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་རབ་འབྱམས་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ཐུགས་མོས་མཛོད། སྤྱན་འདྲེན་རྒྱས་བསྡུས་ཇི་ལྟར་རིགས་པའི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་བྱིན་དབབ། ཨོཾ་ཏིཥྛ་བཛྲས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས་བྱིན་རླབས་གཏོར་མའི་དབང་བསྐུར་བ་དངོས་ལའང༌། གཏོར་མཆོད་དུས་སུ་གཏོར་མར་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། དངོས་གྲུབ་བླང་བའི་དུས་སུ་དམ་རྫས་སུ་ཤེས་པ་སྟེ་གསུམ་ལས། འདིར་དབང་དུས་སུ་ལྷར་ཤེས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འབྱུང་བ་

p. 217

རིམ་བརྩེགས་རིན་ཆེན་འབར་བའི་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་པད་ཉི་ཟླ་བའི་གདན་ལ་རྩ་གསུམ་ཀུན་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། རྒྱན་ཆ་ལུགས་ཐམས་ཅད་མ་འདྲེས་ཤིང་ཡོངས་སུ་རྫོགས་པ་ཆུ་ཟླའམ་འཇའ་ཚོན་ལྟ་བུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག ལྟེ་བར་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པར་གྱུར་པ་ལས་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་རབ་འབྱམས་བསམ་གྱིས་མི་ཁྱབ་པས་མཆོད་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། སློབ་དཔོན་གྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་གྱིས་མཆོད། དེ་ནས་སླར་ཡང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ་ཐ་མི་དད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་དངོས་གཞིའི་དབང་བསྐུར་བ་མ་ལུས་པ་སྩལ་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་འདྲེན་པའི་གཙོ༔ བདག་ཅག་ལས་འཕྲོ་སྐལ་བར་ལྡན༔ རང་གཞན་དོན་ཀུན་བསྒྲུབ་བྱའི་ཕྱིར༔ དབང་ཆེན་ཡོངས་རྫོགས་བསྐུར་དུ་གསོལ༔ དེ་ནས་གཏོར་མ་བཏེག་ལ། ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཏོར་མ་ལྷར་གསལ་བའི་ཐུགས་རྒྱུད་བསྐུལ་ཏེ་སྐུ་དགེས་པའི་གར་མཛད། གསུང་སྔགས་ཀྱི་རང་སྒྲ་སྒྲོགས། ཐུགས་མཁྱེན་བརྩེ་ནུས་པའི་སྒོ་འཕར་བརྒྱ་ཕྲག་ཏུ་དབྱེ་བཞིན་པས་སོ་སོ་རང་རང་གི་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བྱོན་ནས། སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ཨོཾ་ཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང༌། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཨོཾ་ལ་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་

p. 218

རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་ཨཱཿཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ཧཱུྃ་ཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ལྟེ་བའི་ཧྲཱིཿལས་འོད་ཟེར་དམར་སེར་ཧྲཱིཿཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་ལྟེ་བའི་ཧྲཱིཿལ་ཐིམ་པས་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང་༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་པ༔ སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃཿ གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཀཱ་ཡ་ཝཱཀ་ཙིཏྟ་རཀྵ་རཀྵ་ཀུ་རུ་སྭཱཧཱཿ ཞེས་ཛབ་དབྱངས་དང་བཅས་ཏེ་གཏོར་མ་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རེག་ཅིང༌། སླར་ཡང་གཏོར་མའི་བླ་མ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་འབྲལ་མེད་དུ་བཞུགས་པའི་མོས་པ་མཛོད།

p. 219

ཅེས་དང་རྩ་སྔགས་བརྗོད་ཅིང་གཏོར་མ་སྤྱི་བོར་བཞག མཐར་གཏོར་མ་དངོས་གྲུབ་ཏུ་ཤེས་པ་ནི། ཁྱེད་རང་རྣམས་ལྷར་གསལ་བའི་སྤྱི་བོར་བླ་མ་དང་རྩ་ཁམས་དཔའ་བོ་དང་རྣལ་འབྱོར་མར་དག་པས། གཏོར་མ་དངོས་གྲུབ་ཀྱི་བདུད་རྩིར་འཁྱིལ་པ་དེ་རོལ་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པའི་མོས་པ་མཛོད། ཅེས་བརྗོད་དེ་གཏོར་མའི་མཐའ་རས་དངོས་གྲུབ་ཀྱི་རྫས་སུ་སྦྱིན་ཅིང་ཚེ་རིལ་གཡས་དང་ཚེ་ཆང་གཡོན་སྐོར་དུ་འགྱེད། དེས་དབང་གི་དངོས་གཞི་ལེགས་པར་གྲུབ་ནས་མཐའ་བརྟེན་ཤིས་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང༌། བྱེ་བྲག་ཏུ་ཡང་བདེར་གཤེགས་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་དཔའ་བོ་དང་རྣལ་འབྱོར་མ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཏེ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོགས་ཤིང་མེ་ཏོག་མནྡཱ་རའི་ཆར་ཆེན་པོ་ཕབ་པས་ཤིན་ཏུ་བཀྲ་ཤིས་པར་བྱས་པའི་ཐུགས་མོས་མཛོད། ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་པའི་ཤེས་བརྗོད་ཇི་ལྟར་རིགས་པ་དང་བཅས་ཏེ་མེ་ཏོག་གི་ཆར་ཕབ། སྤྲོ་ན་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་བྱའོ། །རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྗེའི། །བྱིན་རླབས་དབང་བསྐུར་རིམ་པ་འདིས། །འགྲོ་ཀུན་རྔ་ཡབ་དཔལ་གྱི་རིར། །འཇུག་པའི་ལམ་བཟང་ཉིད་གྱུར་ཅིག །བླ་མ་གསང་བ་འདུས་པའི་ཚེས་བཅུའི་མཆོད་པ་དང་འབྲེལ་བར་གཏོར་དབང་གནད་ཀྱི་ཤོག་གཅིག་མ་ཇི་ལྟར་བསྐུར་བའི་ཚུལ་བཀླགས་ཆོག་ཏུ་བཀོད་པ་འདིའང༌། ཤཱཀྱའི་དགེ་སློང་རིག་པ་འཛིན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་སྦྱར་བའི་དགེ་བས་མཐའ་ཀླས་པའི་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་པདྨ་དྲྭ་བ་ཅན་གྱི་དགའ་ཚལ་དུ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག འདི་ཉིད་དུས་གཞན་དུ་བྱེད་པའི་ཚེ་ཚེས་བཅུའི་ཕན་ཡོན་དོར་ཏེ། དེའི་ཚབ་ཏུ་སྤྲོ་ན་གསར་རྙིང་བཀའ་གཏེར་གྱི་དབྱེ་བ་དང་འབྲེལ་བར་གུ་རུ་རིན་པོ་ཆེའི་ཆེ་བ་ཇི་ལྟར་རིགས་པ་བརྗོད་ཅིང༌། མ་ནུས་ན་སེམས་བསྐྱེད་གསལ་གདབ་ནས་འཇམ་པའི་དབྱངས་དངོས་སོགས་ལ་འཇུག་པས་ཆོག་གོ།

ཉང་ལུགས་གུ་རུ་དྲག་དམར་གྱི་གཏོར་མའི་ལས་མཐའ་དགྲ་བགེགས་སྲོག་གི་སྤུ་གྲི།

p. 220
p. 221

ཉང་ལུགས་གུ་རུ་དྲག་དམར་གྱི་གཏོར་མའི་ལས་མཐའ་དགྲ་བགེགས་སྲོག་གི་སྤུ་གྲི་ཞེས་བྱ་བ་བཞུགས་སོ།།

p. 222

བླ་མ་དྲེགས་པ་འདུལ་མཛད་ལ་ཕྱག་འཚལ་ལོ། །འདིར་ཉང་ལུགས་གུ་རུ་དྲག་པོའི་སྒོ་ནས་གཏོར་ཟློག་བྱ་བ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། རབ་དྲག་པོའི་ལས་དང་མཐུན་པའི་གནས་སམ། དེ་མིན་སྒྲུབ་ཁང་གི་ལྷོ་ཕྱོགས་སུ་སྟེགས་མཐོ་བར་བླ་མ་དྲག་པོའི་སྐུ་བརྙན་བྲིས་འབུར་གང་རུང་བཤམ། དེའི་མདུན་དུ་ཡི་དམ་ཆོས་སྐྱོང་གི་གཏོར་མ། སྐོང་གཏོར་རྒྱས་བསྡུས་ཅི་རིགས། དེའི་མདུན་དུ་ཟློག་དཀྱིལ་ཆོས་འབྱུང་གྲུ་གསུམ་མུ་རན་ཅན། ཆོས་འབྱུང་ནང་དམར་པོ། མུ་རན་སྔོན་པོ། ཟླ་གམ་ཁྲག་མཚོ། མུ་ཁྱུད་ཐོད་ཕྲེང༌། པད་འདབ་ཕྱོགས་ཚོན། རྩིབས་སྔོན་པོ་སེར་པོ། གཞི་དམར་པོ། །རྡོ་རྭ་མེ་རི་སྤྱི་མཐུན་ནོ། །མ་འབྱོར་ན་ཞིང་ལྤགས་ལ་ཁྲག་གི་སྦགས་པའི་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང༌། གང་ལྟར་ཡང་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་དཔལ་གཏོར་གྲུ་གསུམ་རྣོ་དབལ་ཅན་འཁོར་བརྒྱད་ཀྱིས་བསྐོར་བ། མཚེ་ཡུངས་རྩངས་དང༌། ཁྲམ་བྱང་སོགས་དྲག་རྒྱན་རྔམས་བརྗིད་དང་ལྡན་པའི་རྩེར་སྐུ་རྟེན་སྲུང་ཟློག་གི་ཙཀྲ། དར་དམར་པོའི་གུར་ཕུབ་པ། མཐའ་རྡོ་རྭའི་ཁར་གཏོར་ཟོར་ཁྲག་ཟོར་ཡུངས་

p. 223

ཟོར་རྣམས་ཕྱོགས་རེར་ཚར་རེ་བཤམས། དེའི་མཐར་གཡས་སྐོར་དུ་ཁྲག་གི་ཨརྒྷཾ་སོགས་དྲག་མཆོད། མཆོད་ཡོན་གྱི་རྒྱབ་ཏུ་རྡུལ་ཚོན་གྱི་འབྲུབ་ཁུང་རྩེ་ལྷོར་ཕྱོགས་པའི་ཁར་ལྕགས་སླང་ངམ་ལྕགས་སྣོད་གྲུ་གསུམ་པར་དགྲ་བགེགས་ཀྱི་ལིངྒ་སྤྱི་དང་མཐུན་པ་ལིང་ཁེབ་བཅས་རྡོ་རྗེས་མནན་པ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ནང་མཆོད། ཌ་མ་རུ། འཐོར་ནས། བྱ་འུག་གི་སྒྲོ། ཕུར་པ་བཅུ་གཉིས། རལ་གྲི། ཐོ་བ། ཉུངས་དཀར་ནག སྐེ་ཤང་སོགས་སྐམ་ཐུན་རློན་ཐུན་འཐོར་ཡབ་བཅས། ཁྲག་ཆང་རྣམས་དང༌། གཞན་ཡང་དུང་ཆེན་རྐང་གླིང་སོགས་དྲག་རོལ་གྱི་ཆས་སོགས་འདུ་བྱའོ། །གཉིས་པ་ནི། སྒྲུབ་པ་པོ་རྣམས་གྲལ་ལ་འཁོད་པ་དང༌། སྔོན་འགྲོ་གཏོར་མ་བསྙེན་ཐབས་ཀྱི་དབུ་ནས་འབྱུང་བ་ལྟར་གཏོང་ཞིང༌། བརྒྱུད་འདེབས། མཆོད་པ་བྱིན་རླབས་སྐྱབས་སེམས་ནས་བརྩམས་ཏེ། ཡང་དག་རྡོ་རྗེའི་དོན་རྟོགས་ཤོག་གི་བར་སྒྲུབ་ཐབས་བཞིན་དང༌། དེ་ནས་རང་ཟློག་དཀྱིལ་འཁོར་དབྱེར་མེད་དུ་བསྒོམ་པ་ལ། ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་ནི། ཧཱུྃ། ཆོས་སྐུ་མི་འགྱུར་རྡོ་རྗེ་སེམས། །པདྨ་རྒྱལ་པོ་འདི་སྐད་གསུང༌། །དང་པོ་ཆོས་རྣམས་དམིགས་མེད་ཅིང༌། །སྨྲ་

p. 224

བརྗོད་བྲལ་བ་རྫོགས་པ་ཆེ། །བློ་འདས་ཆོས་སྐུ་མི་འགྱུར་བའི། །དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ། །བློ་བྲལ་དེ་ཡི་ངང་ནས་ནི། །སེམས་ཅན་ཀུན་ལ་ཁྱབ་པ་ཡི། །བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། །སྟོང་ཉིད་སྙིང་རྗེའི་ངང་ཅན་དེ། །འགྲོ་དོན་དཔག་མེད་བྱེད་པ་ལ། །རྒྱུ་ཡི་ཏིང་འཛིན་རང་གི་སེམས། །ཧཱུྃ་གི་ཡི་གེ་དམར་པོར་གྱུར། །ཨེ་ཡྃ་ར་སུྃ་ཀིཾ་རྃ་བྷྲཱུྃ། །ཨེ་ལས་ནམ་མཁའ་མཐའ་དབུས་མེད། །ཡྃ་ལས་རླུང་གི་དཀྱིལ་འཁོར་གཏམས། །ར་ལས་ཁྲག་གི་རྒྱ་མཚོ་འཁྱིལ། །སུྃ་ལས་ཞིང་ཆེན་ས་གཞི་བརྡལ། །ཀེཾ་ལས་ཀེང་རུས་རི་རབ་བརྩེགས། །རྃ་ལས་བསྐལ་པའི་མེ་ཕུང་འབར། །བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༌། །ཕྱི་ནི་ཐོད་རློན་བར་ནི་རྙིང༌། །སྐམ་པོས་ནང་བྱས་རྩིག་པ་ཅན། །གནམ་ལྕགས་གཟེར་བཏབ་གྲུ་བཞི་པ། །སྒོ་བཞིར་ཞིང་གི་རྒྱལ་མཚན་འཕྱར། །ཚངས་པ་ཕོ་མོའི་ཀ་གདུང་ཅན། །ཞིང་ལྤགས་ཐོག་དང་བླ་བྲེས་བྱས། །རྒྱུ་མའི་དྲྭ་ཕྱེད་དོན་སྙིང་འཕྱང༌། །ཕྱི་ནང་མེ་ཕུང་སྨུག་ནག་འབར། །གཞལ་ཡས་ཁང་པ་དེ་ཡི་ནང༌། །འཁོར་ལོ་སྔོན་པོ་རྩིབས་བཞི་པ། །མུ་ཁྱུད་རྡོ་རྗེ་རྭ་བས་བསྐོར། །དབུས་སུ་གྲུ་གསུམ་མཐིང་ནག་འབར། །ཟླ་གམ་དམར་ནག་གསུམ་དང་བཅས། །གཞལ་ཡས་ཁང་པའི་ཕྱི་རོལ་དུ། །གསེར་གྱི་འཁོར་ལོ་གཡས་སུ་འཁོར། །དེ་རྩེ་སྡིག་པས་མཚན་པའོ། །མེ་ཡི་འཁོར་ལོ་གཡོན་དུ་འཁོར། །རྩེ་བསྣོལ་བར་དུ་དགྲ་བགེགས་འཇོམས། །དེ་རྒྱབ་རྡོ་རྗེའི་གུར་ཁང་ཕུབ། །ཕྱི་རོལ་ཡེ་ཤེས་མེ་ཕུང་འབར། །དགྲ་བགེགས་འབྱུང་པོ་ཐམས་ཅད་བསྲེགས། །དབུས་སུ་པྃ་པདྨ་མཎྜ་ལ། །མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། རཱཀྵ་ས་ཏི་ར་བྃ། པདྨ་ཉི་མ་ཟླ་བ་སྲིན་པོ་ཞིང་ཆེན་བསྣོལ་བའི་གདན་གྱི་སྟེང་དུ། ཧཱུྃ་ཡིག་དམར་པོ་བསམས་པ་ལས། །ཕྱོགས་བཅུར་འོད་འཕྲོས་སངས་རྒྱས་ཀྱི། །ཐུགས་དམ་རྒྱུད་བསྐུལ་འགྲོ་དོན་བྱས། །ཚུར་འདུས་

p. 225

ཧཱུྃ་ལ་ཐིམ་པ་ལས། །བདག་ཉིད་ཟིལ་གནོན་པདྨའི་སྐུ། །དམར་པོ་མེ་ཡི་ཕྲེང་བས་བརྒྱན། །ཞལ་གཅིག་ཕྱག་གཉིས་བརྐྱང་བསྐུམ་བགྲད། །གཡས་པས་རྡོ་རྗེ་ནམ་མཁར་འཕྱར། །གཡོན་པས་ལྕགས་སྡིག་ཁ་དགུ་བསྣམས། །དབུ་སྐྲ་སྣུམ་འབོལ་གྱེན་དུ་འཁྱིལ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་བྱས། །རུས་པའི་རྒྱན་དྲུག་སྐུ་ལ་སྤྲས། །དབུ་དང་ཕྱག་ཞབས་སྦྲུལ་གྱིས་བརྒྱན། །གླང་ལྤགས་ཞིང་ཆེན་གཡང་གཞི་གསོལ། །སྟག་གི་པགས་པའི་འོག་པག་ཅན། །རཀྟ་ཞག་དང་ཐལ་ཆེན་གྱིས། །ཐིག་ལེ་ཟོ་རིས་ཚོམ་བུར་བྱས། །མེ་ཕུང་འབར་བའི་དབུས་ན་བཞུགས། །དེ་ཡི་སྤྱི་གཙུག་བྱ་ཁྱུང་རྒྱལ། །མཐིང་ནག་མེ་ཡི་གཤོག་པ་གདེངས། །གནམ་ལྕགས་ཐོག་མེའི་ཚྭ་ཚྭ་འཕྲོ། །དེ་སྟེང་པདྨ་ཉི་ཟླའི་སྟེང༌། །རིགས་ཀྱི་བདག་པོ་སྣང་མཐའ་ཡས། །སྐུ་མདོག་དམར་པོ་མཉམ་བཞག་ཅན། །དར་དང་རིན་ཆེན་སྣ་ཚོགས་བརྒྱན། །སྐུ་ཡི་ངོ་བོ་ཚོན་གང་པ། །དཔྲལ་བའི་མཛོད་སྤུའི་ཁྲོ་གཉེར་སྟེང༌། །གསེར་གྱི་འཁོར་ལོ་རྩིབས་བཞིའི་དབུས། །འཇམ་དཔལ་སྐུ་མདོག་གསེར་གྱི་མདོག །ཞལ་གཅིག་ཕྱག་གཉིས་དབུ་རྒྱན་ཅན། །ཕྱག་གཡས་ཤེས་རབ་རལ་གྲི་བསྣམས། །གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད། །ཅུང་ཟད་ཁྲོ་ཚུལ་འགྱིང་བག་ཅན། །དེ་ཡི་སྤྱི་བོར་ཡི་གེ་ཨོཾ། །གསེར་མདོག་བདག་སྐུ་བྱིན་གྱིས་བརླབས། །མགྲིན་པར་པདྨ་འདབ་བཞིའི་དབུས། །རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དམར། །སྤྱི་གཙུག་རྟ་མགོ་ལྗང་ཞུར་ཅན། །རྟ་སྐད་ནམ་མཁའི་དབྱིངས་སུ་སྒྲོགས། །གཡས་པས་རྡོ་རྗེ་དབྱུག་པ་འཕྱར། །གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད། །བརྐྱང་བསྐུམ་དོར་སྟབས་བཞུགས་པའོ། །དེ་ཡི་མགྲིན་པར་ཡི་གེ་ཨཱཿ །དམར་པོ་བདག་གསུང་བྱིན་གྱིས་བརླབས། །ཐུགས་ཀར་གསེར་གྱི་མཆོད་རྟེན་སེར། །རི་རབ་བང་རིམ་བུམ་པ་

p. 226

བྲེ། །འཁོར་ལོ་ཏོག་དང་ལྡན་པར་བསྒོམ། །བུམ་པར་ཕྱག་ན་རྡོ་རྗེ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་རྡོ་རྗེ་ནམ་མཁར་འཕྱར། །གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད། །ཁྲོ་གཏུམ་དྲག་པོ་བརྗིད་པའི་སྐུ། །དེ་ཡི་ཐུགས་ཀར་ཧཱུྃ་མཐིང་ནག །བདག་ཐུགས་བྱིན་གྱིས་བརླབས་པའོ། «།འདིར་ས་ལུགས་ཀྱི་ལས་བྱང་དུ། དག་ཅེས་པའི་གཉིས་ཚིག་ལ་དཔྱད་ན། རང་གཙོ་བོའི་ལུས་ལ་གོ་ཆའི་ལྷ་གསལ་བ་དང་ལྷན་ཅིག་ཏུ། ལྷོ་རྩིབས་ལ་འཇམ་དཔལ། ཤར་རྩིབས་ལ་ཕྱག་རྡོར། ནུབ་རྩིབས་ལ་རྟ་མགྲིན་གསལ་དགོས་པ་ཤུགས་ཀྱིས་གྲུབ་ཅེས་གསུངས་ཤིང༌། བྱང་རྩིབས་ལ་ལྷ་གང་གསལ་མ་གསུངས་ཀྱང༌། བྱ་ཁྱུང་རྒྱལ་པོ་ཡིན་ནམ། ཡང་ན་ཁྲོ་བོ་ཡཀྵ་མེ་དཔལ་སྤྱན་དྲངས་ནས་དེར་བཞུགས་རྒྱུ་གང་ཡིན་དཔྱད་པར་ཞུ། མཆན།» སྐུ་ཡི་ཡི་གེ་ཨོཾ་ལས་ནི། །འོད་ཟེར་སེར་པོ་འཕྲོས་པ་ཡིས། །སྐུ་ཡི་ལྷ་ཚོགས་སྤྱན་དྲངས་ནས། །མཛོད་སྤུའི་འཇམ་དཔལ་དག་ལ་ཐིམ། །སྐུ་མི་ཤིགས་རྡོ་རྗེའི་དབང་ཐོབ་གྱུར། །གསུང་གི་སྙིང་པོ་ཨཱཿལས་ནི། །འོད་ཟེར་དམར་པོ་འཕྲོས་པ་ཡིས། །གསུང་གི་ལྷ་ཚོགས་སྤྱན་དྲངས་ནས། །མགྲིན་པའི་རྟ་མགྲིན་དག་ལ་ཐིམ། །གསུང་འགག་པ་མེད་པའི་དབང་ཐོབ་གྱུར། །ཐུགས་ཀྱི་ཡི་གེ་ཧཱུྃ་ལས་ནི། །འོད་ཟེར་མཐིང་ནག་འཕྲོས་པ་ཡིས། །ཐུགས་ཀྱི་ལྷ་ཚོགས་སྤྱན་དྲངས་ཏེ། །ཐུགས་ཀའི་ཕྱག་རྡོར་དག་ལ་ཐིམ། །ཐུགས་འཁྲུལ་པ་མེད་པའི་དབང་ཐོབ་གྱུར། །ཡི་གེ་གསུམ་ལས་འོད་ཟེར་གསུམ། །ཕྱོགས་བཅུ་རྣམས་སུ་འཕྲོས་པ་ཡིས། །རིགས་བདག་སྣང་བ་མཐའ་ཡས་དང༌། །གཞན་ཡང་རིགས་ལྔའི་སངས་རྒྱས་དང༌། །སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། །སྣང་བ་མཐའ་ཡས་དག་ལ་ཐིམ། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །ཕྲིན་ལས་ལ་སོགས་དབང་ཐོབ་གྱུར། །དེ་ནས་བདག་གི་ཐུགས་ཀ་ནས། །རིག་པའི་ངོ་བོ་ཧཱུྃ་དམར་ལས། །འོད་ཟེར་ནག་པོ་གྲངས་

p. 227

མེད་འཕྲོས། །ཧཱུྃ་ནག་གྲངས་མེད་འཇིག་རྟེན་ཁེངས། །སྣང་སྲིད་ཐམས་ཅད་གང་བར་བསམ། །ཧཱུྃ་རྣམས་འོད་དུ་ཞུ་བ་ལས། །ཁྲོ་བོ་ཡཀྵ་མེ་དབལ་ནི། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས། །གཡས་པས་རྡོ་རྗེ་ནམ་མཁར་འཕྱར། །གཡོན་པས་རྡུང་བས་ཐོ་བ་བསྣམས། །སྐུ་ལས་བསྐལ་པའི་མེ་ཕུང་འབར། །དེ་འདྲའི་ཁྲོ་བོས་སྣང་སྲིད་ཁེངས། །ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས། །གནོད་བྱེད་གདོན་བགེགས་མ་ལུས་པ། །འདར་ཞིང་དངངས་ནས་བརྒྱལ་དང་འབོགས། །བརྡུང་ཞིང་བསྲེགས་དང་བསད་པར་གྱུར། །དེ་ལྟར་རྟེན་དང་བརྟེན་པའི་ལྷ་ཚོགས་གསལ་བར་བསྐྱེད་ལ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་པ་རྣམས་བསྟིམས་ནས། མཆོད་འབུལ་ནས་བཟླས་པའི་བར་སྒྲུབ་ཐབས་བཞིན་དང༌། ཁྱད་པར་གྱི་དམིགས་གནད་དང་ལྡན་པས་རྩ་སྔགས་གོང་ལྟར་བརྒྱ་རྩ་ཤུབ་བུ། རྩ་སྔགས་ལ་ཨ་ཡ་མ་དུ་རུ་ཙ་ཤ་ནཱ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཧཱུྃ། ཡཀྵ་ཧཱུྃ། རཀྵ་ཧཱུྃ། གནོད་བྱེད་གདོན་བགེགས་རྒྱལ་འགོང་བསེན་མོ་དམ་སྲིའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཤམ་བུ་བཏགས་པ་བརྒྱ་རྩ་དང༌། བྷ་ཡ་ནཱ་ས་ཚར་གསུམ་བཅས་འུར་འདོན་གྲུབ་ནས། སྐམ་རློན་གྱི་ཐུན་རྫས་ལ་ཕུ་གདབ། དེ་ནས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། །སངས་རྒྱས་ཀྱི༴ །ཆོས་ཀྱི༴ །དགེ་འདུན་གྱི༴ །ཡི་དམ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི༴ ཁྱད་པར་དུ་པདྨ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་རྣམས་ཀྱི༴ བཀའ་སྡོད་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། བདག་ཅག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་སོགས་ནས། ཤ་ཟ་བར་གྱུར་ཅིག་བར་སྤྱི་ལྟར་དང༌།

p. 228

དབང་དྲག་འབར་བའི་ཚོགས་རྣམས་ཀྱིས་སོགས་ནས། དབྱིངས་སུ་སྒྲོལ། རཀྵ་ལན་གསུམ་དང༌། འདོད་དོན་གསོལ་བ་གདབ། དེ་ནས་ཡི་དམ་ཆོས་སྐྱོང་གི་གཏོར་བསྔོ་ནི། གཏོར་མ་བསང་སྦྱང༌། རང་གི་ཐུགས་ཀ་ནས་རྃ་སྤྲོས་སོགས་ནས། ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། ཅེས་པའི་བར་གོང་བཞིན་དང༌། དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ་ཀྱིས་བསང༌། རྃ་ཡྃ་ཁྃ་གིས་སྦྱང༌། ཨོཾ་ཨཱཿཧཱུྃ་གིས་བརླབ། ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ། པདྨ་འོད་ཀྱི་གཞལ་ཡས་ནས། །བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ལ། །སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ། །གུ་རུ་དེ་བ་ཌཱ་ཀི་ནི་ས་མ་ཡ་ཧཱུྃ་ཛཿཛཿ ཞེས་སྤྱན་དྲངས་ལ། ཚོགས་ཕུད་ཕུལ་ནས། དང་པོ་མཆོད་པ་ནི། ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས། །གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། ཧཱུྃ། སྔོན་བྱུང་དུས་ནས་ད་ལྟའི་བར། །མ་རིག་དབང་གིས་ལུས་ངག་སེམས། །བག་མེད་དམ་ལས་འགལ་གྱུར་རྣམས། །འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས། །བཛྲ་ས་མ་ཡ་ཧོཿ དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དྲག་པོའི་ལས་ལ་བསྐུལ་བ་ནི། དབྱངས་རོལ་སོགས་ཕྱག་ལེན་བཞིན་སྤྲོས་ཏེ། སྣང་བ་མཐའ་ཡས་ཐུགས་རྗེའི་རོལ་པ་ལས། །བདུད་འདུལ་པདྨ་འབྱུང་གནས་སྤྲུལ་སྐུར་ཤར། །ཁམས་གསུམ་དབང་ཕྱུག་རྡོ་རྗེ་ཐོད་ཕྲེང་རྩལ། །མ་རྒྱུད་གདུལ་དཀའ་འདུལ་ཕྱིར་ཐུགས་དམ་བསྐུལ། །ཐུགས་ཉིད་ཞི་བ་ཆོས་ཀྱི་དབྱིངས་ཉིད་ལས། །མ་འགགས་རང་རྩལ་ཁྲག་འཐུང་ཁྲོས་པའི་གར། །སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར། །ཞལ་གཅིག་ཕྱག་གཉིས་གར་དགུའི་དཔའ་

p. 229

བརྗིད་ཅན། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ། །ཉི་ཟླ་འབར་བའི་སྡང་མིག་ཕྱོགས་བཅུར་གཟིགས། །སྨིན་མ་ཨག་ཚོམ་མེ་ཡི་ཚྭ་ཚྭ་འཕྲོ། །ཁམ་ནག་རལ་པ་སྲིད་རྩེ་ཁྱབ་པར་གཡོ། །མི་བཟད་འཇིགས་གཟུགས་རྔམས་པའི་གཟི་མདངས་ཅན། །གཏི་མུག་འཇོམས་ཕྱིར་གླང་ཆེན་སྟོད་གཡོགས་མཛད། །འདོད་ཆགས་འཇོམས་ཕྱིར་ཞིང་ལྤགས་སྐེད་ལ་དཀྲིས། །ཕྲག་དོག་འཇོམས་ཕྱིར་གནས་གསུམ་བྱུགས་པས་མཚན། །ང་རྒྱལ་དབང་སྡུད་སྟག་པགས་ཤམ་ཐབས་འཆང༌། །ཞེ་སྡང་འཇོམས་ཕྱིར་སྦྲུལ་གྱིས་ཡན་ལག་དཀྲིས། །དྲེགས་པ་འདུལ་ཕྱིར་ཐོད་རློན་དོ་ཤལ་མཛད། །འདོད་ཡོན་མ་སྤངས་རིན་ཆེན་དུ་མས་སྤྲས། །ཕར་ཕྱིན་དྲུག་རྫོགས་རུས་པའི་ཕྱག་རྒྱས་མཛེས། །མཛེས་ཤིང་དཔའ་བའི་ཆ་བྱད་ཡོངས་སུ་རྫོགས། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ལས། །ཧཱུྃ་ཕཊ་རྃ་སོགས་རྡོ་རྗེའི་ཚྭ་ཚྭ་འཕྲོ། །དྲེགས་པ་དབང་སྡུད་གཏོར་སྲེག་ཕྲིན་ལས་ལྡན། །ཕྱག་གཡོན་གནམ་ལྕགས་ཕུར་བུ་རྣོ་ངར་འབར། །དྲེགས་པ་སྡེ་བརྒྱད་ཀུན་གྱི་སྙིང་རྩ་སྲེག །གནོད་བྱེད་འབྱུང་པོ་ཀླད་པ་འགེམས་པར་བྱེད། །སྡིགས་མཛུབ་རྩེ་ལས་ལྕགས་སྡིག་ཕོ་ཉར་འགྱེད། །ཁ་དགུ་མིག་དགུ་བཅོ་བརྒྱད་རྭ་དང་ལྡན། །མི་སྡུག་གཟུགས་ཅན་དྲག་པོའི་སྐན་སྒྲ་རྡེབ། །རྔམས་པའི་མེ་དཔུང་འཚུབས་ཤིང་ཚྭ་ཚྭ་འཕྲོ། །གནོད་བྱེད་རྒྱལ་འགོང་སྲོག་དབུགས་རྔམས་ཟས་བྱེད། །ཁྲོ་རྒྱལ་འབར་བའི་ཞབས་ཀྱི་སྟང་སྟབས་ཀྱིས། །ས་གསུམ་གཡོ་ཞིང་དྲེགས་པའི་གདན་ལ་རོལ། །ཁྲོ་རྒྱལ་ཁྲག་འཐུང་པདྨ་ཧེ་རུ་ཀ །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །ཁྲོ་རྒྱལ་དབུ་གཙུག་མཐའ་ཡས་ཁྲོས་པའི་ཁྱུང༌། །མཐིང་ནག་མེ་ཡི་གཤོག་པ་གཡོབ་ཅིང་རྡེབ། །ཁྲོ་གཉེར་སྤྱན་གསུམ་རྡོ་རྗེའི་མཆུ་སྡེར་གྱིས། །ཞེ་སྡང་གདུག་པའི་ཀླུ་རྣམས་ཟས་སུ་གསོལ། །

p. 230

མི་འགྱུར་རྡོ་རྗེ་འབར་བའི་བ་སྤུ་ལས། །སྤྲུལ་པའི་བྱང་ཁྱུང་མཚོན་ཆའི་ཚྭ་ཚྭ་འགྱེད། །རལ་གྲི་འབར་བའི་གཤོག་པ་གཡས་གཡོན་ལས། །ཡེ་ཤེས་མེ་རླུང་རྔམས་སྒྲ་འབྲུག་ལྟར་ལྡིར། །དེ་སྟེང་རིགས་བདག་ཆོས་སྐུ་འོད་དཔག་མེད། །དམར་གསལ་སྤྲུལ་སྐུའི་ཆ་བྱད་ཚེ་བུམ་འཛིན། །ཚེ་དང་ཡེ་ཤེས་དཔག་གཡས་དངོས་གྲུབ་སྩོལ། །ཁྲག་འཐུང་ཐུགས་སྲོག་འབར་བའི་སྲོག་གི་སྒོར། །ཐུགས་ཉིད་ཞི་ལས་གཡོ་བ་མེད་པའི་ཕྱིར། །ཡེ་ཤེས་སེམས་དཔའ་རྡོ་རྗེ་ཐོད་ཕྲེང་རྩལ། །དཀར་དམར་གསང་ཕོད་སྣམ་སྦྱར་ཟ་བེར་གསོལ། །རྡོ་རྗེ་ཐོད་པ་ཚེ་ཡི་བུམ་པ་འཛིན། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །མཐུ་རྩལ་རྨད་བྱུང་ཁྲོ་རྒྱལ་ཧེ་རུ་ཀ །དྲེགས་པ་སྡེ་བརྒྱད་འདུལ་བའི་མཐུ་རྩལ་ཅན། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །ཁྲོ་རྒྱལ་སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །ཕྲིན་ལས་རང་རྩལ་འགག་མེད་རོལ་པ་ལས། །གསང་བདག་གཤིན་རྗེ་རྟ་མགྲིན་མེ་དབལ་དང༌། །རིགས་བཞི་མཁའ་འགྲོ་ཕྱོགས་སྐྱོང་ཁྲོ་བོ་བཅུ། །ཕོ་ཉ་ཡང་སྤྲུལ་ཉིང་སྤྲུལ་གྲངས་མེད་འགྱེད། །རྔམས་བརྗིད་སྐར་ལྟར་འཁྲུགས་ཤིང་གློག་ལྟར་འཁྱུག །འབར་བའི་ཆས་ཅན་གདུག་པའི་མཚོན་ཆ་གདེངས། །འཁོར་བཅས་དྲག་པོའི་ཐུགས་དམ་དུས་ལ་བབ། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་རྣམས། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས། །བསད་བཅད་གཏུབས་ཏེ་རྡུལ་དུ་བརླག་པ་དང༌། །དུག་གསུམ་ཤ་ཁྲག་རུས་པ་ཚོགས་སུ་རོལ། །དབང་དྲག་པདྨ་བཀའ་ཡི་ཕོ་ཉར་བཅས། །དྲག་པོའི་ཕྲིན་ལས་དམ་ཚིག་དུས་ལ་བབ། །ཅེས་གདུང་བའི་ཤུགས་དྲག་པོས་ཐུགས་དམ་བསྐུལ་བར་བྱའོ། །གཉིས་པ་རྔན་དབུལ་བ་ནི། གསེར་སྐྱེམས་བྱིན་གྱིས་བརླབས་ནས་འཐོར་ཞིང༌། ཧཱུྃ། རིགས་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་

p. 231

ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་དབང་དྲག་པདྨའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །མ་མགོན་ལྕམ་དྲལ་ལས་གཤིན་འཆི་བདག་སོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ཅེས་འབུལ། གསུམ་པ་དབང་གསོལ་བ་ནི། ཕྱོགས་བཅུ་ནམ་མཁའི་དཀྱིལ་འཁོར་ནས། །བླ་མ་རིག་འཛིན་ཡི་དམ་ལྷ། །ཁྲག་འཐུང་དབང་དྲག་འཁོར་དང་བཅས། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ཚིག་འཛིན་ལ་དགྲ་བྱུང་ན། །མ་ཉེས་མ་ཡོ་སྲུང་མ་མཁྱེན། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ཅེ་སྣང་སྲིད་ལྷ་འདྲེས་ཆོད། །དམ་ཉམས་དགྲ་བོ་སྡིག་ཆེན་འདི། །དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །ཐ་མར་གསང་སྔགས་སྙིང་པོ་དྲལ། །ད་ལྟ་རྣལ་འབྱོར་བདག་ལ་བསྡོས། །དགེ་བ་བཅུ་ནི་ཁྱད་དུ་བསད། །མི་དགེ་བཅུ་ནི་དྭང་དུ་བླངས། །མཚམས་མེད་ལྔ་ཡི་འབྲས་བུ་སྨིན། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །དབང་དྲག་པདྨའི་ལྷ་ཚོགས་རྣམས། །ཆོས་ཉིད་ཞི་ལས་མ་གཡོས་ཀྱང༌། །རྔམས་བརྗིད་ཁྲོས་པའི་སྐུར་བཞེངས་ལ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །མ་གཡེལ་མ་གཡེལ་ཐུགས་དམ་ཅན། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །ཅེས་མཉེས་པའི་དཔང་གཟུག བཞི་པ་དམིགས་བྱ་བསྐྱེད་པ་ནི། ལིངྒ་སློབ་དཔོན་གྱི་མདུན་དུ་བཤམས་ལ་ལིང་ཁེབས་བསལ་

p. 232

ཏེ། ཕཊ། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ་ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ཏུ་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ན་གཏི་མུག་གི་མུན་པ་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྲོ་བ། ཐན་དང་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུགས་པ། རྒྱོབ་རྒྱོབ་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་ཏྲི་དུད་ཀ་ཡོངས་སུ་གྱུར་པ་ལས། དགྲ་བགེགས་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར་པ་དམིགས་ཤིང་གསལ་གདབ། ལྔ་པ་རྣམ་ཤེས་དགུག་པ་ནི། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ །ཆོས་ཀྱི༴ །དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང༌། སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་ཀྱི༴ ཆོས་ཉིད་གདོད་ནས་སྟོང་ཡང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ །ཁྱད་པར་ཆེ་མཆོག་པདྨ་དྲག་པོའི་དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི༴ །བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང༌། གཟུགས་

p. 233

མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས། གར་བྲོས་ཀྱང་སྐད་ཅིག་ཡུད་ལམ་ལ་དམིགས་པའི་རྟེན་འདི་ལ་ཁུ་གཅིག སྒྲུབ་སྔགས་ཨ་རྩིག་ཤམ་བུ་བཅས་པའི་རྗེས་སུ་སརྦ་བིགྷྣཱན་ཤ་ཏྲུན་ཨཱ་ཀརྵ་ཡ་ཛཿ ནྲྀ་ཡཾ་ཛཿ ཏྲི་ཡ་ཛཿ ཞེས་དང༌། ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བྃ། ཨོཾ་བཛྲ་གྷཎྜེ་ཧོཿ ཞེས་ཕྱག་རྒྱ་དང་བཅས་ལན་གསུམ་གྱིས་དགུག་གཞུག་བཅིང་དབང་དུ་བྱ། དྲུག་པ་ཕོ་ཉ་འགྱེད་པ་ནི། ཧཱུྃ་ཛཿ དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །དབང་དྲག་དཀྱིལ་འཁོར་ལྷ་ཚོགས་རྣམས། །དྲག་པོའི་ཕྲིན་ལས་དུས་ལ་བབ། །མཁའ་དབྱིངས་ཁྱབ་པའི་ཕོ་ཉ་དང༌། །སྤྲུལ་པའི་དམག་ཚོགས་ལས་ལ་འགྱེད། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་ཀུན། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཤིག་ནོན་ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྡུལ་ཕྲན་བཞིན། །བདག་གི་བསྒོ་བ་ཀུན་ཉོན་ལ། །གཟུགས་བརྙན་འདི་ལ་མྱུར་དུ་ཕོབ། །སྲུང་སྐྱོབ་མགོན་དང་བྲལ་བར་མཛོད། །ཅེས་དྲག་ཏུ་བསྐུལ་ལོ། །བདུན་པ་ལྷ་དང་དབྱེ་བ་ནི། དབྱེ་རྫས་བདུགས་ཤིང་བྱ་འུག་གི་སྒྲོ་ཐོགས་ལ། ཧཱུྃ། དམ་ཉམས་དགྲ་བོ་སྡིག་ཅན་ལ། །སྲུང་སྐྱོབ་མཛད་པ་ཀུན་ཉོན་ཅིག །སེམས་ཅན་ལས་ངན་སྡིག་ཅན་འདི། །བསྒྲལ་བའི་ཞིང་བཅུར་གྱུར་པས་ན། །འདི་ལ་སྲུང་སྐྱོབ་མ་མཛད་པར། །ཡལ་བར་ཐོང་ལ་རིང་དུ་སྤོངས། །བཀའ་ལས་འདས་ན་ཁྲག་འཐུང་དཔལ། །ཁྲོས་པས་ཁྱེད་ཉིད་གཞོམ་པར་བྱེད། །དེ་བས་སྐྱོབ་བྱེད་ཀུན་དང་ཕྲོལ། །གནོད་བྱེད་གཤེད་མའི་བདུད་དང་སྤྲོད། །རྩ་སྔགས་མཐར་ནྲྀ་ཏྲི་དེ་བ་ཨུ་ཙཊྚ་ཕཊ། ཅེས་བརྗོད་

p. 234

ཅིང་སྒྲོ་གཉིས་ཀྱིས་དབྱེ་བའི་ཚུལ་བྱ་བ་ནི་ཁ་སྦྱོར་དབྱེ་བའི་ཆོ་གའོ། །བརྒྱད་པ་གནད་ལ་དབབ་པ་ལ་ལྔ། དང་པོ་ནི་སྐམ་ཐུན་ཐོགས་ལ། ཧཱུྃ། ཁྲག་འཐུང་ཁྲོ་རྒྱལ་དྲག་པོའི་མཚོན། །གཏུམ་དྲག་ཕོ་ཉར་འབར་བའི་ཐུན། །རྣོ་མྱུར་ཤུགས་དྲག་རྡོ་རྗེའི་མེ། །མི་བཟད་མཚོན་ཆའི་འཁྲུལ་འཁོར་ནི། །གནམ་ས་འཁྲུགས་པའི་ཐོག་ཟེར་བཞིན། །དགྲ་བགེགས་གཟུགས་ཕུང་རྟེན་ལ་ཡ། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །དུས་ལ་བབ་བོ་ས་མ་ཡ། །ཨོཾ་བཛྲ་ཡཀྵ་ཏྲིག་ནན་ཨེ་ཧུར་ཐུཾ་ཛཿ གཟིར་ནན་ཀཱ་ཝཱ་ཙི་ཏ་རྦད་རྦད། ཅེས་བརྗོད་ཅིང་བྲན་ལ་རློན་ཐུན་གྱིས་ཀྱང་བྲབ། གཉིས་པ་ཕུར་གདབ་ལ་གཉིས། དང་པོ་ཐུགས་རྗེས་རྗེས་འཛིན་གྱི་ཕུར་བུས་བརྟེན་པ་དབྱིངས་སུ་བསྒྲལ་བ་ནི། ཕུར་བུ་ཐལ་མོའི་བར་དུ་བཟུང་ལ་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ། ས་མ་ཡ་ཧོ་ཞེས་སློབ་དཔོན་གྱིས་བསྐུལ་བས། རིགས་ལྔ་ཡབ་ཡུམ་རྗེས་སུ་ཆགས་པས་སྙོམས་པར་ཞུགས་པའི་མཁའ་ལས་སྲས་མཆོག་ཡཀྵ་མེ་དབལ་སྐུ་སྟོད་སྲིན་པོ་ཁྲོས་པའི་ཉམས་ཅན་ཕུར་བུ་བསྒྲིལ་བ། ལྟེ་བ་མན་ཆད་གནམ་ལྕགས་འབར་བའི་དབལ་ཟུར་གསུམ་རྣོ་བའི་ཁོང་སེང་དུ་ལྷའི་ཕོ་བྲང་བཅས་པ། རྩེ་མོར་དྲེགས་པའི་དམག་ཚོགས་ལས་ལ་རྔམས་ཤིང་དུས་མེའི་ཚྭ་ཚྭ་འཕྲོ་པར་གྱུར། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་མཱཾ། ཕུར་བུ་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཕུར་བུ་ལ་ཐིམ་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་དང་ལྡན་པར་གྱུར། ཅེས་བརྗོད། ཧཱུྃ། དབང་དྲག་ཐུགས་ལས་སྤྲུལ་པའི་སྲས། །འཇིགས་བྱེད་འཇིགས་མཛད་ཀཱི་ལ་ཡ། །རྣོ་ངར་འབར་བ་རྡོ་རྗེའི་མཚོན། །གཟིར་ཞིག་དགྲ་བོའི་སྙིང་རྩ་ལ། །ཡེ་ཤེས་ཆེན་པོ་མི་ཤིགས་པའི། །དྭང་མ་བདག་གི་སྙིང་ལ་བསྟིམས། །ལས་ཉོན་བག་ཆགས་བཅས་

p. 235

པའི་གཟུགས། །རྡུལ་ཕྲན་བཞིན་དུ་བསྒྲལ་བར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཡང་ཡང་བརྗོད་ཅིང༌། ཕུར་བུ་རང་གི་གནས་གསུམ་དུ་བསྐོར་བ། བསྒྲིལ་བ། འདེབས་པ། གནས་གསུམ་དུ་རེག་ཅིང་སྔགས་འདོན་པ། སླར་བསྒྲིལ་ཏེ་བཏབ་ནས་རྣམ་ཤེས་སྤར་བ་རྣམས་དམིགས་པ་དང་འབྲེལ་བར་བྱས་ལ་ཕུར་བུ་བསྡུ། གཉིས་པ་ལས་ཕུར་གྱིས་རྟེན་གཞི་བསྒྲལ་བ་ནི། གདབ་ཕུར་གཉིས་ཐོགས་ལ། ཧཱུྃ། རྣོ་མྱུར་ཤུགས་དྲག་ཕུར་བུ་འདི། །དགྲ་བགེགས་སྤྱི་བོ་མགྲིན་པ་དང༌། །སྙིང་ག་ལྟེ་བ་གསང་གནས་ལྔར། །གཟིར་ཞིག་བཛྲ་ཀཱི་ལ་ཡ། །མིག་དང་རྣ་བ་སྣ་དང་ལྕེ། །དོན་ལྔ་སྣོད་དྲུག་ཡན་ལག་ལྔ། །ཤ་རུས་པགས་པ་རྩ་རྒྱུས་ལ། །གཟིར་ཞིག་བཛྲ་ཀཱི་ལ་ཡ། །གཞན་ཡང་མཛའ་བཤེས་གཉེན་འཁོར་དཔུང༌། །ཡུལ་འཁོར་འབངས་དང་ལོངས་སྤྱོད་སོགས། །དགྲ་བགེགས་སྡེ་དང་བཅས་པ་ལ། །གཟིར་ཞིག་བཛྲ་ཀཱི་ལ་ཡ། །ཨོཾ་བཛྲཱ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད། ཅེས་ལིངྒའི་གནས་ལྔ་དབང་པོ་ལྔ་རྣམས་སུ་ཕུར་བུ་གདབ། གསུམ་པ་སྒྲོལ་གྲིས་སྙིང་དུམ་བུར་བསྒྲལ་བ་ནི། གྲི་ཐོགས་ལ། ཧཱུྃ། ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །གཏུམ་དྲག་རྔམས་པའི་རང་བཞིན་ལས། །ཡཀྵ་མེ་དབལ་སྐར་ལྟར་འཁྲུགས། །ལས་བྱེད་ཕོ་ཉར་བཅས་པ་རྣམས། །དྲག་པོའི་ཕྲིན་ལས་དུས་ལ་བབ། །ཞིང་བཅུའི་དགྲ་དང་བགེགས་རྣམས་ཀྱི། །གཟུགས་ཕུང་རྡུལ་ཕྲན་བཞིན་དུ་ཤིག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད། །ཅེས་ལིངྒ་དུམ་བུར་གཏུབ། བཞི་པ་ཐོ་བས་བརྡུང་བ་ནི། ཐོ་བ་ཐོགས་ལ། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །ཁྲོ་བོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་པས། །ལྷ་ཡང་རུང་སྟེ་བརླག་བྱེད་ན། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །

p. 236

ཨོཾ་པདྨ་ཨ་ཀོ་ཊ་ཡ་ཁ་ཐཾ། ཞེས་བརྗོད་ཅིང་བརྡུང་ཚུལ་བྱ། ལྔ་པ་ཞལ་དུ་བསྟབ་པ་ནི། ལིང་རོའི་ཆ་ཤས་ཟུར་དུ་བཞག་པའི་འཕྲོས་བཏེག་ལ། ཧཱུྃ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །དོན་སྙིང་ནང་ཁྲོལ་བཅས་པ་རྣམས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད། །མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། ཞེས་སྒྲུབ་གཏོར་སོགས་ཐམས་ཅད་ལ་བྲིམ་མོ། །གཉིས་པ་ཟློག་པའི་ལས་སྦྱོར་ལ་ལྔ། དང་པོ་ཟློག་པའི་དཔུང་བསྐྱེད་ཕྱིར་སྐོང་བ་ནི། ཧཱུྃ། བདེ་ཅན་འགྱུར་མེད་ཀུན་བཟང་དབྱིངས། །འོག་མིན་རྔ་ཡབ་དཔལ་གྱི་རི། །པདྨ་འོད་ཀྱི་གཞལ་ཡས་ནས། །རིག་འཛིན་པདྨ་ཐོད་ཕྲེང་རྩལ། །ཁྲག་ཐུང་ཁྲོ་བོར་རྣམ་རོལ་པ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་རྒྱ་མཚོར་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཀུན་བཟང་འབྱོར་པ་རྒྱ་མཚོའི་དཔྱིད། །ངོ་མཚར་ནམ་མཁའ་མཛོད་ཀྱི་སྤྲིན། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་པ་ཀུན་གྱིས་ཐུགས་དམ་བསྐང༌། །མེ་ཏོག་སྤོས་དང་སྣང་གསལ་དང༌། །དྲི་ཆབ་བཤོས་གཙང་རོལ་མོའི་སྒྲ། །རྒྱལ་སྲིད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་རྫས་བརྒྱད་ཀྱིས་བསྐང༌། །དབང་པོའི་མེ་ཏོག་གསུར་ཆེན་སྤོས། །ཞུན་མར་ཁྲག་མཁྲིས་བྱུག་པའི་མཚོ། །ཤ་རུས་ཚིལ་བཅུད་ཐོད་རྔ་དང༌། །རྐང་གླིང་རོལ་མོས་ཐུགས་དམ༴ །འཆི་མེད་བདུད་རྩི་མ་ད་ན། །དགྲ་བགེགས་སྙིང་ཁྲག་འཁྲུགས་པའི་མཚོ། །དམ་རྫས་རྒྱན་ལྡན་གཏོར་མ་དང༌། །བདེ་སྦྱོར་བདེ་བས་ཐུགས༴ །རྔམ་བརྗིད་དུར་ཁྲོད་རོལ་པའི་མཁར། །ཞིང་ལྤགས་བླ་བྲེ་རྒྱུ་རློན་གྱི། །དྲྭ་ཕྱེད་དོན་སྙིང་འཕྱང་འཕྲུལ་སོགས། །དྲག་པོའི་དཀྱིལ་འཁོར་ཆེན་པོས་བསྐང༌། །ཐོད་སྐམ་དབུ་རྒྱན་ཞིང་ལྤགས་གོས། །མགོ་ཕྲེང་སྦྲུལ་ཆུན་སྟག་ཤམ་དང༌། །ཁྲག་ཞལ་ཐལ་ཆེན་རུས་རྒྱན་སོགས། །དཔལ་གྱི་ཆས་གོས་དུ་མས་བསྐང༌། །

p. 237

སྔགས་བྱང་གླེགས་བམ་བགྲང་ཕྲེང་དང༌། །རྔ་དང་རྔ་ཆེན་འཁར་རྔ་དང༌། །ཅང་ཏེའུ་དྲིལ་བུ་རྐང་གླིང་དང༌། །བཤུག་པའི་བརྡ་ཡིས་ཐུགས༴ །རྡོ་རྗེ་རིན་ཆེན་པདྨ་དང༌། །རལ་གྲི་འཁོར་ལོ་ཁ་ཊྭཱཾ་ག །གྲི་གུག་མདུང་ཐུང་གནྡྷེ་སོགས། །ཕྱག་མཚན་མང་པོས༴ །སྲ་བརྟན་གོ་དང་རྣོ་ངར་མཚོན། །མཁའ་ལྡིང་བྱ་དང་གཡག་ལུག་ཁྱུ། །གཅན་གཟན་རྔམས་བརྗིད་དཔའ་བོའི་ཚོགས། །འབུམ་ཕྲག་མང་པོས༴ །མཛེས་པའི་རྒྱན་ཆ་དར་ཟབ་དང༌། །རིན་ཆེན་སྨན་སྤོས་འབྲུ་བཅུད་སོགས། །མཐུན་པའི་དཀོར་ནོར་དམ་ཚིག་རྫས། །དཔག་ཡས་ནམ་མཁའ་གང་བས་བསྐང༌། །ཀ་དག་ཆོས་སྐུར་བྱང་ཆུབ་གདིང༌། །བགེགས་མེད་དཀྱིལ་འཁོར་ལྷར་ཤར་བའི། །ཡེ་ཤེས་སྒྱུ་མ་ཆེན་པོ་ཡིས། །འཁོར་འདས་རོ་མཉམ་དབྱིངས་སུ་བསྐང༌། །མེད་བཞིན་ཤར་བའི་གཟུང་འཛིན་དག །རྟོགས་གྲོལ་སྲུང་ཟློག་བསད་པ་དང༌། །མནན་སྲེག་འཕང་བའི་ལས་སྦྱོར་གྱིས། །སྲིད་རྩ་དབྱིངས་སུ་གཅོད་ཕྱིར་བསྐང༌། །ཞི་དབྱིངས་འགྱུར་མེད་ཐོད་ཕྲེང་རྩལ། །བསྐྱེད་རྫོགས་ལམ་གྱི་རྣལ་འབྱོར་གྱིས། །མངོན་པར་བྱང་ཆུབ་འབྲས་བུ་སྐུ། །ཀློང་དུ་གྱུར་པའི་དགོངས་པ་ཡིས། །རྩ་བརྒྱུད་བླ་མ་མཆོག་གསུམ་དང༌། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ། །ཁྱད་པར་ཁྲག་འཐུང་ཐོད་ཕྲེང་རྩལ། །འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །རིགས་ཀྱི་བདག་པོ་འཆི་མེད་ལྷ། །སྣང་བ་མཐའ་ཡས་ཐུགས༴ །བདེ་གཤེགས་ཀུན་འདུས་འཁོར་ལོའི་མགོན། །པདྨ་འབྱུང་གནས་ཐུགས༴ །ཁྲག་འཐུང་རྒྱལ་བའི་དཀྱིལ་འཁོར་གཙོ། །དབང་དྲག་འབར་བའི་ཐུགས༴ །བདེ་ཆེན་ཡེ་ཤེས་ཤེས་རབ་ཡུམ། །ཁྲོས་མ་ནག་མོའི་ཐུགས༴ །གདུག་པ་འདུལ་མཛད་འཇིགས་བྱེད་སྐུ། །ཁྲོ་རྒྱལ་རྣམ་བཞིའི་ཐུགས༴ །ཚད་མེད་བཞི་དངོས་ཕྲིན་ལས་མཛོད། །མཁའ་

p. 238

འགྲོ་སྡེ་བཞིའི་ཐུགས༴ །གཏི་མུག་གདོན་དང་དུག་དབལ་འཇོམས། །མཁའ་ལྡིང་རྒྱལ་པོའི༴ །ཐོགས་མེད་དྲག་རྩལ་ཕྲིན་ལས་བདག །ལྕགས་སྡིག་ནག་པོའི༴ །རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང༌། །དམ་ཅན་བསྟན་སྲུང་ཐུགས་དམ་བསྐང༌། །དེ་ལྟར་སྐོང་བའི་དམ་ཚིག་གིས། །ཐུགས་དམ་གཉེན་པོ་བསྐངས་གྱུར་ནས། །རྣལ་འབྱོར་དམ་ཚིག་ཉམས་ཆག་བཤགས། །ཉེས་པའི་སྒྲིབ་ཚོགས་དག་གྱུར་ཅིག །རྐྱེན་ངན་ཕྱི་ནང་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དེ་ནས་ལས་རྡོར་གྱིས་ཚོགས་བཏེག་ལ། ཧོཿ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་ལྡན། །དངོས་གྲུབ་སྣ་ཚོགས་འདི་ལས་བྱུང༌། །ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །ཨ་ལ་ལ་ཧོཿ ཞེས་སློབ་དཔོན་ནས་རིམ་བཞིན་ཕུལ་ཏེ་ལོངས་སྤྱོད། ལྷག་མ་བསྡུས་ལ་བཞག གཉིས་པ་ཟློག་པའི་དཔུང་བསྡུ་ཕྱིར་བསྐུལ་བ་ནི། ཧཱུྃ། ཐུགས་རྗེའི་བདག་ཉིད་རིག་འཛིན་བླ་མ་རྣམས། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་ཤིག །ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །མ་རུངས་འདུལ་མཛད་པདྨ་སཾ་བྷ་བ། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག །བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་ཐམས་ཅད་སྒྱུར། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། མཐུ་ཆེན་མྱང་རལ་མངའ་བདག་སྲས་ཆུང་ཞབས། །དམ་ཆོས་རིན་ཆེན་ཆོས་ཉིད་རང་གྲོལ་དང༌། །སངས་རྒྱས་ལྷུན་གྲུབ་ཀུན་དགའ་བཀྲ་ཤིས་མཚན། །འཁོར་བཅས་ཁྱེད་ཀྱི་སོགས་ཚིག་རྐང་བཞི་འོག་མ་རྣམས་ལ་འགྲེ། རྒྱལ་སྲས་ཆོས་རྗེ་ལེགས་པ་དཔལ་བཟང་དང༌། །ཤེས་རབ་རྒྱལ་མཚན་ས་ལོ་ཀུན་དགའི་མཚན། །ནམ་མཁའི་མཚན་ཅན་སྔགས་འཆང་རཏྣའི་ཞབས། །བསོད་ནམས་དབང་པོ་གྲགས་པ་བློ་གྲོས་སོགས། །

p. 239

འཁོར་བཅས་ཁྱེད་ཀྱི་སོགས། འདུལ་འཛིན་མཆོག་གྱུར་ངག་དབང་ཆོས་གྲགས་ཞབས། །བཀྲ་ཤིས་རིན་ཆེན་སྤྱན་ལྡན་ཀུན་དགའི་མཚན། །གནས་ལྔ་རིག་པ་ཀུན་དགའ་བསོད་ནམས་རྗེ། །ནུས་མཐུའི་མངའ་བདག་བསོད་ནམས་དབང་ཕྱུག་ཞབས། །འཁོར་བཅས་སོགས། བསོད་ནམས་ལྷུན་གྲུབ་བསོད་ནམས་རྒྱལ་མཚན་དང༌། །ལྷུན་གྲུབ་དཔལ་ལྡན་སྔགས་འཆང་མངྒའི་མཚན། །བསོད་ནམས་རིན་ཆེན་དྲིན་ཅན་བློ་གྲོས་དང༌། །དབང་སྡུད་སྙིང་སོགས་རིམ་བཞིན་བརྒྱུད་པའི་ཚོགས། །འཁོར་བཅས་སོགས། ཧཱུྃ། འདོད་ཆགས་ཁྲག་མཚོ་ཞེ་སྡང་རྐང་རུས་དང༌། །གཏི་མུག་ཤ་ཆེན་ང་རྒྱལ་ཚྭ་ཚྭ་གཡེང༌། །ཕྲག་དོག་རླུང་ནག་དགྲ་བགེགས་འབྱུང་པོ་དང༌། །འཆི་བདག་གཤིན་རྗེ་འཇིག་རྟེན་དྲེགས་པའི་དཔུང༌། །དཔེ་དཀར་སྲོག་བདག་བསེན་མོ་དམ་སྲི་དང༌། །ས་བདག་ཀླུ་གཉེན་བདུད་དང་སྲིན་པོ་སོགས། །མ་རུངས་ཕོ་མོ་བརྫིས་པའི་གདན་སྟེང་ན། །མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ། །འཁོར་བཅས་སོགས། ཧཱུྃ། ཁྱེད་ཀྱི་སྤྱི་གཙུག་སྣང་བ་མཐའ་ཡས་དང༌། །ཕྲིན་ལས་སྤྲུལ་པ་བྱ་ཁྱུང་རྒྱལ་པོ་དང༌། །སྐུ་ཡི་སྤྲུལ་པ་འཕགས་པ་འཇམ་དཔལ་དང༌། །གསུང་གི་སྤྲུལ་པ་ཁྲོ་རྒྱལ་རྟ་མགྲིན་དང༌། །ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེ་དང༌། །ཐམས་ཅད་སྤྲུལ་པ་ཡཀྵ་མེ་དབལ་སོགས། །གཞན་ཡང་དཔའ་བོ་མཁའ་འགྲོ་གིང་གི་ཚོགས། །དྲག་གཏུམ་མི་བཟད་ཐོད་ཕྲེང་ལྷ་ཚོགས་རྣམས། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག །བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་ཐམས་ཅད་བསྒྱུར། །བཟློག་སྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གསུམ་པ་ཟློག་པའི་ཕྲིན་ལས་བྱེ་བྲག་ཏུ་བསྐུལ་བ་ནི། ལིང་རོ་ཁྲག་སྐྱེམས་དང་སྦྱར་ནས་ཟོར་གཏོར་ལ་རིམ་པས་སྦྲོན་ཅིང༌། ཧཱུྃ། དུར་ཁྲོད་

p. 240

འཇིགས་སུ་རུང་བའི་ཕོ་བྲང་ནས། །རྔམས་བརྗིད་སྟོབས་ལྡན་པདྨ་ཧེ་རུ་ཀ །ཐམས་ཅད་ཟིལ་གནོན་སྲིན་པོའི་གདན་ལ་བཞེངས། །ཆགས་པའི་སྐྱོན་སྤངས་པདྨའི་ལྟེ་བ་ལ། །ཐུགས་རྗེ་རྨད་བྱུང་ཟླ་བའི་དཀྱིལ་འཁོར་སྟེང༌། །ཉོན་མོངས་འདམ་སྐེམས་ཉི་མའི་དཀྱིལ་འཁོར་འབར། །མ་བཅོས་རང་བྱུང་ཧཱུྃ་གི་འཕྲོ་འདུ་འབར། །བདེན་པའི་སྟོབས་ཀྱིས་བྱིན་རླབས་ཚྭ་ཚྭ་འཕྲོ། །འཇིག་རྟེན་དྲེགས་པ་དབང་སྡུད་ཚར་བཅད་ནས། །ཁྲག་འཐུང་དབང་དྲག་དཔལ་ཆེན་སྐུ་རུ་རྫོགས། །སྒེག་ཅིང་དཔའ་བའི་ཆ་ལུགས་གསལ་བར་ལྡན། །བརྗིད་ལ་རྔམས་པའི་ཁྲོ་བོ་གཡུལ་ལས་རྒྱལ། །གཏུམ་ལ་འཇིགས་པའི་ཁྲག་འཐུང་ཧེ་རུ་ཀ །བདུད་ཀྱི་དཔུང་རྣམས་འཇོམས་པའི་མཐུ་སྟོབས་ཅན། །བགེགས་དཔུང་འདུལ་མཛད་པདྨ་ཧེ་རུ་ཀ །ཐུགས་ཉིད་ཀློང་ཡངས་འཇིག་རྟེན་ལྟོ་བར་གནས། །དེ་ལས་འདས་པའི་དགྲ་བགེགས་འབྱུང་པོ་རྣམས། །རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང༌། །བསད་བཅད་གཏུབས་ཏེ་ཤ་ཁྲག་རུས་པ་འཆའ། །ཁྱོད་ནི་དུས་ངན་བསྟན་པའི་རྒྱལ་མཚན་ཏེ། །བསྟན་ལ་སྡང་བ་ཐམས་ཅད་ཚར་ཆོད་ཅིག །བགེགས་འདུལ་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །དགྲ་བགེགས་ལྟས་ངན་བཟློག་ཅིང་བསྒྱུར་དུ་གསོལ། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །སྐུ་མཆོག་ནམ་མཁའི་ཁོངས་གང་འཇིགས་པ་ལ། །ལྟ་བས་ཆོག་མི་ཤེས་པའི་མཚན་དཔེར་ལྡན། །སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར། །དམར་ཟླུམ་སྤྱན་གྱི་སྡང་མིག་ཕྱོགས་བཅུར་གཟིགས། །བར་སྣང་ཁམས་ཀྱི་གདོན་ཚོགས་བརླག་པར་བྱེད། །ཞལ་གདངས་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར། །གཟི་བརྗིད་འོད་ཀྱིས་སྟོང་གསུམ་མ་ལུས་སྲེག །ཁྲོས་པའི་སྐན་སྒྲས་རི་རབ་ཐང་ལ་སྙིལ། །རྔམས་པའི་

p. 241

སྟོབས་ཀྱིས་རྒྱ་མཚོ་ཧུབ་ཀྱིས་འདྲེན། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་དྲུག་ཞལ་དུ་གསོལ། །རྔམས་བརྗིད་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་མཆོད་པ་སོགས་ཚིག་རྐང་གསུམ་འོག་མ་རྣམས་ལ་འགྲེ། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །ཆོས་ཉིད་མི་འགྱུར་ཕྱག་གཡས་རྡོ་རྗེ་བསྣམས། །ལོག་འདྲེན་ཚར་གཅོད་ཕྱག་གཡོན་ཕུར་བུ་བསྒྲིལ། །ཕྲིན་ལས་ཕོ་ཉ་གནམ་ལྕགས་སྡིག་པ་འགྱེད། །གླང་ཆེན་ཞིང་དང་སྟག་ལྤགས་གོས་སུ་གྱོན། །ཐོད་ཕྲེང་སྦྲུལ་ཆུན་རིན་ཆེན་རུས་པས་བརྒྱན། །ཁྲག་ཞག་ཐལ་ཆེན་བྱུག་པའི་རྫས་ཀྱིས་བརྗིད། །ཉོན་མོངས་སྲེག་བྱེད་མེ་ཕུང་ཀློང་ན་བཞུགས། །ཁྲག་འཐུང་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་སོགས། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །སྐུ་ཡི་གཟི་བརྗིད་འབར་བའི་འོད་ཟེར་གྱིས། །སྲིད་པ་གསུམ་ཡང་ཟིལ་གྱིས་གནོན་པར་བྱེད། །གསུང་གི་བཞད་སྒྲ་རྔམས་པའི་ང་རོ་ཡིས། །མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད། །ཐུགས་ཉིད་བྱམས་པའི་ཐུགས་རྗེ་ཚད་མེད་པས། །འགྲོ་དྲུག་མ་ལུས་འཁོར་བའི་གཏིང་ནས་འདྲེན། །ཨཱ་ར་ལི་སོགས་དགྱེས་པའི་བཞད་སྒྲ་ཡིས། །མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད། །ཧཱུྃ་དང་ཕཊ་ཀྱི་རྔམས་སྒྲ་དྲག་པོ་ཡིས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་ལས་ལ་འཁོལ། །སྟོབས་ལྡན་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་སོགས། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །སྐུ་ཡི་ཆ་ལ་འཇམ་དབྱངས་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་སྟོང་གསུམ་འགེངས། །ཡ་མཱནྟ་ཀའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་སོགས། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །གསུང་གི་ཆ་ལ་རྟ་མགྲིན་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་སྟོང་གསུམ་འགེངས། །ཧ་ཡ་གྲཱི་ཝའི་ཐུགས་དམ་

p. 242

དབྱིངས༴ །དུག་གསུམ་སོགས། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །ཐུགས་ཀྱི་ཆ་ལ་ཕྱག་རྡོར་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་སྟོང་གསུམ་འགེངས། །བཛྲ་པཱ་ཎིའི་ཐུགས་དམ་དབྱིངས༴ །དུག་གསུམ་སོགས། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །ཕྲིན་ལས་ཆ་ལས་མེ་དབལ་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་སྟོང་གསུམ་འགེངས། །ཡཀྵ་མེ་དབལ་ཐུགས་དམ་དབྱིངས༴ །དུག་གསུམ་སོགས། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །སྡིགས་མཛུབ་རྩེ་ལས་ལྕགས་སྡིག་སྤྲུལ་པ་འགྱེད། །ཡང་སྤྲུལ་སྡིག་པའི་ཚོགས་ཀྱིས་སྟོང་གསུམ་འགེངས། །ཁྲོ་རྒྱལ་སྤྲུལ་པའི་ཐུགས་དམ་དབྱིངས༴ །དུག་གསུམ་སོགས། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །ཐུགས་ཀྱི་རྩལ་ལས་གྲངས་མེད་སྤྲུལ་པ་འགྱེད། །ཡང་སྤྲུལ་ཕོ་ཉ་མང་པོས་སྟོང་གསུམ་འགེངས། །བཀའ་སྡོད་ཕོ་ཉའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ། །དགྲ་བགེགས་ལྟས་ངན་ཟློག་ཅིང་བསྒྱུར་དུ་གསོལ། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། ཧཱུྃ། པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ། །ཁྱོད་ནི་འགྲོ་བའི་མགོན་དང་སྐྱབས་ཀྱི་མཆོག །བདག་གིས་སྒོ་གསུམ་དད་པས་ཁྱེད་བསྒྲུབས་ནས། །དཀའ་བ་དང་བླང་ལྕི་བ་ཁུར་དུ་ཁུར། །ལུས་སྲོག་འབེན་བཙུགས་ཤ་ཁྲག་གཟན་དུ་བོར། །མོས་གུས་དད་པས་ཁྱེད་ལ་སྐྱབས་གསོལ་ན། །ཐུགས་རྗེ་མ་ཆུང་སྔོན་གྱི་དམ་བཅའ་དགོངས། །སྨོན་ལམ་ལས་ཀྱིས་འབྲེལ་པའི་མཚམས་སྦྱར་ནས། །དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་ནས། །ཁྱེད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །བདག་ཅག་བླ་མེད་བྱང་ཆུབ་སྒྲུབ་པ་ཡི། །ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །ཐུགས་རྗེ་དྲག་པོའི་སྟོབས་ཀྱིས་བསྒྲལ་ནས་ཀྱང༌། །གྲུ་གསུམ་འབར་བའི་ཞལ་གྱི་ཧོམ་དུ་དྲོངས། །

p. 243

གསུང་དབྱངས་དྲུག་ཅུ་ལྡན་པའི་མགུར་དུ་ཆུག །དོན་དམ་སྐྱེ་མེད་ཐུགས་ཀྱི་དབྱིངས་སུ་སྟིམས། །རྣལ་འབྱོར་བདག་གིས་དད་པས་རྒྱུད་བསྐུལ་ནས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་རྣམས་ཀྱི། །བསམ་ངན་སྦྱོར་རྩུབ་ཆག་ཆེ་ཉམ་ང་དང༌། །བྱད་ཁ་ཕུར་ཁ་རྦད་འདྲེ་རྦོད་གཏོང་དང༌། །ཐན་དང་ལྟས་ངན་ཆོ་འཕྲུལ་གདུག་རྩུབ་རྣམས། །བཟློག་བསྒྱུར་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །བཞི་པ་འགལ་རྐྱེན་དམིགས་པའི་ཟློག་པ་ནི། ཧཱུྃ། ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ། །ཁྲག་འཐུང་ཀུན་གྱི་འཁོར་ལོས་སྒྱུར། །བཀའ་སྡོད་ཕོ་ཉར་བཅས་པ་རྣམས། །ད་ནི་ཟློག་པའི་ཕྲིན་ལས་མཛོད། ཧཱུྃ། མ་ཧཱ་དེ་བ་ལྷ་ཡི་གདོན། །སྒེག་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། །འཆི་བདག་ནག་པོ་གཤིན་རྗེའི་གདོན། །དཔའ་བའི་སྟོབས་ཀྱིས་བཟློག་ཏུ་གསོལ། །ཁྲམ་ཐོགས་ནད་བདག་མ་མོའི་གདོན། །མི་སྡུག་སྟོབས་ཀྱིས༴ །ནག་པོ་བཀྲག་མེད་བདུད་ཀྱི་གདོན། །དགོད་པའི་སྟོབས་ཀྱིས༴ །གང་བ་བཟང་པོ་གནོད་སྦྱིན་གདོན། །གཤེ་བའི་སྟོབས་ཀྱིས༴ །ཁྱབ་འཇུག་སྒྲ་གཅན་གཟའ་ཡི་གདོན། །འཇིགས་པའི་སྟོབས་ཀྱིས༴ །ལི་བྱིན་ཧར་ལེགས་འགོང་པོའི་གདོན། །སྙིང་རྗེའི་སྟོབས་ཀྱིས༴ །ཡམ་ཤུ་དམར་པོ་བཙན་གྱི་གདོན། །རྔམས་པའི་སྟོབས་ཀྱིས༴ །དགའ་པོ་འཇོག་པོ་ཀླུ་ཡི་གདོན། །ཞི་བའི་སྟོབས་ཀྱིས༴ །ནད་མཚོན་དུག་སྦྱར་ལུས་ཀྱི་གདོན། །སྐུ་ཡི་སྟོབས་ཀྱིས༴ །མི་ཁ་དམོད་ཚིག་ངག་གི་གདོན། །གསུང་གི་སྟོབས་ཀྱིས༴ །བདག་འཛིན་རྣམ་རྟོག་སེམས་ཀྱི་གདོན། །ཐུགས་ཀྱི་སྟོབས་ཀྱིས༴ །མི་མཐུན་ལྟས་ངན་ཆོ་འཕྲུལ་ཀུན། །མཐུ་རྩལ་སྟོབས་ཀྱིས་བཟློག་ཏུ་གསོལ། ཧཱུྃ། གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་བར་དུ་གཅོད་པ་ཡི། །ལྟས་ངན་བརྒྱད་ཅུ་

p. 244

རྩ་གཅིག་བཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་བཟློག །དུས་མིན་འཆི་བ་འཇིགས་བརྒྱད་བཟློག །གློ་བུར་བདུན་བརྒྱ་ཉི་ཤུ་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །གདོན་རིགས་སྟོང་ཕྲག་བཅོ་བརྒྱད༴ །ཀེག་ཆེན་སུམ་བརྒྱ་དྲུག་ཅུ༴ །ལྷ་ཆེན་དྲག་པོའི་གདུབ་རྩུབ༴ །ལྷ་མ་ཡིན་གྱི་སྒྱུ་ཐབས༴ །འགོང་པོའི་སྤར་བུ་བསྐོར་བ༴ །གཤིན་རྗེའི་འཁྲུལ་འཁོར་བཅས་པ༴ །དྲང་སྲོང་བྲམ་ཟེའི་དམོད་པ༴ །གཟའ་ཡི་ཀིང་ཀང་འཕེན་པ༴ །བཙན་ནད་གཟེར་ཁ་གཏོང་བ༴ །ས་བདག་ཀླུ་ཡི་མཛེ་ནད༴ །བནྡེས་འབུམ་སྐོར་བྱེད་པ༴ །སྔགས་པ་སྔགས་ཟོར་འཕེན་པ༴ །བོན་གྱིས་བཙོ་དམར་འཕེན༴ མུ་སྟེགས་ངན་སྔགས་བྱེད་པ༴ །བྱད་ཕུར་རྦོད་གཏོང་ཟུག་པ༴ །མནན་གཏད་སྲེག་འཕང་བྱེད་པ༴ །མོ་རྩིས་རྨི་ལམ་མཚན་ངན༴ །སྔ་ཞགས་མདའ་ལྟར་འཕེན་པ༴ །ཕྱི་ཞགས་གྲུ་གུར་འཐུལ་བ༴ །མི་མཐུན་གནོད་པའི་ཕྱོགས་ཀུན༴ །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་དྲག་པོའི་མཐུ་ཡིས་སྒྱུར། །ཟོར་རོ་དགྲ་དང་བགེགས་ལ་ཟོར། །བཅོམ་ལྡན་པདྨ་དྲག་པོའི་ཚོགས། །དམ་རྫས་མཆོད་པ་འདི་བཞེས་ལ། །བྱད་དང་རྦོད་གཏོང་བསྒྱུར་བ་དང༌། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་སྤྱི་དང་བྱེ་བྲག་གི་ཟློག་པའི་ཕྲིན་ལས་བཅོལ་བ་སྟེ། གྲངས་གསོག་དགོས་ན་ཟློག་ཐུང་ཉིད་ཇི་ལྟར་འོས་པ་བསྐྱར། དེ་ནས་ཆོས་སྲུང་གི་སྤྱི་བསྟབས་བྱས་ལ་ལྷག་མ་གཏོང་བ་ནི། ཚོགས་ལྷག་སློབ་དཔོན་གྱི་དྲུང་དུ་ཁྱེར་ལ། ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །མ་མོ་མཁའ་འགྲོ་དཔའ་བོ་གིང་གི་ཚོགས། །ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས། །ཐུགས་དམ་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །དམ་ཅན་མ་ལུས་རྣམས་འདིར་འདུས་ཤིག །ས་མ་ཡ་སྟྭཾ། སརྦ་ཌཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཛཿ ཞེས་བརྗོད་ཅིང་སློབ་དཔོན་གྱིས་ཆང་གི་ཁ་ཕྲུ་བཏབ་ལ། དང་པོ་ཕུད་ཀྱིས་མི་མཆོད་དུ། །པདྨ་འབྱུང་

p. 245

གནས་ཕུད་ཀྱི་བདག །བར་དུ་ཚོགས་ལ་མི་རོལ་དུ། །མ་དང་མཁའ་འགྲོ་ཚོགས་ལ་རོལ། །ལྷག་མ་ཁ་ཆུས་མི་བྲན་དུ། །བྲན་ཕོ་བྲན་མོ་ཁ་ཆུའི་བདག །ཕུད་དང་ལྷག་མ་མི་བསྲེ་རུ། །ཁྱོད་དང་ཡེ་ནས་ཐ་ཚིག་གཅིག །ལས་རྣམས་རིམ་པར་མི་འཚོལ་དུ། །ལས་ཀྱི་འདུལ་སྐལ་སོ་སོར་ཡོད། །སྔོན་གྱི་ཁས་བླངས་དམ་བཅའ་བཞིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་ལྷག་མ་དོར། མཆོད་པ་ཁ་གསོས་ལ། ཨོཾ་ཨཱཿཧཱུྃ་ཨི་དཾ་པུཥྤཾ་ནས། ཤབྡ་མ་ཧཱ་པཱུ་ཛ་ཧོཿ ཞེས་བྱིན་གྱིས་བརླབས་ནས། གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྣལ་འབྱོར་སྒྲུབ་པོ་བདག་ཅག་ལ། །ཞི་བས་འཇིགས་པ་བརྒྱད་སྐྱོབས་ཤིག །རྒྱས་པས་འབྱོར་དྲུག་རྒྱས་པ་དང༌། །མོས་པས་འགྲོ་བ་དབང་དུ་སྡུས། །དྲག་པོས་དགྲ་བགེགས་ཚར་གཅོད་པའི། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ཞེས་བརྗོད་ལ་དངོས་གྲུབ་བླང༌། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར་མ་འབྱོར་པ་དང་སོགས་ནོངས་པ་བཟོད་པར་གསོལ་ཞིང་ལྷག་ཆད་ཁ་བསྐང༌། རྟེན་རྣམས་ལ་བརྟན་བཞུགས་སྤྱི་ལྟར་བྱ་ཞིང༌། གཏོར་མགྲོན་གྱི་རྟེན་ལ་མ་ལྟོས་པའི་ཡེ་ཤེས་པ་རྣམས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་དང༌། བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། གཞལ་ཡས་ཁང་འཁོར་གྱི་ལྷ་རྣམས་ལ་ཐིམ། འཁོར་གྱི་ལྷ་རྣམས་གཙོ་བོ་ལ་ཐིམ། དེ་ཐུགས་ཀའི་ཧཱུྃ་ལ་ཐིམ། ཞབས་ཀྱུ་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་དེའང་ཇེ་ཕྲ་ཇེ་ཕྲར་ནམ་མཁའ་ལ་འཇའ་ཡལ་བ་བཞིན་མི་དམིགས་

p. 246

པ་སྟོང་པ་ཉིད་ཀྱི་ངང་དུ་གྱུར། སླར་ཡང་རང་སྐད་ཅིག་གིས་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་གནས་གསུམ་བསྲུངས་ལ། ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། །ཡི་དམ་མཁའ་འགྲོ་དགོངས་སུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག །པདྨ་དབང་དྲག་འགྲུབ་གྱུར་ནས་སོགས་ཀྱིས་དགེ་བ་བསྔོ། དེ་ནས། ཤེས་བྱའི་དོན་ལ་མ་རྨོངས་པའི། །བླ་མ་མཆོག་གི་བཀྲ་ཤིས་ཤོག །གང་གིས་བདེ་ལེགས་ཀུན་སྩོལ་བའི། །ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག །འགྲོ་བའི་དོན་ལ་མཐུ་ལྡན་པའི། །མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །བསྟན་པ་སྲུང་ཞིང་བར་ཆད་སེལ། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ཉིན་མོ་བདེ་ལེགས་སོགས་བརྗོད་ལ་བཀྲ་ཤིས་ཀྱིས་མཐའ་བརྟེན་པར་བྱའོ། །ནུབ་ཐ་མར་ཟོར་འཕེན་པ་ལ། གཞན་ཚང་མ་གོང་བཞིན་ལ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཟློག་པ་ཚར་བའི་རྗེས་སུ། མཆོད་བསྟོད་གོང་བཞིན་མཐར། མ་འབྱོར་པ་དང་ཉམས་པ་དང་སོགས་དང༌། བདག་ཅག་ལས་ཉོན་མོངས་དབང་གྱུར་པས། །རིམ་གཉིས་ཏིང་འཛིན་མི་གསལ་ཞིང༌། །བྱིང་རྒོད་སེམས་དང་ལྡན་གྱུར་པས། །སྔགས་ཀྱི་བར་ཆད་ཟུར་ཉམས་པ། །ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས། །ཅི་མཆིས་ཐམས་ཅད་མ་ཧཱ་གུ་རུ། །པདྨ་ཐོད་ཕྲེང་ལྷ་ཚོགས་ཀྱི། །སྤྱན་སྔར་བཤགས་ཤིང་བཟོད་པར་གསོལ། །ཞེས་ནོངས་བཤགས་བཟོད་གསོལ་བྱ། དེ་ནས་སློབ་དཔོན་དབང་དྲག་གི་ཆས་དང༌། རྡོ་རྗེ་ཕུར་བུ་ཐོགས་ལ་ཐམས་ཅད་བཞེངས་ཏེ། དྲག་པོའི་ཟོར་རྫས་འབར་བ་རྣམས། །ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །ཁྱུང་ཆེན་སྣང་བ་མཐའ་ཡས་དང༌། །ཞི་བའི་ལས་མཛད་ཁྲག་འཐུང་བའི། །ཐུགས་ལས་སྤྲུལ་པའི་ཁྲོ་བོ་ནི། །གསང་བདག་ཕྱག་ན་རྡོ་རྗེ་དང༌། །རྒྱས་པའི་ལས་མཛད་ཁྲོ་རྒྱལ་གྱི། །སྐུ་ལས་

p. 247

སྤྲུལ་པའི་ཁྲོ་བོ་ནི། །འཇམ་དཔལ་གཤིན་རྗེ་གཤེད་པོ་དང༌། །དབང་གི་ལས་མཛད་ཆེ་མཆོག་གི །གསུང་ལས་སྤྲུལ་པའི་ཁྲོ་བོ་ནི། །དབང་ཕྱུག་རྟ་མགྲིན་དཔའ་བོ་དང༌། །དྲག་པོའི་ལས་མཛད་ཁྲག་འཐུང་བའི། །ཕྲིན་ལས་སྤྲུལ་པའི་ཁྲོ་བོ་ནི། །ཡཀྵ་མེ་དབལ་དྲག་པོ་དང༌། །གཞན་ཡང་དཔའ་བོ་མཁའ་འགྲོའི་ཚོགས། །བྲན་དང་མངག་པ་ཤན་པར་བཅས། །ལེགས་པར་བསྐྱེད་ཅིང་སྤྱན་དྲངས་པའི། །ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས། །དམ་ཚིག་རྟེན་དང་བྲལ་ནས་སུ། །བདག་གི་མདུན་གྱི་ནམ་མཁར་གནས། །ལེགས་པར་བཞུགས་ནས་རྣལ་འབྱོར་པའི། །དྲག་པོའི་ལས་ཀྱི་ཟླ་གྲོགས་མཛོད། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཡེ་ཤེས་པ་བཏེག་ཅིང་ཟོར་རྫས་རྣམས་དཔགས་ལ། ཟོར་གཏོར་དམ་ཚིག་གསལ་བ་རྣམས། །འོད་ཞུ་ཚ་དྲག་འབར་བ་ཡི། །དུས་མཐའི་མེ་ཕུང་ཆེན་པོ་དང༌། །སྣང་སྲིད་ཕུང་བྱེད་ཧ་ལའི་སྡོང༌། །དལ་རིམས་གདུག་པའི་ཁྲག་མཚོ་དང༌། །ལྟས་ངན་ཡམས་ཀྱི་ཕུང་པོ་དང༌། །ཤུགས་དྲག་རྡོ་རྗེའི་མཚོན་ཆར་གྱུར། །བསྟན་ལ་གནོད་བྱེད་བླ་མར་སྡང༌། །སེམས་ཅན་ལ་འཚེ་བདུད་ཀྱི་དཔུང༌། །དམ་ཚིག་བྲལ་བའི་དགྲ་བགེགས་རྣམས། །མིང་ཙམ་མེད་པར་སྐད་ཅིག་ལ། །ཐལ་བར་རློག་བྱེད་མཐུ་སྟོབས་ཀྱིས། །རབ་བརྗིད་ནུས་པའི་བདག་པོར་གྱུར། །དེ་ནས་དར་དམར་གྱིས་སྣ་དྲངས་ཏེ། རོལ་མོ་དང་བཅས་ཇི་ལྟར་རིགས་པའི་སར་ཁྱེར་ལ། རྩ་བརྒྱུད་དཔལ་ལྡན་བླ་མ་ཡིས། །ཟོར་ཆེན་རྫས་ཀྱི་ནུས་པ་དང༌། །མཐུ་སྟོབས་དྲག་པོའི་དཔུང་བསྐྱེད་ལ། །དགྲ་བགེགས་སྲོག་ལ་དབང་མཛོད་ཅིག །དེ་བཞིན་དུ་ཐ་མའི་ཚིག་རྐང་གསུམ་སྤེལ་ཏེ། ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས། །ཟོར་ཆེན་སོགས། སྒྲུབ་ཆེན་བཀའ་

p. 248

བརྒྱད་ལྷ་ཚོགས་ཀྱིས། །ཟོར་ཆེན་སོགས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱིས། །ཟོར་ཆེན་སོགས། ཆེ་མཆོག་པདྨ་དྲག་པོ་ཡིས། །ཟོར་ཆེན་སོགས། སྣང་མཐའ་བྱ་ཁྱུང་རྒྱལ་པོ་ཡིས། །ཟོར་ཆེན་སོགས། ཐུགས་སྤྲུལ་ཕྱག་ན་རྡོ་རྗེ་ཡིས། །ཟོར་ཆེན་སོགས། སྐུ་སྤྲུལ་འཕགས་པ་འཇམ་དཔལ་གྱིས། །ཟོར་ཆེན་སོགས། གསུང་སྤྲུལ་རྟ་མགྲིན་དཔའ་བོ་ཡིས། །ཟོར་ཆེན་སོགས། ཕྲིན་ལས་ཡཀྵ་མེ་དབལ་གྱིས། །ཟོར་ཆེན་སོགས། བྲན་དང་བཀའ་ཉན་ཚོགས་རྣམས་ཀྱིས། །ཟོར་ཆེན་སོགས། སྤྲུལ་པའི་ལྷ་དམག་ཚོགས་རྣམས་ཀྱིས། །ཟོར་ཆེན་སོགས། ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། །ཟོར་ཆེན་སོགས། གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །ཟོར་ཆེན་སོགས། བདག་གི་གཏོར་ཟོར་གཉེན་པོ་འདི། །རིག་འཛིན་བླ་མས་བྱིན་གྱིས་བརླབས། །ཡི་དམ་མཁའ་འགྲོས་ནུས་པ་བསྐྱེད། །དམ་ཅན་སྲུང་མས་དྲག་པོར་བསྒྲུབས། །སྡང་བྱེད་དགྲ་ལ་འཕེན་པའི་ཟོར། །གནོད་བྱེད་བགེགས་ལ་འཕེན་པའི་ཟོར། །གདུག་ཅན་ཐལ་བར་རློག་པའི་ཟོར། །དམ་ཉམས་རྩད་ནས་གཅོད་པའི་ཟོར། །དགྲ་བོ་རིགས་བརྒྱུད་གཅོད་པའི་ཟོར། །སྡེ་བརྒྱད་དམག་དཔུང་བསྐྱེད་པའི་ཟོར། །ཟོར་ཆེན་རྫས་ཀྱི་མཐུ་བསྐྱེད་ལ། །དགྲ་བགེགས་སྲོག་ལ་དབང་མཛོད་ཅིག །ཅེས་བྱིན་བསྐྱེད། དེ་ནས་ཀྱང་ཅུང་ཟད་དཔགས་ཏེ། ཧཱུྃ། ཐུགས་རྗེ་ཆེན་པོའི་ནས། དྲག་གཏུམ་མི་བཟད་མཇུག་གི། ཟློག་སྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་བར་གོང་བཞིན་བསྐུལ། དེ་ནས་འཕང་བའི་སར་སླེབ་པ་ན། གསེར་སྐྱེམས་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །ཐོད་པ་ཡངས་ཤིང་རྒྱ་ཆེ་བར། །གསེར་སྐྱེམས་དྲི་རོ་ནུས་ལྡན་གྱུར། །ཨོཾ་ཨཱཿཧཱུྃ་གིས་བརླབས་ལ། བླ་མ་རིག་འཛིན་ཚོགས་བཅས་མཆོད། །ཡི་

p. 249

དམ་ཞི་ཁྲོ་རབ་འབྱམས་མཆོད། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་མཆོད། །ཁྱད་པར་པདྨ་ཐོད་ཕྲེང་རྩལ། །ཆེ་མཆོག་དྲག་པོའི་ལྷ་ཚོགས་མཆོད། །མི་མངོན་བྱིངས་ནས་ཐུགས་རྗེ་ཡིས། །ཉེར་དགོངས་བྱིན་རླབས་དཔལ་བསྐྱེད་ལ། །གདུག་པའི་དགྲ་བགེགས་བསྒྲལ་བ་ལ། །ཕྱི་ནང་བར་ཆད་མི་འབྱུང་ཞིང༌། །གྲུབ་གཉིས་འཕེལ་པར་མཛད་དུ་གསོལ། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་ནས། །གང་གི་བསྟན་སྲུང་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་ཕུད་ཀྱིས་མཆོད། །གདུག་པའི་སོགས་འགྲེ། བསྟན་པ་སྲུང་མཛད་ཀུན་གྱི་གཙོ། །དཔལ་ལྡན་ནག་པོ་ལྕམ་དྲལ་དང༌། །ཞིང་སྐྱོང་དབང་ཕྱུག་གདོང་བཞི་སོགས། །ཆོས་སྐྱོང་སྲུང་མའི་ཚོགས་བཅས་ཀུན། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །གདུག་པའི་སོགས། ཕྱོགས་བཅུའི་འཇིག་རྟེན་སྐྱོང་རྣམས་དང༌། །གནས་བདག་ཀུན་དང་ཡུལ་བདག་ཀུན། །གསེར་སྐྱེམས༴ །གདུག་པའི་དགྲ་བགེགས་བསྒྲལ་བ་ལ། །བྱེར་དང་འཁུ་ལྡོག་མ་མཛད་པར། །སྟོང་གྲོགས་གཉེན་པོ་ཅི་ནུས་མཛོད། །ས་ཡི་ཕྱོགས་ནི་འདི་ཉིད་ལ། །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །འབྱུང་པོ་མ་མོ་གང་འཁོད་པ། །ཐམས་ཅད་ཕུད་ཀྱིས་ཚིམ་གྱུར་ནས། །གདུག་པའི་དགྲ་བགེགས་བསྒྲལ་བ་ལ། །རུ་ང་ཕྲག་དོག་མ་མཛད་པར། །སྟོང་གྲོགས་གཉེན་པོ་ཅི་ནུས་མཛོད། །ལྷ་ཡི་ཕྱག་རྒྱ་མི་བཟོད་ཅིང༌། །བྱེར་དང་འཁུ་ལྡོག་བྱེད་པ་རྣམས། །གསེར་སྐྱེམས་གཙང་མས་ཚིམ་བྱས་ནས། །ཅི་བདེ་བར་ནི་གཞན་དུ་དེངས། །ཞེས་ཚིག་མཚམས་རྣམས་སུ་ཕུད་འཐོར་ཞིང་གསེར་སྐྱེམས་གཏོང༌། ཕུར་པ་ཐོགས་ཏེ། ཧཱུྃ། ཕྱོགས་བཅུ་ནས། ཕྲིན་ལས་མཛོད་བར་གོང་བཞིན་མཉེས་པའི་དཔང་གཟུགས། དེ་ནས་ཟོར་ལ་ཕྱོགས་པས། ཧཱུྃ། ཕྱོགས་

p. 250

བཞི་མཚམས་བརྒྱད་སྟེང་འོག་ན། །གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རིག་འཛིན་བདག་གི་བཀའ་ལ་ཉོན། །དམར་ཆེན་དྲག་པོའི་གཏོར་ཟོར་འདི། །ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ། །དཀར་པོའི་ཕྱོགས་ལ་མི་འཕེན་ནོ། །ཁྱེད་རྣམས་རང་རང་གནས་ལ་གཤེགས། །ཧཱུྃ། རྣལ་འབྱོར་ཟོར་འཕེན་གང་དུ་འཕེན། །སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན། །ཕྱོགས་དེར་གནས་པའི་གཞི་བདག་རྣམས། །སྐུ་གཟུར་དབུ་སྨོད་ཞབས་སྡུས་ལ། །དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེ། །འཁོར་བཅས་དྲག་པོའི་དམག་སྣ་དྲོངས། །སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར། །དཔའ་བོའི་འཁྲུལ་འཁོར་དེར་ཤོམས་ཤིག །ཧཱུྃ། ང་ནི་སངས་རྒྱས་ཀུན་གྱི་དངོས། །ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །དེ་རིང་དྲག་པོའི་ཟོར་འཕེན་གྱི། །བསྟན་པ་ཡོངས་ཀྱི་སྲུང་མ་དང༌། །སེམས་ཅན་ཕན་བྱེད་དགེ་ལ་སྤྲོ། །དཀར་པོའི་ཕྱོགས་ལ་དགའ་བ་ཡི། །འབྱུང་པོ་ཐམས་ཅད་སྐུ་སྐྱོད་ཅིག །དེ་རིང་དྲག་པོའི་སྔགས་ཀྱི་ཟོར། །སྡེ་བརྒྱད་རྣམས་ལ་མི་འཕེན་ནོ། །རུ་ང་ཕྲག་དོག་མ་མཛད་ཅིག །ལམ་ལ་གནས་པ་གཞན་དུ་གཤེགས། །གནས་གཞན་བསྐྱོད་པར་མ་ནུས་ན། །མཐོ་བ་རྣམས་ཀྱི་ཞབས་སྐུམས་ཤིག །དམའ་བ་རྣམས་ཀྱི་དབུ་ཆུམས་ཤིག །བར་པ་རྣམས་ཀྱི་སྐུ་གཟུར་ཞིག །བག་མེད་རྣམས་ཀྱི་བག་མཛོད་ཅིག །ཟོར་འདི་སྡང་བའི་དགྲ་ལ་ཡ། །ཟོར་འདི་གནོད་པའི་བགེགས་ལ་ཡ། །དྲག་པོའི་ཕྲིན་ལས་མ་ལུས་པ། །སྐད་ཅིག་ཙམ་ལ་འགྲུབ་པར་མཛོད། །ཅེས་ཨ་རྩིག་ནེ་རྩིག་འདོན་ཅིང་སྟངས་སྟབས་བཅས་ཟོར་ལམ་དབྱེ། གཡས་གཡོན་དུ་གཏོར་ཟོར་ཁྲག་ཟོར་ཐོགས་ལ། ཧཱུྃ། ང་ནི་ཆེ་མཆོག་ཐོད་ཕྲེང་རྩལ། །ཁམས་གསུམ་ཀུན་གྱི་དབང་ཕྱུག་ཡིན། །འཇིག་རྟེན་འདས་དང་མ་འདས་པའི། །

p. 251

དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀུན། །རང་རང་ཕོ་ཉའི་དམག་སྡུས་ལ། །དེ་རིང་དགྲ་བགེགས་སྟེང་དུ་དྲོངས། །རྦད་དོ་བསྐུལ་ལོ་དྲེགས་པའི་ཚོགས། །གྲངས་མེད་མཐུ་དང་དཔུང་བསྐྱེད་ལ། །དགྲ་བགེགས་སྡིག་ཅན་འཁོར་བཅས་ཀྱི། །གཟུགས་ཕུང་ཐལ་བའི་རྡུལ་བཞིན་ཤིག །རྣམ་ཤེས་ཚངས་པའི་ལམ་ནས་དྲོངས། །རིག་པ་སྐྱེ་མེད་དབྱིངས་སུ་སྤོར། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཅེས་དང་རྩ་སྔགས་ཤམ་བུ་ཅན་དྲག་ཏུ་བཟླ་བཞིན་པས་ཤར་སོགས་གཡས་སྐོར་གྱི་རིམ་པས་གཏོར་ཟོར་ཁྲག་ཟོར་ཉུང་ཟོར་རྣམས་རྒྱང་དུ་འཕང༌། དེ་ནས་གཏོར་ཆེན་ཐོགས་ལ། རྩ་སྔགས་ཤམ་ཅན། སུ་མ་ཏྲིག་རཀྵ། བྷ་ཡ་ནཱ་ས་རྣམས་ཚར་གསུམ་རེའི་རྗེས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། །སངས་རྒྱས་ཀྱི༴ །ཆོས་ཀྱི༴ །དགེ་འདུན་གྱི༴ བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དེ་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ འཇམ་དཔལ་སྐུ། པདྨ་གསུང༌། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕྲིན་ལས་ཕུར་པ། མ་མོ་རྦོད་གཏོང༌། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད། འདུས་པ་མདོ། སྒྱུ་འཕྲུལ་རྒྱན། འཆི་མེད་ཚེ། ལྷུན་གྲུབ་རིག་འཛིན། སྙིང་པོ་ཕྱག་རྒྱ། གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི༴ ཁྱད་པར་དུ་ཡང་དྲེགས་པ་འདུལ་མཛད་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི༴ རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་

p. 252

བྱིན་གྱིས་བརླབས་ཀྱིས། སྤྱིར་བསྟན་པ་དང་བསྟན་པ་འཛིན་པའི་གང་ཟག་རྣམས་དང༌། ཁྱད་པར་དུ་ཡང་སྦྱིན་པའི་བདག་པོ་གང་ཡིན་གྱི་མིང་སྐབས་ཕྱེད་པར་སྦྱར་ཏེ། འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་སྲུང་བའི་ལྷ་དང་ཕྲོལ་ཅིག གནམ་གྱི་འཇུ་ཐག་ཆོད་ཅིག སའི་རྟེན་ཕུར་ཕྱུང་ཞིག སྒྱུ་མའི་ལྔ་ཕུང་དཀྲུགས་ཤིག ཞིང་གི་སྐྱེ་རྒྱུད་ཆོད་ཅིག ཡུལ་དང་ཁང་ཁྱིམ་ཤིག་ཅིག ཡས་ཀྱི་ཕ་རྒྱུད་ཆོད་ཅིག མས་ཀྱི་བུ་རྒྱུད་ཆོད་ཅིག རྩད་ནས་ཆོད་ཅིག དྲུང་ནས་ཕྱུང་ཞིག གློ་བུར་དང་ཡེ་འདྲོག་ཐོང་ཞིག སྨྱོ་འབོགས་དང་བརྒྱལ་ནད་ཐོང་ཞིག ལྟས་ངན་དང་ཆོ་འཕྲུལ་ཐོང་ཞིག ནང་མནོལ་དང་དམེ་འཁྲུགས་ཐོང་ཞིག ལོ་དང་ཟླ་བར་མ་བཞག་ཅིག ཞག་དང་ཟ་མ་ལ་རྟགས་མཚན་ཕྱུང་ཞིག ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། འཇིག་རྟེན་ཕྱི་མ་ལ་དུས་མ་འདེབས། རང་བཞིན་གྲུབ་པའི་སྐྱེ་ཤི་ལ་ཁུངས་མ་བཅོལ། ལས་ཀྱི་དབང་བཙན་ནོ་ཞེས་ཐ་སྙད་མ་འདོགས་པར་རྟགས་དང་མཚན་མ་མྱུར་དུ་མངོན་དུ་ཕྱུང་ཞིག མཐུ་མ་ཆུང༌། རྩལ་མ་ཞན། རྣལ་འབྱོར་པས་བཅོལ་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད་ཅིག མཱ་ར་ཡ་རྦད་བྷྱོ་ཟློག ཅེས་བརྗོད་ཅིང༌། སེམས་ཀྱིས་གཏོར་ཆེན་སྲིད་གསུམ་འཇོམས་པའི་ནུས་ལྡན་དེ་ཉིད་དགྲ་བགེགས་ཀྱི་རྣམ་ཤེས་མཐེབ་སོར་གྱི་ཚད་ཙམ་པ་འོད་ཀྱི་རང་བཞིན་དེ་ཉིད་ལ་བརྒྱབས་པས་མར་མེ་ལ་གཡབ་མོ་བརྒྱབས་པ་ལྟར་ནག་ཐུམ་གྱིས་ཤི་བར་བསམ། དགྲ་བོའི་ཡུལ་ལྗོངས་ལོངས་སྤྱོད་ཐམས་ཅད་ཀྱང་སྐད་ཅིག་ཉིད་ལ་རྡུལ་ཕྲན་ཙམ་ཡང་མ་ལུས་པར་བརླགས་པར་བསམས་ལ། གཏོར་མ་ཁ་བུབ་ཏུ་དྲག་ཏུ་བརྡབ། དགྲ་བགེགས་འཁོར་བཅས་ཀྱི་རྣམ་ཤེས་མི་བསྐྱོད་རྒྱལ་བའི་ཞིང་དུ་ཐལ་གྱིས་སོང་བར་

p. 253

བསམས་ཏེ་འཛིན་མེད་བློ་འདས་ཀྱི་ངང་དུ་ཇི་ཙམ་གནས་ཀྱི་བར་དུ་བཞག བེར་ཕོད་དང་གཏོར་གདན་གྱི་པགས་པ་བརྡབ། སློབ་དཔོན་གྱིས་རྟིང་མནན་ཏེ་ཕྱི་མིག་མི་ལྟ་བར་ལོག སྲུང་འཁོར་དང་ཚེ་གཟུངས་འདོན། སྒྲུབ་ཁང་གི་རྩར་གཏོར་གཞོང་སྦུབས་ལ། དཔོན་སློབ་རྣམས་སྲིན་མཛུབ་སྦྲེལ་ཏེ་བསྐོར་ཞིང༌། ཨེ་མ་ཧོཿ རྒྱལ་དབང་གཉིས་པ་པདྨ་འབྱུང་གནས་ཉིད། །མ་འོངས་སྙིགས་མའི་སེམས་ཅན་གདུལ་བའི་ཕྱིར། །སྣ་ཚོགས་གཟུགས་དང་མཛད་པ་སྣ་ཚོགས་ཀྱིས། །ལས་བཞིའི་ཕྲིན་ལས་སྐྱོང་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །འགྲོ་དོན་དཔག་མེད་མཛད་པའི་ཡི་དམ་ལྷ། །ནད་གདོན་བར་ཆད་ཞི་ཞིང་ཚེ་དཔལ་རྒྱས། །སྣོད་བཅུད་དབང་སྡུས་དགྲ་བགེགས་གཞོམ་པར་མཛོད། །རྩ་སྔགས་ཀྱི་བྷ་ག་ཝ་ཏེའི་མཇུག་ཏུ་ཤཱནྟིཾ། པུཥྚིཾ། བ་ཤཾ། མཱ་ར་ཡ་ཧཱུྃ་ཧཱུྃ། ཨཱཿཧཱུྃ་ཧཱུྃ། ཕཊ་ཕཊ། ཨ་ཡ་མ་ནས། ཧཱུྃ་ཕཊ། ཅེས་གཡོན་སྐོར་བྱ། དེ་ནས་སྒྲུབ་ཁང་གི་སྟེང་དུ་གཏོར་འབུལ། བསྟན་སྐྱོང་རྣམས་ཕྱག་བཞེས་ལྟར་བྱས་ནས། སྲིད་ཞིའི་དཔལ་འབྱོར་མ་དང་གུར་ཞལ་ལས་མཁན་གྱི་བཀྲ་ཤིས་བཅས་གྲུབ་ནས་སྒྲུབ་ཁང་དུ་འཁོད། ཚོགས་ལྷག་མ་གོང་ལྟར་གཏོང༌། གསུམ་པ་ནི། མཆོད་བསྟོད་དངོས་གྲུབ་བླང་བ། ནོངས་བཤགས་བཟོད་གསོལ། བརྟན་བཞུགས་སོགས་གོང་དུ་བཤད་པ་ལྟར་བྱའོ། །རིག་འཛིན་བརྒྱུད་པའི་བྱིན་རླབས་ཟིལ། །མ་ཉམས་དྲག་པོའི་གཏོར་ཟློག་གིས། །བསྟན་དགྲ་མཐར་བྱེད་རྣལ་འབྱོར་པའི། །ལམ་གྱི་བར་ཆད་སེལ་གྱུར་ཅིག །ཅེས་སྒྲུབ་ཐབས་རིན་པོ་ཆེའི་ཞལ་སྐོང་དུ་དཔལ་ས་སྐྱ་པ་འགྲོ་མགོན་དབང་སྡུད་སྙིང་པོའི་གསུང་ལྟར་བློ་གཏེར་དབང་པོས་བསྡེབས་པ་བདག་གཞན་མཐའ་དག་མི་མཐུན་པའི་ཕྱོགས་ཀུན་ལས་རྒྱལ་བའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་གཞུང་སྒྲུབ་ཐབས་དབང་དང་བཅས་པ།

p. 254
p. 255

ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་གཞུང་སྒྲུབ་ཐབས་དབང་དང་བཅས་པ་བཞུགས་སོ།།

p. 256

ཀྠཀྭ།ཀྭ།ཿ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་«་་་་་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་»ལ་ཕྱག་འཚལ་ལོ། །དེ་ནས་པདྨ་«་་་་་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་དང་མཇལ།» ཌཱ་ཀི་གར་གྱི་དབང་ཕྱུག་མོས་བཅོམ་ལྡན་འདས་འོད་དཔག་མེད་ལ་གསོལ་པ༔ «ངོ་མཚར་བའི་ཚིག་་་་་»ཀྱེ་བཅོམ་ལྡན་དགྱེས་ཆེན་འོད་དཔག་མེད༔ «དོན་ཆེ་་་་་་»འཁོར་«་་་་་དགོས་པ་»བ་དོང་ནས་སྤྲུགས་པའི་ཕྱིར༔ «གང་ཞུན་་་་་་»ཡིག་བདུན་གསང་སྒྲུབ་བཀའ་སྩོལ་ཅིག༔ ཅེས་ཆེད་དུ་ཆེ་བར་ཞུས་སོ༔ བཅོམ་ལྡན་འདས་ཀྱིས་གར་གྱི་དབང་ཕྱུག་ལ་སོགས་པའི་«་་་་་པདྨ་རིགས་ཀྱི་སེམས་དཔའ་དྲུག་ཁྲི་»འདུས་པའི་འཁོར་རྣམས་ལ་བཀའ་སྩལ་པ༔ «སྤྲོ་བ་བསྐྱེད་པ་་་་་་»དེ་དོན་དབང་ཕྱུག་མོས་ཞུས་པ་ལེགས་སོ༔ «གནང་བའི་སྐབས་དབྱེ་བ་་་་་་»གུས་པའི་ཡིད་ཀྱིས་གསང་སྒྲུབ་ཉོན༔ «སྒྲུབ་པོའི་མཚན་ཉིད་བསྟན་་་་་་»དད་བརྩོན་རིགས་ལྡན་སྐྱེས་བུ་ཡིས༔ རང་ལུས་སེམས་དབེན་གནས་«་་་་་སྒྲུབ་གནས་བསྟན།» བརྟེན་ནས༔ སྦྱོར་དངོས་རྗེས་གསུམ་གསང་སྒྲུབ་སྡོམ༔ སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་དང་༔ དངོས་གཞི་མ་ཡེངས་ཏིང་འཛིན་གསུམ༔ ལུས་ངག་ཡིད་ཀྱི་དཀྱིལ་འཁོར་ཏེ༔ རྟོག་མེད་ངང་«ཆོས་ཉིད་མ་སྐྱེས་པའི་ངང་དུ་གནས་»ལས་རང་རིག་ཧྲཱིཿ «དཀྱིལ་འཁོར་གྱི་ལྷའི་མདངས།་་་་་»དཀར་དམར་འོད་ལྡན་གདན་སྟེང་དུ༔ གསང་སྔགས་རྒྱལ་པོ་འབྲུ་དྲུག་

p. 257

བསྐོར༔ དེ་ཉིད་མ་ཡེངས་«་་་་་ཡི་གེའི་མདངས་»འོད་ཕུང་ལས༔ ཐུགས་རྗེ་ཆེན་པོ་ཡིག་བདུན་པ༔ སྐུ་དམར་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་རིགས་ཀྱི་གཙོ་བོ་བཞུགས༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ གཡོན་པས་བདུད་རྩིའི་བུམ་པ་བསྣམས༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔ འགྲོ་དོན་ཞབས་གཉིས་«་་་་་ཟུང་འཇུག་གི་ཏིང་ངེ་འཛིན་»བཞེངས་ཚུལ་དུ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐུགས་ཀར་ཡིག་འབྲུ་གསལ་བར་ལྡན༔ སྣང་ལ་རང་བཞིན་མེད་པ་གཅིག༔ མི་བརྗེད་པ་ཡི་ཚུལ་དུ་བསྒོམ༔ ལུས་ལྷའི་དཀྱིལ་འཁོར་དང་པོའོ༔ དེ་ནས་ངག་ཏུ་ཡིག་བདུན་བརྗོད༔ ཚོགས་རྫོགས་སྒྲིབ་སྦྱོང་ཡི་གེའི་འཕྲོ་འདུ་ལས༔ «ཚོགས་རྫོགས་སྒྲིབ་སྦྱང་འཕྲོ་འདུ་་་་་་»འོད་འཕྲོས་བདེ་གཤེགས་མཉེས་མཆོད་འབུལ༔ ཚུར་འདུས་སྐུ་གསུང་དངོས་གྲུབ་ཐོབ༔ བདག་གི་སྒྲིབ་གཉིས་བྱང་བར་བསམ༔ ཡང་གཅིག་བརྗོད་པས་འོད་འཕྲོས་པས༔ འགྲོ་དྲུག་སྒྲིབ་སྦྱངས་བདག་འདྲར་གྱུར༔ འོད་དུ་འབར་བའི་ཞིང་ལ་བཀོད༔ བདག་གིས་སྔགས་«་་་་་གནས་འགྱུར་གཞི་ལ་བཀོད་པའི་འཕྲོ་འདུ།» བརྗོད་ཀུན་གྱིས་བརྗོད༔ གསང་བརྟགས་དོན་གྱིས་བསྟོད་

p. 258

ཅིང་༔ དབྱངས་དང་བཅས་པའི་ཉམས་«་་་་་གསལ་འདེབས་ཀྱི་འཕྲོ་འདུ་དབྱངས་»འཕེལ་བས༔ མ་ཡེངས་«་་་་་གྲགས་སྟོང་ཉམ་འཕེལ་བའི་འཕྲོ་འདུ་»གྲགས་སྟོང་དི་རི་རི༔ ངག་སྒྲའི་འཁོར་ལོ་གཉིས་པའོ༔ སྐྱོ་ན་སོ་སོའི་རྣམ་པ་ལས༔ ཡི་གེ་དྲུག་གི་འོད་ཟེར་ཕོག༔ ཐམས་ཅད་ཡི་གེ་དྲུག་པར་གྱུར༔ བདག་གི་བ་སྤུའི་བུ་གར་ཐིམ༔ བདག་ཉིད་གདན་ནས་རིམ་གྱིས་སུ༔ སྙིང་གའི་ཡིག་དྲུག་དག་ལ་བསྡུ༔ ཡིག་དྲུག་ཧྲཱིཿ«་་་་་བདག་ཉིད་ཡེ་ཤེས་རབ་ཏུ་རྫོགས་རིམ།» ལས་འོད་དུ་འདུས༔ ཧྲཱིཿཡང་གི་གུ་དག་ལ་འདུས༔ གི་གུ་མེ་ལོང་ཧས་བཏབ་བཞིན༔ མཐའ་ནས་དབུས་སུ་ཡལ་བ་ནི༔ འཁོར་བ་དོང་ནས་སྤྲུགས་པ་ཡིན༔ བདག་མེད་དོན་ལ་མ་ཡེངས་གནས༔ མ་འགགས་རོལ་པར་ཤེས་པར་བྱ༔ ཡིད་ཀྱི་འཁོར་ལོ་གསུམ་པའོ༔ རྗེས་ཀྱི་དཀྱིལ་འཁོར་རྣམ་གསུམ་ཡང་༔ ལུས་མེད་ལུས་ཏེ་ལུས་«་་་་་ལུས་ཀྱི་མཐའ་ཐམས་ཅད།» ཀྱི་མཆོག༔ ཡང་དག་«་་་་་ངག་གི་མཐའ་»མཐའ་སྟེ་ཡི་གེ་མེད༔ རྣམ་«་་་་་ཡིད་ཀྱི་མཐའ་»པར་རྟོག་མེད་ལྷུན་གྱིས་གྲུབ༔ མཐའ་མེད་དབུས་ཀྱང་ཡོད་མ་«་་་་་ཆོ་སྐུ་»ཡིན༔ ཐུགས་རྗེ་ཆེན་པོ་ཅིར་«་་་་་བཟང་ངན་རྟོག་པ་ལས་འདས་པ་ཆོས་ཉིད་ཀྱི་ངང་»མི་དགོངས༔ ཤེས་རབ་མིག་ལྡན་ཀུན་གྱི་རུང་༔ ཐུན་མོང་འགྲོ་བའི་དོན་བྱེད་ན༔ མེ་ཆུ་གཉིས་ལ་ཡིག་བདུན་བྲིས༔ མཆོད་རྟེན་གསལ་བྱེད་དེ་བཞིན་ནོ༔ དེས་ཀྱང་འཁོར་བ་དོང་ནས་སྤྲུགས༔ ཞེས་བཀའ་སྩལ་ཏོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས༔ ཡང་སྙིང་གསང་སྒྲུབ་ཀྱི་ལེའུ་སྟེ་བདུན་པའོ༔ ལེའུ་ཁོལ་དུ་བསྡུས་པ་ལགས༔ སེམས་ཅན་གྱི་རྒྱུད་ལ་བུདྡྷ་རང་བཞིན་གྱིས་གབ་ནས་གནས་ཏེ༔ མཐོང་ནས་སྒྲུབ་པའི་ཕྱིར་རོ༔ ཀཱ་ཅཀ་ཀ་གི༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ལ་ཕྱག་འཚལ་ལོ༔ འཁོར་བ་དོང་སྤྲུགས་རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་པ་ལས༔ རྒྱུད་ཀྱི་ལེའུའི་ཁོང་སྙིང་ལེའུ་བདུན་པ་འདི་བཤད་ན་སྤྱི་དོན་གསུམ་སྟེ༔ གར་གྱི་དབང་ཕྱུག་མས་བཅོམ་ལྡན་འོད་དཔག་མེད་ལ་ཐུགས་རྗེ་ཆེན་པོ་ཡི་གེ་བདུན་པ་ཞུ་ཚུལ་བསྟན་པ་

p. 259

དང་༔ བཅོམ་ལྡན་འདས་ཀྱིས་གནང་བའི་སྐབས་ཕྱེ་བ་དང་༔ སྒྲུབ་ཐབས་དོང་སྤྲུགས་བཀའ་སྩལ་པའོ༔ དང་པོ་ཞུ་ཚུལ་ལ་གཉིས་ཏེ༔ དོན་ཆེད་གང་ལ་དགོངས་པ་དང་༔ ཞུ་དོན་དངོས་སོ༔ གནང་བའི་སྐབས་དབྱེ་བ་ལ་གཉིས་ཏེ༔ ཞུ་བ་པོ་སྤྲོ་བ་བསྐྱེད་པ་དང་༔ ཡིད་ལ་ཟུང་ཞིག་པར་བསྟན་པའོ༔ སྒྲུབ་ཐབས་དངོས་ལའང་གཉིས༔ སྒྲུབ་པ་པོ་རྟེན་གྱི་གང་ཟག་བསྟན་པ་དང་༔ སྒྲུབ་པ་ཉམས་སུ་བླང་བའི་རིམ་པའོ༔ དང་པོ་ལ་གཉིས་ཏེ༔ མཚན་ཉིད་བསྟན་པ་དང་༔ དབེན་གནས་བསྟན་པའོ༔ སྒྲུབ་པ་ཉམས་སུ་བླང་བའི་རིམ་པ་ལ༔ སྦྱོར་བ་དང་༔ དངོས་གཞི་དང་༔ རྗེས་དང་༔ ཐུན་མོང་གི་འགྲོ་དོན་དང་བཞིའོ༔ དང་པོ་ལ་གཉིས་ཏེ༔ སྐྱབས་འགྲོ་དང་སེམས་བསྐྱེད་དོ༔ དངོས་གཞི་ལ་གསུམ་སྟེ༔ ལུས་ལྷའི་འཁོར་ལོ་དང་༔ ངག་སྔགས་ཀྱི་འཁོར་ལོ་དང་༔ ཡིད་ཏིང་ངེ་འཛིན་རྫོགས་པའི་འཁོར་ལོ་དང་གསུམ་མོ༔ ལྷ་ལའང་ས་མ་ཏི་གསུམ་སྟེ༔ ཡིག་འབྲུ་རྒྱུའི་ས་མ་ཏི་དང་༔ འོད་སྤུངས་སྐུའི་ས་མ་ཏི་དང་༔ ཟུང་འཇུག་རྫོགས་པའི་ས་མ་ཏིའོ༔ གཉིས་པ་སྔགས་ཀྱི་འཕྲོ་འདུ་ལའང་བཞི་སྟེ༔ ཚོགས་རྫོགས་སྒྲིབ་སྦྱོང་གི་འཕྲོ་འདུ་དང་༔ འགྲོ་དྲུག་གནས་འགྱུར་ཞིང་ལ་བཀོད་པའི་འཕྲོ་འདུ་དང་༔ བསྟོད་པ་གསོལ་འདེབས་ཀྱི་འཕྲོ་འདུ་དང་༔ གྲགས་སྟོང་ཉམས་འཕེལ་གྱི་འཕྲོ་འདུའོ༔ ཡིད་ཏིང་ངེ་འཛིན་རྫོགས་པ་ལ་གསུམ་སྟེ༔ སྣང་བ་བདག་ལ་བསྡུ་བའི་རྫོགས་རིམ་དང་༔ བདག་ཡིག་འབྲུ་ལ་བསྡུ་བའི་རྫོགས་རིམ་དང་༔ འཁོར་བ་དོང་ནས་སྤྲུགས་པའི་རྫོགས་རིམ་མོ༔ རྗེས་འབྲས་བུ་ཐོབ་ཚུལ་ལ་བཞི་སྟེ༔ ལུས་ཀྱི་མཐའ་དང་༔ ངག་གི་མཐའ་དང་༔ ཡིད་ཀྱི་མཐའ་དང་༔ ཐུགས་རྗེ་ཆེན་པོའི་མཐའ་གང་གིས་བཟུང་བའོ༔ ཐུན་མོང་འགྲོ་བའི་དོན་བྱ་ཐབས་ལ་བཞི་སྟེ༔ མེ་མཁའ་ཁྱབ་ཀྱི་འགྲོ་དོན་དང་༔ ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་དང་༔ དམིགས་གཏད་མཆོད་རྟེན་གྱི་འགྲོ་དོན་དང་༔ མེ་ལོང་ལམ་པའི་འགྲོ་དོན་ནོ༔ རྒྱུད་ཀྱི་རྒྱལ་པོ་འཁོར་བ་དོང་སྤྲུགས་ལས༔ ཡང་སྙིང་

p. 260

ལེའུ་བདུན་པའི་ས་མ་ཏིའི་འགྲེལ་བའོ༔ ༈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་ཐབས་བཞུགས་སོ༔ ཆོས་དབང་གི་ཨུ་པ་དེ་ཤའོ༔ ཊམ་ར་ཨ་བ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་མངོན་པར་རྟོགས་པའི་རིམ་པ་ལ༔ དང་པོ་སྐྱབས་སུ་འགྲོ་བ༔ ན་མོ། སྐུ་གསུམ་ཐུགས་རྗེར་ལྡན་པའི་བླ་མ་དཀོན་མཆོག་ལ༔ སྒོ་གསུམ་དད་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཀྱེ་མ༔ རྟོག་འཁྲུལ་ངན་པའི་སེམས་ཅན་རྣམས༔ རང་ངོ་མ་ཤེས་སྡུག་ལ་གཏད༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ སྙིང་རྗེ་ཆེན་པོར་སེམས་བསྐྱེད་དོ༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད༔ དེ་ནས་ལྷ་བསྐྱེད་པ༔ རང་གི་སེམས་ཉིད་དུས་གསུམ་གྱི་རྟོག་པ་དང་བྲལ་ནས་རྣམ་པར་མི་རྟོག་པའི་ངང་ལས༔ སྣ་ཚོགས་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་རང་གི་རིག་པ་མ་འགགས་པའི་ངོ་བོ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་གྱི་མཐར་ཨོཾ་མ་ཎི་པདྨེ་ཧཱུྃ་དཀར་ལ་དམར་བའི་མདངས་ཅན་གྱིས་བསྐོར་བ༔ དེ་རྣམས་འོད་དམར་པོར་འཁྱིལ་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས༔ རང་ཉིད་ཐུགས་རྗེ་ཆེན་པོ་ཡི་གེ་བདུན་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ༔ ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་པདྨ་དམར་པོའི་ཕྲེང་བ་བསྣམས་ཤིང་༔ གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་སྤྱི་བླུགས་བདུད་རྩིས་གང་བ་འཛིན་པ༔ ཞི་མ་ཁྲོའི་ཆ་ལུགས་གཅེར་བུ་རྒྱན་ཐམས་ཅད་སྤངས་པ༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་ལས་འོད་ཟེར་དམར་པོ་འཕྲོ་ཞིང་སྣང་ལ་རང་བཞིན་མེད་པ་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་ལུས་ལྷའི་འཁོར་ལོ༔ ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་གྱི་མཐར་ཨོཾ་མ་ཎི་པདྨེ་ཧཱུྃ་གིས་བསྐོར་བར་གྱུར༔ ཐུགས་ཀའི་ཡི་གེ་བདུན་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་ཟེར་

p. 261

དང་བཅས་པ་བདག་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས༔ ཡང་འོད་འཕྲོས་པས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར༔ སྣོད་ཐམས་ཅད་གཞལ་ཡས་ཁང་དང་༔ བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོར་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན་ཡི་གེ་དྲུག་པའི་སྒྲ་དི་རི་རི་སྒྲོགས་པར་གྱུར༔ ངག་སྔགས་ཀྱི་འཁོར་ལོའོ༔ བཟླས་པ་མང་དུ་བྱའོ། །དེ་ནས་ཕྱི་ནང་གི་མཆོད་པས་མཆོད༔ རྩ་བ་དོན་རྟགས་ཀྱི་སྒོ་ནས་བསྟོད་དོ༔ དེ་ནས་རང་གི་ཐུགས་ཀའི་ཡི་གེ་བདུན་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ༔ རང་གི་བ་སྤུའི་བུ་ག་ནས་ཚུར་འདུས་བདག་ལ་ཐིམ༔ བདག་ཀྱང་ཐུགས་ཀའི་ཡི་གེ་དྲུག་ལ་ཐིམ༔ དེའང་དབུས་ཀྱི་ཧྲཱིཿལ་ཐིམ༔ ཧྲཱིཿཡང་རིམ་པ་བཞིན་གི་གུ་ལ་ཐིམ༔ གི་གུའང་མི་དམིགས་པར་གྱུར༔ དེ་དྲན་རྟོག་ཐུགས་ཀྱི་འཁོར་ལོའོ༔ དེའི་ངང་ལས་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར༔ གཏོར་མ་འབུལ་བ་ནི༔ རིན་པོ་ཆེའི་སྣོད་དུ་ཟས་ཕུད་ཞིམ་དགུ་མངར་བཅུའི་གཏོར་ཆེན་བཤམས་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལན་གསུམ་གྱིས་གཏོར་མའི་དངོས་འཛིན་ཐམས་ཅད་སྦྱངས༔ ཡང་ཡིག་བདུན་ལན་གསུམ་གྱིས་སྣོད་བཅུད་འཇིག་རྟེན་དང་མཉམ་པར་སྤེལ༔ ཡང་ལན་བདུན་གྱིས་ཁམས་གསུམ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་མདུན་དུ་བཀུག༔ ཧྲཱིཿ སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ནས་ཐམས་ཅད་ཐུགས་རྗེ་ཆེན་པོར་འགྱུར༔ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས༔ ཀུན་གྱིས་གཏོར་མ་གསོལ་བར་གྱུར༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿབ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ འགྲོ་བ་རྣམས་ཀྱི་དབང་པོ་ལྔའི་སྒོ་རུ་འདོད་ཡོན་ལྔའི་མཆོད་པས་ཚིམ་པར་གྱུར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཨོཾ་ཨཱཿཧཱུྃ༔ བདག་མཆོད་ཀུན་མཉེས་དངོས་གྲུབ་ཡ་མཚན་ཆེན་པོར་གྱུར༔ བླ་

p. 262

མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཁམས་གསུམ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཁྱབ་པར་གཏོར་མས་ཚིམས་ཏེ༔ བདག་མེད་སྤྲོས་བྲལ་ཀུན་ཁྱབ་མ་བཅོས་རང་མདངས་སུ་སལ་ལེ་བཞག་པས༔ སྒོ་གསུམ་གཏོར་མ་ཆོས་ཀྱི་དབྱིངས་སུ་ཐོངས་པར་གྱུར་ཅིག༔ ཅི་བྱས་དགེ་བའི་རྩ་བ་འདིས༔ འགྲོ་དྲུག་བདེ་བ་ཐོབ་པར་ཤོག༔ འགྲོ་རྣམས་བདེ་ཆེན་སར་གནས་ཤོག༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་ཐབས་རྫོགས་སོ༔ ཨི་ཐི༔ ༈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་དབང་ཆོག་བཞུགས་སོ༔ ལནྩ་ཁ་ཤས་བྲིས་འདུག ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་གསང་སྒྲུབ་ཡི་གེ་བདུན་པ་ཟབ་མོ་ཐུགས་ཀའི་དབང་འདི་ལ་གསུམ་སྟེ༔ སྦྱོར་བ༔ དངོས་གཞི༔ རྗེས་སོ༔ དང་པོ་ལ་གསུམ་སྟེ༔ དཀྱིལ་འཁོར་བཤམ་པ་དང་༔ སྐྱབས་འགྲོ་སེམས་བསྐྱེད༔ ཡེ་ཤེས་དབབ་པའོ༔ དང་པོ་ནི་ས་གཙང་མ་ལ་མཎྜལ་དཔེའུ་ཆུང་ལྟར་བྲིས་པའི་དབུས་སུ༔ མཉྫིའམ་འབྲུའི་སྟེང་དུ་བུམ་པ་རྒྱན་ལྡན་བཅུད་དང་བཅས་པ་བཤམས་པའི་སྟེང་དུ་སྨན་ཕུད་བྷནྡྷའི་སྟེང་དུ་མེ་ལོང་ལ་ཡི་གེ་བདུན་པ་བྲིས་ལ་བཤམ༔ པདྨ་བརྩེགས་པའི་གཏོར་མ་དང་མཆོད་པ་ལྔ་བཤམ༔ ཆོས་སྐྱོང་གཏོར་མ་དང་འབྱུང་པོའི་གཏོར་མ་བཤམ༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སྒྲུབ་ཐབས་ལྟར་བྱའོ༔ དེ་ནས་ཡེ་ཤེས་དབབ་པ་ནི༔ དར་གྱི་ཅོད་པན་མེ་ཏོག་དང་བཅས་པ་སློབ་མས་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ་འདི་སྐད་ཞུའོ༔ ཨེ་མ་ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ བླ་མ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་དང་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ༔ པྲ་ཏི་པཱུ་ཛ་ཧོཿ ཕོ་བྲང་དུ་དོར་རོ༔ དེ་ནས་སློབ་མ་རྣམས་ལ༔ འོ་མ་ཡེངས་པར་འདི་ལྟར་བསྒོམས་ཤིག༔ སྣང་བ་ཐམས་ཅད་འོད་དམར་པོའི་རང་བཞིན་ཞིང་ཁམས་ཡལ་ཡལ་སྒོམས་ཤིག༔ རང་གི་སྤྱི་གཙུག་ན་བླ་མ་སྣང་བ་མཐའ་ཡས་དང་ཐ་མི་དད་

p. 263

པ་གཟི་བརྗིད་དང་ལྡན་པ་བཞུགས་ནས༔ རིགས་ཀྱི་བུ་བདེ་བ་ཅན་གྱི་གནས་སུ་ཡར་ཤོག་ཡར་ཤོག་གསུངས་པར་སྒོམས་ཤིག༔ རང་ཉིད་ཐུགས་རྗེ་ཆེན་པོ་བཞེངས་སྐུར་བསྒོམ༔ སྣང་སྲིད་ཐམས་ཅད་ཡི་དམ་ལྷ་དང་མཁའ་འགྲོ་དཔའ་བོ་དང་དཔའ་མོ་གར་བྱེད་རོལ་མོ་མང་པོ་སྒྲོགས་ཤིང་བྱིན་གྱིས་བརླབས་པར་བསམས་ལ༔ རིག་པ་འཕང་བསྟོད་ཅིང་གསོལ་འདེབས་དང་ཡི་གེ་བདུན་པ་དི་རི་རི་སྒྲོགས་པར་བསྒོམ༔ རོལ་མོ་དང་བཅས་པས་སྤོས་བསྲེག་གོ །རྗེས་ཀྱི་ཤེས་པ་གསལ་སྟོང་འཛིན་མེད་དེ་རང་ཐུགས་རྗེ་ཆེན་པོར་ངོ་སྤྲད་དོ༔ དངོས་གཞི་ལ་གསུམ་སྟེ༔ ལྷ་བསྙེན་ཅིང་སྒྲུབ་པ་དང་༔ དབང་རྫས་བྱིན་གྱིས་བརླབ་པ་དང་༔ དབང་བསྐུར་བའོ༔ དང་པོ་ནི་སྒྲུབ་ཐབས་ལྟར་རོ༔ གཉིས་པ་ནི་བུམ་པ་ལ་གཟུངས་ཐག་བཏགས་ཏེ༔ མེ་ལོང་ལ་སོགས་ལྷ་གསུམ་དུ་གསལ་ཏེ་ཡི་གེ་བདུན་པ་བཟླས་པས༔ དེའི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་གསུམ་བྱུང་སྟེ་སློབ་མའི་སྒོ་གསུམ་གྱི་དྲི་མ་དག་ནས་སྐུ་གསུང་ཐུགས་སུ་དབང་བསྐུར་བར་བསམ་མོ༔ གསུམ་པ་དབང་བསྐུར་བ་ནི༔ སློབ་མའི་སྤྱི་གཙུག་ཏུ་བུམ་པ་བཞག་སྟེ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་ཁྲུས་བྱའོ༔ དེ་ནི་བུམ་པའི་དབང་ངོ་༔ དེ་ནས་བདུད་རྩི་ངག་ཏུ་བླུད་ཅིང་༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ལྕེ་ལ་མྱང་བ་ནི་གསང་དབང་ངོ་༔ དེ་ནས་མེ་ལོང་ཐུགས་ཀར་གཏད་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མེ་ལོང་བསྟན་ལ་རིག་པ་མེ་ལོང་ལྟར་གསལ་ལ་འཛིན་མེད་དུ་བདེ་ལྷན་བཞག་གོ༔ དེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་༔ དེ་ནས་ཚིག་དབང་བསྐུར་ཏེ༔ སྙིང་གར་མཛུབ་མོ་བཙུགས་ནས༔ སེམས་ཉིད་མ་བཅོས་ཀློང་ཡངས་ན༔ རང་བྱུང་ཐུགས་རྗེ་ཆེན་པོ་བཞུགས༔ གསལ་ལ་མི་རྟོག་བདེ་བར་བཞུགས༔ ཐུགས་རྗེ་ཆེན་པོར་དབང་བསྐུར་རོ༔ ཞེས་ངོ་སྤྲད་པ་ཚིག་དབང་ངོ་༔ རྗེས་ལ་གསུམ་སྟེ༔ གཏོར་མ་གཏོང་བ་དང་༔ དམ་ཚིག་དབོག་པ་དང་༔ ཡོན་འབུལ་བའོ༔ དང་པོ་ནི་བླ་མ་ཡི་དམ་

p. 264

ཐུགས་རྗེ་ཆེན་པོའི་ཚོགས་ལ་འབུལ༔ གཉིས་པ་ཆོས་སྐྱོང་ལ་རང་གཞུང་གིས་འབུལ༔ འབྱུང་པོ་ལ་ཁ་འབར་མས་བཏང་ངོ་༔ གཉིས་པ་དམ་ཚིག་ཏུ་ཐུགས་རྗེ་ཆེན་པོའི་བསྙེན་བསྒྲུབ་རྒྱུན་དུ་བྱའོ༔ གཞན་དོན་མ་ཡིན་པའི་ལས་ལ་མི་འཇུག་གོ༔ གསུམ་པ་གསེར་གྱི་མཎྜལ་ལ་སོགས་པ་འབུལ༔ སྒྲུབ་པའི་དམ་བཅའ་འབུལ་ལོ༔ བླ་མས་བསྔོ་བ་སྨོན་ལམ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔ རྣམ་རྒྱལ་བུམ་པའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ལྷ་དབང་ལུས་ཀྱིས་ཐོབ་པར་ཤོག༔ ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔ གསང་དབང་བདུད་རྩིའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ གསང་དབང་ངག་གིས་ཐོབ་པར་ཤོག༔ ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔ ཤེས་རབ་ཡེ་ཤེས་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ཆོས་དབང་སེམས་ཀྱིས་ཐོབ་པར་ཤོག༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔ ཚིག་དབང་རིན་ཆེན་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ ༈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་དབང་གི་བཀོལ་བྱང་བཞུགས་སོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་དབང་བསྐུར་བ་ལ་གསུམ་སྟེ༔ ལྷ་དབང་ལུས་ལ་དབང་བསྐུར་བ་དང་༔ གསང་དབང་ངག་ལ་བསྐུར་བ་དང་༔ ཆོས་དབང་སེམས་ལ་བསྐུར་བའོ༔ དང་པོ་སློབ་མའི་སྤྱི་བོར་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྐུ་ཡོངས་རྫོགས་དབང་བསྐུར་ཏེ༔ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདྲེན་པའི་གཙོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་གཙུག་བརྒྱན༔ ཐུགས་ཀར་ཡིག་བདུན་གསལ་བར་བལྟ༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས༔ རྒྱན་མེད་གཅེར་བུ་འཛུམ་མདངས་ལྡན༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་རྫོགས་

p. 265

གྱུར་ཅིག༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ་རྡོ་རྗེ་སློབ་དཔོན་བདག་གིས་ཐུགས་རྗེ་ཆེན་པོ་ཡོངས་རྫོགས་ཀྱི་དབང་བསྐུར་བས་ཐུགས་རྗེ་ཆེན་པོ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་སངས་རྒྱས་ནས༔ འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བསྐྱེད་རིམ་དབོག༔ གཉིས་པ་གསང་དབང་ངག་ལ་བསྐུར་བ་ནི༔ ཡིག་བདུན་སློབ་མའི་སྤྱི་བོར་བཞག་ཅིང་༔ སྤྱན་རས་གཟིགས་དབང་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ རང་བྱུང་ཡི་གེ་བདུན་དུ་ཤར༔ ཡིག་དྲུག་རིགས་དྲུག་སྒྲིབ་པ་སྦྱངས༔ ཧྲཱིཿནི་ངན་སོང་སྐྱེ་སྒོ་གཅོད༔ དུས་གསུམ་སངས་རྒྱས་ཡང་སྙིང་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུས་གསུམ་སངས་རྒྱས་གསུང་འགྲུབ་ནས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ་གསུང་ཡི་གེ་བདུན་པའི་དབང་བསྐུར་བས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་དུ་འགྲུབ་ནས་གྲགས་སྟོང་དབྱེར་མེད་ཀྱི་ངང་ལ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཝཱཀ་ཨ་བྷི་ཥིཉྩ་ཨཱཿ སྐབས་འདིར་བསྙེན་ལུང་དབོག༔ གསུམ་པ་ཆོས་དབང་སེམས་ལ་བསྐུར་བ་ནི༔ མེ་ལོང་གི་ཁར་ཤེལ་བཞག་པ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་དོ༔ ཐུགས་རྗེ་ཆེན་པོ་རང་དང་གཉིས་སུ་མེད༔ གཞན་ནས་བཙལ་མེད་ཆོས་སྐུ་སྐྱེ་བ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རང་བྱུང་རིག་པ་རང་གསལ་ཆོས་ཀྱི་སྐུ༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སློབ་མ་རྣམས་ལ་ཤེལ་དང་མེ་ལོང་བསྟན་ལ༔ ལས་དང་སྐལ་པར་ལྡན་པའི་སློབ་མ་རྣམས་ལྟོས་ཤིག༔ རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ༔ གསལ་ལ་སྒྲིབ་པ་མེད་པ་ཤེལ་ལྟ་བུ༔ སྣ་ཚོགས་སུ་ཤར་ཀྱང་ཤེལ་གྱི་གདན་དང་གཞན་གྱིས་ཁ་དོག་སྒྱུར་བ་ཡིན་གྱི༔ ངོ་བོ་ཤེལ་ལས་གཡོས་པ་མེད་པ་བཞིན་དུ་རང་གི་རིག་པ་བྱང་ཆུབ་

p. 266

ཀྱི་སེམས་འདི་ཐུགས་རྗེ་ཆེན་པོ་ལས་གཡོས་པ་མེད་དོ༔ ཞེས་བརྗོད་ཅིང་སྐབས་འདིར་སྐུ་སྣང་སྟོང་དབྱེར་མེད༔ གསུང་གྲགས་སྟོང་དབྱེར་མེད༔ ཐུགས་རིག་སྟོང་དབྱེར་མེད་དུ་ངོ་སྤྲད་དོ༔ གསུམ་པ་ཐུན་མོང་གི་དབང་ནི༔ གཏོར་མའི་དབང་དང་བཀའ་ལུང་གི་དབང་ལས༔ དང་པོ་གཏོར་མའི་དབང་ནི་སློབ་མའི་སྤྱི་བོར་བཞག་ལ༔ གཏོར་སྣོད་རིན་ཆེན་གཞལ་ཡས་ཁང་༔ གཏོར་མ་འདོད་ཡོན་རྣམ་པ་ལྔ༔ ཡི་དམ་ལྷ་རུ་མངའ་གསོལ་བས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡི་དམ་འཁོར་བ་དོང་སྤྲུགས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་གྱི༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ཏྲཱྃ༔ ཞེས་གནས་ལྔར་གཏུགས༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ་གཏོར་མའི་དབང་བསྐུར་བས༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དབང་ཐོབ་ནས་འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག༔ གཉིས་པ་བཀའ་ལུང་གི་དབང་ནི་པོ་ཏི་སློབ་མའི་སྤྱི་བོར་བཞག་ལ༔ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ་འཁོར་བ་དོང་སྤྲུགས་ཀྱི་ཆོས་ཉན་དུ་རུང་བའི་དབང་དང་༔ སྒོམ་པར་བྱེད་པའི་ཏིང་ངེ་འཛིན་གྱི་དབང་དང་༔ འགྲོ་དོན་བྱེད་པ་བྱིན་རླབས་ཀྱི་དབང་རྣམས་ཐོབ་ནས་ཁྱེད་རྣམས་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག༔ རང་རང་གི་མིང་འཇུག་ཏུ་བཅུག་ལ༔ སེམས་ཅན་གཅིག་གི་དོན་བྱེད་པར་གྱུར་ཅིག༔ གཉིས་ཀྱི་དོན་བྱེད་པར་གྱུར་ཅིག༔ དེ་བཞིན་དུ་བཅུའི་བར་དུ་བཅུག་སྟེ་འགྲོ་དོན་བྱེད་པར་གྱུར་ཅིག༔ ཉི་ཤུ་ནས་བརྒྱའི་བར་འགྲོ་དོན་བྱེད་པར་གྱུར་ཅིག༔ སྟོང་གི་ཁྲིའི་འབུམ་གྱི་ས་ཡའི་བྱེ་བའི་དུང་ཕྱུར་གྱི་ཐེར་འབུམ་གྱི་ཁྲག་ཁྲིག་གི་སྟོང་དང་པོའི་སེམས་ཅན། སྟོང་གཉིས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་གྱི་དོན་གྱི་བྱེད་པར་གྱུར་ཅིག༔ སྤྲུལ་སྐུའི་ཞིང་ཁམས་ཀྱི༔ ལོངས་སྐུའི་ཞིང་

p. 267

ཁམས་ཀྱི༔ ཆོས་སྐུའི་ཞིང་ཁམས་ཀྱི་དོན་བྱེད་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དྷརྨ་ཨ་བྷི་ཥིཉྩ་ཧྲཱིཿ ཁྱེད་རྣམས་ཐུགས་རྗེ་ཆེན་པོའི་བཀའ་ལུང་ཐོབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལྟ་བུའི་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན་ནོ༔ ཞེས་བརྗོད་དོ༔ ཨི་ཐི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྫ་བར་ཡང་བན་ཆོས་དབང་གི་སྙིང་ཐིག་གོ༔ འདིའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ཌཱ་ཀི་གར་གྱི་དབང་མོ། སློབ་དཔོན་པདྨ་འབྱུང་གནས། མཚོ་རྒྱལ། ཆོས་དབང༌། སྲས་མོ་དྲིན་ཅན་མ། ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་དབང༌། སྦ་སྟོན་རྡོ་རྗེ་གཞོན་ནུ། སྦ་སྟོན་དཀོན་མཆོག་དཔལ་བཟང༌། གནུབས་སྟོན་རིན་ཆེན་དཔལ་བཟང༌། རྒྱལ་སྲས་པདྨ་འབྱུང་གནས། དགེ་སློང་དམ་པ་བཀྲ་ཤིས་དཔལ། རྗེ་སྨོན་ལམ་རྒྱལ་མཚན། ཡང་ན། ཆོས་དབང་རིན་པོ་ཆེ་ནས། སྨན་ལུང་མི་བསྐྱོད་རྡོ་རྗེ། དྭགས་སྟོན་ཐམས་ཅད་མཁྱེན་པ། གཉན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་པ་གུ་རུ་ཆེན་པོ། ཀརྨ་དཔལ་འབྱོར། ཆོས་ཀྱི་དབང་པོ། ཀརྨ་གུ་རུ་ཡབ་སྲས། བློ་མཆོག་རིག་པའི་རྡོ་རྗེ། དེས་བདག་ལའོ། །ཡང༌། བློ་གྲོས་མཆོག་གི་རྡོ་རྗེས་བླ་མ་ཆུ་མིག་པ་ངག་དབང་ཕུན་ཚོགས་ལ་ཕོ་བྲང་པོ་ཏ་ལར་གསན་པའོ།། ༈ །འཁོར་བ་དོང་སྤྲུགས་ཀྱི་ནང་སྒྲུབ་བཞུགས་སོ༔ ན་མོ་གུ་རུ༔ ཨི་རྒྱ་ཨུ་ཏི་ཨ་མ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨའི་ཐུགས་དམ༔ མཁའ་འགྲོ་མའི་སྙིང་ཐིག༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་ནང་སྒྲུབ་ལ༔ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ སྟོང་པའི་ངང་ལས་པདྨ་དམར་པོ་འདབ་བཞིའི་སྟེང་དུ༔ སྐད་ཅིག་དྲན་རྫོགས་ལ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པདྨ་རཱ་གའི་ཕྲེང་བ་བསྣམས་པ༔ གཡོན་རིན་པོ་ཆེའི་བུམ་པ་སྤྱི་བླུགས་བསྣམས་པ༔ སྐུ་ལྡེམ་བག་ཅན༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔

p. 268

སྤྱི་བོར་སངས་རྒྱས་འོད་དཔག་མེད་པ་བཞུགས་པར་བསམ༔ སྐུ་ལ་ཡུམ་གསང་བ་ཡེ་ཤེས་འཁྲིལ་བ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག༔ གཡོན་ཐོད་ཕྲག༔ དབུ་ལ་རུས་པའི་འཁོར་ལོ་སོགས་རུས་པའི་རྒྱན་ཆ་དང་རིན་པོ་ཆེས་བརྒྱན་པ༔ དར་དཔྱངས་ཀྱིས་མཛེས་པ༔ ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་ཡབ་ལ་འཁྲིལ་སྦྱོར་ཅན༔ ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་དང་དཔའ་བོ་སྡེ་བཞི་བསྒོམ༔ ཡབ་ཀྱི་ལྟེ་བ་ལ་སྒྲོལ་མ་དཀར་མོ༔ སྤྱི་བོ་ན་པདྨ་འབྱུང་གནས་ཡབ་ཡུམ༔ ཐུགས་ཀར་པདྨ་འདབ་བཞིའི་དབུས་སུ་ཧྲཱིཿདམར་པོ་ལས་འོད་ཟེར་དམར་པོ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམ༔ འོད་ཟེར་ཚུར་འདུས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས་ཡེ་ཤེས་རང་གསལ་གྱི་དོན་རྒྱུད་ལ་སྐྱེས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་བྃ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཧྲཱིཿ འབུམ་ཚོ་གསུམ་ནི་བཟླས་གྱུར་ན༔ མཆོག་གི་དངོས་གྲུབ་འཐོབ་པར་འགྱུར༔ འདི་ཡི་སིདྡྷི་སྨོས་ཅི་དགོས༔ སློབ་དཔོན་པདྨས་ལྷོ་བྲག་དཔལ་གྱི་གནས་སྐས་ཀྱི་གཏེར་ཁ་གུ་རུ་ཆོས་དབང་ལ་གཏད་པའོ། །གྲུབ་ཐོབ་མདོ་བོ་རས་ཆེན་པ། དེས་སྤྲུལ་སྐུ་རྡོ་གདན། དེས་སློབ་དཔོན་དཀོན་མཆོག་ཤེས་རབ་ལའོ། །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་གཏོར་མ་བྱེད་པར་འདོད་ན༔ གཏོར་སྣོད་ཀ་པཱ་ལ་མཚན་ཉིད་དང་ལྡན་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པས་བཀང་ལ༔ རང་ཉིད་བྱང་ཆུབ་སེམས་དང་ལྡན་པས༔ གཏོར་མ་བྱིན་གྱིས་བརླབ་པ་ནི༔ རང་ཉིད་ལྷར་གསལ་བས་ཨོཾ་ཨཱཿཧཱུྃ་གསུམ་གྱི་བྱིན་གྱིས་བརླབས་ལ༔ རང་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ལྷ་ཚོགས་སྤྱན་དྲངས་ལ༔ འབུལ་བ་ནི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་ནམ་གསུམ་ལ་སོགས་པས་ཕུལ་ལ༔ ཧྲཱིཿ སྐྱེད་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ འགག་མེད་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་པ༔ སྐུ་མདོག་དམར་

p. 269

གསལ་འཇིག་རྟེན་དབང་དུ་སྡུད༔ བྱམས་པའི་སྤྱན་གྱིས་འགྲོ་ལ་ཐུགས་རྗེས་གཟིགས༔ སྙན་གཉིས་ཐབས་དང་ཤེས་རབ་འབུལ་ཐབས་མཛད༔ ཕྱག་གཡས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན༔ གཡོན་པ་བུམ་པས་འཁོར་བ་དོང་ནས་སྤྲུགས༔ ཞབས་གཉིས་འགྲོ་བའི་དོན་ལ་ལྡེམ་བག་ཅན༔ འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་སྡུད་པའི༔ ཐུགས་རྗེ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔ སྐུ་མདོག་དམར་གསལ་སྤྲུལ་པའི་སྐུ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསུང་༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་གསང་བའི་ཡུམ༔ ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས༔ གསང་བ་ཡེ་ཤེས་ཌཱ་ཀི་མ༔ སྐུ་མདོག་དམར་མོ་དབང་གི་ཚུལ༔ རྣམ་རྟོག་རྩད་གཅོད་གྲི་གུག་གཡས༔ འཁོར་བ་དབང་སྡུད་ཐོད་ཁྲག་གཡོན༔ ཐབས་དང་ཤེས་རབ་བརྐྱང་བསྐུམ་མཛད༔ གཉིས་མེད་ཚུལ་གྱིས་ཡབ་ལ་འཁྲིལ༔ འདོད་ཡོན་རང་དག་རུས་པས་བརྒྱན༔ གཞོན་ཚུལ་ཆེ་ལ་ཅུང་ཟད་ཁྲོ༔ ཐུགས་རྗེའི་ཆགས་པས་དབང་སྡུས་ལ༔ ནམ་མཐོང་དྲན་པས་ཡེ་ཤེས་སྐྱེ༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ༔ རིན་ཆེན་རིགས་ཀྱི་ཌཱ་ཀི་མ༔ པདྨ་རིགས་ཀྱི་ཌཱ་ཀི་མ༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་མ༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དབང་དང་དངོས་གྲུབ་ད་ལྟ་སྩོལ༔ ཨོཾ་བུདྡྷ་ཌཱ་ཀི་ནཱི༔ ཨོཾ་བཛྲ་ཌཱ་ཀི་ནཱི༔ ཨོཾ་རཏྣ་ཌཱ་ཀི་ནཱི༔ ཨོཾ་པདྨ་ཌཱ་ཀི་ནཱི༔ ཨོཾ་ཀརྨ་ཌཱ་ཀི་ནཱི༔ སིདྡྷི་སིདྡྷི་ཧཱུྃ༔ བཀའ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ རྫོགས་སོ༔ ༈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་གསང་སྒྲུབ་ཞུགས་སོ༔ ཊཏ༔མགྤཎྚགྷ྅ཾ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་རྒྱུད་ལེའུ་ལྔ་བཅུ་རྩ་བདུན་པའི་ནང་ནས༔ ལེའུ་བདུན་པ་ཡང་སྙིང་གསང་སྒྲུབ་ཀྱི་ལེའུ་འདི་ལ་

p. 270

བཞི་སྟེ༔ བསྙེན་པ་དང་༔ སྒྲུབ་པ་དང་༔ ལས་ལ་སྦྱོར་བ་དང་༔ འགྲོ་དོན་གྱི་ལས་ཚོགས་དང་བཞིའོ༔ ཐོག་མར་བསྙེན་པའི་རིམ་པ་ནི་གཞུང་ལྟར་ཉམས་སུ་བླངས་ཏེ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀྱི་གེགས་ལས་ངན་གྱི་སྒྲིབ་པ་ཡིན་པས་སྒྲིབ་པ་བྱང་བའི་མཚན་མ་མ་བྱུང་གི་བར་བསྙེན་པ་ཤིན་ཏུ་གལ་ཆེའོ༔ གཉིས་པ་སྒྲུབ་པ་བྱ་བ་ནི༔ གནས་དུར་ཁྲོད་དམ༔ གངས་རིའམ༔ ཤིང་གཅིག་གི་དྲུང་ངམ༔ ཆུ་ཀླུང་ངམ༔ ནགས་ལ་སོགས་པ་མཁའ་འགྲོ་འདུ་བའི་གནས་སུ་སོང་ལ༔ གནས་དེར་བཀྲ་ཤིས་པའི་ས་ལ་མཎྜ་ལ་མདའ་གང་གྲུ་བཞི་བྱས་ཏེ་བའི་རྣམ་ལྔ་བྱུགས་ཤིང་བདུད་རྩིས་ཆག་ཆག་བཏབ་སྟེ༔ དེའི་སྟེང་དུ་ཆོས་འབྱུང་པདྨ་དང་བཅས་པ་ཕྱི་རྡོ་རྗེ་མེ་རིས་བསྐོར་བ་བྲིས་ལ་ཁ་དོག་ཚོན་གྱིས་བསྒྱུར༔ དེའི་སྟེང་དུ་མཉྫིའི་སྟེང་ཀ་པཱ་ལ་མཚན་དང་ལྡན་པ་གཅིག་ལ་བདུད་རྩི་ལྔ༔ སིནྡྷཱུ་ར་དང་༔ ཨ་མྲྀ་ཏ་དང་༔ བྱང་སེམས་དཀར་དམར་དང་༔ མཚལ་དང་ཆང་སྦྱར་ལ་པདྨ་འདབ་བཞི་མུ་ཁྱུད་དང་བཅས་པ་བྲི༔ དེའི་ལྟེ་བར་ཧྲཱིཿཁ་སྤྲོད༔ པདྨ་འདབ་བཞི་ལ་ཕོ་ཡིག་བཞི་དང་མོ་ཡིག་བཞི་རྒྱ་ཡིག་ཏུ་བྲི༔ ཕྱིའི་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ་བྲི༔ དེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་དང་བྱང་སེམས་དཀར་དམར་དང་སིནྡྷཱུ་ར་དང་ཨ་མྲྀ་ཏ་དང་༔ གཞན་ཡང་རིན་པོ་ཆེ་གསེར་ལ་སོགས་པ་དང་༔ ནས་ལ་སོགས་པའི་འབྲུ་སྣ་དང་༔ ག་བུར་ལ་སོགས་པའི་སྨན་སྣ་དང་༔ རྒྱུ་ཟ་འོག་ལ་སོགས་པའི་དར་སྣ་དང་༔ རྒུན་ལ་སོགས་པའི་ཤིང་ཏོག་དང་༔ ཁུག་ཆོས་ལ་སོགས་པའི་མེ་ཏོག་དང་༔ དེ་རྣམས་ཞིབ་ཏུ་བརྡུངས་ལ་ཆང་གི་སྦྲུས་ཏེ་རིལ་བུ་སྲན་མ་ཙམ་བྱས་ལ༔ གོང་གི་ཀ་པཱ་ལ་དེ་བཀང་ངོ་༔ དར་དམར་པོ་ཁ་གང་གི་རྫས་རྣམས་ཀྱིས་དབང་སྡུད་འཁོར་ལོ་བྲིས་ལ་ཀ་པཱ་ལའི་ཞལ་ཁེབས་བྱའོ༔ དེའི་རྩར་སྦ་ལྕག་དཀར་པོ་ཚིགས་གསུམ་པ་གཅིག་ལ་མེ་ལོང་ལམ་པ་དང་དར་དམར་པོ་ཁ་གང་བཏགས༔ སྨྱག་ཤད་ཁྲུ་གང་པ་གཅིག་ཀྱང་བཙུགས༔ མགྲོན་བུ་པདྨའི་ལྟོ་བ་ཅན་གཅིག་གི་ནང་དུ་དར་དཀར་ལ་རྩ་སྔགས་ཀྱི་ཤམ་བུར་སྲིད་པ་

p. 271

གསུམ་གྱི་འགྲོ་བ་ཟིལ་གྱིས་ནོན་ཅིག་བྱ་བ་བྲིས་ལ་བཅུག༔ བ་མཁལ་སྨུག་ལེབ་ཅིག་ཏུ་དར་དམར་པོ་ལ༔ ཁམས་གསུམ་གྱི་འགྲོ་བ་ལོངས་སྤྱོད་དང་བཅས་པ་དབང་དུ་སྡུས་ཤིག༔ ཅེས་བྲིས་ལ་བཅུག་གོ༔ ཟངས་ཀྱི་གའུ་ཅིག་གི་ནང་དུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྙིང་པོ་གསེར་གྱིས་བྲིས་པ་དང་༔ གཞན་ཡང་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གྱི་རྟེན་དུ་དུང་མན་ཤེལ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་གྱི་རྟེན་དུ་གསེར་དང་མུ་ཏིག༔ པདྨ་མཁའ་འགྲོ་ཡབ་ཡུམ་གྱི་རྟེན་དུ་ཟངས་དང་བྱུ་རུ༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གྱི་རྟེན་དུ་དངུལ་དང་གཡུ༔ དེ་དག་དར་སྣ་དང་བཅས་པ་སྦ་ལྕག་ལ་བཏགས་སོ༔ རྟེན་པའི་གཏོར་མ་ཟས་བཅུད་ཅན་གྱིས་བརྒྱན་པ་བཤམ༔ གཞན་ཡང་རྒྱུན་གཏོར་དང་༔ ཚོགས་ཀྱི་ཞལ་ཟས་དང་༔ རྡོ་རྗེ་དྲིལ་བུ་དང་༔ རྐང་གི་དུང་དང་༔ ལྟག་སྤྲོད་ཀྱི་རྔ་དང་ཅང་ཏེའུ་དང་གླིང་བུ་ལ་སོགས་པ་བཤམ༔ དེ་ནས་ཕྱི་མཚམས་ནང་མཚམས་བཅད༔ དེ་ནས་སེམས་ཅན་ཐམས་ཅད་བདག་གི་དབང་དུ་བསྡུས་ལ་དཀར་པོ་དགེ་བ་བཅུ་ལ་བསྐུལ་ཞིང་༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ༔ དེའི་ཆེད་དུ་བདག་གིས་ཐུགས་རྗེ་ཆེན་པོ་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་ལ༔ དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་སྣོད་བཅུད་སྟོང་པར་སྦྱངས་ལ༔ རང་རིག་ཧྲཱིཿདམར་པོ་ཅིག་ཏུ་བསམ་པར་བྱ༔ དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྒྲིབ་པ་སྦྱངས༔ བདེ་བར་གཤེགས་པ་ལ་མཉེས་པའི་མཆོད་པ་ཕུལ༔ བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་བསྡུས་ཏེ་སླར་ཧྲཱིཿལ་ཐིམ་པས་བདག་ཉིད་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས༔ གཡས་པདྨའི་ཕྲེང་བ་གཡོན་བདུད་རྩིའི་བུམ་པ་བསྣམས་ཏེ་ཡུམ་ལ་འཁྱུད་པ༔ ཞལ་ཞི་མ་ཁྲོ་མཆེ་བ་ཅུང་ཟད་གཙིགས་པ༔ སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ ཞབས་ཉི་ཟླ་པདྨ་རོའི་གདན་ལ་བཞུགས་པ༔ ཡུམ་གསང་བ་ཡེ་ཤེས་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་དམར་མོ༔ གཡས་གསེར་གྱི་ཌ་མ་རུ་བསྣམས་པ༔ གཡོན་བདུད་རྩིའི་ཀ་

p. 272

པཱ་ལ་བསྣམས་ཏེ་ཡབ་ལ་འཁྱུད་པ༔ དབུ་སྐྲ་སིལ་བུ་ཐུར་དུ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ༔ ནུ་མ་དང་བྷ་ག་རྒྱས་ཤིང་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ ཡབ་ཡུམ་གཉིས་འཁྲིལ་སྦྱོར་དུ་བདེ་སྟོང་གི་ཉམས་དང་ལྡན་པར་བསྒོམ༔ དེ་ནས་ཡབ་ཀྱི་དཔུང་པ་གཡས་པའི་སྟེང་དུ་རྡོ་རྗེ་རིགས་ཀྱི་དཔའ་བོ༔ དཔུང་པ་གཡོན་པའི་སྟེང་དུ་རིན་ཆེན་དཔའ་བོ༔ པུས་མོ་གཡས་པའི་སྟེང་དུ་པདྨའི་དཔའ་བོ༔ པུས་མོ་གཡོན་པའི་སྟེང་དུ་ལས་ཀྱི་དཔའ་བོ༔ དེ་ནས་ཡུམ་གྱི་དཔུང་པ་གཡས་པའི་སྟེང་དུ་རྡོ་རྗེ་མཁའ་འགྲོ་མ༔ དཔུང་པ་གཡོན་པའི་སྟེང་དུ་རིན་ཆེན་མཁའ་འགྲོ་མ༔ པུས་མོ་གཡས་པའི་སྟེང་དུ་པདྨ་མཁའ་འགྲོ་མ༔ པུས་མོ་གཡོན་པའི་སྟེང་དུ་ལས་ཀྱི་མཁའ་འགྲོ་མ༔ དེ་ཐམས་ཅད་ཀྱང་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་གྲི་གུག་གཡོན་ཐོད་ཕྲག་བསྣམས་པ༔ རུས་པའི་རྒྱན་གྱིས་བརྒྱན་པའོ༔ དེ་ཐམས་ཅད་ཀྱི་གནས་གསུམ་དུ་ཉི་ཟླ་པདྨའི་གདན་ལ་ཡིག་འབྲུ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ༔ དེ་ནས་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས་སྣང་བ་མཐའ་ཡས་ཀྱིས་གཙོ་བྱས་པའི་རིགས་ལྔའི་སངས་རྒྱས་སྤྱན་དྲངས་ལ་པཱུ་ཛ་ལྔ་ཕུལ་ཏེ༔ བདག་ལ་དབང་སྐུར་ཅིག་པར་གསོལ་བ་གདབ༔ རིགས་ལྔའི་ཐུགས་ཀ་ནས་རིགས་ཀྱི་ལྷ་མོ་བུམ་པ་ཐོགས་པ་ལྔ་བྱུང་ནས་བདུད་རྩིའི་ཆུ་རྒྱུན་གྱིས་བདག་ལ་དབང་བསྐུར་བས༔ ལུས་ཕྱི་ནང་གི་སྒྲིབ་པ་ཐམས་ཅད་དག་ནས༔ བདུད་རྩི་ཡར་འཁྱིལ་པ་ལས་དབང་རྟགས་སུ་སྣང་བ་མཐའ་ཡས་སྤྲུལ་པའི་སྐུའི་ཆ་ལུགས་ཀྱིས་དབུ་བརྒྱན་པར་བསམ་མོ༔ ཡང་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས༔ རི་བོ་པོ་ཏ་ལའི་ཕོ་བྲང་ནས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་བདག་འདྲ་བར་སྤྱན་དྲངས་ལ་པཱུ་ཛ་འབུལ༔ བསྟོད་པ་བྱ༔ བདག་ལ་གཉིས་སུ་མེད་པར་བསྟིམ་མོ༔ དེ་ནས་བདག་གི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་ཡིག་དྲུག༔ ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཧྲཱིཿཡུམ་གྱི་སྙིང་པོས་བསྐོར་བ་བསམ༔ ཡབ་ཀྱི་ལྟེ་བར་དགའ་བ་འཁྱིལ་བ་ལ་ཐབས་ཀྱི་སྙིང་པོ་ལྔ་བཀོད༔ ཡུམ་

p. 273

གྱི་ལྟེ་བར་དགའ་བ་འཁྱིལ་པ་ལ་ཤེས་རབ་ཀྱི་སྙིང་པོ་ལྔ་བཀོད༔ བདག་གིས་སྔགས་ཀྱི་ཛཔྲ་བཟླས་པའི་དུས་སུ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བའི་འོད་ཟེར་དེ་ལྟེ་བའི་དགའ་བ་འཁྱིལ་པ་ལ་ཕོག་པས་གཡོན་དུ་འཁོར་བས་འོད་ཟེར་གསང་བ་ནས་ཡུམ་གྱི་བྷ་གར་ཐིམ༔ དེའི་འོད་ཟེར་གྱིས་ཡུམ་གྱི་དགའ་བ་འཁྱིལ་པ་ལ་ཕོག་པས་དེ་རབ་ཏུ་འཁོར་བའི་འོད་ཟེར་དེ་ཐུགས་ཀའི་སྔགས་ཕྲེང་ལ་ཕོག་ནས༔ དེ་འཁོར་བའི་འོད་ཟེར་དེ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཐིམ་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་བསམས་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཛཿ ཞེས་བཟླས་པས་གསང་གནས་གཉིས་ཀྱི་བར་ནས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས༔ ཕྱི་སྣོད་ཀྱི་འཇིག་རྟེན་པདྨ་འོད་ཀྱི་གཞལ་ཡས་ཁང་འོད་ཟེར་དམར་པོའི་རྦ་ཀློང་འཁྲུགས་པ༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཕོ་ཐམས་ཅད་ཐུགས་རྗེ་ཆེན་པོ༔ མོ་ཐམས་ཅད་གསང་བ་ཡེ་ཤེས་སུ་བསྒོམ༔ དེ་དག་གི་སྙིང་ལ་ཕོ་ཡིག་མོ་ཡིག་བཞི་འཁོར་བས་དེ་དག་ཡིད་བསྐུལ་ནས༔ དེ་ཐམས་ཅད་མ་ཎི་པདྨེ་འབྲུག་སྒྲ་ལྟར་སྒྲོགས་པ་མཆོང་བ་དང་༔ འཁྲབ་པ་དང་༔ རྒྱུགས་པ་དང་༔ བྲོ་རྡུང་བ་དང་༔ གར་བྱེད་པར་བསམ་མོ༔ ཞབས་གཉིས་ཀྱི་བར་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་གྱི་བརླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ཏེ་བདག་གི་ཞལ་དུ་ཐིམ་པས་བདག་ཉིད་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ༔ མདུན་གྱི་མཎྜལ་ཕྱིའི་གཞལ་ཡས་ཁང་༔ ཐོད་པ་ནང་གི་ཕོ་བྲང་དུ་ཡིག་འབྲུ་རྣམས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་ལྷ་ཚོགས་སུ་བསམ༔ བདག་གི་སྔགས་ཕྲེང་ལས་འོད་འཕྲོས་པས་མདུན་གྱི་ལྷ་ཚོགས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས༔ དེ་ལས་སྤྲུལ་པའི་དཔའ་བོ་དང་མཁའ་འགྲོ་མ་གྲངས་མེད་པ་སྤྲོས་པས་ཕྱོགས་བཅུའི་

p. 274

བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་དབང་དུ་བསྡུས༔ འཇིག་རྟེན་གྱི་ལོངས་སྤྱོད་སྟེང་ལྷའི་ལོངས་སྤྱོད༔ བར་མིའི་ལོངས་སྤྱོད༔ འོག་ཀླུའི་ལོངས་སྤྱོད༔ ཁྱད་པར་དུ་དཔལ་དང་གྲགས་པ༔ བཀྲག་དང་གཟི་མདངས༔ སྙིང་གི་དཀྱིལ་ནས་རྣམ་པར་ཤེས་པ་རྣམས་དབང་དུ་བསྡུས་ཏེ་དངོས་གྲུབ་ཀྱི་རྫས་ལ་བསྟིམ་ཞིང་ཏིང་ངེ་འཛིན་གྱི་འཕྲོ་འདུ་རྒྱུན་མི་གཅད་དོ༔ དེ་ནས་མཐུན་བར་གྱི་ཐུན་བཞིར་གཏོར་མ་འབུལ༔ བདུན་ཕྲག་རེ་ལ་ཚོགས་ཀྱི་འཁོར་ལོ་རེ་བསྐོར༔ ཚོགས་དང་གཏོར་མའི་དུས་སུ་རྐང་གི་དུང་༔ ཐོད་པའི་རྔ་དང་༔ རོལ་མོ་བཀྲོལ་ལ་འདི་སྐད་དུ་བསྟོད་ཅིང་གསོལ་བ་གདབ་བོ༔ ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ དུས་གསུམ་སངས་རྒྱས་གསང་མཆོག་འདུས་པའི་ལྷ༔ འོད་དཔག་མེད་ཀྱི་ཐུགས་ལས་སྤྲུལ་པ་ནི༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་བའི་མདངས༔ པད་ཕྲེང་བུམ་པ་བསྣམས་ནས་ཤེས་རབ་ཡུམ་ལ་འཁྱུད༔ རུས་པའི་རྒྱན་ལྡན་པད་ཉིའི་གདན་ལ་བཞུགས༔ འགྲོ་བ་འདྲེན་མཛད་སྤྱན་རས་གཟིགས་ལ་བསྟོད༔ ཧྲཱིཿ དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ བདེ་སྟོང་ཟུང་འཇུག་ཅང་ཏེའུ་ཐོད་ཁྲག་བསྣམས༔ གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན༔ བཅུ་དྲུག་ལོ་ལོན་སྒེག་པའི་ཉམས་དང་ལྡན༔ ཞབས་གཉིས་བརྐྱང་བསྐུམ་ཚུལ་གྱིས་ཡབ་ལ་འཁྲིལ༔ མཁའ་འགྲོའི་གཙོ་མོ་དངོས་གྲུབ་ཆར་ལྟར་འབེབས༔ གསང་བའི་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ འབྱུང་བ་བཞིའི་ངོ་བོ་རྣམ་དག་ཅིང་༔ ཡི་གེ་བཞི་ལས་སྐྱེས་པ་ཡི༔ རྡོ་རྗེའི་རིགས་དང་རིན་ཆེན་རིགས༔ པདྨའི་རིགས་དང་ལས་ཀྱི་རིགས༔ དཀར་སེར་དམར་དང་ལྗང་གུའི་མདོག་འཛིན་ཅིང་༔ གྲི་གུག་ཐོད་ཕྲག་རུས་པའི་རྒྱན་འཛིན་ཅིང་༔ ཞབས་གཉིས་བརྐྱང་བསྐུམ་ཁ་ཊྭཱཾ་གྲུ་མོར་བརྟེན༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས་བཞི་འཛིན༔

p. 275

དཔའ་བོ་མཁའ་འགྲོ་བརྒྱད་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀུན༔ རྣལ་འབྱོར་བདག་ལ་དུས་འདིར་མྱུར་དུ་སྩོལ༔ བདག་གི་ཅི་འདོད་ཐམས་ཅད་ཡོངས་རྫོགས་མཛོད༔ ཅེས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ༔ བཤགས་པ་བྱ༔ བཀྲ་ཤིས་བརྗོད༔ བསྔོ་བ་སྨོན་ལམ་བྱའོ༔ དེ་ལྟར་ཉམས་སུ་བླངས་པས་རྟགས་རབ་འབྲིང་ཐ་མ་གསུམ་འབྱུང་སྟེ༔ རབ་ལྷའི་ཞལ་གཟིགས་ཤིང་དབང་བསྐུར་བ་དང་༔ བྱིན་གྱིས་བརླབས་ཤིང་ལུང་སྟོན་པ་དང་༔ དངོས་གྲུབ་རིལ་བུ་འཕེལ་ཞིང་དྲི་དང་རླངས་པ་འབྱུང་བ་དང་༔ བདུད་རྩི་དང་གཏོར་མ་ཁོལ་བ་སོགས་འབྱུང་ངོ་༔ འབྲིང་ཉམས་སུ་སྒྲ་སྙན་པ་དང་༔ ཌ་མ་རུའི་སྒྲ་གྲགས་པ་དང་༔ འོད་དམར་པོ་དང་༔ དབེན་གནས་དྲི་བཟང་གིས་གང་བ་དང་༔ ལུས་འདར་ཞིང་འཁྲབ་པ་དང་༔ འཁོར་འབབས་ཤིང་ལེགས་ཉེས་སྨྲ་བ་དང་༔ ཐ་མ་རྨི་ལམ་དུ་ཉི་མ་ཤར་བ་དང་༔ ནམ་མཁའ་ལ་འཕུར་བ་དང་༔ ཆོས་བཤད་པ་དང་༔ དར་འཕྱར་བ་དང་༔ དུང་འབུད་པ་དང་༔ འགྲོ་བ་མང་པོས་བདག་ལ་བཀུར་སྟི་བྱེད་པ་དང་༔ བུད་མེད་ཀྱི་ཚོགས་ཀྱིས་བདག་ལ་ཟས་ནོར་སྟེར་བ་དང་༔ དེ་ལྟར་བྱུང་ན་རྟེན་རྫས་རྣམས་བསྡུས་ཏེ༔ ཟིལ་གནོན་མགྲོན་བུའི་འཁོར་ལོ་ཞྭའི་ནང་དུ་བཅངས༔ དབང་སྡུད་ཀྱི་འཁོར་ལོ་བ་མཁལ་གྱི་ནང་དུ་བཅུག་ལ་མགུལ་དུ་གདགས༔ རྟེན་པ་གའུ་མཆན་ཁུང་གཡོན་དུ་བཅང་༔ ཞལ་ཁེབས་དར་དམར་གྱི་འཁོར་ལོ་སྦ་ལྕག་གི་ནང་དུ་གཞུག༔ མེ་ལོང་ལམ་པའི་འགྲོ་དོན་སྦ་ལྕག་ལ་གདགས༔ ཀ་པཱ་ལའི་རིལ་བུ་སུམ་ཆ་རྟེན་གཏོར་གྱི་ཕུད་རྣམས་མཎྜལ་དེ་ཉིད་ཀྱི་སྟེང་དུ་ཙནྡན་གྱི་མེ་སྤར༔ མེའི་ཀློང་དུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ་བསྐྱེད་ལ༔ འདོད་ཡོན་ལྔར་བྱིན་གྱིས་བརླབས་ལ༔ ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨ་ཏྲི་ནྲྀ་བ་སུ་ན་ན་ཁ་དྷེ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ སརྦ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའི་

p. 276

སྔགས་ཀྱིས་ཕུལ་ལ་བསྟོད་པ་དང་གསོལ་བ་གདབ༔ མེ་ལྷ་བདག་ལ་བསྡུ༔ རིལ་བུ་འགའ་རེ་བདུད་རྩི་དང་སྦྱར་ཏེ་བདག་གིས་དངོས་གྲུབ་ཏུ་རོལ༔ རིལ་བུ་འགའ་ནི་གང་དབང་དུ་བྱ་བ་ལ་སྦྱིན༔ འགའ་ཞིག་དར་དུ་དྲིལ་ཏེ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྐུ་དང་བཅས་པ་ཀ་པཱ་ལ་རུ་བཅུག་ལ་མིས་མ་མཐོང་བར་རྟེན་དུ་བཅང་ངོ་༔ གསུམ་པ་ལས་སྦྱོར་ལ་གསུམ་སྟེ༔ དགའ་བ་འཁྱིལ་པ་འདུ་བའི་ལས་སྦྱོར་དང་༔ མེ་ལོང་ལམ་པའི་ལས་སྦྱོར་དང་༔ གཏོར་མ་མེ་མཆོད་ཀྱི་ལས་སྦྱོར་རོ༔ དགའ་བ་འཁྱིལ་པ་འདུ་བའི་ལས་སྦྱོར་ནི༔ མི་དང་ཆོས་འདུ་བར་འདོད་ན་དགའ་བ་འཁྱིལ་པ་སྤྱི་བོར་བསྒོམ་ཞིང་༔ མ་ནུ་དྷརྨ་སིདྡྷི་ཧྲིཾཿ པཱ་ཤཾ་ཀུ་རུ་ཧྲིཾ་ཛཿ ཞེས་བཟླས་ཤིང་མི་དང་ཆོས་དབང་དུ་བསྡུས་ཏེ་སྤྱི་བོའི་དགའ་བ་འཁྱིལ་པ་ལ་བསྟིམ་ཞིང་༔ མཁའ་འགྲོ་མ་ལ་གསོལ་བ་གདབ་བོ༔ ཟས་དང་ནོར་འདུ་བར་འདོད་ན༔ དགའ་བ་འཁྱིལ་པ་མགྲིན་པར་བསྐོར་ཞིང་༔ བ་སུ་ན་ན་ཁ་དྷེ་རཏྣ་སིདྡྷི་པཱ་ཤཾ་ཀུ་རུ་ཧྲཱིཾ་ཛ༔ ཞེས་བཟླས་ཤིང་ཟས་ནོར་ཐམས་ཅད་སྔགས་ཀྱི་འོད་ཟེར་གྱིས་དབང་དུ་བསྡུས་ལ་མགྲིན་པའི་དགའ་བ་འཁྱིལ་པ་ལ་བསྟིམ་མོ༔ མཁའ་འགྲོ་མ་ལ་གསོལ་བ་གདབ་བོ༔ ཉམས་དང་རྟོགས་པ་སྐྱེ་བར་འདོད་ན༔ དགའ་བ་འཁྱིལ་པ་སྙིང་གར་བསྒོམ༔ ཛྙཱ་ན་སིདྡྷི་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་ཤིང་སྔགས་ཀྱི་འོད་ཟེར་གྱིས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཉམས་དང་རྟོགས་པ་ཐམསཅ་ད་བསྡུས་ཏེ་སྙིང་གའི་དགའ་བ་འཁྱིལ་པ་ལ་བསྟིམ༔ བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ་བོ༔ མཁའ་འགྲོ་མ་བུད་མེད་དབང་དུ་འདུ་བར་འདོད་ན་དགའ་བ་འཁྱིལ་པ་ལྟེ་བའམ་གསང་གནས་སུ་བསྐོར་ཞིང་༔ ཨོཾ་སརྦ་ཌཱ་ཀི་ཀརྨ་མུ་དྲ་སིདྡྷི་པཱ་ཤཾ་ཀུ་རུ་ཧྲིཾ་ཛ༔ ཞེས་བཟླས་ཤིང་སྔགས་ཀྱི་འོད་ཟེར་གྱི་མཁའ་འགྲོ་མ་དང་བུད་མེད་ཐམས་ཅད་དབང་དུ་བསྡུས་ཏེ་གསང་གནས་ཀྱི་དགའ་བ་འཁྱིལ་པ་ལ་བསྟིམ་ཞིང་༔ བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ༔ དེའང་བྱེ་བྲག་རེ་འགྲུབ་སྟེ༔ ལུས་ལ་བདེ་བ་འབར་བ་དང་༔ ངག་ལ་

p. 277

ནུས་པ་འབར་བ་དང་༔ སེམས་ལ་རྟོགས་པ་འཆར་བ་དང་༔ ཉིན་མོ་མི་དང་ཆོས་འདུ༔ ནངས་ནུབ་ཟས་དང་ནོར་འདུ༔ ཅི་འདོད་དངོས་གྲུབ་ཐམས་ཅད་ཆར་ལྟར་འབྱུང་ངོ་༔ གཉིས་པ་མེ་ལོང་ལམ་པའི་ལས་སྦྱོར་ནི༔ མེ་ལོང་ལ་ཡི་གེ་བདུན་པ་གཞུང་བཞིན་བྲི༔ རང་གི་ཐུགས་ཀ་ནས་ཡི་གེ་བདུན་པ་སྤྲོས་ཤིང་མེ་ལོང་གི་ཡི་གེ་བདུན་པ་ལ་རྒྱུན་མ་ཆད་པར་བསྟིམས་ཏེ༔ ནྲྀ་ཛ་ནྲྀ་ཛ་པཱ་ཤཾ་ཀུ་རུ་ནྲྀ་ཛཿཤ་ཏྲུཾ་ཧ་མུ་ཀ་ནི་ཨཱ་ཀརྵ་ཡ་ཛཿཧྲིཾ་ཛཿ ཞེས་པ་འདི་རྩ་བའི་སྔགས་ལ་བཏགས་ལ་བཟླས་ཤིང་མེ་ལོང་ལ་གདབ༔ ཁྱད་པར་དུ་དངོས་གྲུབ་ཀྱི་རིལ་བུ་དང་སིནྡྷུ་ར་དང་པདྨ་རཀྟ་རྣམས་དར་དམར་དུ་བཏུམས་ལ་སྔགས་གདབ་བོ༔ དེ་ནས་ལམ་དུ་ཞུགས་པའི་ཚེའམ་ཁྲོམ་དུ་ཞུགས་པའི་དུས་སུ༔ བདག་བསྐྱེད་ཀྱི་རིམ་པ་གསལ་བར་བསྒོམས་ལ༔ ཐུགས་ཀའི་ཡི་གེ་བདུན་པ་ལས་ཡི་གེ་བདུན་པ་སྤྲོས་ཤིང་མེ་ལོང་གི་ཡི་གེ་བདུན་པ་ལ་བསྟིམས་པས༔ གོང་གི་རྫས་དེ་ལག་པ་གཡོན་པའི་མཐིལ་དུ་སྔགས་བཟླས་པའི་མཆིལ་མ་དང་སྦྱར་ཏེ་མེ་ལོང་གི་ཡིག་འབྲུ་ལ་སེར་དུ་མནན་ནོ༔ དེའི་ལྷག་མ་རང་གི་སྨིན་མཚམས་སུ་ཐིག་ལེ་བྱས་ལ༔ འགྲོ་བ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་བསམས་ལ༔ མེ་ལོང་གི་ཡིག་འབྲུ་བདུན་ལས་འོད་ཟེར་འཕྲོས་པས་འགྲོ་བ་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ༔ ལུས་ལྷ༔ ངག་སྔགས༔ སེམས་ཏིང་ངེ་འཛིན་དང་མ་བྲལ་བར་བྱའོ༔ དེ་ལྟར་ཉམས་སུ་བླངས་པས་བདག་ཉིད་གང་གིས་མཐོང་བའི་འགྲོ་བ་ཐམས་ཅད་བདག་གི་དབང་དུ་འདུ་ཞིང་༔ མས་བུ་གཅིག་པོ་མཐོང་བ་ལྟར་དགའ་བར་འགྱུར་རོ༔ གསུམ་པ་གཏོར་ཚོགས་མེ་མཆོད་ལ་བརྟེན་པའི་ལས་སྦྱོར་ནི༔ དུས་ཐམས་ཅད་དུ་གཏོར་མ་བཏང་ལ་གསོལ་བ་གདབ༔ ནམ་ཕྱེད་ཚོགས་འཁོར་བསྐོར་ཞིང་གསོལ་བ་གདབ༔ ཐོ་རངས་མེ་མཆོད་བྱ་ཞིང་གསོལ་བ་གདབ༔ ལས་སྦྱོར་དེ་གསུམ་ལས་སོ་སོ་མ་ཡིན་གཅིག་ཏུ་བསྒྲུབ་སྟེ༔ འདུག་ན་དགའ་བ་འཁྱིལ་པ་གཙོ་བོར་བྱ༔ མེ་ལོང་ལམ་པ་ཞོར་ལ་བྱ༔ འགྲོ་ན་མེ་ལོང་ལམ་པ་གཙོ་བོར་བྱ༔ དགའ་

p. 278

བ་འཁྱིལ་པ་ཞོར་དུ་བྱ༔ གཏོར་ཚོགས་མེ་མཆོད་རྒྱུན་དུ་བྱའོ༔ བཞི་པ་ལས་ཚོགས་ནི་གཉིས་ཏེ༔ ཕྱི་འགྲོ་དོན་གྱི་ལས་ཚོགས་དང་༔ ནང་དངོས་གྲུབ་ཀྱི་ལས་ཚོགས་སོ༔ ཕྱི་འགྲོ་དོན་གྱི་ལས་ཚོགས་ལ་བཞི་སྟེ༔ ཉི་མ་མཁའ་ཁྱབ་དང་༔ ཆུ་བོ་དབྱིངས་ཁྱབ་དང་༔ མཆོད་རྟེན་དམིགས་གཏད་དང་༔ མེ་ལོང་ལམ་པ་དང་བཞིའོ༔ དེ་དག་གཞུང་ནས་ཇི་སྐད་བཤད་པ་ལྟར་བྱ་སྟེ༔ དེ་དག་མཐོང་ཐོས་རེག་པས་འཁོར་བ་ཐམས་ཅད་མཐའ་ཡོད་དུ་འགྱུར་རོ༔ ནང་ཕྲིན་ལས་ཀྱི་ལས་ཚོགས་ལ་བཞི་སྟེ༔ ཞི་བའི་ལས་བྱེད་ན་མཎྜལ་དཀར་པོ་ཟླུམ་པོར་པདྨ་འདབ་མ་བཞི་པ་བྲིས་ལ་ལྷའི་ས་བོན་བཀོད་དེ༔ གལ་པའི་ཤིང་ལ་སོགས་ཏེ་ཞི་བའི་ཤིང་ཟླུམ་པོར་བརྩིག༔ དཀར་གསུམ་དང་མངར་གསུམ་དང་ཏིལ་ལ་སོགས་པའི་བསྲེག་རྫས་བཤམ༔ རྣམ་ལྔའི་མཆོད་པ་དང་གཏོར་མ་བཤམ༔ བདག་ཉིད་ཁ་ཤར་དུ་བསྟན་ལ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་བསྒོམ༔ མཎྜལ་གྱི་ཡིག་འབྲུ་ལ་འོད་ཟེར་འཕྲོས་པས་བསྐུལ་དོན་གཉིས་བྱས༔ ཚུར་འདུས་པས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ་སྐུ་མདོག་དཀར་པོར་བསྐྱེད༔ ཡེ་ཤེས་པ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ༔ རྣམ་ལྔ་དང་བ་ལིཾ་འབུལ༔ དེ་ནས་བསྲེག་རྫས་འདོད་ཡོན་ལྔ་དང་ལྡན་པར་བསམས་ལ་འབུལ༔ སརྦ་པཱ་པཾ་ནད་དང་གནོད་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་ཚང་བར་ཕུལ་བས་མཉེས་ཏེ༔ སྐུའི་འོད་ཟེར་གྱིས་བདག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ༔ དེ་ནས་བསྟོད་པ་བྱ༔ གསོལ་བ་གདབ༔ བཤགས་པ་བྱ༔ བཀྲ་ཤིས་བྱ༔ ལྷ་གཤེགས་སུ་གསོལ༔ དགེ་བ་བསྔོ༔ དེ་ལྟར་བྱས་པས་འཇིགས་པ་བརྒྱད་ལ་སོགས་པ་ཞི་བའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ༔ རྒྱས་པའི་ལས་བྱེད་ན༔ མཎྜལ་གྲུ་བཞི་པར་པདྨ་འདབ་བཞི་སེར་པོ་བྲི༔ ས་བོན་བཀོད་ལ་འབྲས་བུ་ཅན་གྱི་ཤིང་གྲུ་བཞིར་བརྩིག༔ གྲོ་འབྲས་རིན་པོ་ཆེ་དང་ཆུར་བ་ལ་སོགས་བསྲེག༔ རྫས་བཤམ༔ རྣམ་ལྔ་དང་བ་ལིཾ་བཤམ༔

p. 279

བདག་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་གོང་ལྟར་བསྒོམས་ཏེ་སྐུ་མདོག་སེར་པོར་བསམ༔ སྤྱན་དྲང་བ་སོགས་གོང་ལྟར་བྱས་ནས༔ བདག་གི་ཚེ་དང་བསོད་ནམས་དབང་ཐང་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བསྲེག་རྫས་བརྒྱ་རྩ་བརྒྱད་ཕུལ་བས་མཉེས་ཏེ༔ སྐུའི་འོད་ཟེར་གྱིས་ཚེ་དང་བསོད་ནམས་རྒྱས་པར་མཛད་ནས་ལོངས་སྤྱོད་ཀྱི་དངོས་གྲུབ་ཆར་ལྟར་བབས་པར་བསམ༔ བསྟོད་པ་ལ་སོགས་རྗེས་ཀྱི་བྱ་བ་གོང་ལྟར་བྱ༔ དབང་གི་ལས་བྱེད་ན༔ མཎྜལ་ཟླ་གམ་པདྨ་དམར་པོ་འདབ་མ་བཞི༔ ཙནྡན་དང་རྒྱ་ཤུག་ལ་སོགས་པའི་ཤིང་ཟླ་གམ་དུ་བརྩིག༔ ལི་ཁྲི་དང་༔ སེང་ལྡེང་དང་༔ སིནྡྷཱུ་ར་དང་༔ ཤ་ཆང་ལ་སོགས་པའི་བསྲེག་རྫས་བཤམ༔ རྣམ་ལྔ་དང་བ་ལིཾ་བཤམ༔ བདག་དང་མདུན་གྱི་ལྷ་ཐམས་ཅད་གོང་ལྟར་བསྐྱེད་ལ་སྐུ་མདོག་དམར་པོར་བསམ༔ སྤྱན་དྲང་བ་ལ་སོགས་པ་གོང་ལྟར་བྱས་ལ༔ བ་སུ་ན་ན་ཁ་དྷེ་སིདྡྷི་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་བསྲེག་རྫས་བརྒྱ་རྩ་བརྒྱད་ཕུལ་བས༔ མཉེས་པས་སྐུའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ཀྱི་ལོངས་སྤྱོད་དང་བཅས་པ་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ༔ བསྟོད་པ་ལ་སོགས་པ་རྗེས་ཀྱི་བྱ་བ་གོང་ལྟར་བྱའོ༔ དྲག་པོའི་ལས་བྱེད་ན༔ མཎྜལ་གྲུ་གསུམ་ནག་པོ་འདབ་བཞི་བྲི༔ ཚེར་མ་ཅན་གྱི་ཤིང་གྲུ་གསུམ་དུ་བརྩིག༔ ཤ་དང་ཁྲག་དང་ལིངྒ་ལ་སོགས་པའི་བསྲེག་རྫས་དང་༔ རྣམ་ལྔ་དང་བ་ལིཾ་བཤམ༔ བདག་དང་མདུན་གྱི་ལྷ་ཐམས་ཅད་སྐུ་མདོག་ནག་པོར་བསམ༔ སྤྱན་དྲང་བ་ལ་སོགས་གོང་ལྟར་བྱའོ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྲེག་རྫས་བརྒྱ་རྩ་བརྒྱད་ཕུལ་བས་མཉེས་ཏེ༔ འོད་ཟེར་མཚོན་ཆའི་གཟུགས་ཅན་གྱིས་བདག་ལ་གནོད་པར་བྱེད་པ་ཐམས་ཅད་རྡུལ་དུ་བརླག་པར་བསམ༔ བསྟོད་པ་ལ་སོགས་རྗེས་ཀྱི་བྱ་བ་ཐམས་ཅད་གོང་བཞིན་བྱའོ༔ དེ་ནི་ནང་ཕྲིན་ལས་ཀྱི་ལས་ཚོགས་བཞིའོ༔ ཐོག་མར་བསྙེན་སྒྲུབ་ཀྱི་རྟགས་རྫོགས་པར་བྱས་ལ༔ དེ་ནས་ཕྱི་ནང་གི་ལས་ཚོགས་རྣམ་པ་བརྒྱད་ཀྱིས་རང་དང་གཞན་གྱི་དོན་བསྒྲུབ་པར་བྱའོ༔ ཐུགས་

p. 280

རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་གསང་སྒྲུབ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨའི་གདམས་པ་གུ་རུ་ཆོས་དབང་ལ་པདྨ་བསམ་འགྲུབ༔ དེ་ལས་དབུས་པའི་རྣལ་འབྱོར་མི་བསྐྱོད་རྡོ་རྗེས་ཞུས་སོ༔ ༈ འཁོར་བ་དོང་སྤྲུགས་ཀྱི་ཚོགས་ལས་དང་བུམ་ཆོག་གཉིས་བཞུགས་སོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་ཚོགས་ལས་ཀྱི་རིམ་པ་ནི༔ དབེན་པའི་གནས་སུ་ཚོགས་ཀྱི་དཀྱིལ་འཁོར་སྒྲུབ་པའི་མཎྜལ་ལྟར་བཤམས་ལ༔ གདུགས་དང་བླ་བྲེ་ལ་སོགས་པས་བརྒྱན་ཅིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ༔ ཕྱིའི་མཆོད་པ་རྣམ་ལྔ་དང་༔ ནང་གི་མཆོད་པ་གཏོར་མ་དང་ཚོགས་ཀྱི་ཞལ་ཟས་ཐམས་ཅད་རྒྱས་པར་བཤམས༔ ལག་མཆོད་ཀྱི་བདུད་རྩི་དང་བཟེད་ཞལ་ཡང་མདུན་དུ་བཞག༔ དེ་ནས་སྒྲུབ་པ་པོ་སྟན་བདེ་བ་ལ་འདུག་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ༔ མགྲོན་རྣམ་བཞི་ལ་གཙང་གཏོར་སྦྱིན༔ དེ་ནས་བསྐྲད་ཅིང་མཚམས་བཅད་ལ་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ༔ དེ་ནས་ཡན་ལག་བདུན་པ་བྱས་ལ་མཆོད་པ་བྱིན་གྱིས་བརླབས་ཏེ༔ ཕྱིའི་མཆོད་པ་རང་གི་ལྷ་མོར་གསལ་གདབ༔ ནང་གི་མཆོད་པ་ཐམས་ཅད་མེ་རླུང་གིས་བྱིན་གྱིས་བརླབས་ཏེ༔ དེ་ནས་ཐོག་མར་བདག་བསྐྱེད་ཀྱི་རིམ་པ་རྣམས་བྱའོ༔ དེ་ནས་ཚོགས་རྟེན་གྱི་ལྷ་ཚོགས་མངོན་རྟོགས་ལྟར་བསྒོམ༔ དེ་ནས་ལག་མཆོད་བྱ་བ་ནི༔ བདུད་རྩི་ཀ་པཱ་ལ་དེ་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ༔ ལག་པ་གཡོན་པའི་མཐིལ་དུ་གཡས་པའི་མཐེབ་སྲིན་གྱིས་དང་པོ་ཟླུམ་པོར་བསྐོར༔ ཆོས་སྐུ་མཚོན༔ དེའི་དབུས་སུ་ཆོས་འབྱུང་བྲིས་པས་ལོངས་སྤྱོད་རྫོགས་སྐུ་མཚོན༔ དེའི་དབུས་སུ་པདྨ་འདབ་བཞིས་སྤྲུལ་པའི་སྐུ་མཚོན༔ དེའི་སྟེང་དུ་ཧྲཱིཿལས་ཐུགས་རྗེ་ཆེན་པོ་ཡབ་ཡུམ་བསྐྱེད་ལ་པཱུ་ཛ་ལྔ་ཕུལ་ནས༔ གཡས་པའི་སྲིན་ལག་རོའི་ལྷ་མོས་བདུད་རྩིའི་མཆོད་པ་ཕུལ་བས་མཉེས་ཏེ༔ ཡབ་ཡུམ་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ལག་པའི་ཆོས་འབྱུང་ཁེངས་པར་བསམས་ལ༔ ཨོཾ་ཨཱཿ

p. 281

ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ ཞེས་མི་སྐྱོའི་བར་དུ་ཕུལ་ནས་བསྟོད་པ་ཅིག་བྱས་ལ༔ ལྷའང་འོད་དུ་ཞུ་བར་བསམས་ལ་ལག་པའི་བདུད་རྩི་ཀ་པཱ་ལར་བྱའོ༔ དེ་ནས་བདུད་རྩི་དེ་རང་ལ་གཏོར་བས་ལྷའི་དཀྱིལ་འཁོར་དུ་གསལ་གདབ༔ གནས་ཁང་ལ་གཏོར་བས་ཨོ་རྒྱན་དུ་བྱིན་གྱིས་བརླབས༔ ཚོགས་མགྲོན་ལ་གཏོར་བས་དཔའ་བོ་དཔའ་མོར་བྱིན་གྱིས་བརླབས༔ ཚོགས་གཏོར་ལ་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས༔ དེ་ནས་རོལ་མོའི་སྒྲ་བསྒྲག༔ གུ་གུལ་དང་གསུར་ཆེན་གྱི་དུད་པ་བཏང་ལ་སྤྱན་དྲང་བ་ནི༔ ཧཱུྃ༔ ལྷོ་ནུབ་ཨོ་རྒྱན་དུར་ཁྲོད་ནས༔ རིག་འཛིན་བྱེ་བ་འབུམ་གྱི་དབུས༔ སློབ་དཔོན་པདྨ་གཤེགས་སུ་གསོལ༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ གསུང་མཆོག་པདྨ་རིགས་ཀྱི་གཙོ༔ སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ རི་བོ་ཏ་ལའི་རྩེ་མོ་ནས༔ འགྲོ་བའི་མགོན་པོ་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ མཁའ་དབྱིངས་རྣམ་དག་དུར་ཁྲོད་ནས༔ དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ༔ གསང་བ་ཡེ་ཤེས་གཤེགས་སུ་གསོལ༔ འགྱུར་བ་མེད་པའི་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ༴ དགོས་འདོད་འབྱུང་བའི་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ༴ ཆགས་པ་བྲལ་བའི་དུར་ཁྲོད་ནས༔ པདྨ་མཁའ་འགྲོ༴ ཕྲིན་ལས་སྒྲུབ་པའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ༴ རོ་ལངས་འཁྲུགས་པའི་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔ ཞེས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྣ་ཚོགས་རིན་ཆེན་འབར་བའི་ཚོགས་ཁང་འདིར༔ གདུགས་དང་བླ་བྲེ་བ་དན་དུ་མས་རྒྱན༔ རིན་ཆེན་པད་ཉི་བརྩེགས་པའི་གདན་ཁྲི་ལ༔ གཉིས་མེད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ ཞེས་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་

p. 282

ཡི་ལྷ༔ ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ལ༔ དགའ་སྤྲོ་མོས་ཤིང་དང་བས་ཕྱག་འཚལ་ན༔ ཐུགས་རྗེ་བརྩེ་བའི་ཚུལ་གྱིས་བཞེས་སུ་གསོལ༔ ན་མོ་པུ་རུ་ཥ་ཡ་ཧོ༔ ཞེས་ཕྱག་འཚལ༔ ཧཱུྃ༔ ཡན་ལག་བརྒྱད་ལྡན་ཡོན་ཆབ་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ ཁ་དོག་དབྱིབས་ལེགས་མེ་ཏོག་འདི༔ ཕྱི་ཡི་མཆོད་པར༔ ལྷན་ཅིག་སྐྱེས་པའི་བདུག་སྤོས་འདི༔ ཕྱི་ཡི༴ མ་རིག་མུན་སེལ་སྒྲོན་མེ་འདི༔ ཕྱི་ཡི༴ སྤོས་དང་སྨན་སྦྱར་དྲི་ཆབ་འདི༔ ཕྱི་ཡི༴ རོ་མཆོག་བརྒྱ་ལྡན་ཞལ་ཟས་འདི༔ ཕྱི་ཡི༴ སིལ་སྙན་རོལ་མོ་སྣ་ཚོགས་འདི༔ ཕྱི་ཡི་མཆོད་པར༴ ཅེས་ཕྱིའི་ལྷ་མོར་སྤྲུལ་ལ་མཆོད་དོ༔ དེ་ནས་ནང་མཆོད་པ་འབུལ་བ་ནི༔ ཧཱུྃ༔ འདོད་པའི་ཡོན་ཏན་རྣམ་པ་ལྔ༔ ནང་གི་མཆོད་པར༴ ཐབས་ཀྱི་ཤ་ཆེན་རྣམ་པ་ལྔ༔ ནང་གི༴ ཤེས་རབ་བདུད་རྩི་རྣམ་པ་ལྔ༔ ནང་གི༴ ཐབས་ཀྱི་ཕུང་པོ་རྣམ་པ་ལྔ༔ ནང་གི༴ དྲན་རྟོག་དབང་པོ་རྣམ་པ་ལྔ༔ ནང་གི་མཆོད་པར་བཞེས་སུ་གསོལ༔ ཅེས་ནང་གི་ལྷ་མོ་རྣམས་སྤྲུལ་ལ་འབུལ་ལོ༔ དེ་ནས་གསང་བའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཐབས་ཀྱི་རང་བཞིན་ཡབ་རྣམས་ལ༔ ཤེས་རབ་ཡུམ་གྱི་མཆོད་པ་འབུལ༔ ཤེས་རབ་རང་བཞིན་ཡུམ་རྣམས་ལ༔ ཐབས་ཆེན་ཡབ་ཀྱི་མཆོད་པ་འབུལ༔ ཐབས་དང་ཤེས་རབ་ཡབ་ཡུམ་གཉིས༔ མཁའ་གསང་བྱིན་བརླབས་འཕྲོ་འདུ་ལས༔ བསྲུབ་དང་བསྐྱོད་པའི་སྦྱོར་བ་ཡིས༔ དགའ་བ་བཞི་དང་བདེ་བ་བརྒྱད༔ སྐད་ཅིག་བཞི་དང་ཡེ་ཤེས་ལྔ༔ བྱང་ཆུབ་སེམས་ཀྱི་མཆོད་པ་འདི༔ གསང་བའི་མཆོད་པར་བཞེས་སུ་གསོལ༔ ཅེས་སྦྱོར་བ་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་བའོ༔ དེ་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གཏི་མུག་ཆོས་དབྱིངས་མཆོད་པ་འདི༔ སངས་རྒྱས་རིགས་ཀྱིས་བཞེས་སུ་གསོལ༔ ཞེ་སྡང་ཡེ་ཤེས་མཆོད་པ་འདི༔ རྡོ་རྗེ་རིགས་ཀྱིས༴ ང་རྒྱལ་མཉམ་ཉིད་མཆོད་པ་འདི༔ རིན་ཆེན༴ འདོད་ཆགས་བདེ་བའི་མཆོད་པ་འདི༔ པདྨ༴ ཕྲག་དོག་ནན་ཏན་མཆོད་པ་འདི༔ ལས་ཀྱི༴ འཁོར་བ་མྱང་

p. 283

འདས་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ༔ ཅེས་ཉོན་མོངས་ཐམས་ཅད་ཡེ་ཤེས་ཀྱི་ངང་དུ་འབུལ་ལོ༔ དེ་ནས་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོགས་ཤིང་༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ བརྒྱུད་པའི་བླ་མ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོགས་ཤིང་༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ སྣང་བ་མཐའ་ཡས་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣ་ཚོགས༴ མཁའ་ལ༴ ཐུགས་རྗེ་ཆེན་པོ་མ༴ འདིར་གཤེགས༴ ཧཱུྃ༔ སྣ་ཚོགས༴ མཁའ་ལ༴ གསང་བ་ཡེ་ཤེས་མ༴ འདིར་གཤེགས༴ ཧཱུྃ༔ སྣ་ཚོགས༴ མཁའ་ལ༴ རྡོ་རྗེ་མཁའ་འགྲོ༴ འདིར་གཤེགས༴ ཧཱུྃ༔ སྣ་ཚོགས༴ མཁའ་ལ༴ རིན་ཆེན་མཁའ་འགྲོ༴ འདིར་གཤེགས༴ ཧཱུྃ༔ སྣ་ཚོགས༴ མཁའ་ལ༴ པདྨ་མཁའ་འགྲོ༴ འདིར་གཤེགས༴ ཧཱུྃ༔ སྣ་ཚོགས༴ མཁའ་ལ༴ ལས་ཀྱི་མཁའ་འགྲོ༴ འདིར་གཤེགས༴ ཧཱུྃ༔ སྣ་ཚོགས༴ མཁའ་ལ༴ འཇིག་རྟེན་མཁའ་འགྲོ༴ འདིར་གཤེགས༴ ཧཱུྃ༔ སྣ་ཚོགས་རོལ་མོའི་སྒྲ་སྒྲོགས་ཤིང་༔ མཁའ་ལ་སྤྲིན་ལྟར་གཏིབས་པ་དེ༔ ཆོས་སྐྱོང་སྲུང་མ་མ་ལགས་སམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཞེས་ཚོགས་ཀྱི་ཞལ་ཟས་བསྟབ༔ དེ་ནས་ཚོགས་ཕུད་གཏོར་མར་བཅུག་ལ་བ་ལིཾ་བསྔོ༔ མཛེས་སྟོབ་དྲང་༔ ཚོགས་ལ་རོལ༔ བསྟོད་པ་བྱ༔ ཕྲིན་ལས་བཅོལ༔ ལྷག་མ་བསྐྱང་༔ བཀྲ་ཤིས་བརྗོད༔ བཤགས་པ་བྱ༔ གླུ་བྲོ་བྱའོ༔ ལྷ་གཤེགས་སུ་གསོལ༔ དགེ་བའི་རྩ་བ་བསྔོ་བར་བྱའོ༔ དེ་ནས་རྣལ་འབྱོར་ཕོ་མོ་རྣམས་ཅི་བདེར་བྱའོ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་ཚོགས་ལས་ཀྱི་རིམ་པ་སློབ་དཔོན་པདྨས་མཛད་པ་རྫོགས་སོ༔ འདིའི་བརྒྱུད་པ་ནི། གུ་རུ་པདྨ། ཇོ་མོ་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། གུ་རུ་ཆོས་ཀྱི་དབང་ཕྱུག རྟོགས་ལྡན་པདྨ་བསམ་

p. 284

འགྲུབ༔ མི་བསྐྱོད་རྡོ་རྗེ༔ མྱང་སྟོན་དབོན་པོའི་ཕྱག་དཔེ་ལས་བྲིས༔ གཞན་ལ་མེད་པའི་ཁྱད་ཆོས༔ སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མིན༔ སྐལ་ལྡན་རྣམས་ཀྱི་སྙིང་གི་དཀྱིལ་དུ་བཅང་བའི་ཆོས་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨི་ཐི༔ ༈ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ལ་ཕྱག་འཚལ་ལོ༔ པད་རྒྱུན་གཟུངས་མཆོག་གི་ཆོ་ག་ལ༔ དང་པོ་མཎྜལ་མདའ་གང་པ་བའི་རྣམ་ལྔ་ལ་སོགས་པ་གཞུང་བཞིན་བྱས་ལ༔ པདྨ་འདབ་དྲུག་དམར་པོ་མུ་ཁྱུད་ཀྱང་དམར་པོ་བཅས་པ་བྲི༔ གོང་རས་དཀར་པོ་དབུས་སུ་ཧྲཱིཿབྲི༔ འདབ་མ་དྲུག་ལ་ཡི་གེ་དྲུག་པ༔ ལྟེ་བར་བུམ་པ་དམར་པོ་མཚན་ཉིད་དང་ལྡན་པ་གཞུང་ལྟར་བཅས་པ་བཞུགས༔ དེ་ནས་སེམས་བསྐྱེད་ལ༔ སྟོང་པའི་ངང་ལས་རང་ཉིད་ཐུགས་རྗེ་ཆེན་པོ་བསྒོམ༔ བུམ་པ་བྷྲཱུྃ་ལས་འོད་དམར་པོའི་གཞལ་ཡས་ཁང་དུ་བསྐྱེད༔ དེའི་ནང་དུ་ཐུགས་རྗེ་ཆེན་པོ་སྒྲུབ་ཐབས་གཞུང་ལྟར་བསྐྱེད༔ དེའི་དབུ་ཐོག་བུམ་པའི་སྟེང་དུ་ཐོད་པའི་རི་ལུ་ལ་སྐད་ཅིག་དྲན་རྫོགས་ལ་ཐུགས་རྗེ་ཆེན་པོ་དུས་གསུམ་སངས་རྒྱས་འཁོར་དང་བཅས་པ་རྣམས་བསྐྱེད་ལ༔ དེ་རྣམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་ནས་བདག་གི་སྐུ་གསུང་ཐུགས་ལ་ཐིམ༔ བདག་གི་ཐུགས་ཀ་ནས་གཟུངས་ཐག་ལ་བདུད་རྩི་འཁྲིལ་ནས་བུམ་པའི་ནང་དུ་ཐིམ་པས་ཐུགས་རྗེ་ཆེན་པོ་དཔག་ཏུ་མེད་པར་གྱུར་པར་བསམ༔ ཐུན་མཚམས་སུ་མཆོད་པ་ཕུལ༔ བསྟོད་པ་བྱས་ལ༔ ལྷ་རྣམས་འོད་དུ་ཞུ་བར་བསམ་མོ༔ ཚར་ནས་གཟུངས་ཆུ་ལ་བཀྲམ་པའི་དུས་སུ་རང་སྤྱི་བོའི་ཐུགས་རྗེ་ཆེན་པོར་བསྒོམ༔ སྤྱི་བོར་ཡང་ཐུགས་རྗེ་ཆེན་པོ་བསྒོམ༔ གཟུངས་ཆུ་འཐུང་བའི་དུས་སུ་སྤྱི་བོའི་ཐུགས་རྗེ་ཆེན་པོའང་སྙིང་གི་དཀྱིལ་དུ་བྱོན་པར་བསམ༔ དེའི་སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་ནས༔ གང་ཟག་གི་ལུས་ངག་ཡིད་གསུམ་བདེ་ཕྲིལ་གྱིས་སོང་བར་བསམ༔ དེ་ནས་མི་དམིགས་པའི་ངང་ལ་བཞུགས་སོ༔ བསྔོ་བ་བྱའོ༔ བསྐོར་བ་བྱེད་པའི་དུས་སུ་ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་བསྒོམ༔

p. 285

དཀྱིལ་འཁོར་གྱི་དབུས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་པར་བསམ༔ སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ལྔ་འཕྲོས་པས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ་མོ༔ ལྷོ་བྲག་གནམ་སྐས་ཅན་གྱི་གཏེར་མ་ཀླུ་བདུད་ཁ་ནས་བཏོན་པའོ༔ རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་ཀྱི་ལེའུ་བདུན་པའོ༔ གུ་རུ་ཆོས་དབང་གི་ཐུགས་དམ༔ དེས་གྲུབ་ཐོབ་མདོ་བོ་རས་པ་ལ་གནང་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་གསང་སྒྲུབ་རྫོགས་སོ༔ ༈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་མན་ངག་ལྷན་ཐབས་བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོའི་གསང་སྐོར་འདི་ལ་དོན་རྣམ་པ་ལྔའི་སྒོ་ནས་ཉམས་སུ་ལེན་ཏེ༔ ཚོགས་རྫོགས་སྒྲིབ་སྦྱོང་གི་དོན་དང་༔ རང་གནས་ལྷ་རུ་གསལ་བའི་དོན་དང་༔ མཆོད་ཅིང་བསྟོད་པའི་དོན་དང་༔ རྫོགས་པའི་བྱང་ཆུབ་ཀྱི་དོན་དང་༔ གྲགས་སྟོང་ཉམས་འཕེལ་གྱི་དོན་དང་ལྔ་སྟེ༔ དང་པོ་ཚོགས་གསོག་སྒྲིབ་སྦྱོང་གི་དོན་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ མདུན་གྱི་ནམ་མཁའ་ལ་ཉི་ཟླ་པདྨའི་གདན་གྱི་སྟེང་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ༔ ཞབས་གཉིས་གཤིབས་ནས་བཞེངས་སྐུར་བཞུགས་པ༔ ཕྱག་གཡས་པདྨའི་ཕྲེང་བ་དང་༔ གཡོན་བདུད་རྩིའི་བུམ་པ་བསྣམས་པ༔ དབུ་གཙུག་རལ་པའི་སྟེང་དུ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ་དེ་ལྟ་བུ་ཅིག་ཏུ་ཝལ་གྱིས་བསྒོམ༔ ན་མོ༔ དུས་གསུམ་བདེ་བར་གཤེགས་པ་མ་ལུས་པ་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ་དུས་ད་ནས་བཟུང་སྟེ་ཇི་སྲིད་འཁོར་བ་མ་སྟོང་ཀྱི་བར་དུ༔ འགྲོ་བ་ཐ་དག་གི་དོན་དུ་བདག་བྱང་ཆུབ་སེམས་དཔར་གཟུང་དུ་གསོལ་ལོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་གཤེགས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གཤེགས་སུ་གསོལ༔ བདག་གི་སྤྱི་གཙུག་ཉི་ཟླའི་གདན་ལ་བཞུགས་སུ་གསོལ་ལོ༔ ལུས་

p. 286

ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ་ལོ༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་སོ་སོར་བཤགས་སོ༔ གསང་སྔགས་སྒྲུབ་པ་བྱེད་པ་ལ་རྗེས་སུ་ཡི་རང་ངོ་༔ ཕྱི་ནང་ཐེག་པའི་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས་སོ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་རྗེ་ཆེན་པོར་གཟུང་དུ་གསོལ༔ དེ་ནི་ཚོགས་རྫོགས་སྒྲིབ་སྦྱོང་གི་དོན་ནོ༔ དེའི་ཐུགས་ཀ་ཉི་ཟླ་པདྨའི་སྟེང་ན་ཡི་གེ་ཧྲཱིཿདམར་པོ་ལ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་བསྐོར་བར་བསམ༔ དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྣང་བ་མཐའ་ཡས་ལ་མཆོད་པའི་ཚུལ་དུ་ཕུལ་བས་མཉེས་པར་བསམ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་ཡི་གེ་བཞི་ལས་འོད་ཟེར་འཕྲོས་ཏེ༔ དུས་གསུམ་བདེ་བར་གཤེགས་པ་ཐམསཅད་ལ་མཆོད་པ་ཕུལ་བས་སྐུ་གསུང་ཐུགས་མཉེས་ཏེ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་ཨོཾ་མ་ནི་པདྨེ་ཧཱུྃ་ཧྲཱིཿཞེས་བྱ་བའི་ཡི་གེ་བདུན་གྱི་འོད་ཟེར་དམར་པོ་བདག་ལ་ཕོག་པས་བདག་ཇོ་བོ་ཐུགས་རྗེ་ཆེན་པོར་གྱུར་པར་བསམ༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམསཅད་ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པར་གྱུར་པར་བསམ་མོ༔ དེ་ནི་རང་གནས་ལྷ་རུ་གསལ་བའི་དོན་ནོ༔ མཆོད་ཅིང་བསྟོད་པའི་དོན་ནི༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོར་ཡོད་པ་ལས༔ བདག་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཚིག་བསྟོད་དང་དོན་གྱི་བསྟོད་པ་ཕུལ༔ བདག་གིས་མདུན་གྱི་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཕུལ༔ དེས་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕུལ༔ དེས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྟོད་པའི་ཚུལ་དུ་བསམ༔ དེ་ནི་མཆོད་ཅིང་བསྟོད་པའི་དོན་ནོ༔ རྫོགས་པའི་བྱང་ཆུབ་ཀྱི་དོན་ནི༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འོད་དང་འོད་ཟེར་གྱི་ཚུལ་དུ་སྣང་བ་མཐའ་ཡས་ལ་ཐིམ༔ སངས་རྒྱས་སྣང་བ་མཐའ་ཡས་མདུན་གྱི་ཐུགས་རྗེ་ཆེན་པོ་ལ་ཐིམ༔ དེ་བདག་གི་སྤྱི་བོར་གདན་དྲངས་ནས༔

p. 287

བདག་ཇོ་བོ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོར་ཡོད་པ་དེ་ཐམས་ཅད་འོད་དང་འོད་ཟེར་དུ་རང་ལ་འཁྱིལ་པར་བསམ༔ རང་ཐུགས་ཀ་ལ་ཐིམ་པས་དེ་སངས་རྒྱས་སྣང་བ་མཐའ་ཡས་ནས་ཡི་གེ་བཞི་ལ་ཐིམ༔ དེ་རིམ་གྱིས་ཧྲཱིཿལ་ཐིམ༔ དེ་ཡང་གི་གུ་རིམ་གྱིས་མཐའ་ནས་དབུས་སུ་ཐིག་ལེ་སྟོང་པར་ལྷན་གྱིས་ཐིམ་མོ༔ དེས་ནི་རྡོ་རྗེ་སེམས་དཔའ་རང་ས་ཟིན་ནོ༔ དུས་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་བོ༔ ཡར་སངས་རྒྱས་ལ་རེ་བ་མེད་དེ་དུས་གསུམ་སངས་རྒྱས་བླ་མ་ལ་ཐིམ༔ བླ་མ་རང་གི་སེམས་ལ་ཐིམ་པའོ༔ མར་འཁོར་བ་ལ་དོགས་པ་མེད་དེ་ཁམས་གསུམ་སེམས་ཅན་རང་ལ་བསྡུ༔ རང་བླ་མར་བསྟིམ་པའོ༔ བར་གཉིས་འཛིན་གྱི་ཐག་པ་བཅད་དེ་ཐིག་ལེ་སྟོང་པ་ངོ་བོ་ཉིད་སྐུ་ཐོབ༔ སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ལོ༔ གྲགས་སྟོང་ཉམས་འཕེལ་གྱི་དོན་ནི༔ མེ་སྒྲ་དང་ཆུ་སྒྲ་ཐམས་ཅད་ཡི་གེ་བདུན་པའི་སྒྲ་གྲགས་སྟོང་དུ་བསམ་མོ༔ ཨི་ཐི༔ ༈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྡིག་སྒྲིབ་ཀུན་འཇོམས་ཀྱི་སྒྲུབ་པ་«་་་་་གུ་རུ་ཆོས་དབང་གི་ཨུ་པ་དེ་ཤའོ།» བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ལ་ཕྱག་འཚལ་ལོ༔ «སྡིག་སྒྲིབ་ཀུན་འཇོམས་འདི་ནི། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་པའི་ཕྲིན་ལས་ཀྱི་ལེའུ་རྩ་བདུན་པ་ནས་གསུངས།» དེ་ནས་བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་ཌཱ་ཀི་མ་གར་གྱི་དབང་མོ་ལ་བཀའ་སྩལ་པ༔ ཤར་ཕྱོགས་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དོ༔ དེ་ན་གནས་པའི་སེམས་ཅན་རྣམས་ཉོན་མོངས་པ་རགས་པ༔ དྲང་བར་དཀའ་བ༔ གདུལ་དཀའ་བ༔ མི་དགེ་བ་བཅུ་སྤྱོད་པ༔ མཚམས་མེད་པ་ལྔ་བྱེད་ཅིང་སྤྱོད་པ༔ བསླབ་པ་གསུམ་ཡལ་བར་དོར་བ༔ དཀོན་མཆོག་གི་དཀོར་ལ་བབ་ཅོལ་དུ་སྤྱོད་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་དུ༔ ཁྱོད་ཀྱིས་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདི་ཟུང་ཞིག༔ ཆོངས་

p. 288

ཤིག༔ ཀློག་ཅིག༔ སྡིག་པ་ཅན་གྱི་སེམས་ཅན་ལ་སྟོན་ཅིག༔ འདི་ལ་གཅེས་སྤྲས་སུ་གྱིས་ཤིག༔ བཅོམ་ལྡན་འདས་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་བརྟན་པ་ནོར་«་་་་་བུ་བརྩེགས་པའི་རྒྱལ་པོ་ཟེར་བ་དཔེ་ལ་ལར་འདུག»་བུའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བདག་གི་རིག་སྔགས་འདི་འགྲུབ་པར་གྱུར་ཅིག༔ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ་ནིརྡེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ༔ བི་མ་ལེ༔ སཱ་ག་ར༔ གམྦྷཱི་རེ༔ ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ བདག་ཆེ་གེ་མོ་ཞེས་བགྱི་བའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་༔ སྒྲིབ་པ་དང་༔ ལས་ངན་པའི་རྣམ་པར་སྨིན་པ་དང་༔ ཉོན་མོངས་པ་དང་༔ སྡུག་བསྔལ་བ་དང་༔ བག་ཆགས་ངན་པའི་ཚོགས་ཐམས་ཅད་བྱང་ཞིང་དག་ནས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག༔ བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་༔ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་༔ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ༔ དེ་འདྲ་ཁོ་ན་བདག་སོགས་འགྱུར་བར་ཤོག༔ རིགས་ཀྱི་བུའམ༔ རིགས་ཀྱི་བུ་མོའམ༔ འགྲོ་བ་གང་ཡང་རུང་སྟེ་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདི་ཉིན་རེ་བཞིན་དུ་བརྒྱ་རྩ་བརྒྱད་བཏོན་ན༔ མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་པའི་ནུས་པ་ཡོད་དེ༔ དེའང་གང་ཞེ་ན༔ མེ་དང་༔ ཆུ་དང་༔ གཡང་དང་༔ ཐིབས་འོག་དང་༔ རླུང་དང་༔ དུག་དང་༔ མཚོན་དང་༔ བྱད་དང་༔ རིམས་དྲག་པོ་དང་༔ དུས་མ་ཡིན་པའི་འཆི་བ་དང་༔ གཟའ་དང་༔ གཅན་གཟན་མ་རུངས་པ་དང་༔ མཛེ་དང་༔ རྒྱལ་པོའི་ཆད་པ་ཕོག་སྟེ་ཚེའི་དུས་

p. 289

བྱེད་པར་མི་འགྱུར་རོ༔ གཞན་ཡང་ཡོན་ཏན་ཆེན་པོ་བཅུ་གསུམ་ཐོབ་སྟེ༔ དེ་གང་ཞེ་ན༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཉིད་གཟུགས་བཟང་པོར་འགྱུར་རོ༔ དབྱངས་སྙན་པར་འགྱུར་རོ༔ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བསྒྱུར་རོ༔ སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པར་འགྱུར་རོ༔ ཕྲིན་ལས་ཐོགས་པ་མེད་པར་འགྱུར་རོ༔ དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་བྱང་བར་འགྱུར་རོ༔ འཁོར་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ༔ ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་པར་འགྱུར་རོ༔ ཚེ་རིང་བར་འགྱུར་རོ༔ བསྟན་བཅོས་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ༔ དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་སུ་འགྱུར་རོ༔ ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ༔ དེ་ལྟར་མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་ཅིང་༔ ཡོན་ཏན་བཅུ་གསུམ་ཐོབ་སྟེ་སྐྱེ་བ་འདི་ཡི་འོག་ཏུ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་འགྱུར་རོ༔ དེ་ལྟར་ཡོན་ཏན་ཉི་ཤུ་རྩ་བདུན་ཐོབ་པར་མ་གྱུར་ན་ང་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བསླུས་པར་འགྱུར་རོ༔ འདིའི་ཆོ་ག་ནི༔ རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསྐྱེད་ལ༔ ཐོག་མར་སངས་རྒྱས་གསུམ་གྱི་མཚན་བརྗོད་ཅིང་༔ དེ་རྗེས་ཧྲཱིཿས་ཡ་གཅིག་བཟླ༔ དེ་ཙམ་གྱི་བཅུ་ཆ་གཅིག་ཡི་གེ་དྲུག་པ་བཟླ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་དྲུག་གི་བཅུ་ཆ་གཅིག་སྡིག་སྒྲིབ་ཀུན་འཇོམས་བཟླས་ཏེ་སྨོན་ལམ་དང་གསོལ་བ་གདབ་བོ༔ ཚེས་བརྒྱད༔ བཅོ་ལྔ༔ ཉི་ཤུ་གསུམ༔ གནམ་གང་རྣམས་ལ་རིག་སྔགས་འདི་སྟོང་རྩ་བརྒྱད་དུ་བཟླ་བར་བྱའོ༔ སངས་རྒྱས་གསུམ་གྱི་མཚན་ནི་སྔགས་གསུམ་ཡིན་པས་བརྒྱ་རྩ་བརྒྱད་དམ༔ ཉེར་གཅིག་གམ༔ བདུན་བཟླའོ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཨོཾ་ཨཱ་ཡུཿཧཱུྃ་བྷྲཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེ་རྣམས་ཀྱི་བསྙེན་པ་འབུམ་འབུམ་དུ་བྱའོ༔ དེ་ནས་བྱུང་ངོ་ཅོག་ལ་སྟོང་རྩ་བརྒྱད་བཟླའོ༔ དེ་ནངས་རེ་བཞིན་བརྒྱ་རྩ་བརྒྱད་

p. 290

མ་ཆག་པར་བཏོན་ན་གོང་དུ་བསྟན་པའི་ཡོན་ཏན་ཐམསཅད་ཐོབ་པར་འགྱུར་རོ༔ ཐེ་ཚོམ་བྱེད་པ་ནི་མ་གཏོགས་སོ༔ རིག་པ་འདི་ལ་བསྙེན་པ་འབུམ་སོང་ན་གང་ཟག་དེ་ཉིད་ལུས་ཀྱི་སྒོ་ནས་ཉོན་མོངས་པ་སྦྱོང་བ་དང་༔ བརྡེག་པ་དང་༔ ལུས་མི་སྡུག་པ་བསྟན་པ་ཐམས་ཅད་ཀྱང་ངན་སོང་ལས་གྲོལ་བར་འགྱུར་རོ༔ དེ་ནས་གཞན་གྱིས་ཚུར་བྱས་པ་ཐམས་ཅད་ཀྱང་སྟེ་དེ་བཞིན་དུ་འབྲེལ་ཚད་ཐམས་ཅད་གྲོལ་ལོ༔ ལུས་ངག་ཡིད་གསུམ་གྱི་སྒོ་ནས་བཟང་འབྲེལ་ངན་འབྲེལ་གང་བྱས་ཀྱང་གྲོལ་བར་འགྱུར་རོ༔ སེམས་ཅན་གཞན་ཤི་བའི་རུས་པ་ལ་ཉེར་གཅིག་བཟླས་ན་ངན་སོང་ལས་ཐར་བར་འགྱུར་རོ༔ འགྲོ་བ་འཆི་ཁ་མ་རྣམས་ཀྱི་རྣ་ཁུང་དུ་ལན་བདུན་བརྗོད་ན་ངན་སོང་གསུམ་དུ་ལྟུང་བར་མི་འགྱུར་རོ༔ འདི་ཉིད་ཀྱི་བསྙེན་པའི་སྐབས་སུ་ཤ་ཆང་དང་༔ སྒོག་པ་དང་༔ ཕྱི་དྲོའི་ཁ་ཟས་དང་༔ འཁྲིག་པ་སྤང་བར་བྱའོ༔ བསྙེན་པ་དུས་བཞི་ལ་མ་གྲུབ་ནའང་ནངས་རེ་བཞིན་བརྒྱ་རྩ་བརྒྱད་ཀྱིས་འགྲུབ་བོ༔ སྟོང་གསུམ་མེ་འོབས་ཀྱིས་གང་ཡང་བརྒལ་ལ་ཆོས་འདི་བཙལ་བར་བྱའོ༔ ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ལ་འབགས་ཏེ་སངས་རྒྱས་སྟོང་གིས་བཤགས་པར་མི་གནང་བ་ཡང་གཟུངས་འདི་སྟོང་རྩ་བརྒྱད་ཀྱིས་དག་པར་འགྱུར་རོ༔ འདི་ནི་སྡིག་པ་ཅན་གྱི་གང་ཟག་ཕལ་པ་ལ་བསྟན་པར་མི་བྱའོ༔ ཅིའི་ཕྱིར་ན་འདི་ཉིད་ཀྱིས་སྙེམས་བྱས་ནས་སྡིག་སྤྱོད་དུ་ཡོང་བའི་ཕྱིར་རོ༔ འདི་ཉིད་ཀྱི་ཕན་ཡོན་ནམ་ཡོན་ཏན་ནི་བསྐལ་པར་བརྗོད་ཀྱང་ཟད་པར་མི་འགྱུར་བའི་ཕྱིར་རོ༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས༔ སྡིག་སྒྲིབ་ཀུན་འཇོམས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ༔ ཨི་ཐི༔ གུ་ཧྱ༔ འདིའི་ལག་ལེན་ནི༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་བདུན་རྣམ་དག་སྔོན་དུ་སོང་ནས༔ རང་ཉིད་འཁོར་བ་དོང་སྤྲུགས་སུ་བསྒོམས་ལ༔ དེ་བཞིན་གཤེགས་པའི་མཚན་གསུམ་པོ་གསུམ་མམ༔ ཉེར་གཅིག་གམ་བདུན་བརྗོད་པ་ནི་ཐུན་འགོ་ཐམས་ཅད་ལའོ༔ དེ་ནས་གྲངས་ཀྱི་བསྙེན་པ་ནི༔ ཧྲཱིཿས་ཡ་གཅིག་དང་༔ མ་ཎི་འབུམ་བཟླའོ༔ དེའི་རྗེས་སུ་སྡིག་

p. 291

སྒྲིབ་ཀུན་འཇོམས་ཁྲི་ཚོ་གཅིག་བཟླ་བ་ནི་བསྙེན་ཚད་དོ༔ དེ་ལྟར་བསྙེན་པའི་ཚུལ་དེས་སྡིག་སྒྲིབ་ཀུན་འཇོམས་འབུམ་ཕྲག་གཅིག་བཟླས་པའི་གང་ཟག་དེ༔ ལུས་མིར་འདུག་ཀྱང་སྤྱན་རས་གཟིགས་དང་ཐ་དད་མ་ཡིན་ནོ༔ སྤྱན་རས་གཟིགས་དངོས་ཡིན་ནོ༔ ཨི་ཐི༔ གུ་ཧྱ༔ ཟབ་རྒྱ༔ གཏེར་རྒྱ༔ ས་མཱ༔ཐ༔རྒྱ༔རྒྱ༔རྒྱ༔ ལྷོ་བྲག་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཐུགས་དམ༔ ཆོས་བདག་མི་བསྐྱོད་རྡོ་རྗེའི་སྙིང་ཏིག་དྭགས་སྟོན་ཆེན་པོ་ནས་བརྒྱུད་པ་སྐལ་བ་ཅན་ལ་སྦྱིན་པར་བྱ་བའི་ཆོས་ཨདྦྷུ་ཏཾ༔ ཤུ་བྷཾ༔ ༈ ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་ལས་ཚོགས་བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡི་གེ་བདུན་པའི་ལས་ཚོགས་ཐུན་མོང་གི་འགྲོ་དོན་བྱ་བའི་རིམ་པ་ལ་དོན་བཞི་སྟེ༔ རྒྱུད་ལས་ཀྱང་༔ མེ་ཆུ་གཉིས་ལ་ཡིག་བདུན་བྲི༔ མཆོད་རྟེན་གསལ་བྱེད་དེ་བཞིན་ནོ༔ ཞེས་པས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མེ་ནི་ཉི་མ་སྟེ༔ ཉི་མ་མཁའ་ཁྱབ་ཀྱི་འགྲོ་དོན་ནི༔ ལོ་གསར་ཚེས་གཅིག་གི་སྔ་དྲོ་ཉི་མ་ཤར་ཐོག་ཁ་ཤར་དུ་བལྟས་ཏེ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ཡི་གེ་བདུན་པའི་བསྐྱེད་རིམ་བསྒོམས་ཏེ༔ སྙིང་གའི་ཡི་གེ་བདུན་ལས་འོད་ཟེར་ཡིག་བདུན་སྤྲོས་ཏེ་ཉི་མའི་དཀྱིལ་འཁོར་ཆགས་པར་བསམས་ནས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བརྒྱ་སྟོང་དུ་བཟླས་པས༔ ཉི་མའི་དཀྱིལ་འཁོར་གྱི་ཡི་གེ་བདུན་ལས་འོད་ཟེར་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཉི་མའི་འོད་ཀྱིས་གར་ཁྱབ་ཏུ་ཤར་ནས་ཕྱིའི་ཡུལ་ཐམས་ཅད་ཞིང་ཁམས་སུ་བསམ༔ ནང་གི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོ་ཡི་གེ་བདུན་པར་བསམས་ཏེ༔ བསྐྱེད་རིམ་མི་བསྡུ་བར་རང་བྱ་བ་གང་བྱེད་ལ་འཇུག་གོ༔ དེ་ནས་ལོ་ཟད་པའི་ཚེས་སྟོང་གི་ཉི་མ་ཟད་ཁར་རྫོགས་པའི་རིམ་པ་བསྒོམ༔ བསྔོ་བ་སྨོན་ལམ་བྱའོ༔ དེ་ལྟར་ཐེབས་བདུན་བྱས་ན་ཉི་མའི་འོད་མཐོང་བའི་སེམས་ཅན་ཐམས་ཅད་འཁོར་བ་ལ་མཐའ་ཡོད་པར་བྱས་པ་ཡིན་ནོ༔ ངན་སོང་དོང་ནས་སྤྲུགས་པ་ཡིན་ནོ༔ ཉི་མའི་འོད་ཕོག་པའི་སེམས་ཅན་ཐམས་ཅད་སྐྱེ་བ་བདུན་ཚུན་ཆད་ལ་འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་

p. 292

ཚོགས་རྫོགས་ནས༔ ཞག་བདུན་གྱིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ནས་འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ ཉི་མ་མཁའ་ཁྱབ་ཀྱི་འགྲོ་དོན་སྤྲང་བན་ཆོས་དབང་གི་ཡི་དམ་འགྲོ་བ་འདྲེན་པའི་ལྕགས་ཀྱུ༔ དམ་སྲུང་བུ་སློབ་རྣམས་ཀྱི་དཔལ་དུ་ཤར༔ དམ་མེད་ཐེ་ཚོམ་ཅན་ལ་འདི་མ་སྤེལ༔ ཨི་ཐི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཆུ་ནི་གཙང་པོ་སྟེ༔ ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་ནི༔ ཆུ་བསྐྱེད་སྤྲེའུ་ཟླ་བའི་ཚེས་གཅིག་ལ༔ རྡོ་བ་དཀར་པོ་གཙང་ཞིང་མཁྲེགས་པ་ལ་གསེར་གྱིས་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿགཙོ་བོར་དུ་བྲིས་ཏེ༔ ཆུ་འདྲེད་པའི་རྩི་བཏང་ལ་མཎྜལ་དབུས་སུ་བཞག་སྟེ༔ ཡི་གེ་བདུན་པས་ཞག་བདུན་དུ་བསྒྲུབས་ཏེ་སེམས་བསྐྱེད་དང་བསྐྱེད་རིམ་བསྒོམས་ལ༔ སྙིང་གའི་ཡི་གེ་བདུན་ལས་འོད་ཟེར་ཡིག་བདུན་སྤྲོས་ཏེ་རྡོ་བའི་ཡི་གེ་བདུན་ལ་བསྟིམས་ནས་གཙང་པོ་ལ་བོར་བས༔ རྡོ་བའི་ཡིག་བདུན་ལས་ཡིག་བདུན་སྤྲོས་པས་ཆུས་གར་ཁྱབ་པའི་ཆ་ཡིག་བདུན་གྱིས་ཁྱབ་ནས་སྲིད་པ་མ་ཞིག་གི་བར་དུ་ཆུ་དེས་ལུས་ལ་རེག་གམ་ཁོང་དུ་སོང་ཡང་རུང་༔ མིག་གིས་མཐོང་རུང་༔ ཐ་ན་ཆུ་དེ་གཞན་དུ་རྒྱུ་རུང་༔ ཆུ་ལས་རླུང་བྱུང་ནས་སྤྲིན་དུ་འཁྲིགས་ནས་ཆར་དུ་བབས་རུང་༔ རེག་རུང་༔ ཕྱིའི་རྒྱ་མཚོའི་འོག་དབྱིངས་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་འཁོར་བ་མཐའ་ཡོད་པར་འགྱུར་རོ༔ ཆུ་དེས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱང་སྐྱེ་བ་ལྔ་ཚུན་ཆད་ལ་འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ བདག་གི་ཡོན་ཏན་ཡང་ཉི་མའི་སྐབས་བཞིན་འཐོབ་པར་འགྱུར་རོ༔ ཁྱད་པར་རྩོད་ལྡན་གྱི་དུས་སུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་འཕེལ་ལོ༔ ཆུ་བོ་དབྱིངས་ཁྱབ་ཀྱི་འགྲོ་དོན་ཨི་ཐི༔ གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཡི་དམ༔ འགྲོ་བ་འདྲེན་པའི་ལྕགས་ཀྱུ༔ དམ་མེད་ཐེ་ཚོམ་ཅན་ལ་མི་སྤེལ་ལོ། རྒྱ་རྒྱ་རྒྱ༔ ༈ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དམིགས་གཏད་མཆོད་རྟེན་གྱི་འགྲོ་དོན་ནི༔ རིགས་ཀྱི་བུ་ཚེ་རིང་ཞིང་བདེ་བ་ཅན་དུ་འགྲོ་འདོད་ན༔ ལུག་གི་ཟླ་བའི་ཚེས་གསུམ་ལ་ཟངས་བུམ་མཚན་ཉིད་དང་ལྡན་པ་བཅས་ཏེ༔ སྐྱབས་འགྲོ་སེམས་བསྐྱེད་དང་༔ བསྐྱེད་རིམ་དང་ལྡན་པར་བྱས་ལ་བསྙེན་པ་བརྒྱ་ཚར་བདུན་

p. 293

བུམ་པར་བཏབ་ལ་བུམ་ཆུ་རྡོ་ལ་བྲན་ནས༔ མཆོད་རྟེན་བཞི་མདོར་བཞེངས་ཤིང་༔ ནང་དུ་སྲོག་ཤིང་ལ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བྲིས་པའི་མཐའ་མར་གང་འདོད་པའི་གསོལ་བ་དང་༔ སྨོན་ལམ་རྒྱ་ཆེན་པོ་བྲིས་ལ་བཅུག་སྟེ་རབ་གནས་བྱ༔ མཆོད་པ་ཕུལ་ཏེ༔ མཆོད་རྟེན་དེ་མཐོང་བ་དང་༔ བསྐོར་བ་བྱས་པ་དང་༔ མེ་ཏོག་གཅིག་འཐོར་རུང་༔ ཡིད་དད་པ་ཕྲ་མོ་ཅིག་སྐྱེས་པ་ཐམས་ཅད་ཀྱང་འཁོར་བ་མཐའ་ཡོད་པ་སྨོས་ཅི་དགོས་ཏེ༔ སྐྱེ་བ་དེའི་འོག་རོལ་དུ་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ༔ ཁམ་ས་ལ་མཆོད་རྟེན་འབུམ་དུ་བྱས་ཏེ་མཆོད་པ་བྱེད་ན་ཚེ་འཕེལ་ཞིང་༔ ཚེ་འཕོས་ནས་ཀྱང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཡུལ་ཕྱོགས་དེར་ཡང་ལོ་ལེགས་པར་འགྱུར་རོ༔ ནད་དང་མུ་གེ་དང་འཁྲུགས་པ་ཐམས་ཅད་ཞི་བར་འགྱུར་རོ༔ འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ དམིགས་གཏད་མཆོད་རྟེན་གྱི་འགྲོ་དོན་ཨི་ཐི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མེ་ལོང་ལམ་པའི་འགྲོ་དོན་ནི༔ རིགས་ཀྱི་བུ་ནམ་གསང་སྔགས་ཀྱི་ལམ་དུ་ཞུགས་པའི་ཚེ༔ མེ་ལོང་གཡའ་དག་པ་ཅིག་ལ༔ སིནྡྷཱུ་ར་དང་༔ ཁྱེའུ་བུ་མོ་ཡུལ་ཆོས་མ་ཕོག་པའི་བྱང་སེམས་དཀར་དམར༔ ཨ་མྲྀ་ཏ་དང་༔ མཚལ་དང་༔ ཆང་སྦྱར་ལ༔«་་་་་ལ་མཚལ་སྦྱར་བས་བྲི༔» ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿནྲྀ་ཛ་ནྲྀ་ཛ་བ་ཤཾ་ཀུ་རུ་ནྲྀ་ཛཿ ཤ་ཏྲུཾ་«་་་་་འདི་བཟླས་ལ་གདག་བྲི་མི་དགོས་»ཨ་མུ་ཀ་ནི༔ ཨཱ་ཀརྵ་ཡ་ཛ་ཛཿཧྲཱིཾ་ཞེས་བྲིས་ཏེ༔ བུད་མེད་རྨ་མེད་ཀྱི་རཀྟས་སེར་དུ་མནན་ནས༔ རང་སེམས་བསྐྱེད༔ བསྐྱེད་རིམ་གསལ་བའི་སྒོ་ནས་སྙིང་པོ་བརྒྱ་བཟླས་ཏེ་མེ་ལོང་ལ་གདབ༔ མེ་ལོང་གི་འོད་ཐམས་ཅད་སྔགས་ཀྱི་འོད་དུ་བསམས་ནས༔ ལག་ཏུ་ཐོགས་ཏེ་ཕྱིན་ན༔ མེ་ལོང་དེ་སེམས་ཅན་གང་གིས་མཐོང་རུང་༔ རེག་རུང་༔ འོད་ཕོག་ཀྱང་རུང་སྟེ༔ བདག་དང་ཡི་གེ་བདུན་པ་ལ་དད་པར་འགྱུར་རོ༔ དེ་ཉིད་ཀྱི་སྒྲིབ་པ་ཡང་དུང་ཕྱིས་པ་ལྟར་འགྱུར་རོ༔ འདི་ཉིད་ཀྱི་སྐྱེ་བ་དེའི་འོག་ཏུ་འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ༔ ཡང་ན་མེ་ལོང་དེ་ཉིད་ཀྱང་རང་གི་ཕོ་བྲང་གི་རྩེའམ་ཤིང་རིང་པོའི་རྩེ་ལ་འཕྱར་བས༔ དེ་མཐོང་བ་སྨོས་ཅི་དགོས་ཏེ༔ དེ་ལ་རླུང་ཕོག་སྟེ་རླུང་དེས་གར་ཁྱབ་པ་ཐམས་ཅད་ཀྱང་གོང་

p. 294

བཞིན་ནོ༔ དེའི་འོད་ཀྱིས་ལྷ་སྲིན་ཐམས་ཅད་དབང་དུ་སྡུད༔ ཁྱད་པར་དུ་སྐྱེས་པ་དང་༔ བུད་མེད་ཐམས་ཅད་དང་༔ མཁའ་འགྲོ་ཐམས་ཅད་དབང་དུ་འདུའོ༔ བྱིས་པའི་ཚོགས་ཀྱང་འདུ་ལ༔ བྱའི་ཚོགས་ཀྱང་འདུ༔ ནོར་ཡང་འདུ་ལ༔ སྣང་བ་དབང་དུ་འགྱུར་རོ༔ ཅིའི་ཕྱིར་ན་ཐུགས་རྗེ་ཆེན་པོ་དེ་དབང་གི་རང་བཞིན་ཡིན་ནོ༔ མེ་ལོང་ལམ་པའི་འགྲོ་དོན་སྤྲང་བན་ཆོས་དབང་གི་སྙིང་ཐིག་ཁྱད་པར་ཅན་གྱི་གདམས་པའོ༔ ཨི་ཐི༔ འདི་ལྟར་ཐུན་མོང་གི་ཡོན་ཏན་ཀུན་ལ་སྙན་པར་ཡང་བསྒྲག་པར་བྱའོ༔ རྒྱ་རྒྱ་རྒྱ༔ ༈ འཁོར་བ་དོང་སྤྲུགས་ཀྱི་རྒྱུན་ཁྱེར་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེས་མཛད་པ་བཞུགས་སོ།། ན་མོ། སྐུ་གསུང་ཐུགས་ལྡན་བླ་མ་དཀོན་མཆོག་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཀྱེ་མ་རྟོག་འཁྲུལ་ངན་པའི་སེམས་ཅན་རྣམས༔ རང་ངོ་མ་ཤེས་སྡུག་ལ་གཏད༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ སྙིང་རྗེ་ཆེན་པོར་སེམས་བསྐྱེད་དོ༔ རྟོག་མེད་ངང་ལས་རང་རིག་ཧྲཱིཿ དཀར་དམར་འོད་ལྡན་གདན་སྟེང་དུ༔ གསང་སྔགས་རྒྱལ་པོ་འབྲུ་དྲུག་བསྐོར༔ དེ་ཉིད་མ་ཡེངས་འོད་ཕུང་ལས༔ ཐུགས་རྗེ་ཆེན་པོ་ཡིག་བདུན་པ༔ སྐུ་དམར་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་རིགས་ཀྱི་གཙོ་བོ་བཞུགས༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ གཡོན་པ་བདུད་རྩིའི་བུམ་པ་བསྣམས༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔ འགྲོ་དོན་ཞབས་གཉིས་བཞེངས་ཚུལ་དུ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བརྗོད་པས་སྙིང་གའི་ཡིག་བདུན་ལས་འོད་ཟེར་འཕྲོས་པས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བས་ཚོགས་རྫོགས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཨོཾ་ཨཱཿཧཱུྃ་གསུམ་འོད་ཟེར་གྱི་ཚུལ་དུ་བདག་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་པར་བསམ༔ ཡང་འོད་འཕྲོས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་གྱུར། བདག་ཅི་འདྲ་བ་ཤ་སྟག་ཏུ་གྱུར། སྣོད་ཀྱི་

p. 295

འཇིག་རྟེན་འོད་དུ་འབར་བའི་ནང་དུ་བདག་ཉིད་འཁོར་བཅས་སྣང་ལ་རང་བཞིན་མེད་པར་འཁོད་དེ༔ འགྲོ་དྲུག་གནས་འགྱུར་གྱི་ལྷ་ཐམས་ཅད་ཀྱང་ཡི་གེ་བདུན་པ་དི་རི་རི་སྒྲོགས་པར་བསམས་ལ་བཟླ༔ སྐབས་སུ༔ ཧྲཱིཿ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདུལ་བའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་ལ་བཞུགས༔ ཕྱག་གཡས་པད་ཕྲེང་དམར་པོ་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་འཛིན༔ ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔ རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་གྲག་སྟོང་དུ་འུར་འུར་བཟླ༔ མཇུག་ཏུ་སྙིང་གའི་ཡིག་བདུན་ལས་ཡིག་བདུན་མང་པོ་སྤྲོས་ཏེ་རིགས་དྲུག་གནས་གྱུར་གྱི་ལྷ་ཐམས་ཅད་ཡི་གེ་བདུན་པ་འབའ་ཞིག་ཏུ་གྱུར་ནས་བདག་གི་བ་སྤུའི་བུ་གར་འདུས༔ བདག་ཀྱང་གདན་ནས་རིམ་བཞིན་སྙིང་གའི་ཡིག་དྲུག་ལ་འདུས། ཡིག་དྲུག་ཧྲཱིཿལ་འདུས། ཧྲཱིཿར་བཏགས་ནས་གྱེན་རྫོགས་སུ་གི་གུ་ལ་འདུས། གི་གུ་མཐའ་ནས་དབུས་སུ་ཡལ་བ་ནི་འཁོར་བ་དོང་ནས་སྤྲུགས་པ་ཞེས་བྱ་སྟེ། འཁོར་འདས་བདག་གཞན་གཟུང་འཛིན་མིང་འདོགས་ཐམས་ཅད་དང་བྲལ་བའི་དོན་ལ་མ་ཡེངས་པར་གནས་པར་བྱའོ། །མ་འགགས་པར་ཤར་བའི་སྣང་ཞིང་སྲིད་པ་ཐམས་ཅད་ཀྱང་གཙང་པོ་ལ་འཁྱགས་རམ་ཆགས་པ་ལྟར་ཆོས་ཉིད་ཀྱི་རོལ་པར་ཤེས་པར་བྱའོ། །དེའི་ངང་ལས་མི་ཕྱེད་རྫོགས་པའི་ཚུལ་དུ་ལྷར་ལངས་ལ་སྤྱོད་ལམ་བྱའོ། །བཀྲ་ཤིས།། ༈ །ཐུགས་རྗེ་ཆེན་པོའི་ཡང་སྙིང་གུ་རུ་ཆོས་དབང་གི་ཐུགས་བཅུད་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་ཨོ་རྒྱན་བླ་མའི་ཞལ་ལུང་བདུད་རྩིའི་ཆར་འབེབས་འཇམ་དབྱངས་ཆོས་རྗེས་མཛད་པ་བཞུགས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ན་མོ། སྐུ་གསུམ་ཐུགས་རྗེར་ལྡན་པའི་བླ་མ་དཀོན་མཆོག་ལ༔ སྒོ་གསུམ་དད་པས་ཕྱག་འཚལ་སྐྱབས་སུ་མཆི༔ ལན་གསུམ། ཀྱེ་མ་རྟོག་འཁྲུལ་ངན་པའི་སེམས་ཅན་རྣམས༔

p. 296

རང་ངོ་མ་ཤེས་སྡུག་ལ་གཏད༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ སྙིང་རྗེ་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ། རྟོག་མེད་ངང་ལས་རང་རིག་ཧྲཱིཿ དཀར་དམར་འོད་ལྡན་གདན་སྟེང་དུ༔ གསང་སྔགས་རྒྱལ་པོ་འབྲུ་དྲུག་བསྐོར༔ དེ་ཉིད་མ་ཡེངས་འོད་ཕུང་ལས༔ ཐུགས་རྗེ་ཆེན་པོ་ཡིག་བདུན་པ༔ སྐུ་དམར་ཞལ་གཅིག་ཕྱག་གཉིས་པ༔ དབུ་གཙུག་རིགས་ཀྱི་གཙོ་བོ་བཞུགས༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ གཡོན་པས་བདུད་རྩིའི་བུམ་པ་བསྣམས༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔ འགྲོ་དོན་ཞབས་གཉིས་བཞེངས་ཚུལ་དུ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔ སྣང་ལ་རང་བཞིན་མེད་པའི་སྐུ༔ མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ༔ མདུན་གྱི་ནམ་མཁར་གདན་ཉི་ཟླ་པདྨའི་སྟེང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་མཁའ་འགྲོ་སྡེ་བཞི་དང་བཅས་པ་བཛྲ་ས་མཱ་ཡ་ཛཿ སྤྲོ་ན་སྔོན་གྱི་བསྐལ་པའི་དང་པོ་ལ་སོགས་ཀྱིས་སྤྱན་དྲང་༔ མདུན་གྱི་བླ་མ་སྤྱན་རས་གཟིགས་ཀྱི་དབུ་གཙུག་ཏུ་བཞུགས་པར་བསམ༔ ཐུགས་རྗེ་ཆེན་པོ་དང་སློབ་དཔོན་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧྲཱིཿ ན་མོ། བཀོད་པས་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ རིན་ཆེན་འདོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་བླ་མ་ཡི་དམ་ལྷ་ཚོགས་མཆོད༔ བདག་དང་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཞེས་ལུས་ལོངས་སྤྱོད་ཐམས་ཅད་འབུལ༔ ན་མོ་ཐུགས་རྗེའི་བདག་པོ་དགོངས༔ བདག་སོགས་འཁོར་བའི་སེམས་ཅན་རྣམས༔ བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར༔ ཐུགས་རྗེ་བདུད་རྩིའི་དབང་བསྐུར་ཞུ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡི་དམ་དུ་ཡང་ཞུ་བར་བགྱི༔ ལན་གསུམ་གྱིས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་སྤྱི་བོའི་ཨོཾ་ལས་འོད་དཀར་ནར་གྱིས་བྱུང༌། བདག་གི་སྨིན་མཚམས་སུ་ཕོག ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་

p. 297

བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ། ལུས་ཐམས་ཅད་བྱིན་རླབས་བདུད་རྩིའི་རང་བཞིན་འོད་དཀར་པོས་དཀར་ལམ་གྱིས་གང་བར་བསམ། མགྲིན་པའི་ཨཱཿལས་འོད་དམར་ནར་གྱིས་བྱུང༌། བདག་གི་མགྲིན་པར་ཕོག ངག་གི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག གསུང་གི་བྱིན་རླབས་བཞུགས། ཨོཾ་ཨཱཿཧཱུྃ་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་བསམ། གསང་བའི་དབང་ཐོབ། ངག་སྙིང་པོ་བཟླ་བ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ། ལུས་ཐམས་ཅད་འོད་དམར་པོས་དམར་ལམ་གྱིས་གང་བར་བསམ། ཐུགས་ཀའི་ཧཱུྃ་ལས་འོད་སྔོན་ནར་གྱིས་བྱུང༌། བདག་གི་སྙིང་གར་ཕོག ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ། ལུས་འོད་སྔོན་པོས་སྔོ་ལམ་གྱིས་གང་བར་བསམ། དབང་བསྐུར་བྱ་སྐུར་བྱེད་སྒྲིབ་པ་དག་མ་དག་གི་འཛིན་པ་དང་བྲལ་བའི་ངང་ལ་སེམས་མ་བཅོས་པར་རང་ལུགས་སུ་བཞག་པ་ནི་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་ནོ། །ཞེས་ངོ་སྤྲོད་གསུང་བར་བསམ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་དྲི་མ་དག དབང་བཞི་པ་ཐོབ། ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་བསམ། དབང་བརྟན་པར་ཞུ་བ་ནི། ཨོ་རྒྱན་རིན་པོ་ཆེ་དང་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་དང་བླ་མ་དབྱེར་མེད་ཏུ་འདྲེས་པའི་ངང་ལ་ཅི་གནས་སུ་འཇོག དེའི་ངང་ལ་རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའི་ལོངས་སྤྱོད་རྫོགས་སྐུར་བཞེངས་ལ། སེམས་ཅན་གྱི་དོན་ཡིད་བཞིན་ནོར་བུ་ལྟ་བུར་གྱིས་ཤིག ཅེས་གསུང་བར་བསམ། དེ་ནས་གཏོར་མ་སྤྱི་བོར་བཞག་པར་བསམས་ནས། སྤྱི་བོའི་ལྷ་དང་བླ་མ་བརྟན་པར་བཞུགས་ཏེ་བྱིན་གྱིས་རློབ་པར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བ་ལིཾ་ཏ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད། སླར་མཎྜལ་ཚར་གཅིག་འབུལ། དེ་ནས་རང་གི་ཐུགས་ཀའི་

p. 298

སྔགས་ཕྲེང་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རང་ལ་ཐིམ། ཡང་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར། དེ་ཐམས་ཅད་ཀྱིས་སྔགས་འུར་འུར་འདྲེན་པར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཅི་ནུས་བཟླ། མཐར་མཆོད་པས་མཆོད། རྣམ་པར་མི་རྟོག་ནམ་མཁའ་ལ། །རང་བྱུང་ཐུགས་རྗེ་ཆེན་པོ་ཤར། །རྩོལ་བྲལ་འགྲོ་བ་འདུལ་བའི་སྐུ། །ཐུགས་ཀར་ཡི་གེ་བདུན་པ་གསལ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སངས་རྒྱས་སྣང་མཐའ་དབུ་ལ་བཞུགས། །ཕྱག་གཡས་པད་ཕྲེང་དམར་པོ་འཛིན། །ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས། །ཞབས་གཉིས་དྲང་པོར་གཤིབས་ནས་བཞེངས། །ཉི་ཟླ་པདྨའི་གདན་ལ་བཞུགས། །རྒྱན་མེད་གཅེར་བུ་མདངས་དང་ལྡན། །རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད། མཐར་འོད་གསལ་གྱི་ངང་ལ་ཅི་གནས་སུ་བཞག་ཅིང་དགེ་བ་བསྔོ་ཞིང་སྤྱོད་ལམ་བྱའོ། །ཞེས་པའང་གནས་གསར་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་ཕྱག་བཞེས་ཀྱི་རྒྱུན་ནོ།། ༈ །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཉི་མའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ལོ་ཀ་ནཱ་ཐཱ་ཡ། སྙིང་རྗེའི་གཟི་བརྗིད་ཚད་མེད་པས། །འཁོར་བའི་མུན་པ་དོང་ནས་སྤྲུགས། །ཕྱོགས་བཅུའི་རྒྱལ་བའི་སྲས་གཅིག་པུ། །དེ་ལ་གུས་པས་ཕྱག་བགྱིའོ། །ཐུགས་རྗེ་ཆེ་མགོན་ཆོས་དབང་གི། །ཟབ་གཏེར་ལས་བྱོན་སྡིག་པོ་ཆེ། །ཚེགས་མེད་ངན་འགྲོ་ལས་སྒྲོལ་བའི། །སྨིན་བྱེད་གསལ་བར་བཀོད་འདིའོ། །དེ་ལ་བཞི། དབང་རྫས་ཇི་ལྟར་བཤམ་པ། དབང་སྒྲུབ་ཇི་ལྟར་བྱ་བ། དབང་དངོས་ཇི་ལྟར་བསྐུར་བ། དབང་གི་རྗེས་ཀྱི་བྱ་བའོ། །དང་པོ་ནི། རྟེན་ཡོད་ན་བཤམས་པའི་མདུན་དུ་སྟེགས་བུ་གཙང་མ་ལ་མཎྜལ་བ་བྱུང་གིས་ཆག་ཆག་གདབ་པ་ལ་པདྨ་འདབ་དྲུག་མུ་ཁྱུད་དང་བཅས་པ་དམར་པོ་གོང་རས་དཀར་པོ་ཅན་གྱི་དབུས་སུ་ཧྲཱིཿ འདབ་མ་དྲུག་ལ་ཡིག་དྲུག་བྲིས་པའི་དབུས་སུ་མཉྫིའི་ཁར་བུམ་པ་

p. 299

ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་ཁར། བནྡྷ་མཚན་ལྡན་ཆང་གིས་བཀང་བའི་སྟེང་མེ་ལོང་ལ་མཚལ་གྱིས་ཡི་གེ་བདུན་པ་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་དྲི་མེད་བཞག མདུན་ངོས་སུ་སྐུ་ཙཀ་དང་སྔགས་བྱང་མཚལ་གྱིས་བྲིས་པ། སྒྲུབ་ཐབས་ཀྱི་གླེགས་བམ་དར་དམར་གྱིས་དྲིལ་བ། རྒྱབ་ངོས་སུ་གཏོར་ཆེན་པདྨ་བརྩེགས་པ། དེའི་གཡས་གཡོན་ཏུ་སྨན་རཀ མཐའ་སྐོར་ཕྱི་མཆོད། གཞན་ཡང་ལས་བུམ། སྔོན་གཏོར། མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་རྣམས་དང༌། ཚོགས་ཀྱི་ཕྲིན་ལས་བཏང་ན་ཡོ་བྱད་ཀྱང་ཚོགས་པར་བསག་གོ །གཉིས་པ་ལ། གཞུང་འདིར་ཕྱི་ནང་གསང་སྒྲུབ་གསུམ་དུ་གསུངས་ཀྱང་ལྷ་དབང་གི་སྐབས་ཕྱི་སྒྲུབ་ལྟར་གསུངས་པ་དང༌། དེ་ཉིད་རྒྱུད་ལས་བསྟན་པའི་རྩ་བའི་ལྷ་ཡིན་པས་རྒྱུའི་དབང་བསྐུར་དེ་ཉིད་ལ་བརྟེན་པར་རིགས་ཤིང༌། དེའང་སྐུ་གསུང་ཐུགས་ཀྱི་འཁོར་ལོར་སྒྲུབ་པ་གཏེར་གཞུང་ཇི་ལྟ་བར་བྱས་ནས་དབང་དོན་བུམ་པ་སོགས་སྒྲུབ་ཅིང་ལམ་དུས་ཀྱི་དབང་བླངས་པས་འཐུས་མོད། སྤྱི་འགྲེའི་ཕྲིན་ལས་ལ་བརྟེན་པར་སྤྲོ་ན་ལས་བྱང་པདྨའི་འཛུམ་ཟེར་ལྟར་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པ་ཅི་འགྲུབ་བྱས་རྗེས། བྷྲཱུྃ་ལས་བུམ་པ་ཐོད་པ་མེ་ལོང་རྣམས་འོད་ཟེར་དམར་པོའི་གཞལ་ཡས་ཁང་དུ་ཐུགས་རྗེ་ཆེན་པོ་དུས་གསུམ་སངས་རྒྱས་ཀྱི་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བར་འགྱུར། བདག་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་ཐུགས་རྒྱུད་བསྐུལ་བས་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས་བུམ་པ་དང་ཐོད་པ་ཁེངས་ཤིང་ཐུགས་རྗེ་ཆེན་པོའི་རང་བཞིན་ཏུ་བྱིན་གྱིས་བརླབ། སླར་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་བདག་དང་སློབ་མའི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པར་འགྱུར། ཅེས་པའི་དམིགས་པ་དང་བཅས་གཟུངས་ཐག་དྲངས་ལ་ཡིག་བདུན་དང་གཟུངས་ཅི་འགྲུབ་བཟླ། མཆོད་བསྟོད་མདོར་བསྡུས་བྱ། ལས་བུམ་དུ་པད་ཉིའི་གདན་ལ་ཁྲོ་བོ་རྟ་མགྲིན་པདྨའི་དབྱུག་གཏོ་དང་སྡིགས་མཛུབ་ཅན་ཁྲོ་བོའི་ཆས་ཀྱིས་བརྒྱན་པའི་སྐུར་གསལ་

p. 300

བར་གྱུར། །ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ། ཞེས་བཟླས་ལ་བྱིན་བརླབ། ཁྲོ་བོ་འོད་དུ་ཞུ་བས་བུམ་ཆུ་བགེགས་སྲུང་བའི་ནུས་པ་དང་ལྡན་པར་གྱུར། དེ་ནས་ལམ་དུས་ཀྱི་དབང་རྒྱས་པར་བླང་བའམ། བསྡུ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་པས་ཀྱང་འགྲུབ་བོ། །གསུམ་པ་ལ་གཉིས། དངོས་དང༌། འཕྲོས་དོན་ནོ། །དང་པོ་ལའང་འཇུག་པ་དང་དབང་བསྐུར་བ་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཁྲུས་བྱས། བགེགས་གཏོར་བཏང༌། མཚམས་བཅད་སྲུང་འཁོར་བཅས་སྤྱི་འགྲོ་དང༌། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའི་མཐའ་དང་མཉམ་པའི་ལུས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མ་བརྒལ་བ་མཐའ་དག་འཕགས་མཆོག་ཐུགས་རྗེའི་དབང་ཕྱུག་གི་གོ་འཕང་མཆོག་ལ་དགོད་པར་བྱ། དེའི་ཕྱིར་དུ་དེ་ཉིད་ཀྱི་དཀྱིལ་འཁོར་དུ་བཞུགས་ཤིང་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གངས་ཅན་གྱི་ལྗོངས་འདི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་བའི་ཞིང་དུ་གྱུར་པའི་དོན་གྱིས་དངོས་དང་བརྒྱུད་ནས་འཕགས་པ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་ལས་བྱུང་བའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་དུས་གསུམ་དུ་འདུས་ཞིང་ཁ་ལོ་སྒྱུར་བར་མཛད་པས། དེའི་རྒྱུད་དང་སྒྲུབ་ཐབས་གདམས་ངག་གི་བཀའ་སྲོལ་གསར་རྙིང་བཀའ་གཏེར་ལས་བྱོན་པ་མཐའ་ཡས་པ་ཞིག་མཆིས་པ་ལས། འཕགས་པ་ཉིད་གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར་བའི་གཟུགས་སུ་རྣམ་པར་རོལ་པ་སྤང་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་ཅན་ནས་ཁྲོ་ཆུའི་ཀླུ་བདུད་ཁྲུ་གང་པ་སྤྱན་དྲངས་པའི་སྐུ་སྐེད་ལས་བྱོན་པའི་ཆོས་སྡེ། ཁྱད་འཕགས་སྒྲུབ་ཐབས་བརྒྱ་རྩའི་ནང་ཚན་ཏེ། བཀའ་གཙིགས་ལས། ཐུན་མོང་གི་ཐུགས་རྗེའི་སྒྲུབ་སྐོར་ཆེས་མང་གི༔ ཁྱད་པར་ཞག་བདུན་ངེས་འགྲུབ་འདི་ན་མཆིས༔ དེ་གང་ཞེ་ན་འཁོར་བ་དོང་སྤྲུགས་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་དང༌། ཐུགས་རྗེ་ཆེན་པོ་རྒྱུད་སྒྲུབ་མན་ངག་སྐོར༔ ཐུགས་རྗེ་ཆེན་པོ་རྒྱུད་སྒྲུབ་ལྔ་བརྒྱ་བརྒྱད༔ ལུང་སྡེ་བསམ་ཡས་མན་ངག་རྒྱ་མཚོའི་བཅུད༔

p. 301

ཨོ་རྒྱན་ངས་བསྡུས་ཉམས་སུ་བླངས་ཤིང་ངེས༔ དེ་ཕྱིར་རིན་ཆེན་ཀླུ་བདུད་ཐུགས་ཀ་རུ༔ སྐུ་དང་བཅས་ཏེ་གསེར་གྱི་ཁྱུད་མས་བཅིངས༔ བསྟན་པའི་སྙིང་པོ་ཡིན་གྱི་འགྲོ་བ་ཡོངས་ཀྱི་དཔལ༔ རྒྱུད་སྦྱོང་འགྲོ་འདུལ་རྩ་བ་ཐུགས་རྗེ་ཆེ༔ རྒྱུད་སྡེ་ལྔ་བརྒྱའི་བཅུད་བསྡུས་འཁོར་དོང་སྤྲུགས༔ དུས་མཐའི་སེམས་ཅན་གདུལ་དཀའ་འདི་ཡིས་ཐུལ༔ ལྟ་ཡངས་སྤྱོད་བདེ་སྒྲུབ་རྟགས་འཕྲལ་ལ་འབྱུང་༔ ཨོ་རྒྱན་སྙིང་ཁྲག་བསྟན་པའི་བཙས་སུ་བཞག༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་གསུངས་པ་ལྟར་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ནས་ཁྱད་པར་འཕགས་པ་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་པ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་ནས་གསུངས་པའི་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་པ་ལས་ལེའུ་བདུན་པ་ཡིག་བདུན་གསང་སྒྲུབ་དང་འབྲེལ་བའི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་བདག་གིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་ལས་གྲུབ་པའི་མེ་ཏོག་གི་ཕྲེང་བ་ཕྱག་ཏུ་ཐོགས་པར་མོས་ཤིག ཅེས་དར་སྣའི་ཅོད་པན་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དང་བཅས་ཏེ་མེ་ཏོག་གི་བརྒྱན་པའི་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ན་མོ༔ ཐུགས་རྗེའི་བདག་པོ་དགོངས་སུ་གསོལ༔ བདག་སོགས་འཁོར་བའི་སེམས་ཅན་རྣམས༔ བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར༔ ཐུགས་རྗེ་བདུད་རྩིའི་དབང་བསྐུར་ཞུ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡི་དམ་དུ་ཡང་ཞུ་བར་བགྱི༔ ལན་གསུམ། བླ་མ་ཐུགས་རྗེ་ཆེན་པོ་དབུ་གཙུག་སྣང་བ་མཐའ་ཡས་དང་བཅས་པ་ཕྱོགས་དུས་དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་ཀྱི་སྙིང་པོ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པས་འདིའི་

p. 302

རྗེས་ཟློས། ན་མོ༔ ཐུགས་རྗེར་ལྡན་པའི་སོགས་ལས་བྱང་ལྟར་ལན་གསུམ། སེམས་ཅན་ཐམསཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཟབ་མོའི་ལམ་འདིར་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཀྱེ་མ་རྟོག་འཁྲུལ་ངན་པའི་སོགས་ལན་གསུམ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་བསགས་སྦྱོང་ཡན་ལག་བཅུ་པ་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། བླ་མ་ཡི་དམ་སོགས་བརྗོད་དུ་གཞུག སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་པ་ལ་ཕུལ་བའི་མོས་པ་འདིའི་རྗེས་ཟློས། ཨེ་མ་ཧོཿ བདག་གི་རིག་པའི་མེ་ཏོག་འདི༔ བླ་མ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་དང་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ༔ པྲ་ཏི་པཱུ་ཛ་ཧོཿ ཞེས་དཀྱིལ་འཁོར་ལ་འདོར་དུ་གཞུག དེ་ནས་ཡེ་ཤེས་ཀྱི་བྱིན་རླབས་འབེབས་པ་ཡིན་པས། འོ་ཁྱེད་རང་རྣམས་མ་ཡེངས་པར་དམིགས་པ་འདི་བཞིན་ཏུ་སྒོམས་ཤིག སྣང་བ་ཐམས་ཅད་འོད་དམར་པོའི་རང་བཞིན་གྱི་ཞིང་ཁམས་ཡ་ལ་ལ་སྒོམས་ཤིག རང་རང་གི་སྤྱི་གཙུག་ན་བླ་མ་སྣང་བ་མཐའ་ཡས་དང་ཐ་མི་དད་པར་གཟི་བརྗིད་དང་ལྡན་པ་བཞུགས་ནས་རིགས་ཀྱི་བུ་བདེ་བ་ཅན་གྱི་ཞིང་དུ་ཡར་ཤོག་ཡར་ཤོག་གསུང་བར་སྒོམས་ཤིག རང་ཉིད་ཐུགས་རྗེ་ཆེན་པོ་དམར་པོ་རྒྱན་མེད་གཅེར་བུ་པད་ཕྲེང་དང་བུམ་པ་བསྣམས་པ་ཞབས་བཞེངས་སྟབས་ཅན། སྣང་སྲིད་ཐམས་ཅད་ཡི་དམ་ལྷ་དང་མཁའ་འགྲོ། །དཔའ་བོ་དང་དཔའ་མོས་གར་བྱེད་ཅིང་རོལ་མོ་མང་པོ་སྒྲོགས་ཏེ་བྱིན་གྱིས་རློབ་པར་མོས་ལ་རིག་པའི་དཔང་བསྟོད་དེ་གསོལ་འདེབས་དང་ཡིག་བདུན་ཛབ་དབྱངས་ལྷན་ཅིག་ཏུ་གསུང་འཚལ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གསོལ་འདེབས་དེ་དང་ཡིག་བདུན་སྤེལ་བ་འགྲེའོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ༴ ཌཱ་ཀི་གར་གྱི་དབང་ཕྱུག་ལ༴ སྤྲུལ་སྐུ་པདྨ་འབྱུང་གནས་ལ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴ གུ་རུ་ཆོས་ཀྱི་དབང་ཕྱུག་ལ༴ དྲིན་ཅན་རྩ་བརྒྱུད་བླ་མ་ལ༴ མཁའ་འགྲོ་དམ་ཅན་ཆོས་སྐྱོང་ལ་གསོལ་བ་

p. 303

འདེབས་སོ། །ཞེས་གསོལ་འདེབས་དང་ཡིག་བདུན་དབྱངས་སུ་བླང༌། དེ་ལྟར་གསོལ་བ་བཏབ་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཡི་གེ་བདུན་པའི་སྐུར་བཞེངས་ཏེ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་སྟེང་ནས་ཆར་བཞིན་བབས། བར་ནས་བུ་ཡུག་བཞིན་དུ་འཚུབ། འོག་ནས་ན་བུན་བཞིན་དུ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་དབུ་གཙུག་དང་བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པས་རྒྱུད་ལ་ཡེ་ཤེས་ཆེན་པོའི་བྱིན་རླབས་ཞུགས། སྒོ་གསུམ་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག སྤོས་བསྲེག རོལ་མོ་བསྒྲགས་ལ་སྤྲོ་ན་ལས་བྱང་གི་སྤྱན་འདྲེན་བརྗོད་ཀྱང་རུང༌། དཀྱུས་སུ་ཡིག་བདུན་གྱི་གཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨཱཿཨཱཿབཏགས་པ་བརྗོད། དེ་ལྟར་དབབ་པ་རྗེས་ཀྱི་ཤེས་པ་གསལ་སྟོང་འཛིན་མེད་དུ་ལྷག་གེར་ཤར་བ་དེ་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་པས་ཤེས་པར་གྱིས་ལ། དེ་ཉིད་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག་གོ །གཉིས་པ་ནི། དེ་ནས་དབང་གི་དངོས་གཞི་བསྐུར་བ་ལ་ཐུན་མོང་མ་ཡིན་པ་དབང་བཞིའི་བྱིན་རླབས་རྗེས་འབྲེལ་དང་བཅས་པ་དང༌། ཐུན་མོང་གཏོར་མ་བཀའ་ལུང་གི་དབང་གཉིས་སུ་ཡོད་པ་ལས། དང་པོ་དབང་བཞི་རིམ་པར་བསྐུར་བའི་ཐོག་མར་བུམ་པའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། རྣམ་རྒྱལ་བུམ་པ་འོད་ཕུང་དམར་པོའི་རང་བཞིན་གྱི་གཞལ་ཡས་ཁང་གི་དབུས་སུ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་བཞུགས་པའི་སྤྱི་བོར་ཨོཾ་ལས་འོད་དཀར་པོ་ནར་གྱིས་བྱུང༌། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཕོག༔ ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག༔ སྐུའི་བྱིན་རླབས་ཞུགས༔ བུམ་པའི་དབང་ཐོབ༔ བསྐྱེད་རིམ་བསྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་སྐུ་ཐོབ༔ ལུས་ཐམས་ཅད་བྱིན་རླབས་བདུད་རྩིའི་རང་བཞིན་འོད་དཀར་པོས་དཀར་ལམ་གྱིས་གང་བར་མོས་ཤིག རྣམ་བུམ་སྤྱི་བོར་བཞག་ལ། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ རྣམ་རྒྱལ་བུམ་པའི་

p. 304

དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ལྷ་དབང་ལུས་ཀྱིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་བླུད། དེའི་རྗེས་འབྲེལ་ལྷ་དབང་ལུས་ལ་བསྐུར་བ་ལ། མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་ཆད་དེ་ཁྱེད་རང་ལ་ཐིམ་པར་མོས་ཤིག ཙཀླི་སྤྱི་བོར་བཞག་ལ། ཧྲཱིཿ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདྲེན་པའི་གཙོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་གཙུག་བརྒྱན༔ ཐུགས་ཀར་ཡིག་བདུན་གསལ་བར་བལྟ༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས༔ རྒྱན་མེད་གཅེར་བུ་འཛུམ་མདངས་ལྡན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ལས་དང་སྐལ་པར་ལྡན་པའི་སློབ་མ་ཁྱོད་ལ༔ རྡོ་རྗེ་སློབ་དཔོན་བདག་གིས་ཐུགས་རྗེ་ཆེན་པོ་ཡོངས་རྫོགས་ཀྱི་དབང་བསྐུར་བས་ཐུགས་རྗེ་ཆེན་པོ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་སངས་རྒྱས་ནས༔ འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེའི་རྐྱེན་གྱིས་ཁྱེད་རང་ཐུགས་རྗེ་ཆེན་པོའི་སྐུ་ཤིན་ཏུ་གསལ་བར་གྱུར་པ་ནི། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། དབུ་གཙུག་ན་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ། ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་པདྨ་དམར་པོ་ཕྲེང་བ་བསྣམས་ཤིང༌། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་སྤྱི་བླུགས་བདུད་རྩིས་གང་བ་འཛིན་པ། ཞི་མ་ཁྲོའི་ཆ་ལུགས་གཅེར་བུ་བརྒྱན་ཐམས་ཅད་སྤངས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་པད་ཟླའི་གདན་ལ་བཞེངས་པ་ལས་འོད་ཟེར་དམར་པོ་འཕྲོ་ཞིང་སྣང་ལ་རང་བཞིན་མེད་པ་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་ཅན་དུ་གསལ་ཐོབ་ཅིག རང་ལུས་སྣང་སྟོང་དབྱེར་མེད་ལྷའི་སྐུ་འཇའ་ཚོན་དང་ཆུ་ཟླ་ལྟ་བུར་ཤེས་པར་མཛོད་ལ་དུས་རྟག་ཏུ་བསྐྱེད་པའི་རིམ་པ་འདི་ལྟ་བུ་དང་མི་འབྲལ་བར་གྱིས་ཤིག གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བྷནྡྷ་རང་བྱུང་པདྨའི་གཞལ་ཡས་ཁང་དུ་ཐུགས་

p. 305

རྗེ་ཆེན་པོ་དངོས་སུ་གསལ་བའི་མགྲིན་པའི་ཨཱཿལས་འོད་དམར་པོ་ནར་གྱིས་བྱུང་༔ བདག་གི་མགྲིན་པར་ཕོག༔ ངག་གི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག༔ གསུང་གི་བྱིན་རླབས་བཞུགས༔ གསང་བའི་དབང་ཐོབ༔ ངག་སྙིང་པོ་བཟླས་པ་ལ་དབང་༔ འབྲས་བུ་ལོངས་སྐུ་ཐོབ༔ ལུས་ཐམས་ཅད་འོད་དམར་པོས་དམར་ལམ་གྱིས་གང་བར་མོས་ཤིག༔ ཐོད་པའི་བདུད་རྩི་མགྲིན་པར་བཞག་ལ། ཧྲཱིཿ ཐུགས་རྗེ་ཆེན་པོ་ལྷ་ཚོགས་ཀྱིས༔ གསང་དབང་བདུད་རྩིའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ གསང་དབང་ངག་གིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བདུད་རྩི་སྦྱིན༔ དེའི་རྗེས་འབྲེལ་སྔགས་དབང་ངག་ལ་བསྐུར་བ་ལ་དམིགས་པ་འདི་བཞིན་ཏུ་མཛོད༔ བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཡི་གེ་བདུན་པའི་སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོ་བ་བྱོན། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་བརྒྱུད་ཐུགས་ཀར་ཟླ་བའི་གདན་ལ་ཧྲཱིཿདཀར་ལ་དམར་བའི་མདངས་ཅན་རེ་གསལ་བའི་མཐར་འཁོད་པར་མོས་ཤིག སྔགས་བྱང་སྤྱི་བོར་བཞག་ལ། སྤྱན་རས་གཟིགས་དབང་ཐུགས་ཀ་ནས༔ སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས༔ རང་བྱུང་ཡི་གེ་བདུན་དུ་ཤར༔ ཡིག་དྲུག་རིགས་དྲུག་སྒྲིབ་པ་སྦྱོང་༔ ཧྲཱིཿནི་ངན་སོང་སྐྱེ་སྒོ་གཅོད༔ དུས་གསུམ་སངས་རྒྱས་ཡང་སྙིང་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུས་གསུམ་སངས་རྒྱས་གསུང་འགྲུབ་ནས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལས་དང་སྐལ་བར་ལྡན་པའི་སློབ་མ་ཁྱོད་ལ༔ གསུང་ཡི་གེ་བདུན་པའི་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་དུ་འགྲུབ་ནས་གྲགས་སྟོང་དབྱེར་མེད་ཀྱི་ངང་ལ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་ཁྱེད་རང་རྣམས་ཀྱིས་བླ་མ་དང་ཐུགས་རྗེ་ཆེན་པོ་ལ་གུས་འདུད་དུངས་པ་རེ་མཛད་པས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོའི་རྣམ་པ་ཅན་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཕོག་པས་སྒོ་གསུམ་དུག་ལྔ་བག་ཆགས་དང་བཅས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས།

p. 306

སླར་ཡང་བདག་མདུན་གྱི་ཐུགས་ཀའི་ཡི་གེ་བདུན་པ་ལས་འོད་ཟེར་འཕྲོས་པས༔ བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་ཟེར་དང་བཅས་པ་བདག་གི་གནས་གསུམ་དུ་ཐིམ་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས༔ ཡང་འོད་འཕྲོས་པས་འགྲོ་དྲུག་སེམས་ཅན་ཐམསཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར༔ སྣོད་ཐམས་ཅད་གཞལ་ཡས་ཁང་དང་༔ བཅུད་ཐམསཅད་ཐུགས་རྗེ་ཆེན་པོ་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན༔ ཡི་གེ་དྲུག་པའི་སྒྲ་དི་རི་རི་སྒྲོག་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ་ནི་རྡེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལ༔ སཱ་ག་ར༔ གམྦྷི་ར་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷི་ཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ལན་གསུམ། དེང་ནས་བཟུང་སྟེ་དགྲ་གྲགས་སྟོང་དབྱེར་མེད་རང་བྱུང་ཆོས་ཉིད་ཀྱི་རང་སྒྲ་སྙིང་པོ་སྔགས་ཀྱི་རང་བཞིན་ཏུ་ཤེས་པར་མཛོད་ལ་དུས་རྟག་ཏུ་བཟླས་པའི་རྣལ་འབྱོར་ལ་བརྩོན་པར་མཛོད་ཅིག གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་ཏུ་མཛོད། མེ་ལོང་འོད་ཀྱི་གཞལ་ཡས་ཁང་དུ་ཡིག་བདུན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ་ནར་གྱིས་བྱུང་༔ ཁྱེད་རང་རྣམས་ཀྱི་སྙིང་གར་ཕོག༔ ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག༔ ཐུགས་ཀྱི་བྱིན་རླབས་ཞུགས༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ༔ ལུས་འོད་སྔོན་པོས་སྔོ་ལམ་གྱིས་གང་བར་མོས་ཤིག༔ མེ་ལོང་སྙིང་གར་བཞག་ལ། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ ཤེས་རབ་ཡེ་ཤེས་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡི༔ ཆོས་དབང་སེམས་ཀྱིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིག་པ་མེ་ལོང་ལྟར་གསལ་ལ་འཛིན་མེད་ཀྱི་ངང་དུ་ལྷན་ནེར་ཞོག་ཅིག དེའི་རྗེས་འབྲེལ་ཆོས་དབང་སེམས་ལ་

p. 307

བསྐུར་བ་ཡིན་པས་ཡིད་མིག་ཤེས་པ་གཅིག་དྲིལ་དུ་འདི་ལ་གཏོད་ཅིག ཤེལ་རྡོ་མེ་ལོང་བཅས་སྤྱི་བོར་བཞག་ལ། ཐུགས་རྗེ་ཆེན་པོ་རང་དང་གཉིས་སུ་མེད༔ གཞན་ནས་བཙལ་མེད་ཆོས་སྐུ་སྐྱེ་བ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་དང་མེ་ལོང་བསྟན་ལ། ལས་དང་སྐལ་པར་ལྡན་པའི་སློབ་མ་རྣམས་ལྟོས་ཤིག༔ རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ༔ གསལ་ལ་སྒྲིབ་པ་མེད་པ་ཤེལ་ལྟ་བུ༔ སྣ་ཚོགས་སུ་ཤར་ཡང་ཤེལ་གྱི་གདན་དང་མདངས་གཞན་གྱིས་ཁ་དོག་སྒྱུར་བ་ཡིན་གྱི༔ ངོ་བོ་ཤེལ་ལས་གཡོས་པ་མེད་པ་བཞིན་དུ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཐུགས་རྗེ་ཆེན་པོ་ལས་གཡོས་པ་མེད་དོ༔ དེ་ནས་རང་གི་ཐུགས་ཀའི་ཡི་གེ་བདུན་ལས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ༔ རང་གི་བ་སྤུའི་བུ་ག་ནས་ཚུར་འདུས་བདག་ལ་ཐིམ༔ བདག་ཀྱང་ཐུགས་ཀའི་ཡི་གེ་དྲུག་ལ་ཐིམ༔ དེ་ཡང་དབུས་ཀྱི་ཧྲཱིཿལ་ཐིམ༔ ཧྲཱིཿཡང་རིམ་པ་བཞིན་གི་གུ་ལ་ཐིམ༔ གི་གུ་ཡང་མི་དམིགས་པར་གྱུར་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག བྱས་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག དེའི་ངང་ལས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་ལམ་གྱིས་གྱུར་པར་མོས་ཤིག བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། བླ་མ་ལྷ་དང་བཅས་པས་དབང་བསྐུར་བྱ་སྐུར་བྱེད་ཀྱིས་སྒྲིབ་པ་དག་མ་དག་གི་འཛིན་པ་དང་བྲལ་བའི་ངང་ལ་སེམས་མ་བཅོས་པར་རང་ལུགས་སུ་བཞག་པ་ནི་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་ནོ། །ཞེས་ངོ་སྤྲོད་གསུང་བས། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་དྲི་མ་དག དབང་བཞི་པ་ཐོབ། ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་མོས་ཤིག ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔ ཚིག་དབང་རིན་ཆེན་དབང་མཆོག་འདི༔ སྐལ་ལྡན་ཁྱེད་ལ་བསྐུར་བ་ཡིས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ སྙིང་གར་བླ་མའི་མཛུབ་མོ་བཙུགས་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀློང་ཡངས་

p. 308

ན༔ རང་བྱུང་ཐུགས་རྗེ་ཆེན་པོ་བཞུགས༔ གསལ་ལ་མི་རྟོག་བདེ་བར་བཞུགས༔ ཐུགས་རྗེ་ཆེན་པོར་དབང་བསྐུར་རོ༔ སེམས་ཉིད་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་དབྱིངས་སུ། རང་རིག་རང་གསལ་གྱི་སྐུ་དང་ཡེ་ཤེས་སུ་ཤར་པ་ཉིད། དབྱེར་མེད་ཟུང་འཇུག་གསལ་ལ་མི་རྟོག་པའི་ངང་དུ་མཉམ་པར་བཞག་པས་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོའི་རང་ཞལ་མཇལ་བ་ཡིན་པས། དེང་ཕྱིན་ཆད་སེམས་ཉིད་རིག་སྟོང་དབྱེར་མེད་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་ཆེན་པོའི་གཤིས་ལུགས་སུ་ལ་ཟློ་བ་ལ་བརྩོན་པར་གྱིས་ཤིག དེའང་གང་ཟག་གི་རྒྱུད་ལ་ཇི་ལྟ་བུ་ཞིག་བསྒོམ་ན༔ ཐོས་པའི་ཤེས་རབ་ཀྱིས་སྣང་བ་སེམས་སུ་རྟོགས་པར་བྱ༔ བསམ་པའི་ཤེས་རབ་ཀྱིས་སེམས་སྟོང་པར་རྟོགས་པར་བྱ༔ སྒོམ་པའི་ཤེས་རབ་ཀྱིས་སྣང་སྟོང་དབྱེར་མེད་དུ་ཤེས་ཤིང་རྟོགས་པར་བྱ་བར་གསུངས་སོ༔ གཉིས་པ་ཐུན་མོང་གི་དབང་གཉིས་ལས་ཐོག་མར་གཏོར་མ་འདི་ཉིད་སྣོད་པདྨའི་སྣང་བ་རྒྱས་པའི་གཞལ་མེད་ཁང་དུ། བཅུད་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་རིགས་བདག་འོད་དཔག་མེད་དང་བཅས་པ་མངོན་སུམ་བཞིན་ཏུ་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པའི་ཚེ་སྐུའི་གནས་རྣམས་ནས་བྱིན་རླབས་ཀྱི་རང་བཞིན་འོད་ཟེར་ཁ་དོག་སྣ་ཚོགས་པ་བྱོན། ཁྱེད་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་བསྐུར་ཡོངས་རྫོགས་སུ་ཐོབ་པར་མོས་མཛོད། པད་གཏོར་ཐོགས་ལ། གཏོར་སྣོད་རིན་ཆེན་གཞལ་ཡས་ཁང་༔ གཏོར་མ་འདོད་ཡོན་རྣམ་པ་ལྔ༔ ཡི་དམ་ལྷ་རུ་མངའ་གསོལ་ནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡི་དམ་འཁོར་བ་དོང་སྤྲུགས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་གྱི༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཏྲཱྃ༔ ཞེས་གནས་ལྔར་གཏུགས། ལས་དང་སྐལ་པར་ལྡན་པའི་ཁྱོད་ལ་གཏོར་མའི་དབང་བསྐུར་བས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དབང་ཐོབ་ནས་འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག༔ དེ་ནས་བཀའ་ལུང་གི་དབང་ནི་སྒྲུབ་ཐབས་གླེགས་བམ་སྤྱི་བོར་བཞག་ལ། ལས་དང་

p. 309

སྐལ་པར་ལྡན་པའི་སློབ་མ་ཁྱོད་ལ༔ འཁོར་བ་དོང་སྤྲུགས་ཀྱི་ཆོས་ཉན་དུ་རུང་བའི་དབང་དང་༔ སྒོམ་པར་བྱེད་པ་ཏིང་ངེ་འཛིན་གྱི་དབང་དང་༔ འགྲོ་དོན་བྱེད་པ་བྱིན་རླབས་ཀྱི་དབང་རྣམས་ཐོབ་ནས་ཁྱེད་རྣམས་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག༔ རྡོ་རྗེའི་སློབ་མ་སོ་སོའི་མིང་སྦྱར་ལ༔ ཞེས་བགྱི་བ་འདིས། ཞེས་སམ་མང་པོ་ཡོད་ན། རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་སེམས་ཅན་གཅིག་གི་དོན་བྱེད་པར་གྱུར་ཅིག༔ གཉིས་ཀྱི་དོན་བྱེད་པར༔ གསུམ་སོགས་རེ་རེ་བཞིན་སྦྱར་ལ། བཅུའི་དོན་བྱེད་པར་གྱུར་ཅིག༔ ཉི་ཤུ་ནས་བརྒྱའི་བར་གྱི༴ སྟོང་ཁྲི་འབུམ་གྱི༴ ས་ཡའི༴ བྱེ་བའི༴ དུང་ཕྱུར་གྱི༴ ཐེར་འབུམ་གྱི༴ ཁྲག་ཁྲིག་གི༴ སྟོང་དང་པོའི་སེམས་ཅན་གྱི༴ སྟོང་གཉིས་པའི་སེམས་ཅན་གྱི༴ སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་གྱི༴ སྤྲུལ་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ལོངས་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ཆོས་སྐུའི་ཞིང་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དྷརྨཱ་ཨ་བྷི་ཥིཉྩ་ཧྲཱིཿ ཁྱེད་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་བཀའ་ལུང་ཐོབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལྟ་བུའི་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན་ནོ༔ ཞེས་བརྗོད། རྟེན་སྙིང་དང་ཤིས་བརྗོད་ཇི་ལྟར་རིགས་པ་བྱས་ལ་མེ་ཏོག་འཐོར། དེ་ལྟར་འབྲེལ་ཚད་དོན་དང་ལྡན་པའི་ཟབ་ཆོས་གཏེར་ཁ་གཞན་ལ་མ་གྲགས་པའི་ཁྱད་ནོར་འཁོར་བ་དོང་ནས་སྤྲུགས་པའི་སྨིན་བྱེད་ཀྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང༌། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱའོ། །གཉིས་པ་འཕྲོས་དོན་ནི། གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་ཕྱག་རྒྱུན་ཏུ་འདིའི་འཕྲོས་སུ་ལམ་དུས་ཀྱི་དབང་ཡང་མཛད་པའི་སྲོལ་ལྟར། རྗེ་བླ་མས་ཀྱང་དེ་ལྟར་མཛད་པས་སྐབས་འདིའམ། རྗེས་ཆོག་གྲུབ་ནས་ཀྱང་རུང་སྟེ་སློབ་དཔོན་རང་ཉིད་ཀྱིས་མཁྱེན་བརྩེའི་ཡིག་ཆ་ལྟར་ལམ་དུས་ཚར་གཅིག་ཉམས་ལེན་བྱ། དེ་ཇི་ལྟ་བར་སློབ་མ་ལའང་དམིགས་པ་སྤོད་ཅིང་མཐར་

p. 310

གཏཽར་མ་མགོར་བཞག་ཅིང་མཎྜལ་ཕུལ་བས་འགྲུབ་བོ། །བཞི་པ་རྗེས་ཀྱི་བྱ་བ་ནི། སྒྲུབ་ཐབས་ལྟར་བླ་མ་ཡི་དམ་སོགས་དང༌། ཆོས་སྐྱོང་གཏེར་གཞི་རྣམས་ལ་དམ་ཅན་གྱི་སྤྱི་གཏོར་ལྟ་བུས་གཏོར་མ་འབུལ་ཞིང༌། ཚོགས་ཡོད་ན་བྱིན་རླབས་ནས་བརྩམས། ཤིས་པ་བརྗོད་པའི་བར་རྒྱས་པར་བྱ། ཚོགས་མི་བྱེད་ན་གཏོར་འབུལ་འཕྲོས་སུ། མཆོད་བསྟོད་ནོངས་བཤགས་བསྡུ་རིམ་བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །ལམ་ཟབ་འདི་ཡིས་འགྲོ་ཀུན་གྱི། །རྒྱུད་སྨིན་འཁོར་བ་དོང་ནས་སྤྲུགས། །ཆམ་གཅིག་བདེ་ཅན་ཞིང་ཁམས་སུ། །སྒྲིབ་སངས་ཡེ་ཤེས་རབ་རྒྱས་ཤོག །ཚུལ་འདིའི་སྨིན་བྱེད་ཀྱི་ཡིག་ཆ་རྙིང་པ་ཅུང་མི་གསལ་བས་གཞུང་དང་བླ་མའི་དགོངས་པ་གསལ་བར་ཕྱེས་ཏེ། ལྷ་དང་རིག་སྔགས་འདི་ལ་མོས་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཐུགས་རྗེ་ཆེན་པོའི་ཕོ་བྲང་གིས་མཚན་པའི་ལྷུན་པོ་གླང་ཆེན་འགྱིང་འདྲའི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། ༈ །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུན་གྱི་རྣལ་འབྱོར་གོང་མའི་ཕྱག་བཞེས་ཟླ་བའི་འཛུམ་ཟེར་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འཁོར་བ་དོང་སྤྲུགས་ཀྱི་སྒོམ་བཟླས་ལམ་དུས་ཀྱི་དབང་ལེན་པ་དང་དཀྱུས་གཅིག་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་བཟླ་བར་འདོད་པས། རྒྱུན་ཁྱེར་ལ་ཤ་ཆང་སོགས་མ་འབགས་པའི་ནངས་མོའི་ཆ་དང༌། ཆེད་དུ་བསྙེན་ན་ཤ་ཆང་སྒོག་བཙོང་འཁྲིག་པ་སྤོང་བ་སོགས་གཙང་སྦྲའི་བརྟུལ་ཞུགས་ལ་གནས་པས། ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོཿ སྐུ་གསུམ་ཐུགས་རྗེར་ལྡན་པའི་བླ་མ་དཀོན་མཆོག་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ཞེས་ལན་གསུམ་དང༌། སེམས་བསྐྱེད་ནི། ཀྱེ་མ་རྟོག་འཁྲུལ་ངན་པའི་སེམས་ཅན་རྣམས༔ རང་ངོ་མ་ཤེས་སྡུག་ལ་གཏད༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ སྙིང་རྗེ་ཆེན་པོས་སེམས་བསྐྱེད་དོ༔ ལན་གསུམ། བདག་བསྐྱེད་ནི། ཧྲཱིཿ རྟོག་མེད་ངང་ལས་རང་རིག་ཧྲཱིཿ དཀར་དམར་འོད་ལྡན་གདན་སྟེང་དུ༔ གསང་སྔགས་རྒྱལ་པོ་འབྲུ་དྲུག་བསྐོར༔ དེ་ཉིད་མ་ཡེངས་འོད་ཕུང་ལས༔ ཐུགས་རྗེ་ཆེན་པོ་ཡིག་བདུན་པ༔ སྐུ་དམར་ཞལ་གཅིག་ཕྱག་

p. 311

གཉིས་པ༔ དབུ་གཙུག་རིགས་ཀྱི་གཙོ་བོ་བཞུགས༔ ཕྱག་གཡས་པད་འབྲུའི་ཕྲེང་བ་འཛིན༔ གཡོན་པས་བདུད་རྩིའི་བུམ་པ་བསྣམས༔ རྒྱན་མེད་གཅེར་བུ་གཟི་མདངས་ཅན༔ འགྲོ་དོན་ཞབས་གཉིས་བཞེངས་ཚུལ་དུ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐུགས་ཀར་ཡིག་བདུན་གསལ་བར་ལྡན༔ སྣང་ལ་རང་བཞིན་མེད་པའི་སྐུ༔ མ་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ༔ ལམ་དུས་ཀྱི་དབང་ལེན་པའི་ཕྱིར་མདུན་བསྐྱེད་ནི། མདུན་གྱི་ནམ་མཁར་གང་ན་པདྨ་ཉི་ཟླའི་སྟེང་དུ། བླ་མ་དང་དབྱེར་མི་ཕྱེད་པའི་ཐུགས་རྗེ་ཆེན་པོ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཨོ་རྒྱན་ནས་སློབ་དཔོན་པདྨ་འབྱུང་གནས་ལ། འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་པས་སྤྱན་དྲངས་པ་མདུན་གྱི་བླ་མ་སྤྱན་རས་གཟིགས་ཀྱི་དབུ་གཙུག་ཏུ་བཞུགས་པར་བསམ༔ ཐུགས་རྗེ་ཆེན་པོ་དང་སློབ་དཔོན་པདྨའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧྲཱིཿགསལ་ལ། མཎྜལ་འབུལ་བ་ནི། ན་མོཿ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ རིན་ཆེན་རྣམ་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་བླ་མ་ཡི་དམ་ལྷ་ཚོགས་མཆོད༔ བདག་དང་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཞེས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ལ༔ ན་མོ། ཐུགས་རྗེའི་བདག་པོ་དགོངས་སུ་གསོལ༔ བདག་སོགས་འཁོར་བའི་སེམས་ཅན་རྣམས༔ བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར༔ ཐུགས་རྗེ་བདུད་རྩིའི་དབང་བསྐུར་ཞུ༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡི་དམ་དུ་ཡང་ཞུ་བར་བགྱི༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་སྤྱི་བོའི་ཨོཾ་ལས་འོད་དཀར་ནར་གྱིས་བྱུང་༔ བདག་གི་སྨིན་མཚམས་སུ་ཕོག༔ ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག༔ སྐུའི་

p. 312

བྱིན་རླབས་བཞུགས༔ བུམ་པའི་དབང་ཐོབ༔ བསྐྱེད་རིམ་བསྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་སྐུ་ཐོབ༔ ལུས་ཐམས་ཅད་བྱིན་རླབས་བདུད་རྩིའི་རང་བཞིན་འོད་དཀར་པོས་དཀར་ལམ་གྱིས་གང་བར་བསམ༔ མགྲིན་པར་ཨཱཿལས་འོད་དམར་ནར་གྱིས་བྱུང་༔ བདག་གི་མགྲིན་པ་ལས་བཞུགས༔ ངག་གི་སྒོ་ནས་བསགས་པའི་སྡིག་པ་ཐམས་ཅད་དག༔ གསུང་གི་བྱིན་རླབས་ཞུགས༔ ཨོཾ་ཨཱཿཧཱུྃ༔ ཞེས་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་བསམ༔ གསང་བའི་དབང་ཐོབ༔ ངག་སྙིང་པོ་བཟླ་བ་ལ་དབང་༔ འབྲས་བུ་ལོངས་སྐུ་ཐོབ༔ ལུས་ཐམས་ཅད་འོད་དམར་པོས་དམར་ལམ་གྱིས་གང་བར་བསམ༔ ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ་ནར་གྱིས་བྱུང་༔ བདག་གི་སྙིང་གར་ཐིམ༔ ཡིད་ཀྱི་དྲི་མ་དག༔ ཐུགས་ཀྱི་བྱིན་རླབས་ཞུགས༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྫོགས་རིམ་བསྒོམ་པ་ལ་དབང་༔ འབྲས་བུ་ཆོས་སྐུ་ཐོབ༔ ལུས་ཐམས་ཅད་འོད་སྔོན་པོས་སྔོ་ལམ་གྱིས་གང་བར་བསམ༔ དབང་བསྐུར་བྱ་སྐུར་བྱེད་སྒྲིབ་པ་དག་མ་དག་གི་འཛིན་པ་དང་བྲལ་བའི་ངང་ལ་སེམས་མ་བཅོས་པར་རང་ལུགས་སུ་བཞག་པ་ནི༔ ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ཡིན་ནོ༔ ཞེས་ངོ་སྤྲོད་གསུང་བར་བསམ༔ ལུས་ངག་ཡིད་གསུམ་ཆ་མཉམ་གྱི་དྲི་མ་དག༔ དབང་བཞི་པ་ཐོབ༔ ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་བསྒོམ་པ་ལ་དབང་༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་བསམ༔ དབང་བརྟན་པར་ཞུ་བ་ནི༔ ཨོ་རྒྱན་རིན་པོ་ཆེ་དང་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་དང་བླ་མ་དབྱེར་མེད་དུ་འདྲེས་པའི་ངང་ལ་ཅི་གནས་སུ་བཞག༔ དེའི་ངང་ལས་རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ལ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམསཅད་ཀྱིས་སེམས་ཅན་གྱི་དོན་ཡིད་བཞིན་ནོར་བུ་ལྟར་གྱིས་ཤིག༔ ཅེས་གསུང་བར་བསམ། དེ་ནས་བཟླས་པ་བྱ་བ་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རང་སྒྲ་སྒྲོག་པར་བསམ༔ དེའི་མཐའ་བསྐོར་དུ་ཡི་གེ་

p. 313

༼འདི་ན་མ་ཚང་མེད༽

p. 314

༼འདི་ན་མ་ཚང་མེད༽

p. 315

བདུན་མ༔ དེའི་མཐར་གཟུངས་རིང་གིས་བསྐོར་བར་བསམ༔ སྔགས་ཀྱི་ཕྲེང་བ་དམར་པོ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་བས་ཚོགས་རྫོགས༔ གནས་གསུམ་ནས་ཨོཾ་ཨཱཿཧཱུྃ་འོད་ཟེར་གྱི་ཚུལ་དུ་རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས༔ སླར་ཡང་སངས་རྒྱས་རྣམས་ཀྱི་སྐུའི་བྱིན་རླབས་ཐུགས་རྗེ་ཆེན་པོ༔ གསུང་གི་བྱིན་རླབས་གཟུངས་སྔགས་ཀྱི་རྣམ་པ༔ ཐུགས་ཀྱི་བྱིན་རླབས་ཕྱག་མཚན་གྱི་རྣམ་པར་བསྡུས་ཏེ་རང་གི་གནས་གསུམ་དུ་ཐིམ༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ༔ ཡང་འོད་ཟེར་འཕྲོས༔ འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་དང་༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་ནས་ཡི་གེ་དྲུག་པའི་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟ་བུ་འུར་དི་རི་རི་སྒྲོག་པར་བསམས་ལ་ཡི་གེ་བདུན་པ་ཆུ་བོའི་རྒྱུན་ལྟར་བཟླས་པར་བྱའོ། །དེ་ནས་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་བཟླ་བར་འདོད་ན། སླར་ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ རང་གི་ལུས་ཐམས་ཅད་གང་བས་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པ་དེ་ལས་འོད་ཟེར་མཐའ་ཡས་པ་འཕྲོས་པས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་བྱང་ནས་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ཤ་སྟག་ཏུ་གྱུར་པར་བསམས་ལ། ཐོག་མར། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ སངས་རྒྱས་མ་ཆགས་པདྨ་ཅན་ལ་ཕྱག་འཚལ་ལོ༔ ཨོཾ་བྷྲཱུྃ་ཨཱ་ཡུར་ཧཱུྃ་ནྲྀ་ཛཿ སངས་རྒྱས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་རྣམས་དང༌། ཧྲཱིཿའི་བཟླས་པ་སྔོན་ཏུ་སོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

p. 316

རྫོགས་པའི་སངས་རྒྱས་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་བརྟན་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བདག་གི་རིག་སྔགས་འདི་འགྲུབ་པར་གྱུར་ཅིག༔ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ ནིརྡྷེ་ཤ་ནི༔ མ་ཎི་མ་ཎི་སུ་པྲ་བྷེ༔ བི་མ་ལ་སཱ་ག་ར༔ གམྦྷཱི་ར་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་བཟླས་རྗེས། བདག་མིང་འདི་ཞེས་བགྱི་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ལས་ངན་པའི་རྣམ་པར་སྨིན་པ་དང༌། ཉོན་མོངས་པ་དང་༔ སྡུག་བསྔལ་བ་དང་༔ བག་ཆགས་ངན་པའི་ཚོགས་ཐམས་ཅད་རྩ་བ་ནས་མ་ལུས་པ་བྱང་ཞིང་དག་པར་གྱུར་ཏེ༔ སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། ཧྲཱིཿ རྣམ་པར་མི་རྟོག་ནམ་མཁའ་ལ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཤར༔ རྩོལ་བྲལ་འགྲོ་བ་འདུལ་བའི་སྐུ༔ ཐུགས་ཀར་ཡི་གེ་བདུན་པ་གསལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སངས་རྒྱས་མཐའ་ཡས་དབུ་ལ་བཞུགས༔ ཕྱག་གཡས་ཤེལ་ཕྲེང་དམར་པོ་འཛིན༔ གཡོན་པས་བདུད་རྩིའི་བུམ་པ་བསྣམས༔ ཞབས་གཉིས་དྲང་པོར་གཤིབས་ཏེ་བཞེངས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ རྒྱན་མེད་གཅེར་བུ་མདངས་དང་ལྡན༔ འཁོར་བ་དོང་ནས་སྤྲུགས་མཛད་པའི༔ རང་བྱུང་ཐུགས་རྗེའི་དཔལ་ལ་བསྟོད༔ དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཟླས་པས་ལྷག་ཆད་ཁ་བསྐང༌། ཐུགས་ཀའི་ཡིག་བདུན་ལས་མང་པོ་སྤྲོས་ཏེ་རིགས་དྲུག་གནས་འགྱུར་གྱི་ལྷ་ཐམས་ཅད་ཡི་གེ་བདུན་པ་འབའ་ཞིག་ཏུ་གྱུར་ནས་བདག་གི་བ་སྤུའི་བུ་གར་འདུས། བདག་ཀྱང་རིམ་བཞིན་སྙིང་གའི་སྔགས་ལ་འདུས། དེ་ཧྲཱིཿལ་འདུས། ཧྲཱིཿཡང་གྱེན་རྫོགས་སུ་འདུས་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར། ཅེས་ལྷ་སྣང་ཆོས་ཉིད་དུ་བསྡུ། སླར་ཐུགས་རྗེ་ཆེན་པོའི་སྐུར་གྱུར།

p. 317

སྣང་གྲགས་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པའོ། །ཞེས་མོས་ལ་དགེ་བསྔོ་བྱ། འདི་ལས་འཁོར་བ་དོང་སྤྲུགས་རྩ་བའི་རྒྱུན་ཁྱེར་ཁོ་ན་བྱ་བར་འདོད་ན། དབང་ལེན་ཕྱིན་ཆད་མི་དགོས་པས། སྐྱབས་སེམས་མངོན་རྟོགས་ཙམ་བརྗོད་ནས་ཡིག་བདུན་བཟླ་ཞིང༌། མཇུག་ཏུའང་བསྟོད་པ་ཁོ་ན་དང་བསྡུ་ལྡངས་དགེ་བསྔོ་བྱས་པས་འགྲུབ་བོ། །འདི་ལ་བརྟེན་ནས་སྡིག་སྒྲིབ་ཀུན་འཇོམས་ཀྱི་བསྙེན་པ་བྱ་བར་འདོད་ན། སངས་རྒྱས་གསུམ་གྱི་མཚན་ཉེར་གཅིག་གམ་བདུན་རེ་དང༌། སྙིང་པོ་གོང་མ་གཉིས་འབུམ་ཐེར་རེ། ཡིག་དྲུག་བྱེ་བ་རེ། ཧྲཱིཿཁོ་ན་ས་ཡ། གཟུངས་རིང་འབུམ་ཕྲག་གཅིག་བཟླ་བ་ནི་རབ་ཡིན་ལ། སངས་རྒྱས་གསུམ་གྱི་སྙིང་པོ་ཅི་འགྲུབ་དང་གཟུངས་རིང་ཁྲི་ཚོ་ཙམ་བཟླས་ཀྱང་ཕན་ཡོན་ཤིན་ཏུ་ཆེ་ལ། ཡང་ནངས་རེ་བརྒྱ་རྩ་བརྒྱད་རེ་མ་ཆགས་པ་དང༌། དུས་བཟང་རྣམས་སུ་བསྙེན་གནས་སམ་སྨྱུང་བར་གནས་པ་གང་རུང་དང་འབྲེལ་བར་གཟུངས་སྟོང་རྩ་བརྒྱད་བཟླས་ནའང་སྡིག་པ་ཚད་མེད་པ་འཇོམས་པར་གསུངས་ལ་མདོར་ན་མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་ཅིང་ཕན་ཡོན་བཅུ་གསུམ་ཐོབ་པ་དང༌། གཟུངས་འབུམ་ཐེར་སོང་བ་དེ་ལུས་མིར་འདུག་ཀྱང་སྤྱན་རས་གཟིགས་དངོས་ཡིན་པ་དང༌། གཟུངས་འདིས་ཤི་བའི་རུས་པ་ལ་བཏབ་ན་སེམས་ཅན་དེ་ངན་སོང་ལས་ཐར་བ་དང༌། འཆི་ཀ་མའི་རྣ་ལམ་དུ་ལན་བདུན་བརྗོད་ན་ངན་སོང་གསུམ་དུ་མི་ལྟུང་བ་སོགས་ཕན་ཡོན་ཚད་མེད་པར་གསུངས་པས་རྒྱུ་སྡིག་སྒྲིབ་དང་འབྲས་བུ་འཁོར་བ་ངན་སོང་ལས་ཐར་བར་འདོད་པའི་བློ་ཅན་མཆིས་ན་འདི་ཁོ་ན་ལ་གཡར་དམ་དུ་བྱ་བར་རིགས་སོ། །སྟོང་གསུམ་མེ་འོབས་ཀྱིས་གང་ཡང༌། །བརྒལ་ནས་བཙལ་བྱ་ཟབ་མོའི་ཆོས། །དབུལ་པོས་ནོར་རྙེད་ཇི་བཞིན་ཏུ། །སྙིང་གི་ཐིག་ལེར་འཛིན་པར་རིགས། །ཞེས་པའང་བློ་གྲོས་མཐའ་ཡས་སྡེས་གསལ་བར་བགྱིས་པ་དགེ་ལེགས་འཕེལ།། །།

རིགས་ལྔའི་བུམ་སྒྲུབ།

p. 318
p. 319

རིགས་ལྔའི་བུམ་སྒྲུབ་བཞུགས་སོ། །ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་སྡོང་པོས་ཁ་བརྒྱན་པ། བྱང་ཆུབ་སེམས་ཀྱི་རྡོ་རྗེས་མཚན་པ། ཐུགས་རྗེ་རྒྱུན་གྱི་གཟུངས་ཐག་དང་ལྡན་པ། ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བར་བསྒོམ། བུམ་པའི་ཆུ་དེ་ཨ་ལས་བདུད་རྩིའི་རྒྱ་མཚོར་བསམས་པའི་སྟེང་དུ། དབུས་སུ་སེང་གེ་བརྒྱད་ཀྱི་ཁྲི། ཤར་དུ་གླང་པོ་ཆེའི་ཁྲི། ལྷོར་རྟ་མཆོག་གི་ཁྲི། ནུབ་ཏུ་རྨ་བྱའི་ཁྲི། བྱང་དུ་ཤང་ཤང་གི་ཁྲི། དེ་ལྔའི་སྟེང་དུ་སོ་སོར་པདྨ་ཉི་ཟླའི་སྟེང་དུ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་པ་ལྔ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་བསྣམས་པ། ཤར་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣམས་པ། ལྷོར་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པ། ནུབ་ཏུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་པདྨ་དང་དྲིལ་བུ་བསྣམས་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་བསྣམས་པ། དེ་དག་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས། ཞིང་ཁམས་ལྔ་ལ་སོགས་པ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང༌། བཛྲ་ས་མ་ཡ་ཛཿས་གཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལཱ་ཡ་སྟྭཾ། བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ཅིང༌། རང་གི་ཐུགས་ཀ་ནས་འོད་འཕྲོས། གཟུངས་ཐག་ལ་འཁྲིལ་ནས་སོང་བས་བུམ་ནང་གི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ལྷའི་ཐུགས་ཀ་ནས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་བྱིན་རླབས་རྣམས་ཨཱ་ལི་དང་ཀཱ་ལི་དང་རྟེན་འབྲེལ་སྙིང་པོའི་རྣམ་པར་སྤྱན་དྲངས། བུམ་ནང་གི་ལྷར་བསྟིམ། ལྷ་ལྔའི་སྐུའི་ཆ་ལས་བདུད་རྩིའི་

p. 320

རྒྱུན་དཔག་ཏུ་མེད་པ་བབས། བུམ་ཆུ་དང་དབྱེར་མེད་པར་བསམས་ལ་བཟླས་པ་བྱ། ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །ལོངས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་ཆུ་ནུས་ལྡན་དུ་གྱུར། །སརྦ་དཱ་མངྒ་ལཾ།། །།

བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་ལས་ཚོགས་བརྒྱ་རྩ་བརྒྱད་པ།

p. 321

བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་ལས་ཚོགས་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ་བཞུགས་སོ༔

p. 322

རྒྱ་གར་སྐད་དུ༔ ཤྲཱི་ཧ་ཡ་གྲཱི་ཝ་ཤ་ཏ་ཀཾ་ཀརྨ་ཀཱ་ཡ་ནཱ་མ༔ བོད་སྐད་དུ༔ དཔལ་རྟ་མགྲིན་གྱི་ལས་ཚོགས་བརྒྱ་པ་ཞེས་བྱ་བ༔ དཔལ་རྟ་མགྲིན་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སོ་སོར་རྟོག་པའི་ཡེ་ཤེས་པདྨའི་རིགས༔ མ་རིགས་འདོད་ཁམས་སྲིད་པའི་སྡུག་བསྔལ་སེལ༔ པདྨའི་རིགས་གྱུར་དྲེགས་པ་མ་ལུས་འཇོམས༔ པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྲིད་གསུམ་འཁོར་བའི་ཁྲི་མུན་ཆེན་པོ་ན༔ མི་བཟད་སྡུག་བསྔལ་ཚོགས་ཀྱིས་གཟིར་བ་ལ༔ སོ་སོར་ཀུན་རྟོག་ཐུགས་རྗེ་ཆེན་པོ་ཡིས༔ གང་ལ་གང་འདུལ་ལས་ཚོགས་བརྒྱ་པ་བཤད༔ འོད་དཔག་མེད་དང་སྤྱན་རས་གཟིགས་དབང་ཕྱུག༔ ཧ་ཡ་གྲཱི་བའི་མཚན་མ་ཐོབ་པའམ༔ ཡང་ན་སྔགས་འདི་བྱ་བར་བསྐྱལ་བ་ཡིས༔ འོག་ནས་འབྱུང་བའི་དོན་ཀུན་འགྲུབ་པར་འགྱུར༔ ཨོཾ་ཨེ་ཨཱ་ར་ལི་ཧྲཱིཿཔདྨཱནྟ་ཀྲི་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧ་ཡ་གྲཱི་བར་རང་ལུས་གསལ་བ་ཡིས༔ དོན་ཀུན་འགྲུབ་པར་ཐེ་ཚོམ་མེད་པར་བཤད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཧ་ཡ་གྲཱི་ཝའི་བསྙེན་པ་ཐེམ་པའི་རྣལ་འབྱོར་པས༔ སེང་ལྡེང་གི་ཕུར་པ་སོར་བཞི་ལ༔ རིན་ཆེན་སྣ་ལྔའི་ཕྲ་བཅུག༔ དར་སྣ་ལྔའི་ཅོད་པན་བཏགས་ལ༔ དཀྱིལ་འཁོར་དབུས་སུ་བཞག་སྟེ༔ ཧྲཱི་ལས་པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ ཨོཾ་ཨེ་

p. 323

ཨཱ་ར་ལི་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་«་་་་་འོག་ནས་འབྱུང་བའི་ལས་ཚོགས་སོ་སོ་རྟ་མགྲིན་གྱི་སྔགས་གང་ཡང་རུང་བའམ་ཡི་དམ་གཞན་གྱི་སྔགས་གང་ལ་སྦྱར་ཀྱང་རུང་༔» ཕཊ༔ མ་ཧཱ་ཀྲོ་དྷ་ཨཱ་ཀརྵ་ཡ་ཛཿཛ༔ ཞེས་པ་ཁྲིའམ་སྟོང་དུ་མེ་ཏོག་དམར་པོ་ལ་སྔགས་ཏེ་གཏོར་བའམ༔ གང་ལ་དམིགས་པར་གདེངས་པ་ཙམ་གྱིས་དབང་དུ་འདུ་བར་འགྱུར་རོ༔ ༡༽ སེང་ལྡེང་དམར་པོའི་ཁུར་པ་ཁྲུ་གང་པ་ལ་གསེར་དང་བབ་བླ་དང་༔ རྟ་དམར་པོའི་སྙིང་ཁྲག་བྱུགས་པ་ལ༔ དར་སེར་པོ་དང་དམར་པོའི་ཅོད་པན་བཏགས་ནས་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ༔ ཧྲཱི་ལས་པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ ཨོཾ་ཨེ་ཨཱ་ར་ལི་པདྨཱནྟ་ཀྲྀ་ཏ྄་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཁྲིའམ་སྟོང་མེ་ཏོག་སེར་པོ་ལ་སྔགས་ཏེ་གཏོར་ན་གང་འདོད་པའི་ལུས་ལ་རེག་པས་སིདྡྷིར་ཞུ་ནས་བསོད་ནམས་རྒྱས་པར་འགྱུར་རོ༔ ༢༽ སེང་ལྡེང་དཀར་པོའམ་ཙནྡན་དཀར་པོའི་ཕུར་པ་ཁྲུ་གང་པ་ལ་ག་བུར་དང་༔ གུ་གུལ་དང་༔ རྟ་དཀར་པོའི་ཀླད་པ་བྱུག༔ དར་དམར་པོ་དང་དཀར་པོའི་ཅོད་པན་བཏགས་ཏེ་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས༔ ཧྲཱི་ལས་པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ ཨོཾ་ཨེ་ཨཱ་ར་ལི་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་སརྦ་རུ་ཏྲ་ཏྲེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་

p. 324

པ་ཁྲིའམ་སྟོང་དུ་མེ་ཏོག་དཀར་པོ་ལ་སྔགས་ཏེ་གཏོར༔ ནད་གདོན་གང་ཡང་རུང་བ་ལ་ཕུར་བུས་མནན་པའམ་མེ་ཏོག་བྱུགས་ན་ཞི་བར་འགྱུར་རོ༔ ༣༽ ཤེར་ཤིང་ངམ་ལྕགས་ཕུར་ཁྲུ་གང་པ་ལ༔ དུག་དང་༔ གྲི་ཁྲག་དང་༔ གུ་གུལ་དང་༔ མུ་ཟི་ནག་པོ་བྱུག༔ དར་དམར་པོ་དང་ནག་པོའི་ཅོད་པན་བཏགས་ནས་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས༔ ཧྲཱི་ལས་པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ ཨོཾ་ཨེ་ཨཱ་ར་ལི་པདྨཱནྟ་ཀྲྀ་ཏ྄་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་སརྦ་མཱ་ར་ཡ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཞེས་པ་ཁྲིའམ་སྟོང་དུ་མེ་ཏོག་སྔོན་པོ་ལ་སྔགས་ཏེ་གཏོར་ནས༔ དགྲ་བགེགས་གང་ཡང་རུང་བའི་ལིང་གའམ་མིང་རུས་ལ་བཏབ་པས་དགྲ་བགེགས་ཐམས་ཅད་བརླག་པར་འགྱུར་རོ༔ ༤༽ ཨོཾ་ཨཱཿཧཱུྃ་མ་ཧཱ་པདྨ་ཧེ་རུ་ཀ༔ ཨོཾ་བོ་དྷ་སརྦ་རུ་ཙི་ན་བོ་དྷེ་ཤ་ཏ་སྭཱ་ཧཱ༔ ཞེས་པའི་སྔགས་འདི་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་སྔགས་ཏེ༔ བདག་ཡི་དམ་གང་བྱེད་དེའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ཏེ༔ ཕྲེང་བ་དེ་ལ་ཕྲིན་ལས་བཞི་པོ་གང་ཡང་རུང་བའི་བསྙེན་པ་བཟླས་པས་འབུམ་དུ་འགྱུར་རོ༔ ༥༽ ཨོཾ་པདྨཱནྟ་ཀྲྀཏ྄་ཨེ་ཨཱ་ར་ལི་ཧུ་ལུ་ཧུ་ལུ་ཧཱུྃ་«་་་་་རྩ་སྔགས་འདི་ལས་ཚོགས་བཅུ་གསུམ་པ་ཡན་ཐམས་ཅད་ཀྱི་མགོར་སྦྱར་བར་བྱོར༔» ཕཊ༔ ཏྲག་ཏྲི་ཏྲག་ཏྲི་ཕཊ་ཕཊ་ཏྲ༔ ཞེས་པ་སྟོང་རྩ་བརྒྱད་ཉུངས་དཀར་ལ་སྔགས་ཏེ༔ ལུས་ཀྱི་མགུལ་དུ་བཏགས་ན་ཕྱི་ནང་གི་གནོད་པ་དང་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ༔ ༦༽ ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་པ་ཟས་སྐོམ་གང་ཡང་རུང་བ་ལ་ཉེར་གཅིག་བཟླས་ན་ཟས་སྐོམ་དེ་བདུད་རྩིའི་བཅུད་དང་ལྡན་པར་འགྱུར་རོ༔ ༧༽ དྷརྨཱ་དྷཱ་ཏུ་མ་ཧཱ་སིདྡྷི་ཛཿཛ༔ ཞེས་པ་རྟ་དམར་པོའི་སྙིང་ཁྲག་དང་གསེར་གྱིས་ཤོག་བུ་དམར་པོ་ལ་བྲིས་ཏེ་སྔགས་དང་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་སྔགས་ལ་རབ་ཏུ་གནས་པར་བྱས་ནས༔ རང་གི་དཔེའི་གསེབ་ཏུ་བཅུག་ན༔ ཆོས་ཐམས་ཅད་རང་གི་དབང་དུ་འདུ་བར་འགྱུར་རོ༔ ༨༽ མ་དྷྭ་དྷཾ་གུ་རུ་ཙིཏྟ་ཧྲཱིཾ་ཧྲཱིཾ༔ ཞེས་པ་བརྒྱའམ་ཉེར་གཅིག་གསེར་སོགས་ལ་བཟླས་ནས་མཎྜལ་གྱིས་དབུས་སུ་བཞག་ནས་ཕུལ་ན་བླ་མ་རྣམས་ཀྱིས་

p. 325

ཐུགས་རྗེས་འཛིན་པར་འགྱུར་རོ༔ ༩༽ པཱུ་ཛ་སརྦ་དེ་ཝ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཛ༔ ཞེས་པ་མེ་ཏོག་དམར་པོ་ལ་སྔགས་ནས་པདྨ་རིགས་ཀྱི་ལྷ་ཚོགས་ཀྱི་སྤྱན་སྔར་ལན་བདུན་ཕུལ་ན༔ མཆོད་པའི་ཡོ་བྱད་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ༔ ༡༠༽ དེ་ཝ་སརྦ་རུ་རུ་སྥུ་རུ་ཨ་དྷི་པཱ་ལ་ཧཱུྃ་ཧྲཱིཿཛ༔ ཞེས་པ་པདྨ་ཧེ་རུ་ཀའི་སྐུའི་ནང་དུ་ཞུགས་པའམ། མཚལ་དང་པདྨེ་རཀྟ་གཙང་མས་བྲིས་ནས་རྟེན་འབྲེལ་སྙིང་པོའི་རབ་གནས་བྱོས་ལ་བཅངས་ན༔ བདེ་བར་གཤེགས་པའི་སྐུ་ཐམས་ཅད་བདག་གི་དབང་དུ་འདུ་བར་འགྱུ་རོ༔ ༡༡༽ མ་ཧཱ་སརྦ་བྷཱ་སུདྡྷཱ་རི་ཧྲཱིཾ་ཧྲཱིཾ༔ ཞེས་པ་ཤ་ལྔ་བདུད་རྩི་ལྔ་ལ་ལན་སྟོང་དུ་བཟླས་ནས་གཏོར་མ་ཕུལ་ན། བཟའ་བ་དང་བཏུང་བ་རྒྱུན་ཆད་མེད་པར་འབྱུང་བར་འགྱུར་རོ༔ ༡༢༽ ཨོཾ་པདྨཱནྟ་ཀྲྀཏ྄་བཛྲ་ཀྲོ་དྷ་ཨེ་ཨཱ་ར་ལི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བྃ་ཧོ་ཤུདྡྷེ་མ་ཧཱ་ཤུདྡྷེ་སྭཱ་ཧཱ༔ ཞེས་པ་ཆུ་གཙང་མ་ལ་ལན་སྟོང་དུ་སྔགས་ནས་འཐུངས་སམ་འཁྲུད་པར་བྱས་ན་གྲིབ་དང་མི་གཙང་བས་ནོན་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང་འཁྲུད་པར་བྱེད་དོ༔ ༡༣༽ ཨོཾ་པདྨཱནྟ་ཀྲྀཏ྄་ཧྲཱི་ཧྲཱི་ཨེ་ཨཱ་ར་ལི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་པ་མངར་གསུམ་དང་ཧ་ལོའི་རི་ལུ་ལ་ན་མ་རེ་བཞིན་བརྒྱ་རྩ་བརྒྱད་དུ་སྔགས་ཏེ་རིལ་བུ་མིད་ན་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ༔ ༡༤༽ ཨོཾ་པདྨཱནྟ་ཀྲྀཏ྄་ཧྲཱི་ཨཱ་ར་ལི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ཨ་ཏི་ཙཀྲ་ན་མ་ཕུ་ཏི་སྭཱ་ཧཱ༔ ཞེས་པ་ཐོད་ལེ་ཀོར་སྔོན་པོ་ལ་སྟོང་བཟླས་ནས་མིག་ལ་བྱུགས་ན་གསལ་བར་འགྱུར་རོ༔ ༡༥༽ ཨོཾ་པདྨཱནྟ་ཀྲྀཏ྄་བཛྲ་ཀྲོ་དྷ་ཧྲཱི༔ ཨེ་ཨཱ་ར་ལི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་སརྦ་དུཿཁ་མཱཾ་ག་ཏི་སྭཱ་ཧཱ༔ ཞེས་པ་མེ་ཏོག་ལུག་རུ་དཀར་པོ་ལ་ཁྲི་ཁྲག་གཅིག་བཟླས་ནས༔ དྲི་ཆུ་དང་སྦྱར་ནས་ཁོང་དུ་བཏང་ན༔ གཟེར་ནད་མ་ལུས་ཞི་བར་འགྱུར་རོ༔ ༡༦༽ མིའི་ཚིལ་བུ་དང་བྱ་རྒོད་ཀྱི་རྐང་མར་ལ༔ ཨོཾ་ཧྲཱི་པདྨཱནྟ་ཀྲྀཏ྄་ཨེ་ཨཱ་ར་ལི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ པདྨ་དྷཱ་རི་སིདྡྷི་ཧྲཱི་མ་ཤྲཱི་ཏེ་ཧཱུྃ་ཕཊ༔ ཞེས་པ་ཉིས་བརྒྱ་བཟླས་ནས་རྐང་ལག་ལ་བྱུགས་ན་སེར་ཀ་འབྱུང་བར་མི་འགྱུར་རོ༔ ༡༧༽ ཨོཾ་པདྨཱནྟ་ཀྲྀཏ྄་ཧྲཱི་བཛྲ་ཀྲོ་དྷ་ཨེ་ཨཱ་ར་ལི་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀ་མཱ་ར་བྷྲཱུྃ་བྷི་ཤ་ཏེ་

p. 326

ས་མ་ཡ་རཱུ་པ་ཧཱུྃ་ཕཊ༔ ཞེས་པ་གུ་གུལ་དང་༔ ཉུངས་དཀར་དང་༔ གྲི་ཁྲག་བྱུགས་པའི་ཕུར་པ་ལ་སྔགས་ཤིང་༔ རྫས་རྣམས་ཀྱི་དུད་པས་བདུག་པ་དང་༔ ཕུར་བུ་ཉིད་ཀྱིས་གཟིར་ན༔ འབྱུང་པོའི་དབང་དུ་སོང་བ་རྣམས་སོས་པར་འགྱུར་རོ༔ ༡༨༽ མེ་ལོང་གཙང་མའི་དབུས་སུ་མཚལ་དང་༔ སིནྡྷཱུ་ར་དང་༔ མངལ་ཁྲག་གཙང་མས་ཧྲཱིཿདམར་པོ་བྲིས་ཏེ༔ པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ལ༔ ཨོཾ་ཧྲཱི་པདྨཱནྟ་ཀྲྀཏ྄་ཨེ་ཨཱ་ར་ལི་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སརྦ་དུ་ཤ་ཡ་དུ་ཡ་མ་ཧཱ་བི་ཙ་ཏ་ཡ་ཧཱུྃ་ཕཊ༔ ཞེས་པ་བརྒྱ་རྩ་བརྒྱད་མེ་ལོང་ལ་སྔགས་ནས་དུག་སྦྲུལ་ལམ་ཁྱི་སྨྱོན་གྱིས་བཟུང་བ་ལ་ལན་མང་དུ་ཕྱིས་ན་དུག་ལྡང་བར་མི་འགྱུར་རོ༔ ༡༩༽ ཨོཾ་པདྨཱནྟ་ཀྲྀཏ྄་བཛྲ་ཀྲོ་དྷ་ཧཱུྃ་ཏ་ཝི་པ་རི་ར་བཱི་བྷིས་ཛ་ཏི་བྷིས་བྷི་ཛ་ཧོ་ར་བྷིས་བྷིས་སྭཱ་ཧཱ༔ ཞེས་པ་ཆང་ཁོང་དུ་མ་སོང་བའི་སྔོན་དུ༔ ཆུ་ཁྱོར་གང་ལ་སྟོང་ཐེམ་པ་སྔགས་ནས༔ དཔལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པར་བྱས་ཏེ༔ འཐུང་ན་བཟི་བར་མི་འགྱུར་རོ༔ ༢༠༽ ཨོཾ་པདྨཱནྟ་ཀྲྀཏ྄་བཛྲ་ཀྲོ་དྷ་ཧཱུྃ་པྲ་ཏྱཱཾ་གི་ར་ཧྲཱི་ཡག་ཤ་ཏ་བཛྲ་ཧཱུྃ་ཕཊ༔ ཞེས་པ་བྱེ་མ་ལ་ཞག་གསུམ་དུ་བཟླས་ནས་ཞིང་ལ་གཏོར་ན༔ འབྲུ་ལ་གནོད་པ་འབྱུང་བར་མི་འགྱུར་རོ༔ ༢༡༽ ས་ག་རམ་རྩི་དང་༔ ཡུང་བ་དང་༔ དུང་བརྡུངས་པའི་ཕྱེ་མ་དང་གསུམ་ལ༔ ཨོཾ་ཧྲཱི་པདྨཱནྟ་ཀྲྀཏ྄་བཛྲ་ཀྲོ་དྷ་ཧཱུྃ༔ སརྦ་དུ་ན་ལ་ཙཀྵུ་པ་ལ་ཡ་སྭཱ་ཧཱ༔ ཞེས་པ་འདི་སྟོང་དུ་བཟླས་ནས༔ བུད་མེད་ཀྱི་ནུ་ཞོ་ལ་སྦྱར་ནས་མིག་ཏུ་བླུགས་ན་རབ་རིབ་ཐམས་ཅད་སངས་པར་འགྱུར་རོ༔ ༢༢༽ སེང་ལྡེང་ངམ་ཟངས་ཀྱི་ཕུར་པ་སོར་བརྒྱད་པ་ལ༔ ཨོཾ་པདྨཱནྟ་ཀྲྀཏ྄་ཧ་ཡ་གྲཱི་ཝ་ཧཱུྃ༔ ཨ་ཀ་ནི༔ ནི་ཀ་ནི༔ ཧྲཱི་བྷྲཱུྃ་ཀ་མི་ཏ་སྭཱ་ཧཱ༔ ཞེས་པ་བརྒྱ་རྩ་བརྒྱད་སྔགས་ནས༔ པདྨ་ཧེ་རུ་ཀ་གང་ཡང་རུང་བར་བསྐྱེད་ནས་གོང་བ་གཡས་ལ་བཏབ་ན་ཕྱོགས་ངན་ཐུབ་པར་འགྱུར་རོ༔ ༢༣༽ དཀར་གསུམ་དང་༔ མངར་གསུམ་དང་༔ བག་ཕྱེད་དང་༔ ཁྱི་ཁྲག་ལ་རིལ་བུ་བྱས་ལ༔ ཨོཾ་པདྨཱནྟ་ཀྲྀཏ྄་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ༔ ནཱ་ག་རཱ་ཛ་ཤ་ཏི་ཝཱ་རུ་ཎ་ཤར་ཤར་ཕོབ༔ ཡ་མ་རཱ་ཛ་ཤར་ཤར་ཕོབ༔ གུ་ལི་གུ་ལི་སྭཱ་ཧཱ༔ ཞེས་པ་རིལ་བུ་རེ་ལ་བརྒྱ་རྩ་བརྒྱད་བཟླས་ནས༔

p. 327

ཀླུ་གནས་པའི་ཆུ་མིག་ཏུ་བཅུག་ན་ཆར་འབེབས་པར་འགྱུར་རོ༔ ༢༤༽ རྫའི་བུམ་པ་གསར་པའི་ནང་དུ་མཚལ་དང་༔ རམས་ཀྱིས་རྡོ་རྗེ་རྒྱ་གྲམ་བྲིས་པ་ལ་དྲི་བཟང་བྱུགས་པའི་མཎྜལ་གཅིག་ལ་མེ་ཏོག་ཚོམ་བུ་ལྔ་པ་གཅིག་གི་སྟེང་དུ༔ བག་ཟན་གྱི་རླུང་ལྷ་ཤ་བ་ལ་ཞོན་པ་གཅིག་བཞག་ལ༔ དེ་རླུང་ལྷར་བསྐྱེད་དེ་ནུབ་བྱང་ནས་རླུང་ལྷ་སྔོ་སྐྱ་དེ་འདྲ་བ་གཅིག་སྤྱན་དྲངས་ནས་བསྟིམས་ལ༔ ཨོཾ་ཤྲཱི་པདྨཱནྟ་ཀྲྀཏ྄་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཱ་ཡ་བེ་ཡ་པུ་ཏྲ་པ་ཏྲི་ན་ན྄་ཧཱུྃ་ཕཊ༔ ཞེས་པ་ཉེར་གཅིག་བཟླས་ལ༔ པར་བུའི་ནང་དུ་བཏབ་ལ་རླུང་ལྷ་པར་བུས་མནན༔ པར་བུའི་ནང་ན་དཔལ་རྟ་མགྲིན་ཡོད་པར་བསམ༔ སྲུབ་ལ་རླུང་མི་འཆོར་བར་བྱ༔ རླུང་ལྷ་གཏོང་བའི་དུས་སུ་མཆོད་པ་འབུལ༔ པར་བུ་བཏེགས་ལ་བཏང་༔ དེ་ལྟར་བྱས་པས་བསྐལ་པའི་རླུང་ནོན་པར་འགྱུར་རོ༔ ༢༥༽ ཨོཾ་ཧྲཱིཿ«་་་་་ཧྲཱིཿའདི་དཔེ་ལ་ལར་མི་སྣང་༔» པདྨཱནྟ་ཀྲྀཏ྄་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔«་་་་་རྩ་སྔགས་འདི་འདི་མན་ཆད་ཀྱི་ལས་སྔགས་ཐམས་ཅད་ཀྱི་མགོར་གདགས་པར་བྱའོ༔» པྲ་ཏི་ལ་མ་ཏ་ལ་བཛྲ་དུ་ཡ་ཧཱུྃ་ཕཊ༔ ཞེས་སེང་ལྡེང་གི་ཕུར་པ་ལ་མཚལ་གྱིས་བྲིས་ནས༔ རྟ་མགྲིན་དུ་བསྐྱེད་ལ་སྲིས་ཀྱི་གསེབ་དུ་བཅུག་ན་སྲིས་ལ་ཡི་དྭགས་ཀྱིས་བརྐུ་བར་མི་འགྱུར་རོ༔ ༢༦༽ བྱེ་མ་དང་མུ་ཟི་ལ་བྱི་ལའི་བྲུན་བསྲེས་ལ༔ སེ་ན་དུ་ན་ཛུ་མ་ཏ་ལ་ཧཱུྃ་ཕཊ༔ ཞེས་པ་བརྒྱ་རྩ་བརྒྱད་སྔགས་ནས་གཏོར་ན༔ བྱི་བ་འཇིགས་པར་འགྱུར་རོ༔ ༢༧༽ དུ་དུ་མུ་དུ་སརྦ་ཀྱི་ང་«སྐྱིན་ཐང་ཟེར་བའང་གདའ༔་་་་་»ཀ་མཱ་ར་ཡ་ཧཱུྃ་རཀྵ༔ ཞེས་པ་སྐྱེར་པའི་ཕུར་པའི་བྱང་བུ་ལ་བྲིས་ནས་ནམ་མཁའ་མཐོང་བར་བཞག་ན་སེར་བ་ཐུབ་པར་འགྱུར་རོ༔ ༢༨༽ ཤ་ཏྲི་མ་ཏྲི་སྲེ་དུ་ཁ་ཆིངས་ཆིངས་སྭཱ་ཧཱ༔ མལ་སྟན་རྙིང་པ་དང་༔ ཕུབ་མ་རུལ་པ་ལ་སྔགས་ཏེ་ཞིང་གི་མཐའ་མར་གཏོར་ན༔ རི་བོང་ལ་སོགས་པའི་རི་རྩྭ་དང་ཞིང་ཟ་བ་རྣམས་ཐུབ་པར་འགྱུར་རོ༔ ༢༩༽ བྷ་ས་བྷི་བྷི་ན་རུ་རུ་སིང་སྭཱ་ཧཱ༔ ཞེས་པ་མར་གསར་པས་ལུག་གི་ཀླད་པ་བཙོས་པ་སྔགས་ནས་བྱིན་ན། སྟུ་ཁྲག་འབྱམས་པ་ཆད་པར་འགྱུར་ཞིང་༔ ཨ་བ་བྷིནྡྷཱུ་བྷེ་ཧ་རེ་རཀྵ་ཧཱུྃ༔ ཞེས་པ་བལ་ཚོན་སྣ་

p. 328

ལྔའི་སྲད་བུ་ལ་སྔགས་ནས་སྐེད་པ་ལ་བཏགས་ནས་ཐིག་ལེ་འཛག་པ་ཆད་པར་འགྱུར་ཏེ་ཁམས་སྲུང་བའོ༔ ༣༠༽ པ་པཾ་དུ་མ་ལ་རཾ་བཾ་བྷ་ས་རི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་ཆུ་དང་ས་དམར་པོ་བསྲེས་པ་སྔགས་ནས་གཏོར་ན་བསྐལ་པའི་མེ་ཡང་འཆི་བར་འགྱུར་རོ༔ ༣༡༽ སརྦ་བྷ་སུ་ཏེ་དྷ་པུ་བྷྲཱུྃ་མི་ན་ཤི་རི་སྭཱ་ཧཱ༔ ཞེས་པ་གསེར་གྱིས་བྲིས་ནས་སྐྱེར་པའི་ཕུར་པ་ལ་དཀྲིས་ནས་དཔལ་རྟ་མགྲིན་དུ་བསྐྱེད༔ ལ་ཆས་དྲིལ་བ་བཏབ༔ ས་སེར་པོ་ལ་སྔགས་ཏེ་གཏོར་ན༔ རྒྱ་མཚོ་ཆེན་པོ་ཡང་སྐེམས་ཤིང་༔ ཕུར་པ་གང་ལ་བཏབ་པའི་ཤྭ་ཆུ་ཡང་ཆད་པར་འགྱུར་རོ༔ ༣༢༽ མུ་ཟི་དང་༔ ཐར་ནུའི་མྱུ་གུ་དང་༔ བ་དམར་པོའི་མར་ལ༔ བྷ་ཏ་བྷི་ན་ཀུ་རུ་ཙ་ཞི་ཏི་སྭཱ་ཧཱ༔ ཞེས་སྔགས་ནས་ལུས་ལ་བྱུགས་ན་ཤིག་འབྱུང་བར་མི་འགྱུར་རོ༔ ༣༣༽ ནཱ་ག་ཤ་རི་རྦད༔ དུ་ནན་ཤ་རི་རྦད༔ ཁ་ཏོ་ཤ་རི་རྦད༔ ཅེས་པ་ཡིད་ལ་ཡོད་པའམ༔ བྲིས་ཏེ་མགུལ་དུ་བཏགས་ན་ཁྱིས་ཕེད་པར་མི་འགྱུར་རོ༔ ༣༤༽ པདྨ་ཧ་ར་བ་ཤོ་ཏ་ཧྲཱི་པྲེ་པ་ཏ་ཁ་དུ་ན་རཀྵ༔ ཞེས་པ་བྱེ་མ་དང་ཤིང་ཡོ་འབོག་གི་སྐམ་པ་ལ་སྔགས་ཏེ༔ བྱེ་མ་གཏོར༔ སྐམ་པ་ཞིང་དབུས་སུ་བཙུགས་ན་འབུ་ཐུབ་བོ༔ ༣༥༽ ས་ནི་སིང་གི་ནི་ཀྲུག་ལེ་ཧྲཱི་སྭཱ་ཧཱ༔ ཞེས་པ་ཨ་རུ་ར་ལ་སྔགས་ནས་བྱིན་ན་དུག་ཐམས་ཅད་ཐུབ་པར་འགྱུར་རོ༔ ༣༦༽ ཨ་མྲྀ་ཏ་ས་བྷི་ལ་བྷི་ཤལ་བྲུམ་མ་ཧཱ་ཙེ་རཀྵ་རཀྵ༔ ཞེས་པ་དྲི་ཆུ་བར་པ་ལ་སྔགས་ནས་ལྟོ་སྟོང་ལ་འཐུང་ན༔ རིམས་མི་ཟད་པ་ཐུབ་པར་འགྱུར་རོ༔ ༣༧༽ མ་མ་སརྦ་དྷཱུ་ན༔ པ་ཙ་པ་ཙ༔ ད་ཧ་ད་ཧ༔ ཧྲཱི་དི་པ་ར་དུ་ཁ་ཧཱུྃ་བྷྱོཿཟློག༔ ཅེས་རྒྱུན་དུ་བཟླས་པའམ༔ གསེར་གྱིས་བྲིས་ནས་མགུལ་དུ་བཏགས་ན༔ ཕུར་ཁ་ཐམས་ཅད་བཟློག་པར་འགྱུར་རོ༔ ༣༨༽ ཨོཾ་གྷསྨཱ་རཱི་ཏྲིག་ཏ་ཀྲོ་དྷ་བྷིག་ཏ་ཡེ་ཧཱུྃ༔ ཞེས་པ་སྐེ་ཚེ་ལ་སྔགས་ནས་ལུས་ལ་བཅངས་ན་སྟག་དང་སྦྲུལ་ཐུབ་བོ༔ ༣༩༽ བྷི་ཤུདྡྷེ་མོ་རུ་ཏ་མ་ལ་སྭཱ་ཧཱ༔ ཞེས་པ་སྔགས་ནས་ཐང་དུ་བྱས་པའི་ཁུ་བ་འཐུང་ངམ༔ ལུས་ལ་སྤགས་ན་འབྲུམ་པ་དང་བལ་ནད་ཐུབ་བོ༔ ༤༠༽ ཆམ་པ་སོདཿ རཾ་པ་སོད༔ མུཀྟི་རཀྵ༔ ཞེས་པ་རམ་པ་དང་ཨ་རུ་ར་ལ་སྔགས་ནས་ལུས་ལ་

p. 329

བཅངས་པའམ་ལྟོར་བཏང་ན་ཆམས་པ་མི་འབྱུང་ཞིང་ཐུབ་པར་འགྱུར་རོ༔ ༤༡༽ མ་ཧཱ་སྲིད་དུ་པ་གྲེང་གྲེང་སྲིད་པ་ཤི་སྐྱེ་བ་ཆོད་མངལ་སྒོ་ཁོག་སྭཱ་ཧཱ༔ ཞེས་པ་ཚོས་ཀྱི་ཁཎྜ་ལ་སྔགས་ཏེ་ལྟོ་སྟོང་ལ་ནང་མ་བདུན་ཟོས་ན་མངལ་དུ་སྲིད་ཆགས་པར་མི་འགྱུར་རོ༔ ༤༢༽ སྲིས་རྐུན་ག་ཏ་ག་ཏ་པ་ན་ཏོ་ཀ་པ་ཏ་སྭཱ་ཧཱ༔ ཞེས་དུང་དང་ཡུངས་བ་དམ་མཁྲིས་ལ་སྔགས་ནས་བྱུགས་ན་འགོ་བའི་ཡམས་ཐམས་ཅད་སོས་པར་འགྱུར་རོ༔ ༤༣༽ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྲ་ཙིཏྟ་སརྦ་སྟྭཾ་བྷ་ཡ་ཁྲོལ་ཁྲོལ༔ དཀར་གསུམ་ལ་སྔགས་ནས་ཟོས་ན༔ ཕ་རོལ་པོས་བདག་བཅིངས་པ་ཐམས་ཅད་གྲོལ་བར་འགྱུར་རོ༔ ༤༤༽ བཛྲ་པདྨ་ཧྲཱི་དྷ་བྷི་ནཱ་ག་ནན་སྭཱ་ཧཱ༔ ཞེས་པ་གུ་གུལ་དང་༔ ཀླུ་བདུད་རྡོ་རྗེ་ལ་སྔགས་ནས་ཟོས་ན་མཛེ་རིགས་ཐམས་ཅད་སོས་པར་འགྱུར་རོ༔ ༤༥༽ བྃ་ཧ་ར་བཛྲ་བ་ལི་སརྦ་རཱ་ཛ་མཱ་ར་ཡ་རྦད་རྦད་མི་ཏི་ནུ་པ་ཏི་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་སེང་ལྡེང་གི་དབྱུག་ཏོ་ལ་སྔགས་ནས་ནད་པ་ལ་ཛམ་ཛམ་བྱས༔ སྙིང་གར་བསྐོར་ནས་བསྣུན་ན་རྒྱལ་འགོང་ཐམས་ཅད་ཡུལ་ཐོན་པར་འགྱུར་རོ༔ ༤༦༽ ཨ་སུ་ཏ་ར་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཞེས་པ་རིན་པོ་ཆེས་བྲིས་ནས་ལུས་ཀྱི་མགུལ་དུ་བཏགས་ན་ཕྱོགས་ངན་པ་ཐམས་ཅད་ཐུབ་པར་འགྱུར་རོ༔ ༤༧༽ སརྦ་མ་རི་པ་ཏ་རཀྟ་མཱུ་ལ་རཀྵ་རཀྵ་ཧཱུྃ༔ ཞེས་བྱ་མོའི་ཨོག་ཞོལ་དང་༔ ཁུག་ཆོས་ཀྱི་རྩ་བ་ལ་སྔགས་ནས་བྱིན་ན་བུད་མེད་ཀྱི་པདྨ་སྐྱེས་པས་ཁ་ཕྱེད་པར་མི་འགྱུར་རོ༔ ༤༨༽ ཨོཾ་དུ་ཏི་མ་ལ་དུ་ཎི་ཧྲཱི་བྷ་ཏི་མཱུ་ལ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་བུ་རམ་ལ་སྔགས་ནས་ཟོས་ན་རྡོ་རྗེའི་དབང་པོས་ལན་བརྒྱ་ཐམ་པ་སྤྱོད་ནུས་པར་འགྱུར་རོ༔ ༤༩༽ མུ་ཟི་ནག་པོ་དང་སྲམ་གྱི་བྲུན་ལ༔ བྷ་ཏ་པྲེ་ཏ་ནི་ཎ་ཏ་མི་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་སྔགས་ནས་ཁྱིམ་ཁྱབ་པར་གཏོར་ན་སྦུར་ནག་པོ་འབྱུང་བར་མི་འགྱུར་རོ༔ ༥༠༽ འབའ་ཆ་དང་ཕུག་རོན་གྱི་བྲུན་ལ་ས་བོན་བསྲེས་ནས༔ མ་ཧཱ་རཏྣ་བྷི་ཏ་ཨ་མྲྀ་ཏ་ཧཱུྃ༔ ཞེས་པ་སྔགས་ལ་ཞིང་ལ་བཏབ་ན་ལུད་མི་དགོས་ཏེ་ཆར་མེད་པར་འབྲུ་འཁྲུངས་པར་འགྱུར་རོ༔ ༥༡༽

p. 330

མ་ཧཱ་པུཥྤ་དྷཱ་རི་པ་ནུ་པ་ཡ་མ་ལ་པ་ཏི་ཧཱུྃ༔ ཞེས་པ་འབྲུ་སྣ༔ སྨན་སྣ༔ མེ་ཏོག་སྣ་ཚོགས་ལ་སྔགས་ནས༔ སྐར་མ་རྒྱལ་གྱི་ཉི་མ་ལ་གཞི་བདག་ལ་བཀའ་བསྒོ་བ་བྱས་ནས་གཏོར་ན་ལུང་པ་དེ་བཀྲ་ཤིས་ཤིང་མེ་ཏོག་སྣ་ཚོགས་སྐྱེ་བར་འགྱུར་རོ༔ ༥༢༽ ཨོཾ་ལི་ཀྱི་ལི་ཀུ་ས་ཀ་ཏྲི་ཏོ་ཧོ་ར་ཛི་ཀུ་ཀུ་ཀའི་རཱ་ཛི་བི་ཥ་ཧ་རེ་ཧཱུྃ་ཕཊ༔ ཞེས་པ་རྨ་ལ་གདབ༔ སྐྲད་སྙིང་ལའང་སྔགས་ཏེ་ཕྱི་བ་དང་བྱུག་པ་བྱས་ན་ཁྱི་སྨྱོན་གྱི་དུག་ཐམས་ཅད་ཞི་བར་འགྱུར་རོ༔ ༥༢༽ པྲ་དུ་པྲ་མ་ཎ་ཡ་ཆིངས༔ རུ་ཙི་པྲ་མ་ཎ་ཡེ་སྭཱ་ཧཱ༔ ཞེས་པ་སྲད་བུ་ནག་པོ་ཤིང་ཀུན་བྱུགས་པ་ལ་སྔགས་ན་ལུག་གམ་ར་ལ་སོགས་པར་བཏགས་ན་སྤྱང་ཀི་ལ་སོགས་པས་ཁ་ཕྱེད་པར་མི་འགྱུར་རོ༔ ༥༤༽ ཤ་ཏྲ་«་་་་་དཔེ་གཅིག་ལ༔ ཤ་ཤ་ཏྭ་ལ་ནི་མ་ན་ཤ་ཡ་ཧཱུྃ་ཕཊ྄༔ ཅེས་པ་གདའ༔» ཏ་མ་ཏ་ཧ༔ རི་བོང་གི་རིལ་མ་ལ་སྔགས་ཏེ་སྣ་བུག་ནས་དུད་པས་བདུགས་ན་སྲོད་ལོང་སེལ་བར་འགྱུར་རོ། ༥༥༽ ཡག་མོ་ཤག་ཡ་ཏྲག་ཏྲག་ཏི་ལ་ན་ཤ་དུན་བྷྱོ༔ ཞེས་བྱི་བའི་ཤ་ལ་སྔགས་ནས་དུད་པ་བཏང་ན་དམ་སྲི་ཡུལ་འདོན་པར་འགྱུར་རོ༔ ༥༦༽ སརྦ་དུ་རུ་ཙ་དུ་ཤ་ཡ་མ་ཧ་ཏ་རི་ཀུ་ལ་ཧཱུྃ་ཕཊ༔ ཞེས་པ་བྱེ་མ་ལ་སྔགས་ནས་ཞིང་དང་རི་ལ་གཏོར་ན་ཆག་པ་ཐུབ་པར་འགྱུར་རོ༔ ༥༧༽ ཨ་ཙག་སརྦ་བྷ་རུ་ཏ་ན་མ་ཏི་ལ་སྭཱ་ཧཱ༔ ཞེས་པ་སྦལ་པའི་ཤ་ལ་སྔགས་ནས་ལུས་ལ་བཅངས་ན་སྲིད་ཐུབ་པར་འགྱུར་རོ༔ ༥༨༽ ཧྲཱི་ཀྵ་པུཎྱེ་མ་ཧཱ་སརྦ་བྲྀཌྜྷི་པཱ་ལ་སརྦ་པ་ཏི་སིདྡྷི་ཧཱུྃ༔ ཞེས་པ་བཙོད་དང༌། བོ་དྷི་ཙི་མིག་མེད་པ་དང་༔ གུར་གུམ་དང་༔ ཁྱི་གུའི་ལྟེ་བ་དང་༔ བུ་རམ་ལ་སྔགས་ནས་བྱིན་ན་མངལ་དུ་ཁྱེའུ་ཆགས་པར་འགྱུར་རོ༔ ༥༩༽ པདྨ་དྷཱ་ར་རམ་པ་སི་ཏ་མ་རུ་པ་ལ་ཧཱུྃ༔ ཞེས་པ་ག་པུར་དང་ཨ་རུ་ར་བསྲེགས་པའི་ཐལ་བ་ལ་སྔགས་ནས་སྣ་བུག་ཏུ་བདུགས་ནས་ཕྱིད་ན་ཁ་བས་མིག་ཕྱིད་པར་མི་འགྱུར་རོ༔ ༦༠༽ ཟངས་ཀྱི་ཕྱེ་མ་དང་སྐྱེར་པའི་ཁཎྜ་ལ༔ ཙཀྵུ་པ་ཏ་ཙནྡྲ་མུ་ཏི་སྭཱ་ཧཱ༔ ཞེས་པ་སྔགས་ནས་མིག་ཏུ་བླུགས་ན་རབ་རིབ་སེལ་བར་འགྱུར་རོ༔ ༦༡༽ གྷྲྀ་རཱ་ཛ་གྷུཾ་ཐིབས་སེ་སྭཱ་ཧཱ༔ ཞེས་པ་ཐི་གུ་དཀར་ནག་གཅིག་ཏུ་དྲིལ་བ་མཐོ་གང་ལ་སྔགས་ནས་

p. 331

མདུད་པ་བོར་ཏེ་ལུས་ལ་བཅངས་ན་ལམ་དུ་འཇིགས་པ་འབྱུང་བར་མི་འགྱུར་རོ། ༦༢༽ སརྦ་རཱུ་པ་ཛྭ་ལ་རོ་ར་བ་བྷ་གུངས་ཙནྡྲ་མཱ་ར་ཡ་ཧཱུྃ་ཕཊ༔«་་་་་དཔེ་གཅིག་ལ་རཱུ་པ་ཏ་ཡ་ཧཱུྃ་ཕཊ༔ སྣང༌།» སྐྱེར་བའི་ཕུར་བ་ལ་སྔགས་ནས་ལུས་ལ་བཅངས། དགྲ་བྱུང་བ་དང་ཕུར་བུ་ལ་འཆང་སྟེ་སྔགས་བཟླས་ན་དགྲ་རེངས་པར་འགྱུར་རོ༔ ༦༣༽ ཨོཾ་མ་«་་་་་དཔེ་གཅིག་ཏུ། མ་ཧཱ་ས་ཏ་ལ་བྷྲཱུ་ཏ་ནན༔ ཞེས་གདའ།» ཧཱ་ཡ་ཏྲ་ལི་ཧྲི་དུ་དུ་མ་ལི་ཐ་མི་བྷུ་ཏ་ནན༔ ཞེས་པ་དབང་པོ་ལག་པ་དང་༔ ར་མོ་ཤག་ལ་སྔགས་ནས་ཟོས་ནས་ལུས་སྣུམ་ཞིང་༔ གཉེར་མ་མེད་པར་འགྱུར་རོ། ༦༤༽ བྷཱུ་ཏ་པ་ལ་ཨ་སི་ཏི་ཡ་སརྦ་དུ་རུ་བཱ་ལཾ་སྭཱ་ཧཱ༔ ཞེས་སྦྲང་དང་༔ ལྷང་མ་ལྷང་ཚེར་ལ་སྔགས་ནས་ཟོས་ན་ལུས་ལས་འོད་ཟེར་འབྱུང་བ་དང་༔ སྐྲ་དཀར་མེད་པར་འགྱུར་རོ༔ ༦༥༽ པུཎྱེ་པུཎྱེ་ཨཱ་ཡུཿཔུཎྱེ་ཨ་མཱ་ར་ཎི་ཛི་བནྡྷ་ཡེ་སྭཱ་ཧཱ༔ ཞེས་པ་བུ་རམ་དང་༔ རྒུན་འབྲུམ་ལ་སྔགས་ནས་ཟླ་བ་གཅིག་ཏུ་བསྟེན་ན་ལོ་བརྒྱ་ཐུབ་པར་འགྱུར་རོ༔ ༦༦༽ ཁ་རག་སྨཱ་ཤ་དུ་སིད་ཏ་མུ་ལ་བཾ་རཱ་ཙིའི་སྲོག་ལ་རྦད་རྦད༔ ཅེས་པ་ཉུངས་དཀར་དང་ར་ཚིལ༔ རྟ་བོ་ན་པ་རྣམས་ལ་སྔགས་ནས་ལུས་ལ་བཅངས་པའི་དུད་པས་བདུགས་ན༔ ཕོ་འདྲེའི་གནོད་པའི་ཉལ་རེག་རྒྱུན་ཆད་པར་འགྱུར་རོ༔ ༦༧༽ སྲིད་པ་གསུམ་པོ་སལ་སལ་སྭཱ་ཧཱ༔ སང་སང་མུ་བར་ཏི་ཤ་སལ་སལ་སྭཱ་ཧཱ༔ ལུང་ཐང་མིག་མེད་པ༔ བྱིའུ་སྤྲུག་མོའི་«་་་་་འདི་ཆུ་ལ་གནས་པའི་སྦ་བྱིའུ་ཡིན་གསུང་སྣང༌།» མིག༔ གྲི་ཁྲག་རྣམས་ལ་སྔགས་ནས་དུས་བཟང་པོ་ལ་དཔྲལ་བར་བྱུགས་པ་ན་སྲིད་པ་གསུམ་གྱི་ལྷ་འདྲེ་ཐམས་ཅད་མཐོང་བར་འགྱུར་རོ༔ ༦༨༽ ཧྲི་ས་ཏ་ཏ་རཏྣ་ཨ་སིདྡྷི་བཛྲ་སཱ་དྷུ་ས་མ་ཡ་རཏྣ་སིདྡྷི་ཧཱུྃ༔ ཞེས་པ་དུར་ཁྲོད་དུ་ཤིང་རྐང་གཅིག་གི་རྩར་ཞ་ཉེའི་ཀོང་བུར་ཚིལ་ཆེན་གྱི་མར་མེ་སྦར་ཏེ༔ ཐོད་པ་དུམ་བུ་གཅིག་པར་དུ་བས་ཕོག་པར་བྱས་ཏེ༔ ཡུངས་ཀར་ལ་སྔགས་ཏེ་ཐོད་པ་ལ་ཞག་ལྔ་བྲབས་ན་ས་འོག་གི་གཏེར་མཐོང་བར་འགྱུར་རོ༔ ༦༩༽ སརྦ་ལེ་པ་ནི་ཏྲི་ཛ༔ སྲིན་དུ་ན་གུ་རི་མུ་ལ་ཤྲཱི་ཐིབ་སྭཱ་ཧཱ༔ ཞེས་པ་བུ་མོ་གཙང་མའི་རཀྟ་དང་༔ རིན་པོ་ཆེ་ལྔ་དང་༔ རྨ་བྱའི་མདོངས་

p. 332

དང་༔ སེ་བའི་མེ་ཏོག་གྲིབ་མ་ལ་སྐམས་པ་དང་༔ སྲིན་བྱའི་སྒོ་ང་རྣམས་བསྲེས་པ་ལ་སྔགས་ཏེ༔ ཉུངས་ཀར་གྱི་མར་ཁུ་དང་བསྲེས་ཏེ་ལུས་ལ་བྱུགས་ན་ལྷ་འདྲེ་མི་གསུམ་གྱིས་མཐོང་མི་སྲིད་དོ༔ མཐོང་བར་འདོད་ན༔ ཀྱུང་ཀའི་ཁྲག་དང་༔ རང་གི་དྲི་ཆུ་བསྲེགས་པས་ལུས་བཀྲུས་ནའོ༔ ༧༠༽ ལ་མི་པྲ་ལ་བ་རི་ཙི་མུ་ཏི་ས་ཏ་ལ་ཤ་རཱི་ར་གྷ་མི་ཧྲཱི་སྭཱ་ཧཱ༔ ཞེས་པ་ཡུང་བ་དང་༔ ལྡོང་རོས་དང་༔ བ་དམར་མོའི་མར་བསྲེས་པ་ལ་སྔགས་ཏེ་ལུས་ལ་བྱུགས་ན་མནའི་ཆད་པས་བདག་ལ་གནོད་པར་མི་འགྱུར་རོ༔ ༧༡༽ མ་ཧཱ་ཀཱ་ལི་མོ་ཏ་ལི་ཨཱ་ཀ་ནི་སརྦ་བིད་མུ་ཧ་ར་རཏྣ་ས་མ་ཡ་རཀྵ་རཀྵ༔ ཞེས་ས་སྣ་དགུ་ལས་བྱས་པའི་མཆོད་རྟེན་དུ་གསེར་གྱིས་བྲིས་ནས་ཁྱིམ་གྱི་དབུས་ནམ་མཁའ་མཐོང་སར་བཞག་ན་ས་དགྲ་ཐམས་ཅད་ཐུབ་པར་འགྱུར་«་་་་་དཔེ་ལ་ལར་བར་འདིར༔ ཤ་མ་ཏི་རུ་ཀ་ངག་ལ་ཀེ་ཏ་ཀེ་ཏ་ར་ཧུ་ལ་རཱ་ཡ་སྭཱ་ཧཱ༔ ཞེས་མི་ལྤགས་ལ་བྲིས་ཏེ་དར་དམར་པོས་དྲིལ་ནས་མགུལ་དུ་བཏགས་ན། གཟའི་འཇིགས་པ་ཐུབ་པར་འགྱུར་རོ༔ ཞེས་ཟེར་བའང་འདུག» རོ༔ ༧༢༽ སརྦ་བིད་མུ་ལ་ཡི་ལི་ཤཀྟྲི༔ ཨ་ན་མ་ཡི་ལཾ་ཤག༔ སརྦ་ཏྲི་ཤ་ཏི་མའི་ལམ་ཕྱེ་སྭཱ་ཧཱ༔ ཞེས་པ་བུལ་ཏོག་དང་ཚྭ་ལའི་ཆུ་ལ་སྔགས་ཏེ་བཏང་ན་མི་ཕྱུགས་གང་གི་ཡང་ཤ་མ་མ་ཐོན་པ་ཐོན་པར་འགྱུར་རོ༔ ༧༣༽ ཙི་ཏི་མུ་ཙ་དུ་རུ་ཏ་མ་ལ་པ་ཏ་ཀ༔ རི་ཀྲུཾ་ཏི་ཤག་རྦད༔ ལ་ཕུག་གམ༔ སྒ་སྐྱ་ལ་སྔགས་ནས་བྱིན་ན་མ་ཞུ་བ་ཐམས་ཅད་སེལ་ལོ༔ ༧༤༽ པྲ་ཧཱུྃ་པྲ་མ་ར་དུ་རུ་དུ་རུ་པ་ཐཾ་ཐཾ༔ ཞེས་པ་ཟ་རྒྱུའམ་བཏུང་རྒྱུ་གང་རུང་ལ་སྔགས་ཏེ་ལྟོར་བཏང་ན་འཁྲུ་བ་ཆོད་པར་འགྱུར་རོ༔ ༧༥༽ ཧ་ར་ཧ་ར་བཛྲ་ཏི་ལི་ས་མ་ཏི་སི་ལི་སི་ལི་སིལ་སིལ་ཁྲོལ་ཁྲོལ༔ ཞེས་པ་སྦྲུལ་ཤ་དང་༔ མཚོ་ཚྭ་དང་༔ ཚྭ་ལ་སྔགས་ཏེ་སྒོ་ལྕགས་ཀྱི་ལྕེ་ཁུང་དུ་བུད་ན་སྒོ་ལྕགས་ཕྱེད་པར་འགྱུར་རོ༔ ༧༦༽ པྲ་མ་ཤག་ཏྲ་ཤ་ནི་ཧ་ར་ཧ་ར་རི་སྭཱ་ཧཱ༔ ཞེས་པ་ཆུ་གཙང་ལ་སྔགས་ཏེ་བདག་གི་ལུས་ལ་གཏོར་ཞིང་བཟླས་ཏེ་ཕྱིན་ན་ཕ་རོལ་པོས་བཟའ་བ་དང་བཏུང་བ་མགྱོགས་པར་སྟེར་རོ༔ ༧༧༽ པ་ཏོ་ལ་གོ་རི་དུཿཁ་པྲ་ཏ་མི་ལི་ཤི་ཤ་བྷེ་ཥ་ཛྱེ་སྭཱ་ཧཱ༔ ཞེས་པ་མཁན་པ་དམར་པོ་དང་༔ སྦྲུ་ནག༔ ཤུ་དག་རྣམས་ཀྱི་ཆུ་ལ་སྔགས་ཏེ་

p. 333

ཕྱུགས་ཀྱི་སྣ་བུག་ཏུ་བླུག་ཅིང་དུད་པས་བདུགས་ན་ཕྱུགས་ནད་གང་ཡིན་པ་ཐམས་ཅད་ཞི་བར་འགྱུར་རོ༔ ༧༨༽ མ་ཧཱ་པྲ་ཏི་སཾ་བྷ་ན་པ་རི་བྷི་ཤ་སཏྭ་ཏྲག་ཏྲག་པ་ཏི་སྭཱ་ཧཱ༔ ཞེས་པ་ཤུ་དག་དང་༔ སྤང་རྩི་དོ་བོ་དང་༔ ཡུངས་ཀར་ལ་སྔགས་ཏེ་ར་ལུག་གི་གསེབ་ཏུ་གཏོར༔ ཁྲུས་དང་གཙང་སྦྲ་ལ་གནས་པར་བྱ༔ སྦྱང་བ་ལན་གསུམ་བྱས་ན་ལུག་ནད་ཐམས་ཅད་ཞི་བར་འགྱུར་རོ༔ ༧༩༽ སྤུ་གྲི་དམར་པོ་ཟངས༔ འབྱུང་པོའི་སྲོག་ལ་རྦད༔ མ་ཏྲི་སརྦ་རཀྵ་རཀྵ༔ ཞེས་པ་ནས་ལ་སྔགས་ཏེ་ཆང་འཚོད་པའི་གསེབ་ཏུ་བླུགས་ན༔ ཆང་ལ་གནོད་པའི་འདྲེ་ཐམས་ཅད་ཐུབ་པར་འགྱུར་རོ༔ ༨༠༽ འབྱུང་པོ་ཡཀྵ་ཚལ་སོད༔ མ་ཆུ་སརྦ་ཡག་མ་སོད༔ ཅེས་པ་དྷེའུ་དཀར་ནག་གཉིས་ལ་སྔགས་ཏེ་ཞོ་མར་གྱི་སྟེང་དུ་བཞག་པའམ༔ ཞོའི་གསེབ་ཏུ་བཅུག་ན་དཀར་ལ་གནོད་པའི་འདྲེ་ཐམས་ཅད་ཞི་བར་འགྱུར་རོ༔ ༨༡༽ སརྦ་པ་ཏི་མ་ལ་སརྦ་ཏྲི་ལི་དུ་རུ་ཙ་ན་རཀྵ་རཀྵ་སྭཱ་ཧཱ༔ ཞེས་རྟེན་བྱིན་རླབས་ཅན་གྱི་ན་བཟའ་དང་༔ སྐྱི་བའི་མེ་ཏོག་ལ་སྔགས་ཏེ་ཞིང་ལ་ཁྲུས་ཆུ་དང་བཅས་པས་གཏོར་ན་བཙའ་ཐུབ་པར་འགྱུར་རོ༔ ༨༢༽ མ་ཏ་པ་ཏ་མ་རྦ་ནཱ་ག་དུ་ན་ཕོབ༔ པྲ་ཏི་མ་ལ་དུ་ན་ཤར་ཤར་ཕོབ༔ ཅེས་དཀར་གསུམ་མངར་གསུམ་དང་བག་ཟན་ལ་ཀླུའི་གཟུགས་བྱས༔ བུམ་པ་གཙང་མར་འོ་མ་དང་རྩི་སྨན་སྣ་ཚོགས་པ་དང་༔ ཆུ་མིག་མང་པོའི་ཆུ་དང་༔ ཁྱིའི་ཁྲག་བླུགས་པ་ལ་སྔགས་ཏེ་བུམ་པ་ཁ་བཅད་དེ་ཞག་གསུམ་ས་ལ་སྦ༔ ཆུ་གཏོར་བཏང་༔ ནངས་པར་བུམ་པ་ཁ་ཕྱེ་སྟེ་བཞག་ན་བུམ་པའི་རླངས་པ་ནམ་མཁའ་ལ་སོང་ནས་རླངས་པ་སྤྲིན་དུ་སོང་ཞིང་ཆགས་པས་སད་ཐུབ་པར་འགྱུར་རོ༔ ༨༣༽ མ་ཧཱ་སརྦ་རཾ་རཾ་པ་ལ་རཾ་དུ་མ་རཾ་མུ་ཁ་ཏ་བྷ༔«་་་་་དཔེ་གཅིག་ཏུ༔ དུ་ལ་རཾ་མུ་ཁ་ར༔ སྣང་༔» ཞེས་པ་གཡག་རྒོད་ཀྱི་མཁྲིས་པར་སྒ་དང་༔ དྲོད་སྨན་དང་༔«་་་་་པི་ལི་དང་༔ ཕོ་རིལ༔» རྒྱ་ཚྭ༔ རྒྱམ་ཚྭ༔ ཚྭ་ལ༔ ཟེ་ཚྭ༔ ཕབ་རྣམས་བསྲེས་ལ་རིལ་བུ་སྲིན་མ་ཙམ་བྱས་ནས་ལྟོ་སྟོང་ལ་མིད༔ ལུས་པོ་མེར་གྱིས་ཁེངས་པར་བསམས་ཏེ་ལུས་སྦྱང་གང་ཡང་རུང་བ་བྱས་ཏེ༔

p. 334

ཕྱི་ནས་ཀྱང་མར་རྙིང་དང་བསྲེས་ཏེ་ལུས་ལ་བྱུགས་ན་ལུས་པོ་བདེ་དྲོད་དང་ལྡན་པར་འགྱུར་རོ༔ ༨༤༽ པ་ཏི་གི་མ་མུ་ལུ་པ་ཡ་ཀྲོ་ཏ་ལ་མི་རི་སྭཱ་ཧཱ༔ ཞེས་པ་མི་རྟ་ཁྱི་གསུམ་གྱི་ཚིལ་བུ་ལ་སྔགས་པས་རྐང་པ་ལ་བྱུགས་ཏེ་རླུང་གི་སྦྱོར་བ་བུམ་པ་ཅན་ཁ་སྦྱོར་དུ་བྱས་ནས་ཕྱིན་ན་བྱ་རྒོད་དར་མའི་ཉིན་ལམ་རེ་མཆོད་པར་འགྱུར་རོ༔ ༨༥༽ ཀ་ར་ཀ་ར་སརྦ་དུ་ན་དུ་ན་པ་ཏ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་ལྟོ་སྟོང་གི་མཆིལ་མ་ལ་སྔགས་ཏེ་ཕྱོགས་ཀུན་ཏུ་མཐེབ་སྲིན་གཡོན་པས་གཏོར་ན་རྨི་ལམ་ངན་པ་ཐམས་ཅད་བཟློག་པར་འགྱུར་རོ༔ ༨༦༽ བྷ་ཏ་པྲཛྙཱ་ཤ་ར་ཙ་ཙནྡྲ་གོ་མི་གསལ་གསལ་སྭཱ་ཧཱ༔ ཞེས་པ་དཀར་གསུམ་དང་མེ་ཏོག་ལུག་མིག་པ༔ ཀ་ར་རྣམས་བསྲེས་པའི་པདྨ་འདབ་བརྒྱད་ལ་སྦྱར་ལ་ཉི་ཟླ་གཟས་བཟུང་ཚེ་མིད་ན་ཤེས་རབ་ཆེན་པོས་ཐོས་པ་ཐམས་ཅད་འཛིན་པར་འགྱུར་རོ༔ ༨༧༽ ཀུ་ཏ་པ་ར་རི་ཏ་བྷི་མུ་རུ་བཛྲ་སརྦ་རཀྵ་རཀྵ༔ ཞེས་པ་ཤུ་དག་ནག་པོ་དང་༔ མཁན་པའི་འབྲུ་དང་༔ གཡེར་མ་དང་༔ མར་ནག་རྣམས་སྦྱར་ནས་བྱུགས་ན་ཁྱི་ཤིག་ཐུབ་པར་འགྱུར་རོ༔ ༨༨༽ ཨི་དཾ་བྷ་རེ་ཙ་ཙ་ཤུ་བྷི་ས་མ་རུ་མ་ལ་ཤར་ཤར་སྨོས་སྭཱ་ཧཱ༔ རྡོ་ཕ་ཝང་ལོང་བུ་དང་༔ རའི་སྙིང་ཁྲག་ལ་སྔགས་ནས་ཞ་ཉེའི་ཨ་ཙ་རའི་ནང་དུ་བཅུག་ནས་ལུས་ལ་བཅངས་ན་ཕ་རོལ་པོས་ལྐོག་ཏུ་ཇི་སྐད་སྨྲས་པ་བདག་གིས་ཐོས་པར་འགྱུར་རོ༔ ༨༩༽ «དཔེ་གཅིག་ཏུ། ཏི་ཏ་པ་ར་ར་ཙ་ཧས་ག་ཏི་པ་ལ་སིདྡྷི་ཧཱུྃ༔ ཞེས་སྣང་བས་དཔྱད།་་་་་»ཨ་ཏྲི་ཏ་པྲ་ཏྲི་ཧྲི་ཏ་པ་ཏི་ར་ཙ་ཧ་ས་ཧ་ག་ཏི་ཕ་ལ་སིདྡྷི་ཧཱུྃ༔ ཞེས་ར་རྒྱ་བོའི་དབང་པོ་ལྔ་དང་༔ ཕ་ཝང་ལོང་བུ་དང་མགྲོན་བུ་མིག་མེད་རྣམས་ལ་སྔགས་ཏེ། ཟ་འོག་གི་ཁུག་མར་བཅུག་ནས་མཆན་ཁུང་གཡོན་པར་བཅངས་ན་རྒྱན་རྒྱལ་བར་འགྱུར་རོ༔ ༩༠༽ ས་མ་སིད་དྷུ་བྷ་ལ་ས་པ་ཏི་རཛྙཱ་པ་ཡ་སརྦ་ཏི་སྭཱ་ཧཱ༔ ཞེས་པ་རཏྣ་ལྔ་མིག་མ་ཕུག་པ་ལ་སྔགས་ལ་དར་སྣ་ལྔས་དྲིལ་ཏེ་ལུས་ལ་བཅངས་ན་བདག་གི་ཚོང་རྒྱལ་བར་འགྱུར་རོ༔ ༩༡༽ ཡ་ས་ཏ་ལ་བྷི་བོ་ཏ་ཡ་ཧྲཱི་སརྦ་ད་ཏ་ཧཱུྃ་ཕཊ༔ ཞེས་པ་ལྕགས་ཀྱི་ཕུར་པ་སོར་བརྒྱད་ལ་སྔགས་ཏེ་དར་ནག་པོའི་ཅོད་པན་བཏགས་ཏེ་ལུས་སམ་མགུལ་དུ་བཅངས་ན་གཤིན་རྗེའི་གདོན་

p. 335

གྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔ ༩༢༽ ཕ་ཏི་དེ་བ་སརྦ་ཏི་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་པ་ཙནྡན་དཀར་པོའི་ཕུར་པ་ལ་སྔགས་ཏེ་དར་དཀར་གྱི་ཅོད་པན་བཏགས་ཏེ་ལུས་སམ་མགུལ་དུ་བཅངས་ན་ལྷའི་གདོན་གྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔ ༩༣༽ མ་མ་ཏྲག་རཀྵ་རཀྵ་མ་ཡེ་སརྦ་དུ་ན་བྷྱེ་རཀྵ་རཀྵ༔ ཟངས་སམ་ཤིང་དམར་པོའི་ཕུར་པ་སོར་བརྒྱད་ལ་སྔགས་ཏེ་དར་དམར་པོའི་ཅོད་པན་བཏགས་ཏེ་ལུས་སམ་མགུལ་དུ་བཅངས་ན༔ མ་མོའི་རིམས་དང་གདོན་ཐམས་ཅད་ཐུབ་པར་འགྱུར་རོ༔ ༩༤༽ དུ་དུ་རཀྵ་དུ་ས་ལ་ཛ་ཛ༔ མཱ་ར་ཡ་སརྦ་སིདྡྷི་ཏ་པ་རཀྵ་རཀྵ༔ ཞེས་པ་སྐྱེར་པའམ་གདུག་པ་ཅན་གྱི་ཤིང་གི་ཕུར་པ་སོར་བརྒྱད་ལ་སྔགས་ཏེ་དར་སྔོན་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅངས་ན༔ བདུད་ཀྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔ ༩༥༽ པ་ཏི་བ་ར་སརྦ་པྲེ་ཏ་ག་ཎ་མ་མ་སརྦ་རཀྵ༔ ཞེས་པ་འོམ་བུའམ་ཁམ་བུའི་ཕུར་པ་སོར་བཞི་ལ་སྔགས་ཏེ་དར་དམར་རམ་ནག་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅངས་ན་ཡི་དྭགས་ཀྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔ ༩༦༽ ཙ་ཙ་པོ་ཏི་ཧ་ར་བྷ་མ་མ་པུ་ཤུ་མ་ཙ་ལ་བྷ་ཡི་ཐ་ཧི་སྭཱ་ཧཱ༔ ཞེས་པ་ཤུག་པའི་ཕུར་པ་སོར་བཞིའམ་བརྒྱད་ལ་སྔགས་ཏེ་དར་དམར་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅངས་ན་བཙན་གྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔ ༩༧༽ ཨོཾ་ཀྱེ་ཏ་ཁཾ་བཾ་བ་ཏ་ལི་སུ་མེ་རུ་ཡུ་མེ་སྭཱ་ཧཱ༔ ཞེས་ཁྲོའམ་ལྗོན་དམར་གྱི་ཕུར་བུ་སོར་བཞི་ལ་སྔགས་ཏེ་དར་དམར་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅངས་ན་གཟའི་གནོད་པ་དང་ཀླུའི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔ ༩༨༽ ན་ཀི་སརྦ་དུ་ཁ་མ་ལ་ཏི་པ་ཙ་པ་ཙ་མ་ན་ར་མ་བྷ་ཏི་སྭཱ་ཧཱ༔ ཞེས་པ་མཆོག་ཕུར་ལ་སྔགས་ཏེ་དར་སྔོན་པོའི་ཅོད་པན་དང་བཅས་ཏེ་ལུས་སམ་མགུལ་དུ་བཅངས་ན་ཤ་ཟའི་གདོན་གྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔ ༩༩༽ སརྦ་བྷུ་ར་བྷཱུ་ཏ་ཙནྡྷ་མི་ལི་སརྦ་དུ་རུ་ན་སྭཱ་ཧཱ༔ ཞེས་པ་སེང་ལྡེང་གི་ཕུར་པ་སོར་བརྒྱད་ལ་སྔགས་ནས་དར་སྣ་ལྔའི་

p. 336

ཅོད་པན་བཅས་ལུས་སམ་མགུལ་དུ་བཅངས་ན་འབྱུང་པོའི་གདོན་དང་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔ ༡༠༠༽ བཛྲ་ཏྲིག་ནན་སརྦ་རཱ་ཙ་ཙ་ར་ག་མོ་མཱ་ར་ཡ་སྟྭཾ་བྷ་ཡ་བྷྱོཿཟློག་ཤད་རྦད་བྷྱོཿསྭཱ་ཧཱ༔ ཞེས་པ་ཤེར་ཤིང་གི་ཕུར་པ་སོར་བརྒྱད་ལ་སྔགས་ནས་དར་སྣ་ལྔའི་ཅོད་པན་བཏགས་ལ་ལུས་སམ་མགུལ་དུ་བཅངས་པའམ་ཁྱིམ་གྱི་དབུས་སུ་བཙུགས་ན་ཁྱིམ་དེར་འབྱུང་པོ་གནས་པར་མི་འགྱུར་རོ༔ ༡༠༡༽ ཏྲི་ཤཾ་ས་ཛྭ་ལ་མ་བྷི་ཀུ་རུ་ར༔ གནས་འདིར་འབྱུང་པོ་མི་དང་མི་མ་ཡིན་གྱི་གནོད་པ་སྲུངས་ཤིག༔ ཅེས་བྲིས་ཏེ་ཁམ་སའི་ལྕེ་སྤྱང་ལ་ཚོས་སམ་མཚལ་གྱིས་དམར་པོ་བྱས་པའི་ཁོག་པར་བཅུག་ལ་བརྟེན་འབྲེལ་སྙིང་པོས་རབ་གནས་བྱས་ཏེ་སྒོ་ཡི་སྟེང་དུ་བཞག་ན༔ གནས་དེར་ཕ་རོལ་པོས་གནོད་པ་མི་འབྱུང་བར་འགྱུར་རོ༔ ༡༠༢༽ བཛྲ་བྷ་ཤཾ་ཧ་ལ་ན་མ་ཙཀྲ་སརྦ་ཨུ་ནན་ཆེ་གེ་མོའི་ངག་ཨུ་སྟྭཾ་བྷ་ཡ་ནན༔ ཞེས་པ་རང་ཉིད་པདྨ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་བཟླས་ན་ཕ་རོལ་པོའི་ངག་ལྐུགས་ནས་སྨྲ་མི་ནུས་པར་འགྱུར་རོ༔ ༡༠༣༽ ཙི་རི་མི་རི་བྷི་བྷི་བྷ་བྷ་ཨ་ཨ་ཆེ་གེ་མོའི་དབང་པོ་སྟྭཾ་བྷ་ཡ་ནན༔ ཞེས་པ་ཁྱིའི་མཇུག་མའི་སྤུ་དང་བོང་བུའི་རཀྟ་དང་ཉའི་མཁྲིས་པ་ལ་སྔགས་ཏེ་ཁོང་དུ་བཏང་ན་ཕོ་དབང་ལྡང་མི་ནུས་སོ༔ ༡༠༤༽ ས་མཱ་ར་ཡ་སྲོག་ཏི་སྙིང་ལ་རྦད་ཡ༔ ཙིཏྟ་ལ་རྦད༔ ཤ་ཏྲུན་ས་མཱ་ར་ཡ་རྦད་རྦད༔ ཅེས་པ་ཕ་རོལ་པོའི་དྲི་མ་དང་རྐང་རྗེས་ཀྱི་ས་ལ་འདྲ་འབག་བཟོས་ཏེ་སྙིང་གར་མིང་རུས་ཁྱི་ཁྲག་གིས་བྲིས་པ་བཅུག༔ དགྲ་བོ་དངོས་སུ་བསམས་པ་ལྟར་དགུག་གཞུག་བྱས་ལ་གུ་གུལ་དང་ཁྱི་ལུད་ཀྱི་དུད་པས་བདུག༔ ལྕགས་ཀྱི་གྲི་གུག་ལ་སྔགས་ཏེ་མགུལ་པ་བྲེག་ཅིང་ཡན་ལག་གཏུབས་ལ་མིང་རུས་རྣམས་གཟའ་སྐར་ཐེབས་ཡོད་པ་ལ་མཆོད་རྟེན་གྱི་འོག་ཏུ་མནན་ན༔ ཕ་རོལ་པོ་དེ་ཉིད་ཞག་ཉེར་གཅིག་ལ་གུམ་པར་འགྱུར་རོ༔ ༡༠༥༽ ཨེ་ས་ཏྲིག་ཏ་ཏྲིག་ཏ་མུ་ཧི་ཧ་ན་པྲ་མ་ཤག་རྦད་སྭཱ་ཧཱ༔ ཞེས་པ་ཕག་གི་ཀླད་པ་ལ་ཡུག་སའི་མངལ་ཁྲག་གིས་བྲིས་ལ་ཕུང་ཤུལ་ས་ལ་ཕག་གི་གཟུགས་བྱས་པའི་ནང་དུ་བཅུག༔ སྐར་མ་བྲ་ཉེ་ལ་བབ་དུས་དགྲ་བོའི་ཁང་འགྲམ་དུ་སྦས་ན་མཁར་མྱུར་དུ་འཇིགས་པར་འགྱུར་རོ༔ ༡༠༦༽ སཾ་མྱཀྶཾ་ཏཱ་ཡ་ས་ར་ས་ར་ཨུ་ཙ་ཌཱ་བ་ཆེ་གེ་མོའི་ཡ་ཨུ་ཌཱ་ཡ་

p. 337

ཕཊ༔ ཞེས་རོ་རས་ལ་བྲིས་དུག་སྣ་ལྔ་བླུག་ཐག་རིང་མགྲོན་པོའི་འབོག་གིས་དྲིལ་སྐུད་པ་ནག་པོས་ཕྱི་ལོག་ཏུ་དཀྲིས་ཏེ་མཛོ་རྟོལ་གྱི་རྭ་གཡོན་པར་བཅུག་སྐར་མ་ཁྲའི་དུས་ནང་ནུབ་ཆུ་ལ་བསྐྱུར་ན་ཕ་རོལ་པོ་གཉེན་དང་བྲལ་ནས་གླིང་ཕལ་པར་འགྲོ་བར་འགྱུར་རོ༔ ༡༠༧༽ ཨོཾ་ཧྲཱི་པདྨཱནྟ་ཀྲྀཏ྄་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་ཕ་ལ་སརྦ་དྷརྨ་ཧྲཱི༔ གྷ་ཏི་ས་མ་དྷརྨཱ་དྷཱ་ཏུ་ཧྲཱི༔ པྲ་ཛ་ལཾ་སྭཱ་ཧཱ༔ ཞེས་དར་སྣ་ལྔ་དང་༔ འབྲུ་སྣ་དང་༔ མེ་ཏོག་དམར་པོ་སྣ་ཚོགས་ལ་སྔགས་ཏེ་ལུས་ལ་བཅངས་སམ་དོན་གང་སྒྲུབ་པའི་ཚེ་ལྟོར་ཟོས་ན་དོན་གང་ཡིན་པ་བཀྲ་ཤིས་པ་དང་བཅས་ནས་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ༔ ༡༠༨༽ དུས་གསུམ་རྒྱལ་བ་མ་ལུས་འདུས་པ་ཡི༔ འོད་དཔག་མེད་པ་སྤྱན་རས་གཟིགས་དབང་ཕྱུག༔ དཔའ་བོ་རྟ་མགྲིན་གདུག་པ་ཀུན་འདུལ་བའི༔ རྒྱུད་སྡེ་མཐའ་ཡས་སྒྲུབ་ཐབས་མན་ངག་མཐོང་༔ དབང་ཆེན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར༔ བདག་འདྲ་མཐའ་ཡིས་རྣལ་འབྱོར་«་་་་་འདི་ལ་ཕྱི་མོ་རྣམས་སུ་ལུས་ཚོགས་བདུན་ཅུ་དོན་གསུམ་པ་དང༌། དོན་ལྔ་པ་དང༌། བརྒྱ་དང་བཞི་བྱས་པ་དང༌། བརྒྱད་དང་བཅུར་དབྱེ་བ་སོགས་མི་གཅིག་པར་སྣང་ངོ༌།» ཐོད་ཕྲེང་ལ༔ འགྲོ་བའི་དོན་དུ་བཙུན་པ་རྒྱལ་མཆོག་དབྱངས༔ ཐེག་ཆེན་བློ་ཡིས་ཡང་ཡང་བསྐུལ་བའི་ཕྱིར༔ དབང་ཆེན་རྒྱལ་པོ་པདྨ་ཧེ་རུ་ཀའི༔ ཡིད་བཞིན་ནོར་བུའི་ལས་ཚོགས་བརྒྱ་ཚར་བསྒྲིགས༔ དགེ་དེས་འགྲོ་ཀུན་ཉོན་མོངས་ཚོགས་བྲལ་ནས༔ བདེ་ཆེན་ཞིང་དུ་བླ་མེད་ཐོབ་པར་ཤོག༔ དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་ཡི༔ ཡིད་བཞིན་ནོར་བུའི་ལས་ཚོགས་བརྒྱ་ཚར་འདི༔ ལས་ཅན་གཅིག་དང་མྱུར་དུ་འཕྲད་པར་ཤོག༔ འཕྲད་ནས་འདི་ཡི་བསྟན་པ་དར་གྱུར་ཅིག༔ ས་མ་ཡཿ དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་ལས་ཚོགས་བརྒྱ་ཚར་སློབ་དཔོན་པདྨས་མཛད་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ དཔལ་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་ཚོགས་བརྒྱ་པ་ཞེས་བྱ་བ། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དགེ་སློང་རྡོ་རྗེ་འཛིན་པ་གུ་རུ་ཚེ་བརྟན་རྒྱལ་མཚན་གྱིས་མོན་མཐའ་ཕྲམ་དཔལ་གྱི་ཆུ་མོ་ཕུག་ལྷ་མོ་ལཱ་སྱ་གར་བྱེད་པ་འདྲ་བའི་གསང་གནས་ནས་སྤྱན་དྲངས་པའོ། །ཞེས་པའང་ཞབས་དྲུང་རིན་པོ་ཆེ་པདྨ་ཕྲིན་ལས་ཀྱི་ཕྱག་དཔེ་ལ་གཙོ་བོར་གཏུགས་ཏེ་བྲིས་ཤིང་དཔེ་གཞན་དང་བསྟུན་པ་དགེ། །།

ཕྱིར་ཟློག་འཁོར་ལོ་འབར་བའི་གཞུང་མན་ངག་དང་བཅས་པའི་སྐོར་རྣམས།

p. 338
p. 339

ཕྱིར་ཟློག་འཁོར་ལོ་འབར་བའི་གཞུང་མན་ངག་དང་བཅས་པའི་སྐོར་རྣམས་བཞུགས་སོ།།

p. 340

སློབ་དཔོན་པདྨ་འབྱུང་ནས་ཀྱིས༔ དུས་སྙིགས་མ་ལ་མང་ཡུལ་གུང་ཐང་དུ་ལྷ་སྲས་མུ་ཁྲི་བཙན་པོའི་གདུང་བརྒྱུད་གཙང་མ་ཅིག་འབྱུང་༔ དེ་ལ་བདུད་ཀྱིས་བར་དུ་གཅོད་པ་བསྲུང་ཞིང་བསྐྱབ་ཕྱིར་བྲག་ལྟོ་འཕྱེ་སྤུངས་པ་ལ་གཏེར་དུ་སྦས་སོ༔ གལ་ཏེ་གཏེར་ཆོས་དང་མ་འཕྲད་པར་བདུད་ཀྱིས་བར་དུ་གཅོད་ན༔ བོད་ཀྱི་སྐྱིད་པ་ཟད་པར་འགྱུར་རོ༔ དེ་བསྲུང་བ་དང་གཏེར་འདོན་པའི་ལས་ཅན་དེའི་རྗེས་འཇུག་རྣམས་དང་༔ རྒྱལ་པོའི་གདུང་བརྒྱུད་ཕྱི་མ་རྣམས་བདུད་ཀྱིས་བར་དུ་གཅོད་པ་བསྲུང་བའི་ཕྱིར༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྒྲུབ་ཐབས་འདི་རུ་ལག་རྒྱང་གི་ཡོན་པོ་ལུང་དུ་སྦས་སོ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ རྒྱ་གར་སྐད་དུ༔ ཙཀྲ་ཛྭ་ལ་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྒྲུབ་ཐབས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ་བདུད་བཏུལ་བའི་ཚེ༔ རིག་འཛིན་

p. 341

དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ༔ བཅོམ་ལྡན་འདས་བདག་ཅག་རིག་འཛིན་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་དགྲ་བགེགས་མང་ན་འདི་ལ་ཐབས་ཇི་ལྟར་བགྱི་ཞེས་ཞུས་སོ༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྔགས་དང་སྒྲུབ་ཐབས་ཡོད་ཀྱི༔ འདི་ལོངས་ཤིག༔ ཆོངས་ཤིག༔ ཀློགས་ཤིག༔ ཡིད་ལ་གྱིས་ཤིག༔ སྔགས་འདི་བཟླས་པ་ཙམ་གྱིས་བགེགས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ༔ བགེགས་ཐམས་ཅད་ལས་རྒྱལ་ཞིང་ཉམ་ང་བ་མེད་པར་འགྱུར་རོ༔ སྔགས་ནི་འདིའོ༔ ཨོཾ་དྷུ་རུ་དྷུ་རུ་ཙཀྲ«༡»༔«་་་་་བཟུང་ཞིང་བཟུང་བའི་འཁོར་ལོ།» ཛ་ཡ་ཛ་ཡ་ཙཀྲ«༢»༔«་་་་་རྒྱལ་ཞིང་རྒྱལ་བའི་འཁོར་ལོ།» ཧ་ན་ཧ་ན་ཙཀྲ«༣»༔«་་་་་བསྣུན་ཅིང་བསྣུན་པའི་འཁོར་ལོ།» བྷུ་རུ་བྷུ་རུ་ཙཀྲ«༤»༔«་་་་་འགེབས་ཤིང་འགེབས་པའི་འཁོར་ལོ།» བྷྲ་མ་ར་«་་་་་གཡོ་ཞིང་གཡོ་བའི་འཁོར་ལོ།» བྷྲ་མ་ར་ཙཀྲ«༥»༔ བྷེ་དུ་མ་ནི་ཙཀྲ«༦»༔«་་་་་འཇིགས་པར་སེམས་པའི་འཁོར་ལོ།» ཛྭ་ལ་«་་་་་འབར་ཞིང་འབའ་བའི་འཁོར་ལོ། འདྲེན་ཅིང་བསྐྱོད་པའི་འཁོར་ལོ།» ཛྭ་ལ་ཙཀྲ«༧»༔ སཾ་བྷཱ་བེ་ག་ན་ནཱ་ཡ་སཱ་ར་ཙཀྲ«༨»༔«་་་་་ཡང་དག་པར་ཚོགས་པའི་ཐུགས་ཀྱིས། »སཱ་ལ་ཡ་སཱ་ལ་ཡ་

p. 342

ཙཀྲ«༩»༔«་་་་་གནོན་ཅིང་གནོན་པའི་འཁོར་ལོ།» ནཱ་ཤ་ཡ་ནཱ་ཤ་ཡ་ཙཀྲ«༡༠»༔«་་་་་ཉམས་ཤིང་ཉམས་པའི་འཁོར་ལོ། »བཾ་བཾ་ཙཀྲ«༡༡»༔«་་་་་རླན་ཅིང་གཤེར་བའི་འཁོར་ལོ།» ཧཱུྃ་ཧཱུྃ་ཕཊ་ཕཊ་ས་མནྟ་གཱི་ར་ཙཀྲ«༡༢»༔«་་་་་ཀུན་ཏུ་ཟློག་པའི་འཁོར་ལོ།» ཏཱིཔྟ་ཙཀྲ«༡༣»་ཧཱུྃ་ཕཊ༔«་་་་་མཚོན་ཆའི་འཁོར་ལོ།» སྔགས་འདི་བཟླས་པ་ཙམ་གྱིས་སྲི་ཅན་དྲག་པོས་མི་སྡང་ཞིང་ཤི་ཁ་བྱེ་བ་ཐམས་ཅད་ཀྱི་སྲི་ལས་ཐར་བར་འགྱུར་རོ༔ མཚལ་དང་གུ་གུལ་དཀར་པོ་ལ་སྔགས་བཟླས་ནས་དུད་པས་བདུག་གོ༔ ཡུངས་ཀར་ལ་བཟླས་ལ་གདོང་དུ་གཏོར་རོ༔ ཚོན་སྐུད་སྣ་ལྔའི་སྐུད་པ་ལ་བརྒྱ་རྩ་བརྒྱད་བཟླས་ལ་མགུལ་དུ་གདག་གོ༔ མར་ལ་བཟླས་ནས་ལུས་ལ་བྱུག་པར་བྱའོ༔ སྔགས་འདིས་ནི་ཕུར་ཁ་དང་བྱོལ་ཁ་ཐམས་ཅད་བཟློག་པར་འགྱུར་རོ༔ འདིའི་ཆོ་ག་ནི༔ མཆོད་རྟེན་དཀར་པོ་ཁྲུ་གང་པ་གཅིག་བྱའོ༔ དེའི་བུམ་པའི་ནང་དུ་ཁམ་ས་ལ་རིན་པོ་ཆེ་བརྡར་ལ༔ གང་བསྲུང་བའི་གཟུགས་བྱས་པ་ལ་སྙིང་གར་མིང་བྱས་ལ་གཞུག༔ དེའི་སྟེང་དུ་འཁོར་ལོ་རྩིབས་བཞི་བསྒོམ་མོ༔ མཆོད་རྟེན་དེ་མི་དམིགས་པ་ལས་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ ཕྱག་གཡས་ན་རྡོ་རྗེ་བསྣམས་ཏེ་ས་གནོན་གྱི་ཕྱག་རྒྱ་མཛད་པ༔ གཡོན་པ་མཉམ་གཞག་མཛད་པའི་ལྷུང་བཟེད་ཀྱི་ནང་དུ་གང་བསྲུང་བ་དེ་བསམས་ཏེ༔ སྐུ་ཚངས་པའི་འཇིག་རྟེན་གང་བར་བསམས་ལ༔ དེའི་ཐུགས་ཀ་ནས་ཧཱུྃ་འཕྲོས་པས་མདུན་གྱི་པདྨའི་སྟེང་དུ་ཁྲོ་བོ་དུད་ཀ་དབྱུག་པས་བགེགས་ཐམས་ཅད་ཚར་གཅོད་པའམ་བཀའ་ཉན་པར་བསམ༔ བསྙེན་པ་ནི་འབུམ་བསྐྱལ་ལོ༔ སྲི་ཅན་དང་བདུད་འདུལ་བའི་མན་ངག་འཁོར་ལོ་འབར་བ་ཞེས་བྱ་བ་རྫོགས་སོ༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ ཕྱིར་ཟློག་སྲི་ཅན་མཐར་བྱེད་འདི༔ གུང་ཐང་རྒྱལ་པོའི་དོན་དུ་བཞག༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རུ་ལག་རྒྱང་གི་ཡོན་པོ་ལུང་ནས་རི་ཁྲོད་པ་སྤྲུལ་སྐུ་བཟང་པོ་

p. 343

གྲགས་པས་གཏེར་ནས་གདན་དྲངས་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་གནང་བའོ།། ༈ །ཕྱིར་ཟློག་འཁོར་ལོ་འབར་བའི་བཅས་བཤམ་འདོན་བསྒོམ་དམིགས་བཟླས་ཀྱི་རིམ་པ་རྣམས་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ། ཕྱིར་ཟློག་འཁོར་ལོ་འབར་བའི་སྒོ་ནས་སྲི་ངན་ལས་རྒྱལ་བའི་ཆོ་ག་བྱས་པ་ལ་གཉིས་ཏེ། སྤྲོས་བཅས་མཆོད་རྟེན་ལ་བརྟེན་པ་དང༌། སྤྲོས་མེད་ཏིང་ངེ་འཛིན་ལ་བརྟེན་པའོ། །དང་པོ་ལ་གཉིས་ཏེ། བཀོད་བཤམ་དང་ཆོ་ག་དངོས་སོ། །དང་པོ་ནི། འཇིམ་པ་བཟོ་ཐུབ་ལ་བྱིན་རླབས་སྔོན་དུ་འགྲོ་བས། བྱང་ཆུབ་མཆོད་རྟེན་ནམ་བདུད་འདུལ་མཆོད་རྟེན་དཀར་པོ་ཁྲུ་གང་པ་ཆགས་དང་ཚད་མཚན་ཉིད་དང་ལྡན་པར་བྱས་པའི་བུམ་པའི་ནང་དུ་ལམ་ས་ལ་རིན་པོ་ཆེ་བརྡར་བའི་ཕྱེ་མ་བཏབ་པའི་འཇིམ་པར་བསྲུང་བའི་གཟུགས་སྙིང་གར་མིང་རུས་བྲིས་པའི་ཤོག་བྱང་བཀོད་པ་བཅུག་སྟེ་བུམ་ལྡིར་ནང་དུ་དགོད། དེའི་སྟེང་དུ་དབུབ་པའི་འཁོར་ལོ་ནི། ལྟེ་བར་བསྲུང་བྱའི་མིང་སྤེལ་ཚིག་དང༌། རྩིབས་བཅུ་ལ་རང་སྔགས། དེ་མཐར་སྤྲོ་ན་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང༌། དེ་མཐར་རྡོ་རྗེའི་རྭ་བ་དང་མེ་རིས་བསྐོར་བ་ལ་ཆོས་སྨན་བྱུགས་ཏེ་མཆོད་རྟེན་གྱི་རྩེར་གདུགས་ལྟར་དབུབ། དེ་མཐར་ཉེར་སྤྱོད་ལྔ་སོགས་མཆོད་པ་རྒྱ་ཆེན་པོ་བཤམ། རབ་གནས་རྒྱས་བསྡུས་གང་རིགས་བྱ། གཉིས་པ་ཆོ་ག་དངོས་ལ། སྐྱབས་སེམས་ཚད་མེད་བཞི་བྱང་གཏེར་སྤྱི་ལྟར་བྱས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས་རྒྱ་སྐད་ནས་བཟུང་སྟེ་གླིང་གཞི་ཚར་གཅིག་སོང་རྗེས། སྔགས་དེ་ཅི་མང་བཟླས་ཤིང་ཐུན་མཐར་ཐལ་རྡེབ་དང༌། ཕན་ཡོན་སོགས་མཇུག་གི་རྫོགས་བྱང་བར་དུ་གཏོང༌། དགེ་བསྔོ་ཤིས་བརྗོད་བྱའོ། །དེའི་དུས་སུ་དམིགས་པ་ནི། དམིགས་རྟེན་མི་དམིགས་སྟོང་པའི་ངང་ལས་མཆོད་རྟེན་གཞུང་

p. 344

ལྟར་མཚན་ཉིད་ཚང་བ་ཤིན་ཏུ་ཆེ་བ་གནམ་ས་ཁེངས་པ་ཙམ་དུ་བསྒོམས་པའི་བུམ་པའི་ལྟེ་བར་ཐུབ་དབང་མཚན་ཉིད་ཚང་བ་མཚན་དཔེས་སྤྲས་པ་ས་གནོན་མཉམ་གཞག་མཛད་པའི་ཕྱག་གི་ལྷུང་བཟེད་ཀྱི་ནང་དུ་བསྲུང་བྱ་གཟུགས་དང་སྐྱེ་མཆེད་གསལ་བར་གྱུར་པར་བསྒོམ། ཐུབ་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་དུ་པད་སྟེང་དུ་ཁྲོ་བོ་དུད་ཀ་དབྱུག་ཏོ་འཕྱར་བས་བགེགས་དང་ལོག་འདྲེན་ཚར་གཅོད་ཅིང་བཀའ་ཉན་པར་བསྒོམ་མོ། སྤྲོ་ན། མ་ལུས་སེམས་ཅན་སོགས་ཀྱིས་སྤྱན་དྲངས། གདན་འབུལ་བརྟན་བཞུགས་ཁྲུས་གསོལ་ཡན་ལག་བདུན་པ་མཆོད་བསྟོད་རྣམས་བྱ། མ་བྱུང་ཡང་གཞུང་ན་མི་གསལ་བས་ཆད་པའི་སྐྱོན་མེད། མཆོད་རྟེན་ཕྱིར་བྲིས་པའི་འཁོར་ལོ་དམིགས་རྟེན་བྱས་པའི་སྲུང་འཁོར་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་སྦུབས་སྟོང་ལྡིར་བ། ཁ་དོག་དམར་སེར་གང་རིགས་མེ་རི་གཡས་སུ་འཁོར་བས་སྲི་ཅན་ལོག་འདྲེན་ཐམས་ཅད་ཚར་གཅོད་པར་བསམ་ལ་སྔགས་བཟླ། སྤྲོ་ན་སྐབས་སུ་མཆོད་རྟེན་ལ་ཕྱག་དང་བསྐོར་བ་ཅི་འགྲུབ་བྱ། བསྙེན་པ་འབུམ་སོང་བ་དང་བཅས་རྣམས་དབེན་བར་གཞག ནམ་དགོས་དུས་སུ་ལོངས་སྤྱད། བྱིས་པ་གསོ་ན་ཕྱེ་མར་གྱི་རིལ་བུ་ལ་སྔགས་བཏབ་སྟེ་སྦྱིན་པ་དང༌། གཞན་ཡང་མཚལ་དང་སྤོས་དཀར་ལ་སྔགས་བཏབ་ནས་དུད་པས་བདུགས་པ་དང༌། ཡུངས་ཀར་ལ་བཟླས་ཏེ་བྲབས་པ་དང༌། ཆུ་གཙང་ལ་བཟླས་ཏེ་བཀྲུ་བ་དང༌། ཚོན་སྐུད་ལ་བཏབ་སྟེ་སྐེ་ལ་གདགས་པ་དང༌། མར་ལ་བཏབ་སྟེ་ལུས་ལ་བྱུགས་པ་སོགས་བྱས་པས་བྱད་ཕུར་བཟློག་ཅིང་སྲི་ལས་ཐར་བར་བཤད་པ་སོགས་གཞུང་ལྟར་རོ། །འདི་ཡང་དགེ་སློང་རྡོ་རྗེ་འཛིན་པ་མཉྫུ་ཀཱིརྟིའི་བཀའ་ཕེབས་པ་བཞིན་དགེ་སློང་པདྨ་ཕྲིན་ལས་ཀྱིས་གཞུང་

p. 345

ལྟར་བསྲེ་བསླད་མེད་པར་བྲིས་པ་ལགས།། ༈ །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ འདིར་རུ་ལག་རྒྱང་གི་གཏེར་བྱོན་ཕྱིར་ཟློག་འཁོར་ལོ་འབར་བའི་ཆོ་ག་སྤྲོས་བཅས་མཆོད་རྟེན་ལ་བརྟེན་པའི་བཅའ་གཞི་དང་འཁོར་ལོ་བྲི་ཡིག་ལོགས་སུ་གསལ་བ་ལྟར་གྲུབ་རྗེས་སྤྲོས་མེད་ཏིང་ངེ་འཛིན་ལ་བརྟེན་པའི་ངག་འདོན་ཇི་ལྟར་བྱ་བ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་ཚོགས་མའི་སྐྱབས་སེམས་ལན་གསུམ་དང་ཚད་མེད་བཞི་ཚར་གཅིག་རྗེས་མཆོད་རྟེན་ལ་དམིགས་ཏེ། སྭ་བྷཱ་ཝ་སོགས། མཆོད་རྟེན་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་ས་འཛིན་སེང་ཁྲིའི་སྟེང༌། །བྱང་ཆུབ་མཆོད་རྟེན་གྲུ་བཞི་ཚད་མེད་བཞི། །བུམ་པ་བྲེ་དང་གདུགས་ཏོག་ཆོས་འཁོར་མཛེས། །རབ་དཀར་མཐོ་ཞིང་ལྷུན་སྡུག་སྲིད་རྩེར་སླེབ། །བུམ་ནང་པདྨ་ཟླ་བའི་གདན་སྟེང་དུ། །ཐུབ་དབང་ཤཱཀྱའི་རྒྱལ་པོ་བཅོམ་ལྡན་འདས། །གསེར་མདོག་ལ་སོགས་མཚན་དཔེས་རབ་སྤྲས་པ། །ཚངས་པའི་འཇིག་རྟེན་ཁེངས་པའི་སྐུ་ཡི་ཁྱོན། །ཕྱག་གཡས་རྡོ་རྗེར་བཅས་པའི་ས་གནོན་དང༌། །གཡོན་པས་མཉམ་གཞག་ལྷུང་བཟེད་འཛིན་པའི་ནང༌། །བསྲུང་བྱའི་ཕུང་ཁམས་སྐྱེ་མཆེད་གསལ་བར་འགྱུར། །ཐུབ་དབང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །མདུན་དུ་པད་སྟེང་ཁྲོ་བོ་དུད་ཀའི་མདོག །རྡོ་རྗེའི་དབྱུག་པས་བགེགས་རྣམས་ཚར་གཅོད་གྱུར། །མཆོད་རྟེན་ཕྱི་རོལ་བྲིས་པའི་འཁོར་ལོ་ཉིད། །བསྐྱེད་གཞིར་གྱུར་པ་མཚོན་ཆའི་འཁོར་ལོ་ནི། །ཁ་དོག་དམར་ནག་སྟེང་འོག་ཕྱོགས་མཚམས་བརྒྱད། །སྦུབས་སྟོང་རྩེ་རྣོ་མེ་རི་རབ་འབར་བ། །གཡས་སུ་འཁོར་བས་སྲི་ཅན་ཚར་གཅོད་གྱུར། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་སོགས་ཀྱིས་སྤྱན་དྲངས། །བཅོམ་

p. 346

ལྡན་འདིར་ནི་བྱོན་པ་ལེགས་སོགས་ཀྱིས་བཞུགས་སུ་གསོལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། སྲབ་འཇམ་ཡང་བ་ལྷ་ཡི་སོགས། སོགས་ནས། སྐུ་ཐོབ་ཤོག་བར་གྱིས་གོས་ཟུང་དབུལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་མཎྜལ་དབུལ། ཇི་སྙེད་སུ་དག་ཕྱོགས་བཅུའི་སོགས་ཡན་ལག་བདུན་པ་བྱ། བསྡུ་ན། ཕྱག་འཚལ་བ་དང་མཆོད་ཅིང་སོགས་ཤློ་ཀ་གཅིག་པོ་བརྗོད། རྒྱ་སྐད་ནས་བཟུང་སྟེ་གླེང་གཞི་ཚར་གཅིག་སྔོན་དུ་འགྲོ་བས་བཟླས་པ་ཅི་འགྲུབ་བྱ། ཐུན་བསྡུ་བར་འདོད་ན་ཐལ་རྡེབ་ལན་གསུམ་བྱ། ཕན་ཡོན་དང་རྫོགས་བྱང་བར་དུ་བཏང་ལ་བསྔོ་སྨོན་བཀྲ་ཤིས་བྱ། ཐུན་མཚམས་མཆོད་རྟེན་ལ་ཕྱག་དང་བསྐོར་བ་ཅི་འགྲུབ་བྱ་ཞིང་བསྙེན་པ་འབུམ་བསྐྱལ་ལོ།། །།འདི་ཡང་ཉེ་བར་མཁོ་ཕྱིར་དགེ་སློང་པདྨ་ཕྲིན་ལས་ཀྱིས་མྱུར་བར་བྲིས་པའོ།། ༈ །ཕྱིར་ཟློག་འཁོར་ལོ་འབར་བའི་བཅས་བཤམ་དང་ངག་འདོན་བཀླག་ཆོག་ཏུ་བཀོད་པ་གྲུབ་པའི་རལ་གྲི་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། གང་ཞབས་དྲན་པས་བདུད་སྡེའི་དཔུང༌། །མཐར་མཛད་ཤཱཀྱའི་གཙོ་བོ་ལ། །བཏུད་ནས་འགལ་རྐྱེན་ཕྱིར་ཟློག་པ། །གྲུབ་པའི་རལ་གྲི་འདི་ན་གདེངས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་བཀའ། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་ཟབ་མོའི་གཏེར་དུ་སྦས་པ། ཕྱིས་སྤྲུལ་སྐུ་བཟང་པོ་གྲགས་པས་སྤྱན་དྲངས་ཤིང་གྲུབ་མཐའ་ཐམས་ཅད་ལ་ཁྱབ་བརྡལ་དུ་རླུང་ལྟར་གྲགས་པའི་ཕྱིར་ཟློག་འཁོར་ལོ་འབར་བའི་མཆོད་རྟེན་སྒྲུབ་པ་དང་འབྲེལ་བའི་བཅས་བཤམ་ངག་འདོན་བཀླག་ཆོག་ཏུ་བཀོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྤྱིར་དབང་བསྐུར་བ་ཅི་རིགས་པ་

p. 347

ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ། ཁྱད་པར་འདིའི་མན་ངག་ཐོབ་པའི་སྒྲུབ་པ་པོས་རས་གཞིའམ། རྒྱ་ཤོག་གཙང་མ་ལ་མཚལ་ལམ་སྣག་ཚས་འཁོར་ལོ་རྩིབས་བཅུ་གསུམ་པ་ལྟེ་བ་མུ་ཁྱུད་དང་བཅས་པའི་དབུས་སུ་ཧཱུྃ། དེ་མཐར་བསྲུང་བྱ་མིང་འདི་ཞེས་བྱ་བ་ལ་གནོད་པར་བྱེད་པའི་སོགས་ནས། གདོན་སྲི་སོགས་ཞེས་པའི་བར་འོག་གི་ངག་འདོན་དམོད་མོའི་སྐབས་ལྟར་ལ་མཐར་རཀྵ་རཀྵ། ཞེས་པ་ལྟ་བུས་མཚོན་ཏེ་སྤེལ་ཚིག་རྒྱས་བསྡུས་གང་རིགས་སྦྱར། དེ་རྒྱབ་རྩིབས་བཅུ་གསུམ་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨོཾ་དྷུ་རུ་དྷུ་རུ་ཙཀྲ་སོགས་སྔགས་ཚན་བཅུ་གསུམ། དེ་རྒྱབ་དབྱངས་གསལ་རྟེན་སྙིང་རྡོ་རྭ་མེ་རི་རྣམས་སྤྱི་ལྟར་བྲི། ཆོས་སྨན་གྱིས་བྱུག འཇིམ་པ་ལ་རིན་པོ་ཆེ་བསྲེས་ལ་རྒྱུ་བྱིན་གྱིས་བརླབ་པའམ། ལྷ་ཤིང་ལས་བྱང་ཆུབ་མཆོད་རྟེན་ནམ་བདུད་འདུལ་མཆོད་རྟེན་དུ་གྲགས་པ་ཁྲུ་གང་ཕྱག་ཚད་དང་ལྡན་པར་བཞེངས། ཁ་དོག་དཀར་པོ་བྱ། སྲོག་ཤིང་དང་རིང་བསྲེལ་རྣམ་བཞིའི་གཟུངས་གཞུག་སོགས་སྤྱི་ལྟར་ལ། སྤྲོ་ན་བུམ་པའི་ནང་དུ་ཐུབ་པའི་དབང་པོའི་སྐུ་གཟུངས་གཞུག་དང་བཅས་པ་མངོན་རྟོགས་དང་མཐུན་པར་བཞེངས་པའི་ཕྱག་གཡོན་ལྷུང་བཟེད་ཀྱི་ནང་དུ་ཁམ་ས་ལ་རིན་པོ་ཆེ་བརྡར་བས་བསྒྲུབ་བྱ་སྐྱེ་མཆེད་དོད་པར་བཟོས་པའི་སྙིང་གར་མིང་རུས་གཞུག་ཅིང་ཐུབ་པའི་དབང་པོར་ཐལ་མོ་སྦྱར་ཏེ་གུས་པའི་ཚུལ་གྱིས་གདོང་ཕྱོགས་པའི་རྣམ་པར་བྱ། མ་གྲུབ་ན་བསྒྲུབ་བྱ་རྐྱང་པའི་གཟུགས་ཀྱི་སྙིང་གར་མིང་རུས་བཀོད་པས་ཀྱང་འཐུས། དེ་ལྟ་བུའི་འཁོར་ལོ་དང༌། མཆོད་རྟེན་ལ་རབ་གནས་ལེགས་པར་བྱ། གནས་ཁང་ཕྱགས་དར་གྱིས་གཙང་བར་བྱས་པའི་གུང་དུ་སྐུ་གསུང་ཐུགས་ཀྱི་རྟེན་ཇི་ལྟར་རིགས་པ་བཀྲམ་པའི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་འབྲུ་དཀར་གྱིས་སིལ་མར་གཏོར་

p. 348

བའི་དབུས་སུ་མཆོད་རྟེན་བཞུགས་སུ་གསོལ། དེའི་སྟེང་དུ་ཐོག་ཁར་སྲུང་འཁོར་བླ་བྲེ་ལྟར་དབུབ། མཆོད་རྟེན་གྱི་མདུན་དུ་མེ་ཏོག་ལ་སོགས་པའི་མཆོད་པའང་ཇི་ལྟར་འབྱོར་བ་གཙང་ཞིང་བཀོད་མཛེས་སུ་བཤམ། བདུག་རྫས་མཚལ་དཀར་དང་སྤོས་དཀར་ཤུག་ཕྱེ་གཙང་མ་ལ་བསྲེས་པ། ཐུན་རྫས་ཡུངས་ཀར། སྲུང་རྫས་སྐུད་པ་སྣ་ལྔ་སུམ་སྒྲིལ་དུ་བྱས་ཤིང་རྡོ་རྗེའི་མདུད་པ་གསུམ་གྱིས་བཏབ་པ། བྱུག་རྫས་བ་དམར་སེར་གྱི་མར་སོགས་ཡོད་ན་རང་གི་ཉེ་ལོགས་གང་བདེར་བཞག མདུན་དུ་རྡོ་རྗེ། དྲིལ་བུ། འཐོར་ནས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ་མཚམས་དམ་དུ་གཅད་པར་བྱའོ། ༈ །གཉིས་པ་ནི། གཏེར་གཞུང་དུ་བདག་བསྐྱེད་ཀྱི་ཁ་གསལ་མེད་ཀྱང༌། ལས་དང་པོ་པ་བདག་མདུན་སོ་སོར་བསྒོམ་ན་དམིགས་པ་འཆར་བདེ་ཞིང་འགལ་བ་མེད་པས། ཐོག་མར་བདག་བསྐྱེད་ནི། གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ སྲིད་གསུམ་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །འདུས་པའི་འཁོར་ཚོགས་རིག་འཛིན་བྱང་ཆུབ་སེམས། །རྡོ་རྗེའི་སྐུ་བརྙེས་པདྨཱ་ཀ་ར་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །ཆོས་ཀྱི་རྒྱལ་པོ་ལྷ་སྲས་མུ་ཁྲི་བཙན། །ཟབ་གཏེར་མངའ་བརྙེས་བཟང་པོ་གྲགས་པ་དང༌། །མགོན་དེས་རྗེས་བཟུང་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་བཟློག །ཀུན་སྤངས་ཆེན་པོ་རི་བ་སངས་རྒྱས་དང༌། །འདུལ་བ་འཛིན་པ་ནམ་མཁའ་མཆོག་བཟང་པོ། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །སྔགས་འཆང་ཆེན་པོ་འཇམ་དབྱངས་རྒྱལ་མཚན་དང༌། །མཐུ་སྟོབས་མངའ་བདག་རིག་འཛིན་བདུད་འཇོམས་རྗེ། །ཐུགས་སྲས་སྔགས་འཆང་དབང་པོའི་སྡེ་ཉིད་ལ། །གསོལ་བ་འདེབས་སོ་

p. 349

འགལ་རྐྱེན་བར་ཆད་ཟློག །མ་ལུས་«་་་་་འདི་ནས་ཤློ་ཀ་གསུམ་ལྔ་པ་རིན་པོ་ཆེས་མཛད།» རྒྱལ་བའི་སྤྱི་གཟུགས་འཁོར་ལོའི་མགོན། །གང་འདུལ་སྤྲུལ་པའི་རོལ་པར་ཡོངས་ཤར་བ། །རིག་འཛིན་ཆེན་པོ་ངག་གི་དབང་པོ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །རིག་འཛིན་མཆོག་དེས་རྗེས་བཟུང་ཐུགས་ཀྱི་སྲས། །ཟབ་ཆོས་གདམས་པ་ཀུན་གྱི་མཛོད་འཛིན་པའི། །མཁྱེན་བརྩེ་ནུས་ལྡན་ཟུར་ཆེན་བླ་མ་རྗེར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །ཚེ་རབས་དུ་མར་པདྨཱ་ཀ་ར་ཡིས། །རྗེས་སུ་བཟུང་བའི་བཟང་པོའི་ལས་འཕྲོ་ཅན། །གང་ཤར་རང་སར་གྲོལ་བའི་རིག་འཛིན་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །པདྨ་ཕྲིན་ལས་«་་་་་འདི་མན་གསར་དུ་ཞལ་སྐོང༌།» གཏེར་བདག་གླིང་པ་སོགས། །བཀའ་སྲོལ་བྱིན་རླབས་དངོས་བརྒྱུད་བླ་མ་དང༌། །ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཤིང༌། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཁྱེད་རྣམས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་ཆོས་རྒྱལ་དབང་པོའི་སྡེས་མཛད་པའི་བརྒྱུད་འདེབས་ཞལ་སྐོང་དང་བཅས་པ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་དང་ཚོགས་ཀྱིས་མཆོག་རྣམས་ལ། །ཞེས་སོགས་སྐྱབས་སེམས་ཅི་ནུས་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་དང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་

p. 350

བརྗོད་ཅིང་གདོད་མའི་སྟོང་ཆེན་གྱི་དོན་དྲན་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཚོགས་གཉིས་ཀྱི་རང་འབྲས་སྲུང་འཁོར་ལྷ་དང་བཅས་པ་གསལ་གདབ་པ་ནི། ཆོས་ཀུན་ཀ་དག་སྤྲོས་དང་བྲལ་བའི་ངང༌། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་དང༌། །རྡོ་རྗེའི་རྭ་བ་དྲྭ་བ་གུར་བླ་རེ། །རྩེ་མོ་རྡོ་རྗེའི་ཏོག་གིས་ལེགས་མཚན་པར། །ཕྲ་རབ་རྡུལ་གྱི་རྡོ་རྗེས་ཡོངས་སུ་གཏམས། །ཕྱི་རོལ་ཁ་དོག་ལྔ་ལྡན་མེ་ཕུང་འབར། །གུར་ཁང་ནང་དུ་གསེར་འཁོར་བཅུ་གསུམ་རྩིབས། །རྩིབས་ལོགས་རྩ་རྩེ་རྒྱ་གྲམ་ལྟེ་བར་ཟུག །དེ་ནང་བཅུ་གསུམ་རྩིབས་རྩེ་ཕྱིར་བསྟན་པ། །གཡས་འཁོར་རྩིབས་ལ་སྔགས་རྣམས་གྱེན་འགྲེང་བ། །སྔགས་ཀྱི་སྒྲ་རྣམས་འབྲུག་སྟོང་ལྟ་བུར་ལྡིར། །འོད་ཟེར་འཕྲོ་ཞིང་ལྟེ་བར་བྷྲཱུྃ་ཡིག་ལས། གསེར་སྦྱངས་ལས་གྲུབ་བྱང་ཆུབ་མཆོད་རྟེན་ཆེ། །ལྟེ་བར་སེང་ཁྲི་པད་ཟླའི་གདན་སྟེང་དུ། །ཧཱུྃ་ལས་སྤྲུལ་སྐུ་ཤཱཀྱ་སེང་གེའི་སྐུ། །ས་གནོན་མཉམ་བཞག་བདུད་འདུལ་ཕྱག་རྒྱ་ཅན། །ཕྱག་«་་་་་འདི་ནས་ཚིག་རྐང་དྲུག་གཏེར་གཞུང་དང་མཐུན་པར་གསར་དུ་བཙུད་པའོ།» གཡས་རྡོ་རྗེ་གཡོན་པས་ལྷུང་བཟེད་ནང༌། །བསྲུང་བྱ་འདུད་པའི་ཚུལ་ཅན་འཛིན་པར་མཛད། །སྐུ་ཡིས་ཚངས་པའི་འཇིག་རྟེན་ཁྱོན་ཀུན་གང༌། །དེ་ཡི་ཐུགས་ནས་ཧཱུྃ་འཕྲོས་མདུན་སྟེང་དུ། །ཁྲོ་བོ་དུད་ཀ་དབྱུག་པ་བསྣམས་པ་ཡིས། །བགེགས་རྣམས་ཚར་གཅོད་བཀའ་ཉན་ལས་ཀུན་བྱེད། །རིག་འཛིན་བྱང་སེམས་ཉན་རང་འཁོར་གྱིས་བསྐོར། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ཡི། །ཧཱུྃ་ལས་འོད་འཕྲོས་རྟེན་དང་བརྟེན་པར་བཅས། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿས་དམ་ཡེ་དབྱེར་མེད་པར། །རིག་པའི་རང་རྩལ་ངང་དུ་རོ་གཅིག་གྱུར། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །

p. 351

ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་པས་མཆོད། མཚན་མཆོག་ལྡན་པ་དྲི་མེད་ཟླ་འདྲའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་སྤྱན་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ༈ །རང་ཉིད་ཐུབ་པར་གསལ་བའི་ཐུགས་ཀ་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་སོགས། །ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༌། །དྲིལ་བུ་ཐོགས་པ་སྟོང་གསུམ་ཁྱབ་སྤྲོས་པས། །ལོ་ཟླ་ཞག་དུས་ཟ་མའི་ཀེག་རིགས་དང༌། །ཆེ་སྲི་ཆུང་སྲི་དར་སྲི་ཕོ་ཡི་སྲི། །མོ་སྲི་ན་སྲི་དུར་སྲི་སྒོས་སྲི་དགྲ། །ཕུང་སྲི་རྒྱལ་སྲི་གདོན་སྲི་རྒན་གཞོན་སྲི། །ལོ་ཟླ་ཞག་དང་དུས་ཀྱི་སྲི་ངན་ཀུན། །སོ་སོའི་གཟུགས་དང་བྱད་དབྱིབས་ཇི་བཞིན་པ། །ཕྱི་ནང་རྩིབས་བར་བསྒོམས་པའི་གཟུངས་བྱང་ལ། །ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ །རྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བྃ། །མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོཿ །ཕྱེས་ཤིག་བཛྲ་པྲ་ཝེ་ཤ་ཡ་ཕཊ། །དབྱེར་མེད་སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཨཱ། །ཕྱི་ནང་རྩིབས་གཉིས་དྲག་ཏུ་འཁོར་བའི་བར། །གནོད་བྱེད་གདོན་བགེགས་ཕྱེ་མ་དུམ་བུར་གཏུབ། །སྔགས་ཕྲེང་ལས་འཕྲོས་མེ་ཡིས་གཞོབ་ཐུལ་བསྲེག །ཐལ་བ་རྡུལ་ཕྲན་ལྟ་བུར་བརླག་པར་གྱུར། །ཅེས་དམིགས་པའི་གསལ་སྣང་བརྟན་པོ་རྩེ་གཅིག་ཏུ་བསྐྱེད་ལ་གཟུངས་བཟླ་བ་ནི། རྒྱ་གར་སྐད་དུ༔ ཙཀྲ་ཛྭ་ལ་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྒྲུབ་ཐབས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་

p. 352

ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ་བདུད་བཏུལ་བའི་ཚེ༔ རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ༔ བཅོམ་ལྡན་འདས་བདག་ཅག་རིག་འཛིན་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་དགྲ་བགེགས་མང་ན་འདི་ལ་ཐབས་ཇི་ལྟར་བགྱི་ཞེས་ཞུས་སོ༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྔགས་དང་སྒྲུབ་ཐབས་ཡོད་ཀྱི༔ འདི་ལོངས་ཤིག༔ ཆོངས་ཤིག༔ ཀློགས་ཤིག༔ ཡིད་ལ་གྱིས་ཤིག༔ སྔགས་འདི་བཟླས་པ་ཙམ་གྱིས་བགེགས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ༔ བགེགས་ཐམས་ཅད་ལས་རྒྱལ་ཞིང་ཉམ་ང་བ་མེད་པར་འགྱུར་རོ༔ སྔགས་ནི་འདིའོ༔ ཨོཾ་དྷུ་རུ་དྷུ་རུ་ཙཀྲ༔ ཛ་ཡ་ཛ་ཡ་ཙཀྲ༔ ཧ་ན་ཧ་ན་ཙཀྲ༔ བྷུ་རུ་བྷུ་རུ་ཙཀྲ༔ བྷྲ་ར་མ་བྷྲ་ར་མ་ཙཀྲ༔ བྷེ་དུ་མ་ནི་ཙཀྲ༔ ཛྭ་ལ་ཛྭ་ལ་ཙཀྲ༔ སམྦྷ་བེ་ག་ན་ནཱ་ཡ་སཱ་ར་ཙཀྲ༔ སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔ ནཱ་ཤ་ཡ་ནཱ་ཤ་ཡ་ཙཀྲ༔ བཾ་བཾ་ཙཀྲ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ས་མནྟ་གཱི་ར་ཙཀྲ༔ ཏཱིཔྟ་ཙཀྲ་ཧཱུྃ་ཕཊ༔ ཅེས་པའི་སྔགས་འདི་བརྒྱ་སྟོང་སོགས་གང་འོས་བཟླས་པའི་མཐར། སྔགས་འདི་བཟླས་པ་ཙམ་གྱིས་སྲི་ཅན་དྲག་པོས་མི་སྡང་ཞིང་ཤི་ཁ་བྱེ་བ་ཐམས་ཅད་ཀྱི་སྲི་ལས་ཐར་བར་འགྱུར་རོ༔ དེ་སྐད་ཅེས་བཀའ་སྩལ་པ་དང་༔ རིག་འཛིན་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ༔ ཞེས་ཕན་ཡོན་ཀྱང་དོན་ཡིད་ལ་དྲན་བཞིན་པས་གདོན། སླར་ཡང་ཅུང་ཟད་བཟླས་རྗེས། རང་ཉིད་ཤཱཀ་ཐུབ་སྐུར་གསལ་ཕྱག་མཐིལ་གཉིས། །ཉི་ཟླར་གསལ་བའི་བར་དུ་ཀེག་ངན་དང༌། །སྲི་སོགས་གནོད་

p. 353

བྱེད་གདོན་བགེགས་མ་ལུས་པ། །ཕྱེ་མར་བཏགས་ནས་རྗེས་ཤུལ་མེད་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ་ཐལ་མོ་མཉམ་པར་སྦྱར་ཏེ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། བླ་མ་རྡོ་རྗེ་འཛིན་པའི་བཀའ་བདེན་པ་དང༌། མཉམ་མེད་ཤཱཀྱའི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་རྣམ་པར་དག་པའི་བཀའ་བདེན་པ་དང༌། རིག་འཛིན་སྔགས་འཆང་བདག་གི་བཀའ་བདེན་པ་དང༌། ཆོས་ཉིད་ངོ་བོ་ཀ་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་པར་བྱེད་པའི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་དང༌། ཁྱད་པར་དུ་ལོ་ཀག ཟླ་ཀག ཞག་ཀག ཟ་མའི་ཀག ཆེ་སྲི་ཆུང་སྲི་དར་སྲི་དུར་སྲི་ནད་སྲི་གོད་སྲིད་ཕུང་སྲི་རྒྱལ་སྲི་གདོན་སྲི་སོགས་ཐམས་ཅད་དགྲ་དང་བགེགས་ཀྱི་སྟེང་དུ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག ཅེས་བརྗོད་པ་དང་ཐལ་མོ་བསྒྱུར་ཞིང་བརྡབ་པ་ལན་གསུམ་གྱི་མཐར་སྤྲོ་ན། རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །ཅེས་འདོད་གསོལ་སྨོན་ལམ་དང༌། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས་བཀྲ་ཤིས་

p. 354

ཀྱང་བརྗོད། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྲུང་འཁོར་མཆོད་རྟེན་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། རང་ཐུབ་པ་ཆེན་པོའི་ང་རྒྱལ་བརྟན་པོའི་ངང༌། མདུན་བསྐྱེད་ཀྱི་མཆོད་པ་བྱིན་རླབས་རང་རང་གི་ལུགས་ཀྱི་རྒྱས་བསྡུས་གང་རུང་བྱས་ཀྱང་རུང་མོད། འདིར་སྤྱིར་བཏང་དུ། རྃ་ཡྃ་ཁྃ་གིས་བསང་སྦྱང༌། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། མཆོད་རྟེན་འཁོར་ལོ་དང་བཅས་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། མདུན་རྟེན་མི་དམིགས་སྟོང་པ་ཉིད་ཀྱི་ངང༌། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་དང༌། །རྡོ་རྗེའི་རྭ་བ་དྲྭ་བ་གུར་བླ་བྲེ། །རྩེ་མོ་རྡོ་རྗེའི་ཏོག་གིས་ལེགས་མཚན་པར། །ཕྲ་རབ་རྡུལ་གྱི་རྡོ་རྗེས་ཡོངས་སུ་གཏམས། །ཕྱི་རོལ་ཁ་དོག་ལྔ་ལྡན་མེ་ཕུང་འབར། །གུར་ཁང་ནང་དུ་གསེར་འཁོར་བཅུ་གསུམ་རྩིབས། །རྩིབས་ལོགས་རྩ་རྩེ་རྒྱ་གྲམ་ལྟེ་བར་ཟུག །དེ་ནང་བཅུ་གསུམ་རྩིབས་རྩེ་ཕྱིར་བསྟན་པ། །གཡས་འཁོར་རྩིབས་ལ་སྔགས་རྣམས་གྱེན་འགྲེང་བ། །སྔགས་ཀྱི་སྒྲ་རྣམས་འབྲུག་སྟོང་ལྟ་བུར་ལྡིར། །འོད་ཟེར་འཕྲོ་ཞིང་ལྟེ་བར་བྷྲཱུྃ་ཡིག་ལས། །གསེར་སྦྱངས་ལས་གྲུབ་བྱང་ཆུབ་མཆོད་རྟེན་ཆེ། །ལྟེ་བར་སེང་ཁྲི་པད་ཟླའི་གདན་སྟེང་དུ། །ཧཱུྃ་ལས་སྤྲུལ་སྐུ་ཤཱཀྱ་སེང་གེའི་སྐུ། །ས་གནོན་མཉམ་གཞག་བདུད་འདུལ་ཕྱག་རྒྱ་ཅན། །ཕྱག་གཡས་རྡོ་རྗེ་གཡོན་པས་ལྷུང་བཟེད་ནང༌། །བསྲུང་བྱ་འདུད་པའི་ཚུལ་ཅན་འཛིན་པར་མཛད། །སྐུ་ཡིས་ཚངས་པའི་འཇིག་རྟེན་ཁྱོན་ཀུན་གང༌། །དེ་ཡི་ཐུགས་ནས་ཧཱུྃ་འཕྲོས་མདུན་སྟེང་དུ། །ཁྲོ་བོ་དུད་ཀ་

p. 355

དབྱུག་པ་བསྣམས་པ་ཡིས། །བགེགས་རྣམས་ཚར་གཅོད་བཀའ་ཉན་ལས་ཀུན་བྱེད། །རིག་འཛིན་བྱང་སེམས་ཉན་རང་འཁོར་གྱིས་བསྐོར། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ཡི། །ཧཱུྃ་ལས་འོད་འཕྲོས་རྟེན་དང་བརྟེན་པར་བཅས། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ །ཞེས་དང་སྤྲོ་ན། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེར་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཞེས་སོགས་ཚིགས་བཅད་རྒྱས་བསྡུས་ཇི་ལྟར་རིགས་པས་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །

p. 356

རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་སྔགས་དང་བཅས་པས་སྐུ་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་སྐུ་ཕྱི། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ། ཞེས་པས་གོས་ཟུང་དབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ་བ་ལ། ཛཿཧཱུྃ་བྃ་ཧོཿས་དམ་ཡེ་དབྱེར་མེད་པར། །མདུན་བསྐྱེད་ལྷ་ཚོགས་རྣམས་དང་རོ་གཅིག་གྱུར། །ཅེས་བརྗོད་པས་མདུན་བསྐྱེད་དང་དབྱེར་མེད་དུ་བཞུགས་པར་བསམ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ཚང་བའམ་ཕྱག་མཆོད་ཙམ་དང༌། མཎྜལ་རྒྱས་པའམ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་ཚར་གྲངས་ཇི་ལྟར་རིགས་པས་དབུལ། མཚན་མཆོག་ལྡན་པ་དྲི་མེད་ཟླ་འདྲའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱེད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་སྤྱན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བསྡུ་ན་སྤྱན་འདྲེན་སོགས་མ་བྱས་ཀྱང་ཆད་པའི་སྐྱོན་མེད་པས་བདག་བསྐྱེད་སྐབས་ལྟར་བྱས་ཀྱང་རུང༌། དེ་ནས། བདག་མདུན་ཐུབ་པར་གསལ་བའི་ཐུགས་ཀ་ནས། །ལག་ན་རྡོ་རྗེ་སོགས་ནས་གཟུངས་བཟླས་པའི་བར་གོང་ལྟར་ལ། ཐུན་གྱི་དངོས་གཞིར་བཟླས་པ་གང་འགྲུབ་བྱ། ཐུན་བསྡུ་རན་པ་ན་བདུག་རྫས་སོགས་ཡོད་ན་ཕུས་གདབ་ཅིང་བསྔགས།

p. 357

སྔགས་འདི་བཟླས་པ་ཙམ་གྱིས་སོགས་ཕན་ཡོན་དང༌། བདག་མདུན་ཤཱཀ་ཐུབ་སྐུར་གསལ་སོགས་ཐལ་རྡེབ་བར་གོང་ལྟར་བྱ། དེ་ནས་མདུན་བསྐྱེད་ལ་གཏང་རག་གི་ཚུལ་དུ། མེ་ཏོག་དམ་པ་སོགས་ཀྱིས་མཆོད། མཚན་མཆོག་ལྡན་པ་སོགས་ཀྱིས་བསྟོད། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱེ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་བཅས་བརྟན་བཞུགས་བྱ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་ཞེས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཐུབ་པའི་དབང་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང༌། ཆེ་བའི་ཆེ་མཆོག་ལྟ་བུ་མདོ་རྒྱུད་ལས་བྱུང་བས་མཚོན་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་མཐའ་བརྒྱན་ཏེ་སྤྱོད་ལམ་ལ་འཇུག ཐུན་མཚམས་རྣམས་སུ། ཇི་སྙེད་སུ་དག་སོགས་དང་བཅས་མཆོད་རྟེན་ལ་ཕྱག་དང༌། གཟུངས་བཟླ་བཞིན་དུ་བསྐོར་བ་ཉེར་གཅིག་སོགས་གང་འགྲུབ་རེ་བྱ། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞི་སོགས་སུ་བཅད་ལ་གཟུངས་འབུམ་ཕྲག་གཅིག་བཟླ་བར་གསུངས། དེའང་ཟླ་བ་གཅིག་ལ་མཚོན་ན་ཐོག་མར་ཞག་གསུམ་ཙམ་དུ་བདག་བསྐྱེད་གཙོ་བོར་བཏོན་ལ་མཇུག་ཏུ་མདུན་བསྐྱེད་མ་ཆག་ཙམ་བྱ། དེ་ནས་དངོས་གཞི་བདག་བསྐྱེད་བསྒོམ་བཟླས་ཅུང་ཟད་རེ་སྔོན་དུ་འགྲོ་བས་མདུན་

p. 358

བསྐྱེད་གཙོ་བོར་བཏོན་ལ། གཟུངས་སྔགས་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་འགྲོ་ངེས་སུ་བྱའོ། །གསུམ་པ་ནི། སྒྲུབ་པ་གྲོལ་ནས་འཁོར་ལོ་དང་མཆོད་རྟེན་མཆོད་གྲལ་ལྟ་བུའི་གནས་སུ་བཀུར་སྟི་དང་བཅས་ཏེ་བཞུགས་སུ་གསོལ་ཞིང་མཆོད་པར་བྱ། འཁོར་ལོ་མང་པོ་ཡོད་ན་སྤྱི་བཞིན་དུ་ལྟེ་བ་མ་ཉམས་པར་བལྟབས་ལ་ཚོན་སྐུད་ཀྱིས་བཅིང༌། སླར་ཡང་རབ་གནས་མདོར་བསྡུས་དང་བཅས་བསྲུང་བྱ་ལ་གདགས་ཀྱང་ལེགས། བདུག་རྫས་ཀྱིས་བདུགས་པ་དང༌། སྔགས་མར་བྱུགས་ཤིང་སྲིའུ་སོགས་ལ་ནུ་ཞོ་དང་སྦྱར་ནས་སྦྱིན་ཀྱང་རུང༌། སྲུང་སྐུད་མགུལ་ལམ་དཔུང་བར་གདགས། གནོད་འཚེ་སོགས་བྱུང་བའི་སྐབས་སུ་གཟུངས་སྔགས་བཟླ་བཞིན་ཡུངས་ཀར་གྱིས་བྲབས་པ་རྣམས་ལག་ཏུ་བླངས་པས་སྲི་ཀེག་ཐམས་ཅད་ལས་ཐར་བར་འགྱུར་བ་ནི་ངེས་པའོ།། ༈ །ཞར་བྱུང་དམིགས་རིམ་གྱི་གསལ་བྱེད་ཅུང་ཟད་བཤད་ན། སྭ་བྷཱ་ཝའི་སྔགས་བརྗོད་པ་དང་ལྷན་ཅིག གཟུང་འཛིན་ལྟར་སྣང་བའི་ཆོས་ཐམས་ཅད་གདོད་མའི་སྟོང་ཆེན་ཀ་དག་གི་དབྱིངས་སུ་ཐིམ་པའི་རང་རྩལ་ཧཱུྃ་གསེར་གྱི་མདོག་ཅན་ཡོངས་སུ་གྱུར་པ་ལས། འོག་གཞི་སྣ་ཚོགས་རྡོ་རྗེ་དབང་ཆེན་གསེར་གྱི་ས་གཞི་དང་མཉམ་པའི་བར་མཚམས་ཐམས་ཅད་སྣ་ཚོགས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གཏམས་པ། དེའི་མཐའ་སྐོར་ནས་གྱེན་དུ་རིམ་པར་ཟླུམ་པའི་རྡོ་རྗེའི་རྭ་བ་སྟེང་ནས་གུར་ཁང་ལྕགས་རྨོག་ཁ་སྦུགས་པ་ལྟ་བུ་དང་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་རྡོ་རྗེའི་དྲྭ་བ་དང་དྲྭ་ཕྱེད་ནང་གི་བར་སྣང་དུ་རྡོ་རྗེའི་བླ་བྲེ། རྩེར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ཡོད་པའི་སྟེང་དུ་རྡོ་རྗེ་རྭ་གདེངས་པ་ཕྱེད་པའི་ཏོག་གིས་མཚན་པ། དེ་དག་ཐམས་ཅད་ཀྱི་བར་མཚམས་ཀུན་ཏུ་རྡོ་རྗེ་ཆུང་ངུས་ཞལ་བའི་མིག་ཚག་ལྟར་བཀག་

p. 359

པས་ཤིན་ཏུ་འཐས་པར་འགྱུར་པས་ཕྱི་ནས་རླུང་མི་ཐར་ཞིང༌། ནང་ནས་ཆུ་མི་འཛག་པ་ལྟ་བུའི་སྲ་ཞིང་མཁྲེགས་པ། ཕྱི་རོལ་ཏུ་མེ་ཕུང་ཁ་དོག་ལྔ་ལྡན་དུ་འུར་འུར་འབར་བའི་སྒྲ་དང་བཅས་པ། དེ་ལྟ་བུའི་སྲུང་འཁོར་གྱི་ནང་དུ་གསེར་ལས་གྲུབ་པའི་འཁོར་ལོ་སིལ་སྙན་ཁ་སྦྱར་བའི་ལོ་མ་རྩིབས་ཀྱི་དཔལ་ཁ་གཏོར་བ་ལྟ་བུའི་ནང་ཁོང་སེང་ཅན་ཕྱོགས་འཁོར་བཅུ་གསུམ་རྩིབས་ནང་དུ་ལོག་པའི་རྣམ་པ་སྟེ། དཔེར་ན་ཁུག་མ་གྲུ་བཞིའི་ཟུར་ནང་དུ་སློག་པ་ལྟར་དཔལ་རྩེ་ནང་དུ་ལོག་ཅིང༌། རང་རང་གི་སྦུབས་ཕྱི་ལ་ཧུ་རེ་མངོན་པ་ཆུ་འཁོར་ལྟ་བུའི་འཕྲུལ་དང་ལྡན་པ། ལྟེ་བའི་སྦུབས་ཀྱི་ཡས་མས་ཀྱི་དབུས་ནས་མདུང་སོ་ལྟ་བུའི་ཁོང་སེང་ཅན་གྱི་རྩིབས་རྩེ་གཉིས་སྲུང་འཁོར་གྱི་སྟེང་འོག་གི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་མ་ཎིའི་འཁོར་ལོའི་རྟིང་ལྕགས་ལྟར་ཟུག་པ། དེའི་ནང་དུ་སྤུ་གྲི་མཚོན་འཁོར་གྱི་རྣམ་པ་ཅན་གྱི་འཁོར་ལོ་རྩིབས་བཅུ་གསུམ་པའི་རྩེ་མོ་ཕྱིར་བསྟན་པ་གཡས་སུ་འཁོར་བའི་སྟེང་དུ། ཨོཾ་དྷུ་རུ་དྷུ་རུ་སོགས་སྔགས་མཚན་བཅུ་གསུམ་གྱེན་དུ་འགྲེང་ཞིང་སྔགས་འབྲུ་རང་རང་གི་སྒྲ་འབྲུག་སྟོང་ལྟར་ལྡིར་བ་ཉི་མ་བྱེ་བའི་གཟི་འོད་ཅན། དེའི་ལྟེ་བར་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་གསེར་བཙོ་མ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་མཚན་ཉིད་ཐམས་ཅད་རྫོགས་པ་ཡངས་ཤིང་རྒྱ་ཆེ་བ། དེའང་གཏེར་གཞུང་ལས་མཆོད་རྟེན་ཁ་དོག་དཀར་པོར་བྱ་བར་གསུངས་པ་ཙམ་ལས་བསྒོམ་དོན་སྐབས་ཀྱི་ཁ་དོག་མི་གསལ་ཞིང་རིག་འཛིན་པད་ཕྲིན་སོགས་ཀྱིས་ཀྱང་དམིགས་བསལ་མ་གསུངས་མོད། འདིར་ཀུན་མཁྱེན་ལྔ་པའི་གསུང་སོར་བཞག་པ་ཡིན། དེའི་བུམ་པའི་ནང་དུ་ཧཱུྃ་གསེར་མདོག་ཡོངས་སུ་གྱུར་པ་ལས་བདུད་བཞིས་བཏེག་པའི་རིན་ཆེན་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་ཐུབ་པའི་དབང་བོ་སྐུ་ཤིན་ཏུ་

p. 360

ཆེ་བ་ཚངས་པའི་འཇིག་རྟེན་གྱི་ཁྱོན་གང་བ་སྐུ་མདོག་སེར་པོ། གཡས་རྡོ་རྗེ་དང་བཅས་ས་གནོན་དང༌། གཡོན་མཉམ་གཞག་གི་སྟེང་དུ་ལྷུང་བཟེད་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་ཞིང་མཚན་དཔེའི་གཟི་བྱིན་འབར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷུང་བཟེད་ཀྱི་ནང་དུ་བསྲུང་བྱ་མངོན་སུམ་ལྟ་བུ་གོས་རྒྱན་གཟབ་འཕྱོར་དང་བཅས་ཏེ་ཐུབ་པའི་དབང་པོའི་ཞལ་ལ་བལྟ་ཞིང་སྐྱབས་གསོལ་བའི་ཚུལ་གྱིས་ཐལ་མོ་སྦྱར་ཏེ་འཁོད་པ། ཐུབ་པའི་ཐུགས་ནས་ཧཱུྃ་འཕྲོས་པས་མདུན་དུ་ལས་བྱེད་ཀྱི་ཁྲོ་བོ་དུད་ཀ་གཡས་རྡོ་རྗེའི་དབྱུག་པ་འཕྱར་བས་བགེགས་རྣམས་ཚར་གཅོད་དང༌། གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲང་བས་ཐམས་ཅད་ལས་ལ་བཀོལ་བ། འཁོར་རིག་འཛིན། བྱང་སེམས། ཉན་ཐོས། རང་རྒྱལ་ཏེ་ཐེག་པ་ཡོངས་རྫོགས་ཀྱི་དགེ་འདུན་དཀོན་མཆོག་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པས་བསྐོར་བ་གསལ་གདབ། གནས་གསུམ་བྱིན་རླབས། ཡེ་ཤེས་པ་བསྟིམ་པ། མཆོད་བསྟོད་སོགས་གཞུང་གསལ་ལྟར་དང༌། རང་དང་མདུན་བསྐྱེད་ཀྱི་གཙོ་བོའི་ཐུགས་ཀ་ནས་ལག་ན་རྡོ་རྗེ་དང༌། ཁྲོ་བོ་སྟོབས་པོ་ཆེ་ལ་སོགས་ཕྱག་རྒྱ་བཞི་ལྡན་གྱི་ཕོ་ཉ་ནམ་མཁའ་གང་བར་སྤྲོས་པས། འཁོར་ལོ་ཕྱི་ནང་གི་རྩིབས་བར་དུ་སྲི་རྐང་བཅུ་གསུམ་གཙོ་བོར་འགྱུར་བའི་གནོད་བྱེད་འབྱུང་པོའི་གཟུགས་བརྙན་མངོན་སུམ་ལྟ་བུར་གསལ་བ་ལ་དེ་རྣམས་ཀྱི་རྣམ་ཤེས་དགུག་གཞུག་འཆིང་མྱོས་དབྱེ་ཞིང་དབབ་པས་དབྱེར་མེད་དུ་གྱུར། སྔགས་བཟླས་པའི་རྐྱེན་གྱིས་ཕྱི་རྩིབས་གཡོན་དང༌། ནང་རྩིབས་གཡས་སུ་འཁོར་བའི་སོ་འཐབ་བར་དུ་སྤུ་གྲིས་ཤ་བཙབས་པ་ལྟར་ཐར་ཐར་དུ་རྡུལ་དུ་བརླག སྔགས་ཕྲེང་ལས་བྱུང་བའི་མེ་ལྕེས་རོ་མའང་ཐལ་བ་བུན་བུན་དུ་བསྲེགས་པས་དམིགས་

p. 361

མེད་ཀ་དག་གི་དབྱིངས་སུ་ཐིམ་པར་བསམས་ལ་གཟུངས་སྔགས་རྩ་གཅིག་ཏུ་བཟླ། མཐར་བདེན་བརྗོད་ཐལ་རྡེབ་སོགས་ཀྱི་དམིགས་པ་ནི་གོ་སླའོ། །རྒྱུན་ཁྱེར་དང་ཚོགས་འདོན་ལྟ་བུར་ནི་བདག་བསྐྱེད་རྐྱང་པས་འཐུས། མཆོད་རྟེན་སྒྲུབ་པའི་མདུན་བསྐྱེད་སྐབས། བདག་ཉིད་མདུན་བསྐྱེད་ཀྱི་ཐུབ་པའི་མདུན་དུ་ཞལ་སྤྲོད་ཀྱིས་འཁོད་པར་མོས་པས་ཆོག དེ་ལྟ་བུའི་ལག་ལེན་དང་དམིགས་རིམ་ནི་གཙོ་བོར་རིག་འཛིན་ཡོལ་མོ་པའི་ཞལ་གདམས་སྐྱི་སྟོན་གུ་རུ་ཚེ་བརྟན་གྱི་གསུང་རྒྱུན་ལྟར་ཀུན་མཁྱེན་ལྔ་པ་རིན་པོ་ཆེས་ལྗགས་བསྒྲིགས་སུ་མཛད་པ་ཉིད་དེང་སང་གྲགས་ཆེ་བས་དེ་ལྟར་བཀོད་པ་ཡིན་ལ། གཏེར་གཞུང་དུ་འཁོར་ལོ་རྩིབས་བཞི་པ་ཞེས་དང༌། རིག་འཛིན་པད་ཕྲིན་གྱིས་རྩིབས་བཅུར་མཛད་པ་སོགས་འདྲ་མིན་ཅུང་ཟད་སྣང་བས་ལུགས་དེ་ལ་མོས་ན་རིག་འཛིན་མཆོག་གི་ཡིག་ཆ་ལེ་ཚན་གྱི་དགོངས་དོན་ལྟར་ཉམས་སུ་བླངས་པས་དོན་གྲུབ་པ་ཉིད་དོ། །སྔགས་རིག་གྲུབ་པའི་རལ་གྲི་བཞིན། །གདམས་པ་འདི་བརྗོད་བསོད་ནམས་མཐུས། །འགྲོ་ཀུན་བར་ཆད་བདུད་ལས་རྒྱལ། །ཕན་བདེའི་མཆོག་ལ་རེག་གྱུར་ཅིག །ཅེས་པའང་རང་གཞན་མང་པོར་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་ཕན་པའི་བསམ་པས་ཀུན་ནས་བསླངས་པའི་ཡིད་ཀྱིས་ཟིན་ཐུན་ཉུང་ངུ་འདིའང་འཇམ་དབྱངས་བླ་མེད་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། ༈ །ཕྱིར་ཟློག་འཁོར་ལོ་འབར་བའི་ཙཀྲ་བཅའ་ཚུལ་བཞུགས་སོ། །ན་མཿཤཱཀྱ་མུ་ན་ཡེ། སྤྲུལ་སྐུ་བཟང་པོ་གྲགས་པའི་གཏེར་བྱོན་ཕྱིར་ཟློག་གི་འཁོར་ལོའི་བཅའ་ཚུལ་ནི། རྒྱ་ཤོག་ལ་མཚལ་ལམ་རྒྱ་སྣག་གིས་མཚོན་ཆའི་འཁོར་ལོ་རྩིབས་བཅུ་གསུམ་དཔལ་དང་བཅས་པ། དེའི་ཕྱི་རོལ་དུ་རྡོ་རྭ་མེ་རི། འཁོར་ལོའི་ལྟེ་བ་ཡངས་པར་

p. 362

བྱང་ཆུབ་མཆོད་རྟེན་སེར་པོ། དེའི་བུམ་པའི་ནང་དུ་གསེར་གྱི་ཧཱུྃ་གི་ཁོག་པར་ནྲྀ་ལྗང་གུ། དེའི་ཁོག་པར་ཨ་དཀར་པོ། རྩིབས་བཅུ་གསུམ་ལ། ཨོཾ་དྷུ་རུ་དྷུ་རུ་ཙཀྲ་འཆང་བ་པོ་ལ་ཆེ་སྲི་ཐམས་ཅད་རཀྵ་རཀྵཿ དེ་བཞིན་དུ། ཛ་ཡ་ཛ་ཡ་ཙཀྲ་འཆང་བ་པོ་ལ་ཆུང་སྲི༴ ཧ་ན་ཧ་ན་ཙཀྲ་འཆང་བ་པོ་ལ་དར་སྲི༴ བྷུ་རུ་བྷུ་རུ་ཙཀྲ་འཆང་བ་པོ་ལ་ཕོ་སྲི༴ བྷྲ་མ་ར་བྷྲ་མ་ར་ཙཀྲ་འཆང་བ་པོ་ལ་མོ་སྲི༴ བྷི་དུ་མ་ནི་ཙཀྲ་འཆང་བ་པོ་ལ་ནད་སྲི༴ ཛྭ་ལ་ཛྭ་ལ་ཙཀྲ་འཆང་བ་པོ་ལ་དུར་སྲི༴ སཾ་བྷ་ག་ཝེ་ག་ན་ནཱ་ཡ་སཱ་ར་ཙཀྲ་འཆང་བ་པོ་ལ་རྒན་སྲི༴ སཱ་ལ་ཡ་སཱ་ལ་ཡ་ཙཀྲ་འཆང་བ་པོ་ལ་གཞོན་སྲི༴ ནཱ་ཤ་ཡ་ནཱ་ཤ་ཡ་ཙཀྲ་འཆང་བ་པོ་ལ་ལོའི་སྲི༴ བྃ་བྃ་ཙཀྲ་འཆང་བ་པོ་ལ་ཟླ་བའི་སྲི༴ ཧཱུྃ་ཧཱུྃ་ཕཊ་ཕཊ་ས་མནྟ་གཱི་ར་ཙཀྲ་འཆང་བ་པོ་ལ་ཞག་གི་སྲི༴ ཏཱིཔྟ་ཙཀྲ་ཧཱུྃ་ཕཊ་འཆང་བ་པོ་ལ་དུས་ཚོད་ཀྱི་སྲི་ངན་ཐམས་ཅད་རཀྵ་རཀྵ༴ ཞེས་བྲི། མཆོད་རྟེན་བྲི་མ་གྲུབ་ན་བྷྲཱུྃ་ཡིག་གི་ཁོག་པར་ཧཱུྃ་ཡིག་སོགས་བྲིས་ཀྱང་རུང༌། གང་ལྟར་ཡང་གུར་གུམ། གི་ཝཾ། ཆོས་སྨན་གྱིས་བྱུག འཁོར་ལོ་གཞུང་གི་དམིགས་པ་ལྟར་བསྐྱེད་བསྟིམ་དང༌། མུ་ནེ། རང་སྔགས། རྟེན་འབྲེལ་སྙིང་པོ་བཅས་ཀྱིས་རབ་གནས་བྱ། ལེགས་པར་བལྟབས་ལ་ཚོན་སྐུད་སྣ་ལྔས་དཀྲིས་ནས་སྤྱི་བོའམ་མགུལ་དུ་འཆང་ན་སྲི་ཅན་གྱི་གནོད་པ་ཐམས་ཅད་སྲུང་བར་ངེས་སོ། །འདི་གཏེར་གཞུང་དུ་མི་གསལ་ཀྱང་བསྒོམ་བྱ་དང་མཐུན་པར་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་གྱིས་ཕྱག་ལེན་ཞལ་ཤེས་ཡིན་གསུངས་འདུག དེའང་མཆོད་རྟེན་སྒྲུབ་པ་དང་འབྲེལ་བའི་ཚེ་དཀྱུས་སུ་སྨོས་པའི་བྲི་ཡིག་ལྟར་བྲི་བར་བྱ་བ་ཡིན་ལ། བསྒྲུབ་བྱ་ལ་འདོགས་པའི་སྐབས་འདིར་བཤད་པ་བཞིན་བྲིས་ན་ལེགས། རབ་གནས་ནི་མཆོད་རྟེན་སྒྲུབ་པ་དང་འབྲེལ་སྐབས་ཐོག་མར་ཕྱོགས་གཅིག་ཏུ་རབ་གནས་རྒྱས་བསྡུས་གང་རིགས་བྱས་ནས་བླ་རེའི་ཙཀྲའི་སྟེང་ནས་རིམ་པར་བརྩེགས་ལ་བཤམས་ཏེ་དམིགས་པས་ཁྱབ་པར་བྱས་ན་ལེགས་ཤིང༌། ཙཀྲ་རྐྱང་པའི་སྐབས་འཁོར་ལོ་བྲི་བ་དང་རྫས་བྱུག་

p. 363

པ་གྲུབ་ནས་མདུན་དུ་སྟེགས་བུའི་དབུས་མེ་ཏོག་སིལ་མ་བཀྲམ་པའི་སྟེང་དུ་བཞག མཆོད་པ་ཅི་འབྱོར་བཤམ། བདག་བསྐྱེད་དང་སྦྱང་ཁྲུས་རྒྱས་བསྡུས་གང་རིགས་བྱ། དེ་ནས་འཁོར་ལོ་བསང་སྦྱངས། འཁོར་ལོ་མི་དམིགས་སྟོང་པ་ཉིད་ཀྱི་ངང༌། ཞེས་སོགས་ནས་བཟླས་པའི་བར་མཆོད་རྟེན་སྒྲུབ་པའི་མདུན་བསྐྱེད་ལྟར་ལ། སྔགས་མུ་ནེ་ཅི་ནུས། རང་སྔགས་བརྒྱ་རྩ། རྟེན་སྙིང་ཉེར་གཅིག་ཙམ་བཟླས་མཐར། ཕན་ཡོན་དང་ཐལ་རྡེབ་ནས་བརྟན་བཞུགས་པར་བྱས་རྗེས། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་བྲིས་པའི་འཁོར་ལོ་འོད་འབར་བའི་རྣམ་པ་ནུས་བྱིན་དང་ལྡན་པར་བསམས་ལ། སླར་ཡང་རྟེན་འབྲེལ་སྙིང་པོ་མང་དུ་བཟླས་པའི་མེ་ཏོག་འཐོར། བསྔོ་སྨོན་དང་ཤིས་བརྗོད་སོགས་རྒྱས་པར་བྱས་ནས་ལྟེ་བ་མ་ཉམས་པར་བལྟབས་ལ་ཚོན་སྐུད་སྣ་ལྔ་འབྱུང་ཁམས་མཐུན་སྡེབ་ཀྱིས་དཀྲིས་ཏེ་བསྒྲུབ་བྱའི་སྤྱི་བོའམ་མགུལ་དུ་གདག་གོ །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ། །།སརྦ་དཱ་སཏྭ་བི་ཝ་ཡནྟུ།། །།

ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་སྒོམ་ལུང་མན་ངག་དང་བཅས་པའི་སྐོར་རྣམས།

p. 364
p. 365

ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་སྒོམ་ལུང་མན་ངག་དང་བཅས་པའི་སྐོར་རྣམས་བཞུགས་སོ།།

p. 366

ཨོཾ་ཀ་མ་ལ་བཱ་སི་ནི་ཀ་མ་ལེ་མ་ཧཱ་ལཀྵྨཱི་རཱ་ཛྱྃ་མེ་དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། གསང་སྔགས་འདི་ནི་«རྗེ་བཙུན་སྒྲོལ་མ་»དཔལ་ཆེན་མོའི་སྙིང་པོའོ། །རྟག་ཏུ་བཟླས་པ་བྱས་ན་«འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་སོགས་»ཕུན་སུམ་ཚོགས་པའི་མཆོག་སྟེར་བར་འགྱུ«༡»ར་རོ། «།རིན་ལ་མ་བརྩེགས་པར་ཉོས་པ་ནི།» ཇི་ལྟ་བ་བཞིན་དུ་རྙེད་པ་«སྟེ་དེ་ལྟ་བུའི་སྒོ་ནས་བསྒྲུབས་པའི་དཀར་ཞིང་དྲི་བསུང་དང་ལྡན་པ»འི་མེ་ཏོག་གི་སྦྱིན་སྲེག་གིས་«བསོད་ནམས་དང་འབྱོར་པའི་»དཔལ་ཆེན་པོ་«ཐོབ་པ»ར་འགྱུར་ཞིང་«ལྷ་ཀླུ་གནོད་སྦྱིན་མོ་དང་རྒྱལ་རིགས་སོགས་»མངོན་པར་འདོད་པའི་བུ་མོ་འགྲུབ་པར་འགྱུ«༢»ར་«བ་སྟེ་དབང་དུ་བྱེད་པར་འགྱུར་»རོ། །རས་བལ་གྱི་ས་བོན་གྱི་ཚད་ཙམ་«དུ་བྱས་པའི་»གུ་གུལ་གྱི་རིལ་བུ་«ཀ་ར། བུ་རམ། སྦྲང་རྩི་སྟེ།» མངར་གསུམ་ལ་བཏགས་པ་«སྟེ་སྦྱར་བ»འི་སྦྱིན་སྲེག་འབུམ་མམ་«ཡང་ན་མེ་ཏོག་»པདྨ་«དཀར་པོ»འི་སྦྱིན་སྲེག་འབུམ་གྱིས་«འཁོར་ལོས་སྒྱུར་བ་ལ་སོགས་པའི་»རྒྱལ་སྲིད་སྒྲུ«༣»བ་«པར་འགྱུར་བ་སྟེ་ཐོབ་»པར་བྱེད་དོ། །ཞེས་འཇམ་དཔལ་དཔའ་བོ་གྲུབ་པའི་རྒྱུད་ཀྱི་ལེའུ་གཉིས་པ་ལས་སོ། «།ལེའུ་གཉིས་པ་ལ་སྔགས་ཀྱི་སྡེ་ཚན་ཉི་ཤུ་ཡོད་པ་ལས་འདི་བཅུ་བཞི་པའོ།། » ༈ །སྭ་སྟི། རྒྱལ་བ་སྟོན་པ་ལ་བཏུད་ནས། །རྣམ་ཐོས་སྲས་ཀྱི་བཙུན་མོར་གྲགས། །ལྷ་མོ་དཔལ་གྱི་

p. 367

སྒྲུབ་ཐབས་ནི། །ཤིན་ཏུ་རྙེད་པར་དཀའ་ཕྱིར་བཤད། །གཙང་སྦྲ་ཅན་གྱི་གཏོར་མ་རྒྱ་ཆེར་བཤམ། བསང་སྦྱངས། སྟོང་པའི་ངང་ལས་གཏེར་གྱི་བུམ་པ་དགུའི་སྟེང་དུ་པད་ཟླ་ལ་སེང་གེའི་གདན། དེའི་སྟེང་དུ་ཤྲཱིཾ་ཡིག་ཡོངས་སུ་གྱུར་པ་ལས། ལྷ་མོ་དཔལ་ཆེན་མོ་ལྗང་གུ་སྒེག་ཅིང་བཞད་པ་སྤྱན་གདངས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་ནོར་བུས་མཚན་པའི་པདྨ་དང༌། གཡོན་སྐྱབས་སྦྱིན་མཛད་པ། འཁོར་གནོད་སྦྱིན་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དབང་ལྷ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། གཤིན་རྗེ་གཤེད་ཀྱིས་དབུར་བརྒྱན། ཨོཾ་ཤྲཱི་དེ་བཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཤེས་རབ་ཕ་རོལ་ཕྱིན་པ་མོ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཚུལ། །དཔལ་གྱི་ལྷ་མོ་དེ་ལ་བསྟོད། །ཨོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ། མ་ཧཱ་ལཀྵྨཱི་རཱ་ཛྱྃ་མེ། དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། ཞེས་ཅི་འགྲུབ་ཏུ་བཟླ། གཏོར་མ་

p. 368

འབྲུ་གསུམ་གྱིས་བྱིན་གྱི་བརླབས་ནས། ཨོཾ་ཤྲཱི་དེ་བཱི་ས་པ་རི་ཝཱ་རེ་བྷྱཿལ། ཨ་ཀཱ་རོ་བཏགས་པས་དབུལ། མཆོད་བསྟོད། འདོད་དོན་གསོལ་བ་གདབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་འདྲའོ། །འདི་ལ་སྒོམ་ལུང་འབོགས་པ་ལས་གཞན་པའི་རྗེས་གནང་མི་དགོས། དཔའ་བོ་ཆིག་སྒྲུབ་ཀྱི་རྒྱུད་ལ་བརྟེན་པར་མངོན་ཅིང༌། ཇོ་བོའི་མན་ངག་བཀའ་གདམས་པ་རྣམས་ལས་བརྒྱུད་པའི་གདམས་པ་ངོ་མཚར་ཅན་ཡིན་ནོ། །ཀུན་ལ་མ་གྲགས་རྙེད་དཀའ་བ། །ཐོས་པ་ཉུང་བའི་སྐྱོན་ཡིན་ཏེ། །སྔགས་རྒྱུད་ཤེས་རྣམས་ཡིད་དགའི་གནས། །སྙིང་ནས་ཡིད་ཆེས་གསལ་པོར་བཀོད། །ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་ཀྱི་ལེ་མཚན་ནོ།། ༈ །ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ལྷ་མོ་དཔལ་གྱི་གཡང་སྐྱབས་ནི། །འགྲོ་བ་རྣམས་ལ་ཕན་ཕྱིར་བྲི། །གཞི་ནི་དཀར་པོ་གཙང་མའི་སྟེང༌། །ནས་ཀྱི་པདྨ་འདབ་བརྒྱད་བྲི། །དེ་སྟེང་གཡང་བཤོས་དཔེའུ་རིས་ལྟར། །སྡེར་གཙང་ཆག་གས་མེད་པར་བཤམ། །གཡས་གཡོན་མདུན་དུ་ནས་ཚོམ་གསུམ། །དེ་སྟེང་དཀར་གཏོར་གསུམ་བཞག་གོ །དེ་མཐར་གྲོ་དང་གྲོ་མ་དང༌། །མར་དང་ཐུད་ཀྱི་སྔར་ཆུང་གཟུགས། །བྲུང་གི་ཚུལ་དུ་འཁོར་བར་བསྐོར། །ཕྱེ་མར་ཟས་ཕུད་གང་འཛོམ་དང༌། །གཡང་ཕོར་མར་ཁུས་བཀང་བ་དང༌། །གཡང་སྒྱེ་གེ་ལུ་དཀར་པོ་ལ། །རྔ་མ་དར་ཚོན་རྒྱན་བཏགས་པ། །སྲུང་སྐུད་དཀར་པོས་ཁ་ཐིག་བྱ། །ནང་དུ་འབྲུ་སྣ་གཡང་རྫས་བཅུག །མདའ་དར་ཇ་ཆང་ལ་སོགས་ཕུད། །བཤམས་པ་དེ་ནི་བསྡུས་པ་ཡིན།། ༈ །རྒྱས་པར་གཡང་བཤོས་ཆེ་བའི་མཐར། །རིན་ཆེན་འདྲ་བའི་བཤོས་ཕྲན་བརྒྱད། །ནས་ཀྱི་འདབ་བརྒྱད་སྟེང་དུ་དགོད། །གཡས་ཀྱི་དཀར་གཏོར་དྲུང་དུ་ནི། །ཐུད་ཀྱི་གཡག་དང་མར་གྱི་ལུག །འབྲུ་སྣ་ཚོགས་ཚད་ཅི་འཛོམ་དགོད། །གཡོན་གྱི་དཀར་གཏོར་དྲུང་དུ་ནི། །མར་གྱི་སྦལ་སྦྲུལ་ཉ་གསུམ་གཞག །འོ་མ་ཞོ་ལ་ཀླུ་སྨན་གདབ། །མདུན་གྱི་དཀར་གཏོར་དྲུང་དུ་ནི། །

p. 369

ཟན་གྱི་བྱ་རྟ་གླང་གསུམ་བཞག །ཤུག་པ་རྩེ་རྒྱལ་རྟིང་དཀར་ལ། །བལ་ཚོན་སྣ་ལྔ་བཏགས་པ་བཤམ། །དེ་ཡང་དོ་དམ་ཆེར་བྱེད་ན། །སྐྱེས་པ་བུ་བདུན་ཡོད་པའི་མདའ། །བུད་མེད་བུ་བདུན་ཡོད་པ་ཡི། །སྐྲའམ་ཡང་ན་གོས་དུམ་མམ། །ནོར་གཡུ་སྣ་གཅིག་གང་རྙེད་དང༌། །ཕྱུག་པོ་མི་རབས་མང་པོ་ལ། །དམ་བཏང་རྒྱུན་མི་ཆད་པའི་ནས། །རྒྱལ་པོས་ཁྲལ་ལ་བསྡུས་པའི་ནས། །ལུག་ནི་ཕྱུག་པོའི་བལ་དུམ་དང༌། །རྟ་ནོར་ཕྱུག་པོའི་རྟ་ནོར་སྤུ། །སྡེ་པ་ཆེན་པོའི་ཐབ་ཀའི་དྲེག །སྟོན་མོ་ཆེན་པོའི་ཟས་སྣ་རྣམས། །གཡང་སྒྱེ་ནང་དུ་བླུག་པར་བྱ། །ཞིང་ནི་བཟང་པོ་མང་པོའི་ས། །གཡང་གཞིའི་ཞབས་སུ་དགོད་པར་བྱ། །རྫས་རྣམས་མ་འཛོམ་ན་ཡང་རུང༌། །སྐར་མ་སྨིན་དྲུག་སྣར་མ་དང༌། །མགོ་ལག་རྒྱལ་དང་སྒོ་ང་དང༌། །བྱ་རོག་ས་རི་ས་ག་དང༌། །སྒྲོག་དང་བྲེ་དང་བྲ་ཉེ་ལ། །གཡང་སྐྱབས་བྱད་དང་རྫས་བསགས་རུང༌། །སྐར་མ་མ་འཛོམ་ན་ཡང་རུང༌། །གཡང་གླུ་ངར་མི་ཆང་བུ་དང༌། །སྦང་མ་ཤ་ཤུན་རམ་པ་རྣམས། །གྱོ་ཆག་གམ་ནི་སྡེར་ཆག་ནང༌། །བཞག་ལ་ཁྲུས་ཆུ་ཆང་སྐྱུར་རམ། །ཞོ་ལད་འོ་རུལ་བྲན་ལ་བཞག །གཡང་སྐྱབས་གཞི་ཡི་གཡས་གཡོན་ཏུ། །བཞོ་ཟོ་མར་གྱིས་བརྒྱན་པ་དང༌། །སྒྱིད་ཐག་དར་རས་སྐུད་པས་བཅིང༌། །གོ་ཁྲབ་གོས་ཟས་གང་རུང་བཤམ། །ཤུག་པ་སུར་དཀར་མཁན་དཀར་གྱི། །བསངས་དུད་ཅུང་ཟད་བྱེད་རྒྱུ་བཞག །ཁྱིམ་ལ་གཏོར་རྒྱུའི་འོ་དཀར་དང༌། །ཐུན་གཏོར་རྒྱུ་ཡི་རྡོ་ཕྱེ་བསག །དང་པོ་ཡི་དམ་གཏོར་མ་བཤམ། །རང་གི་ཡི་དམ་ལྷ་གཞུང་གྱེར། །ཧཱུྃ། རང་ཉིད་ཡི་དམ་གནས་འགྱུར་ཏེ། །དྲན་རྫོགས་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ལ་དམར་བའི་མདངས། །གཡས་པས་རྡོ་རྗེ་ནམ་མཁར་འཕྱར། །གཡོན་པས་སྡིགས་མཛུབ་མེ་འབར་མཛད། །ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས། །ཞབས་གཉིས་འདོར་ཐབས་དགྲ་བགེགས་མནན། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་མཐར། །སྔགས་ཀྱིས་གཡས་སུ་བསྐོར་བ་ལས། །འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས། །འོག་མིན་གནས་ནས་བདུད་རྩི་འཁྱིལ། །རང་འདྲ་དཔག་མེད་སྤྱན་དྲངས་

p. 370

ཏེ། །བདག་དང་ནས་འབྲུ་རྣམས་ལ་ཐིམ། །ཐུན་རྡོ་རེ་དང་ནས་འབྲུ་རེའང༌། །རང་འདྲའི་བདུད་རྩི་འཁྱིལ་པ་རེ། །མེ་འབར་ཚྭ་ཚྭ་འཕྲོ་བར་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་སྟོང་ཕྲག་ཙམ་ཞིག་བཟླས་པ་བྱ་བ་དང༌། ཨོཾ་བཛྲ་ཨ་མྲྀ་ཏེ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། སྔགས་དེ་ཕྲེང་སྐོར་གཅིག་གཉིས་ཀྱིས། །འོ་དཀར་དང་ནི་ཐུན་སྔགས་བཞག །ཨོཾ་ཨ་མྲྀ་ཏེ་ཨརྒྷཾ་སོགས་ནས། ཤབྡའི་བར། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །བགེགས་རིགས་འདུལ་བའི་གཉེན་པོར་བསྐོས། །དཀོན་མཆོག་གསུམ་གྱི་བདེན་པ་དང༌། །བདུད་རྩི་འཁྱིལ་པའི་མཐུ་སྟོབས་ཀྱིས། །བདག་དང་ཡོན་གྱི་བདག་པོ་ལ། །གནོད་ཅིང་འཚེ་བར་བྱེད་པ་དང༌། །ཁང་ཁྱིམ་འདི་ལ་འཁྲི་པ་ཡི། །ལྟོག་འགོང་དབུལ་སྲི་བསེ་རག་རྣམས། །རང་གཟུགས་ཡས་སྟགས་འདི་ལ་ཁུག །བསེ་རག་རྒྱལ་པོ་གཞོན་ནུ་པ། །ལྟོག་འགོང་དབུལ་སྲི་མང་པོས་བསྐོར། །གོད་ཀ་ཐམས་ཅད་ཁྱོད་ལས་བྱུང༌། །དབུལ་འདྲེ་དབུལ་སྲི་ཁྱོད་ལས་བྱུང༌། །ལོ་ཉེས་ཐོག་ཉེས་ཁྱོད་ལས་བྱུང༌། །མི་ལ་ན་ཚ་ཁྱོད་ལས་བྱུང༌། །ནོར་ལ་གོད་ཀ་ཁྱོད་ལས་བྱུང༌། །མི་ཁ་བྲ་མཆུ་ཁྱོད་ལས་བྱུང༌། །ཚེ་ལ་བར་ཆད་ཁྱོད་ལས་བྱུང༌། །དམེ་འདྲེ་ཐམས་ཅད་ཁྱོད་ལས་བྱུང༌། །ཟ་ཁ་འཐུང་ཁ་ཁྱོད་ཀྱིས་འཕྲོག །བུ་ཚའི་བླ་ནི་ཁྱོད་ཀྱིས་བརྐུས། །བཟའ་མིའི་འཐབ་འདྲེ་ཁྱོད་ཀྱིས་བྱས། །དེ་ཕྱིར་གནོད་བྱེད་འཁོར་དང་བཅས། །གཟུགས་བརྙན་འདི་ལ་ཐིམ་པར་གྱུར། །ཛཿཧཱུྃ་བཾ་ཧོཿ ཞེས་གནོད་བྱེད་ཐམས་ཅད་གཟུགས་བརྙན་ལ་སིབ་སིབ་ཐིམ་པར་བསྒོམ། དེ་ནས་གཡང་གླུད་ངར་མི་བྲན། ཧཱུྃ། ང་ནི་ཁྲོ་བོ་བདུད་རྩི་འཁྱིལ། །ལྗང་ནག་རྒྱ་གྲམ་སྡིགས་མཛུབ་མཛད། །ཁྲོ་བོའི་ཆས་ཀུན་སྐུ་ལ་རྫོགས། །ཉོན་ཅིག་བསེ་རག་འགོང་པོའི་ཚོགས། །རྒྱུ་སྦྱོར་ཡོན་བདག་འདི་ཉིད་ལ། །ཚེ་རབས་འཁོར་བ་

p. 371

ཐོག་མེད་ནས། །རྐུ་འཕྲོག་རློམ་པའི་ལན་ཆགས་བདག །ཐམས་ཅད་འདིར་འདུས་གླུད་གཏོར་ལོངས། །གཟུགས་མཛེས་འབྱམས་ཀླས་འཇིགས་བྲལ་དང༌། །རིན་ཆེན་མང་ལ་ཕྱག་འཚལ་ལོ། །རང་རང་ཡིད་མཐུན་སྣོད་ནང་དུ། །གླུད་གཏོར་འདོད་པའི་ཡོན་ཏན་ལྔ། །ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། །ཁྱེད་རྣམས་མགུ་ཞིང་ཚིམ་གྱུར་ཅིག །བསེ་རག་རྒྱལ་པོ་གཞོན་ནུ་པ། །བུ་ཆུང་གཟུགས་ལ་གཡུ་རྣ་ཅན། །སྦ་དམར་གྲི་ཆུང་སྐེད་ལ་བཅུག །ཆིབས་སུ་རི་བོང་ཁ་ཤོ་ཆིབས། །སྲེག་པ་བདུན་ནི་ཀླད་ན་ལྡིང༌། །ཁྱི་གུ་རིའུ་ཚེ་ཤིས་དང་སྒིས། །ཆུང་གསུམ་བསེ་རག་མང་པོས་བསྐོར། །ཡོད་ལ་མི་དགའ་མེད་ལ་དགའ། །གང་ལ་མི་དགའ་སྟོང་ལ་དགའ། །བརྒྱག་ལ་མི་དགའ་ལྟོག་ལ་དགའ། །ཕྱུག་ལ་མི་དགའ་དབུལ་ལ་དགའ། །བློ་ཉེས་ཚོང་ཉེས་བཏང་བའི་བདག །ཁྱོད་ལ་གླུད་དང་གཏོར་མ་སྦྱིན། །ཡོན་བདག་འདི་ལ་མ་གནོད་ཅིག །བསེ་རག་རྒྱལ་པོ་ནག་པོ་ནི། །མི་རྒན་ནག་པོ་ཆེན་པོ་ཞིག །གོས་སུ་ཁོ་ཤོག་སྐམ་པོ་གྱོན། །ཁ་ན་རུས་པ་སྣུམ་མེད་མུར། །ཁ་ནས་སྡུག་གླུ་མུག་གླུ་ལེན། །སྤྲུལ་པ་བྱི་ལ་བྱིས་པ་འགྱེད། །མཆིག་གི་སྟེང་ནས་ཕྱེ་ལ་རྐུ། །དཀར་ཐོག་རློམ་ཞིང་སྐྱུར་ཐོག་བཅོམ། །ཁྱོད་ལ་ལན་ཆགས་གླུད་གཏོར་སྦྱིན། །འདི་རུ་མ་འདུག་གཞན་ཏུ་སོང༌། །གོད་འདྲེ་མི་ནག་ཕག་ལ་ཞོན། །གྲོད་པའི་ཞྭ་ལ་རྒྱུ་མས་བརྒྱན། །ལག་ན་བཤའ་གྲི་དམར་པོ་ཁུར། །ནོར་བདུད་ཁམ་པ་ཁྱི་མགོ་སོགས། །གོད་འདྲེ་གྲི་བོ་འགོང་པོས་བསྐོར། །ཁྱོད་ལ་གླུད་དང་གཏོར་མ་སྦྱིན། །འདི་རུ་མ་གནོད་གཞན་ཏུ་སོང༌། །གཞན་ཡང་འགོང་པོ་དམ་སྲི་དང༌། །འདྲེ་མོ་གྲི་བོ་གྲི་མོ་དང༌། །སྒབ་འདྲེ་ལྟོག་འགོང་དབུལ་སྲི་རྣམས། །ངར་མི་ཏིང་ལོ་ཆང་བུ་དང༌། །ཤ་ཤུན་སྤང་སྐམ་ཆང་སྐྱུར་དང༌། །ཞོ་ལད་རམ་པ་ལ་སོགས་པའི། །རང་རང་མཐུན་རྫས་འདི་ཁྱེར་ལ། །འདི་རུ་མ་འདུག་གཞན་ཏུ་དེངས། །ཡོན་བདག་མི་ནོར་འཁོར་བཅས་ལ། །མ་ཉེ་མ་འཁོར་མ་གནོད་པར། །དཔག་ཚད་མང་པོའི་ཕ་རོལ་དུ། །ད་ལྟ་ཉིད་དུ་འགྲོ་

p. 372

བར་གྱིས། །ཨོཾ་ནྲྀ་ཏྲི་ཤ་ན་ཏྲི་ཀ་ཏྲི་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་གྱིས་བསྔོ། སརྦ་བིགྷྣཱན་གཙྪ་གཙྪ། ཞེས་སྦྲ་ཁྱིམ་མི་མཐོང་སར་བསྐྱལ་བཅུག་གོ །དེ་ནས་སྔགས་པས་ཐུན་བཟུང་ལ། ཧཱུྃ། ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །རང་འདྲའི་ཁྲོ་ཆུང་སེར་ལྟར་འབེབས། །བསྐལ་པའི་མེ་དཔུང་འཚུབས་ཤིང་འབར། །གང་དག་འགྲོ་བར་མི་བྱེད་པའི། །བསེ་རག་ལྟོག་འགོང་རྡུལ་དུ་རློག །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སུམྦྷ་ནི་སུམྦྷ་སོགས་བརྗོད་ཅིང་སྦྲ་ཁྱིམ་ནོར་སླས་ཐམས་ཅད་དུ་ཐུན་གཏོར། དེ་ནས་འོ་དཀར་ཤུག་ལོས་གཏོར་ཅིང༌། ཧཱུྃ། བདུད་རྩི་འཁྱིལ་པའི་བྱིན་རླབས་ལས། །ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕུག་གི་ལྷ་ལ་ཁྲུས་གསོལ་ལོ། །ཕུག་ལྷ་ཕ་མཚུན་གཡང་རྒན་ལ། །གྲིབ་ཀྱིས་ཕོག་པ་དག་གྱུར་ཅིག །སྦྲ་དང་ཁྱིམ་ལ་ཁྲུས་གསོལ་ལོ། །རྩོག་འདྲེ་དམེ་རྨུགས་དག་གྱུར་ཅིག །མི་དང་ནོར་ལ་ཁྲུས་གསོལ་ལོ། །བསེ་རག་གོད་འདྲེ་སངས་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡྃ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། ལྃ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡྃ་རྃ་བྃ་ལྃ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དང་རྣམ་འཇོམས་སོགས་འདོན་ཅིང་སྦྲ་ཁྱིམ་ནོར་སླས་ཐམས་ཅད་ལ་གཏོར། དེ་ནས་གཡང་སྐྱབས་བྲན་ལ་དབྱངས་དང་བཅས་པས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཁང་«་་་་་འབྲོག་པ་ཡིན་ན་སྦྲ་ཞེས་བསྒྱུར།» ཁྱིམ་འདི། རིན་ཆེན་སྣ་བདུན་གཞལ་ཡས་ཁང༌། །གྲུ་བཞི་སྒོ་བཞི་རྟ་བབས་ཅན། །ཁོར་ཡུག་གསེར་གྱི་རྭ་བས་བསྐོར། །རིན་ཆེན་སྣ་ཚོགས་བཅལ་དུ་བཀྲམ། །མ་རྨོས་ལོ་ཏོག་སྤུངས་སེ་སྤུང༌། །དཔག་བསམ་ལྗོན་ཤིང་ལྡེམས་སེ་ལྡེམས། །འོད་ཟེར་འཇའ་ཚོན་ལམས་སེ་ལམ། །རྨ་གཡང་སྤྲིན་ཕུང་ཐིབས་སེ་ཐིབས། །དེ་དབུས་རིན་ཆེན་སྣ་ཚོགས་ཁྲི། །པདྨ་ཟླ་བ་བརྩེགས་པའི་གདན། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་པར། །ཁྃ་ལས་ལྷ་མིའི་འདོད་ཡོན་ཚོགས། །གཡང་རྫས་མཆོད་པའི་སྤྲིན་ཕུང་གཏིབས། །

p. 373

ཟག་མེད་ནམ་མཁའི་མཛོད་གྱུར་པ། །རྨ་གཡང་ལྷ་ཚོགས་ཐམས་ཅད་རྣམས། །རབ་ཏུ་དགྱེས་པའི་རང་བཞིན་གྱུར། །ཨོཾ་ཨ་ཀཱ་རོ་སོགས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས། ཨོཾ་སརྦ་བིད་པཱུ་ར་སོགས། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཧཱུྃ། དེ་རིང་གཟའ་སྐར་ཚེས་གྲངས་བཟང༌། །གཡང་རྫས་སྣ་ཚོགས་རི་ལྟར་སྤུངས། །དར་དཀར་མདའ་དར་གཡབ་མོས་གཡབ། །རོལ་མོ་སྙན་པའི་དབྱངས་ཀྱིས་འབོད། །འདི་ནས་བྱང་གི་ཕྱོགས་རོལ་ན། །རི་རབ་ཆེན་པོའི་བྱང་གི་ངོས། །གཉའ་ཤིང་འཛིན་གྱི་རྩེ་མོ་ཡི། །ལྕང་ལོ་ཅན་གྱི་གནས་མཆོག་ན། །སྐྱེད་མོས་ཚལ་བཟང་མེ་ཏོག་འོད། །ཁང་བཟང་གསེར་གྱི་རྒྱལ་མཚན་ན། །བཞུགས་པའི་ལྷ་མོ་ཆེན་མོ་དཔལ། །གྲོགས་མོ་ལྷ་མོ་བརྒྱད་དང་བཅས། །ཡོན་བདག་དད་པས་ཁྱོད་འབོད་ན། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །མཚན་ནི་པདྨའི་ཕྲེང་བ་ཅན། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །དཔལ་ལྡན་མ་དང་བཀྲ་ཤིས་མ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །དཀར་མོ་ནོར་གྱི་བདག་མོ་སྟེ། །མཚན་ནས་འབོད་ཀྱིས༴ །གྲགས་པ་ཆེན་མོ་པདྨའི་སྤྱན། །མཚན་ནས་འབོད་ཀྱིས༴ །བྱེད་པ་མོ་དང་འོད་ཆེན་མོ། །མཚན་ནས་འབོད་ཀྱིས༴ །རིན་པོ་ཆེ་ནི་རབ་སྦྱིན་མ། །མཚན་ནས་འབོད་ཀྱིས༴ །ཟས་སྦྱིན་མ་དང་དཔལ་ཆེན་མོ། །མཚན་ནས་འབོད་ཀྱིས༴ ཁྱོད་ཀྱི་འཁོར་གྱི་གྲོགས་མོ་བརྒྱད། །ནོར་རྒྱུན་མ་དང་ཟླ་ཤེལ་མ། །མཚན་ནས་འབོད་ཀྱིས༴ །སྦྱིན་བྱེད་མ་དང་རབ་སྦྱིན་མ། །མཚན་ནས་འབོད་ཀྱིས༴ །འཕགས་མ་སྦས་མ་རབ་བཟང་མ། །མཚན་ནས་འབོད་ཀྱིས༴ །ལྷ་མོ་ཆེན་མོ་དབྱངས་ཅན་མ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ལྷ་མོ་འབྱོན་པའི་གནས་ངན་ཡང༌། །ཁྱོད་ལ་སེམས་ཅན་དོན་ལས་མེད། །བྱང་ཆུབ་སེམས་མ་ཁྱེད་དགུ་ཡང༌། །བདག་དང་ཡོན་གྱི་བདག་པོ་ལ། །སྙིང་རྗེའི་ཐུགས་ཀྱིས་མྱུར་དུ་བྱོན། །ཁང་ཁྱིམ་གཡང་རྫས་འདི་རྣམས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་

p. 374

གསོལ། །ཨོཾ་དེ་ཝཱི་མ་ཧཱ་ཤྲཱི་དེ་ཝཱི་ཨཥྚ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། མཆོད་པ་ནི། ཧཱུྃ། དུས་གསུམ་རྒྱལ་བའི་རིག་སྟོང་ཡུམ། །ཤེས་རབ་ཆེན་མོ་ལྷ་མོ་དཔལ། །འཁོར་ནི་ནོར་རྒྱུན་མ་ལ་སོགས། །ལྷ་མོ་བརྒྱད་དང་བཅས་པ་ལ། །དགྱེས་པའི་མཆོད་པ་འབུལ་བ་ནི། །ཡན་ལག་བརྒྱད་ལྡན་མཆོད་ཡོན་དང༌། །དག་ཅིང་དྲི་བྲལ་ཞབས་བསིལ་དང༌། །སྣ་ཚོགས་མཛེས་པའི་མེ་ཏོག་དང༌། །ཙན་དན་ལ་སོགས་བདུག་སྤོས་དང༌། །མ་རིག་མུན་སེལ་སྣང་གསལ་དང༌། །ག་བུར་སོགས་སྦྱར་རྨད་བྱུང་དྲི། །རོ་བརྒྱ་དང་ལྡན་བཤོས་གཙང་དང༌། །སྒྲ་སྙན་རོལ་མོ་སྣ་ཚོགས་འབུལ། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །དྲི་བཟང་ལྷ་མིའི་བཅུད་ལྡན་ཟས། །སྣ་ཚོགས་རེག་བྱ་དཔག་མེད་འབུལ། །དཀར་གསུམ་མངར་གསུམ་བཟའ་བཏུང་དང༌། །ཟག་མེད་བདུད་རྩི་གཏོར་མའི་ཚོགས། །སྨན་འབྲུ་དྲི་དང་སྙིང་པོ་ལྔ། །དར་ཟབ་གོས་ཀྱི་བྱེ་བྲག་འབུལ། །གདུགས་བཟང་གསེར་ཉ་པདྨ་དུང༌། །བུམ་པ་རྒྱལ་མཚན་དཔལ་བེའུ་འབར། །འཁོར་ལོ་ནོར་བུ་བཙུན་མོ་དང༌། །བློན་པོ་གླང་པོ་རྟ་མཆོག་དང༌། །དམག་དཔོན་ལ་སོགས་རིན་ཆེན་འབུལ། །ཡུངས་ཀར་དཱུརྺ་བིལ་བ་ཞོ། །མེ་ལོང་ལི་ཁྲི་དུང་དཀར་དང༌། །གི་ཝཾ་ལ་སོགས་སྲིད་གསུམ་ན། །མཆོད་འོས་རྨད་བྱུང་ཇི་སྙེད་འབུལ། །རྟ་གླང་གནག་ལུག་འདོད་འཇོའི་བ། །མ་ཧེ་ལ་སོགས་བཞོན་པའི་ཚོགས། །ཁང་བཟང་དཔག་བསམ་སྐྱེད་ཚལ་འབུལ། །ལྷ་ཀླུ་དག་ལ་ཆེ་བའི་ནོར། །རིན་ཆེན་བཻཌཱུར་གསེར་གཡུ་དངུལ། །མུ་ཏིག་བྱེ་རུ་ཤེལ་ལ་སོགས། །རིན་ཐང་ཆེ་བའི་ནོར་རྣམས་འབུལ། །གདུགས་དང་བླ་བྲེ་དར་དཔྱངས་དང༌། །འཕན་དར་ཆུན་འཕྱང་རྔ་ཡབ་དང༌། །རིན་ཆེན་དར་ཟབ་ཟ་འོག་གི། །གདན་གོས་ཡོ་བྱད་དཔག་མེད་འབུལ། །ནས་འབྲས་གྲོ་སྲན་ཏིལ་དང་ཁྲེ། །སྣ་ཚོགས་འབྲུ་ཡི་ཕུང་པོ་དང༌། །རྩི་བཅུད་མར་གྱི་ལོངས་སྤྱོད་དང༌། །ཉེ་བར་འཚོ་བའི་ཁ་ཟས་ཚོགས། །དཔག་མེད་རྣམ་དག་བློ་ཡིས་འབུལ། །མདོར་ན་རབ་འབྱམས་ཞིང་ཁམས་ན། །

p. 375

བདག་པོས་བཟུང་དང་མ་བཟུང་བའི། །མཆོད་འོས་མཆོད་པའི་བྱེ་བྲག་ཚོགས། །ཐམས་ཅད་གཅིག་ཏུ་བསྡུས་ཏེ་འབུལ། །བདག་ལ་བརྩེ་བར་བཞེས་ནས་ཀྱང༌། །ཚེ་བསོད་དཔལ་འབྱོར་མཆོག་ཐུན་གྱི། །དངོས་གྲུབ་གངྒཱའི་རྒྱུན་ལྟར་ཕོབ། །བྱང་ཆུབ་རྒྱལ་སར་འཚོ་མཛད་གསོལ། །ཨོཾ་དེ་ཝཱི་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཞེས་པའི་མཆོད་ཕྲེང་གྲགས་པའི་མཚན་གྱིས་སྦྱར་བ་དང༌། དེ་ནས་གཏོར་འབུལ་ནི། ཨོཾ་དེ་ཝཱི་མ་ཧཱ་ཤྲཱི་དེ་ཝཱི་ཨཥྚ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་དབུལ། ཧཱུྃ། གཡང་གི་ལྷ་མོ་དཔལ་ཆེན་མོ། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཕྱག་གཡས་རིན་ཆེན་པདྨ་འཛིན། །གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་མཛད། །པདྨ་གཏེར་གྱི་བུམ་པའི་སྟེང༌། །ཞབས་གཉིས་བཙུན་མོ་རོལ་པའི་སྟབས། །མཛེས་སྡུག་བལྟ་བས་ཆོག་མི་ཤེས། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །དྲི་ཞིམ་ངད་པ་སངས་སེ་སང༌། །ན་བཟའ་མང་པོ་ལྷུབས་སེ་ལྷུབ། །ཁྱོད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་རིན་ཆེན་འབར་བའི་དབྱིབས། །ཕྱེ་མར་ཤིང་རྩི་དྲི་བཟང་འཐུལ། །གཡང་ཕོར་མར་ཁུས་ལྟེམས་སེ་ལྟེམ། །རོ་བཅུད་ཟས་སྣ་རྫ་ལྟར་བཀྲམ། །ནོར་སྣ་གཡང་རྫས་བྲུད་ལྟར་བརྩེགས། །ཇ་ཆང་འོ་ཞོ་མཚོ་ལྟར་བསྐྱིལ། །འབྲུ་སྣ་ཕྱེ་མར་གངས་ལྟར་སྤུངས། །ཟད་མེད་ཀུན་བཟང་མཆོད་སྤྲིན་འདིས། །མཆོད་དོ་གཡང་གི་ལྷ་མོ་མཆོད། །གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་བ་དང༌། །སྤྲིན་དཔུང་བཞིན་དུ་གཏིབས་པ་དང༌། །བར་སྣང་ཆར་བཞིན་དབབ་ཏུ་གསོལ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻཌཱུརྻ་དང་གསེར་གྱི་རི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་

p. 376

སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བརྗོད། དམ་པའི་ཆོས་དཀོན་མཆོག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། གཡང་གི་ལྷ་མོ་དཔལ་ཆེན་མོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་དཔལ་ལྡན་མ་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་བཀྲ་ཤིས་མ་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་པདྨའི་ཕྲེང་བ་ཅན་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་ནོར་གྱི་བདག་མོ་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་དཀར་མོ་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་གྲགས་པ་ཆེན་མོ་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་པདྨའི་སྤྱན་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་བྱེད་པ་མོ་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་འོད་ཆེན་མོ་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་ཟས་སྦྱིན་མ་ལ༴ མཆོད་དོ༴ བྱིན་གྱིས༴ གཡང་གི་ལྷ་མོ་རིན་པོ་ཆེ་རབ་ཏུ་སྦྱིན་མ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རྒྱུ་སྦྱོར་ཡོན་བདག་འདི་ལ་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཟས་ནོར་ལོངས་སྤྱོད་གཡང་གི་དངོས་གྲུབ་ཆེན་པོ་མྱུར་དུ་སྩོལ་ཅིག དཔའ་བོ་གཅིག་གྲུབ་ལས་གསུངས་པའི་རྩ་བའི་སྙིང་པོ་ནི། ཨོཾ་ཀ་མ་ལ་ཝཱ་སེ་ནི། ཀ་མ་ལེ། མ་ཧཱ་ལཀྵྨཱི་རཱ་ཛྱྃ་མེ། བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི། དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། ཞེས་པ་ཅི་འགྲུབ་དང༌། སྱཱད་ཡ་ཐེ་དན། ཛི་ནི་གྷྲྀ་ནི་སརྦ་ཨརྠ་སཱདྷ་ནི། ཤ་ཤི་ནི། ཨ་ལཀྵ་མི་ནི། མེ་ནཱ་ཤ་ཡ། སིདྡྷྱནྟུ་མེ་མནྟྲ་པ་དཱཿསྭཱ་ཧཱ། ཨོཾ་བྷྲྀ་ཀུ་ཊཱི་པ་ར་མ་སུ་བྷ་གེ་སྭཱ་ཧཱ། ཞེས་བདུན་ལས་མི་ཉུང་བར་བརྗོད། ཧཱུྃ། གཡང་གི་ལྷ་མོ་ནོར་རྒྱུན་མ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །འབྲུ་ཡི་ཆར་པ་སི་ལི་ལི། །གཡོན་པས་གཏེར་གྱི་བུམ་པ་འཛིན། །འཛད་མེད་དངོས་གྲུབ་ཆུ་བོའི་རྒྱུན། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་

p. 377

པན་པུ་རུ་རུ། །པདྨ་གཏེར་གྱི་བུམ་པའི་སྟེང༌། །སྒེག་བཞད་གར་སྟབས་ཁྱུགས་སེ་ཁྱུག །ཁྱོད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་ཕྱེ་མར་ཟས་ཕུད་འབུལ། །བཟང་ཤིང་ཕྱེ་མར་སྤོས་ཀྱིས་མཆོད། །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང༌། །བར་སྣང་ཆར་བཞིན་འབེབས་པར་མཛོད། །ཧཱུྃ། གཡང་གི་ལྷ་མོ་ཟླ་ཤེལ་མ། །སྐུ་མདོག་སེར་མོ། སོགས་ནས་ཚིག་རྐང་ཉི་ཤུ་འགྲེའོ། །ཧཱུྃ། གཡང་གི་ལྷ་མོ་སྦྱིན་བྱེད་མ། །སྐུ་མདོག་སེར་མོ༴ ཧཱུྃ། གཡང་གི་ལྷ་མོ་རབ་སྦྱིན་མ། །སྐུ་མདོག་སེར་མོ༴ ཧཱུྃ། གཡང་གི་ལྷ་མོ་འཕགས་མ་ནི། །སྐུ་མདོག་སེར་མོ༴ ཧཱུྃ། གཡང་གི་ལྷ་མོ་སྦས་མ་ནི། །སྐུ་མདོག་སེར་མོ༴ ཧཱུྃ། གཡང་གི་ལྷ་མོ་རབ་བཟང་མ། །སྐུ་མདོག་སེར་མོ༴ ཧཱུྃ། གཡང་གི་ལྷ་མོ་དབྱངས་ཅན་མ། །སྐུ་མདོག་སེར་མོ༴ ཏདྱ་ཐཱ། ཛི་ནི་གྲྀ་ནི། སརྦ་ཨ་ཀ་རྻཱ་སིདྡྷ་ནི། སི་སི་མི། སི་ལི་སི། ནི་མི་ནི་མི། ཨ་ལཀྵ་ཡཱ་མེ། ནཱ་ཤ་ཡེ་སྭཱ་ཧཱ། ཨོཾ་བཱ་སུ་དྷ་རིཎྱཻ་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ། ཨོཾ་དཱ་དཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཱ་དཱ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟཱ་ཡཻ་སྭཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་ས་ར་སྭསྟྱཻ་སྭཱ་ཧཱ། སརྦ་བ་སུ་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་ཚར་གསུམ་མམ་ལྔའམ་བདུན་བརྗོད། དེ་ནས་གཡས་ཕྱོགས་ཀྱི་དཀར་གཏོར་བྲན་ལ། ཧཱུྃ། སྟེང་ཕྱོགས་འདོད་ཁམས་ལྷ་ཡི་ཡུལ། །སུམ་ཅུ་རྩ་གསུམ་གནས་མཆོག་ནས། །ནོར་དང་གཡང་གི་བདག་པོ་ནི། །ནོར་ལྷ་ལྷ་ཆེན་ཚོགས་ཀྱི་བདག །སྐུ་མདོག་དཀར་ལ་གླང་ཆེན་དབུ། །ཕྱག་བཞི་ལ་ཕུག་དགྲ་སྟྭ་དང༌། །ཟས་གཞོང་རིན་ཆེན་ཕྲེང་བ་འཛིན། །ཆིབས་སུ་བྱི་བ་སྔོན་པོ་ཆིབས། །འདིར་བྱོན་དཀར་གཏོར་མཆོད་པ་བཞེས། །ཐུད་གཡག་མར་གྱི་ལུག་གུ་དང༌། །འབྲུ་སྣའི་མཆོད་པ་འདི་བཞེས་ལ། །ཡོན་བདག་རྟ་

p. 378

ནོར་ཞིང་ཁང་ལ། །བགེགས་ཀྱི་གནོད་པ་ཁྱེད་ཀྱིས་སྲུངས། །འཁོར་ལ་བཀའ་ནན་མ་ཆུང་ཞིག །སྟེང་ཕྱོགས་ལྷ་ཡི་ཕྱྭ་དང་གཡང༌། །ཆར་པ་བཞིན་དུ་འབེབས་པར་མཛོད། །ཁྱད་པར་དུད་འགྲོ་རྐང་བཞི་རྣམས། །འཕེལ་ཞིང་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་ག་ཎ་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི། ཨོཾ་བ་ར་ཀ་ཏ་སྭཱ་ཧཱ། བ་སུ་སརྦ་སིདྡྷི་སིདྡྷི་ཧཱུྃ་སྭཱ་ཧཱ། དེ་ནས་གཡོན་ཕྱོགས་ཀྱི་དཀར་གཏོར་བྲན་ལ། ཧཱུྃ། འོག་ཕྱོགས་རྒྱ་མཚོ་ཀླུ་ཡི་ཡུལ། །བཀྲ་ཤིས་འོ་མའི་རྒྱ་མཚོ་ནས། །ཀླུ་གཡང་དངོས་གྲུབ་ཀུན་གྱི་བདག །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །སྐུ་མདོག་དཀར་པོ་དུང་གི་མདོག །སྦྲུལ་མགོ་བདུན་གྱི་གདེངས་ཀ་ལ། །རིན་ཆེན་འབར་བའི་ཅོད་པན་ཅན། །ཕྱག་གཉིས་གཏེར་བུམ་ཐུགས་ཀར་འཛིན། །སྐུ་སྨད་གསེར་སྦྲུལ་སེར་པོ་འཁྱིལ། །གཡང་གི་རྒྱ་མཚོ་མེ་རེ་རེ། །འདིར་གཤེགས་གཡང་རྟེན་འདི་ལ་བཞུགས། །ཁྱོད་ལ་མཆོད་པ་འབུལ་བ་ནི། །དཀར་གཏོར་ཀླུ་སྨན་འོ་ཞོའི་ཕུད། །དུང་སྦྲུལ་དུང་ཉ་དུང་སྦལ་འབུལ། །འོག་ཕྱོགས་ཀླུ་གཡང་དངོས་གྲུབ་དེ། །རྒྱ་མཚོ་བཞིན་དུ་བསྐྱིལ་བར་མཛོད། །བུ་ནོར་བདེ་སྐྱིད་དངོས་གྲུབ་སྩོལ། །ཀླུ་གཡང་མི་ལ་དབབ་ཏུ་གསོལ། །ཨོཾ་ནཱ་ག་རཱ་ཛ་མ་ནུ་ཥེ་ནཱ་ཐ་ཨི་དཾ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི། ཨོཾ་ནཱ་ག་རཱ་ཛ་སརྦ་སིདྡྷི་སིདྡྷི་ཧཱུྃ་སྭཱ་ཧཱ། དེ་ནས་མདུན་གྱི་དཀར་གཏོར་བྲན་ལ། ཧཱུྃ། བར་ཕྱོགས་ལྷ་སྲིན་གཉེན་གྱི་ཡུལ། །ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས། །རྨ་གཡང་ཀུན་གྱི་མངའ་བདག་སྟེ། །རྨ་རྒྱལ་སྤོམ་ར་ལྷ་ཡི་སྲས། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དབུ་ལ་དུང་རྨོག་སྟག་འཕྲུ་ཅན། །སྐུ་ལ་བེར་དཀར་བསེ་ཁྲབ་གསོལ། །སྟག་དོང་གཟིག་ཤུབས་སྐེད་ལ་བསྐོར། །ཕྱག་ན་མདུང་དར་ནོར་བུ་འཛིན། །ཆིབས་སུ་རྟ་དཀར་འཕུར་ཤེས་བཅིབས། །རྨ་རིགས་སུམ་རྒྱ་དྲུག་ཅུ་དང༌། །རྨ་སྨན་འབུམ་གྱི་འཁོར་གྱིས་བསྐོར། །ཐུགས་ཀར་ཡིད་བཞིན་ནོར་བུ་ལས། །དངོས་གྲུབ་སྣ་ཚོགས་ཆར་ལྟར་འབེབས། །འདིར་གཤེགས་ཡོན་བདག་ཁ་འཛིན་མཛོད། །དཀར་གཏོར་ཟས་ཕུད་སྣ་ཚོགས་དང༌། །བྱ་རྟ་གླང་གཟུགས་མཆོད་པ་འབུལ། །རྨ་དང་གཡང་གི་དངོས་གྲུབ་ནི། །ན་བུན་བཞིན་དུ་འཐིབས་པར་མཛོད། །མི་འཕེན་རྟ་

p. 379

ཧྲག་དངོས་གྲུབ་སྩོལ། །བཙན་ཕྱུག་དར་གསུམ་འཛོམ་པར་མཛོད། །ཨོཾ་ཀུ་མཱ་ར་ཕུ་ཏྲི་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི། ཨོཾ་ཀུ་མཱ་ར་ཕུ་ཏྲི་སརྦ་སིདྡྷི་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་རབ་བརྒྱ་ཚར་འབྲིང་ལོ་གྲངས་སམ་ཉེར་གཅིག་གམ་བཅུ་གསུམ། ཐ་མ་བདུན་ནམ་ཡང་མཐའ་ཚར་གསུམ་འདོན། འདོན་ཚེ་ཤུག་དུད་ཕྱེ་མར་གསུར་མ་ཆད་པར་བྱའོ། །ཞག་གཅིག་གམ་ཞག་མང་ན་ལེགས། དེ་ནས་གཡང་བཤོས་ཆེ་བ་ཡོན་བདག་མོས་བཀྱག མདའ་དར་སྐྱེས་པ་དེས་བཟུང༌། གཞན་ཡང་དཀར་གཏོར་རྣམས་དང༌། ཟས་སྣ་གཏོར་མ་སོགས་སྡེར་དུ་བཞག ཡོན་བདག་ཚང་གི་མི་དུ་ཡོད་ཀྱིས་ལག་ཏུ་བཟུང་ལ། ཐམས་ཅད་ཐང་དུ་འདུག་བཅོལ། རང་གིས་ནས་གཏོར་ཞིང་བཀྲ་ཤིས་བརྗོད། དེ་ནས་ཟས་ཕུད་ཅུང་ཟད་རེ་དང་འབྲུ་སྣ་སོགས་གཡང་སྒྱེ་ནང་དུ་བླུགས་ལ་ཚགས་བྱའོ། །མདའ་དཀྱིལ་ཀ་ལ་བཅིངས་ནས་ཚགས་དམ་དུ་བྱ། ཤུག་པ་ཀ་བ་ལ་བཅིངས་སམ་འབྲོག་པ་ཡིན་ན་སླས་ནང་དུ་བཙུགས། དེ་མིན་གཏོར་མ་མཆོད་རྫས་ཐམས་ཅད་ཕྱི་མི་ལ་མི་སྦྱིན་དངོས་གྲུབ་ཏུ་བཟའ། གཡང་གཞིའི་འོག་གི་ས་ཞིང་ནང་དུ་བླུག འབྲོག་པ་ཡིན་ན་སླས་ནང་དུ་གཏོར། གཡང་ལྷ་ཡེ་ཤེས་པ་ཐམས་ཅད་སྦྲ་ཁྱིམ་མི་ནོར་ལ་ཐིམ་པར་བསྒོམ། འཇིག་རྟེན་པ་སྤོམ་ར་སོགས་རང་གནས་སུ་གཤེགས་པར་བསྒོམ། ལོ་ཀ་སརྦ་གཙྪ་གཙྪ་ཞེས་བརྗོད། དེ་ལྟར་བྱས་པས་ལྷ་མོ་དཔལ་ཆེན་མོ་རབ་ཁྱིམ་དེར་གནས་པར་འགྱུར་ལ་ཕྱུག་ཅིང་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ། །ཐ་ནའང་ལྷ་མོ་དེས་ཐུགས་ཀྱིས་དགོངས་ཏེ་ལོངས་སྤྱོད་དངོས་གྲུབ་འབྱུང་བར་གསུངས་སོ། །འདི་ནི་མདོ་སྡེ་གསེར་འོད་དམ་པ་དང༌། ལྷ་མོ་དཔལ་གྱི་མདོ་དང༌། གར་མཁན་མཆོག་གི་རྒྱུད་དང༌། གསེར་འོད་གཡང་སྐྱབས་དང༌། པདྨ་གཡང་སྐྱབས་དང༌། རྨ་སྤོམ་རའི་གཡང་སྐྱབས་རྣམས་ཀྱི་དོན་བསྡུས་ཏེ་བླ་མ་ཙཱ་རི་བས་བསྐུལ་བའི་ངོར། སྔགས་འཆང་རཱ་ག་ཨ་སྱས་གསེར་འཕྱང་གི་ལོ་ཁྲུམ་གྱི་ཟླ་བའི་གནམ་གང་ཉིན་རྫོགས་པར་བྲིས་པ་ལ། ཉེས་འགལ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་

p. 380

བས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག། ༈ །ལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་ཀ་ལྱཱེ་ཎཾ་བྷ་བ་ཏུ། མི་ཟད་དགེ་བའི་དཔལ་འབྱོར་གྱིས། །རྒྱལ་རྣམས་མཆོད་པའི་ཚོགས་སྤེལ་བ། །དཔལ་མོ་དངོས་གྲུབ་འབྱུང་གནས་ལ། །གུས་པས་འདུད་དོ་མཆོག་སྩོལ་ཅིག །ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་གཡང་སྐྱབས་དང་འབྲེལ་བ་འཇིག་རྟེན་དབང་ཕྱུག་ཆགས་མེད་ཞབས་ཀྱིས་བཀའ་དྲིན་ཏུ་སྩལ་བའི་ཟུར་འདེབས་འདི་ལ་དོན་རྣམ་པ་གཉིས་ཏེ། འདོན་སྒོམ་གྱི་སྣོད་རུང་དུ་བྱ་བ་སྒོམ་ལུང་དང༌། ཇི་ལྟར་སྒྲུབ་ཚུལ་དངོས་བཤད་པའོ། །དང་པོ་སྒོམ་བཟླས་ཀྱི་ལུང་འབོགས་པ་ལ་སློབ་དཔོན་གྱི་བྱ་བ་དང༌། སློབ་མའི་བྱ་བ་གཉིས། དང་པོ་ནི། གཞན་ལ་ལུང་འབོགས་པའི་སྔོན་ཏུ་རང་ཉིད་ཀྱིས་ཉམས་ལེན་ཚར་གཅིག་བྱ་སྟེ། སྟེགས་གཙང་མར་མཎྜལ་ལ་འབྲུའི་ཚོམ་བུ་གཅིག་བཀོད་པའི་མདུན་ཏུ་གཙང་སྦྲ་ཅན་གྱི་གཏོར་ཟླུམ། མཆོད་པ་རྣམ་བདུན་བཅས་བཤམ། རང་ཉིད་ཕྱག་རྡོར་ཞི་བ་གང་རུང་གི་བདག་བསྐྱེད་དགོས་པས། ཐོག་མར། སངས་རྒྱས་ཆོས་དང་སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ། དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ནམ་མཁའི་མདངས་ཅན། ཞི་ཞིང་འཛུམ་ལ་འགྱིང་བག་དང་ལྡན་པ། རིན་པོ་ཆེའི་པྲོག་ཞུ་གསོལ་བ། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པ། ཕྱག་གཡས་པས་ཐུགས་ཀར་འབར་བའི་རྡོ་རྗེ་གསོར་བའི་ཚུལ་གྱིས་འཛིན་ཅིང་གཡོན་གདན་ལ་བརྟེན་པ། ན་བཟའ་མཆོག་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རབ་ཏུ་བཞད་ཅིང་རོལ་པའི་སྟབས་ཀྱིས་བཞུགས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །དེའི་དྲུང་དུ་བདུད་རྩི་འཁྱིལ་པ་སྔོ་སང་ཁྲོ་བོའི་ཆ་

p. 381

བྱད་རྫོགས་ཤིང་དགྲ་སྟྭ་འཛིན་པའོ། །རང་གི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ་གསལ་བར་གྱུར། ན་མོ་བཛྲ་པཱ་ཎ་ཡི། མ་ཧཱ་བཛྲ་པྲ་ཏིཥྛི་ཏཱ་ཡ། སརྦ་ཏ་ཐཱ་ག་ཏ་ཤ་རཱི་ར་ཨནྟརྒ་ཏཱ་ཡ། བཛྲ་ཤ་རཱི་རི། མེ་ཀུ་རུ་བཛྲ་ཨ་དྷིཥྛཱ་ན་སྭཱ་ཧཱ། ཞེས་ཅི་འགྲུབ་ཏུ་བཟླ། མཆོད་པ་རྣམས། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་དྭངས་ཤིང་ཐོགས་པ་མེད་པ། བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ཤབྡའི་བར་དང༌། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟྟ་ཡ་ཨཱ་བརྟྟ་ཡ་ཧཱུྃ། རྣམས་ཕྱག་རྒྱ་དང་བཅས་པས་བྱིན་བརླབ། མདུན་བསྐྱེད་བསང་སྦྱངས། སྟོང་པའི་ངང་ལས་གཏེར་གྱི་བུམ་པ་དགུའི་སྟེང་དུ་པད་ཟླ་ལ་སེང་གེའི་གདན། དེའི་སྟེང་དུ་ཤྲཱིཾ་ཡིག་ཡོངས་སུ་གྱུར་པ་ལས་ལྷ་མོ་དཔལ་ཆེན་མོ་ལྗང་གུ་སྒེག་ཅིང་བཞད་ལ་སྤྱན་གདངས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ནོར་བུས་མཚན་པའི་པདྨ་འཛིན་ཅིང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། དེའི་ཤར་དུ་ཟླ་ཤེལ་མ། ལྷོར་སྦྱིན་མ། ནུབ་ཏུ་སྦྱིན་བཟང་མ། བྱང་དུ་འཕགས་མ། ཤར་ལྷོར་རབ་བཟང་མ། ལྷོ་ནུབ་ཏུ་རབ་སྦས་མ། ནུབ་བྱང་དུ་ནོར་རྒྱུན་མ། བྱང་ཤར་དུ་དབྱངས་ཅན་མ་སྟེ་ཐམས་ཅད་གསེར་བཙོ་མའི་མདངས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། གཡས་མཆོག་སྦྱིན་གཡོན་འབྲས་ཀྱི་སྙེ་མ་བསྣམས་ཤིང་པདྨ་དང་གཏེར་གྱི་བུམ་པ་ལ་བཙུན་མོ་རོལ་པའི་སྟབས་ཀྱིས་གནས་པ། གཞན་ཡང་གནོད་སྦྱིན་མོ་རྣམས་དང་མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་

p. 382

ཀར་ཧཱུྃ་དང་ཤྲཱིཾ། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྕང་ལོ་ཅན་གྱི་སྐྱེད་མོས་ཚལ་ནས་ལྷ་མོ་དཔལ་ཆེན་མོ་འཁོར་གནོད་སྦྱིན་མ་མོའི་ཚོགས་དང་བཅས་པ་སྤྱན་དྲངས་པ། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་གཤིན་རྗེ་གཤེད་པོས་དབུར་བརྒྱན་པར་གྱུར། ཨོཾ་མ་ཧཱ་དེ་ཝཱི་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཤེས་རབ་ཕ་རོལ་ཕྱིན་པ་མོ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཚུལ། །དཔལ་གྱི་ལྷ་མོ་དེ་ལ་བསྟོད། །འགྲོ་ལ་དམིགས་མེད་ཐུགས་རྗེ་ཡིས། །ཐབས་མཁས་རང་བཞིན་སྐུར་སྤྲུལ་པ། །གནོད་སྦྱིན་ལྷ་མོའི་ཚོགས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཐུགས་ཀར་ཟླ་བ་ལ་གནས་པའི་ཤྲཱིཾ་ཡིག་ལྗང་གུའི་མཐར་སྔགས་ཀྱི་ཕྲེང་བ་གཡས་བསྐོར་མི་གཡོ་བ་གསལ་བར་བལྟས་ལ། ཨོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ། མ་ཧཱ་ལཀྵྨཱི་རཱ་ཛྱྃ་མེ། བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི། དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། འཁོར་གྱི་ལྷ་མོ་བརྒྱད་ཀྱི་ཐུགས་ཀར་སོ་སོའི་ས་བོན་མཐར་སྔགས་ཕྲེང་གསལ་བཏབ་ནས། ཨོཾ་བཱ་སུ་དྷ་རི་ཎྱཻ་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ། ཨོཾ་དཱ་དཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཱ་དཱ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟཱ་ཡཻ་སྭཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་སྭ་ར་སྭ་སྟྱཻ་སྭཱ་ཧཱ། ཞེས་བཟླ། །མཐར་གཏོར་མ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་བྷྱཿཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་དབུལ། མཆོད་ཅིང་བསྟོད་པའི་མཐར། མཆོད་སྦྱིན་གཏོར་མ་སོགས་དང༌། བདག་སོགས་སེམས་ཅན་ཐམས་ཅད་དབུལ་བའི་འཇིགས་པ་ལས་གྲོལ་ཞིང་མཛད་པ་

p. 383

མེད་པའི་དཔལ་འབྱོར་ཆེན་པོ་ལ་ལོངས་སྤྱོད་པའི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །གཉིས་པ་སློབ་མའི་བྱ་བ་ནི། ཨ་མྲྀ་ཏ་བཟླ་བཞིན་པས་སྒོ་དྲུང་དུ་ཆབ་བཏང༌། ཨོཾ་བཛྲ་པུཥྤེ་ཏྲཱྃ་གིས་མེ་ཏོག་བཀྱེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་དབུལ་བའི་འཇིགས་པ་ལས་སྐྱོབ་ཅིང༌། མཐར་ཐུག་ཚོགས་གཉིས་ཀྱི་དཔལ་འབྱོར་ཡོངས་སུ་རྫོགས་པ་འགྲོ་བའི་བླ་མའི་གོ་འཕང་ལ་དགོད་པར་བྱ་བའི་སླད་དུ་ལྷ་མོ་དཔལ་ཆེན་མོའི་སྒོམ་ལུང་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེའང་འདས་པའི་དུས་སུ་དེ་བཞིན་གཤེགས་པ་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻཌཱུརྻ་དང་གསེར་གྱི་རི་མདོག་མཛེས་གསེར་འོད་དཔལ་ཞེས་བྱ་བ་ལ་ཐུགས་བསྐྱེད་ཅིང༌། དེ་བཞིན་གཤེགས་པ་དཔལ་སྟུག་པོ་སོགས་སངས་རྒྱས་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པ། བདེར་གཤེགས་འཛམ་བུའི་གླིང་གི་རྒྱལ་མཚན་གསེར་བཟང་པོ་ལས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཞུས་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྦྱིན་བདག་ཆེན་མོར་གྱུར་ལ། མ་འོངས་པའི་དུས་སུ་འཇིག་རྟེན་གྱི་ཁམས་དཔལ་རིན་པོ་ཆེས་བརྒྱན་པ་ན། དེ་བཞིན་གཤེགས་པ་དཔལ་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་བ། ངོ་བོ་ས་ལ་གནས་པའི་སེམས་མའི་ཚུལ་གྱིས་རྒྱལ་བ་ཐམས་ཅད་མཆོད་པ་དང་སེམས་ཅན་གྱི་དབུལ་བ་སེལ་བའི་ཐུགས་བསྐྱེད་ཕྲིན་ལས་ལ་མངའ་མཛོད་ཅིང༌། རྣམ་པ་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་ཡུམ་གྱི་ཚུལ་དུ་སྣང་བ། མཚན་བཟུང་བ་ཙམ་གྱིས་དབུལ་བ་དང་ཉེས་སྡིག་ཐམས་ཅད་མེད་པར་བྱེད་པ། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པ། བསོད་ནམས་ཐམས་ཅད་སྡུད་པར་བྱེད་པ། བཀྲ་མི་ཤིས་པ་ཐམས་ཅད་མེད་པར་བྱེད་པ། དཔལ་དང་བདེ་བ་དང་སྐལ་པ་བཟང་པོ་ཐམས་ཅད་སྡུད་པར་བྱེད་པ་འདི་ནི། རྒྱུད་སྡེ་རྣམས་ཀྱི་རྩ་བ་ལྟ་བུར་གྱུར་པ་བྱ་བའི་རྒྱུད་ལ་རིགས་དྲུག་ཏུ་ཡོད་པའི་སྔ་མ་འཇིག་རྟེན་

p. 384

ལས་འདས་པའི་རིགས་གསུམ་གྱི་ནང་ཚན་པདྨའི་རིགས་ཀྱི་བཀའ་ཉན་ཏུ་གཏོགས་པ་དཔལ་ལྷ་མོ་ལུང་བསྟན་པའི་མདོ་སོགས་ལས་གསལ་བར་གསུངས་ཤིང༌། གཞན་ཡང་གཤེགས་རིགས་ཀྱི་ཡུམ་གསེར་འོད་དམ་པ་དང༌། ནོར་ཅན་གྱི་རིགས་གར་མཁན་མཆོག་གི་བརྟགས་པ་རྣམས་ལས་ཀྱང་འཁོར་དང་བཅས་པའི་སྒྲུབ་ཐབས་སྙིང་པོ་བཅས་བསྟན་པར་མཛད་ལ། སྐབས་སུ་བབས་པའི་སྒོམ་ལུང་འདི་ནི། གཤེགས་རིགས་ཀྱི་བདག་པོ་འཇམ་དཔལ་དཔའ་བོ་གཅིག་གྲུབ་ལས་ལེགས་པར་གསུངས་པ། དེ་ལ་བརྟེན་ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མན་ངག་བཀའ་གདམས་གོང་མ་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པས་བྱིན་རླབས་ཀྱི་རྒྱུན་དང་ཡིད་ཆེས་ཀྱི་ངེས་པ་སྟེར་བར་བྱེད་པ་སྟེ། དེ་ལྟ་བུའི་སྒོམ་ལུང་ཟབ་མོ་གསན་པའི་སླད་དུ་མཎྜལ་འབུལ་བར་ཞུ། ཐལ་མོ་མེ་ཏོག་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ལན་གསུམ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་འདི་དག་དཔོན་སློབ་ལྷན་ཅིག་པས་གནང་བར་ཞུ། ཞེས་སྐྱབས་སེམས་ཚད་མེད་བཞི་ལན་གསུམ། དེ་ནས་སྤྱན་དམིགས་འདི་བཞིན་དུ་མཛད་པར་འཚལ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་ཉི་མ་ལ་གནས་པའི་སོགས་གོང་ལྟར་ལ། རང་ཉིད་ཅེས་པ་དོར། ཁྱེད་རང་གསང་བའི་བདག་པོ་ཞེས་བསྒྱུར། ཐུགས་ཀར་ཧཱུྃ་གིས་མཚན་པར་མོས་པ་མཛོད། སློབ་དཔོན་ཀྱང་གསང་བདག་ཏུ་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང༌། དེ་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བ་ལ་འཁོད་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ་བཛྲ་སོགས་གསུམ། རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་གསང་བའི་བདག་པོའི་གསུང་རིག་སྔགས་ཀྱི་ནུས་པ་མ་ལུས་པ་འཇུག་ཅིང་

p. 385

བརྟན་པར་གྱུར་ཅིག ཅེས་མེ་ཏོག་འཐོར། དེ་ནས་མཆོད་པ་བྱིན་རླབས་སྔོན་ཏུ་འགྲོ་བའི་མདུན་བསྐྱེད་གསལ་འདེབས་པ་ལ་སྤྱན་དམིགས་འདི་ལྟར་དུ་མཛད་འཚལ། ཞེས་བརྡ་སྦྱར་ནས། མཆོད་པ་ཁ་གསོས་ཏེ། གོང་གསལ་མཆོད་པ་བྱིན་རླབས་ནས། བསྟོད་པའི་བར་སློབ་དཔོན་གྱིས་བརྗོད་ལ་བརྡ་སྤྲད། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་དབུས་སུ་ཤྲཱིཾ་ཡིག་ལྗང་གུ་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ་པའི་མོས་པས་འདིའི་རྗེས་ཟློས་མཛོད། གཙོ་མོའི་སྔགས་ལན་གསུམ། འཁོར་གྱི་ལྷ་མོ་བརྒྱད་པོ་རང་རང་གི་ཐུགས་ཀའི་ཟླ་སྟེང་ས་བོན་ལས་རང་རང་གི་སྔགས་རྣམས་བྱུང༌། ཞལ་ནས་ཞལ་དུ་བརྒྱུད། ཁྱེད་རང་རྣམས་ཀྱི་ཐུགས་སྲོག་ལ་ཐིམ་པའི་མོས་པས་འདིའི་རྗེས་ཟློས་མཛོད། འཁོར་སྔགས་རྣམས་ལན་གསུམ་བཟླར་གཞུག མཐར་མེ་ཏོག་འཐོར་བཞིན་དུ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ལན་གསུམ། དེ་ནས་མདུན་བསྐྱེད་ལ་གཏོར་མ་འབུལ་བའང་ངེད་ཀྱིས་བརྡ་སྤྲད་པའི་དམིགས་རིམ་ལ་འཇུག་པར་ཞུ། ཨོཾ་ཨཱཿཧཱུྃ། ཞེས་པ་ནས། འདོད་དོན་གསོལ་གདབ་ཀྱི་བར་གོང་བཞིན་བྱ། དེ་ལྟར་ཇོ་བོ་རྗེ་ལྷ་གཅིག་གི་མན་ངག་ལྷ་མོ་ཆེན་མོ་དཔལ་གཙོ་བོར་གྱུར་པའི་གནོད་སྦྱིན་མོ་དགུའི་སྒོམ་ལུང་བཀའ་གཏད་སྦྱིན་གྲུབ་པ་ཡིན་པས་འདི་དག་ལྷག་པའི་ལྷར་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། དགེ་བསྔོ་བྱས་པས་གྲུབ་བོ། །རྗེས་མཆོད་པ་ཁ་གསོ། བྱིན་རླབས་མཆོད་བསྟོད་གོང་གསལ། མ་འབྱོར་པ་དང་སོགས། ཡིག་བརྒྱ་བརྗོད། རྟེན་ཡོད་ན་མདུན་བསྐྱེད་རྣམས་དེ་ལ་བསྟིམ་ཞིང་མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལྡངས་ལ་གནས་གསུམ་འབྲུ་གསུམ་གྱིས་བསྲུང༌། དགེ་བ་བསྔོའོ།། །།གཉིས་པ་ལག་ལེན་དངོས་བཤད་པ་ལ་གཉིས། གཞུང་

p. 386

མཐུན་གྱི་བསྙེན་པ་བྱ་བའི་ཚུལ་མདོར་བསྟན། གཡང་སྐྱབས་དཀྱུས་མའི་ལག་ལེན་རྒྱས་པར་སྨོས་པའོ། །དང་པོ་ནི། ལྷ་མོ་ཆེན་མོ་འདི་ཉིད་ཆེད་དུ་བསྙེན་པར་འདོད་ན། བཅའ་གཞི། སྒོམ་དོན། སྔགས་རྒྱ། སྤྱོད་ལམ་སོགས་བྱ་བ་སྤྱི་རྒྱུད་གྱིས་ཁོག་དབུབ། འདི་ཉིད་ཀྱི་མདོ་རྒྱུད་རྟོག་པ་རྣམས་ཀྱི་དགོངས་པ་བྱེ་བྲག་ཏུ་བསྡེབས་ཏེ་ཉམས་སུ་ལེན་དགོས་པ་ཡིན་ཀྱང༌། ཡུལ་དུས་དབང་གིས་ཇི་བཞིན་འགྲུབ་དཀའ་བསམ་སྨོས་ལ། རྗེས་མཐུན་ཙམ་ལག་ཏུ་ལེན་པར་སྤྲོ་ན། གནས་ཁང་རྒྱན་གྱིས་བརྒྱན་པར་སྟེགས་བུ་གཙང་མ་ལ་རིན་པོ་ཆེའི་མཎྜལ་ལ་དྲི་དང་བ་བྱུང་གིས་བྱུག་པ་ལ། ཙན་དན་དཀར་པོ་ལས་བྱས་པའི་དཔལ་མོའི་སྐུ་གཟུགས་ནང་དུ་རིང་བསྲེལ་དང་ལྡན་པ་བཞག མདོ་སྡེ་གསེར་འོད་དམ་པའི་གླེགས་བམ་ཡང་བཞུགས་སུ་གསོལ། མ་འབྱོར་ན་བྲིས་སྐུའམ་ཙཀ་ལི་དགྲམ་པའི་མདུན་ཏུ་འབུལ་གཏོར་དཀར་གསུམ་ལས་བྱས་པ། འོ་ཆབ་ཀྱི་མཆོད་ཡོན། མེ་ཏོག་སེར་པོ། ཙན་དན་ལ་སོགས་པའི་བདུག་སྤོས། སྦྲང་རྩི་བུ་རམ་དང་སྦྱར་བའི་ཞལ་ཟས་སོགས་མཆོད་པ་དག་ཅིང་གཙང་བ་བཤམ། བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད། བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་ཆུས་མགོ་ལུས་དག་པར་བཀྲུས་ཤིང་གནས་མལ་ཡོ་བྱད་རྣམས་ལ་འཐོར། སྔགས་བཟླས་པའི་གུ་གུལ་དཀར་པོས་བདུག གོས་གཙང་མ་གྱོན། ཉེན་རེ་བཞིན་ཁྲུས་བྱ། མ་གྲུབ་ན་སྔགས་ཀྱི་ཆུས་ནངས་མོ་དང་ཟས་ཟོས་པ་བཤང་གཅི་འདོར་བའི་རྗེས་ཐོག་སོགས་ལ་ཁ་བཤལ་ཞིང་ཉེ་རེག་བྱ། ཤ་ཆང་སྒོག་བཙོང་འབགས་བཅོག་སླད་ཟས། བག་མེད་དང་མི་དགེའི་སྤྱོད་པ། སྔགས་བཟླ་བའི་སྐབས་སུ་བཟའ་བཏུང་བཤང་གཅི་གཏམ་ལབ་གཉིད་དང་གླལ་སྒྲིད་སོགས་ཅི་ནུས་ཀྱིས་སྤངས་ཏེ། ཉམས་ལེན་དངོས་གོང་སྨོས་བདག་མདུན་གྱི་རིམ་པ་རྗེས་ཆོག་བཅས་ཐུན་བཞིའམ་གསུམ་དུ་བྱེད། སྔགས་བཟླ་བའི་ཚེ་བདག་བསྐྱེད་འོད་ཟེར་སྤྲོ་བསྡུ་སྤྱི་མཐུན་གྱིས་རུང་ཞིང་ཐུན་འགོར་བཟླས་པ་བརྒྱ་བརྒྱད་ཙམ་རེས་ཆོག དངོས་གཞི་མདུན་བསྐྱེད་གཙོ་མོའི་རིག་སྔགས་བཟླ་བའི་ཚེ། གཙོ་མོའི་ཡི་གེའི་གཟུགས་དང་དྲིལ་བུའི་སྐད་ལྟ་བུའི་སྔགས་ཀྱི་སྒྲ་

p. 387

གདངས་ལ་སེམས་རྩེ་གཅིག་ཏུ་གཏོད་ཅིང༌། སྐབས་སུ་བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ། དེའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ལས་ལྷ་མོ་ཆེན་མོའི་སྐུ་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པ་བྱུང༌། དེ་དག་གི་ཕྱག་མཐིལ་ནས་མཆོད་པའི་སྤྲིན་ཆེན་པོའི་སྤྲུལ་ཏེ་རྒྱལ་བ་སྲས་དང་བཅས་པ་མཆོད་པའི་དགེ་བ་ལས་བྱུང་བའི་བསོད་ནམས་ཀྱི་སྤྲིན་ཆེན་པོ་འཁྲིགས་པ་ལས། བདུད་རྩིའི་ཆར་ཆེན་པོ་བབས་པས་རྒྱུ་སེར་སྣ་དང་འདོད་ཆགས་ཀྱི་དྲི་མ་བཀྲུས། འབྲས་བུ་ཡི་དྭགས་ཀྱི་འགྲོ་བ་ཀུན་ཚིམས་ནས་སངས་རྒྱས་ཀྱི་བདེ་བ་ལ་བཀོད། ཡང༌། ནོར་བུ་རིན་པོ་ཆེ་ལ་སོགས་པ་འདོད་རྒུའི་ཆར་རྒྱུན་ཚད་མེད་པ་བབས་པས་བདག་གཞན་འགྲོ་བ་མཐའ་དག་སྐྱེ་བ་ཀུན་ཏུ་དཔལ་འབྱོར་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་ཆེན་པོ་ལ་དབང་ཐོབ། འོད་ཟེར་སླར་ལོག་སྟེ་ཐུགས་ཀར་ཐིམ་པར་མོས། ལྷ་མོ་བརྒྱད་ལའང་དེས་རིགས་འགྲེ་ཞིང་གྲངས་གཙོ་མོའི་བཅུ་ཆར་བཟླ། འདི་ནི་བློ་ཟོ་མ་ཡིན་ཏེ། སྤྱོད་རྒྱུད་ཀྱི་གཟུགས་ཀྱི་ལྷའི་སྤྲོ་བསྡུ་དང༌། གསེར་འོད་དམ་པ་ལས་ཟུར་གྱིས་བསྟན་པའི་དོན་གཅིག་ཏུ་འདུས་པ་འཕགས་བོད་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་དག་གིས་ལེགས་པར་བཤད་པའི་དགོངས་པའོ། །དེ་ལྟ་བུའི་བསྙེན་པ་ལེགས་པར་གྲུབ་ནས། སྒྲུབ་པའི་ཚུལ་དུ་མདུན་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་སོགས་ཀྱི་སྐབས་སུ་ཚིགས་བཅད་ཀྱིས་མཚོན་སྤྲོས་པ་རྒྱས་པར་བྱ་ཞིང༌། བཟླས་པའི་ཐོག་མར་མདོ་སྡེ་གསེར་འོད་དམ་པ་ནས་འབྱུང་བའི་སངས་རྒྱས་ཀྱི་མཚན་སྤྱི་དང༌། ཁྱད་པར་བདེ་གཤེགས་རིན་ཆེན་མེ་ཏོག་དང༌། གསེར་འོད་དམ་པ་མདོ་སྡེའི་དབང་པོ་ལ་ཕྱག་བྱ་ཞིང་མཆོད་པ་ཕུལ། གཟུངས་སྔགས་དང་བདེན་ཚིག་ལན་བདུན་ལ་སོགས་པ་བརྗོད་ནས། སྔར་སྨོས་པའི་སྙིང་པོ་རྣམས་དང༌། སྱཱད་ཡ་ཐེད་ན་དང༌། ཏདྱ་ཐཱ་ཞེས་པ་རིགས་གཉིས་ཀྱང་ཅི་ནུས་སུ་བཟླ། ཐུན་མཐར་གཏོར་འབུལ་མཆོད་བསྟོད་རྒྱས་པར་བྱ་ཞིང་དཔལ་ལྷ་མོའི་མཚན་བཅུ་གཉིས་ལ་ཕྱག་མཆོད་འདོད་དོན་གསོལ་བ་བཏབ་ནས་མདུན་བསྐྱེད་སྐུ་གཟུགས་ལ་བརྟན་

p. 388

བཞུགས་གསོལ། བསྙེན་སྒྲུབ་གཉིས་ཀའི་ཐུན་མཚམས་སུ་ཕྱག་མཆོད་ཡན་ལག་བདུན་པ་གཙོ་བོར་གྱུར་བའི་བསོད་ནམས་ཀྱི་ཚོགས་གསོག་ཅི་འགྲུབ་བྱ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པའི་མདོ་དང༌། དཔལ་ལྷ་མོའི་མདོ། གསེར་འོད་དམ་པ་སོགས་ཅི་ནུས་སུ་བགྲག བཟའ་བཏུང་གི་བྱ་བ་སོགས་གྲུབ་ནས་ཉེ་རེག་བྱས་ཏེ་ཐུན་ལ་འཇུག སྒྲུབ་པ་གྲུབ་པའི་ཚེ་ལས་ལ་སྦྱོར་བའི་དོན་ཏུ་ཁྲུས་དང་གོས་གཙང་བགོ་ཞིང་ལུས་སྤོས་ཀྱིས་བདུག་པ་སོགས་བྱས་ནས། བརྟན་བཞུགས་བྱས་པའི་ལྷ་མོའི་སྐུ་དེ་འབྲུ་སྣ་དང་རིན་པོ་ཆེ་ལྔའི་ཕུར་མ་དེར་སེར་པོ་རྣམས་ཀྱིས་དྲིལ་བ་སྙིམ་པ་ཁ་སྦྱོར་དུ་བཅུག་སྟེ་ཇི་ཙམ་ཅི་ནུས་པའི་བཟླས་བརྗོད་འབྲུ་ནོར་ལ་དོན་གཉེར་ཆེ་ཆུང་དང་བསྟུན་པའི་ཞག་གྲངས་སུ་བྱས་ལ་མཐར་མཛོད་ཁང་གི་དབུས་སུ་འབྲུའི་ཕུང་པོའི་སྟེང་དུ་བཞག་ལ། དེ་ཕྱིན་ཆད་དུས་བཟང་པོ་བྱུང་ངོ་ཅོག་ལ་སྦྲང་རྩི་བུ་རམ་འོ་མའི་མཆོད་ཡོན་རྣམས་དང་ཟས་ནོར་གྱི་ཕུད་ཐམས་ཅད་ཀྱིས་མཆོད་ཅིང་འབྲུ་ནོར་ལོངས་སྤྱོད་འཕེལ་བའི་གསོལ་བ་གདབ། བསྙེན་པ་འབུམ་ཕྲག་ལ་སོགས་པ་སྔོན་ཏུ་སོང་ནས། སྒྲུབ་པའི་དཀྱིལ་འཁོར་ལྷ་མོ་འཁོར་བཅས་གསལ་བར་བསྒོམ་པའི་མདུན་ཏུ་འབྲས་བུ་ཅན་གྱི་ཤིང་ལ་མེ་ཐབ་ལས་ཐམས་ཅད་པའི་མཚན་ཉིད་ཅན་དུ་བྱས་ཤིང་དམིགས། བསྲེག་རྫས་འབྲས་བུ་ཅན་གྱི་ཡམས་ཤིང༌། མར་ཁུ་སེར་པོ། ཏིལ་དཀར་པོ་ཅི་མང་འདུ་བྱ། བདག་ཉིད་གསང་བདག་ཏུ་གསལ་བ་ལ་ཆུ་དང་ཅོད་པན་གྱི་དབང་མདོར་བསྡུས་བླང༌། མེ་ཐབ་ཏུ་མེ་ལྷ་སྤྱན་དྲངས། ཨ་མྲྀ་ཏས་བགེགས་བསྐྲད། མཆོད་པ་དང་བསྲེག་རྫས་བྱིན་བརླབས་ལ་འབུལ། སླར་བདེན་པའི་སྟོབས་བརྗོད་ལ་དཀྱིལ་འཁོར་པ་མེ་ཐབ་ཏུ་སྤྱན་དྲངས་ཏེ་ལྷ་སོ་སོའི་སྔགས་ལ་སྤེལ་ཚིག་སྦྱར་བས་བསྲེག་རྫས་རྣམས་ལན་བདུན་ལ་སོགས་པ་ཕུལ་ནས། ཏདྱ་ཐཱའི་སྔགས་ཁོ་ནས་ཏིལ་དཀར་པོ་ཅི་ནུས་སུ་ཕུལ་བ་ལ་གྲངས་བཟུང༌། མཐར་མར་ཁུ་ལན་གསུམ་ཕུལ་ནས་ལྷ་རྣམས་དཀྱིལ་འཁོར་དུ་གཤེགས། མེ་ལྷ་གསལ་བཏབ་ནས་བསྲེག་རྫས། མཆོད་པ། སླར་མར་ཁུ་ལན་གསུམ་ཕུལ་ལ་གཤེགས། ཐབ་ཀྱི་མེ་

p. 389

རང་ཞིར་སོང་བའི་ཐལ་བ་འབྲུ་ལ་སོགས་པའི་མཛོད་དུ་བཏབ་ན་འབྲུ་ནོར་ཟད་མི་ཤེས་པར་འཕེལ་བར་འགྱུར་རོ།། །།གཉིས་པ་གཡང་སྐྱབས་དཀྱུས་མ་ཙམ་གྱི་ཕྱག་ལེན་བྱེ་བྲག་ཏུ་བཤད་པ་ལ་གསུམ། བཅའ་གཞི་དང༌། གཞུང་གི་ལག་ལེན་དངོས། རྗེས་ཀྱི་བྱ་བ་རྣམས་སོ། །དང་པོ་ལ་གཉིས། འབྱོར་པ་དང་ལྡན་པས་བཅའ་གཞི་རྒྱས་པར་སྤྲོ་ན་རྟེན་རྫས་ཀྱི་གཙོ་བོ་གོང་དུ་སྨོས་པའི་སྐུ་དང་གླེགས་བམ་དག་ཡོད་དགོས་ལ། དེ་ལྟར་མི་འཇོམས་པའམ་སྤྱི་མཐུན་སྟབས་བདེ་ཙམ་དུ་གཞུང་འདི་ལས་དངོས་སུ་གསུངས་པ་ལྟར། སྐྱེས་པ་བུ་བདུན་ཡོད་པའི་མདའ་མ་ཉམས་པ་ལ། དར་རས་གཙང་མ་སྤྱི་དང་མ་འདྲེས་པ་ལ་ལྷ་མོ་གཙོ་འཁོར་སྲིད་གསུམ་གཡང་བདག་དང་ཅེས་པའི་སྐུ་དང་སྔགས་བྱང་བྲིས་པ་དང་དངུལ་དཀར་མེ་ལོང༌། བུད་མེད་བུ་བདུན་ཡོད་པའི་ནོར་གཡུ། གཞན་ཡང་དར་སྣ། སྟག་གཟིག་རས་མ། ཁྲབ་བྱང་སོགས་བཏགས་པ་རྟེན་རྫས་ཀྱི་གཙོ་བོར་ཡིན་པས་གང་འཛོམ་བྱ་དགོས་ལ། དེའང་མ་འཛོམ་ན་མདའ་དར་དཀྱུས་མ་མེ་ལོང་ལྡན་པ་མེད་ཀ་མེད་ཡིན། ཆགས་མེད་རིན་པོ་ཆེ་ཉིད་ཐུགས་བསྐྱེད་ཆེ་དྲག་པས་དེའང་མི་འཛོམ་པའི་དབུལ་པོ་ལ་དགོངས་ནས་མདའ་དར་མེད་ན་དེའི་ཚབ་ཏུ་ཤུག་པ་བལ་ཚོན་གྱིས་བརྒྱན་པ་བཞག་པར་གསུངས་པའི་གནད་མ་གོ་བ། ད་ལྟ་གཡང་ཤུག་ཅེས་ཤུག་ཐེལ་ཞིག་མ་བཞག་ཀ་མེད་བྱེད་པ་ནི་བླུན་པོའི་བྱ་བ་ཡིན་པས་ཅིས་ཀྱང་མདའ་དར་མ་འཛོམ་ནས་བཅད་ཙམ་མ་གཏོགས། སྒྲུབ་རྟེན་ཏུ་ཤུག་པ་བཞག་མི་རུང་སྟེ་སྐམ་ནས་གྲུག་པ་སོགས་ཀྱིས་རྟེན་འབྲེལ་མི་ལེགས་པའི་ཕྱིར་རོ། །གཞན་ཡང་གཞུང་ལས་གསུངས་པའི་གཡང་རྫས་རྣམས་ཚོགས་པར་བྱས་ལ། ཉི་མ་བྱང་བགྲོད། ར་བ་བཞི་སོགས་ཡར་ངོའི་ཚེས་གཡང་གཟའ་གཡང་སྐར་འཛོམ་ཞིང་དབུལ་ཉི་ཉི་ནག་སོགས་མེད་པའི་དུས་བཟང་པོ་ཞིག་ལ་ཐོག་མའི་དབུ་འཛུག་པ་དང༌། རྗེས་ཀྱི་གཡང་གཏད་ཁེལ་བར་བྱས་ཏེ། གནས་ཁང་གཙང་མ་རྒྱན་གྱིས་སྤྲས་པའི་ཕུག་ལོགས་སོགས་གང་བདེར་རང་གི་ཡི་དམ་གྱི་གཞུང་གང་ལ་བྱེད་པའི་གཏོར་

p. 390

མཆོད་ཚོགས་ཀྱི་ཡོ་བྱད་སོགས་བཤམ། སྟེགས་བུ་གཙང་མར་དར་རས་སེར་པོའམ་དཀར་པོས་གཡོགས་པའི་ཁར་འབྲས་སམ་གྲོ་ནས་ཀྱིས་པདྨ་འདབ་བརྒྱད་བྲིས་པ་ལ་འབྲུ་གཙང་གི་ཕྱེ་སྨན་དང་རིན་པོ་ཆེ་མངར་གསུམ་བསྲེས་པ་ལས་གཡང་བཤོས་ནོར་བུའི་དབྱིབས་ཅན་གཙོ་འཁོར་དགུ་རྒྱན་སྤྲོས་གཟབ་པ་བྱས་ཏེ་སྣོད་གཙང་གས་ཆག་མེད་པའི་ནང་དུ་བཀོད་ལ་བཞག སྐུ་དང་གླེགས་བམ་ཡོད་ན་དེ་ཉིད་དབུས་སུ་བཀོད་པའི་མདུན་དུ་གཏོར་མ་འདི་འཇོག་དགོས། གང་ལྟར་གཡས་གཡོན་མདུན་གསུམ་དུ་འབྲུའི་ཚོམ་བུའི་ཁར་ལྷ་ཀླུ་གཉན་གསུམ་དཀར་གཏོར་རྒྱན་ལྡན་གཞུང་གསལ། རྒྱབ་ངོས་སུ་གོང་སྨོས་སྒྲུབ་རྟེན་མདའ་དར་གཡོ་འགུལ་མེད་པའི་སྟེགས་ལ་གཟུག མདུན་ཏུ་མཆོད་པ་རྣམ་བདུན་གོང་སྨོས་ལྟར་ཕྲེང་ཚར་དང༌། གཞན་ཡང་སྣོད་གཙང་མ་རྣམས་སུ་ལྔ་ཕྲག་ལྔ། དཀར་གསུམ་མངར་གསུམ། མར་ཐུད་འོ་ཞོ། ཕྱེ་མར། ཇ་ཆང༌། ཤིང་ཏོག ཁུར་བ་སོགས་བཟའ་བཅའ་བཏུང་བ་གཙང་ཞིང་དག་པའི་རིགས་ཇི་ཙམ་འཚོགས་པ་བཤམ། དར་དཀར་རམ་ཤོག་བུ་ལ་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་སྣ་བདུན། རྒྱ་ནག་ལུགས་ཀྱི་ནོར་བུ་ཆ་བདུན་ཏུ་གྲགས་པ་རྣམས་བྲིས་པའི་རྒྱབ་ཏུ་རྟེན་འབྲེལ་སྙིང་པོའི་གཤམ་ལ། བདག་གམ། སྦྱིན་བདག་འདི་ཞེས་བྱ་བ་ལ་ཚེ་དང་བསོད་ནམས་དཔལ་དང་འབྱོར་པའི་མི་ནོར་ཟས་གསུམ་གཡང་གི་དངོས་གྲུབ་ཆེན་པོ་ཆར་བཞིན་ཏུ་ཕོབ་ཅིག པུཥྚིཾ་ཀུ་རུ་ཨོཾ། ཞེས་བྲིས་པ་ཅི་བདེར་བཀོད་པའམ་གོང་གི་མདའ་ལ་བཏགས་ཀྱང་རུང༌། གོ་ཁྲབ་རྒྱན་གོས་སོགས་བཀྲ་ཤིས་པའི་ཡོ་བྱད་རྣམས་དང༌། ནོར་ལྷ་སྤྱིའི་རྟེན་ཏུ་གྲགས་པ་རྔ་མ་དཀར་པོ་དར་སྣས་བརྒྱན་པས་མཚོན་གཡང་འགུགས་པའི་རྟེན་གཞུང་གསལ་གང་འཚོགས་བྱ། གྱོ་ཚལ་ལ་སོགས་པའི་སྣོད་བོར་ཆོག་ཞིག་གི་ནང་དུ་གཡང་གླུད་བསྡུས་པ་ངར་མི་ཏིང་ལོ་ཆངས་བུ་ཅན་གྱིས་འཐུས་པར་མཛད་ཀྱང༌། སྤྲོ་ན་འདོན་ཆ་དང་མཐུན་པའི་བསེ་རག་གི་གཟུགས་ཆུང་གསུམ་གྱི་འཁོར་རྣམས་སྤར་དུ་བཏབ་པའི་སྔོན་ཕྱོགས་སུ། མི་དང་རྟ་ནོར་ར་ལུག་གི་གླུད་གཟུགས་མར་མེ་བཤོས་བུ་ཆངས་བུ་

p. 391

རྣམས་དང༌། ཚྭ་སྒོག་རམ་གསུམ་སོགས་མི་ཁའི་ཡས་རྫས། ཟོ་ཤེ་རྐྱལ་ཤེ་སྟན་རུལ་གོད་རུས་ཐག་ཆད་སོགས་འགོང་པོའི་བཀར་ཡས་ཅི་རིགས་པ་བསགས། ཐུན་རྡོའི་ཕྱེ་མ་ཡུངས་ཀར་རམ་ནས་དང་བསྲེས་པ། སྣོད་གཙང་མར་འོ་ཆབ་འཐོར་བྱེད་དང་བཅས་པ། གཡབ་དར་མདའ་དར་དཀར་པོ། ཤུག་པ་བལ་བུ་སོགས་བཟང་ཤིང་གི་སྤོས་སྦྱོར། མཆོད་པ་རྣམས་ཁ་གསོ་བའི་ཆས་སོགས་འདུ་བྱ། སྒྲུབ་པའི་དབུ་བཙུགས་ནས་གཡང་སྒོ་བསྡམས་ཟིན་པའི་ཞག་གསུམ་མམ་བདུན་གྱི་བར་དུ་ཡོ་བྱད་བཟའ་བཏུང་རིགས་སྤྱི་དང༌། ཁྱད་པར་དཀར་མཚན་ཅན་དང་བཀྲ་ཤིས་པའི་རྫས་ཕྱིར་མི་བཏང་བའི་འཛེམ་བྱ་དགོས་ཀྱང་གནས་ཆེན་ལྟ་བུ་དེ་ལྟར་འགྲུབ་དཀའ་བའི་རིགས་ལ་ཡུལ་ལུགས་དང་བསྟུན་ཞིང༌། གཡང་རྟེན་དུ་བཞག་པའི་ཡོ་བྱད་ཆེ་ཕྲ་ཐམས་ཅད་ནམ་ཡང་ཕྱིར་མི་འཁྱེར་བ་དང༌། མཆོད་རྫས་ཀྱི་རས་མ་སྦྱིན་བདག་གམ་སྒོ་ནོར་རྩིས་ཅན་ལྟ་བུར་སྦྱིན་པ་ལས། བྱ་ཁྱི་ཙམ་ལའང་སྦྱིན་པར་མི་རུང་ངོ༌། །སྔར་ཆོ་ག་དང་འབྲེལ་བའི་རྟེན་བཙུགས་པ་ཡོད་ན། ཟུར་གསལ་ལྟར་སྒོ་དབྱེ་བའི་ཆོ་ག་བྱས་ཏེ་གཡང་རྟེན་རྣམས་སྤོས་དུད་སོགས་བཀུར་བསྟི་དང་བཅས་ཏེ་སྤྱན་དྲངས་ལ་གཞི་སྟེང་དུ་བཀོད་ཅིང༌། རྒྱན་སྤྲོས་ཀྱིས་མཚོན་ཏེ་ཁ་གསོ་དོགས་པ་རྣམས་གསོ་ཞིང༌། མཆོད་པའི་བྱེ་བྲག་ལ་སོགས་པ་གསར་དུ་བཤམ་པར་བྱའོ། །གཉིས་པ་འབྱོར་པས་དམན་པའམ་ཉིན་ཆོག་ལྟ་བུར་བཅའ་གཞི་བསྡུས་པའི་ཚུལ་ནི་གཞུང་གི་དབུར་གསུངས་པ་ལྟར་རོ། ༈ །གཉིས་པ་ལག་ལེན་དངོས་གཞི་ནི། ཐོག་མར་བདག་བསྐྱེད་ཡི་དམ་གང་བྱེད་ཀྱི་གཞུང་བཟླས་པའི་བར་དུ་བཏང་དགོས་པས། ཞག་གྲངས་བྱེད་ཚེ་དཀོན་མཆོག་སྤྱི་འདུས་ལ་མཚོན་ན་དབུ་ནས་བརྩམ། སེང་གདོང་མའི་བཟླས་པའི་བར་དུ་བཏང༌། དེ་མཚམས་ནོར་ཅན་དང་རྒྱས་པའི་རིགས་ལ་ངེས་པར་དགོས་པ་གོང་སྨོས་ཕྱག་རྡོར་བདག་བསྐྱེད་བཟླས་པ་དང་བཅས་པའང་བྱ། ཉིན་ཆོག་གམ་ཚར་རེ་ཟུང་ལ་ཕྱག་རྡོར་བསྐྱེད་བཟླས་འདི་ཁོ་ནས་ཆོག་གི་སྤྲོས་པ་གཞན་མི་དགོས། དེ་ནས་གཞུང་གསལ། ཧཱུྃ། རང་ཉིད་ཡི་དམ་

p. 392

སོགས་ལ་འཇུག་སྟེ། དེའི་ཚེ་རང་ཉིད་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལྗང་སྔོན་གྱི་མཐར་བཟླ་བྱའི་སྔགས་ཕྲེང་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། མཐུ་སྟོབས་བྱིན་རླབས་ཐམས་ཅད་བདུད་རྩི་འཁྱིལ་པའི་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པར་ཆར་བབ་པ་ལྟར་བྱོན་ནས་བདག་དང་ཐུན་རྫས་ལ་ཐིམ་པས་བདག་ཉིད་མཐུ་སྟོབས་གཟི་བརྗིད་རབ་ཏུ་རྒྱས་ཤིང༌། ཐུན་རྫས་རྣམས་ཁྲོ་ཆུང་མེ་འབར་ཞིང་ཚྭ་ཚྭ་འཕྲོ་བར་གྱུར་པར་མོས་ལ། ཨ་མྲྀ་ཏེ་སྟོང་ཕྲག་ཙམ་དང༌། ཀུཎྜ་ལི་བརྒྱ་ཙམ་བཟླས་ལ་ཕུས་བཏབ་པས། ཐུན་རྫས་ཀྱི་ཁྲོ་བོ་རྣམས་འོད་དུ་ཞུ་སྟེ་ཧཱུྃ་ཡིག་ལྗང་སྔོན་མེའི་ཚྭ་ཚྭ་ཐུལ་འཕྲོ་བ་འབའ་ཞིག་ཏུ་གྱུར་པར་མོས་ལ། མཆོད་བསྟོད་བྱ། འོ་ཆབ་ཀྱི་སྟེང་དུ་སྒྲུབ་པ་པོ་གཙང་སྦྲ་ལ་གནས་པ་ཡིན་ན་སྐད་ཅིག་དྲན་རྫོགས་སུ་རྡོ་རྗེ་རྣམ་འཇོམས་ལྗང་སྔོན་དང༌། ཤ་ཆང་སོགས་ལ་འབགས་ན་དཀར་པོར་གསལ་བའི་ཐུགས་སྲོག་དང་སྐུ་ལས་བདུད་རྩིའི་རྒྱུན་བབ་འོ་ཆབ་དག་བྱེད་ཀྱི་ཁྲུས་ཆུ་ནུས་པ་དང་ལྡན་པར་མོས་ལ། རྣམ་འཇོམས་ཚར་གཅིག་དང་ཉེ་སྙིང་གང་འགྲུབ། ཤམ་བུ་ཁྲུས་བདུན་རིག་པ་སྦྱར་བའམ་བདུན་ཙམ་ཕན་ཡོན་བཅས་བརྗོད་ལ་ལྷ་མི་དམིགས་པར་བཞག རང་ཉིད་བདུད་རྩི་འཁྱིལ་པར་གསལ་བའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་དབུལ་ཕོངས་བྱེད་པའི་བསེ་རག་དང་གོད་འདྲེ་སོགས་བགེགས་རིགས་ཐམས་ཅད་མདུན་ཏུ་བཀུག་སྟེ་གུས་པས་འཁོད། གླུད་གཏོར་དེ་དག་རྣམས་ཀྱི་ཡིད་ལ་གང་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོར་བསམས་ལ་གཞུང་ཚིག་གྱེར། དོ་གལ་བྱེད་ན་གླུད་རྫས་ཀྱིས་ཁ་གསོ་ཞིང་ལན་བདུན་ལ་སོགས་པ་ཚར་གྲངས་བསག ན་མཿསརྦ་སོགས་ལ་ཆུ་གཙང་སྦྲ་དགོས། མཐར་དེ་དག་ཚིམས་ནས་ཕྱི་མིག་མི་ལྟ་བར་མཐའི་རྒྱ་མཚོ་ཕ་རོལ་དུ་སོང་བར་བསམས་ལ། གླུད་གཏོར་ཁང་ཁྱིམ་མི་མཐོང་བའི་སར་སྐྱེལ་ལ་ཕྱི་མིག་མི་ལྟ་བར་ལོག་བཅུག

p. 393

གླུད་མི་ལེན་ཅིང་བདེན་ཚིག་ལ་མི་ཉན་པའི་འབྱུང་པོ་གནོད་པའི་སེམས་འཆང་བ་མཐའ་དག་རང་གི་སྐུ་ལས་སྤྲོས་པའི་ཁྲོ་ཆུང་མེ་ཕུང་ཐུན་རྫས་ཧཱུྃ་ཡིག་མཚོན་ཆེན་འབར་བའི་ཆར་གྱིས་བསྐྲད་ཅིང་རྡུལ་ཕྲན་ཙམ་དུ་བརླགས་པར་བྱས་པར་མོས་ལ། མཚམས་བཅད་བརྗོད་ཅིང་འཁྱིལ་པའི་སྔགས་དང༌། སུམྦྷ་དྲག་ཏུ་བཟླ་བཞིན་པས་ཁྱིམ་ཕྱི་ནང་ཐམས་ཅད་དུ་རྡོ་ཐུན་གཏོར། སླར་ཁྲོ་ཆུང་ཐམས་ཅད་ཚུར་འདུས་པ་ལས་བྱུང་བའི་རྡོ་རྗེ་མཚོན་ཆ་མེ་རིའི་གུར་ཁང་ཅིས་ཀྱང་མི་ཤིགས་པའི་ནང་དུ་བསྲུང་བྱའི་གནས་ཁང་ནོར་ཕྱུག་ཞིང་དང་བཅས་པ་ཚུད་པར་བསྒོམ། དེ་ནས་ཁྲུས་ཚིག་དང་རྣམ་འཇོམས་ཀྱི་སྔགས་ཤམ་བུ་ཅན། ཀུཎྜ་ལི་རྣམས་བརྗོད་བཞིན་པས་ཁྲུས་ཆབ་ཕྱོགས་ཐམས་ཅད་དུ་འཐོར་བས། འགོ་བའི་ལྷ་ལྔ། སྐྱོབ་པའི་ལྷ་དགུ། དགྲ་བླ་ཡུལ་ལྷ་གཉན་པོ་སོགས་འགོ་བའི་ལྷ་སྲུང་རྣམས་ལ་མི་གཙང་བའི་དྲི་མ་ཕོག་པ་རྣམས་དང༌། བདག་དང་ཡོན་གྱི་བདག་པོའི་སྡིག་སྒྲིབ་རྨེ་རྨུག་ནལ་གསུམ་གྱི་དྲི་མ་ཡུལ་ཞིང་ནོར་རྫས་ལ་འགོང་པོ་བསེ་རག་གི་ཁ་རླངས་ཕོག་པ་སོགས་མདོར་ན་གྲིབ་དང་མི་གཙང་བ་མཐའ་དག་ཤེལ་དཀར་གྱི་བུམ་པ་ལྟར་བཀྲུས་ནས་གཙང་ཞིང་དག་པར་མོས། འདིར་སྤྲོ་ན་གནས་མདོ་བདེ་ཆེན་སྙིང་པོས་མཛད་པའི་སངས་རྒྱས་ཀྱི་མདུན་བསྐྱེད་བཏོན་ལ། སྔགས་བཟླ་བའི་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་གསེར་བཙོ་མ་ལྟ་བུ་བདག་དང་སྦྱིན་བདག་ལ་ཕོག་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང༌། བྱེ་བྲག་སེར་སྣའི་ཉེས་པས་དབུལ་ཞིང་ཕོངས་པར་འགྱུར་བའི་ལས་སྒྲིབ་ཅི་ཡོད་པ་ཐམས་ཅད་སང་གི་དག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་སྐལ་བ་ཅན་དུ་གྱུར། མཐར་དེ་བཞིན་གཤེགས་པ་ཉིད་མདུན་གྱི་ནམ་མཁར་བཞུགས་པའི་འོད་ཟེར་གྱིས་ཡུལ་ཕྱོགས་གནས་ཁང་དང་བཅས་པ་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་བཀོད་པའི་ཁྱད་པར་མཐའ་ཡས་པ་དང་ལྡན་པར་བྱིན་གྱིས་བརླབས་པར་མོས། དེའི་དབུས་སུ་རིན་པོ་

p. 394

ཆེ་རི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བཅས་པའི་དབུས་དང་ཕྱོགས་མཚམས་བརྒྱད་དུ་གཏེར་བུམ་དང་པདྨ་ཟླ་བའི་གདན་རེར། བར་མཚམས་རྣམས་སུ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ། མཐའ་སྐོར་དུ་ཁྲུས་ཀྱི་རྫིང་བུ། དཔག་བསམ་ལྗོན་ཤིང༌། རིན་པོ་ཆེའི་རི་བོ། མ་རྨོས་པའི་ལོ་ཏོག འདོད་འཇོའི་བ་མོ། ནོར་བུའི་འགྲམ་སྟེགས་ལ་སོགས་པས་བསྐོར་ཞིང༌། ཕྱོགས་མཚམས་ཀུན་ཏུ་འཇའ་འོད་དང་རིན་པོ་ཆེའི་སྤྲིན་ཁྲིགས་པར་བསྒོམས་ལ། སྭ་བྷཱ་ཝ་ནས། རང་བཞིན་གྱུར་བར་བརྗོད། འདིར་སྤྲོ་ན་བདེན་པའི་བྱིན་རླབས་བརྗོད་པ་སྐབས་སུ་བབས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་སྟོབས་དང༌། བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་སྙིང་པོ་ཕྱག་རྒྱའི་ཚོགས་ཀྱི་བདེན་པའི་སྟོབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་ཕོ་བྲང་མཚན་ཉིད་ཡོངས་སུ་རྫོགས་པ་ལྷ་སོ་སོའི་གདན་དང་བཅས་པ། ཕྱི་ནང་ཀུན་ཏུ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུའི་མཆོད་པའི་སྤྲིན་གྱི་ཕུང་པོ་ནམ་མཁའ་དང་མཉམ་པ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ལན་བརྒྱད་བརྗོད། དེ་ནས་སརྦ་བིད་པཱུ་ར་སོགས་སྦྱར། འདི་བརྗོད་ནས་ཨ་ཀཱ་རོ་དང༌། ནམ་མཁའ་མཛོད་སྔགས་གཉིས་མི་དགོས། དེ་ནས་སྤོས་ཀྱི་དུད་པས་བཏང༌། མདའ་དར་གཡབ་ལ། རང་ཉིད་གསང་བའི་བདག་པོའི་ཐུགས་ཀའི་འོད་ཟེར་གྱིས་ལྕང་ལོ་ཅན་ནས་ལྷ་མོ་དཔལ་ཆེན་མོ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ་ནས་སྔོན་གྱི་ཐུགས་དམ་དྲན་ཏེ་དགྱེས་པས་དགོངས་ཏེ་སྐད་ཅིག་གིས་བྱོན་པར་བསམས་ལ། སྤྱན་འདྲེན་དབྱངས་རོལ་བཅས་བརྗོད། ལྷ་མོ་དགུ་པོ་གནོད་

p. 395

སྦྱིན་བྱེ་བ། རྒྱལ་ཆེན་བཞིའི་འཁོར་དང་བཅས་ཏེ་བྱོན་ནས་གཞལ་ཡས་ཁང་གི་སོ་སོའི་གདན་ལ་བཞུགས་ཤིང་རྒྱལ་པོ་བཞི་ཡང་སྒོ་བཞི་ལ་བཞུགས་པར་མོས། འདི་རིགས་ཀྱི་བཀའ་ཉན་ཡིན་པར་མ་ཟད་དགོས་པའི་འགའ་རེ་ཡོད་པས་བསྒོམ་དོན་ངེས་པར་བྱ་དགོས། དེ་ནས་རང་གི་ཐུགས་ལ་སྤྲུལ་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་པར་མོས་ལ་མཆོད་ཕྲེང་སྦྱར། གཞུང་དུ་གཏོར་མ་བྱིན་རླབས་ཟུར་གསལ་མ་གསུངས་པས། ཚར་གྲངས་བསགས་ཚེ་གོང་དུ་གཞལ་ཡས་སོགས་བསྐྱེད་པའི་ཞར་བྱུང་དམིགས་པས་ཁྱབ་པར་བྱས་ཀྱང་འཐུས་ཤིང༌། ཚར་སྔ་མ་རྣམས་སུ་འདི་ལྟར་སྦྱར་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་ནས། ལྷ་མོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་མོས་ལ། གཞུང་གསལ་སྔགས་ཀྱིས་འབུལ་ཞིང་གཙོ་མོ་ལ་བསྟོད་ཅིང་ཕྲིན་ལས་བཅོལ། སངས་རྒྱས་ཀྱི་མཚན་བརྗོད་པའི་ཚེ་མདུན་གྱི་ནམ་མཁར་བཞུགས་པ་དེ་བཞིན་གཤེགས་པ་དང༌། ཆོས་ལ་དེ་ཉིད་ཡིད་ལ་བྱ་ཞིང༌། དཔལ་ཆེན་མོའི་མཚན་བཅུ་གཉིས་ཀྱི་སྐབས་གཙོ་མོ་ལ་དམིགས་ཏེ། དད་མོས་རྩེ་གཅིག་པས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་བྱ་ཞིང༌། མཆོད་པ་ཕུལ་བ་སོགས་མོས་ཏེ། དེའི་ཚེ་དེ་དག་གི་ཐུགས་རྗེའི་འོད་ཟེར་གྱིས་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་བྱང༌། བསོད་ནམས་དང་ཡེ་ཤེས་ཀྱི་མཐུ་སྟོབས་རབ་ཏུ་རྒྱས་པར་མོས། སྔགས་བཟླ་བའི་ཚེ་དམིགས་པའི་གནད་གོང་དུ་སྨོས་པ་དེ་ལ་གཙོར་བྱ་ཞིང༌། གཞན་ཡང་སྐུ་སྤྲོས་པ་དེ་དག་ཚུར་འདུས་པའི་ཚེ་བདག་དང་སྦྱིན་བདག་ལ་ཐིམ་པས་སྒྲིབ་པ་བསལ་ནས་

p. 396

བྱིན་གྱིས་བརླབ་པ་དང༌། སྐུའི་འོད་ཟེར་ལས་སྐྱེས་པའི་ནོར་བུའི་སྤྲིན་འཐུག་པོ་ལས་ཟས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་བབས་པས་གནས་ཁང་བང་མཛོད་དང་བཅས་པ་མེར་གྱིས་ཁེངས་པར་བསམས་པ་དང༌། ཡང་རང་གི་ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་གཙོ་འཁོར་བསྐུལ། དེ་དག་གིས་སྔོན་གྱི་དམ་བཅའ་རྗེས་སུ་དྲན། ཐུགས་སྲོག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱི་སྣོད་ཐམས་ཅད་སྦྱངས་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུར་གྱུར། ནང་བཅུད་ཀྱི་འགྲོ་བ་སྤྱི་དང་ཁྱད་པར་བདག་དང་སྦྱིན་བདག་གི་སེར་སྣ་རྐུ་འཕྲོག་གི་ཉེས་པས་མཚོན་པའི་སྡིག་སྒྲིབ་མཐའ་དག་སྦྱངས། སྣོད་བཅུད་མཐའ་དག་གི་དཔལ་འབྱོར་ཡོན་ཏན་རབ་ཏུ་སྤེལ། སླར་འོད་ཟེར་ཚུར་འདུས་པས་འཁོར་འདས་ཀུན་གྱི་ཡོན་ཏན་བྱིན་རླབས། ཚེ་བསོད་དཔལ་འབྱོར། དབང་ཐང་སྙན་གྲགས། སྟོབས་རྩལ་གཟི་བརྗིད། འབྱུང་བ་བཞིའི་བཅུད། ལྷ་ཀླུ་མིའི་ཕྱྭ་གཡང༌། མདོར་ན་བརྟན་གཡོའི་ཆོས་བཅུ་བཞིའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་བདག་མདུན་སྦྱིན་བདག་རྣམས་ལ་སིབ་སིབ་ཐིམ་པར་མོས་ལ། རྩ་བསྙེན་ཅི་འགྲུབ། ལས་སྔགས་བརྒྱའམ་ཉེར་གཅིག་བཟླ། ལྷ་མོ་བརྒྱད་པོ་བརྟན་ཅིང་ཐུགས་དམ་བསྐུལ་ཏེ་ནོར་རྒྱུན་མའི་ཐུགས་ཀར་ཟླ་གདན་ལ་མཚན་སྔགས་ཐོག་མ་བྃ་གསེར་མདོག་བཀོད་པས་མཚོན་སོ་སོའི་ཐུགས་སྲོག་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས་འོད་ཟེར་སྤྲོ་བསྡུ་གོང་སྨོས་ལྟ་བུས་ཉེར་གཅིག་ཡན་ཅི་འགྲུབ་བཟླའོ། །དེ་ནས་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་སྟེང་ཕྱོགས་སུ་འཕྲོས་པས། སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷ་ཆེན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་སྤྱན་དྲངས། མདུན་བསྐྱེད་གཞལ་ཡས་ཁང་གི་བར་ཁྱམས་གཡས་ངོས་སུ་བཞུགས་པར་མོས་ལ། མཆོད་བསྟོད་གཏོར་འབུལ་གྱི་དམིགས་པ་གོང་སྨོས་ཀྱིས་རིགས་འགྲེ། ལྷ་ཆེན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་གྃ་ལས་སྔགས་ཕྲེང་གཡས་བསྐོར་དུ་འཁོད། བདག་མདུན་གྱི་འོད་ཀྱིས་བསྐུལ་བས། དེ་ལས་འཕྲོས་པའི་འོད་ཟེར་གྱིས་འཇིག་རྟེན་གསུམ་གྱི་དཔལ་འབྱོར་སྤྱི་དང༌། བྱེ་བྲག་སྟེང་ཕྱོགས་ལྷའི་ཕྱྭ་གཡང་ཐམས་

p. 397

ཅད་འོད་དང་ཐིག་ལེ་དཀར་ལ་འཚེར་བའི་རྣམ་པར་བསྡུས་ཏེ་བསྒྲུབ་བྱ་མི་ནོར་ཞིང་ཁང་དང་བཅས་པ་ལ་ཐིམ་པས་བཀྲག་མདངས་སྣུམ་བག་གཟི་བརྗིད་དང་ལྡན། གནས་ཁང་ཐམས་ཅད་ལོངས་སྤྱོད་ཆེན་པོས་མེར་གྱིས་གང༌། ཁྱད་པར་སྤྲུལ་པ་དུ་མས་བགེགས་ཐམས་ཅད་གཟིར་ཞིང་གནད་ལ་བཀར་བར་མོས་ལ་སྔགས་ཅི་འགྲུབ་བཟླ། དེས་གཞན་གཉིས་ལ་རིགས་འགྲེས་ཏེ། འོད་ཟེར་ཕྱོགས་སུ་འཕྲོས་པས་ཀླུ་རྒྱལ་མི་མགོན་དཀར་པོ་འཁོར་དང་བཅས་པ་སྤྱན་དྲངས། གཡོན་ཕྱོགས་ཀྱི་བར་ཁྱམས་འོ་མའི་རྒྱ་མཚོ་འཁྱིལ་པ་ལ་བཞུགས་པ་དང༌། འོད་ཟེར་སྤྲོ་བསྡུའི་སྐབས། ཐུགས་ཀར་ཟླ་སྟེང་ཕུཿཡིག་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས། བྱེ་བྲག་འོག་ཕྱོགས་ཀླུའི་ཕྱྭ་གཡང་ཐམས་ཅད་འོད་དང་ཐིག་ལེ་སྔོ་ལ་དྭངས་པའི་རྣམ་པར་བསྡུས། ཁྱད་པར་ཐུགས་ཀའི་འོད་ཟེར་གྱིས་ཀླུ་ཆེན་པོ་རྣམས་བསྐུལ་བས་འཛད་པ་མེད་པའི་རིན་པོ་ཆེའི་ཕུང་པོ་ཕྱུར་བུར་སྤུངས་བར་བསམས་ལ་སྔགས་བཟླ། དེ་བཞིན་དུ། འོད་ཟེར་ཤར་ཕྱོགས་སུ་འཕྲོས་པས་རྨ་རྒྱལ་སྤོམ་ར་གཉེན་པོ་འཁོར་དང་བཅས་པ་སྤྱན་དྲངས། མདུན་གྱི་ཁྱམས་ལ་བཞུགས། ཐུགས་ཀར་ཟླ་སྟེང་ཤཿཡིག་དཀར་སེར་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས། བྱེ་བྲག་པར་ཕྱོགས་མི་དང་གཉན་གྱི་ཕྱྭ་གཡང་ཐམས་ཅད་འོད་དང་ཐིག་ལེ་སེར་ལ་བརྗིད་པའི་རྣམ་པར་བསྡུས། ཁྱད་པར་ཐུགས་ཀའི་འོད་ཟེར་གྱིས་རྨ་གཡང་དངོས་གྲུབ་མཐའ་དག་འུབ་ཀྱིས་བསྡུས་ནས་གནས་ཁང་བང་མཛོད་ར་བ་ཕྱུག་ལྷས་ཡུལ་ཞིང་དང་བཅས་པ་ལ་ཐིམ་པས། རྒུད་པ་མེད་པའི་ཕྱྭ་གཡང་གི་བྱིན་ཆགས་པར་མོས་ལ་སྔགས་བཟླའོ། །དེ་ལྟར་ཚར་གཅིག་སོང་མཚམས་སུ་སྤྲོ་ན་ཟུར་གསལ་གཡང་བསངས་ཉིད་ཚར་གཅིག་སྦྱར་བར་བྱ་སྟེ་དེའང་དཔལ་ཆེན་མོ་ལུང་བསྟན་པའི་མདོ་ལས། སངས་རྒྱས་དེ་དག་ལ་མེ་ཏོག་དང་བདུག་པ། ལྷ་མོ་ཆེན་མོ་དཔལ་ལ་ཡང་ཙན་དན་བདུག་པ་ཕུལ་ཏེ་སངས་རྒྱས་ཀྱི་མཚན་འདི་དག་དང༌། ལྷ་མོ་ཆེན་མོའི་མཚན་བརྒྱ་རྩ་བརྒྱད་བཀླགས་ན་དེས་དཔལ་ཐམས་ཅད་འཐོབ་པར་འགྱུར་

p. 398

ཞིང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་འཐོབ་པར་འགྱུར། ལྷ་ཐམས་ཅད་ཀྱང་བསྲུང་བ་དང༌། བསྐྱབ་པ་དང༌། སྦེད་པར་བྱེད་པར་འགྱུར་ལ་དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་པའི་དགོས་པ་དང་ལྡན་པས་སོ། དེ་ནས་ཉིན་གཅིག་ལ་ཚར་གྲངས་ཅི་ཙམ་བྱེད་ཀྱང༌། གནས་ཁང་བསྐྱེད་པ་ནས་སྤོམ་ར་ཡན་བསགས་ཤིང༌། གཙོ་བོ་བསྔགས་དམིགས་ཉིད་བུང་བསྐྱེད་པ་གལ་ཆེ། དགོང་མོར་སྤྲོ་ན་ལོགས་སུ་གསལ་བའི་གཏོར་འབུལ་རྒྱས་པ་ཉིད་འདིར་སྦྱར། དེ་ནས་ལྷན་ཐབས་མཇུག་ཆོག་གི་མཆོད་བསྟོད་ཐུགས་དམ་བསྐུལ་བ་གཡང་འགུགས་བཅས་བྱ་ཞིང༌། དེའི་ཚེ་ཇི་ལྟར་སྨོས་པའི་འཁོར་འདས་ཀྱི་བཅུད་དང་དྭངས་མ་ཕྱྭ་གཡང་དཔལ་འབྱོར་ཐམས་ཅད་བདག་མདུན་འཁོར་དང་བཅས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ལྟ་བུས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་འུབ་ཀྱིས་བསྡུས་ནས་བསྒྲུབ་བྱ་དང༌། ཁྱད་པར་མདུན་གྱི་གཡང་རྟེན་རྣམས་ལ་སིབ་སིབ་ཐིམ་པར་མོས། མཐར་གཡང་རྟེན་དེ་དག་ཐམས་ཅད་ཀྱང་རྡོ་རྗེ་མཚོན་ཆ་མེ་ཕུང་གི་གུར་དུ་ཚུད་པས་བསེ་རག་འགོང་པོ་སྲིས་རྐུན་སོགས་ཀྱིས་གླགས་ལྟ་བའི་གནས་མེད་པར་བསྒོམས་ལ་དམིགས་མེད་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག ནོངས་བཤགས། བརྟན་བཞུགས། བཀྲ་ཤིས་བརྗོད། དེ་ནས་ཆོས་སྐྱོང་གཏོར་འབུལ། ཡི་དམ་ཚོགས་སྐོང་སོགས་མཐར་དབྱུང་ཞིང༌། གཡང་སྐྱབས་ཆོ་ག་གཞན་འདོན་སྲོལ་ཡོད་ནའང་གོང་གི་བཀྲ་ཤིས་གྲུབ་པའི་རྗེས་སུ་སྦྱར་ན་ལེགས་སོ། །ཉིན་ཕྱི་མ་རྣམས་སུ་གཡང་གླུད་བཀར་ཡས་བགེགས་བསྐྲད་ཁྲུས་གསོལ་རྣམས་ཀྱང་སྤྲོས་པ་ལ་དགའ་ན་བྱ། མི་སྤྲོ་ན་ཉིན་དང་པོ་དེ་ཀས་འཐུས། གཞན་ཐམས་ཅད་སྔར་བཤད་པ་ཁོ་ན་ལྟར་བསྐྱར་བར་བྱའོ།། ༈ །གསུམ་པ་རྗེས་ཀྱི་བྱ་བ་ནི། གཡང་སྒྲུབ་ཞག་གྲངས་ཇི་ཙམ་བྱེད་པ་གྲུབ་ནས། གཟའ་སྐར་འཕྲོད་སྦྱོར་དགེ་བའི་སྔ་དྲོའི་ཆར་ཉིན་བསྟར་ཆགས་སུ་

p. 399

བྱ་བའི་རིམ་པ་ལས། ཐུགས་དམ་བསྐུལ་བ་ཡན་གྲུབ་པ་དང༌། སྟན་དཀར་པོ་འབྲུ་དཀར་གྱི་གཡུང་དྲུང་བྲིས་པ་ལ་གཡང་གཏད་གང་ལ་བྱ་བའི་སྦྱིན་བདག་རྣམས་འཁོད་དུ་བཅུག སློབ་དཔོན་གྱིས་མདའ་དར་གཡབ་སྟེ་གཡང་འགུགས་གྱེར་བའི་ཚེ། ཕྱྭ་གཡང་རྣམས་སྦྱིན་བདག་གཡང་རྟེན་གཉིས་ཀ་ལ་བཀུག་ཅིང་བསྟིམ། སྦ་བསྟིམ། ནོངས་བཤགས། ཡེ་ཤེས་པ་བརྟན་བཞུགས། འཇིག་རྟེན་པ་ལྷ་ཀླུ་གཉན་གསུམ་རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་སྐབས་བབས་བྱ། དཔལ་ཆེན་ལྷ་མོ་འཁོར་གྱི་གྲོགས་མོ་བརྒྱད་དང་བཅས་པ་འོད་དུ་ཞུ་སྟེ་རྟེན་རྣམས་ལ་ཐིམ་པས། གཡང་རྟེན་རྣམས་ངོ་བོ་ལྷ་མོ་འཁོར་བཅས་དང་གཉིས་སུ་མེད་པ་ལ། རྣམ་པ་འཁོར་འདས་ཀྱི་ཕྱྭ་གཡང་དྭངས་བཅུད་ཐམས་ཅད་གཅིག་ཏུ་འདུས་པ་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར་པར་མོས་ལ། མདའ་དར་སྐྱེས་པ། གཡང་བཤོས་ཡོན་བདག་མོ། གཞན་རྣམས་ཀྱང་གང་འོས་སུ་གཏན་ལ་གཡང་གཏད་གྱེར། ལྷན་ཐབས་ཀྱི་གཤམ་དུ་གསལ་བའི་བཀྲ་ཤིས་རྒྱས་པར་བརྗོད་ལ་མེ་ཏོག་འཐོར། དཀར་གསུམ་དང་ཕྱེ་མར་གྱིས་མཆོད་ཡོན་གཉིས་ཀའི་ཞལ་བསྲོ། གཡང་རྟེན་རྣམས་སྦྱིན་བདག་གིས་གུས་པ་དང་བཅས་པས་བཞུགས་སྒྲོམ་དུ་མགོ་མཇུག་གོ་རིམ་མ་ལོག་པར་བཞུགས་སུ་གསོལ་ཞིང༌། འབྱོར་ན་མདུན་ཏུ་ཆུ་གཉིས་ཉེར་སྤྱོད་ཀྱང་བཤམ། འབྲོག་པ་ལྟ་བུས་གཏོར་མ་སོགས་ཟས་ཕུད་དང་གཡང་རྟེན་མདའ་དར་སོགས་སྒྲོམ་དུ་བཅུག་ཅིང་ལྷག་མ་དངོས་གྲུབ་ཏུ་རོལ་པ་ཡུལ་ལུགས་ལྟར་བྱ། དེ་ནས་རྟེན་ཡོད་ས་དེར་སྒྲུབ་པ་པོ་རྣམས་ཀྱང་ཕྱིན་ཏེ། བསངས་དུད། གསེར་སྐྱེམས། ཕྱེ་མར། འབྲུ་སྣའི་མཆོད་པ་དང་བཅས་གཡང་གི་སྲུང་བཙུགས་ཤིང༌། སྒོ་སྲུང་བཀོད་དེ་རྒྱས་གདབ་ལ་བཀྲ་ཤིས་གང་འོས་བརྗོད་པས་མཐར་དགེ་བར་བྱ། རྟག་བཞུགས་ཀྱི་རྟེན་ཡོད་ཚེ་སླར་ལྷ་མོ་འཁོར་

p. 400

བཅས་སྐད་ཅིག་གིས་གསལ་གདབ་ལ། མཆོད་བསྟོད་འདོད་གསོལ་བྱ། ཤུག་པ་ཡོད་ན་དཀྱིལ་ཀ་སོགས་ལ་བཙུགས་ཏེ་ཕྱིར་མི་འདོར། ལྷ་ཀླུ་གཉན་གསུམ་གཤེགས་པའི་སྐབས་སུ་ལྷའི་གཏོར་མ་རི་རྩེ། ཀླུ་གཏོར་ཆུ་མིག སྤོམ་རའི་གཏོར་མ་བསངས་ནང་དུ་འབུལ་དགོས་ཤིང་དེ་དག་དངོས་གྲུབ་ཏུ་རོལ་ནའང་ཆོག་གོ །དེ་ནས་ཆོས་སྲུང་གི་གཏོར་འབུལ་དང་ཚོགས་སྐོང་སོགས་མཐའ་རྒྱས་སུ་བྱའོ། །དེའི་ཉིན་མོར་ཁ་བརྡ་ལ་ཉེ་བཟང་པོ་བརྗོད་ཅིང༌། དགའ་སྟོན་དང་འབྲེལ་བའི་ཆས་གོས་ཁ་ཟས་བཟང་དུ་བྱ་བ་དང༌། ཞག་གསུམ་བདུན་ལ་སོགས་པར་བཏང་ལེན་གྱི་སྤང་བླང་ཡང་ལུགས་སྲོལ་དང་བསྟུན་ཏེ་བྱ། གཡང་རྟེན་གང་དུ་བཞུགས་པའི་མདུན་དུ་ངོས་སུ་སྣོད་གཙང་མར་ཟས་སྣ་འབྲུ་སྣ་བྱུང་ངོ་ཅོག་གི་ཕུད་བླུགས་ཤིང༌། ཁྱད་པར་ཚེས་གྲངས་བཟང་པོ་རྣམས་དང༌། འགྲུབ་སྦྱོར་དང་ལྡན་པའི་ཚེ་བཟའ་བཏུང་གི་ཕུད་ཀྱིས་མཆོད་ཅིང་སྨོན་ལམ་གདབ། ལོ་དུས་སུ་སྒྲུབ་པའི་ཁ་གསོ་མ་ཆགས་པར་བྱས་པས་འདོད་རྒུ་ཕུན་སུམ་ཚོགས་པར་འགྱུར་རོ། །བསོད་ནམས་དཔལ་དང་འབྱོར་པ་ཀུན། །རིག་སྔགས་མཐུ་ཡིས་སྟེར་ནུས་པ། །རིག་པའི་ནོར་བུ་རྒྱུད་རྣམས་ལས། །གསུངས་པ་འདི་ལ་བྱི་དོར་འོས། །དགེ་བས་འགྲོ་བ་མཐའ་ཡས་པ། །རྒྱུ་དང་འབྲས་བུའི་དབུལ་བ་ལས། །གྲོལ་ཞིང་བསོད་ནམས་ཡེ་ཤེས་ནི། །ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག །ཅེས་པ་འདི་ནི། རྩ་བའི་གཞུང་ཆགས་མེད་རིན་པོ་ཆེའི་གསུང་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ་ཉིད་དར་ཆ་ཆེ་ཡང་ཚད་ལྡན་བྱེད་པ་དཀོན་པས་ཞབས་ཏོག་ཏུ་བྲི་བར་འདུན་པའི་ཐོག བསྟན་པའི་སྒྲོན་མེ་དབོན་སྤྲུལ་རིན་པོ་ཆེས་གཞན་ཕན་ཐུགས་བསྐྱེད་ཆེན་པོས་གཞུང་ཆ་ལག་བཅས་སྤར་དུ་བསྒྲུབས་པའི་ཚེ། བཀའ་ཡིས་བསྐུལ་མ་གནང་བ་ལྟར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་ལྷག་བསམ་བཟང་པོས་དཔལ་སྤུངས་སྒྲུབ་ཁང་ཆེན་མོར་སྤེལ་བ་དགེ་ལེགས་འཕེལ།།

ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་མཇུག་ཆོག་ཉུང་ངུར་བསྡུས་པ།

p. 401

ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་མཇུག་ཆོག་ཉུང་ངུར་བསྡུས་པ་བཞུགས་སོ། །ཨོཾ་སྭ་སྟི། ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་མཇུག་གི་ཆོ་ག་ལ་གཉིས། སྤྱི་དང༌། ཁྱད་པར་རོ། །དང་པོ་ནི། མཆོད་བསྟོད་བསྐུལ་ཞིང་ནོངས་པ་བཤགས། བརྟན་བཞུགས་སྨོན་ལམ་ཤིས་པ་བརྗོད། ཅེས་བདུན་ལས། དང་པོ་ནི། མཆོད་པ་རྣམས་ཁ་གསོས། ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མཱརྡ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་མནྟྲོ་བ་སཾ་ཀྲ་མ་ཎི་སརྦ་ཀརྨ་ཨཱ་པ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་པས་བྱིན་བརླབས་ལ། ཧཱུྃ། བསོད་ནམས་ཡེ་ཤེས་ཚོགས་ཀྱི་སྐུ། །དེ་བཞིན་གཤེགས་དང་རྒྱལ་བའི་སྲས། །དཔལ་གྱི་ལྷ་མོ་གྲོགས་མོ་བརྒྱད། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི། །སྲིད་གསུམ་གཡང་བདག་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་བཟང་ཆབ། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་སུ་བཤམས་དང་ཡིད་ལས་སྤྲུལ། །ལྷ་དང་མི་ཡི་དཔལ་འབྱོར་ནི། །བདེ་བའི་ལོངས་སྤྱོད་མ་ཚང་མེད། །ཟག་མེད་དགྱེས་སྐྱེད་ཅི་མཆིས་པ། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །གུས་པས་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་མ་ཧཱ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་བྷྱཿཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། གཉིས་པ་ནི། ཧཱུྃ་འགྲོ་བའི་མགོན་པོ་རྐང་གཉིས་གཙོ། །དྲན་པས་འཁོར་བའི་འཇིགས་པ་སེལ། །སྟོབས་བཅུའི་མངའ་བདག་རྫོགས་སངས་རྒྱས། །སྲས་དང་བཅས་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཕ་རོལ་ཕྱིན་པ་མོ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཚུལ། །དཔལ་གྱི་ལྷ་མོ་དེ་ལ་བསྟོད། །འགྲོ་ལ་དམིགས་མེད་ཐུགས་རྗེ་ཡིས། །ཐབས་མཁས་རང་བཞིན་སྐུར་སྤྲུལ་པ། །འཁོར་གྱི་ལྷ་མོའི་ཚོགས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །

p. 402

གསུམ་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་སྐུལ། །དེ་བཞིན་གཤེགས་པ་སྲས་དང་བཅས། །དམིགས་མེད་ཐུགས་རྗེ་ཆེན་པོ་ཡིས། །ལས་ངན་འདམ་དུ་བྱིང་བ་ཡི། །སེམས་ཅན་དབུལ་བས་ཉེན་པ་རྣམས། །མྱུར་དུ་སྐྱོབ་པར་མཛད་དུ་གསོལ། །མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ། །བྱང་ཆུབ་སེམས་མ་དཔལ་ཆེན་མོ། །ཁྱོད་ཀྱི་མཚན་གྱི་རིག་པ་མཆོག །འཆང་དང་ཀློག་པའི་ཡོན་ཏན་ནི། །བདེན་པར་སྨྲ་བས་བཀའ་སྩལ་པའི། །བདེན་པའི་འབྲས་བུ་མི་སླུ་བར། །སྒྲུབ་མཆོག་བདག་དང་ཡོན་བདག་ལ། །ཟད་མི་ཤེས་པའི་འབྱོར་པ་ནི། །ནམ་མཁའི་མཛོད་ལ་དབང་སྒྱུར་མཛོད། །གྲོགས་མོ་ལྷ་མོ་བརྒྱད་དང་བཅས། །སངས་རྒྱས་སྤྱན་སྔར་ཞལ་བཞེས་པའི། །ཐུགས་དམ་གཉན་པོ་མ་བསྙེལ་བར། །དཔལ་དང་སྐལ་པ་བཟང་ལ་སོགས། །སྲིད་ཞིའི་དཔལ་འབྱོར་ཅི་མཆིས་པ། །བདག་དང་ཡོན་བདག་རྣམས་ལ་སྩོལ། །མཐུ་ལྡན་རྒྱལ་པོ་ཆེན་པོ་བཞིས། །མདོ་སྡེ་འཛིན་ལ་སྲུང་བ་དང༌། །ལོངས་སྤྱོད་སྤེལ་བར་དམ་བཅས་ལྟར། །མདོ་སྡེའི་དབང་པོར་སྐྱབས་གསོལ་བའི། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །འབྱོར་པའི་བགེགས་རྣམས་ཞི་བ་དང༌། །མངའ་ཐང་ལོངས་སྤྱོད་འཕེལ་བར་མཛོད། །རྒྱལ་བའི་བསྟན་སྐྱོང་མཐུ་སྟོབས་ཅན། །སྲིད་གསུམ་གཡང་གི་བདག་པོ་རྣམས། །བླ་མ་སངས་རྒྱས་ཡི་དམ་ལྷས། །ཇི་ལྟར་བཀའ་བསྒོས་དྲན་མཛོད་ལ། །ལྷ་ཀླུ་མི་ཡི་སྣོད་བཅུད་ཀྱི། །བཀྲ་ཤིས་དགེ་མཚན་དྭངས་མའི་བཅུད། །ཕྱྭ་གཡང་དཔལ་འབྱོར་ཅི་མཆིས་པ། །གནས་འདིར་གཡང་གི་རྟེན་ལ་སྡུས། །སྟེང་ནས་ཆར་བཞིན་འབེབས་པར་མཛོད། །འོག་ནས་མཚོ་བཞིན་སྐྱིལ་བར་མཛོད། །བར་ནས་སྤྲིན་བཞིན་གཏིབས་པར་མཛོད། །འདོད་པའི་དོན་ཀུན་འགྲུབ་པ་ཡི། །བཀྲ་ཤིས་བདེ་ལེགས་སྩལ་དུ་གསོལ། །ཅེས་བསྐུལ་ཞིང་གསོལ་བ་བཏབ་པས་སྲིད་ཞིའི་དྭངས་བཅུད་ཐམས་ཅད་གཡང་རྟེན་རྣམས་ལ་འུབ་ཀྱིས་འདུས་ནས་ཐིམ་པར་

p. 403

བསམས་ལ་རྟེན་འབྲེལ་སྙིང་པོ་དང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བཛྲ་རཀྵ་རཀྵ་ཞེས་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་ཅིང་བསྲུང༌། བཞི་པ་ནི། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང༌། ཡིག་བརྒྱ། ཨཱ་ལི་ཀཱ་ལི། རྟེན་འབྲེལ་སྙིང་པོ་རྣམས་ལན་གསུམ་བརྗོད་ལ་ནོངས་པ་བཤགས་ཤིང་ལྷག་ཆད་ཁ་བསྐངས་ལ་ནུས་པ་བརྟན་པར་བྱ། ལྔ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔལ་ཆེན་མོ་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་སྒྲུབ་པའི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་འབྲུ་འཐོར། སྒྲུབ་པ་གྲོལ་ཉིན་ལྷ་ཀླུ་གཉན་གསུམ་གྱི་གཏོར་མ་སོགས་འཇོག་ཡུལ་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་རང་གནས་སུ་གཤེགས་ནས་ཀྱང༌། །དུས་སུ་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་བརྗོད་ལ། ཡེ་ཤེས་པ་རྣམས་གཡང་རྟེན་དང་དབྱེར་མེད་དུ་བཞུགས་པར་མོས་ཏེ་གནས་ལུགས་ཀྱི་ངོ་བོ་སྐྱོང༌། འཇིག་རྟེན་པ་ཐམས་ཅད་དགྱེས་བཞིན་དུ་རང་གནས་སུ་གཤེགས་པར་བསམ། དྲུག་པ་ནི། འདོད་པའི་ཁམས་ན་ལོངས་སྤྱོད་པའི། །དངོས་གྲུབ་བདག་གིས་ཀུན་ཐོབ་ནས། །བླ་མ་ཡི་དམ་དཀོན་མཆོག་མཆོད། །ཕྲིན་ལས་

p. 404

རྣམ་བཞི་རྫོགས་པར་ཤོག །རིན་ཆེན་སྣ་བདུན་ལོངས་སྤྱད་ནས། །གཏེར་གྱི་དངོས་གྲུབ་ཕྱུགས་རྣམས་དང༌། །གཟི་བརྗིད་དང་ལྡན་དཔལ་ཆེན་མོས། །རྟག་ཏུ་བདག་ལ་སྲུང་གྱུར་ཅིག །བང་མཛོད་འབྲུ་དང་འདོད་འཇོའི་བ། །རྒྱལ་མཚན་འཁོར་ལོས་སྒྱུར་བ་དང༌། །ཐོགས་མེད་རྫུ་འཕྲུལ་གྲུབ་ནས་ནི། །ལམ་མཆོག་བདེ་ལ་གནས་པར་ཤོག །ཅེས་དང༌། ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་རྣམས་ནི་ཟག་པ་ཟད། །བདེན་པའི་བདེན་ཚིག་འདི་བརྗོད་པས། །བདག་ཅག་རྟག་ཏུ་བདེ་ལེགས་ཤོག །ཛ་ཡ་ཛ་ཡ་སུ་ཛ་ཡ། བདུན་པ་ནི། རབ་འབྱམས་རྒྱལ་བ་མ་ལུས་སྐྱེད་པའི་ཡུམ། །ཐུགས་རྗེ་ཚད་མེད་ནོར་གྱི་ཆར་པ་འབེབས། །མརྒད་མདོག་ཅན་རིན་ཆེན་རྒྱན་གྱིས་བརྒྱན། །ལྷ་མོ་དཔལ་ཆེན་མོ་ཡིས་བཀྲ་ཤིས་ཤོག །གྲངས་མེད་གོང་ནས་མངོན་པར་བྱང་ཆུབ་ཀྱང༌། །ཐུགས་རྗེའི་མཐུ་ཡིས་ནོར་སྦྱིན་སེམས་མའི་ཚུལ། །གསེར་མདོག་རིན་ཆེན་རྒྱན་ལྡན་མཛེས་སྡུག་མ། །ལྷ་མོ་ཆེན་མོ་བརྒྱད་ཀྱིས་བཀྲ་ཤིས་ཤོག །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང༌། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ཀྱིས་བཀྲ་ཤིས་ཤོག །ཚངས་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི། །རང་རང་སྡེར་བཅས་མཐུ་དང་དཔལ་ལྡན་པ། །སྟོན་པའི་དམ་ཆོས་སྐྱོང་བར་མཛད་པ་ཡི། །ལྷ་ཡི་དགེ་བསྙེན་རྣམས་ཀྱིས་བཀྲ་ཤིས་ཤོག །ཅེས་པ་རྣམས་དང༌། ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང༌། །ནོར་དང་ལོངས་སྤྱོད་འདོད་རྒུས་ཕོངས་མེད་པར། །གོང་ནས་གོང་དུ་འཛད་མེད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པ་རྣམས་ཀྱིས་མཐའ་རྒྱས་པར་བྱའོ། །གཉིས་པ་ཁྱད་པར་གྱི་མཇུག་ཆོག་ནི། སྒྲུབ་པ་གྲོལ་ཉིན་ཡོན་བདག་ལ་གཡང་གཏད་བྱ་དགོས་ན། གོང་གི་བརྟན་བཞུགས་གཤེགས་གསོལ་གྲུབ་མ་ཐག སྦྱིན་བདག་

p. 405

བོས་ལ། རབ་གནས་ཀྱི་ཡོན་བདག་བསྒོ་བ་སོགས་ཀྱི་རིགས་འགྲེ་སྦྱར་བར་སྤྲོ་ན། སྦྱོང་བ་གསུམ་རྒྱས་བསྡུས་གང་རིགས་ཀྱིས་བགེགས་བསལ། གཡང་འགུགས་ཀྱི་ཆེད་གོང་གི་བསྐུལ་བ་ཚར་གཅིག་གིས་བྱད་དྲངས། གང་ལྟར་ཡང་གཡང་རྫས་རྣམས་ཐོགས་ཏེ། ཀྱེ། དེ་རིང་དངོས་གྲུབ་རྒྱ་མཚོ་བརྡོལ། །རིན་ཆེན་འབྱུང་ལྡན་ནམ་ཡང་ལངས། །བཀྲ་ཤིས་གདུགས་ཀྱི་སྔ་དྲོ་ལ། །སྔགས་འཆང་རིག་འཛིན་བདག་ཅག་གིས། །མི་ཡི་གཡང་དང་ཕྱུགས་ཀྱི་རྩི། །ཕ་མཚུན་དགྲ་བླའི་བཀྲག་གཡང་བཅས། །བཀྲ་ཤིས་གཡང་རྟེན་བཅས་པ་རྣམས། །ཡོན་གྱི་བདག་པོ་ཁྱོད་ལ་གཏད། །ཚེ་ཡི་རྟེན་ཕུར་མ་བུད་ཅིག །གཡང་གི་མཚོ་མོ་མ་སྐམ་ཞིག །བཀྲ་ཤིས་བདེ་ལེགས་འབྱུང་པོ་ཤོག །སྐྱིད་ཀྱི་ཉི་མ་འཆར་བར་ཤོག །ཚེ་ཡི་རྟེན་ཕུར་ཚུགས་པར་ཤོག །གཡང་གི་རྒྱ་མཚོ་འཁྱིལ་བར་ཤོག །ནོར་གྱི་དཔལ་གཡང་འཕེལ་བར་ཤོག །སྲིད་ཀྱི་ཆུ་མིག་རྡོལ་བར་ཤོག །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་དང་རོལ་མོའི་སྒྲ་སྙན་པར་སྦྱར་ཞིང་རིམ་པར་གཏད་གྲུབ་ནས། གོང་དུ་སྨོས་པའི་སྨོན་ལམ་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་འཐོར། རོལ་མོའི་སྒྲ་དང་བཅས་སྦྱིན་བདག་གནས་སུ་བཏང་ལ་རྟེན་རྣམས་གོང་དུ་བཞུགས་འོས་པ་དེར་བཀོད་ཅིང༌། མི་ཉམས་མི་འཐོར་པའི་ཚགས་དམ་པར་བྱ་སྟེ་དེ་ཙམ་གྱིས་སྐབས་དོན་འགྲུབ་པ་ཡིན་ལ། རྟེན་བཀོད་སྲུང་འཛུགས་རྒྱས་པར་སྤྲོ་ན་གཞན་དུ་ཤེས། མདོར་བསྡུས་པ་ནི། རྟེན་ཡོད་པའི་སར་སྒྲུབ་པ་པོ་ཕྱིན་ལ་སླར་ཡང་བརྟན་བཞུགས་བསྐྱར་མ་དང་བཅས་མེ་ཏོག་འཐོར་ཞིང་སྒོ་བཅད་ལ་སྲུང་བའི་སྔགས་བརྗོད། སྨོན་ལམ་ཤིས་བརྗོད་ཅི་རིགས་བྱའོ། །ཞེས་པའང་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་མཇུག་ཚིག་དགེ་ལེགས་ཆར་འབེབས་ལས། བློ་གྲོས་ཤིན་ཏུ་དམན་པ་དང༌། དཔེ་ཚོགས་ཆུང་བ་ལ་དགའ་བའི་ཕྱིར་དོན་གྱི་སྙིང་པོ་མདོ་ཙམ་བཏུས་པ་སྟེ། རྒྱས་པར་སྤྲོ་ན་གཞུང་དེ་ཉིད་ལྟར་ཤེས་པར་བྱའོ།། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

དབྱུ་གུ་མཆེད་གསུམ་གྱི་སྒྲུབ་ཐབས་བཀླགས་པས་གྲུབ་པ་ཡིད་བཞིན་ནོར་བུའི་ཟ་མ་ཏོག

p. 406
p. 407

དབྱུ་གུ་མཆེད་གསུམ་གྱི་སྒྲུབ་ཐབས་བཀླགས་པས་གྲུབ་པ་ཡིད་བཞིན་ནོར་བུའི་ཟ་མ་ཏོག་ཅེས་བྱ་བ་བཞུགས།།

p. 408

ཉི་མའི་གཉེན་དང་གསང་བདག་ལ། །དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །ཆོས་ལྡན་འབྱོར་པ་མྱུར་སྩོལ་མ། །དབྱུ་གུ་མཆེད་གསུམ་སྒྲུབ་ཐབས་བཤད། །བརྒྱུད་ལྡན་གྱི་བླ་མ་ལས་འདིའི་ལུང་ནོས་ཏེ་ཡི་དམ་ལྷའི་བསྙེན་པ་དང་སྒབ་འདྲེ་མནན་པ་སྔོན་དུ་འགྲོ་བས། རོ་རས་སམ་དར་རམ་ཤིང་ཤུན་ལ་གུ་གུལ་གྱིས་བདུག རས་འདུལ་བྱས་ལ་མཚལ་དང༌། པད་རཱག་གམ་མ་རྙེད་ན་བུ་མོ་གཙང་མའི་གསོན་ཁྲག སིནྡྷུ་ར། ཙནྡན་དམར་པོ། གུར་གུམ་རྣམས་བསྲེས་པའི་ཚོན་གྱིས་དབྱུ་གུ་མཆེད་གསུམ་གྱི་སྐུ་མངོན་རྟོགས་ལྟར་བྲིས་པའི་སྐྱ་རིས་ཟིན་ནས་ཚོན་གྱི་འོག་ཏུ་གོང་གི་རྫས་ཀྱིས་སོ་སོའི་སྙིང་པོ་བྲི། རྒྱབ་ཏུའང་སྙིང་པོའི་མཇུག་རང་གི་མིང་མཐར་དངོས་གྲུབ་སྩོལ་བའི་འདོད་གསོལ་བྲིས་ལ་རབ་གནས་བྱས་པ་དང༌། མགྲོན་བུ་བུ་མ་གསུམ་གྱི་ནང་ལྷ་མོ་གསུམ་སོ་སོའི་སྔགས་ཀྱི་ཤོག་དྲིལ་བཅུག་པ། མུ་ཏིག་གསུམ། བྱེ་རུ་གསུམ་རྣམས་འདུ་བྱ། གནས་དབེན་པར་མཎྜལ་པདྨ་འདབ་བཞིའམ་ཡང་ན་མེ་ཏོག་གི་ཚོམ་བུ་ལྔའམ་དགུ་བཀོད་པའི་སྟེང་ཙཀ་ལི་གསུམ་ལྷའི་བཞུགས་ཚུལ་ལྟར་བཙུགས་པ་དང་ལྷན་ཅིག་བླ་རྡོའང་དར་གྱིས་དྲིལ་ལ་རིན་པོ་ཆེའི་སྣོད་འབྲུ་དང་འབྲས་བུས་བཀང་བའི་ཁར་བཞུགས། དེའི་མདུན་དུ་ཤ་ཆང་དཀར་གསུམ་མངར་གསུམ་

p. 409

ཤིང་འབྲས་སོགས་ཁ་ཟས་བཟང་རྒུས་བརྒྱན་པའི་ཆང་བུ་གསུམ་རིན་པོ་ཆེའི་སྣོད་དུ་བཤམ་ཞིང༌། སྤྲོ་ན་དཀར་གཏོར་ཟླུམ་པོ་གསུམ་ཡང་བཤམས་ལ་ཐུན་རེ་བཞིན་ཆང་བུ་གསུམ་གྱིས་ཁ་གསོ། གཞན་ཡང་ཉེར་སྤྱོད་སོགས་མཆོད་པ་ཅི་འབྱོར་བཤམ། སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་གནོད་སྦྱིན་མོ་ཀུཎྜ་ལཱི་མཐིང་ག་སྤྱན་གསུམ་དམར་བ་ཕྱག་གཉིས་ཀྱི་བར་ན་རིན་པོ་ཆེ་བསྣམས་པར་བསྒོམ་པའམ། གཙོ་བོར་འབྱུང་པོ་འདུལ་བྱེད་སོགས་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་བཅས་བྱས་ནས། མདུན་བསྐྱེད་བྲིས་སྐུ་རྟེན་རྫས་རྣམས་ལྷར་བསྐྱེད་ཅིང་རྒྱུན་ཁྱེར་ལྟ་བུར་རྟེན་མེད་ན་གཏོར་མའི་སྟེང་གི་ནམ་མཁར་བསྒོམ་པ་ཡིན་ཏེ། མདུན་དུ་མཉྫུ་ཤཱི་ཀའི་མེ་ཏོག་གི། འདབ་སྟོང་བཞད་རྩེར་ནོར་བདག་གནོད་སྦྱིན་མོ། །ཀུན་ནས་འཁྱིལ་པ་མཆེད་གསུམ་གསལ་བ་ནི། །དབུས་སུ་ཐུགས་ཀྱི་ཌཱ་ཀི་དབང་སྔོན་མདོག །གཡས་སུ་སྐུ་ཡི་ཌཱ་ཀི་ལྗང་ངམ་སེར། །གཡོན་དུ་གསུང་གི་ཌཱ་ཀི་བྱེ་རུ་བཞིན། །ཡང་ན་གསུམ་ག་གནམ་སྔོན་བྱུགས་འདྲ་བ། །ཞལ་གཅིག་ཕྱག་གཉིས་མཛེས་འཛུམ་ལྷ་མོའི་གཟུགས། །ཤ་རྒྱས་སྐེད་ཕྲ་མྱོས་བུམ་རྣམ་པར་མཐོ། །དབུ་སྐྲ་ལི་སོགས་ལང་ཚོ་གསར་པའི་ཉམས། །

p. 410

ཟབ་ཆེན་སྟོད་གཡོགས་དར་དཀར་སྨད་དཀྲིས་གསོལ། །སྣ་ཚོགས་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །ཕྱག་གཡས་འདོད་འཇོའི་གཏེར་གྱི་བུམ་བཟང་འདེགས། །གཡོན་པ་ཡིད་བཞིན་ནོར་བུ་ཐུགས་ཀར་འཛིན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ལྡེམ་ཚུལ་བཞེངས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྡོ་རྗེ་གདན་གྱི་ལྷོ་ནུབ་ཀྱི་དུར་ཁྲོད་ཆེན་པོ་སོགས་གར་བཞུགས་ཀྱི་གནས་ནས་ནོར་བདག་ཤ་ཟའི་མཁའ་འགྲོ་མ་མཆེད་གསུམ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ནོར་བདག་མཁའ་འགྲོ་མ་གསུམ་གྱི་ཐུགས་རྒྱུད་བསྐུལ་བས་འཁོར་དང་སྤྲུལ་པ་ལྕགས་ཀྱུ་ཐོགས་པ་འཇིག་རྟེན་གྱི་ཁམས་གང་བར་སྤྲོས། ཁམས་གསུམ་གྱི་སྐྱེ་འགྲོ་ཕོ་མོ་དེ་རྣམས་ཀྱི་ཁ་རྗེ་དབང་ཐང༌། ཟས་གོས་འབྲུ་ནོར་ལ་སོགས་པའི་ལོངས་སྤྱོད། འབྱུང་ལྔའི་བཅུད་སོགས་རང་དབང་མེད་པར་བསྡུས་ནས་བདག་དང་གནས་ཁང་བང་མཛོད་ལ་ཐིམ་ཞིང༌། མདུན་གྱི་ལྷ་མོ་དམར་མོས་ཟས། ལྗང་མོས་གོས། སྔོན་མོས་ནོར་གྱི་ཆར་ཆེན་པོ་བདག་ལ་སྩལ་བས་གནས་ཁང་བང་མཛོད་ཡུལ་ཕྱོགས་ཐམས་ཅད་ཕྱུར་བུར་གང་བར་མོས་ལ་བཟླ་བྱའི་སྔགས་ནི། ཨོཾ་ཨི་ལི་ཀི་ལི་པི་ལི་ཀི་ཀི་ལི་སྭཱ་ཧཱ། ཞེས་པ་གསུང་གི་མཁའ་འགྲོ་མས་ཟས་སྒྲུབ་པའི་སྔགས་དང༌། ཨོཾ་ཨ་ན་ལེ་ཀུཎྜ་ལཱི་གྲྀཧྞ་པིཎྜ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། སྐུའི་མཁའ་འགྲོ་མས་གོས་སྒྲུབ་པའི་སྔགས་དང༌། ཨོཾ་ན་མཿཤུཀྵ་ཎ་བཱ་སུ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཐུགས་ཀྱི་མཁའ་འགྲོ་མས་ནོར་སྒྲུབ་པའི་སྔགས་ཏེ་གསུམ་སྦྲེལ་ནས་བཟླ་བའམ་སོ་སོར་གྲངས་མཉམ་དུ་བཟླ་བ་གང་བདེ་བྱས་པས་ཆོག དུས་བསྙེན་རྒྱས་བསྡུས་མང་དུ་བཤད་ཀྱང་སྔགས་ཚན་རེར་ཞག་བདུན་རེ་བྱེད་པ་རྒྱ་གཞུང་དང་མཐུན། གྲངས་བསྙེན་འབུམ་ཕྲག་རེ་ཡིན་པར་བརྒྱུད་པའི་གསུང་རྒྱུན་ལས་བྱུང༌། རྟགས་ནི་ཉམས་སམ་རྨི་ལམ་དུ་བུད་མེད་མཛེས་མས་ཕྱག་བྱེད་ཅིང་ཟས་ནོར་སྟེར་བ་དང་

p. 411

གཏེར་རྙེད་པ་སོགས་བྱུང་ན་འགྲུབ་པའི་མཚན་མར་བཤད། བུད་མེད་ཀྱིས་འཐབ་པ་དང་ཡོ་བྱད་འཕྲོག་པ་སོགས་བར་ཆད་ཀྱི་རྟགས་ཡིན་པས་ཡི་དམ་ལྷའི་བཟླས་སྒོམ་དང་ལྟ་བས་ཟིལ་གྱིས་མནན་ཅིང་བཤགས་པ་དང་ཚོགས་གསོག་ལ་འབད་པས་བཟློག རྒྱུན་བཟླས་བྱེད་ན་སྔགས་ཚན་རེ་རེ་ནས་བརྒྱའམ་ཉེར་གཅིག་གམ་བདུན་ནམ་ཅི་ནུས་བཟླ། གཞན་ཡང༌། ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། ཞེས་པ་རྒྱུན་བཟླས་ལ་བརྟེན་ནས་སྒྲུབ་པའི་སྔགས་ཡིན་པས་སྲོད་ལ་བཞི་བརྒྱའམ་བརྒྱ་རྩ་རེ་བཟླས་ན་ལོངས་སྤྱོད་ཆར་ལྟར་འབེབས་པར་འགྱུར་རོ། །ཐུན་མཚམས་སུ་གཏོར་མ་ཆུ་ཆང་གིས་བྲན། བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་པར་འབྲུ་གསུམ་འོད་དུ་ཞུ་བ་ལས་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་མཐར་སེ་གོལ་དང་བཅས། ཨོཾ་ཨི་ལི་ཀི་ལི་པི་ལི་ཀི་ཀི་ལི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨ་ན་ལེ་ཀུཎྜ་ལཱི་གྲྀཧྞ་པིཎྜ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨི་དཾ༴ ཨོཾ་ན་མཿཤུཀྵ་ཎ་བ་སུ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨི་དཾ༴ ཞེས་ལན་བདུན་ནམ་གསུམ་རེས་དབུལ། ཨོཾ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། གནོད་སྦྱིན་ཤ་ཟའི་མཁའ་འགྲོ་མ་མཆེད་གསུམ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་ལ་ཟས་སྐོམ་དང༌། གོས་དང༌། འབྲུ་ནོར་ལོངས་སྤྱོད་ཟད་མི་ཤེས་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩལ་དུ་གསོལ། དེའང་ལོག་པའི་འཚོ་བར་ནམ་ཡང་མི་འགྱུར་བ་རང་ཉིད་ཆོས་སྒྲུབ་པའི་འཚོ་བ་དང་མཆོད་དང་སྦྱིན་པས་བསོད་ནམས་ཀྱི་ཚོགས་གསོག་ཅིང་བསྟན་པ་དང་སེམས་ཅན་ལ་སྨན་པའི་སྒོ་ཁོ་ནར་གྱུར་ཏེ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་སྨིན་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་གསོལ། ཧཱུྃ། དུར་ཁྲོད་ཤིང་དྲུང་ནགས་ཚལ་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟའི་མཁའ་འགྲོ་མ། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་མཛད་པའི་དཔལ། །སྣ་ཚོགས་སྐུར་སྟོན་ཡིད་བཞིན་ནོར་འདྲའི་ལྷ། །དཔག་

p. 412

བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང༌། །མི་ཟད་གཏེར་ལས་གྲུབ་པའི་བུམ་པ་འཛིན། །འདོད་ཡོན་ཅི་འདོད་འབྱུང་ལ་ཕྱག་འཚལ་བསྟོད། །ཇི་ལྟར་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །ཅེས་པས་བསྟོད། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ། འདིར་ནི་གཟུགས་དང་སོགས་བརྟན་བཞུགས་དང༌། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བསྔོ་སྨོན་དང༌། འབད་དང་སྩོལ་བས་མ་གོས་པའི་སོགས་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན། ཡི་དྭགས་ལ་ཆུ་སྦྱིན་པ་དང་སུ་རཱུ་པའི་གཏོར་མ་ལ་ཅི་ནུས་སུ་བརྩོན་པར་བྱ། འདི་ཉིད་བསྟེན་ཅིང་སྒྲུབ་པའི་དམ་ཚིག་ཏུ་ཚངས་སྤྱོད་དང་གཙང་སྦྲ་ལ་གནས་ཤིང༌། བུད་མེད་ལ་རྡེག་བཙོག་དང་སྨད་པར་མི་བྱ། བྱང་ཆུབ་ཀྱི་སེམས་མ་ཉམས་པར་བྱ། ཚོགས་དང་གཏོར་མ་ལ་ཅི་འགྲུབ་ཏུ་འབད། དེ་ལྟར་སྒྲུབ་པ་ཐེམས་པའི་མཐར་གཏོར་མ་གཙང་སར་བཏང༌། ལྷ་བྲིས་སྐུ་སོགས་རྟེན་རྫས་ལ་བརྟན་བཞུགས་བྱས་ནས་བླ་རྡོ་བྲིས་སྐུ་བཅས་དར་དམར་པོ་དང་རྙེད་ན་མི་གྲིར་ཤི་བའི་པགས་པས་དྲིལ། རས་ཁུག་ཏུ་བཅུག་ལ་གཞན་གྱིས་མ་མཐོང་བ་མཆན་ཁུང་དུ་བཅང་བའམ་དབེན་པར་སྦ་ཞིང་མཆོད། གོང་དུ་སྨོས་པ་ནི་བསྙེན་སྒྲུབ་དང་རྒྱུན་གྱི་ཉམས་ལེན་ལའང་ནོར་ལྷ་གཞན་དང་སྒོ་བསྟུན་ནས་གཏོར་ཆོག་རྒྱས་པར་བྱ་བའི་དབང་དུ་བཤད་པ་ཡིན་གྱི། རྒྱུན་ཁྱེར་གྱི་སྐབས་བསྡུ་ན་ཁ་ཟས་ཟ་བའི་ཚེ་མདུན་དུ་མཁའ་འགྲོ་མ་གསུམ་སྐད་ཅིག་གིས་བསྐྱེད། ཆངས་བུ་གསུམ་བྱས་པ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་སྤེལ་ལ་གཏོར་སྔགས་ཀྱིས་བསྔོ་བ་དང་ཕྲིན་ལས་བཅོལ་བ་སྔར་ལྟར་བྱས་ནས་ཆངས་བུ་གཙང་སར་གཤེགས་ཤིང་སྲོད་ཀྱི་དུས་ཚ་མེ་ཨུ་མེའི་རྒྱུན་བཟླས་གོང་བཞིན་བྱས་པ་ཁོ་ནས་ཆོག བསྙེན་པ་ཐེམས་ནས་ལས་ཁ་ཚར་གྱི་གཙོ་བོ་བྱི་བ་རྒྱ་ལྤགས་ཀྱི་འཁོར་ལོས་ཟས་ནོར་སྤེལ་བ་ནི། རི་དྭགས་རྒྱའི་པགས་པ་གད་བརྡར་ལེགས་པར་བྱས་པ་ལ་བྱི་བ་ཁ་སྤྲོད་རིན་པོ་ཆེ་སྐྱུགས་ཤིང་སྦོ་འོག་ཏུ་ནོར་བུ་མང་དུ་འཁྱིལ་བའི་གཟུགས་གསེར་གྱིས་བྲིས་ལ་ཚོན་བཏང༌། གཟུགས་ཀྱི་ཕྱི་བྱི་བ་གཡོན་མའི་མགོའི་ཐད་ནས་སྔགས་མགོ་ཕྱིར་བསྟན་དུ་དབུ་ཅན་

p. 413

ཚག་ཡོད་ཀྱིས། ཨོཾ་སྭ་སྟི་སྒོ་རུ་སྲུངས་སྒོ་རུ་སྐྱོབས། ཨོཾ་མ་མ་ཏི་སྒོ་རུ་སྲུངས་སྒོ་རུ་སྐྱོབས། ནོར་བདག་གསེར་གྱི་བྱི་བ་ཕོ་མོས་བདག་ལ་གསེར་དངུལ་འབྲུ་ནོར་སོགས་གང་འདོད་འདི་དང་འདི་ལྟ་བུའི་དངོས་གྲུབ་སྩལ་དུ་གསོལ། ཞེས་ཕྲེང་གཅིག་ལ་འཁོར་བར་བྲི། དེའི་ཕྱི་རིམ་མགོ་འཛུགས་ལུགས་སོགས་གོང་དང་འདྲ་བའི་ཡིག་ཕྲེང་གཅིག་ལ་མཁའ་འགྲོ་མ་གསུམ་གྱི་སྔགས་གསུམ་དང༌། ཨོཾ་ཨཾ་པ་ཀཾ་པ་ཞི་པ་ཨ། ཨོཾ་མ་སེ་ལ་དུམ་པ་ཞི་སྭཱ་ཧཱ། ཤོང་ན་དེའི་མཇུག་ཏུ་མཐུད། མ་ཤོང་ན་རྒྱབ་ལོགས་སུ་ཡེ་དྷརྨཱ་བྲི། སྟོང་ཆ་ལུས་ན་གོང་ལྟར་འདོད་གསོལ་བྲིས་ལ་འགྲིགས་པར་བསྐོར། དེ་ཌཱ་ཀི་མ་གསུམ་དུ་བསྐྱེད་བསྟིམ་རབ་གནས་ལེགས་པར་བྱས་ལ་བྱི་བའི་ཁ་དོག་དང་མཐུན་པའི་དར་གྱིས་དྲིལ། གཞན་གྱིས་མ་མཐོང་བར་རང་གི་མཆན་དུ་འཆང་བའམ། ཡང་ན་ཟངས་སམ་རྫའམ་ཤིང་གི་ཟ་མ་ཏོག་ཏུ་བཅུག་པའི་སྲུབས་རྣམས་རཏྣ་ལྔ། སྨན་ལྔ། འབྲུ་ལྔ། སྤོས་ལྔ། སྙིང་པོ་ལྔ་དང༌། གཡང་རྫས་སྣ་ཚོགས་ཀྱིས་བཀང་ལ་བང་མཛོད་ལ་སོགས་པའི་ཕུག་ཏུ་སྦས་ལ་ཅི་ཟ་ཅི་འཐུང་གི་ཕུད་དང་ནོར་ཕུད་ཀྱིས་མཆོད་ན་ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་མཐའ་དག་ངང་གིས་འབྱུང་བར་འགྱུར་ཏེ། དེ་ཡང་ཕྱེ་དང་མར་འཕེལ་བར་འདོད་ན་བྱི་བ་དཀར་པོ་བྱས་ལ་ཕྱེ་རྐྱལ་ལམ་ཕྱེ་བང་ངམ་མར་སྒོམ་དུ་བཅུག དེས་འགྲེ་བར་ནས་ལ་བྱི་བ་ཁྲ་བོ་ནས་བང༌། ནོར་སྤྱི་དང་གོས་དང་གསེར་འཕེལ་བར་འདོད་ན་བྱི་བ་སེར་པོ་མཛོད་ཕུག་དང་གོས་ཀྱི་གོང་བ་དང་གསེར་སྣོད་ཀྱི་ཁར་གདགས། ཤ་ལ་དམར་པོ། མི་དང་གོ་ཆ་མཚོན་ལ་སྔོན་པོ་སོགས་རིག་པས་འཕྲུལ། ཕྱུགས་སྤེལ་ན་བྱི་བ་ནག་པོ། དབྱུ་གུ་མཆེད་གསུམ་དགྲ་སྟྭ་དང་ཐོད་པ་འཛིན་པའི་སྐུ་ཤོག་བུར་བྲིས་པ་དང་ལྷན་ཅིག་ནོར་ཕྱུགས་ཀྱི་སྐེར་གདགས་པའམ་ཕྱུགས་རྭའི་ཕུགས་སུ་སྦ་བར་གསུངས། འཁོར་ལོ་ལ་བརྟེན་ནས་དབང་དུ་བྱ་བ་དང་སྒབ་འདྲེ་གནོན་པའི་ལག་ལེན་ནི་དཔལ་ས་སྐྱ་པ་ངག་

p. 414

དབང་ཀུན་དགའ་བསོད་ནམས་ཀྱི་ཡིག་ཆར་ཤིན་ཏུ་གསལ་བས་འདིར་མ་སྨོས། ༈ །མཁའ་འགྲོ་ལག་སྒུལ་གྱི་གདམས་པ་ནི། ཨོཾ་ཨུཥྞི་ཥཱ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ། བརྒྱ་རྩ་རེ་རྒྱུན་དུ་བཟླས་པས་ཟས་ནོར་སྟེར་བ་རྩོལ་མེད་དུ་འོང་ཞིང༌། ནངས་པར་སྔ་བར་ལངས་ལ། ཨོཾ་མ་སེ་ལ་དུམ་པ་ཞི་པིཎྜེ་སྭཱ་ཧཱ། བརྒྱ་རྩ་བཟླས་ནས་ལྷུང་བཟེད་ལ་བསྔགས་ན་བསོད་སྙོམས་རྙེད་པར་འགྱུར་རོ། །མཁའ་འགྲོ་མ་གསུམ་སྐུ་མདོག་ཐ་དད་དུ་བྱས་པར་ཐུན་མོང་བ་དང༌། སྔོན་པོ་རྐྱང་པ་བྱས་པར་ཐུན་མོང་མིན་པའི་མིང་འདོགས་དང་རྗེས་གནང་ཡང་སོ་སོར་མཛད་པའི་སྲོལ་ཡང་མཆིས་མོད་ཀྱི་ནོར་གཙོ་བོར་སྒྲུབ་པའི་དབང་གིས་སྐུ་མདོག་སྔོན་པོར་བྱས་པ་ལས་བྱེ་བྲག་ཐ་དད་དུ་མི་བསམ་ཞིང༌། སྒྲུབ་པའི་སྐབས་སུ་ལྷ་མོ་གསུམ་དགྲ་སྟྭ་དང་ཐོད་པ་ནོར་བུས་གང་བ་བསྣམས་པར་སྒོམ་པའི་ཚུལ་ཡང་རྡོ་རྗེ་གདན་པས་མཛད་པར་གྲགས་པའི་དོན་འགྲེལ་ལས་གསུངས་མོད། འདིར་འཕགས་པ་ཀླུ་སྒྲུབ་ཀྱི་རྒྱ་གཞུང་གི་དངོས་བསྟན་དང༌། ཕྱག་ལེན་གྱི་རྒྱུན་ལྟར་བཀོད་པ་ཡིན། དེ་བཞིན་དུ་ཨི་ལི་ཀི་ལིའི་སྔགས་འདི་མེད་པའི་ཡིག་ཆའང་མང་དུ་མཐོང་མོད་རྒྱ་གཞུང་རྩ་བ་ཡིད་ཆེས་ཀྱི་དཔང་དུ་བཟུང་ནས་བྲིས་སོ། །འདི་ཉམས་སུ་བླངས་པའི་ཕན་ཡོན་ནི། ཆོས་དང་མཐུན་པའི་ཟས་གོས་ནོར་གསུམ་གྱིས་མི་ཕོངས་ཤིང༌། དགེ་བཤེས་དང་མི་ཆེན་པོ་སོགས་དབང་དུ་འདུ་བ་དང༌། མི་ཐམས་ཅད་གུས་པར་འགྱུར་ཞིང་ཐ་ན་ཁྱི་ལ་སོགས་པས་ཀྱར་བྱམས་པར་འགྱུར་བ་དང༌། འབྱུང་པོ་ཐམས་ཅད་ཀྱིས་ཀྱང་གྲོགས་བྱེད་པར་བཤད་ཅིང༌། ཆངས་བུ་ལ་བརྟེན་ནས་རྒྱུན་དུ་སྒྲུབ་པ་འདི་རྒྱུན་དུ་བགྱིས་ན་འཆི་བ་བསླུ་བའི་མཆོག་ཀྱང་ཡིན་པར་གསུངས་པས་ཆོས་ཚུལ་བཞིན་བྱེད་པའི་བློ་ལྡན་རྣམས་ཀྱིས་ཉམས་སུ་ལེན་པ་ལ་འབད་པ་རིགས་སོ། །ནོར་སྒྲུབ་ཟབ་མོ་གྲགས་མང་ཡང༌། །བྱ་སླ་མྱུར་འགྲུབ་ཆོས་ལྡན་གྱི། །འབྱོར་པ་འཕེལ་བྱེད་འདི་ཡིན་ཕྱིར། །སྙིང་ནས་ཆོས་བྱེད་རྣམས་ལ་འོས། །དབྱུ་གུ་

p. 415

མཆེད་གསུམ་གྱི་སྒྲུབ་ཐབས་བཀླགས་པས་གྲུབ་པ་འདིའང་ལས་སྨོན་མཐུན་པའི་སློབ་བུ་བློ་གསལ་གྱིས་ཉེ་བར་བསྐུལ་ནས་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་བྲིས་པའོ།། ༈ །ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། འདིར་དབྱུ་གུ་མཆེད་གསུམ་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་ཇི་ལྟར་བྱ་བའི་ཚུལ་ནི། གནས་དབེན་པར་པདྨ་འདབ་བཞིའམ། ཚོམ་བུ་ལྔ་བཀོད་པའི་སྟེང་དུ་མཉྫིའི་ཁར་སྐུ་ཙཀ་འཛུགས། མ་འབྱོར་ན་ཚོམ་བུ་གསུམ་འགོད། མདུན་དུ་གཏོར་ཟླུམ་མཐའ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སྤྱི་ལྟར་བཤམ། མཆོད་པ་བྱིན་རླབས་སྐྱབས་སེམས་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར། ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་འབར་བས་ཡོངས་སུ་བསྐོར་བའི་སྲུང་འཁོར་གྱི་དབུས་སུ་པདྨ་དང་ཉི་མ་དྲག་པོ་དཀར་པོ་གླང་པོ་ཆེའི་གདོང་པ་ལ་ཕུག་འཛིན་པ། མགོ་བོ་གཡོན་གྱི་ཕྱོགས་སུ་བསྟན་པ་འགྱེལ་བའི་སྟེང་དུ་རང་གི་སེམས་ཡི་གེ་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་དང༌། ནུས་པ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཏེ་འཛིན་པ། གཡོན་དང་པོས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེའི་ཞགས་པ་འཛིན་པ། ཕྱག་འོག་མ་གཉིས་ཀྱིས་རང་གི་ཕྱག་རྒྱ་ཐུགས་

p. 416

ཀར་བསྣོལ་བ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ། རིན་པོ་ཆེ་དང་སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། སྐུ་ཆེ་ཞིང་ཡན་ལག་རགས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛ་ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱྃ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་བཀོད་པར་དམིགས་ཏེ། ཨོཾ་བྷཱུ་ཏ་ཌ་མ་ར་བྷཱུ་ཏ་ཨ་དྷི་པ་ཏི། ཨཀྵོ་བྷྱཿཀི་རཱི་ཊི་ཎ་སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙི་ན་ཨུཏྶཱ་དྷ་ཡ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ལ་སོགས་པ་བཟླས་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་ལ། གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ། དེ་ནས་མཎྜལ་སྟེང་གི་བྲིས་སྐུ་ལ་དམིགས་ཏེ་ངག་ཏུ། རང་ཉིད་ཁྲོ་བོའི་དབང་པོའི་སྐུར་གསལ་བའི། །མདུན་དུ་སྣ་ཚོགས་པད་གདན་གསུམ་གྱི་སྟེང༌། །ནོར་གྱི་ལྷ་མོ་དབྱུ་གུ་མཆེད་གསུམ་པོ། །སྐུ་མདོག་ཨིནྡྲ་ནཱི་ལའི་མདངས་དང་ལྡན། །ཞལ་གཅིག་ཕྱག་

p. 417

གཉིས་གཡས་པས་རིན་པོ་ཆེའི། །རབ་མཛེས་བུམ་པ་ནོར་བུ་གང་བ་དང༌། །གཡོན་པས་ནོར་བུ་འབར་བས་སངས་རྒྱས་ལ། །མཆོད་ཅིང་འགྲོ་ལ་དགོས་འདོད་སྩོལ་བ་འཛིན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དབུ་རྒྱན་ཅན། །ཞལ་འཛུམ་ཤ་རྒྱས་ནུ་འབུར་ཟུང་གིས་མཛེས། །རབ་དཀར་སྲབ་འཇམ་དར་གྱིས་སྨད་གཡོགས་ཤིང༌། །སྣ་ཚོགས་དར་གྱི་ལྷབ་ལྷུབ་དུ་མ་གསོལ། །ཡིད་འོང་རིན་ཆེན་དུ་མས་སྤྲས་པའི་སྐུ། །རྣམ་གསུམ་མངོན་སུམ་ལྟ་བུར་གསལ་བར་གྱུར། །ཅེས་བརྗོད་ཅིང་བསམས་ལ། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་ནས་ནོར་གྱི་ལྷ་མོ་དབྱུ་གུ་མཆེད་གསུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ་པས་ཡེ་ཤེས་པའི་ངོ་བོར་གྱུར། དེ་ནས་མཆོད་པ་ཁ་གསོ་བྱིན་རླབས་བྱ། ཨོཾ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཧཱུྃ། དུར་ཁྲོད་ཤིང་དྲུང་སོགས་ཀྱིས་བསྟོད། གཏོར་མར་ཆབ་བྲན་བསང་སྦྱངས་བྱིན་རླབས་བྱས་ཏེ། རང་གི་སྙིང་གའི་འོད་ཀྱིས་འབྱུང་པོ་འདུལ་བྱེད་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པ་ལ་བྷཱུ་ཏ་ཌ་མ་ར་སོགས་ལན་གསུམ་གྱིས་གཏོར་མ་དབུལ། མཆོད་བསྟོད་དང་འདོད་དོན་སྤྱི་ལྟར་ཞུ། ཡང་གཏོར་མ་འབྲུ་གསུམ་གྱིས་བརླབས་ལ། ཨོཾ་ཨི་ལི་ཀི་ལི་སོགས་ཀྱིས་འབུལ། སླར་མཆོད་བསྟོད་དང༌། གནོད་སྦྱིན་མཁའ་འགྲོ་སྤུན་གསུམ་འཁོར་བཅས་ལ། །བདག་གིས་མཆོད་སྦྱིན་གཏོར་མ་འདི་ཕུལ་བས། །བདག་གཞན་དོན་དུ་བྱང་ཆུབ་སྒྲུབ་པ་ལ། །སྦྱིན་པའི་ཕ་རོལ་ཕྱིན་འབྲས་བསོད་ནམས་ནི། །ཡོངས་སུ་རྫོགས་པར་བགྱི་བའི་དོན་སླད་དུ། །བདག་ལ་ཟས་ནོར་ལོངས་སྤྱོད་རབ་འཕེལ་ཞིང༌། །དེ་ཉིད་ལོག་པའི་འཚོ་བར་མི་འགྱུར་བར། །འདུ་ཞིང་བསོད་ནམས་རྫོགས་པར་མཛད་དུ་གསོལ། །ཞེས་ཕྲིན་བཅོལ་བྱས་ནས། མདུན་གྱི་ལྷ་མོ་གསུམ་གྱི་ཐུགས་རྒྱུད་

p. 418

བསྐུལ་ཞིང་བཀའ་ཉན་པར་བསམས་ལ། ཨོཾ་ཨི་ལི་ཀི་ལི་པི་ལི་ཀི་ཀི་ལི་སྭཱ་ཧཱ། ཨོཾ་ཨ་ན་ལེ་ཀུཎྜ་ལཱི་གྲྀཧྞ་པིཎྜ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ན་མ་ཤུཀྵ་ཎ་བ་སུ་མུ་ཁཾ་མ་ཧཱ་པི་ཤཱི་ཙི་ན་ཡེ་སྭཱ་ཧཱ། ཞེས་ཌཱ་ཀི་མ་གསུམ་གྱི་སྔགས་ཅི་ནུས་སུ་བཟླ་བར་བྱའོ། །དེ་ནས་སློབ་མ་འདུས་ནས་ཆོས་བཤད་རྒྱས་བསྡུས་ཅི་རིགས་དང༌། མཎྜལ་འབུལ། དུས་གསུམ་སངས་རྒྱས་སོགས་གསོལ་གདབ། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས། དུས་གསུམ་སངས་རྒྱས་སོགས་ཁྱད་པར་གྱི་གསོལ་གདབ་བྱ། རྗེས་གནང་གི་གཞི་འགོད་པའི་སླད་དུ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ནས་ཧཾ། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་བསྐྱེད་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ང་ལས་པྃ་ལས་པདྨ་ཞེས་པ་ནས་མི་བསྐྱོད་པས་དབུར་བརྒྱན་ཞེས་པའི་བར་གོང་ལྟར་བསྐྱེད། མདུན་བསྐྱེད་སྔར་ཡོད་གསལ་བཏབ་ལ། སློབ་མ་འབྱུང་པོ་འདུལ་བྱེད་སྐུར་གསལ་བའི། མདུན་དུ་སྣ་ཚོགས་པད་གདན་ནས། ཡེ་ཤེས་པའི་ངོ་བོར་གྱུར་པར་མཆེད་གསུམ་གོང་ལྟར་བསྐྱེད། དེ་ནས་སྐུ་ཡི་རྗེས་གནང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དབྱུ་གུ་མཆེད་གསུམ་སྤྱན་དྲངས་ཏེ་སློབ་མ་འབྱུང་པོ་འདུལ་བྱེད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་བསྟིམ་ཞིང༌། སྤོས་རོལ་སོགས་སྤྱི་ལྟར་བྱ། དེ་ནས་ལུང་གསུམ་ལས་རྗེས་སུ་བཟླས་པ་ལན་གསུམ་བྱ། བཅོམ་ལྡན་བདག་ལ་སོགས། སྔགས་ལན་གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །སོགས་དམ་བཅའ་བ་སྤྱི་དང་མཐུན། བྱིན་གྱིས་བརླབ་པའི་ཕྱིར། རིགས་འདྲ་བསྟིམ། རྗེས་གཙོ་བོས་ཇི་ལྟར་བཀའ་སྩལ་སོགས་གོང་འོག་ཐམས་ཅད་སྒྲུབ་བརྒྱའི་ཆིངས་ལྟར་བྱའོ། །རྗེས་ཆོག་སྤྱི་ལྟར་བྱ། དབྱུ་གུ་མཆེད་གསུམ་ལ་ས་ངོར་ཇོ་ནང་ལ་རང་རྐང་མེད། གོང་དཀར་

p. 419

བའི་བརྒྱུད་པ་རྣམས་སུ་རྗེས་གནང་མཛད་ཅིང༌། དེ་ལ་ཐུན་མོང་ལྷ་མོ་གསུམ་སྐུ་མདོག་དམར་སྔོ་ལྗང་གསུམ་སོ་སོར་བྱེད་པའི་རྗེས་གནང༌། ཐུན་མིན་གསུམ་ཀ་སྔོན་པོ་བྱེད་པའི་རྗེས་གནང་སོགས་བཞུགས་ཀྱང༌། ཐུན་མིན་ཐོབ་ན་ཐུན་མོང་ཞར་དུ་ཐོབ་པ་ཡིན་ནོ། །ཞེས་པ་འདིའང་རྗེ་བླ་མའི་གསུང་ཟིན་ཐོ་ལྟར་བློ་གཏེར་དབང་པོས་བཀོད་པ་ཡི་གེ་པ་ནི་འཇམ་དབྱངས་ཆོས་རྒྱན་ནོ། །འདིས་ཀྱང་སེམས་ཅན་ཐམས་ཅད་ཆོས་མཐུན་གྱི་འབྱོར་པ་ལ་དབང་ཐོབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།འདིར་རུ་གཏོར་མའི་དཔེ་ཁག་གཉིས་འདུག

p. 420

རི་མོ།

p. 421

རི་མོ།

ལྷ་མོ་ཤྲཱ་མ་ཎའི་སྒྲུབ་ཚུལ་གསལ་བར་བཀོད་པ་ཤེལ་དཀར་མེ་ལོང་།

p. 422
p. 423

ལྷ་མོ་ཤྲཱ་མ་ཎའི་སྒྲུབ་ཚུལ་གསལ་བར་བཀོད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ།།

p. 424

ཐུགས་རྗེ་བྱིན་རླབས་སྤོ་མཐོའི་རི་བོ་ནས། །ལུང་བསྟན་དཔྱིད་ཀྱི་ཕོ་ཉའི་གླུ་དབྱངས་ཀྱིས། །དགེ་མཚན་གསར་པའི་དུས་སྟོན་འདྲེན་མཛད་པ། །ལྷག་པའི་ལྷ་མོ་ཤྲཱ་མ་ཎ་ལ་འདུད། །སྔོན་བྱས་དགེ་དང་མི་དགེའི་རི་མོ་བཞིན། །ལེགས་ཉེས་རྣམ་པར་བཀྲ་བ་བཞིན་གྱི་མདངས། །ཇི་བཞིན་སྣང་བར་བྱེད་པའི་ཨཱ་དརྴ། །རྨི་ལམ་སྒྲུབ་པའི་གདམས་པ་འདིར་བཤད་བྱ། །དེའང་འཇམ་དཔལ་དཔའ་བོ་གཅིག་གྲུབ་གྱི་རྒྱུད་ཀྱི་ལེའུ་གཉིས་པ་ལས། ཨོཾ་ཤྲཱ་མ་ཎ་པི་ཤཱ་ཙི་ནི་མུཎྜེ་སྭཱ་ཧཱ། བ་རུ་རའི་ཤིང་ངམ་ནྱ་གྲོ་དྷའི་ཤིང་གི་རྩ་བར་འདུག་ལ། ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན་གྲུབ་པར་འགྱུར་ཏེ་འཇིག་རྟེན་གསུམ་གྱི་སྤྱོད་པ་ཡང་སྟོན་པར་འགྱུར་རོ། །ཡང་ན་ལེགས་པར་ཁྲུས་བྱས་པ་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་འགྲུབ་པར་འགྱུར་རོ། །དགོང་ཀ་ཉལ་ཁར་རུ་རྟ་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་གདོང་དང་རྐང་པ་གཉིས་བཀྲུས་ནས། རྨི་ལམ་དུ་དགེ་བ་དང་མི་དགེ་བ་རྣམས་སྟོན་པར་འགྱུར་རོ། །ཞེས་གསུངས་པའི་ལྷ་མཆོག་ཁྱད་པར་ཅན་འདི་ཉིད་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པ་ལ། དང་པོ་སྔོན་འགྲོའི་

p. 425

རིམ་པ་དང༌། དངོས་གཞི་བསྙེན་ཅིང་བསྒྲུབས་ཏེ་ལས་ལ་སྦྱར་བ་གཉིས། དང་པོ་ནི། ཤིན་ཏུ་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་ཕྱག་དར་བྱས་ལ་སྤོས་ཆུས་ཆག་ཆག་གདབ། སྦྱོར་བ་རྩོམ་པའི་སྔོན་གྱི་ཉིན་གཉིས་གསུམ་ཙམ་ལ་དཀར་གཏོར་གཙང་ཞིང་གྱ་ནོམ་པ་དཀར་གསུམ་སོགས་ཟས་སྣ་དུ་མ་དང་བཅས་གཞི་བདག་རྣམས་ལ་དགུང་རེ་བཞིན་བསྔོས་ཏེ་ལས་བཅོལ། དེ་ནས་བགེགས་གཏོར་བཏང༌། གུ་གུལ་གྱིས་བདུག མཚམས་ཐོ་བསླངས་ཏེ་འཕགས་སྐྱེས་པོར་གསལ་བཏབ་ནས། མཚམས་ནང་དུ་བགེགས་མི་འཇུག་པའི་ཕྲིན་ལས་བཅོལ། མཆོད་པ་གཙང་ཞིང་བཀོད་པས་མཛེས་པར་བཤམ། ཁྲུས་དང་གཙང་སྦྲ་ལེགས་པར་བྱས། འོག་ཏུ་ས་དཀར་གྱིས་གཡུང་དྲུང་བྲིས་པའི་འབོལ་སྟན་སོགས་ལ་ཚུལ་དང་མཐུན་པར་འཁོད་དེ། སྐྱབས་སེམས་སྔོན་དུ་བཏང༌། ཁྱད་པར་བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་ཐོབ་པར་བྱ། དེའི་ཕྱིར་དུ་རང་གཞན་གྱི་དོན་རླབས་པོ་ཆེ་བདེ་བླག་ཏུ་འགྲུབ་པའི་ཐབས་མཁས་ཀྱི་གདམས་པ་ཟབ་མོ་ཉམས་སུ་བླང་བར་བྱའོ། །སྙམ་དུ་བསམ། དེ་ནས་སྲུང་

p. 426

འཁོར་བསྒོམ་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཧཱུྃ་ཡིག་མཐིང་ག དེ་ལས་འོད་ཟེར་ཕྱོགས་བཅུར་སྤྲོས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་རྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ་སྟེ་སྲུང་བའི་འཁོར་ལོ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་དུ་ཡེ་ཤེས་ལྔའི་རང་བཞིན་གྱི་མེ་དཔུང་འབར་བས་ཡོངས་སུ་བསྐོར་བར་གྱུར་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་རཀྵ་རཀྵ་སྭཱ་ཧཱ་ཞེས་པ་ཅི་མང་བཟླ། འདིའི་སྒྲུབ་པའི་བོགས་འདོན་གྱི་མཆོག་ཏུ་གྱུར་པ་ནི། དམ་ཚིག་དང་སྡོམ་པ་དག་པར་བྱེད་པ་ཡིན་པས། རྡོར་སེམས་སྒོམ་བཟླས་ལ་འབད་དགོས་ཤིང༌། དེ་ནི་ཆོ་ག་གཞན་ལས་འབྱུང་བ་ལྟར་གྱི་རྒྱས་པའམ། མདོར་བསྡུ་ན། རང་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་དྲིལ་བུ་དཀུར་བསྟེན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རྡོ་རྗེ་སེམས་དཔའ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་སྐུ་ལས་བདུད་རྩིའི་རྒྱུན་བབས། ལུས་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་མཐའ་དག་སྦྱངས་ཏེ་རྒྱུད་བྱིན་གྱིས་བརླབས་པར་གྱུར་པར་བསམས་ལ་ཡིག་བརྒྱ་བཟླ། མཇུག་ཏུ། སྤྱི་བོའི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། དེའང་ཡིག་བརྒྱ་འབུམ་ཕྲག་བཟླ་བར་གསུངས་པ་བཞིན་བྱུང་ན་ལེགས་ཤིང༌། མ་མཐའ་

p. 427

ཡང་ཉིན་བདུན་ལ་ཐུན་བཞིར་བཅད་དེ་ཡིག་བརྒྱ་གཙོ་བོར་འདོན་པ་དང༌། ཨོཾ་བཛྲ་སཏྭ་ཨཱཿཞེས་པ་བསྣན་ཏེ་འབུམ་གྱི་གྲངས་གསོག་གོ །དེའི་ཞར་ལ་ཕྱག་སྦྱང་དང་དཀོན་མཆོག་གི་མཆོད་པ་ཁྲུས་དང་གཙང་སྦྲ་སོགས་ནན་ཏན་ཤིན་ཏུ་ཆེ་བར་བྱའོ། །གཉིས་པ་དངོས་གཞི་ནི། རང་གི་སྔས་མགོར་སྟེགས་བུ་གྲུ་བཞི་པའི་སྟེང་དུ་རྡུལ་ཚོན་ནམ་རས་གཞི་ལ་པདྨ་འདབ་བརྒྱད་བྲིས། དེའི་དབུས་སུ་བུམ་པ་གཙང་མ་བྱ་རྒྱུད་ཀྱི་བུམ་རྫས་དང་དཀར་གསུམ་སོགས་བསྒོས་པའི་ཆུ་གཙང་གིས་བཀང་བ། ཤུག་པ་ལྟ་བུའི་ཁ་རྒྱན་ལ་ཙཀ་ལི་བཏགས་པའི་སྟེང་ནས་དར་སྔོན་པོའི་གུར་ཕུབ། མཐའ་མཆོད་པས་བསྐོར། ཕྱོགས་གཅིག་ཏུ་སྒྲོལ་དཀར་གྱི་བྲིས་འབུར་ཅི་རིགས་མཆོད་པ་དང་བཅས་པ། ཐུན་མཐར་འབུལ་རྒྱུའི་དཀར་གཏོར་གསུམ་བཅས་བཤམས། ཨ་མྲྀ་ཏའི་སྔགས་བཟླས་ཏེ་ཆབ་ཀྱིས་བྲན། དྲི་བཟང་གི་ཆུས་ཁ་དག་པར་བྱས། དྲི་བཟང་པོས་བསྒོས་པའི་མེ་ཏོག་ལག་ཏུ་བཟུང་ཞིང༌། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས་བསྡུས་པ་བྱ་རྒྱུད་ལྟར་གྱི་མཆོད་པ་བྱིན་རླབས་བཅས་སྔོན་དུ་བཏང༌། བདག་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་གི་སེམས་ཉིད་ཏཱྃ་ཡིག་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པ། དར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང༌། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དབང་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་

p. 428

ཨཱརྻ་ཏཱ་རེ་ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ་སོགས་ཀྱིས་བསྟོད། ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གཟུངས་སྤོབས་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་པ་ཅི་ནུས་བཟླས་ལ་ཡིག་བརྒྱས་ལྷག་ཆད་བསྐངས། མདུན་བསྐྱེད་ནི། སྭ་བྷཱ་ཝ་ནས་ཀོ྅ཧཾ། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། རྩེ་མོར་དཔག་བསམ་གྱི་ལྗོན་པ་ཆེན་པོ་ལོ་མ་དང་མེ་ཏོག་རབ་ཏུ་རྒྱས་པས་མཚན་པ། རི་རབ་ཀྱི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ལྷ་མོ་ཤྲཱ་མ་ཎ་སྐུ་མདོག་སྔོན་མོ། སྐེད་པ་ཕྲ་བ། ནུ་མ་རྒྱས་པ། མཛེས་ཤིང་ཡིད་དུ་འོང་བའི་ཆ་བྱད་ཅན་རི་རབ་ལ་སྟེགས་འདུག་གི་ཚུལ་དུ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། གཡས་མེ་ལོང་དང་རྔ་ཡབ། གཡོན་དཔག་བསམ་གྱི་ཤིང་གི་ཡལ་ག་འཛིན་པ། ཤིན་ཏུ་དགྱེས་ཤིང་འཛུམ་པའི་ཉམས་ཅན། བླང་དོར་མཐའ་དག་གསལ་བར་ལུང་སྟོན་པའི་ཚུལ་གྱིས་རང་ལ་གཟིགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ལྷ་མོ་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་དེ་བཱི་ཤྲཱ་མ་ཎ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། རྒྱལ་ཀུན་ཏིང་འཛིན་བྱེ་བའི་འཇུག་ལྡང་གི། །སྒྱུ་འཕྲུལ་མངོན་པར་ཤེས་པའི་ག་བུར་ཟེར། །སྐལ་བཟང་ཀུན་དཱའི་གཉེན་དུ་ཤར་བའི་ལྷ། །བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ། །མ་རིག་མུན་པར་འཐོམས་པའི་འགྲོ་བ་ལ། །

p. 429

བརྩེ་ཆེན་ཐུགས་རྗེའི་འོད་ཀྱི་སྒྲོལ་མ་ཡིས། །འཕྲལ་ཡུན་ལེགས་ཉེས་བླང་དོར་མ་ལུས་པ། །གསལ་བར་སྟོན་ཅིག་འཕགས་མ་ཐུགས་རྗེའི་གཏེར། །བཅོམ་ལྡན་འདས་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ཀྱིས་བདག་ལ་དོན་འདི་དང་འདི་ཞེས་བྱ་བའི་བླང་དོར་མཐའ་དག་བསླུ་བ་མེད་པ་གསལ་བར་ལུང་བསྟན་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་ལ་ལག་པས་མེ་ཏོག་སྣ་ལྔ་བའི་ཕྲེང་བར་བསམ་ཞིང་ལྷ་མོའི་དབུ་ལ་བཅིངས་པར་མོས་ཏེ་བུམ་པའི་ནང་དུ་གཞུག ལྷ་མོའི་ཐུགས་ཀར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོད་པར་དམིགས་ཏེ་ཡིད་གཞན་དུ་མ་ཡེངས་པའི་སྒོ་ནས། ཨོཾ་ཤྲཱ་མ་ཎ་པི་ཤཱ་ཙི་ནི་མུཎྜེ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། ཐུན་མཐར་ཡིག་བརྒྱས་ལྷག་ཆད་བསྐང་ཞིང༌། ཐུན་ཐ་མ་ལ་གཏོར་མ་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཆ་གཅིག་མཚན་སྔགས་ལ་བ་ལིཾ་ཏ་བཏགས་པས་བླ་མ་དང་ཤྲཱ་མ་ཎ་ལ་འབུལ། ཆ་གཅིག་ཨ་ཀཱ་རོས་ཆོས་སྐྱོང་ལ། ཆ་གཅིག་སམྦྷ་རས་གཞི་བདག་ལ་བསྔོ། ཐུན་གྱི་ཚེ་ཐ་མལ་པའི་གཏམ། གཉིད་དང་འོག་རླུང༌། ལྷ་གཞན་གྱི་སྔགས་བཟླས་པ་སོགས་ཀྱང་མ་ཤོར་བ་བྱ་ལ། གལ་ཏེ་བྱུང་ན་ཐུན་བཏང་སྟེ་ཁྲུས་བྱས་ནས་སླར་སྡོམ་ཞིང་སྔ་མ་སྔགས་ཀྱི་གྲངས་སུ་མི་གཞུག་གོ །ཐུན་མཚམས་སུ་སྒྲོལ་མ་དང༌། ཡིག་བརྒྱར་འབད་པ་དང་ལྷ་མོའི་སྔགས་རྒྱུན་པར་བཟླ་ཞིང༌། ལྷག་པར་ཉལ་ཁར་གང་མང་འདོན་ལ། ཉལ་བའི་ཚེ་ལྷ་མོའི་པང་དུ་མགོ་བཞག་པར་མོས་ནས་སྔས་བྱང་དུ་བསྟན། གཡས་འོག་ཏུ་བཅུག་ནས་སྔགས་བགྲང་བཞིན་པར་གཉིད་དུ་འགྲོ་བ་བྱ། མཚམས་ཀྱི་སྐབས་མི་ཁྱི་སོགས་དང་མི་འཕྲད་ཅིང༌། ཤ་ཆང་སྒོག་བཙོང་ལ་ཕུག་སོགས་སྔོ་རྗེད་ཀྱི་རིགས། དཀོར་ཟས་དང་གྲིབ་ཅན་གྱི་ཟས་སོགས་ལ་འཛེམ། འཚོ་བ་དཀར་གསུམ་ལ་བསྟེན་ཅིང་ཕྱི་དྲོའི་ཁ་ཟས་སྤང༌། ཟས་ཕུད་བླ་མ་དང་ལྷ་མོ་ལ་འབུལ། ཟས་ཀྱི་མཇུག་དང༌། ཟག་པ་དོར་རྗེས་ཁྲུས་བྱ་བ་

p. 430

སོགས་གཙང་སྦྲ་ལ་འབད། དེ་ལྟར་འབད་པས་དག་བདུན་ནས་མ་གྲུབ་ན། སྒྲིབ་པ་དང་གྲིབ་ཤས་ཆེ་བ་ཡིན་པས་བཤགས་བསྡམ་དང་རྣམ་འཇོམས་ཀྱི་གཟུངས་ཆུས་ཁྲུས་སོགས་ནན་ཏན་བྱས་ཏེ་སླར་བསྒྲུབ་ཅིང་བདུན་ཕྲག་གསུམ་གྱིས་མི་འགྲུབ་མི་སྲིད་པར་གསུངས། གྲུབ་པའི་མཚན་མ་བྱུང་བ་ན་ཐོག་མར་བསྟན་པའི་བྱ་བའམ་སྐྱེ་བ་ཕྱི་མའི་དོན་ལྟ་བུ་འགང་ཆེ་བ་རེ་རེ་ཙམ་ལ་བརྟག མི་གསལ་ན་བསྐྱར་ནས་བརྟགས་ཏེ་རིམ་གྱིས་དོན་གཉིས་གསུམ་སོགས་མང་དུ་གཏོང་ཞིང༌། བརྡ་དོན་མྱོང་སྟེང་ནས་དཔྱད་ཤེས་པ་གལ་ཆེ་ལ། ལྷག་པའི་ལྷར་བཟུང་སྟེ་ཡུན་དུ་བསྟེན་ན་སླར་མངོན་སུམ་དུ་ལུང་སྟོན་པར་འགྱུར་རོ། །ཀུན་རྫོབ་རྫུན་པ་རྒྱུ་འབྲས་བྱ་བྱེད་ཀུན། །ཉིད་འཁྲུལ་རྫུན་པ་རྨི་ལམ་གྱིས་བསྟན་བཞིན། །ལེགས་ཉེས་བདེན་པ་བླང་དོར་ལ་འབད་པས། །ཆོས་ཉིད་བདེན་པ་མངོན་སུམ་རྟོགས་གྱུར་ཅིག །ཅེས་ལྷ་མོ་ཤྲཱ་མ་ཎའི་སྒྲུབ་ཚུལ་གསལ་བར་བཀོད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ་འདི་ནི་དད་བརྩོན་ལྡན་པ་འཇམ་དབྱངས་བཟོད་པས་བསྐུལ་ངོར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །།མངྒ་ལཾ།། འདི་ཉིད་ཁྲི་གུང་ཐང་རིན་པོ་ཆེའི་དངོས་སློབ་དཀོན་མཆོག་བསྟན་པ་རབ་རྒྱས་མདུན་ནས་རྗེ་བླ་མས་གསན་ཅིང་རྒྱུད་ཀྱི་ལུང་གསར་འཛུད་དང་འདིའི་སྒོ་ནས་ལག་ལེན་རྟགས་ཐོན་ཡོད་པའི་ཞལ་རྒྱུན་ཕྱག་བྲིས་མ་ལྟར་བཤུས་ཤིང་ལུང་སྤེལ་ཞུས་པ་དགེ་ལེགས་འཕེལ།། །།

འཕགས་མ་སོ་སོར་འབྲང་མའི་བྱིས་པ་སྲུང་བའི་འཁོར་ལོ་དམིགས་སུ་གསལ་བའི་མན་ངག།

p. 431

འཕགས་མ་སོ་སོར་འབྲང་མའི་བྱིས་པ་སྲུང་བའི་འཁོར་ལོ་དམིགས་སུ་གསལ་བའི་མན་ངག་བཞུགས་སོ།།

p. 432

ཨོཾ་སྭ་སྟི། པྲ་ཡི་ཡེ་ཤེས་ལས་བསྒྲུབས་པ། །སྟོབས་ཆེན་ཕ་རོལ་གནོན་མཛད་མ། །སྤྱན་གསུམ་ཕྱག་བརྒྱད་གཡས་པ་ན། །རལ་གྲི་འཁོར་ལོ་མདུང་རྩེ་གསུམ། །མདའ་ཡིས་རྣམ་བརྒྱན་ཕྱག་གཡོན་ན། །རྡོ་རྗེ་ཞགས་པ་དགྲ་སྟྭ་གཞུ། །བསྣམས་པས་སྡང་བའི་བགེགས་ལྟུང་མཛད། །བུ་མི་འཚོ་དང་མོ་གཤམ་དག །གསང་བའི་དཀྱིལ་འཁོར་བཅུག་ནས་སུ། །ལྷ་རྣམས་ཀུན་གྱི་བུམ་པ་འཛིན། །སློབ་དཔོན་གྱིས་ནི་དབང་བསྐུར་ཞིང༌། །དེ་ཡི་མངལ་དུ་བྱིས་པ་ནི། །འཇམ་པའི་གཟུགས་ཅན་བཞུགས་པར་བསམ། །ཞགས་པའི་ཕྱག་རྒྱས་མཚན་ངན་ནས། །སྐྱེས་པ་གཟུགས་ཅན་འབྱུང་བ་དང༌། །དྲན་པ་ཡིས་ནི་བྲལ་ནས་ཀྱང༌། །མངལ་ནི་བསོད་ནམས་དག་གིས་སྤེལ། །ཞེས་གསུངས། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རི་སྭཱ་ཧཱ། རིག་སྔགས་ཆེན་མོ་གསུངས་པ་དང༌། །རིག་སྔགས་རྒྱལ་མོའི་མཐུ་ཡིས་ནི། །མི་ཡི་སྐྱེ་རྒུ་འཚོ་བྱེད་པ། །མཐུ་ཆེན་མངལ་ནི་འཕྲོག་པ་དང༌། །ལོག་འདྲེན་ཀུན་དང་སྡང་བའི་རྣམས། །མི་བཟད་མེ་ལྕེས་ཚིག་གྱུར་ནས། །འཇིགས་པ་དང་ནི་སྐྲག་པ་ཡིས། །རྡོ་རྗེ་སྣང་མཛད་དྲུང་ལྷགས་ཏེ། ཞབས་ལ་གཏུགས་ཏེ་ཚིག་སྨྲས་པ། །བདག་ཅག་དམ་ཚིག་གནས་པར་འཚལ། །རིག་སྔགས་དམ་ཚིག་བརྟན་

p. 433

གནས་པ། །གང་གིས་མངལ་ཡང་མི་འཕྲོག་ཅིང༌། །རྟག་ཏུ་མངལ་ནི་སྤེལ་བར་མཛད། །ཅེས་པ་ནི་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་དུམ་བུའོ།། ༈ །སོ་སོར་འབྲང་མའི་སྲུང་བའི་མན་ངག་བཞུགས་སོ། །བླ་མ་ཡི་དམ་མཁའ་འགྲོ་དང༌། །རིག་སྔགས་རྒྱལ་མོ་ལ་བཏུད་དེ། །དཔལ་དང་ལྡན་པར་བྱེད་པ་ཡི། །རིག་སྔགས་སྲུང་བའི་འཁོར་ལོ་བྲི། །དེ་ཡིས་སྲིད་པའི་སྒོ་ཕྱེ་ལ། །རྒྱུ་དང་རྐྱེན་རྣམས་གསལ་བར་བྱ། །སྔགས་དང་སྒྲུབ་པ་འཁོར་ལོ་གསུམ། །གཅེས་པ་གསུམ་ག་འཛོམ་པ་ན། །མོ་གཤམ་དག་ནི་དཔལ་དང་ལྡན། །དེ་ཡང་ལུང་ལས། སོ་སོར་འབྲང་མ་ཆེན་མོ་འདི། །བུད་མེད་གང་གིས་རྟག་འཆང་བ། །དེ་ཡིས་ཐམས་ཅད་འགྲུབ་པར་འགྱུར། །རྟག་ཏུ་མངལ་དུ་བུ་ཕོ་ཆགས། །ཟ་མ་དང་ནི་མ་ནིང་ཡང༌། །རྟག་ཏུ་བུ་ཕོ་རྙེད་པར་འགྱུར། །ཅེས་དང༌། རྡོ་རྗེ་གུར་ལས། བྱིས་པ་མི་འཚོ་མི་མོ་ལ། །སོ་སོར་འབྲང་མས་བྱིས་པ་འགྲུབ། །ཅེས་དང༌། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། བུ་མི་འཚོ་དང་མོ་གཤམ་དག །རིག་རྒྱལ་སོ་སོར་འབྲང་མ་ཡི། །གསང་བའི་དཀྱིལ་འཁོར་ཞུགས་བྱས་ནས། །རིགས་དང་རྒྱུད་ཀྱང་འཕེལ་བར་འགྱུར། །ཞེས་དང༌། ཡང་དགེ་སློང་དག་གིས་ངའི་

p. 434

སྔགས་འདི་སྐུད་པ་ལ་སྔགས་ཏེ་ཤིང་སྐམ་པོ་ལ་བཅིངས་ན་ཡལ་ག་དང་མེ་ཏོག་འབྱུང་ན། རྣམ་པར་ཤེས་པ་དང་ལྡན་པའི་ལུས་ལ་ལྟ་ཅི་སྨོས་ཀྱང་ཅི་དགོས། ཞེས་གསུངས་པའི་རིག་སྔགས་ནི་འདིའོ། །ཨོཾ་མ་ཎི་དྷ་རི་བཛྲི་ཎི། མ་ཧཱ་པྲ་ཏི་ས་རེ་པུ་ཏྲ་པུཥྚིཾ་ཨཱ་ཡུཿརཏྣ་ནི་ས་པུ་ཏྲ་པ་ར་མ་ཨ་ཨ་བྷཱུྃ་བྷཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་འདི་དུས་རྟག་ཏུ་བཟླས་ན་རིགས་རྒྱུད་འཕེལ་ལོ།། ༈ །སྲུང་འཁོར་འབྲི་བའི་རིམ་པ་ནི། དར་རམ་རས་སམ་གྲོ་ག་ལ། །གུ་གུལ་སྦྱར་བས་བདུག་བྱས་ཏེ། །གི་ཝཾ་གླ་རྩི་ཙནྡན་གྱིས། «།མུ་ཁྱུད་་་་་་»རིམ་པ་བརྒྱད་དང་ལྡན་པར་བྲི། །དབུས་སུ་དཔག་བསམ་འོད་ཀྱི་ལྷ། །ཁྱེའུ་རིན་ཆེན་བརྒྱན་པ་ཡི། །གཡས་པ་རིན་ཆེན་གཡོན་པ་ནི། །བུམ་པ་འཛིན་པ་བྲི་བར་བྱ། །ཡང་ན་པྲྃ་གྱི་ཡི་གེ་བྲི། །དེ་ཡི་མདུན་ནས་གཡས་སྐོར་དུ། །སོ་སོར་འབྲང་མའི་སྙིང་པོ་«་་་་་མ་ཎི་དྷ་རི་»བྲི། །དེ་ཡི་ཕྱི་རིམ་བཞི་རྣམས་ལ། «།ཨོཾ་བི་མ་ལེ་སོགས།་་་་་»གསང་སྔགས་རྗེས་འཛིན་སྟོང་ཆེན་མོ།«་་་་༌།ཨོཾ་ཨ་མྲྀ་ཏ་ཝ་རེ་སོགས།» «ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་སོགས།་་་་་»རྨ་བྱ་ཆེན་མོ་བསིལ་«་་་་་ཨོཾ་བྷ་ར་བྷ་ར་སོགས། »ཚལ་གྱི། །སྔགས་རྣམས་རིམ་པ་བཞིན་དུ་ནི། «།ཁྱེའུའི།་་་་་»མདུན་ནས་བརྩམས་ཏེ་གཡས་སྐོར་དུ། །ཀུན་ལ་སྤེལ་ཚིག་པུ་ཏྲ་བཅས། «སྲིད་སྤེལ་སོགས་གང་་་་་་»།འདོད་པའི་ཤམ་«་་་་་བུ་»ནི་གདགས་པར་བྱ། །དེའི་ཕྱི་«་་་་་རོལ།» པད་འདབ་བཅུ་དྲུག་ལ། «ཁྱེའུའི་མདུན་རྒྱབ་གཡས་གཡོན།་་་་་»ཕྱོགས་བཞིར་པྲྃ་ཡིག་བཞི་ཡང་བྲི། །ནང་དུ་སོར་འབྲང་སྙིང་པོ་«་་་་་མ་ཎི་དྷ་ར་སོགས་»བྲི། །སྤེལ་ཚིག་ཀུན་ལ་གཅེས་པ་ཡིན། «པད་འདབ་བཅུ་དྲུག་གི་ཕྱོགས་བཞིར་པྲྃ་གྱི་བར་རྣམས་སུ་གཡས་སྐོར་གྱིས།་་་་་»།རྡོ་རྗེ་རལ་གྱི་རིན་པོ་ཆེ། །དགྲ་སྟྭ་ཞགས་པ་འཁོར་ལོ་དང༌། །རྩེ་གསུམ་ལྕགས་ཀྱུ་པདྨ་དང༌། །མདུང་དང་རྒྱ་གྲམ་མདའ་གཞུ་རྣམས། །མདུན་ནས་གཡས་བསྐོར་ལེགས་པར་བྲི། །དེ་ཡི་ཕྱི་རིམ་«་་་་་ཨོཾ་ཙ་ལེ་སོགས།» སྟོང་ཆེན་སྔགས། །ཀུན་གྱི་རྩ་བ་

p. 435

ལྔ་བཅུ་བྲི།« ཨཱ་ལི་དང༌། ཀ་ཁ་ག་གྷ་ང་སོགས། རོལ་ཏུ།་་་་་»དེ་ཕྱི་རྟེན་འབྲེལ་སྙིང་པོ་བྲི། «དབུས་སུ།་་་་་»ཨོཾ་མ་ཎི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་སཱ་རེ་ཆེ་གེ་མོ་ལ་པུ་ཏྲ་པུཥྚིཾ་ཀུ་རུ་ཧོཿ ཧཱུྃ་ཧཱུྃ་ཕཊ་ཕཊ་ཆེ་གེ་མོ་ལ་སྲིད་སྤེལ་ཅིག་སྭཱ་ཧཱ། སོ་སོར་འབྲང་མའི་འོ། །ཨོཾ་«་་་་་མུ་ཁྱུད་ལ་རིམ་བཞིན་»བི་མ་ལ་བི་པུ་ལེ་ཛ་ཡ་ཝ་རེ་ཨ་མྲྀ་ཏ་བི་ར་ཛ་ཆེ་གེ་མོ་ལ་པུ་ཏྲ་པུཥྚིཾ་ཀུ་རུ་ཧོཿ ཧཱུྃ་ཧཱུྃ་ཕཊ་ཕཊ་ཆེ་གེ་མོ་ལ་སྲིད་སྤེལ་ཅིག་སྭཱ་ཧཱ། གསང་སྔགས་རྗེས་འཛིན་གྱིའོ། །ཨོཾ་ཨ་མྲྀ་ཏེ་ཝ་རེ་ཝ་ར་ཝ་ར་པྲ་ཝ་ར་བི་ཤུདྡྷེ་ཆེ་གེ་མོ་ལ་པུ་ཏྲ་པུཥྚིཾ་ཀུ་རུ་ཧོཿཧཱུྃ་ཧཱུྃ་ཕཊ་ཕཊ་ཆེ་གེ་མོ་ལ་སྲིད་སྤེལ་ཅིག་སྭཱ་ཧཱ། སྟོང་ཆེན་མོའི་འོ། །ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི། གརྦྷེ་སཾ་རཀྵ་ཎི། ཨཱ་ཀརྵ་ཎི་ཆེ་གེ་མོ་ལ་པུ་ཏྲ་པུཥྚིཾ་ཀུ་རུ་ཧོཿ ཧཱུྃ་ཧཱུྃ་ཕཊ་ཕཊ་ཆེ་གེ་མོ་ལ་སྲིད་སྤེལ་ཅིག་སྭཱ་ཧཱ། རྨ་བྱ་ཆེན་མོའི་འོ། །ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར་ཨིནྡྲ་ཡ་བ་ལ་བི་ཤོ་དྷ་ནི་ཆེ་གེ་མོ་ལ་པུ་ཏྲ་པུཥྚིཾ་ཀུ་རུ་ཧོཿ ཧཱུྃ་ཧཱུྃ་ཕཊ་ཕཊ། རུ་རུ་ཙ་ལེ་ཆེ་གེ་མོ་ལ་སྲིད་སྤེལ་ཅིག་སྭཱཧཱ། བསིལ་བའི་ཚལ་གྱིའོ། ཨོཾ་ཨ་ཙ་ལེ། མ་ཙ་ལེ། སཱ་ར་མ་ཙ་ལེ། པྲ་ཀྲྀ་ཏི་བརྞེ། པྲ་ཀྲྀ་ཏི་ནིརྒྷོ་ཥེ། ས་མནྟ་མུ་ཁེ། སྠི་རེ་སྠ་པ་རེ་བི་གྷུཥྚེ། བི་གྷུཥྚ་ཤཔྡེ་པྲ་ག་ལ་ནི། སཱ་རངྒ་མེ། སཱ་རཱ་སུ་ཏ་སཱ་རངྒ་པ་ཏེ། བ་ལེ་མ་ཧཱ་བ་ལེ་མ་ཧཱ་ནིར་བྷཱ་སེ་ཆེ་གེ་མོ་ལ་པུ་ཏྲ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཆེ་གེ་མོ་ལ་སྲིད་སྤེལ་ཅིག་སྭཱ་ཧཱ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨཻ་ཨཻ། ཨོ་ཨཽ། ཨཾ་ཨཿ སོ་སོར་འབྲང་མའི་སྲུང་བ་འབྲི་བའི་མན་ངག་ཟབ་མོ་རྫོགས་སོ། །དེ་ལྟར་འཁོར་ལོ་འབྲི་བའི་མན་ངག་འདི་བཞིན་རྒྱུད་དང་མན་ངག་གི་དགོངས་པ་ལྟར་མ་འཁྲུལ་བར་ལེགས་པར་བྲིས་ཏེ་འཁོར་ལོའི་རྟེན་དང་བརྟེན་པར་མིང་སྤེལ་བཅས་ཁ་བསྒྱུར་བས་འཁོར་ལོ་ཆེན་མོའི་སྐབས་ལྟར་རབ་གནས་སྒྲུབ་པ་ཚུལ་བཞིན་བྱས་ཏེ་བསྒྲུབ་བྱར་བཏགས་ན་འདོད་པའི་འབྲས་བུ་ཐོབ་པ་ནི་ངེས་པའོ།། །།ཤུ་བྷཾ།།

p. 436

རྒྱུད་སྡེ་ཆེན་པོ་རྣམས་ལས་གསུངས་པའི་འཁོར་ལོ་འབྲི་བའི་མན་ངག་སྤྱིར་བཏང་བ་བཞུགས་སོ། །ཨོཾ་སྭ་སྟི། དེ་ལ་དཔལ་སམྤུ་ཊ་ལ་སོགས་པ་རྡོ་རྗེའི་སྔགས་རྒྱུད་རབ་འབྱམས་ལས་གསུངས་པའི་འཁོར་ལོ་འབྲི་བའི་མན་ངག་སྤྱིར་བཏང་བ་ནི། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་ཞལ་ནས། དེ་ལ་འཁོར་ལོ་རྣམས་ཀྱི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། རྣལ་འབྱོར་གང་གིས་བྲི་བ་དང༌། ཐབས་ཅི་ལྟ་བུས་བྲི་བ་དང༌། གཞི་གང་ལ་བྲི་བ་དང༌། སྣག་ཚ་དང་སྨྱུག་གུ་གང་གིས་བྲི་བ་དང༌། རྣམ་པ་ཇི་ལྟ་བུ་བྲི་བ་དང༌། བྲིས་ནས་ཇི་ལྟར་བསྒྲུབ་པའོ། །དེ་ལ་དང་པོ་རྣལ་འབྱོར་ནི་སྒྲོལ་མའི་རྣམས་སྒྲོལ་མས་བྲིའོ། །འོད་ཟེར་ཅན་གྱི་རྣམས་འོད་ཟེར་ཅན་གྱི་རྣལ་འབྱོར་གྱིས་བྲི། དེ་བཞིན་དུ་སོ་སོར་ངེས་པ་རྣམས་རང་རང་གི་རྣལ་འབྱོར་གྱིས་བྱས་ལ། སྲུང་བའི་འཁོར་ལོ་སོགས་པ་ཐུན་མོང་གི་རྣམས་ལྷའི་རྣལ་འབྱོར་གང་ཡང་རུང་བར་བྱའོ། །ཐབས་ཇི་ལྟ་བུས་བྲི་ན། དུས་དང༌། བསམ་པ་དང༌། ཆ་ལུགས་དང༌། ཁ་ལྟ་ཕྱོགས་ཞེས་བྱ་བ་བཞི་དང་ལྡན་དགོས་པ་ལས། གཞུང་ན་གསལ་བ་རྣམས་དེ་བཞིན་ཡིན་ལ། སྤྱིར་ཐམས་ཅད་གཟའ་དང་སྐར་མ་འབྱོར་པའི་དུས་དང༌། ནང་གི་དུས་སྦྱོར་འགྲིགས་པའི་དུས་སུ་བྱ། ལས་སོ་སོའང་ཞི་བ་དགོང་མོ་ཞེས་བྱ་བ་ལ་སོགས་པ་སྦྱིན་སྲེག་གི་སྐབས་དང་མཐུན་པར་ཤེས་པར་བྱ་སྟེ། དཔེར་ན་ཞི་བ་ལྟ་བུ་དུས་དགོང་མོ་བསམ་པ་ཞི་བའི་སེམས་ཆ་ལུགས་དཀར་པོ་ཁ་ཤར་ཕྱོགས་སུ་བལྟས་པས་བྲི་ཞེས་བྱ་བ་ལ་སོགས་པ་སྟེ་གཞན་ཡང་དེ་དང་འདྲའོ། །བྲི་བའི་གཞིའང་གཞུང་དུ་གསུངས་པ་རྣམས་ནི་གཞུང་ཉིད་དུ་གསལ། མ་གསུངས་པ་རྣམས་ནི་གྲོ་གའམ་རས་སམ་ཤོག་བུ་གང་ཡང་རུང་བ་ལ་བྲིའོ། །སྣག་ཚ་ནི་གཞུང་དུ་གསུངས་པ་རྣམས་ནི་གཞུང་ཉིད་དུ་གསལ་ལ། མ་གསུངས་པ་རྣམས་ཞི་བ་ལ་ཙནྡན། རྒྱས་པ་ལ་དྲི་བཟང་པོ། དབང་ལ་རྒྱ་སྐྱེགས། དྲག་པོ་ལ་ཁྲག་དང་དུག་དང་སྐེ་ཚེ། སྲུང་བ་ལ་སྐྱེས་པ་བསྲུང་

p. 437

བ་ལ་གུར་གུམ། བུད་མེད་བསྲུང་བ་ལ་གི་ཝཾ་གིས་བྲི་བར་བྱའོ། །སྨྱུག་གུ་ནི་གསུངས་པ་རྣམས་གཞུང་བཞིན། མ་གསུངས་པ་རྣམས་གང་བདེ་བས་བྲི་བར་བྱའོ། །རྣམ་པ་ནི་གཞུང་ཉིད་དུ་གསལ་ལོ། །བྲིས་ནས་ཇི་ལྟར་བསྒྲུབ་པ་ལ། ཐམས་ཅད་ལ་རབ་ཏུ་གནས་པ་ཇི་ལྟ་བ་བཞིན་བྱ་སྟེ། འཁོར་ལོ་ལ་འཁོར་ལོའི་ཡེ་ཤེས་པ་བསྡུ་བ་དང༌། མིང་ལ་བསྒྲུབ་བྱའི་ལུས་སེམས་གཞུག་པར་བྱ། གཞན་རབ་གནས་རྒྱས་བསྡུས་སྤྱི་དང་འདྲའོ། །དེ་ལྟར་རབ་གནས་ཟིན་པ་དང་ཁ་ཅིག་མཆོད་པའི་ཚུལ་གྱིས་བསྒྲུབ། ཁ་ཅིག་གདགས་པས། ཁ་ཅིག་མནན་པས་འགྲུབ་སྟེ། དེ་ཡང་གཞུང་དུ་གསུངས་པ་རྣམས་ནི་གསུངས་པ་བཞིན་ཡིན་ལ། མ་གསུངས་པ་རྣམས་ལ་ཞི་བ་རྣམས་མཆོད་པའི་ཚལ་དུ་བསྒྲུབ། སྲུང་བ་མཆོད་པ་དང་གདགས་པའི་ཚུལ། རྒྱས་པ་མཆོད་པས་བསྒྲུབ། དབང་མཆོད་པ་དང་མནན་པས་བསྒྲུབ། དྲག་པོ་མནན་པས་བསྒྲུབ། དེ་ལྟར་བྱས་པས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །འཁོར་ལོ་བཞི་སྤྱིའི་མངོན་པར་རྟོགས་པའོ། །ཞེས་དཔལ་སམྤུ་ཊའི་འགྲེལ་ཆེན་གནད་ཀྱི་གསལ་བྱེད་ལས་ལེགས་པར་གསུངས་སོ།། ༈ །སྲུང་འཁོར་སྤྱིའི་རབ་གནས་ནི། བདག་བསྐྱེད་སྔོན་དུ་འགྲོ་བས། གཞི་གཙང་མའི་ཁར་མེ་ཏོག་སིལ་མ་བཀྲམ་པའི་སྟེང་དུ་འཁོར་ལོ་བཞག་མཐར་མཆོད་པ་དང་གཏོར་མ་བཤམས་བགེགས་བསྐྲད། སྟོང་པའི་ངང་ལས་འཁོར་ལོ་པདྨ་རྡོ་རྭ་མེ་རི་སོགས་བྲིས་པ་བཞིན་དུ་བསྐྱེད། ཡིག་འབྲུ་རྣམས་འོད་དཔག་མེད་དུ་བསྒོམ། མིང་སྤེལ་རྣམས་བསྒྲུབ་བྱ་གང་ཡིན་དེར་བསྒོམས་ནས་སོ་སོར་དགུག་ཅིང་བསྟིམ། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་རྒྱས་གདབ། སླར་ཡང་དབང་ལྷ་སྤྱན་དྲངས་གསོལ་བ་བཏབ་དབང་བསྐུར་ནས། ཨརྒྷཾ་སོགས་ཆུ་གཉིས་རོལ་མོར་བཅས་པས་མཆོད། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །སོགས་ཤློ་ཀ་གཅིག་གིས་བསྟོད། ཨཱོཾ་ཨ་རོ་ལྀཀ྄་ཅེས་བརྒྱ་རྩ་བཟླས། དེ་ཉིད་འོད་དུ་ཞུ་བ་ལས་འཁོར་ལོར་

p. 438

གྱུར་ནས་འདོད་དོན་ཐམས་ཅད་འགྲུབ་པའི་བྱེད་པོར་གྱུར་པར་བསམས་ཞིང་རང་སྔགས་རྟེན་འབྲེལ་སྙིང་པོ་མང་དུ་བཟླས་ནས་བརྟན་བཞུགས་དང་ཤིས་བརྗོད་བྱའོ། །ཡང་འཁོར་ལོ་རང་རང་དང་མཐུན་པ་བྱེ་བྲག་གི་རབ་གནས་ནི། སྒྲུབ་ཐབས་བསྡུས་པ་འདི་རྡོ་རྗེ་གུར་གྱི་རྒྱུད་ལས་བྱུང་བ་བླ་མེད་ཀྱི་ལུགས་ཡིན་པས་སྐྱབས་སེམས་ནས་བཟུང་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་བགེགས་བསྐྲད། སྟོང་པའི་ངང་ལས་འཁོར་ལོ་པདྨ་རྡོ་རྗེ་རྭ་བ་སོགས་བྲིས་པ་བཞིན་བསྒོམས་པའི་དབུས། པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་པྲྃ་ཡིག་དཀར་པོ་ལས་བཅོམ་ལྡན་འདས་མ་སོ་སོར་འབྲང་མའི་སྐུ་མདོག་དཀར་མོ་སོགས་ནས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའི་བར་སྒྲུབ་ཐབས་བཞིན་ལས། དེ་ནས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། རྡོ་རྗེ་སེམས་དཔའ་རང་བཞིན་ཅན། །ཞེས་སོགས་ཤློ་ཀ་གཅིག་གིས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བ་ལ་པྲྃ་དཀར་པོ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་སྔགས་ཕྲེང་ལ་ཐིམ་པར་བསམས་ནས། ཨོཾ་མ་ཎི་དྷ་རི་སོགས་བཟླས་པ་ཅི་འགྲུབ་བྱ། མཐར་མཁའ་ནང་ནས་འཇམ་དཔལ་དབྱངས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲུལ། བསྒྲུབ་བྱའི་དོན་བྱས་པར་བསམས་ཞིང་བཟླས་པ་ཉེར་གཅིག་ཙམ་བྱས་ནས་འདོད་དོན་གསོལ་བ་གདབ། སྔར་བཤམས་པའི་གཏོར་མ་བྱིན་གྱིས་བརླབས། རྩ་སྔགས་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། བསྟོད་པ་སྔར་བཞིན་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། ལྷ་འོད་དུ་ཞུ་བ་འཁོར་ལོའི་རྣམ་པར་བསྒྱུར་ལ་རྩ་སྔགས་ཅི་རིགས་པ་དང་རྟེན་འབྲེལ་སྙིང་པོ་ཉེར་གཅིག་ཙམ་བཟླས་ནས་བརྟན་བཞུགས་དང་བཀྲ་ཤིས་བརྗོད་པ་རྣམས་བྱའོ། །ཞེས་པའང་གྲོ་ཚང་ཆོས་རྗེའི་བཞེད་པ་ལྟར་འགྱུར་མེད་རྡོ་རྗེས་སྤེལ་བའོ།། །།འདིའང་བློ་གཏེར་དབང་པོས་བསྒྲིགས་པ་དགེ། །།

ཆོས་སྤྱོད་ཉམས་ལེན་གྱི་རིམ་པ་རབ་ཏུ་གསལ་བ།

p. 439

ཆོས་སྤྱོད་ཉམས་ལེན་གྱི་རིམ་པ་རབ་ཏུ་གསལ་བ་བཞུགས་སོ།།

p. 440

ན་མོ་གུ་རུ་ཨཱརྻ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བླ་མ་མཆོག་དང་དབྱེར་མེད་པའི། །སྤྱན་རས་གཟིགས་ལ་གུས་བཏུད་ནས། །ཆོས་སྤྱོད་ཉམས་ལེན་རིམ་པ་ནི། །གོང་མའི་གསུང་ལས་བཏུས་ཏེ་བྲི། །འདིར་ལ་སྟོད་ཀྱི་རྟོགས་ལྡན་ཆེན་པོ་ཤེས་རབ་མགོན་པོའི་གསུང་ལས་བྱུང་བ་ཆོས་སྤྱོད་ཉམས་ལེན་གྱི་རིམ་པ་མང་དུ་ཡོད་པ་ལས། ཉེར་མཁོ་འགའ་ཞིག་བསྡུས་ཏེ་བསྟན་པ་ལ། རང་དོན་དུ་བྱ་བ། གཞན་དོན་དུ་བྱ་བ་གཉིས་སུ་ཡོད། དང་པོ་ལའང་ཚེ་འདིའི་ཉམས་ལེན་གྱི་རིམ་པ། ཚེ་ཕྱི་མའི་ཉམས་ལེན་སྔོན་བསུ་གཉིས། དང་པོ་ལ་ཐོ་རངས་བྱ་བ། དེ་ནས་འཕེན་པ་གཏོང་བ། དེ་ནས་སྡོམ་པ་བླང་བ། དེ་ནས་སྐྱབས་སུ་འགྲོ་བ། དེ་ནས་སེམས་བསྐྱེད་པ། དེ་ནས་ཚེ་བསྲིང་བ། དེ་ནས་བླ་མ་ལ་དངོས་གྲུབ་ཞུ་བ། དེ་ནས་བསྐྱེད་རིམ་བསྒོམ་པ། དེ་ནས་རྫོགས་རིམ་བསྒོམ་པ། དེ་ནས་ཁྲུས་བྱ་བ། དེ་ནས་ཕྱག་འཚལ་བ། དེ་ནས་ཡན་ལག་བདུན་པ་འབུལ་བ། དེ་ནས་སྦྱིན་སྲེག་གིས་ཚ་བ་སྐོལ་བ། དེ་ནས་ཟས་སྐོམ་ལོངས་སྤྱོད་པ། དེ་ནས་བསྐོར་བ་བྱ་བ། དེ་ནས་གཏོར་མ་གཏོང་བ། དེ་ནས་སཱཙྪ་གདབ་པ། དེ་ནས་བདེ་བར་གཤེགས་པའི་བཀའ་འདོན་པ། དེ་ནས་ཉམས་ཆག་བསྐང་བ། དེ་ནས་བར་ཆད་བསལ་བ། དེ་ནས་སྲུང་ཟློག་བྱ་བ། དེ་ནས་བྱ་བ་ཐམས་ཅད་དགེ་སྦྱོར་དུ་དྲིལ་བ་སྟེ་ཉི་ཤུ་རྩ་གཉིས་

p. 441

སུ་ཡོད། དང་པོ་ཐོ་རངས་སྔ་བར་ལངས་ཤིང་གཉིད་སད་མ་ཐག་རིག་པ་ནམ་མཁར་གཏད་དེ། རླུང་རོ་ཁ་ཡར་འབུད། འཁྲུལ་འཁོར་ཁ་ཡར་བྱ། དེ་ནས་ཉམས་ལེན་གང་བྱེད་ཀྱི་ཁྲིད་རིམ་རྣམས་ཀྱི་ཚིག་དོན་ལ་སེམས་ཅེར་གྱིས་བལྟས་ནས་གཞིགས་འབྲེལ་གཏོང༌། རང་ལུས་ལྷ་གང་མོས་སུ་ལམ་གྱིས་བསྒོམ། གཉིས་པ་འཕེན་པ་གཏོང་བ་ནི། དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་བསྒོམ། ཅིས་ཀྱང་དགོས་པ་མེད། ཆོས་ནས་གསུངས་པ་བཞིན་མི་འབུངས་རེ་སྙམ་དུ་གོ་ཆ་གྱོན་ནོ། །གསུམ་པ་སྡོམ་པ་བླང་བ་ནི། བཤགས་པ་བསྡུས་པ་ཞིག་བྱ། མཆོད་པ་ཞིག་ཕུལ་ནས། སྡོམ་པ་རྒྱས་པར་ཆོ་ག་བཞིན་ལེན་པའམ། ཡང་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་དོན་དྲན་བཞིན་པས་བྱ། བཞི་པ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་བླ་མ་དཀོན་མཆོག་ཐམས་ཅད་བཞུགས་པར་བསྒོམས་ལ། རང་གཞན་གྱི་ལུས་དང་ལོངས་སྤྱོད་འབུལ། འཁོར་བའི་སྡུག་བསྔལ་ལ་འཇིགས་པའི་བསམ་པས།

p. 442

སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་མང་དུ་བརྗོད་དོ། །ལྔ་པ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ངས་སངས་རྒྱས་ཐོབ་པར་བྱ། དགེ་སྦྱོར་ཐམས་ཅད་ཀྱང་དེའི་ཆེད་དུ་བྱའོ་སྙམ་པས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་བྲལ་བར་གྱུར་ཅིག བདེ་བ་དང་མི་འབྲལ་བར་འགྱུར་ཅིག ཉེ་རིང་ཆགས་སྡང་མེད་པར་གྱུར་ཅིག ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་ཅི་རིགས་བརྗོད་དོ། །དྲུག་པ་ཚེ་སྲིང་བ་ནི། མདུན་གྱི་ནམ་མཁར་བླ་མ་དཀོན་མཆོག་ཐམས་ཅད་བྱོན་པར་བསྒོམས་ལ། བདག་གི་དུས་མིན་འཆི་བ་ཟློག་ཏུ་གསོལ། །ཚེའི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། རང་གི་སྙིང་གར་ཟླ་བའི་སྟེང་དུ་བླ་མ་དང་དབྱེར་མེད་པའི་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེ་བུམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། ཨོཾ་ཨཱ་ཡུཿཛྙཱ་ན་སིདྡྷི་ཧཱུྃ། ཞེས་མང་དུ་བགྲང༌། ཚེ་དཔག་མེད་འོད་དུ་ཞུ་ནས་ཐིག་ལེ་སྟེང་དཀར་པོ་འོག་དམར་པོ་སྲན་མ་ཕྱེད་བཀས་ཙམ་གཉིས་ཀྱི་བར་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཧཱུྃ་མཐིང་ག དེ་ལས་འོད་ཟེར་དཀར་པོ་སྣ་བུག་གཡས་ནས་ཐོན། དུས་གསུམ་སངས་རྒྱས། ཚེ་དཔག་མེད་རིགས་ལྔ། ཚེའི་རིག་འཛིན་ཐོབ་པ་ཐམས་ཅད་ལ་ཕོག འོད་དམར་པོར་ཞུ། སྣ་གཡོན་ནས་ཞུགས། ཐིག་ལེ་ཧཱུྃ་བཅས་ལ་ཐིམ་པར་མོས་ལ་ཅི་ནུས་སུ་མཉམ་པར་བཞག འཕྲོ་བཅད་ཙ་ན། ཐིག་ལེ་བདུད་རྩིར་ཞུ། ལུས་ཁེངས། འཆི་མེད་གཡུང་དྲུང་ཐོབ། བདེ་སྟོང་དུ་གྱུར་པར་བསྒོམ་མོ། །དེ་ནི་རྒྱུད་ཀྱི་དགོངས་པ་ནཱ་རོ་པའི་ཕྱག་ལེན་ནོ། །ཡང་ན་སྤྱི་བོར་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་དུ་

p. 443

ཨ་དཀར་པོ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། བདེ་མཆོག་རིགས་ལྔ་ནམ་མཁར་བཞུགས་པའི་ཐུགས་ཀར་ཕོག ཐུགས་ཀའི་ས་བོན་རྣམས་བདུད་རྩིར་ཞུ། ཨ་ལ་ཐིམ་ཞིང་ཐོད་པ་ཁེངས། ལུད་པས་ལུས་ཀྱི་ནང་ཐམས་ཅད་གང་བར་གྱུར། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཕཊ། ཨཱ་ཡུརྫྙཱན་སིདྡྷི་ཧཱུྃ། ཞེས་མང་དུ་བགྲང༌། འཕྲོ་འཇོག་ཙ་ན། རིགས་ལྔ་ཐོད་པ་ལ་ཐིམ། ཐོད་པ་འོད་དུ་ཞུ་རང་ལ་ཐིམ་པར་བསྒོམ། འདི་ནི་ཤིན་ཏུ་ཟབ་པ་རྩ་རྒྱུད་ལེའུ་ལྔ་པ་ནས་གསུངས་པའོ། །ཡང་ན། མཎྜལ་གྱི་སྟེང་དུ་ཚོམ་བུ་དགུ་བཀོད། སྟེང་དུ་ཚེའི་བུམ་པ་ཆང་དང་བུམ་རྫས་བདུད་རྩི་ལྔས་གང་བ་བཞག མཆོད་གཏོར་འབུལ། བུམ་པ་ཚེ་དཔག་མེད་དུ་བསྐྱེད། ཐུགས་ཀའི་སྔགས་ལས་འོད་འཕྲོས་པས། ཚེའི་བཅུད་བསྡུས་པར་བསྒོམས་ལ། ཨོཾ་ཨཱཿཡུར་དེ་བ་ས་ར་ཧེ་ཀ་ར་རེ་ཤྭ་ར་ཧེ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བཟླས་ཆང་ལ་བཏབ། ཚེ་དཔག་མེད་བདུད་རྩིར་ཞུ་བར་བསྒོམ། ཆང་རང་གིས་འཐུང་བདུད་རྩིས་ལུས་ཁེངས་པར་བསྒོམ་མོ། །དེ་ནི་ཐུགས་སྒྲུབ་ནག་མོ་ནས་གསུངས་པའོ། །བདུན་པ་བླ་མ་ལ་དངོས་གྲུབ་ཞུ་བ་ནི། ཕྱིའི་མཆོད་པ་རྫས་དང་ཡོ་བྱད་བླ་མ་ལ་འབུལ། ནང་གི་མཆོད་པ་ལུས་ངག་ཡིད་གསུམ་བླ་མའི་ཞབས་ཏོག་ལ་བཀོལ། གསང་བའི་མཆོད་པ་ཕྱག་རྒྱ་མཚན་ལྡན་རྒྱན་གྱིས་སྤྲས་ནས་འབུལ། དེ་ནས་རང་ཡི་དམ་དུ་བསྒོམས་པའི་སྤྱི་བོར་བླ་མ་མི་བསྐྱོད་པའི་ངོ་བོར་བཞུགས་པ་ལ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐིམ་པར་བསྒོམ། ཡན་ལག་བདུན་པ་འབུལ། བླ་མ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཕོག་པས་བར་ཆད་ཞི་ནས་དངོས་གྲུབ་ཐོབ། རང་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒྲིབ་པ་དག་ཅིང་བྱིན་རླབས་ཞུགས་པར་གྱུར། མོས་གུས་ཀྱི་གདུང་བ་བསྐྱེད་ནས་གསོལ་བ་ཡུན་རིང་དུ་གདབ། དེ་ནས་ལག་པ་ཐལ་མོ་སྦྱར་མོས་གུས་བསྐྱེད་དེ། སྐུ་ཡི་སྤྱོད་པ་རྣམ་དག་པ། །སངས་རྒྱས་དགྱེས་པའི་ཚུལ་ཁྲིམས་ལྡན། །གསུང་

p. 444

གི་ཕྲིན་ལས་ཕུན་ཚོགས་པ། །ཤེས་བྱའི་དཀྱིལ་འཁོར་མ་ལུས་མཁྱེན། །ཐུགས་ཀྱི་དགོངས་པ་རབ་ཟབ་པ། །ཆོས་རྣམས་ཀུན་གྱི་དེ་ཉིད་མཁྱེན། །མཁས་པ་ཐམས་ཅད་དགའ་མཛད་པ། །ཡོན་ཏན་རྒྱ་མཚོ་ཁྱེད་ལ་མངའ། །སེམས་ཅན་ཐམས་ཅད་སྨིན་མཛད་པའི། །ཕྲིན་ལས་མངའ་བ་ཆོས་ཀྱི་རྗེ། །ཁྱེད་ལ་གུས་པས་དཔལ་དུ་བྱེད། །བསྟན་པས་བློ་གྲོས་མཆོག་ཏུ་འགྱུར། །བསྟེན་ན་འཇིགས་པ་མེད་པར་བྱེད། །བསྙེན་བཀུར་བྱས་ན་བདེ་བ་ཐོབ། །དེ་འདྲའི་དཔལ་ལྡན་ཆོས་ཀྱི་རྗེ། །བླ་མ་མཆོག་ལ་གསོལ་བ་འདེབས། །མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་བྱའོ་ཞེས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དེ་བས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་མཉེས་པར་བྱེད་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །དེ་སྲིད་བླ་མའི་ཞབས་དྲུང་དུ། །འབྲལ་བ་མེད་པར་གནས་གྱུར་ཅིག །མཆོད་པ་ཀུན་གྱིས་མཆོད་པ་དང༌། །དམ་ཆོས་རྟག་ཏུ་ཉེན་བྱེད་ཅིང༌། །བཀའ་བཞིན་སྒྲུབ་པ་བྱེད་པར་ཤོག །ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རབ་བྱུང་དགེ་བསྙེན་ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་ཕྱིན། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འཇུག་མི་ནུས། །དེས་ན་ཁྱོད་ནི་མཉེས་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །དཀོན་མཆོག་གསུམ་པོ་གཅིག་བསྡུས་པའི། །བླ་མ་མཆོག་ལ་བདག་སྐྱབས་མཆི། །ཁྱེད་ནི་གང་ལ་མཉེས་གྱུར་པའི། །ཕྲིན་ལས་དེ་ཉིད་འགྲུབ་པར་མཛོད། །མི་མཉེས་བྱེད་པ་རྣམ་སྤངས་ཏེ། །རང་གི་བྱང་ཆུབ་ཀྱང་དོར་ནས། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱེད་ཀྱི་ཕྲིན་ལས་བསྒྲུབ་པར་བགྱི། །ཞེས་བརྗོད་པས། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། སྐུ་གསུང་ཐུགས་དང་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསྒོམ། དེ་ལྟར་ཞག་རེ་ལ་ཐུན་བཞི། དྲུག གཉིས། ཐ་ནའང་རེ་རེ་མ་ཆགས་པར་བྱས་ན་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་བོ། །འདི་ནི་དཔལ་ལྡན་བིཪྺ་

p. 445

པའི་བཞེད་པ་ས་སྐྱ་པའི་ཕྱག་ལེན་ནོ། །བརྒྱད་པ་བསྐྱེད་རིམ་བསྒོམ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རང་ལུས་དང་སྣོད་བཅུད་སྟོང་པར་གྱུར། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རང་སེམས་ཧཱུྃ་ཡོངས་སུ་གྱུར་པ་ལས། དཔལ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་ཁྱུད་ཅིང་ཞབས་གཡས་བརྐྱངས་གཡོན་བསྐུམས་པས་འཇིགས་བྱེད་དང་དུས་མཚན་མནན་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་བརྒྱན་པ། སྤྱན་གསུམ་པ། དགའ་བ་འཛིན་པ། སྦྲང་རྩི་འཐུང་བ། དེའི་པང་དུ་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཀ་པཱ་ལ་འཛིན་པ། ཐོད་པ་སྐམ་པོའི་རྒྱན་ཅན་ཕྱག་རྒྱ་ལྔ་དང་ལྡན་པ། སྐྲ་ནག་པོ་གྲོལ་བ། སྤྱན་གསུམ་པ། སྐུ་མདོག་དམར་མོས་འཁྱུད་པར་གྱུར། ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་གི་མཐའ་མར་སྙིང་པོས་བསྐོར་བ་ལས་སྔགས་ཕྲེང་འཕྲོས། ཡབ་ཀྱི་སྐུའི་དབྱིབས་བརྒྱུད། ཡུམ་གྱི་པདྨ་ནས་ཞུགས། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་འཁོར་བར་གྱུར། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཅེས་བཟླས་པ་བྱ། རྗེས་སུ་སྣང་ལ་རང་བཞིན་མེད་པར་བསྒོམ། སྤྱོད་ལམ་ཐམས་ཅད་བསྐྱེད་རིམ་གྱི་ངང་ནས་བྱ། འདི་ནི་སངས་རྒྱས་ཐོབ་པའི་སྒོམ་བཟླས་ཡིན། བདེ་མཆོག་རྩ་རྒྱུད་ནས་བཤད་པ་བླ་མ་ཨ་བྷ་ཡའི་ཕྱག་ལེན་ནོ། །གཞན་ཡང་ཡི་དམ་གྱི་སྒོམ་བཟླས་གང་མོས་བྱས་པས་ཆོག་གོ །དགུ་པ་རྫོགས་རིམ་སྒོམ་པ་ལ་གཏུམ་མོ་བསྒོམ་པ་ནི། ལུས་གནད་རྐང་པ་ཙོག་པུ་རྐང་པ་གཡས་པའི་མཐིལ་གྱིས་གཡོན་པའི་བོལ་མནན། ལག་པ་གཉིས་པུས་མཁྱུད་བྱ། རང་ལུས་རྡོ་རྗེ་ཕག་མོར་བསྒོམ། ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་བསྒོམ། རང་གི་ལྟེ་བ་ནས་མེ་འབར་བས་ལུས་ཀྱི་ནང་ཐམས་ཅད་ཁེངས། དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཉུག་ཉུག་འདུག་པར་བསྒོམ། ཨོཾ་ཧ་རི་ནི་ས་བཛྲ་ཡོ་གི་ནཱི་རཾ་རཾ་འུར་འུར་འདུས་འདུས་སྭཱ་ཧཱ།

p. 446

ཞེས་བཟླ། རླུང་མ་བཟུང་ནའང་ཡོན་ཏན་སྐྱེ། རླུང་ཁ་སྦྱོར་བཟུང་ན་དྲོད་རྟགས་མྱུར། འཁྲུལ་འཁོར་སྐེད་པ་བསྐོར། ཅུང་ཟད་བརྡབ། ན་ན་གང་ན་སར་མེའི་འཁོར་ལོ་འཁོར་བས་ནད་བསྲེགས་པར་བསྒོམ། དེ་བཞིན་དུ་རྟོག་པ་འཕྲོ་ན་སྙིང་གར་བསྐོར། ཆགས་པ་སྐྱེ་ན་གསང་གནས་སུ་བསྐོར། རྗེས་མི་རྟོག་པའི་ངང་ལ་བཞག གྲིབ་ལ་འཛེམ། ཟས་སྤྱོད་གཟབ། ཐིག་ལེ་བསྲུང༌། དེ་ནི་མཁའ་འགྲོ་གཏུམ་མོ་རྒྱུད་ཀྱི་དགོངས་པ་མི་ཏྲ་ཛོ་ཀིའི་ཕྱག་ལེན་ནོ། །དེ་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི། ལུས་ངག་ཡིད་གསུམ་དབེན་པ་བརྟེན། ལུས་གནད་ལྟ་སྟངས་བྱ། སེམས་མ་བཅོས་པ་རང་བཞིན་སོ་མར་བཞག ཉོན་མོངས་དང་རྣམ་རྟོག་ཤར་ན་རྗེས་སུ་མི་འབྲངས། དེའི་ངོ་བོར་བལྟ། མི་ཡེངས་པར་དྲན་པ་རྒྱུན་དུ་བསྟེན། རྐྱེན་སྣང་དང་ཆོས་སྐུ་བསྲེ། ལམ་གྱི་དྲོད་རྟགས་དང་ཉམས་སྣང་གང་ལ་ཡང་ཞུམས་པ་དང་ཁེངས་པ་མི་བྱེད་པར་ཆུ་ཟླ་ལྟ་བུར་བསྒོམ། དེ་ཡང་དང་པོ་བླ་མ་ཉམས་མྱོང་ཅན་གྱི་དྲུང་དུ་སེམས་ཐག་བཅད་ནས་ཡེངས་མེད་དུ་བསྒོམས་པས་ཇེ་གསལ་ཇེ་བརྟན་ལ་འགྲོ་བ་ཡིན་ནོ། །བཅུ་པ་ཁྲུས་བྱ་བ་ནི། ཕྱིའི་ཁྲུས་ལ་ཆུའི་ཁྲུས་ནི། བུམ་ནང་དུ་ཆུ་སྣ་ཅི་མང་དང་བུམ་རྫས་བླུག བུམ་ནང་དུ་ཡི་དམ་གང་མོས་བསྐྱེད་པའི་ཐུགས་ཀ་ནས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག ལྷ་ལ་ཐིམ་པར་བསྒོམ། སྙིང་པོ་བགྲང༌། ལྷ་ཆུར་ཞུ་བར་བསམས་ནས་ཁྲུས་བྱ། ཡང་ན་རྟེན་ལ་སྐུ་ཁྲུས་གསོལ། རྟེན་གྱི་ཐུགས་ཀ་ནས་བདུད་རྩི་བབས་པར་བསམས་ནས་ཁྲུས་བྱ། གཞན་ལ་ཡང་བྱས་པས་ཆོག སའི་ཁྲུས་ནི། ས་སྣ་ཚང་བ་དང་གནས་ཆེན་གྱིས། སིནྡྷུ་ར། ཀ་པཱ་ལ་སོགས་ཡི་དམ་དུ་བསྒོམ། ཞུ་བས་ལུས་ལ་བྱུག་གཏོར་བྱའོ། །མེའི་ཁྲུས་ནི། ཤུག་པ་བ་ལུ་ལ་སོགས་པའི་མེ་སྦར། ཡེ་ཤེས་ཀྱི་ཁྲོ་བོའི་མེ་དཔུང་དུ་བསྒོམ། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ། མེ་ལ་ཕར་འགོང་ཚུར་འགོང་བྱ། རྐང་ལག་མེ་ལ་བཤུར་རོ། །རླུང་གི་ཁྲུས་ནི། རླུང་

p. 447

རྣམས་ཡེ་ཤེས་ཀྱི་རླུང་ལྷ་མོའི་རང་བཞིན་དུ་བསྒོམས་ལ། རང་གི་ལུས་རླུང་གང་ཆེ་སར་ཕྱར། མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་པར་བསམ་མོ། །ཡང༌། ནང་གི་ཁྲུས་ནི། རང་གི་ལུས་བུམ་པ། བུམ་རྫས་དང་ཞི་ཁྲོའི་ལྷ་ཚོགས་ནང་དུ་བཞུགས། རང་གི་དྲི་ཆུ་མི་བསྐྱོད་པ་ཞུ་བའི་ཆུར་བསྒོམ། ཕུད་དཀོན་མཆོག་ལ་འབུལ། བར་ནས་ཧུབ་གསུམ་ཙམ་འཐུང༌། ཁྲུས་བྱ། ལྷག་མ་ཡི་དྭགས་ལ་སྦྱིན་ནོ། །འདི་སྲུང་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །རྡོ་རྗེ་གུར་ནས་གསུངས་པའོ། །གསང་བའི་ཁྲུས་ནི། ཏིང་ངེ་འཛིན་གྱི་རིགས་གསུམ་ཡིན། བཅུ་གཅིག་པ་ཕྱག་འཚལ་བ་ནི། བླ་མའམ་མདུན་དུ་སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་པ་ལ། ཡིད་ཀྱི་སྒོ་ནས་དད་པ། ངག་གི་སྒོ་ནས་བསྟོད་པ། ལུས་ཀྱི་སྒོ་ནས་ཡན་ལག་ལྔ་ས་ལ་བཙུགས། ལུས་མང་པོར་སྤྲུལ། སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བར་མོས་ནས། ཕྱག་བརྒྱའམ་སྟོང་ལ་སོགས་པར་བྱའོ། །བཅུ་གཉིས་པ་ཡན་ལག་བདུན་པ་བྱ་བ་ནི། མཆོད་པ་ཅི་འགྲུབ་བཤམས་ལ། བླ་མ་ཡི་དམ་མ་ལུས་དང༌། །དཀོན་མཆོག་གསུམ་དང་མཁའ་འགྲོའི་ཚོགས། །མ་ལུས་འཁོར་བཅས་གནས་འདིར་གཤེགས། །བདག་དང་འགྲོ་བ་བྱིན་གྱིས་རློབས། །བླ་མ་ཡི་དམ་དཀོན་མཆོག་གསུམ་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཕྱི་ནང་གསང་བས་རྟག་ཏུ་མཆོད་པར་བགྱི། །ཐོག་མ་མེད་ནས་ད་ལྟའི་དུས་འདིའི་བར། །སྡིག་པ་མི་དགེ་ཅི་བགྱིས་མཐོལ་ལོ་བཤགས། །ལུས་ཅན་ཀུན་གྱི་དགེ་བ་ཐམས་ཅད་ལ། །བདག་ནི་དགའ་བས་རྗེས་སུ་ཡི་རང་ངོ༌། །བདེ་གཤེགས་རྣམས་ལ་བདག་ནི་གུས་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས། །རྒྱལ་དང་རྒྱལ་སྲས་མྱ་ངན་འདའ་བཞེད་ན། །འཁོར་བ་མ་སྟོངས་བར་དུ་བཞུགས་པར་གསོལ། །དེ་འདྲའི་བདག་གཞན་བསོད་ནམས་མ་ལུས་ཀུན། །སེམས་ཅན་དོན་དུ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་མདོར་བསྡུས་པའམ་

p. 448

གཞན་ཡང༌། ལྟུང་བཤགས་བཟང་སྤྱོད་ལ་སོགས་པ་ཡན་ལག་བདུན་པ་འབུལ་བར་བྱའོ། །བཅུ་གསུམ་པ་སྦྱིན་སྲེག་གིས་ཚ་བ་བསྐོལ་བ་ནི། རང་ཡི་དམ་དུ་བསྒོམ། ཐབ་ཀ་གཞལ་ཡས་ཁང་ནང་དུ་མེ་ལྷ་ཡེ་ཤེས་པ་བཞུགས་པར་བསྒོམ། མེ་ཤིང་རྣམས་དང་གཞན་ཡང་བསྲེག་རྫས་གང་འཛོམ་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་རྣམས་བསྟིམ། ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ངག་ཏུ་བརྗོད་ཅིང་མེ་ལ་བསྲེག མེ་ལྷ་གཤེགས་སུ་གསོལ། འདི་ནི་སྒྲིབ་པ་འདག་པའི་ཐབས་ཟབ་མོ་ཡིན་ནོ། །བཅུ་བཞི་པ་ཟས་སྐོམ་ལོངས་སྤྱོད་པ་ནི། སྭ་བྷཱ་ཝ་སོགས་བརྗོད། ཟས་སྟོང་པའི་ངང་ལས། ཨོཾ་ཨཱཿཧཱུྃ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཕུད་ལ་ཞལ་ཟས་བཅོས་ནས། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང༌། །འགྲོ་བའི་དོན་དུ་ཞལ་ཟས་བདུད་རྩི་འདི། །དག་ཅིང་གཙང་མར་བཤམས་ཏེ་འབུལ་ལགས་ན། །ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨོཾ་གུ་རུ་དེ་བ་སརྦ་བུདྡྷ་བོ་དྷི་སཏྭཱ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ནཻ་ཝིདྱཱ་ཨཱཿཧཱུྃ། ཞེས་དཀོན་མཆོག་ལ་འབུལ། ཨོཾ་ཧ་རི་ཏེ་སྭཱ་ཧཱ། ཨོཾ་ཧ་རི་ཏེ་མ་ཧཱ་བཛྲ་ཡཀྵི་ཎི་ཧ་ར་ཧ་ར་སརྦ་པཱ་པཾ་ཡཀྵི་སྭཱ་ཧཱ། ཨོཾ་ཨ་གྲ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། ཞེས་ཆངས་བུ་འཕྲོག་མ་མ་མད་དང་ཕུད་ལ་དབང་བ་ལ་འབུལ། རང་ཡི་དམ་གྱི་ལྟོ་བའི་ནང་གཞལ་ཡས་ཁང་དུ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་བཞུགས་པ་ལ། མཆོད་པ་ཕུལ་བར་བསམས་ནས་ཟས་ཟ། ལྷག་མའི་ཆངས་བུ། ཨོཾ་ཨུ་ཙྪིཥྚ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། ཞེས་ཆངས་བུ། ལྷག་མ་ལ་དབང་བ་ལ་སྦྱིན་ནོ། །སྐོམ་འཐུང་ཙ་ན། རང་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་བཏུང་བའི་སྟེང་དུ་ཡི་གེ་བྃ་དམར་སོར་གཅིག་ཏུ་གྱུར། དེ་འོད་དུ་ཞུ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་བསམ། ཕུད་གཏོར་ཏེ། ཉོན་མོངས་ལྔ་པོ་རྣམ་དག་ཅིང༌། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །བདུད་རྩི་ལྔ་ཡི་རང་བཞིན་མཆོག །

p. 449

བླ་མ་ཡི་དམ་རྣམས་ལ་འབུལ། །ཞེས་བརྗོད་ནས་འཐུང་བའི་ཚེ་སྔར་བཞིན་དུ་ནང་གི་ལྷ་ཚོགས་ལ་མཆོད་པར་བསམ། དེ་ལྟར་ཚོགས་འཁོར་བྱས་པས་ཚོགས་དཔག་ཏུ་མེད་པར་རྫོགས་པར་གསང་བ་འདུས་པ་ནས་གསུངས་སོ། །བཅོ་ལྔ་པ་བསྐོར་བ་བྱ་བ་ནི། བླ་མ་དང་རྟེན་ཁྱད་པར་ཅན་ཡོད་ན་དེར་འགྲོ། མེད་ན་སཱཙྪ་ཙམ་ལ་ཡང་བསྐོར་བས་ཆོག བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྟེན་གྱི་ཐད་དུ་ཁྲ་ཕུང་ངེ་བཞུགས་པར་བསྒོམ། རང་གི་ལུས་གྲངས་མེད་པ་དང༌། སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་བྱེད་པར་མོས་ནས། བསྟོད་པ་དང་གསོལ་འདེབས་སོགས་འདོན་ཞིང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶམྦུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ་བསྐོར་བ་གཅིག་བསྐོར་ན་འབུམ་དུ་འགྱུར་རོ། །གཞན་ཡང༌། དཔུང་པ་གཡས་པར་བླ་མ་ཡི་དམ་བཞུགས་པར་བསྒོམས་ལ། བསྐོར་བ་བྱེད་པའི་འདུ་ཤེས་ཀྱིས་ཕྱིན་ན་ཡང་བསྐོར་བར་འགྱུར་རོ། །བཅུ་དྲུག་པ་གཏོར་མ་གཏོང་བ་ནི། ཅི་འབྱོར་པའི་གཏོར་མ་བཤམས་ལ། རང་གི་ཐུགས་ཀ་ནས་འོད་འཕྲོས། གཏོར་མའི་དྲི་མ་སྦྱངས་པར་གྱུར། གང་ལ་གང་མཁོའི་འདོད་ཡོན་གྱི་ཕུང་པོ་ནམ་མཁའ་ཁེངས་པ་ཙམ་དུ་གྱུར། རང་གི་སྙིང་ག་ནས་འོད་འཕྲོས་པས། དུས་གསུམ་གྱི་སངས་རྒྱས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡི་དམ་དུ་བྱས་ཏེ་ནམ་མཁའ་ལ་བྱོན་ནས་གཏོར་མ་གསོལ་བར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་སོགས། གུ་རུ་དེ་བ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྔོའོ། །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །སྣང་སྲིད་མགྲོན་རྣམས་ཐམས་ཅད་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མྱུར་དུ་སངས་རྒྱས་ཤོག །ཅེས་བརྗོད་ནས་གཏོར་མ་གཙང་སར་དོར་རོ། །དེ་ཙམ་རྩོལ་བས་མ་གྲུབ་ན། རང་བཞིན་

p. 450

ལྷུན་གྲུབ་ཀྱི་གཏོར་མ་ནི། སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ་བསྒོམ། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཤིང་ཐོག་འབྲུ་བཅུད་རྩི་སྨན་ཐམས་ཅད་གཏོར་མར་བསྒོམ། ཁམས་གསུམ་དག་པའི་ཞིང༌། །སྲིད་གསུམ་ཐུགས་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་རྟོགས་པའི་མཐུས། །མི་ཟད་གཏེར་དུ་བསྔོ། །ཞེས་བརྗོད་ནས་འབུལ་ལོ། །ཆུ་སྦྱིན་ནོ། །རང་ཐུགས་རྗེ་ཆེན་པོའི་ཕྱག་ནས་བདུད་རྩིའི་རྒྱུན་བབས། ཡི་དྭགས་དང་ཀླུ་ལ་སོགས་པ་སེམས་ཅན་དཔག་མེད་ཀྱིས་བཏུང་བས་རང་རང་གི་སྡུག་བསྔལ་ལས་གྲོལ་བར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཁ་ཡར་བགྲངས་ནས་ཆུ་ལ་བཏབ། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་བརྗོད་ལ་སྦྱིན། ཡང་ན། འབབ་ཆུ་ལྟ་བུ་ལ་དམིགས་པ་གཏད་ནས་བྱས་པས་ཆོག འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་ན་འབབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཅེས་བརྗོད་དོ། །བཅུ་བདུན་པ་སཱཙྪ་གདབ་པ་ནི། འཇིམ་པ་ལ་རིན་པོ་ཆེ་དང་འབྲུ་སྣ་བསྲེས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། ཨོཾ་ཞེས་ཨོཾ་གཅིག་བྱུང༌། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། དེ་ནས་འབི་འབི་ཆོས་སྐུ། སྐུ་སྤར་དུ་བཅུག་པ་ལོངས་སྐུ། ཕྱིར་བཏོན་པ་སྤྲུལ་སྐུ། ལྷ་གང་མོས་སུ་སངས་སངས་གྱུར་པར་བསམ་ཞིང༌། ཡི་དམ་གང་མོས་ཀྱི་སྙིང་པོ་བགྲང་ཞིང་གདབ་བོ། །རབ་གནས་ནི། རང་གི་ཐུགས་ཀ་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཞེས་བརྗོད་ནས་མེ་ཏོག་གཏོར། ཡང༌། ཆུ་མེ་རླུང་ནམ་མཁའ་ལ་སྐུ་སྤར་བསྟན་ཏེ། ཨོཾ་རཏྣ་ཙེཏྱ་ས་ན་ཙརྻ་བི་བི་ས་ར་ཡ་སྭཱ་ཧཱ། ཞེས་བརྗོད་པས་གང་འདོད་པའི་སྐུ་ཀྲོང་ཀྲོང་གྱུར་པར་བསམ་མོ། །བཅོ་བརྒྱད་པ་བདེ་བར་གཤེགས་པའི་བཀའ་འདོན་པ་ནི། རང་ཉིད་བསྟན་པའི་གཙོ་བོ་ཤཱཀྱ་ཐུབ་པའམ་ཡི་དམ་གང་མོས་སུ་བསྒོམ། གསུང་རབ་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ཐོས་པས་དཀར་

p. 451

པོའི་ས་བོན་བཏབ་པར་བསམས་ལ། ཆོས་བཤད་པའི་ཚུལ་ལམ། ཡང་ན། མདུན་དུ་སངས་རྒྱས་བཞུགས་པ་ལ་ཆོས་ཉན་པའི་ཚུལ་ལམ། ཡང་ན། ཆོས་ཀྱི་དོན་རང་གི་ཡིད་ལ་བྱེད་ཅིང་ཉམས་ལེན་གྱི་ཚུལ་ཏེ། དེ་རྣམས་གང་མོས་ཀྱིས་ཡུམ་རྒྱས་འབྲིང་བསྡུས་པའམ། ཤེར་སྙིང་ལ་སོགས་པའི་བཀའ་འདོན། དེ་ཙམ་མ་གྲུབ་ན། མདུན་གྱི་ནམ་མཁར་ཨ་དཀར་པོ་གཅིག་བསྒོམས་ནས་ཀློག་པའི་ཚུལ་གྱིས་ཨ་བརྒྱ་སྟོང་བགྲང༌། ཡང་ན། རང་གི་ལུས་དཀར་པོ་སྣང་ལ་རང་བཞིན་མེད་པ་གཅིག་ཏུ་བསྒོམ། སེམས་གསལ་སྟོང་དུ་བཞག་ལ། དབུགས་ཁུག་གཅིག་ལ་ཨ་ཉི་ཤུ་རྩ་གཅིག་བགྲང༌། འཕྲོ་བཅད་ཙམ་ན། ནམ་མཁའི་ཨ་རང་ལ་ཐིམ། རང་ལུས་གསལ་སྟོང་དུ་གྱུར་པར་བསམ། སྐྱེ་མེད་ཀྱི་ངང་ལ་ཅུང་ཟད་བཞག བསྔོ་བ་བྱ། དབུགས་ཁུག་གཅིག་ལ་ཨ་ཉི་ཤུ་རྩ་གཅིག་འདོན་པ་འདི་ནི་བསོད་ནམས་ཆེ། ལྟས་ངན་ཐམས་ཅད་ཟློག དུས་མིན་འཆི་བ་ལ་སོགས་པ་མི་མཐུན་ཕྱོགས་ཐམས་ཅད་ཞི་བར་བྱེད་པའི་མན་ངག་གོ །བཅུ་དགུ་པ་ཉམས་ཆགས་བསྐང་བ་ནི། རང་ཐ་མལ་པའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་ཡི་དམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བདེ་མཆོག་ལྷན་སྐྱེས་དཀར་པོ་ཡུམ་ཅན་གསལ་གདབ། དེ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་སྤྱན་དྲངས། ཧེ་རུ་ཀ་ཡབ་ཡུམ་ལ་ཐིམ། ཡབ་ཀྱི་ཞབས་གཡས་པའི་མཐེ་བོང་ནས་བདུད་རྩི་དཀར་པོ་བབས། ཡུམ་གྱི་ཞབས་གཡོན་པའི་མཐེ་བོང་ནས་བདུད་རྩི་དམར་པོ་བབ། རང་གི་སྤྱི་གཙུག་ནས་ཞུགས་པས་སྡིག་སྒྲིབ་དག་པར་བསྒོམས་ལ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཾཏྟ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་

p. 452

ཨཱཿཧཱུྃ་ཕཊ། ཅེས་མང་དུ་བགྲང༌། འཕྲོ་འཇོག་ཙ་ན། ཧེ་རུ་ཀ་རང་ལ་བསྟིམ། སེམས་སྟོང་ཉིད་ཀྱི་ངང་ལ་བཞག་གོ །འདི་ནི་རྒྱུད་ཀྱི་དགོངས་པ་ཀཱིརྟི་པཎ་ཆེན་ལས་ཞུས་པ་ཡིན་ནོ། །ཡང་ན། མདུན་དུ་བཅོམ་ལྡན་འདས་མི་བསྐྱོད་པའི་ཐུགས་ཀར་ཧཱུྃ་ལ་སྔགས་འདི་རྣམས་ཀྱིས་བསྐོར་བར་བསྒོམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨ་ཀྵོ་བྷྱཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། ཞེས་མང་དུ་བརྗོད། འཕྲོ་བཅད་ཙ་ན། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས་མི་བསྐྱོད་པར་གྱུར་རང་ལ་ཐིམ། རང་ཉིད་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་བར་བསྒོམ། འདི་མ་ཆགས་པར་བྱས་ན་མཚམས་མེད་པ་ལྔ་བྱས་པ་ཡང་འདག ལན་གཅིག་བརྗོད་ན་རྨི་ལམ་ངན་པ་དང་བཀྲ་མི་ཤེས་པ་རྣམས་འདག ལུས་ལ་བཅངས་ན་དུས་མ་ཡིན་པའི་འཆི་བ་ཟློག རི་དྭགས་དང་བྱ་དང་བུ་སྲིན་སོགས་འཆི་ཀ་མའི་རྣ་ལམ་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བ་ཁེགས། ཚེ་འཕོས་པ་རྣམས་ལ་སྙིང་རྗེས་སྔགས་འདི་ལན་སྟོང་བརྗོད་ན་དམྱལ་བར་སྐྱེས་ཟིན་པ་རྣམས་ཀྱང་མྱུར་དུ་ཐར། སའམ་ཏིལ་ལམ་མར་ཁུའམ་ཆུ་གང་རུང་ལ་བཟླས་ནས་གཤིན་པོའི་རུས་པ་སོགས་ལ་གཏོར་ན་ངན་སོང་དུ་སྐྱེས་ཟིན་ཀྱང་ཞག་བདུན་ནས་མཐོ་རིས་སུ་ཐར་བར་འགྱུར་རོ། །འདི་ནི་ལས་ཀྱི་སྒྲིབ་པ་སྦྱོང་པའི་གཟུངས་ནས་གསུངས་པ་གྲུབ་ཐོབ་ཉི་མ་རྡོ་རྗེའི་ཐུགས་དམ་ཡིན་ནོ། །ཉི་ཤུ་པ་བར་ཆད་བསལ་བ་ནི། ལོངས་སྤྱོད་དབུལ་བའི་བར་ཆད་བྱུང་ན། རང་ལ་གང་ཡོད་ལ་སེར་སྣ་མི་བྱེད་པར་མཆོད་སྦྱིན་དུ་གཏོང༌། མཎྜལ་འབུལ། མགྲོན་རྣམས་བཞི་ལ་གཏོར་མ་གཏོང༌། ཕུང་པོའི་ཚོགས་འཁོར་བྱ། འབྱོར་པ་དང་ལྡན་པར་གསོལ་བ་གདབ། ན་ཚ་མང་བའི་བར་ཆད་བྱུང་ན། གང་ན་སར་བླ་མ་བསྒོམ། ཡང་ན། ཡི་གེ་ཧཱུྃ་སྔོན་པོས་ན་ཚ་ཕར་ཐལ་ཚུར་ཐལ་ལ་གཏད་པས་རྗེས་མེད་དུ་དག་པར་བསྒོམ། ཧཱུྃ་མང་དུ་

p. 453

བགྲང་ངོ༌། །སྡུག་བསྔལ་ཆེ་བའི་བར་ཆད་བྱུང་ན། ཆོས་ཐམས་ཅད་སྐྱེ་མེད་སྟོང་པར་བསྒོམས་ནས་ཧཱུྃ་མང་དུ་བགྲང་ངོ༌། །ཡང་ན། ཕྱི་ནང་གི་བར་ཆད་ཐམས་ཅད་ལ། སྣང་སྲིད་ཐམས་ཅད་ཧཱུྃ་མེ་འབར་བས་གང༌། ལོག་འདྲེན་ཐམས་ཅད་བསྲེགས་པར་བསྒོམ། ཧཱུྃ་མང་དུ་བགྲང་ངོ༌། །འདི་ནི་བདེ་བའི་རྡོ་རྗེ་ལ། ཡེ་ཤེས་ཀྱི་ཌཱ་ཀིས་དངོས་སུ་གནང་བའོ། །ཡང་ན་རང་ཉིད་ཕག་མོར་བསྒོམ། དབྱུག་པ་ཁྲུ་གང་པ་གཅིག་རྡོ་རྗེ་མེ་འབར་བར་བསྒོམས་ནས། ནད་དང་གདོན་དང་ནད་པ་གསུམ་པོ་ཐུལ་གྱིས་ཚིག་པར་བསྒོམས་ནས། ཨོཾ་བཛྲ་ཝཱ་རཱ་ཧཱི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ། ཨོཾ་ཡཱ་ཡཱ། འདི་ཡ་ཡ། ཧཱུྃ་ཧཱུྃ་མཱ་ར་ཡ་ཕཊ། ཅེས་བརྗོད་ཅིང་ན་སར་བརྡུང་ངོ༌། །ཉེར་གཅིག་པ་སྲུང་ཟློག་བྱ་བ་ནི། བུལ་ཏོག འབྲས་ཕྱེ། ལྕགས་ཀྱི་སོལ་རྡོག མུ་ཟི། ཕ་ཝ་དགོ་དགོ། བྱིན་རླབས་ཅན་གྱི་བདུད་རྩིའི་ཐུམ་བུ་རྣམས་ལུས་ལ་བཅངས། གྲིབ་དང་ནད་བྱུང་དོགས་པའི་དུས་སུ། ཨོཾ་ཁརྑཾ་ཛིརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བཟླ། དེས་ནི་གྲིབ་དང་འགོམས་ཡམས་ཐམས་ཅད་ཐུབ་པ་ཁྲོས་མ་ནག་མོའི་རྒྱུད་ནས་བཤད་པའོ། །གཞན་ཡང༌། སྟོང་པའི་ངང་ལས་རང་སེམས་བྷྲཱུྃ་སེར་པོ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནོར་བུའི་འཁོར་ལོ་རྩིབས་བཅུ་གཅིག་པ་ལྟེ་བར་ཐོད་པའི་གཞལ་མེད་ཁང་སྲུབས་མེད་པ་སྒོ་ང་ལྟ་བུ་ཞིག་བསྒོམ། དེའི་ནང་དུ་རང་གི་ལུས་བྷྲཱུྃ་སེར་པོ་ཀེང་རུས་ཀྱི་རྣམ་པ་གཅིག་བསྒོམ། དེའི་ནང་དུ་རང་གི་སེམས་བདེ་མཆོག་ཡབ་ཡུམ་ཆུང་ལ་རྫོགས་པ་ཞིག་བསྒོམ། ངག་ཏུ། བྷྲཱུྃ་བྷྲཱུྃ་ཞེས་མང་དུ་བཟླ། འཁོར་ལོ་ནམ་མཁའ་ལ་སི་རི་རི་འཁོར་བས་གནོད་བྱེད་ཐམས་ཅད་དུམ་བུར་གཏུབས་ཤིང་ཕྱེ་མར་བརླག་པར་བསྒོམ། དེ་རྒྱུན་དུ་དྲན་ཙམ་དང༌། སྲོད་ལ་ནན་ཆེ་བར་བསྒོམ། འདིས་ནི་སྔགས་པ་བརྒྱ་ཡི་རྦོད་གཏོང་ཡང་ཟློག སྲུང་བའི་མཆོག་ཏུ་འགྱུར་རོ། །ཉེར་གཉིས་པ་བྱ་བ་ཐམས་ཅད་དགེ་སྦྱོར་དུ་དྲིལ་

p. 454

པ་ནི། ནངས་པར་མལ་ནས་ལངས་པའི་དུས་སུ། སེམས་ཅན་ཐམས་ཅད་འཁོར་བའི་མལ་ནས་ལངས་པར་གྱུར་ཅིག ཅེས་ངག་ཏུ་བརྗོད་ཅིང་ཡིད་ལ་བསམ། དེ་བཞིན་དུ་གོས་གྱོན་ཙ་ན། ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་པར་གྱུར་ཅིག སྐ་རགས་འཆིང་དུས། དམ་ཚིག་དང་སྡོམ་པའི་སྐ་རགས་འཆིང་བར་གྱུར་ཅིག སྒོ་འབྱེད་དུས། ཆོས་ཉིད་ཟབ་མོའི་སྒོ་འབྱེད་པར་འགྱུར་ཅིག གཅོད་དུ། ངན་སོང་གི་སྒོ་གཅོད་པར་གྱུར་ཅིག འགྲོ་དུས། བྱང་ཆུབ་ཀྱི་ལམ་དུ་འགྲོ་བར་གྱུར་ཅིག རྟ་སོགས་ཞོན་དུས། བརྩོན་འགྲུས་ཀྱི་རྟ་མཆོག་ཞོན་པར་གྱུར་ཅིག ཆུ་རྒལ་དུ། འཁོར་བའི་རྒྱ་མཚོ་ལས་བརྒལ་བར་གྱུར་ཅིག གྱེན་དང་སྐས་ལ་འཛེག་པའི་ཚེ། ཐར་པའི་ལམ་ལ་འཛེག་པར་གྱུར་ཅིག འདོད་པའི་གནས་སུ་སླེབས་པའི་ཚེ། མྱང་འདས་ཀྱི་གྲོང་དུ་ཕྱིན་པར་གྱུར་ཅིག བླ་མ་དང་གང་ཟག་བཟང་པོ་མཇལ་བའི་ཚེ། ཡང་དག་པའི་བླ་མ་དང་མཇལ་ནས་རྗེས་སུ་འཛིན་པར་གྱུར་ཅིག དཀོན་མཆོག་གི་རྟེན་དང་མཇལ་བའི་ཚེ། སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་ཏུ་སྐྱེ་བར་གྱུར་ཅིག ལམ་དུ་ཉལ་བའི་དུས། ཆོས་ཀྱི་ལམ་དུ་ཉལ་བར་གྱུར་ཅིག གཉིད་ལོག་པའི་དུས་སུ་འོད་གསལ་གྱི་ངང་དུ་གནས་པར་གྱུར་ཅིག མཆིལ་སྣབས་དང་བཤང་གཅི་སོགས་འདོར་བའི་དུས། བཀྲེས་པ་ཐམས་ཅད་ཚིམས་པར་གྱུར་ཅིག གཞན་ཡང་སྤྱོད་ལམ་གང་བྱེད་ཀྱི་སྔོན་དང་རྗེས་སུ་བློ་སྦྱོང་དང་སྨོན་ལམ་གདབ་བོ། །གཞན་ཡང་ཐམས་ཅད་ལ་སྡིག་པ་མ་བྱེད་ཆོས་སྒོར་ཞུགས། སྡོམ་པ་སྲུངས། མ་ཎི་དྲོངས་སོགས་ཉན་རུང་མི་ཉན་རུང་དགེ་བ་ལ་སྐུལ་ན་བསོད་ནམས་ཆེན་པོ་ཐོབ་བོ། །གཉིས་པ་ཚེ་ཕྱི་མའི་ཉམས་ལེན་སྔོན་བསུ་ལ། རང་གི་རོ་རང་གིས་རྫོང་གདབ་པ། རང་གི་རོ་ཟས་རང་གིས་གཏད་པ། རང་གི་རོ་རང་གིས་བསྐྱལ་བ། རང་གི་རོ་རང་གིས་བསྲེག་པ། རང་གི་བདུན་ཚིགས་རང་གིས་བྱ་བ། རང་གི་ཤི་ཆོས་རང་གིས་འདོན་པ། རང་གི་སཱཙྪ་

p. 455

རང་གིས་འདེབས་པ་དང་བདུན་ནོ། །དང་པོ་ནི། ཕུང་པོའི་ཚོགས་འཁོར་བྱ་སྟེ། རང་གི་ལུས་ཆེ་ལ་ཚོ་བར་གྱུར་པ་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་གཙང་རིགས་ཀྱི་མགོན་པོ་རྣམས་ཀྱིས་སྟོད་ནས་གསོལ། རིགས་དྲུག་ལན་ཆགས་ཀྱི་མགྲོན་གྱིས་སྨད་ནས་གསོལ། ཁྱག་ཚད་ཁུར་བས་མཉེས་ཤིང་ཚིམ་པར་བསམ་མོ། །གོང་མ་ཐམས་ཅད་མཉེས་གྱུར་ཅིག འོག་མ་ཐམས་ཅད་ཚིམ་གྱུར་ཅིག ཅེས་བརྗོད། རྗེས་ནས་རང་གི་ལུས་ཡི་དམ་དུ་ཀྲོང་གིས་ལྡང་ངོ༌། །འདིས་མང་དུ་ཚོགས་རྫོགས་ཆགས་སྒོ་ཟློག་གོ །གཉིས་པ་རང་གི་རོ་ཟས་རང་གིས་གཏད་པ་ནི། རང་ལ་ཡོད་པ་དང་ཉེ་འཁོར་གྱིས་དྲངས་པའི་ཟས་སྐོམ་ཐམས་ཅད་བདུད་རྩིར་བསམས་ལ། ནང་གི་ལྷ་ཚོགས་ལ་མཆོད་པའི་ཚུལ་དུ་ལོངས་སྤྱད་དོ། །གསུམ་པ་རང་གི་རོ་རང་གིས་བསྐྱལ་བ་ནི། རང་སེམས་ཡི་དམ་ཐུགས་རྗེ་ཆེན་པོ་དེས་རང་ལུས་བེམ་པོ་འདི་ཁུར། བདེ་ཆེན་འོག་མིན་གྱི་དུར་ཁྲོད་དུ་སྐྱེལ། ལུས་ཆེ་ལ་ཚོ་བ་རི་རབ་ཙམ་དུ་གྱུར་པ། རིག་པ་ཡི་དམ་དུ་གསལ་བས་དུམ་བུར་གཏུབས་ཤིང་མགྲོན་རྣམས་ལ་བཀྱེ། ཧབ་དི་རི་རི་གསོལ་བས་ཚིམ་པར་གྱུར། རྗེས་སུ་རང་ཡི་དམ་དུ་ཀྲོང་གིས་ལྡང་ངོ༌། །བཞི་པ་རང་གི་རོ་རང་གིས་བསྲེག་པ་ནི། རང་གི་ལྟེ་བ་ནས་རྃ་ལས་ཡེ་ཤེས་ཀྱི་མེ་འབར། རྣམ་སྨིན་གྱི་ལུས་དང་དངོས་འཛིན་ཐམས་ཅད་ཐུལ་གྱིས་བསྲེགས། རྗེས་སུ་རང་ཡི་དམ་དུ་ཀྲོང་གི་ལྡང་ངོ༌། །ལྔ་པ་རང་གི་བདུན་ཚིགས་རང་གིས་བྱ་བ་ནི། ཚེས་བརྒྱད་དང་བཅོ་ལྔ་ཉི་ཤུ་གཉིས་ཉི་ཤུ་དགུ་གནམ་སྟོང་སོགས་ལ་མཆོད་པ་འབུལ། རིགས་དྲུག་ལ་སྦྱིན་གཏོང་སོགས་རྒྱ་ཆེན་པོ་བྱ། ཁྱད་པར་བདག་འཇུག་ལེན་པ་ནི། རྩ་བའི་བླ་མ་ཡི་དམ་གང་མོས་ཀྱི་རྣམ་པར་མདུན་གྱི་ནམ་མཁར་བཞུགས་པ་ལ། ཕྱི་ནང་གསང་བས་མཆོད། དད་པ་དུང་པ་ཞིག་བྱས་ནས་བླ་མ་རིན་པོ་ཆེ། ཡི་དམ་གྱི་ལྷ་ཚོགས། བདག་ལ་དབང་

p. 456

ཟབ་མོ་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བ་ནས་ཨོཾ་དཀར་པོ། མགྲིན་པ་ནས་ཨཱཿདམར་པོ། ཐུགས་ཀ་ནས་ཧཱུྃ་མཐིང་ག་ཆར་བབས་པ་ལྟར་བྱུང༌། རང་གི་གནས་གསུམ་དུ་ཐིམ། སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར། དབང་བཞི་ཐོབ་པར་བསམས་ནས་ཡི་གེ་གསུམ་མང་དུ་བགྲང༌། འདི་མ་ཆག་པར་བྱའོ། །བླ་མ་ཤྲཱི་ཕ་ལའི་ཕྱག་ལེན་ནོ། །དྲུག་པ་རང་གི་ཆོས་རང་གིས་འདོན་པ་ནི། ཕྱི་མ་ལ་དམིགས་ནས་རྒྱལ་བའི་བཀའ་རང་གིས་འདོན་པའམ། གཞན་ལ་འདོན་དུ་འཇུག་པའམ། གཞན་གྱིས་འདོན་པའི་མོས་པ་བྱའོ། །བདུན་པ་རང་གི་སཱཙྪ་རང་གིས་འདེབས་པ་ནི། རང་གི་སྐྲ་དང་སེན་མོ་སོགས་ལ། ཏདྱ་ཐཱ། ཨོཾ་སུཀྵྨེ་སཱུཀྵྨེ། ས་མེ་ས་མེ། ཤཱནྟེ། དཱནྟེ། ཨ་ས་མཱ་རོ་པེ། ཨ་ན་ལམ་བྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏི་མ་ཧཱ་ཏེ་ཛ། ནི་ར་ཀུ་ལེ། ནི་རཱ་ཝ་ཎེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པའི་གཟུངས་འདིས་རྒྱུ་བྱིན་གྱིས་བརླབས་ལ་སཱཙྪ་གདབ་བོ། །གཉིས་པ་གཞན་དོན་དུ་བྱ་བ་ནི། གཞན་ལ་སེམས་བསྐྱེད་བྱ་བ། གཞན་ལ་དབང་བསྐུར་བ། རབ་གནས་བྱ་བ། གཞན་ལ་འབྲེལ་བ་བཞག་པ་དང་བཞིའོ། །དང་པོ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པ་སྙོམས་པ་གཅིག་བསྒོམ། སེམས་ཅན་ཐམས་ཅད་སངས་རྒྱས་སུ་གནས་ཀྱང་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་སྙིང་རེ་རྗེ་སྙམ་དུ་བསྒོམ། དེ་ནས་རང་གི་སེམས་དང་སེམས་ཅན་རྣམས་ཀྱི་སེམས་དཀྲུག་གིས་བསྲེས་ལ། སྟོང་ཉིད་སྙིང་རྗེའི་ངང་དུ་མཉམ་པར་བཞག རང་གཞན་ཐམས་ཅད་ཚེ་གཅིག་ཏུ་གྲོལ་བར་གྱུར་ཅིག ཅེས་སྨོན་ལམ་གདབ་བོ། །གཉིས་པ་དབང་བསྐུར་བ་ནི། རང་ཡི་དམ་དུ་གསལ་བ་རི་རབ་ཀྱི་རྩེ་མོར་ཕྱིན་ནས། ཐུགས་ཀ་ནས་བུམ་པ་ཐོགས་པའི་ལྷ་མོ་དཔག་མེད་འཕྲོས། སེམས་ཅན་རེ་རེ་ལ་ལྷ་མོ་རེ་རེས་དབང་བསྐུར། རང་གི་གནས་གསུམ་ལས་འོད་འཕྲོས། སེམས་ཅན་རྣམས་ལ་ཕོག་པས། ཐམས་ཅད་ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་དུ་

p. 457

གྱུར་པར་བསྒོམ། སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་སྨོན་ལམ་གདབ། ཡང༌། རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམས་ནས། ཐུགས་ཀ་ནས་འོད་འཕྲོས་བར་དོའི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་ཐུགས་རྗེ་ཆེན་པོར་ལམ་ལམ་གྱུར་པར་བསྒོམས་ལ། མ་ཎི་མང་དུ་བགྲང༌། སེམས་ཅན་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་པར་གྱུར་ཅིག ཅེས་སྨོན་ལམ་གདབ་བོ། །གསུམ་པ་རབ་གནས་ནི། རང་ཡི་དམ་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འཕྲོས། རྟེན་གྱི་བགེགས་དང་སྡིག་སྒྲིབ་སྦྱངས། སངས་རྒྱས་ཐམས་ཅད་རྟེན་ལ་བསྟིམས་པས་དབྱེར་མེད་དུ་གྱུར་པར་བསམ་མོ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། འཁོར་བ་མ་སྟོང་བར་དུ་འགྲོ་བའི་དོན་བྱེད་པར་གྱུར་ཅིག ཅེས་སྨོན་ལམ་གདབ་བོ། །བཞི་པ་གཞན་ལ་འབྲེལ་པ་བཞག་པ་ནི། དུད་འགྲོ་དང་སྐྱེ་བོ་མང་པོ་ཚོགས་པའམ་རེ་རེ་ལས་མི་འདུག་ཀྱང་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་དང་གཟུངས་བྱིན་རླབས་ཅན་བསྒྲག འོག་ཏུ་འཛུལ་ས་དང་མིག་གིས་མཐོང་བའི་ཉེ་འཁོར་དུ་སྐུ་དང་གཟུངས་བྱིན་རླབས་ཅན་འབྲི་བའམ། བཞུགས་སུ་གསོལ། ཆུ་དང་རླུང་ལ་སོགས་པ་ཕོག་པའི་ས་ཐམས་ཅད་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་སུ་གསོལ། གཞན་ཡང༌། ཡུལ་གོང་མ་ཐམས་ཅད་ལ་མཆོད་པ་འབུལ། དམན་པ་ཐམས་ཅད་ལ་སྦྱིན་པར་གཏོང༌། སྨོན་ལམ་རྣམ་པར་དག་པ་གདབ་པར་བྱའོ། །འདི་ལྟ་བུའི་ཆོས་སྤྱོད་ཀྱི་རིམ་པ་ཐམས་ཅད་ཞག་གཅིག་ལ་གྲུབ་ན་རབ། ཐམས་ཅད་མ་གྲུབ་ཀྱང་གང་འགྲུབ་ལ་འབད་པ་འདོན་པར་བྱའོ། །ཞེས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་པ་རྗེ་བཙུན་བླ་མའི་བཀའ་གནང་ལྟར་ཤཱཀྱའི་དགེ་སློང་དཀོན་མཆོག་འབངས་ཀྱིས་ཙཱ་རི་མཚོ་དཀར་དུ་ཉེར་མཁོར་བསྡུས་པའོ། །སརྦ་དཱ་མངྒ་ལཾ། །ཞེས་པ་འདིའང་ཆོས་སྡེ་འདིར་བཞུགས་བཞེད་ལྟར་བློ་གཏེར་པས་ལུང་སྤེལ་ཞུས་པ་དགེ། །།

ཉེར་མཁོའི་ཆོས་སྤྱོད་མཛེས་རྒྱན་ནོར་བུའི་སྙིང་པོ།

p. 458
p. 459

ཉེར་མཁོའི་ཆོས་སྤྱོད་མཛེས་རྒྱན་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

p. 460

ཨོཾ་སྭ་སྟི་སིདྡྷཾ། བསླབ་གསུམ་སྣང་བས་སྲིད་ཞིའི་མུན། །སེལ་མཛད་ཡིད་བཞིན་རིན་ཆེན་མཆོག །འཕགས་བཞིའི་ཚོགས་ལ་གུས་བཏུད་ནས། །དེ་ཡི་སྤྱོད་ཚུལ་ཅུང་ཟད་འབྲི། །གང་ཞིག་སྡོམ་པ་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོར་སྤྱོད་པ་སྤྱད་པ་རྣམས་ཀྱིས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྣལ་འབྱོར་ཁྱད་པར་ཅན་ནམ། ཐུན་མོང་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གཉིད་ལས་སྡང༌། ཁམས་དང་འཕྲོད་ན་ཁྲུས་ཀྱི་རྣལ་འབྱོར་གྱིས་དག་པར་བྱ། དེ་ནས་སྟན་བདེ་བ་ལ་ལུས་དྲང་པོར་བསྲང༌། དྲན་པ་མངོན་དུ་བཞག ཉན་ཐོས་ཀྱི་ངེས་འབྱུང༌། བྱང་ཆུབ་སེམས་དཔའི་སྨོན་འཇུག རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་སམ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ཇི་ལྟར་རིགས་པ་ལ་བསླབ། ཁྱད་པར་སྐྱེས་བུ་གསུམ་གྱི་ལམ་རིམ་དང༌། སྔགས་ཀྱི་སྐྱབས་འགྲོ། སེམས་བསྐྱེད། རྡོ་རྗེ་སེམས་དཔའི་སྒོམ་བཟླས། བླ་མའི་རྣལ་འབྱོར་མཎྜལ་དང་བཅས་པ་སོགས་རང་རང་གི་མན་ངག་ལས་འབྱུང་བ་ལྟར་ཉམས་སུ་བླང༌། དེ་ནས་སྔ་དྲོའི་ཆར་གནས་ཁང་ཕྱག་དར་བྱ། རྟེན་གྱི་དྲུང་དུ་ཅི་འབྱོར་པའི་མཆོད་པ་གཙང་ཞིང་བཀོད་པས་མཛེས་པར་བཤམས་ལ། ཡན་ལག་བདུན་པའམ། བཅུ་པའམ། ཉི་ཤུ་པ་སོགས་ཆོས་སྤྱོད་རྣམས་ལས་རྒྱས་པར་འབྱུང་བ་ལྟར་བྱ། དེ་ལ་ཕྱི་མའི་སྡོམ་ནི། ས་གཞི་གནས་ཁང་མཆོད་

p. 461

པ་བརླབ། །ཚོགས་ཞིང་སྤྱན་དྲང་འབྱོན་ལེགས་བྱ། ཁྲུས་གསོལ་སྐུ་ཕྱི་རྒྱན་བྱུག་འབུལ། ཕྱག་འཚལ་བསྟོད་མཆོད་སྡིག་པ་བཤགས། །སྐྱབས་སེམས་ཡི་རང་ཆོས་འཁོར་བསྐུལ། །བཞུགས་གསོལ་བསྔོ་བ་བཀྲ་ཤིས་ཏེ། །ཆོས་སྤྱོད་ཡན་ལག་ཉི་ཤུའོ། །ཞེས་པ་ལྟར་ཤིན་ཏུ་བསྡུས་པའི་ཚུལ་གྱིས་བྱེད་ན། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང༌། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང༌། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང༌། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་བརྗོད། དེ་ནས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པས་ཚོགས་ཞིང་སྤྱན་དྲང༌། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིག་གནང་བར་མཛོད། །ཅེས་འབྱོན་ལེགས་

p. 462

བྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཞེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཞེས་རྒྱན་དང༌། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཞེས་བྱུག་པ་དབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བརྗོད་པས་ཚོགས་ཀྱི་ཞིང་དུ་བརྟན་པར་བཞུགས་པར་བསམ། ཇི་སྙེད་སུ་དག་སོགས་ནས། བསྟོད་པར་བགྱི་ཞེས་པའི་བར་གྱིས་ཕྱག་འཚལ་ཞིང་བསྟོད། མེ་ཏོག་དམ་པ་སོགས་ཤློ་ཀ་གསུམ་གྱིས་མཆོད་ཅིང༌། སྤྲོ་ན་མཆོད་པའི་སྤྲིན་གྱིས་གཟུངས་དང་རོལ་མོ་བྱ། མཎྜལ་དབུལ། འདོད་ཆགས་ཞེ་སྡང་སོགས་བཤགས་པ་བྱ། དེ་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་སོགས་སམ། བསྡུ་ན་སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་སེམས་བླང༌། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སོགས་ནས། ཕྱིར་བསྔོའོ་ཞེས་པའི་བར་གྱིས་རྗེས་སུ་ཡི་རང་སོགས་ཡན་ལག་བཞི་དང༌། སྨོན་ལམ་རྒྱས་བསྡུས་ཇི་ལྟར་རིགས་པ་གདབ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་མཐའ་བརྒྱན་པར་བྱའོ། །འདི་ལ་གདན་ཁྲི་བྱིན་རླབས་དང༌། བཞུགས་སུ་གསོལ་བའི་ཡན་ལག་དང༌། སྨོན་ལམ་གྱི་ཡན་ལག་སོ་སོར་བགྲངས་པས་ཡན་ལག་ཉི་ཤུ་རྩ་གསུམ་དུའང་འགྱུར་རོ། །དེ་ནས་བསིལ་གཏོར་བརྒྱ་རྩ་སོགས་མཆོད་སྦྱིན་གཏོར་མའི་རིམ་པ་དང༌། གཞན་ཡང་གཙང་ཞིང་དག་པའི་མཆོད་གཏོར་བཤམས་ཏེ། རྒྱུད་སྡེ་ཆེན་པོ་བཞིའི་དབང་བསྐུར་བ་དང༌། རྗེས་སུ་གནང་བ་དང༌། རིག་པ་གཏད་པ་སོགས་ཇི་ལྟར་ནོས་པ་ལྷའི་རྣལ་འབྱོར་དང༌།

p. 463

གཏོར་མའི་རིམ་པ་སོགས་ལ་བརྩོན་པར་བྱ། ཁྱད་པར་རྒྱུད་སྡེ་འོག་མ་གསུམ་གྱི་དང་པོ་བྱ་བའི་རྒྱུད་རིགས་ཀྱི་བདག་པོ་གསུམ་གྱི་མཆོད་གཏོར་ནི། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཨ་ཀཱ་རོས་བརླབ། དེ་ནས་ཚོགས་ཞིང་བསྒྲུབ་པ་ནི། བསང་སྦྱང༌། སྟོང་པའི་ངང་ལས་ཡང་དག་པའི་སྨོན་ལམ་གྱི་སྟོབས་ཕུན་སུམ་ཚོགས་པས་བསྐྲུན་པའི་ས་ཕྱོགས་ཐམས་ཅད་རིན་པོ་ཆེའི་ཞིང་ཁམས་གསེར་གྱི་བྱེ་མ་བརྡལ་བར་གྱུར། ཨོཾ་ཙཱ་ལ་བི་ར་ཧཱུྃ་སྭཱ་ཧཱ། དེའི་སྟེང་དུ་འོ་མའི་རྒྱ་མཚོ་དྭངས་ཤིང་བསིལ་བ་པདྨ་རྒྱས་པས་ཁེབས་པར་གྱུར། ཨོཾ་བི་མ་ལ་དྷ་ཧཱ་ཧཱུྃ། དེའི་དབུས་སུ་རིན་པོ་ཆེའི་རི་རབ་ཀྱི་སྟེང་དུ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ནོར་བུའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་སུམ་བསྒྲིགས་སུ་གྲུབ་པར་གྱུར། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་བརྗོད། འདུན་པ་རྩེ་གཅིག་པས། བཅོམ་ལྡན་འཕགས་པ་རིགས་གསུམ་མགོན། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཨོཾ་ཝཱ་གཱི་ཤྭ་རི་ལོ་ཀེ་ཤྭ་ར་བཛྲ་པཱ་ཎི་ཨེ་ཧྱེ་ཧི། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རང་བཞིན་གྱི་གནས་ནས་དགྱེས་བཞིན་དུ་གཤེགས་ཏེ་མདུན་གྱི་ནམ་མཁར་རིན་པོ་ཆེའི་གཞལ་མེད་ཁང་གི་ཁྲི་ལ་བཞུགས་པ་ནི། དབུས་སུ་འཕགས་པ་འཇམ་པའི་དབྱངས་དམར་སེར་རལ་གྲི་དང་པུསྟི་འཛིན་ཅིང༌། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དཀར་གསལ་མཆོག་སྦྱིན་དང་ཨུཏྤལ་བསྣམས་ཤིང༌། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། གཡོན་དུ་འཕགས་པ་ཕྱག་ན་རྡོ་རྗེ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང༌། ཅུང་ཟད་ཁྲོས་པའི་ཉམས་ཅན། གསུམ་ཀའང་ཞི་ཞིང་འཛུམ་ལ་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཀྱི་ལྷ་དཔག་ཏུ་མེད་པས་བསྐོར་བར་གྱུར། དེ་རྣམས་ཀྱི་སྐུ་ལ་དམིགས་ཏེ། གུས་པའི་ཚུལ་གྱིས་ཐལ་མོ་སྦྱར་ནས་ཐུགས་རྒྱུད་བསྐུལ་བའི་ཕྱིར། ཨོཾ་ཝཱ་གཱི་ཤྭ་རི་མཱུྃ།

p. 464

ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་བཟླ། མཐར། ཨོཾ་ཏྲི་ཀུ་ལ་ནཱ་ཐ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །བཅོམ་ལྡན་རིགས་གསུམ་མགོན་པོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། གཏོར་མ་གོང་གི་སྔགས་རྣམས་སྦྲེལ་བའི་མཐར་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་བཏགས་པས་དབུལ། སླར་ཡང་མཆོད་ཅིང་བསྟོད་ལ། བཅོམ་ལྡན་རིགས་གསུམ་མགོན་པོས་བདག་དང་སེམས་ཅན་ཐམས་ཅད་ལ་མཁྱེན་བརྩེའི་ནུས་པའི་དངོས་གྲུབ་ལུས་པ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། ཨོཾ་ཨརྒྷཾ་སྭཱ་ཧཱས་མཆོད་ཡོན་དབུལ། བདག་གིས་ནོངས་པ་བགྱིས་པ་ཐམས་ཅད་བཟོད་ཅིང་ཚངས་པར་མཛད་དུ་གསོལ། ཞེས་དང༌། སྤྱན་དྲངས་པའི་སྔགས་ཀྱི་མཐར་གཙྪས་གཤེགས་སུ་གསོལ། འདིས་ནི་ཤེས་རབ་ཕྱོགས་མེད་དུ་འཆར། སྙིང་རྗེ་རྩོལ་མེད་དུ་སྐྱེ། ནུས་པ་འབད་མེད་དུ་འབྱུང༌། གནས་སྐབས་དང་མཐར་ཐུག་གི་དོན་གྲུབ་པ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །གཉིས་པ་སྤྱོད་པའི་རྒྱུད་ཀྱི་གཙོ་བོ་རྣམ་སྣང་མངོན་བྱང་གི་མཆོད་གཏོར་ནི། ལག་གཉིས་ཐལ་མོ་ཁོང་སྟོང་སྦྱར། མཐེ་བོང་གཉིས་བསྒྲེངས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ། ཏྲི་ས་མེ། ས་མ་ཡེ་སྭཱ་ཧཱ། ཞེས་དམ་ཚིག་གསུམ་གྱི་སྔགས་དང་ཕྱག་རྒྱས། མདུན་གྱི་ནམ་མཁར་ཆོས་ཉིད་རང་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པས་ཆོས་ཀྱི་དབྱིངས་ལས་སྐྱེས་པ། ནུབ་ཀྱི་སྒོ་རྟག་ཏུ་བྱེ་བའི་དབུས་སུ། ཨ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་གསེར་གྱི་མདོག་ཅན། དབུ་ལ་ཐོར་ཚུགས་དང་དབུ་རྒྱན་ཅན། དར་གྱི་སྟོད་གཡོགས་དང་སྨད་གཡོགས་བསྣམས་པ། འོད་ཟེར་འབར་བས་འཁྲིགས་པ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། པདྨ་དཀར་པོ་དང་ཟླ་བའི་གདན་ལ་བཞུགས་པ། ཆོས་འབྱུང༌། ནོར་བུ། ཡུམ་ནམ་མཁའི་སྤྱན་མ། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། མི་གཡོ་བ། ཤཱཀྱ་ཐུབ་པ། གཙུག་ཏོར། གནས་གཙང་མའི་ལྷ། འཇིག་རྟེན་སྐྱོང་བ་རྣམས་དང༌། རྡོ་རྗེ།

p. 465

དམ་པ་སྦྱིན་པ། སྒྲིབ་སེལ། ས་སྙིང༌། མཁའ་སྙིང༌། གདུལ་དཀའ། མངོན་ཕྱོགས། རང་རང་གི་རིགས་ཀྱི་ལྷ་མོ་དང༌། ཁྲོ་བོ་དང༌། ཁྲོ་མོ་དང༌། འཁོར་དང༌། ཕོ་ཉ་ཚད་མེད་པས་བསྐོར་བ་མངོན་སུམ་དུ་གསལ་བར་གྱུར། ཐུགས་ཀར་ཨ་ལས་ཟླ་བ་ལ་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་བཀོད། དེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་མིག་ཟིམ་བུར་བྱས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མནྟ་དྷརྨཱ་དྷཱ་ཏུ་ཀཱརྻཱ་ག་ཏི་ག་ཏཱ་ནཱན། སརྦ་ཐཱ་ཨོཾ་ཁྃ་ཨོཾ་ཨཿསྃ་ས་ཧྃ་ཧ་རྃ་ར་བྃ་བ་ཧྃ་ཧ་སྭཱ་ཧཱ། ཞེས་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་མྱུར་བ་དང༌། བུལ་བ་སྤངས་ཏེ། ཆོས་ཐམས་ཅད་གདོད་མ་ནས་མ་བྱུང་མ་སྐྱེས་པའི་སྟོང་པ་ཉིད་ཡང་ཡང་དྲན་པར་བྱས་ལ་བཟླའོ། །དེ་ནས་མཆོད་རྫས། ན་མཿས་མནྟ་བཛྲཱ་ཎཱཾ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུྃ་ཊ་ཀ་ཧཾ། ཞེས་མི་གཡོ་བའི་སྔགས་ཀྱིས་བསང༌། ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རས་རྣམ་པར་དག་པར་བྱས། རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབས་ནས་ཕུལ་ཏེ། ཐོག་མར་ཕྱག་འཚལ་བ་ནི། ཐལ་མོ་སྦྱར་ནས། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། །ཞེས་ཕྱག་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་བི་ཤུདྡྷ་གནྡྷོ་ད་བྷ་ཝ་སྭཱ་ཧཱ། བྱུག་པའོ། །ན་མཿས་མནྟ་བུདྡྷ་ནཱཾ་མ་ཧཱ་མཻ་ཏྲ་བྷུད་ག་ཏེ་སྭཱ་ཧཱ། མེ་ཏོག་གོ །ན་མཿས་མནྟ་བུདྡྷ་ནཱཾ་དྷརྨཱ་དྷཱ་ཏུ་ཨ་ནུ་ག་ཏེ་སྭཱ་ཧཱ། བདུག་སྤོས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་ར་ཛི་སྥ་ར་ཎ་ཨ་ཝ་བྷ་ས་ག་ག་ནོད་ཏ་རེ་བྷྱཿསྭཱ་ཧཱ། མར་མེའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཏྲི་ཡ་དྷཱི་ཀཱ་ནཱཾ་ཨ་ར་ར་པ་ར་ར་བི་ལ་དེ་བ་ལིངྟ་དྷཱ་ཧྃ་སྭཱ་ཧཱ། ལྷ་བཤོས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ས་མ་ས་མ་སྭཱ་ཧཱ། མཆོད་ཡོན་ནོ། །ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཐེ་བོང་གཉིས་སོ་སོར་ཕྱེས་ཏེ། ལྷག་མ་སྙིམ་པ་ལྟར་བྱས་པ་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་དང༌། ན་མཿས་མནྟ་བུདྡྷཱ་ནཱཾ་ཨོཾ་ཨ་སྭཱ་ཧཱ། ཕྱོགས་བཅུའི་སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱི་སྤྱན་སྔར། མཆོད་པའི་ཡན་ལག་དཔེ་མེད་པ་ཀུན་ཏུ་བཟང་པོ་སྤྱོད་པ་ལས་བྱུང་བ་ལྟ་བུ་

p. 466

འབྱུང་བར་གྱུར་ཅིག ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁྃ་སྭཱ་ཧཱ། ཞེས་པས་མཆོད་ལ། བདག་གི་དགེ་བ་ཅི་མཆིས་པས་སེམས་ཅན་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག སྲིད་ཞིའི་ཕུན་སུམ་ཚོགས་པ་དག་ནི་འབྱོར་པར་གྱུར་ཅིག ཅེས་སྨོན་ལམ་གདབ། སྔགས་ཀྱི་སྤྲུལ་པའི་ལྷ་མི་དམིགས་པར་བཞག་གོ །འདིས་ནི་བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེ་ཞིང༌། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མཐའ་ཡས་པ་འགྲུབ་པར་འགྱུར་རོ། །གསུམ་པ་རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་གཙོ་བོར་གྱུར་པའི་མཆོད་གཏོར་ཤིན་ཏུ་བསྡུས་པ་ནི། རང་ཉིད་རྡོ་རྗེ་རྒྱུ་སེར་པོ་གཡས་འཁོར་ལོ་བསྐོར་ཞིང༌། གཡོན་གདན་ལ་བརྟེན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་མདུད་དེ་བཀན་ལ་སྙིང་གར་གཡས་སུ་བསྐོར་ཞིང༌། ཨོཾ་བཛྲ་ཙཀྲ་ཧཱུྃ། མདུན་གྱི་ནམ་མཁར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར། འཇིག་རྟེན་གསུམ་རྒྱལ་གྱི་དཀྱིལ་འཁོར། འགྲོ་བ་འདུལ་བའི་དཀྱིལ་འཁོར། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར། རྡོ་རྗེ་རྩེ་མོ་རིགས་བསྡུས་པའི་དཀྱིལ་འཁོར། ཀུན་རིག གཙུག་དགུ། ཚེ་དཔག་མེད། འཆི་འཇོམས། འཁོར་ལོས་སྒྱུར་བ། མེ་ལྟར་འབར་བ་ལ་སོགས་པ་ངན་སོང་སྦྱོང་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་རྣམས་སྤྲུལ། ཕྱག་རྒྱ་དེ་ཀར་བཞག་ལ་བལྟ་ཞིང་སྔགས་དེ་མང་དུ་བརྗོད་ན་དཀྱིལ་འཁོར་དེ་དག་ཏུ་ཞུགས་པར་འགྱུར་རོ། །བསྡམས་པ་ལས་གུང་མོ་གཉིས་ནང་དུ་བཅུག་ནས་མཐེ་བོང་མཐེའུ་ཆུང་བརྐྱངས་ཏེ་གཤིབས་པ་དང་པོའི་རྡོ་རྗེའི་ཕྱག་རྒྱས། ཨ་ནུ་རཱ་ག་ཡཱ་མི་ཧཱུྃ། དཔལ་མཆོག་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོ་རྣམས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་སྤྲུལ། ཕྱག་རྒྱ་དེ་ཀར་བཞག་ལ་བལྟ་ཞིང་སྔགས་དེ་མང་དུ་བརྗོད་ན་དཀྱིལ་འཁོར་དེར་ཞུགས་པར་འགྱུར་རོ། །ཨོཾ་བཛྲ་སཏྭ་ཧཱུྃ། པད་ཟླ་ལ་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བྷནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། མཆོད་རྫས་ལ་རྡོ་རྗེ་

p. 467

གནོད་སྦྱིན་གྱི་ཕྱག་རྒྱས། ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་མེའི་ཕྱག་རྒྱས། ཧཱུྃ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྫ་ར་ཎ་ཧཱུྃ་ཕཊ། སྭ་བྷཱ་སོགས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་རྣམས་ཀྱི་ནང་དུ་ཨོཾ་ལས་བྱུང་བའི་མཆོད་པའི་ཚོགས་སུ་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་པཱུ་ཛ་མེ་གྷ་སྥ་ར་ཎ་ས་མ་ཡེ་ཧཱུྃ་གིས་མཆོད་ཡོན། ཨོཾ་པྲ་ཝ་ར་སཏ་ཀཱ་རཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞབས་བསིལ། དེ་བཞིན་དུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ཨ་ཀཱ་རོ། ཤབྡ། སངས་རྒྱས་སྲས་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་གི་ཁྱེད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བཤགས་སོ། །འཕགས་པ་དང་སོ་སོ་སྐྱེ་བོའི་བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་ངོ༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །རིན་ཆེན་རི་བོ་རྒྱ་མཚོའི་དཔལ། །རྒོད་སྒེག་དགའ་བ་རྩེ་འཇོའི་བདེ། །དཔག་བསམ་ཤིང་བཟང་བྱང་ཆུབ་སེམས། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཡེ་ཤེས་འཇུག །ལུས་ངག་སེམས་ནི་རབ་དྭངས་ཤིང༌། །ཚད་མེད་རྣམ་ཐར་བཞི་བསྒོམས་ཏེ། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། །དགེ་བ་བྱང་ཆུབ་གཞན་ཕན་བསྔོ། །རྡོ་རྗེའི་སྡོམ་པ་བླ་མེད་པ། །བསླབ་པའི་གནས་ནི་བླང་བར་བགྱི། །བདག་སོགས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་དང༌། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ་ཨོཾ་བཛྲ་མུཿ སེ་གོལ་བརྡབས་ཏེ། དཀྱིལ་འཁོར་རྣམས་རང་གི་སྙིང་གར་ཐིམ་པར་བསམ་མོ། །འདིས་ནི་སྔགས་ཀྱི་སྡོམ་པ་རྣམ་པར་དག་པ་དང༌། དངོས་གྲུབ་སྣ་ཚོགས་འགྲུབ་པ་དང༌། ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པར་འགྱུར་རོ། །བཞི་པ་ལས་རྒྱས་པའི་ལྷའི་མཆོད་གཏོར་སྣ་ཚོགས་པ་ལ། སྡིག་སྒྲིབ་ཞི་བའི་ཕྱིར་རྡོ་རྗེ་མི་འཁྲུགས་པ་ལ་མཆོད་གཏོར་འབུལ་བ་ནི། བྱིན་རླབས་རིགས་གསུམ་གྱིས་སྐབས་ལྟར་བྱ། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་ཧཱུྃ་སྔོན་པོ་ལས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་

p. 468

སྔོན་པོ། གཡས་ས་གནོན། གཡོན་མཉམ་གཞག་གི་སྟེང་ན་རྡོ་རྗེ་འགྲེང་བུར་འཛིན་པ། སྤྲུལ་སྐུའི་ཆ་བྱད་ཅན། སྤྱི་བོར་མི་བསྐྱོད་པས་མཚན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བ་ལས་ཟླ་བ་ལྟར་དཀར་ཞིང་བསིལ་བའི་བདུད་རྩིའི་འོད་ཀྱིས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་གཟུངས་ཅི་ནུས་བཟླས་མཐར། ཨོཾ་བཛྲ་ཨཀྵོ་བྷྱཿས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། གང་གི་ཐུགས་རྗེའི་འོད་ཟེར་གྱིས། །འགྲོ་ཀུན་སྒྲིབ་གཉིས་མུན་བསལ་ནས། །ཡང་དག་ཡེ་ཤེས་སྣང་མཛད་པ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །ཞེས་བསྟོད། སྔགས་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་དབུལ། མགོན་པོ་མི་འཁྲུགས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །འཇིགས་པ་ཞི་བའི་ཕྱིར་རྗེ་བཙུན་སྒྲོལ་མ་ལ་གཏོར་མ་འབུལ་བ་ནི། རང་ཉིད་ཁ་ལྷོ་རུ་ཕྱོགས་པའམ་ཕྱོགས་པར་མོས་པ། ལྷོ་ཕྱོགས་པོ་ཏ་ལ་ཀའི་རིའི་སུལ། རིན་པོ་ཆེའི་བྲག་སྐྱིབས་དང༌། སེང་ལྡེང་ནགས་ཚལ་རབ་ཏུ་རྒྱས་པའི་དབུས་ན་འཕགས་མ་སྒྲོལ་མ་འཁོར་བཅས་དགྱེས་བཞིན་དུ་བཞུགས་པས་གཏོར་མ་གསོལ་བར་བསམས་ལ། ན་མཿསརྦ་བུདྡྷཱ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ་མ་ཧཱ་སཏྭཱ་སརྦ་བུདྡྷཱཿཨ་ཝ་ལོ་ཀི་ཏེ། མཱ་བི་ལམྦ་མཱ་བི་ལམྦ། ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། ཧཱུྃ་ཧཱུྃ། སརྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དབུལ། ཨོཾ་ཨཱརྻཱ་ཏཱ་རེ་ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱིས་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་པ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ལྷའི་སྐུ་ལ་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བརྒྱ་རྩ་སོགས་བཟླ། བཅོམ་ལྡན་འཕགས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་

p. 469

དྲུག་ལ་སོགས་པ་ཞི་བ་དང༌། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་དབུགས་འབྱིན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །ནད་རིམས་ཞི་བའི་ཕྱིར་འཕགས་མ་རི་ཁྲོད་མ་ལ་མཆོད་གཏོར་འབུལ་བ་ནི། མདུན་གྱི་ནམ་མཁར་རི་ཁྲོད་མ་སེར་མོ་སྐུ་མདོག་ལྗང་སེར་ཞལ་གསུམ་ཕྱག་དྲུག་མ། ཞལ་གཡས་དཀར། གཡོན་དམར་བ། ཕྱག་དྲུག་གིས་གཡས་གསུམ་རྡོ་རྗེ་དགྲ་སྟྭ་མདའ། གཡོན་གསུམ་ཞགས་པ་ཤིང་ལོ་གཞུ་བསྣམས་པ། དོན་ཡོད་གྲུབ་པའི་ཅོད་པན་ཅན། ཤིང་ལོ་གསར་པའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་པ། ཞབས་གཡས་པའི་མཐིལ་དང༌། གཡོན་པའི་པུས་མོ་གདན་ལ་བཙུགས་པ། ཅུང་ཟད་ཁྲོས་ཤིང་ལྟོ་བ་འཕྱང་བ་མིའུ་ཐུང་མའི་གཟུགས་ཅན་གྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཐུགས་ཀའི་དབུས་སུ་པྃ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཐུགས་ཀར་ཟླ་བ་ལ་པྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་བདག་གི་ནད་རིམས་གདོན་བགེགས་ཐམས་ཅད་སྦྱངས་པར་བསམས་ལ། ཨོཾ་པི་ཤཱ་ཙི་པརྞ་ཤ་པ་རཱི་སརྦ་ཛྭ་ར་པྲ་ཤ་མ་ན་སྭཱ་ཧཱ། ཞེས་བཟླ། ཨོཾ་པརྞ་ཤཱ་བ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཡེ་ཤེས་ཞི་བའི་ངང་ལ་བཞུགས་བཞིན་དུ། །མིའུ་ཐུང་ཤ་ཟ་རོལ་པའི་ཚུལ་བསྟན་ཏེ། །ཡུད་ཙམ་དྲན་པས་ཕན་བདེའི་འབྲས་སྩོལ་བ། །རི་ཁྲོད་ལོ་མ་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་དབུལ། སླར་ཡང་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་དང་རིམས་དང་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་མི་འབྱུང་བར་མཛད་དུ་གསོལ། མདུན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། བྱད་ཕུར་རྦོད་གཏོང་ཞི་བའི་ཕྱིར་འཕགས་མ་གདུགས་དཀར་ཅན་ལ་མཆོད་གཏོར་འབུལ་བ་ནི། མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་སྟེང་དུ་བྷྲཱུྃ་ལས་གཙུག་ཏོར་གདུགས་དཀར་མོ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཕྲེང་བ་དང་རྒྱལ་མཚན། འོག་མ་

p. 470

གཉིས་སྐྱབས་སྦྱིན་དང་མཉམ་གཞག ཞི་བའི་ཉམས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་འོད་ཟེར་སྣ་ཚོགས་འཕྲོ་བ། རྣམ་སྣང་གི་རྒྱས་བཏབ་པ། གཞན་ཡང་ཕྱག་གཉིས་མ། ཕྱག་དྲུག་མ། ཕྱག་བརྒྱད་མ། ཕྱག་བཅུ་མ། དབུ་སྟོང༌། ཕྱག་སྟོང༌། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། གཙུག་ཏོར་རྣམ་རྒྱལ། ངན་འགྲོ་ཐམས་ཅད་སྦྱོང་བ། གཙུག་ཏོར་དྲི་མེད། བདེ་གཤེགས་གཙུག་ཏོར་ལ་སོགས་པས་བསྐོར་བ། དེ་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ལག་གཡས་ཁུ་ཚུར་སྡིགས་མཛུབ་སྙིང་གར་བཞག གཡོན་རྡོ་རྗེ་ཁུ་ཚུར་འཕྱར་བའི་ཕྱག་རྒྱ་བཅིངས་ཏེ། དེ་ནས་ཛཿཧཱུྃ་བཾ་ཧོཿ ཞེས་དབྱེར་མེད་དུ་བྱའོ། །སྙིང་པོ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། མཆོད་གཏོར་སྙིང་པོས་བསང༌། ཨོཾ་སྭ་བྷཱ་ཝ་སོགས་སྔར་བཞིན་ཏེ། སྙིང་པོའི་མཐར་ཨརྒྷཾ་སོགས། ཨ་ཀཱ་རོ་སོགས་ཀྱིས་གཏོར་མ་ཕུལ་ལ། སྲིད་གསུམ་མགོན་པོ་ཤཱཀྱ་སེང་གེ་ཡི། །མཐོན་མཐིང་གཡས་སུ་འཁྱིལ་པའི་སྤྱི་གཙུག་ནས། །ཡ་མཚན་རྨད་བྱུང་གཙུག་ཏོར་གདུགས་དཀར་སྐུ། །ཁམས་གསུམ་འདྲེན་པ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ལ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་འབྱུང་བའི་གདུགས་དཀར་མོ་ཅན། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་མ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོ། ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ་ཆེན་མོ། ཕྱག་རྒྱའི་ཚོགས་རྣམས་ཐམས་ཅད་ཀྱིས་ཀུན་ནས་བདག་འཇིགས་པ་ཆེན་པོ་ཐམས་ཅད་དང༌། གདོན་ཐམས་ཅད་དང༌། རིམས་ནད་ཐམས་ཅད་ལས་བསྲུང་དུ་གསོལ། ཕ་རོལ་པོས་བྱས་པའི་རིག་སྔགས་ཀྱི་གནོད་པ་ཐམས་ཅད་གཅད་དུ་གསོལ། འཆིང་དུ་གསོལ། ཕུར་བུས་གདབ་ཏུ་གསོལ། སྡིག་སྒྲིབ་ཐམས་ཅད་དག་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་སྩལ་དུ་གསོལ། ཞེས་གསོལ་བ་གདབ་ཅིང༌། བཅོམ་ལྡན་འདས་མ་གནས་ཁང་གི་བླར་སྲུང་བའི་ལས་མཛད་དེ་

p. 471

བཞུགས་པར་བསམ་མོ། །དགྲ་ཇག་ཆོམ་རྐུན་གྱི་འཇིགས་པ་ཞི་བའི་ཕྱིར་འཕགས་མ་འོད་ཟེར་ཅན་ལ་མཆོད་གཏོར་འབུལ་བ་ནི། མདུན་གྱི་ནམ་མཁར་མཆོད་རྟེན་གྱི་ཕུག་ཏུ་པད་ཟླ་ལ་མྃ་སེར་པོ་ལས་འོད་ཟེར་ཅན་མ་སེར་མོ་སྤྱི་བོར་མཆོད་རྟེན་གྱིས་བརྒྱན་པ། ཞལ་གསུམ་གཡས་དཀར་བ། གཡོན་ཕག་ཞལ་ནག་པོ། ཕྱག་དྲུག་གིས་གཡས་ན་མདའ་དང་རྡོ་རྗེ། ཁབ། གཡོན་ན་གཞུ། སྐུད་པ། མྱ་ངན་མེད་པའི་ཤིང་གི་ཡལ་ག་ལོ་མ་མེ་ཏོག་ཅན་བསྣམས་པ། སྨད་གཡོགས་སྔོན་པོ་དང་སྟོད་གཡོགས་བཀྲ་བ་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པས་ཕག་སེར་པོ་ལ་བཞུགས་ཤིང༌། ཕག་སེར་པོའི་ཚོགས་ཀྱིས་བསྐོར་བ། དེ་ལ་འོད་ཟེར་ཅན་མ་དཀར་མོ། མྱ་ངན་མེད་པའི་འོད་ཟེར་ཅན། རྟོག་པ་ལས་བྱུང་བ། རྡོ་རྗེ་དབྱིངས་ཕྱུག་མ། ཨོ་ཌི་ཡཱ་ན། བྱིན་རླབས་རིམ་པ། པི་ཙུ་མ་དམར་མོ་ཞལ་གསུམ་ཕྱག་བཅུ། ཁབ་སྐུད་ཅན་རྣམས་དང༌། ཨརྐམ་སི་ལ་སོགས་པས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་མཱྃ། དེ་ལས་འོད་འཕྲོས། ལྷ་མོ་འོད་ཟེར་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿཞེས་པས་ཡེ་ཤེས་པ་གདན་དྲངས་ཏེ། ཛཿཧཱུྃ་བཾ་ཧོཿཞེས་པས་ཡེ་ཤེས་པ་གཞུག་ཅིང༌། མཐེབ་ཆེན་བསྣོལ་བ་དང༌། མཛུབ་མོའི་རྩེ་མོ་བཀུག་སྟེ་མཉམ་དུ་གཟུང༌། གུང་མོ་གཤིབ། ལྷག་མ་རྡོ་རྗེའི་ཐལ་མོ་ལྟར་བྱས་པ། བཅོམ་ལྡན་འདས་མའི་དམ་ཚིག་གི་ཕྱག་རྒྱ་ལྟེ་བའི་ཕྱོགས་སུ་དགོད་པའམ། སྙིང་ག མཛོད་སྤུ། མགྲིན་པ། སྤྱི་བོར་བཞག་པས་བརྟན་པར་བྱས་ལ། དབང་ལྷ་སྤྱན་དྲངས་ཤིང་གསོལ་བ་གདབ། ཡང་ཕྱག་རྒྱ་དེ་ཉིད་སྤྱི་བོར་བཞག་སྟེ། ཨོཾ་བྷཱུ་ཁྃ་མཱྃ། ཞེས་དབང་བསྐུར་བའི་སྔགས་ཀྱིས་སྤྱི་བོར་རྣམ་སྣང་གི་རྒྱས་གདབ། སྙིང་པོ་ནི། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ་ཞེས་སམ། ཨོཾ་མཱ་རཱི་ཙྱཻ་མྃ་སྭཱ་ཧཱ། ཨོཾ་མཱ་རཱིཙྱཻ་མཱྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། བར་དུ་གཅོད་པའི་བགེགས་དང༌། མཆོད་གཏོར་ལ་དམིགས་ནས། གཡས་ཁྲོ་མོའི་ཁུ་ཚུར་གཏོད་དེ། ཨོཾ་མཱ་རཱི་ཙྱཻ་ཧཱུྃ་སརྦ་བིགྷྣཱན་ནུད་ས་ར་ཡ་ཧཱུྃ་ཕཊ་ཀྱིས་བགེགས་

p. 472

བསང༌། སྭ་བྷཱ་སོགས་ཀྱིས་སྦྱངས་ཤིང་བྱིན་གྱིས་བརླབ། གཏོར་མ་ཧཱུྃ་ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། ཨོཾ་མ་རཱི་ཙྱཻ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་འདོན་པ་བསྒྱུར་ལ་པུཥྤེ་ལ་སོགས་དང༌། གཏོར་མ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ། གྲྀཧྞནྟུ་སརྦ་བོ་དྷི་ཀ་བ་ལིཾ་མ་མ་ཤཱནྟིཾ་ཀུརྦནྟུ་སྭཱ་ཧཱ། ཞེས་ཕུལ་ལ། གང་ཁྱོད་མིང་ཙམ་འཛིན་དང་དྲན་པ་ཡིས། །མི་མཐུན་ཕྱོགས་རྣམས་མ་ལུས་སེལ་འགྱུར་ཞིང༌། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་སྟེར་བ། །འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བདག་སོགས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་དང༌། ཕྲ་མེན་མའི་རིག་སྔགས་ཀྱི་གནོད་པ་ལ་སོགས་པ་འཇིགས་པ་ཐམས་ཅད་ལས་སྐྱོབ་པ་དང༌། སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །ཚེ་དང་བསོད་ནམས་རྒྱས་པའི་ཕྱིར་གཙུག་ཏོར་རྣམ་པར་རྒྱལ་མ་ལ་མཆོད་གཏོར་འབུལ་བ་ནི། མདུན་གྱི་ནམ་མཁར་རྣམ་པར་རྒྱལ་མའི་མཆོད་རྟེན་གྱི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པད་ཟླའི་གདན་ལ་བྷྲཱུྃ་ལས་གཙུག་ཏོར་རྣམ་རྒྱལ་དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན་སྣ་ཚོགས་རྡོ་རྗེ། པད་དཀར་ལ་གནས་པའི་འོད་དཔག་མེད། མདའ། མཆོག་སྦྱིན། གཡོན་པ་རྣམས་ན་ཞགས་པ། གཞུ། སྐྱབས་སྦྱིན། བདུད་རྩིའི་བུམ་པ་འཛིན་པ། ཞལ་རེ་རེ་བཞིན་སྤྱན་གསུམ་མ། ཞི་འཛུམ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་བྷྲཱུྃ་དཀར་པོ། དཔྲལ་བར་ཏྲཱྃ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨྃ་ཨཱཿལྗང་གུ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཐུགས་ཀའི་ས་བོན་ལ་མཐར་སྔགས་ཕྲེང་གིས་བསྐོར་བའི་འོད་ཀྱིས་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་བར་གྱུར། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་བཟླ། ཨོཾ་ཨུཥྞཱི་ཥ་བི་ཛ་ཡཱ་ཨརྒྷཾ་སོགས་ཅེས་མཆོད། འཆི་བ་མེད་པའི་ཚེ་སྦྱིན་མ། །འདོད་རྒུའི་བསོད་ནམས་རྒྱས་མཛད་མ། །ཡེ་ཤེས་མཆོག་གི་དཔལ་སྦྱིན་

p. 473

མ། །གཙུག་ཏོར་རྣམ་རྒྱལ་མ་ལ་འདུད། །ཅེས་བསྟོད། སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་དབུལ་ཞིང༌། མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང༌། ཡེ་ཤེས་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ལྷ་རང་ལ་བསྟིམ་མོ། །དཔལ་དང་འབྱོར་པ་རྒྱས་པའི་ཕྱིར་འཕགས་པ་ཛམྦྷ་ལ་དང་ལྷ་མོ་ནོར་རྒྱུན་མ་ལ་མཆོད་གཏོར་འབུལ་བ་ནི། སྟོང་པའི་ངང་ལས་མདུན་དུ་རིན་པོ་ཆེ་སྣ་ཚོགས་པ་གཅལ་དུ་བཀྲམ་ཞིང་ནོར་བུའི་གཏེར་ཁ་ཆེན་པོ་བྱེ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་འདབ་མ་རྣམས་ལ་ཛྃ་དགུ་དང༌། བྃ་དགུ་ཡོངས་སུ་གྱུར་པ་ལས། དབུས་སུ་འཕགས་པ་ཛམྦྷ་ལ་སེར་པོ་ནོར་རྒྱུན་མས་འཁྱུད་པ། ཤར་སོགས་ཕྱོགས་བཞིར་ནོར་བུ་བཟང་པོ་དང་ཟླ་ཤེལ་མ། གང་བ་བཟང་པོ་དང་སྦྱིན་མ། ནོར་སྦྱིན་དང་སྦྱིན་བཟང་མ། རྣམ་ཐོས་སྲས་དང་འཕགས་མ། ཤར་ལྷོ་ནས་བརྩམས་ཏེ་མཚམས་བཞིར་ཀི་ལི་མཱ་ལི་དང་རབ་བཟང་མ། འཇམ་པོ་འཁྱིལ་པ་དང་རབ་སྦས་མ། ཞལ་གྱི་དབང་པོ་དང་ལྷའི་བུད་མེད། སྤྱོད་པའི་དབང་པོ་དང་དབྱངས་ཅན་མ། ཐམས་ཅད་ཀྱང་གསེར་མདོག་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་རྣམས་རོལ་པའི་སྟབས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་བཱི་ཛ་པཱུ་ར་ཀ་དང༌། གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། ཡུམ་རྣམས་གཡས་མཆོག་སྦྱིན་དང༌། གཡོན་འབྲས་ཀྱི་སྙེ་མ་བསྣམས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཡེ་ཤེས་པ་དབང་ལྷ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་ཐིམ། དབང་ལྷས་དབང་བསྐུར། གཙོ་འཁོར་ཐམས་ཅད་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། ཨོཾ་ཨཱརྻ་ཛམྦྷ་ལ་བ་སུ་དྷ་རི་ཎཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། མགོན་པོ་ནམ་མཁའི་མཛོད་འཆང་ཞིང༌། །དཔལ་མོ་དབྱིག་གི་ཆར་འབེབས་མ། །གནོད་སྦྱིན་བྱེ་བའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་དངོས་གྲུབ་སྩོལ། །རང་ལྷག་པའི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དཔལ་འབྱོར་ལོངས་སྤྱོད་ནམ་མཁའི་མཛོད་ཀྱི་དངོས་གྲུབ་སྩལ་བར་གྱུར། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ།

p. 474

ཨོཾ་བ་སུ་དྷ་རི་ཎཱི་སྭཱ་ཧཱ། ཞེས་ཅི་ནུས་བཟླ། འཁོར་སྔགས་བཟླ་ན་གཞན་དུ་ཤེས། སྔགས་ཀྱི་མཐར་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པས་གཏོར་མ་དབུལ། མཆོད་ཅིང་བསྟོད། འཕགས་པ་ཛམྦྷ་ལ་དང༌། ལྷ་མོ་ནོར་རྒྱུན་མས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་པའི་འབྱོར་པ་ཟད་མི་ཤེས་པ་སྩལ་དུ་གསོལ། ཡི་གེ་བརྒྱ་པ་བཟླ། སུ་པྲ་ཏིཥྛས་གནས་ཁང་དང་བང་མཛོད་སོགས་ལ་བརྟན་པར་བཞུགས་སུ་གསོལ་ལོ། །ཁམས་གསུམ་དབང་དུ་བྱེད་པར་འདོད་ན་ལྷ་མོ་རིགས་བྱེད་མ་ལ་མཆོད་གཏོར་འབུལ་བ་ནི། སྟོང་པའི་ངང་ལས་མདུན་དུ་རིགས་བྱེད་ཀྱི་རི་བོའི་ཕུག་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཧྲཱིཿདམར་པོ་ལས་འཕགས་མ་ཁམས་གསུམ་གྱི་དབང་ཕྱུག་མ་རྒྱ་སྐྱེགས་ཀྱི་མེ་ཏོག་གསར་པའི་མདངས་ཅན། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཨུཏྤ་ལ་དམར་པོའི་མདའ་གཞུ་དང༌། ལྷག་མ་གཉིས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་ཨུཏྤ་ལ་དམར་པོ་བསྣམས་པ། ཁྲོ་ཞིང་ཆགས་ལ་སྒེག་པའི་ཉམས་ཅན། རིན་པོ་ཆེའི་རྒྱན་དང་དར་དམར་པོའི་ན་བཟའ་ཅན། འོད་ཟེར་དམར་པོ་འཕྲོ་བ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན། ཞབས་གཡོན་བརྐྱངས་པའི་གར་སྟབས་ཀྱིས་སྒྲ་གཅན་གྱི་མགོ་བོ་ལ་གནས་པའི་འདོད་ལྷའི་ཆུང་མ་མནན་པ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧྲཱིཿ དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་ཉི་མ་འཆར་ཀའི་འོད་ཀྱིས་ཁམས་གསུམ་དབང་དུ་མཛད་པར་གྱུར། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཅི་ནུས་བཟླ། མཐར་ཨོཾ་ཨཱརྻ་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རིགས་བྱེད་རི་བོའི་ཕུག་ཏུ་གནས། །རབ་འབྱམས་དབང་གི་ཕྲིན་ལས་མཛོད། །དངོས་གྲུབ་མཐའ་ཡས་སྩོལ་བའི་གཏེར། །བཅོམ་ལྡན་འདས་མར་ཕྱག་འཚལ་འདུད། །གཏོར་མ་སྔགས་མཐར་ཨ་ཀཱ་རོ་བཏགས་པས་དབུལ། བདག་དང་སེམས་ཅན་ཐམས་ཅད་ལ་རབ་འབྱམས་དབང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། མདུན་བསྐྱེད་དགྱེས་བཞིན་པས་འོད་དུ་ཞུ། རང་གི་སྨིན་མཚམས་སུ་ཐིམ་པས་ཁམས་

p. 475

གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་པར་བསམ་མོ། །བདུད་དང་དགྲ་བགེགས་ཚར་གཅོད་པའི་ཕྱིར་འཕགས་མ་རལ་གཅིག་མ་ལ་གཏོར་མ་འབུལ་བ་ནི། སྟོང་པའི་ངང་ལས་མདུན་དུ་པད་ཉིའི་གདན་ལ་ཊྃ་ལས་ལྷ་མོ་ཁྲོས་མ་རལ་གཅིག་མ་ནག་མོ་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། སྤྱན་གསུམ་མ། ཁྲོས་པའི་ཉམས་ཅན། དར་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་དང་སྦྲུལ་གྱིས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་ཅན། ལྟོ་བ་འཕྱང་ཞིང་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། མི་བསྐྱོད་པའི་ཅོད་པན་ཅན། བདུད་བཞིའི་སྟེང་ན་གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་ཤིང༌། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཐུགས་ཀར་ཉི་མ་ལ་ཊྃ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཐུགས་ཀར་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་མེ་དང་མཚོན་ཆ་ལྟ་བུ་འཕྲོས་པས་བདུད་དང་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམས་ལ། ཧྲཱིཾ་ཏྲིཾ་ཧཱུྃ་ཕཊ། ཅེས་བཟླ། ཨོཾ་ཨེ་ཀ་ཛ་ཊཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཆར་སྤྲིན་འཁྲུགས་པ་ལྟ་བུའི་སྐུ། །གྲི་གུག་ཐོད་པའི་ཕྱག་རྒྱས་བརྗིད། །ས་གསུམ་གདུག་པ་འདུལ་མཛད་པའི། །ཁྲོ་གཉེར་ཅན་མཛད་མ་ལ་འདུད། །ཅེས་བསྟོད། སྔགས་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་དབུལ། འཕགས་མ་རལ་གཅིག་མས་བདུད་དང་དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་དྲག་པོའི་ལས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པས་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ་མོ། །འདི་ཡན་གྱི་མཆོད་པ་བྱིན་རླབས་དམིགས་བསལ་མེད་པ་རྣམས་ལ་རིགས་གསུམ་ལྟར་བྱ་ཞིང༌། མཇུག་ཏུ་ཡི་གེ་བརྒྱ་པས་ནོངས་པ་བཤགས། དམིགས་བསལ་རྣམས་མ་གཏོགས་མཐར་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུའོ། །དེ་རྣམས་ཀྱང་རང་རང་གང་མོས་དང༌། སྐབས་སུ་གང་བབ་པ་ཉམས་སུ་བླང་བ་ལས་མཐར་ཆགས་སུ་བྱ་མི་དགོས་སོ། །དེ་ནས་ཕྱོགས་སྐྱོང་རྒྱལ་ཆེན། འབྱུང་པོ། གཞི་བདག

p. 476

བགེགས་ཀྱི་གཏོར་མ་རྣམས་རྒྱུད་སྡེ་འོག་མའི་ཆོ་གའི་ཡན་ལག་ལས་འབྱུང་བ་ལྟར་རྒྱས་བསྡུས་གང་རུང་བྱ། ཤིན་ཏུ་བསྡུ་ན་བསང་སྦྱངས། ཨ་ཀཱ་རོས་བརླབས་ལ། དང་པོ་ནི། ཨོཾ་ད་ཤ་དིཀ྄་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་མགྲོན་དགུག པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་ད་ཤ་དིཀ྄་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲྀཧྞ་དཾ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཨོཾ་ད་ཤ་དིཀ྄་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲྀཧྞ་དཾ་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསོགས་ལན་གསུམ་གྱིས་གཏོར་མ་དབུལ། འཇིག་རྟེན་སྐྱོང་བ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་སྤྱི་ལྟར་བརྗོད་པས་ཕྲིན་ལས་གསོལ་བར་བྱའོ། །དེས་མཚོན་ཏེ། གཉིས་པ་ནི། ཨོཾ་ཙ་ཏུརྨ་ཧཱ་རཱ་ཛ་སེ་ན་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾ། སྔགས་མཐར་གྲྀཧྞེ་དཾ་ཨརྒྷཾ་སོགས་དང༌། གྲྀཧྞེ་དཾ་ན་མསྶརྦ་སོགས་བཏགས་པས་མཆོད་གཏོར་དབུལ། མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། །མཆོད་སྦྱིན་གཏོར་མ་སོགས་བརྗོད། གསུམ་པ་ནི། ཨོཾ་སརྦ་ལོ་ཀ་ཀཱ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾ། སྔགས་མཐར་ཨརྒྷཾ་སོགས་དང༌། ན་མསྶརྦ་སོགས་བཏགས་པས་མཆོད་གཏོར་དབུལ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཆོས་དོན་བདེན་པ་ལ་གནས་ནས། །ཞི་ཞིང་དུལ་བའི་སེམས་སུ་མཛོད། །བདག་ཅག་བྱང་ཆུབ་མ་ཐོབ་བར། །གེགས་མེད་བར་ཆད་མེད་པ་དང༌། །དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་ཐོབ་པའི་གྲོགས་ཀྱང་མཛོད། །བཞི་པ་ནི། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ སྔགས་མཐར་ཨརྒྷཾ་སོགས་དང༌། ན་མསྶརྦ་བཏགས་པས་མཆོད་གཏོར་སྦྱིན། གཞི་བདག་གནས་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་བརྗོད། ལྔ་པ་ནི། རང་ཉིད་རིགས་ཀྱི་ཁྲོ་བོའི་ང་རྒྱལ་དང་བཅས། བླ་མ་མཆོག་གསུམ་བདེན་པ་དང༌། །གསང་སྔགས་རིག་སྔགས་བྱིན་རླབས་ཀྱིས། །བགེགས་ཀྱི་རིགས་རྣམས་གང་ཡིན་ཀུན། །སྐད་ཅིག་གནས་འདིར་མཆིས་གྱུར་ཅིག །ཊཱཀྐི་ཧཱུྃ་ཛཿ ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ་སརྦ་བིགྷྣཱན་གྲྀཧྞེ་དཾ་ཨརྒྷཾ་སོགས་དང༌། སྔགས་

p. 477

དེ་མཐར་སརྦ་བིགྷྣཱན་ན་མསྶརྦ་སོགས་བཏགས་པས་མཆོད་གཏོར་བསྔོ། གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང༌། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །ཞེས་བསྒོ། ཐུན་མོང་དུ། ཡེ་དྷརྨཱ་སོགས་དང༌། སྡིག་པ་ཅི་ཡང་མི་བྱ་སོགས་ཆོས་སྦྱིན་བྱ། གཙྪ་གཙྪ་སྭ་བྷཱ་ཝ་ནཱཾ་ཞེས་རང་རང་གི་གནས་སུ་གཤེགས། ནག་ཕྱོགས་པ་སྡོད་སྲིད་པས་ཨ་མྲྀ་ཏ་སོགས་དྲག་སྔགས་ཀྱིས་མཚམས་གཅད། ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །དེ་ནས་ཟས་ཀྱི་རྣལ་འབྱོར་ལ་འཇུག་པའི་སྔ་ལོགས་སུ། དལ་འབྱོར་གྱི་ལུས་ཐོབ་ཅིང༌། ཆོས་དང་མཐུན་པའི་འཚོ་བའི་ཡོ་བྱད་རྙེད་པའང་དཀོན་མཆོག་གི་ཐུགས་རྗེ་ལས་བྱུང་བར་ངེས་པས་རྗེས་སུ་དྲན་པའི་མདོ་གདོན་ཅིང་དོན་ཡིད་ལ་བྱ། དེ་ནས་བཟའ་བའི་ཚེ། ལོག་པའི་འཚོ་བ་རྣམ་པར་སྤངས་ཏེ་ཆོས་དང་མཐུན་པའི་འཚོ་བ་ཇི་ལྟར་རྙེད་པ་དེ་ལ་ཆ་བཞིར་བགོས་ལ། ཆ་གཅིག་ནི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སྤྱིར་བཞག གཉིས་པ་ནི། བཀྲེས་པ་དང༌། ལོང་བ། ནད་པ་ལ་སོགས་པ་སྡུག་བསྔལ་བ་རྣམས་ཀྱི་ཕྱིར་བཞག གསུམ་པ་ནི། སེམས་ཅན་ལོག་པར་ལྷུང་བ་རྣམས་ལ་སྦྱིན། ཆ་བཞི་པ་རང་བཟའ་བའི་ཕུད་སྣོད་གཙང་མར་བཤམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་ལ། སོ་སོའི་གཏོར་སྔགས་སྤྱི་ཙམ་དུ། ཨོཾ་གུ་རུ་བཛྲ་ནཻ་ཝི་དྱཱེ་ཨཱཿཧཱུྃ་གིས་བླ་མ། ཨོཾ་དེ་བ་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿབཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ་གིས་ཡི་དམ་དང༌། ཨོཾ་སརྦ་བུདྡྷ་བོ་དྷི་སཏྭེ་བྷྱོ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ་ཞེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་མུ་དྲ་ས་པ་རི་ཝཱ་རེ་བྷྱཿབཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ་གིས་ཆོས་སྐྱོང༌། ཨོཾ་ཨཱརྻ་ཛམྦྷ་ལ་བཱ་སུ་དེ་ཝ་ས་པ་རི་ཝཱ་རེ་བྷྱཿབཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ་གིས་ནོར་ལྷ་རྣམས་ལ་དབུལ། སྣོད་གཞན་ཞིག་ཏུ་གཏོར་མ་གཅིག་བཞག་ལ། ཨོཾ་

p. 478

ཨཱཿཧཱུྃ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཏ྄་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་པས་འབྱུང་པོ་ཐམས་ཅད་ལ་སྦྱིན། དེ་ནས་ཆ་གསུམ་པ་ལ་ཆངས་བུ་གཅིག་ཕུད་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ཏེ། ཨོཾ་ཨ་གྲ་པིཎྜ་ཨཱ་ཤི་བྷྱཿསྭཱ་ཧཱ། གཏོར་མ་ཆངས་བུ་གཅིག ཨོཾ་དུ་ཏི་ཀཱི་ཨ་གྲ་སྃ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཞེས་པས་ཕོ་ཉ་མོ་རྣམས་ལ་ཕུལ་ཏེ། བཟའ་བའི་མཐའ་ཇི་སྲིད་བར་ས་ལ་བཞག་གོ །འཕྲོག་མའི་གཏོར་མ་རྒྱས་པ་ནི། གཏོར་མ་ཆངས་བུ་གསུམ་དང་ཤ་དང་ཆང་ལ་སོགས་པའང་སྣོད་གཅིག་ཏུ་བཞག་སྟེ་འཕྲོག་མ་ལ་སྦྱིན་པ་ནི། ཁ་ཟས་ཀྱི་སྔོན་འདི་ཉིད་དུའམ། དུས་གཞན་དག་ཏུའང་རུང་བས་ཁྱིམ་མམ་ལྷ་ཁང་ངམ། མཆོད་རྟེན་ལ་སོགས་པ་གང་ཡང་རུང་བར་བྱ་སྟེ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ལ། མདུན་དུ་ཧ་ལས་གནོད་སྦྱིན་མ་འཕྲོག་མ་གདོང་གཅིག་པ། ཁ་གདངས་མཆེ་བ་གཙིགས་པ་འཇིགས་སུ་རུང་བ། ལྕེ་འདྲིལ་བ། ལག་པ་གཡོན་པས་མགོ་བོ་འཛིན་ཅིང༌། གཡས་པ་ངོ་མཚར་གྱི་ཕྱག་རྒྱ་ཅན། རོ་སྨད་ཀྱི་ཆ་མིའི་པགས་པས་གཡོགས་པ། གར་གྱི་འགྱིང་ཚུལ་བྱས་ཤིང༌། སྣ་ཚོགས་པའི་མདོག་ཅན་དང༌། ཡཱ་ལས་དེའི་བདག་པོ་རྡོ་རྗེ་གནོད་སྦྱིན་གཅེར་བུ་སྐྲ་བཤིགས་པ་ཆ་ལུགས་འཕྲོག་མ་ལྟ་བུ་དང༌། བཻ་ལས་དེའི་བུ་རྣམ་ཐོས་སྲས་དཀར་པོ་མཆེ་བ་ཅུང་ཟད་གཙིགས་པའི་གདོང་གཅིག་པ། སེང་གེ་ལ་ཞོན་པ། ལག་པ་གཉིས་ཀྱི་གཡོན་ན་སེང་གེའི་རྒྱལ་མཚན་དང༌། པདྨའི་གཏེར་གྱིས་སྒེག་པ་དང་བཅས། གཡས་ན་རྔ་ཡབ་དཀར་པོ་གཡབ་ཅིང༌། རིན་པོ་ཆེའི་གཏེར་ཐོགས་པའོ། །ཨུཏྤ་ལའི་ཕྱག་རྒྱས། ཨོཾ་ཨེ་ཧྱེ་ཧྱེ་ཡ། ཧ་རི་ཏྱཻ། པཉྩ་ཤ་ཏ་པུ་ཏྲ་ས་པ་རི་ཝཱ་རེ་བཛྲ་ཡཀྵ་པྲི་ཡ་ཨ་སྨིཾ་སནྣི་ཧི་ཏོ་བྷ་བ་སྭཱ་ཧཱ། ཞེས་པས་བོས་ལ། ཨོཾ་ཧ་རི་ཏྱཻ་མ་ཧཱ་ཡཀྵ་ཎཱི་ཡེ། ཧ་ར་ཧ་ར། སརྦ་པ་པྃ་ཀྵི་སརྦ་ཡཀྵ་ཎཱི་པྲ་བེ་ཤ། པཉྩ་ཤ་ཏ་པུ་ཏྲ་ས་པ་རི་ཝཱ་ར། ཨི་དཾ་བ་ལིཾ། གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཡཀྵ་རུ་དྲ་མ་ཏྲ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། དེ་ཙམ་མི་ནུས་ན། ཨོཾ་ཧ་རི་ཏི་མ་ཧཱ་བཛྲ་ཡཀྵི་ཎཱི་ཧ་ར་ཧ་ར་སརྦ་པ་པཱ་ནི་མི་ཀྵིཾ་སྭཱ་ཧཱ། གང་རུང་བརྗོད་ནས། ཆུའི་སྣོད་དུ་བཅུག་སྟེ་དབེན་པར་དོར་བར་བྱའོ། །ཨོཾ་པྲ་ཡྃ་ཀ་ར་སྭཱ་ཧཱ་ཞེས་ཆངས་བུ་གཅིག་

p. 479

སྦྱིན་ནོ། །དེ་ནས་བདག་ཉིད་བཟའ་བ་ལ་ཆགས་པ་དང༌། བརྐམ་པ་དང༌། ཞེན་པ་མེད་པར་བཟའ་སྟེ། ལུས་གནས་པར་འགྱུར་བ་དང༌། འཚོ་བར་བྱ་བའི་ཕྱིར་དང༌། མི་གཙང་བའི་རྫས་རྣམས་ཀྱིས་གང་བའི་ལུས་སྙིང་པོ་མཐར་འཇིག་པ་འདིས་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་སྙིང་པོ་དེ་བཙལ་བར་བྱའོ། །ལུས་འདི་ལ་སྲིན་བུའི་རིགས་བརྒྱད་ཁྲི་ཡོད་པ་དག་འདིའི་མཐུས་བདེ་བར་གནས་པར་གྱུར་ཅིག ད་ལྟ་ནི་འདི་དག་ཟང་ཟིང་གིས་བསྡུ་བར་བྱ་ཞིང༌། བྱང་ཆུབ་ཐོབ་ནས་ནི་ཆོས་ཀྱིས་བསྡུ་བར་བྱའོ་ཞེས་སེམས་བསྐྱེད་ལ། རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྣལ་འབྱོར་པས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ་པ་ནི། རང་ལུས་ལྷག་པའི་ལྷར་གསལ་བའི། །ལྟེ་བར་གཏུམ་མོ་འབར་བ་ཡི། །མེ་ལྕི་སྙིང་གར་སླེབ་པའི་དབུས། །བླ་མ་ཡི་དམ་ལྷ་ཚོགས་དང༌། །ལྟེ་དབུས་མཁའ་འགྲོ་ཆོས་སྐྱོང་ཚོགས། །གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན། །གདན་གསུམ་ཚང་བའི་དཀྱིལ་འཁོར་པ། །ཏིལ་གྱི་གོང་བུ་ལྟ་བུར་བཞུགས། །ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས། །བཟའ་བཅའ་བཏུང་བའི་བསྲེག་རྫས་ཚོགས། །ཞལ་གྱི་ཐབ་ཏུ་ཕུལ་བ་ཡིས། །ལྷ་རྣམས་མཉེས་ཤིང་ཚིམ་ནས་ཀྱང༌། །མཆོག་ཐུན་དངོས་གྲུབ་སྩལ་བར་གྱུར། །ཅེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་རོལ། དེ་ལྟ་བུ་མི་ཤེས་པའམ་མི་ནུས་ན། བདག་ཉིད་འཇིག་རྟེན་དབང་ཕྱུག་གི་སྐུར་གསལ་བས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ཏེ་བདུད་རྩིར་བསམས་ལ་བཟའོ། །གཞན་ཡང་ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལཱི་ནི་སྭཱ་ཧཱ། ཞེས་ལན་བརྒྱད་བསྔགས་ཏེ། ཐོག་མར་མཐེ་བོང་དང་སྲིན་ལག་གིས་བླངས་ནས་ཟོས་ན་དུག་ལ་སོགས་པའི་ཉེས་པ་ཞི་བར་བཤད་དོ། །དེ་ནས་ཁམ་རེ་རེ་ཞིང་ལྷ་ལ་བདུད་རྩིའི་མཆོད་པ་ཕུལ་བར་བསམས་ཏེ། ཨོཾ་དི་བྱ་ཨནྣ་ས་མ་དྷི་དྷྱཱ་ན་པྲི་ཎ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ཁ་བཀང་བ་དང༌། སྒྲ་དང་བཅས་པ་དང༌། ཁ་གདངས་པ་དང༌། བུལ་བ་དང༌། མྱུར་བར་མི་ཟ་ཞིང༌། བཟའ་བ་ཉུང་ན་དགེ་བའི་བྱ་བ་ལ་སྦྱོར་མི་ནུས། མང་དྲགས་ན་གཉིད་ཆེ་བར་འགྱུར་བའི་ཕྱིར་རན་པར་བཟའོ། །དེ་ལ་ལྟོ་བའི་ཆ་གཉིས་ཟས་ཀྱིས་དགང༌། ཆ་གཅིག་སྐམ་གྱིས་

p. 480

དགང༌། རླུང་ལ་སོགས་པའི་གནས་སུ་ཆ་གཅིག་སྟོང་པར་བཞག་གོ །ཁ་ཟས་མང་བ་རྙེད་ན་ནི་ཕྱོགས་འདིར་ཟས་ཀྱིས་ཕོངས་པ་སུ་ཞིག་ཡོད་ཅེས་ཕྱོགས་བཞིར་བརྟགས་ལ་བཀྲེས་པས་ཉེན་པ་དག་ལ་བགོ་བཤའ་བྱའོ། །ཉུང་བ་ལས་མ་རྙེད་ན་ནི་འདི་སྙམ་དུ་ཁ་ཟས་ཉུང་བས་ནི་ལུས་སེམས་ཡང་བ་དང༌། གཉིད་ཆུང་བ་དང༌། སྤོང་བ་བཟོད་པ་དང༌། གཤང་ལྕི་ཉུང་བ་དང༌། དད་པས་བྱིན་པ་ཉུང་བས་སྒྲིབ་པ་ཆུང་བར་འགྱུར་རོ། །ཞེས་བསམ་མོ། །ཟས་ཀྱི་ལྷག་མ་ཆ་གཅིག ཨོཾ་ཨུཙྪིཥྚ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ་ཞེས་ལྷག་མ་ཟ་བའི་འབྱུང་པོ་རྣམས་ལ་སྦྱིན། ཟས་བྱིན་པའི་འབྱུང་པོ་འཕྲོག་མ་དང་ཡི་དྭགས་རྣམས་ཚིམ་ནས་རང་རང་གི་གནས་སུ་སོང་བར་བལྟའོ། །ལྷག་མ་ཆ་གཅིག་རྡོ་ལེབ་ལ་སོགས་པའི་སྟེང་དུ་དོར་ལ། གཅན་གཟན་དང་བྱའི་ཚོགས་གང་ལ་ལ་ཟས་འདོད་པ་ལ་བྱིན་ནས་ལེན་པ་དེ་དག་གི་བྱིན་པའི་སྦྱིན་པ་འདི་ལ་ཟོ་ཞིག་ཅེས་སེམས་བསྐྱེད་དོ། །དེ་ལྟ་བུའང་ཤིན་ཏུ་བསྡུ་ན། ཟས་ཀྱི་ཕུད་ལས་སྣོད་གཙང་མར་ལྷ་བཤོས་ལྔ་བྱས་ལ། དང་པོ། ཨོཾ་གུ་རུ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ་གིས་བླ་མ། གཉིས་པ། ཨོཾ་དེ་ཝ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ་གིས་ཡི་དམ། གསུམ་པ། ཨོཾ་ཏྲི་རཏྣ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ་གིས་དཀོན་མཆོག་སྤྱི། བཞི་པ། ཨོཾ་དྷརྨཱ་པཱ་ལ་བཛྲ་ནི་ཝི་དྱཱ་ཨཱཿཧཱུྃ་གིས་ཆོས་སྐྱོང༌། ལྔ་པ། ཨོཾ་བ་སུ་དེ་ཝ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ་གིས་ནོར་ལྷ་རྣམས་ལ་དབུལ། ཆངས་བུ་གསུམ་བྱས་ལ་དང་པོ། ཨོཾ་ཧ་རི་ཏེ་སྭཱ་ཧཱས་འཕྲོག་མ། གཉིས་པ། ཨོཾ་ཧ་རི་ཏེ་བཛྲ་ཡཀྵི་ཎི་སྭཱ་ཧཱས་དེའི་བུ་ལྔ་བརྒྱ། གསུམ་པ། ཨོཾ་ཨ་གྲ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱས་ཕུད་ལ་དབང་བའི་འབྱུང་པོ་ལ་སྦྱིན། དེ་ནས་ནང་གི་སྦྱིན་སྲེག་རྒྱས་བསྡུས་གང་རུང་གི་ཚུལ་དུ་ཚིམ་པར་རོལ་མཐར། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷ་ཀྵ་སི་སྭཱ་ཧཱས་ལྷག་མའི་ཆངས་བུ་སྦྱིན་ནོ། །དེ་ནས་ཁ་བཀྲུས་ཏེ་མདོ་ཟབ་མོ་བཏོན་པའི་རྗེས། ན་མོ་བྷ་ག་ཝ་ཏེ། སུ་མེ་རུ་ཀལྤ་རཱ་ཛཱ་ལ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཀལྤེ་ཀལྤེ། མ་ཧཱ་ཀལྤེ་ཀལྤེ་བ་རི་ཤོ་དྷ་ནི་སྭཱ་ཧཱ། ཞེས་སམ། ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་ར་ལམྦེ་

p. 481

ནི་ར་བྷཱ་སེ། ཛ་ཡེ་ཛ་ཡ་ལ་བྷེ་མ་ཧཱ་མ་ཏེ་དཀྵེ་དཀྵི་ཎཾ་མེ་པ་རི་ཤོ་དྷཱ་ཡ་སྭཱ་ཧཱ། ཞེས་མང་དུ་བརྗོད་དེ། གང་གཟུངས་འདི་ལན་གཅིག་བརྗོད་པར་བྱེད་པ་དེའི་རི་རབ་ཙམ་གྱི་བསོད་སྙོམས་ཀྱང་ཡོངས་སུ་སྦྱོང་བར་འགྱུར་རོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡིན་ན། འཇིག་རྟེན་གྱི་ཁམས་མ་ལུས་པ་ན་གནས་པའི་འགྲོ་བ་གསུམ་པོ་བདེ་བར་གྱུར་ཅིག ཅེས་བརྗོད། རབ་ཏུ་བྱུང་བས་ནི། སྦྱིན་པའི་ཚིགས་བཅད་བརྗོད་དེ། རྒྱལ་པོ་སྦྱིན་བདག་ཉིད་དང་གང༌། །སེམས་ཅན་ཕུང་པོ་གཞན་རྣམས་ཀྱང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །སྦྱིན་པས་འབྱུང་པོ་དབང་དུ་འགྱུར། །སྦྱིན་པས་འཁོན་རྣམས་ཉམས་པར་གྱུར། །སྦྱིན་པས་ཕ་རོལ་གཉེན་དུ་གྱུར། །དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པས་ངན་འགྲོ་ཟློག་པར་བྱེད། །སྦྱིན་པ་མཐོ་རིས་ཐེམ་སྐས་ཏེ། །སྦྱིན་པ་ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས། །མི་ཟད་ནམ་མཁའ་ལྟ་བུ་གང༌། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་དེ་ནི་ཡང་དག་སྤེལ། །ཞེས་པ་ལ་སོགས་པ་སྦྱིན་པའི་ཚིགས་བཅད་བཏོན་ལ། སྨོན་ལམ་འདི་གདབ་པར་བྱ་སྟེ། གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག གང་གིས་བདག་ལ་སྐོམ་བླུད་པ་དེ་དག་དང༌། «ཡབ་སྲས་མཇལ་བའི་མདོ་ལས།་་་་་»གང་གིས་བདག་ལ་རིམ་གྲོ་བྱས་པ་དང༌། བཀུར་སྟི་བྱས་པ་དང༌། བསྟི་སྟང་བྱས་པ་དང༌། མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག གང་བདག་ལ་གཤེ་བར་བྱེད་པ་དང༌། མི་བདེ་བར་བྱེད་པ་དང༌། བརྡེག་པ་དང༌། མཚོན་གྱིས་འདེབས་པ་དང༌། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག ཅེས་དང༌། «སྒྱུ་མ་མཁན་བཟང་པོ་ལུང་བསྟན་པར་་་་་་»གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་རྣམས་ལ་ཡོངས་རྫོགས་ཤོག །ཅེས་བརྗོད་དོ། །གལ་ཏེ་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པ་ཡིན་ན།

p. 482

ཁ་ཟས་བཟའ་བཏུང་དང་འབྲེལ་བར་ལག་པའི་མཆོད་པར་བྱ་བར་སྤྲོ་ན་གཉིས། རྒྱས་པ་དང༌། བསྡུས་པའོ། །དང་པོ་ནི། བཟའ་བཏུང་རྣམས་མདུན་དུ་བདར་ལ། རང་གི་ལག་པ་གཡོན་པའི་མཐིལ་དུ་ཧ་དམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཧ་དམར་པོས་མཚན་པ་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་བསམས་ཏེ་སྟེང་ནས་ཐུར་དུ་ཁ་སྦུབས་པས་དགབ། ལག་པ་གཡས་པའི་མཐིལ་དུ་ཧོ་དཀར་པོ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཧོ་དཀར་པོས་མཚན་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསམས་པ་ཁ་འོག་ནས་གྱེན་དུ་བསྟན་པའི་ཁར་ཟས་དངོས་སུ་འཇོག་པའམ་བཞག་པར་མོས། བཟའ་བཏུང་གང་ཡིན་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་ཤ་ལྔ་བདུད་རྩི་ལྔས་གང་བར་བསྒོམས་ཏེ། དེའི་སྟེང་དུ་དབུས་སུ་ཧྲཱིཿསྔོན་པོ་མི་བསྐྱོད་པའི་རང་བཞིན་ཅན་འཁོད་པར་དམིགས་ལ། ཡི་གེ་གསུམ་པོའི་རང་མདོག་གི་འོད་ཟེར་གྱིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས་པར་བསམས་ཏེ། ཧ་ཧོ་ཧྲཱིཿཞེས་བརྗོད། ཧྲཱིཿའི་གཡས་སུ་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། གཡོན་དུ་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། མདུན་དུ་ཐུགས་རྗེའི་ངོ་བོ་ཧཱུྃ་སྔོན་པོ་གསུམ་ལྡེམ་མེར་འཁོད་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་འབྲུ་གསུམ་སོ་སོར་ཐིམ། དེ་བདུད་རྩིར་ཐིམ་པས་དམ་ཚིག་པའི་བདུད་རྩི་ཡེ་ཤེས་ཀྱི་བདུད་རྩིས་ནུས་ལྡན་དུ་བྱས་པར་བསམས་ལ། ཁ་དོག་དྲི་རོ་ནུས་པའི་སྐྱོན་ཐམས་ཅད་སྦྱངས་ནས་བདུད་རྩི་ལྔའི་ངོ་བོར་གྱུར་ཅེས་བརྗོད་ལ། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱི་བྱིན་གྱིས་བརླབ། དེ་ནས་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་པ་དེས་ལག་གཡས་པའི་མཐེ་བོང་ལ་ཐིག་ལེ་བཏབ་སྟེ། རྡོ་རྗེ་སེམས་དཔའི་ངོ་བོ་ཨོཾ་ཧ་དཀར་པོ། རིམ་པ་བཞིན་དུ་མཛུབ་མོ། གུང་མོ། སྲིན་ལག མཐེའུ་ཆུང༌། རྒྱབ་ཀྱི་སེན་མོ་ལྔ་སྤྱི་བསྡོམས་རྣམས་ལ་ཐིག་ལེ་བཏབ་སྟེ། རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། དཔལ་ཧེ་རུ་ཀའི་ངོ་བོ་བཽ་ཥ་ཊ྄་ཧེ་ནག་པོ། རྡོ་རྗེ་ཉི་མའི་ངོ་བོ་ཧཱུྃ་ཧཱུྃ་ཧོ་དམར་སེར། རྟ་མཆོག་གི་ངོ་བོ་ཕཊ་ཧྃ་ལྗང་གུ་རྣམས་ཀྱིས་མཚན་པར་གྱུར། ཅེས་བརྗོད་པས་སོར་མོ་ཐམས་ཅད་ཡི་གེའི་མདོག་གི་འོད་

p. 483

ཟེར་གྱིས་གསལ་བར་བསམ། དེ་ནས་གཡོན་པའི་ལག་མཐིལ་དུ་ཡི་གེའི་མདོག་དང་མཚུངས་པའི་པདྨ་འདབ་མ་ལྔ་པ་ཞིག་བསམས་ལ། དང་པོ་ལག་མཐིལ་གྱི་དབུས། དེ་ནས་མདུན་གྱི་འདབ་མ་ནས་བཟུང་གཡོན་སྐོར་དུ་ཐིག་ལེར་བཀོད། རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བྃ་དམར་པོ། གཤིན་རྗེ་མོའི་ངོ་བོ་ཧྃ་ཡོཾ་སྔོན་པོ། རྨོངས་བྱེད་མའི་ངོ་བོ་ཧྲིཾ་མོཾ་དཀར་པོ། སྐྱོད་བྱེད་མའི་ངོ་བོ་ཧྲཱིཾ་ཧྲཱིཾ་སེར་པོ། སྐྲག་བྱེད་མའི་ངོ་བོ་ཧུྃ་ཧཱུྃ་ལྗང་གུ། ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཀས་མཚན་པར་གྱུར། ཅེས་བརྗོད་ཅིང་ཐམས་ཅད་ཀྱང་འོད་ཟེར་འབར་བ་ལྷ་དེ་དང་དེ་དངོས་སུ་གྱུར་པར་བསམ། ལག་པའི་ཤ་རུས་སོགས་ས་ཁམས་ལ་བརྟེན་པ་ཐམས་ཅད་སྤྱན་མའི་ངོ་བོ། ཁྲག་ཆུ་སེར་སོགས་ཆུ་ཁམས་ཐམས་ཅད་མཱ་མ་ཀིའི་ངོ་བོ། དྲོད་སོགས་མེ་ཁམས་ཐམས་ཅད་གོས་དཀར་མོའི་ངོ་བོ། རླུང་སོགས་སྒྲོལ་མའི་ངོ་བོ། རྩའི་སྦུབས་སྟོང་སོགས་ནམ་མཁའི་ཁམས་ཐམས་ཅད་རྡོ་རྗེ་ཕག་མོའི་ངོ་བོར་མོས་ཤིང༌། ལག་པའི་རྒྱབ་ཀྱི་བོལ་གོང་ཐམས་ཅད་དཔལ་ཧེ་རུ་ཀའི་ངོ་བོའི་ལྷ་ཚོགས་སོགས་ཚོགས་ཞིང་གཞན་རྣམས་ཀྱང་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་བཞིན་དུ་བཞུགས་པར་བསམས་ལ། གོང་གི་ཡི་གེ་ལྷར་མོས་པ་རྣམས་མཆོད་པས་གཞན་ཐམས་ཅད་ཀྱང་ཚིམ་པར་བསམས་ལ། སླར་ཡང་བདུད་རྩི་ནས་བླངས་ཏེ་མཐེབ་སྲིན་གྱིས་འཐོར་ཞིང༌། ཨོཾ་ཧ་ཨོཾ་ཨཱཿཧཱུྃ། ན་མ་ཧི་ཨོཾ་ཨཱཿཧཱུྃ། སྭཱ་ཧཱ་ཧུ་ཨོཾ་ཨཱཿཧཱུྃ། བཽ་ཥ་ཊ྄་ཧེ་ཨོཾ་ཨཱཿཧཱུྃ། ཧཱུྃ་ཧཱུྃ་ཧོ་ཨོཾ་ཨཱཿཧཱུྃ། ཕཊ་ཧྃ་ཨོཾ་ཨཱཿཧཱུྃ། ཨོཾ་བྃ་ཨོྃ་ཨཱཿཧཱུྃ། ཧྃ་ཡོཾ་ཨོཾ་ཨཱཿཧཱུྃ། ཧྲིཾ་མོཾ་ཨོཾ་ཨཱཿཧཱུྃ། ཧྲིཾ་ཧྲིཾ་ཨོཾ་ཨཱཿཧཱུྃ། ཧུྃ་ཧཱུྃ་ཨོཾ་ཨཱཿཧཱུྃ། ཕཊ་ཕཊ་ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་བདུན་ཅི་རིགས་ཀྱིས་མཆོད། དེ་ཡང་ཇ་ཆང་འོ་ཞོ་སོགས་བཏུང་བ་རྣམས་ནི་དངོས་སུ་འཐོར་བ་ཡིན་ལ། བཟའ་བ་རྣམས་ནས་བླངས་པའི་མོས་པས་མཆོད། མཐར་ལག་པའི་ལྷ་ཚོགས་ལ། དཔལ་ཧེ་རུ་ཀ་ཡབ་ཡུམ་གྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་དྲག་ཏུ་གདབ། དངོས་གྲུབ་ཞུ་བའི་སླད་དུ་ལག་པ་སྤྱི་བོར་བཞག་ཅིང༌། ལྷ་ཚོགས་རྣམས་ལག་པའི་གནས་སོ་སོ་དང༌། རང་ལ་ཐིམ་པར་བསམ། ལག་པར་འགོས་པའི་ཁ་ཟས་ནས་བཟའ་བཏུང་ལ་བསྲེས་ཏེ་སླར་ཡང་ཕུད་ཀྱིས་ལྷ་ཚོགས་མཆོད་

p. 484

ཅིང༌། རང་གིས་མྱང་བར་བྱ་དགོས་ཏེ་ཧེ་རུ་ཀའི་རྒྱུད་ལེའུ་སོ་གཅིག་པ་ལས། ལག་པ་གཡོན་གྱིས་བརྡ་རྣམས་ཏེ། །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །འདི་ནི་དཔའ་བོའི་གནས་ཡིན་ཏེ། །བརྡ་རྣམས་ལ་ནི་རབ་འཇུག་པའི། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །འགྲོ་ཀུན་གཡོན་ནས་འབྱུང་བ་ཡིན། །རྡོ་རྗེ་སེམས་དཔའ་སྦོམ་པོར་གནས། །ཞེས་པ་ནས། གསང་བ་འདི་ནི་མི་བཤད་ཅིང༌། །རབ་ཏུ་འབད་དེ་སྦ་བར་བྱ། །ཞེས་པའི་བར་གྱིས་རྒྱས་པར་བསྟན་པའི་ཕྱིར་རོ། །གཉིས་པ་བསྡུས་པ་ནི། གྲུབ་ཆེན་ཛ་ཡ་སེ་ན་སོགས་ཀྱིས་གསུངས་པ་ལྟར་ཉམས་སུ་བླང་སྟེ། མདུན་དུ་བཀོད་པའི་ཁ་ཟས་བདུད་རྩིར་བརླབས་པ་དེ་ནས་སྔར་བཞིན་བླངས་ཏེ། དང་པོ་ལག་པ་གཡོན་པའི་མཐིལ་དུ་ཐིག་ལེ་བཏབ་སྟེ། རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བྃ་དམར་པོ་ཞེས་བརྗོད། རིམ་བཞིན་མཐེའུ་ཆུང༌། སྲིན་ལག གུང་མོ། མཛུབ་མོ། མཐེ་བོང་རྣམས་ལ་བཀོད་དེ། གཤིན་རྗེ་མའི་ངོ་བོ་ཧྃ་ཡོཾ་སྔོན་པོ། རྨོངས་བྱེད་མའི་ངོ་བོ་ཧྲཱིཾ་མོྃ་དཀར་པོ། སྐྱོད་བྱེད་མའི་ངོ་བོ་ཧྲིཾ་ཧྲིཾ་སེར་པོ། སྐྲག་བྱེད་པའི་ངོ་བོ་ཧུྃ་ཧཱུྃ་ལྗང་གུ། ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཀ་རྣམས་ཀྱིས་མཚན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། སླར་བདུད་རྩི་ནས་རེ་རེར་འཐོར་བ་དང་བཅས། ཨོཾ་བྃ་ཨོཾ་ཨཱཿཧཱུྃ་ནས། ཕཊ་ཕཊ་ཨོཾ་ཨཱཿཧཱུྃ་གི་བར་གྱིས་མཆོད་ལ། བཅོམ་ལྡན་འདས་མའི་ལྷ་ཚོགས་རྣམས་ཀྱིས་སོགས་གསོལ་བ་གདབ། དངོས་གྲུབ་བླང༌། མཐར་ལྷ་ཚོགས་རྣམས་གནས་སོ་སོར་ཐིམ་པར་བསམ་པ་སོགས་གོང་ལྟར་བྱ། སླར་ཡང་ཕུད་ཀྱིས་མཆོད་ཅིང༌། དེ་ནས་རང་གིས་ཚིམ་པར་རོལ། རྒྱས་བསྡུས་གང་ཡིན་ཀྱང་རང་གིས་རོལ་པའི་ཚེ་ཟག་མེད་ཀྱི་བདེ་བས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་དགྱེས་པ་བསྐྱེད་པར་བསམས་ལ་ཚིམ་པར་རོལ་ཞིང༌། ལྷག་མ། ཕེཾ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱས་ལྷག་མ་ལ་དབང་བ་རྣམས་ལ་བྱིན་ལ་བདག་མེད་པའི་ལྟ་བ་དྲན་པར་བྱས་ཏེ་ངལ་བསོ། དེ་ལས་ལྡང་བ་ན། ཧེ་རུ་ཀ་དཔལ་རྣལ་འབྱོར་མའི། །འཁོར་ལོ་རྒྱལ་བ་རྒྱ་མཚོའི་ཚོགས། །བདེ་བ་མཆོག་གིས་རབ་དགྱེས་པས། །འགྲོ་ཀུན་བདེ་བ་ཆེ་ཐོབ་ཤོག །ཅེས་བསྔོ་བ་དང༌། གནས་འདིར་ཉིན་མོ་བདེ་ལེགས་སོགས་ཤིས་པ་བརྗོད་པའང་བྱའོ། །ཟས་ཀྱི་རྣལ་འབྱོར་འདི་དག་ཚུལ་བཞིན་དུ་བགྱིས་པས་

p. 485

ཡོན་བྱང་བ་དང༌། སྡིག་སྒྲིབ་དང་ཉམས་ཆག་འདག་པ་དང༌། ཚོགས་རྒྱ་ཆེན་པོ་རྫོགས་པ་དང༌། ཚེ་དང་ལུས་ཀྱི་བཅུད་ལེན་དུ་འགྱུར་བ་དང༌། བཟའ་བཏུང་ལོངས་སྤྱོད་འཕེལ་བ་སོགས་གནས་སྐབས་དང༌། མཐར་ཐུག་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་སྨིན་པ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །དེ་ནས་ཐུན་མཚམས་རྣམས་སུ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་བཅུའམ། ཕར་ཕྱིན་དྲུག་གམ། བསྡུ་དངོས་བཞིའམ། མགོན་པོ་བྱམས་པས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་དོན་བསྒོམ་པ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་གཞལ་དུ་མེད། །ཅེས་ཆོས་སྤྱོད་བཅུ་དང༌། སྤྱན་རས་གཟིགས་ཀྱི་ཞལ་ནས། རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་འཛུགས། །མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས། །འགྲོ་བའི་དོན་དུ་བརྩོན་པ་ང་ཡི་སྲས། །ལུས་དེ་བོར་ནས་བདེ་བ་ཅན་དུ་འགྲོ། །ཞེས་ཁྱད་པར་གྱི་ཆོས་སྤྱོད་བཅུ་དང༌། འདུལ་བ་ལུང་ལས། ཀུན་དགའ་རྭ་བ་གཙུག་ལག་ཁང༌། །མལ་སྟན་འཚོ་བ་ནར་མ་དང༌། །གློ་བུར་ནད་པར་ནད་གཡོག་དང༌། །ཡུལ་ངན་ཚེ་ན་སྦྱིན་པ་སྟེ། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཅེས་སོགས་གསུངས་པ་རྣམས་སྐབས་སུ་གང་བབ་པ་དག་ཅི་ནུས་སུ་སྤྱད་ཅིང༌། ཁྱད་པར་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཅེས་གཙོ་བོར་བྱ་བ་དང༌། རྡོ་རྗེ་ཐེག་པ་ལ་ལྷག་པར་གནས་པ་རྣམས་ཀྱིས་ནི་རྡུལ་ཚོན་ནམ། རས་བྲིས་སམ། མཎྜལ་གྱི་ཚོམ་བུ་ཙམ་ལ་བརྟེན་པའི་ལྷག་པའི་ལྷ་མཉེས་པར་བྱ་བའི་སྒྲུབ་མཆོད་དང༌། དབང་བླང་བ་དང༌། ཚོགས་འཁོར་དང༌། སྦྱིན་སྲེག་སོགས་སྒོ་དུ་མ་ནས་འབད་པར་བྱ་བ་ཡིན་ལ། དེ་ཐམས་ཅད་ཀྱང་སྦྱོར་བ་སེམས་བསྐྱེད། དངོས་གཞི་དང་དམིགས་མེད། རྗེས་བསྔོ་བ་དང་སྨོན་ལམ་གྱི་རྩིས་ཟིན་པར་བྱའོ། །འདིར་ཉེར་མཁོའི་བྱ་བ་ཅུང་ཟད་བརྗོད་ན། ཕྱག་བསྐོར་བཀའ་བཀླག་སཱཙྪ་གདབ། །མཆོད་སྦྱིན་བསག་སྦྱོང་སྤེལ་བའོ། །ཞེས་དགུ་ལས། དང་པོ་ཕྱག་འཚལ་བ་ནི། བདེ་བར་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་རྟེན་

p. 486

སོགས་ཀྱི་སྤྱན་སྔར་ཡན་ལག་མ་ལྔ་ས་ལ་གཏུགས་པའི་བརྐྱང་ཕྱག་འཚལ་བ་དང་སྦྲགས། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་འདུད་པར་བསམས་ལ། ན་མོ་མཉྫུ་ཤྲཱི་ཡེ། ན་མསྶུ་ཤྲཱི་ཡེ། ན་མཿཨུཏྟ་མ་ཤྲཱི་ཡེ། ཞེས་བརྗོད་ཅིང་ཕྱག་འཚལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་དང་བསྙེན་བཀུར་བྱས་པར་འགྱུར་རོ། །གཉིས་པ་བསྐོར་བ་བྱ་བ་ནི། དེ་ལྟ་བུའི་རྟེན་ལ་སྤྱོད་ལམ་མཛེས་པས་དལ་བྲེལ་སྙོམས་པར་བསྐོར་ཞིང༌། དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་བི་ཛ་ཡ་སྭཱ་ཧཱ། ཞེས་བཟླས་ནས་བསྐོར་བ་གཅིག་བྱས་པས་བྱེ་བར་འགྱུར་རོ། །འདི་བཟླས་ནས་ཕྱག་བྱས་ནའང་ཕྱག་བྱེ་བར་འགྱུར་བར་གསུངས་སོ། །བསྐོར་བའི་ཚེ་རྟེན་གྱི་གྲིབ་མ་དང༌། གཞན་ཡང་མཆོད་རྫས་དམན་པ་སོགས་འགོམ་དགོས་ན། ཨོཾ་བཛྲ་པེ་ག་ཀྲ་མ་ཧོཿ ཞེས་བརྗོད་ཅིང་ནམ་མཁའ་ལ་བཏེག་སྟེ་འོག་ནས་འགྲོ་བར་བསམས་ན་ཉེས་པ་མི་འབྱུང་ངོ༌། །གསུམ་པ་བཀའ་བཀླག་པ་ནི། རྒྱུད་ལས། ལངས་ནས་བཅོམ་ལྡན་འདས་ཀྱི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་པ་བཀླག །ཅེས་གསུངས་པ་ལྟར། སྙིང་རྗེའི་ཡིད་ཀྱིས་མི་སྣང་བའི་སེམས་ཅན་རྣམས་ལ་ཆོས་འཆད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པར་བྱའོ། །གཞན་ཡང་གླེགས་བམ་བཀླག་པར་འདོད་པས་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་གསུངས་པ། དྲིའི་མཎྜལ་ཟླུམ་པོ་ལ་དབུས་སུ་རི་རབ། ཕྱོགས་མཚམས་སུ་གླིང་བཞི་དང་ཉེ་བའི་གླིང་རྣམས། ཨོཾ་ཧྃ་མ་ཧཱ་མེ་ར་ཝེ་ན་མཿལ་སོགས་པའི་སྔགས་ཀྱིས་བཀོད་དེ་མཆོད་པས་བསྐོར་ལ། མཎྜལ་དེའི་སྟེང་དུ་གླེགས་བམ་བཞག་ལ། ཆོས་ལ་གུས་པས་བཀླག་གོ །དེ་ལྟ་བུ་མ་གྲུབ་ཀྱང༌། གླེགས་བམ་བཀླག་པ་དང༌། བྱང་ཆུབ་སེམས་དཔའི་ཆོས་ཁ་ཏོན་དུ་བྱེད་པས། རང་གི་ལྷའི་རྣལ་འབྱོར་གྱིས་སམ། ཡང་ན། རང་ཉིད་པད་ཟླ་ལ་རྡོ་རྗེ་ཆོས་དཀར་དམར། པདྨ་དཀར་པོའི་སྡོང་བུ་བསྣམས་པའི་འདབ་མ་ཁ་འབྱེད་པར་མཛད་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལྐོག་མར་པདྨ་འདབ་བརྒྱད་ཀྱི་ལྕེའི་འདབ་མར་རྡོ་རྗེ་དཀར་པོ་རྩེ་

p. 487

ལྔ་པའོ། །ཞེས་བསམས་ལ། ཚུལ་«་་་་་མ་ག་དྷཱ་བཟང་མོའི་རྟོགས་བརྗོད་ལས།» ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་གྲོལ། །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་དག་ལ་རྗེས་བཟུང་བའི། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཞེས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་པར་དམིགས། དེའང་མཚན་ཡང་དག་པར་བརྗོད་པའམ། འཇིག་རྟེན་དབང་ཕྱུག་གི་གཟུངས་ལ་སོགས་པ་བཀླག་ན། འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་ལ་སོགས་པ་མདུན་གྱི་ནམ་མཁར་བལྟའོ། །དེ་ནས་དེ་དག་དང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་བདག་ཉིད་ཀྱི་དམ་པའི་ཆོས་ལ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཡན་ལག་བདུན་དབུལ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྒོམ་པ་སྔོན་དུ་འགྲོ་ཞིང༌། སངས་རྒྱས་ཆོས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དྲན་པས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཚིག་གཅིག་གི་དོན་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་ཡང་ཡིན་ནོ། །འོན་ཀྱང་བདག་ནི་རང་གི་ལས་ཀྱི་ཉེས་པས་ཤེས་རབ་ཆུང་ཞིང་བློ་ཞན་ཏེ། དེ་ལྟ་ཡིན་དུ་ཟིན་ཀྱང༌། གང་བཅོམ་ལྡན་འདས་ཀྱི་གསུང་རབ་ཏུ་བཟུང་ནས་དེང་བདག་གིས་ཁ་ཏོན་བྱས་ཏེ། ཆོས་ཀྱི་སྒྲ་སེམས་ཅན་གང་གི་རྣ་ལམ་དུ་གྲགས་པ་དེ། དེ་བཞིན་གཤེགས་པའི་སྤོབས་པ་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལ་སོགས་པ་ཇི་ཙམ་འདོད་པར་བཀླག་གོ །མཎྜལ་ཡོད་ན། ཨོཾ་བཛྲ་མཎྜ་ལ་མུཿ མཎྜལ་ཕྱིས་ནས་ལྷ་རྣམས་རང་ལ་གཞུག་ཅིང༌། བསྔོ་བ་དང་སྨོན་ལམ་ཇི་ལྟར་རིགས་པ་བྱ། བསྡུ་ན། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན་སོགས་ཤློ་ཀ་གཅིག་བརྗོད་དོ། །ཡང་སྡུད་པ་སོགས་ཤེར་མདོ་གདོན་པའི་ཚེ། སྐྱབས་སེམས་སྔོན་དུ་འགྲོ་བས། དབང་པོ་རབ་ཀྱིས་ཆོས་ཐམས་ཅད་སྐྱེ་མེད་སྤྲོས་པ་དང་བྲལ་བ་བརྗོད་དུ་མེད་པར་ཤེས་པར་བྱས་ཏེ། དེའི་ངང་ལས་མ་གཡོས་པར་གདོན། འབྲིང་གིས་དེ་ལྟ་བུའི་གནས་ལུགས་སྔོན་དུ་དྲན་པར་བྱས་ཏེ། རྨི་ལམ་དང་སྒྱུ་མ་ལྟ་བུའི་ངང་ནས་གདོན། ཐ་མས་དེ་གཉིས་སྔོན་དུ་དྲན་པར་བྱས་ཏེ། ཚིག་གི་སྒྲ་

p. 488

ལ་སེམས་མ་ཡེངས་པར་བྱས་ལ་གདོན། བཏོན་ཟིན་པ་ན་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ཁྱད་པར་སྔགས་ཀྱི་ཚུལ་དང་རྗེས་སུ་འབྲེལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་ན། སྐྱབས་སེམས་རྗེས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཨ་དཀར་པོ། པྲ་སེར་པོ། ར་དམར་པོ་རྣམས་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ། ལྷག་མ་གཉིས་རྡོ་རྗེ་དང་པུ་སྟི་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་བ་སྤུའི་ཁུང་བུ་རྣམས་ལས་འོད་ཟེར་འཕྲོས་པ་ལས་སྐྱེ་བ་མེད་པ་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་རྣམས་དང༌། དེ་དག་ལས་ཀྱང་འོད་འཕྲོས་པས་བྱང་ཆུབ་སེམས་དཔའི་སྐུ་རྣམས་དང༌། དེ་དག་གི་འོད་ཟེར་ལས་རིག་པའི་རྒྱལ་པོ་རྣམས་འཇིག་རྟེན་པའི་ལྷ་མ་ལུས་པས་བསྐོར་བའོ། །རང་གི་སྤྱི་བོར་ཨ་དཀར་པོ། སྙིང་གར་པྲ་སེར་པོ། གདན་ལ་ར་དམར་པོ་རྣམས་བསྒོམས་ཏེ། ལག་གཉིས་ཁུ་ཚུར་མཛུབ་མོའི་རྩེ་མོའི་ཚིགས་གསུམ་པ་འཁྱོག་ཅིང༌། གུང་མོ་བརྐྱང་བ་སོ་སོར་སྤྱི་བོར་བཟུང་ལ། ཨོཾ་པྲཛྙེ་པྲཛྙེ་མ་ཧཱ་པྲཛྙེ་སརྦ་ཛྙེ་སྭཱ་ཧཱ། བྱིན་གྱིས་རློབ་པའི་སྔགས་རྒྱའོ། །དེ་དང་འདྲ་བ་ལས་མཐེའུ་ཆུང་རྩེ་མོར་བྱས་ཏེ། མཐེ་བོང་གཉིས་བསྐྱོད་པས། ཨེ་ཧྱེ་ཧི་བྷ་ག་ཝ་ཏེ་སརྦ་བུདྡྷ་ཛ་ནཱ་ནི། སྭ་ས་མ་ཡ་མནྟྲ་མ་ནུ་སྨ་ར། མ་མ་ཨ་ནུ་ཀམྦཱ་ཡ་སྭཱ་ཧཱ། སྤྱན་འདྲེན་པའི་སྔགས་རྒྱའོ། །ལག་གཉིས་ཁུ་ཚུར་བྱས་ནས་སོར་མོ་རྣམས་ཀྱི་རྩེ་མོ་བཏུད་དེ་ཅུང་ཟད་སྟེང་དུ་བྱས་པས། ཨོཾ་པྲཛྙེ་པྲཛྙེ་མ་ཧཱ་པྲཛྙེ་ཤྲུ་ཏི་སྨྲྀ་ཏི་བི་ཛཱ་ཡ་སྭཱ་ཧཱ། རྩ་བའི་སྔགས་དང་ཕྱག་རྒྱའོ། །ན་མོ་བྷ་ག་ཝ་ཏྱཻ་ཨཱརྻ་པྲཛྙཱ་པཱ་ར་མི་ཏཱ་ཡཻ། ཏདྱ་ཐཱ། ཨོཾ་པྲཛྙེ་པྲཛྙེ། མ་ཧཱ་པྲཛྙེ། པྲཛྙ་ཨཱ་ལོ་ཀ་ཨ་བ་བྷཱ་སེ། པྲཛྙཱ་ཀ་རི་ཨ་ཛྙཱ་ན་བིདྱཱ་མ་ཎི། སིདྡྷེ་སུ་སིདྡྷེ། མ་མ་སརྦ་སཏྭཱ་ནཱཾ་ཙ་སད་ཏཱི་རཱ་བི་ཀུ་རུ། བྷ་ག་ཝ་ཏཱི་སརྦ་ཨཾ་ག་སུནྡ་རེ། བྷཀྟ་བཏྶ་ལེ། པྲ་པཱ་རི་ར་ཧ་ཏེ། ས་མ་ཤྭཱ་ས་ཀ་རི། ཏིཥྛ་ཏིཥྛ། ཙ་ལ་ཙ་ལ། ཀམྦ་ཀམྦ། བཱ་ར་བཱ་ར། གརྫ་གརྫ། ཨཱ་གཙྪ་ཨཱ་

p. 489

གཙྪ། མཱ་བི་ལམྦ་སྭཱ་ཧཱ། སྔགས་རྣམས་ལན་བདུན་བརྗོད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཀླག་པར་བྱའོ། །དེ་ལྟར་བྱས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཟུང་བ་དང༌། བཤད་པ་དང༌། བྲིས་པ་དང༌། བསམ་པར་འགྱུར། དེ་ལྟར་སྤྱད་པའི་ས་ཕྱོགས་ནི་མཆོད་རྟེན་དང་ཕྱག་བྱ་བའི་འོས་སུ་འགྱུར་རོ། །ཞེས་བཤད་པ་ཡིན་ནོ། །རྗེས་བསྔོ་སྨོན་གྱི་རྒྱས་གདབ། ཡང་རྒྱུད་སྡེ་ཟབ་མོ་བཀླག་པའི་ཚེ། རྒྱས་པར་རྒྱུད་རང་རང་གི་གླེང་གཞི་ལས་འབྱུང་བ་ལྟར་གསལ་གདབ་ཅིང་བཀླག་པར་བྱ་བ་ཡིན་ལ། བསྡུ་ན་དཀོན་མཆོག་གསུམ་དང་ཡི་དམ་གྱི་ལྷ་ལ་སྐྱབས་སུ་འགྲོ་བ་དང༌། རྡོ་རྗེ་འཆང་གི་བཀའ་དྲི་མ་མེད་པ་ལ་ཡིད་ཆེས་པར་བགྱིས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་རྒྱུད་བཀླག་ཅིང་ཁ་ཏོན་དུ་བྱའོ་སྙམ་པས་སེམས་བསྐྱེད་ཁྱད་པར་ཅན་བཅོས་མ་མ་ཡིན་པ་དང་ལྡན་པའི་སྒོ་ནས་རྣལ་འབྱོར་པ་རབ་ཀྱིས་རང་ཉིད་རྒྱུད་ཀྱི་སྟོན་པའམ། དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་རྣལ་འབྱོར་ལ་གནས་པའི་ངང་ནས། རིགས་ཀྱི་འཁོར་ཚོགས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བའི་དབུས་སུ་རྒྱུད་ཀྱི་སྒྲ་བསྒྲགས་པ་ཙམ་གྱིས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགྱེས་པ་བསྐྱེད། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལྷག་པའི་ལྷའི་ངོ་བོར་སངས་རྒྱས། ཁྱད་པར་འབྱུང་པོ་གདུག་པ་ཅན་ལ་སོགས་པ་གདུལ་བར་དཀའ་བ་ཐམས་ཅད་གདུག་རྩུབ་ཀྱི་བསམ་པ་ཞི་སྟེ་ཡང་དག་པའི་ལམ་ལ་འཁོད། འཇིག་རྟེན་གྱི་ཁམས་ཀྱི་ནད་ཡམས་འཁྲུག་རྩོད་སད་སེར་ལ་སོགས་པའི་མི་འདོད་པ་ཐམས་ཅད་རྒྱུན་ཆད། འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་རྒྱས་པར་བསམ། རང་ལུས་ཧེ་རུ་ཀའི་རང་བཞིན་གྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་མཁའ་ཁྱབ་ཀྱི་འཁོར་ལོ་དང་མཉམ་པའི་ལྷག་པའི་ལྷའི་དཀྱིལ་འཁོར་བསམ་ལས་འདས་པ་དང༌། དེ་རེ་རེའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་དེ་འདྲ་བ་སོགས་ཆོས་ཀྱི་དབྱིངས་མཐས་གཏུགས་པ་མེད་པར་སྤྲུལ་ཏེ་དེ་ཐམས་ཅད་ཀྱིས་རྒྱུད་ཀྱི་ཚིག་འབྲུག་སྟོང་དུས་གཅིག་ཏུ་ལངས་པ་བཞིན་དུ་འུར་དིང་གིས་

p. 490

གསུང་བ་དང༌། སྣོད་བཅུད་ཀྱི་སྣང་ཆ་ཐམས་ཅད་ལས་རྒྱུད་ཚིགས་ཆོས་ཉིད་ཀྱི་རང་སྒྲར་ལྷང་ལྷང་སྒྲོགས་པར་མོས་པ་དང༌། རང་ལུས་རེ་རེ་ལ་མགོ་བོ་མཁའ་ཁྱབ་ཀྱི་རྡུལ་གྱི་གྲངས་དང་མཉམ་པ། མགོ་རེ་ལ་ཁ་དེ་འདྲ་བ། ཁ་རེ་ལ་ལྕེ་དེ་འདྲ་བ། ལྕེ་རེ་རེ་ལས་རྣམ་པ་ཐམས་ཅད་པའི་སྒྲ་དབྱངས་ཀྱི་འགྱུར་པ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་རྒྱུད་བསྒྲགས་པར་བསམ་པའི་མན་ངག་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་བཀླགས་པས་ཇི་ལྟར་བསམས་པ་དེ་སྙེད་ཀྱི་གྲངས་དང་མཚུངས་པའི་ཕན་ཡོན་འབྱུང་ཞིང༌། རྣལ་འབྱོར་པ་འབྲིང་གིས་དེ་ཙམ་བློས་མ་ཆུན་ཀྱང་སྣོད་བཅུད་ཐམས་ཅད་ལྷག་པའི་ལྷའི་དཀྱིལ་འཁོར་དུ་གསལ་བའི་ངང་ནས་ཉན་པ་པོའི་འཁོར་བྱང་ཆུབ་སེམས་དཔའ་དང༌། རིག་པ་འཛིན་པ་དང༌། དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་མངོན་སུམ་དུ་བཞུགས་པར་མོས་ཏེ་བཀླག་པ་དང༌། ཐ་མས་རྣམ་པ་གསལ་མ་ཐེབས་ཀྱང་རང་ལྷག་པའི་ལྷའི་ངོ་བོར་མོས་པ་ཙམ་མམ། རྒྱུད་ཀྱི་གླེགས་བམ་འོད་ཟེར་འབར་བའི་རང་བཞིན་ཡི་གེ་རྣམས་གྱེན་འགྲེང༌། ལས་བཞི་གང་འདོད་ཀྱི་ཁ་དོག་གི་རྣམ་པ་རང་སྒྲ་སྒྲོགས་བཞིན་པ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་མོས་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་པོའི་སྒོ་ནས་སྒྲོགས་པ་དང༌། དེ་ཙམ་བློས་མ་ཆུན་ནའང་སེམས་བསྐྱེད་དང་མོས་གུས་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་གསལ་དག་སྙན་པར་བཀླག་ཅིང༌། རྗེས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པའི་རྒྱས་གདབ་པར་བྱའོ། །བཞི་པ་སཱཙྪ་གདབ་པ་ནི། དཔུང་བཟང་གིས་ཞུས་པ་ལས། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་ཕྱིར་རྟག་ཏུ་གདབ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གང་དག་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྗེས་སུ་འབྲངས་ནས་སཱཙྪ་གདབ་པ་ལ་སོགས་པའི་ཆོ་ག་གཞུང་རྣམ་དག་རྣམས་ལས་འབྱུང་བ་ལྟར་བྱ་བར་འདོད་ན་དེ་ནི་འདི་ཡིན་ཏེ། གཙང་ཞིང་དྲི་ཞིམ་པོའི་ས་དང་ཆུ་ལས་བྱུང་བའི་འཇིམ་པ་ལ་མངོན་པར་ཕྱོགས་ཏེ། ཨོཾ་བིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་བྱུང་བའི་འཇིམ་པ་རྣམས། ཨོཾ་རཏྣ་ཨཱཿཧཱུྃ། རིན་པོ་ཆེའི་ཕུང་པོ་ཆེན་པོར་གྱུར། རང་

p. 491

གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་ཐུགས་ཀར་ཕོག ཐུགས་རྒྱུད་བསྐུལ། སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་འཕྲོས། འཇིམ་པ་ལ་ཕོག་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། ལག་པ་གཉིས་ཀྱི་མཐེའུ་ཆུང་གིས་མཐེ་བོང་མནན་ནས་སོར་མོ་གཞན་གསུམ་བརྐྱངས་པས་འཇིམ་པ་ལ་རེག་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུཀྵྨེ་སཱུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མཱ་རོ་པེ། ཨ་ན་ལམྦྷེ་ཏ་རམྦྷེ། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛ། ནི་རཱ་ཀཱུ་ལེ། ནི་ར་ཝ་ཎེ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་ཉི་ཤུ་རྩ་གཅིག་བརྗོད་པས་འཇིམ་པ་དེའི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་མཆོད་རྟེན་བྱས་པར་འགྱུར་རོ། །གཞན་ཡང་ཕན་ཡོན་མང་ངོ༌། །འཇིམ་པ་དེ་བཞིན་གཤེགས་པའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར། ན་མསྶ་མནྟ་བུདྡྷཱ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་ཞེས་འཇིམ་པ་བཅད་དེ་གཟུངས་དང༌། རིན་པོ་ཆེ་དང༌། འབྲུ་དང༌། སྨན་དང༌། དྲི་དང༌། བྱིན་རླབས་ཀྱི་རྫས་རྣམས་སྙིང་པོར་གཞུག་ཅིང༌། ཨོཾ་བཛྲ་ཨུ་ཏ་བྷ་ཝཱ་ཡ་སྭཱ་ཧཱ། འབི་འབི་བྱ་བའི་སྔགས་སོ། །ཨོཾ་ཨ་པྲ་ཏིཥྛ་ཏ་བཛྲཱ་ཡ་སྭཱ་ཧཱ་ཞེས་པས་གདབ་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་བསྒོས་པར་བསམས་ལ། ཨོཾ་ཨ་ར་ཛོ་བི་ར་ཛོ་སྭཱ་ཧཱ་ཞེས་འབྲུ་མར་གྱིས་བྱུགས་ནས། ཨོཾ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ་ཞེས་འབི་འབི་བླངས་ལ། ཐབས་དང་ཤེས་རབ་དབྱེར་མེད་དུ་གྱུར་པར་མོས་ཏེ། ཨོཾ་དྷརྨཱ་དྷཱ་ཏུ་གརྦྷེ་སྭཱ་ཧཱ་ཞེས་རྒྱར་བཙུད་ནས། ཐོ་བས་བརྡུང་ཞིང་ཨོཾ་བཛྲ་མུངྒ་ར་ཨཱ་ཀོཊྚ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་བརྗོད་དེ་འདིས་ཀྱང་རབ་གནས་སུ་འགྱུར་རོ། །རྒྱུ་དང་འབྲས་བུའི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བསམས་ལ། ཨོཾ་དྷརྨཱ་ར་ཏེ་སྭཱ་ཧཱ་ཞེས་རྒྱ་ནས་ཕྱུངས་ཏེ་ཆོས་ཀྱི་སྐུའི་བདག་ཉིད་དུ་མོས་པས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ་ཞེས་བཞུགས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤཏ་དཱིཔྟེ་ཛྭ་ལ་ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ་སྭཱ་

p. 492

ཧཱ་ཞེས་རབ་ཏུ་གནས། ཨོཾ་ཨ་ཀཱ་ཤཱདྷཱ་ཏུ་གརྦྷེ་སྭཱ་ཧཱ་ཞེས་པས་བཟོད་པར་གསོལ་ཏེ་ཐམས་ཅད་ལ་དེ་བཞིན་དུ་བྱའོ། །མཆོད་རྟེན་གདབ་པའི་ཆོ་གའོ། །དེ་ནས་རང་ཡི་དམ་གྱི་ལྷར་གསལ་བས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ྄་ཧཱུྃ་ཕཊ་ཅེས་བགེགས་སྦྱང༌། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཾཿཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ་ཞེས་སྐུ་ཕྱིས་ལ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་དེའི་སྟེང་དུ་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཨོཾ་ལས་མཆོད་རྟེན་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཞེས་ལྷར་བསྐྱེད་ལ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་སྤྱན་དྲངས། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཀྱིས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་མཆོད་དེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་དགུག་གཞུག་བཅིངས་ནས་གཉིས་སུ་མེད་པར་གྱུར། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་ཞིང་ཁམས་རྣམས་ན་བཞུགས་པའི་སངས་རྒྱས་ཡབ་ཡུམ་དང༌། སེམས་དཔའ་ཡབ་ཡུམ་དང༌། ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ཤིང་གསལ་བར་གྱུར། བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཁྲོ་བོ་

p. 493

རྣམས་ཀྱིས་བགེགས་བསྐྲད། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་དགོངས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་མཆོད་པའི་ཚོགས་སྦྱོར་བཞིན་པས། དེ་བཞིན་གཤེགས་པའི་ཡུམ་རྣམས་ཀྱིས་ཡེ་ཤེས་ལྔའི་རང་བཞིན་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་བུམ་པ་དང༌། རིན་པོ་ཆེའི་ཅོད་པན་དང༌། རྡོ་རྗེ་དྲིལ་བུ་དང༌། མིང་གི་དབང་ལ་སོགས་པ་རྫོགས་པར་བསྐུར་བར་གྱུར། དབང་བསྐུར་«་་་་་བུམ་པ་»རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏ་སྟྭཾ་ཨ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཨོཾ་ཧཱུྃ་«་་་་་དབུ་རྒྱན།» ཏྲྃ་ཧྲཱིཿཨཱཿ ཨོཾ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་སུ་ར་ཏ་སྟྭཾ་ཨ་ཧཾ། ཨོཾ་བཛྲ་«་་་་་རྡོ་རྗེ།» ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཨོཾ་བཛྲ་«་་་་་དྲིལ་བུ།» ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། «མིང་་་་་་»ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ་རྣམ་པར་སྣང་མཛད་དོ། །ཞེས་དབང་བསྐུར། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པར་གྱུར། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་ལུས་ཅན་གྱིས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་སྤྱན་དབྱེ། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་ཆོས་སྐུའི་མཆོད་རྟེན་མཚན་ཉིད་ཐམས་ཅད་རྫོགས་པར་གྱུར། ཅེས་ཞལ་བསྒྱུར། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། ཞེས་དང༌། ཁྱད་པར་དུ་ཡང་མཆོད་རྟེན་འདི་དག་ལ་འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། མེ་ཏོག་འཐོར་ཞིང༌། ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ། །དབྱེར་

p. 494

མེད་འཁོར་འདས་ཡོངས་སུ་རྫོགས། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ཆོས་སྐུ་མཆོག་གི་བཀྲ་ཤིས་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ་ཁྃ་བཛྲཱི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷཱུ་ཁྃ་སྭཱ་ཧཱ། ཨོཾ་ཡེ་དྷརྨཱ་སོགས་བརྗོད། དེ་ནས་མཆོད་པ་འབུལ་བ་ནི། དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །སོ་སོའི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་སོགས་ཀྱིས་མཆོད། བྱང་ཆུབ་ཤིང་མཆོག་ཆོས་འཁོར་གདུགས་ཀྱི་རྒྱན། །ཅོད་པན་ཆུ་སྲིན་རྒྱལ་མཚན་ཕྲེང་བ་དང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱི། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག །ཨོཾ་པུཎྜེ་ཛྙཱ་ན་ཨཱཿཧཱུྃ་སྭཱ་ཧཱ། ཞེས་མཆོད་རྟེན་ལ་འོས་པའི་རྒྱན་ཕུལ་ནས། གསེར་གྱི་ས་གཞི་ཁོར་ཡུག་བཅས། །རིན་ཆེན་ལྷུན་པོ་གླིང་བཞིས་བསྐོར། །མཛེས་ལྡན་དང་བཅས་རྣམ་དག་ཞིང༌། །རྟག་ཏུ་གུས་པས་དབུལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་རི་རབ་གླིང་བཞིའི་ཁོར་ཡུག་བཅས་པ་དབུལ། སྲིད་གསུམ་མཚུངས་མེད་ཐུགས་རྗེའི་བདག །ཐུབ་དབང་མཆོད་རྟེན་བརྒྱད་པོ་དང༌། །ཕྱོགས་བཅུའི་འཇིག་རྟེན་གཞན་དག་ནའང༌། །བཞུགས་པའི་ཆོས་སྐུ་ཀུན་ལ་འདུད། །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །དམ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་རྟེན་འདི་དག་གི་སྦྱིན་པའི་བདག་པོ་མཛོད་ལ། འདི་རྣམས་ཇི་སྲིད་གནས་ཀྱི་བར་དུ་སྲུང་བའི་ཕྲིན་ལས་མཛོད། ཅེས་སྦྱིན་བདག་དང༌། ཆོས་སྐྱོང་བསྒོ་བ་ལྷན་དུ་བྱས་ནས་གནོད་པ་མེད་པའི་ཕྱོགས་སུ་འོ་མི་བརྒྱལ་བར་བཞུགས་སུ་གསོལ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱ་ཆེར་བྱའོ། །དེའི་ཕན་ཡོན་ཡང་དེ་བྱེད་པ་པོ་མཐོ་རིས་སམ། ས་ཡི་སྟེང་དུ་མཆོད་རྟེན་ནམ། འབི་འབི་རྣམས་ཀྱི་རྡུལ་ཕྲ་རབ་ཡོད་པ་ཇི་སྙེད་ཀྱི་རྒྱལ་སྲིད་ཀྱི་ཕུན་ཚོགས་མ་ལུས་པ་རྣམས་དང༌། གཟུགས་དང༌།

p. 495

གཟུགས་མེད་པའི་ཏིང་ངེ་འཛིན་གྱི་བདེ་བ་ཐམས་ཅད་སྤྱད་ནས། མཐར་སྐྱེ་རྒས་རྒུད་པ་དང་བྲལ་བ་སངས་རྒྱས་ཉིད་དུ་འགྱུར་ཏེ། གསལ་རྒྱལ་གྱིས་ཞུས་པར་ཡང༌། ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མྱ་ངན་རྣམས་བསལ་ལུས་ཀུན་རྒྱས་པ་དང༌། །གཙོ་བོར་གྱུར་པ་རིན་ཆེན་མཛོད་མང་དང༌། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ལྔ་པ་མཆོད་པ་ནི། སྤྱིར་གོང་འོག་ཏུ་སྨོས་པའི་མཆོད་གཏོར་སོགས་ཀྱང་ཡིན་མོད། གཞན་ཡང་བླ་མ་དང༌། ལྷག་པའི་ལྷ་མཆོད་པའི་ཆོ་ག་ཇི་ལྟར་རིགས་པ་ཉམས་སུ་བླང༌། བྱེ་བྲག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་གདམས་ངག་ལས་བྱུང་བའི་བསམ་གྱིས་མི་ཁྱབ་པའི་མཆོད་པའི་ཆོ་ག་ནི། གཙང་མའི་གནས་སུ་རྟེན་གསུམ་ཅི་རིགས་པའི་སྤྱན་སྔར་མེ་ཏོག་ལ་སོགས་པའི་མཆོད་པ་བཀོད་པས་མཛེས་པར་དགྲམ། སྐྱབས་སེམས་བྱ། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་རྒྱལ་མཚན་རྩེ་མོ་གསེར་མདོག་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་ལས་མཆོད་པའི་ཆར་ཆེན་པོ་འབེབས་ཤིང༌། གཡོན་པདྨོ་རྒྱས་པ་འཆང་བ། མཆོད་སྤྲིན་རྒྱ་མཚོའི་དབུས་ན་བཞུགས་ཤིང་ཡོ་བྱད་ནམ་མཁའི་མཛོད་ལ་མངའ་བརྙེས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ངང་ཚུལ་ཅན་དུ་གསལ་བར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ་ནས་ཤབྡའི་བར་དང༌། མཎྜལ་སྦྱར་བས་བྱིན་བརླབ། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། བླ་མ་དཀྱིལ་འཁོར་ལྷ་ཚོགས་སོགས། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧྲཱིཿལས་མཆོད་པའི་ལྷ་མོ་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་རེ་རེ་ལས་ཀྱང་དཔག་ཏུ་མེད་པའི་སྤྲིན་འཕྲོ་བ་སྤྲོས་ནས་བསྙེན་བཀུར་བར་བསམས་ལ། རང་བཞིན་སྟོང་པ་ཉིད་ཅན་གྱི། །སྣ་ཚོགས་མེ་ཏོག་བསམ་མི་ཁྱབ། །རྒྱལ་མཚན་རྩེ་མོའི་རིག་པ་ཡིས། །སྤྲུལ་ནས་འཕགས་ཚོགས་མཆོད་པར་བྱ། །ཨོཾ་ན་མོ་བྷ་ག་ཝ་ཏེ་མ་ཧཱ་ཀཱ་རུ་ཎི་ཀ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་

p. 496

པུཥྤེ། པུཥྤེ། སུ་པུཥྤེ། པུཥྤ་ཨུཏ་བྷ་ཝེ། པུཥྤ་ཨ་བ་ཀཱ་ར་ཎེ་སྭཱ་ཧཱ། ཞེས་པའི་རིག་པ་འདི་ལན་གསུམ་དུ་བརྗོད་ཅིང་དབུལ། དེ་བཞིན་དུ་མེ་ཏོག་གི་གནས་སུ་བདུག་སྤོས་དང༌། པུཥྤ་དང་པུཥྤེའི་གནས་སུ་དྷཱུ་པ་དང་དྷཱུ་པེ་སོགས་སྦྱར་བས་མཚོན་ཉེར་སྤྱོད་ལྔ་དང༌། རོལ་མོ། མཎྜལ་བཅས་དབུལ། ཐོག་མ་མེད་ནས་ད་ལྟའི་བར། །ཞེས་སོགས་སྡིག་པ་བཤགས་པས་མཚོན་ཡན་ལག་ལྷག་མ་རྣམས་ཀྱང་བྱས་ཏེ། བདག་དང་སེམས་ཅན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་རྗེས་ཚོགས་ཞིང་རྣམས་མི་དམིགས་པར་བལྟས་ལ་དེ་ཁོ་ན་ཉིད་རྗེས་སུ་དྲན་པས་དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོའོ། །ཕན་ཡོན་ནི། མི་ཕྱེད་གུས་པ་མང་ལྡན་པས། །གཟུངས་འདི་ལན་གསུམ་ཆོ་ག་འདིས། །ཉིན་རེ་དུས་གསུམ་མཆོད་བྱེད་ན། །བྱེ་བ་བསམ་མི་ཁྱབ་མཆོད་འགྱུར། །ཞེས་སོ། །མཆོད་པ་དངོས་སུ་བཤམ་པ་མ་བྱུང་ཡང༌། རི་བོ་ལྷུན་སྟུག སྤྱོད་ཡུལ་གྱི་གྲོང༌། ཁང་བཟང་མཛེས་པ། འབབ་ཆུ་དང༌། རྫིང་བུ་སོགས་དྭངས་ཤིང་བསིལ་བ། སྐྱེད་མོས་འཚལ་དང༌། ནགས་ཚལ་དང༌། སྨན་ལྗོངས་དང༌། མེ་ཏོག་གི་ལྡུམ་ར་སོགས་ཡིད་དུ་འོང་བའི་དངོས་པོ་གང་མཐོང་བ་ལ་དམིགས་ཏེ་དེ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་མཆོད་པའི་སྤྲིན་བློས་སྤྲུལ་ཏེ་གོང་ལྟར་ཕུལ་བས་ཀྱང་རུང་ཞིང༌། རྟེན་གསུམ་གྱི་སྤྱན་སྔར་མེ་ཏོག་དང༌། སྤོས་དང༌། མར་མེ་སོགས་ཕུལ་བའི་སྐབས་སུའང་གོང་གི་སྔགས་ལན་གསུམ་ཁོ་ན་བཟླས་ཏེ་ཕུལ་བས་ཀྱང་མེ་ཏོག་གཅིག་ཕུལ་ན་མེ་ཏོག་བྱེ་བ་བསམ་གྱིས་མི་ཁྱབ་པ་ཕུལ་བའི་ཕན་ཡོན་ཐོབ་པར་འགྱུར་རོ། །དྲུག་པ་སྦྱིན་པ་ནི། བློ་གྲོས་ཀྱིས་ནུས་ན་ཆོས་ཀྱི་སྦྱིན་པ་བྱ་བའི་ཚུལ་ཚིག་ཏུ་གསལ། ནད་པ་ལ་སྨན་དང༌། དགྲ་ཡིས་འཇིགས་པ་ལ་སྐྱེལ་མ་དང༌། དུད་འགྲོ་སོགས་གསོད་པར་བརྩམས་པའི་སྲོག་བསླུ་བ་དང༌། གདོན་བགེགས་ཀྱིས་ཉེན་པ་ལ་སྲུང་འཁོར་བྱ་བ་སོགས་མི་འཇིགས་པའི་སྦྱིན་པ་དང༌། དབུལ་ཕོངས་ལ་ཟས་སྐོམ་སོགས་ཟང་ཟིང་གི་སྦྱིན་པ་ཅི་ནུས་སུ་བརྩོན་པར་བྱའོ། །བྱེ་བྲག་ཏུ་

p. 497

མདོ་རྒྱུད་རྣམས་ལས་སྲོག་ཆགས་ལ་ཁ་ཟས་སྟེར་བའི་ཚུལ་མང་དུ་གསུངས་པ་ལས། འདིར་རྣལ་འབྱོར་བླ་མེད་ཀྱི་དབང་དུ་བྱས་ཏེ་མགྲོན་རིགས་ལྔའི་གཏོར་མ་སྦྱིན་ཚུལ་ཁྱད་པར་ཅན་ལ། བྱ་ལ་ཟས་སྟེར་བ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་ཁྲ་གདོང་མའི་ང་རྒྱལ་གྱིས། བྱ་རྣམས་ཧཱུྃ་ལས་ཁྭ་གདོང་མ་དྲག་མོ་ཞལ་གཅིག ཕྱག་བཞི། ཐོད་པ། ཁ་ཊྭཱཾ། གྲི་གུག མགོ་བོ་བསྣམས་པ། སྤྱན་གསུམ་སྨིན་མ་ཁམ་ཞིང༌། རོལ་པས་བཞུགས་པ་རྣམས་སུ་གྱུར་པར་བསམས་ལ། འབར་བའི་ཕྱག་རྒྱས། དཔལ་ལྡན་ཐུགས་ཀྱི་འཁོར་ལོ་ནས། །མཁའ་སྤྱོད་མ་ཡི་ཚོགས་ཇི་སྙེད། །འོལ་བ་བྱ་རོག་གཟུགས་ཉིད་དུ། །དེ་དག་ཐམས་ཅད་འདིར་གཤེགས་ཤིག །ཨོཾ་ན་མཿཤྲཱི་བཛྲ་ཌཱ་ཀཱ་ཡ། ཨོཾ་བཛྲ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཅེས་སྤྱན་དྲངས་ལ། བཟའ་བ་རྣམས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ཏེ། མེ་ཏོག་ལ་སོགས་པ་ཡང་བྱིན་ལ། ཨོཾ་བཛྲ་ཌཱ་ཀི་ཎྱཻ་ཁེ་ཙ་རི་རཱུ་པ་ཀཱ་ཀཱ་སྱ་ཙི་ལ་ལ་ཀ་རཱུ་པ་ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། ཡ་ཐེཥྚཾ། སརྦ་སིདྡྷི་པྲ་ཡཙྪནྟུ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་སྦྱིན། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་ཆོས་གསུངས་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སྨོན་ལམ་གདབ། མུཿཞེས་ཅི་བདེར་གཏོང་ངོ༌། །མཁའ་ལ་སྤྱོད་པའི་གཟུགས་ཅན་བྱའི་གཏོར་མའི་རིམ་པའོ། །ཁྱི་ལ་ཟས་སྟེར་བ་ནི། བདག་ཉིད་ཁྱི་གདོང་མའི་ཏིང་ངེ་འཛིན་གྱིས། ཁྱི་རྣམས་ཧཱུྃ་ལས་ཁྱི་གདོང་མ་དྲག་མོ་སོགས་སྔ་མ་ལྟར་ལ། འབར་བའི་ཕྱག་རྒྱས། ཨོཾ་ཨཱཿཡནྟྲ་ཌཱ་ཀི་ཎྱཻ་ཤྭ་ན་ཀྲ་མ་ཧོ། ཨ་གྷ་བྷི་མ་ལ་པུ་ཥ་ཨི་དཾ་བ་ལིཾ་བྷུཉྫ་ཛིགྷྲ་པི་བ་གྲྀ་ཧི་ན་ཨཱསྨ་ཀཾ་པུཥྚིཾ་ཀུ་རུ་ས་མ་ཡ་མ་ནུ་སྨ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྤྱན་དྲངས། བཟའ་བ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ནས་མེ་ཏོག་སོགས་དང༌། ཨོཾ་ཤྭ་ནཱ་སྱཻ་བྷཱ་ཙ་རི་ཡཻ། ཨི་དཾ་བ་ལིཾ། གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་སྦྱིན།

p. 498

བསྟོད་ཅིང་སྨོན་ལམ་གདབ། མུཿཞེས་གཏོང་ངོ༌། །ས་ལ་སྤྱོད་པའི་གཟུགས་ཅན་ཁྱིའི་གཏོར་མའི་ཆོ་གའོ། །འདི་གཉིས་ཟས་ཀྱི་སྔོན་དུ་བྱ་བར་གསུངས་སོ། །ཉ་ལ་ཟས་སྦྱིན་པ་ནི། རང་ཉིད་གྃ་ལས་གཽ་རཱི་ནག་མོ། སྤྱན་གསུམ། གྲི་གུག རོ་ཧི་ཏའི་ཉ་བསྣམས་ཤིང༌། ཉ་གསོལ་བ། ཉའི་གདན་དང་རྒྱབ་ཡོལ་ཅན་ནོ། །ཞེས་བསམས་ལ། ཉ་རྣམས་ཁ་ལས་ཁྱབ་འཇུག་གི་གཟུགས་སུ་གྱུར། ཨོཾ་ཨེ་ཧྱེ་ཧི། མ་ཧཱ་བ་ལ་བཱིརྻ་པ་ར་ཀྲ། མ་ཧཱ་ཡོ་ཛ་ན་ས་པྲ་མ་བ་སུ་ཤ་བ་ཏི་ལི་ཏི་མི་གི་ལི་པྲ་བྷི་པྲ་བྷི་ཏ་ཡ་མ་ཧཱ་མཱི་ན་ཨ་དྷི་པ་ཏི་ཡ་ཨ་ཏྲ་སནྣི་ཧི་ཏོ་བྷ་ཝནྟུ། མ་མ་ཨ་བྷི་པྲེ་ཏ་ར་སིདྡྷི་མ་བི་སྟ་རནྟུ་སྭཱ་ཧཱ། ཞེས་པས་བོས་ལ། ཆང་མ་གཏོགས་པའི་ཟས་སྔར་བཞིན་བྱིན་གྱིས་བརླབས་ལ། མེ་ཏོག་སོགས་དང༌། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿསྭཱ་ཧཱ། ཞེས་པས་སྦྱིན། ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། ཟབ་མོའི་ཆོས་རྣམས་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་སྨོན་ལམ་གདབ། མུཿཞེས་གཏོང་ངོ༌། །ས་འོག་ན་གནས་པའི་ཉའི་གཏོར་མའི་རིམ་པའོ། །བ་གླང་ལ་ཟས་སྦྱིན་པ་ནི། རང་ཉིད་སྒྲོལ་མ་དཀར་མོ་བགྲང་ཕྲེང་དང༌། རྩེ་གསུམ་བསྣམས་པ། ཁྱུ་མཆོག་བཅིབས་པའོ། །མདུན་དུ་ཁྱུ་མཆོག་ཧཱུྃ་ལས་རྡོ་རྗེ་སེམས་དཔའ། བ་རྣམས་ཕྱོགས་སུ་མཁའ་འགྲོ་མ། དྲག་མོ། རོ་ལངས་མ། གཏུམ་མོ། མཚམས་སུ་སེང་གེ་མོ། སྟག་མོ། ཅེ་སྤྱང་མོ། འུག་པ་མོ་རྣམས་ཀྱི་རང་བཞིན་ནོ། །བཟའ་བཏུང་རྣམས། ཨོཾ་ཨ་ཨཱ་ནས་ཨཾ་ཨཱཿསྭཱ་ཧཱ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏྭ་ན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པས་ཟར་གཞུག སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྨོན་ལམ་གདབ། མུཿཞེས་པས་གཏོང་ངོ༌། །ཐང་ལ་སྤྱོད་པ་གླང་གི་གཏོར་མའི་ཆོ་གའོ། །གྲོག་མོ་ལ་ཟས་སྟེར་བ་ནི། རང་ཉིད་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྤྲུལ་སྐུའི་རྣམ་པ་ཅན་དུ་གྱུར།

p. 499

མདུན་གྱི་གྲོག་མོ་རྣམས་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ་གཡས་མཆོག་སྦྱིན་དང༌། གཡོན་གསེར་གྱི་པདྨ་འཆང་བ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ་གྲངས་མེད་པའི་སྐུར་གྱུར་པ་ལ། བཟའ་བ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུར་པ་ཕུལ་བས་ཟག་པ་མེད་པའི་བདེ་བ་ཆེན་པོས་རྒྱུད་ཡོངས་སུ་གང་བར་བསམས་ལ། ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ཨི་མཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་དབུལ། གཞོན་ནུའི་ཚུལ་འཆང་མཛེས་པའི་སྐུ། །པདྨ་གསར་པས་ཕྱག་བརྒྱན་པ། །སྙིང་རྗེའི་གཏེར་ཆེན་འཇིག་རྟེན་དབང༌། །མགོན་པོ་མཆོག་ལ་བདག་འདུད་དོ། །ཞེས་དང༌། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སྨོན་ལམ་གདབ་ཅིང༌། མུཿཞེས་པས་རང་གནས་སུ་སོང་བར་བལྟའོ། །ཀླུང་ན་སྤྱོད་པ་གྲོག་མོའི་གཏོར་མའོ། །དེ་བཞིན་དུ་སྲོག་ཆགས་ཀྱི་རིགས་གང་དང་གང་ལ་ཟས་སྦྱིན་པ་ནའང་རང་ཉིད་ལྷག་པའི་ལྷར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་རེག་པས་དེ་དག་སྐད་ཅིག་གིས་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་ལྷ་གང་ཡང་རུང་བའི་སྐུར་བསྒོམས་ཏེ། བཟའ་བ་རྣམས་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ་ཕུལ་བས་ཟག་པ་མེད་པའི་བདེ་བ་མཆོག་གིས་ཚིམ་པར་བསམས་ལ་སྦྱིན་ཞིང༌། མཐར་བསྔོ་བ་ཡང་བྱའོ། །གཞན་ཡང་མཆིལ་མ་དོར་བ་ན། ཨོཾ་ཨཱཿཤླེཥྨ་ན་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། ཟས་སུ་མཆིལ་མ་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག ཅེས་བརྗོད་ཅིང་སེ་གོལ་བརྡབ་བོ། །དེ་བཞིན་དུ་ལུད་པ་ལ། ཨོཾ་ཨཱཿཁྲེ་ར་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། ལུད་པ་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག སྣབས་ལ། ཨོཾ་ཨཱཿཤིཾ་གྷ་ནི་ཀཱ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། ལུས་ཀྱི་དྲི་མ་སྤྱི་ལ། ཨོཾ་ཨཱཿམ་ལ་ཨཱ་ཧེ་རེ་བྷྱཿསྭཱ་ཧཱ། དྲི་ཆེན་ལ། ཨོཾ་ཨཱཿབིཥྛ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དྲི་ཆུ་ལ། ཨོཾ་ཨཱཿམུ་ཏྲ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དེ་རྣམས་དེ་དག་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག ཅེས་བརྗོད་ལ་སེ་གོལ་བརྡབ་བོ། །དེ་རྣམས་དེ་ལྟར་བྱིན་པའི་བསོད་ནམས་ཅི་བསགས་པ་ཡང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་

p. 500

བསྔོ་བར་བྱ་སྟེ། ཟག་པ་རྒྱུན་གྱི་གཏོར་མ་ཞེས་ཕན་ཡོན་ཆེན་པོ་ཐོབ་པར་གསུངས་སོ། །བདུན་པ་ཚོགས་བསག་པ་ནི། སྤྱིར་ཚོགས་བསག་པའི་སྒོ་མཐའ་ཡས་པར་གསུངས་ཤིང༌། གོང་འོག་གི་མཆོད་སྦྱིན་དང་གཏོར་མའི་ཆོ་ག་སོགས་ཕལ་ཆེར་ཀྱང་ཚོགས་གསོག་གི་ཆོ་ག་ཁོ་ན་ཡིན་ལ། ཁྱད་པར་མདོ་རྒྱུད་གཉིས་ཀ་ནས་བསྟན་ཅིང༌། དམ་པ་རྣམས་ཀྱིས་ཐུགས་དམ་དུ་མཛད་པའི་ཚོགས་གསོག་གི་མཆོག་མཎྜལ་འབུལ་བའི་ཆོ་ག་ལ། རྒྱས་པར་མདུན་དུ་སྟེགས་བུའི་ཁར་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པའི་མདུན་དུ་ཅི་འབྱོར་པའི་མཆོད་པ་དང༌། ཉེ་ལོགས་སུ་མཆོད་པའི་མཎྜལ་དང༌། ཚོམ་བུའི་རྒྱུ། དྲི་བཟང་གི་ཆུ་སོགས་འདུ་བྱ། སྐྱབས་སེམས་དང་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས་སྒྲུབ་པའི་མཎྜལ་ལ་རང་གི་ཡི་དམ་གཙོ་བོར་གྱུར་པའི་ཚོགས་ཞིང་དམ་ཚིག་པ་བསྐྱེད། གནས་གསུམ་བརླབ། ཡེ་ཤེས་པ་གཞུག དབང་བསྐུར་ཞིང་རིགས་བདག་གི་རྒྱས་གདབ། མཆོད་བསྟོད་ཅི་རིགས་བྱ། དེ་ནས་མཎྜལ་རྒྱས་པར་འབུལ་ཞིང་གྲངས་གསོག མཐར་འདོད་དོན་གསོལ། ནོངས་པ་བཤགས། ཡེ་ཤེས་པ་བརྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། བསྔོ་སྨོན་བཀྲ་ཤིས་བྱའོ། །འབྲིང་དུ་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་ལ། མཎྜལ་ཚོམ་བུ་བདུན་མ། ཉེར་གསུམ་མ། སོ་བདུན་མ་སོགས་རྒྱས་པར་དབུལ། བསྡུ་ན་ཚོགས་ཞིང་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར། ཇོ་བོ་རྗེས་ཟླ་བ་སྒྲོན་མེའི་མདོའི་དོན་ཚིགས་བཅད་དུ་བསྡེབས་པར་གྲགས་པ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ཏ་ག་ས་པ་རི་ཝཱ་རེ་བྷྱཿརཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་སམ། རྒྱུད་སྡེ་ལས་བྱུང་བར་གྲགས་ཤིང་བླ་མ་གོང་མའི་གསུང་རྒྱུན་གྱིས་བརྒྱན་པ། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་

p. 501

ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨི་དཾ་གུ་རུ་རཏྣ་མཎྜ་ལ་ཀཾ་ནིརྻ་ཏ་ཡཱ་མི། ཞེས་སྔགས་དང་བཅས་པས་དབུལ་བར་བྱའོ། །བརྒྱད་པ་སྡིག་པ་དང་ལྟུང་བ་སྦྱོང་བ་ནི། སྤྱིར་སྡིག་ལྟུང་སྦྱོང་བའི་སྒོ་མཐའ་ཡས་པ་ལས། འདིར་སྡོམ་པ་གསུམ་གྱི་དབང་དུ་བྱས་ན། ཐོག་མར་སོ་སོར་ཐར་པའི་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་ཆོ་ག་ནི། དགེ་ཚུལ་དང་དགེ་སློང་གི་དགེ་འདུན་ཚོགས་པའི་ཚེ་ཡར་ངོ་མར་ངོའི་གསོ་སྦྱོང་ཇི་སྐད་བཤད་པ་བཞིན་བསྒྲུབ། རྐྱེན་དབང་གིས་མ་གྲུབ་ན་ལམ་ལྟ་བུར་ཡིད་ཀྱིས་བྱིན་རླབས་བྱ། རི་ཁྲོད་སོགས་སུ་རང་གཅིག་པུའི་ཚེ་གསོ་སྦྱོང་ཉིད་མེད་དུ་མི་རུང་བའི་སྦྱོར་བ་མ་ཡིན་ཀྱང༌། ཚོགས་རྒྱ་ཆེན་པོ་གསོག་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་པས། ཡར་ངོ་དང་མར་ངོའི་གསོ་སྦྱོང་གི་དུས་ལ་བབ་པ་ན། སྟོན་པའི་སྣང་བརྙན་གཙོ་བོར་གྱུར་པའི་སྤྱན་སྔར་མཆོད་པའི་བྱེ་བྲག་དང༌། ཉེ་ལོགས་སུ་དཀར་གཏོར་བཅས་བཤམ། དེ་ནས་རྒྱུན་ཆགས་གསུམ་པ་དང༌། གཏོར་མ་གཏོང་བ་ལ་འཇུག་པར་བྱ་སྟེ། སྣམ་སྦྱར་ཡོད་ན་གྱོན་ཅིང་ཐོག་མར་ཕྱག་འཚལ་བའི་རྒྱུད་ནི། དངོས་སུ་ཡན་ལག་མ་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་

p. 502

ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ། གཉིས་པ་མདོ་འདོན་པའི་རྒྱུད་ནི། ཐལ་མོ་བསྣོལ་ལ་ཙོག་པུར་འདུག་སྟེ། སྨྲ་བསམ་བརྗོད་མེད་སོགས་དང༌། འདི་སྐད་བདག་གིས་ཐོས་པ་སོགས་ཤེས་རབ་སྙིང་པོའི་མདོ་རྫོགས་པར་བཏོན་པའི་མཐར། སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོ་འདི་སྐད་གསུང༌། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བརྗོད། གསུམ་པ་ཡོངས་སུ་བསྔོ་བའི་རྒྱུད་ནི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། དེ་ནས་གཙུག་ལག་ཁང་ངམ་གནས་དེར་གཉུག་མར་གནས་པའི་ལྷ་ལ་གཏོར་མ་གཏོང་བ་ནི། ཆབ་བྲན་ལ། རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་བཟའ་བཏུང་འདོད་པའི་ཡོན་ཏན་དུ་

p. 503

མས་གང་བར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ཌཱུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱི་བྱིན་གྱིས་བརླབས་ནས། གཉུག་མར་གནས་པའི་ལྷ་མོ་འཕྲོག་མ་ལ་སོགས་པ་གནས་དང་གཞིའི་བདག་པོ་དང༌། གཞན་ཡང་ནགས་ཚལ་དང༌། རི་བོ་དང༌། ཆུ་ཀླུང་དང༌། ངམ་གྲོག་ལ་སོགས་པར་འཁོད་པའི་འབྱུང་པོ་གཏོར་མ་ཟ་བར་འདོད་པ་རྣམས་ཀྱི་ཞལ་དུ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ་ནས། འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་གསོལ་ལོ། །འདི་རྣམས་ནི་རྒྱུན་དུ་ཞོགས་པར་ཆགས་མེད་ཀྱིས་ཉམས་སུ་བླང་ཀྱང་ཤིན་ཏུ་ལེགས། དེ་ལྟར་རྒྱུན་ཆགས་གསུམ་དང་གཏོར་མ་བསྔོ་བ་སྔོན་དུ་བཏང་ནས། གསོ་སྦྱོང་བྱིན་རླབས་དངོས་ནི། ལྷ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱང་བར་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པ་ཡང་གདོན་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ཅིང་ཡིད་ལ་བསམ་མོ། །ཡང་དགེ་སློང་གཉིས་དང་གསུམ་ཡོད་ན་ཕན་ཚུན་གཅིག་གི་མདུན་དུ་གཅིག་འདུག་སྟེ། བཙུན་པ་དགོངས་སུ་གསོལ། ཞེས་དང༌། མཐར་བཙུན་པས་གཟུང་དུ་གསོལ་ཞེས་བརྗེ་ཞིང་ཐབས་ལེགས་བྱ། དེ་ཙམ་ཡང་མ་གྲུབ་ན། གསོ་སྦྱོང་གི་དུས་ལ་བབ་པ་དང༌། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་སོགས་སྔོན་དུ་བཏང་སྟེ། ཐུབ་པའི་སྔོན་གྱི་གསོ་སྦྱོང༌། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་དང༌། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་

p. 504

པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་པ་ཙམ་གདོན། ཡང་འགའ་ཞིག་གིས་སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་གི་ཚིགས་སུ་བཅད་པ་རྫོགས་པར་གདོན་པར་གསུངས་པ་ནི་འདི་ཡིན་ཏེ། བཟོད་པར་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང༌། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང༌། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བདག་གིས་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི། །བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་སྟེ། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤང༌། །ཉོན་མོངས་ཟད་པས་མྱ་ངན་འདས། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ལ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བརྗོད་ཅིང་དོན་དྲན་པར་བྱས་ལ་མཐར་བསྔོ་སྨོན་བཀྲ་ཤིས་

p. 505

ཀྱང་བྱའོ་གསུངས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་ལྟུང་བའི་ལྷག་མ་བཤགས་ཤིང་སྦྱོང་བ་ནི། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕུང་པོ་གསུམ་པའི་མདོ་གདོན་ཅིང་ཕྱག་འཚལ་བར་བྱ་སྟེ། དེའང་སྤྲོ་ན་སངས་རྒྱས་སོ་ལྔའི་སྐུ་བྲིས་འབུར་གང་རིགས་ཀྱི་སྤྱན་སྔར་མེ་ཏོག་ལ་སོགས་པའི་མཆོད་པ་ཅི་འབྱོར་བཤམ། སྐྱབས་སེམས་ཇི་ལྟར་རིགས་པ་དང༌། ས་གཞི་བྱིན་རླབས་སོགས་གོང་དུ་བཤད་པ་ལྟར་བྱ། འདུན་པ་རྩེ་གཅིག་པས། བཅོམ་ལྡན་འདས་ཤཱཀྱའི་དབང་པོ་ལ་སོགས་པ་རྫོགས་པའི་སངས་རྒྱས་སུམ་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས། བདག་སོགས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བ་རྣམས་ཀྱི་ལྟུང་བ་རྣམ་པར་སྦྱང་སླད་དུ་སྤྱན་འདྲེན་ཞིང་མཆིས་ན། དེང་དུས་ལ་བབ་ཀྱིས་དགོངས་པར་མཛད་དུ་གསོལ། ཞེས་གསོལ་བས། སོ་སོའི་ཞིང་ཁམས་ནས་སྐད་ཅིག་གིས་བྱོན་ཏེ་མདུན་གྱི་ནམ་མཁར་རིན་པོ་ཆེའི་པདྨོ་རྣམ་པར་རྒྱས་པའི་སྙིང་པོར་ཟླ་བའི་གདན་ལ་བཞུགས་པ་ནི། སངས་རྒྱས་དཀར་པོ་བདུན་ཆོས་འཆད། སྔོན་པོ་བདུན་ས་གནོན་མཉམ་གཞག སེར་པོ་བདུན་མཆོག་སྦྱིན་མཉམ་གཞག དམར་པོ་བདུན་མཉམ་གཞག ལྗང་གུ་བདུན་སྐྱབས་སྦྱིན་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་སྐུ་མཚན་དང་དཔེ་བྱད་ཀྱིས་མཛེས་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཏིང་ངེ་འཛིན་མུ་མཐའ་མེད་པ་ལ་འཇུག་ཅིང་ལྡང་བ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་ཀློང་ན་བཞུགས་པར་གྱུར་པར་བསམ། སྤྲོ་ན་འབྱོན་ལེགས་སོགས་ཡན་ལག་ལྷག་མ་རྣམས་བྱ། དེ་ནས་ལངས་ཏེ་ཕྱག་འཚལ་བཞིན་དུ། བདག་སོགས་སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ་སོགས་ཕུང་པོ་གསུམ་པ་ཚར་གསུམ་ལ་ཉུང་མཐའ་བྱས་ལ་གདོན། དེའང་བཤགས་པ་ལ་སྟོབས་བཞི་ཚང་དགོས་པས། སངས་རྒྱས་སོ་ལྔ་ནི་རྟེན་

p. 506

གྱི་སྟོབས། སྡིག་པ་བཤགས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། སླན་ཆད་ཀྱང་གཅོད་ཅིང་བསྡམ་པར་བགྱི་ལགས་སོ་ཞེས་པ་གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། སོར་ཆུད་པའི་སྟོབས་སོ། །ཕུང་པོ་གསུམ་ཡང༌། བཤགས་པ་ནི་བཤགས་པའི་ཕུང་པོ། ཕྱག་འཚལ་བ་དང༌། དགེ་བའི་རྩ་བ་སྒྲུབ་པ་དང༌། ཡི་རང་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་རྣམས་ནི་བསོད་ནམས་ཀྱི་ཕུང་པོ། བསྔོ་བ་རྣམས་ནི་བསྔོ་བའི་ཕུང་པོ་ཞེས་གསུངས་སོ། །མཐར་བསྔོ་སྨོན་གྱི་རྒྱས་གདབ། གལ་ཏེ་དེ་ལྟ་བུའི་ཆོ་ག་རྒྱས་པར་མ་གྲུབ་ཀྱང༌། ཚོགས་ཞིང་གོང་ལྟར་གསལ་བཏབ་པའི་སྤྱན་སྔར་ཕྱག་འཚལ་ཞིང་ཕུང་པོ་གསུམ་པའི་མདོ་ཁོ་ན་བཏོན་པས་ཀྱང་རུང་ངོ༌། །གསུམ་པ་སྔགས་ཀྱི་དམ་ཚིག་ཉམས་ཆག་སྦྱོང་བའི་ཐབས་མཐའ་ཡས་པ་ལས། ཡོངས་སུ་གྲགས་པ་ནི་རྡོ་རྗེ་སེམས་དཔའ་དང༌། དམ་ཚིག་རྡོ་རྗེའི་སྒོམ་བཟླས་གཉིས་ཀྱི། དང་པོ་ནི། རང་རང་གི་སྒྲུབ་ཐབས་དང་ཁྲིད་ཀྱི་སྔོན་འགྲོ་སོགས་ལས་འབྱུང་བ་ལྟར་བྱ། གཉིས་པ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། རང་གཞན་སེམས་ཅན་ཐམས་ཅད་ཀྱི། །སྤྱི་བོར་པད་ཟླའི་གདན་གྱི་སྟེང༌། །ཁྃ་ལས་རལ་གྲི་ཁྃ་གིས་མཚན། །ཡོངས་གྱུར་དམ་ཚིག་རྡོ་རྗེ་ལྗང༌། །རལ་གྲི་དྲིལ་འཛིན་ཡུམ་ལ་འཁྱུད། །ཁྲོ་འཛུམ་སྤྱན་གསུམ་གཟི་བརྗིད་འབར། །དར་དང་རིན་ཆེན་རུས་པས་བརྒྱན། །དོན་གྲུབ་རིགས་ཀྱི་ཅོད་པན་ཅན། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་དང༌། །ཐུགས་ཀར་རལ་གྲི་ཁྃ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་པ། །ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་ཐིམ། །བཅོམ་ལྡན་དམ་ཚིག་རྡོ་རྗེ་ཡིས། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས། །ཐམས་ཅད་བྱང་ཞིང་དག་མཛད་གསོལ། །ཐུགས་ཀའི་ཁྃ་ལས་བདུད་རྩི་བབས། །ཡབ་ཡུམ་སྐུ་གང་སྦྱོར་མཚམས་བརྒྱུད། །བདག་གི་ཚངས་པའི་སྒོ་ནས་བཞུགས། །ལུས་གང་ནད་གདོན་སྡིག་སྒྲིབ་བྱང༌། །ཞེས་བརྗོད་ཅིང་དམིགས་ལ། ཨོཾ་ཨཱཿཁྃ་སྭཱ་ཧཱ། ཅི་ནུས་བཟླས་པའི་མཐར། བཅོམ་ལྡན་དམ་ཚིག་རྡོ་རྗེ་ཡིས། །བདག་ཅག་དམ་ཚིག་

p. 507

ཉེས་ལྟུང་ཀུན། །བྱང་ཞིང་དམ་ཚིག་ཉམས་ཆག་རྣམས། །དག་ཅིང་དམ་ཚིག་གཙང་བར་མཛོད། །ལྷ་ཉིད་འོད་ཞུ་རང་ལ་ཐིམ། །བྱིན་རླབས་དབང་དང་དངོས་གྲུབ་ཐོབ། །དགེ་བ་འདི་ཡིས་མྱུར་དུ་བདག །དམ་ཚིག་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་བྱའོ། །གཞན་ཡང་ཐུན་མོང་དུ་སྡིག་ལྟུང་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ་ནི། མེ་ཐབ་དངོས་སམ་མ་འབྱོར་ན་སོལ་མེས་ཀྱང་རུང་ཞིང༌། དེའི་མདུན་དུ་ཏིལ་ཇི་ལྟར་རིགས་པ་བཅས་འདུ་བྱ། སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཞི་བའི་ཐབ། །མཚན་རྫོགས་མེ་ཕུང་འབར་བའི་དབུས། །པད་ཉིའི་སྟེང་དུ་ཧཱུྃ་སྔོན་པོ། །ཡོངས་གྱུར་རྡོ་རྗེ་མཁའ་འགྲོ་མཐིང༌། །ཕྱག་གཉིས་མཐེའུ་ཆུང་འཁྱུད་པའི་རྒྱས། །རྡོ་རྗེ་དྲིལ་བུ་ཤུགས་ཀར་བསྣོལ། །སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་དང༌། །སྟག་གི་པགས་པའི་ཤམ་ཐབས་འཕྱང༌། །ཞབས་གཉིས་གཡོན་བརྐྱང་སྟབས་ཀྱིས་འགྱིང༌། །མི་བསྐྱོད་རིགས་ཀྱི་ཅོད་པན་ཅན། །དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །རང་གི་རྐང་མཐིལ་ཡྃ་ལས་རླུང༌། །ལྟེ་བར་གཏུམ་མོའི་ཡེ་ཤེས་མེ། །སྙིང་གར་སྡིག་པའི་ས་བོན་པྃ། །དེ་ལ་ཚེ་རབས་སྡིག་ལྟུང་འདུས། །རླུང་གིས་མི་བསྐྱོད་སྙིང་གའི་པྃ། །སྡིག་པའི་རྣམ་པས་སྣ་ནས་ཐོན། །ཏིལ་ལ་ཐིམ་པས་ཁྲོ་བོའི་ཞལ། །ཕུལ་བས་སྡིག་ལྟུང་ཀུན་སྦྱངས་གྱུར། །ཅེས་གསལ་བཏབ་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷ་སྨིཾ་ཀུ་རུ་སྭཱ་ཧཱ། ཞེས་ཏིལ་རྫོགས་པའི་བར་དུ་ཕུལ་མཐར། བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྡིག་སྒྲིབ་ཉེས་ལྟུང་ཚོགས་རྣམས་ཀུན། །ཡོངས་སུ་བྱང་ཞིང་དག་མཛད་གསོལ། །ཞེས་གསོལ་ཞིང་སྣ་བུག་གཡོན་ནས་རླུང་ནང་དུ་རྔུབས་པ་དང་ལྷན་ཅིག་ཁྲོ་བོ་རང་ལ་ཐིམ་པར་བསམས་ལ་བསྔོ་སྨོན་བྱ། ཐལ་བ་གཙང་སར་དོར་རོ། །ཡང་སྡོམ་པ་གསུམ་གྱི་ཕྱིར་བཅོས་བྱ་བའི་ཚུལ་ལ། ཐོག་མར་སོ་ཐར་གྱི་

p. 508

ཕམ་པ་འཆབ་བཅས་ཐེག་དམན་རང་རྐང་གི་དབང་དུ་བྱས་ན་སླར་བླང་བ་དང་འཆོས་སུ་མེད། སྐད་ཅིག་ཙམ་ཡང་བཅབ་པ་མེད་ན་ཆད་ལས་ཀྱི་བསླབ་པ་སྦྱིན་ཏེ་སྦྱོང་བའི་སྒོ་ནས་ཕྱིར་འཆོས། ལྷག་མ་འཆབ་བཅས་ཞག་མ་ལོན་པ་ལ་བསྒོ་བ་ལས་གྱུར་པ་ཡིན་ན་མཚམས་ནང་གི་དགེ་སློང་ཐམས་ཅད་དང༌། མིན་ན་གཅིག་གི་མདུན་དུ་མཐོལ་ལ། དངོས་གཞིའི་དག་བྱེད་མགུ་བ་ནོད་ནས་དབྱུང༌། ཞག་ལོན་ན་ཇི་ཙམ་ལོན་པའི་གྲངས་དང་མཉམ་པའི་སྤོ་བ་སྔོན་དུ་འགྲོ་བས་མགུ་བ་དང༌། དབྱུང་བས་ཕྱིར་འཆོས། ཕམ་པར་གཏོགས་པའི་སྦོམ་པོ་ལྕི་ཡང་གི་རིམ་པས་དགེ་སློང་དྲུག་གམ་ལྔ་དང༌། ལྷག་མར་གཏོགས་པ་བཞིའམ་གཅིག་གི་དྲུང་དུ་བཤགས། སྤང་ལྟུང་ལ། གང་ལས་བྱུང་བའི་རྫས་དེ་སྤངས་ལ་གཟོད་བཤགས་པ་བྱ། སོར་བཤགས་ནི་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སྨྲེ་སྔགས་དང་བཅས་པའི་སྒོ་ནས་བཤགས། གཞན་བཤགས་པར་འོས་པ་ཐམས་ཅད་དགེ་སློང་ལྟུང་བ་དེ་མ་བྱུང་བ་ཞིག་གི་མདུན་དུ་རང་མིང་གིས་བཤགས། བསྡམ་པར་འོས་པ་རྣམས་ཡིད་ཀྱིས་བསྡམ་པར་གསུངས་པ་སོགས་རྒྱ་ཆེར་སོ་ཐར་གྱི་འདུལ་བའི་གཞུང་ལས་ཤེས། འདིར་དེང་སང་གི་ཕྱག་ལེན་ལྟར་དགེ་འདུན་ཚོགས་པ་གནས་ཁང་གཅིག་ཏུ་འདུས་ནས་ཕན་ཚུན་བརྗོད་རེས་ཀྱི་ཐམས་ཅད་དགེ་འདུན་ལ་བཤགས་ན། གཡས་གྲལ་དུ་དགེ་སློང་རྒན་པ་རྣམས་འདིང་ཆོས་སྣམ་སྦྱར་བཅས་ཙོག་པུར་འདུག གཡོན་གྲལ་དུ་དགེ་སློང་གཞོན་པ་རྣམས་འདིང་ཆོས་བཅས་འཁོད། ཕྱག་གསུམ་དབུལ། གཟན་ཕྲག་ཁྱེར། འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། རྒན་པོའི་གྲལ་མགོ་མས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། གཞོན་པ་རྣམས་ཙོག་པུར་འདུད་རྒྱས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང༌། མི་ཤེས་པ་ཉིད་དང༌། མ་གུས་པ་དང༌། བག་མ་མཆིས་པ་དང༌། ཉོན་མོངས་པ་མང་བའི་དབང་གིས་ཕམ་ལྷག་གི་སྦོམ་པོ་ལྕི་ཡང་གཉིས་དང༌། ལྟུང་བྱེད་འབའ་ཞིག་པ་དང༌། སོ་སོར་བཤགས་པར་

p. 509

བྱ་བ་དང༌། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ནས་བཟུང་སྟེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བཟླས། རྒན་པས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། ཞེས་དྲི། གཞོན་པས། མཐོང་ལགས། རྒན་པས། ཕྱིན་ཆད་ལེགས་པར་བསྡམ་ལགས་སམ། གཞོན་པས། བསྡམ་ལགས། རྒན་པས། ཐབས་ཡིན་ནོ། །གཞོན་པས། ལེགས་སོ། །ཡང་གཞོན་པས་ཕྱག་གསུམ་འགྲེང་འདུད་བཅས། གཟན་ཕྲག་ཁྱེར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། རྒན་པས། ཆོས་བཞིན་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས། ཞེས་བརྗོད་པར་བྱའོ། །དེ་ནི་ལྟུང་བ་ཕྱིར་བཅོས་པའི་ཆོ་གའོ། །ཡང་ཕམ་པར་གཏོགས་པའི་སྦོམ་པོ་དང༌། ལྷག་མ་མན་ཆད་ཀྱི་ལྟུང་བ་ཆད་ལས་དགོས་པ་སྔོན་དུ་མ་གྲུབ་པ་དང༌། བཤགས་ཡུལ་མེད་པ་དང༌། ལྟུང་ཕྱིར་རྩོད་པ་སོགས་ཀྱི་རྐྱེན་དབང་གིས་གསོ་སྦྱོང་སོགས་ཀྱི་ལས་ལ་འདུ་བའི་དུས་དེར་བཤགས་པ་མ་ནུས་པ་རྣམས་བྱིན་གྱིས་བརླབ་པ་ནི། གསོ་སྦྱོང་གི་སྐབས་ལ་མཚོན་ན། གཞོན་པས་ཕྱག་གསུམ་སོགས་སྔར་ལྟར་ལ། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། རྒན་པས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། གཞོན་པ་རྣམས་ཙོག་པུར་འདུད་རྒྱས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང༌། མི་ཤེས་པ་ཉིད་དང༌། མ་གུས་པ་དང༌། བག་མ་མཆིས་པ་དང༌། ཉོན་མོངས་པ་མང་བའི་དབང་གིས། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། སྤང་ལྟུང་སུམ་ཅུ་ལས་གང་ཡང་རུང་བ་བྱུང་བ་དག དགེ་འདུན་བཙུན་པ་

p. 510

རྣམས་ཀྱི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱིས་གསོ་སྦྱོང་མཛད་ལ། སླད་ཀྱི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ལན་གསུམ། རྒན་པས། ཐབས་ཡིན་ནོ། །གཞོན་པས། ལེགས་སོ། །གཞོན་པས་ཕྱག་གསུམ་སྔར་ལྟར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་བ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། རྒན་པས། ཆོས་བཞིན་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས། དེ་ནས་གཞོན་པ་རྣམས་ཙོག་པུས་བཞུགས། རྒན་པ་རྣམས་ནས་ཚུལ་ཕྱག་གསུམ་རེ་མཛད་པ་ལས་གཞན་སྔར་ལྟར་ཕྱིར་བཅོས་དང་བྱིན་རླབས་བྱ། བསྙེན་རྫོགས་ལྟ་བུའི་བྱིན་རླབས་ཀྱི་སྐབས། གསོ་སྦྱོང་མཛད་ལ་ཞེས་པའི་མལ་དུ། བསྙེན་པར་རྫོགས་པའི་ཕྲིན་ལས་མཛད་ལ་ཞེས་སྦྱར་བ་ལས་གཞན་འདྲའོ། །དགེ་ཚུལ་གྱི་ལྟུང་བ་བཤགས་པ་ནི། དགེ་སློང་ཞིག་གི་མདུན་དུ་ཕྱག་བྱས། སྙན་གསན་དབབ། ཙོག་པུར་འཁོད་དེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་སོགས་ནས། ཉོན་མོངས་པ་མང་བའི་དབང་གིས་ཉེས་བྱས་གང་དང་གང་བྱེད་པ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་སོགས་ལན་གསུམ་དང༌། ཐབས་ལེགས་སོགས་འདྲ། འདི་ནི་ཡུལ་དགེ་སློང་སྤྱིར་བཏང་གི་དབང་དུ་བྱས་པ་ཡིན་ལ། དམིགས་བསལ་མཁན་པོའམ། སློབ་དཔོན་ནམ། གནས་བརྟན་སོགས་ཉེ་ཚིག་གིས་བརྗོད་པ་དང༌། ཚོགས་སུ་བཤགས་ན། དགེ་འདུན་བཙུན་པ་རྣམས་ཞེས་སོགས་སྦྱར་བར་བྱའོ། །གཉིས་པ་བྱང་སེམས་ཀྱི་བསླབ་པ་དང་འགལ་བའི་ཕྱིར་བཅོས་ནི། ཀླུ་སྒྲུབ་ཀྱི་ལུགས་ལྟར་ན། རྩ་བའི་ལྟུང་བ་བྱུང་ནས་ཉིན་ཞག་ལས་མ་འདས་ན་བྱང་ཆུབ་སེམས་གཉིས་དང་མ་བྲལ་བའི་སྒོ་ནས་འཆགས། འདས་ན་བཤགས་སྡོམ་སྔོན་དུ་འགྲོ་བས་སློབ་དཔོན་ནམ་རྟེན་གྱི་དྲུང་དུ་སྡོམ་པ་སླར་བླང༌། གཞན་ཡང་ནག་པོ་བས། དབང་རབ་སྟོང་ཉིད་ཀྱི་བཤགས་པ། དབང་འབྲིང་རིག་སྔགས་སྤྱིའི་ལྷ་འཕགས་པ་ནམ་མཁའི་སྙིང་པོ་ལ་བཤགས་པ། ཐ་མ་གང་ཟག་

p. 511

ལ་སྟོབས་བཞི་ཚང་བས་བཤགས་པར་གསུངས་པའི། དང་པོ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ངང་ཡིད་ཀྱིས་བཤགས་སྡོམ་སྔོན་དུ་འགྲོ་བས། ལྟུང་བ་རང་བཞིན་མ་གྲུབ་པར་ཤེས་པའི་དོན་ལ་བློ་བཞག་པ་ཡིན་ལ། གཉིས་པ་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་བཤགས་པར་འདོད་ན། ཆོ་ག་རྒྱས་པ་གཞན་དུ་ཤེས། བསྡུ་ན་ལྟུང་བ་བྱུང་བ་ནས་བཟུང་ཁྲུས་དང་གཙང་སྦྲ་བྱ། བྲིས་སྐུའི་མདུན་དུ་ཅི་འབྱོར་པའི་མཆོད་པ་བཤམ། དྲི་ཞིམ་པའི་བདུག་སྤོས་རྒྱུན་མི་ཆད་པར་འཐུལ། སྐྱབས་སེམས། ས་གཞི་བྱིན་རླབས་སོགས་དང༌། སྤྱན་འདྲེན་ནས་བཞུགས་གསོལ་གྱི་བར་ཆོས་སྤྱོད་སྤྱི་ལྟར་རྒྱས་བསྡུས་གང་རུང་བྱ། རྟེན་དང་དབྱེར་མེད་པར་སངས་རྒྱས་སྲས་བཅས་ཀྱིས་བསྐོར་ཏེ་བཞུགས་པར་བསམས་ལ་ལངས་ཏེ་ཕྱག་འཚལ་བཞིན་དུ། ཇི་སྙེད་སུ་དག་སོགས་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས་ཤློ་ཀ་གསུམ་གྱིས་དཀོན་མཆོག་སྤྱི་དང༌། ཁྱད་པར། བྱང་ཆུབ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །འཕགས་པས་བདག་ལ་ཞལ་བསྟན་ཏེ་སྡིག་པ་དག་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་ཕྱག་བརྒྱ་རྩ་འཚལ། མོས་གུས་དྲག་ཏུ་བྱ། དེ་ནས་མཆོད་པ་སོགས་ཡན་ལག་ལྷག་མ་རྣམས་སྤྱི་ལྟར་ལ། བཤགས་པའི་སྐབས། གསེར་འོད་དམ་པ་དང༌། སྤྱོད་འཇུག་སོགས་ལས་འབྱུང་བའི་བཤགས་པ་རྒྱས་པར་བྱ། སླར་ཡང་གོང་བཞིན་ཕྱག་འཚལ་བ་བརྒྱ་རྩ་ལ་སོགས་པའི་མཐར་གཟུངས་སྔགས་བཟླ་བར་འདོད་ན། ཏདྱ་ཐཱ། སུ་མྲྀ་ཤ་སུ་མྲྀ་ཤ། ཀཱ་རུ་ཎི་ཀ ཙ་ར་ཙ་ར། བི་ཙ་ར། སྃ་ཙ་ར། ཀཱ་རུ་ཎི་ཀ མུ་ར་མུ་ར། བེ་ག་དྷ་རི་མ་ཙ་མ། བྷུ་ཛ་པཱ་ད་ཀ་རུ་ཎི་ཀ ཙིནྟ་མ་ཎི་པཱུ་ར་ཡ་ཀ་རུ་ཎི་ཀ སརྦ་ཤ་མེ་སྠཱ་པཱ་ཡ། ཨཛྙཱ་དྷ་རི། སྥུ་གུང་སྥུ་གུང༌། རུ་ཏི་བི་བེ་ཀ་གུང༌། དྲྀཥྚི་བི་བེ་ཀ་གུང༌། པཱུ་ར་ཡ་ཀ་རུ་ཎི་ཀ པཱུ་ར་ཡནྟུ་མ་མ་ཨཱ་ཤ་ཡ། སརྦ་པནྠཱ་ཙ་ཨ་ཤོ་ཀ་ག་ཏི་སྭཱ་ཧཱ། ཞེས་དང༌། དགོངས་ཤིག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་སོགས་ནམ་མཁའི་སྙིང་པོའི་མདོ་ལས་བྱུང་བས་འདོད་དོན་གསོལ། དེ་ཙམ་མི་ནུས་ན། མགོན་པོ་ཐུགས་རྗེ་

p. 512

ཆེན་པོ་དང་ལྡན་པས་བདག་ལ་ཞལ་བསྟན་ཅིང༌། སྡིག་པ་དང་ལྟུང་བ་ཐམས་ཅད་བྱང་ཞིང་དག་པ་དང༌། ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་བདེ་བླག་ཏུ་བགྲོད་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། ལྷག་པ་དང་ནི་ཆད་པ་དང༌། །ཆོ་གའི་ཡན་ལག་ཉམས་པ་སོགས། །བདག་གིས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཞེས་ནོངས་པ་བཤགས་པ་དང༌། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་པས་བྲིས་སྐུ་ལ་བརྟན་བཞུགས་བྱ། བསྔོ་སྨོན་དང་བཀྲ་ཤིས་བརྗོད། དེ་ལྟ་བུ་ཐུན་བཞི་དང༌། ཁྱད་པར་ཐོར་ཐུན་ལ་རྩེ་གཅིག་ཏུ་བརྩོན་པས་དངོས་སམ་རྨི་ལམ་དུ་ཞལ་བསྟན་ཅིང་ལྟུང་བ་འཆག་ཏུ་འཇུག་པར་གསུངས་ལ། དེས་མ་གྲུབ་ན་ལྷའི་བུ་སྐྱ་རེངས་ལ་འཕྲིན་དུ་གསོལ་བ་ནི། ཐོར་ཐུན་གྱི་གཤམ་དུ། སྔ་ན་སྐྱ་རེངས་དང་པོ་དང༌། ཕྱི་ན་ཐ་མ་ཤར་བའི་ཚེ་ཁང་སྟེང་ལ་སོགས་བླ་གབ་མེད་པའི་སར་ཕྱིན་ལ་སྤོས་འཐུལ། ཕྱོགས་བཅུར་ཕྱག་འཚལ་ཞིང་གསོལ་བ་གདབ། མཐར་ཁ་ཤར་དུ་ཕྱོགས་པས་པུས་བཙུགས་ཐལ་མོ་སྦྱར་ཏེ། སྐྱ་རེངས་སྐྱ་རེངས་ཐུགས་རྗེ་ཆེན་པོ་ཅན། སྐལ་པ་ཆེན་པོ་ཅན་ཁྱོད་ཛམྦུའི་གླིང་དུ་ཤར་མ་ཐག་ཏུ། བདག་ལ་ཐུགས་རྗེས་དགབ་པར་མཛོད་ཅིག བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཐུགས་རྗེ་ཅན་ལ་བདག་གི་ཚིག་གིས་སྤྲོ་ན་ཏེ། བདག་གི་རྨི་ལམ་དུ་ཡང་དེ་སྟོན་པར་འགྱུར་ཞིང༌། གང་གིས་ཐབས་དེས་ལྟུང་བ་བཤགས་པར་འགྱུར་བ་དང༌། འཕགས་པའི་ཐེག་པ་ཆེན་པོ་ལ་ཐབས་དང་ཡེ་ཤེས་ཀྱི་མིག་ཆེན་པོ་ཐོབ་པར་མཛོད་ཅིག ཅེས་བརྗོད་ནས་མལ་བདེ་བར་གཉིད་ཀྱིས་ལོག་པས་རབ་ཞག་གཅིག་གམ་གསུམ། འབྲིང་བདུན། ཐ་མའང་ཉེར་གཅིག་གིས་རྨི་ལམ་དུ་སྐལ་བ་དང་འཚམས་པར་སྐུ་དངོས་སམ། བླ་མའམ། ཕ་མ་ལ་སོགས་པའི་གཟུགས་སུ་བསྟན་ནས་ལྟུང་བ་འཆག་ཏུ་འཇུག་པར་འགྱུར་ཞིང༌། ཇི་སྐད་གསུངས་པ་བཞིན་ལག་ཏུ་བླངས་པས་ལྟུང་བ་ཐམས་ཅད་དག་སྟེ་ལམ་གྱི་ཡོན་ཏན་

p. 513

འཕེལ་བར་འགྱུར་རོ། །གསུམ་པ་གང་ཟག་ལ་བཤགས་པའི་ཚུལ་ནི། ཡུལ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་ཇི་ལྟར་རིགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་བཏུད་དེ། གང་ཟག་གཅིག་ཡིན་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའམ་མང་དུ་ཡོད་ན། བྱང་ཆུབ་སེམས་དཔའི་དགེ་འདུན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་ལན་གདབ། དེ་ནས་འཆག་པ་པོས་ཕྱག་འཚལ་ཞིང་པུས་མོ་བཙུགས་ནས་ཐལ་མོ་སྦྱར་ཏེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའམ། བྱང་ཆུབ་སེམས་དཔའི་དགེ་འདུན་པ་རྣམས་དགོངས་སུ་གསོལ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང༌། མི་ཤེས་པ་དང༌། མ་གུས་པ་དང༌། བག་མ་མཆིས་པ་དང༌། ཉོན་མོངས་པ་མང་བའི་དབང་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས་རྩ་བ་དང་ཡན་ལག་གི་ལྟུང་བ་གང་དང་གང་བྱུང་བ་དེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའམ། བྱང་ཆུབ་སེམས་དཔའི་དགེ་འདུན་པ་རྣམས་ཀྱི་མདུན་དུ་མཐོལ་ཞིང་འཆགས་སོ། །མཐོལ་ཞིང་འཆགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ། ཡུལ་གྱིས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། རྟེན་གྱིས། མཐོང་ལགས། ཡུལ་གྱིས། ཕྱིན་ཆད་ལེགས་པར་བསྡམ་མམ། རྟེན་གྱིས། བསྡམ་ལགས། ཡང་ཡུལ་གྱིས། ཐབས་ཡིན་ནོ། །རྟེན་གྱིས་ལེགས་སོ་ཞེས་དང༌། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའམ། བྱང་ཆུབ་སེམས་དཔའི་དགེ་འདུན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཡུལ་གྱིས་ཆོས་བཞིན་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས། ཞེས་བརྗོད་ཅིང་བསྔོ་སྨོན་སོགས་བྱ། ཡང་ཕན་ཚུན་གཉིས་ཀས་བཤགས་པ་བྱེད་ན། རྒན་གཞོན་གྱི་གྲལ་སོ་སོར་བྱས་ཏེ། ཇི་ལྟར་བྱ་བའི་ཕྱག་ལེན་སོ་ཐར་གྱི་སྐབས་དང་འདྲའོ། །གསུམ་པ་

p. 514

སྔགས་སྡོམ་ཕྱིར་བཅོས་ནི། ཡན་ལག་ཚང་བའི་རྩ་ལྟུང་སོགས་ཉེས་པ་ཆེན་པོ་རྣམས་ནི། བླ་མ་ལས་དབང་བླངས་ཏེ་འཆོས་དགོས་ལ། ཡན་ལག་མ་ཚང་བའི་ལྟུང་བ་གང་ཟག་མང་པོ་ཚོགས་པས་ལྷན་ཅིག་ཏུ་འཆོས་པའི་ཚུལ་ནི། རབ་ཚོགས་འཁོར་རམ། མ་གྲུབ་ཀྱང་བདེ་ཀྱེ་སོགས་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བའི་སྒྲུབ་མཆོད་དམ། མཁའ་སྤྱོད་མའི་ཚེས་བཅུའི་སྐབས་ལྟ་བུར། ལྷག་གཏོར་གྱི་མགོར་རམ། རྗེས་ཆོག་གི་གོང་དུ། གཡས་གྲལ་དང་དབང་གིས་རྒན་པ་རྣམས་རྒན་རིམ་གྱིས་འཁོད་པ་ལ། གཡོན་གྲལ་གཞོན་པ་རྣམས་ཀྱང་ནང་གསེས་ཀྱི་རྒན་གྲལ་བྱས་ཏེ་ཕྱག་གསུམ་འཚལ། ཐུན་མོང་དུ་མཎྜལ་ཚོམ་བུ་བདུན་མ་དགོད་ཅིང༌། མ་ཚང་བ་མེད་པ་འདི་ཉིད་རིག་པ་འཛིན་པའི་དགེ་འདུན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ་སོགས་ཀྱིས་དབུལ། ཡང་ཕྱག་གསུམ་འཚལ། པུས་བཙུགས་ཐལ་སྦྱར་གྱིས། རིག་པ་འཛིན་པའི་དགེ་འདུན་པ་རྣམས་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང༌། མི་ཤེས་པ་དང༌། མ་གུས་པ་དང༌། བག་མ་མཆིས་པ་དང༌། ཉོན་མོངས་པ་མང་བའི་དབང་གིས་ཡན་ལག་མ་ཚང་བའི་རྩ་བའི་ལྟུང་བ་དང༌། ཡན་ལག་གི་ལྟུང་བ་ལས་གང་དང་གང་བྱུང་བ་དེ་རིག་པ་འཛིན་པའི་དགེ་འདུན་པ་རྣམས་ཀྱི་མདུན་དུ་མཐོལ་ཞིང་འཆགས་སོ། །མཐོལ་ཞིང་འཆགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ། རྒན་པའི་གྲལ་མགོ་མས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། གཞོན་པ་རྣམས་ཀྱིས། མཐོང་ལགས། ཡང་ཕྱིན་ཆད་ལེགས་པར་བསྡམ་ལགས་སམ་ཞེས་དྲིས་པ་ལ། བསྡམ་ལགས་ཞེས་དང༌། ཡང་ཡུལ་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པས། ལེགས་སོ་ཞེས་ལན་བྱའོ། །ཡང་གཞོན་པ་རྣམས་གྲལ་ལ་བཞུགས་པ་ལ་རྒན་པ་རྣམས་བཞེངས་ཏེ། ཕྱག་དབབ་གསུམ་དང་མཎྜལ། པུས་བཙུགས་ཀྱི་སྒོ་ནས་ཕྱིར་བཅོས་སྔར་བཞིན་བྱ་སྟེ། གཞོན་པའི་གྲལ་མགོ་མ་དེས་ལན་རྣམས་བྱའོ། །དེ་ནས་ཆོ་ག་གང་

p. 515

ཡིན་གྱི་རྗེས་ཆོག་དཀྱུས་ལྟར་བྱ། འདིའང་ཆོ་ག་དང་འབྲེལ་ན་ལེགས་པའི་ཡན་ལག་ཡིན་གྱི། མ་འབྲེལ་བར་དུས་ནམ་དུའང་བྱ་རུང་བ་ཉིད་དོ། །སྡོམ་པ་གསུམ་ཀའི་ཐུན་མོང་གི་ཕྱིར་བཅོས་སྤྱི་བཤགས་ནི། ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ཐུགས་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མ་མཆིས་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། ཕ་དང་མ་ལ་མ་གུས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་བསྡམ་པར་བགྱི་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད་ལ། སློབ་དཔོན་སོགས་ཀྱིས། ཉེས་པ་ལ་ཉེས་པར་གཟིགས་

p. 516

ལགས་སམ། མཐོང་ལགས། ཕྱིན་ཆད་ལེགས་པར་བསྡམ་མམ། བསྡམ་ལགས། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་དོ། །དེ་ལྟ་བུའི་ཕྱིར་བཅོས་གསུམ་ཀའང་བཤགས་ཡུལ་གང་ཟག་དངོས་མེད་ན། རྟེན་གྱི་དྲུང་སོགས་སུ་འཁོད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཐོགས་མེད་ཀྱི་གཟིགས་པ་དང་ལྡན་པ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་ཕྱག་འཚལ་བ་སྔོན་དུ་འགྲོ་བས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སོགས་བཤགས་ཚིག་བརྗོད་ཅིང༌། མཐོང་སྡོམ་དང་ཐབས་ལེགས་སོགས་ཀྱང་དེ་དང་དེ་ལྟར་བགྱིས་པར་བསམས་ལ་དངོས་སུ་རང་གིས་བརྗོད། གང་ལྟར་ཡང་བཤགས་པ་ཐམས་ཅད་ལ་སྟོབས་བཞི་ཚང་བ་དང༌། ལྟུང་བ་དམིགས་ཀྱིས་བསལ་བ་ཡོད་ན་སོ་སོའི་མིང་ནས་སྨོས་ཏེ་བཤགས་པ་བྱ་བའང་གལ་ཤིན་ཏུ་ཆེའོ། །མདོར་ན་བྱ་བའི་རྒྱུད་ལེགས་པར་གྲུབ་པ་ལས། ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོར་བྱས་པ་ནངས་པར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །ཞེས་སོགས་རྒྱུད་སྡེ་དང་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་པ་བཞིན། སྤྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བྱེ་བྲག་ཏུ་སྡོམ་པ་གསུམ་དང་འགལ་བའི་བཅས་པའི་ལྟུང་བ་གང་ཡང་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམ། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཏེ་ཉེས་ལྟུང་དང་ཞག་གཅིག་ཀྱང་མི་འགྲོགས་པ་མཉམ་མེད་ཇོ་བོ་ཆེན་པོ་དཱི་པཾ་ཀ་རའི་རྣམ་ཐར་ལ་བསླབ་པར་བྱའོ། །དགུ་པ་དགེ་བའི་རྩ་བ་གོང་དུ་སྤེལ་བའི་ཐབས་མང་དུ་གསུངས་པ་ལས། འདིར་ཅུང་ཟད་བརྗོད་ན། ཡུལ་དུས་རྟེན་དང་གསང་སྔགས་དང༌། །སེམས་བསྐྱེད་ཡི་རང་བསྔོ་བའོ། །ཞེས་བདུན་ལས། དང་པོ་ཡུལ་ཁྱད་པར་ཅན་ལ་བརྟེན་པ་ནི། མཆོད་པའི་ཡུལ་གྱི་གཙོ་བོ་བླ་མ་རྡོ་རྗེ་སློབ་དཔོན་དང༌། དམ་པའི་ཆོས་དང་ཆོས་སྨྲ་བ་དང༌། རྟེན་གསུམ་བྱིན་རླབས་ཅན་སོགས་ཀྱི་སྤྱན་སྔར་མཆོད་ཅིང་བསྙེན་བཀུར་བ་དང༌། ཕན་འདོགས་ཀྱི་ཞིང་ཕ་མ་དང༌། ནད་པ་དང༌།

p. 517

དབུལ་ཞིང་ཉམས་ཐག་པ་སོགས་ལ་སྦྱིན་པ་བྱིན་པས་བསོད་ནམས་ཀྱི་ཚོགས་ལྷག་པར་འཕེལ་བར་གསུངས་ཏེ། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང༌། །ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་སོ། །གཉིས་པ་དུས་ནི་ལོ་གཅིག་ལ་མཚོན་ན། ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་བདག་ཅག་གི་སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་པ་དང༌། བཞི་པའི་ཚེས་བདུན་ལ་སྐུ་བལྟམས་པ་དང༌། བཅོ་ལྔ་ལ་མྱ་ངན་ལས་འདས་ཤིང་མངོན་པར་བྱང་ཆུབ་པ་དང༌། དྲུག་པའི་ཚེས་བཞི་ལ་ཆོས་འཁོར་བསྐོར་བ་དང༌། བརྒྱད་པའི་ཉེར་གཉིས་ལ་ལྷ་ལས་བབས་པ། གཞན་དགུ་པའི་བཅོ་ལྔ་ལ་ལྷ་བབས་དང་ཆོ་འཕྲུལ་ཆུང་བར་བཞེད་པ་སོགས་དང༌། ཟླ་བ་གཅིག་ལ་མཚོན་ན་སྤྱིར་བཏང་ཉ་སྟོང་བརྒྱད་གསུམ་དང༌། ཁྱད་པར་བདེ་མཆོག་ལས། ཚེས་བཅུ་ལ་ནི་དེ་རབ་མཆོད། །ཅེས་པས་ཡར་ངོ་དང༌། མར་ངོའི་ཚེས་བཅུ་གཉིས་དང༌། ཀྱེ་རྡོར་ལས། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང༌། །དེ་བཞིན་དུ་ནི་བརྒྱད་པ་ཉིད། །ཅེས་ཡར་ངོའི་ཚེས་བརྒྱད་དང་བཅུ་བཞི། མར་ངོའི་ཉེར་གསུམ་དང༌། ཉེར་དགུ་སྟེ་དུས་བཞི་དང༌། མཁའ་འགྲོ་རྒྱ་མཚོ་ལས། ཚེས་བརྒྱད་དང་ནི་ཁྱད་པར་དུ། །བཅོ་ལྔ་དང་ནི་ཚེས་བཅུ་བཞིར། །གྲུབ་འདོད་རྣལ་འབྱོར་རྣམས་ཀྱིས་ནི། །འབད་པས་གཏོར་མ་སྦྱིན་པར་བྱ། །ཞེས་དུས་གསུམ་ལ་ཡར་ངོ་དང་མར་ངོའི་དབྱེ་བས་དྲུག་སྟེ་དེ་རྣམས་དང༌། གཞན་ཡང་རང་རང་གི་བླ་མ་གོང་མ་ཁྱད་པར་ཅན་རྣམས་སྐུ་བལྟམས་པ་དང༌། ཞི་བར་གཤེགས་པ་སོགས་ཀྱི་དུས་ཆེན་རྣམས་ལ་དགེ་བའི་རྩ་བ་བསྒྲུབས་པ་མཐའ་དག་འབུམ་དུ་འགྱུར་བར་གསུངས་ཤིང༌། བྱེ་བྲག་ཏུ་རྒྱུད་ལས་གསུངས་པའི་དུས་དེ་རྣམས་སུ་ཕྱི་ནང་གི་མཁའ་འགྲོ་རྣམས་ཚོགས་དང་གཏོར་མས་མཉེས་པར་བྱ་བ་ལ་མཆོག་ཏུ་བསྔགས་པ་ཡིན་ནོ། །དེ་བཞིན་དུ་ཉི་མ་གཟས་བཟུང་བའི་དུས་སུ་བྱེ་བ་འབུམ་དང༌། ཟླ་བ་གཟས་བཟུང་བའི་དུས་སུ་བྱེ་བ་བདུན་འགྱུར་དུ་གསུངས་པ་སོགས་ཏེ། མདོར་ན་སྤྱི་རྒྱུད་ལས། ཉི་ཟླ་གཟའ་ཡིས་ཟིན་པ་དང༌། །ཡ་མཚན་ཆེ་ལྟས་བྱུང་བ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །

p. 518

མཁས་པས་དཀྱིལ་འཁོར་འབྲི་བར་བྱ། །ཞེས་པས་མཚོན་རྒྱུད་སྡེ་རྣམས་ལས་དུས་ཀྱི་འགྱུར་བ་ལ་བསྔགས་པའི་ཚུལ་མང་དུ་གསུངས་པའི་ཕྱིར། དུས་ཆེན་རྣམས་སུ་དགེ་བའི་བྱ་བ་ལ་ལྷག་པར་བརྩོན་པར་བྱའོ། །གསུམ་པ་རྟེན་ནི། ཇི་སྐད་དུ་དཔལ་དུས་ཀྱི་འཁོར་ལོ་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང༌། །དགེ་ཚུལ་ཞེས་ནི་བྱ་བ་སྟེ། །ཁྱིམ་ལ་གནས་པ་ཐ་མའོ། །ཞེས་གསུངས་པ་ལྟར། ཁྱིམ་པ་ལས་དགེ་ཚུལ་དང༌། དེ་ལས་དགེ་སློང་ཁྱད་ཞུགས་པ་ལྟར། དེ་ལས་ཀྱང་བྱང་ཆུབ་སེམས་དཔའ་དང༌། རིག་པ་འཛིན་པའི་སྡོམ་པ་དང་ལྡན་པ་རྣམས་ཀྱིས་བྱས་པའི་དགེ་བའི་རྩ་བ་ཆེས་ཁྱད་པར་དུ་འགྱུར་བས་ན། སྡོམ་པ་གསུམ་ལྡན་གྱི་དགེ་སློང་རྡོ་རྗེ་འཛིན་པས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་དགེ་བའི་རྩ་བ་ལ་འབད་པ་ནི་ཆེས་མཆོག་ཏུ་གྱུར་པ་ཡིན་ལ། ཁྱིམ་པ་ཡིན་ཀྱང་དགེ་བའི་བྱ་བ་བརླབས་པོ་ཆེ་ལ་འཇུག་པ་ན་བསྙེན་གནས་ཡན་ལག་བརྒྱད་པ་བླངས་ཏེ་དགེ་བ་ལ་སྦྱང་ན་ཕན་ཡོན་ལྷག་པར་ཆེ་བས་མཚོན་ཏེ་ཤེས་པར་བྱའོ། །བཞི་པ་རིག་པའི་སྔགས་ཀྱིས་དགེ་བའི་རྩ་བ་སྤེལ་བ་ལ། གཟུངས་སྔགས་རྣམས་ལས་མང་དུ་འབྱུང་ཞིང༌། ངག་བྱིན་རླབས་དང༌། ཕྲེང་བ་བྱིན་རླབས་སོགས་ཀྱང་འོག་ནས་འབྱུང་བ་ལྟར་ལ། ཁྱད་པར་དགེ་བའི་བྱ་བ་ལ་འཇུག་པའི་སྔོན་དུ། ཨོཾ་སྨ་ར་སྨ་ར་བི་མ་ན་ས་ར་མ་ཧཱ་ཛམྦྷ་ཧཱུྃ། ཞེས་པའི་སྔགས་འདི་བརྗོད་པས་འབུམ་གྱུར་རམ། བྱེ་བ་ཕྲག་བརྒྱའི་འགྱུར་དུ་གསུངས་སོ། །ལྔ་པ་སེམས་བསྐྱེད་པས་དགེ་བའི་རྩ་བ་སྤེལ་བ་ནི། དགེ་བ་གང་བྱེད་ཀྱང་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་བྱང་ཆུབ་ལ་དམིགས་ཏེ་བགྱིས་ན་ཕན་ཡོན་གྱི་འགྱུར་པ་ལྷག་པར་ཆེ་བའི་ཚུལ་སློབ་དཔོན་ཀླུས། སེམས་ཅན་ཁམས་ནི་མཐའ་མེད་པར། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་དང༌། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་འབྱིན་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པ་མི་ཟད་འཕེལ་བར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དྲུག་པ་རྗེས་སུ་ཡི་

p. 519

རང་བས་དགེ་རྩ་སྤེལ་བ་ནི། གཞན་འཕགས་པ་དང༌། སོ་སོ་སྐྱེ་བོའི་ཁོངས་སུ་གཏོགས་པ་མཐའ་དག་གིས་དུས་གསུམ་དུ་བསགས་ཤིང་བསག་པར་འགྱུར་བའི་དགེ་བ་ཐམས་ཅད་ལ་དགའ་ཞིང་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བ་བགྱིས་ན་དེ་དག་གི་བསོད་ནམས་མཉམ་དུ་ཐོབ་པར་གསུངས་པས་མཚོན་ཕན་ཡོན་མཐའ་ཡས་ཏེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་སླ། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཅེས་གསུངས་པས་མཚོན་ནོ། །བདུན་པ་ཡོངས་སུ་བསྔོ་བ་ནི། དགེ་བའི་རྩ་བ་སྤེལ་བའི་ཐབས་མཆོག་ཏུ་གྱུར་པ་སྟེ། སྤྱིར་དགེ་བའི་རྩ་བ་གང་དང་གང་བྱས་པའི་རྗེས་དང༌། ཉིན་ཞག་ཕྲུགས་གཅིག་ལ་མཚོན་ན། ནུབ་མོ་ཉལ་བའི་ཚེ་དེ་རིང་བསགས་པའི་དགེ་བའི་རྩ་བ་ཉིད་དམིགས་པའི་གཙོ་བོར་བྱས་ཏེ། དེས་མཚོན་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུར་ཡོངས་སུ་བསྔོ་བས་མཚམས་སྦྱར་ནས། བཟང་པོ་སྤྱོད་པ་ལ་སོགས་པའི་བསྔོ་སྨོན་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་དོན་ཚིགས་བཅད་དུ་བསྡེབས་པ། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་བསྐམས་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་གང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་སོགས་སུ་གསུངས་པ་ལྟར། དགེ་རྩ་འཛད་པའི་རྒྱུ་ཁོང་ཁྲོ་ལ་སོགས་པས་ནམ་དུའང་མི་འཛད་ཅིང༌། བྱང་ཆུབ་སེམས་ཀྱི་བསྔོ་བའི་རྩིས་ཟིན་པས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་བ་ཉིད་དོ། །དེ་ལ་བསྔོ་སྨོན་གྱི་གཞུང་རྒྱས་པ་ནི་ཕལ་པོ་ཆེའི་རྡོ་རྗེའི་རྒྱལ་མཚན་གྱི་ལེའུ་དང༌། ཡོངས་སུ་བསྔོ་བའི་གཟུངས་སོགས་ཡིན་ལ། དེང་སང་ཐམས་ཅད་ལ་གྲགས་པའི་བཟང་པོ་སྤྱོད་པ་དང༌། བྱམས་པའི་སྨོན་ལམ། བདེ་བ་ཅན་གྱི་སྨོན་ལམ། ཕར་ཕྱིན་བཅུ་གཅིག་གི་སྨོན་ལམ། སྤྱོད་འཇུག་གི་བསྔོ་བའི་ལེའུ་རྣམས་ལ་སྨོན་ལམ་རྣམ་ལྔ་ཞེས་མཚན་དུ་གསོལ་བ་དང༌། གཞན་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས་བྱུང་བའི་སྨོན་ལམ་ཉི་ཤུ་པ། སློབ་དཔོན་དཔའ་བོའི་སྨོན་ལམ་བདུན་ཅུ་པ་སོགས་འཕགས་བོད་ཀྱི་བླ་མ་གོང་མ་

p. 520

རྣམས་ཀྱི་གསུང་བྱིན་རླབས་ཅན་རྣམས་ཇི་ལྟར་རིགས་པ་གདབ་ཅིང༌། དགེ་སྦྱོར་ཐམས་ཅད་ཀྱི་མཇུག་ཏུ། བཅོམ་ལྡན་འདས་བསྔོ་བ་དང་སྨོན་ལམ་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། པཉྩེནྡྲཱི་ཡ་ཨ་བ་བོ་དྷ་ན་སྭཱ་ཧཱ། ཞེས་དང༌། ན་མསྶརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་བརྗོད་པས་སྔ་མས་སྨོན་ལམ་གང་བཏབ་པ་ཐམས་ཅད་མྱུར་དུ་འགྲུབ་པར་གསུངས་པ་དང༌། ཕྱི་མས་དགེ་བ་གང་བྱས་འབུམ་གྱུར་དུ་འཕེལ་བར་གསུངས་པས་མཚོན་རྒྱ་ཆེར་ཤེས་པར་བྱའོ། །གཞན་ཡང་གང་དག་སྔགས་བཟླས་པ་གཙོ་བོར་བྱེད་པ་རྣམས་ཀྱིས་ཐོག་མར་ངག་བྱིན་རླབས་དང༌། བར་དུ་ཕྲེང་བ་བྱིན་རླབས་དང༌། མཇུག་ཏུ་བཟླས་པ་ལྷག་པའི་ལྷ་ལ་དབུལ་བ་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བྱ་སྟེ། དེ་ལ་དང་པོ་ངག་བྱིན་གྱིས་བརླབ་པ་ནི། ཐོ་རངས་གཞན་དང་ངག་མ་འདྲེས་པའི་གོང་ལུས་གནད་བཅོས། རླུང་རོ་བསལ་ལ་ཅུང་ཟད་ངལ་བསོ། དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་ལྕེའི་སྟེང་དུ་ཨ་ལས་ཟླ་བ་ལ་ཨ་དཀར་པོ་འོད་ཟེར་འབར་བས་མཚན་པའི་མཐར་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས་ཨོཾ་ཨ་ཨཱ་ནས། ཨཾ་ཨཿརྣམས་དཀར་པོ། དེའི་ཕྱི་རོལ་ཏུ་གཡོན་སྐོར་གྱིས་ཀ་ཁ་ག་གྷ་ང་ནས། ཧ་ཀྵ་སྭཱ་ཧཱ་རྣམས་དམར་པོ། དེའི་ཕྱི་རོལ་ཏུ། ཨོཾ་ཡེ་དྷརྨཱཿནས། ཤྲ་མ་ཎ་སྭཱ་ཧཱ་ཞེས་པའི་སྔགས་ཕྲེང་ཁ་དོག་དམར་པོ་གཡས་སྐོར་གྱིས་ལངས་ཐབས་སུ་འཁོད་པ། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཐམས་ཅད་ལྷ་སྔགས་དབྱངས་གསལ་རྟེན་སྙིང་གི་རྣམ་པས་སྤྱན་དྲངས་ནས་ཐིམ། ཡང་འོད་ཟེར་འཕྲོས་པས་ལྷ་དང་དྲང་སྲོང་གྲུབ་པ་རིག་འཛིན་བདེན་ཚིག་ལ་དབང་བ་རྣམས་ཀྱི་ངག་གི་ནུས་མཐུ་གཟི་བརྗིད་ཐམས་ཅད་དབྱངས་གསལ་རྟེན་སྙིང་གི་རྣམ་པ་དང༌། གཞན་ཡང་འཁོར་འདས་ཀྱི་ངག་གི་དཔལ་ཡོན་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད་

p. 521

ཀྱི་རྣམ་པར་བཀུག་སྟེ་ཐིམ་པས་ལྕེ་སྟེང་གི་སྔགས་ཕྲེང་གཟི་བརྗིད་མཆོག་ཏུ་འབར་བར་གྱུར་པར་བསམས་ལ། གོང་གི་བཀོད་པའི་སྔགས་རྣམས་སྦྲེལ་བ་གསུམ། བདུན། ཉེར་གཅིག་སོགས་བཟླ། མཐར་ཨ་ལས་འོད་ཟེར་འཕྲོས་པས་སྔགས་ཕྲེང་གདན་དང་བཅས་པ་ཨ་ལ་ཐིམ། དེའང་བདུད་རྩིར་གྱུར་ནས་ལྕེ་ལ་ཐིམ་པས་གསུང་རྡོ་རྗེའི་ནུས་བྱིན་དང་ལྡན་པར་བསམས་ལ་བསྔོ་སྨོན་བྱའོ། །དེ་ལྟར་བགྱིས་པས་བཟླས་བརྗོད་གང་བྱས་བྱེ་བར་འགྱུར་བ་དང༌། སྨྲས་ཚད་སྔགས་སུ་འགྱུར་བ་དང༌། ངག་གི་མནན་གཏད་སོགས་ཞི་བ་དང༌། སྔགས་ནུས་ལ་གནོད་པའི་ཟས་དང་སྤྱོད་ལམ་གྱིས་སྔགས་ཀྱི་ནུས་པ་མི་འཕྲོག་པ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་ཏེ། གྲུབ་ཆེན་ཁྱུང་པོའི་མགུར་བརྒྱད་དང༌། རྭ་ལོ་ཙཱ་བའི་གདམས་ངག་ཆོས་བརྒྱད་དུ་གྲགས་པའི་དགོངས་པ་མཐུན་པར་འབྱུང་ངོ༌། །གཉིས་པ། སྤྱིར་བྱིན་བརླབ་བྱའི་ཡུལ་ཕྲེང་བ་ལ། བྱ་རྒྱུད་ལེགས་གྲུབ་སོགས་ཀྱིས་མཚོན་རྒྱུད་སྡེ་རྣམས་ལས་རིགས་དང་ལས་ཀྱི་བྱེ་བྲག་རྒྱས་པར་གསུངས་པ་ལྟར་འབྱོར་ན་ལེགས་ཤིང༌། རིགས་དང་ལས་ཐམས་ཅད་ལ་བསྔགས་པ་ནི་བོ་དྷི་ཙི་ཉིད་ཡིན་ལ་འགྱུར་ཁྱད་ཀྱང་ལྷག་པར་ཆེ་བའི་ཚུལ། རྩེ་མོ་ལས། ལྕགས་ཀྱིས་བཟླས་པ་ཉིས་འགྱུར་ཏེ། །ཟངས་ཀྱིས་ཡང་ནི་བཞི་འགྱུར་རོ། །རུ་རཀྵ་ཡིས་བྱེ་བ་གཉིས། །མུ་ཏིག་གིས་ནི་བརྒྱ་འགྱུར་རོ། །དབང་པོས་སྟོང་འགྱུར་རྣལ་འབྱོར་ཏེ། །དངུལ་གྱིས་འབུམ་དུ་འགྱུར་བ་ཡིན། །པདྨས་བྱེ་བ་བརྒྱ་འགྱུར་རོ། །བོ་དྷི་ཙིས་ནི་གྲངས་མེད་དོ། །ཞེས་སོ། །གང་ལྟར་ཡང་མཚན་ཉིད་དང་ལྡན་པའི་ཕྲེང་བ་བྱིན་རླབས་བྱ་བའི་ཚུལ་བདེ་ཀྱེ་གཉིས་ཀྱི་དགོངས་པ་ལྟར་ན། ཐོག་མར་བྱིན་རླབས་བྱ་བའི་སྐབས། ཕྲེང་བ་དྲི་ཞིམ་པོའི་ཆུས་བཀྲུས། སྤོས་ཀྱིས་བདུགས་ལ་མེ་ཏོག་གི་སྣོད་དུ་བཞག བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས། རང་གི་ལག་པ་གཡོན་པའི་སོར་མོ་རྣམས་པདྨ་འདབ་མ་ལྔ་པ། ལག་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཨཱ་ནས། ཨཾ་ཨཿ གཡོན་སྐོར་དུ་གནས་པའི་ལྟེ་བ་ལ་ཨ། ལག་པ་གཡས་པའི་སོར་མོ་རྡོ་རྗེ་རྩེ་ལྔ་པ། ལག་པའི་མཐིལ་དུ་ཉི་མའི་

p. 522

དཀྱིལ་འཁོར་གྱི་སྟེང་དུ་ཀ་ཁ་ག་གྷ་ང་ནས། ཧ་ཀྵཿགཡས་སྐོར་དུ་གནས་པའི་ལྟེ་བ་ལ་ཧཱུྃ། དེ་ནས་པད་ཀོར་སྔོན་དུ་འགྲོ་བས་ཕྲེང་བ་བླངས་ལ། བསང་སྦྱང༌། སྟོང་པའི་ངང་ལས་བདུད་རྩིའི་ཡི་གེ་དཀར་པོ་ལས་འོད་ཟེར་འཕྲོས། ལག་པ་གཉིས་རྡོ་རྗེ་ཐལ་མོ་སྦྱར་བའི་བར་དུ་ཕྲེང་བ་བཟུང་ལ། ཐལ་མོ་ཕན་ཚུན་བསྲུབ་པའི་ཚུལ་བྱ་ཞིང༌། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས། བྱང་ཆུབ་ཀྱི་སེམས་སུྃ་ལ་ཁྱབ། དེས་ཨཱ་ལི་དང་ཀཱ་ལི་ལ་ཁྱབ། དེ་ཕྲེང་བ་དང་གཉིས་སུ་མེད་པར་གྱུར། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ་སརྦ་བུདྡྷ་མ་ཡྃ་བྷ་ཝི་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། ཞེས་བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབ་ཅིང༌། རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། རྒྱུན་དུ་བཟླས་པའི་སྐབས་སུ་བབ་པ་ན་གོང་གི་བྱིན་རླབས་ཀྱི་དམིགས་པ་དང་བཅས་སྔགས་ལན་གསུམ་བཟླ། དེ་ནས་ལག་པ་གཡོན་པའི་མཛུབ་མོའི་སྟེང་ནས་བགྲང་ཞིང་མཐེ་བོང་རྡོ་རྗེ་ལྕགས་ཀྱུས་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བར་བསམས་ལ་བཟླས་བརྗོད་ལ་འཇུག་པར་བྱའོ། །གཞན་ཡང་ཕྲེང་བ་རབ་གནས་བསྡུ་བ་ནི། ཕྲེང་བ་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པའི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ཞེས་སོགས་བརྗོད་ཅིང་བུམ་ཆུ་གཏོར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ་སོགས་ཀྱིས་མཆོད། བདེ་མཆོག་ལ། ཨོཾ་སྭཱ་ཧཱ་ཧུ་ཧུྃ་ཧཱུྃ་ཕཊ། དང་གསང་འདུས་ལ། ཨོཾ་ཨཱཿཨཱ་རོ་ལྀཀ྄་ཧཱུྃ་ཧཱུྃ་ཞེས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ། དེ་འོད་དུ་ཞུ་བ་ལས་ཕྲེང་བའི་རྣམ་པར་བསམ་ཞིང་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་དག་གང་གི་ཚེ་ནའང༌། ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་ལས། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ན་སྭཱ་ཧཱ། སྔགས་འདིས་ལན་བདུན་བགྲང་ཕྲེང་ལ་བཏབ་སྟེ་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་གསང་སྔགས་དེ་དག་ཐམས་ཅད་བཟླས་པར་འགྱུར་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཡང་བཟླས་པར་འགྱུར་རོ། །ཞེས་གསུངས། གཞན་ཡང༌། ཨོཾ་ཀི་རི་ཀི་རི་ནུ་ཧྲི་ནི་ཡེ་སྭཱ་ཧཱ་ཞེས་དང༌། ཨོཾ་ཨ་ཙིནྟེ་ཛྭ་ལཱ་ཡ་སྭཱ་ཧཱ་ཞེས་པ་དག་ཀྱང་བཟླས་པས་བྱེ་བ་ཕྲག་བརྒྱའི་

p. 523

གྲངས་སུ་འགྱུར་བར་གསུངས་པས་ན་དེ་གསུམ་ཀའམ། གང་ཡང་རུང་བ་བཟླས་ཏེ་ཕྲེང་བ་ལ་བཏབ་ནས་སྔགས་བཟླ་བར་བྱའོ། །རྒྱུད་སྡེ་འོག་མ་བྱ་བའི་རྒྱུད་སོགས་ལས་རིགས་གསུམ་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་གསུངས་པའམ། ཐུན་མོང་བ་གོང་གི་ནོར་བུ་རྒྱས་པའི་སྔགས་ཀྱིས་བརླབས་ཀྱང་རུང་ངོ༌། །གསུམ་པ་ནི། བྱ་རྒྱུད་སོགས་མདུན་དུ་ལྷ་བསྐྱེད་པ་གཙོ་བོར་བཏོན་པའི་སྔགས་བཟླས་པའི་མཇུག་ཏུ། སྲིན་ལག་སོ་སོའི་རྒྱབ་ཏུ་གུང་མོ་སྦྱར། དེ་གཉིས་གཡས་པའི་རྒྱབ་གཡོན་པའི་མདུན་དུ་སྦྱར་ཏེ་བསྣོལ། གཡས་གཡོན་གྱི་མཛུབ་མོས་སོ་སོའི་གུང་སྲིན་ལ་འཁྱུད། མཐེ་བོང་གཉིས་མཛུབ་མོའི་ཚིགས་དབུས་མ་ལ་བཞག མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་བ་བུམ་པའི་ཕྱག་རྒྱ་བཅས་ལ་བདག་གི་བཟླས་བརྗོད་བགྱིས་པའི་དགེ་བའི་རྩ་བ་འདི་དངོས་གྲུབ་འདི་ཞེས་«་་་་་དམིགས་བསལ་མེད་ན། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་ཞེས་སྦྱར། མཆན།» བྱ་བའི་དོན་དུ་བཅོམ་ལྡན་འདས་ལ་དབུལ་ལོ། །འཕགས་པ་ཁྱེད་ཀྱིས་བདག་ལ་དངོས་གྲུབ་འདི་ཞེས་བྱ་བ་སྩལ་དུ་གསོལ། ཞེས་ཕུལ་བས། གནང་བ་བྱིན་པར་བསམས་ཏེ། འདིས་ནི་སྔགས་ཀྱི་ནུས་པ་མི་ཉམས་པ་དང༌། དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །གཞན་ཡང་བཟླས་པའི་མཇུག་ཏུ། ཨོཾ་ཨ་ཨཱ་ནས། ཧ་ཀྵ་སྭཱ་ཧཱ། གྲུབ་པར་གྱུར་ཅིག་ཅེས་བཏགས་ནས་བཟླས་པས་སྔགས་མྱུར་དུ་འགྲུབ་པ་དང༌། སྔགས་ཀྱི་མ་དག་པ་དང༌། ལྷག་ཆད་སོགས་ཁ་བསྐང་བར་འགྱུར་རོ། །ཡང་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། མཆོག་ཏུ་གྱུར་པ་ཡི་གེའི་སྒྱུ་རྩལ་བཞི། །འདི་ནི་མཁའ་འགྲོའི་སྙིང་ཚིག་སྨྲས་པ་ཡིན། །སྲོད་དང་ཐོ་རངས་འཁོར་ལོའི་གྲིབ་མཚམས་སུ། །ཐབས་དང་ཤེས་རབ་ཡི་གེ་གསུམ་གསུམ་བསྒྲགས། །འདིས་ནི་ངག་ཏུ་ཅི་སྨྲས་སྔགས་སུ་འགྱུར། །ཐོགས་མེད་ནུས་པས་དོན་ཀུན་སྒྲུབ་བྱེད་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་ཏེ། དེའི་དོན་ལ་བཞི། ངག་ནས་བྲེ་མོའི་གཏམ་སྨྲས་པས་གསང་སྔགས་ཀྱི་བསྙེན་སྒྲུབ་ཐེམ་པའི་མན་ངག ལུས་ཐ་མལ་

p. 524

དུ་བསྡད་པས་རྒྱུད་ལ་ཚོགས་གཉིས་མཉམ་རྫོགས་སུ་འགྲོ་བའི་མན་ངག ཉོན་མོངས་པ་ཅན་གྱི་ཡིད་ཏིང་འཛིན་རྩལ་རྫོགས་སུ་འགྲོ་བའི་མན་ངག སྟེང་འོག་གི་སྒོ་ལ་མ་བརྟེན་པར་རྩ་རླུང་ལས་སུ་རུང་བའི་མན་ངག་གོ །དེ་ལ་དང་པོ་ནི། ནངས་པར་བྱ་རོག་མ་གྲག་པའི་དུས་སུ་ཨཱ་ལི་ཚར་གསུམ་དང༌། དགོང་མོ་བྱེའུའི་སྐད་ཆད་ནས་མི་ཕྱུགས་ཉལ་བའི་དུས་སུ་ཀཱ་ལི་ཚར་གསུམ་སྟེ། སོ་སོར་མི་ཚིག་དང་བྱ་བ་གཞན་གྱིས་བར་མ་ཆད་པར་བཏོན་པས་ཉིན་ཞག་གཅིག་ལ་ཅི་དང་ཅི་སྨྲས་པ་ཐམས་ཅད་སྔགས་སུ་འགྱུར་རོ། །གཉིས་པ་ནི། ནམ་གཉིད་སད་པའི་ཚེ་ཀཱ་ལི་ཚར་གསུམ་བརྗོད་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་རང་གི་སེམས་ཀྱི་རོལ་པ་དང༌། ཨཱ་ལི་ཚར་གསུམ་བརྗོད་ནས་དེ་ཡང་སྐྱེ་མེད་སྒྱུ་མ་ལྟ་བུར་ཤེས་པར་བྱ། གཉིད་ལོག་ཁར་ཀཱ་ལི་ཚར་གསུམ་བརྗོད་ནས་རྟོག་ཚོགས་ཐམས་ཅད་སེམས་ཀྱི་རོལ་པ་དང༌། ཨཱ་ལི་ཚར་གསུམ་བརྗོད་ནས། དེ་ཡང་སྐྱེ་མེད་ནམ་མཁའ་ལྟ་བུར་ཤེས་པར་བྱས་པས་གཟུང་འཛིན་གྱི་འཁྲུལ་པ་མ་སྤངས་པར་དག་ནས། མྱུར་དུ་བླ་ན་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གསུམ་པ་ནི། ཤེས་པ་ཡུལ་དང་འཕྲད་ནས་ཉོན་མོངས་པའི་རྟོག་པ་ཇི་ལྟར་ཤར་ཡང༌། མ་སྤངས་པར་ཡེ་ཤེས་སུ་འཆར་བར་བྱེད་པ་སྟེ། འདོད་ཆགས་ལྟ་བུ་ལ་མཚོན་ན། རྟོག་པ་ཤར་མ་ཐག་ནས་དེ་ཉིད་ལ་བལྟ་ཞིང་དེའི་རང་བཞིན་ངོས་བཟུང་ལ། ཨོཾ་པ་ཕ་བ་བྷ་མ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཉེར་གཅིག་བརྗོད་པས་འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་འཆར་རོ། །དེ་བཞིན་དུ་ཞེ་སྡང་ལ། ཨོཾ་ཊ་ཋ་ཌ་ཌྷ་ཎ། ཨ་ཨཱ་སོགས་དང༌། ཕྲག་དོག་ལ། ཨོཾ་ཙ་ཚ་ཛ་ཛྙ་ཉ་སོགས། ང་རྒྱལ་ལ། ཨོཾ་ཀ་ཁ་ག་གྷ་ང་སོགས། གཏི་མུག་ལ། ཨོཾ་ཏ་ཐ་ད་དྷ་ན་སོགས་སྔགས་ཀྱི་ཁྱད་པར་དང་བཅས་ཏེ་ཉམས་སུ་བླངས་པས། ཉོན་མོངས་པ་དེ་དང་དེ་དག་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་ཐིམ་ནས། ཉམས་མེ་ལོང༌། བྱ་གྲུབ། མཉམ་ཉིད། ཆོས་དབྱིངས་ཡེ་ཤེས་རྣམས་སུ་འཆར་བར་འགྱུར་རོ། །བཞི་པ་ནི། རྩ་འཁོར་བཞིར་དབང་བཞིའི་ངོ་བོ་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་གསལ་

p. 525

འདེབས་པ་ལ། སྤྱི་བོའི་འདབ་མར་རང་བྱུང་དུ་གྲུབ་པའི་གསལ་བྱེད་སོ་གཉིས། མགྲིན་པར་དབྱངས་ཡིག་བཅུ་དྲུག སྙིང་གར་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད། ལྟེ་བར་གསལ་བྱེད་སོ་གཉིས་གཡས་སྐོར་དང༌། གཡོན་སྐོར་ཏེ་རྩ་འདབ་ཀྱི་གྲངས་དང་མཉམ་པར་གསལ་བཏབ་ནས། སྤྱི་བོ་ནས་ལྟེ་བའི་བར་གྱི་འདབ་མའི་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་གསལ་གདབ། ཐུན་བསྡུ་བ་ན། ལྟེ་བ་ནས་སྤྱི་བོའི་བར་གྱི་རྩ་འདབ་ཀྱི་ཡི་གེ་རྣམས་ཚར་གསུམ་གསུམ་བརྗོད་པས་ཡིག་འབྲུ་བྱང་ཆུབ་སེམས་སུ་ཞུ་ནས་རྩ་ཨ་བ་དྷཱུ་ཏཱིར་ཐིམ་པས། རང་བཞིན་སྤྲོས་བྲལ་སྟོང་པར་རྗེན་རྗེན་གྱི་ངང་ནས་སོང་བར་བསམ་མོ། །དེ་ལྟར་ཐུན་མགོར་ཐབས་དང༌། ཐུན་གཤམ་དུ་ཤེས་རབ་ཀྱི་ཉམས་ལེན་ཟུང་འབྲེལ་དུ་བསྐྱངས་པས་ཁམས་རང་བཞིན་གྱིས་ཞུ་སྟེ། ཟག་མེད་ཀྱི་བདེ་བས་རྩ་རླུང་གི་ནུས་པ་ལས་སུ་རུང་བར་འགྱུར་ཏེ། འདི་ནི་ཉམས་ལེན་ཀུན་ལ་གཅེས་པའི་གདམས་པ་ཁྱད་པར་ཅན་ཡིན་ལ། དེས་མཚོན་ཏེ་ཨཱ་ལི་ཀཱ་ལིའི་གདམས་ངག་གི་རྟེན་འབྲེལ་གཞན་རྣམས་ཀྱང་རྒྱ་ཆེར་ཤེས་པར་བྱའོ། །གྲུབ་ཆེན་ཌོ་མྦཱི་པའི་ལུགས་ཀྱི་ཡི་དམ་ལྷ་མང་དུ་ཡོད་ན་གཅིག་ཏུ་བསྡུ་བའི་མན་ངག་ནི། དཔལ་སམྤུ་ཊི་ལས། ལྷ་རྣམས་ཐམས་ཅད་ཞི་བའམ། །ཡང་ན་ཁྲོ་བོར་བསྒོམ་པར་བྱ། །སངས་རྒྱས་གར་མཁན་བསམ་མི་ཁྱབ། །མན་ངག་བརྗོད་པར་ག་ལ་ནུས། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ལོ། །སྟོང་པ་རྡོ་རྗེ་ཅན་གཅིག་ནི། །རིགས་ནི་རྣམ་པ་ལྔ་རུ་བཤད། །ཅེས་གསུངས་པའི་དགོངས་པ་སྟེ། དེ་ལ་ཐོག་མར་རང་གི་རྩ་བའི་ཡི་དམ་དེའི་མངོན་རྟོགས་དང་བཟླས་པ་རྒྱས་པར་ཚར་བ་དང༌། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡི་དམ་གཞན་དེ་ཡེ་ཤེས་པའི་ཚུལ་དུ་སྤྱན་དྲངས་ནས་བསྟིམས་པས། ཆུ་ལ་འོ་མ་བླུགས་པ་བཞིན་ལྷ་དེར་གྱུར་པར་བསམ། དེའི་བཟླས་པ་བྱ། དེ་བཞིན་དུ་ཡི་དམ་ཡོད་ཚད་ལ་བྱའོ། །ཞེས་གསུངས་པ་ལྟར་ཡིད་ཀྱིས་གསལ་བཏབ་པའམ། ངག་ཏུ་བརྗོད་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཡི་དམ་ལྷ་འདི་ཞེས་བྱ་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་

p. 526

སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པས་རང་སྐད་ཅིག་གིས་ཡི་དམ་འདི་ཞེས་བྱ་བའི་སྐུར་གྱུར། ཅེས་བརྗོད་ཅིང་བསམས་ལ་དེའི་སྔགས་བརྒྱ་རྩ་ལ་སོགས་པ་བཟླ། གཞན་ལའང་དེས་འགྲེའོ། །ཚར་བ་དང་བུམ་པ་གཅིག་ནས་ནོར་བུ་མང་པོ་གདོན་པ་བཞིན། སླར་ཡང་རང་ཉིད་རྩ་བའི་ཡི་དམ་གྱི་སྐུར་གསལ་བ་ལ་བསྟིམས་པའི་ལྷ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་པར་གྱུར་པར་བསམས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་པ་ལ་སོགས་པས་མཆོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། བཛྲ་མུཿས་གཤེགས། མངོན་རྟོགས་རྩ་བ་གང་བསྒོམས་པའི་རྗེས་ཀྱི་རིམ་པ་རྣམས་བྱའོ། །གཞན་ཡང་རང་གིས་དབང་དང་རྗེས་སུ་གནང་བ་ཐོབ་པའི་མཆོག་སྒྲུབ་པ་དང༌། ལས་རྒྱས་པའི་ལྷག་པའི་ལྷའི་སྒོམ་བཟླས་ལ་རྩེ་གཅིག་ཏུ་བརྩོན་པ་ནི་དངོས་གྲུབ་གཉིས་ཀྱི་ཉེ་རྒྱུ་ཁྱད་པར་ཅན་ཡིན་པས་ཅི་ནུས་སུ་བསྒྲུབ་པར་བྱ་ལ། འདིར་ཉེར་མཁོའི་སྒོམ་བཟླས་འགའ་ཞིག་བརྗོད་ན། ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར་བཅོམ་ལྡན་འདས་སྨན་གྱི་བླ་བསྒོམ་པར་འདོད་ན། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་སྐྱབས་སེམས་ཅི་ནུས་དང༌། སྤྲོ་ན་ཚད་མེད་བཞི་བསྒོམ། སྟོང་པའི་ངང་ལས་སྐད་ཅིག་གིས། །རང་གི་སྤྱི་བོར་པད་ཟླའི་སྟེང༌། །བླ་མ་སྨན་པའི་རྒྱལ་པོ་མཐིང༌། །ཕྱག་གཡས་མཆོག་སྦྱིན་ཨ་རུ་ར། །གཡོན་པས་མཉམ་གཞག་ལྷུང་བཟེད་ནི། །བདུད་རྩི་སྨན་གྱིས་བཀང་བ་བསྣམས། །མཚན་དཔེའི་གཟི་བྱིན་འོད་དུ་འབར། །ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །སྐྱབས་ཀུན་འདུས་པའི་ངོ་བོར་གྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང༌། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་བདུན་བཟླ། དེ་ནས་གཟུངས་

p. 527

རིང་ཐུང་གང་རུང་ངམ། ཏདྱ་ཐཱ། ཨོཾ་བྷེ་ཥ་ཛྱཻ་བྷེ་ཥ་ཛྱཻ་མ་ཧཱ་བྷེ་ཥ་ཛྱཻ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་ཅི་ནུས་མཐར། བཅོམ་ལྡན་འོད་ཞུ་རང་ལ་ཐིམ། །ནད་གདོན་སྡིག་སྒྲིབ་ཀུན་བྱང་གྱུར། །དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱའོ། །ཚེ་དང་བསོད་ནམས་རྒྱས་པར་འདོད་པས་ཚེ་དཔག་མེད་སྤྲུལ་སྐུའི་སྒོམ་བཟླས་ཉམས་སུ་ལེན་པར་འདོད་ན། ཐོ་རངས་ཀྱི་དུས་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། རང་གི་མདུན་གྱི་ནམ་མཁའ་རུ། །པདྨ་དམར་པོ་འདབ་སྟོང་པའི། །ལྟེ་བར་ཟླ་སྟེང་ཚེ་དཔག་མེད། །དམར་གསལ་གཞོན་ཚུལ་འཛུམ་ཞིང་ཞི། །ཕྱག་གཉིས་ཐལ་སྦྱར་བཻཌཱུ་རྻའི། །ལྷུང་བཟེད་བདུད་རྩིས་གང་བ་བསྣམས། །ཞབས་ཟུང་མཉམ་པའི་སྟབས་ཀྱིས་བཞེངས། །དབུ་སྐྲ་མཐོན་མཐིང་སྤྱི་བོར་བཅིངས། །ལྷག་མ་ལན་བུས་སྐུ་རྒྱབ་ཁེངས། །སྣ་ཚོགས་དར་གྱི་ཤམ་ཐབས་དང༌། །དར་དམར་སྟོད་གཡོགས་ལྷབ་ལྷུབ་བརྒྱན། །རྩ་བརྒྱུད་བླ་མ་སངས་རྒྱས་དང༌། །བྱང་སེམས་འཕགས་ཚོགས་རྒྱ་མཚོར་བཅས། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །ཅེས་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཤྭ་ར་རེ། ཀ་ར་རེ་ཧཱུྃ། གསུམ་གྱིས་གསོལ་བ་གདབ། དེ་ནས་རླུང་རོ་བསལ་ལ་སྣ་བུག་གཡོན་ནས་རླུང་ཕྱིར་ཅུང་ཟད་བུས་པའི་ཚེ། རང་གི་སྣ་རྩེ་ནས་རླུང་སྔོ་བུན་གྱིས་སོང༌། ཕྱག་གི་ལྷུང་བཟེད་ནང་དུ་ཞུགས་པས་བདུད་རྩིའི་རྒྱུན་རླུང་དེ་ལ་འཁྲིལ་བའི་ཚུལ་གྱིས་སྐྱ་ནར་གྱིས་བབས། རང་གི་ཁས་རྔུབས་པའི་ཆུ་ལ་བྱས་པས་ཁ་ནས་ཞུགས། ལུས་ཀྱི་ནང་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་རླུང་བུམ་ཅན་གཟུང༌། དེ་ལྟ་བུས་ལྔའམ། བཅུའམ། བཅོ་ལྔ་སོགས་ནས་བརྒྱའི་བར་ཅི་ནུས་བྱ། རྗེས་ལ་དམིགས་པ་གོང་བཞིན་དང༌། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བརྒྱ་སྟོང་ཅི་འགྲུབ་བཟླས་རྗེས་མཆོད་བསྟོད་བྱ། མཐར་ནི་མདུན་གྱི་བཅོམ་ལྡན་

p. 528

འདས། །འོད་དུ་ཞུ་ནས་རང་ལ་ཐིམ། །རང་ཉིད་ཚེ་དཔག་མེད་པའི་སྐུའི། །ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །ལུས་གང་འཆི་མེད་གྲུབ་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ་ཚེ་གཟུངས་ཅི་ནུས་བཟླས་མཐར་བསྔོ་སྨོན་བྱའོ། །འདིའི་སྒོ་ནས་ཚེ་སྒྲུབ་ཞག་བདུན་མ་བྱེད་ན། ཆོ་འཕྲུལ་ཟླ་བ་ལྟ་བུའི་ཚེས་གཅིག་ནས་ཁྲུས་དང་གཙང་སྦྲ་བཅས་མཚམས་དམ་པར་གཅད། གྲུབ་ན་གསོ་སྦྱོང་བླང༌། སྔ་དྲོའི་ཐུན་གཉིས་ལ་གོང་བཞིན་བསྒོམ་བཟླས་དང༌། ཕྱི་ཐུན་དང༌། སྲོད་ཐུན་ལ་ཤེར་སྙིང་སོགས་ཟློག་པ་དང་སྲུང་འཁོར་ལ་འབད། ཉལ་བའི་ཚེ་ནུབ་ཕྱོགས་བདེ་བ་ཅན་ལ་སྔས་གཏད་དེ་སེང་གེའི་ཉལ་སྟབས་ཀྱིས་ཉལ། རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག་པས་རྨི་ལམ་དུ་དགེ་བའི་མཚན་མ་མཐོང་བར་འགྱུར་བ་ཡིན་ལ། ཞག་བདུན་ཁོ་ནས་མ་བྱུང་ན། སླར་ཡང་ཞག་བདུན་སོགས་བསྐྱར་བས་ངེས་པར་འགྲུབ་པ་ཡིན་ནོ། །ཡང་ལུས་སྲུང་བའི་རིག་པ་སྒྲ་མི་སྙན་གྱི་ཚེ་གཟུངས་ལ་བརྟེན་ནས་རྡོ་རྗེའི་སྲོག་འགྲུབ་པར་འདོད་པས། སྔ་དྲོའི་ཚེ་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས། །པྃ་ལས་པད་དཀར་འདབ་བཞིའི་སྟེང༌། །གསེར་གྱི་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བ་རང་ཉིད་ཚེ་དཔག་མེད། །དམར་པོ་མཉམ་གཞག་ཚེ་བུམ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་པའི། །ལུས་དབུས་དྲང་པོར་སྲོག་པ་རྩ། །སྔོན་པོ་ལྕགས་ཀྱི་སྲོག་ཤིང་ཚུལ། །རྡོ་རྗེ་རྩེ་ལྔའི་རྣམ་པར་གསལ། །དེ་ཡི་ལྟེ་བ་རང་སེམས་ཧཱུྃ། །མཐིང་ནག་སྔགས་ཀྱི་ཕྲེང་བས་བསྐོར། །རྩེ་གཅིག་ཡིད་གཏད་བཟླས་པ་ཡིས། །རྡོ་རྗེའི་སྲོག་རྩ་གྲུབ་པར་གྱུར། །ཅེས་བསྒོམས་ལ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷཱ་ཡ། ཏདྱ་ཐཱ། ཨིཊྚེ། བཊྚེ། ནཊྚེ། ཀུ་ནཊྚེ། ཊཀྐེ། ཋཀྐེ། ཐ་རཀྐེ། ཨུ་རུ་མ་ཏེ། རུ་རུ་མ་ཏི། རུ་རུ་ཧིལླི་མལླི། སརྦ་ཛྙཱ། དུ་པ་དགྷ། ནཿསཔྤ། སམྨ་ས་མུ་ཛྫྷཱ་ནི། སིཛྫྷཱནྟུ་མེ་མནྡྲ་པཱ་ད་སྭཱ་ཧཱ། ཞེས་བརྒྱ་རྩ་ཅི་རིགས་པ་མི་ཚིག་གིས་བར་མ་ཆོད་པར་བཟླས་མཐར། རིག་སྔགས་བཟླས་པའི་བསོད་ནམས་གང༌། །བྱང་ཆུབ་སྙིང་

p. 529

པོར་ཡོངས་སུ་བསྔོ། །བདག་གཞན་འགྲོ་བ་མ་ལུས་ཀུན། །འཆི་མེད་རྡོ་རྗེ་སྲོག་འགྲུབ་ཤོག །ཅེས་བསྔོ་སྨོན་བྱའོ། །གཟུངས་དང་སྤོབས་པ་སོགས་ཕུན་སུམ་ཚོགས་པའི་ཤེས་རབ་རྒྱས་པར་བྱ་བའི་སླད་དུ་བློ་འཕེལ་གྱི་གཟུངས་སྒྲུབ་ཉམས་སུ་བླང་བར་འདོད་པས་སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས། །པདྨ་ཉི་ཟླའི་གདན་གྱི་སྟེང༌། །རང་ཉིད་འཇམ་དཔལ་གུར་གུམ་མདངས། །ཕྱག་གཡས་ཤེས་རབ་རལ་གྲི་འཕྱར། །གཡོན་པས་ཐུགས་ཀར་གླེགས་བམ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་པ། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྙིང་ཉིད་པདྨ་འདབ་ཟླུམ་དབུས། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང༌། །མཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །བཟླས་པས་འོད་འཕྲོས་པདྨ་བྱེ། །མ་རིག་མུན་པ་ཡོངས་སུ་བསལ། །དེ་ལས་འོད་ཟེར་རབ་འཕྲོས་པས། །འགྲོ་ཀུན་མ་རིག་མུན་བསལ་ནས། །ཡེ་ཤེས་སྣང་བ་བསྐྱེད་པར་གྱུར། །ཅེས་བསྒོམས་ལ། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ། བི་ཤུདྡྷེ། ཤོ་དྷ་ནི། བི་ཤོ་དྷ་ནི། ཨ་མ་ལེ། བི་མ་ལེ། ནི་རྨ་ལེ། ཛ་ཡ་བ་ཏཱི། རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་མཐར། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་བསྔོ་སྨོན་བྱ་སྟེ། སློབ་དཔོན་ཛཻ་ཏཱ་རིའི་གདམས་པ་སྙིང་གི་པདྨ་ཁ་འབྱེད་པའི་གདམས་པའོ། །གཟུངས་སྔགས་ཟབ་མོའི་རིགས་བཟླ་བར་འདོད་པས། ཐོག་མར་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་བརྟེན་ནས་སྡིག་པ་སྦྱོང་བའི་ཆོ་ག་རྒྱས་པར་གཞན་དུ་ཤེས། རྒྱུན་གྱི་རྣལ་འབྱོར་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མངོན་སུམ་བཞིན་དུ་བཞུགས་པ་ལ། གཟུངས་བཟླས་པས་ཐུགས་དམ་གྱི་རྒྱུད་བསྐུལ་

p. 530

ཏེ། གཙུག་ཏོར་དང་སྨིན་མཚམས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སླར་འདུས་རང་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་དག་ཅིང་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ན་མསྟྲཻ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏཱ་ཨ་པྲ་ཏི་ཧ་ཏཱ་བཱཔྟི། དྷརྨ་ཏཱ་བ་ལི་ནཱཾ། ཨོཾ་ཨཾ་ཨཾ་ས་མ་ས་མ་ས་མནྟ་ཏོ་ཨ་ནནྟཱ་བཱཔྟི། ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎེ། བི་ག་ཏ་རཱ་ག བུདྡྷ་དྷརྨཱ་ཏེ། ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ཎ་ལ་ཀྵ་ཎེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། ཞེས་བརྒྱ་སྟོང་ཅི་འགྲུབ་བཟླས་མཐར་དགེ་བ་བསྔོ། གྲུབ་ན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱ་བཞིན་དུ་བཟླའོ། །དེ་ལྟར་བཟླས་པས་ལས་ཀྱི་སྒྲིབ་པ་ཐམས་ཅད་ཞི་བ་དང༌། སྡིག་པ་དང་ལྟུང་བ་ཐམས་ཅད་བྱང་བ་དང༌། དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་སོ། །ཚེ་བསོད་རྒྱས་པའི་ཕྱིར་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་བཟླ་བར་འདོད་པས། སྐྱབས་སེམས་བྱ། རང་ཉིད་ཐ་མལ་གསལ་བའི་གནས་སོ་སོར། །ཟླ་དཀྱིལ་སྟེང་དུ་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་སྙིང་གར་ཧཱུྃ་ནག་པོ། །དཔྲལ་བར་ཏྲཱྃ་སེར་ལྟེ་བར་ཧྲཱིཿདམར་དང༌། །བརླ་གཉིས་ཨྃ་ཨཿལྗང་གུས་མཚན་པར་གྱུར། །ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿཨྃ་ཨཿརཀྵ་རཀྵ་ཏུ་མཱྃ། ལན་གསུམ། མདུན་དུ་རྣམ་པར་རྒྱལ་མའི་མཆོད་རྟེན་ནི། །མཚན་ཉིད་ཡོངས་སུ་རྫོགས་པའི་བུམ་ནང་དུ། །གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ་ལ། །སངས་རྒྱས་བྱང་སེམས་ཀུན་གྱིས་བསྐོར་བར་གྱུར། །ཅེས་དམིགས་ལ། ཐལ་མོ་སྦྱར་བའི་མཛུབ་མོ་གཉིས་མཐེ་བོང་གི་རྩེར་སྦྱར་བ་ལེགས་སྦྱིན་གྱི་ཕྱག་རྒྱ་བཅས་གཟུངས་རིང་ཚར་གཅིག་བཟླ། དེ་ནས་ཕྱག་རྒྱ་བཀྲོལ་ཏེ། ཨོཾ་ན་མོ་ཞེས་པའི་ཚེ་ཐལ་མོ་སྦྱར་པས་འདུད་ཚུལ་དང་བཅས་ཉེར་གཅིག་སོགས་ཅི་ནུས་བཟླ། གཟུངས་རིང་མ་ནུས་ན་སྙིང་པོ་སོགས་བཟླས་ཀྱང་རུང༌། དེའི་ཚེ་དམིགས་པ་རབ་རང་ལུས་ཀྱི་ཡི་གེ་དང༌། བདག་མེད་པའི་དོན་དང༌། མདུན་གྱི་ལྷ་དང༌། སྔགས་

p. 531

ཀྱི་སྒྲ་རྣམས་ལ་ཡིད་གཏད། འབྲིང་ཡི་གེ་དང༌། ཐ་མ་སྒྲ་ལ་དམིགས། སྤྲོ་ན་འཇུག་ཏུ་བསྟོད་གསོལ་སོགས་གང་ནུས་བྱ་ཞིང་དགེ་བ་བསྔོའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྒྱུད་ཡོངས་སུ་གང་བར་འདོད་པས་གཙུག་ཏོར་དྲི་མེད་ཀྱི་གཟུངས་བཟླ་ན། སྐྱབས་སེམས་དང༌། མདུན་གྱི་ནམ་མཁར་གཞུ་གང་ཙམ་དུ་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བཞུགས་པར་གྱུར་པའི་སྤྱན་སྔར། དགའ་ཞིང་གུས་པ་དང་རངས་པའི་ཚུལ་གྱིས་གཟུངས་རིང་ཐུང་གང་རུང་གསལ་དག་སྙན་པའི་ཚུལ་གྱིས་བཟླའོ། །དེ་ལ་གཟུངས་རིང་ནི་གཞན་དུ་ཤེས་ལ། གཟུངས་ཐུང་ནི། ཨོཾ་ན་མསྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། གརྦྷེ་ཛྭ་ལ་ཛྭ་ལ། དྷརྨཱ་དྷཱ་ཏུ་གརྦྷེ། སཾ་བྷ་ར། མ་མ་ཨཱ་ཡུཿསཾ་ཤོ་དྷ་ཡ། མ་མ་སརྦ་པཱ་པྃ། སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བྃ་སྃ་ཛྃ་སྭཱ་ཧཱ། ཞེས་པའོ། །དེ་ནས་མཐར། དགེ་བ་འདི་ཡིས་སྐྱེ་བོ་ཀུན་སོགས་བསྔོ་སྨོན་གང་ཤེས་བྱ། །ལོངས་སྤྱོད་ཁྱད་པར་འཕགས་པའི་བདེ་བ་མི་ཟད་པ་ཐོབ་པ་སོགས་ཀྱི་ཆེད་དུ་འོད་ཟེར་དྲི་མེད་ཀྱི་གཟུངས་བཟླ་བར་འདོད་ན། སྐྱབས་སེམས་དང༌། མདུན་གྱི་ནམ་མཁར་སངས་རྒྱས་བྱང་སེམས་རྣམས། །མངོན་སུམ་བཞུགས་པའི་གཙུག་ཏོར་ནོར་བུའི་འོད། །ཞིང་ཀུན་ཁྱབ་ཅིང་འཕགས་རྣམས་ཐུགས་རྒྱུད་བསྐུལ། །སླར་འདུས་ཐིམ་པས་རྒྱལ་ཀུན་དགྱེས་གྱུར་ཏེ། །ཀ་ལ་པིངྐའི་དབྱངས་ལྟར་རབ་སྙན་པས། གཟུངས་སྔགས་གསུངས་པའི་རྗེས་སུ་བདག་ཉིད་ཀྱིས། །བཟླས་པས་སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར། །ཅེས་བསམས་ལ། ན་མཿསཔྟཱ་ནཱཾ། སམྱཀྶཾ་བུདྡྷཱ་ཀོ་ནཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱཱརྩི་ཏ། པྲ་ཏིཥྛི་ཏཱ་ནཱན། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨཱ་ཡུ་ཥ་སྱ། ཏ་ཐཱ་ག་ཏ་སྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨཱ་ཡུར་བི་ཤོ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར། ཨཱ་ཡུཿསཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་སཏྭཱ་ས་མ་ཡ། བོ་དྷི་བོ་དྷི། བུདྷྱ་བུདྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པྃ་ཨཱ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལེ། ཚ་ར་སུ་བུདྡྷ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་པ་རྩ་བའི་

p. 532

སྔགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ། པྲ་ཏི་སཾ་སྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྞཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པ་སྙིང་པོའི་སྔགས་ཏེ་ཅི་ནུས་བཟླས་མཐར་བསྔོ་སྨོན་བྱའོ། །བར་དུ་གཅོད་པ་དང་འཇིགས་པ་ཐམས་ཅད་བསྲུང་བར་འདོད་པས་རྗེ་བཙུན་སྒྲོལ་མའི་བསྟོད་སྒྲུབ་ཉམས་སུ་བླང་ཚུལ་མདོར་བསྡུས་པ་ནི། སྲོད་དང་ཐོ་རངས་སོགས་ཀྱི་དུས་སུ་སྐྱབས་སེམས་སྔོན་དུ་འགྲོ་བས། མདུན་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །རྩ་བའི་བླ་མ་རྗེ་བཙུན་མ། །ལྗང་གསལ་ཕྱག་གཡས་མཆོག་སྦྱིན་དང༌། །གཡོན་པས་སྐྱབས་སྦྱིན་ཨུཏྤལ་བསྣམས། །ཞི་འཛུམ་དར་དང་རིན་ཆེན་བརྒྱན། །འོད་དཔག་མེད་པའི་ཅོད་པན་ཅན། །གཡས་བརྐྱང་རོལ་པས་པད་ཟླར་བཞུགས། །མཐའ་སྐོར་སྒྲོལ་མ་ཉེར་གཅིག་དང༌། །སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་དང་མཐའ་ཡས་སེམས་ཅན་ལ། །དགྱེས་པའི་ཚུལ་གྱིས་བཞུགས་པར་གྱུར། །ཅེས་གསལ་བཏབ་ལ་དངོས་སམ་ཡིད་ཀྱིས་ཡན་ལག་བདུན་པ་དབུལ། ཚོགས་ཞིང་རྣམས་ཀྱི་ཐུགས་ཀ་ནས། །འོད་འཕྲོས་རང་གི་གནས་གསུམ་ཐིམ། །སྒོ་གསུམ་སྡིག་སྒྲིབ་བག་ཆགས་སྦྱངས། །སྐུ་གསུང་ཐུགས་སུ་བྱིན་བརླབས་གྱུར། །ཅེས་དམིགས་ལ་དད་མོས་ཤུགས་དྲག་པོས་ཕྱག་འཚལ་ཉེར་གཅིག་གསུམ་མམ། བདུན་ནམ། ཉེར་གཅིག་སོགས་གདོན། མདུན་གྱི་འཕགས་མ་དང་རང་ཐ་མི་དད་པ་སྟོང་པ་རྟེན་འབྱུང་དབྱེར་མེད་པའི་དོན་ལ་བློ་བཞག དེ་ནས་ཕན་ཡོན་དང༌། གཏང་རག་གི་ཚུལ་དུ་ཡན་ལག་བདུན་པ་དང༌། སྔགས་བཟླ་བ་དང༌། འདོད་དོན་གསོལ་གདབ་སོགས་ཇི་ལྟར་རིགས་པ་བྱ། མཐར་ནི་མདུན་གྱི་ཚོགས་ཞིང་རྣམས། །འོད་ཞུ་དབུས་ཀྱི་འཕགས་མར་ཐིམ། །དེ་ཉིད་རང་ཐིམ་རང་ལུས་ཀྱང༌། །འོད་གསལ་སྟོང་པའི་དབྱིངས་སུ་ཐིམ། །ཞེས་བརྗོད་ཅིང་བསམས་ལ་མཉམ་པར་བཞག དེ་ལས་ལྡང་བ་ནི། བདག་གི་དགེ་བའི་རྩ་བ་འདི་ཡིས་ནི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །སེམས་ཅན་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས། །མྱུར་

p. 533

དུ་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །ཅེས་བསྔོ་སྨོན་བྱའོ། །གཞན་ཡང་ཕྱག་རྒྱའི་མདོ་ལྔ་སོགས་ཟབ་མོའི་མདོ་དང་གཟུངས་སྔགས་བྱིན་རླབས་ཅི་ནུས་སུ་བཀླག ཐུན་མཚམས་སྤྱོད་ལམ་གྱི་གནས་སྐབས་ཐམས་ཅད་དུ་དྲན་དང་ཤེས་བཞིན་ལྡན་པས་དངོས་གཞིའི་ཉམས་ལེན་གང་ལ་གནད་དུ་བསྣུན་པའི་ཉམས་མྱོང་གི་རྩི་དང་མ་བྲལ་བར་དགེ་བའི་བྱ་བ་ལ་གནད་དུ་བསྣུན། ཁྱད་པར་མདོ་སྡེ་རྒྱན་ལས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་གྱུར་པ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་གསུངས་པ་ལྟར། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་འབྱུང་བའི་ལམ་ཁྱེར་རྒྱལ་སྲས་ལམ་བཟང་ལས། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་དུ་འདུག་པའི་ཚེ། ཐར་པ་ཆེན་པོའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག ཅེས་སེམས་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག རྨི་ལམ་བྱུང་ན་ཆོས་ཐམས་ཅད་ལ་རྨི་ལམ་ལྟ་བུར་རྟོགས་པར་གྱུར་ཅིག གཉིད་སད་པའི་ཚེ་མ་རིག་པ་ལས་སད་པར། ལྡང་བའི་ཚེ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཐོབ་པར། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐ་རགས་འཆིང་བའི་ཚེ་དགེ་བའི་རྩ་བ་དང་འབྲེལ་པར། སྟན་ལ་འདུག་པའི་ཚེ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར། རྒྱབ་བརྟེན་པའི་ཚེ་བྱང་ཆུབ་ཀྱི་ཤིང་ཐོབ་པར། མེ་གཏོང་བའི་ཚེ་ཉོན་མོངས་པའི་བུད་ཤིང་སྲེག་པར། འབར་བའི་ཚེ་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པའི་ཚེ་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཟས་ཟ་བའི་ཚེ་བསམ་གཏན་གྱི་ཟས་ཐོབ་པར། ཕྱི་རོལ་དུ་འགྲོ་བའི་ཚེ་འཁོར་བའི་གྲོང་ཁྱེར་ལས་ཐར་བར། སྐས་ལས་འབབ་པའི་ཚེ་སེམས་ཅན་གྱི་དོན་དུ་འཁོར་བར་འཇུག་པར། སྒོ་འབྱེད་པའི་ཚེ་ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པར། སྒོ་གཅོད་པའི་ཚེ་ངན་སོང་གསུམ་གྱི་སྒོ་གཅོད་པར། ལམ་དུ་འཇུག་པའི་ཚེ་འཕགས་པའི་ལམ་དུ་འཇུག་པར། གྱེན་ལ་འགྲོ་བའི་ཚེ་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར། ཐུར་ལ་འབབ་པའི་

p. 534

ཚེ་ངན་སོང་གསུམ་རྒྱུན་གཅོད་པར། སེམས་ཅན་དང་ཕྲད་པའི་ཚེ་རྫོགས་པའི་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པའི་ཚེ་སེམས་ཅན་གྱི་དོན་ལ་རྟོན་པར། རྐང་པ་འདེགས་པའི་ཚེ་སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པར། རྒྱན་དང་ལྡན་པར་མཐོང་ན་མཚན་དང་དཔེ་བྱད་ཀྱི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྟོང་པ་མཐོང་ན་སྐྱོན་གྱིས་སྟོངས་པར། སེམས་ཅན་དགའ་བ་མང་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བར། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐོབ་པར། སེམས་ཅན་སྡུག་བསྔལ་བ་མཐོང་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པར། ནད་པ་མཐོང་ན་སེམས་ཅན་ཐམས་ཅད་ནད་ལས་གྲོལ་བར། སེམས་ཅན་ཡིད་དུ་འོང་བ་མཐོང་ན་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡིད་དུ་འོང་བ་ཐོབ་པར། གཟུགས་མི་སྡུག་པར་མཐོང་ན་སེམས་ཅན་ཐམས་ཅད་མི་དགེ་བའི་བཤེས་གཉེན་ལ་མི་མོས་པར། དྲིན་དུ་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དྲིན་ལན་ལྡོན་པར། དྲིན་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར། རབ་ཏུ་བྱུང་བ་མཐོང་ན་འཕགས་པའི་ཆོས་ལ་འཇུག་པར། དཀའ་བ་སྤྱོད་པ་མཐོང་ན་དམ་པའི་ཆོས་ལ་དཀའ་བ་སྤྱོད་ནུས་པར། གོ་ཆ་གྱོན་པ་མཐོང་ན་དམ་པའི་ཆོས་ཚོལ་བ་ལ་གོ་ཆ་གྱོན་པར། གོ་ཆ་མ་གྱོན་པ་མཐོང་ན་མི་དགེ་བའི་ལས་ལ་གོ་ཆ་མི་གྱོན་པར། རྒོལ་བའི་སེམས་ཅན་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར། སེམས་ཅན་བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། གྲོང་ཁྱེར་མཐོང་ན་ཐར་པའི་གྲོང་ཁྱེར་མཐོང་བར། ནགས་ཚལ་མཐོང་ན་ལྷ་དང་བཅས་པའི་བསྟི་གནས་སུ། ཆོས་སྟོན་པ་ན་སངས་རྒྱས་ཀྱི་ཆོས་ལ་སྤོབས་པ་ཟད་མི་ཤེས་པར། ཆུ་ལས་བརྒལ་བའི་ཚེ་འཁོར་བའི་རྒྱ་མཚོ་ལས་བརྒལ་བར། ཁྲུས་བྱེད་པའི་ཚེ་ལུས་དང་སེམས་དྲི་མ་མེད་པར། ཚད་པ་ཚ་བའི་ཚེ་ཉོན་མོངས་

p. 535

པའི་གདུང་བ་བསིལ་བར། གྲང་བའི་ཚེ་མྱ་ངན་ལས་འདས་པའི་བསིལ་བ་ཐོབ་པར། ཆོས་ཀྱི་གཏམ་བྱེད་པའི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར། སངས་རྒྱས་ཀྱི་སྐུ་མཐོང་བའི་ཚེ་སངས་རྒྱས་ཐམས་ཅད་ལྟ་བ་ལ་སྒྲིབ་པ་མེད་པའི་མིག་ཐོབ་པར། མཆོད་རྟེན་མཐོང་བའི་ཚེ་འགྲོ་བ་ཐམས་ཅད་ཀྱི་མཆོད་པའི་རྟེན་དུ། བལྟ་བའི་ཚེ་ལྷ་དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱིས་བལྟ་བའི་འོས་སུ། ཕྱག་འཚལ་བའི་ཚེ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་བལྟར་མི་མཐོང་བ་ཐོབ་བར། སྐོར་བ་བྱེད་པའི་ཚེ་ཐམས་ཅད་མཁྱེན་པའི་དོན་དང་མཐུན་པ་ཐོབ་པར། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚེ་ཡོན་ཏན་ཟད་མི་ཤེས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དེ་བཞིན་དུ་རུང་མཐུན་བརྩིས་ལ། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར། ཞིང་ལ་ཆུ་ལུད་འགྲེམས་པའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་ལོ་ཏོག་རྒྱས་པར། ས་བོན་འདེབས་པའི་དུས་སུ་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ས་བོན་ཐེབས་པར། གླང་དོར་དུ་བསྡེབ་པའི་དུས་སུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར། རྨོས་བྱེད་པའི་ཚེ་ཉོན་མོངས་པའི་ཐ་བ་རློག་པར། ཡུར་མ་འདོན་པའི་ཚེ་ཉོན་མོངས་པའི་ཡུར་མ་འདོན་པར། བཙས་མ་བརྔ་བའི་དུས་སུ་ཡེ་ཤེས་ཀྱི་ལོ་ཏོག་སྡུད་པར། གཡུལ་བྱེད་པའི་དུས་སུ་སྒྲིབ་པ་བག་ཆགས་དང་བཅས་པ་འདོན་པར། ནས་འཁྲུ་བའི་ཚེ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར། སྐས་ལ་འཛེག་པའི་ཚེ་ས་བཅུའི་རིམ་གྱིས་མཐར་ཕྱིན་པར། ཁང་པར་སླེབ་པའི་དུས་སུ་རྫོགས་པའི་སངས་རྒྱས་ཀྱི་སར་ཕྱིན་པར་འགྱུར་ཅིག ཅེས་བྱ་བ་ལ་སོགས་པ་བྱ་བ་ཅི་བྱེད་པ་ཐམས་ཅད་དེ་དང་ཆ་མཐུན་པར་ཁ་བསྒྱུར་ཤེས་པར་བྱའོ། །འདི་དག་ནི་བློ་དམན་པ་རྣམས་ཀྱིས་གཟུང་སླ་བའི་ཕྱིར་བསྟན་པ་ཡིན་ནོ། །རྒྱས་པར་ནི་སྤྱོད་ཡུལ་ཡོངས་སུ་དག་པ་ཉིད་དུ་བལྟ་བར་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་ཞེས་པ་སྟེ། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །ཞེས་པའི་གདམས་ངག་ཡིན་ནོ། །ཞེས་གསུངས་སོ། །གཞན་

p. 536

ཡང་གཞུང་དེ་ཉིད་ལས། ཆོས་བཞིན་དུ་སྒྲུབ་པ་ལ་གཉིས་ཏེ། སྤྱིར་སྡེ་སྣོད་དང་མཐུན་པར་བྱ་བ་དང༌། བྱེ་བྲག་ཏུ་འཕྲལ་གྱི་སྤྱོད་པ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། སྤྱོད་པ་འདུལ་བ་དང་མཐུན། སྒོམ་པ་མདོ་སྡེ་དང་མཐུན། བཤད་པ་མངོན་པ་དང་མཐུན། གསང་སྔགས་རྒྱུད་སྡེ་དང་མཐུན་པ་ཅིག་དགོས། དེང་སང་བོད་འདི་ན་སྡེ་སྣོད་གསུམ་དང་མི་མཐུན། རྒྱུད་སྡེ་བཞི་དང་འགལ་བའི་ཆོས་པ་ངོ་མཚར་ཅན་དུ་བྱེད་པ་མང་པོ་འདུག་སྟེ། ངས་ཅི་ཡིན་མ་ཤེས་སོ། །གཉིས་པ་བྱེ་བྲག་ཏུ་འཕྲལ་གྱི་སྤྱོད་པ་ཇི་ལྟར་བསྒྲུབ་པ་ནི། འདུག་པའི་ཚེ་དཀོན་མཆོག་གསུམ་ལ་བརྟེན་པར་བསམ། འགྲོ་བའི་ཚེ་སྤྱིར་དཀོན་མཆོག་གསུམ། ཁྱད་པར་དུ་གར་འགྲོ་བའི་ཕྱོགས་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་ཀྱིན་འགྲོ་སྟེ། དབུས་ན་སངས་རྒྱས་རྣམ་པར་སྣང་མཛད། ཤར་ཕྱོགས་ན་མི་འཁྲུགས་པ། ལྷོ་ཕྱོགས་ན་རིན་ཆེན་འབྱུང་ལྡན། ནུབ་ཕྱོགས་ན་སྣང་བ་མཐའ་ཡས། བྱང་ཕྱོགས་ན་དོན་ཡོད་གྲུབ་པ་བཞུགས་པ་རྣམས་ལ་གསོལ་བ་འདེབས་ཤིང་ཕྱིན་པས་གནས་སྐབས་ཀྱི་བར་ཆད་ཞི། བསམ་པ་འགྲུབ། མཐར་ཐུག་སངས་རྒྱས་རྣམས་དང་མཇལ་བ་འཐོབ་བོ། །ཞེས་སོགས་འབྱུང་ངོ༌། །སྲོད་ཀྱི་དུས་སུ་བབ་པ་ན། ཀྱེ་རྡོ་རྗེ་བརྟག་པ་གཉིས་པའི་རྒྱུད་ལས། བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་འཛིན་པས་གཏོར་མ་བསྟེན། །ཞེས་སོགས་རྒྱུད་སྡེ་རྣམས་ལས་རྒྱ་ཆེར་གསུངས་པ་ལྟར། བར་ཆད་སྲུང་བ་དང༌། འགལ་རྐྱེན་ཞི་བ་དང༌། དངོས་གྲུབ་དང་ཕྲིན་ལས་མྱུར་དུ་འགྲུབ་པའི་ཕྱིར་རྣལ་འབྱོར་བླ་མེད་ཀྱི་ལྷག་པའི་ལྷ་གང་ཡང་རུང་བའི་བདག་བསྐྱེད་དང་བཅས་ཡི་དམ་དང་ཆོས་སྲུང་གི་གཏོར་བསྔོ་སྐོང་བཤགས་སོགས་རྒྱས་བསྡུས་གང་རུང་རང་རང་གི་གཞུང་ལས་འབྱུང་བ་ལྟར་བྱ་བ་ཡིན་ལ། འདིར་གྲུབ་ཆེན་མི་ཏྲ་ཛོ་ཀིའི་མན་ངག་ལས་བྱུང་བའི་བླ་མེད་ཀྱི་དཀྱིལ་འཁོར་གཙོ་བསྡུས་ལ་གཏོར་མ་འབུལ་བའི་ཚུལ་ཤིན་ཏུ་བསྡུས་པ་ནི། ཤ་ཆང་གི་དམ་རྫས་དང་བཅས་པའི་གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་བྲན་ལ། ཨོཾ་ཨཱཿབིགྣཱནྟ་ཀྲྀཏ་ཧཱུྃ་ཕཊ་ཀྱིས་བསང༌།

p. 537

ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་རླུང་མེའི་སྟེང་དུ་ཀ་པཱ་ལ་པདྨ་ཨཱཿས་མཚན་པ་དང་བཅས་པའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང༌། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ་རྣམས་ཨོཾ་ཡིག་གིས་མཚན་པ། དེའི་སྟེང་དུ་ཟླ་བ་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་འོད་ཀྱིས་རླུང་གཡོས། མེ་སྦར། རྫས་རྣམས་བསྐོལ། རྡོ་རྗེ་ཧཱུྃ་དང་བཅས་པ་བབས་པས་མ་དག་པའི་དྲི་མ་སྦྱངས། པདྨ་ཨཱཿདང་བཅས་པའི་འོད་ཟེར་གྱིས་ཉི་མའི་མདོག་ཅན་གྱི་བདུད་རྩིའི་རང་བཞིན་དུ་རྟོགས་པར་བྱས། ཨོཾ་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་བསྣན་པས་དཔག་ཏུ་མེད་པར་སྤེལ་ཞིང་སྦར་བར་གྱུར། ཨོཾ་ཨཱཿཧཱུྃ་མང་དུ་བརྗོད་པས་བརླབ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པྃ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཉི་མའི་གདན་རེ་རེའི་སྟེང་དུ་དབུས་སུ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་པདྨ། གཡོན་པ་རྣམས་ཀྱིས་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རང་འདྲའི་ཡུམ་རེག་བྱ་རྡོ་རྗེ་མ་དང་མཉམ་པར་སྦྱོར་ལ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཤར་དུ་ཀྱེ་རྡོ་རྗེ། ལྷོར་དུས་ཀྱི་འཁོར་ལོ། ནུབ་ཏུ་བདེ་མཆོག བྱང་དུ་མ་ཧཱ་མཱ་ཡཱ། ཤར་ལྷོར་གཤིན་རྗེ་གཤེད་དགྲ་ནག་པོ། ལྷོ་ནུབ་ཏུ་རྡོ་རྗེ་འཇིགས་མཛད། ནུབ་བྱང་དུ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ། བྱང་ཤར་དུ་དཔལ་ཕྱག་ན་རྡོ་རྗེ་རྣམས་སྐད་ཅིག་གིས་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་རིགས་ལྔ་

p. 538

ཡབ་ཡུམ་གྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་བླ་མ་དང་གཉིས་སུ་མེད་པའི་སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན་པར་གྱུར་པར་བསམ། དེ་ནས་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ། ཨོཾ་ཨཱཿབཛྲ་དྷྲཾ་ཀ྄་ཧཱུྃ་ཧཱུྃ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་ཀ་ལ་ཙཀྲ་ཧཱུྃ་ཕྲཻཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦྷ་རཾ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿཧཱུྃ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲཾ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། དྷཱུ་མ་བྷ་ཡེ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་སྭཱ་ཧཱ། ཨོཾ་ནཱི་ལཱམྦ་ར་དྷཱ་ར་བཛྲ་པཱ་ཎི་ཧྲྀ་ད་ཡ་མ་ཧཱ་ཀྲོ་དྷ་སཏྭཱ་ཧཱུྃ་ཕཊ། ཅེས་སོ་སོའི་སྙིང་པོ་ཅི་ནུས་བཟླས་མཐར་གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་ལྔ་པ་ཨོཾ་གྱིས་མཚན་པའི་འོད་ཀྱིས་གཏོར་མ་དྲངས་ནས་གསོལ་བས་མཉེས་པར་གྱུར་པར་བསམས་ལ། ཨོཾ་ཨཱཿགུ་རུ་བཛྲ་དྷཱ་ར་ཧཱུྃ་ཧཱུྃ་དང༌། གོང་གི་སྔགས་དེ་རྣམས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་ཞེས་བཏགས་པས་བླ་མ་དང་ཡི་དམ་ལ་དབུལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ་གི་བར་གྱིས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་བསྟོད། བཅོམ་ལྡན་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ། དེ་ནས་རང་གི་ཆོས་སྐྱོང་སོ་སོར་དབུལ། སྤྱི་ཙམ་དུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་བསྟན་པ་སྲུང་བའི་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿས་སྤྲིན་གཏིབས་པ་ལྟར་

p. 539

བྱོན་ནས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཤྲཱི་བཛྲ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་གཏོར་མ་དང༌། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་རྣམས་དབུལ། རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་གསོལ། ཐུན་མོང་དུ་ཕ་རྒྱུད་ཀྱི་ཕྱོགས་སྐྱོང་གཏོར་མ་ཤིན་ཏུ་བསྡུས་པ་ནི། གཏོར་སྣོད་ཀྱི་མཐར་ཕྱོགས་སྐྱོང་བཅུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་འཁོད་པ་རྣམས་སྐད་ཅིག་གིས་འོད་གསལ་དུ་ཞུགས་པ་ལས་དཔལ་གསང་བ་འདུས་པའི་སྐུར་གྱུར། དེ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་ལྔ་ཨོཾ་གྱིས་མཚན་པའི་འོད་ཟེར་གྱིས་གཏོར་མ་དྲངས་ནས་གསོལ་བར་བསམས་ལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་སརྦ་བྷཱུ་ཏ་ས་པ་རི་ཝཱ་རེ་བྷྱོ། བ་ལིཾ་ཏཱ་པ་ཡཱ་མཾ་གྲྀ་ཧཱི་ཏྭཱ། སུ་ཁ་སེ་མ་ན་ས་སྱ་ལ་བྷི་ན་བྷ་བནྟུ། སྠཱ་ནཾ་ཙ་ནི་རུ་པ་དྲ་བཾ་ཀུརྦནྟུ། སརྦ་བུདྡྷ་ཨ་དྷི་ཥྚཱ་ནེ་ན། ཨོཾ་ཨཱཿཧཱུྃ་ཨི་དཾ་ཨ་མྲྀ་ཏ། པིཎྜ་བྷུཀྟྭཱ། མ་མ་ས་པ་རི་ཝཱ་ར་སྱ། ཤཱནྟིཾ་ཀུརྦནྟུ་སྭཱསྟི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་དང༌། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་རྣམས་དབུལ། འབྱུང་པོའི་བདག་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། མ་རྒྱུད་ཀྱི་མཁའ་འགྲོ་སྤྱི་གཏོར་བསྡུས་པ་ནི། ཕེཾ། ཨོཾ་བཛྲ་ཨཱ་རལླི་ཧོ་ཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་དང༌། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཛམྦུའི་གླིང་ན་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙི། ཨུནྨཱ་ད། ཨ་པ་སྨཱ་ར། ཌཱ་ཀ ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ།

p. 540

ཡ་ཐེ་ཥྚཾ། བྷུཉྫ་ཐ། ཛཾགྷ་ཐ། པི་བ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡ། སཏྶུ་ཁཾ་བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀ་བྷ་ཝནྟུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་རྣམས་དབུལ། གནས་གསུམ་དཔའ་བོ་མཁའ་འགྲོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་གསོལ། ཐམས་ཅད་ཐུན་མོང་དུ་ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་བཛྲ་མུཿ གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ་པར་བསམ། བདག་བསྐྱེད་ལྟར་གནས་གསུམ་དང་སྐྱེ་མཆེད་སྲུང་བ་སོགས་ཇི་ལྟར་རིགས་པ་དང༌། སྤྱི་ཙམ་དུ། ཨོཾ་ཨཱཿཧཱུྃ་གིས་བདག་ཉིད་བསྲུངས་ལ། བསྔོ་སྨོན་ཤིས་བརྗོད་བྱའོ། །ནུབ་མོ་ཉལ་བའི་ཚེ། འཕགས་པ་ཀླུ་སྒྲུབ། རིགས་པའི་བདག་ཉིད་ཉིན་པར་ཐམས་ཅད་དང༌། །མཚན་མོ་ནམ་གྱི་སྟོད་སྨད་བཟླས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པས་དེ་དག་བར་དུ་མནོལ། །ཞེས་གསུངས་པ་ལྟར་དྲན་ཤེས་དང་ལྡན་པས་ཁམས་གསོ་བར་བྱ་སྟེ། དེའང་ཐུན་མོང་དུ། ལུས་ཐམས་ཅད་བཏུད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་གསོལ་བ་ཡང་ཡང་བཏབ་ནས་ཉལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བླ་ན་མེད་པའི་དངོས་གྲུབ་དང་མཆོག་བདག་ལ་སྩོལ་ཅིག ཉེ་བར་འཚེ་བ་ཐམས་ཅད་ཀྱང་མེད་པར་མཛད་དུ་གསོལ་ཞེས་པ་དང༌། རང་གི་འདོད་ལྷའི་རྣལ་འབྱོར་དང་ལྡན་པས། ན་མོ་བྷ་ག་ཝ་ཏེ་ཨཱརྻ་པྲཛྙཱ་པཱ་ར་མི་ཏ་ཡེ། སརྦ་ཏ་ཐཱ་ག་ཏཱ་པ་རི་མི་ཏཱ་པཱུ་རི་ཏ་ཡེ། ཏདྱ་ཐཱ། ཨོཾ་སིདྡྷི་སིདྡྷི། བུདྡྷ་བུདྡྷ། བོ་དྷ་ཡ་བོ་དྷ་ཡ། ཙ་ལ་ཙ་ལ། ཏིཥྛ་ཏིཥྛ། ཧི་ཀཾ་པ་ཀཾ་པ། བཱ་ར་བཱ་ར། གཙྪ་གཙྪ། ཨཱ་གཙྪ་ཨཱ་གཙྪ་བྷ་ག་ཝ་ཏི་མཱ་བི་ལམྦ་སྭཱ་ཧཱ། གཟུངས་འདིས་ལག་པ་གཡས་པ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་

p. 541

ཏེ། དེའི་སྟེང་དུ་མགོ་བཞག་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ། སང་ནངས་པར་སྔ་བར་ལྡངས་ཏེ་དགེ་སྦྱོར་ལ་འཇུག་པར་བགྱིའོ་སྙམ་པ་དང༌། རང་དང་སྣང་བ་ཐམས་ཅད་ཉི་མ་ཤར་བ་ལྟ་བུ་གསལ་ལམ་མེ་བའི་ངང་ནས་གཉིད་དུ་འགྲོ་བར་བྱས་ནས། ནངས་པར་ལྡང་བ་ཡང་ཞིང༌། ཁམས་དྭངས། དགེ་སྦྱོར་ལ་འཇུག་སྤྲོ་བར་འགྱུར་རོ། །ཁྱད་པར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དགོངས་པ། གྲུབ་ཆེན་ཛེ་ཏཱ་རིའི་མན་ངག་སྣང་བ་མཐའ་ཡས་ཀྱི་ཉལ་སྒོམ་ཉམས་སུ་ལེན་པར་འདོད་ན། སྐྱབས་སེམས་ཇི་ལྟར་རིགས་པ་དང༌། ས་ཕྱོགས་ཐམས་ཅད་བདེ་ཅན་ཞིང༌། །བཀོད་པ་ཕུན་སུམ་ཚོགས་པའི་དབུས། །རང་ཉིད་འཕགས་པ་སྤྱན་རས་གཟིགས། །མདུན་དུ་པདྨ་ཟླ་བའི་སྟེང༌། །སྣང་བ་མཐའ་ཡས་སྐུ་མདོག་དམར། །མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་མཐར་རྩ་བརྒྱུད་བླ་མ་དང༌། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །ཅེས་གསལ་བཏབ་ལ། ཡིད་ཀྱིས་ཕྱག་གསུམ་བཙལ་ལ་བཟང་སྤྱོད་ལས་བྱུང་བ་སོགས་ཡན་ལག་བདུན་པ་རྒྱས་བསྡུས་གང་རིགས་ཚར་གསུམ་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བདག་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་མཛད་དུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ་པས་སྡིག་སྒྲིབ་ཐམས་ཅད་དག་པའི་ངེས་ཤེས་བསྐྱེད། ལུས་ལོངས་སྤྱོད་ཉེ་དུ་སོགས་ལ་ཆགས་ཞེན་གཏོང༌། ཤི་ནས་བདེ་བ་ཅན་དུ་འགྲོ་བའི་འདུན་པ་དང་སྤྲོ་བ་ཤུགས་དྲག་ཏུ་བསྐྱེད་ལ་འཆི་བས་མི་འཇིགས་པའི་གདེངས་བསྐྱེད། དེ་ནས། དབུགས་ཕྱིར་རྒྱུ་དང་ལྷན་ཅིག་ཏུ། རང་སེམས་རྒྱལ་བའི་ཐུགས་ཀར་ཐིམ། །ནང་དུ་འཇུག་པའི་དུས་ཀྱི་ཚེ། །རྒྱལ་བའི་ཐུགས་ནས་རང་གི་སེམས། །འོད་ཀྱི་རྣམ་པས་སྙིང་གར་

p. 542

ཐིམ། །རྒྱལ་བའི་ཐུགས་དང་རང་གི་སེམས། །དབྱེར་མེད་རོ་གཅིག་ངང་དུ་བཞག །ཅེས་བརྗོད་པའམ་དོན་བསམས་ལ་དམིགས་པ་གསལ་ངེས་པ་ལན་གསུམ་སོགས་བྱ། མདུན་གྱི་ཚོགས་ཞིང་འོད་དུ་ཞུ། །སྣང་བ་མཐའ་ཡས་ཉིད་ལ་ཐིམ། །དེ་ཡང་རང་ཐིམ་བདག་ཉིད་ཀྱང༌། །འོད་ཞུ་སྤྲོས་བྲལ་དབྱིངས་སུ་ཐིམ། །ཞེས་བརྗོད་ཅིང༌། སངས་རྒྱས་ཡི་དམ་རང་སེམས་གསུམ་དབྱེར་མེད་དུ་འདྲེས་པའི་ངང་ལ་བཞག སླར་ཡང་རང་ཉིད་སྐད་ཅིག་གིས། །སྣང་བ་མཐའ་ཡས་སྐུ་རུ་གྱུར། །ཅེས་དང༌། རྒྱས་པར་བཟང་སྤྱོད་སྨོན་ལམ་ཚང་བའམ། མི་ནུས་ན་རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས་སྨོན་ལམ་བཏབ་ནས། བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱེད་པ་དང་མི་འབྲལ་བའི་ངང་ནས་གཉིད་ལོག་པར་བྱའོ། །དེ་ལྟར་མ་ཆག་པར་བསྒོམས་པའི་ཕན་ཡོན་ནི། དེ་ལ་ནད་དང་གདོན་མི་འབྱུང༌། །འཆི་བའི་དུས་ན་སྡུག་བསྔལ་མེད། །བར་དོར་ཐུབ་པས་རྗེས་སུ་འཛིན། །ཕྱི་མའི་དུས་ན་ཐར་པ་ཐོབ། །ཅེས་གསུངས་སོ། །ཐུན་མོང་མ་ཡིན་པ་རྣལ་འབྱོར་བླ་མེད་ཀྱི་ལམ་ལ་བསླབ་པ་དག་གིས། ལྷར་སྣང་སྒྱུ་མ་ལྟ་བུའམ། རིལ་འཛིན་དང་རྗེས་གཞིག་གི་སྒོ་ནས་གཉིད་ཀྱི་འོད་གསལ་ལ་འཇུག་པའི་ཚུལ་སོགས་སོ་སོའི་གདམས་ངག་ལས་འབྱུང་བ་ལྟར་བྱའོ། །ཐོ་རང་ལྡང་བའི་དུས་ལ་བབ་པ་ན། ཐུན་མོང་དུ་ངེས་འབྱུང་ངམ། སྙིང་རྗེ་ཆེན་པོའམ། སྒྱུ་མ་ལྟ་བུའི་ངང་ནས་ལྡང༌། ཁྱད་པར་ཉལ་སྒོམ་ལ་བརྩོན་པ་ཡིན་ན་རང་དང་སྣང་བ་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པའི་བཀོད་པར་གསལ་བཞིན་པའི་ངང་ནས་ལྡང༌། ཐུན་མོང་མ་ཡིན་པ་སྔགས་བླ་མེད་ཀྱི་རྣལ་འབྱོར་པས་རང་གི་གཞུང་ནས་གསུངས་པ་ལྟར་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་ཞིང་དགེ་སྦྱོར་ལ་འཇུག རྨི་ལམ་དུ་སྡིག་པ་སྤྱོད་པ་མཐོང་ན་བཤགས་སྡོམ་གྱི་འདུན་པ་དང༌། དགེ་བ་ལ་རྗེས་སུ་ཡི་རང་བ་ཙམ་བྱ། གལ་ཏེ་རྨི་ལམ་ངན་པས་ཡིད་འཁུ་འཕྲིག་ཏུ་གྱུར་ན་བདེན་མེད་དུ་ཤེས་པའི་རྒྱས་འདེབས་པའམ། ལུས་ཚུགས་མ་བཅོས་པར་རིག་སྔགས་ཀྱི་མཐུས་རྨི་ལམ་ངན་པའི་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་

p. 543

བསྲེགས་པར་བསམས་ལ། ན་མསྶ་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤ་ས་ནཱ་ནཱཾ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ་ཏི་སརྦ་དུརྣི་མིཏྟི་དུསྶྭབྣི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཉེར་གཅིག་ཙམ་བཟླས་པས་ཞི་བར་བྱའོ། །བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ་བ་ནི། ལངས་ཏེ་ཆུ་སྣོད་མདུན་དུ་བཞག ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷ་སརྦ་དྷརྨཱ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བདག་དང་ཆུ་བྱིན་གྱིས་བརླབས་ལ། བར་དུ་གཅོད་པ་ཐམས་ཅད་བསྲུང་བའི་ཕྱིར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བྱ་བ་ཡང་ནས་ཡང་དུ་ཟློས་ཤིང་ཁྲུས་བྱས་ལ། ཁྲུས་ཟིན་པ་དང༌། ཨོཾ་སུ་སིདྡྷཾ་ཀུ་ར་སྭཱ་ཧཱ། ཞེས་བྱ་བས་གཙུག་ཕུད་ཡོད་པ་རྣམས་ཀྱིས་གཙུག་ཕུད་འཆིང་བར་བྱའོ། །མགོ་རེག་ཡིན་ན་གཡོན་ནས་བསྐོར་ཞིང་སེ་གོལ་ལན་བདུན་གཏོགས་སོ། །དེ་ནས་རིག་སྔགས་འཆང་གིས་ཉི་མའི་ལོགས་སུ་ཁ་བལྟས་ལ། རྟག་ཏུ་ཆུ་ཁྱོར་བ་གང་གཏོར་ནས་རྡོ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྔགས་ལན་བདུན་བརྗོད་དེ། བདག་ཆེ་གེ་མོ་ཞེས་བྱ་བས་རིག་སྔགས་ཆེ་གེ་མོ་བསྒྲུབ་ཀྱི། ཁྱོད་ཀྱི་ཡིད་དགའ་བར་གྱིས་ཤིག་ཅེས་བརྗོད་ན་བགེགས་དང་ལོག་འདྲེན་རྣམས་ཀྱིས་མི་ཚུགས་པར་གསུངས་སོ། །གཞན་ཡང་སྡིག་ལྟུང་སྦྱང་བའི་ཕྱིར་ཡི་གེ་བརྒྱ་པའི་སྔགས་བཟླས་པས་ཁྲུས་བྱ་བ་དང༌། ཉིན་ཞག་གཅིག་གི་བར་ཆད་བསྲུང་བའི་ཕྱིར་མི་གཡོ་བའི་ཆུ་སྲུང་སོགས་ཀྱང་ཤེས་ཤིང་ནུས་ན་སྐབས་འདིར་བྱ། ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་ལམ་ལ་སློབ་པས་ནི། དབང་ལྷ་སྤྱན་དྲངས་ཤིང་དབང་བསྐུར་བར་བསམས་པས་དངོས་སམ་ཡིད་ཀྱིས་ཁྲུས་ཀྱི་བྱ་བ་ཚུལ་བཞིན་དུ་བསྒྲུབ་པ་དང༌། ནང་གི་ཁྲུས་བདུད་རྩི་རིལ་བུ་མྱང་བ་སོགས་བྱའོ། །དེ་ནས་སྔར་ཇི་སྐད་སྨོས་པ་བཞིན། སོ་ཐར་གྱི་ངེས་འབྱུང༌། བྱང་ཆུབ་སེམས་དཔའི་སེམས་བསྐྱེད། གསང་སྔགས་བླ་མེད་ཀྱི་བླ་མའི་མོས་གུས་རྣམས་ཀྱིས་ཀུན་ནས་བསླངས་ཏེ། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་གཞི་གཟུང༌། ཡན་ལག་བདུན་པའི་ཆོ་ག་དང་འབྲེལ་བར་སྨོན་འཇུག་གི་སྡོམ་པ་བླང༌། ཕྱི་དཀྱིལ་ལམ། ལུས་དཀྱིལ་ལ་

p. 544

བརྟེན་པའམ། བླ་མའི་རྣལ་འབྱོར་ཙམ་ལ་བརྟེན་ཀྱང་རུང་སྟེ་དབང་བཞི་བླངས་ཤིང་དབང་དོན་གྱི་ཡེ་ཤེས་བསྐྱང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡན་ལག་དང་བཅས་པའི་ལུང་གི་ཆོས་རྣམས་ལ་ཐོས་པ་བྱ་ཞིང༌། དེ་རྣམས་ཀྱི་དོན་རང་དང་སྤྱིའི་མཚན་ཉིད་བསམ་བྱུང་གི་རིག་པས་གཏན་ལ་དབབ། གཏན་ལ་ཕེབས་པའི་དོན་སྒོམ་པས་ཉམས་སུ་བླང་བའི་ཕྱིར་ཐུན་གྱི་དངོས་གཞིར་འཕགས་པའི་བདེན་པ་བཞིའམ། རྟེན་འབྲེལ་བཅུ་གཉིས་སམ། བྱང་ཆུབ་ཀྱི་སེམས་གཉིས་སམ། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་རམ། བསྐྱེད་རྫོགས་ཟབ་མོའི་དོན་ལ་མཉམ་པར་བཞག ཐུན་མཚམས་རྣམས་སུ་ཇི་སྐད་བཤད་པའི་ཆོས་སྤྱོད་རྣམས་ཅི་ནུས་སུ་སྤྱད་པས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ལ་རྩེ་གཅིག་ཏུ་བརྩོན་པར་བྱ། འབྱོར་པ་ཡོད་ཅིང་བསྒྲུབ་པར་ནུས་ན་བྱ་བ་ལས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཀྱི་རྟེན་དང༌། དགེ་འདུན་འདུ་བའི་ཀུན་དགའ་རྭ་བ་སོགས་བཞེངས་པ་དང༌། བླ་མ་དང་དགེ་འདུན་ལ་བསྙེན་བཀུར་བ་སོགས་རང་གཞན་གྱི་རྒྱུད་ལ་ཚོགས་གཉིས་ཡོངས་སུ་སྤེལ་བའི་ཐབས་ལ་མཁས་པར་བྱའོ། །དེ་ལྟ་བུའི་སྒོ་ནས་རང་རྒྱུད་སྨིན་པས་གདུལ་བྱ་གཞན་རྗེས་སུ་འཛིན་པ་ལ། ཟང་ཟིང་གི་སྦྱིན་པ་རྣམ་པར་དག་པས་གདུལ་བྱ་རྣམས་འཁོར་དུ་བསྡུ། དེ་ལ་ཆོས་ཀྱི་སྦྱིན་པ་སྙན་པར་སྨྲ་བས་ཡིད་དྲང༌། དོན་སྤྱོད་པ་སྟེ་ཆོས་བཤད་པའི་དོན་ལྟར་ཐབས་ལ་མཁས་པས་ཉམས་ལེན་ལ་སྦྱར། རང་ཉིད་ཀྱང་ཇི་སྐད་བཤད་པའི་ཆོས་ཀྱི་དོན་དང་མཐུན་པར་སྤྱད་པས་གདུལ་བྱ་གཞན་ཡང་དེ་ལ་གཞུག་པ་སྟེ་བསྡུ་བའི་དངོས་པོ་བཞི་ལ་ཅི་ནུས་ཀྱིས་བརྩོན་པ་དང༌། ཁྱད་པར་སྡོམ་བརྩོན་སྡེ་སྣོད་འཛིན་པ་དང་མཁས་པའི་བྱ་བ་ནི་གསུམ་སྟེ། འཆད་པ་དང༌། རྩོད་པ་དང༌། རྩོམ་པའོ། །དང་པོ་ནི། དམ་པའི་ཆོས་པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་ནས། །སེམས་ཅན་ལྷག་པར་བརྩེ་གྱུར་འགྱུར་རྣམས་ལ། །ཆོས་ཀྱི་གཏམ་མང་སྣ་ཚོགས་ཉེ་བར་སྟོན། །ཅེས་གསུངས་པ་ལྟར། གནས་གཙང་ཞིང་ཡིད་དང་མཐུན་པར་ཕྱག་

p. 545

དར་ལེགས་པར་བྱ། དཀོན་མཆོག་གི་རྟེན་ཡོད་ན་དགྲམ། ཅི་འབྱོར་པའི་མཆོད་པ་བཀོད་པས་འཕགས་པར་བཤམ། རང་ཉིད་ཇི་ལྟར་འོས་པའི་ཆོས་ཀྱི་ཁྲི་བཟང་པོ་ལ་སྒོ་གསུམ་བསྡམས་ཤིང་དུལ་བ་དང་ཞི་བས་འཁོད་པ། ཏདྱ་ཐཱ། ཤ་མེ་ཤ་མེ་ཤ་མ་ཝ་ཏི། ཤ་མ་ཏ་ཤ་ཏྲཱུཾ། ཨངྐུ་རེ། མངྐུ་རེ། མཱ་ར་ཛི་ཏེ། ཀ་རོ་ཊ། ཀེ་ཡཱུ་རེ། ཏེ་ཛོ་ཝ་ཏེ། ཨོ་ལོ་ཡ་ནི། བི་ཤུདྡྷ་ནིརྨ་ལེ་སཱ་ལ་པ་ན་ཡེ། ཁུ་ཁུ་རེ། ཁ་ཁ་གྲ་སེ། གྲ་ས་ནེ། ཨོཾ་མུ་ཁི། པ་རཾ་མུ་ཁི། ཤ་མི་ཏཱ་ནི། སརྦ་གྲ་ཧ། བནྡྷ་ནཱ་ནེ། ནི་གྲྀ་ཧ་ཏྭཱ། སརྦ་སཱ་ར་པྲ་ཝཱ་དི་ན། བི་མུཀྟ་མཱ་ར་པཱ་ཤ སྠཱ་བི་ཏྭ། བུདྡྷ་མུ་དྲ། ཨ་ནུདྒ་ཏི་ཏཱ། སརྦ་མཱ་རེ། སུ་ཙ་རི་ཏ་པ་རི་ཤུདྡྷེ། བི་གཙྪནྟུ། སརྦ་མཱ་ར་ཀརྨ་ཎི། ཞེས་ཤུབ་བུའི་ཚུལ་དུ་ལན་བདུན་བཟླ་སྟེ། འདི་བརྗོད་པས་བདུད་ཀྱི་བར་ཆད་མི་འབྱུང་བ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་སོ། །དེ་ནས་སློབ་མ་རྣམས་འདུས་པ་ན་བསླབ་གྲལ་གྱིས་འཁོད་དེ། ཆོས་འཆད་ཉན་ལ་བར་ཆད་བཟློག་པའི་ཕྱིར་ཤེར་སྙིང་བདུད་ཟློག་དང་བཅས་པའང་ཕྱག་ལེན་དུ་མཛད། ཡན་ལག་བདུན་དང་མཎྜལ་འབུལ་བས་མཚམས་སྦྱར་ཏེ། སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང༌། འཁོར་བ་ལས་བསྒྲལ་འདོད་ཀྱི་སྙིང་རྗེ་ཆེན་པོས། གང་ཞིག་གསེར་མཆོག་རང་བཞིན་རི་རབ་མནྡཱ་རར་གནས་ལྷར་བཅས་གནོད་སྦྱིན་དང༌། །གདེངས་ཀ་ནོར་བུའི་འོད་ཀྱིས་ས་འོག་མུན་པ་སེལ་མཛད་ཀླུ་རྣམས་གང་ཡིན་དང༌། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་མཐའ་དག་འདིར་གཤེགས་ཤིག །

p. 546

ཅེས་པས་ལྷ་དང༌། ཀླུ་དང༌། གནོད་སྦྱིན་སོགས་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་འཁོར་དུ་བསྡུ་བ་དང༌། འདི་ལྟར་རྒྱ་ཆེན་ཡོན་ཏན་རིན་ཆེན་གཏེར་གྱུར་པ། །དོན་ཆེན་བྱེད་པའི་འདི་ལ་དད་ཅིང་གུས་པ་ཡིས། །འདི་ལས་ལྷག་པའི་མཉན་བྱ་གཞན་དག་ཡོད་མིན་པས། །དབང་པོའི་རྟ་འདི་ལེགས་པར་ཐུལ་ལ་ཐུབ་པའི་གསུང་མཉན་གྱིས། །སྟོན་པའི་ཞལ་ནས་ལེགས་པར་གསུངས་པའི་སྐྱེ་བོ་མི་རྣམས་བཀྲ་ཤིས་ཀྱི། །འབྱུང་གནས་སེམས་ལ་ཞོག་ཅིག་གང་ཕྱིར་འདི་ནི་ལུས་ཅན་ཀུན་གྱི་རྣ་བའི་བདུད་རྩི་དང༌། །ཉོན་མོངས་པ་ཡི་ནད་ཀུན་སེལ་བར་བྱེད་པ་ཡིན་པས་དེ་དོན་ཡང་དག་བསམ་པར་གྱིས། །རྒྱུ་འདི་རྣམས་ཀྱིས་སངས་རྒྱས་གསུང་དག་ལེགས་པར་རབ་ཏུ་མཉན་པར་བྱ་བར་རིགས། །ཞེས་མཉན་པར་གདམས་པ་སྟེ་འདི་དག་ཡོངས་སུ་རྫོགས་པའམ་ཚིགས་བཅད་ཇི་ལྟར་རིགས་པ་བརྗོད། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །ཅེས་སོགས་བརྗོད་པའམ་དོན་ཡིད་ལ་བསམས་ཏེ། ཐོག་མ་ཁོ་ནར་ངེས་འབྱུང་དང༌། བྱང་ཆུབ་སེམས་ཀྱི་གཏམ་གྱིས་ཀུན་སློང་འཆོས། ཆོས་ཉན་པའི་སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་དྲུག་སྤངས་ཤིང་འདུ་ཤེས་བཞི་བསྟེན་པ་སོགས་ཀུན་སྤྱོད་གསལ་བཏབ་ལ། ལུང་བཀླག་པ་དང༌། བཤད་པ་བྱ་བ་དང༌། ཁྲིད་དཔོག་པ་སོགས་ལ་འཇུག བཤད་པ་དང་ཁྲིད་སོགས་ཀྱི་སྐབས་སློབ་མའི་སྣོད་དང་འཚམས་པར། ཤེས་རབ་ཆེ་བ་རྣམས་ལ་ཚིག་བརླིང་ཞིང་སྦྲེལ་ལེགས་པ་དང༌། དོན་ཟབ་ཅིང་རྒྱ་ཆེ་བར་བཤད། བློ་དམན་པ་རྣམས་ལ་ཚིག་གཟུང་སླ་ཞིང་གོ་བདེ་བ་དང༌། དོན་རྟོགས་སླ་ཞིང་རྣ་བར་སྙན་པར་བཤད། དེ་དག་གང་ཡིན་ཀྱང་མདོ་རྒྱུད་བསྟན་བཅོས་དང་མཐུན་པའི་ལུང་གིས་གཞི་བཟུང༌། སྒྲ་ཚད་དངོས་སྟོབས་དང་མཐུན་པར་ལུང་དོན་རིགས་པས་བསྒྲུབས། མདོ་རྒྱུད་བསྟན་བཅོས་དང་མི་འགལ་བའི་རྗེས་སུ་གདམས་པས་གཞུང་ཉམས་ལེན་དུ་འདྲིལ་བ་དང༌། ཉམས་ལེན་གཞུང་དང་མི་འགལ་བར་མདོར་བསྟན། རྒྱས་བཤད། དོན་བསྡུའི་ཚུལ་གྱིས་ལེགས་པར་བཤད། ཁྱད་པར་གཞུང་བཤད་པའི་སྐབས་སུ་ཚིག་དོན་མཐའ་ཆོད་པ་དང༌། ཁྲིད་ཀྱི་སྐབས་སུ་བསྒོམ་དོན་དམིགས་པ་གནད་དུ་འདྲིལ་བར་

p. 547

བཤད་དོ། །མཇུག་ཏུ་འཕགས་པ་ཐོགས་མེད་ཀྱི་གསུང་རབ་ལས་བྱུང་བ་ཆོས་བཤད་པའི་བསྔོ་བ། ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལས། །བདག་གིས་བསོད་ནམས་མཐའ་ཡས་གང་ཐོབ་པ། །དེས་ནི་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས། །རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ཅིག །བདུད་ཀྱི་སྡེ་དང་མུ་སྟེགས་གཞུང་ཀུན་དང༌། །ཆོས་ལྟར་བཅོས་པའི་མུན་སྤྲུལ་དུ་མ་དང༌། །གཞན་ཡང་འགྲོ་བའི་ཉེ་བར་འཚེ་བ་རྣམས། །བདག་གི་སྟོབས་ཀྱིས་རྩད་ནས་འཇོམས་གྱུར་ཅིག །ཅེས་པ་ལ་སོགས་པས་མཚོན་ཏེ་བསྔོ་སྨོན་རྒྱས་པར་བྱའོ། །བྱེ་བྲག་ཏུ་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྒྱུད་སྡེ་རིན་པོ་ཆེའི་འཆད་ཉན་སྤྱི་དང༌། ཟབ་ཁྲིད་སྟོན་པའི་དུས་སུ། སློབ་མ་རྣམས་འདུས་ནས་དཔོན་སློབ་ཐུན་མོང་དུ་རྒྱུད་སྦྱང་བའི་ཕྱིར་ཡི་གེ་བརྒྱ་པ་བཟླ་ཞིང་བཤགས་སྡོམ་བྱ་བ་དང༌། བྱིན་རླབས་འཇུག་པའི་ཕྱིར་རྩ་བརྒྱུད་ཀྱི་བླ་མ་ལ་གསོལ་བ་གདབ་པ་དང༌། ཤེས་ཤིང་ནུས་ན་སྲུང་པའི་འཁོར་ལོ་གསལ་གདབ་པ་དང༌། སློབ་མ་རྣམས་ཀྱིས་མཎྜལ་དབུལ་ཞིང༌། སློབ་དཔོན་གྱིས་བར་ཆད་ཞི་བའི་ཕྱིར་ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་འབུལ་བ་རྣམས་ཕྱག་ལེན་དུ་མཛད་ཅིང༌། ས་ཕྱོགས་དང་གནས་ཁང་དག་པའི་ཞིང་དང་གཞལ་མེད་ཁང་དང༌། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ། སློབ་མ་རྣམས་འཁོར་གྱི་རྣམ་པར་གསལ་བཏབ་སྟེ། རྡོ་རྗེ་མི་ཤིགས་པའི་ཆོས་ཀྱི་སྒྲ་གདངས་རྒྱུན་མི་ཆད་པར་དུས་རྟག་ཏུ་འབྱུང་བ་སོགས། འོག་མིན་ཆེན་པོར་སྟོན་པ་རྡོ་རྗེ་འཆང་གིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པ་ལམ་དུ་བྱས་ནས་འཆད་ཉན་ལ་འཇུག མཐར་བསྔོ་སྨོན་སོགས་སྐབས་དང་མཐུན་པར་བྱའོ། །གཉིས་པ་ནི། བསྟན་པ་རྣམ་པར་དག་པའི་ཕྱིར་ཕྱིར་རྒོལ་དཔང་པོ་སོགས་མངོན་དུ་འདུས་པ་ན། གཞལ་བྱ་མངོན་སུམ། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུམ་ལ། འཇལ་བྱེད་མངོན་སུམ། རྗེས་དཔག ལུང་ཚད་མ་གསུམ་གྱིས་ལེགས་པར་གཞལ་ཏེ། དེའི་གྲུབ་འབྲས་རང་ཕྱོགས་སྒྲུབ་པ་དང༌། གཞན་ཕྱོགས་སུན་འབྱིན་པ་དང༌། རང་གིས་ཁས་བླངས་པའི་རྟགས་ཀྱི་ཚེར་མ་དབྱུང་བ་ལ་མཁས་པའི་

p. 548

རྩོད་པས་བསྟན་པ་ལ་བྱ་བ་སྒྲུབ་པ་ཉིད་དོ། །གསུམ་པ་ནི། གང་བརྩམ་པར་བྱ་བའི་གཞུང་དེ་བརྒྱུད་ལྡན་གྱི་བླ་མ་ལས་ཐོས་ཤིང་རང་ཉིད་ཀྱིས་ཚིག་དོན་གཉིས་ཀར་དཔྱིས་ཕྱིན་པའི་དཔྱད་པ་ཡོངས་སུ་རྫོགས་པ་ན། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཤིས་བརྗོད་དང་ཕྱག་བྱ་བས་ཐོག་དྲངས། དགོས་དོན་གྱིས་སྤྲོ་བ་བསྐྱེད། བསྡུས་དོན་གྱིས་གཞི་གཟུང༌། ཚིག་དོན་གྱིས་རྒྱས་པར་བཤད། སྔ་ཕྱིའི་འབྲེལ་གྱིས་མཚམས་སྦྱར། རྒོལ་པ་དངོས་སུ་ཡོད་པའམ། དོགས་པ་ཁོངས་ནས་བསུས་ཏེ་དཀའ་བའི་གནས་རྣམས་བརྒལ་ལན་གྱིས་ཀྱང་གཏན་ལ་དབབ། བསྔོ་སྨོན་ཤིས་བརྗོད་སྦྱར་བྱང་གིས་མཇུག་བསྡུ། སྒྲུབ་ཐབས་དང་མན་ངག་ལྟ་བུ་གཞུང་ཕྲ་མོ་ཞིག་ཡིན་ནའང༌། མཆོད་བརྗོད་ཀྱིས་ཐོག་དྲངས། བཤད་བྱ་དངོས་ས་བཅད་དང་བཤད་པ་སྤེལ་ཏེ་དོན་གོ་སླ་ཞིང་ལག་ཏུ་བླང་བདེ་བར་བྱ། མཇུག་བསྔོ་སྨོན་སྦྱར་བྱང་སོགས་ཇི་ལྟར་རིགས་པས་བརྒྱན་ཏེ་བརྩམས་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ལེགས་པར་བཤད་པའི་དགའ་སྟོན་ལ་བརྟེན། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་འཚོ་ཞིང་གཞེས་པའི་ཐབས་ཚུལ་ལྷུར་བླངས་པས། འཇིག་རྟེན་ན་ཕན་པ་དང་བདེ་བའི་དགེ་མཚན་དུས་རྟག་ཏུ་རྒྱས་པར་འགྱུར་བ་ཡིན་ནོ། །དེ་ལྟར་དུས་དང་རྒྱུན་གྱི་ཆོས་སྤྱོད་རྒྱས་འབྲིང་བསྡུས་པ་དང༌། སྙིང་པོ་མདོར་བསྡུས་པའི་ཚུལ་ཇི་ལྟར་རིགས་པ་བར་མ་ཆད་དུ་ཉམས་སུ་བླངས་པས་ཐབས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འཕེལ་ཞིང༌། དེ་ལ་བརྟེན་ནས་ཐབས་བྱུང་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་མྱུང་དུ་སྐུ་གཉིས་ཟུང་དུ་འཇུག་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གོ་འཕང་ཆེན་པོ་ལ་དབང་བསྒྱུར་ཏེ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཆོས་བཞིན་སྤྱོད་ཚུལ་མཛེས་པའི་རྒྱན། །ནོར་བུའི་སྙིང་པོ་ལ་བརྟེན་ནས། །འགྲོ་ཀུན་ཚོགས་གཉིས་འབྱོར་པ་དང༌། །ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་ཚད་མར་གྱུར་པའི་མདོ་རྒྱུད་དང་འཕགས་བོད་ཀྱི་གཞུང་མང་པོ་ལས་ཉེར་མཁོ་ཅུང་ཟད་ཙམ་བཏུས་པ་འདིའང༌། བྱ་བྲལ་བ་མཉྫུགྷོ་ཥས་བྲིས་པ་དགེ །སླར་ཡང་བློ་གཏེར་པས་ལུང་སྤེལ་བཅས་འདིར་བསྒྲིགས་པའོ།། །།

p. 549

ཞིང་ཁམས་རྣམ་པར་དག་པ་འདིར། །དབུས་ཀྱི་རི་རྒྱལ་རི་རབ་ལ། །གླིང་བཞི་འདོད་ཡོན་ལྔ་ཡིས་བརྒྱན། །ཉི་མ་ཟླ་བས་སྐོར་བ་བྱེད། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་འཇོའི་བ་དང་དཔག་བསམ་ཤིང༌། །མ་རྨོས་ལོ་ཏོག་གསེར་དང་དངུལ། །འབྲུ་བཟང་ལོངས་སྤྱོད་བསམ་མི་ཁྱབ། །དངོས་པོ་བཟང་ལ་གྱ་ནོམ་པ། །བླ་མ་སངས་རྒྱས་རྣམས་ལ་འབུལ། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོདྷི་སཏྭཱ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དཔལ་ལྡན་ས་སྐྱ་པཎྜི་ཏས་མཛད་པའོ།། །།ཆུ་ཡི་སྙིང་པོ་འོད་གསལ་སྙིང༌། །ཁྱོགས་ཀྱི་ས་བོན་རྒྱལ་པོ་འཁྱིལ། །དཔལ་གྱི་འཁྲི་ཤིང་གངྒཱ་སྐྱེས། །བྱུར་བུར་སྤུངས་པའི་དཀྱིལ་འཁོར་འབུལ། །གདུགས་དཀར་གསེར་ཉ་བུམ་པ་བཟང༌། །འདབ་སྟོང་དུང་དཀར་གཡས་སུ་འཁྱིལ། །དཔལ་བེ་རྒྱལ་མཚན་འཁོར་ལོ་སོགས། །རྣམ་པར་བཀྲ་བའི་མཎྜལ་འབུལ། །དཔག་བསམ་ལྗོན་ཤིང་ཡིད་བཞིན་ནོར། །མ་རྨོས་ལོ་ཏོག་འདོད་འཇོའི་བ། །གཏེར་ཆེན་བུམ་པ་རིན་ཆེན་རི། །ཚར་དུ་དངར་བའི༴ །ཨིཎྜ་ནཱི་ལ་པདྨ་རཱ་ག །སུ་གནྡྷ་དང་ཀེ་ཏ་ཀ །བཻ་ཌཱུར་ཡ་མརྒད་གཡུའི། །ཚོམ་ལྡན་གསེར་གྱི༴ །འཁོར་ལོ་ནོར་བུ་བཙུན་མོ་དང༌། །བློན་པོ་རྟ་མཆོག་གླང་པོ་ཆེ། །ཁྱིམ་བདག་རྒྱལ་སྲིད་རིན་ཆེན་བདུན། །ཕུན་སུམ་ཚོགས་པའི༴ །བཀོད་པ་རྣམ་པར་དག་པ་ཡི། །སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཁམས། །གཞི་དང་མེ་ཏོག་གིས་བརྒྱན་པ། །ཞིང་དག་སྦྱོར་བ་འགྲུབ་ཕྱིར་འབུལ། །རི་རབ་གླིང་བཞི་གཅིག་ལས་བཅུ། །བཅུར་བརྒྱ་བརྒྱར་སྟོང་སྟོང་ལས་འབུམ། །འབུམ་ལས་གྲངས་མེད་མང་སྤྲུལ་པའི། །ཀུན་བཟང་མཆོད་སྤྲིན་འབུལ་བར་བགྱི། །རྨི་ལམ་ལྟ་བུའི་ལུས་རྟེན་འདིར། །དྲི་ཟའི་གྲོང་འདྲའི་དཀྱིལ་འཁོར་མཆོག །སྒྱུ་མ་ལྟ་བུའི་ལོངས་སྤྱོད་བཅས། །འཇའ་ཚོན་འདྲ་བའི་ལྷ་ལ་འབུལ། །ལྷུན་པོ་གླིང་བཞི་ཕྱིའི་མཎྜལ། །ལུས་དབང་ཡན་ལག་ནང་གི་མཎྜལ། །བདེ་སྟོང་གཟུགས་ཤར་གསང་བའི་མཎྜལ། །འཁོར་གསུམ་དག་པའི་དེ་ཉིད་མཎྜལ། །རྫས་གྲུབ་བཏགས་ཡོད་འཇིག་རྟེན་ཁམས། །སེམས་ཀྱི་བདག་ཉིད་ཙམ་ཤར་བ། །རྟེན་འབྲེལ་སྟོང་པས་རྟོག་བཏགས་པ། །ལྟ་བ་དག་ཕྱིར་འབུལ་ལོ་བཞེས། །ཨི་ཏི་ཛྙཱ་ནཱ་རྠ་སིདྡྷི་ཀྲྀཏ་སྱ།། །།

རབ་གནས་ཀྱི་ཡོན་བསྒོའི་བཤད་པ་ལེགས་བཤད་འོད་ཀྱི་སྙེ་མ།

p. 550
p. 551

རབ་གནས་ཀྱི་ཡོན་བསྒོའི་བཤད་པ་ལེགས་བཤད་འོད་ཀྱི་སྙེ་མ་ཞེས་བྱ་བ་བཞུགས་སོ།།

p. 552

ཨོཾ་སྭ་སྟི། མཆོག་གསུམ་དམ་པ་རྣམས་ཀྱི་ཞབས་པདྨོར། །གུས་པས་བཏུད་ནས་རབ་གནས་རྒྱས་པའི་དུས། །ཡོན་བདག་བསྒོ་བའི་སྐབས་སུ་ལེགས་བཤད་ཀྱི། །དགའ་སྟོན་སྤྲོ་བའི་ངོ་མཚར་གཏམ་འདི་གླིང༌། །དེ་ཡང་རབ་གནས་ཀྱི་མཇུག་ཡོན་བདག་བསྒོ་བའི་སྐབས་ཡོན་བདག་ལ་སྟན་དཀར་ནས་སམ་འབྲས་ཀྱི་གཡུང་དྲུང་ཆོས་སྐོར་དུ་བྲིས་པའི་སྟེང་དུ་གོས་རྒྱན་བཟང་པོས་བརྒྱན། སློབ་དཔོན་ལ་ཁ་ཕྱོགས་པར་འདུག་ཏུ་བཅུག དེ་ནས་སློབ་དཔོན་གྱིས་གསུང་དཔངས་མཐོ་བ་དང་བཅས། འོ། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པའི་རབ་གནས་པར། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཞེས་གསུངས་པ་ལྟར། ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་གྲུབ་པ་ཡིན་པས། སྐབས་འདིར་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་བྱ་བའི་ལེགས་བཤད་ཀྱི་དགའ་སྟོན་ཅུང་ཟད་སྤྲོ་བར་བྱ་ན། སྤྱིར་རབ་ཏུ་གནས་པའི་སྐད་དོད་དུ། སུ་པྲ་ཏིཥྛ་ཞེས་པ་རབ་ཏུ་གནས་པའི་དོན་ཡིན་པས། ལྷ་དམ་ཚིག་པ་ལ་ཡེ་ཤེས་པ་ཏིལ་གྱི་གོང་བུ་ལྟ་བུར་བསྟིམ་པ་ལ་རབ་

p. 553

གནས་ཀྱི་ཐ་སྙད་མཛད་པས་ན། རབ་ཏུ་གནས་པ་ནི་སངས་རྒྱས་བསྟན་པའི་རྩ་བ་ལྟ་བུ་ཡིན་ཏེ། དེའི་རྒྱུ་མཚན་ཡང༌། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་གང་དུ་བཞུགས་པའི་ས་ཕྱོགས་དེར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་ད་ང༌། དེའི་སྟོབས་ཀྱིས་ཡུལ་ཁམས་རྣམས་སུ་ཡང་ནད་དང་མུ་གེ་འཁྲུགས་རྩོད་མེད་ཅིང་བདེ་སྐྱིད་གོང་འཕེལ་དུ་འབྱུང་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་འགྱུར་བར་གསུངས་པ་སོགས་སྐུ་གསུང་ཐུགས་རྟེན་ངོ་མཚར་ཅན་བཞུགས་པའི་ཐུགས་རྗེ་ཡིན་ལ། དེའི་རྩ་བ་ནི། རབ་ཏུ་གནས་པའི་ཆོ་ག་རྣམ་པར་དག་པ་ཉིད་གལ་ཆེ་བ་ལགས། དེ་ལ་སྤྱིར་ངེས་པ་དོན་གྱི་དབང་དུ་བྱས་ན། རབ་ཏུ་གནས་བྱ་གནས་བྱེད་དང་བྲལ་བའི་ཕྱིར་ན་རབ་ཏུ་གནས་པ་བྱ་མི་དགོས་ཏེ། རབ་གནས་ཀྱི་རྒྱུད་ལས། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །ཅིག་ཤོས་ཀྱིས་ནི་རབ་ཏུ་བརྟགས། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པར་བརྟག་པར་བྱ། །ཞེས་དང༌། དམ་པའི་དོན་ནི་སྤྱོད་པ་ནི། །གང་ཞིག་གང་གིས་རབ་ཏུ་བརླབ། །གཟོད་མ་ནས་ནི་སྐྱེ་མེད་ལ། །ཅི་འདྲས་ཇི་

p. 554

ལྟར་རབ་ཏུ་གནས། །དང་པོའི་ལས་ཅན་སེམས་ཅན་རྣམས། །རྟོག་པའི་རྒྱུ་རུ་མཛད་པར་ཟད། །ཅེས་གསུངས་པས། ངེས་པའི་དོན་དུ་རབ་གནས་སོགས་བྱ་མི་དགོས་ཀྱང༌། ཀུན་རྫོབ་སེམས་ཅན་གྱི་དོན་དུ་རབ་ཏུ་གནས་པ་ལ་འབད་པར་བྱ་དགོས་ཏེ། དེ་ལྟར་མ་བྱས་པའི་ཉེས་པ་ནི། རྒྱུད་དེ་ཉིད་ལས། གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང༌། །དེ་སྲིད་མཆོད་པར་དེ་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ན། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱ། །དེ་དེ་བཞིན་དུ་གཟུགས་བརྙན་དེ། །རབ་གནས་མ་བྱས་གཟུགས་བརྙན་ལ། །གང་ཞིག་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །ཞེས་གསུངས་ཤིང་རབ་ཏུ་གནས་པའི་ཡོ་བྱད་དང༌། ཆོ་ག་དམན་པས་ཀྱང་མི་བྱ་སྟེ། ཆོ་ག་དམན་པས་མི་བྱ་སྟེ། །ཞེས་པ་ནས། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་གསུངས། རབ་གནས་ལེགས་པར་བྱས་ཤིང་མཆོད་པའི་ཕན་ཡོན་ནི། རྒྱུད་ལས། ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་གསུངས་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་ངམ་མ་མཐོང་འབྲས་བུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་སོགས་རྒྱ་ཆེར་བཀའ་སྩལ་པ་ལྟར། རབ་གནས་མཚན་ཉིད་དང་ལྡན་པ་བགྱིས་པའི་མཐུ་ལ་བརྟེན་ནས། འཇིག་རྟེན་འདིར་ཕན་ཞིང་བདེ་ལ། ཕྱི་མ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་བ་ཡིན་པས། དེ་ལྟ་བུའི་རབ་ཏུ་གནས་པ་དེ་ཡང༌། བཟང་པོ་དྲུག་གི་སྒོ་ནས་ངེས་པར་བྱ་དགོས་ཏེ། སྐད་གཉིས་སྨྲ་བ་ལོ་ཆེན་རིན་ཆེན་བཟང་པོའི་ཞལ་སྔ་ནས། རྟེན་གྱི་བྱ་བ་ཡོངས་རྫོགས་ནས། །སློབ་དཔོན་མཚན་ཉིད་གནས་དང་དུས། །ཡོ་བྱད་ཡོངས་སུ་ཚང་ནས་ནི། །ཆོ་ག་དག་ལ་འཇུག་པར་བྱ། །

p. 555

ཞེས་པ་དང༌། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། རབ་གནས་རྟེན་དང་སློབ་དཔོན་གནས་དང་དུས། །ཡོ་བྱད་ཆོ་ག་བཟང་པོ་རྣམ་དྲུག་ལ། །ཞེས་གསུངས་པ་ལྟར། བཟང་པོ་དྲུག་ལས། དང་པོ་རབ་ཏུ་གནས་བྱའི་རྟེན་ཡོངས་སུ་དག་པ་བཟང་པོ་ནི། རབ་གནས་ཀྱི་རྒྱུད་ལས། བརྡུངས་པ་དང༌། རི་མོར་བྲིས་པ་དང༌། འབུར་དུ་བྱས་པ་ལ་སོགས་པའི་རབ་ཏུ་གནས་པའི་ཆོ་ག་གསུངས་པ་ཞེས་དང༌། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང༌། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་གསུངས་ཤིང༌། བཟང་པོ་ཡོངས་སུ་བཟུང་བ་ལས། སྐུ་གཟུགས་རས་བྲིས་གླེགས་བམ་རྣམས། །དེ་རྒྱུ་ཇི་སྙེད་རྒྱན་གྱིས་བརྒྱན། །བདག་ཉིད་ལྷག་པའི་ལྷར་སྦྱོར་བས། །མདུན་དུ་བྱས་ནས་ལྷག་གནས་བྱ། །ཞེས་གསུངས་པ་ལྟར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ཏེ་ཆོས་སྐུའི་རྟེན་མཆོད་རྟེན་དང༌། ལོངས་སྤྲུལ་གྱི་རྟེན་རྣམས་རང་རང་གི་སྐུའི་རྣམ་གཞག་ལྟར་ཆ་ཚད་དང་ལྡན་པ་དང༌། གླེགས་བམ་དང་ཀུན་དགའ་ར་བ་དང༌། སྐྱེད་མོས་ཚལ་ལ་སོགས་པ་ཐམས་ཅད་ཕྱིས་བཟོ་བོས་བྱ་རྒྱུ་མེད་པ་ཞིག་དགོས་ཏེ། རྟེན་གྱི་བྱ་བ་ཡོངས་རྫོགས་ནས། །ཞེས་འབྱུང་བས་འདིར་ཡང་རྟེན་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་གྲུབ་པ་ལགས། གཉིས་པ་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་བཟང་བ་ནི། དབང་བསྐུར་ལེགས་པར་ཐོབ་པ། བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་བརླན་པ། དཀྱིལ་འཁོར་གང་དང་གང་བྱེད་པ་དེའི་བསྙེན་པ་ཡོངས་སུ་རྫོགས་པ། དེ་ཉིད་བཅུའི་རྣམ་གཞག་ཤེས་ཤིང༌། རབ་གནས་ཀྱི་ཆོ་ག་ལ་མཁས་ཤིང་བྱང་ཆུབ་པ་ཞིག་དགོངས་ཏེ། རབ་གནས་ཀྱི་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང༌། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་གསང་སྔགས་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པས་སོ། །ཞེས་དང༌། འཇམ་

p. 556

མགོན་ས་སྐྱ་པཎྜི་ཏས། རྡོ་རྗེ་སློབ་དཔོན་དབང་ཐོབ་ནས། །འཁོར་ལོ་ལྔ་ཡི་དེ་ཉིད་སོགས། །རྣམ་དག་དཀྱིལ་འཁོར་བསྒོམ་པ་དང༌། །དབང་བསྐུར་དང་ནི་རབ་གནས་སོགས། །སློབ་དཔོན་གྱི་ནི་ཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །བླ་ན་མེད་པའི་སྡོམ་པ་སོགས། །རྡོ་རྗེ་སློབ་དཔོན་ཁོ་ནའི་ལས། །ཉིད་ཡིན་གཞན་གྱིས་བྱར་མི་རུང༌། །ཞེས་གསུངས་པ་ལྟ་བུ་ཡིན་ལ། འོ་ན་དེ་ཉིད་བཅུ་པོ་དེ་གང་ཡིན་ཞེ་ན། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟངས་སྟབས་སྔགས་དང་འདུག་སྟངས་དང༌། །བཟླས་བརྗོད་སྦྱིན་སྲེག་གཏོར་མ་དང༌། །ལས་ལ་སྦྱར་དང་སླར་བསྡུའོ། །ཞེས་སློབ་དཔོན་ལ་མཁོ་བའི་དེ་ཉིད་བཅུ་དང༌། རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་གྲུབ་ཆེན་ཌོམྦྷི་པས། གནས་གསུམ་དབང་བསྐུར་གཏོར་མ་ཟློས་གར་དང༌། །ཕྱིར་ཟློག་པ་དང་དཀྱིལ་འཁོར་སྒྲུབ་པ་དང༌། །སྡིག་སྦྱོང་བ་དང་གཤེགས་སུ་གསོལ་བ་སྟེ། །དེ་ཉིད་བཅུ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་ཆོ་གའི་དེ་ཉིད་བཅུ་དང༌། རྒྱུད་འབུམ་ལྔའི་དགོངས་པ་རིན་ཆེན་འབར་བ་ལས། རྡོ་རྗེ་དྲིལ་བུ་ཡེ་ཤེས་དང༌། །ལྷ་དང་དཀྱིལ་འཁོར་སྦྱིན་སྲེག་དང༌། །སྔགས་དང་མདུན་མཆོད་གཏོར་མ་དང༌། །དབང་བསྐུར་དེ་ཉིད་རིག་པ་ཡིས། །ཞེས་དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་དང་ལྡན་པ་ཞིག་དགོས་ཏེ། བཟང་པོ་ཡོངས་བཟུང་ལས། དེ་ཉིད་བཅུ་ཤེས་སློབ་དཔོན་ནི། །རབ་གནས་བྱེད་པར་འོས་པ་ཡིན། །ཞེས་གསུངས། དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་དེ་ཡང༌། རབ་དགེ་སློང༌། འབྲིང་དགེ་ཚུལ། ཐ་མ་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པ་ཞིག་ངེས་པར་དགོས་ཏེ། རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཞེས་བྱ་སྟེ། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས་ཤིང༌། དུས་འཁོར་འགྲེལ་པར། ས་ཐོབ་མ་གཏོགས་ཁྱིམ་པས་ནི། །རྒྱལ་པོའི་བླ་མ་མི་བྱའོ། །ཞེས་དང༌། དེ་ཉིད་ལས། ལྷ་ཁང་སོགས་ཀྱི་རབ་གནས་ནི། རྟགས་ཅན་

p. 557

ཀྱིས་ནི་བྱ་བ་ཉིད། །གནས་གཅིག་དག་ན་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ཅན་གྱིས་མིན། །ཞེས་གསུངས་ཤིང༌། མི་དགོས་ཁ་མེད་ཀྱི་ཡན་ལག་ཏུ་བསྙེན་སྒྲུབ་སྔོན་དུ་སོང་བ་ནི་ངེས་པར་གལ་ཆེ་སྟེ། རྩ་ལྟུང་གི་གཞུང་ལས། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །ཞེས་དང༌། དེའི་དོན་འགྲེལ་ཤེའུ་ལོ་ཙཱ་བ་ཆེན་པོས། མཚན་དུས་གྲངས་བསྙེན་གང་རུང་མ་སོང་བར། །དབང་རབ་ལས་ལ་འཇུག་པ་བདུན་པ་ཡིན། །ཞེས་གསུངས་པ་ལྟ་བུའི་མཚན་ཉིད་དང་ལྡན་པ་ཞིག་དགོས་པ་ལགས། གསུམ་པ་གང་དུ་རབ་ཏུ་གནས་པའི་གནས་བཟང་བ་ནི། དུས་ཀྱི་འཁོར་ལོའི་དབང་མདོར་བསྟན་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །ཞེས་གསུངས་པ་ལྟར། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་ཕྱི་ནང་གི་ཉེར་འཚེ་མེད་ཅིང༌། དམ་ཚིག་ལ་སེལ་མེད་པ་སྣོད་མིན་གྱི་སྐྱེ་བོས་དབེན་པ་ཞིག་དགོས་ཏེ། གསང་བ་སྤྱི་རྒྱུད་ལས། ཚེས་གྲངས་ངན་དང་དུས་མིན་དང༌། །གནས་མིན་ཆོ་ག་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་བྲིའོ། །བྲིས་ན་དོགས་པ་མེད་པར་འཆི། །ཞེས་གསུངས་པའི་གནས་དེར་ས་རྒྱན་གནམ་རྒྱན་སོགས་ཀྱིས་མཛེས་པར་བྱ་དགོས་ཏེ། བཟང་པོ་ཡོངས་བཟུང་ལས། བླ་བྲེ་གདུགས་དཀར་བ་དན་དར། །མང་པོ་རྣམས་ཀྱིས་ཡང་དག་མཛེས། །བདུག་སྤོས་བཏུལ་བའི་དྲི་ཞིམ་པ། །ཡིད་འཕྲོག་པ་ཡིས་རབ་གནས་པར། །ཞེས་གསུངས་པ་ལྟ་བུའི་གནས་སུམ་ཅུ་རྩ་གསུམ་པའི་གནས་ལ་ཅོ་འདྲི་བ་འདི་ལྟ་བུ་མངོན་དུ་གྱུར་པ་ལགས། བཞི་པ་རབ་ཏུ་གནས་པའི་དུས་བཟང་བ་ནི། རབ་དཔྱིད་ཟླ་འབྲིང་པོ་ནག་པ་ཟླ་བ་སངས་རྒྱས་དབང་བསྐུར་བའི་དུས་དང༌། དགུན་ཟླ་འབྲིང་པོ་རྒྱལ་གྱི་ཟླ་བ་འཁོར་ལོས་སྒྱུར་རྒྱལ་གྱི་དུས་གཉིས་ཀྱི་ཡར་ངོའི་གཟའ་ཚེས་འཛོམ་པའི་དུས་ཁྱད་པར་ཅན་ནམ། འབྲིང་ཟླ་བ་གང་རུང་གི་ཡར་ངོའི་གཟའ་ཚེས་དང་ལྡན་པ།

p. 558

ཐ་མ་མར་ངོའི་ཉི་ཤུ་བརྒྱད་ཡན་གང་རུང་གི་གཟའ་སྐར་དུས་སྦྱོར་སོགས་འཛོམ་པའི་དུས་སུ་བྱ་དགོས་ཏེ། རབ་གནས་ཀྱི་རྒྱུད་ལས། དཔྱིད་ཟླ་ར་བ་དཔྱིད་འབྲིང་པོ། །དགུན་ཟླ་དཔྱིད་ཀྱི་ཐ་ཆུང་ངོ༌། །དབྱར་ཟླ་ར་བ་དབྱར་འབྲིང་པོ། །དཀར་པོའི་ཕྱོགས་ཀྱི་གཉིས་པའམ། །ཞེས་སོགས་ཟླ་བ་ཤིས་པ་དང༌། ཟླ་བ། ལྷག་པ། ཕུར་བུ། པ་སངས་ཏེ་གཟའ་ཤིས་པ་དང༌། ཆུ་སྟོད། སྣར་མ། གྲོ་ཞུན། སྦོ། ལག སྣྲོན། སྣུབས། རྒྱལ། ཆུ་སྨད། ཁྲུམས་སྨད་དེ་སྐར་མ་ཤིས་པ་སྟེ་དེ་རྣམས་ཐམས་ཅད་འཛོམ་པའི་དུས་ཉི་མ་བྱང་བགྲོད་ཀྱི་ཟླ་བ་ཡར་ངོའི་དུས་སུ་ཤིན་ཏུ་ཤིས་པ་ཡིན་ཏེ། རབ་གནས་ཀྱི་རྒྱུད་ལས། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་ཤིང༌། ཉི་མ་བྱང་བགྲོད་ཀྱི་ཚེ་དབང་བསྐུར་དང་རབ་གནས་ཤིན་ཏུ་ཤིས་པར་གསུངས་ཏེ། བྱང་ཕྱོགས་ན་ཚེ་དང་དཔལ་འབྱོར་དབང་ཕྱུག་ལ་སོགས་པ་རྒྱས་པར་བྱེད་པའི་གནོད་སྦྱིན་སྟོབས་ཆེན་རྣམས་ཡོད་པས་རྒྱས་པའི་ལས་འགྲུབ་པའི་རྟེན་འབྲེལ་དུ་འགྱུར་བའི་ཕྱིར་ན། དེ་རིང་གི་གནས་སྐབས་སུ་གཟའ་སྐར་སྦྱོར་བྱེད་ཕུན་སུམ་ཚོགས་པ་དང་འགྲིགས་པ་ལགས། ལྔ་པ་རབ་ཏུ་གནས་པར་མཁོ་བའི་ཡོ་བྱད་བཟང་བ་ནི། དཀྱིལ་འཁོར་མཆོད་པའི་ཡོ་བྱད་དང༌། རབ་གནས་ཀྱི་དུས་སུ་དགོས་པའི་ཡོ་བྱད་ཐམས་ཅད་གྱ་ནོམ་ཞིང་ཁྱད་པར་དུ་འཕགས་པ་བྲེལ་བ་མེད་པར་བསགས་ནས་དངོས་གཞིའི་དུས་སུ་གཡེང་བ་ནམ་ཡང་མི་དགོས་པ་བྱ་དགོས་ཏེ། རབ་ཏུ་གནས་པ་ནི་བཀྲ་ཤིས་པའི་ཡན་ལག་ཡིན་པའི་ཕྱིར་ན། འདིར་སྦྱིན་པའི་བདག་པོས་ཡོ་བྱད་ཕུན་སུམ་ཚོགས་པ་འདི་ལྟ་བུ་འགྲིགས་པས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བ་ལགས། དྲུག་པ་རབ་ཏུ་གནས་པའི་ཆོ་ག་བཟང་བ་ནི། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས། རབ་གནས་མདོ་

p. 559

ནས་བཤད་པ་མེད། །འོན་ཀྱང་མཆོད་བསྟོད་བཀྲ་ཤིས་དང༌། །རྒྱལ་པོའི་མངའ་དབུལ་ལྟ་བུ་ལ། །རབ་གནས་ཡིན་ཞེས་སྨྲ་ན་སྨོས། །ཞེས་གསུངས་པ་ལྟར། མདོ་ལུགས་ནས་རབ་གནས་ཀྱི་ཆོ་ག་མ་བཤད་ཅིང༌། གསང་སྔགས་རྡོ་རྗེ་ཐེག་པ་ལས་ནི་རབ་གནས་ཀྱི་ཆོ་ག་ཤིན་ཏུ་རྒྱས་པར་བཤད། དེ་ཡང་རབ་ཏུ་གནས་པ་འདི་བསྟན་པ་དར་ཞིང་རྒྱས་པའི་ཐབས་བླ་ན་མེད་པ་ཡིན་པར་དགོངས་ནས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཀྱང་རྒྱུད་སྡེ་རིན་པོ་ཆེ་དུ་མའི་གསེབ་ཚགས་སུ་གསུངས་པར་མ་ཟད། རབ་གནས་ཀྱི་རྒྱུད་ཆུང་ཟུར་དུ་ཡང་བཀའ་སྩལ་ཞིང༌། དེ་དག་གི་དགོངས་པ་བཀྲལ་བ་སློབ་དཔོན་ཞི་བ་སྙིང་པོའི་མཆོད་རྟེན་སྒྲུབ་པའི་ཆོ་ག་དང་སྐུ་གཟུགས་ཀྱི་རྣམ་དབྱེ་གཉིས། སློབ་དཔོན་དགེ་མཚན་བཤེས་གཉེན་གྱི་ཁྲུས་ཀྱི་ཆོ་ག་དང༌། པྲཛྙཱ་ཝ་ལི་ཏའི་སྤྱན་དབྱེའི་ཆོ་ག སློབ་དཔོན་ཀུན་དགའ་སྙིང་པོའི་རབ་གནས་ཀྱི་ཆོ་ག་སྟེ་རྒྱ་གཞུང་ལྔ་བཞུགས་པ་ཡིན་ལ། དེ་དག་ལ་བརྟེན་ནས་བསྟན་པ་སྔ་དར་གྱི་དུས་སུ་ཡང་བོད་ལ་བཀའ་དྲིན་ཆེ་བ་མཁན་ཆེན་ཞི་བ་འཚོས་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་རབ་ཏུ་གནས་པ་མཛད་པའི་དུས་ཡ་མཚན་གྱི་ལྟས་ཁྱད་པར་ཅན་དུ་མ་བྱུང་ཞིང་རབ་གནས་ཤིན་ཏུ་ལེགས་པས་རང་རེ་ཁ་བ་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཤིང༌། སེམས་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་བར་གྱུར། བསྟན་པ་ཕྱི་དར་ལ་ཇོ་བོ་ཤྲདྡྷཱ་ཀ་རས་རབ་གནས་ཀྱི་གཞུང་ཐམས་ཅད་བོད་དུ་སྤྱན་དྲངས། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དཔོན་སློབ་གཉིས་ཀྱིས་ཐོ་ལྡིང་གསེར་གྱི་ལྷ་ཁང་གི་རབ་གནས་མཛད་ཅིང་ཕྱག་ལེན་གྱི་རྒྱུན་མི་ནུབ་པར་བྱ་བའི་ཕྱིར་སྔར་གྱི་གཞུང་ལྔའི་དགོངས་པ་ཇོ་བོ་ཤྲདྡྷཱའི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་ཇོ་བོ་རིན་ཆེན་བཟང་པོས་སྡོམ་གྱི་ཚིགས་སུ་བཅད་པ་མཛད་ཅིང༌། དེ་

p. 560

དག་གི་དགོངས་པ་ཇི་ལྟ་བ་བཞིན་དུ་འཁྲུལ་པའི་དྲི་མ་ཐམས་ཅད་ཟད་པར་སྤངས་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་རྣལ་འབྱོར་གྱི་རྒྱུད་ལ་བརྟེན་ཅིང༌། རྒྱུད་སྡེ་བཞི་ཆར་ལ་སྦྱར་ཆོག་པ་རབ་གནས་ཀྱི་ཆོ་ག་དོན་གསལ་བ་མཛད་དེ་ལུགས་འདི་ལ་འདི་རབ་གནས་ཀྱི་ཐོག་མ་ཡིན་པས་རྒྱ་གཞུང་ལྟ་བུར་ཁས་བླང་བར་བྱ་བ་ཡིན་ནོ། །དེའི་རྗེས་སུ་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་གསང་བ་འདུས་པ་ལ་སྦྱར་བའི་རབ་གནས་བཀྲ་ཤིས་བརྒྱ་མཚོ། དེའི་དགོངས་པ་བཀྲལ་བ་ཀུན་མཁྱེན་བསོད་ནམས་སེང་གེས་ཀྱེ་རྡོར་ལ་བརྟེན་པའི་རབ་གནས་དགེ་ལེགས་རྒྱ་མཚོ་ཞེས་བྱ་བ་མཛད་པ་དེ་གཉིས་ཀའི་དགོངས་པ་བཀྲལ་བ་ངོར་ཆེན་དཀོན་མཆོག་དཔལ་ལྡན་གྱིས་ཀྱེ་རྡོར་ལ་བརྟེན་པའི་རབ་གནས་དཔལ་འབྱོར་རྒྱ་མཚོ་ཞེས་བྱ་བ་མཛད་དོ། །འདིར་དེ་དག་གི་སྒོ་ནས་རབ་ཏུ་གནས་པ་ལེགས་པར་གྱིས་ཤིང༌། དེ་ལ་རྒྱས་པའི་ལུགས་ཉིན་གསུམ་མ། འབྲིང་ཉིན་གཉིས་མ། ཐ་མ་ཉིན་གང་མ་མཛད་པའི་ཕྱག་ལེན་ལྟར་འདིར་གང་ཡིན་པ་བཤད། དེ་ལ་དངོས་གཞིའི་ཆོ་ག་རྣམས་ལེགས་པར་གྲུབ་ནས་འདིར་མཇུག་གི་སྐབས་ཡིན། དེ་ལ་ཡང༌། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་དེ་དངོས་གྲུབ་བླང༌། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོག་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་བསྡུ་སྦྱིན་སྲེག་མཇུག་དོན་ནི། །ཞེས་པ་ལྟར་དོན་ཚན་བཅུ་གསུམ་ཡོད་པ་ལས། འདིར་ལྔ་པ་ཡོན་བདག་བསྒོ་བའི་སྐབས་སུ་བབས་པ་ཡིན་པས། དེ་ལ་ཁྱེད་ཀྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་འདི་ལྟ་བུ་ཞེས་སྐབས་ཐོབ་སྦྱར་ཏེ། ཁྱད་པར་དུ་འཕགས་པ་འདི་ལྟ་བུ་གྲུབ་པ་འདི་ལ་འཇིག་རྟེན་གྱི་ཁམས་སུ་ཕན་བདེ་རྒྱ་ཆེན་པོ་འབྱུང་བ་དང༌། ཁྱེད་རང་གི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པ་དང༌། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ལྷ་

p. 561

དང་མིའི་མཆོད་པ་དཔག་ཏུ་མེད་པ་ཐོབ་པ་དང༌། ཚེ་འདིར་ཡང་ལོངས་སྤྱོད་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་དུ་ཞག་བདུན་གྱི་བར་མཆོད་པ་རྒྱ་ཆེན་པོ་བྱ་དགོས་ཤིང༌། དེ་ནས་ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པ་འབུལ་དགོས་ཏེ། རབ་གནས་ཀྱི་རྒྱུད་ལས། དེ་བཞིན་དུ་ཡང་སྔགས་གནས་ལས། །ཆོས་ལྡན་མཆོད་པ་བྱེད་པ་དང༌། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་རུ་ནི་མཆོད་པར་འགྱུར། །ཞེས་གསུངས་པ་ལྟར་མཆོད་པའི་ལས་ལ་བརྩོན་པར་མཛོད་ཅིག ཅེས་བརྗོད། དེ་ཙམ་གྱི་བཤད་པ་རྒྱས་པར་མི་ནུས་ན་ས་བཅད་མ་དོར་བའི་ལུང་རྣམས་བཞག་ཀྱང་རུང༌། དྲུག་པ་ཤིས་པ་བརྗོད་པ་ནི། ཡོན་བདག་ལ་ལས་བུམ་ཆུས་གཏོར། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཡོན་བདག་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་བསྐྱེད། ལག་ཏུ་མེ་ཏོག་འཛིན་དུ་བཅུག དེ་ལ་བགེགས་བསྐྲད་པ། རྫས་བརྒྱད་གཏད་པ་རྣམས་དཀྱུས་བཞིན་བརྗོད། ཙཱ་རུའི་བཟའ་བ་ཡོན་བདག བཟོ་བོ་སོགས་ཐམས་ཅད་ལ་དྲང༌། སློབ་དཔོན་གྱིས། བདེ་གཤེགས་ལྷག་མ་འདི་དག་ནི། །ཟོ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་དོ། །སྨྲས་པ། རབ་ཏུ་གནས་པའི་ཡོན་བདག་བསྒོ་བའི་སྐབས། །ལེགས་པར་བཤད་པའི་དགའ་སྟོན་སྤེལ་བའི་ཚུལ། །རབ་གནས་རྒྱུད་དང་བླ་མའི་མན་ངག་ལྟར། །རང་བཟོ་སྤངས་ཏེ་མྱུར་བ་ཉིད་དུ་བྲིས། །བདག་བློ་དམན་ཞིང་སྦྱངས་པ་ཆུང་བའི་ཕྱིར། །མཁས་པ་དགྱེས་པའི་ལེགས་བཤད་མ་མཆིས་མོད། །འོན་ཏེ་དད་ལྡན་སློབ་མས་བསྐུལ་བའི་ངོར། །ཧ་ཅང་རྒྱས་མིན་མདོར་བསྡུས་འདི་སྦྱར་རོ། །ཞེས་པ་འདི་ཡང་བསམ་ཡས་པ་དགེ་སློང་ཀུན་དགའ་ཚུལ་ཁྲིམས་ཀྱིས་བསྐུལ་བའི་ངོར་ན་ཚོད་རྒན་ཡང་བློ་གྲོས་གཞོན་ནུར་གྱུར་པ་ཤཱཀ་བཙུན་ལྷུན་གྲུབ་ཀྱིས་དབེན་གནས་རྨོར་དགོན་པར་སྦྱར་བའི་ཡི་གེ་པ་ནི་སྐལ་བཟང་རྣམ་གྲོལ་ལོ།། །།ཤུ་བྷཾ།། སརྦ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་མཆོག་སྩོལ།

p. 562
p. 563

ཐུགས་རྗེ་ཆེན་པོའི་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ།།

p. 564

རྡོ་རྗེ་འཆང་དབང་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ཚེམ་བུ་པ་དང་བྱང་ཆུབ་འོད། །བྱང་ཆུབ་ཚུལ་ཁྲིམས་བསོད་ནམས་སྙིང་པོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཐུགས་རྗེ་བརྩོན་འགྲུས་རྒྱལ་བ་ཡེ་ཤེས་ཞབས། །གཞོན་ནུ་སེང་གེ་བསོད་ནམས་རྒྱལ་མཚན་དཔལ། །ཐེག་ཆེན་ཆོས་རྗེ་དཔལ་ལྡན་ལེགས་པ་ལ། །གསོལ་བ་འདེབས་སོ་དངོས་གྲུབ༴ །བདག་ཆེན་རྡོ་རྗེ་འཆང་དབང་རྡོ་རིང་པ། །ཚར་ཆེན་རྗེ་དང་འཇམ་དབྱངས་མཁྱེན་བརྩེའི་དབང༌། །བྱམས་པ་སྐལ་བཟང་དབང་ཕྱུག་རབ་བརྟན་ལ། །གསོལ་བ་འདེབས་སོ༴ །བསོད་ནམས་མཆོག་གྲུབ་བསོད་ནམས་རྒྱ་མཚོ་དང༌། །འཇམ་དཔལ་ཆོས་དབང་འཇམ་དཔལ་མཁྱེན་བརྩེའི་ཞབས། །འཇམ་དཔལ་ཚུལ་ཁྲིམས་བློ་གསལ་བསྟན་རྒྱན་ལ། །གསོལ་བ་འདེབས་སོ༴ །མཁས་ཤིང་གྲུབ་བརྙེས་ཡེ་ཤེས་དཔལ་འབྱོར་དང༌། །རིགས་ཀུན་ཁྱབ་བདག་བློ་གསལ་བསྟན་སྐྱོང་སོགས། །སྐྱབས་གནས་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡང་ན། ཐུགས་རྗེ་བརྩོན་འགྲུས་ཀུན་མཁྱེན་འཕགས་པ་འོད། །རྩོད་དུས་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ། །རིན་

p. 565

ཆེན་རྣམ་རྒྱལ་རིན་ཆེན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ༴ །མཁྱེན་རབ་ཆོས་རྗེ་ཀུན་སྤངས་རྡོ་རིང་པ། །ཚར་ཆེན་སོགས་མན་འདྲའོ། །དེ་ལྟར་སྙིང་ནས་གུས་པས་གསོལ་བཏབ་མཐུས། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དང༌། །ལས་འབྲས་བསླུ་མེད་དོན་ལ་ལེགས་བསམས་ནས། །ངེས་འབྱུང་དྲག་པོ་སྐྱེ་བར་བྱིན་གྱིས་རློབས། །བླ་མ་མཆོག་གསུམ་ཐུགས་རྗེས་རྟག་ཏུ་སྐྱོང༌། །སྨོན་འཇུག་བྱང་ཆུབ་སེམས་གཉིས་རྒྱུད་ལ་ཤར། །རྡོར་སེམས་བདུད་རྩིས་སྒྲིབ་གཉིས་ཀུན་སྦྱངས་ནས། །བླ་མའི་བྱིན་རླབས་སྙིང་ལ་འཇུག་པར་ཤོག །འོད་གསལ་ངང་ལས་ཤར་བའི་བསྐྱེད་རིམ་གྱིས། །ང་རྒྱལ་རྣམ་པའི་གསལ་སྣང་རབ་རྫོགས་ཤིང༌། །གྲགས་སྟོང་དབྱེར་མེད་སྔགས་ཀྱི་རྣལ་འབྱོར་དང༌། །ཟབ་གསང་རྡོ་རྗེའི་བཟླས་པ་མཐར་ཕྱིན་ཤོག །འཁོར་འདས་ཆོས་ཀུན་རྩ་བ་རང་གི་སེམས། །མེད་བཞིན་ཅིར་ཡང་འཆར་བ་སྒྱུ་མའི་འཕྲུལ། །བརྗོད་བྲལ་བློ་འདས་ཕྱག་ན་པདྨོའི་ཞབས། །མངོན་སུམ་མཐོང་ནས་འབྲལ་མེད་སྐྱོང་བར་ཤོག །སྤྱོད་ལམ་ཟས་གོས་གཉིད་དང་རྨི་ལམ་སོགས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུར་ཤར། །ཚེ་ཡི་མཐར་ཡང་འཕོ་བའི་རྣལ་འབྱོར་

p. 566

གྱིས། །བདེ་ཆེན་དག་པའི་ཞིང་དུ་བགྲོད་པར་ཤོག །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་འཕགས་མཆོག་སྤྱན་རས་གཟིགས་དབང་གིས། །འབྲལ་བ་མེད་པར་རྟག་ཏུ་རྗེས་བཟུང་ནས། །རང་གཞན་དོན་གཉིས་ཡིད་བཞིན་འགྲུབ་པར་ཤོག །ཅེས་པའང་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའི་མཆོག་སྤྲུལ་ཐམས་ཅད་མཁྱེན་པ་བློ་གསལ་ཞབས་ལས་ཆོས་ཚུལ་འདིའི་བཀའ་དྲིན་ནོས་པའི་ཚེ། རྒྱལ་ཁམས་ཀྱི་བྱ་བྲལ་བ་སྐལ་བཟང་མཁྱེན་བརྩེའི་མིང་གིས་དཔལ་ཞྭ་ལུ་རི་སྦུག་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །གྲུབ་ཆེན་གཉན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གོ་འཕང་བགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །སྲས་བཅས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་པ། །བླ་མ་ཕྱག་ན་པདྨོར་གུས་བཏུད་ནས། །གང་དེའི་རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས། །ཟུང་འཇུག་གོ་འཕང་བགྲོད་པའི་ལམ་བཟང་དབྱེ། །དེ་ལ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས་པའི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཅིག་ཏུ་བསྡུས་པ་ནི་འཕགས་མཆོག་སྤྱན་རས་གཟིགས་འདི་ཉིད་ཡིན་པའི་ཕྱིར། སྤྱིར་རིགས་དྲུག་གིས་བསྡུས་པའི་ཡིད་ཅན་ཐམས་ཅད་དང༌། ལྷག་པར་གངས་ཅན་པའི་འགྲོ་བ་རྣམས་ལ་ཐུགས་རྗེའི་འཇུག་པ་མཚུངས་ཟླས་དབེན་པས་ན། མདོ་རྒྱུད་དང་སྒྲུབ་པའི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས་ཡོངས་སུ་གྲགས་པ་དམར་ཁྲིད་རྣམ་པ་བཞི་ཞེས་གྲགས་པའི་ཡ་གྱལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བོད་ཀྱི་གྲུབ་ཆེན་ཚེམ་བུ་པ་དང་མ་འོད་ལ་དངོས་སུ་གནང་བའི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླང་བའི་ཚུལ་ནི། བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བར་དབང་བཞི་རྫོགས་པར་ཐོབ་ཅིང་ཁྲིད་རིམ་ཟབ་མོས་རྒྱུད་སྨིན་པའི་གང་ཟག་གིས། གཞིའི་གནས་ལུགས་སེམས་ཅན་ཀུན་ལ་ཁྱབ་པར་བཞུགས་པའི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་

p. 567

པའི་མཐའ་ཐམས་ཅད་དང་བྲལ་བ་གློ་བུར་གྱི་དྲི་མས་ནོངས་པར་བྱས་པ་ཉིད་ལམ་ཟབ་མོའི་ཐབས་མཁས་ཀྱིས་སྦྱང་བའི་སླད་དུ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་སྒོ་ནས་འཇུག་པར་བྱ་བ་ལས། དང་པོ་སྔོན་འགྲོ་ལའང༌། ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ཀྱི། དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བའི་སྒོ་ནས། ད་ལན་རྙེད་དཀའ་ཞིང་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་མི་ལུས་འདི་ལྟ་བུ་ཞིག་ཐོབ་ཏུ་ཟིན་ཀྱང༌། སྐྱེས་པའི་མཐའ་འཆི་བ་ལས་འོས་མ་མཆིས་ཤིང༌། ནམ་འཆི་བའི་ཆ་མེད། ཤི་བའི་འོག་ཏུ་ལས་དཀར་ནག་འབའ་ཞིག་གི་རྗེས་སུ་འབྲངས་ནས། མི་དགེ་བའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་བཟོད་པའི་བླགས་མེད། ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཙམ་གྱིས་མཐོ་རིས་གསུམ་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། ད་རེས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཅི་ནས་ཀྱང་ཐར་པ་ཞིག་བྱའོ་སྙམ་དུ་ངེས་འབྱུང་ཤུགས་དྲག་ཏུ་སྐྱེད་བཞིན་པའི་ངང༌། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལའང་བཞི་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། དེ་ལྟ་བུའི་འཁོར་བའི་འཇིགས་པ་ལ་སྐྱབས་དང་ར་མདའ་ཞུ་བའི་འདུན་པས། ས་ཕྱོགས་དང་གནས་ཁང་ཐམས་ཅད་དག་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པར་གསལ་བའི་དབུས་སུ། རང་གི་སྨིན་མཚམས་ཀྱི་ཐད་ཁྲུ་གང་ཙམ་གྱིས་མཐོ་བའི་མདུན་གྱི་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་དར་ཟབ་སྣ་ཚོགས་ཀྱིས་བཀབ་པའི་སྟེང་དུ། སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་དབུས་སུ་རྩ་བའི་བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་བཞི་

p. 568

པའི་རྣམ་པ་ལ།«་་་་་འདི་ལ་བླ་མ་རྡོ་རྗེ་འཆང་གི་རྣམ་པར་བསྒོམ་པ་དང༌། འོད་དཔག་མེད་ཀྱི་རྣམ་པར་བསྒོམ་པའང་རུང་བས་གང་བདེ་བྱའོ། །མཆན།» བརྒྱུད་པའི་བླ་མ་རྣམས་ཀྱང་ཐུགས་རྗེ་ཆེན་པོའི་རྣམ་པས་བསྐོར་བ། ཁྲི་དེའི་མདུན་གྱི་ཆར་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། གཡས་སུ་དུས་གསུམ་གྱི་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམས། རྒྱབ་ཏུ་ཆོས་པུ་སྟི་བྲག་རི་བརྩེགས་པ་ལྟ་བུ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། མཐའ་སྐོར་ཀུན་ཏུ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས་བསམ་གྱིས་མི་ཁྱབ་པ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཆེན་པོར་བཞུགས་པའི་མདུན་དུ་རང་ཉིད། གཡས་གཡོན་དུ་ཕ་མ། མདུན་དུ་གནོད་བྱེད། མཐའ་སྐོར་ཀུན་ཏུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཁྲོམ་ཚོགས་པ་བཞིན་གསལ་བཏབ་སྟེ། བདག་གཞན་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་སྙིང་པོའི་བར་བླ་མ་ལ་འདྲེན་པ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བར་མོས་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཇི་ཙམ་ནུས་པའི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གཉིས་པ་སེམས་བསྐྱེད་ནི། རང་གི་མཐའ་སྐོར་དུ་གནས་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པའི་དྲིན་ཅན་ཤ་སྟག་ཡིན་པས། དེ་ཐམས་ཅད་ལ་དྲིན་གཟོ་བའི་

p. 569

ཚུལ་གྱིས་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། དེའི་ཆེད་དུ་རང་སངས་རྒྱས་ཐོབ་འདོད་ཀྱི་སྨོན་པ་དང༌། ལམ་ཟབ་མོ་ལ་བསླབ་པར་འདོད་པའི་འཇུག་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཀྱི་དོན་ཡིད་ལ་དྲན་བཞིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། མཐར་སྐྱབས་ཡུལ་རྣམས་ལ་མོས་གུས་དུང་པ་བྱས་པས་དེ་ཐམས་ཅད་འོད་དུ་ཞུ་ནས་རང་དང་སེམས་ཅན་རྣམས་ལ་ཐིམ། བདག་གཞན་ཀུན་ཀྱང་ལུས་ཟག་མེད་ཐུགས་རྗེ་ཆེན་པོའི་སྐུ་དང༌། སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར། མཐར་ནམ་མཁའ་ལ་འཇའ་ཡལ་བ་བཞིན་སྟོང་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམས་ལ་གསལ་སྟོང་ཟུང་འཇུག་བརྗོད་བྲལ་གྱི་ངང་དུ་ངལ་བསོ། གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། ལོངས་སྤྱོད་རྫོགས་སྐུའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡབ་ཡུམ་གཉིས་ཀའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་གི་མཐར་ཡི་གེའི་བརྒྱ་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཡབ་ཀྱི་དབུ་གཙུག་ནས་ཞུགས། སྐུ་གང༌། དེ་ནས་དབྱིབས་བརྒྱུད། ཡུམ་

p. 570

གྱི་སྐུ་གང༌། ཡབ་ཡུམ་གཉིས་ཀའི་སྔགས་ཕྲེང་ལས་ཀྱང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། སྦྱོར་མཚམས་ནས་བྱུང༌། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་ལ་སོགས་པའི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་འཐོན་ནས། ཤུལ་ཐམས་ཅད་བདུད་རྩིས་གང་བར་གྱུར་པར་བསམས་ལ། སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔར་གསལ་བའི་ཞལ་ནས་སྔགས་སྒྲ་སྒྲོགས་པར་མོས་པ་དང་བཅས། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་སོགས་ཧེ་རུ་ཀའི་ཡིག་བརྒྱའམ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཅི་ནུས་བཟླ། དེའང་རྟེན་གྱི་སྟོབས་བླ་མ་རྡོ་རྗེ་སེམས་དཔའི་སྤྱན་སྔར། སྔར་བྱས་ཀྱི་སྡིག་པ་ལ་དུག་འཐུང་བ་ལྟ་བུའི་འགྱོད་སེམས་སྐྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་ལྟར་བྱས་པས་རང་རྒྱུད་ཀྱི་སྡིག་པ་དག་ངེས་སྙམ་པ་སོར་ཆུད་པའི་སྟོབས་ཏེ་སྟོབས་བཞིའི་དམིགས་གནད་དང་མ་བྲལ་བར་བྱ། མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ། ཉེས་པ་དང་ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམས་ལ་གནས་ལུགས་བརྗོད་བྲལ་གྱི་ངང་དུ་བཞག བཞི་པ་བླ་མའི་རྣལ་འབྱོར་ནི། རང་གི་མདུན་གྱི་ནམ་མཁར་སེང་གེ་

p. 571

ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བ་ཉི་མའི་གདན་གྱི་སྟེང་དུ་བླ་མ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ་རྣམས་སྤྱན་དྲངས་དབུའི་གཙུག་ཏུ་ཐིམ་པས་བླ་མ་ཀུན་འདུས་སུ་གྱུར། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་སྐུའི་སྟོད་ཀྱི་ཆ་ལ་ཐིམ་པས་ཡི་དམ་ཀུན་འདུས་སུ་གྱུར། དཀོན་མཆོག་གསུམ་པོ་སྤྱན་དྲངས་སྐུའི་བར་གྱི་ཆ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་སུ་གྱུར། མཁའ་འགྲོ་ཆོས་སྲུང་ནོར་ལྷ་རྣམས་སྤྱན་དྲངས་སྐུའི་སྨད་ཀྱི་ཆ་ལ་ཐིམ་པས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་བསམས་ལ་སྐྱབས་གནས་ཀུན་འདུས་བཀའ་དྲིན་མཚུངས་པ་མེད་པར་ཐག་གཅད། ངེས་ཤེས་བསྐྱེད། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་རྒྱུར་བྱས་པ་ལས་བྱུང་བའི་རི་རབ་གླིང་བཞི་ལྷ་མིའི་འདོད་ཡོན་མ་ཚང་བ་མེད་པའི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤྲོས་ཏེ་མཆོད་པར་བསམས་ལ། མཎྜལ་ཚོམ་བུ་སོ་བདུན་མའམ། བདུན་མ་གང་རུང་གི་མ་ཚང་བ་མེད་པ་འདི་ཉིད་ཅེས་པ་ཡན་སྤྱི་ལྟར་ལ། དེ་ནས། དཔལ་ལྡན་བླ་མ་དམ་པ་ཀུན་འདུས་རིན་པོ་ཆེ་ལ་དབུལ་བར་བགྱིའོ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཚར་གྲངས་ཇི་ལྟར་རིགས་པ་དང༌། མོས་གུས་ཀྱི་གདུང་ཤུགས་དྲག་པོས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །

p. 572

དེ་བཞིན་དུ་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་ཧེ་རུ་ཀར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་དང༌། སྤྲོ་ན་རྩ་བའི་བླ་མའི་སྐུ་བསྟོད་གང་ཤེས་ཀྱིས་གསོལ་བ་གདབ། མཐར། བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ཅིར་ཡང་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ལ་གསོལ་བ་འདེབས་སོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་ལམ་དུ་ལོངས་བར་བྱིན་གྱིས་བརླབ་ཏུ་གསོལ། །ལམ་གྱི་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། སྣང་བ་ཆོས་སྐུར་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཆེད་དུ་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང༌། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་ཏེ་དབང་བཞི་ཐོབ། སྒྲིབ་བཞི་སྦྱངས། ལམ་བཞི་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་བཞི་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་བསམས་ལ། སེམས་ཀྱི་གཤིས་སྟོང་ཉིད་དུ་རྗེན་ནེ། གདངས་མོས་གུས་སུ་ལམ་མེ་བའི་ངང་དུ་མཉམ་པར་གཞག་གོ །གཉིས་པ་དངོས་གཞི་ལ་གཉིས་ཏེ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། མཉམ་གཞག་ལས་ལངས་པའི་རྣལ་འབྱོར་རོ། །དང་པོ་ལའང་རྟེན་བསྐྱེད་རིམ། བརྟེན་པ་རྫོགས་རིམ། ལམ་གྱི་ཡན་ལག་འཕོ་བའི་རྣལ་འབྱོར་རོ། །དང་པོ་ལ་དངོས་དང༌། ཞར་བྱུང་བཟླས་པའི་རྣལ་འབྱོར་གཉིས་ཀྱི། དང་པོ་དངོས་ལའང་གཉིས་ལས། དང་པོ་བྱ་བ་ཅན་གྱི་བསྐྱེད་རིམ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ།«་་་་་སྐབས་འདིར་རྒྱས་པར་མངོན་བྱང་ལྔ་བསྐྱེད་ལྟར་སྤྲོ་ན། རང་གི་སྙིང་སྒོ་ང་སྟོང་པ་ལྟ་བུའི་

p. 573

ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ༢་འཁོར་གྱི་སྟེང་དུ་ཡི་གེ༣་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང་བས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཕགས་པ་མཆོད། སོགས་ནས། ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་འད༤བ་མ་བརྒྱད་པ་ཧྲཱིཿས་མཚན་པར་གཅིག་ཏུ་གྱུར། པད་ཟླ་ཕྱག་མཚན་ས་བོན་དང་བཅས་པ་འོད་དུ་ཞུ་བ་ལས། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ཉིད་འཕ༥གས་པ། སོགས་དཀྱུས་བཞིན་ནོ། །མཆན།» ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟར་དཀར་ཞིང་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་ཤེལ་དཀར་གྱི་ཕྲེང་བ་དང༌། གཡོན་གྱི་གཉིས་པས་མེ་ཏོག་པདྨ་དཀར་པོའི་རྩ་བ་ནས་འཛིན་པའི་འདམ་མ་སྙན་གྱི་ཐད་སོར་ཁ་བྱེ་བ། སྤྱན་དཀྱུས་རིང་ཞིང་སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་འགྲོ་བ་ལ་ཐུགས་རྗེའི་སྤྱན་རས་གཟིགས་པ། ཞལ་འཛུམ་ཞིང་རབ་ཏུ་ཞི་བ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང༌། ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། དར་བཟང་པོ་ཁ་དོག་ལྔ་ལྡན་གྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་

p. 574

བའི་འོད་ཀྱི་རྒྱབ་ཡོལ་མངའ་བ་ཅན་དུ་གྱུར་པར་བསམས་པ་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ་རྣམས་གསལ་བཏབ་པ་ནི་གནས་བཞི་བྱིན་གྱིས་བརླབ་པ་ཉེ་བར་སྒྲུབ་པའི་ཡན་ལག་གོ །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་ལ། ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས། རང་ལ་གཉིས་སུ་མེད་པར་ཐིམ། ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རྒྱུད་སྡེ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས། རང་ལ་གཉིས་སུ་མེད་པར་ཐིམ་པས་རང་ཉིད་ཡི་དམ་ཀུན་འདུས་སུ་གྱུར་པར་བསམས་པ་ནི་ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག་གོ །སླར་ཡང་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྩ་བའི་བླ་མ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་གུ་རུ་བཛྲ་དྷ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། དཔལ་ལྡན་བླ་མ་དམ་པས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་འོད་དཔག་མེད་དུ་གྱུར་པའི་ཞལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་སྤྱི་བོར་ཁྱིལ་བ་ལས་པད་ཟླའི་གདན་དུ་གྱུར་པའི་སྟེང་དུ་རྩ་བའི་བླ་མ་ཉིད་རིགས་བདག་གི་ཚུལ་གྱིས་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས་ཏེ་སྤྱི་བོའི་བླ་མ་ལ་ཐིམ་པས་བླ་མ་ཀུན་འདུས་

p. 575

སུ་གྱུར་པར་བསམས་པ་ནི་དབང་བསྐུར་ཞིང་རྒྱས་གདབ་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །དེ་ནས་རང་དང་སྤྱི་བོའི་བླ་མ་ལ་ཐུགས་ཀའི་ཧྲཱིཿཡིག་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །སོགས་ཀྱི་རྡོ་རྗེའི་གླུས་བསྟོད་ཅིང་སླར་ཡང་རང་ལ་ཐིམ་པར་བསམ་མོ། །གཉིས་པ་བྱེད་པ་ཅན་གྱི་བསྐྱེད་རིམ་ནི་སེམས་འཛིན་གྱི་རིམ་པ་སྟེ། དེ་ཡང་ང་རྒྱལ་ལ་སེམས་འཛིན་པ། རྣམ་པ་སྤྱི་ལ་སེམས་འཛིན་པ། བྱེ་བྲག་རྒྱན་མེད་ལ་སེམས་འཛིན་པ། རྒྱན་ཅན་ལ་སེམས་འཛིན་པ་སོགས་རེག་མཐོང་གི་མཚན་མ་བརྟན་པོ་མ་སྐྱེས་ཀྱི་བར་དུ་མན་ངག་ལྟར་ཉམས་སུ་བླངས་ཤིང༌། རྒྱུན་དུ་སེམས་ཉིད་ཀྱི་གཤིས་བརྗོད་བྲལ་བློ་འདས་ཀྱི་ངང་ལས་མ་གཡོས་བཞིན་དུ། རྣམ་པ་ཅིར་སྣང་ཐམས་ཅད་དངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་ལ་རང་བཞིན་མ་གྲུབ་པའི་ལྷ་དང་གཞལ་ཡས་ཁང་དུ་གསལ་བའི་བསྐྱེད་རྫོགས་ཟུང་འཇུག་ལ་སེམས་གཟུང་ངོ༌། །དེས་སྐྱོ་ན་ཞར་བྱུང་བཟླས་པའི་རྣལ་འབྱོར་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོའི་མཐར་ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོགས་བཞིན་པས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་ཡི་གེ་དྲུག་པའི་རྣམ་པར་སྤྱན་དྲངས་ཏེ། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་གསང་སྔགས་ཀུན་འདུས་སུ་གྱུར་པར་བསམ། སྤྱི་བོའི་བླ་མ། རང་ཡི་དམ། སྣོད་བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོར་གསལ་བའི་ཞལ་ནས་མགྲིན་གཅིག་ཏུ་གསུངས་པར་བསམས་ལ། སྒྲ་གྲགས་སྟོང་དབྱེར་མེད་ལ་སེམས་གཏད་དེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཇི་ཙམ་ནུས་པ་

p. 576

བཟླ། མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། ཕྲེང་བ་ཐལ་མོའི་བར་དུ་བཅུག་སྟེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་ཅིང་ཕྲེང་བ་སྤྱི་བོར་འཇོག གཉིས་པ་རྫོགས་རིམ་ལ་མཚན་བཅས་དང༌། མཚན་མེད་གཉིས་ལས། དང་པོ་ལའང་གསུམ་གྱི། རགས་པ་ནི། ལུས་གནད་རྣམ་སྣང་ཆོས་བདུན་ལྡན་པར་བྱས་ལ། རང་ཐུགས་རྗེ་ཆེན་པོར་གསལ་བའི་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦ་སྨྱུག་འབྲིང་པོ་ཙམ། གཡས་སུ་རོ་མ་དམར་མོ་དང༌། གཡོན་དུ་བརྐྱང་མ་དཀར་མོ་གཉིས་གྲོ་སོགས་ཙམ་གྱི་མར་སྣ་ལྟེ་འོག་གི་དབུ་མའི་ནང་དུ་ཚུད་ཅིང༌། ཡར་སྣ་སྤྱི་བོ་ནས་སྦ་གུག་པ་ལྟར་སྣ་བུག་གཉིས་སུ་ཟུག་པར་གསལ་གདབ། གཡོན་གཡས་དབུས་རྣམས་ནས་རླུང་རོ་ལན་གསུམ་རེ་བསལ། རླུང་སྣ་གཡས་གཡོན་གང་ནས་རྒྱུ་ངོས་བཟུང་ལ། ནང་དུ་འཇུག་པའི་ཚེ་ཨོཾ་དཀར་པོ། གནས་པ་ལ་ཨཱཿདམར་པོ། ཕྱིར་འགྲོ་བ་ན་ཧཱུྃ་སྔོན་པོར་དྲན་པར་བྱས་ལ་སེམས་གཟུང༌། ཕྲ་བ་ནི། རླུང་སྔར་བཞིན་ལ། འཇུག་པ་འོད་དཀར་པོ། གནས་པ་དམར་པོ། ཕྱིར་རྒྱུ་བ་སྔོན་པོར་བསྒོམ་པ་དང༌། ཤིན་ཏུ་ཕྲ་བ་ནི། འཇུག་གནས་ལྡང་གསུམ་གྱི་སྒྲ་ཙམ་ཡིད་ཡུལ་དུ་བྱས་ནས་སེམས་བཟུང་སྟེ། རིམ་གྱིས་སྔ་མ་ལ་གོམས་པ་བརྟན་ནས་ཕྱི་མ་ལ་འཇུག་པར་བྱའོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ནི། ཐོག་མར་རྟེན་ཞི་གནས་ལ་གོམས་པར་བྱས། དེ་ནས་བརྟན་པ་ལྷག་མཐོང་གི་ཡེ་ཤེས་ངོ་སྤྲད་དེ། མཐར་ཞི་ལྷག་ཟུང་འཇུག་གི་ངང་དུ་མཉམ་པར་བཞག་པའི་ཚུལ་རྣམས་བླ་མ་ཉམས་མྱོང་དང་ལྡན་པའི་ཞལ་ལས་བླང་བར་བྱ་ཞིང༌།

p. 577

འདིར་བློ་ཅུང་ཟད་འབྱོངས་པས་རྒྱུན་དུ་ཉམས་སུ་བླང་བའི་ཚུལ་ནི། ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས། མིག་གི་གནད་སྨིན་མཚམས་ཀྱི་ཐད་ཀ་མཐོ་གང་ཙམ་གྱི་ནམ་མཁར་མི་འཛུམ་པར་གཏོད། ངག་གནད་རླུང་རྒྱུ་བ་ཉེར་གཅིག་གི་བར་དུ་མ་འཁྲུལ་བར་བགྲངས་ལ་རང་སོར་བཞག སེམས་ཀྱིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་བྱེད་པོ་རང་གི་སེམས་ཡིན་པར་ཐག་བཅད། སེམས་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་སྒྱུ་མ་ལྟར་ཤེས་པས་རང་ཉིད་ལྷ་སྐུ་འཇའ་ཚོན་ལྟ་བུར་གསལ་ལམ་མེ་བ་ཙམ་ཡིད་ཡུལ་དུ་བྱས་ཏེ། དེ་ལས་གཞན་དུ་འདས་པའི་རྣམ་རྟོག་གི་རྗེས་མི་གཅོད། མ་འོངས་པ་སྔུན་མི་བསུ། ད་ལྟའི་ཤེས་པ་སྐད་ཅིག་མ་ལ་རྩིས་གདབ་མི་བྱ་བར་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བའི་གསལ་རིག་རྗེན་ནེ་བའི་ངང་དུ་ལྷོད་ཀྱིས་ཀློད་ལ་བཞག རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན། དེ་ལ་བཟོ་བཅོས་གང་ཡང་མི་བྱ་བར་ཉམས་ལེན་གྱི་རྒྱུན་བསྐྱང༌། དེ་ཡང་དང་པོར་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱི་ཀློད། ཐ་མ་རང་སོ་བཟུང་བའི་ཚུལ་གྱིས་བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླངས་པའི་མཐར། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཐུགས་རྗེ་ཆེན་པོར་གསལ་བ་ཡང་རིམ་གྱིས་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿལ་ཐིམ། དེའང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམས་ལ། གསལ་རིག་འཛིན་མེད་ཀྱི་ངང་དུ་བཞག་གོ །གསུམ་པ་འཕོ་བའི་རྣལ་འབྱོར་སྦྱང་བ་དང་ལས་ལ་སྦྱར་བའི་ཚུལ་དང༌། ཞར་བྱུང་བར་དོའི་རྣལ་འབྱོར་བཅས་ཁྲིད་ཡིག་ལས་ཤེས་པར་བྱའོ། །གཉིས་པ་མཉམ་གཞག་ལས་ལངས་པའི་རྣལ་འབྱོར་ལ་གཉིས་ཏེ། ཁྱད་པར་གྱི་རྣལ་འབྱོར་དྲུག་དང༌། ཐུན་མོང་ཁྱེར་སོ་གསུམ་མོ། །དང་པོ་ལའང་དྲུག་ལས། ཐུན་མཚམས་སྤྱོད་ལམ་གྱི་རྣལ་འབྱོར་ནི།

p. 578

མཉམ་གཞག་འོད་གསལ་བའི་ངང་ལས། སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་བསྔོ་སྨོན་བྱས་ནས་སྤྱོད་ལམ་འཇུག་པའི་ཚེ། སྣོད་ཐམས་ཅད་གཞལ་ཡས་ཁང༌། གདན་པད་ཟླ། བཅུད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བཏབ་ལ་རང་ཀུན་འདུས་རྣམ་གཉིས་སུ་གསལ་བས་ཅིར་སྣང་ལྷ་དང་ཡེ་ཤེས་ཀྱི་རོལ་པར་ལོངས་སྤྱད། བཟའ་བ་ཟས་ཀྱི་རྣལ་འབྱོར་ནི། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་མོས་ནས་ཕུད་ཀྱིས་བླ་མ་མཆོད་པའི་མཐར། རང་ཡི་དམ་ཀུན་འདུས་སུ་གསལ་བས་ཞེན་པ་མེད་པར་རོལ། བགོ་བ་གོས་ཀྱི་རྣལ་འབྱོར་ནི། ཨོཾ་ཨཱཿཧཱུྃ་གིས་ལྷ་རྫས་ཀྱི་གོས་པཉྩ་ལི་ཀར་བསམས་ལ་སྤྱི་བོའི་བླ་མ་ཀུན་འདུས་དང༌། རང་ཡི་དམ་ཀུན་འདུས་ལ་ཕུལ་བར་བསམས་པས་བགོ །ཉལ་བ་གཉིད་ཀྱི་རྣལ་འབྱོར་ལ་མཚན་བཅས་ནི། རང་སེང་གེའི་ཉལ་སྟབས་སུ་འཁོད་པའི་སྙིང་གར་ཐུགས་རྗེ་ཆེན་པོའི་སྐུ་མཐེ་བོང་ཙམ་ཞིག་གསལ་བཏབ་ལ། སྤྱི་བོའི་བླ་མ་ལ་མོས་གུས་བྱས་པས་ཚངས་བུག་ནས་མར་བྱོན། སྙིང་གའི་ཡི་དམ་གྱི་སྤྱི་བོར་བཞུགས་པས་ཡི་དམ་གྱི་འོད་དཀར་པོས་བླ་མ། བླ་མའི་འོད་དམར་པོས་ཡི་དམ། གཉིས་ཀའི་འོད་ཀྱིས་ལུས་ཐམས་ཅད་གསལ་ལམ་མེ་བ་ལ་སེམས་གཏད་དེ། གཉིད་ལོག མཚན་མེད་ནི། སྔར་བཤད་པ་ལྟར་སྣོད་བཅུད་ལྷར་སྣང་དང་བཅས་པ་འོད་གསལ་དུ་བསྡུས་ཏེ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ་ཉལ་བས་གཉིད་ཀྱི་འོད་གསལ་ཟིན་པར་འགྱུར་རོ། །རྨི་ལམ་སྤྲུལ་བསྒྱུར་གྱི་རྣལ་འབྱོར་ནི། ཉིན་སྣང་ཐམས་ཅད་རྨི་ལམ་གྱི་སྐབས་ཡིན་པར་དྲན་པར་བྱས་ཏེ། གཉིད་དུ་འགྲོ་ཁར་ཙོག་པུར་འཁོད་པས། སྤྱི་བོའི་བླ་མ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་གིས་རྨི་ལམ་རྨི་ལམ་དུ་ངོ་

p. 579

ཤེས་ཤིང་སྦྱང་སྤེལ་སྤྲུལ་བསྒྱུར་འབྱོང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། མགྲིན་པར་པདྨ་དམར་པོ་འདབ་བཞིའི་ལྟེ་བར་ཐིག་ལེ་དམར་པོ་སྲན་མ་འབྲིང་པོ་ཙམ་བདེ་གསལ་དུ་གནས་པ་ལ་སེམས་གཏད་དེ། འདི་རྨི་ལམ་རྨི་བ་ཡིན་འདུག་པས་ངོ་ཤེས་པར་བྱས་ཏེ་སྦྱང་སྤེལ་སྤྲུལ་བསྒྱུར་གྱི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་དུ་འཕེན་པ་བཏང་ནས་གཉིད་ལོག་པས་རྨི་ལམ་རྨི་ལམ་དུ་ངོ་ཤེས་པ་འབྱུང་ཞིང༌། དེ་ལ་བརྟེན་ནས་སྦྱང་སྤེལ་སྤྲུལ་བསྒྱུར་སོགས་ལ་རིམ་གྱིས་བསླབ་པར་བྱའོ། །ཐོ་རངས་ལྡང་བའི་རྣལ་འབྱོར་ནི། ནམ་གྱི་ཐོ་རེངས་བརྒྱད་ཆ་ཙམ་ལོན་པ་ན། ནམ་མཁའ་ནས་མཁའ་འགྲོ་སྡེ་ལྔས་ཌ་མ་རུའི་སྒྲ་ཡི་གེ་དྲུག་པའི་གདངས་སུ་བསྒྲགས་པས་བསྐུལ་ཏེ་གཉིད་སད་པར་བསམས་ལ། ལྷར་གསལ་བཞིན་པའམ། འོད་གསལ་གྱི་ངང་ལས་ཟུང་འཇུག་གི་སྐུར་ལམ་གྱིས་ལྡང༌། རྣལ་འབྱོར་གྱི་གྲོགས་སུ་འགྲོ་ན། མདུན་མཁར་བླ་མ་འོད་དཔག་མེད་པའི་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྲུས་མཛད་པར་བསམས་ལ། ཨོཾ་ཨཱཿཧཱུྃ་གིས་ཁྲུས་བྱས་ལ་སྔར་བཞིན་སྐྱབས་འགྲོ་ནས་བརྩམས་ཏེ་ཐུན་བཞིའི་རྣལ་འབྱོར་གྱིས་ཉམས་སུ་བླང་བར་བྱའོ། །གཉིས་པ་ཐུན་མོང་ཁྱེར་སོ་གསུམ་ནི། དུས་དང་གནས་སྐབས་ཀུན་ཏུ་རང་དང་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་སྣང་སྟོང་ཟུང་འཇུག སྒྲ་གྲགས་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་གྲགས་སྟོང་དབྱེར་མེད། ཡིད་ཀྱི་དྲན་རྟོག་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཐུགས་འོད་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རིག་སྟོང་ཟུང་འཇུག་ཆེན་པོར་ལམ་དུ་འཁྱེར་བ་དང་མ་བྲལ་པའི་སྒོ་ནས་ཐ་མལ་གྱི་སྣང་བ་ཐམས་ཅད་ལྷ་དང་ཡེ་ཤེས་སུ་བསྒྱུར་ནས་ཉམས་སུ་བླང་ངོ༌། །གསུམ་པ་རྗེས་ནི། དེ་ལྟ་བུའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པར་

p. 580

བྱའོ། །དེ་ལྟར་རིམ་གཉིས་ཡན་ལག་དང་བཅས་པའི་ལམ་ཟབ་མོ་འདི་རྣམས་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པས་རྩེ་གཅིག་ཏུ་ཉམས་སུ་བླངས་པས། གནས་སྐབས་ཀྱི་འབྲས་བུ་སློབ་པའི་ཟུང་འཇུག་དང༌། མཐར་ཐུག་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ནི་ངེས་པའོ།། །།ཞར་ལ་བསྙེན་པ་བྱེད་ཚུལ་གྱི་ལག་ལེན་ཅུང་ཟད་བཤད་ན། གནས་དབེན་ཞིང་རང་དབང་འདུས་པའི་སར་ཟླ་བ་གང་ཡང་རུང་བའི་མར་ངོའི་གཟའ་སྐར་སྦྱོར་བྱེད་ཤིས་པའི་སྔ་དྲོ་གནས་ཁང་ཕྱག་དར་བྱ། ཐུགས་རྗེ་ཆེན་པོའི་སྐུ་བྲིས་འབུར་ཇི་ལྟར་རིགས་པའི་མདུན་དུ་འབུལ་གཏོར་དཀར་ཟླུམ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། ཕྱི་དྲོའི་ཚེ་ཆ་གསུམ་ཡིད་ཆེས་པ་བཏང༌། གྲུབ་ན་རྒྱལ་ཆེན་ཐོ་འཛུགས་རྨོར་ཆེན་གྱིས་མཛད་པ་ལྟར་བྱ། གང་ལྟར་ཡང་སྒོ་དྲུང་དུ་ཐོ་བརྟན་པོར་གཟུགས། ནང་དུ་ལོག་ལ། བརྒྱུད་འདེབས་ཡན་སྔར་ལྟར་ལ། གནས་དང་ཡོ་བྱད་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང༌། དྷརྨཱ་ར་ཎི་ཏས་བྱིན་དབབ། སྐྱབས་འགྲོ་ནས། སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར། ཅེས་པའི་བར་སྔར་བཞིན་ལ། དེ་ནས་གཏོར་མ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་

p. 581

ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་ཨཱ་ཀཱ་རོ་སོགས་ལན་གསུམ་གྱིས་དབུལ། མཚན་སྔགས་དེ་ཉིད་ཀྱི་མཐར། ཨརྒྷཾ་ནས། ཤབྡའི་བར་སྦྱར་བས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་གསོལ། གཏོར་མ་གཉིས་པ་གཏོང་བར་སྤྲོ་ན་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་གཏང༌། ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ཀྱི་མཐར། བཛྲ་མུཿས། གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་བསྲུང༌། བསྔོ་སྨོན་བཀྲ་ཤིས་བྱ། སླར་སྲོད་ཐུན་ལ་སྐྱབས་འགྲོ་ནས་བཟུང་སྟེ་བསྐྱེད་རིམ་འོད་གསལ་དུ་བསྡུ་བའི་བར་བདག་བསྐྱེད་བཞིན་ཉམས་སུ་བླངས་ལ་ཉལ་ལུགས་རྣམ་གཉིས་གང་རུང་གིས་ཉལ། ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལྡངས་ལ། སྲོད་ཐུན་གྱི་མཇུག་གི་བསྔོ་སྨོན་ཤིས་བརྗོད་སོགས་བྱ། སླར་ཐོར་ཐུན་ལ་བརྒྱུད་འདེབས་དང་སྐྱབས་འགྲོ་

p. 582

ནས་བཟུང་བསྔོ་སྨོན་བར་བྱས་ལ་ཉི་ཤར་ཙམ་ལ་གྲོལ། གཏོར་མ་བརྒྱ་རྩ་སོགས་བྱ། གུང་ཐུན་ལའང་སྐྱབས་འགྲོ་ནས་བསྔོ་སྨོན་བར་བྱས་ལ་ཉིན་གུང་མ་ཟིན་ཙམ་གྲོལ་ནས་ཟས་ཀྱི་རྣལ་འབྱོར་སོགས་ལ་འཇུག དགོང་ཐུན་གྱི་ཐོག་མར་བརྒྱུད་འདེབས་དང༌། གནས་ཡོ་བྱིན་རླབས། མཇུག་ཏུ་གཏོར་མ་འབུལ་བ་སོགས་བཤད་མ་ཐག་པ་ལྟར་བྱ། དེ་ནས་སྲོད་ཐུན་ལ་འཇུག་པ་སྟེ་ཐུན་བཞིའི་ཚུལ་གྱིས་ཉམས་སུ་བླང༌། མཚན་མེད་ཀྱི་རྫོགས་རིམ་ནི་ཐུན་ཐམས་ཅད་ཀྱི་མཇུག་ཏུ་བསྒོམ་ཞིང༌། མཚན་བཅས་རྡོ་རྗེའི་བཟླས་པ་དང༌། འཕོ་བའི་རྣལ་འབྱོར་ཀྱང་ཐུན་གཉིས་ཙམ་གྱི་མཇུག་ཏུ་མ་ཆག་པར་བྱ། དེའང་བསྙེན་པ་ཡུན་རིང་དུ་བྱེད་ན། སྔོན་འགྲོ་སྐྱབས་འགྲོ། ཡིག་བརྒྱ། མཎྜལ་རྣམས་འབུམ་ཐེར་རེའམ། རྟགས་མ་བྱུང་བར་དུ་འབད། དེ་དག་གི་སྐབས་དངོས་གཞི་རྣམས་ཐུན་གྲོལ་ཁར་མ་ཆག་ཙམ་བྱ། བསྙེན་པ་ཟླ་བ་གཅིག་ཏུ་བྱེད་ན་སྔོན་འགྲོ་གསུམ་ཞག་རེ་གཏོང་བས་མཚོན་རིགས་འགྲེ། དངོས་གཞིའི་བསྙེན་པའི་གྲངས་ཚད་ནི་འབུམ་ཕྲག་ཉི་ཤུ་རྩ་བཞི་ཡིན་ལ། གཞན་མཚན་མ་ཐོབ་པ་སོགས་ཀྱི་བར་དུ་བཟླ། མཚམས་གྲོལ་བ་ནི་ཡར་ངོའི་སྔ་ཐུན་གྱི་མཇུག་ཏུ་གྲོལ། སྦྱིན་སྲེག་བྱེད་ན་འདི་ཉིད་ཀྱི་སྦྱིན་སྲེག་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའམ། མཁན་ཆེན་སངས་རྒྱས་ཕུན་ཚོགས་པའི་ཐུགས་རྗེ་ཆེན་པོ་ལྷ་གསུམ་པའི་སྦྱིན་སྲེག་ལ་ལྷ་བསྐྱེད་ཁ་བསྒྱུར་ཏེ་བཅུ་ཆ་སོགས་ཇི་ཙམ་ནུས་པ་དབུལ་ལོ།«་་་་་མ་གྲུབ་ན་སྔགས་ཀྱི་ལྷག་ཆད་ཁ་སྐོང་བའི་ཆེད་དུ་དམིགས་ཏེ་ཡི་གེ་བརྒྱ་པ་སྔགས་ཀྱི་བཅུ་ཆ་བཟླས་པས་ཀྱང་རུང་གསུངས། མཆན།» གཞན་ཐུན་དངོས་དང་ཐུན་སྐབས་ཀྱི་བྱ་བ་སོགས་ཞིབ་པར་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱ། ཡང་རྒྱུན་དུ་ཉམས་ལེན་རྒྱས་པར་མི་འགྲུབ་པས་མདོར་བསྡུས་པ་བྱ་བའི་ཚུལ་ནི། བརྒྱུད་འདེབས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་ཡན་སྔར་ལྟར་ལ། རྡོར་

p. 583

སེམས་དགེ་སྦྱོར་གཞན་གྱི་ཐུན་ལ་ཡོད་ན་མ་བྱས་ཀྱང་བཏུབ། བླ་མའི་རྣལ་འབྱོར་གྱི་མཇུག་ཏུ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ནས། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རང་ལ་ཐིམ་པས་ཡི་དམ་ཀུན་འདུས་སུ་གྱུར། སླར་ཡང་རང་གི་སྙིང་གའི་ཧྲཱིཿལས་ནས། བླ་མ་ཀུན་འདུས་སུ་གྱུར་བར་སྔར་བཞིན་ལ། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སོགས་བཟླས་དམིགས་གསལ་བཏབ་ལ་བཟླས་པ་ཇི་ཙམ་ནུས་པའི་མཐར་བསྐྱེད་རིམ་གྱི་ཉམས་ལེན་དེ་ཀའི་ངང་དུ་སེམས་རང་བབས་སུ་ཀློད་དེ། གཤིས་ཅི་ཡང་མ་ཡིན་པ། གདངས་བདེ་ཆེན་དུ་མ་འགགས་པ། རྩལ་ལྷ་སྐུར་འཆར་བའི་བསྐྱེད་རྫོགས་ཟུང་འཇུག་གི་ངང་དུ་ཇི་ཙམ་གནས་ཀྱི་བར་དུ་བཞག དེ་ནས་འཕོ་བའི་དམིགས་པ་ཇི་ལྟར་རིགས་པ་ཉམས་སུ་བླང༌། འོད་གསལ་གྱི་ངང་དུ་བསྡུས་ལ་ཐུན་མཚམས་ཀྱི་ལྷར་ལྡང༌། བསྔོ་སྨོན་བཀྲ་ཤིས་སོགས་བྱ། ཟས་གོས་གནས་ཁང་གིས་མཚོན་ཅིར་སྣང་ལྷར་གསལ་བས་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། ཉལ་བ་དང་ལྡང་བའི་རྣལ་འབྱོར་སྔར་བཞིན་བྱ། སྣང་གྲགས་རིག་གསུམ་ཐུགས་རྗེ་ཆེན་པོའི་གསང་བ་གསུམ་དུ་ཤེས་པས་དུས་འདའ་བར་བྱའོ། །རྗེ་བཙུན་རྡོ་རྗེ་བཙུན་མོའི་ཞལ་གྱི་ལུང༌། །གྲུབ་པའི་དབང་ཕྱུག་རྒྱ་མཚོའི་ཐུགས་ཀྱི་བཅུད། །ཅུང་ཟད་གསལ་བར་བཀོད་པའི་ལེགས་བྱས་ཀྱིས། །འགྲོ་ཀུན་ཟུང་འཇུག་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ལམ་འདི་ལ་མོས་པའི་དགེ་བའི་བཤེས་གཉེན་ཕན་བདེ་བཟང་པོས་གནང་སྐྱེས་དང་བཅས་བསྐུལ་བས་མཚམས་སྦྱར་ཏེ། ཁྱབ་བདག་རྡོ་རྗེ་སེམས་

p. 584

དཔའ་དང་དབྱེར་མ་མཆིས་པ་དྲན་ལས་སྲིད་ཞིའི་གདུང་སེལ་རྗེ་བཙུན་བླ་མ་བློ་གསལ་ཞབས་སོགས་ཡོངས་འཛིན་དམ་པ་རྣམས་ལས་ཆོས་ཚུལ་འདིའི་བཀའ་དྲིན་མང་དུ་ཐོབ་པའི་རྒྱལ་ཁམས་ཀྱི་བྱ་བྲལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེའི་ཁྲིད་ཡིག་ལ་གཞི་བྱས། དེར་མི་གསལ་བ་རྣམས་ཡིག་ཆ་གཞན་ནས་ཀྱང་ཅུང་ཟད་ཁ་བསྐངས་ཤིང༌། བླ་མ་དམ་པའི་ཞལ་གྱི་བདུད་རྩིས་མཛེས་པར་བྱས་ཏེ། ངག་འདོན་བཀླགས་ཆོག་ཏུ་བགྱིས་པའི་དགེ་བས་འགྲོ་ཀུན་འཕགས་མཆོག་ཕྱག་ན་པདྨའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། ༈ །ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་ཉམས་ལེན་ཤིན་ཏུ་བསྡུས་པ་ཟུང་འཇུག་བདེ་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ འདིར་ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་གདམས་པ་ཟབ་མོ་མདོར་བསྡུས་ཏེ་ཉམས་སུ་བླང་བའི་ཚུལ་ལ་སྔོན་འགྲོ། །དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་སྟེ། ཁྱབ་བདག་རྡོ་རྗེ་འཆང་དབང་ནས་བཟུང་སྟེ། དྲིན་ཆེན་རྩ་བའི་བླ་མའི་བར་བྱོན་པའི། །དམར་ཁྲིད་བརྒྱུད་པའི་བླ་མ་ཐམས་ཅད་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །ངེས་འབྱུང་སྙིང་རྗེ་བྱང་ཆུབ་སེམས་གཉིས་དང༌། །མོས་གུས་བླ་མའི་རྣལ་འབྱོར་མཐར་ཕྱིན་ཞིང༌། །བསྐྱེད་རྫོགས་ཟུང་འཇུག་མྱུར་ལམ་ལ་བརྟེན་ནས། །སྐུ་བཞིའི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །ལན་གསུམ། སྤྲོ་ན་རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས། །ཡབ་

p. 585

ཡུམ་མཉམ་སྦྱོར་ཐུགས་ཀའི་སྔགས་ཕྲེང་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །བདུད་རྩིའི་རྒྱུན་བབས་ནད་གདོན་སྡིག་སྒྲིབ་དག །ཤེས་ན་ཡི་གེ་བརྒྱ་པ་དང༌། མི་ཤེས་ན། ཨོཾ་བཛྲ་སཏྭ་ཨཱཿ ཅི་ནུས་བཟླ། རྡོར་སེམས་འོད་ཞུ་རང་ལ་གཉིས་མེད་ཐིམ། །བླ་མའི་རྣལ་འབྱོར་ནི། རང་མདུན་ནམ་མཁར་སེང་གེས་བཏེག་པ་ཡི། །རིན་ཆེན་ཁྲི་དང་པད་ཟླ་ཉི་མའི་སྟེང༌། །རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་འཆང༌། །སྐུ་མདོག་སྔོན་པོ་རྡོར་དྲིལ་ཐུགས་ཀར་བསྣོལ། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་བླ་མ་ཡི་དམ་མཆོག་གསུམ་དང༌། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །དེ་ནས། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་མཎྜལ་དབུལ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལན་གསུམ། ཞེས་པས་གསོལ་བཏབ་སྤྱི་བོའི་བླ་མ་ཉིད། །བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ། །རང་ལ་ཐིམ་པས་རང་གི་སྒོ་གསུམ་དང༌། །དཔལ་ལྡན་བླ་མའི་གསང་གསུམ་དབྱེར་མེད་གྱུར། །ཅེས་སྤྲོས་བྲལ་གཉུག་མའི་ངང་དུ་མཉམ་པར་བཞག གཉིས་པ་དངོས་གཞི་བསྐྱེད་རྫོགས་ཟུང་འབྲེལ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །པད་ཟླའི་སྟེང་དུ་རང་ཉིད་སྤྱན་རས་གཟིགས། །དཀར་གསལ་ཞི་འཛུམ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་གཡོན་འོག་མས་ཤེལ་ཕྲེང་པད་དཀར་བསྣམས། །མཚན་དཔེའི་དཔལ་འབར་དར་དང་

p. 586

རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ག །ཐུགས་ཀའི་དབུས་སུ་ཟླ་སྟེང་ཧྲཱིཿདཀར་པོ། །དེ་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །ཡི་དམ་ལྷ་ཚོགས་འཁོར་བཅས་སྤྱན་དྲངས་ཐིམ། །རང་ཉིད་ཡི་དམ་ཀུན་འདུས་ངོ་བོར་གྱུར། །སླར་ཡང་འོད་འཕྲོས་རྩ་བའི་བླ་མ་ཉིད། །སྤྱན་དྲངས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་གྱེན་དུ་འཁྱིལ་བའི་དབུས། །བླ་མ་ཀུན་འདུས་མགོན་པོ་འོད་དཔག་མེད། །རིགས་བདག་ཚུལ་དུ་དགེས་བཞིན་བཞུགས་པར་གྱུར། །ཅེས་ལྷར་སྣང་སྒྱུ་མ་ལྟ་བུ་དང་སེམས་ཉིད་མ་བཅོས་པའི་ངོ་བོ་བསྐྱེད་རྫོགས་ཟུང་འཇུག་གི་ངང་དུ་མཉམ་པར་གཞག བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་གྱིས། །སྲས་བཅས་རྒྱལ་བའི་གསུང་གི་བྱིན་རླབས་བསྡུས། །བདག་དང་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་སྐུར། །གསལ་བས་གྲགས་སྟོང་སྔགས་ཀྱི་བཟླས་པ་བྱ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་མཐར། བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས་དབང་གིས། །བདག་སོགས་འགྲོ་ཀུན་བྱིན་གྱིས་བརླབ་ཏུ་གསོལ། །སྣོད་བཅུད་འོད་ཞུ་རང་ཐིམ་འོད་གསལ་དང༌། །ཟུང་འཇུག་ཐུགས་རྗེ་ཆེན་པོའི་རྣམ་པར་གྱུར། །གསུམ་པ་རྗེས་བསྔོ་སྨོན་ཟུང་འབྲེལ་ནི། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །འོད་དཔག་མེད་མགོན་གོ་འཕང་མྱུར་ཐོག་ཤོག །ཅེས་བསྔོ་སྨོན་ཅི་ཤེས་བྱས་ནས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བས་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་འདུས་པ་སྟོང་ཕྲག་ཐམ་པ་ལ་ལམ་འདིའི་བསྐྱེད་རྫོགས་ཐུན་མོང་ཙམ་དུ་བཤད་པའི་སྐབས། བླ་མའི་བྱིན་རླབས་ཀྱིས་བསྐྱངས་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བློ་དམན་རྣམས་ལ་ཕན་པའི་བསམ་པས་ཚར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་གསུང་ཇི་ལྟ་བ་བཞིན་མདོར་བསྡུས་ཏེ་བྲིས་པའི་དགེ་བས་འགྲོ་ཀུན་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་རྒྱུར་གྱུར་ཅིག།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས།

p. 587

ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །སྣང་མཐའ་སྤྱན་རས་གཟིགས་དབང་རཱ་ཧུ་ལ། །མཉམ་མེད་ཇོ་བོ་ནག་ཚོ་ཕྱག་སོར་བ། །ཤེས་རབ་ཚུལ་ཁྲིམས་ཤེས་རབ་རྒྱལ་མཚན་དཔལ། །འཕགས་པ་ལྕེ་སྒོམ་རྣམས་ལ་གསོལ་བ་འདེབས། །གྲུབ་མཆོག་སྐྱེར་སྒང་པ་དང་གཉན་སྟོན་ཆེ། །སངས་རྒྱས་སྟོན་པ་ཤངས་སྟོན་རྒྱལ་མཚན་འབུམ། །བྱམས་དཔལ་སྨོན་ལམ་བསོད་ནམས་རྒྱལ་མཚན་དཔལ། །ཤེས་རབ་བཟང་པོ་རྣམས་ལ་གསོལ་བ་འདེབས། །གཉུག་ལ་པཎ་ཆེན་ངག་དབང་གྲགས་པའི་ཞབས། །ཆོས་གྲགས་རྒྱལ་མཚན་ནམ་མཁའ་དབང་ཕྱུག་དང༌། །སངས་རྒྱས་རྒྱལ་མཚན་ཀུན་དགའ་བསོད་ནམས་དཔལ། །བསོད་ནམས་དབང་ཕྱུག་རྣམས་ལ་གསོལ་བ་འདེབས། །བསོད་ནམས་མཆོག་གྲུབ་བློ་བཟང་རྒྱ་མཚོའི་སྡེ། །དགེ་འདུན་དོན་གྲུབ་བསྟན་འཛིན་འཕྲིན་ལས་དཔལ། །བློ་བཟང་ཆོས་འཛིན་ཕུན་ཚོགས་རྒྱ་མཚོ་དང༌། །བློ་བཟང་དོན་གྲུབ་རྣམས་ལ་གསོལ་བ་འདེབས། །ངག་དབང་བློ་བཟང་སྐལ་བཟང་ཐུབ་བསྟན་རྗེ། །བློ་བཟང་བསྟན་འཛིན་དཀོན་མཆོག་རྒྱལ་མཚན་དཔལ། །འཇམ་པའི་དབྱངས་དངོས་བསྟན་པ་རབ་རྒྱས་དང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྔོན་འགྲོའི་རིམ་པས་རང་རྒྱུད་ལེགས་སྦྱངས་ཤིང༌། །སྒོ་གསུམ་ལྷ་སྔགས་གཉུག་མའི་ཡེ་ཤེས་ངང༌། །མཁའ་ཁྱབ་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །འཕགས་པའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་མགོན་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེའོ།། ༈ །ཐུགས་རྗེ་ཆེན་པོའི་

p. 588

དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཟུང་འཇུག་གྲུབ་སྟེར་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། མཐའ་ཡས་འགྲོ་བའི་མགོན་གཅིག་པུ། །སྤྱན་རས་གཟིགས་ལ་གུས་བཏུད་ནས། །གང་དང་དབྱེར་མེད་སྐྱེར་སྒང་པའི། །ཐུགས་བཅུད་ཟབ་དོན་སྙིང་པོ་བྲི། །འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་སྒོ་དུ་མ་ནས་ཡིད་ལ་བྱེད་པས་མཚམས་སྦྱར་ལ། ཐུན་མོང་མ་ཡིན་པའི་སྔོན་འགྲོའི་དང་པོ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་གསལ་བཏབ་སྟེ་འདུན་པ་རྩེ་གཅིག་པས། བདག་དང་སེམས་ཅན་ཐམས་ཅད་ལེགས་པའི་ལམ་སྟོན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ། །སྐུ་གསུམ་ངོ་བོ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཟབ་ཞི་སྤྲོས་བྲལ་དམ་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སར་གནས་ལམ་ཞུགས་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །འགལ་རྐྱེན་ཀུན་སེལ་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བྱ། གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་དྲན་བཞིན་པས། དེང་ནས་བཟུང་སྟེ་འགྲོ་རྣམས་སངས་རྒྱས་བར། །རང་ཉིད་ཞི་བདེ་སྐད་ཅིག་མེད་པར་ནི། །སྨོན་པ་དང་ནི་འཇུག་པའི་བདག་ཉིད་དུ། །ཉིན་མཚན་དགེ་བའི་ལས་ལ་བསྐུལ་བར་བགྱི། །ཞེས་ལན་གསུམ། བསྡུ་ན་སྐྱབས་སེམས་གཉིས་ཀ སངས་རྒྱས་ཆོས་དང་སོགས་བརྗོད་ཀྱང་རུང༌། གསུམ་པ་མཎྜལ་ནི། དངོས་སུ་བཤམས་པའི་མཎྜལ་རྒྱུར་བྱས་པ་ལས་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་སྣོད་བཅུད་ཀྱི་འབྱོར་པ་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར་སྤྲུལ་ཏེ།

p. 589

ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་གུ་རུ་རཏྣ་མཎྜ་ལ་ཀཾ་ནིརྻ་ཏ་ཡཱ་མི། ཞེས་ཅི་ནུས་དབུལ། མཐར་ཚོགས་ཞིང་རྣམས་རང་ལ་བསྟིམ། བཞི་པ་རྡོར་སེམས་སྒོམ་བཟླས་ནི། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུྃ་དཀར་པོའི་འོད་ཀྱི་འཕྲོ་འདུས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གིས་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས། ལུས་གང༌། སྡིག་སྒྲིབ་དག འོད་ཟེར་ཕྱིར་འཕྲོས། རིགས་དྲུག་གི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པར་མོས་ཏེ་གསལ་སྣང་ལ་མཉམ་པར་གཞག་པ་དང༌། ཡི་གེ་བརྒྱ་པ་བཟླ་བ་ཅི་ནུས་བྱ། མཐར་མི་དམིགས་པར་གཞག ལྔ་པ་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང༌། གཡོན་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་མུ་མེད་པར་འཕྲོ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས། མཆོད་འོས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པར་བསམས། ཡིད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། མོས་

p. 590

གུས་ཀྱི་ཡིད་རྩེ་གཅིག་པས་བརྒྱུད་པའི་གསོལ་འདེབས་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བསྐྱར། མཐར་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རང་བཞིན་ཅན་གྱི་རྒྱུན་བབས། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང༌། སྒོ་གསུམ་གྱི་དྲི་མ་དག སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས་ལ་རང་ངོ་བསྐྱང༌། རྒྱུན་གྱི་རྣལ་འབྱོར་ལ་སྐྱབས་སེམས་ཙམ་གྱིས་རྗེས་དངོས་གཞི་ལ་འཇུག་ཀྱང་དོན་གྲུབ་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གཉིས། མཚན་བཅས་དང༌། མཚན་མེད་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། རང་ཐ་མལ་དུ་གནས་པའི་ལྟེ་བར་ཨ་དཀར་པོ། དེ་འོད་དུ་ཞུ། ལུས་ཀྱི་ནང་གང༌། འོད་ཟེར་ཕྱི་རོལ་ཏུ་འཕྲོས། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ལ་ཐིམ། དེའང་རང་ལ་ཐིམ། རང་ལུས་ཀྱང་མཐའ་ནས་དབུས་སུ་ཡལ་བར་མོས་ཏེ་སྟོང་ཉིད་ཀྱི་ངང་དུ་བཞག་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་ཉིད་གང་དུ་གནས་པའི་ཕྱོགས་བཞི་དང་སྟེང་འོག་ཏུ་ཧྲཱིཿདམར་པོའི་རེ་རེ་འོད་དུ་ཞུ་བ་ལས་འོད་ཟེར་དམར་པོའི་དྲྭ་བ་དང་ཁོར་ཡུག་ཅན་གྱི་གཞལ་ཡས་ཁང་ཆེན་པོའི་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་དབུས་པད་ཟླའི་གདན་ལ་རང་གི་སེམས་ཉིད་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། དེའང་དབུས་ཆེ་བ། གཡས་གཡོན་གཉིས་ཆུང་བ། དེ་

p. 591

རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ་རལ་པའི་ཐོར་ཚུགས་དང་འོད་དཔག་མེད་པའི་དབུ་རྒྱན་ཅན། དབུ་སྐྲ་ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་མུ་ཏིག་གི་ཕྲེང་བ་འདྲེན་ཅིང༌། གཡོན་གཉིས་པས་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གཉིས་པས་རིན་པོ་ཆེའི་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་གཟིགས་པ། གཡོན་དུ་ཇོ་མོ་ཡི་གེ་དྲུག་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། རྒྱན་ཆ་ལུགས་ཕྱག་མཚན་རྣམས་གཙོ་བོ་དང་མཚུངས་པ། པུས་མོ་བཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་བོའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ།

p. 592

ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམས་ལ་ལྷ་སྐུ་སྣང་སྟོང་ཟུང་འཇུག་གི་གསལ་སྣང་ཕྲ་རགས་ལ་ཡུན་རིང་དུ་སེམས་གཟུང༌། དེ་ལ་ཅུང་ཟད་གོམས་པ་བརྟན་པས་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་པར་འདོད་ན་རྒྱས་པར་ཁྲིད་ཡིག་ལས་ཤེས། མདོར་བསྡུ་ན། རང་ཐུགས་རྗེ་ཆེན་པོར་གསལ་བའི་སྐུས་ཞིང་ཁམས་ཐམས་ཅད་ཁྱབ་ཅིང༌། ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས་པར་གསལ་བའི་བ་སྤུའི་ཁུང་བུ་རེ་རེ་ཞིང་ཡང་དག་པའི་ཞིང་མཐའ་ཡས་པ་ན་དུས་གསུམ་ཚད་སྙེད་ཀྱི་སངས་རྒྱས་བྱང་སེམས་རྣམས་བཞུགས་ནས་ལ་ལས་ནི་དམ་པའི་ཆོས་ཀྱི་བགྲོ་བ་མཛད། ལ་ལས་ནི་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་འཆད། ལ་ལས་ནི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་སྟོན་པ་རྣམས་ཀྱང་ཡི་གེ་དྲུག་པའི་སྒྲ་དབྱངས་སྒྲོགས་ཤིང་དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་བྱུང་སྟེ་འགྲོ་དྲུག་གི་སྡིག་སྒྲིབ་བག་ཆགས་མ་ལུས་པ་སྦྱངས། ཀུན་ཀྱང་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་སོང་ནས་ཡི་གེ་དྲུག་མའི་སྔགས་དི་རི་རི་བཟླ་བར་མོས་ཏེ་རྩེ་གཅིག་དམིགས་པའི་ངང་དང་མ་བྲལ་བར་མཉམ་པར་གཞག དེ་ལྟར་བསྒོམས་པས་ཏིང་ངེ་འཛིན་ལ་གསལ་སྣང་ཐོན་པའམ། སྒོམ་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཁ་སྟེང་འོག་ཏུ་ལྟ་བའི་ལྟག་སྤྲོད་གྱེན་ལྟའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེའི་མཐའ་སྐོར་དུ། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་འཁོད་པར་མོས་ལ་རང་ཉིད་ཀྱིས་བཟླས་པ་བྱས་པས། སྔགས་ཀྱིས་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་

p. 593

བྱུང༌། དོན་སྐྱེ་མེད་ཀྱི་ངང་དུ་འཇོག་བཞིན་ཏུ་ཡི་གེ་དྲུག་པ་ཅི་ནུས་སུ་བགྲངས་མཐར། ཐུགས་ཀའི་སྔགས་ཕྲེང་འོད་དུ་ཞུ། ངོ་བོ་ཡིག་འབྲུ་ལ་རྣམ་པ་འོད་ཟེར་གྱི་ཚུལ་གྱིས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་བསམ། སླར་ཡང་སྔགས་ཕྲེང་སྔར་ལྟར་གསལ་བཏབ་ཅིང་བཟླས་པ་དང་འོད་དུ་ཞུ་བའི་དམིགས་པ་སྤེལ་མ་ཇི་ཙམ་ནུས་པ་བྱ། མཐར་གོང་དུ་བཤད་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམས་ལ་བཟླས་པ་ཅི་ནུས་བྱ་སྟེ། ཐུན་འཇོག་པའི་ཚེ། རང་གི་སྙིང་གའི་སྔགས་ཕྲེང་པདྨའི་གདན་ལ་ཐིམ། དེ་ས་བོན་ཧྲཱིཿལ་ཐིམ་པར་བསམ། གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་བཅུད་ཀྱི་སེམས་ཅན་ལ་ཕོག དེ་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག དེ་དག་འོད་དུ་ཞུ། མཐའ་ནས་འདུས་ཏེ་འཁོར་གཉིས་ལ་ཐིམ། དེ་གཉིས་རང་ལ་ཐིམ། རང་ཉིད་ཡས་མར་ནས་ཞུ་ཐུགས་ཀའི་ཧྲཱིཿལ་ཐིམ། དེའང་རིམ་གྱིས་འོད་དུ་ཞུ་ནས་མི་དམིགས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམས་ལ། གནས་ལུགས་མ་བཅོས་པའི་དབྱིངས་སུ་བློ་ལྷོད་ཀྱིས་ཀློད་དེ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་གཞག གསུམ་པ་རྗེས་ཀྱི་རྣལ་འབྱོར་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ནི། ཐུན་དེ་ལས་ལྡང་བ་ན། སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་བསམས་ལ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ། ཐུན་མཚམས་རྣམས་སུ་གནས་ཁང་གཞལ་ཡས་ཁང༌། ཟས་ཡེ་ཤེས་ཀྱི་བདུད་རྩི། གོས་ལྷ་རྫས་ཀྱི་ན་བཟར་

p. 594

བསམས་ལ་ཞེན་པ་མེད་པར་ལོངས་སྤྱད། སྣང་གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་གྱི་ལམ་ཁྱེར་དང༌། བྱང་ཆུབ་སེམས་གཉིས་ཀྱི་རྩིས་ཟིན་པས་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །གཉིས་པ་ནི། ཁྱད་པར་བདེ་སྟོང༌། ཐུན་མོང་བྱང་སེམས། ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་རྣམས་ཏེ། བསྒོམ་པར་འདོད་ན་ཁྲིད་ཡིག་ཏུ་ཤེས། བསྙེན་པ་བྱེད་ན། ཁྲུས་དང་གཙང་སྦྲ་ལ་གནས་པས་ཡི་གེ་དྲུག་པ་འབུམ་ཕྲག་སོ་གཉིས་སམ། ཐ་མའང་འབུམ་ཕྲག་བདུན་བཟླ་བ་གྲངས་བསྙེན། ཟླ་བ་གསུམ་ནས་ཟླ་བ་གཅིག་གི་བར་དུས་བསྙེན། རབ་དངོས་སམ། འབྲིང་ཉམས་སུ་འཕགས་པའི་སྐུ་མཐོང་བ། ཡི་གེ་དྲུག་པའི་སྒྲ་ཐོས་པ། ཐ་མའང་རྨི་ལམ་དུ་དེ་ལྟ་བུའི་རིམ་པ་རྨི་བ་དང༌། གཞན་ཡང་ཁྲུས་བྱས་པ། གོས་དཀར་གྱོན་པ། ཉི་ཟླ་ཤར་བ། མེ་ཏོག་ཀར་པོ་འཐུ་བ། ཤེལ་དཀར་གྱི་ཕྲེང་བ་རྙེད་པ་སོགས་དགེ་བའི་རྟགས་ཅི་རིགས་པ་མཐོང་བ་ནི་མཚན་མའི་བསྙེན་པའོ། །འཇཾམ་དཾབྱངས་ལ་སོགས་ཕྱོགས་བཅུ་ཡི། །འཕགས་རྣམས་དགྱེས་པའི་བཤེས་གཉེན་ཆེ། །མཁྱེན་བརྩེའཾི་དབཾང་པཾོ་སྐྱེར་སྒང་པའི། །ཐུགས་བཅུད་སྙིང་པོའི་མན་ངག་གོ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་ངག་འདོན་སྙིང་པོར་དྲིལ་བའི་ལེའུ་མཚན་ནོ།། མངྒ་ལཾ།། ༈ །སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །སྤྱན་གཟིགས་དཔལ་མོ་དཔལ་བཟང་ཏིང་འཛིན་བཟང༌། །ཇོ་བོ་ཡོལ་སྟོན་རོག་སྟོན་རྩིས་སྟོན་ཞང༌། །གསལ་སྟོན་རྣལ་འབྱོར་སྐྱབས་སེ་སངས་རྒྱས་དབོན། །རིན་བྱང་བསོད་གྲགས་རྒྱལ་སྲས་རྒྱ་མ་བ། །ལོ་གྲགས་བྱང་སེམས་དཀོན་རྒྱལ་སྦས་པའི་རྗེ། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཀུན་སྙིང་ཕྲིན་ལས་

p. 595

རིན་ཆེན་རྒྱ་མཚོ་དཔལ། །མཐའ་ཡས་ཀུན་བཟང་ཚེ་དབང་ནོར་བུའི་སྡེ། །ངག་དབང་རྣམ་རྒྱལ་ཀུན་བཟང་མཐུ་སྟོབས་ཞབས། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་དང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་ནས། །སྐྱེ་མེད་ཨ་ལས་འགག་མེད་ལྷ་ཡི་སྐུ། །སྣང་སྟོང་ཟུང་འཇུག་སྤྲོས་བྲལ་རྣལ་འབྱོར་གྱིས། །སྤྱན་རས་གཟིགས་དབང་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་དཔལ་མོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་མྱུར་ལམ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འཕགས་མཆོག་སྙིང་རྗེའི་ཟླ་བ་ནི། །དད་བརྒྱའི་གཙུག་གིས་རྟག་མཆོད་ནས། །གང་དེའི་རྣལ་འབྱོར་གྲུབ་པའི་ཕུལ། །དཔའ་མོའི་བཞེད་གཞུང་སྙིང་པོ་འབྲི། །འདི་ལ་གཉིས། ཐུན་དངོས་ལ་ཇི་ལྟར་བྱ་བའི་ཚུལ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་སྟེ། སངས་རྒྱས་ཆོས་ཚོགས་སོགས་སྐྱབས་སེམས་དང༌། སྤྲོ་ན། འཕགས་པ་སྤྱན་རས་གཟིགས་དབང་དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སོགས་ཡན་ལག་བདུན་པ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། དངོས་གཞི་ལ་གཉིས། བསྐྱེད་རིམ་དང༌། རྫོགས་རིམ་མོ། །དང་པོ་ནི། རང་ཐ་མལ་དུ་གནས་པའི་སྙིང་གར་ཨ་དཀར་པོ་འོད་ཟེར་འབར་བ། དེ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། གཟུང་བྱའི་ཡུལ་དང་བྲལ་བའི་རང་རིག་པའི་ངོ་བོ་པད་ཟླའི་གདན་ལ་ས་

p. 596

བོན་ཧྲཱིཿདཀར་པོ་ལས་པདྨ་ཧྲཱིཿས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དཀར་པོའི་ཕྲེང་བ་དང༌། གཡོན་འོག་མས་གསེར་གྱི་པདྨ་ཡུ་བ་དང་བཅས་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང༌། རི་དགས་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧྲཱིཿདཀར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སྤྱི་བོར་རིགས་ཀྱི་བདག་པོ་བླ་མ་འོད་དཔག་མེད་པས་བརྒྱན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་གཟུང༌། དེས་སྐྱོ་ན་བཟླས་པ་བྱ་བ་ནི། ཐུགས་ཀའི་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་ཐུགས་རྗེ་ཆེན་པོའི་སྐུ་དང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། ཅེས་དམིགས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ། སེམས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱིས་མནར་བ་ལ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོ་དྲག་ཏུ་བསྐྱེད་ཅིང༌། སྐབས་སུ་ངའི་མ་ཞེས་ངག་ཏུའང་བརྗོད་ལ་སྙིང་རྗེའི་རྩལ་སྦྱང་ངོ༌། །གཉིས་པ་རྫོགས་རིམ་ནི། དེའི་ངང་དུ་བློ་ལྷོད་ཀྱིས་ཀློད་ལ། སྐྱེ་འགག་གནས་གསུམ་གྱི་སྤྲོས་པ་དང་བྲལ་བའི་གནས་ལུགས་མ་བཅོས་པའི་དབྱིངས་སུ་མཉམ་པར་གཞག གསུམ་པ་རྗེས་ནི།

p. 597

ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ནི། ཟས་ཟ་བ། གོས་གྱོན་པ། སྟན་ལ་འདུག་པ། ཉལ་བ་དང་ལྡང་བ་སོགས་ཀྱི་གནས་སྐབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མ་བྲལ་བ་ལ་བསླབ། ཚེ་འདིར་འབྲས་བུ་མངོན་དུ་མ་གྱུར་ན། འཆི་ཁར་འཚང་རྒྱ་བ་འཕོ་བའི་རྣལ་འབྱོར་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་རིག་པའི་ངོ་བོ་ཨ་དཀར་པོ་ལ་ཐིམ། ངག་ཏུ་ཨ་ཨ་ཞེས་བརྗོད་པའི་མཐར་ཨ་དེའང་ནམ་མཁའི་འཇའ་ཡལ་བ་ལྟར་བསམས་ལ་དབྱིངས་རིག་བསྲེ། འཕོ་བ་མ་ཐེབས་པར་བར་དོ་འཆར་ན། སྣང་གྲགས་རྟོག་གསུམ་འཕགས་པ་ཐུགས་རྗེ་ཆེན་པོའི་གསང་བ་གསུམ་གྱི་ངོ་བོར་ཤེས་པར་བྱས་ལ་མཉམ་པར་བཞག་པས་ལམ་གྱི་འཕྲོ་མཐུད་དེ་གྲོལ་བ་ཐོབ་པར་འགྱུར་བ་ནི་ངེས་པའོ། །འཇམ་དབྱངས་ལ་སོགས་ཕྱོགས་བཅུ་ཡི། །སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་དངོས། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི། །རྣལ་འབྱོར་ཟབ་མོ་འཇུག་བདེའི་ཕུལ། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་དཔལ་མོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་པའི་ལེའུ་མཚན་ནོ།། ༈ །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་གངས་ཅན་ལྷ་གཅིག་སྲོང་བཙན་དང༌། །རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །ཟབ་གཏེར་སྒོ་འབྱེད་གྲུབ་ཐོབ་དངོས་གྲུབ་དང༌། །གཏེར་ཆེན་མྱང་

p. 598

རལ་ཉི་མ་འོད་ཟེར་ཞབས། །མི་བསྐྱོད་རྡོ་རྗེའི་ལྕེ་བཙུན་ཤཱཀ་བཟང་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །ལྷ་རྗེ་དགེ་འབུམ་ལྕམ་མོ་ཡེ་ཤེས་མཆོག །གྲུབ་ཐོབ་ཆུ་སྒོམ་མཐའ་བཞི་བྱ་བྲལ་བ། །འཇམ་དབྱངས་ཚུལ་ཆེན་བཀྲ་ཤིས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །དྲིན་ཅན་སྐུ་འབུམ་པ་དང་ནོར་བཟང་མཚན། །བཟང་པོ་རྒྱལ་མཚན་དཔལ་ལྡན་སངས་རྒྱས་དང༌། །ངག་དབང་གྲགས་པ་ཤེས་རབ་དཔལ་འབྱོར་ལ། །གསོལ་བ་འདེབས་སོ༴ ཀུན་དགའ་གྲོལ་མཆོག་སྣ་ཚོགས་རང་གྲོལ་ཞབས། །བསྟན་འཛིན་གྲགས་པ་མདོ་སྔགས་བསྟན་འཛིན་བཟང༌། །དམ་ཆོས་བཟང་པོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ༴ ཁ་སྐོང་ནི། གཏེར་བདག་གླིང་པ་དྷརྨ་ཤྲཱི་དང༌། །རིན་ཆེན་རྣམ་རྒྱལ་འགྱུར་མེད་དོན་ལྡན་ཞབས། །ཕྲིན་ལས་རྣམ་རྒྱལ་ཆོས་ཀྱི་སྒྲོན་མ་ལ། །གསོལ་བ་འདེབས་སོ༴ ཞེས་སོ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང༌། །དངོས་གྲུབ་མཆོག་སྩོལ་འཕགས་མཆོག་སྤྱན་རས་གཟིགས། །ཆོས་བདག་ཡེ་ཤེས་མཁའ་འགྲོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །སྔོན་འགྲོས་རྒྱུད་འབྱོངས་དབང་བཞིས་ལེགས་སྨིན་ནས། །སྣང་གྲགས་འགྱུ་བ་ལྷ་སྔགས་འོད་གསལ་གྱིས། །རྒྱས་བཏབ་ཟབ་ལམ་གནད་ཀྱིས་སྒོ་གསུམ་དྲི། །ཡོངས་བྱང་སྐུ་གསུམ་སྙིང་པོའི་དོན་རྟོགས་ཤོག །ཅེས་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་དབང་དང་སྐུ་གསུམ་སྙིང་པོའི་དོན་ཁྲིད་དང་བཅས་པའི་བརྒྱུད་འདེབས་འདི་ནི་སྒྲུབ་ཆེན་ཆོས་མཛད་ཀྱི་གསུང་ངོར་དྷརྨ་ཤྲཱིས་སོ། །སླར་ཡང་བརྒྱུད་པའི་ཞལ་སྐོང་ཤློ་ཀ་གཅིག་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྒྱལ་པོ་ལུགས་ཀྱི་ཉམས་ལེན་

p. 599

སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་སྲོལ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། སྲས་བཅས་རྒྱལ་བའི་ཐུགས་རྗེའི་དངོས། །སྤྱན་རས་གཟིགས་དབང་ལ་བཏུད་ནས། །གང་དེའི་རྣལ་འབྱོར་ཟབ་མོའི་ཕུལ། །འཕགས་པ་དགྱེས་པའི་ལམ་སྲོལ་འབྲི། །འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་མོང་དང༌། ཁྱད་པར་རོ། །དང་པོ་ནི། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། བདག་གིས་ད་རེས་རྙེད་དཀའ་ལ་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་རྟེན་བཟང་པོ་འདི་ལྟ་བུ་ཐོབ་པའི་སྐབས་སུ་སྙིང་པོ་ལེན་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཞིག་ལ་འབད་དགོས། དེའང་ད་ལྟ་རང་མ་འབད་ན་དོ་ནུབ་ཙམ་དུའང་མི་འཆི་བའི་གདིང་མེད། ཤི་བའི་འོག་ཏུ་ལས་ཀྱི་གཞན་དབང་འབའ་ཞིག་གི་རྗེས་སུ་འབྲངས་ཏེ། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་རང་གཞན་སེམས་ཅན་ཐམས་ཅད་ཅི་ནས་ཀྱང་ཐར་པ་ཞིག་བྱ། དེའི་ཆེད་དུ་ལམ་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་པའི་བློས། གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་གཉིས། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པའོ། །དང་པོ་ནི། མདུན་མཁའ་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་ནང་དུ་ཁྲི་སྟན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རྩ་བའི་བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་པ་ལ་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་

p. 600

རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་ཅི་ནུས་བརྗོད། གཉིས་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེའི་བློ་སྨོན་འཇུག་གི་སེམས་བསྐྱེད་པའི་དོན་ཡིད་ལ་དྲན་བཞིན་ཏུ། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ ཞེས་པས་སེམས་བསྐྱེད། དེ་ནས་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་དག་པའི་ཞིང་དུ་སོང༌། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ། གསུང་བཟླས་པ། ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །དེ་རེ་རེ་ལའང་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང༌། དངོས་གཞི་སོ་སོའི་རྣལ་འབྱོར། མཐར་འཕོ་བའི་རྣལ་འབྱོར་བཅས་ཀྱི་སྒོ་ནས་སྟོན་པ་ལས། སྔོན་འགྲོ་ཐུན་མོང་མ་ཡིན་པ་ནི་སྒོ་གསུམ་གྱི་མི་དགེ་བ་བཅུ་སྤངས་ཤིང༌། དེའི་གཉེན་པོར་དགེ་བ་བཅུ་ཅི་ནུས་བསྒྲུབ་པ་སྟེ། ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་གངས་ཅན་པ་རྣམས་དགེ་བ་བཅུའི་ཁྲིམས་ལ་བཀོད་པ་དང་རྗེས་སུ་མཐུན་པ་ཡིན་ལ། འཕོ་བའི་རྣལ་འབྱོར་ནི་འོག་ཏུ་བསྡོམས་ཏེ་བརྗོད་པ་ལས་ཤེས་པར་འགྱུར་བའི་ཕྱིར། འདིར་དངོས་གཞིའི་རྣལ་འབྱོར་རྣམས་སྟན་ཐོག་གཅིག་ཏུ་སྦྲེལ་ཏེ་བསྒོམ་པའི་ཚུལ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བ་དང༌། མ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་སེམས་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་ལ་འཚེར་བ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། དར་དང་

p. 601

རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར་ཞིང༌། ལྷག་མ་གཉིས་བགྲང་ཕྲེང་དང༌། པདྨ་དཀར་པོའི་སྡོང་བུ་འཛིན་པ། ཞབས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་ཤིང༌། སྣང་ལ་རང་བཞིན་མེད་པའི་སྐུར་གྱུར་པར་བསམ། འདི་ནི་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་གསུང་ཡི་གེ་དྲུག་པའི་སྒྲུབ་ཐབས་ཇི་ལྟ་བ་བཞིན་བཀོད་པ་ཡིན་ལ། ཁྲིད་ཡིག་ཕྱི་མའི་དགོངས་པ་ལྟར། སྐད་ཅིག་དྲན་རྫོགས་སུ་བསྐྱེད་པར་གསུངས་པ་ལྟར་བསྒོམས་ཀྱང་རུང་ངོ༌། །དེ་ནས་སྤྲོ་ན། རང་གི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་ཨཱཿདམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུྃ་སྔོན་པོ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ལ་ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པས་མཆོད་པའི་སྤྲིན་ཕུང་ནམ་མཁའ་གང་བར་སྤྲོས་ལ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིག་ལྔའི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར།

p. 602

སྐུ་གང༌། དྲི་མ་དག ཆུའི་ལྷག་མ་གྱེན་དུ་འཁྱིལ་པ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་བསམ། མི་སྤྲོ་ན་ཁྲིད་ཡིག་རྩ་བའི་དགོངས་པ་ལྟར་བདག་ཉིད་དམ་ཚིག་པར་གསལ་བ་ཉིད། དམ་ཡེ་གདོད་ནས་དབྱེར་མེད་དུ་ཤེས་པས་སེམས་བཟུང་ཡང་རུང་ངོ༌། །གང་ལྟར་ཡང་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་འཇའ་ཚོན་ལྟ་བུ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་གསལ་སྣང་མ་སྐྱེས་པར་བསྒོམ་པ་ནི་སྐུ་བསྐྱེད་རིམ་གྱི་རྣལ་འབྱོར་རོ། །དེ་ནས་སྐྱོ་ན་བཟླས་པ་བྱ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས། རང་གི་སྙིང་ག་ནས་ཡེ་ཤེས་པ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། བདག་གི་སྔགས་ཕྲེང་ལས་སྔགས་ཕྲེང་འོད་ཟེར་དང་བཅས་པ་འཕྲོས། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕོག་པས། སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། དེ་ལྟ་བུའི་སྤྲོ་བསྡུ་དང་བཅས། ངག་གྲགས་སྟོང་དབྱེར་མེད་གདོད་ནས་རྣམ་པར་དག་པའི་ལྷའི་གསུང་ཡིན་པར་ངེས་པའི་བློས། བརྟན་གཡོའི་སྒྲ་སྐད་ཐམས་ཅད་ཡི་གེ་དྲུག་པའི་རང་སྒྲར་མོས་པ་རྩེ་གཅིག་པས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། བསྐྱེད་རིམ་བསྡུས་པའི་སྐབས་དམིགས་པ་འོག་མ་ཁོ་ནས་བཟླས་པས་རུང་སྟེ་གསུང་བཟླས་པའི་རྣལ་འབྱོར་རོ། །དེ་ནས། མདུན་གྱི་ཡེ་ཤེས་པ་རང་ལ་ཐིམ་པར་བསམས་ལ། ལུས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པར་བྱ། མིག་བར་སྣང་དུ་ཧར་རེ་བལྟ། ངག་རླུང་རྒྱུ་བ་རང་སོར་གཞག སེམས་ཀྱིས་ལྷ་སྔགས་ཀྱིས་མཚོན་པའི་སྣང་ཆ་ཐམས་ཅད་ཙམ་ནས་རང་བཞིན་གྱིས་མ་གྲུབ་པ་རང་གི་སེམས་ཀྱི་རྣམ་རོལ་ཙམ་དུ་ཐག་བཅད་དེ། དེའི་རང་ངོ་ལ་ཆེར་རེ་བལྟས་པས། སྐྱེ་འགག་གནས་གསུམ་དང་བྲལ་བའི་རིག་སྟོང་འཛིན་མེད་ཀྱི་ཡེ་ཤེས་

p. 603

ངང་གིས་འཆར་བའི་དབྱིངས་སུ་བློ་ལྷོད་ཀྱིས་ཀློད་ནས་མཉམ་པར་གཞག གལ་ཏེ་རྣམ་པར་རྟོག་པའི་ཚོགས་སྐྱེས་ན། དེའི་དབང་དུ་མི་བཏང་བར་ཡེངས་མེད་འཛིན་མེད་ཀྱི་རང་ཞལ་བསྐྱང་བ་ནི་ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །ཐུན་བསྡུ་བའི་ཚེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ས་བོན་ཧྲཱིཿཡིག་གི་བར་དུ་ཐིམ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམས་ལ་ཅི་གནས་སུ་གཞག དེ་ལས་ལྡང་བ་ན། སླར་ཡང་རང་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །འཕོ་བའི་རྣལ་འབྱོར་ནི། དངོས་གཞིའི་ཉམས་ལེན་གྱི་བཟླས་པའི་མཇུག་ཏུ་བྱེད་ན། སྔགས་ཕྲེང་སོགས་མི་དམིགས་པར་བཞག་སྟེ་བསྒོམས་པས་ཆོག སྐབས་གཞན་དུ་བྱེད་ན། སྐྱབས་སེམས་སྔོན་དུ་འགྲོ་བས་རང་སྐད་ཅིག་གིས་ལྷར་གསལ་གདབ། གང་ལྟར་ཡང༌། རང་གི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་གི་རྣམ་པ། ཡར་སྣ་ཚངས་བུག་ཏུ་རྒྱ་མཐོངས་ཁ་བྱེ་བ་ལྟ་བུར་ཐལ་ལེར་ཟུག་ཅིང༌། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཟུམ་པ། སྙིང་གར་རང་གི་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཚོན་གང་པ་འོད་ཀྱི་གོང་བུ་ཅན། སྤྱི་བོའི་ནམ་མཁར་བླ་མ་འོད་དཔག་མེད་འཁོར་དང་བཅས་པ་གསལ་བཏབ། མོས་གུས་དུང་པ་བྱས་པས་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང༌། ཡེ་ཤེས་སེམས་དཔའ་ལ་རེག་པས་དབུ་མའི་ལམ་ནས་སྐར་མདའ་འཕངས་པ་ལྟར་དྲངས། ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམས་ལ་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག ཡང་མར་བབས་ནས་སྔར་བཞིན་དུ་འཁོད་པར་མོས།

p. 604

དེ་ལྟ་བུའི་དམིགས་པ་ལན་ཇི་ལྟར་རིགས་པའི་མཐར། འོད་དཔག་མེད་འཇའ་འོད་ཀྱི་ལམ་ནས་བདེ་བ་ཅན་དུ་གཤེགས་པར་མོས་ལ། རང་ཉིད་ལྷ་སྐུའི་སྣང་ཆའང་མི་དམིགས་པར་སྦྱངས་ཏེ་གནས་ལུགས་ཀྱི་ངང་དུ་བློ་གཞག ཐུན་མཚམས་ཀྱི་ལྷར་སྡང་བ་སོགས་བྱའོ། །འདི་ནི་སྐུ་ཁྲིད་དང་འབྲེལ་བར་ཡུངས་འབྲུའི་ཚུལ་དུ་འཕོ་བ་ཞེས་པའི་དམིགས་རིམ་ཡིན་ལ། གསུང་ཡིག་འབྲུའི་ཚུལ་དུ་འཕོ་བ་ནི། གཞན་གོང་དང་འདྲ་བ་ལ། ཡེ་ཤེས་སེམས་དཔའི་མལ་དུ་ལྟེ་བར་ས་བོན་ཧྲཱིཿཡིག་བསྒོམ་པ་དང༌། ཐུགས་འོད་གསལ་དུ་འཕོ་བ་ནི། འཁོར་གསུམ་གྱི་མཚན་མ་མི་དམིགས་པའི་འོད་གསལ་བསམ་གྱིས་མི་ཁྱབ་པའི་ངང་དུ་བློ་འཇོག་པ་སྟེ། གསུམ་ཀ་འབྲེལ་བར་བྱེད་ན་ཡེ་ཤེས་སེམས་དཔའི་ཐུགས་ཀར་ས་བོན་ཧྲཱིཿཡིག་གིས་མཚན་པར་བསྒོམས་ནས་འཕོ་བ་དང༌། འོད་གསལ་གྱི་འཕོ་བ་རྒྱས་འདེབས་ཀྱི་ཚུལ་དུ་ཉམས་སུ་བླངས་པས་དོན་གྲུབ་པ་ཡིན་ནོ། །གསུམ་པ་ལ་གཉིས། ཉིན་མོ་དང༌། མཚན་མོའི་རྣལ་འབྱོར་རོ། །དང་པོ་ནི། འདི་ལྟར་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་འཕགས་པའི་སྐུ་གསུང་ཐུགས་སུ་གསལ་བཏབ་པ་ཡང་སྣང་བ་ལམ་དུ་ཁྱེར་བ་དང༌། དེ་རྣམས་ཀྱང་ཡེ་ནས་འཕགས་པའི་གསང་བ་གསུམ་གྱི་རང་བཞིན་དུ་རྣམ་པར་དག་གོ་སྙམ་དུ་ངེས་ཤེས་བསྐྱེད་པ་ནི་མར་དག་པའི་སྣང་བ་སྦྱང་བའོ། །གཉིས་པ་ནི། གཉིད་དུ་འགྲོ་བ་ལ། རང་ཐུགས་རྗེ་ཆེན་པོར་གསལ་བཞིན་པའི་ཐུགས་ཀར་བླ་མ་ཐུགས་རྗེ་ཆེན་པོའི་རྣམ་པར་བསྒོམས་པའི་གསལ་སྣང་ལ་སེམས་བཟུང་བས་རྨི་ལམ་ཟིན་པར་འགྱུར་ཞིང༌། ལྷར་སྣང་འོད་གསལ་དུ་བསྡུས་པའི་ངང་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག་པས་འོད་གསལ་ཟིན་པར་འགྱུར་རོ། །གཞན་ཡང་གནས་ཁང་གཞལ་ཡས་ཁང༌། ཟས་ཡེ་ཤེས་ཀྱི་བདུད་རྩི། གོས་

p. 605

ལྷ་རྫས་ཀྱི་ན་བཟར་བསམས་ལ་ལྷ་མཆོད་པའི་བསམ་པས་ཞེན་པ་མེད་པར་ལོངས་སྤྱད། རྣམ་པ་ཀུན་ཏུ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བས་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །འཇཾམ་པའི་དབྱངཾས་སོགས་དཔའ་རྣམས་ཀྱི། །མཁྱེནཾ་བརྩེའིཾ་འཇུག་པ་གཅིག་བསྡུས་པའི། །གངས་ཅན་ལྷ་གཅིག་སྲོང་བཙན་རྗེའི། །ཐུགས་བཅུད་ཟབ་དོན་སྙིང་པོའོ། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་རྩ་བའི་གཞུང་དང༌། ཁྲིད་ཡིག་ཕྱི་མ་དག་གི་དགོངས་པ་ཕྱོགས་གཅིག་ཏུ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།། ༈ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །སྤྱན་གཟིགས་ཟླ་རྒྱལ་སྐྱི་ཚ་དབུ་དཀར་བ། །མྱ་ངན་མེད་དཔལ་རིན་འོད་འབྲུ་སྒྲ་གནུབ། །རྒྱལ་སྲས་རྒྱ་མ་བ་དང་ལོ་ཙཱ་བ། །རྒྱལ་གྲགས་བྱང་སེམས་དཀོན་རྒྱལ་སྦས་པའི་རྗེ། །འཇམ་མགོན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཀུན་སྙིང་ཕྲིན་ལས་རིན་ཆེན་རྒྱ་མཚོ་དཔལ། །མཐའ་ཡས་ཀུན་བཟང་ཚེ་དབང་ནོར་བུའི་སྡེ། །ངག་དབང་རྣམ་རྒྱལ་ཀུན་བཟང་མཐུ་སྟོབས་ཞབས། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་དང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཆོག་གསུམ་སྐྱབས་གསོལ་བྱང་ཆུབ་སེམས་གཉིས་བསྐྱེད། །ཅིར་སྣང་ལྷ་དང་སྟོང་ཉིད་སྙིང་རྗེའི་ངང༌། །མཉམ་རྗེས་ཀུན་ཏུ་ལམ་ཁྱེར་རྣལ་འབྱོར་གྱིས། །འཕགས་མཆོག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ།། ༈ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གསེང་ལམ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། སྙིང་རྗེའི་དབང་ཕྱུག་འཇིག་རྟེན་མགོན། །

p. 606

མི་ཕྱེད་གུས་པས་མཆོད་བྱས་ནས། །འཕགས་མཆོག་ཟླ་བ་རྒྱལ་མཚན་གྱི། །ཐུགས་བཅུད་ཟབ་དོན་སྙིང་པོ་འབྲི། །འདི་ལ་གཉིས། མཉམ་གཞག་གི་རྣལ་འབྱོར་དང༌། རྗེས་ཐོབ་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་ལ། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་ཅི་ནུས་རྒྱུད་དང་འདྲེ་ངེས་བྱ། སྤྲོ་ན་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པ་དང༌། ཚད་མེད་བཞི་བསྒོམ། གཉིས་པ་ལ་གཉིས། བསྐྱེད་རིམ་དང༌། རྫོགས་རིམ་མོ། །དང་པོ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་དུ་རང་སེམས་ཧྲཱིཿདཀར་པོ་ལས་པདྨ་འདབ་བརྒྱད་གསེར་བཙོ་མ་ལྟར་འབར་བ་ཟེའུ་འབྲུར་ཧྲཱིཿཡིག་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དཀར་པོའི་ཕྲེང་བ་དང༌། གཡོན་འོག་མས་གསེར་གྱི་པདྨ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རི་དྭགས་ཀྲྀཎྜ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རི་པོ་ཏ་ལ་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དབང་ལྷ་རིགས་ལྔ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རང་ལ་ཐིམ། རིགས་ལྔས་དབང་བསྐུར་བས། དབང་རྟགས་སུ་བླ་མ་འོད་དཔག་མེད་པས་དབུར་བརྒྱན། ཅེས་ཡན་ལག་བཞི་རྫོགས་ཀྱི་ཚུལ་གྱིས་ལྷའི་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུར་ཤར་བའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་གཟུང༌། མཐར་བཟླས་པ་བྱ་བ་ནི། རང་གི་སྙིང་གར་

p. 607

པདྨ་དང་ཟླ་བའི་གདན་གྱི་དབུས་སུ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཅེས་གསལ་བཏབ་ལ་སྔགས་ཕྲེང་ལ་ཡིད་གཏད་དེ་ཀློག་པའི་ཚུལ་གྱིས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ། སྐབས་སུ་སྙིང་གའི་སྔགས་ཕྲེང་ལས་ཐུགས་རྗེ་ཆེན་པོའི་སྐུ་དང་འོད་ཟེར་དཀར་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་བཟླས་པའང་བྱའོ། །གཉིས་པ་ནི། དེའི་ངང་ལས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟོད་མ་ནས་ཞི་བའི་ཡེ་ཤེས། བློ་འདས་གཉུག་མའི་དབྱིངས་སུ་དེར་འཛིན་མི་བྱ་བར་རང་བབས་སུ་ལྷོད་ཀྱིས་ཀློད་དེ་མཉམ་པར་གཞག གལ་ཏེ་རྣམ་རྟོག་ཅིག་ཐོལ་གྱིས་སྐྱེས་ན། ཐ་མལ་འཁྲུལ་པའི་དབང་དུ་མི་བཏང་བར་སེམས་ཀྱི་གཤིས་རིག་སྟོང་ཟུང་འཇུག་གི་ངང་ལས་མ་གཡོས་བཞིན་དུ། གདངས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩལ་སྦྱང༌། གསུམ་པ་ནི། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་སོགས་བསྔོ་བ་དང་སྨོན་ལམ་ཟུང་དུ་འབྲེལ་བས་མཚམས་སྦྱར་ཏེ། གཉིས་པ་རྗེས་ཐོབ་ཀྱི་རྣལ་འབྱོར་ནི། ཟས་ཟ་བ། གོས་གྱོན་པ། སྟན་ལ་འདུག་པ་སོགས་ཀྱི་སྐབས་ཐམས་ཅད་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་འདོད་ཡོན་ལ་ཞེན་པ་མེད་པར་ལོངས་སྤྱད། ཉལ་བའི་ཚེ་སྙིང་གའི་ཧྲཱིཿལ་སེམས་རྩེ་གཅིག་ཏུ་གཏད། ལྡང་བ་ན་ལྷའི་སྐུར་གསལ་བཞིན་པའི་ངང་ནས་ལངས་ཏེ་རྣལ་འབྱོར་ལ་འཇུག འཕོ་བའི་རྣལ་འབྱོར་ནི། རང་གི་རླུང་སེམས་གཉིས་མེད་ཀྱི་ངོ་བོ་ཧྲཱིཿཡིག་དབུ་མའི་ལམ་བརྒྱུད། སྐར་མདའ་འཕངས་པ་བཞིན་སྤྱི་བོའི་བླ་མ་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ། བླ་མ་བདེ་བ་ཅན་དུ་གཤེགས་པར་བསམས་ལ་དབྱིངས་རིག་བསྲེ།

p. 608

བར་དོ་ད་ལྟ་ནས་རྗེས་ཐོབ་ཀྱི་སྣང་བ་སྤྱི་དང་བྱེ་བྲག་ཐམས་ཅད་བར་དོར་དྲན་པས་ཁ་བསྒྱུར་ཏེ། སྣང་གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་དུ་ཤེས་པར་བྱས་ཏེ་ལམ་དུ་ཁྱེར་བ་ལ་བསླབ་པར་བྱའོ། །འཇཾམ་པའི་དབྱངཾས་སོགས་འཕགས་རྣམས་ཀྱིས། །གང་གི་མཁྱེནཾ་བརྩེརཾ་རབ་བསྔགས་པ། །འཇིག་རྟེན་མགོན་པོ་དགྱེས་པའི་ལམ། །ཟླ་བའི་བཞེད་གཞུང་སྙིང་པོའོ། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྤྱན་རས་གཟིགས་དངོས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་ལུགས་སྲོལ་གྱི་ཉམས་ལེན་སྙིང་པོར་དྲིལ་བའི་ལེའུ་མཚན་ནོ།། །།

ཚེ་སྒྲུབ་ཉེ་བརྒྱུད་ཀྱི་སྒྲུབ་ཐབས་འཆི་མེད་གྲུབ་པའི་ཞལ་ལུང་།

p. 609

ཚེ་སྒྲུབ་ཉེ་བརྒྱུད་ཀྱི་སྒྲུབ་ཐབས་འཆི་མེད་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།

p. 610

ཨོཾ་སྭ་སྟི། དྲི་བྲལ་འགྱུར་མེད་ཡེ་ཤེས་རྡོ་རྗེའི་སྐུ། །ཚེ་ལྷ་ཞི་ཁྲོ་རྔ་ཡབ་གླིང་པ་དང༌། །སྙིགས་དུས་འགྲོ་བའི་མགོན་པོ་ལྕགས་ཟམ་པ། །དངོས་གཅིག་དུ་མར་སྣང་དེས་བདག་བྱིན་རློབས། །འདིར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལས་དངོས་སུ་གསན་པའི་ཚེ་སྒྲུབ་ཉེ་བརྒྱུད་ཀྱི་གདམས་པ་ཟབ་མོ་ཉམས་སུ་བླང་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤོམ། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ནི། སྟེགས་བུའི་ཁར་པདྨ་འདབ་བརྒྱད་དམ་མེ་ཏོག་ཚོམ་བུ་བཀོད་པའི་མཉྫི་ལ་ཚེ་འབྲང་བུམ་གཟུགས་རྟ་མགོས་མཚན་པ། དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། མདུན་དུ་གཏོར་ཟླུམ་གཉིས་སམ་གསུམ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་བཤམ། གཞན་ཡང་རྡོར་དྲིལ་མེ་ཏོག སྔོན་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་ཐབས་ནི། རང་སྐད་ཅིག་གིས་རྟ་མགྲིན་དུ་བསྒོམས་ལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོདྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ལན་གསུམ་བཟླས། སྔོན་གཏོར་ཆབ་ཀྱིས་བྲན་ཏེ། ཨ་ཀཱ་རོ་མུ་ཁཾ་གྱིས་བསྔོས། འདོད་རྒུ་འབྱུང་བའི་གཏོར་མ་འདི་ཉིད་རྣལ་འབྱོར་པས་སྒྲུབ་པ་བྱེད་པ་ལ་བར་དུ་གཅོད་

p. 611

པར་སེམས་པའི་གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ལ་སྦྱིན་ནོ། །གཏོར་མ་འདིས་ཚིམ་པར་གྱིས་ལ་བསམ་སྦྱོར་ངན་པ་ཉེ་བར་ཞི་ཞིང་ཕན་བདེའི་སེམས་དང་ལྡན་པར་གྱིས་ལ་སྒྲུབ་པའི་གནས་འདིར་མ་འདུག་པར་གཞན་དུ་དེངས་ཤིག གཏོར་མ་ཕྱིར་བཏང་ཞིང་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད། མཆོད་རྫས་ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་དང་ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ངོ་བོ་བཟང་ཞིང་དགེ་བ། བཀོད་པ་ཕུན་སུམ་ཚོགས་པ། དུས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འབྱུང་བའི་མཆོད་པའི་སྤྲིན་ཕུང་རྣམ་པ་ཐམས་ཅད་པར་གྱུར། ཨོཾ་སརྦ་བིཏྤཱུ་ར་པཱུ་ར་སོགས་དང༌། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡའི་བར། ཨོཾ་བཛྲ་དྷརྨ་ར་ཎི་ཏས་བྱིན་དབབ། རང་གི་སྤྱི་བོར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་ཚེ་དཔག་མེད་གསལ་བཏབ་ལ། སྐྱབས་འགྲོ་མ་ནམ་མཁའ་མ་ཉེར་གཅིག་གམ་བདུན་བརྗོད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་བླ་མ་ཞི་ཁྲོ་ཚེ་དཔག་ཏུ་མེད་པའི་སྒོམ་བཟླས་ལ་འཇུག་པར་བགྱིའོ་

p. 612

ལན་གསུམ། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བླ་མ་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་ཨཱ་ཡུར་དེ་བ་མཎྜ་ལེ་བྷྱཿ ཞེས་པས་ཕྱག་བྱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་རྒྱུན་བཤགས་དང་ཚད་མེད་བཞི་བསྒོམ། མདུན་བསྐྱེད་རང་ཉིད་དབྱེར་མེད་དུ་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རང་ཉིད་གནས་པའི་ཞིང་འདི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལག་མཐིལ་ལྟར་མཉམ་པ་བཻ་ཌཱུརྻའི་རང་བཞིན་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ། བཀོད་ལེགས་མཛེས་ཤིང་ལྟ་ན་སྡུག་པའི་དབུས་སུ། རྨ་བྱས་བཏེགས་པའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་དུ་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་དཔེའི་གཟི་འོད་འབར་བའི་སྐུར་གྱུར་པའི་དབུ་གཙུག་ན་རྩ་བའི་བླ་མ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཀུན་དགའ་བསོད་ནམས་དབང་ཕྱུག རྗེ་བཙུན་ངག་དབང་ཉི་མ། ངག་དབང་ཉི་ཟླ་བཟང་པོ། འཇམ་མགོན་ཀུན་དགའ་གྲོལ་མཆོག ཀུན་སྤངས་ཆོས་ཀྱི་ཉི་མ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། སློབ་དཔོན་པདྨ་འབྱུང་གནས། རྟ་མགྲིན་དབང་གི་རྒྱལ་པོ། མགོན་པོ་ཚེ་དཔག་མེད། ཀུན་བཟང་སྣང་བ་མཐའ་ཡས་རྣམས་རིམ་བཞིན་ཐོ་བརྩེགས་སུ་བཞུགས་པར་གསལ་བའི་སོ་སོའི་ཐུགས་ཀ་ནས་འོད་འཕྲོས། བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས།

p. 613

གཉིས་སུ་མེད་པར་གྱུར། སླར་ཡང་དེ་དག་ལས་འོད་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བླ་ཚེ་ཡར་བ་དང་འཐོར་བ་ཉམ་ཆག་ཏུ་གྱུར་པ་རྣམས་དང༌། འབྱུང་བ་བཞིའི་བཅུད། སེམས་ཅན་གྱི་ཚེ་དཔལ་བསོད་ནམས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་ཆོས་སྲུང་སོགས་འཁོར་འདས་ཐམས་ཅད་ཀྱི་བཅུད་དང་དགེ་མཚན་རྣམས་བསྡུས། བརྒྱུད་པ་རྣམས་ལ་ཐིམ། སླར་དེ་དག་གི་སྐུ་ལས་འཆི་མེད་ཀྱི་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་ཁྱབ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུཿསིདྡྷི་ཛཿ ཞེས་པའི་རྩ་བའི་གསོལ་འདེབས་སྔགས་དང་བཅས་པ་བརྒྱའམ་ཉེར་གཅིག་སོགས་བརྗོད་ཅིང༌། སྤྲོ་ན་བརྒྱུད་འདེབས་ཀྱང་བྱ་སྟེ། ཆོས་སྐུ་སྣང་མཐའ་ལོངས་སྐུ་ཞི་ཁྲོ་གཉིས། །རྗེ་བཙུན་རྡོ་རྗེ་ཐོད་ཕྲེང་སྤྲུལ་པའི་སྐུ། །འཆི་མེད་བརྙེས་པའི་གྲུབ་ཆེན་ཐང་སྟོང་རྒྱལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །མཁས་བཙུན་གྲུབ་པའི་སར་བཞུགས་ཀུན་སྤངས་རྗེ། །འཇམ་མགོན་གྲུབ་པའི་དཔའ་བོ་གྲོལ་མཆོག་ཞབས། །དཔལ་ལྡན་གྲུབ་རིགས་འཛིན་པ་ཉི་ཟླའི་མཚན། །གསོལ་བ་འདེབས་སོ༴ །ངག་དབང་ཉི་མ་ཆོས་ཀུན་མཁྱེན་པའི་གཏེར། །འཇམ་པའི་དབྱངས་དངོས་ཀུན་དགའ་བསོད་ནམས་དབང༌། །བསྟན་པའི་སྲོག་ཤིང་རྨོར་ཆེན་རྡོ་རྗེ་འཆང༌། །གསོལ་བ༴ །

p. 614

ངག་གི་དབང་ཕྱུག་བསོད་ནམས་མཆོག་གྲུབ་ཞབས། །ཟབ་དོན་གདམས་པ་སྩོལ་མཛད་དྲིན་ཅན་རྗེ། །དངོས་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་ལ། །གསོལ་བ༴ །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་ཡིས། །མཐུ་དང་ནུས་པའི་བྱིན་རླབས་དཔུང་བསྐྱེད་ལ། །ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང༌། །ཚེ་དང་ཡེ་ཤེས་འཆི་མེད་དངོས་གྲུབ་སྩོལ། །ཞེས་ལན་གསུམ་བརྗོད། གཙོ་བོར་གོང་གི་སྔགས་རིང་བ་དེ་ཉིད་ཅི་ནུས་བཟླས། མཐར་གཏོར་མ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཡྃ་ལས་རླུང་དང་རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུའི་སྟེང༌། །ཨ་ལས་ཐོད་པ་དུམ་གཅིག་པ། །ཕྱི་དཀར་ནང་དམར་རྒྱ་ཆེ་ཡངས། །དཔྲལ་བ་རང་ལ་བསྟན་པའི་ནང༌། །ཤ་ལྔ་བདུད་རྩི་ལྔ་ཞུ་བ། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབ། རྩ་སྔགས་ཀྱི་མཐར། ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཀྱིས་བསྟོད། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་མ་ལུས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་འདོད་གསོལ་བྱ། གཏོར་མ་གཉིས་པ་དཔལ་ལྕགས་ཟམ་པའི་བསྟན་སྲུང་དབང་པོ་རྣམས་ལ་ཕྲིན་ལས་མྱུར་མགྱོགས་ཀྱི་ཆོ་གས་འབུལ་ཞིང༌། མི་ཤེས་ན་མཁའ་འགྲོ་སྤྱི་གཏོར་བཏང་བའི་ལག་ལེན་ཀྱང་ཡོད། གསུམ་པ་ཡོད་ན་གཞི་བདག་སྤྱི་གཏོར་གྱིས་བསྔོ། མཐར། སྤྱི་བོའི་རིག་འཛིན་བརྒྱུད་པ་རྣམས་ཡས་རིམ་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། འཆི་མེད་གཉུག་མའི་གནས་ལུགས་ལ་མཉམ་པར་བཞག དགེ་བ་འདི་ཡིས་མྱུར་དུ་འགྲོ་བ་

p. 615

རྣམས། །འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ནས། །ཡིད་ཀྱི་འདོད་པ་ཡིད་བཞིན་འགྲུབ་པ་དང༌། །འགྲོ་བ་ཀུན་གྱི་སྐྱབས་མགོན་ཉིད་དུ་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་གནས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད། ཚུལ་དེས་གྲངས་བསྙེན་འབུམ་ཕྲག་བཞིར་གསུངས་ཀྱང་དེ་བཞི་འགྱུར་ཙམ་དུ་བཟླས་ན་ལེགས་པར་སེམས་ཤིང༌། ཆོ་གའི་ཁྲིགས་གོང་དུ་སྨྲས་པ་ནི། དབང་སྒྲུབ་དང་ཡོན་བདག་གི་རྐྱེན་སེལ་ཚེ་ཆོག་སོགས་སྤྲོས་བཅས་དང་བསྟུན་པའི་དབང་དུ་བྱས་ཀྱི། གཞན་དུ་འདི་ཉིད་བླ་མའི་རྣལ་འབྱོར་ལ་བརྟེན་པའི་སྤྲོས་མེད་ཀྱི་ཚེ་སྒྲུབ་ཟབ་མོའི་ལུགས་ཡིན་པས་བསྙེན་སྒྲུབ་དང་རྒྱུན་ཁྱེར་གང་གི་ཚེ་ཡང་མཚན་མའི་སྒྲུབ་རྫས་གཏོར་མཆོད་སོགས་ཀྱི་བཅས་བཤོམ་མེད་ཀྱང་རུང་ལ། དེ་ལྟར་ན་མཆོད་པ་བྱིན་རླབས་དང་གཏོར་ཆོག་ཀྱང་མི་དགོས། རྒྱུན་བཤགས་ཚད་མེད་བསྒོམ་པའང་ཡིག་རྙིང་ན་མེད་པས། བསྡུ་ན་མ་བྱས་ཀྱང་ཆོག་གོ །གསུམ་པ་དབང་གི་ཆོ་ག་ནི། བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བའི་ཡི་གེ་ལོགས་སུ་བཀོད་པ་ལས་ཤེས་པར་བྱོས་ཤིག ཚེ་སྒྲུབ་ཀུན་ལས་ཟབ་པའི་ཕུལ། །ཚིག་ཉུང་བྱིན་རླབས་ཚན་ཁ་ཅན། །སྔ་ཕྱིའི་ཡི་གེ་གྲངས་མེད་ལས། །རང་ལུགས་སྙིང་པོར་དྲིལ་འདིའོ། །སྐུ་གསུམ་བརྒྱུད་པའི་བྱིན་རླབས་བཅུད་དངར་པོས། །རྡོ་རྗེའི་ཚེ་སྲོག་སྒྲུབ་ཐབས་རྨད་བྱུང་བས། །འཁྲུལ་མེད་འཇུག་བདེའི་ཁྲིགས་སུ་བསྡེབས་པའི་དགེ། །འགྲོ་ཀུན་འཆི་བདག་བདུད་ལས་རྣམ་རྒྱལ་ཤོག །ཚེ་སྒྲུབ་ཉེ་བརྒྱུད་ཀྱི་སྒྲུབ་ཐབས་འཆི་མེད་གྲུབ་པའི་ཞལ་ལུང་ཞེས་བྱ་བ་འདི་ཡང༌། རང་གི་ཉམས་ལེན་དང༌། དོན་གཉེར་དུ་མས་སྔ་ཕྱིར་བསྐུལ་བའི་ངོར། གདམས་པ་འདིའི་ཡི་གེ་རྩ་བར་གྱུར་པ་ཐམས་ཅད་མཁྱེན་པ་ངག་གི་དབང་པོའི་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་འཆི་མེད་དཔལ་

p. 616

སྟེར་ལེ་ལག་དང་བཅས་པའི་ཚིག་དོན་གཙོ་བོར་བཟུང༌། མཁས་གྲུབ་གོང་མའི་ཡི་གེ་དང་རིགས་མཐུན་གྱི་གཞུང་གཞན་ནས་ཀྱང་ཅུང་ཟད་ཁ་བསྐངས་ཏེ་བསྟན་འཛིན་ཆོས་རྗེའི་མཚན་གྱིས་བྱིན་གྱིས་བརླབས་པ་བློ་བཟང་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་དཔལ་བཟང་པོས་སྦྱར་བའི་ཡི་གེ་པ་ནི་སྐལ་བཟང་མཁྱེན་རབ་ཀྱིས་བགྱིས་པའོ།། ༈ །ཉེ་བརྒྱུད་ཚེ་སྒྲུབ་ཀྱི་ཚེ་འགུགས་འཆི་མེད་འོད་སྣང་བཞུགས་སོ། ཧྲཱིཿ བདག་དང་རིག་འཛིན་བརྒྱུད་པའི་ཐུགས་ཀ་ནས། །འོད་ཀྱི་ཟེར་ཕྲེང་ལྕགས་ཀྱུའི་ཚོགས་ཆེན་འཕྲོས། །སྲིད་ཞིའི་དྭངས་བཅུད་ཀུན་དང་ཁྱད་པར་དུ། །བདག་དང་བསྒྲུབ་བྱའི་བླ་ཚེ་ཡར་དང་འཐོར། །སྡེ་བརྒྱད་དྲེགས་པས་ཁྱེར་བ་མ་ལུས་ཀུན། །འོད་ཀྱི་སྤྲིན་ཕུང་བདུད་རྩིའི་ཆར་རྒྱུན་བསིལ། །སྐུ་དང་ཡིག་འབྲུ་ཐིག་ལེར་མེ་རེ་རེ། །བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པར་གྱུར། ཧྲཱིཿ འོག་མིན་ཆོས་དབྱིངས་ཞིང་མཆོག་ནས། །ཚེ་བདག་ཀུན་བཟང་སྣང་མཐའ་ཡས། །ཐུགས་རྗེས་བདག་ལ་བྱིན་གྱིས་བརློབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ བདེ་བ་ཅན་གྱི་ཞིང་ཁམས་ནས། །ཚེ་བདག་རྡོ་རྗེ་ཚེ་དཔག་མེད། །ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ དབང་དྲག་འབར་བའི་གཞལ་ཡས་ནས། །ཚེ་བདག་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་རྗེས་བདག༴ །འཆི་མེད་ཚེ་ཡི༴ ཨོཾ་ཨཱཿཧཱུྃ༴ པདྨ་འོད་ཀྱི་ཕོ་བྲང་ནས། །ཚེ་བདག་རིག་འཛིན་པདྨ་འབྱུང༌། །ཐུགས་རྗེས༴ །འཆི་མེད༴ ཨོཾ་ཨཱཿཧཱུྃ༴ འཆི་མེད་སྒྲུབ་གནས་རི་བོ་ཆེར། །ཚེ་བདག་གྲུབ་ཆེན་ལྕགས་ཟམ་པ། །ཐུགས་རྗེས༴ །འཆི་མེད༴ ཨོཾ་ཨཱཿཧཱུྃ། གར་བཞུགས་འགྲོ་འདུལ་གནས་མཆོག་ནས། །ཚེ་བདག་དངོས་བརྒྱུད་བླ་མའི་ཚོགས། །ཐུགས་རྗེས༴ །འཆི་མེད༴ ཨོཾ་

p. 617

ཨཱཿཧཱུྃ༴ རྡོ་རྗེ་ལུས་ཀྱི་ཕོ་བྲང་ནས། །ཚེ་བདག་ཡི་དམ་ཞི་ཁྲོའི་ལྷ། །ཐུགས་རྗེས༴ །འཆི་མེད༴ ཨོཾ་ཨཱཿཧཱུྃ༴ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས། །ཚེ་བདག་མཁའ་འགྲོ་དམ་ཅན་ཚོགས། །ཐུགས་རྗེས༴ །འཆི་མེད༴ ཨོཾ་ཨཱཿཧཱུྃ༴ བརྟན་གཡོ་སྲིད་པའི་དྭངས་བཅུད་དང༌། །རྩ་གསུམ་རྒྱལ་བའི་བྱིན་རླབས་དཔལ། །བླ་ཚེ་ཡར་དང་འཐོར་བ་ཀུན། །འདིར་ཁུག་ཚེ་ཡི་གསོས་སུ་སྩོལ། །ཚེ་འབྲང་འདི་ལ་བྱིན་ཅིག་ཕོབ། །ཚེ་རིལ་འདི་ལ་བཅུད་ཅིག་སྩོལ། །ཚེ་ཆང་འདི་ལ་ངར་ཅིག་ཐོགས། །ཚེ་མདའ་འདི་ལ་རྟགས་ཅིག་སྟོན། །ལུས་ཀྱི་འབྱུང་བཞི་ཉམས་པ་གསོས། །སེམས་ཀྱི་བདེ་སྟོང་ཉམས་རྟོགས་སྤོར། །ཚེ་སྲོག་ཆད་པ་དེ་རིང་མཐུད། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ ཞེས་པ་འདི་ཡང་གཞུང་སའི་སྐུ་ཚེ་ཚེ་སྒྲུབ་རྒྱུན་ཚུགས་ཀྱི་ཐུན་བཞི་སོ་སོར་འདོན་རྒྱུར་བློ་བཟང་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་བྲིས་པའོ།། ༈ །ཉེ་བརྒྱུད་ཚེ་སྒྲུབ་འཆི་མེད་དཔལ་སྟེར་གྱི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱ་ཡུར་དེ་ཝེ་བྷྱཿ སྐལ་ལྡན་སློབ་བུའི་བློ་དང་ཐོས་འཛིན་སྣོད། །ཚེ་ཡི་སྨིན་བྱེད་བཅུད་ཀྱིས་འགེངས་འདོད་ན། །སྔོན་མེད་ཚིག་དོན་རྨད་བྱུང་རོ་བདའ་བའི། །ལེགས་བཤད་བདུད་རྩིའི་ཆུ་རྒྱུན་འདི་ལོངས་ཤིག ཉེ་བརྒྱུད་ཚེ་སྒྲུབ་ཀྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པར་སྤྲོ་བས་བཅས་བཤོམ་སྒྲུབ་པ་དང་བཅས་པ་འཆི་མེད་སྒྲུབ་པའི་ཞལ་ལུང་དུ་བཤད་པ་ལྟར་ལས། སྤྲོས་པ་ལ་དགའ་ན་མདའ་དར་ཡང་བཤམས་ལ་བཟླས་པའི་མཇུག་ཏུ་ཚེ་འགུགས་འཆི་མེད་འོད་ཆགས་བྱ་ཞིང༌། ལས་བུམ་སྤྱི་ལྟར་བཅས་པ་བསང་«་་་་་སྤྱི་བོའི་བླ་མ་མ་བསྟིམས་གོང་དབང་ཆོག་ལ་འཇུག་པ་ནི།» སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཚང་བའི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོའི་རྒྱལ་

p. 618

པོ་རྟ་མཆོག་རོལ་པ་སྐུ་མདོག་དམར་པོ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རལ་གྲི། གཡོན་གསུམ་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་འཛིན་པ། དབུའི་གཙུག་ན་རྟ་མགོ་ལྗང་གུ་གསུམ་རྟ་སྐད་འཚེར་བ། ཞབས་བརྒྱད་གཡས་བསྐུམས་ཞིང་གཡོན་བརྐྱངས་པས་ཀླུ་ཆེན་པོ་བརྒྱད་སྦྲུལ་གྱི་རྣམ་པར་བརྫིས་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང༌། རུས་པའི་རྒྱན་དྲུག མི་སྐྲའི་ཚངས་སྐུད་སོགས་ཁྲོ་བོ་ཆེན་པོའི་རྒྱན་དང་རྣམ་འགྱུར་ཆ་ལུགས་རྫོགས་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ།«་་་་་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ་བསྒོམས་ཀྱང་རུང༌།» མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཧ་ཡ་གྲཱི་བ་ཨརྒྷཾ་ནས་ཤབྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང༌། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་དབང་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །བུམ་ནང་གི་ལྷའི་ཐུགས་ཀར་ཧྲཱིཿཡིག་ལ་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བརྒྱའམ་ཉེར་གཅིག་བཟླས་མཐར་ལྷ་འོད་དུ་ཞུ་ནས་ཆུར་ཐིམ་པས་དེའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་གྱུར། བསྡུ་ན་བུམ་ལྷ་བསྐྱེད་ཆོག་མ་བྱས་པར་ཆུ་ཉིད་ལྷའི་ངོ་བོར་མོས་ལ་སྔགས་བཟླས་པས་ཆོག་པ་བརྒྱུད་པ་འདི་པའི་ཕྱག་ལེན་ལ་ཡོད་དོ། །སྤྲོ་ན་ཚེ་དབང་བདག་འཇུག་གི་ཚུལ་དུ་བླངས་རྗེས། དོན་གཉེར་གྱི་སློབ་མ་གཅིག་གམ་མང་པོའང་རུང་སྟེ་མདུན་དུ་བསགས་ལ་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། བགེགས་གཏོར་ལས་བུམ་གྱི་ཆུ་དང་ཧ་ཡ་གྲཱི་ཝའི་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་

p. 619

རིན་པོ་ཆེའི་སྣོད་ཡངས་པར་གཏོར་མ་འདོད་དགུ་འབྱུང་བར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿ ཨ་ཀཱ་རོ་ལན་གསུམ། བདེན་བརྡར་གྱི་མཐར། ཁྱད་པར་དུ་ཡང་བླ་མ་ཞི་ཁྲོ་སྐུ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ཀྱི། བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྡོ་རྗེ་སློབ་མ་འདི་རྣམས་ལ་བླ་མ་ཞི་ཁྲོའི་ཚེ་ཡི་དབང་བསྐུར་སྒྲུབ་པ་ལ་བར་དུ་གཅོད་པར་སེམས་པའི་གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་བསམ་སྦྱོར་ངན་པ་ཉེ་བར་ཞི་ཞིང་ཕན་བདེའི་སེམས་དང་ལྡན་པས་གནས་འདིར་མ་འདུག་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཨོཾ་སུཾ་བྷ་ནི་བརྗོད། ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་བརྗོད་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་རྡོ་རྗེའི་གུར་ཁང༌། ལོགས་རྡོ་རྗེའི་རྭ་བ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོ་ཅིས་ཀྱང་མི་ཤིགས་པར་གྱུར། ༈ །སྭ་སྟི་སིདྡྷཾ། དེ་ཡང་ཆོས་འདིའི་ལུགས་ཀྱིས་ཤེས་བྱ་ལ་ཁ་ཚོན་གཅོད་པའི་ཚེ་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་ལྷག་པ་ཆོས་ཀྱི་སྐུར་སངས་རྒྱས་པ་ཞིག་ཡིན་ནའང་དེ་ལྟར་མི་རྟོགས་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་རང་རྒྱུད་གཟུང་འཛིན་གྱི་ཞགས་པས་བཅིངས་པའི་སེམས་ཅན་འདི་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་གསན་སྙམ་པའི་ཐུགས་བསྐྱེད་དང་ཆོས་གསན་པའི་ཀུན་ཏུ་སྤྱོད་པའི་ཤེར་ཕྱིན་སྡུད་པ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་དེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་

p. 620

དཔའ་རྣམས་སྤྱོད་པ་འདི་ནི་མཉན་པར་གྱིས། །ཞེས་གསུངས་པ་ལྟར་དགའ་བ་དང༌། གུས་པ་དང༌། དད་པ་བསྐྱེད་ནས། གཉིད་རྨུགས་ལ་སོགས་པའི་སྒྲིབ་པ་དང༌། ང་རྒྱལ་ལ་སོགས་པའི་དྲི་མ་རྣམས་སྤངས་ལ། ཚེ་འདིའི་བློ་ངན་དྲི་མ་ཅན་ལས་འདས་པ་ཐར་པ་ཁོ་ན་ལ་དམིགས་པས། སེམས་ཅན་གྱི་དོན་དུ་ངས་ཆོས་འདི་ཉན་ལ་རྒྱུད་ལ་ཕན་པ་ཞིག་བྱ་སྙམ་དུ་མོས་འདུན་རྩེ་གཅིག་པས་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། མཐུན་པར་གྱུར་པའི་ཡུལ་དུ་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བསྟན་པ་དང༌། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་འདི་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་པ་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལས། །ད་རེས་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང༌། སློབ་དཔོན་ཙནྡྲ་གོ་མཱིས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་གསུངས། དེ་ལྟར་ཐོབ་པས་མི་ཆོག སྤྱིར་ཁམས་གསུམ་གྱི་འགྲོ་བ་ཕལ་མོ་ཆེར་ཚེ་ཚད་ཀྱི་ངེས་པ་རེ་བཤད་ཅིང༌། བྱེ་བྲག་མིར་གྱུར་པ་ལ་ཡང་མཛོད་ལས། སྒྲ་མི་སྙན་ན་ལོ་སྟོང་སྟེ། །གཉིས་ན་ཕྱེད་ཀྱིས་དམན་པའོ། །ཞེས་བྱང་གླིང་པར་ལོ་སྟོང༌། ཤར་གླིང་པར་ལྔ་བརྒྱ། ནུབ་གླིང་པར་ཉིས་བརྒྱ་ལྔ་བཅུའི་ཚད་བཟུང་བཤད་ཀྱང༌། སྒྲ་མི་སྙན་མ་གཏོགས་ཕལ་ཆེར་ལ་དུས་མིན་གྱི་འཆི་བ་ཡོད། ཁྱད་པར་རང་ཅག་འཛམ་བུ་གླིང་པ་རྣམས་ལ་ནི། འདི་ན་མ་ངེས་མཐའ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་པ་

p. 621

ལྟར་བསྐལ་པ་དང་པོ་ཚེ་ལོ་དཔག་མེད་ཐུབ་པ་ནས་མཐའ་མ་ཚེ་ལོ་བཅུར་འདུས་པས་མཚོན་འཕེལ་འགྲིབ་ཤིན་ཏུ་ཆེ་ཞིང་དེང་སང་སྙིགས་མ་མཐར་ཐུག་པར་ཉེ་བའི་ཕྱིར་གློ་བུར་དུ་འཆི་བའི་རྐྱེན་དང་བར་ཆད་ཤིན་ཏུ་མང་བ་ཡིན་ཏེ། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་རོ། །དེས་ན་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། འཁོར་བར་སྲོག་ལས་གཅེས་པ་ནི། །གང་ཡང་ཡོད་པ་མ་ཡིན་ཏེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་ཏུ་གཅེས། །ཞེས་དང༌། བརྩེ་མེད་འཆི་བའི་འཇིགས་པ་ལས། །ཐར་པའི་ཐབས་ནི་འབད་དེ་བྱ། །གང་ཕྱིར་འདིར་ནི་ཡིད་འོང་བ། །སྲོག་ལས་གཞན་པ་ཡོད་མ་ཡིན། །ཞེས་དང༌། ཆོས་སྤྱོད་དབང་པོ་དུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །མངོན་པར་འབྱུང་བའི་རྒྱུད་བླ་མའི་བླ་མ་ལས། སྡུག་བསྔལ་གྱིས་ནི་སེམས་གཡེངས་ན། །གཡེངས་བས་དངོས་གྲུབ་གཞན་དུ་འགྱུར། །ལུས་དང་སེམས་ཅན་བརྟན་གྱུར་ན། །བདེ་བ་ཐམས་ཅད་བརྟན་པར་འགྱུར། །ཞེས་དང༌། སེམས་ཅན་ཚེ་ནི་ཐུང་བ་ཡིས། །དངོས་གྲུབ་འགྲུབ་པ་གང་ཡང་མེད། །དེ་བས་རྣལ་འབྱོར་བཟང་པོ་ཀུན། །ཚེ་རིང་བ་ནི་དགེ་བའོ། །ཞེས་སྤྱིར་ལུས་ཅན་ཐམས་ཅད་གཅེས་པའི་མཐར་ཐུག་པ་ནི་རང་གི་སྲོག་ཡིན་ལ། ཁྱད་པར་དགེ་བ་བྱེད་པ་རྣམས་ཚེ་རིང་དུ་གནས་པར་གྱུར་ན་དེ་སྲིད་དུ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གོང་ནས་གོང་དུ་འཕེལ་བར་འགྱུར། དེའི་ནང་ནས་གསང་སྔགས་ཀྱི་ཟབ་མོའི་ལམ་སྒོམ་པ་རྣམས་ཀྱང་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པའི་རྟེན་ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་ཚེ་རིང་བ་ཁོ་ན་གལ་ཆེ་བས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་བྱ་བ་དང་

p. 622

བྱེད་པ་ཐམས་ཅད་ཀྱི་སྔོན་དུ་ཚེ་སྤེལ་བའི་ཐབས་ལ་འབད་པར་མཛད་དགོས། དེ་ལྟར་ཚུལ་བཞིན་འབད་ན་བློ་དང་བརྩོན་འགྲུས་ཀྱི་སྟོབས་དང་སྐལ་པ་རབ་ཏུ་གྱུར་པ་རྣམས་ཀྱིས་འཆི་བ་མེད་པའི་གནས་མངོན་དུ་བྱེད་ནུས། འབྲིང་དང་ཐ་མས་ཀྱང་ཚེ་རིང་དུ་འཕེལ་བའམ་དུས་མིན་གྱི་འཆི་བ་བཟློག་ནས་ཚེ་དུས་སུ་བསྲིང་བར་ནུས་པ་གདོན་མི་ཟ་སྟེ། འཆི་བ་བསླུ་བའི་རྟོག་པ་ལས། འཆི་བདག་རྣམས་ཀུན་བསླུ་བ་ནི། །གྲོལ་བ་ཉིད་ལ་རིགས་པ་ཡིན། །མ་གྲོལ་བ་ནི་ཐམས་ཅད་ཀྱི། །ཅུང་ཟད་དུས་སུ་བསྲིང་བ་ཡིན། །ཞེས་དང༌། མར་དང་སྙིང་པོ་ཟད་སོགས་ཀྱིས། །མར་མེ་ལ་སོགས་འཇིག་ཕྱོགས་ལ། །སླར་ཡང་འབྲུ་མར་ལ་སོགས་པས། །བསྐལ་པའི་བར་དུ་གནས་པ་ཡིན། །དེ་བཞིན་དུ་ནི་ལུས་འདི་ཡང༌། །རྒས་སོགས་ཀྱིས་ནི་འཆི་བཞིན་པ། །གྲུབ་པའི་མན་ངག་ལེགས་རྙེད་ན། །བསྐལ་པའི་བར་ཡང་ཅིས་མི་གནས། །དཔེར་ན་ཁང་པ་རྙིང་པ་དག །བཅོས་པ་ཡིས་ནི་ཡུན་རིང་གནས། །དེ་བཞིན་རྙིང་པའི་ལུས་དག་ཀྱང༌། །བཅོས་པས་གནས་པར་ཅིས་མི་འགྱུར། །ཞེས་བཤད། འོ་ན་ཚེ་སྲིང་བའི་ཐབས་ཇི་ལྟ་བུ་ཡིན་ཞེ་ན། སྔ་མ་ལས། ལུས་དང་ངག་གི་ལས་ཀྱིས་ཕྱི། །བསམ་གཏན་ལས་ཀྱིས་ནང་གི་ཡིན། །ནོར་བུ་སྔགས་སྨན་ཕྱི་ཡིན་ཏེ། །རྣལ་འབྱོར་རིག་པ་ནང་ཡིན་ནོ། །ཞེས་པ་ལྟར་ཕྱི་ནོར་བུ་དང་སྔགས་དང་སྨན་དང་བཅུད་ལེན་གྱི་ནུས་པས་ཚེ་བསྲིང་བ་དང༌། ཐེག་པ་ཐུན་མོང་པའི་ལུགས་ལ་གསེར་འོད་དམ་པའི་མདོ་ལས། ཚེ་རིང་བའི་རྒྱུ་ནི་གཉིས་ཡིན་ཏེ། སྲོག་གཅོད་པ་སྤངས་པ་དང༌། གཞན་ལ་ཁ་ཟས་རབ་ཏུ་སྦྱིན་པའོ། །ཞེས་རྒྱལ་པོ་ལ་སོགས་པ་སྟོབས་དང་ལྡན་པ་རྣམས་ཀྱིས་རང་གི་མངའ་རིས་སུ་གཏོགས་པའི་སྲོག་ཆགས་རྣམས་ལ་རི་རྒྱ་ཀླུང་རྒྱ་སྡོམ་པ་སོགས་མི་འཇིགས་པ་སྐྱབས་ཀྱིས་སྒོ་ནས་སྦྱིན་པ་དང༌། ནད་པ་རྣམས་ལ་ཟས་གོས་དང༌། སྨན་པ་དང༌། ནད་གཡོག་སྦྱོར་བ། མགོན་མེད་པ་རྣམས་ཀྱི་དཔུང་གཉེན་བྱེད་པ་སོགས་རྣམས་པ་དུ་མས་ཕན་

p. 623

གདགས་པ་དང༌། རྒྱལ་བའི་སྐུ་གཟུགས་དང༌། མཆོད་རྟེན་དང༌། དགེ་འདུན་གྱི་ཀུན་དགའ་ར་བ་སོགས་རྙིང་པ་གསོ་ཞིང་གསར་དུ་བསྐྲུན་པ་དང༌། མཆོད་རྟེན་དང༌། དགེ་འདུན་དང༌། ཕ་མ་རྒན་རབས་སོགས་མཆོད་ཅིང་བཀུར་སྟི་བྱ་བ་དང༌། གསུང་རབ་བཀླག་ཅིང་སཙྪ་འདེབས་པ་སོགས་ཀྱིས་བསོད་ནམས་སྤེལ་བ་དང༌། མཆོད་སྦྱིན་རྒྱ་ཆེན་པོ་མ་འགྲུབ་ན་སྦྱིན་པ་རྣམ་བཞིའི་དོན་ཚང་བའི་བསིལ་གཏོར་བརྒྱ་རྩ་མང་དུ་བཏང་བ་སོགས་ཀྱིས་ཀྱང་ཚེ་འཕེལ་བར་བཤད་ལ། རྡོ་རྗེ་ཐེག་པ་ནི་ཐབས་མང་བ་ཡིན་པས་ལྷའི་རྣལ་འབྱོར་དང༌། སྔགས་དང༌། ཏིང་ངེ་འཛིན་དང༌། དབང་བསྐུར་དང༌། སྦྱིན་སྲེག་དང༌། འཁྲུལ་འཁོར་དང༌། རྟེན་འབྲེལ་སྣ་ཚོགས་པས་ཚེ་སྤེལ་བའི་ཐབས་གསུངས་པ་རྣམས་ཀྱི་ནང་ནས་ད་ལམ་གྱི་སྐབས་འདིར་ལྷག་པའི་ལྷའི་བྱིན་རླབས་དབང་བསྐུར་གྱི་སྒོ་ནས་སྐུ་ཚེ་སྤེལ་བ་སྐབས་སུ་བབས། དེ་ལ་རྟོག་པ་དང་ལྡན་པའི་རྒྱུད་ལ་ཡིད་ཆེས་ཀྱི་ངེས་པ་བསྐྱེད་པའི་ཕྱིར་ཕྱོགས་གང་དུ་གཏོགས་ངོས་བཟུང་བ་དང༌། གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས། བརྒྱུད་པ་དེ་ལས་བྱུང་བའི་དབང་བསྐུར་གྱི་ཆོ་ག་རྣམས་གོ་རིམ་བཞིན་སྟོན་པར་བྱེད་པ་ལས་དང་པོ་ནི། འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་ཤཱཀྱ་སེང་གེ་ཤཱཀྱའི་རྒྱལ་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་གདུལ་བྱ་སོ་སོའི་བློའི་རིམ་པ་དང་བསྟུན་ནས་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཞིག་བཀའ་སྩལ་པ་རྣམས་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོ་ཡིན། དེ་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང༌། འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་ལས། འདིར་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ཡང་ནང་གསེས་སུ་རྒྱུད་སྡེ་གོང་འོག་གི་རྣམ་གྲངས་དབྱེ་བསྡུ་མི་འདྲ་བ་འགའ་ཞིག་ཡོད་ཀྱང་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །

p. 624

ཞེས་པ་ལྟར་ཡོངས་སུ་གྲགས་པ་རྒྱུད་སྡེ་ཆེན་པོ་བཞི་ལས་འདིར་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་ཡིན། དེ་ལྟ་བུའི་གསང་སྔགས་ནང་པ་བླ་མེད་ཀྱི་ཆོས་ལ་རྒྱ་གར་འཕགས་པའི་ཡུལ་དུ་རྒྱུད་སོ་སོའི་བཤད་ཚུལ་དང་བརྒྱུད་པ་ཐ་དད་པ་ཙམ་ལས་གསར་རྙིང་དུ་ཕྱེ་བའི་ཐ་སྙད་གྲགས་པ་མེད་ཀྱང༌། གངས་རིའི་ལྗོངས་འདིར་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་དང་རལ་པ་ཅན་སོགས་ཀྱི་སྐུའི་རིང་ལ་པཎྜི་ཏ་ཆེན་པོ་པདྨ་སཾ་བྷ་བ་དང༌། བི་མ་ལ་མི་ཏྲ། ཤཱནྟིཾ་གརྦྷ་སོགས་སྤྱན་དྲངས། ལོ་ཆེན་བཻ་རོ། རྨ་གཉགས་སྐ་ཅོག་སོགས་ཀྱིས་རྗེ་འབངས་སྐལ་བ་མཆོག་དང་ལྡན་པ་ཁོ་ནའི་ངོར་བསྒྱུར་བཤད་འཆད་ཉན་གྱིས་གཏན་འབེབས་མཛད་པ་རྣམས་ལ་སྔགས་རྙིང་མ་དང༌། དེ་འོག་རྒྱལ་པོ་དར་མས་བསྟན་པ་ཉམས་དམད་པའི་རྗེས་སུ་པཎྜི་ཏ་སྨྲྀ་ཏི་དང༌། ལོ་ཆེན་རིན་བཟང་མན་ཆད་ཀྱིས་བསྒྱུར་བ་ལ་སྔགས་གསར་མ་ཞེས་གྲགས་པ་ལས། འདིར་གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་རོང་ཟོམ་ཆོས་བཟང་སོགས་ཀྱི་གསུང་ལས་གསར་མ་ལས་སྤྱན་འདྲེན་པ་པོ། ཡོན་བདག གང་དུ་བསྒྱུར་བའི་གནས། སྒྱུར་བྱེད་ཀྱི་ལོ་པཎ། ཞུ་རྟེན་མེ་ཏོག བརྗོད་བྱ་ཆོས་ཏེ་ཆེ་བ་དྲུག་གིས་ཁྱད་པར་འཕགས་པའི་ལུགས་དེ་ལའང་ཐམས་ཅད་ཀྱི་རྩ་བའམ་རྒྱལ་པོ་ལྟ་བུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་འཆི་བ་མེད་པའི་དངོས་གྲུབ་སྩོལ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་གྱུར་པ་དེ་ལ་དཀྱིལ་འཁོར་དང་སྒྲུབ་ཐབས་ཀྱི་བྱེ་བྲག་མཐའ་ཡས་པ་ཞིག་བཞུགས་པའི་ནང་ཚན་གྲུབ་ཆེན་ལྕགས་ཟམ་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལས་དངོས་སུ་གསན་པའི་ཚེ་སྒྲུབ་ཉེ་བརྒྱུད་དུ་གྲགས་པ་དེའི་དབང་འབུལ་བ་ཡིན་ལགས། གཉིས་པ་བརྒྱུད་པའི་ལོ་རྒྱུས་ནི། རང་གཏེར་ལུང་བསྟན་ཀུན་གསལ་ཉི་འོད་ལས། མི་ཉག་རིག་འཛིན་ལྡོང་གི་བུ། །སྐྱེས་བུ་མཚན་བཟང་གླང་ལོ་པ། །

p. 625

གཟུགས་བྱད་སྐྱེ་མཐའི་བྱང་ཆུབ་སེམས། །ཐུགས་རྗེ་ཡུམ་གྱི་ལྷུམས་ནས་འཁྲུངས། །མདོག་སྨུག་དྲི་ཞིམ་སྨེ་བས་བརྒྱན། །ངང་རྒྱུད་དལ་ཞིང་རིག་རྩལ་ཆེ། །མ་ངེས་སྤྱོད་པ་སྣ་ཚོགས་སྐྱོང༌། །ལོ་བདུན་ལོན་ནས་བརྒྱད་ཅུའི་བར། །ཐོས་བསམ་བསྒོམ་ཞིང་བརྟུལ་ཞུགས་སྤྱོད། །ཤཱཀྱའི་ཚུལ་འཛིན་གསང་སྔགས་སྤྱོད། །ཌཱ་ཀི་མ་ལུས་དབང་དུ་སྡུད། །རྒྱལ་བས་དབྱིངས་ནས་དབང་བསྐུར་མཛད། །སྦས་པའི་ངང་ནས་འགྲོ་དོན་མཛད། །ཟབ་དང་རྒྱ་ཆེའི་ཆོས་རྣམས་སྤྱོད། །ནང་རྟགས་ཡ་མཚན་སྟོན་པ་འབྱུང༌། །དེ་ནི་ཡིད་བཞིན་ནོར་བུའི་སྐུ། །གང་གིས་མཐོང་ཐོས་དོན་ཆེན་འགྲུབ། །ཅེས་སོགས་དང༌། པདྨ་གླིང་པའི་གཏེར་ཡིག་ལས་ཀྱང༌། ཨོ་རྒྱན་སྤྲུལ་པ་ཐང་སྟོང་པ་ཞེས་འབྱུངཿ །དེ་དུས་བོད་ཁམས་སེམས་ཅན་ཅུང་ཟད་བདེཿ ཞེས་གསུངས་པ་ལྟར། འཕགས་པ་སྤྱན་རས་གཟིགས་ཞི་ཁྲོ་དང༌། སློབ་དཔོན་ཆེན་པོ་པདྨ། གྲུབ་ཐོབ་ཏིལླི་པ་དང༌། ཀུ་ཀུ་རི་པ་རྣམས་ཀྱི་ཐུགས་རྗེའི་ཟློས་གར་གྲུབ་ཆེན་ལྕགས་ཟམ་པ་གཡས་རུ་ལ་སྟོད་བྱང་གི་རིན་ཆེན་ལྡིངས་ཞེས་བྱ་བའི་ཡུལ་གྲོང་དུ་མི་ཉག་གི་རུས་ལས་ཡབ་རྡོ་རྗེ་རྒྱལ་མཚན་དང༌། ཡུམ་རྒྱ་གར་ལྷ་མོ་ཞེས་བྱ་བའི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་ལྔ་པར་ཀུན་སྤངས་རི་ཁྲོད་པ་ལས་རྫོགས་ཆེན་དང་རོ་སྙོམས་གཅོད་ཀྱི་སྐོར་སོགས་གསན་པས་གནས་ལུགས་ཀྱི་དོན་ཇི་བཞིན་དུ་གཟིགས། སྐུ་ལུས་དུ་མར་སྤྲུལ་ནས་ས་དང་ཆུའི་སྟེང་དུ་འབྱོན་པ་སོགས་ཀྱི་རྫུ་འཕྲུལ་དང་ཏིང་ངེ་འཛིན་དུས་དེ་ཉིད་ནས་མངའ་འབྱོར། ཡི་གེ་འབྲི་ཀློག་དང་རྩིས་ལ་སོགས་པ་རྩོལ་མེད་དུ་མཁྱེན། ཐུགས་རྗེ་ཆེན་པོའི་བཀས་དངོས་སུ་བསྐུལ་ཏེ་བླ་མ་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང་ཞིང༌། བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལས་བསྙེན་པར་རྫོགས། མཁས་པ་བློ་གྲོས་རྡོ་རྗེ་ལས་ཚད་མ་རྣམ་འགྲེལ་

p. 626

དང༌། སློབ་དཔོན་དཀོན་མཆོག་དར་ལས་མངོན་རྟོགས་རྒྱན་གསན་པས་མཚོན་ངམས་རིང་ཆོས་སྡེ་དང༌། དཔལ་ལྡན་ས་སྐྱ་པ། བཟང་ལྡན་མངའ་རིས་ཤེལ་དཀར་རྣམས་སུ་ཕར་ཚད་འདུལ་མངོན་དབུ་མ་སོགས་ལ་ཐུགས་སྦྱོང་མཛད། ཆོས་རྗེ་བཀའ་ལྔ་པ་དང༌། མཆོག་བཟང་ལེགས་པའི་བློ་གྲོས། བྱང་སེམས་ཉི་མ་སེང་གེ། ཆོས་རྗེ་བསམ་འགྲུབ་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། མཆེད་ཟླ་བླ་མ་གྲགས་བཟང་པ། རེ་མདའ་པ་གཞོན་ནུ་བློ་གྲོས། ལྷ་གདོང་པ་བསོད་ནམས་མཆོག བྱང་སེམས་སྦྱིན་པ་བཟང་པོ། ས་སྐྱ་པ་ཀུན་དགའི་མཚན། ཇོ་ནང་པ་ཆོས་དཔལ་མགོན། སྒྲུབ་པ་པོ་བཟང་པོ་དཔལ། གྲུབ་ཆེན་རྒྱལ་དབང་པ། གྲུ་ཆེན་བཟང་པོ་སྐྱོང༌། ངོར་ཆེན་ཀུན་དགའ་བཟང་པོ། ཀུན་མཁྱེན་སྦུད་ཀྲ་བ། གྱེམ་པ་བཀའ་བཞི་པ་ནམ་མཁའ་འོད་ཟེར། མཁས་པ་ལུང་མང་པོ་སོགས་བོད་ཡུལ་གྱི་མཁས་གྲུབ་དུ་མ་ལ་བདེ་ཀྱེ། དུས་འཁོར། གསང་འདུས། དམར་ནག་འཇིགས་གསུམ། སྒྱུ་འཕྲུལ། བློ་སྦྱོང༌། ཞི་བྱེད། གཅོད་ཡུལ། ཕྱག་ཆེན་ཆོས་དྲུག ལམ་འབྲས། སྦྱོར་དྲུག རྫོགས་ཆེན། བཀའ་འགྱུར་རོ་ཅོག་གི་ལུང་སོགས་ཁ་བ་ཅན་ན་གྲགས་པའི་མདོ་སྔགས་གསར་རྙིང་བཀའ་གཏེར་གྱི་ཆོས་ཚུལ་ཕལ་མོ་ཆེ་ལེགས་པར་གསན། པཎྜི་ཏ་མ་ཧཱ་བོ་དྡྷི་དང༌། སིདྡྷི་རཏྣ་སོགས་རྒྱ་གར་དང་བལ་པོའི་མཁས་གྲུབ་དུས་དེར་ཕལ་པའི་སྤྱོད་ཡུལ་དུ་གྱུར་པ་ཁ་ཅིག་དང༌། རྡོ་རྗེ་འཆང༌། ཐུབ་པའི་དབང་པོ། རྡོ་རྗེ་རྣལ་འབྱོར་མ། ཐུགས་རྗེ་ཆེན་པོ། གནས་བརྟན་ཡན་ལག་འབྱུང༌། ཤ་བ་རི། བི་རཱུ་པ། པདྨ་འབྱུང་གནས། མཁའ་འགྲོ་ནེ་གུ་མ། མ་ཅིག་ལབ་སྒྲོན་སོགས་སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་ཐོབ་ཡེ་ཤེས་ཀྱི་སྐུ་ཅན་རྣམས་ལས་མདོ་སྔགས་ཀྱི་ཟབ་དོན་གདམས་པ་མཐའ་ཡས་པ་གསན་པ་བཅས་ཡོངས་དྲིལ་བླ་མ་དམ་པ་བརྒྱ་ཕྲག་ལྔའི་གསུང་གི་བདུད་རྩིས་ཐུགས་

p. 627

ཀྱི་བུམ་བཟང་ཡོངས་སུ་གང༌། དབེན་གནས་ཐར་པ་གླིང་དུ་ལོ་དྲུག་དང༌། གཞན་ཡང་རྒྱ་བོད་ཀྱི་གནས་མང་པོར་རིམ་གཉིས་ཟབ་མོའི་ལམ་བསྒོམ་པ་ལ་བརྩོན་པར་མཛད་པས་ཐུགས་དམ་གྱི་ལྷ་དང་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པའི་ཞལ་གཟིགས། བདེ་དྲོད་དང་ཏིང་ངེ་འཛིན་གྱི་སྒོ་སོགས་མངོན་པར་རྟོགས་པ་བསམ་གྱིས་མི་ཁྱབ་པ་འཁྲུངས། བཟང་ངན་གྱི་རྐྱེན་རྣམས་རོ་སྙོམས། འབྱུང་བ་བཞི་ལ་རང་དབང་ཐོབ། རྫུ་འཕྲུལ་མངོན་ཤེས་རྒྱ་ཆེན་པོ་བརྙེས། མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་བ་སོགས་བདག་དོན་སྤངས་རྟོགས་ཀྱི་ཡོན་ཏན་མཐར་སོན་པས་གཞན་དོན་བླ་མ་དམ་པ་བརྒྱ་ཕྲག་ལྔ་ལས་གསན་པའི་ཆོས་རྣམས་བཀའ་བབས་ཆེན་པོ་བརྒྱད་དུ་བསྡུས་པའི་གདམས་པས་སྣོད་ལྡན་རྗེས་སུ་འཛིན་པ་དང༌། གསུང་ཡི་གེ་དྲུག་མའི་ཆོས་འཁོར་བསྐོར་བ་སོགས་གང་ལ་གང་འདུལ་གྱི་ཕྲིན་ལས་སྤྱི་དང༌། ཁྱད་པར་རྡོ་རྗེ་ཕག་མོ། རྗེ་བཙུན་སྒྲོལ་མ། ཨོ་རྒྱན་ཆེན་པོ་སོགས་ཀྱིས་ལུང་བསྟན་ལྟར་གྲུ་དང་ཟམ་པ། ལྕགས་ཟམ་འཛུགས་པ། སའི་མེ་བཙའ་གཙུག་ལག་ཁང་དང་རྟེན་གསུམ་བཞེངས་པ། གནས་སྒོ་འབྱེད་པ་སོགས་སྐྱེ་རྒུ་སྤྱི་དང༌། ཁྱད་པར་གངས་ཅན་གྱི་བསྟན་འགྲོ་སྤྱི་ལ་སྨན་པའི་ཐབས་ཚུལ་འབའ་ཞིག་ལྷུར་མཛད་པའི་རྣམ་ཐར་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ནི་ཕུལ་བྱུང་རབ་བརྟགས་ཀྱི་བསྔགས་པ་བརྗོད་པ་ཙམ་མ་ཡིན་པར་ཕྱག་རིས་དང་བྱིན་རླབས་ཀྱི་ཚན་ཁ་མཆོག་དམན་ཐམས་ཅད་ཀྱི་གཟིགས་ལམ་དུ་དངར་བ་འདི་ལགས། དེ་ལྟར་བསྙེན་པར་རྫོགས་པའི་མཚན་བརྩོན་འགྲུས་བཟང་པོ། རྒྱལ་སྡེའི་ཐང་དུ་མཁའ་འགྲོ་སྡེ་ལྔས་མཚན་རེ་གསོལ་བའི་གཙོ་བོས། ཁྱབ་གདལ་ཆེན་པོའི་ཐཾང་ཆེན་ན། །སྟོངཾ་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིགས་མེད་རྒྱལཾ་པོཾ་ལྟ་བུར་བཞུགས། །དེ་ཕྱིར་ཐང་

p. 628

སྟོང་རྒྱལ་པོར་ཐོགས། །ཞེས་ཡེ་ཤེས་ཀྱི་མཁའ་འགྲོས་གསོལ་བའི་མཚན་ཐང་སྟོང་རྒྱལ་པོ། རྟོགས་པའི་ཡོན་ཏན་མཛད་པའི་ཆ་ལས་བླ་དྭགས་སུ་གྲགས་པའི་མཚན་གྲུབ་ཐོབ་ལྕགས་ཟམ་པ་ཆེན་པོ་གང་དེས། བོད་དང༌། བལ་པོ། རྒྱ་གར། ཁ་ཆེ། རྒྱ་ནག་སོགས་འཛམ་བུ་གླིང་གི་སའི་ཁྱོན་ཕལ་མོ་ཆེ་དང༌། ཟངས་གླིང་དང༌། སིངྒ་ལ་དང༌། ཟླ་བའི་གླིང་སོགས་གླིང་ཕྲན་མང་པོ་ཞབས་ཀྱིས་བཅགས། སྐབས་ཤིག་ན་རྔ་ཡབ་ལངྐའི་གླིང་དུ་འབྱོན་པར་བཞེད་ནས། རྒྱ་གར་ནུབ་ཕྱོགས་ཀྱི་མཐར་གཤེགས་པ་ན་རྒྱ་མཚོ་ཆེན་པོར་ནོར་བུ་ལེན་པའི་ཚོང་པ་འགའ་ཞིག་གཟིངས་བཅས་ཏེ་འགྲོ་བར་གཟིགས། དེ་རྣམས་ལ་ངེད་རྔ་ཡབ་གླིང་དུ་འགྲོ་བ་ཡིན་པས་གྲུ་ལ་སྒྲོལ་བའི་རོགས་དན་གྱིས་ཞེས་གསུངས་པ་ན། དེ་རྣམས་ན་རེ། ངེད་ཅག་རྣམས་རིན་ཆེན་ལེན་པ་ཡིན་ལ། གླིང་དེར་རྫུ་འཕྲུལ་དང་མི་ལྡན་པས་བགྲོད་པར་མི་ནུས་ཤིང༌། རྫུ་འཕྲུལ་ཅུང་ཟད་ཡོད་པས་བགྲོད་ཀྱང་སྲོག་གི་བར་ཆད་དུ་འགྲོ་བས་ཁྱོད་རང་ཡང་འདི་ནས་ལོག་པ་འཐད་ཅེས་གྲུ་ལ་འཇུག་ཏུ་མ་འདོད། དེར་མཚོ་འགྲམ་དུ་ཁྱི་ལྤགས་སྟན་ལ་བཞུགས་ནས་སྒྱུ་མ་ལྟ་བུའི་ཏིང་འཛིན་བསྒོམས་ཤིང༌། ཁྱད་པར་དུ་མཚོའི་ནང་གྲངས་མེད་པའི་སེམས་ཅན་སྡུག་བསྔལ་མྱོང་བར་གཟིགས་པ་རྣམས་ལ་ཐུགས་སྙིང་རྗེ་ཆེན་པོས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་བཞིན་བཞུགས་པ་ན་ཀླུ་ཆེན་པོ་བརྒྱད་འོངས་ཏེ་རིན་པོ་ཆེ་སྣ་ཚོགས་ཕུལ་ནས་ཆོས་ཉན། ཀླུ་རྣམས་ཀྱིས་བསུ་བ་བྱས་ཏེ་སྐད་ཅིག་ལ་རྔ་ཡབ་གླིང་དུ་ཕྱག་ཕེབས་པ་ནས་གླིང་དེའི་ངོ་མཚར་གྱི་བཀོད་པ་རྣམས་མངོན་སུམ་གཟིགས། ཁྱད་པར་གླིང་དེའི་ནུབ་བྱང་ངོས་ནས་རིན་པོ་ཆེའི་རི་ཆེན་པོ་རྩེ་མོ་གསུམ་པའི་གཡས་ཕྱོགས་ན་སངས་རྒྱས་འོད་དཔག་མེད་དང༌། གཡོན་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་

p. 629

གསུངས། དབུས་ཀྱི་རི་ཙིཏྟའི་དབྱིབས་འདྲ་བའི་རྩེ་མོར་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོའི་དབུས་སུ་སློབ་དཔོན་ཆེན་པོ་པདྨ་རྒྱལ་པོའི་ཆ་ལུགས་རིག་འཛིན་མཁའ་འགྲོའི་ཚོགས་ལ་གསང་སྔགས་ཟབ་མོའི་ཆོས་འཁོར་བསྐོར་བའི་ཞབས་དྲུང་དུ་བྱོན། ཕྱག་འཚལ་ཞིང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་པ་ན། ཨོ་རྒྱན་ཆེན་པོས་སྒྲུབ་པ་ཆེན་པོ་སྡེ་དྲུག་འཆི་མེད་ཚེ་དང་བཅས་པའི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། ཁྱད་པར་བླ་མའི་རྣལ་འབྱོར་ལ་བརྟེན་པའི་ཚེ་སྒྲུབ་ཟབ་མོ་འདི་ཉིད་སྩལ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཞལ་གཟིགས། རི་དེའི་མདུན་དུ་པདྨའི་སྡོང་པོ་ཆེན་པོ་གསུམ་སྒྲིག་གི་དབུས་མའི་རྩེ་མོར་སློབ་དཔོན་ཆེན་པོ་པདྨ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་དང༌། གཡོན་ཕྱོགས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང༌། ཉེ་བའི་སྲས་བརྒྱད། རྡོ་རྗེ་ཕག་མོ། གཙོ་བོར་སྟེང་གི་ནམ་མཁར་དཔལ་རྡོ་རྗེ་སེམས་དཔའ་བཞུགས་པ་ལ་ལྷ་མིས་མཆོད་པ་འབུལ་བར་གཟིགས། སློབ་དཔོན་ཆེན་པོས་ཞུ་བའི་ཚུལ་མཛད་ནས་དཔལ་རྡོ་རྗེ་སེམས་དཔའ་ལས་རྫོགས་པ་ཆེན་པོའི་རྒྱུད་རྣམས་གསན། གཞན་ཡང་གླིང་དེར་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་དང་ཚོགས་ཀྱི་འཁོར་ལོའི་འདུ་བར་ལྷན་ཅིག་སྤྱོད་པ་མཛད་པ་ན་ཀླ་ཀློ་འདུལ་བ་དང༌། གནས་སྒོ་འབྱེད་པ་སོགས་ཀྱི་ལུང་བསྟན་དང་ཕྲིན་ལས་སྒྲུབ་པར་གཡར་དམ་ཕུལ་བ་ཡིན་ཏེ། གསོལ་འདེབས་ལས། ཨོ་རྒྱན་མཁའ་འགྲོའི་གླིང་དུ་ཕེབས་པའི་ཚེ། །པདྨ་འབྱུང་གནས་རྒྱལ་པོའི་ཆ་ལུགས་ཅན། །དཔའ་བོ་མཁའ་འགྲོ་དུ་མས་བསྐོར་བ་ལས། །སྒྲུབ་ཆེན་བཀའ་བརྒྱད་ལ་སོགས་གསན་ལ་འདུད། །སངས་རྒྱས་སྟོང་སོགས་ཡི་དམ་དུ་མ་གཟིགས། །ཁྱད་པར་སྟོན་པ་རྡོ་རྗེ་སེམས་དཔའ་ལ། །ཨོ་རྒྱན་ཆེན་པོས་ཞུ་བ་མཛད་བྱས་ནས། །བླ་མེད་རྫོགས་པ་ཆེན་པོ་གསན་ལ་འདུད། །ཅེས་རེ་ཞིག་གླིང་དེར་བཞུགས་པར་བཞེད་ཀྱང༌། མཁའ་འགྲོ་རྣམས་

p. 630

ཀྱིས་ནན་ཏན་དུ་བསྐུལ་ནས་རྫུ་འཕྲུལ་རླུང་གི་ནུས་པས་རིང་པོར་མ་ཡིན་པར་བོད་ཡུལ་དུ་ཕྱག་ཕེབས། དུས་དེར་སློབ་དཔོན་ཆེན་པོ་ལས་དངོས་སུ་གསན་པའི་ཚེ་སྒྲུབ་ཟབ་མོ་འདི་ཉིད་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས་གྲུབ་ཆེན་ཉིད་ཀྱིས་ལྕགས་མོ་གླང་ནས་ཤིང་སྦྲུལ་གྱི་བར་ལོ་བརྒྱ་དང་ཉི་ཤུ་རྩ་བརྒྱད་བཞུགས། སློབ་མའང་དགུང་ལོ་བརྒྱ་ཕྲག་བརྒལ་བའི་ཚེ་ལ་དབང་འབྱོར་བ་མང་དུ་བྱུང་བར་གྲགས། གྲུབ་ཆེན་ཉིད་ལ་སློབ་མའི་ཚོགས་མཐའ་ཡས་ཀྱང༌། འདིར་བརྒྱུད་པ་འདེད་རྒྱུ་རྡོ་རིང་ཀུན་སྤངས་པ་དང༌། བཤེས་གཉེན་བཀྲ་ཤིས་བཟང་པོ་ཟུང་ལ་སྩལ། དེ་གཉིས་ཀ་ལ་འཇམ་མགོན་གྲོལ་མཆོག་གིས་གསན། དེ་ལ་ངག་དབང་ཉི་ཟླ་བཟང་པོས་གསན་ནས་དེ་ཡན་ཆད་གསུང་རྒྱུན་ཡི་གེ་མེད་པའི་ཚུལ་དུ་བཞུགས་པ་ལས། དཔལ་ངག་གི་དབང་ཕྱུག་ཉི་ཟླ་བཟང་པོས་ཚེ་སྒྲུབ་ཉེ་བརྒྱུད་ཀྱི་ལོ་རྒྱུས། ཉེ་བརྒྱུད་ངོ་བོ། ཉེ་བརྒྱུད་འཆི་མེད་དཔལ་སྟེར་ཞེས་པའི་ཡི་གེ་གསུམ་མཛད་པ་ལུགས་འདིའི་གཞུང་རྩ་བ་ལྟ་བུ་ཡིན་ཞིང༌། དེ་ནས་བཟུང་ཚེ་སྒྲུབ་འཆི་མེད་དཔལ་སྟེར་དུ་གྲགས། ཕྱིས་ཆོ་ག་ཟོར་ཡང་ཞིང་བྱིན་རླབས་ཆེ་བས་གྲུབ་མཐའ་རིས་སུ་མ་ཆད་པའི་བླ་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པས་ལྷག་པར་ཟབ་ཅིང་དབང་ཆོག་སོགས་ཡིག་ཆ་ཡང་ཤིན་ཏུ་མང་བར་མངོན། བརྒྱུད་པའང་མི་འདྲ་བ་དུ་མ་ཡོད་མོད། གཙོ་ཆེ་བ་ངག་དབང་ཉི་ཟླ་བཟང་པོ་ནས་སྒེར་པ་རྗེ་བཙུན་ངག་དབང་ཉི་མ། འཇམ་དབྱངས་ཀུན་དགའ་བསོད་ནམས་དབང་ཕྱུག རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། ར་བ་སྨད་མཁན་ཆེན་ངག་དབང་བསོད་ནམས་མཆོག་གྲུབ། དེ་ལ་ཁོ་བོས་ཞུས་ཤིང༌། ཡང་ན་ངག་དབང་ཉི་ཟླ་བཟང་པོ་ནས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ཀུན་གཟིགས་ལྔ་པ་ཆེན་པོ། ཆོས་རྒྱལ་གཏེར་བདག་གླིང་པ། མང་ཐོས་པ་ཚེ་དབང་མི་འགྱུར་རྡོ་རྗེ། དེས་ཁོ་བོ་ལ་དགྱེས་པས་སྩལ་བའི་བརྒྱུད་པ་རྣམ་པར་དག་པ་ཡིན། གཞན་ཡང་ཀུན་མཁྱེན་

p. 631

ལྔ་པ་ཆེན་པོ་ལ་རྗེ་གྲུབ་ཆེན་ནས་སྩལ་བ་རྒྱ་ཅན་ནང་གི་རིགས་ལྔ་འཆི་མེད་མཆོག་སྦྱིན་དང༌། རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པའི་དག་སྣང་ཚེ་དབང་ལོ་བརྒྱ་མར་གྲགས་པ་གཉིས་ཀྱང་གདམས་པའི་ངོ་བོ་གཅིག་ཅིང་ཁོ་བོས་ལེགས་པར་ཐོབ་པའི་ཕྱིར། ཉེ་བརྒྱུད་ཀྱི་བྱིན་རླབས་ཀྱང་ཆུ་བོ་གཉིས་འདྲེས་སུ་བཞུགས་པ་ལགས། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ལ་བདག་དོན་དུ་ཚེ་སྒྲུབ་པ་དང༌། གཞན་དོན་དུ་དབང་བསྐུར་བ་གཉིས་ལས། འདིར་དབང་བསྐུར་གྱི་ཆོ་ག་སྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་འོས་རྣམས་སྔོན་དུ་གྲུབ། ཁྱེད་རང་རྣམས་ཀྱི་སྐུའི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་བླ་མ་ཚེ་དཔག་མེད་དངོས་སུ་གསལ་བ་ལ་ཚེ་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ནས་དབང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོར་བདག་ཕྱག་འཚལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དེ་ནས་བླ་མ་ཚེ་དཔག་མེད་དུ་གསལ་བའི་སྟེང་གི་ཆར། བརྒྱུད་པའི་བླ་མ་རྣམས་ཀྱི་མཐའ་སྐོར་དུ་རྒྱལ་བ་སྲས་དང་བཅས་པ་སྤྲིན་ཕུང་ཆེན་པོ་གཏིབས་པ་ལྟར་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ་དང༌། དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། དོན་དམ་པ་དང༌། ཀུན་རྫོབ་ཀྱི་སེམས་བསྐྱེད་པ། དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བ་སོགས་ཚིག་ཕྱིར་ཐུགས་གཞོལ་བས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་

p. 632

ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྡོམ་པ་གསུམ་མ་ཐོབ་པ་རྣམས་གསར་དུ་ཐོབ། ཐོབ་པ་རྣམས་གོང་དུ་འཕེལ་བས་དབང་གི་སྣོད་དུ་རུང་བའི་དགོས་པ་ཡོད་དོ། །གསུམ་པ་དབང་གི་གཞི་དགོད་པ་ནི། ཨོཾ་སྭ་བྷཱ་ཝ་སོགས། ཞེས་བརྗོད་པས་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པ་སེམས་ཉིད་འོད་གསལ་བའི་གནས་ལུགས་ལ་བློ་བཞག སྟོང་པའི་ངང་ལས་ས་ཕྱོགས་འདི་དག་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལག་མཐིལ་ལྟར་མཉམ་པ་བཻ་ཌཱུརྻའི་རང་བཞིན་སྣ་བདུན་མཆོག་ཏུ་འབར་བ་བཀོད་ལེགས་མཛེས་ཤིང་ལྷུན་སྟུག་པའི་དབུས་སུ་རྨ་བྱས་བཏེགས་པའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ། ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧྲཱི་དམར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེའི་གཟི་འོད་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཆ་སྟོད་དུ་ཟླ་གདན་ལ་ཐུགས་སྲོག་ཧྲཱིཿདམར་པོའི་ཁོག་པར་རང་གི་ཚེའི་འོད་ཀྱི་ཐིག་ལེ་དཀར་པོ་དང་བཅས་པ་གསལ་འདེབས་པ་ཞུ། བླ་

p. 633

མ་དང་རྒྱལ་བ་ཚེ་དཔག་མེད་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མགོན་པོ་ཚེ་དཔག་ཏུ་མེད་པའི་རྣམ་པར་ཉི་ཟེར་གྱི་རྡུལ་འཁྲིགས་པའམ། ཁ་བ་བུ་ཡུག་འཚུབས་པ་ཙམ་བྱོན་ནས་བདག་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་རྣམས། །རང་བྱུང་ཡེ་ཤེས་བརྡའ་ཡིས་རྒྱུད་བསྐུལ་ཏེ། །ཕྱག་རྒྱ་རོལ་པའི་གར་གྱིས་སྤྱན་འདྲེན་ན། །ལྷུན་གྲུབ་གཞལ་ཡས་གནས་འདིར་གཤེགས་སུ་གསོལ། །ལྷུན་གྲུབ་གཞལ་ཡས་གནས་འདིར་གཤེགས་ནས་ཀྱང༌། །འདིར་ཚོགས་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུ་སིདྡྷི་ཛཿ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་ཁྱེད་རང་དང་རོ་གཅིག་ཏུ་སངས་རྒྱས་མ་ཐོབ་བར་བརྟན་པར་གྱུར་པའི་མོས་པ་མཛོད། སུ་པྲ་ཏིཥྛས་མེ་ཏོག་འཐོར། གཉིས་པ་དངོས་གཞི་ལ། གང་ལས་དབང་བླང་བའི་ཡུལ་གསལ་གདབ་ཅིང་ཚེ་འགུགས་པ། ཚེའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བླང་བ། མཐའ་རྟེན་དངོས་གྲུབ་ཀྱི་རྫས་སྦྱིན་པ། དབང་དོན་བརྟན་པར་བྱ་བ་རྣམས་སུ་ཡོད་པ་ལས། དང་པོ་ནི། ཁྱེད་རང་རྣམས་མགོན་པོ་ཚེ་དཔག་ཏུ་མེད་པར་གསལ་བའི་སྤྱི་བོར་དབང་སྐུར་བ་པོའི་བླ་མ་དང་དབང་རྟེན་ཚེ་བུམ་གཉིས་སུ་མེད་པ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མཚན་དཔེའི་གཟི་འོད་འབར་བའི་དབུ་གཙུག་ཏུ་རྩ་བའི་བླ་མ། དེའི་དབུ་གཙུག་ཏུ་ངག་དབང་བསོད་ནམས་མཆོག་གྲུབ། དེའི་དབུ་གཙུག་ཏུ་རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཀུན་དགའ་བསོད་ནམས་དབང་ཕྱུག རྗེ་

p. 634

བཙུན་ངག་དབང་ཉི་མ། ངག་དབང་ཉི་ཟླ་བཟང་པོ། འཇམ་མགོན་ཀུན་དགའ་འགྲོལ་མཆོག རྡོ་རིང་ཀུན་སྤངས་ཆེན་པོ། དེ་མན་ཆད་སུམ་ལྡན་རྡོ་རྗེ་འཛིན་པའི་ཆ་ལུགས་ཅན། ཕྱག་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལོ་བརྒྱ་ལོན་པའི་ཚུལ་ཅན་ཕྱག་གཉིས་མཉམ་གཞག་གི་སྟེང་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཟ་ཧོར་མ་ཡོངས་གྲགས་ལྟར་དང༌། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐྱེར་སྒང་ལུགས་གསང་སྒྲུབ་ཀྱི་རྣམ་འགྱུར་ལྟར་རམ། ཡང་ན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་དབྱུག་ཏོ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ། དབུ་གཙུག་ན་རྟ་ཞལ་འཚེར་བ་ཁྲོ་བོའི་རྣམ་པ་ཅན། མགོན་པོ་ཚེ་དཔག་མེད། ཆོས་སྐུ་སྣང་བ་མཐའ་ཡས་རྣམས་ཐོ་བརྩེགས་སུ་བཞུགས་པར་གསལ་བའི་སོ་སོའི་ཐུགས་ཀ་ནས་འོད་འཕྲོས། བརྒྱུད་པའི་བླ་མ་ཡི་དམ། སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། གཉིས་སུ་མེད་པར་ཐིམ་པས་བླ་མ་དེ་རྣམས་སྐྱབས་གནས་ཀུན་འདུས་སུ་གྱུར་པར་མོས། དེ་ནས་ཚེ་འགུག་པའི་སླད་དུ་སྤྱི་བོར་བཞུགས་པའི་རྩ་བརྒྱུད་ཀྱི་བླ་མ་དེ་རྣམས་ཀྱི་སྐུ་ལས་ཚེའི་ལྷ་མོ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ་ཐོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྤྲོས་པ་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་བླ་ཚེ་འཕྲོག་པ། འཁྱམས་པ། ཡར་བ། འཆི་བདག་གཤིན་རྗེ་རྒྱལ་བསེན་སོགས་བགེགས་རིག་སྟོང་ཕྲག་བརྒྱད་ཅུ་དང༌། བན་བོན་མཐུ་བོ་ཆེ་རྣམས་ཀྱིས་བརྐུས་པ། འཕྲོག་པ། གཞོམ་པ། ཕྱི་ནང་གི་འབྱུང་བ་དགྲ་གཤེད་དུ་འཁྲུགས་པས་ཉམས་པ། ཟད་པ། འཐོར་བ་ཐམས་ཅད་ཨ་དང་ནྲྀ་སོགས་ཚེ་སྲོག་གི་ཡིག་འབྲུ་དང༌། བླ་གཟུགས་ཀྱི་སྲོག་ཆགས། བཀྲ་ཤིས་རྫས་རྟགས་ལ་སོགས་པའི་

p. 635

རྣམ་པར་རང་དབང་མེད་པར་བཀུག་སྟེ་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧྲཱིཿཡིག་ཚེའི་ཐིག་ལེ་དང་བཅས་པར་བསྟིམས་པས་བླ་དང་ཚེ་སྲོག་ཉམས་པ་ཐམས་ཅད་སོར་ཆུད་དེ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧྲཱིཿབཅོམ་ལྡན་མགོན་པོ་སོགས། གཉིས་པ་དབང་བསྐུར་བ་དངོས་ལ་ཁྱེད་རང་རྣམས་ཀྱི་དབུ་གཙུག་ན་བཞུགས་པའི་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ། བདག་ལ་འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ་སྙམ་དུ་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། །ནས་སྔགས་ལན་གསུམ། སྤྲོ་ན་བརྒྱུད་འདེབས་ཀྱང་བརྗོད། ཞེས་གསོལ་བ་བཏབ་པས་སྤྱི་བོའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཡར་བ་འཐོར་བ་ཉམས་ཆགས་སུ་གྱུར་པ་བདུད་དང་གཤིན་རྗེ་སོགས་གདོན་བགེགས་ཀྱིས་འཕྲོགས་ཤིང་སྦས་པ་རྣམས་དང༌། ཚེ་འཕེལ་ཞིང་བརྟན་པར་བྱེད་ནུས་པའི་བརྟན་གཡོ་སྣོད་བཅུད་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་བཞིའི་ཁམས་སྤྱི་དང༌། ནོར་བུ། འབྲུ། སྨན། བཅུད་ལེན་སོགས་ཀྱི་དྭངས་བཅུད། སྐྱེ་འགྲོ་མཐའ་དག་གི་ཚེ་དཔལ་བསོད་ནམས་ནུས་སྟོབས་སོགས་བཀྲ་ཤིས་དགེ་ལེགས། ཁྱད་པར་ལྷ་ཀླུ་གནོད་སྦྱིན་གྲུབ་པ་སོགས་ཚེ་བསྐལ་པར་གནས་པ་རྣམས་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས། ནུབ་ཕྱོགས་བདེ་བ་ཅན་དང་པདྨ་འོད་སོགས་དག་པའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་སྐུ་གསུམ་ཚེའི་ལྷ་ཚོགས་གཙོ་བོར་གྱུར་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་མཁའ་འགྲོ་ཆོས་སྲུང་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པའམ། བུང་བས་མེ་ཏོག་གི་བཅུད་བླངས་པ་ལྟར་འཆི་མེད་ཀྱི་བདུད་རྩིའི་རྣམ་པར་འོད་ཟེར་གྱི་སྣེ་ལ་འུབ་ཀྱིས་

p. 636

བསྡུས། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་སྐུ་ལ་ཐིམ། དེ་དག་གི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ལྔ་ལྡན་གྱི་རྒྱུན་ཆད་པ་མེད་པར་བབས་པས་ཁྱེད་རང་གི་སྤྱི་བོ་ནས་ཞུགས། སྤྱི་མགྲིན་སྙིང་ལྟེའི་རྩ་འཁོར་གྱི་གནས་རྣམས་རིམ་བཞིན་གང་སྟེ། མཐར་ལུས་ཐམས་ཅད་བདུད་རྩིས་ལྟེམས་མེར་གྱིས་གང་བས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྒོ་གསུམ་དྲི་མ་བག་ཆགས་དང་བཅས་པ་དག འཆི་མེད་ཚེའི་དབང་བཞི་ཐོབ་ཅིང་ནམ་ཡང་གཞོམ་གཞིག་མེད་པ་རྡོ་རྗེའི་ཚེ་སྲོག་མངོན་དུ་བྱས་པའི་ཐུགས་མོས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་སོགས་སྔགས་དང་བཅས་བརྗོད། གསུམ་པ་མཐའ་རྟེན་དངོས་གྲུབ་ཀྱི་རྫས་སྦྱིན་པ་ནི། ཐབས་ཀྱི་རྫས་བཅུད་ལེན་ཚེའི་རིལ་བུ་འདི་ཉིད་ཕྱག་གཡས་སུ་བྱིན་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་འགྱུར་བ་མེད་པ་རྡོ་རྗེ་ཚེའི་དབང་ཐོབ་པའི་ཐུགས་མོས། དཔོན་སློབ་མི་འབྲལ། རང་སྔགས། ཤེས་རབ་ཀྱི་རྫས་བདུད་རྩིའི་བཏུང་བ་འདི་ཉིད་ཕྱག་གཡོན་དུ་བྱིན་པས་ཤེས་རབ་སྟོང་པ་ཉིད་ཅིས་ཀྱང་མི་གཤིགས་པ་རྡོ་རྗེ་ཚེའི་དབང་ཐོབ་པའི་ཐུགས་མོས། འདི་ནི་བླ་མ་ལྷག་པའི་ལྷ། །དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱི། །འཁོར་འདས་ཀུན་གྱི་བཅུད་བསྡུས་པའི། །འཆི་མེད་བདུད་རྩི་གྲུབ་པའི་རྫས། །རེག་པས་རྐྱེན་ཀུན་སེལ་བྱེད་ཅིང༌། །མྱངས་པས་འཆི་མེད་གོ་འཕང་ཐོབ། །བཅུད་པས་རྟག་བརྟན་གཡུང་དྲུང་སྐུ། །བརྙེས་བྱེད་འཆི་མེད་བདུད་རྩི་འབུལ། །རང་སྔགས། ཚར་གྲངས་གསོག་ན། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ནས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད་ཀྱི་བར་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་སོགས་དང༌། ཚེ་རིལ་ཚེ་ཆང་སྔགས་ཁོ་ནས་སྦྱིན་པ་ལ་གྲངས་འཛིན། རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག

p. 637

མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག ཅེས་མེ་ཏོག་དོར། བཞི་པ་བྱིན་རླབས་བརྟན་པར་བྱ་བ་ནི། དེ་ལྟར་དབང་ཐོབ་པས་ཚེ་ཉམས་པ་གསོས། ཆད་པ་མཐུད། ཡར་བ་འདུས་ནས་འཆི་མེད་ཀྱི་དངོས་གྲུབ་ཐོབ་པར་གྱུར་པ་དེ་ཉིད་མི་འགྱུར་ཞིང་བརྟན་པའི་ཕྱིར་དུ་སྤྱི་བོའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་རྣམས་ཡས་རིམ་བཞིན་དགྱེས་པ་ཆེན་པོས་འོད་ཀྱི་རྣམ་པར་ལྡེམ་ལྡེམ་ཞུ་ནས་སློབ་དཔོན་ཚེ་དཔག་ཏུ་མེད་པར་གསལ་བ་ལ་ཐིམ། དེ་ཡང་འོད་ཟེར་གྱི་ཕུང་པོར་ཞུ་སྟེ་ཁྱེད་རང་རྣམས་ཚེ་དཔག་མེད་དུ་གསལ་བའི་ཐུགས་སྲོག་ཧྲཱིཿཡིག་ཚེ་ཡི་ཐིག་ལེ་དང་བཅས་པ་ལ་ཐིམ་པས་བླ་མ་བརྒྱུད་པ་རྣམས་ཀྱི་སྐུ་གསུང་ཐུགས་དང༌། ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་ནས་སྙིང་གའི་ཚེ་རྟེན་འོད་ཀྱི་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་གང་གིས་ཀྱང་མི་ཆོད་མི་ཤིགས་པའི་རང་བཞིན་དུ་གྱུར་པར་དམིགས་པ་རྩེ་གཅིག་ཏུ་གཏད་ཅིང༌། མཐར་དུས་གསུམ་གྱི་ཀུན་རྟོགས་བཅོས་སྒྱུར་སྒོམ་བྱེད་ཀྱི་འཛིན་པའི་སྒྲིབ་གཡོགས་དང་བྲལ་བ་སྐྱེ་འཆི་མེད་པའི་ཡེ་ཤེས་ཀ་དག་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་འཇོག་པ་ཞུ། ཚུལ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཆི་མེད་རིག་འཛིན་གྲུབ་པའི་ཚོགས་ཆེན་པོ་ནམ་མཁའི་ཁྱོན་གང་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཀྲ་ཤིས་པའི་གླུ་དབྱངས་ལེན་ཞིང་མནྡཱ་ར་བའི་མེ་ཏོག་གི་ཆར་ཕབ་སྟེ་རབ་ཏུ་གནས་པར་མཛད་པའི་ཐུགས་མོས་གནང་བར་ཞུ། ཡིན་ལུགས་དོན་ལ་སོགས་བརྗོད། དེས་དབང་གི་དངོས་གཞི་གྲུབ་ནས་རྗེས་ཀྱི་ཆོ་ག་ལ་དམ་ཚིག་བསྡུས་ནས་ཁས་

p. 638

བླང་བ་དང༌། ཡོན་ཕུལ་ཞིང་དགེ་བ་བསྔོ་བ་གཉིས་ལས། དང་པོ་ནི། དེ་ལྟར་དབང་ཐོབ་པ་ཙམ་གྱིས་མི་ཆོག དམ་ཚིག་བསྲུང་དགོས། ཇི་ལྟར་བསྲུང་ཚུལ་ཐེག་པ་བླ་ན་མེད་པའི་རྒྱུད་འགྲེལ་ལས་བཤད་པའི་དམ་ཚིག་གི་རིམ་པ་སྤྱི་དང༌། ཁྱད་པར་འཆི་བ་བསླུ་བའི་རྟོག་པ་ལས། རྐུན་མ་ཉ་དང་རི་དྭགས་སྦྲུལ། །བྱ་སོགས་སྲོག་ནི་འདོད་པ་རྣམས། །འདི་དག་བསད་ན་འཕྲལ་དུ་ནི། །ཚེ་རིང་བ་ཡང་ཚེ་ཐུང་འགྱུར། །ཞེས་པ་ལྟར་ཚེ་ཐུང་བའི་རྒྱུའི་གཙོ་བོ་གཞན་གྱི་སྲོག་གཅོད་པ་ཁོ་ན་ཡིན་པས་ནན་ཏན་དུ་སྤོང་བ་དང༌། ཚེ་སྒྲུབ་ཀྱི་གཞུང་གཞན་ལས། ཅི་འབྱོར་ཚེ་སྲོག་བསླུས་པ་དཔྲལ་བ་རུ། །ཉི་ཟླའི་རྟགས་གདབ་ཕྱིན་ཆད་སྲོག་མི་བཅད། །སྲོག་མི་བཅད་པའི་ཁས་བླངས་སྡོམ་པ་སྦྱིན། །ཞེས་སེམས་ཅན་འཆི་ངེས་ཀྱི་སྲོག་བསླུ་བ་ལ་ཅི་ནུས་སུ་འབད་པ་གལ་ཆེ་བས་དེ་རྣམས་ལ་བསྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར། གཉིས་པ་ནི། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་ཆེད་དུ་མཎྜལ་འབུལ་བ་ཞུ། སླར་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ། དེས་རྒྱལ་བའི་དབང་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་རྒྱུད་སྡེ་གོང་འོག་དང་སྔགས་གསར་རྙིང་ལས་བྱུང་བའི་སྒྲུབ་ཐབས་ཀྱི་སྲོལ་ཁ་རྒྱས་བསྡུས་གྲངས་ཀྱིས་མི་ལང་བ་ལྟ་བུ་བཞུགས་པའི་ནང་ནས་གྲུབ་ཆེན་ལྕགས་ཟམ་པ་ཆེན་པོས་སློབ་དཔོན་ཆེན་པོ་པདྨ་ལས་དངོས་སུ་གསན་པའི་ཚེ་སྒྲུབ་ཉེ་བརྒྱུད་འཆི་མེད་དཔལ་སྟེར་གྱི་དབང་ལེགས་པར་ཕུལ་གྲུབ་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང༌། དེ་ལས་བྱུང་བའི་དགེ་ཚོགས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་ཞུ། བསོད་ནམས་འདི་ཡིས་སོགས། དཔོན་སློབ་མི་

p. 639

འབྲལ་སོགས་བརྗོད་ལ་སློབ་མ་བཀྱེ། མཆོད་པ་ཁ་གསོས་བྱིན་གྱིས་བརླབ། ཨོཾ་གུ་རུ་ཨཱ་ཡུ་རྡེ་བ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཀྱིས་བསྟོད། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །སོགས་ཀྱིས་འདོད་དོན་གསོལ། ཡིག་བརྒྱ་ལན་བདུན་ནམ་གསུམ། མ་འབྱོར་པ་དང་ཉམས་པ་སོགས་ཀྱི་ནོངས་པ་བཤགས། འདིར་ནི་གཟུགས་དང་སོགས་ཀྱིས་རྟེན་ལ་བརྟན་བཞུགས་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཏོར་མགྲོན་འཇིག་རྟེན་པ་གཤེགས། བླ་བརྒྱུད་རྣམས་སྙིང་གའི་ཚེ་རྟེན་ལ་བསྟིམས་ནས་བླ་མ་རང་སེམས་དབྱེར་མེད་ཀྱི་ངང་ལ་མཉམ་པར་བཞག སླར་ཡང་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ལ་དགེ་བསྔོ་ཤིས་བརྗོད་ཅི་རིགས་བྱ་ཞིང༌། ལས་རྗེས་མི་མངོན་པར་བསྡུའོ། །ཉེ་བརྒྱུད་ཚེ་སྒྲུབ་ཀྱི་དབང་ཆོག་ཕྱིས་ཀྱི་ཕྱག་ལེན་ལྟར་ཅུང་ཟད་སྤྲོས་པས་བརྒྱན་པ་འདིའང་དོན་གཉེར་དུ་མས་སྔ་ཕྱིར་བསྐུལ་ངོར། བསྟན་འཛིན་ཆོས་རྗེའི་མཚན་གྱིས་བྱིན་གྱིས་བརླབས་པ་ཡེ་ཤེས་ལྷུན་གྲུབ་བམ། མིང་གཞན་དཔལ་ལྡན་བདེ་ཆེན་རྣམ་རོལ་འཆི་མེད་གྲུབ་པའི་དབང་ཕྱུག་གིས་སྦྱར་བས་བདག་གཞན་འགྲོ་ཀུན་འཆི་མེད་སྟོབས་བཅུའི་གོ་འཕང་ལ་རེག་ཅིང༌། ཡབ་རྗེ་གྲུབ་པའི་དབང་པོའི་བསྟན་སྲིད་རྒྱས་པའི་རྒྱུར་གྱུར་ཅིག། །།

འཆི་མེད་ཚེ་སྒྲུབ་དབང་ཆོག་དོན་གསལ་སྒྲོན་མེ།

p. 640
p. 641

འཆི་མེད་ཚེ་སྒྲུབ་དབང་ཆོག་དོན་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

p. 642

བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དང༌། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་ལ་ཕྱག་འཚལ་ལོ། །ཡི་དམ་གྱི་ལྷ་གསང་བདག་ཕྱག་ན་རྡོ་རྗེས་གནང་བའི་ཚེ་སྒྲུབ་འདི་ལ། ཆོ་ག་སྦྱོར་བ་དངོས་གཞི་འཇུག་གསུམ་ཡོད་པ་ལས། དང་པོ་སྦྱོར་བའི་ཆོ་ག་ལ། རྫས་ཡོ་བྱད་སྟ་གོན་ལ་གནས་པ། བླ་མ་སྟ་གོན་ལ་གནས་པ། སློབ་མ་སྟ་གོན་ལ་གནས་པ་དང་གསུམ་མོ། །རྫས་ཡོ་བྱད་སྟ་གོན་ལ་གནས་པ་ནི། དཀྱིལ་འཁོར་སྟ་གོན་ལ་གནས་པ། བུམ་པ་སྟ་གོན་ལ་གནས་པ། མཆོད་རྫས་སྟ་གོན་ལ་གནས་པ་དང་གསུམ་མོ། །དང་པོ་དཀྱིལ་འཁོར་ནི། ས་ལ་སྤོས་ཆུས་ཆག་ཆག་བཏབ་ལ། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་རབ་རྡུལ་ཚོན་གྱིས་དཀྱིལ་འཁོར་ལེགས་པར་བྲི། ཕྱག་ན་རྡོ་རྗེ་དཀྱིལ་འཁོར་པདྨ་འདབ་བརྒྱད་སྒོ་དང་བཅས་པ་རྫོགས་པར་བྲི། འབྲིང་པདྨ་འདབ་བརྒྱད་དམ། ཐ་མ་སྣམ་བུ་དཀར་པོའི་སྟེང་དུ་ནས་ཀྱི་ཚོམ་བུ་ལྷའི་གྲངས་དགོད། ཡོལ་བ་བླ་བྲེ་ལ་སོགས་ཡོད་ན་བཀྲམ། བུམ་པ་ནི་རིན་པོ་ཆེའི་བུམ་པའམ། རྫའི་བུམ་པ་ཆུ་བྲེ་གང་ཡན་ཆད་ཤོང་བ་ལ། ཆུ་ནི་འབབ་ཆུ་གཙང་མ། ཆུ་མིག་ལྐུག་པ་མ་ཡིན་པའི་ཆུ་གཙང་མ་རྒྱུན་མི་ཆད་པ་འབབ་པ་ནས་བླུག བུམ་རྫས་ནི་རིན་པོ་ཆེ་རྣམ་པ་ལྔ།«་་་་་གསེར་དངུལ་མུ་མེན་བྱུ་རུ་མུ་ཏིག» སྙིང་པོ་རྣམ་པ་ལྔ།«་་་་་གསེར་ཚྭ་མར་སྦྲང་རྩི་བུ་རམ།» འབྲུ་རྣམ་པ་

p. 643

ལྔ།«་་་་་ནས་འབྲས་ཏིལ་གྲོ་སྲན་མ།» དྲི་རྣམ་པ་ལྔ།«་་་་་ཙན་དན་ག་བུར་ཀ་ཀོ་ལ་གུར་གུམ་གི་ཝང༌།» སྨན་རྣམ་པ་ལྔ།«་་་་་ཀཎྜ་ཀ་རཱི་སླེ་ཏྲེས་རྒྱ་མཚོའི་ལྦུ་བ་དབང་ལག་ཤུ་དག་དཀར་པོ།» ལྔ་ཚན་ལྔ་པོ་དེ་རྣམས་ཕྱེ་མ་བྱས་ལ། སྤྲ་ཚིལ་གྱི་ནང་དུ་བསྡམས་ལ་བུམ་པའི་ནང་དུ་གཞུག ཕྱི་ལ་རས་དཀར་གྱི་ན་བཟའ་གསོལ། མགུལ་ཆིངས་རས་ཁ་ཚར་མ་ཉམས་པ་རབ་བདུན། འབྲིང་ལྔ། ཐ་མ་གསུམ། ཨོཾ་ཀལྤ་བྲྀཀྵཱ་སྭཱ་ཧཱ། ཞེས་པས་མགུལ་ཆིངས་ལེགས་པར་བཅིངས་སོ། །བུམ་པའི་ཁ་རྒྱན་ནི་ཤིང་འབྲས་བུ་ཅན་ལ་བྱའོ། །རྡོ་རྗེ་དང་ཚོན་སྣ་ལྔའི་གཟུངས་ཐག་ཁ་རྒྱན་ཁྲོད་དུ་གཞུག་གོ །དེ་ནི་ཕྱག་ན་རྡོ་རྗེའི་ཁྲུས་ཆོག་གི་བུམ་པ་ཡིན། ཚེ་དཔག་མེད་ཀྱི་བུམ་པ་ནི། རབ་རིན་པོ་ཆེའི་བུམ་པའམ་རྫའི་བུམ་པ། འབྲིང་ཚེ་བུམ་ཟླུམ་པོ། ཐ་མ་སྣོད་གང་ཡང་རུང་བ་གས་ཆག་མེད་པ་གུ་གུལ་གྱིས་ལེགས་པར་བདུགས་ལ། བགེགས་བསྐྲད། ཨོཾ་བཛྲ་ཡཀྵ་ཧཱུྃ་ཕཊ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་འདིས་བསྐྲད་དོ། །རབ་ཏུ་བྱུང་བ་ལ་ཞོ་དང་འོ་མས་བཀང་ངོ༌། །མི་ནག་པ་ལ་ཆང་ཕུད་གཙང་མས་བཀང་ངོ༌། །དེ་རྣམས་བུམ་པའི་སྟ་གོན་ཡིན། འབྲང་རྒྱས་ནི། ཕུད་ཕྱེ་གཙང་མ་མ་ཉམས་པ་བྲེ་གང་ཡན་ཆད་ལ། ཚེ་འཕེལ་བར་བྱེད་པའི་རྫས་ནི། རབ་དཀར་གསུམ་མངར་གསུམ། འབྲས་བུ་གསུམ། དབང་ལག རྟག་ཏུ་ངུ༌། ཅོང་ཞི། སྙིང་པོ་རྣམ་པ་ལྔ་སོགས་པ་ཚེ་འཕེལ་བར་བྱེད་པའི་

p. 644

རྫས་རྣམས་གདབ། འབྲང་རྒྱས་ཀྱི་དབྱིབས་ཟླུམ་པོ། ངོས་དཀར་ལ་འཇམ་པ། མར་འཇམ་པོས་ལེགས་པར་བྱུགས་ལ། དེའི་སྟེང་དུ་མར་གྱི་རྡོ་རྗེ་རྒྱ་གྲམ། རྩེ་ལ་རྡོ་རྗེ་རྩེ་ལྔ་པ་ཉི་ཟླས་བརྒྱན་པ། རིན་པོ་ཆེ་འབར་བ་བཞི། དྲྭ་བ། དྲྭ་ཕྱེད། དེའི་སྟེང་དུ་བྷྲཱུྃ་ལྔ་བཀོད། དེའི་ཐ་མ་ཚེ་རིལ་གྱིས་ལེགས་པར་བཀང་ལ། ཤིན་ཏུ་ཡིད་དུ་འོང་བ་ལེགས་པར་བཤམ། འབྲང་རྒྱས་དེ་ནི་ཚེ་ཆང་གི་སྟེང་དུ་བཞག ཚེ་མདའ་གས་ཆག་མེད་པ། དེ་ལ་བླ་གཡུ། ཚེ་དར་དམར་པོ་ལ་ཚེ་དཔག་མེད་པའི་སྙིང་པོ་བྲིས་ལ་འབྲང་རྒྱས་ལ་འཛུགས། དེས་ནི་བུམ་པ་འབྲང་རྒྱས་དང་བཅས་པའི་སྟ་གོན་བསྟན། མཆོད་རྫས་བཤམ་པ་ནི། མཆོད་རྫས་རྣམ་པ་ལྔ་ལེགས་པར་བཤམ། གཏོར་མ་ལྔ་བཤམ། གཏོར་མ་དར་ལ་སོགས་པས་ལེགས་པར་བརྒྱན། དེས་རྫས་ཡོ་བྱད་སྟ་གོན་ལ་གནས་པ་བསྟན། གཉིས་པ་བླ་མ་སྟ་གོན་ལ་གནས་པ་ནི། བླ་མ་བསླབ་པ་གསུམ་དང་ལྡན་པ། བྱམས་སྙིང་རྗེ་བྱང་ཆུབ་གྱི་སེམས་དང་ལྡན་པ། རབ་ཡི་དམ་ལྷ་ཡི་ཞལ་གཟིགས་པ། འབྲིང་བསྙེན་པའི་རྟགས་ཚད་དུ་ཕྱིན་པ། ཐ་མ་གྲངས་བསྙེན་ཐེམ་པའོ། །གསུམ་པ་སློབ་མ་སྟ་གོན་ལ་གནས་པ་ནི། སྒོ་གསུམ་བླ་མ་ལ་གུས་ཤིང༌། བླ་མས་ཅི་གསུང་སྒྲུབ་པ། གཏོང་ཕོད་ཆེ་བ། སྲོད་དང་ཐོ་རངས་ལ་ནི་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ། དམ་ཚིག་ལ་གནས་པ་ཞིག་དགོས། དེ་རྣམས་ཀྱིས་སློབ་མ་སྟ་གོན་ལ་གནས་པ་བསྟན་པའོ། །དེ་ཡན་ཆད་ཀྱིས་སྦྱོར་བའི་ཆོ་ག་བསྟན་ནོ། །དངོས་གཞི་ཚེ་སྒྲུབ་པར་བྱེད་པ་ལ། སྦྱོར་བ་དངོས་གཞི་འཇུག་གསུམ། དང་པོ་སྦྱོར་བ་ཚོགས་གསོག་པར་བྱེད་པ་ལ། གནས་གསུམ་བྱིན་གྱིས་བརླབ་པ་ནི། རང་ཉིད་འདུག་པའི་ས་ཕྱོགས་འདི་ཉིད་ལྕང་ལོ་ཅན་གྱི་གནས་རྡོ་རྗེའི་ས་གཞི་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ་ཡངས་ཤིང་རྒྱ་ཆེ་བ། མཐའ་རྡོ་རྗེ་རིན་པོ་ཆེའི་ཕ་གུས་བརྩིགས་པ། དེའི་ཕྱི་རིམ་ལ་གསེར་གྱི་སྡོང་པོ་ལ་གཡུའི་ལོ་འདབ་རྒྱས་པ། གཡུའི་སྡོང་པོ་ལ་གསེར་གྱི་ལོ་འདབ་རྒྱས་པ། རིན་པོ་ཆེ་རཱ་གའི་སྡོང་པོ་ལ་ཤེལ་གྱི་ལོ་འདབ་རྒྱས་པ། ཤེལ་གྱི་སྡོང་པོ་ལ་རིན་པོ་ཆེ་རཱ་གའི་ལོ་འདབ་རྒྱས་པ། བཻ་ཌཱུ་རྻའི་སྡོང་

p. 645

པོ་ལ་ཨིནྡྲ་ནཱི་ལའི་ལོ་འདབ་རྒྱས་པ། ཨིནྡྲ་ནཱི་ལའི་སྡོང་པོ་ལ་བཻ་ཌཱུརྻའི་ལོ་འདབ་རྒྱས་པ། དེ་རྣམས་ཀྱི་རྩེ་ལ་བྱ་སྤུ་སྡུག་པ་དང་ལྡན་པ་རྣམ་པ་སྣ་ཚོགས་པས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲ་སྒྲོགས་པ། ལྕང་ལོ་ཅན་གྱི་གནས་སམ། བདེ་བ་ཅན་གྱི་ཞིང་དུ་བསམ། རང་ལུས་སྐད་ཅིག་དྲན་རྫོགས་ཀྱིས་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། སྤྱན་གསུམ་དང་ལྡན་པ། མཆེ་བ་བཞི་གཙིགས་པ། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཀླུ་རིགས་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་ནང་ན་བཞུགས་པ་ཞིག་བསྒོམ། དེ་ལྟར་བསྒོམས་པའི་སྙིང་གར་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཡི་གེ་ཧཱུྃ་མཐིང་ག་འོད་དང་ལྡན་པ་ཞིག་ཏུ་བྱིན་གྱིས་བརླབ། གནས་གསུམ་བྱིན་གྱིས་བརླབས་ནས། ཐུགས་ཀའི་ཧཱུྃ་ལས་མདུན་དུ་པྃ་ཞིག་ཆད་པའི་པྃ་འོད་དུ་ཞུ་བས་པདྨའི་སྡོང་པོ་ཆ་གསུམ་པ་ཞིག་བསམ། དབུས་ཀྱི་ལྟེ་བ་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་བླ་མ་དང་ཐ་མི་དད་པ། ཚེ་འཛིན་བཀྲ་ཤིས་ཀྱི་ལྷ་མོ་རྣམས་ཀྱི་འཁོར་གྱིས་བསྐོར་བ་རྩ་བའི་བླ་མ་དང་ཐ་མི་དད་པར་བཞུགས་པར་བསམ། གཡས་ཀྱི་པདྨའི་སྡོང་པོ་ལ་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་རིག་སྔགས་ཀྱི་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བསྐོར་བ། དངོས་གྲུབ་སྟེར་བའི་ཚུལ་གྱིས་བཞུགས་པར་བསམ། གཡོན་ཕྱོགས་ཀྱི་པདྨའི་སྡོང་པོ་ལ་ཆོས་སྐྱོང་བའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་དང་བཅས་པ། བར་ཆད་སྲུང་ཞིང་མཐུན་རྐྱེན་སྒྲུབ་པའི་ཚུལ་དུ་བཞུགས་པར་བསམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། བདེ་བ་ཅན་གྱི་ཞིང་ཁམས་ནས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད། ལྕང་ལོ་ཅན་གྱི་གནས་ནས་ཕྱག་ན་རྡོ་རྗེ། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྐད་ཅིག་གིས་སྤྱན་འདྲེན་པར་བསམས་ལ། ཚིག་འདིས་སྤྱན་

p. 646

དྲང་ངོ༌། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་འཕགས་པ་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་འཛིན་ལྷ་མོའི་འཁོར་དང་བཅས། །ཚེ་དང་བསོད་ནམས་སྤེལ་བའི་ཕྱིར། །སྨོན་ལམ་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །བདག་དང་སེམས་ཅན་རྒྱུད་སྦྱང་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱང༌། །བར་ཆད་མ་ལུས་སྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ན་མོ་གུ་རུ། བུདྡྷ། དྷརྨ། སཾ་གྷ། ཨ་པ་རི་མི་ཏེ། བཛྲ་པཱ་ཎཱི། མ་མ་མ་ཧཱ་ཀཱ་ལ་ཡ་བུདྡྷ་བོ་དྷི་སཏྭ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ སོ་སོའི་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་ཚོགས་གསོག་པ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས། བསོད་ནམས་ཀྱི་ཚོགས་ལ། དག་པ་བླ་མ་ཡི་དམ་ལ་བརྟེན་ནས་ཚོགས་གསོག་པ་དང༌། མ་དག་པ་ཁམས་གསུམ་འཁོར་བ་ལ་བརྟེན་ནས་ཚོགས་གསོག་པ་ཡིན་ཏེ། དག་པ་བླ་མ་ཡི་དམ་ལ་བརྟེན་ནས་ཚོགས་གསོག་པ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་པས་ཕྱག་

p. 647

འཚལ་ལོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །ཁྱེད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྦྱིན་མཛད་པའི། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་དེ་ལྟར་ཕྱག་འཚལ་ལོ། །ཕྱག་བཙལ་ནས་རྒྱས་པར་བྱེད་ན། བཟང་པོ་སྤྱོད་པའི་སྒོ་ནས་ཡན་ལག་བདུན་རྣམ་དག་བྱ། བསྡུས་པ་བྱེད་ན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །བདག་པོས་ཡོངས་སུ་མ་བཟུང་བའི། །མཆོད་པའི་སྤྲིན་ཕུང་ཇི་སྙེད་ཡོད་པ་རྣམས། །བློ་ཡིས་བླངས་ནས་མ་ལུས་འབུལ་བར་བགྱི། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་བགྱིད་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་འདེབས། །བདག་གི་ལུས་ཀྱང་འབུལ་བར་བགྱི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དགེ་བ་གང་བསགས་བྱང་ཆུབ་ཆེན་པོར་བསྔོ། །ཞེས་བརྗོད་པའི་ཕྱི་ལ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །ཞེས་པ་ནས། །སྦྱིན་པ་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ཅག་རྒྱུ་སྦྱོར་རྣམས་ལ་རིག་འཛིན་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། ཞེས་སོགས་ཕར་ཕྱིན་དྲུག་གི་བསྟོད་པ་བྱ། དེ་དག་ནི་དག་པ་ལྷ་དང་བླ་མ་ལ་བརྟེན་ནས་ཚོགས་བསག་པ་ཡིན། མ་དག་པ་ཁམས་གསུམ་འཁོར་བ་ལ་བརྟེན་ནས་ཚོགས་བསག་པ་ནི། སེམས་ཅན་ཐམས་ཅད་བདེ་བའི་རྒྱུ་མཐའ་དག་དང་ལྡན་པར་གྱུར་ཅིག ཅེས་བྱམས་པ་བསྒོམ། མ་རྒན་སེམས་ཅན་ཐམས་ཅད་སྡུག་

p. 648

བསྔལ་མཐའ་དག་དང་བྲལ་བར་གྱུར་ཅིག ཅེས་སྙིང་རྗེ་བསྒོམ། མ་རྒན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འཁོད་པར་གྱུར་ཅིག ཅེས་དགའ་བ་བསྒོམ། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག སྙམ་པའི་བཏང་སྙོམས་བསྒོམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ། དེའི་ཆེད་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྒོམ་བཟླས་བྱ་སྙམ་པའི་འཇུག་པ་སེམས་བསྐྱེད་བསྒོམ། དེས་བསོད་ནམས་ཀྱི་ཚོགས་བསགས་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་ཚོགས་ཞིང་གི་ཡེ་ཤེས་ཀྱི་ལྷ་གཤེགས། དམ་ཚིག་པ་རྣམས་རང་གི་ཐུགས་ཀར་བསྡུ། དེ་ནས་ཡེ་ཤེས་ཀྱི་ཚོགས་གསོག་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ལ་ཕོག སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས། འོད་དུ་ཞུ་རང་ལ་བསྡུ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལ་ཕོག འོད་དུ་ཞུ་རང་ལ་བསྡུ། རང་འོད་དུ་ཞུ་ཐུགས་ཀའི་ཧཱུྃ་ལ་བསྡུ། པད་གདན་ཟླ་བའི་གདན་ལ་ཐིམ། ཟླ་བའི་གདན་ཞབས་ཀྱུ་ལ་བསྡུ། ཧཱུྃ་གི་ཞབས་ཀྱུ། འ་ལ་བསྡུ། འ་ཧ་ལ་བསྡུ། ཧ་དཔུང་པ་ལ་བསྡུ། དཔུང་པ་མགོ་ལ་བསྡུ། མགོ་ཟླ་ཚེས་ལ་བསྡུ། ཟླ་ཚེས་ཐིག་ལེ་ལ་བསྡུ། ཐིག་ལེ་ཇེ་ཆུང་ལ་སོང༌། ཏིལ་ཙམ་དུ་སོང༌། ཏིལ་ཙམ་པ་དེ་ལ་ཅི་ཙམ་གནས་ཀྱི་བར་དུ་བཞག རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྐྱེད་དེ། ཆོས་ཐམས་ཅད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཅིའི་ཡང་ངོ་བོར་མ་གྲུབ་པ། ཡོད་མེད་ཀྱི་རྟོག་པ་མ་ཤར་བར་ལྷོད་ཆེར་གློད་ལ་བཞག དེ་ཡེ་ཤེས་ཀྱི་ཚོགས་ཡིན། ལྟ་སྒོམ་སྤྱོད་གསུམ་གྱི་ལྟ་བའང་ཡིན། དངོས་གཞི་ལྷ་བསྒོམ་པ་ནི། སྟོང་པའི་ངང་ལས་རང་གི་སེམས་ཉིད་འདི་ཧཱུྃ་མཐིང་ག་ཞིག་ཏུ་བསྒོམ། ཧཱུྃ་མཐིང་ག་དེ་ལས་འོག་ཏུ་ཨེ་ཞིག་ཆད་པས། ཨེ་ལས་ནམ་མཁའ་མཐིང་ནག་འབར་བ་མཐའ་དབུས་མེད་པ་ཨེས་མཚན་པ། དེའི་སྟེང་དུ་ཡྃ་ཞིག་ཆད་པ་ལས་རླུང་གི་

p. 649

དཀྱིལ་འཁོར་གཞུ་ལྟ་བུ་ཡྃ་གྱིས་མཚན་པ་ཞིག་བསྒོམ། དེའི་སྟེང་དུ་རྃ་ཞིག་ཆད་པས། མེའི་དཀྱིལ་འཁོར་གྲུ་གསུམ་པ་རྃ་གྱིས་མཚན་པ་ཞིག་བསམ། དེའི་སྟེང་དུ་བྃ་ཞིག་ཆད་པས། དེ་འོད་དུ་ཞུ་བས་ཆུའི་དཀྱིལ་འཁོར་དཀར་ལ་ཟླུམ་པ་བྃ་གྱིས་མཚན་པ་ཞིག་བསྒོམ། དེའི་སྟེང་དུ་ལྃ་ཞིག་ཆད་པས། དབང་ཆེན་གསེར་གྱི་ས་གཞི་ལྃ་གྱིས་མཚན་པ་ཞིག་བསམ། དེའི་སྟེང་དུ་སུྃ་ཞིག་ཆད་པས། དབུས་ཀྱི་རི་བོ་མཆོག་རབ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཟུར་བཞི་ལོགས་བརྒྱད་ཀྱིས་ཉེ་བར་མཛེས་པ་ཞིག་བསམ། དེའི་སྟེང་དུ་ཧཱུྃ་དེ་ལས་པྃ་ཞིག་ཆད་པས། པདྨའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བ་ཞིག་བསམ། དེའི་སྟེང་དུ་རྃ་ཞིག་ཆད་པས། ཉི་མའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ། དེ་དང་མཉམ་པ་ཞིག་བསམ། དེའི་སྟེང་དུ་ཧཱུྃ་ལས་ཧཱུྃ་ཞིག་ཆད་པས། སྣ་ཚོགས་རྡོ་རྗེ་ལྟེ་བ་ཧཱུྃ་གིས་མཚན་པ་ཞིག་བསམ། ཧཱུྃ་དེ་ལས་འོད་ཟེར་ས་གཞི་ལ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་ལ་འཕྲོས་པས་རྡོ་རྗེའི་རྩིག་པ། སྟེང་ལ་འཕྲོས་པས་རྡོ་རྗེའི་ཐོག རྡོ་རྗེ་འཕྲོས་པས་རྡོ་རྗེ་ཆུང་ངུས་དྲྭ་མིག་བཀག་པ། དེའི་ཕྱི་རོལ་རྡོ་རྗེའི་གུར། རྡོ་རྗེའི་རྭ་བ་བསྐལ་པའི་རླུང་གིས་ཀྱང་མི་ཐར་བར་བསམ། རྡོ་རྗེ་རྒྱ་གྲམ་ལྟེ་བའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་ཏུ་ཉི་མའི་དཀྱིལ་འཁོར་ལ་ཕོག་པས་མེ་རི་རུ་གྱུར། སྟེང་གི་མེ་ལྕེ་འོག་ཏུ་འཕྲོ་བ། འོག་གི་མེ་ལྕེ་སྟེང་དུ་འཕྲོ་བ། མེའི་ཚྭ་ཚྭ་སྐར་ལྟར་འཁྲུགས་པ། མེ་རིའི་མཚམས་ལས་བགེགས་མ་འདའ་ཞིག ཧཱུྃ་དེ་ལས་བྷྲཱུྃ་ཞིག་ཆད་པས། གཞལ་ཡས་ཁང་རིན་པོ་ཆེ་ལྔ་ལས་གྲུབ་པ། གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཞི་པ། དྲྭ་བ་དང་དྲྭ་ཕྱེད། འདོད་ཡོན་སྣམ་བུ། གདུགས་ཆོས་འཁོར་རྩ་བརྒྱད་མཆོད་རྟེན། རིན་པོ་ཆེའི་ཕ་གུ། གསེར་གྱི་ཀ་བ་ལ་གཡུའི་གདུང་མ། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཡངས་ཤིང་རྒྱ་ཆེ་བ་ཞིག་བསམ། དེའི་དབུས་སུ་ཧཱུྃ་མཐིང་ག་ལ་ཡོད་པ་ལ། པདྨ་འདབ་མ་བརྒྱད་པ་ཞིག་བསམ། དེའི་སྟེང་དུ་

p. 650

རྃ་ལས་ཉི་མའི་དཀྱིལ་འཁོར་ཞིག་བསམ། དེའི་སྟེང་དུ་རང་གི་སེམས་ཉིད་ཧཱུྃ་མཐིང་ག་ཞིག་བསམ་སྟེ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག ཚུར་འདུས་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་ལ་མཆོད་པ་ཕུལ། ཐུགས་མཉེས་དངོས་གྲུབ་ཐམས་ཅད་ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་རྡོ་རྗེ་ནམ་མཁའ་ལ་འཕྱར་བ། གཡོན་པ་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་གཡས་བསྐུམས་པས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་བརྐྱངས་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། ཀླུ་རིགས་ལྔའི་ངོ་བོ་སྦྲུལ་བརྒྱད་ཀྱིས་སྐུ་ལ་བརྒྱན་ཏེ། རྒྱལ་རིགས་དཀར་པོས་དབུ་ལ་བརྒྱན་པ། རྗེའུ་རིགས་སེར་ཁྲས་སྙན་རྒྱན། བྲམ་ཟེའི་རིགས་དམར་ཁྲས་མགུལ་རྒྱན་དང་སྐ་རགས། དམངས་རིགས་ལྗང་ཁྲས་ཕྱག་གདུབ་དང་ཞབས་གདུབ། གདོལ་པ་ནག་པོའི་དོ་ཤལ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་ཁམས་སེར་གྱེན་ལ་བརྫེས་པ། ཞབས་བགྲད་ཅིང་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དང་ལྡན་པ། སྨ་ར་ཨག་ཚོམ་ལ་མེའི་ཚྭ་ཚྭ་འཕྲོ་བ་མེ་རིའི་དཀྱིལ་ན་བཞུགས་པར་བསྒོམ། དེ་ལྟར་བསྒོམས་པའི་སྤྱི་གཙུག་ཏུ་མི་བསྐྱོད་པ་ཚེ་དཔག་མེད་སྐུ་མདོག་དམར་པོ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་བདུད་རྩིས་གང་བ་བསྣམས་པ། དེའི་ཐུགས་ཀར་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་བསམ། དེས་རང་དམ་ཚིག་སེམས་དཔའ་བསྐྱེད་པ་བསྟན། བུམ་པ་ལ་དམིགས་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བུམ་པ་དེ། བྷྲཱུྃ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་དུ་བསམས་ལ། བུམ་པའི་ཆུ་ལ་དམིགས་ཏེ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་པས་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་བདུད་རྩིར་

p. 651

བསམ། དེའི་དབུས་སུ་པྃ་ལས་པདྨ། ཨ་ལས་ཟླ་བ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་བསམ། དེ་ཡོངས་སུ་གྱུར་པ་ལས་རང་ཇི་ལྟར་བསྒོམས་པ་དང་འདྲ་བའི་ཕྱག་ན་རྡོ་རྗེ་བསྐྱེད། དེའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་བསམ། དེས་ཡི་དམ་ཕྱག་ན་རྡོ་རྗེ་བསྐྱེད་པ་ཡིན། དེ་ནས་འབྲང་རྒྱས་ལ་དམིགས་པ་གཏད་པ་ནི། སྭ་བྷཱའི་སྔགས་ཀྱིས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་ཕྱི་འབྲང་རྒྱས་ཀྱི་རྣམ་པ་ལ། ནང་གཞལ་ཡས་ཁང་དུ་ཡོད་པ། ཕྱིའི་རྒྱན་རྣམས་ཀྱང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་འོད་དུ་འབར་བ་ཞིག་ཏུ་བསམ། དེ་ལྟ་བུར་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ། རིན་པོ་ཆེ་སེང་གེའི་ཁྲིའི་སྟེང་དུ་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཨོཾ་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་འཁོར་ལོ། གཡོན་པ་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་བསྣམས་པ། ཐུགས་དམ་བསྐུལ་ནས་ཇི་ལྟར་འབྱུང་བ་བཞིན་བསྒོམ། དེ་བཞིན་དུ་ཤར་དུ་གླང་པོ་ཆེ་བསྣོལ་པའི་ཁྲིའི་སྟེང་དུ་རྡོ་རྗེ་སེམས་དཔའ། ལྷོར་རྟ་མཆོག་བསྣོལ་བའི་ཁྲིའི་སྟེང་དུ་རིན་ཆེན་འབྱུང་ལྡན། ནུབ་ཏུ་རྨ་བྱ་བསྣོལ་བའི་ཁྲིའི་སྟེང་དུ་སྣང་བ་མཐའ་ཡས། བྱང་དུ་ཤང་ཤང་བསྣོལ་བའི་ཁྲིའི་སྟེང་དུ་དོན་ཡོད་གྲུབ་པ། སྟེང་ཕྱོགས་ཀུན་ཏུ་བཟང་མོ། ཤར་ལྷོར་སངས་རྒྱས་སྤྱན་མ། ལྷོ་ནུབ་མཱ་མ་ཀཱི། ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་དམ་ཚིག་སྒྲོལ་མ། གཡས་ན་རང་རང་གི་ཕྱག་མཚན། གཡོན་ན་ཚེའི་བུམ་པ་བསྣམས་པ། འོག་ཏུ་སའི་ལྷ་མོ་བརྟན་མ་དངུལ་གྱི་བུམ་པ་བདུད་རྩིས་གང་བ་འཛིན་པ། ཤར་དུ་ལྕགས་ཀྱུ་མ་གཡས་ལྕགས་ཀྱུ། གཡོན་ན་ཚེའི་བུམ་པ་བདུད་རྩིས་གང་བ་བསྣམས་པ། དེས་འགྲེའོ། །ལྷོར་ཞགས་པ་མ༴ ནུབ་ཏུ་ལྕགས་སྒྲོག་མ༴ བྱང་དུ་དྲིལ་བུ་མ༴ གྲུ་ཆད་བཞི་ལ། ཤར་དུ་ལཱ་སེ་མ་དཀར་མོ་

p. 652

དུང་ཕྲེང་ཅན། ལྷོར་མཱ་ལེ་མ་སྔོན་མོ་གཡུ་ཕྲེང་ཅན། ནུབ་ཏུ་གཱི་ཏི་མ་དམར་མོ་དབང་ཕྲེང་ཅན། བྱང་དུ་ནིརྟི་མ་ལྗང་གུ་གསེར་ཕྲེང་ཅན། ཀུན་ཀྱང་ཕྱག་གཡས་ན་ཚེའི་གཡབ་དར་བསྣམས་པ། གཡོན་ན་ཚེའི་བུམ་པ་བསྣམས་པ། ཚེ་མདའ་སྲོག་གི་རྟེན་དུ་འཛུགས་པ་བླ་གཡུ་ཚེ་ཡི་རྟགས་སུ་འཛུགས་པ། ཚེ་དར་ལེ་རྒན་གཡབ་ཏུ་འདོར་བ། ཚེ་བུམ་ཟླུམ་པོ་རྟེན་དུ་འཛུགས་པ། དེ་ལྟར་བསམས་ཏེ། དེ་ནི་ཚེའི་འབྲང་རྒྱས་ལ་དམིགས་པའོ། །ད་ནི་ཆང་གི་དམིགས་པ་ནི། ཕྱི་ཚེ་ཟླུམ་གྱི་རྣམ་པ་ལ་ནང་གཞལ་ཡས་ཁང་དུ་ཡོད་པའོ། །ཚེ་ཆང་ལ་དམིགས་ཏེ། ཨོཾ་ཨ་མྲྀ་ཏ། ཚེ་བྷྲཱུྃ། ཨཱ་བྷྲཱུྃ། ཡུ་བྷྲཱུྃ། ཞེས་བརྗོད་པས་ཚེ་དང་བསོད་ནམས་འཕེལ་བའི་བདུད་རྩིའི་རྒྱ་མཚོར་བསམས་ལ། དེ་ཡི་སྟེང་དུ་པྃ་ལས་པདྨ་འདབ་མ་བརྒྱད་པ་ཞིག་བསམ། དེའི་འདབ་མ་རེ་རེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ་བསམ། དེའི་སྟེང་དུ་ཧྲཱིཿདམར་པོ་རེ་བསམ། དེ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས། དེ་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་རྣམ་པར་སྣང་མཛད་ཚེ་དཔག་མེད། ཤར་དུ་རྡོ་རྗེ་སེམས་དཔའ་ཚེ་དཔག་མེད། ལྷོར་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད། ནུབ་ཏུ་སྣང་བ་མཐའ་ཡས་ཚེ་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ་ཚེ་དཔག་མེད། བྱང་ཤར་དུ་ཀུན་གཟིགས་ཚེ་དཔག་མེད། ཤར་ལྷོར་ཡོན་ཏན་ཚེ་དཔག་མེད། ལྷོ་ནུབ་ཏུ་ཡེ་ཤེས་ཚེ་དཔག་མེད། ནུབ་བྱང་དུ་མི་གཡོ་བ་ཚེ་དཔག་མེད། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཞི་བའི་ཉམས་ཅན་སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། དེ་རྣམས་ཀྱི་ཐུགས་ཀར་པྃ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རེ་རེ་བསམ། བདག་བསྐྱེད་མདུན་བསྐྱེད་བསྒོམས་པའི་ལྷ་རང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་

p. 653

འཕྲོས་པས་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་དང༌། དཔལ་ཕྱག་ན་རྡོ་རྗེ་དང༌། ཆོས་སྐྱོང་བའི་སྲུང་མ་རྣམས་གོང་གི་སྤྱན་དྲང་བའི་ཚིག་རྣམས་བརྗོད་པས། མདུན་གྱི་ནམ་མཁའ་ལ་ཁྲ་མེར་མེར་བྱོན་པར་བསམས་ལ། ཛཿཞེས་པས་སྤྱི་བོར་བྱོན། ཧཱུྃ་ཞེས་པས་ཐིམ་པར་བསམ། བྃ་ཞེས་པས་འདྲེས། ཧོཿཞེས་པས་དགྱེས་ཤིང་བརྟན་པར་བསམ། དེ་ལྟར་གཉིས་སུ་མེད་པར་བསྒོམས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་བསམ། ཡང་རང་དང་བུམ་ནང་གི་ལྷ་རྣམས་ཀྱི་ཐུགས་ཀའི་ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་དང༌། ཕྱག་ན་རྡོ་རྗེ། ཆོས་སྐྱོང་བའི་སྲུང་མའི་ཚོགས་རྣམས་ཐུགས་ཀ་ནས་འཆི་མེད་ཀྱི་བདུད་རྩིའི་རྒྱུན་དཀར་ནར་གྱིས་བབས་པས། རང་དང་བུམ་པ་གཉིས་ཀ་ལྟེམ་གྱིས་ཁེངས་པར་བསམ་ཞིང༌། ཨོཾ་ཨ་པ་རི་མི་ཏེ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ཧྲཱིཿསྭཱ་ཧཱ། ཞེས་པའི་ཛབ་ཅི་མང་དུ་བགྲང༌། ཐོག་མར་བར་ཆད་སེལ་བའི་དོན་དུ། ཕྱག་ན་རྡོ་རྗེའི་བུམ་པ་ལ་དམིགས་པའི་བཟླས་པ་བྱ་བ་ནི། བུམ་པའི་ཁ་ནང་ནས་གཟུངས་ཐག་བླངས་ཏེ། རང་གི་ཐུགས་ཀའི་ཧཱུྃ་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ། ཅེས་པས་བསྐོར་བར་བསམས་ལ། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པར་བསམ། དེ་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་བབས་པས། བུམ་པའི་ནང་ཐམས་ཅད་བདུད་རྩིས་དཀར་མེར་གྱིས་གང་བར་བསམ། ཕྱག་ན་རྡོ་རྗེའི་སྐུ་ལས་ཀྱང་བདུད་རྩི་བབས་པར་བསམས་ཤིང༌། བཛྲ་པཱ་ཎྀའི་སྔགས་ཅི་མང་དུ་བཟླ། བཟླས་པའི་རྗེས་ལ་བསྟོད་པ་དང༌། བདུན་རྣམ་དག་བྱ། གསོལ་བ་གདབ་པ་ནི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། རིག་སྔགས་ཀྱི་ཁྲོ་བོ་དང་ཁྲོ་མོའི་ཚོགས་སུ་གྱུར་པ་ཁྱེད་རྣམས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་ཕྱིའི་བར་དུ་གཅོད་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཞི་བར་མཛད་དུ་གསོལ། ནང་གི་

p. 654

བར་དུ་གཅོད་པ་ནད་བཞི་བརྒྱ་རྩ་བཞིའི་གནོད་པ་ཞི་བར་མཛད་དུ་གསོལ། ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གནོད་པ་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཅེས་ལན་གསུམ་གསོལ་བ་གདབ། ད་འབྲང་རྒྱས་ལ་དམིགས་ཏེ། འོད་ཟེར་སྤྲོ་བསྡུ་ཕྱག་ལེན་ལྟར་བྱེད་ཅིང༌། ཐུགས་དམ་བསྐུལ་བ་ནི། དབུས་ཕྱོགས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །རྣམ་པར་སྣང་མཛད་ཚེ་དཔག་མེད། །ཕྱག་གཡས་འཁོར་ལོ་འབར་བ་བསྣམས། །དབུས་ཕྱོགས་ནམ་མཁའི་བདུད་བཅོམ་མོ། །གཡོན་ན་ཚེ་ཡི་བུམ་པ་བསྣམས། །བུམ་པ་མི་འགྱུར་རྡོ་རྗེ་ཚེ་ཡིས་བཀང༌། །ཁ་རྒྱན་མི་འགྱུར་དཔག་བསམ་ཤིང༌། །མགུལ་ཆིངས་མི་འགྱུར་ལེ་བརྒན་རྩི། །རྡོ་རྗེ་ཚེ་ཡིས་བཀང་ནས་ཀྱང༌། །དབུས་ཀྱི་ཕྱོགས་ནས་ཚེ་སྩོལ་སྲོག་སྐྱོབས་ཤིག ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨཱ་ཡུ་ཕ་ལ་སིདྡྷི་ཧཱུྃ། ཨོཾ་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ཡུ་ཚེ་བྷྲཱུྃ། ཨཱ་ཡུར་ཛྙཱ་ན་ཡུ་ཚེ་བྷྲཱུྃ། ཨ་པ་རི་མི་ཏེ་ཡུ་ཚེ་བྷྲཱུྃ། གཟུངས་རིང་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ། ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷེ། དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ། མ་ཧཱ་ན་ཡ་པ་རི་ཝཱ་«་་་་་འདིར་མི་སྤེལ་འཇུག» རེ་སྭཱ་ཧཱ། ཤར་ཕྱོགས་གླང་ཆེན་བསྣོལ་བའི་ཁྲི་སྟེང་ན། །ཞེས་སོགས་གོང་གི་འགྲེས་སོ། རྡོ་རྗེ་སེམས་དཔའ་ཚེ་དཔག་མེད། །ཕྱག་གཡས་རྡོ་རྗེ༴ །ཤར་ཕྱོགས་ས་ཡི༴ །གཡོན་ན་ཚེ་ཡི༴ །བུམ་པ་མི་འགྱུར༴ །ཁ་རྒྱན༴ །མགུལ་ཆིངས༴ །ཤར་གྱི་ཕྱོགས་ནས་ཚེ་སྩོལ༴ གོང་གི་ཛབ་བཟླ། ལྷོ་ཕྱོགས་རྟ་མཆོག་བསྣོལ༴ །རིན་ཆེན་འབྱུང་ལྡན༴ །ཕྱག་གཡས་རིན་ཆེན༴ །ལྷོ་ཕྱོགས་མེ་ཡི༴ །གཡོན་ན༴ །བུམ་པ༴ །ཁ་རྒྱན༴ །མགུལ་ཆིངས༴ །རྡོ་རྗེ་ཚེ༴ །ལྷོ་ཡི་ཕྱོགས་ནས་ཚེ༴ །ཛབ་དང་གཟུངས་རིང་གོང་གི་འགྲེས་སོ། །ནུབ་ཕྱོགས་རྨ་བྱ་བསྣོལ༴

p. 655

སྣང་བ་མཐའ་ཡས༴ །ཕྱག་གཡས་པདྨ༴ །ནུབ་ཕྱོགས་ཆུ་ཡི༴ །གཡོན་ན༴ །བུམ་པ༴ །ཁ་རྒྱན༴ །མགུལ་ཆིངས༴ །རྡོ་རྗེ་ཚེ་ཡིས༴ །ནུབ་ཀྱི་ཕྱོགས་ནས་ཚེ༴ །ཛབ་དང་གཟུངས་རིང་བཟླ། བྱང་ཕྱོགས་ཤང་ཤང་བསྣོལ་བའི༴ །དོན་ཡོད་གྲུབ་པ༴ །ཕྱག་གཡས་རྡོ་རྗེ་རྒྱ་གྲམ༴ །བྱང་ཕྱོགས་རླུང་གི༴ །གཡོན་ན༴ །བུམ་པ༴ །ཁ་རྒྱན༴ །མགུལ་ཆིངས༴ །རྡོ་རྗེ་ཚེ་ཡིས༴ །བྱང་གི་ཕྱོགས་ནས༴ སྐབས་འདིར་གོང་གི་ཛབ་རྣམས་དང༌། ལྷ་རེའི་ཐུགས་དམ་བསྐུལ་བའི་རྗེས་ལ་ཚར་གསུམ་གསུམ་ལ་སོགས་ཅི་མང་དུ་བཟླ། གཟུངས་རིང་འོག་མ་ཚར་གཅིག་བརྗོད། ཤར་ལྷོའི་མཚམས་ནས་ཚེ་འཛིན་མ། །རྡོ་རྗེ་ལྷ་མོ་སངས་རྒྱས་སྤྱན། །ཕྱག་གཡས་རྡོ་རྗེ་འབར་བ་བསྣམས། །གཡོན་ན་དུང་གི་བུམ་པ་བསྣམས། །བུམ་པ་མི་འགྱུར་རྡོ་རྗེ་ཚེ་ཡིས་བཀང༌། །ཁ་རྒྱན་མི་འགྱུར་དཔག་བསམ་ཤིང༌། །མགུལ་ཆིངས་མི་འགྱུར་ལེ་བརྒན་རྩི། །རྡོ་རྗེ་ཚེ་ཡིས་བཀང་ནས་ཀྱང༌། །ཤར་ལྷོ་མཚམས་ནས་ཚེ་སྩོལ་སྲོག་སྐྱོབས་ཤིག །ཛབ་དང་གཟུངས་རིང་གོང་བཞིན་བཟླ། ལྷོ་ནུབ་མཚམས་ནས་ཚེ་འཛིན་མ། །རིན་ཆེན་ལྷ་མོ་མཱ་མ་ཀཱི། །ཕྱག་གཡས་རིན་ཆེན་འབར་བ༴ །གཡོན་ན་གཡུ་ཡི་བུམ་པ༴ །བུམ་པ་མི༴ །ཁ་རྒྱན༴ །མགུལ་ཆིངས༴ །རྡོ་རྗེ་ཚེ་ཡིས༴ །ལྷོ་ནུབ་མཚམས་ནས་ཚེ༴ །ནུབ་བྱང་མཚམས་ནས་ཚེ་འཛིན་མ། །པདྨའི་ལྷ་མོ་གོས་དཀར་མོ། །ཕྱག་གཡས་པདྨ་འབར་བ༴ །གཡོན་ན་བྱུ་རུ་བུམ༴ །བུམ་པ༴ །ཁ་རྒྱན༴ །མགུལ་ཆིངས༴ །རྡོ་རྗེ་ཚེ་ཡི༴ །ནུབ་བྱང་མཚམས་ནས༴ །བྱང་ཤར་མཚམས་ནས་ཚེ་འཛིན་མ། །ལས་ཀྱི་ལྷ་མོ་སྒྲོལ་མ་ཆེ། །ཕྱག་གཡས་རྒྱ་གྲམ༴ །གཡོན་ན་མརྒད་བུམ་པ༴ །བུམ་པ༴ །ཁ་རྒྱན༴ །མགུལ་ཆིངས༴ །རྡོ་རྗེ༴ །བྱང་ཤར་མཚམས་ནས་ཚེ་སྩོལ༴ །གོང་གི་ཛབ་བཟླ། སྟེང་གི་ཕྱོགས་ནས་ཚེ་འཛིན་མ། །རྡོ་རྗེ་ལྷ་མོ་ཀུན་བཟང་ཡུམ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །བུམ་པ༴ །ཁ་རྒྱན༴ །མགུལ་ཆིངས༴ །རྡོ་རྗེ་ཚེ་ཡིས༴ །སྟེང་གི་ཕྱོགས་ནས༴ །འོག་གི་ཕྱོགས་ནས་ཚེ་འཛིན་མ། །ས་ཡི་ལྷ་མོ་བརྟན་མ་ནི། །ཕྱག་ན་དངུལ་གྱི་བུམ་པ༴ །བུམ་པ༴ །ཁ་རྒྱན༴ །མགུལ་

p. 656

ཆིངས༴ །རྡོ་རྗེ་ཚེ༴ །འོག་གི་ཕྱོགས་ནས་ཚེ༴ །ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ལྷ་མོ་ལྕགས་ཀྱུ་མ། །ཕྱག་ན་ལྕགས་ཀྱུ་འབར་བ་བསྣམས། །ཤར་ཕྱོགས་དྲི་ཟའི་ལག་ནས་བླ་ཚེ་ཁུག །སྲིད་པའི་མ་མོའི་ལག་ནས་བླ༴ །བདུད་དང་གཤིན་རྗེའི་ལག་ནས་བླ༴ ལྷ་དང་གནོད་སྦྱིན་ལག་ནས༴ །ཀླུ་དང་ས་བདག་ལག༴ །གཉན་ཆེན་སྡེ་ལྔའི༴ །རྒྱལ་བསེན་ཕོ་མོའི་ལག༴ །བགེགས་རིག་སྟོང་ཕྲག་བརྒྱད་ཅུའི༴ །གདོན་རིགས་སྟོང་ཕྲག་བཅོ་བརྒྱད༴ །བྱིས་པའི་གདོན་ཆེན་བཅོ་ལྔའི༴ །ལྷ་སྲིན་སྡེ་བརྒྱད་ལག༴ །ཚེ་ཉམས་རྣམས་ཀྱི་ཚེ་ཁུག་ལ༴ །ཚེ་ཡི་རྟེན་ལ་བསྟིམ་དུ་གསོལ། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འཛད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །ཤར་ལྷོ་མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །སྔགས་གོང་བཞིན་རིམ་པར་བཟླ། ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །རིན་ཆེན་ལྷ་མོ་ཞགས་པ་མ། །ཕྱག་ན་ཞགས་པ་འབར་བ་བསྣམས། །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་བླ་ཚེ་ཁུག །མན་ཆད་གོང་དང་འགྲེས། ལྷོ་ནུབ་སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག །ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །པདྨའི་ལྷ་མོ་ལྕགས་སྒྲོག་མ། །ཕྱག་ན་ལྕགས་སྒྲོག་འབར་བ་བསྣམས། །ནུབ་ཕྱོགས་ཀླུ་དབང་ལག༴ གོང་གི་འགྲེས། ནུབ་བྱང་རླུང་ལྷའི་ལག་ནས་དཔལ༴ །བྱང་གི་ཕྱོགས་ནས་ཚེ་འགུགས་མ། །ལས་ཀྱི་ལྷ་མོ་དྲིལ་བུ་མ། །ཕྱག་ན་དྲིལ་བུ་འབར་བ་བསྣམས། །བྱང་ཕྱོགས་གནོད་སྦྱིན་ལག་ནས་བླ༴ །སྲིད་པའི་མ་མོའི་ལག༴ གོང་གི་འགྲེས་སོ། །བྱང་ཤར་དབང་ལྡན་ལག་ནས་དཔལ་སྐྱོབས་ཤིག །ཤར་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་ཡངས་ནས། །ལཱ་སེ་དཀར་མོ་དུང་ཕྲེང་ཅན། །དབུ་ལ་རིན་ཆེན་ཅོད་པན་བཅིངས། །ཕྱག་གཡས་ཚེ་ཡི་གཡབ་དར་བསྣམས། །གཡོན་ན་ཚེ་ཡི་བུམ་པ་བསྣམས། །ཚེ་མདའ་སྲོག་གི་རྟེན་དུ་འཛུགས །བླ་གཡུ་ཚེ་ཡི་རྟགས་སུ་འཛུགས། །ཚེ་དར་ལེ་བརྒན་གཡབ་ཏུ་འདོར། །ཚེ་བུམ་ཟླུམ་པོ་རྟེན་དུ་འཛུགས། །ཤར་གྱི་ཕྱོགས་ནས་

p. 657

ཚེ་སྩོལ་སྲོག་སྐྱོབས་ཤིག །ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨཱ་ཡུ་ཕ་ལ་སིདྡྷི་ཧཱུྃ། འོག་མ་རྣམས་ལའང་འགྲེས་སོ། །ལྷོ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་ཡངས་ནས། །མཱ་ལེ་སྔོན་མོ་གཡུ་ཕྲེང་ཅན། །དབུ་ལ་རིན་ཆེན༴ །ཕྱག་གཡས་ཚེ་ཡི༴ །གཡོན་ན་ཚེ་ཡི༴ །ཚེ་མདའ༴ །བླ་གཡུ༴ །ཚེ་དར༴ །ཚེ་བུམ་ཟླུམ༴ །ལྷོ་ཡི་ཕྱོགས་ནས༴ །ནུབ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་ཡངས་ནས། །བཱི་ཏི་དམར་མོ་དབང་ཕྲེང་ཅན། །དབུ་ལ་རིན་ཆེན༴ །ཕྱག་གཡས་ཚེ༴ །གཡོན་ན་ཚེ་ཡི༴ །ཚེ་མདའ༴ །བླ་གཡུ་ཚེ༴ །ཚེ་དར༴ །ཚེ་བུམ་ཟླུམ༴ །ནུབ་ཀྱི་ཕྱོགས་ནས་ཚེ་སྩོལ༴ །བྱང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་ཡངས༴ །ནཱིར་ཏི་ལྗང་གུ་གསེར་ཕྲེང་ཅན། །དབུ་ལ་རིན་ཆེན༴ །ཕྱག་གཡས་ཚེ་ཡི༴ །གཡོན་ན་ཚེ་ཡི༴ །ཚེ་མདའ་སྲོག་གི༴ །བླ་གཡུ་ཚེ་ཡི༴ །ཚེ་དར་ལེ་བརྒན༴ །ཚེ་བུམ་ཟླུམ་པོ༴ །བྱང་གི་ཕྱོགས་ནས་ཚེ་སྩོལ་སྲོག༴ ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨཱ་ཡུ་ཕ་ལ་སིདྡྷི་ཧཱུྃ། བདག་ཅག་འཁོར་དང་བཅས་པ་ཡི། །བླ་ཚེ་ཉམས་པ་མི་སྲིད་ཀྱི། །བླ་ཚེ་ཤ་ལས་ཉམས་གྱུར་ན། །ས་ཡི་ཁམས་ནས་བླ་ཚེ་ཁུག །ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨཱ་ཡུ་ཕ་ལ་སིདྡྷི་ཧཱུྃ། བདག་ཅག་འཁོར་དང་བཅས༴ །བླ་ཚེ༴ །བླ་ཚེ་ཁྲག་ལས༴ །ཆུ་ཡི་ཁམས༴ ཨོཾ་ཨཱཿཧཱུྃ༴ ཞེས་སོགས་གོང་དང་འགྲེའོ། །བདག་ཅག༴ །བླ་ཚེ༴ །བླ་ཚེ་དྲོད་ལས༴ །མེ་ཡི་ཁམས༴ །ཨོཾ་ཨཱཿཧཱུྃ༴ །བདག་ཅག༴ །བླ་ཚེ༴ །བླ་ཚེ་དབུགས་ལས༴ །རླུང་གི་ཁམས༴ །ཨོཾ་ཨཱཿཧཱུྃ༴ །བདག་ཅག༴ །བླ་ཚེ༴ །བླ་ཚེ་སེམས་ལས༴ །ནམ་མཁའི་ཁམས༴ ཨོཾ་ཨཱཿཧཱུྃ༴ །བདག་ཅག༴ །བླ་ཚེ༴ །བླ་ཚེས་ས་ལས༴ །ས་ཡི་སྙིང་པོ་གསེར་ཡིན་པས། །བླ་ཚེ་ཉམས་པ་གསེར་ལ་བསྡུ། །གསེར་ལ་ཚེ་ཡི་རྟེན་མཆིས་སོ། །བདག་ཅག༴ །བླ་ཚེ༴ །བླ་ཚེ་ཆུ་ལས༴ །ཆུ་ཡི་བཅུད་ནི་ཚྭ་ཡིན་པས། །བླ་ཚེ་ཉམས་པ་ཚྭ༴ །ཚཱ་ལ་ཚེ་ཡི་རྟེན་མཆིས་སོ། །བདག་ཅག༴ །བླ་ཚེ༴ །བླ་ཚེ་རྩི་ཐོག་ལས་ཉམས་ན། །རྩི་ཐོག་སྙིང་པོ་མར༴

p. 658

བླ་ཚེ་ཉམས་པ་མར༴ །མར་ལ་ཚེ་ཡི་རྟེན༴ །བདག་ཅག༴ །བླ་ཚེ༴ །བླ་ཚེ་མེ་ཏོག་ལས་ཉམས་ན། །མེ་ཏོག་སྙིང་པོ་སྦྲང་ཡིན་པས། །བླ་ཚེ་ཉམས་པ་སྦྲང༴ །སྦྲང་ལ་ཚེ་ཡི༴ །བདག་ཅག༴ །བླ་ཚེ༴ །བླ་ཚེ་ཤིང་ལས༴ །ཤིང་གི་བཅུད་ནི་བུ་རམ་ཡིན། །བླ་ཚེ་ཉམས་པ་བུ་རམ༴ །བུ་རམ་ལ་ཚེ་ཡི༴ །བདག་ཅག༴ །བླ་ཚེ༴ །བླ་ཚེ་སྔོ་ལས༴ །སྔོ་ཡི་སྙིང་པོ་འོད་ལྡན༴ །བླ་ཚེ་ཉམས་པ་འོད་ལྡན༴ །འོད་ལྡན་ལ་ཚེ༴ །བདག་ཅག༴ །བླ་ཚེ༴ །བླ་ཚེ་སྲོག་ལས༴ །སྲོག་གི་སྙིང་པོ་ནྲྀ་ཡིན་པས། །བླ་ཚེ་ཉམས་པ་ནྲྀ་ལ༴ །ནྲྀ་ལ་ཚེ་ཡི་རྟེན༴ །བདག་ཅག༴ །བླ་ཚེ༴ །བླ་ཚེ་རྡོ་ལས༴ །རྡོ་ཡི་སྙིང་པོ་གཡུ་ཡིན༴ །བླ་ཚེ་ཉམས་པ་གཡུ་ལ༴ །གཡུ་ལ་ཚེ་ཡི༴ །བདག་ཅག་འཁོར་དང་བཅས་པ་ཡི། །བླ་ཚེ་ཉམས་པ་མི་སྲིད་ཀྱི། །བླ་ཚེ་བྲག་ལས་ཉམས་གྱུར་ན། །བྲག་གི་སྙིང་པོ་ཅོང་ཞི་ཡིན། །བླ་ཚེ་ཉམས་བ་ཅོང་ཞི་ལ་བསྡུ། །ཅོང་ཞི་ལ་ཚེ་ཡི་རྟེན་མཆིས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨཱ་ཡུ་ཕ་ལ་སིདྡྷི་ཧཱུྃ། ཚེ་ནི་མི་འགྱུར་གཡུང་དྲུང་ཆོས་ཀྱི་སྐུ་རུ་སྦ། །ལུས་ནི་མི་འགྱུར་འབྱུང་བཞིའི་ལུས་ལ་སྦ། །སྲོག་ནི་མི་ཤིགས་རྡོ་རྗེའི་སྐུ་རུ་སྦ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨོཾ་ཨཱཿཧཱུྃ། བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨ་བྷྲཱུྃ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ཨཱཿ དེ་ནས་ཚེ་ཆང་ལ་དམིགས་ཏེ་ལྷ་དགུ་པོ་ལ་གསོལ་བ་བཏབ་ལ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཧཱུྃ་བྷྲཱུྃ་ཧྲཱིཿསྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་ཡན་ཆད་ཅི་མང་བཟླ། དེའི་རྗེས་ལ་ཚེ་དཔག་མེད་ལ་བདུན་རྣམ་དག་དང༌། ཕར་ཕྱིན་དྲུག་གི་བསྟོད་པ་བྱ། སྒྲུབ་པའི་དངོས་གཞི་སོང་ནས་མཇུག་གི་ཆོ་ག་ནི། གཏོར་མ་ཆ་ལྔ་ཡོད་པ་ལས། གཏོར་མ་དང་པོ་དེ་བྱིན་གྱིས་བརླབས་ལ་འབུལ་བ་ནི། ཚེ་དཔག་མེད་དང་ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ་འབུལ། གཉིས་པ་དཔལ་མགོན་དང༌། དཔལ་ལྡན་ལྷ་མོའི་ཚོགས་དང་རྒྱལ་ཆེན་བཞི་ཕྱོགས་སྐྱོང་བཅུ་ལ་འབུལ། གསུམ་པ་གཞི་བདག་དང་ལྷན་ཅིག་སྐྱེས་པས་གཙོ་བྱས་པའི་གྲོགས་བྱས་པ་རྣམས་ལ་འབུལ། བཞི་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་གནོད་བྱེད་ཀྱི་ཚོགས་

p. 659

སུ་གྱུར་པ་དབང་བསྐུར་བའི་བགེགས་བྱེད་པ་རྣམས་ལ་སྦྱིན་པ། གནོད་པ་དང་འགལ་བ་མི་བྱེད་པའི་བཀའ་བསྒོའོ། །ལྷག་མ་མི་དུ་ཡོད་ལ་གླུད་བསྒྲེས་ལ་ཆགས་ཆེ་བ་དང་ཉམ་ང་བ་ཐམས་ཅད་ཟན་ལ་ཐིམ་པར་བསམས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་པ་ཙ་བཛྲ་ཧཱུྃ་ཕཊ། ཅེས་བརྗོད་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དག་པར་བསམས་ལ། གླུད་བཅོས་ནས་རེ་རེ་ལ་བཏང་ན་རང་ལ་ཉེས་དམིགས་ཆུང་བས་གླུད་གཏོར་བྱིན་གྱིས་བརླབས་ལ། ནམ་མཁའ་གང་བའི་ལྷ་འདྲེ་ལ། །ས་གཞི་གང་བའི་ཡས་འབུལ་ལོ། །ངེད་ཀྱིས་འབུལ་བ་མ་ནོར་རོ། །ཁྱེད་ཀྱིས་བཞེས་པ་མ་འཁྲུལ་ཅིག །མཆོད་སྦྱིན་གླུད་གཏོར་འདི་བཞེས་ལ། །བཟུང་བ་ཡོད་ན་ད་ཐོངས་ཞིག །བཅིངས་པ་ཡོད་ན་ད་ཁྲོལ་ཅིག །ཧཱུྃ། སོང་ཞིག་བགེགས་ཆེན་ད་སོང་ཞིག །སྔོན་ཆད་མཆོད་སྦྱིན་མ་ཐོབ་པས། །དེ་རིང་བདག་གིས་ཁྱེད་མཆོད་དོ། །སྔོན་གྱི་ལན་ཆགས་ཡོད་ན་ཡང༌། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བུ་ལོན་ལན་ཆགས་ཁྱེར་གྱུར་ཅིག །ཅེས་བརྗོད་ལ་གཏོར་མ་ཕྱིར་རྒྱག་གོ །དངོས་གཞི་དབང་བསྐུར་བྱེད་པ་ལ། སྦྱོར་བ་དངོས་གཞི་འཇུག་གསུམ། སྦྱོར་བ་ལ་བླ་མ་ལ་གསོལ་བ་བཏབ་ཅིང་བགེགས་བསྐྲད་ལ། སྐྱབས་འགྲོ་སེམས་བསྐྱེད་འབོག་ཅིང༌། ཕྱག་ན་རྡོ་རྗེ་ལ་གསོལ་བ་གདབ་པ་དང་ལྔ་ཡིན། དང་པོ་བླ་མ་ལ་གསོལ་བ་འདེབས་པར་བྱེད་པ་ཁག་ཆེ། འོ་སྐོལ་རྣམས་དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ་ནས། དལ་འབྱོར་ཡལ་བར་དོར་བས་མི་ཡོང་སྟེ། མདོ་ལས་ཀྱང༌། ཤིན་ཏུ་རྙེད་དཀའི་དལ་འབྱོར་ཐོབ་དུས་འདིར། །གཏན་གྱི་བདེ་བ་བསྒྲུབ་ལ་མི་བསྒྲིམ་པར། །སྙོམ་ལས་དོན་མེད་བྱ་བས་གཡེངས་བྱས་ན། །དེ་ནི་སྐྱེས་བུ་སྙིང་ཡོད་ཅི་ལྟར་ཡིན། །དུས་འདིར་འབད་ན་གཏན་གྱི་བདེ་ཐོབ་ཅིང༌། །མི་འབད་སྡུག་བསྔལ་འཁོར་བའི་རྒྱ་མཚོར་འཁྱམས། །གཏན་གྱི་བདེ་སྡུག་འདམ་དུ་ཡོད་པའི་ཚེ། །མི་ཉིད་ཡིན་ན་དུས་འདིར་འབད་པར་རིགས། །

p. 660

ལུས་ནི་གདོན་མི་ཟ་བར་འཆི་འགྱུར་ཏེ། །ཤི་ནས་གཞན་གྱིས་གཏམ་དུ་འགྱུར་བར་ངེས། །ལུས་ནི་གདོན་མི་ཟ་བར་འཇིག་འགྱུར་ཏེ། །སེམས་ནི་དབང་མེད་ལས་ཀྱི་འཁྲིད་པར་འགྱུར། །དོན་མེད་འཇིག་རྟེན་སྤོངས་ལ་དོན་ཆེན་བསྒྲུབ། །འདི་དག་བྱས་ནས་ཕྱི་ནས་བསྒྲུབ་བསམས་ཀྱང༌། །བསམ་བཞིན་མི་ཡོང་གློ་བུར་འཆི་བདག་ཡོང༌། །དེ་རིང་ཙམ་ཡང་མི་འཆི་སུ་ཤེས་ཀྱི། །དེ་རིང་ཉིད་ནས་ཆོས་ལ་བརྩོན་འགྲུས་བསྐྱེད། །ཀྱེ་མ་ད་ལྟ་ས་སྟེང་གནས་པ་ཀུན། །ལོ་བརྒྱ་ཙམ་ནས་གནས་སྐབས་ཅི་འདྲར་འགྱུར། །འཆི་བའི་དུས་ན་འཁོར་དང་ལོངས་སྤྱོད་ཀུན། །ཐམས་ཅད་བོར་ནས་གཅིག་པུར་ག་ཤེད་འགྲོ། །དེ་ཚེ་ཆོས་མིན་ཅིས་ཀྱང་མི་ཕན་པས། །ཅི་ལ་བསམས་ཀྱང་ཆོས་དང་འགལ་མི་བྱ། །ཞེས་བྱ་བས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར། དགེ་བ་བཅུ་དང་དུ་བླངས་ནས། མི་དགེ་བཅུ་སྤོང་བའི་དུས་ཡིན། ཆོས་ཚུལ་བཞིན་དུ་སྒྲུབ་པ་ལ་ཡང་བླ་མས་ཇི་ལྟར་གསུངས་པ་བཞིན་བསྒྲུབ་དགོས། བླ་མས་ཀྱང་ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ་སྟོན་དགོས། བླ་མ་དེ་སངས་རྒྱས་དངོས་ཡིན་སྙམ་པའི་མོས་གུས་བྱས་ནས། གསོལ་བ་འདེབས་དགོས་པ། ཉིད་ཀྱི་ལད་མོ་གྱིས་ཤིག་བྱས་ནས། རིག་སྔགས་འཆང་ཆེན་དགོངས་སུ་གསོལ། །བདག་ནི་སྡུག་བསྔལ་ལས་ཐར་ཕྱིར། །རྡོ་རྗེ་འཛིན་པ་འཁོར་བཅས་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །སྔོན་ཚེ་བདེ་གཤེགས་ཕོ་བྲང་དུ། །བདུད་འདུལ་རྡོ་རྗེ་ཅན་གྱིས་ནི། །རྗེས་སུ་ཕྲིན་ལས་གང་བསྒོ་བ། །དེ་རིང་དེ་བཞིན་གྲུབ་པར་མཛོད། །བགེགས་དང་ལོག་འདྲེན་ཚར་བཅད་ཕྱིར། །སྡུག་བསྔལ་ཐམས་ཅད་ངེས་བསལ་ཕྱིར། །ཁྲོ་རྒྱལ་ཁྱེད་ཀྱིས་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད། རང་ཉིད་ཁྲོ་བོར་བསྒོམས་ལ། དེའི་ཐུགས་ཀ་ནས་ཁྲོ་བོ་ཆེ་བ་རི་རབ་ཙམ། ཆུང་བ་ནས་དང་ཏིལ་ཙམ་བསམ་གྱིས་མི་ཁྱབ་པ་འཕྲོ་བར་བསམས་ལ། ནས་དང་ཡུངས་ཀར་གྱིས་བརྡེག་པས། དེ་རྣམས་ཁྲོ་ཆུང་དུ་བསམས་ལ། ཁྲོ་བོ་ཆེ་བ་རྣམས་ཀྱིས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་

p. 661

ཕྱིའི་ལྕགས་རི་ནག་པོ་ལ་དེད་པར་བསམ། ཁྲོ་བོ་ཆུང་བ་རྣམས་ཀྱིས་ནང་དུ་ཞུགས་ཏེ་བཞི་བརྒྱ་རྩ་བཞིའི་ནད་རྣམས་བ་སྤུའི་བུ་ག་ལ་ཕྱིར་བདས་པར་བསམ། དེ་ལྟར་བགེགས་བསྐྲད་ནས། སྐྱབས་འགྲོ་སེམས་བསྐྱེད་འབོགས་པ་ནི། རྒྱལ་པོ་གང་གི་འོག་ཏུ་ཞུགས་ནས་ཁྲིམས་ཀྱི་བྱ་བ་ལ་སློབ་པ་དེ་བཞིན་དུ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད་དང༌། ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་སོང་ནས། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་མི་འགལ་བ་ཞིག་དགོས། དེ་ཡང་སྐྱབས་འགྲོའི་བསླབ་བྱ་དང་མ་འགལ་ན་དམ་ཚིག་མ་ཉམས་པས། དང་པོ་ཡུལ་གང་ལ་སྐྱབས་སུ་འགྲོ་ན། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་ན། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཞིང༌། སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་སྐྱབས་སུ་འགྲོ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་བློ་བཀལ་ནས། མཐོར་གཏོང་མར་གཏོང་ཇོ་མོ་དཀོན་མཆོག་གསུམ་མཁྱེན་སྙམ་པའི་བློ་འགེལ་གྱིས་ཤིག བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། རིག་སྔགས་འཆང་ཆེན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས། སངས་རྒྱས་མ་ཐོབ་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཞི་བ་དོན་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་བསག་པ་རྣམས་ཀྱི་མཆོག འཕགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་སོང༌། དེ་ལྟར་སྐྱབས་སུ་སོང་ནས། བསླབ་བྱ་ཐུན་མོང་མ་ཡིན་པ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་འཚལ་བ་དང༌། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང༌། དགེ་འདུན་ལ་སྐྱབས་སུ་སོང་ནས་མི་མུ་སྟེགས་པ་

p. 662

དང་མི་འགྲོགས། ཐུན་མོང་བ་ལྔ་ནི། སྲོག་དང་རྩིས་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་བསླབ། དུས་དུས་སུ་མཆོད་པ་རྒྱ་ཆེན་པོ་བྱ་ཞིང༌། རང་ཅི་བཟའ་ཅི་འཐུང་གི་ཕུད་ཀྱིས་རྟག་ཏུ་མཆོད་པ་ལ་བསླབ། ཕྱོགས་དང་ཕྱོགས་མཚམས་གར་འགྲོ་ཡང༌། ཕྱོགས་དེའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སྐྱབས་སུ་འགྲོ་བ་ལ་བསླབ། སྐྱབས་འགྲོའི་ཕན་ཡོན་དྲན་པར་བྱས་ནས། ཡང་ནས་ཡང་དུ་སྐྱབས་སུ་འགྲོ་བ་དྲན་པར་བྱ་བ་ལ་བསླབ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་མ་གཏོགས་པ། མོ་བོན་ལ་སོགས་ཐབས་གཞན་མི་བཙལ་བ་ལ་བསླབ། སྐྱབས་འགྲོའི་ཕན་ཡོན་ལ་བརྒྱད་དེ། སྡོམ་པ་མཐའ་དག་གི་རྟེན་དུ་འགྱུར་བའི་ཕན་ཡོན། ནང་པ་སངས་རྒྱས་པ་ལ་ཚུད་པར་འགྱུར་བའི་ཕན་ཡོན། སྡིག་པ་ཐམས་ཅད་བསྲེགས་ཤིང་ཟད་པར་འགྱུར་བའི་ཕན་ཡོན། ངན་འགྲོ་ལོག་པར་མི་ལྟུང་བའི་ཕན་ཡོན། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པའི་ཕན་ཡོན། ཚོགས་ཐམས་ཅད་མྱུར་དུ་རྫོགས་པར་འགྱུར་བའི་ཕན་ཡོན། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་བའི་ཕན་ཡོན། ཇི་ལྟར་བསམས་པའི་དངོས་པོ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕན་ཡོན་ནོ། །སྐྱབས་སུ་སོང་བའི་ཕན་ཡོན་ལ་བསམ་གྱིས་མི་ཁྱབ་སྟེ། མིག་གིས་ཡོར་ཡོར་པོ་ཞིག་ཏུ་མཐོང་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་མི་ཤོང་སྟེ། མདོ་ལས། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང༌། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ལང་མི་འགྱུར། །ཞེས་གསུངས་པས། སྔོན་འགྲོ་སྐྱབས་འགྲོ་བྱས་ནས་སེམས་མ་བསྐྱེད་ན་སངས་རྒྱས་མི་ཐོབ་ངེས་པས། སེམས་བསྐྱེད་ཡོད་ན་སངས་རྒྱས་ཡོད། སེམས་བསྐྱེད་མེད་ན་སངས་རྒྱས་མེད། སེམས་མི་བསྐྱེད་ན་སངས་རྒྱས་མི་ཐོབ་ངེས་པའི་འགྲོ་ལྡོག་ངེས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་འདུན་པ་དྲག་པོ་བྱས་ལ།

p. 663

མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསམས་ལ། བླ་མ་སངས་རྒྱས་ཆོས་ཀྱི་སྐུ་དངོས་ཡིན་སྙམ་པའི་མོས་གུས་བྱས་ནས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པས་སྐྱབས་འགྲོ་སེམས་བསྐྱེད་མདོར་བསྡུས་བྱ། ཡང་ན་རྒྱས་པར་བྱ། སེང་གེའི་སྒྲ་བསྒྲགས་ནས་ཝའི་སྐད་མ་འབྱིན་ཅིག དགེ་བའི་རྩ་བ་ཁམས་ཆེ་ཆུང་ཅི་བྱེད་ཀྱང་རང་དོན་མི་བྱེད་པར་གཞན་དོན་བྱེད་དགོས། དེ་ལ་སེམས་བསྐྱེད་ལ་བསླབ་བྱ་བརྒྱད་ཡོད་ཀྱང༌། བསྡུ་ན་འདི་ལ་མ་འདུས་པ་མེད། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ་སྙམ་པའི་བྱམས་པ། སྡུག་བསྔལ་དང་གྲལ་བར་བྱ་སྙམ་པའི་སྙིང་རྗེ། ཉེ་རིང་ཆགས་སྡང་དང་བྲལ་བར་བྱ་སྙམ་པའི་བཏང་སྙོམས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འཁོད་པར་བྱ་སྙམ་པའི་དགའ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་པའི་སེམས་བསྐྱེད་དེ་དེ་རྣམས་དང་མ་བྲལ་བར་བྱ་སྙམ་པས་གཏིང་སྐྱབས་འགྲོའི་བསླབ་བྱ་དང་མ་འགལ་བ་ཡིན། ད་ཕྱག་ན་རྡོ་རྗེ་ལ་གསོལ་བ་གདབ་པ་ནི། སེམས་བསྐྱེད་དེ་དག་ཡོད་པ་ལ་བརྟེན་ནས་ཕྱག་ན་རྡོ་རྗེས་བྱིན་གྱིས་རློབ་པ་ཡིན་པས། སྤྱི་གཙུག་ཏུ་བླ་མ་ཕྱག་ན་རྡོ་རྗེ་གོང་གི་ཇི་ལྟ་བ་བཞིན་བསྒོམས་ལ། རང་རང་གི་བླ་མ་ལ་གསོལ་བ་བཏབ། བླ་མས་ཕྱག་ན་རྡོ་རྗེ་ལ་གསོལ་བ་འདེབས་པའི་དམིགས་པ་བྱ་སྟེ། བླ་མས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། ཐུགས་རྗེས་ཟུང་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ཕྱག་ན་རྡོ་རྗེ་བསམ་གྱིས་མི་ཁྱབ་པ་བྱོན་ནས་རང་གི་ལུས་ལ་ཐིམ་པར་བསམ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། བདག་ལ་ཕྱིའི་བར་དུ་གཅོད་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཞི་

p. 664

བར་བྱིན་གྱིས་བརླབ་ཏུ་གསོལ། ནང་གི་བར་དུ་གཅོད་པ་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གནོད་པ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་གསོལ་བ་བཏབ་ནས། དངོས་གཞི་དབང་བསྐུར་བར་བྱེད་པ་ལ། དང་པོ་ཕྱག་ན་རྡོ་རྗེ་བུམ་པའི་དབང་བསྐུར་ཏེ། བུམ་པ་འདི་ན་དཔལ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་བཞུགས་ཡོད་པས། དེས་དབང་བསྐུར་བའི་མོས་པ་མཛོད་བྱས་ལ། ཁྲུས་མཆོག་འདི་ནི་དཔལ་དང་ལྡན། །ཐུགས་རྗེའི་ཁྲུས་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་པས། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དག་པ་ཡིས་ནི་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་པས་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་དག་པར་བསྒོམ། ཕྱིས་ནས་བགེགས་མི་འཇུག་པའི་ཕྱིར་དུ། ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་པས་གནས་ལྔར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་རྡོ་རྗེའི་གོ་བགོ །ད་ནི་ཚེའི་འབྲང་རྒྱས་ཀྱི་དབང་བསྐུར་བར་བྱའོ། །སློབ་མའི་སྙིང་གར་ཡི་གེ་ཧཱུྃ་སེར་པོ་ཞིག་བསམ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས། ནད་གདོན་ཐམས་ཅད་དག་པར་བསམ། ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཧཱུྃ་འོད་དུ་ཞུ་བ་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་བསམ། རྡོ་རྗེའི་སྟེང་དུ་འབྲང་རྒྱས་བཞག་པས། ལྷ་རྣམས་ཀྱིས་རང་རང་གི་བུམ་པ་རྣམས་ཀྱི་དབང་བསྐུར་བར་བསྒོམས་ལ། དབུས་ཕྱོགས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །རྣམ་པར་སྣང་མཛད་ཚེ་དཔག་མེད། །ཕྱག་གཡས་འཁོར་ལོ་འབར་བ་བསྣམས། །དབུས་ཕྱོགས་ནམ་མཁའི་བདུད་བཅོམ་མོ། །གཡོན་ན་ཚེ་ཡི་བུམ་པ་བསྣམས། །བུམ་པ་མི་འགྱུར་རྡོ་རྗེ་ཚེ་ཡི་བཀང༌། །ཁ་རྒྱན་མི་འགྱུར་དཔག་བསམ་ཤིང༌། །མགུལ་ཆིངས་མི་འགྱུར་

p. 665

ལེ་བརྒན་རྩི། །རྡོ་རྗེ་ཚེ་ཡིས་བཀང་ནས་ཀྱང༌། །སྤྱི་གཙུག་རྩེ་ནས་དབང་བསྐུར་བས། །ཚེ་དང་བསོད་ནམས་འཕེལ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨཱ་ཡུ་ཕ་ལ་སིདྡྷི་ཧཱུྃ། ཨོཾ་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ཡུ་ཚེ་བྷྲཱུྃ། ཨཱ་ཡུར་ཛྙཱ་ན་ཡུ་ཚེ་བྷྲཱུྃ། ཨ་པ་རི་མི་ཏ་ཡུ་ཚེ་བྷྲཱུྃ། ཨ་པ་རི་མི་ཏ་པུཎྱེ་ཡུ་ཚེ་བྷྲཱུྃ། ཐུགས་དམ་བསྐུལ་བ་ཐམས་ཅད་ཀྱི་གཤམ་དུ། རྡོ་རྗེ་ཚེ་ཡིས་བཀང་ནས་ཀྱང༌། །སྤྱི་གཙུག་རྩེ་ནས་དབང་བསྐུར་བས། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །དེ་ལྟར་དབང་བསྐུར་ནས། ད་ཚེ་ཆང་གི་དབང་བསྐུར་བ་ནི། ཕྱི་ཚེ་བུམ་གྱི་རྣམ་པ་ལ་ནང་གཞལ་ཡས་ཁང་དུ་ཡོད་པ་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་ཡོད་པས་དེས་དབང་བསྐུར་བའི་མོས་པ་བྱས་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ལས་བྱུང་བ་ཡིས། །འཆི་མེད་བདུད་ལས་གྲོལ་གྱུར་ཏེ། །རིག་འཛིན་གྲུབ་པ་མ་ལུས་པ། །ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག །ཨོཾ་བཻ་རོ་ཙ་ན་ཨཱ་ཡུར་ཛྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཨོཾ། ལུས་ལ་རྣམ་པར་སྣང་མཛད་ཚེ་དབང་བསྐུར། །འཆི་བདག་བདུད་ལས་གྲོལ་གྱུར་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ཧཱུྃ་བཛྲ་སཏྭ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཨཱ་བྷི་ཥིཉྩ་ཧཱུྃ། ཏྲཱྃ་རཏྣ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཏྲཱྃ། ཧྲཱིཿཔདྨ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿ ཨཱཿཀརྨ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཨཱཿལུས་ལ་རྡོ་རྗེ་སེམས་དཔའི་ཚེ་དབང་བསྐུར། །ལུས་ལ་རིན་ཆེན་འབྱུང་ལྡན་ཚེ་དབང་བསྐུར། །ལུས་ལ་སྣང་བ་མཐའ་ཡས་ཚེ་དབང་བསྐུར། །ལུས་ལ་དོན་ཡོད་གྲུབ་པའི་ཚེ་དབང་བསྐུར། །འཆི་བདག་བདུད་ལས་གྲོལ་གྱུར་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །དུག་ལྔ་མ་ལུས་དག་གྱུར་ཅིག །དེའི་རྗེས་ལ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །ཞེས་པ་ལ་སོགས་པའི་ཕར་ཕྱིན་དྲུག་གི་བསྟོད་པ་བྱའོ། །ཡེ་ཤེས་པ་གཤེགས་སུ་གསོལ་བའམ། བརྟན་བཞུགས་བྱས་ལ་ཤིས་པ་བརྗོད། རྡོ་རྗེ་དང་བཅས་པའི་ལག་པས་བུམ་པ་དང་འབྲང་རྒྱས་ལ་སོགས་

p. 666

པ་ལ་རེག་སྟེ། སོ་སོའི་དམ་ཚིག་པ་རྣམས་བུམ་ཆུ་དང༌། ཚེ་ཟན་དང༌། ཚེ་ཆང་ལ་ཐིམ་པར་བསམས་ལ། ཚེ་ཟན་ལ་ཚེ་གཟུངས་ཚར་གཅིག་བརྗོད་ལ། འཆི་མེད་ཚེ་ཡི་བདུད་རྩིར་གྱུར་པར་བསམས་ལ། སློབ་མ་རྣམས་ལ་ཚེ་ཟན་བཀྲམ་སྟེ། སློབ་མ་རྣམས་ཀྱི་ལུས་འཆི་མེད་བདུད་རྩིས་གང་བར་བསམས་ལ་ཚེ་ཟན་ལ་རོལ། བསྔོ་བས་རྒྱས་གདབ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། ཚེ་དཔག་ཏུ་མེད་པས་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུངས་པའི་ཚེ་སྒྲུབ་འདི། ལས་ཀྱི་རྡོ་རྗེ་ལ་གནང་ཞིང༌། འདིའི་འབྲང་རྒྱས་ཀྱི་གཟུགས་འདི་ཡང༌། རྨི་ལམ་དུ་བསྟན་པ་དེ་བཞིན་ཟན་ལ་བཤམས་པས་ཤིན་ཏུ་དགའ་བ་ཞིག་བྱུང༌། འདི་བྱས་པ་ལ་ཕན་ཡོན་ཆེར་བྱུང་སྟེ། འཆི་བ་བསླུ་བའི་མཆོག་ཏུ་འདུག་གོ །ཚེ་འདི་རུ་ཚེ་དང་བསོད་ནམས་འཕེལ་ཞིང༌། ཕྱི་མ་བདེ་བ་ཅན་དུ་སྐྱེ་བས། རང་གཞན་གྱི་དོན་དུ་འདི་ལ་འབད་པ་ཐོན་ཅིག གླང་གི་ལོ་ལྷ་ལས་བབས་པའི་སྐར་མ་ཁྲུམས་སྟོད་ཀྱིས་ཉ་བའི་ཉིན་པར། དགེ་སློང་ནམ་མཁའི་མིང་ཅན་ནམ། མིང་གཞན་ལས་ཀྱི་རྡོ་རྗེས་ཆོས་གྲྭ་ཆེན་པོ་དཔལ་གྱི་ཐིག་ཕྱིར། སྡོམ་པ་གསུམ་ལྡན་ཀུན་སྤང་བློ་གྲོས་རྒྱལ་མཚན་གྱིས་གསོལ་བ་བཏབ་པའི་ངོར། འཆི་མེད་ཚེ་སྒྲུབ་དབང་ཆོག་དོན་གསལ་འདི་གནང་ངོ༌། །ཚེ་སྒྲུབ་འདི་ལ་དབང་མན་ངག་དང་བཅས་པ་ཡོད་པས། ཡི་དམ་ལྷ་ཡི་གྲངས་བསྙེན་ཐེམ་པ་ཞིག་དང༌། དབང་ཐོབ་ཅིང་རང་གིས་བདག་འཇུག་བརྒྱ་རྩ་སོང་ནས་བསྐུར་དུ་རུང༌། འདི་མན་ངག་ཤིན་ཏུ་ཟབ་པས་སུ་ཐོད་ཐོད་ལ་མ་སྦྱིན། ཡི་གེ་ལ་སྣོན་འབྲི་མ་བྱེད། ཤིན་ཏུ་ཟབ་པས་དམ་པར་གྱིས་ཞེས་གདམས་སོ། །འདི་བྲིས་དགེ་བའི་རྩ་བ་གང༌། །ཐོབ་པ་སེམས་ཅན་ཐམས་ཅད་དང༌། །ཁྱད་པར་ཆོས་མཛད་སྐྱེས་བུ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་པ་དང༌། །བླ་མེད་འབྲས་བུ་ཐོབ་པར་ཤོག། །།

དཔལ་སྟག་ལུང་པ་ནས་བརྒྱུད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལོངས་སྐུ་དང་སྤྲུལ་སྐུའི་ཚེ་དབང་གི་ཆོ་ག་འཆི་མེད་གྲུབ་པའི་ཟིལ་དངར།

p. 667

དཔལ་སྟག་ལུང་པ་ནས་བརྒྱུད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལོངས་སྐུ་དང་སྤྲུལ་སྐུའི་ཚེ་དབང་གི་ཆོ་ག་འཆི་མེད་གྲུབ་པའི་ཟིལ་དངར་ཞེས་བྱ་བ་བཞུགས་སོ།།

p. 668

ཨོཾ་སྭ་སྟི། བླ་མ་བདེ་ལྡན་མགོན་པོ་ལ། །བཏུད་ནས་ཚེ་ཡི་དབང་བསྐུར་གྱི། །ཆོ་ག་ཨུཏྤལ་རྒྱས་པའི་བཅུད། །འཆི་མེད་གྲུབ་པའི་ཟིལ་དངར་སྦྱིན། །འདི་ལ་གཉིས། མགོན་པོ་ཚེ་དཔག་ཏུ་མེད་པ་ལོངས་སྐུ་ལ་བརྟེན་པའི་ཚེའི་དབང་བསྐུར་ཚུལ་དང༌། ཚེ་དཔག་ཏུ་མེད་པ་སྤྲུལ་སྐུ་ལ་བརྟེན་པའི་ཚེའི་དབང་བསྐུར་ཚུལ་ལོ། །དང་པོ་ནི། སྦྱོར་བ་སྟེགས་བུའི་དབུས་མཉྫིའི་ཁར་ཚེ་གཏོར་བུམ་གཟུགས་མཐའ་རིལ་བུས་བསྐོར་བ། དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། མདུན་དུ་འབུལ་གཏོར། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ཉེ་ལོགས་ཅི་བདེ་བར་སྔོན་འགྲོ་གཏོར་མ། མཎྜལ། རང་གི་མདུན་དུ་རྡོར་དྲིལ་ཌ་མ་རུ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ། ཆོ་ག་དངོས་ནི། ཐོག་མར་སྔོན་འགྲོ་གཏོར་མ། ཨོཾ་པདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བརླབ། ཨོཾ་བྷཱུ་མི་པ་ཏི་ཀྵེ་ཏྲ་པཱ་ལ་ཨོཾ་ཨ་ཀཱ་རོ་སོགས་

p. 669

ལན་གསུམ་གྱིས་ཕུལ། ཨོཾ་བྷཱུ་མི་པ་ཏི་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །སུམྦྷས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེ་རྭ་བ་དང་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་རི་ཁ་དོག་ལྔ་པས་བར་མཚམས་མེད་པར་ཁྱབ་ཅིང་འབར་བའི་སྲུང་བའི་འཁོར་ལོ་རབ་ཏུ་བརྟན་ཅིང་གཞོམ་གཞིག་དང་བྲལ་བར་གྱུར། མཆོད་པ་བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། པཱ་དྱཾ་ནས་ཤབྡའི་བར་སྦྱར་བས་བརླབ། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་ཅི་ནུས་དང༌། རང་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པར་

p. 670

གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོའི་འོད་ཟེར་གྱིས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་རེ་བྷྱཿས་ཕྱག་བྱ། ཨོཾ་གུ་རུ་ཨ་པ་རི་མི་ཏེ་ཨཱ་ཡུརྫྙཱ་ན་ཨརྒྷཾ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་ལན་གསུམ་རྗེས། ཨོཾ་བཛྲ་མཎྜ་ལ་མུཿ ཚོགས་ཞིང་གི་དཀྱིལ་འཁོར་རང་ཉིད་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་པ་རྣམས་སྔོན་དུ་འགྲོ་བས་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་བུམ་བཟང་བདུད་རྩིས་གང་བ་བསྣམས་པ། ལྷ་རྫས་རྣམ་པར་བཀྲ་བའི་དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿདམར་པོ། དེའི་འོད་ཟེར་གྱིས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་གྱིས་དབང་ལྷ་འཁོར་དང་

p. 671

བཅས་པ་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་གྱུར། མདུན་བསྐྱེད་ནི། ཚེ་གཏོར་བསང་སྦྱང༌། སྟོང་པའི་ངང་ལས་སོགས་ནས། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མགོན་པོ་སོགས་བདག་བསྐྱེད་ལྟར་ལ་དབུར་བརྒྱན་པར་གྱུར་བར། མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐའ་མར་སྔགས་ཕྲེང་གིས་བསྐོར་བར་གྱུར། བཟླས་པ་ནི། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ། ལན་གསུམ། བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །ཚེ་བསོད་ཡར་བ་ཀུན་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །ཚེ་བསོད་ཉམས་པ་སོར་ཆུད་གྱུར། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །འབྱུང་བ་ས་ཡི་བཅུད་བསྡུད་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །སྲ་བརྟན་གཞོམ་གཞིག་བྲལ་བར་གྱུར། །བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །འབྱུང་བ་ཆུ་ཡི་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །སྣུམ་བག་ལྡན་པའི་ལུས་སུ་གྱུར། །བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །འབྱུང་བ་མེ་ཡི་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །བཀྲག་མདངས་ལྡན་པའི་ལུས་སུ་གྱུར། །

p. 672

བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །འབྱུང་བ་རླུང་གི་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །ཡང་ཞིང་དཔའ་རྩལ་ལྡན་པར་གྱུར། །བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །ཟག་བཅས་འཁོར་བའི་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །ཚེ་བསོད་དཔལ་འབྱོར་ཕུན་ཚོགས་གྱུར། །བཅོམ་ལྡན་ཐུགས་ཀའི་འོད་ཟེར་གྱིས། །ཟག་མེད་མྱང་འདས་བཅུད་བསྡུས་ནས། །བུམ་པར་ཞུགས་ཏེ་ཁོལ་ཞིང་ལུད། །ཚངས་བུག་ནས་ཞུགས་ལུས་གང་བས། །རྡོ་རྗེ་གསུམ་གྱི་རང་བཞིན་གྱུར། །ཅེས་པ་སོ་སོའི་མཚམས་སུ་སྔགས་ཅི་ནུས་བཟླ་ཞིང་དམིགས་པ་གསལ་བཏབ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་རྣམ་བཞི་ལས། །དཀར་དམར་མཐིང་སེར་འོད་བཞི་འཕྲོས་པ་རྣམས། །བདག་ཉིད་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་རྫོགས་པས་སྐུ་བཞི་མངོན་དུ་བྱས། །ཞེས་དང་ཚེ་གཟུངས་བཟླ། ལས་བུམ་བསང་སྦྱང༌། པད་ཟླར་བྷྲཱུྃ་ལས་བུམ་པ་བཅུད་ལྡན་དབུས། །རྟ་མགྲིན་དམར་པོ་ཐོད་དབྱུག་སྡིགས་མཛུབ་ཅན། །ཁྲོ་ཆས་ལྡན་པའི་སྐུ་ལས་རང་འདྲའི་ཚོགས། །གྲངས་མེད་སྤྲོས་པ་བུམ་པའི་ཆུ་དང་འདྲེས། །ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅུང་ཟད་བཟླས་མཐར་ལྷ་འོད་དུ་ཞུ་བ་ལས་བུམ་ཆུ་ནུས་པ་དང་ལྡན་པར་བསམ། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ལྔའི་ངོ་བོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་དང་བཅས། ན་མོ་གུ་རུ་བྷྱཿ ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མསྶཾ་གྷཱ་ཡ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་

p. 673

ཕུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཚེ་དང་ཡེ་ཤེས་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ་བ་གདབ། དེ་ནས་སློབ་མ་རྗེས་འཛིན་ནི། སློབ་མ་རྣམས་ཁྲུས་བྱས། ཕྱག་བཙལ་ནས་མདུན་དུ་དུལ་བར་འཁོད་པ་ལ་སེམས་བསྐྱེད་གསལ་འདེབས་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དབང་བསྐུར་བ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་འདི་ཉིད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་རང་ཉིད་སྐུ་ཚེ་གྲངས་མེད་པར་བྱིན་གྱིས་བརླབས་ཤིང༌། སེམས་ཅན་གཞན་དག་དུས་དང་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སྐྱོབ་པར་སྨོན་ལམ་དུ་མཛད་ཅིང་ཐུགས་བསྐྱེད་པས། ཕྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་བདེ་བ་ཅན་གྱི་ཞིང་ཡོངས་སུ་འཛིན་པ་དང༌། བསྐལ་པ་གྲངས་མེད་མང་པོར་འཚོ་ཞིང་གཞེས་ཏེ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་གཞན་རྣམས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ལས་བྱུང་བ་ཡིན་ཞིང༌། འདི་ལྟ་བུའི་བཅོམ་ལྡན་འདས་འདི་ལ་སྒྲུབ་པའི་རིམ་པ་མཐའ་ཡས་པ་ཞིག་བྱུང་བའི་ནང་ནས་ཁྱད་པར་དུ་འཕགས་པ་ཟབ་ཅིང་གསང་བ་འདི་ཉིད་སྐྱེས་བུ་རས་ཆུང་རྡོ་རྗེ་གྲགས་པ་ལ་ཏི་ཕུ་གསང་སྔགས་སྡོང་པོས་ལུང་བསྟན་པ་ལྟར། རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཙནྡན་གྱི་ནགས་ཚལ་ན་བཞུགས་པའི་རྣལ་འབྱོར་མ་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་

p. 674

པ་ཞལ་གཟིགས་ཤིང་མཆོག་གི་དངོས་གྲུབ་བརྙེས་པའི་མི་ལོ་ལྔ་བརྒྱ་བཞེས་པ་གཅིག་ལས་གསན་ཏེ། བོད་ཡུལ་དུ་སྤྱན་དྲངས། དེས་རང་གི་སྲས་ཀྱི་ཐུ་བོ་རྟེན་འབྲེལ་ལུས་ལ་བསྒྲིགས་པ་རྟོགས་པ་སེམས་ལ་ཤར་བ་རྣལ་འབྱོར་གྱི་དབང་ཕྱུག་བུར་སྒོམ་ནག་པོ་ལ་གདམས། དེས་འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུབ་པ་ལ་གནང༌། དེས་ཆོས་ཀྱི་རྗེ་སྟག་ལུང་པ་ཆེན་པོ་བཀྲ་ཤིས་དཔལ་ལ་སྩལ་ཞིང༌། རྒྱལ་ཚབ་དབོན་པོ་རྣམ་གཉིས་ནས་མཆོག་གི་སྤྲུལ་པའི་སྐུ་གྲགས་པའི་དཔལ། སྐུ་ཞང་རིན་པོ་ཆེ། ཨོ་རྒྱན་མགོན་པོ། བླ་མ་རྒྱལ་བཟང༌། བསོད་ནམས་རྒྱལ་མཚན། བློ་གྲོས་རིན་ཆེན། ཆོས་དཔལ་བཟང་པོ། མཁར་དྲུང་བསོད་ནམས་བཀྲ་ཤིས། རྗེ་དྲུང་མཚོ་སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ངག་དབང་རྣམ་རྒྱལ། ངག་དབང་བཀྲ་ཤིས་དཔལ་གྲུབ། ཁྱབ་བདག་གྲགས་པ་ལེགས་གྲུབ། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ། འཕགས་མཆོག་ངག་དབང་གྲགས་པ། ཀུན་གཟིགས་བསྟན་འཛིན་རྣམ་རྒྱལ། འཕགས་མཆོག་གྲགས་པ་ལེགས་གྲུབ། རྗེ་རིན་ཆེན་ལེགས་གྲུབ། འཕགས་མཆོག་ཆོས་དབྱིངས་ལྷུན་གྲུབ། དཔལ་སྟག་ལུང་པ་ངག་དབང་བསྟན་པའི་ཉི་མའི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པར་བྱོན་པ་སྟེ། དེ་ལྟ་བུའི་སྒོ་ནས་ཚེ་དབང་ཟབ་མོ་བགྱི་བ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་སྦྱོང་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་སྐྱབས་གནས་དཀོན་མཆོག་རྒྱ་མཚོས་བསྐོར་བའི་སྤྱན་སྔར་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་

p. 675

རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ནས་རྗེས་གནང་གི་གཞི་བཅའ་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། ལས་བུམ་གྱི་ཆུ་གཏོར་ཞིང་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་པདྨ་རཱ་གའི་ལྷུན་པོ་ལྟར་དམར་ཞིང་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་རིན་པོ་ཆེའི་བུམ་བཟང་བདུད་རྩིས་གང་བ་བསྣམས་པ། ལྷ་རྫས་རྣམ་པར་བཀྲ་བའི་དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿདམར་པོ། དེའི་འོད་ཟེར་གྱིས་རང་འདྲའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་གི་སྐུ་ལ་སིབ་སིབ་ཐིམ་པར་གྱུར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། སྤོས་རོལ་གྱིས་དབབ། དེ་དག་གིས་རྗེས་གནང་གི་གཞི་བཅའ་བ་དང༌། སྔོན་འགྲོ་རྣམས་སོང་ནས། དངོས་གཞི་ལ་དམིགས་པ་འདི་བཞིན་གྱིས། མདུན་གྱི་ཚེ་གཏོར་འདི་ཉིད་བསྒྲུབས་ཟིན་པ་ལྟར་ཁྱེད་རང་གིས་བསྒོམས་པ་དང་འདྲ་བའི་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿའི་མཐར་སྔགས་ཕྲེང་གིས་བསྐོར་བར་དམིགས་ནས་གསོལ་འདེབས་ཀྱི་རྗེས་ཟློས་མཛོད། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ།

p. 676

ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་ཁྱེད་རང་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་གཞན་གྱིས་ཕྲོག་པ། བརྐུས་པ་ཁྱེར་བ། ནད་གདོན་གྱིས་ཉམས་པ། མཐོང་ཆོས་སུ་མྱོང་འགྱུར་དང༌། སྐྱེས་ནས་མྱོང་འགྱུར་དང༌། ལན་གྲངས་གཞན་དུ་མྱོང་འགྱུར་ལ་སོགས་པ་གང་རུང་གིས་ཚེ་ཉམས་ཞིང་འཕྲོག་པ་མཐའ་དག་བཀུག་ནས་འོད་ཟེར་གྱི་རྣམ་པས་ཁྱེད་རང་གི་ལུས་ལ་ཐིམ། ཚེ་བསོད་ཉམས་པ་ཐམས་ཅད་སོར་ཆུད། ཚེ་ཉི་ཟླ་དང་མཉམ་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་མགོར་བཞག ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པས་སློབ་མ་འདི་རྣམས་ལ་འཆི་བ་མེད་པའི་ཚེའི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཚེ་མི་འགྱུར་བ་གཡུང་དྲུང་དུ་མཛོད་ཅིག མི་ཞིག་པ་རྡོ་རྗེར་མཛོད་ཅིག མི་ནུབ་པ་རྒྱལ་མཚན་དུ་མཛོད་ཅིག ཨོཾ་བཛྲ་ཨཱ་ཡུ་ཥེ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། རྒྱལ་མཚན་རྩེ་མོ་སོགས་བཀྲ་ཤིས་བརྗོད། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་འོག་གཞི་སའི་དཀྱིལ་འཁོར་ལ་སོགས་པ་འབྱུང་བ་སའི་རིགས་ཐམས་ཅད་ལ་ཕོག དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་ཕུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་སའི་ཡོན་ཏན་ཐམས་ཅད་རྫོགས་ཏེ། སྲ་ཞིང་བརྟན་པ་གང་གིས་ཀྱང་གཞོམ་པ་དང་གཞིག་པར་མི་ནུས་པ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར་སྙམ་པའི་མོས་པ་གྱིས། ཨོཾ་ཨ་མཱ་ར་ཎི་དང༌། བཅོམ་ལྡན་འདས་མགོན་པོ་སོགས་ཐམས་ཅད་ཀྱི་མཇུག་ཏུ་སྔར་བཞིན་སྦྱར་རོ། །ཕུན་སུམ་ཚོགས་པ་མངའ་བ་སོགས། །ཡང་

p. 677

མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་འོག་གཞི་ཆུའི་དཀྱིལ་འཁོར་ལ་སོགས་པ་འབྱུང་བ་ཆུའི་རིགས་ཐམས་ཅད་ལ་ཕོག དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་ཆུའི་ཡོན་ཏན་ཐམས་ཅད་རྫོགས་ཏེ་སྣུམ་ཞིང་བག་དྲོ་བ་གསེར་གྱི་གང་བུ་ཉི་མས་དྲོས་པ་ལྟར་གྱུར་སྙམ་པ་གྱིས། ཨ་མཱ་ར་ཎི་སོགས་དང༌། དེ་ཡིས་ཉེ་བར་སོགས། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་འོག་གཞི་མེའི་དཀྱིལ་འཁོར་ལ་སོགས་པ་འབྱུང་བ་མེའི་རིགས་ཐམས་ཅད་ལ་ཕོག དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་མེའི་ཡོན་ཏན་ཐམས་ཅད་རྫོགས་ཏེ་བཀྲག་མདངས་དང་ལྡན་པ་ནམ་མཁའི་དྲི་མ་མེད་པའི་ཉིན་མོར་བྱེད་པ་ལྟར་གྱུར་སྙམ་པ་གྱིས། ཨ་མཱ་ར་ཎི་དང༌། དགེ་འདུན་དམ་པ་སོགས། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་འོག་གཞི་རླུང་གི་དཀྱིལ་འཁོར་ལ་སོགས་པ་འབྱུང་བ་རླུང་གི་རིགས་ཐམས་ཅད་ལ་ཕོག དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་རླུང་གི་ཡོན་ཏན་ཐམས་

p. 678

ཅད་རྫོགས་ཏེ་ཡང་ཞིང་དཔའ་རྩལ་དང་ལྡན་པ་ནམ་མཁའི་ལྡིང་ལྟ་བུར་གྱུར་སྙམ་པའི་མོས་པ་མཛོད། ཨ་མཱ་ར་ཎི་སོགས། འཇིག་རྟེན་འདྲེན་པའི་སོགས། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་ཟག་བཅས་འཁོར་བའི་ཡུལ་ཐམས་ཅད་ལ་ཕོག དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་མངོན་མཐོ་ལྷ་མིའི་ཡོན་ཏན་ཐམས་ཅད་རྫོགས་ཏེ་ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས་པར་གྱུར་སྙམ་པའི་མོས་པ་མཛོད། ཨ་མཱ་ར་ཎི་སོགས་དང༌། ཚངས་དང་ལྷ་དབང་སོགས། ཡང་མདུན་བསྐྱེད་གཏོར་མ་དང་ཐ་མི་དད་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་སྣང་གིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཟག་མེད་མྱ་ངན་ལས་འདས་པའི་ཡུལ་ཐམས་ཅད་ལ་ཕོག དེ་ཐམས་ཅད་ཀྱི་བཅུད་དང་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་སྤྱན་དྲངས། མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་བྱོན། གཞིར་གནས་ཀྱི་བདུད་རྩི་དང་འདྲེས། ཁོལ་ཞིང་ལུད་པའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཁེངས་པས་ལུས་ལ་རྒྱལ་བ་སྲས་དང་བཅས་པའི་ཚེ་དང༌། ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་ཏེ་སྐུ་གསུང་ཐུགས་འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ལ་བརྟན་པ་ཐོབ་པར་གྱུར་པའི་མོས་པ་མཛོད། ཨ་མཱ་ར་ཎི་སོགས་དང༌། རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་སོགས། དེ་ལྟ་བུའི་ཚེ་དང་ཡེ་ཤེས་ཀྱི་བདུད་རྩི་དེས་ལུས་ཐམས་ཅད་དང༌། ཁྱད་པར་འཁོར་ལོ་བཞི་གང༌། དགའ་བཞི་སྐྱེས། དབང་བཞི་ཡོངས་སུ་རྫོགས།

p. 679

ལམ་བཞི་བསྒོམ་པ་ལ་དབང༌། སྐུ་བཞིའི་ས་བོན་བག་ཆགས་དང་བཅས་པ་རྒྱུད་ལ་བཞག་གོ །དེ་ལྟར་ལུས་སྐུ་རྡོ་རྗེ། ངག་གསུང་རྡོ་རྗེ། སེམས་ཐུགས་རྡོ་རྗེར་གྱུར་པའི་སྤྱི་བོར་མདུན་བསྐྱེད་དང་དབྱེར་མེད་པའི་ཚེ་གཏོར་སྤྱི་བོར་བཞག་པའི་ཚེ། བླ་མས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་གཅིག་ཅར་དུ་ཐོབ་པར་གྱུར། གཏོར་མ་མགོར་བཞག རིག་འཛིན་ཚེ་དབང་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། མགོན་པོ་ཚེ་དཔག་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་རྡོ་རྗེའི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་ལ་འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཚེ་མི་འགྱུར་པའི་སོགས་དང༌། ཚེ་གཟུངས་ཚར་གཅིག མདུན་བསྐྱེད་ཀྱི་ཕྱག་གི་བདུད་རྩི་ཁྱེད་རང་གི་ཚངས་བུག་ཏུ་བླུགས་པས་ལུས་ཐམས་ཅད་གང་བའི་མོས་པ་མཛོད། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་ཟ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་སྔགས་བརྗོད་བཞིན་དུ་ཚེ་རིལ་དང་ཚེ་ཆང་སྦྱིན། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པས་སོགས་གོང་ལྟར་དང༌། ཉིན་མོ་བདེ་ལེགས་སོགས་བརྗོད། དེ་ནས་སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཟླ་བ་ལ་གནས་པའི་ས་བོན་གྱི་མཐར་འཁོད་པར་མོས་ནས་རྗེས་ཟློས་མཛོད། སྔགས་ཀྱི་རྗེས་ཟློས་ལན་གསུམ་དང༌། བཅོམ་ལྡན་བདག་ལ་དང༌། བཅོམ་ལྡན་འདི་ལ་སོགས་མེ་ཏོག་དོར་སྦྱིན། དམ་ཚིག་ཁས་བླང་དང༌། གཏང་རག་གི་མཎྜལ་སོགས་དང༌། རྗེས་ཀྱི་མཆོད་བསྟོད། བཟོད་གསོལ། གཤེགས་བསྡུ། བསྔོ་བ་སྨོན་

p. 680

ལམ་བཀྲ་ཤིས་རྣམས་སྤྱི་ལྟར་བྱའོ། །ཞར་བྱུང་དབང་བརྒྱ་བསྐུར་བའི་ལག་ལེན་ནི། སྔོན་དུ་རྒྱས་པ་གཅིག་གྲུབ་རྗེས། སྤྲོ་ན་མཎྜལ་ས་གཞི་སྤོས་བྱུགས་རེ་ཕུལ། གང་ལྟར་ཡང༌། ཚེ་གཏོར་ཐོགས་ལ། སླར་ཡང་དྲིན་ཆེན་རྩ་བའི་བླ་མའི་ངོ་བོ་ཚེ་བུམ་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། ཕྱག་གཉིས་མཉམ་གཞག་གིས་ཚེ་བུམ་བཅུད་ལྡན་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ་མཚན་དཔེ་གསལ་རྫོགས་ཀྱི་ཐུགས་ཀའི་འོད་སྣང་གིས་ཁྱེད་རང་གི་ཚེ་བསོད་དཔལ་འབྱོར་ཡར་ཉམས། ཕྱི་རོལ་འབྱུང་བ་བཞིའི་ནང་ན་གནས་པའི་བཅུད་མཐུ་ཡོན་ཏན། ཟག་བཅས་འཁོར་བ་པ་དང༌། ཟག་མེད་མྱ་ངན་ལས་འདས་པའི་དཔལ་ཡོན་ཐམས་ཅད་བསྡུས། མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཕྱག་གི་བུམ་པར་བཞུགས། ཁོལ་ཞིང་ལུད་པ་ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁེངས་པས་འཁོར་འདས་ལམ་གསུམ་གྱི་ཡོན་ཏན་མ་ལུས་རྫོགས་ཏེ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་གྱུར། གཏོར་མ་མགོར་བཞག རིག་འཛིན་ཚེ་དབང་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་ལ་འཆི་བ་མེད་པའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཚེ་གཟུངས། བཀྲ་ཤིས་ཚེ་བརྟན་སོགས་ཀྱིས་ཚེ་རིལ་ཚེ་ཆང་སྦྱིན། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་བཀྲ་ཤིས་བརྗོད་པ་ཉིད་ལ་གྲངས་ཀྱི་ངོ་བོ་འཛིན། མཇུག་ཏུ་ཚར་གཅིག་རྒྱས་པ་བྱའོ།། ༈ །གཉིས་པ་ཚེ་དཔག་མེད་སྤྲུལ་སྐུའི་ཚེ་དབང་ནི། སྦྱོར་བ་བཤམ་བཀོད་ནས་བཟུང་རྗེས་ཀྱི་བར་ཆོ་གའི་ཆིངས་གོང་ལྟར། མངོན་རྟོགས་ཀྱི་ཁྱད་པར་ནི། སྟོང་པའི་ངང་ལས་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིར་པྃ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ།

p. 681

དེའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཆོས་གོས་ངུར་སྨྲིག་རྣམ་གསུམ་གསོལ་བ་སྤྲུལ་པའི་སྐུ་ཆ་བྱད་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་མཉམ་གཞག་མཛད་པའི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན་པ། འོད་དང་འོད་ཟེར་མཐའ་ཡས་པ་འཕྲོ་བ། དེའི་སྤྱི་བོར་ཨོཾ་དཀར་པོ། ཞེས་སོགས་དང༌། བཅུད་བསྡུའི་སྐབས། མདུན་བསྐྱེད་ཀྱི་ཕྱག་གི་ལྷུང་བཟེད་དུ་བྱོན་ཅེས་བསྒྱུར། ལོ་རྒྱུས་ཀྱི་ཁྱད་པར། རྗེ་བཙུན་རས་ཆུང་པ་ཞེས་བྱ་བ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དེ་ཉིད་རྗེ་ཏི་ཕུ་པའི་དྲུང་དུ་ཕེབས་པའི་དུས་སུ་བླ་མ་ཝ་ལ་ཙནྡྲའི་ཞལ་ནས། ཁྱོད་ཚེ་ཐུང་བ་འོང༌། ལོ་ལྔ་བཅུ་ལས་མི་ཐུབ་གསུངས་སྐད། དེས་རས་ཆུང་པ་ཐུགས་བྲེད་དེ་བོད་སྟོན་དུས་འཁོར་བ་ཅིག་དང༌། ཁ་ཆེ་དུས་འཁོར་བ་ཅིག་དང༌། ཡུལ་དབུས་ཀྱི་དུས་འཁོར་བ་ཅིག་རྣམས་ལ་དྲིས་པས་གསུམ་ཀ་མཐུན་པར་བྱུང་བས་ཏི་ཕུ་པ་ལ་གསེར་གྱི་མཎྜལ་ཕུལ་ནས་བདག་ཚེ་ཐུང་བར་འདུག་ཟེར་བས། སྔགས་ཐབས་ཆེ་བ་དང་ཐབས་མང་བ་ལགས་པར་གདའ་བས། ཚེ་སྲིང་བའི་ཐབས་བདོག་ན་ཐུགས་ལ་འདོགས་པར་ཞུ་ཞུས་པས། བླ་མའི་ཞལ་ནས་ཁྱོད་བོད་ཀླུ་དཀར་པོའི་བུར་འདུག ཚེ་ཐུང་བར་འོང༌། ཤེས་རབ་ཤིན་ཏུ་ཆེ་བར་འོང༌། ཚེ་སྲིང་བའི་གདམས་ངག་ངས་ཀྱང་ཤེས་ཏེ། ངའི་ཕྱི་མོ་ཡང་ཡིན། བླ་མ་ཡང་ཡིན། མཁའ་འགྲོ་མ་སུ་ཁ་མ་ཏི་ཞེས་ཀྱང་བྱ། ཁརྑ་ཡང་ཟེར། གྲུབ་པའི་རྒྱལ་མོ་ཡང་ཟེར། དགུང་ལོ་སུམ་བརྒྱ་ལོན་པ། ཇོ་མོ་ཀུ་རུ་ཀུལླེ་ལས་དངོས་གྲུབ་ཐོབ་པ། མཁའ་

p. 682

འགྲོ་མ་རྣམས་དང་ལབ་དི་རི་རི་བྱེད་པ་གཅིག་ཡོད། ཁོང་ཉིན་མོ་མིས་དེ་ཙམ་དུ་མི་མཐོང་དུར་ཁྲོད་དུ་མར་གཤེགས། མཚན་མོ་ཙོ་པ་རི་ཆུང་ངུ་ཞིག་ཏུ་མར་མེ་མཚན་ཐུབ་གཅིག་སྦར་ནས་གཅིག་པུར་བཞུགས་པས་ཁོང་ལ་ཞུས། མ་གནང་ན་ངས་བཤད་ཀྱི་གསུངས། དེས་རས་ཆུང་པས་དུར་ཁྲོད་རྣམས་སུ་ཚོལ་བས་སྔར་བླ་མས་གསུངས་པ་བཞིན་དུ་བཞུགས་པ་དང་མཇལ། གསེར་གྱི་མཎྜལ་ཕུལ་ནས་ཚེ་སྲིང་བའི་གདམས་ངག་ཞུས་པས། མཁའ་འགྲོ་མའི་ཞལ་ནས། ངས་དོ་ནུབ་ཁྱོད་ལ་ཕན་ཐོགས་སམ་མི་ཐོགས་བརྟགས་པར་བྱས་ལ། ཕན་ཐོགས་པར་འདུག་ན་ནངས་པར་གདམས་ངག་སྦྱིན་གསུང་སྐད། དེའི་ནུབ་རང་ཡང་ལབ་དི་རི་རི་འདུག་པས། ཇོ་མོ་སུ་དང་ལབ་པ་ལགས་ཞུས་པས། མཁའ་འགྲོ་མ་རྣམས་དང་ལབ་པ་ཡིན་གསུངས། ནངས་པར་ཇི་སྐད་གསུངས་སྙམ་འདུག་ཙ་ན། ཐོ་རངས་མཁའ་འགྲོ་མའི་ཞལ་ནས་བོད་ཀྱི་རྣལ་འབྱོར་པ་ཡར་ལོངས་ཤིག ཁྱོད་སྐལ་བ་དང་ལྡན་པར་འདུག་པས་ངས་ཕན་ཐོགས་པར་འདུག་གིས་ཁྱོད་ལོ་ཇི་ཙམ་ཐུབ་པར་འདོད་གསུངས་ནས་གདམས་ངག་ཐམས་ཅད་གནང༌། རྗེ་བཙུན་རས་ཆུང་པའི་ཞལ་ནས། གདམས་ངག་འདི་ཡེ་མ་ཆག་པར་ཉམས་སུ་བླངས་ན་རས་ཆུང་པས་ལོ་བརྒྱ་ཐུབ་ཟེར་བ་ཅིག་འོང་བར་སྣང་བ་ལ། གསང་སྔགས་ཀྱི་ཆོས་མང་པོ་ཞིག་ཉམས་སུ་ལོན་པས། ད་ཡོང་ཤི་མ་ཤི་ཁྱད་མེད་སྙམ་རེས་ཆག་རེས་མ་ཆག་པར་བྱས་པས་ཀྱང་ལོ་འདི་ཙམ་ཐུབ་གསུངས་ཏེ་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བཞུགས་པར་གདའ། སྐྱེས་བུ་རས་ཆུང་རྡོ་རྗེ་གྲགས་པ། དེས་རྗེ་བུར་སྒོམ་ནག་པོ་ལ་གདམས། དེས་འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུབ་པ་ལ། དེས་མཉམ་མེད་རྒྱལ་བ་སྟག་ལུང་པ་ཆེན་པོ་ལ་ཕུལ་ཏེ་ཐུགས་དམ་ཚེ་དཔག་རྣམ་གསུམ་གྱི་ཡ་གྱལ་ཡིན། དེ་ལྟ་བུའི་སྒོ་ནས་ཚེ་དབང་ཟབ་མོ་བགྱི་བ་ལ། སློབ་དཔོན་གྱི་བྱ་བ་

p. 683

གྲུབ་ནས་སོགས་སྦྱར་རོ། །གང་གི་སྲོག་ཏུ་སིམ་པའི་མོད། །རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་མཆོག་གི་གཟི་འབར་བས། །ས་གསུམ་དགེ་ལེགས་སྣང་གྱུར་ཅིག །ཅེས་པའང་དཔལ་སྟག་ལུང་པ་མཁས་བཙུན་གྲུབ་པའི་ཁྱུ་མཆོག་ངག་དབང་བཀྲ་ཤིས་དཔལ་གྲུབ་པའི་གསུང་རབ་དང༌། བླ་མའི་ཕྱག་གཞེས་ལྟར་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པས་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

Pecha page