← Search

མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་ན་རིམ་གྱི་གསུང་འབུམ།

རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།

p. 1

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།

p. 2

སྙིང་རྗེའི་ཤིང་རྟར་སྒྱུ་འཕྲུལ་གཟུགས་སྐུའི་གར། །མ་ལུས་ཚོགས་གསུམ་སྨིན་པའི་ལང་ཙོ་ཅན། །དྲི་མེད་མཁྱེན་པའི་མཁའ་ལ་རྣམ་རོལ་བ། །རྗེ་བཙུན་ཉིན་བྱེད་དབང་པོར་ཕྱག་བགྱིའོ། །དཔལ་ལྡན་རྡོ་རྗེ་སེམས་པ་གང་དེ་ཆོས་ཀྱི་སྐུ་མཆོག་སྲིད་གསུམ་གཅིག་པའི་བདག་ཉིད་དངོས། །ཨེ་ཝཾ་རོ་མཉམ་བདེ་བ་ཆེན་པོར་ཀུན་ནས་རྣམ་རོལ་ལོངས་སྤྱོད་རྫོགས་སྐུ་སེམས་དཔའི་ཆེ། །པྲ་ཕབ་བརྒྱད་ལྟར་འགྲོ་བའི་ཡིད་བཞིན་འཆར་བའི་གཟུགས་གང་དམ་ཚིག་སེམས་པ་སྤྲུལ་པའི་སྐུ། །འགྱུར་མེད་བདེ་བ་དམ་པའི་སྐུ་ནི་དེ་རྣམས་རོ་གཅིག་དགྱེས་པ་རྡོ་རྗེ་ཞེས་གྲགས་པ། །རྣམ་ཐར་ཞལ་བཟང་སྟོང་

p. 3

ཉིད་ཕྱག་དང་བསྡུ་དངོས་ཞབས་ཀྱི་བདག་ཉིད་མངའ། །ཐུགས་རྗེའི་རང་བཞིན་ཀ་པཱ་ལ་འཛིན་རིགས་ལྔའི་ཕྱག་རྒྱ་འཆང་བ་པོ། །ཕུང་པོ་ཁམས་རྣམས་ཀུན་ནས་རྣམ་དག་རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་བའི། །སྟོན་མཆོག་བླ་མེད་སྲིད་གསུམ་གྱིས་བསྟོད་རྡོ་རྗེ་སྙིང་པོས་གསོལ་དེར་འདུད། །བརྩོན་དང་སྐལ་པར་ལྡན་པའི་སྒྲུབ་པོ་གང་། །ཐུན་མོང་མཆོག་གི་གྲུབ་པའི་འབྲས་ཐོབ་ཆེད། །རྒྱུད་རྒྱལ་སྙིང་པོའི་བཅུད་མཆོག་བདུད་རྩིའི་རོ། །རྒྱ་ཆེར་འགྱེད་པའི་ཆོ་ག་བཟང་པོ་ནི། །རིམ་གཉིས་དོན་ལ་འཁྲུལ་པ་སྤངས་པའི་གཏམ། །གྲུབ་མཆོག་ནཱ་རོའི་ཞལ་ལུང་གངས་ཅན་འདིར། །གསལ་

p. 4

མཛད་མར་སྟོན་ཆེན་པོའི་རྗེས་འབྲངས་ནས། །དགྱེས་པ་རྡོ་རྗེ་སྒྲུབ་པའི་ཐབས་བཤད་བྱ། །དཔལ་ལྡན་གསང་བ་མཆོག་གི་ལམ། །བདག་གིས་རྣམ་པར་ཕྱེ་བ་ལ། །རྡོ་རྗེའི་མཁའ་འགྲོ་མ་ཚོགས་ཀྱིས། །དགྱེས་བཞིན་རྗེས་སུ་གནང་བར་མཛོད། །འདིར་ནི་མཁས་པའི་བསྟན་རིམ་མཐར་ཐུག་གསང་སྔགས་བླ་མེད་ཀྱི་ནང་ནས་ཀྱང་ཆེས་ཟབ་པའི་རྣལ་འབྱོར་མའི་རྒྱུད་ཅེས་བྱ་བ་འདིས་ནི་རིགས་ཀྱི་ཁྱད་པར་སྐྱེས་བུ་ལོགས་པ་རྣམས་འདུལ་བར་མ་ཟད་ཐབས་ཐ་ཤལ་ལ་སྤྱོད་པའི་གང་ཟག་རྣམས་ཀྱང་འདུལ་བར་བསྟན་པ་ཡིན་ཏེ། །གུར་ལས། སྲོག་ཆགས་བསོད་ལ་འབར་ལྡན་དང་། །ལྟ་བ་ལས་ནི་ལོག་རྣམས་དང་། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །བདེ་བའི་ཐབས་ནི་རྒྱས་མིན་ཞེས། །གཞུང་ཉུང་བ་ལ་དོན་རྒྱས་པ། །བློ་དམན་རབ་ཏུ་རྟོགས་བྱེད་པའི། །མཁའ་འགྲོ་མ་ཡི་རྒྱུད་ཅེས་ཏེ། །ཞེས་གསུངས་པའི་ཕྱིར་བདུད་དང་མུ་སྟེགས་ཀྱི་ཕྱོགས་རྟེན་དམན་པ་བུད་མེད་ལ་སོགས་པ་སྟེ། གནས་དང་། དུས་

p. 5

དང་། ནམ་མཁའ་དང་ལོངས་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་རྩོད་པ་དང་ལྡན་པ་མཐར་ཐུག་པ་ཡང་ཧེ་རུ་ཀའི་བཙུན་མོར་བསྡུ་བར་མཛད་པའི་ཆོ་ག་ནི་རྣལ་འབྱོར་མའི་རྒྱུད་རྣམས་སུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ལ་རིགས་དྲུག་གི་ནང་སེས་ཀྱི་དབྱེ་བས་རྒྱུད་སྡེ་ཆེན་པོ་བཅུ་བཞིར་གསུངས་པ་ནི་མཁའ་འགྲོ་མ་བདེ་བའི་རྒྱུད་དང་། རྒྱ་མཚོ་བདེ་བ་དང་། ནམ་མཁའ་དང་མཉམ་པ་དང་། གསེར་གྱི་ཆར་པ་ལྟ་བུའི་གདན་བཞི་དང་། དགའ་ཆེན་ཟ་ནུས་ཀྱི་རྒྱུད་སམྦུ་ཊི་དང་། བདེ་ཆེན་འགེག་པའི་རྒྱུད་དང་། གསང་བ་ཡིད་བདེ་སྟེ་སྒྱུ་འཕྲུལ་ཆེན་མོ་དང་། །ལས་ཚོགས་སྟོན་པ་རྡོ་རྗེ་མཁའ་འགྲོ་དང་། སྙིང་པོ་ལྟ་བུའི་རྒྱུད་དགྱེས་པ་རྡོ་རྗེ་དང་། གསང་བ་མཛོད་ཀྱི་རྒྱུད་དང་། རྡོ་རྗེ་བདུད་རྩི་ལས་ཕྱུང་བའི་རྒྱུད་དང་། བྱིན་རླབས་སྟོན་པའི་རྒྱུད་འཁོར་ལོ་བདེ་མཆོག་དང་། སྙིང་པོ་བསྡུས་པའི་རྒྱུད་རྡོ་རྗེ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུད་དེ་བཅུ་བཞིར་དབྱེ་བ་ནི། གུར་གྱི་ལུང་དོན་དུ་རྗེ་

p. 6

བཙུན་དབྱངས་ཅན་བཟང་པོ་གཞེད་དོ། །དེ་རྣམས་ཀྱི་ནང་ནས་ཀྱང་འདིར་བཤད་པར་བྱ་བ་ནི། སྙིང་པོ་ལྟ་བུའི་རྒྱུད་དགྱེས་པ་རྡོ་རྗེ་སྟེ། འདི་ལ་བརྗོད་བྱེད་ཚིག་གི་དབང་དུ་ན་རྩ་བའི་རྒྱུད་འབུམ་ལྔ་བརྟག་པ་སོ་གཉིས་པའི་སྟོད་ནས་ཕྱུང་བའི་རྩ་བརྒྱུད་བརྟག་པ་གཉིས་ཀྱི་བདག་ཉིད་ལེའུ་ཉེར་གཉིས་ཚིགས་སུ་བཅད་པ་བདུན་བརྒྱ་ལྔ་བཅུ་པ་དང་། ཐུན་མོང་མ་ཡིན་པའི་བཤད་བརྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་ལེའུ་བཅོ་ལྔ་ཚིགས་སུ་བཅད་པ་སྟོང་ཉེར་ལྔ་པ། བཤད་རྒྱུད་ཐུན་མོང་པ་སམྦུ་ཊ་བརྟག་པ་བཅུར་རབ་བྱེད་སུམ་བཅུ་སོགས་ལ་ཚིགས་སུ་བཅད་པ་ཉིས་སྟོང་གོ་དགུ། །རྒྱུད་ཕྱི་མ་ཕྱག་ཆེན་ཐིག་ལེ་དང་། ཕྱི་མའི་ཕྱི་མ་ཡེ་ཤེས་ཐེག་ལེ་ལ་སོགས་བཞུགས་པའི་དེ་དག་གི་བརྗོད་བྱའི་དོན་རྣམས་ཀྱང་། ཇོ་བོ་ནཱ་རོ་པ་ལྟར་ན། གཞི་དང་ཐབས་དང་འབྲས་བུའི་རྒྱུད་གསུམ་དུ་འདུ་བའི་ཐབས་ཀྱི་རྒྱུད་དེ་ལ་ཡང་སྨིན་པར་བྱེད་པ་དབང་དང་། གྲོལ་བར་བྱེད་པ་བསྐྱེད་རྫོགས་གཉིས་ཀྱི་ལམ་ཆ་ལག་དང་བཅས་པ་

p. 7

ལས་འདིར་བརྗོད་བྱའི་གཙོ་བོ་ནི། རྩ་བའི་རྒྱུད་ལས་ཅི་སྐད་གསུངས་པའི་སྐྱེད་རིམ་དང་། བཟླས་བརྗོད་དང་། སྦྱིན་བསྲེག་ལ་སོགས་པ་ལས་རབ་འབྱམས་ཀྱི་ངེས་པ་རྒྱ་ཆེ་ཞིང་གཏིང་མི་རྟོགས་པའི་ཟབ་པ་རྣམས་བླ་མ་དམ་པ་བརྒྱུད་པའི་མན་ངག་ཐོབ་ཅིང་རྙེད་པའི་རིམ་པས་གསལ་བར་བྱེད་པ་ལ། བསྐྱེད་རིམ་གྱི་རྣམ་བཞག་སྤྱིར་བསྟན་པ། ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་རྒྱས་པར་བཤད་པ། སྦྱིན་སྲེག་ལ་སོགས་པ་ལས་རབ་འབྱམས་ཀྱི་ངེས་པ་བསྟན་པའོ། །དང་པོ་ལ་། བསྐྱེད་རིམ་གྱི་མཚན་ཉིད། དབྱེ་བ། དགོས་པ། འབྲས་བུ་དང་བཞི་ལས། །དང་པོ་ནི། གཞི་དུས་ཀྱི་ཕུང་པོ་ལ་སོགས་པ་འཁོར་བའི་ཆོས་སོ་དྲུག་སྒྲིབ་བྲལ་དུ་བྱེད་པའི་ཕྱིར་ཁྱབ་བྱེད་རིགས་དྲུག་པ་རྡོ་རྗེ་སེམས་དཔས་ཁྱབ་བྱ་རིགས་ལྔ་རྣམ་པར་དག་པར་བྱས་པའི་བསྐྱེད་རིམ་ཡན་ལག་དྲུག་ལྡན་གྱི་སྒོ་ནས་ཕྲ་ཐིག་གི་མྱོང་བ་འདྲེན་ཅིང་སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་དུ་བསྐྱེད་པའི་རྣམ་གཞག་ཚང་བ་ཞིག་རྣལ་

p. 8

འབྱོར་བླ་མེད་ཀྱི་རྒྱུད་ལས་གསུངས་པའི་བསྐྱེད་རིམ་གྱི་མཚན་ཉིད་དུ་བཤད་དེ། གུར་ལས། སངས་རྒྱས་གནས་བཞི་རྫོགས་བྱས་ལ། །ཀུན་ཏུ་བཟང་པོ་བདེན་པའི་དངོས། །རྣམ་པ་ལྔ་པོ་བསྒོམ་བྱ་སྟེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་སོགས་བདུད་རྩི་མྱོང་སོགས་པར། །རིམ་པ་འདི་ནི་བསྒོམ་བྱས་ན། །ཡན་ལག་དྲུག་གི་སྦྱོ ར་བར་འདོད། །ཅེས་དང་། རྩ་རྒྱུད་ལས། །ཡན་ལག་དྲུག་བསྒོ མ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་དང་། རྩ་རྒྱུད་ཀྱི་འགྲེལ་པ་རིན་ཆེན་འཕྲེང་བ་ཞེས་པ་རམ་ལུགས་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་དེས་ནི་འཆི་བ་འོད་གསལ་ཆོས་སྐུའི་བདག་ཉིད་ཡིན་པ་ལ། དེ་ལྟར་མ་ཤེས་པ་དེ་སྦྱོང་བའོ། །དེའི་ངང་ལས་ནཱ་དར་ལངས་པ་ནི་བར་དོའ་སྲིད་པ་ལོངས་སྐུའི་བདག་ཉིད་ཡིན་པ་ལ། དེ་ལྟར་མ་ཤེས་པ་དེ་སྦྱོང་བའོ། །ཀུན་རྫོབ་བསྲུང་བ་མན་ཆད་ནི་སྐྱེ་བའི་སྲིད་པ་སྤྲུལ་སྐུའི་བདག་ཉིད་ཡིན་པ་ལ། དེ་ལྟར་མ་ཤེས་

p. 9

པ་དེ་སྦྱོང་བའོ། །ཞེས་བཤད་དོ། །གཉིས་པ་ལ། གང་བསྒོམ་པ་ལྷ་ཡི་དབྱེ་བ་དང་། ཇི་ལྟར་བསྒོམ་པ་ཆོ་གའི་དབྱེ་བ་གཉིས་ཀྱི་དང་པོ་ལ། མཆོག་གི་དངོས་གྲུབ་གཙོ་བོར་སྟོན་པའི་བསྐྱེད་རིམ་དང་། ཐུན་མོང་ལས་ཚོགས་ཀྱི་སྒྲུབ་པ་གཙོ་བོར་སྟོན་པའི་བསྐྱེད་རིམ་གཉིས་ལས། དང་པོ་ལ། དགྱེས་པ་རྡོ་རྗེ་རིགས་བསྡུས་དང་། །རིགས་བྱེ་བྲག་པའི་དཀྱིལ་འཁོར་གཉིས་གསུང་པ་ལས་རིགས་བསྡུས་ནི་རིགས་ལྔ་དཀྱིལ་འཁོར་གཅིག་ཏུ་བསྡུས་ནས་སྒོམ་པ་སྟེ། འདི་ལ་གཙོ་འཁོར་གྱི་ལྷ་ལྔ་ཚན་ལྔ་དང་དགུ་ཚན་ལྔར་གསུངས་པ་ལ་གཙོ་འཕོའ་དབྱེ་བས་བཅུར་འགྱུར་ཡང་རེ་ཤིག་གཉིས་སུ་བགྲང་ངོ་། །རིགས་བྱེ་བྲག་པ་ནི་དཀྱིལ་འཁོར་ལྔ་སོ་སོར་སྒོམ་པ་སྟེ། འདི་ལ་ཧེ་རུ་ཀ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལམ་དུ་བྱེད་པ་དང་། དེ་བཞིན་དུ་རྡོ་རྗེ་རྟག་པ་དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེ་ཉི་མ་རིན་པོ་ཆེའི་རིགས་དང་། གར་གྱི་དབང་ཕྱུག་པདྨའི་རིགས་དང་། རྟ་མཆོག་ལས་ཀྱི་རིགས་ཀྱི་

p. 10

དཀྱིལ་འཁོར་ལམ་དུ་བྱེད་པའི་ཚུལ་བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་ལས་གསུངས་ཤིང་། རྩ་བའི་རྒྱུད་འདིར་ནི། དེ་དག་གི་ནང་ནས་རྡོ་རྗེའི་རིགས་མི་བསྐྱོད་པ་དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་བསྒྲུབ་པ་བསྟན་པ་ནི་ཁྲག་འཐུང་ལྷ་དགུ་དང་བདག་མེད་མ་ལྷ་མོ་བཅོ་ལྔ་གཉིས་ཀྱི་དང་པོ་ལ། ཧེ་རུ་ཀ་ཕྱག་གཉིས་པ་དང་། བཞི་པ་དང་། དྲུག་པ་དང་། བཅུ་དྲུག་པའི་དབྱེ་བས་བཞིའོ། །གཉིས་པ་ལས་ཚོགས་སྟོན་པའི་ལྷ་ལ་རྩ་བཤད་སྡོམས་ན་སུམ་ཅུ་སོ་བཞི་འབྱུང་ཡང་རྩ་རྒྱུད་རང་ལས་བཤད་པ་ནི་མཁའ་འགྲོ་མ་བདུན་དང་ཀུ་རུ་ཀུལླེའི་སྒྲུབ་པ་སྟེ་བརྒྱད་དོ། །མདོར་ན་རྩ་བཤད་སྡོམས་པས་མཆོག་གི་སྒྲུབ་ཐབས་བཅུ་གཅིག་དང་། ལས་ཚོགས་སོ་བཞི་པོ་གཅིག་ཏུ་བསྡུས་པས་བཅུ་གཉིས་སུ་འགྱུར་ལ། རྩ་རྒྱུད་རང་རྐང་ལས་ནི་ཧེ་རུ་ཀ་བཞི་དང་བདག་མེད་མ་སྟེ། མཆོག་གི་སྒྲུབ་ཐབས་ལྔའི་སྟེང་དུ་ལས་ཚོགས་ཀྱི་སྒྲུབ་པ་བརྒྱད་གཅིག་ཏུ་བྱས་ནས་བསྣན་པས་དྲུག་སྟེ་དཀྱིལ་འཁོར་གྱི་དབྱེ་བསྡུ་འདི་དག་ལ་

p. 11

བཞེད་པ་མི་འདྲ་བ་འགའ་ཞིག་འབྱུང་ཡང་། འདིར་སྨོས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མར་པ་ཆོས་ཀྱི་བློ་གྲོས་ཀྱི་བཞེད་པ་འཁྲུལ་པ་དང་བྲལ་བ་ཡིན་ནོ། །གཉིས་པ་ལ། སྒྲུབ་པ་པོ་གང་ཟག་ལ་ལྟོས་ནས་དབྱེ་བ་དང་། སྦྱང་བཞི་སྦྱོང་བྱེད་ཀྱི་སྒོ་ནས་དབྱེ་བ་གཉིས་ཀྱི་དང་པོ་ལ། གང་ཟག་བསྡུས་པ་ལ་དགའ་བས་རྡོ་རྗེ་རྣམ་པ་བཞིས་བསྐྱེད་པ། སྤྲོས་པ་ལ་དགའ་བས་ཆོ་ག་གསུམ་གྱིས་བསྐྱེད་པ། ཤིན་ཏུ་སྤྲོས་པ་ལ་དགའ་བས་དོན་ཚན་བཞི་ལས་ཕྱེ་སྟེ་བསྐྱེད་པ་གསུམ་གྱི་དང་པོ་ནི། རྩ་བའི་རྒྱུད་ལས། དང་པོར་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་བགོད། །ཅེས་གསུངས་པ་འདི་ལ་སྔོན་འགྲོ་བླ་མ་དག་པ་དང་། །ཚད་མེད་བཞི་བསྒོམ་པ་བྱས་ནས་ཁམས་གསུམ་པོ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་སྟོང་པ་ཉིད་དུ་བསྒོམ་པ་ནི་སྟོང་ཉིད་བྱང་ཆུབ་བོ། །དེའི་ངང་ལས་པདྨ་

p. 12

དང་ཉི་ཟླའི་གདན་ལ་གནས་པའི་ཧཱུྃ་གི་ས་བོན་ལས་འོད་ཟེར་སྤྲོ་ཞིང་བསྡུ་བ་ནི་ས་བོན་བསྡུ་བའོ། །དེ་ལས་ཧེ་རུ་ཀ་བཞི་པོ་གང་ཡང་རུང་བའི་བསྐུར། བདག་ཉིད་བསྐྱེད་པ་ནི་གཟུགས་བརྙན་རྫོགས་པའོ། །དེའི་ཐུགས་དཀར་རང་རང་གི་ས་བོན་བསམ་པ་ནི་ཡིག་འབྲུ་བགོད་པ་སྟེ། དེ་ལྟར་དམ་ཚིག་པ་བསྐྱེད་པ། དེ་ལ་ཡེ་ཤེས་སེམས་དཔའི་བསྲེ་བ་དང་། དབང་བསྐུར་བ་དང་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དང་། བཟླས་པ་དང་། རྫོགས་རིམ་དང་། ཐུན་མཚམས་ཀྱི་རྣལ་འབྱོར་སྟེ་ཆོ་གའི་ཐོ་བཅུ་གཉིས་ཀྱིས་བསྡུས་པ་ལ་དགའ་བའི་ཉམས་ལེན་བསྟན་ཏོ། །གཉིས་པ་ལ་ཆོ་གའ་ཐོ་བཅུ་དྲུག་སྟེ། དེ་ཡང་བླ་མ་དག་པ། །ཚད་མེད། །སྟོང་པར་སྒོམ་པ་གསུམ་ནི་སྦྱོར་བ་ཡིན་ལ། དེ་ནས། །རེ་ཕས་ཉི་མ་མདུན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱི་ནི་དྲ་བ་དང་། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པ་ཉིད། །ཅེས་པ་ལྟར་བསྲུང་འཁོར་སྒོམ་མོ། །དེར་གདན་བསྐྱེད་

p. 13

པ་ལ། རྩ་རྒྱུད་ལས། དང་པོར་རོ་ནི་རྣམ་བསྒོམ་པ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བརྗོད། །དེ་སྟེངས་རྣལ་འབྱོར་པ་གནས་ནས། །ཧེ་རུ་ཀ་ཉིད་རྣམ་པར་བསྒོམ། །ཞེས་པའི་དོན་རྗེ་ལོ་ཙ་བའི་ཊཱི་ཀར། དེ་ནས་གདན་བསྒོམ་པ་ནི། དང་པོར་ལ་སོགས་པས་བསྟན་ཏོ། །ཞེས་པ་ཙམ་ལས་གཞལ་མེད་ཁང་སྒོམ་པའི་གསལ་ཁ་མེད་པས་རེ་ཤིག་བསྲུང་འཁོར་གྱི་དབུས་སུ་བདུད་བཞི་རྣམ་པར་དག་པའི་རོའི་གདན་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་སྒོམ་མོ། །སྤྱིར་འདི་སྐབས་ཀྱི་ཊཱི་ཀ་འགའ་ཞིག་ཏུ། ཆོས་འབྱུང་གི་དབུས་སུ་འབྱུང་བཞི་ལུགས་ལྡོག་འཁོར་ལོ་དང་བཅས་པ་འདྲེས་པ་ལས་ཕོ་བྲང་བསྐྱེད་པར་བཤད་པའི་ལུགས་ཀྱང་ཡོད་དོ། །དེར་ས་བོན་དང་ཕྱག་མཚན་དང་། སྐུ་རྫོགས་པ་སྟེ་ཆོ་ག་གསུམ་གྱིས་གཙོ་བོ་བསྐྱེད་པ་ནི་རྩ་རྒྱུད་ལས། རང་གི་སྙིང་གར་རེ་ཕ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པ་ཉིད། །ཐབས་དང་ཤེས་རབ་རང་བཞིན་ཅན། །ཧཱུྃ་ལས་བྱུང་བའི་རྡོ་

p. 14

རྗེ་ནི། །ཁ་དོག་ནག་པོ་འཇིགས་ཆེན་པོ། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཡང་ནི་ཧཱུྃ་གི་དེ་ཉིད་བསྒོམ། །ཧཱུྃ་གི་རྣམ་པ་གྱུར་ལྟས་ནས། །ཞེ་སྡང་བདག་ཉིད་རྣམ་པར་སྒོམ། །ཞེས་པའི་འགྲེལ་བར་དཔལ་རང་བྱུང་གིས། བརྟེན་པ་ལྷ་བསྐྱེད་པ་ལ་གསུམ། ས་བོན་དང་། ཕྱག་མཚན་དང་། སྐུ་རྫོགས་པར་བསྐྱེད་པའོ། །དང་པོ་ནི་རང་གི་སྙིང་གར་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། རང་གི་སྙིང་གར་ནི་ནཱ་དའི་གཟུགས་ཀྱི་ས་བོན་ལས་འོད་སྤྲོས་ཤིང་བསྒོམ་པ་དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་དེར་ནི་ཡེ་ཤེས་ལྔའི་རང་བཞིན་ཧཱུྃ་གི་རྣམ་པ་ཉིད་དུ་ཡོངས་སུ་གྱུར་པ་ལས། ཐབས་དང་ཤེས་རབ་དབྱེར་མེད་པའི་རང་བཞིན་ཅན་དུ་བསྒོམ་མོ། །གཉིས་པ་ཕྱག་མཚན་ནི། ཧཱུྃ་དེ་ལས་འོད་ཟེར་འཕྲོས་ཤིང་འདུས་པ་ལས་བྱུང་བའི་རྡོ་རྗེ་ཆོས་ཉིད་མི་འགྱུར་བའི་རྟགས་སུ་ཁ་དོག་ནག་པོ་སྟེ་རྩེ་ལྔ་ཅུང་ཟད་གྱེས་པའི་རྣམ་པའོ། །རྡོ་རྗེ་དེ་ཉིད་ཀྱི་ལྟེ་བའི་དབུས་ནའང་སྔར་ལྟ་བུའི་ཧཱུྃ་གིས་མཚན་པར་སྒོམ་

p. 15

མོ། །གསུམ་པ་སྐུ་རྫོགས་པར་བསྐྱེད་པ་ནི། ཧཱུྃ་གི་རྣམ་པ་ཞེས་པ་ནས་རྣམ་པར་བསྒོམ་ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེ་ཧཱུྃ་གིས་མཚན་པ་དང་བཅས་པ་དེ་ཡོངས་སུ་གྱུར་པར་བལྟས་ནས། ཞེ་སྡང་རྣམ་པར་དག་པ་དཔལ་ཧེ་རུ་ཀའི་རྣམ་པར་སྒོམ་མོ། །ཞེས་གསུངས་པ་ལྟར་ཧེ་རུ་ཀ་བཞི་པོ་གང་ཡང་རུང་བའི་སྐུར་བདག་ཉིད་ཆོ་ག་གསུམ་གྱིས་བསྐྱེད་ནས། དེ་ལ་ཡིག་འབྲུ་བགོད་པ། ཡེ་ཤེས་པ་བསྲེ་བ། །དབང་བསྐུར་བ། མཆོད་པ། བསྟོད་པ། བདུད་རྩི་མྱང་བ། །ཏིང་འཛིན། ཟླས་པ། རྫོགས་རིམ། ཐུན་མཚམས་ཏེ་བཅུ་དྲུག་གིས་བསྟན་པ་ནི་སྔ་མ་ལས་ཅུང་ཟད་སྤྲོས་པ་ལ་དགའ་བའི་ཉམས་ལེན་ཏེ། འདིར་གོང་གི་རྡོ་རྗེ་བཞི་བསྐྱེད་ཀྱང་འདུའོ། །གསུམ་པ་ནི། བསྐྱེད་རིམ། བཟླས་པ། རྫོགས་རིམ། ཐུན་མཚམས་ཏེ་བཞིས་ཕྱེ་བའི་དང་པོ་བསྐྱེད་རིམ་ལའང་རྒྱུའི་ཧེ་རུ་ཀ་བསྐྱེད་པའི་ཆོས་བཅུ་དང་། འབྲས་བུའི་ཧེ་རུ་ཀ་བསྐྱེད་པའི་ཆོས་བཅུ་སྟེ་ཆོ་གའི་ཐོ་ཉི་ཤུས་བསྟན་པ་འདི་ལ་རྒྱུ་རྡོ་རྗེ་

p. 16

འཛིན་པ་མངོན་བྱང་ལྔས་བསྐྱེད་པ་དམིགས་ཀྱིས་བསལ་བ་ལ་དགོངས་ནས་ཤིན་ཏུ་སྤྲོས་པ་ལ་དགའ་བས་མངོན་བྱང་ལྔས་བསྐྱེད་ཅེས་ཀྱང་དགའ་ཞིག་བཞེད་དོ། །དེ་ལྟ་ནའང་ཆོ་ག་གསུམ་གྱིས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ་གཙོ་བོ་ཡིན་པའི་དབང་དུ་མཛད་པ་གཞིར་བྱས་ནས་རྩ་རྒྱུད་ལས་གསུངས་པའི་རྡོ་རྗེ་བཞི་དང་བཤད་རྒྱུད་ལས་གསུངས་པའི་ཡན་ལག་དྲུག་གི་ཁོངས་སུ་རྒྱུའབྲས་ཀྱི་ཧེ་རུ་ཀ་བསྐྱེད་པའི་ཆོས་ཉི་ཤུ་འདུ་བར་མཛད་པ་ནི་བསྐྱེད་ཆོག་ཐམས་ཅད་ཚང་བའི་ཉམས་ལེན་ཏེ་ཤིན་ཏུ་སྤྲོས་པ་ལ་དགའ་བའི་ངོར་རྩ་བ་དང་བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་འཁྲུགས་སྡེབས་ཏེ། སྒྲུབ་ཐབས་ཀྱི་རིམ་པ་མདོ་དང་སྦྱར་བ་ཞེས་པ་མངའ་དག་ལོ་ཙ་བ་ཆེན་པོའི་མན་ངག །རྗེ་བཙུན་རྔོགས་གཞུང་པ་ལས་བརྒྱུད་པའི་ལུགས་འདི་ལ་བླ་མ་དག་པ། ཚད་མེད། སྟོང་པ། བསྲུང་བ། ཆོས་འབྱུང་། འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་། མངོན་བྱང་ལྔས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། མཁའ་

p. 17

གསང་བྱིན་རླབས། འཁོར་བསྐྱེད་པ་དང་བཅུ་ནི་རྒྱུའི་ཧེ་རུ་ཀ་བསྐྱེད་པའི་ཆོ་ག་དང་། དྲི་ཟ་ཞུགས་པ། གླུས་བསྐུལ་བ། ཆོ་ག་གསུམ་གྱིས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་རླབས། ཡེ་ཤེས་པ་བསྲེ་བ། དབང་བསྐུར། མཆོད་པ། བསྟོད་པ། བདུད་རྩི་མྱང་བ། ཏིང་ངེ་འཛིན་ཏེ་འབྲས་བུའི་ཧེ་རུ་ཀ་བསྐྱེད་པའི་ཆོས་བཅུ་དང་ཉི་ཤུ་བསྐྱེད་རིམས་ཀྱི་ཆིངས་སུ་མཛད་ནས། བཟླས་པ་ལས་ནི་ལས་བཞི་ལ་སོགས་པའི་སྐབས་ཐོབ་ཀྱི་དམིགས་པ་ཐ་དད་པ་རྣམས་དང་། རྫོགས་རིམ་ལའང་སྟེང་སྒོ་རྣམ་གྲོལ་དང་འོག་སྒོ་བདེ་ཆེན་གྱི་དབྱེ་བ་དག་ཀྱང་། ཐུན་མཚམས་ལ་རྣམ་དག །གཏོར་མ། རྡོ་རྗེའི་གླུ །སྨོན་ལམ་སྟེ་བཞིར་བཞེད་པའི་རིམ་པ་རྒྱས་པར་ནི་འོག་ཏུ་འཆད་དོ། །དེ་ལྟར་བསྐྱེད་རྒྱུའི་ཧེ་རུ་ཀ་བཞི་བསྐྱེད་ཆོག་བསྡུས་འབྲིང་རྒྱས་པ་གསུམ་གསུམ་གྱི་ཕྱེ་བས་མཆོག་གི་སྒྲུབ་ཐབས་བཅུ་གཉིས་སུ་འགྱུར་བ་ནི་བསྐྱེད་ཚུལ་ཆོ་གས་ཕྱེ་བ་ཡིན་ལ། གོང་དུ་སྨོས་པ་ནི་བསྐྱེད་རྒྱུ་ལྷ་

p. 18

ཉིད་ཀྱི་དབྱེ་བ་ཡིན་ནོ། །གཉིས་པ་ནི། །ཤེས་བྱ་ལ་མཚན་ཉིད་གསུམ་གྱི་དབང་དུ་བྱས་ནས་བདེ་བ་ཆེན་པོའི་རིགས་སམ་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རྒྱུད། གཞན་དབང་སྒྱུ་མ་ཙམ་གྱི་བདག་ཉིད་དུ་རྟེན་དང་བརྟེན་པར་བཅས་པའི་ལྷ་སྔགས་ཀྱི་རྒྱུའི་ངོ་བོར་གནས་པའི་གཞན་དབང་དེ་ལ་ལྷ་སྔགས་དེར་བཏགས་ནི་བཏགས་པ་ལྟར་ཕྱིན་ཅི་མ་ལོག་པ་གཞན་དབང་གི་གནས་ཚུལ་དང་མཐུན་པར་ཞུགས་པའི་ཕྱིར་བསྐྱེད་རིམ་གྱི་སྦྱང་གཞིར་གྱུར་པ་ཡིན་ཏེ། སྡོམ་འབྱུང་ལས། ཁམས་གསུམ་རང་ནི་གཞལ་ཡས་ཁང་། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། །ཞེས་དང་། །སམྦུ་ཊཱ་ལས། །རང་ལུས་ཉིད་ལ་སངས་རྒྱས་ཉིད། །གཞན་ནི་གང་དུ འང་མི་གནས་སོ། །ལུས་ལས་གཞན་དུ་སངས་རྒྱས་ཉིད། །མི་ཤེས་པ་ཡི་སྒྲིབ་པར་བརྗོད། །ཅེས་དང་། རྩ་རྒྱུད་ལས་ཀྱང་། ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་ལག་ཁ་དོག་རྣམ་པར་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་

p. 19

པས་སོ། །ཞེས་གསུངས་པས་ཐོག་མ་དང་ཐ་མ་མེད་པའི་སེམས་པ་རྡོ་རྗེ་དགའ་བ་ཆེན་པོའི་རང་བཞིན་དུ་བཞུགས་པ་བདེ་བ་ཆེན་པོའམ་ལྷན་ཅིག་སྐྱེས་པའི་རིགས་སམ་རྒྱུའི་ཁྱད་པར་མཆོག་དེ་ལ་ཀུན་བརྟགས་ཕྱིན་ཅི་ལོག་གིས་ཁམས་གསུམ་གྱི་འཁོར་བར་བརྟགས་པ་ནི་ཀུན་བརྟགས་ཕྱིན་ཅི་ལོག་བསྐྱེད་རིམ་གྱི་སྦྱང་བྱ་སྟེ། དེ་ཡང་ཐོག་མ་མེད་པ་ནས་འཛིན་སྟངས་ཕྱིན་ཅི་ལོག་གིས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པར་ཀུན་ཏུ་བརྟགས་ཤིང་དེ་དག་ལ་བདག་ཏུ་ལྟ་བ་སོགས་ཀྱི་ཉོན་མོངས་པས་ལས་སྣ་ཚོགས་བསགས་ནས་ཁམས་གསུམ་གྱི་འཁོར་བར་སྐྱེ་བ་ལེན་པའི་རྟེན་འབྲེལ་གྱི་ཡན་ལག་བཅུ་གཉིས་ཀྱིས་འཁོར་བར་བྱས་པའི་ཐ་མལ་གྱི་རྟོག་པ་ཕྱིན་ཅི་ལོག་དེ་རིམ་པ་འདིས་སྦྱོང་བར་བྱེད་པ་སྟེ། སྒྲུབ་ཐབས་ཀུན་བཟང་ལས། །ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་སེམས། །འདི་ནི་མངོན་སུམ་

p. 20

ཉིད་དུ་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར། །ཅེས་གསུངས་པས་ཕྱིན་ཅི་ལོག་གིས་བརྟགས་པའི་ཕུང་སོགས་སྔགས་དོན་གྱིས་སྟོང་པར་སྦྱངས་ནས་ཕྱིན་ཅི་མ་ལོག་པས་བརྟགས་པའི་ཕུང་སོགས་ལ་ལྷའི་ང་རྒྱལ་འཛིན་པས་ལྷའི་ཕུང་པོ་སངས་རྒྱས་ལྔ་དང་། ཁམས་ཡུམ་བཞི་ལ་སོགས་པར་ཡང་དག་པའི་གསལ་སྣང་འཆར་བ་སྟེ། རྡོ་རྗེ་གུར་ལས། གལ་ཏེ་འགལ་བ་ཡོད་པ་མ་ཡིན་ཡང་། །དེ་ཚེ་རྒྱལ་བའི་དངོས་པོས་སྦྱོང་བ་ཡོད། །ཀུན་རྫོབ་བདེན་པར་ཡང་དག་གནས་ནས་ནི། །འཁོར་ལོའི་གཟུགས་ཀྱི་ཆོས་ཙམ་རྣམ་པར་སྒོམ། །ཞེས་འབྱུང་བའི་ཕྱིར་སྐྱེ་སྲིད་ཡན་ལག་དང་བཅས་པ་སྦྱོང་བྱེད་ལ་བསྐྱེད་རིམ་དུ་བཞག་ནས། དེ་ཡང་འཁོར་བར་སྐྱེ་བ་ལ་སྐྱེ་གནས་བཞིར་སྐྱེ་བའི་དབང་དུ་བྱས་ནས་སྐྱེ་གནས་བཞི་སྦྱོང་ཚུལ་སྤྱིར་བསྟན་པ་དང་། ཁམས་དྲུག་ལྡན་གྱི་སྐྱེ་བ་སྦྱོང་ཚུལ་བྱེ་བྲག་དུ་བཤད་པའོ། །དང་པོ་ནི། དཔལ་ཀརྞ་རི་པའི་

p. 21

ཞབས་ཀྱིས། སེམས་ཅན་རྫུས་ཏེ་སྐྱེ་བ་བཞིན། །ས་བོན་མེད་པར་རྣམ་པར་སྒོམ། །ཞེས་གསུངས་པས་ཚོགས་ཞིང་གི་ཐོག་མར་བདག་ཉིད་ཧེ་རུ་ཀར་བསྐྱེད་པ་ལྟ་བུ་འོད་གསལ་བའི་སྐད་ཅིག་ལས་བསྐྱེད་པ་ནི་རྫུས་སྐྱེས་དང་རྣམ་པ་མཐུན་པའི་སྦྱོང་བྱེད་ཀྱི་ལྷ་སྒོམ་ཚུལ་ཡིན་ལ། དེ་བཞིན་དུ་ཟླ་ཉི་ས་བོན་ཕྱག་མཚན་ལས་སྐུ་རྫོགས་པར་བསྐྱེད་པ་བདག་མེད་མའི་བསྐྱེད་ཆོག་ལྟ་བུ་ནི་སྒོང་སྐྱེས་སྦྱོང་བྱེད་དང་གཙོ་བོ་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་ལས་འཁོར་གྱི་ལྷ་མོ་རྣམས་སྤྲོ་ཞིང་བསྐྱེད་པ་དང་། གླུས་བསྐུལ་ནས་བཞེངས་པའི་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནི་མངལ་སྐྱེས་སྦྱོང་བྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་བརླབས་ཀྱི་ལྷ་ས་བོན་ཙམ་ལས་བསྐྱེད་པ་ནི་དྲོད་གཤེར་སྐྱེས་སྦྱོང་བྱེད་དེ་འདི་རྣམས་ཀྱིས་སྐྱེ་གནས་བཞི་ཇི་ལྟར་སྦྱོང་བ་ཡང་སྲིད་པ་འབྱུང་འགྱུར་གྱི་ནུས་པ་བཅོམ་པ་ཙམ་ཁོ་ན་མ་ཡིན་པར་སྲིད་པ་སྔ་མའི་བག་ཆགས་རྒྱུད་ལ་ཡོད་པ་དང་། ད་

p. 22

ལྟ་སྐྱེ་གནས་སྒྲུབ་ཟིན་པ་དངོས་ཀྱང་སྦྱོང་བར་བྱེད་ལ་སྦྱངས་པས་དག་པར་ཡང་ནུས་པ་ཡིན་ཏེ། དཔེར་ན་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ནས་དེའི་ཆེད་དུ་ལས་ཉོན་བསགས་པས་དེར་འགྱུར་བ་དང་། བདེ་ཆེན་འགོག་པའི་བདེན་པ་དང་། དེའི་གོ་འཕང་མངོན་དུ་བྱེད་པའི་རྟེན་ལ་དམིགས་ནས་དེའི་ཆེད་དུ་ལམ་རྒྱུད་ལ་བརྟེན་པས་དེར་འགྱུར་བ་བཞིན་ནོ། །གཉིས་པ་ལ། །ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་འདི་ཡང་གནས་སྐབས་ལྔ་དང་། ཆེན་པོ་བཞི་དང་། རང་རིག་བདེ་ཆེན་དང་། དུམ་བུ་དང་ཆ་ཤས་ཏེ་བཞི་ལས་སྐྱེ་བའི་ད ང་པོ་ནི། མངལ་དུ་ཐོག་མར་ཕའི་ཁུ་བ་དང་། མའི་ཁྲག་དང་། བར་དོའ་རྣམ་ཤེས་དང་། དེ་གསུམ་འདྲེས་པ་དང་། དེ་ལས་ཕུང་ཁམས་སྐྱེ་མཆེད་རྣམས་རྫོགས་པར་གྲུབ་པ་དང་གནས་སྐབས་ལྔའོ། །དེ་རྣམས་སྦྱོང་བྱེད་ཀྱང་རྒྱུའི་ཧེ་རུ་ཀ་མངོན་བྱང་ལྔས་བསྐྱེད་པ་སྟེ། ཟླ་བ་དང་། ཉི་མ་དང་། ཕྱག་མཚན་དང་། དེ་གསུམ་འདྲེས་པ་དང་། དགྱེས་པ་རྡོ་རྗེའི་སྐུ་རྫོགས་པ་

p. 23

རྣམས་སོ། །གཉིས་པ་ནི། །དཀར་དམར་གྱི་ཆ་རེ་རེ་ལ་ཡང་འབྱུང་བ་བཞི་ཀ་ཚང་སྟེ་གཟུགས་སུ་གྲུབ་པ་ནི་ས། གཤེར་བ་ཆུ། དྲོ་བ་མེ། གཡོ་བ་རླུང་གི་ཆོས་དང་བཞི། །སྦྱོང་བྱེད་དུ་འབྱུང་བཞི་རྣམ་དག་གི་ལྷ་མོ་བཞི་བསྐྱེད་པ འམ། མཚམས་ཀྱི་ལྷ་མོ་བཞིས་མྱ་ངན་གྱི་གླུས་བསྐུལ་བའོ། །གསུམ་པ་ནི། སྙོམས་འཇུག་གི་དུས་སུ་ཕ་མ་དང་བར་དོའ་རྣམ་ཤེས་གསུམ་ག་ལ་ཟག་པ་དང་བཅས་པའི་བདེ་བ་སྐྱེ་ལ་དེའི་ངོ་བོ་རང་གི་རིག་པའི་བདེ་བ་ཆེན་པོ་ཆུ་དང་འོ་མ་འདྲེས་པ་ལྟར་གནས་པའི་ཟག་བཅས་ཀྱི་ཆ་སྦྱོང་བྱེད་དུ་ནཱ་དའི་ཆ་གཉིས་པ་ཞལ་དུ་ཞུགས་ཤིང་གཙོ་བོ་ཡབ་ཡུམ་བདེ་བའི་ངོ་བོར་ཞུ་བའོ། །བཞི་པ་ནི། །མངལ་དུ་ཁུ་ཁྲག་རྣམ་ཤེས་འདྲེས་པ་ལས། མེར་མེར། ཏར་ཏར། གོར་གོར། འཁྲང་འགྱུར། རྐང་ལག་འགྱུས་པ་ལ་སོགས་པ་དང་། འཇུག་པ་བཅུ་རིམ་གྱིས་ཟླ་བ་དགུ་དང་ངོ་གཅིག་སྟེ་བཅུ་ན་གཟུགས་རྫོགས་པ་ལ། དུམ་བུ་དང་ཆ་ཤས་ཀྱི་ཐ་སྙད་མཛད་པ་རྣམས་སྦྱོང་བྱེད་དུ་

p. 24

སྔོན་འགྲོ་བླ་མ་དག་པ་ནས་བསྐྱེད་རིམ་གྱི་ཏིང་ངེ་འཛིན་གྱི་བར་རྫོགས་པར་སྒོམས་ཏེ། དེ་ལྟར་སྲེད་ལེན་གྱིས་སྲིད་པ་འཛིན་པའི་ཉེ་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་སོ་སོ་བ་དེ་བཞིན་གཤེགས་པའི་ངོ་བོའི་དབྱངས་གསལ་གྱི་ཡི་གེ་དང་། དེ་ལས་བྱུང་བའི་ཟླ་ཉི་དང་། ས་བོན་གྱི་ཡི་གེ་དང་། ཕྱག་མཚན་སོགས་ཀྱི་ཐབས་ཀྱིས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་པ་སྔགས་ཀྱི་སྐུ་དེ་ཉིད་འཁོར་བའི་འདྲ་འབག་ལྟར་བསྐྱེད་ནས། རིགས་འདྲ་གཉེན་པོར་ཆེ་བའི་སྒོ་ནས་སྦྱོང་བ་ཡིན་ལ། མདོར་ན་སེམས་ཅན་རྣམས་ཀྱི་རྒྱུ་ལས་དང་ཉོན་མོངས་པ་ནི་བསྐྱེད་རིམ་གྱི་སྔོན་འགྲོ་ཚོགས་གཉིས་བསགས་པས་སྦྱོང་ཞིང་འབྲས་བུ་བདག་དང་བདག་གིར་འཛིན་པའི་སྣོད་བཅུད་ནི་བསྐྱེད་རིམ་ཉིད་ཀྱིས་ལེགས་པར་སྦྱོང་བ་ཡིན་ནོ། །གསུམ་པ་བ སྐྱེད་རིམ་སྒོམས་པའི་དགོས་པ་ནི། རྩ་བའི་རྒྱུད་ལས། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །རྫོགས་པ་བསྒོམ་པ་མེད་པ་སྟེ། །

p. 25

བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨེ་མ་བྱང་ཆུབ་སེམས་དཔའི་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པར། །བདེ་བ་དམིགས་པར་མི་འགྱུར་རོ། །ཞེས་བསྟ ན་པ་རྫོགས་རིམ་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་མ་སྐྱེས་པ་སྐྱེད་པ་དང་། སྐྱེས་པ་བརྟན་པར་བྱེད་པ་ནི་རྟེན་སངས་རྒྱས་ཀྱི་སྐུར་བདག་ཉིད་བསྐྱེད་པའི་རིམ་པ་ཉིད་ལ་ར ག་ལས་པར་བསྟན་པས་བ སྐྱེད་པའི་རིམ་པ་འདི་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་དུའང་འགྲོ་ལ། །དེའི་ཕྱིར། །བདག་མེད་རྣལ་འབྱོར་ལྡན་པའིམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་པ་བཅོམ་ལྡན་

p. 26

འདས་ཀྱིས་རྩ་བའི་རྒྱུད་དུ་གསུངས་ཏེ། དེ་ཡང་ཀུན་རྫོབ་པའི་རྣམ་རྟོག་གི་གཉེན་པོར་ཧེ་རུ་ཀ་ཡབ་ཡུམ་གྱི་དཀྱིལ་འཁོར་གང་རུང་སྒོམས་པས་མུན་པ་ལ་སྒྲོན་མེ་ལྟར་ཐ་མལ་གྱི་འཁྲུལ་པ་དྲུངས་ནས་འབྱིན་པས་འཁོར་བའི་རྣམ་རྟོག་དང་ཞི་བའི་མཐའ་གཉིས་ཀ་འགོག་པར་ནུས་ཤིང་། བསྐྱེད་རིམ་བརྟན་པར་གྱུར་པ་ན་དུས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མི་འབྲལ་བའི་སྟོབས་ཀྱིས་སྔགས་ཀྱི་སྡོམ་པ་དམ་ཚིག་དང་འགལ་བའི་ལས་མི་འབྱུང་སྟེ། དེ་ལྟར་སྔགས་སྡོམ་གཙང་མར་བསྲུང་བའི་དགེ་བས་ངན་སོང་དུ་སྐྱེ་བའི་སྐྱེ་གནས་མྱོང་འགྱུར་ལ་སོགས་པའི་ལས་སྒྲིབ་ཟད་པར་བྱེད་ཅིང་། བདེ་འགྲོའི་རྟེན་ཐོབ་ངེས་པའི་གདེངས་དང་ལྡན་པ་ལ། རང་ཉིད་གང་དུ་སྐྱེ་བློའི་འཕེན་པས་ཞིང་འདམ་ནུས་པ་དེའི་ཚེ་ལྷའི་བུ་དབང་བསྒྱུར་གྱི་ལུས་ལེན་པ་སོགས། འོག་མིན་གྱི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་ལ་ལོངས་སྤྱོད་པ་མཆོག་ཏུ་གྱུར་པ་ཐོབ་པའི་རིག་འཛིན་གྱི་རྟེན་དེ་ཉིད་ལ་རྫོགས་

p. 27

རིམ་བསྒོམ་པས་མཆོག་གི་དངོས་གྲུབ་འཐོབ་པ་གདོན་མི་ཟ་བ་ཡིན་ཏེ། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། དེས་དེ་རྣམས་ཡིད་རབ་ཏུ་དགའ་ཞིང་ཚེ་རིང་པོ་ཡང་རབ་ཏུ་ཐོབ་ནས་འདོད་པའི་ཡོན་ཏན་ལྔ་དག་གིས་རྩེ་དགའ་ཡོངས་སུ་སྤྱོད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་བྱེད་ཅིང་། འཇིག་རྟེན་དང་མི་མཐུན་པའི་ལམ་འདི་འགྲུབ་པར་འགྱུར་རོ། །ཞེས་རྒྱུད་སྡེ་འོག་མར་ཡང་རྫས་སྔགས་ཀྱིས་སྒྲུབས་པའི་རིག་འཛིན་གྱི་རྟེན་ལ་འཚང་རྒྱ་བར་གསུངས་པས་ངེས་པར་ནུས་པ་ཡིན་ནོ། །མདོར་ན་བསྐྱེད་པའི་རིམ་པ་མ་འཁྲུལ་བར་སྒོམ་ཞིང་རིགས་སྔགས་བཟླས་པ་ཙམ་གྱིས་གནས་སྐབས་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་རྣམས་ནི་དངོས་སུ་འགྲུབ་པར་འགྱུར་ལ། བརྒྱུད་པའི་སྒོ་ནས་མཐར་ཐུག་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའང་ཐོབ་པའི་དགོས་པ་དང་ལྡན་པར་གྲུབ་བོ། །བཞི་པ་བསྐྱེད་རིམ་གྱི་འབྲས་བུ་

p. 28

ལ། །གནས་སྐབས་དང་མཐར་ཐུག་གཉིས་ལས། དང་པོ་ནི། ལས་ཆེན་བརྒྱད་དང་ཐུན་མོང་གི་དངོས་གྲུབ་བརྒྱད་དེ་སྔ་མ་ནི། བརྟག་པ་ཕྱི་མའི་ལེའུ་བཞི་པ་ལས། དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་འཇིགས་པ་དང་། བསྐྲད་པ་དང་། བསད་པ་དང་། འགུག་པ་དང་། ཞི་བ་དང་། རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་པ་རྣམས་ཏེ། དེ་ཡང་འཕྲིན་ལས་བཞིར་བསྡུ་ན། བསད་བསྐྲད་དགྲ་སྡེ་ག ཞིག་པ་གསུམ་མངོན་སྤྱོད་དུ་བསྡུ་ཞིང་། དབང་བགུག་གཅིག་ཏུ་བྱས་པས་བཞིའོ། །ཕྱི་མ་ནི་གུར་ལས། མི ག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་ས་འོག་སྒྲུབ་པ་དང་། །རིལ་བུ་མཁའ་ལ་སྤྱོད་པ་དང་། །རིག་འཛིན་འཁོར་ལོས་བསྒྱུར་ཉིད་དང་། །བུ་མོ་འགུག་པའི་མཆོག་དང་ནི། །བསྒྲུབ་པོས་ང་ལ་མཉེས་བྱས་ཏེ། །དངོས་གྲུབ་རྡོ་རྗེ་རྣམས་ཐོབ་བོ། །།ཞེས་གསུངས་པ་རྣམས་ཏེ་ལས་དང་དངོས་གྲུབ་འདི་དག་ཀྱང་བསྐྱེད་རྫོགས་ཀྱི་གོམས་པ་ཇི་ཙམ་ཞིག་གིས་འགྲུབ་པར་ནུས་ཞེ་ན། རྣལ་

p. 29

འབྱོར་པ་བསྐྱེད་རིམ་གྱིས་ལུས་ངག་རགས་པ་ཕྲ་བའི་འཁོར་ཐིག་རླུང་གསུམ་དུ་བསྡུད་ཐུབ་ཅིང་། རྫོགས་རིམ་གྱིས་རགས་པའི་སེམས་ཕྲ་མོའ་འོད་གསལ་ལ་འཇུག་ཐུབ་པ་ཙམ་ཞིག་ངེས་པར་དགོས་ཏེ། འདི་ལ་དགོངས་ནས་རྗེ་མར་པས་གུར་གྱི་སྲོག་ཤིང་དུ། དེ་ལ་ཐུན་མོང་གི་དངོས་གྲུབ་ནི་བ སྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། རྫོགས་རིམ་ལ་རྟགས་འགའ་ཐོན་ནས་སངས་མི་རྒྱ་བར་རྒས་ཏེ་འཆི་བར་འདུག་ན་ཐུན་མོང་པའི་རིག་འཛིན་གྱི་དངོས་གྲུབ་ཞར་ལ་བསྒྱུར་བ་སྟེ། རིགས་ལྔའི་རིལ་བུའི་རྫས་ལ་སྒྲུབ་པ་བྱས་ནས་ཁར་བཅུག་པས་ཚེ་ཉི་ཟླ་ལྟར་རིང་བར་འགྱུར་ཏེ། དེ་ནས་གདོད་མཆོག་སྒྲུབ་བོ། །ཞེས་གསུངས་པས་ནི་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱིས་རྒྱུ་བྱས་ཏེ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་ནི་འདིར་སྒྲུབ་བྱ་ཡིན་གྱི། དེ་ལྟ་མིན་པར་འཇིག་རྟེན་པའི་དངོས་གྲུབ་དབང་དུ་འདུས་ནས་འདས་ལམ་གྱི་བོགས་མ་ཐོ ན་ན་འཁོར་བའ་ཆོས་ལས་མི་འདའ་བའི་ཕྱིར། རིམ་པ་

p. 30

འདི་ཉིད་སྒོམ་པའི་རྣལ་འབྱོར་པས་མཆོག་གི་དངོས་གྲུབ་གྱི་རྐང་སྟེགས་ལྟ་བུར་ཐུན་མོང་གི་ལས་སྒྲུབ་པར་བྱ་ཡི། དེ་ཉིད་ཁོ་ནས་ཚིམ་པར་ནི་མི་བྱའོ། །ཞེས་ཀྱང་བསྟན་ཏོ། །དེ་ལྟར་བསྐྱེད་རིམ་གྱི་སྒོ་ནས་སངས་རྒྱས་ཐམས་ཅད་མཆོད་བསྟོད་ཀྱི་དགེ་རྩས་ཚེ་དེ་ལ་ཐུན་མོང་གི་དངོས་གྲུབ་རིག་པ་འཛིན་པའི་ལུས་སུ་གྱུར་ནས་རྣམ་སྨིན་གྱི་ཕུང་པོ་སྔ་མ་བརྗེ་བ་ཡང་དཔེར་ན། བརྒྱ་བྱིན་བརྒྱ་བྱིན་དུ་སྐྱེ་བའི་ཕུང་པོ་སྔ་མ་གཞན་གྱིས་མི་མཐོང་བར་འདོར་བ་ལྟ་བུ་ཡིན་ལ། གལ་ཏེ་རིག་འཛིན་གྱི་ལུས་ཚེ་དེར་མ་ཐོབ་ནའང་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་གྱི་མོས་པའི་དབང་གིས་ལས་ཉོན་གྱིས་སྐྱེ་བ་མི་ལེན་པར་རིག་འཛིན་ལ་སོགས་པའི་ཞིང་འདམས་ནས་སྐྱེ་བར་གསུངས་སོ། །འདི་ལྟ་བུ་རྣམས་ཀྱང་རྣལ་འབྱོར་པ་གང་ཞིག་ལུས་སྣང་བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུ་ཡི་ཏིང་ངེ་འཛིན་དང་དེ་དག་གི་རིག་སྔགས་ཟླས་བརྗོད་ཀྱི་ཚུལ་རྣམས་ལ་ཀླག་པ་ཐོས་པའི་ཤེས་རབ། བསམ་པ་གཞིག་པའི་

p. 31

ཤེས་རབ། སྒོམ་པ་མྱོང་བའི་ཤེས་རབ་གསུམ་གྱི་བྱེད་པས་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་སེམས་ལས་རུང་གིས་སེམས་སྦྱངས་པའི་རིག་པ་སྟེ། ལས་ཆེན་དང་དངོས་གྲུབ་གང་ལ་དམིགས་ནས་འཕྲེང་སྔགས་ཟླས་པས་འགྲུབ་པར་འགྱུར་རོ། །གཉིས་པ་ནི། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ལས། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་བཅུར་ལྡན། །དེ་ཕྱིར་སྒྲུབ་ཐབས་ཤེས་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ན ོ། །ཞེས་གསུངས་པས་ལམ་དུས་སུ་སངས་རྒྱས་ཀྱི་རྒྱུ་ལ་སངས་རྒྱས་དངོས་ཀྱི་ང་རྒྱལ་སྒོམས་ནས་རྒྱུའང་འབྲས་བུ་དང་འདྲ་བའི་ཐབས་ལ་འབད་པས། མཐར་རྒྱུ་ཉིད་འབྲས་བུ་དང་འདྲ་བར་སྐྱེ་བས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཅིང་། དེའི་ང་རྒྱལ་གྱིས་བསག་སྦྱང་གོང་འཕེལ་གྱི་གྲོགས་བྱས་པས་བཅོས་མའི་ཞེན་པའི་ང་རྒྱལ་དེས་མཐར་ཐུག་གི་འཇུག་ཡུལ་ཐོབ་པ་ལ་མི་བསླུ་བར་ལོངས་སྤྱོད་རྫོགས་

p. 32

པ་གཟུགས་ཀྱི་སྐུར་འཚང་རྒྱ་ལ། དེའི་དག་པ་རབ་འབྱམས་ཀྱི་སྣང་ངོར་བདག་གཞན་ཐམས་ཅད་ཡོངས་དག་གི་ཞིང་དང་། དེའང་གསང་ཆེན་གྱི་དཀྱིལ་འཁོར་འབའ་ཞིག་ཏུ་ཤར་ནས་སེམས་ཅན་གྱི་ཁམས་ཁྱབ་པར་དཀྱིལ་འཁོར་པ་སྤྲོ་བ་དང་། བདུད་བཏུལ་བ་དང་། སངས་རྒྱས་མཆོད་པའི་དགེ་རྩ་རྫོགས་ནས་སྒོ་གསུམ་ལྷ་སྔགས་ཡེ་ཤེས་སུ་རྣམ་པར་དག་པའི་སྤྲོས་བཅས་གཟུགས་སྐུ་དང་། སྤྲོས་མེད་ཆོས་སྐུ་གཉིས་ཀ་མངོན་དུ་འགྱུར་བའི་ཐབས་ཁྱད་པར་ཅན་ཀྱང་ལམ་དུས་དཀྱིལ་འཁོར་གྱི་འཁོར་ལོ་བ སྐྱེད་པའི་རིམ་པ་སྒོམ་པ་ལ་བསྟེན་དགོས་པ་ཡིན་ཏེ། གུར་ལས། །ཐུགས་ཀྱི་རྡོ་རྗེ་ལས་བྱུང་བའི། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་རང་གི་རྣམ་རྟོག་གི། །དྲི་མས་སྐྱེ་བོ་སྦགས་པར་བྱས། །དེ་ཕྱིར་ཀུན་ཏུ་རབ་འབད་པས། །ཐུགས་ཀྱི་རྡོ་རྗེ་རྣམ་པར་སྦྱང་། །སེམས་དག་པས་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཇོམས། །གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་

p. 33

སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང་། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་ཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །ཞེས་གསུངས་ཏེ། དེ་ཡང་རང་བཞིན་ལྷུན་གྲུབ་ཀྱི་ལྷ་ལ་ལྷར་དམིགས་ནས་ཚོགས་བསགས་ཀྱི་ལས་ཀྱིས་མཐོང་བའི་ཆོས་ལ་ཚེ་གཅིག་ཏུ་རྡོ་རྗེ་འཆང་གི་སྐུ་འགྲུབ་པ་ཡིན་ལ། དེ་ལྟར་བ སྐྱེད་རིམ་སྒོམས་པས་གཟུགས་སྐུ་མྱུར་དུ་འགྲུབ་བྱེད་ཀྱི་རྒྱུར་འགྲོ་ཚུལ་ནི་སྤྱིར་གཟུགས་སྐུ་འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་བསོད་ནམས་ཀྱི་ཚོགས་ཡིན་ཅིང་། དེ་བསག་ཡུལ་ཀྱང་ཕྱི་རོལ་ཏུ་གྲུབ་པའི་སངས་རྒྱས་གྲངས་མེད་བརྟེན་ནས་བསག་དགོས་པར་རྒྱུའི་ཐེག་པར་གསུངས་ལ། སོ་སྐྱེ་ལས་དང་པོ་པས་ནི་འདི་

p. 34

འདྲའི་སངས་རྒྱས་བརྟེན་པ་རྙེད་དཀའ་བའི་ཕྱིར་འབྲས་བུའི་ཐེག་པ་འདིར་ཕྱི་རོལ་ཏུ་འཚོལ་མི་དགོས་པར་སྔགས་ཀྱི་ནུས་པས་བདག་ཉིད་སངས་རྒྱས་སུ་བསྒྲུབས་པའི་སངས་རྒྱས་གྲངས་མེད་པ་རྟེན་པར་བླང་པ་དེ་ལ་ལས་རྒྱལ་མཆོག་གིས་བསོད་ནམས་ཀྱི་ཚོགས་བསགས་པས། གཞན་དུ་གྲངས་མེད་པའི་བསྐལ་པར་ཚོགས་བསགས་པས་འདིར་སྐད་ཅིག་གིས་བསགས་པ་ས་ལམ་བཟླུམས་ཕུལ་ཆེ་བ་ནི་སྔགས་དང་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་མཐུས་འགྲུབ་པས། དེའི་ཚོགས་གཉིས་མཐར་ཕྱིན་པའི་རྒྱུས་ཚེ་འདིར་གཟུགས་སྐུ་མྱུར་དུ་འགྲུབ་པ་སྟེ། དེའི་ཕྱིར་སྔོན་འགྲོ་ཚོགས་གཉིས་བསག་པ་ནི། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསག་པ་དང་། བསྲུང་བའི་འཁོར་ལོས་བདུད་འདུལ་བ་དང་། གཞལ་ཡས་ཁང་བསྐྱེད་པས་སྣོད་སྦྱངས་ཏེ་འོག་མིན་དུ་བྱིན་གྱིས་རློབ་པ་དང་། མངོན་བྱང་ལྔས་བདག་ཉིད་ལྷར་བཞེངས་པ་ནི། དེར་སངས་རྒྱས་པ་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་

p. 35

བསྐུར་ནས་འོད་ཟེར་གྱི་འཕྲོ་འདུས་ཟླས་པ་དང་། སེམས་ཅད་གྱི་དོན་བྱེད་པ་ནི་ཆོས་འཁོར་བསྐོར་བ་དང་། བསྐྱེད་རིམ་བསྡུས་ནས་སྟོང་ཉིད་བསྒོམ་པ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་མཛད་པ་བཅུ་གཉིས་ཀྱི་ཚུལ་དང་། སླར་སྟོང་ཉིད་ལས་ལངས་ནས་སྤྱོད་ལམ་གྱི་རྣལ་འབྱོར་ནི་སེམས་ཅན་གྱི་དོན་དུ་འཕྲིན་ལས་རྒྱུན་མི་འཆད་པའི་ཚུལ་ཏེ། བསྒྲུབ་བྱ་སྒྲུབ་བྱེད་འབྲས་བུ་རྒྱུ་ལ་མི་འཁྲུལ་བ་སྟེ་ཚུལ་དེ་ལྟ་བུའི་སྒོ་ནས་བདག་གཞན་ཐམས་ཅད་རིག་པ་འཛིན་པ་གསང་སྔགས་ཀྱི་ཐེག་པར་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་རབ་འབྱམས་མངོན་དུ་བྱེད་པ་ཡིན་ནོ། །གཉིས་པ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་རྒྱས་པར་བཤད་པ་ལ། གང་གིས་བསྒྲུབ་པའི་གང་ཟག །གང་དུ་བསྒྲུབ་པའི་གནས། ཇི་ལྟར་བསྒྲུབ་པ་ཆོ་གའི་རིམ་པའོ། །དང་པོ་ནི། གྲུབ་ཆེན་མཚོ་སྐྱེས་ཀྱིས། དང་པོ་ཁོ་ནར་རྣལ་འབྱོར་

p. 36

པས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་བློས། ཡང་དག་པའི་བླ་མ་རྗེ་བཙུན་བསྙེན་བཀུར་ནས། ཆོ་ག་ཇི་ལྟ་བ་བཞིན་དུ་ཧེ་རུ་ཀས་གསུངས་པའི་དཀྱིལ་འཁོར་དུ་ཞུགས་ཤིང་། རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཏེ། ཡང་དག་པར་རྗེས་སུ་གནང་བ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཐོབ་ཅིང་། མཚན་མ་རྙེད་པ་དང་། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་པ། ཞེས་གསུངས་པས་སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་ཐོབ་ལ་བསྐྱེད་རིམ་གྱི་རྣལ་འབྱོར་བར་མ་ཆད་དུ་གནས་ཤིང་དམ་ཚིག་དང་ལྡན་པའོ། །གཉིས་པ་བསྒྲུབ་པ་པོ་དེ་ལྟ་བུས་བཅོམ་ལྡན་འདས་གང་དུ་སྒྲུབ་པར་བྱ་བའི་གནས་ནི། གུར་ལེའུ་བཞི་པར། ཧེ་རུ་ཀ་རིགས་ལྔ་པོ་སོ་སོའ་སྒྲུབ་པའི་གནས་བསྟན་པ་འདིར་དང་པོ་ཉིད་བཟུང་དགོས་ཏེ། ཇི་སྐད་དུ། དུར་ཁྲོད་དང་ནི་ཆུ་འགྲམ་དང་། །ནགས་ཚལ་འབབ་ཆུའི་གྲོང་ཁྱེར་དུ། །སྙིང་རྗེ་ཆེན་པོ་ཀྱེ་རྡོ་རྗེ། །ང་བསྙེན་བསྐུར་ལ་

p. 37

དངོས་གྲུབ་སྟེར། །ཅེས་གསུངས་སོ། །གསུམ་པ་ཇི་ལྟར་སྒྲུབ་པ་ཆོ་གའི་རིམ་པ་ལ། །བསྐྱེད་རིམ། བཟླས་པ། རྫོགས་རིམ། ཐུན་མཚམས་ཏེ་བཞིའི། །དང་པོ་ལ། །སྦྱོར་བ་དང་། དངོས་གཞི་གཉིས་ཀྱི། །དང་པོ་ལའང་། ཉེར་མཁོའི་ཡོ་བྱད་བཤམ་པ། བགེགས་ཞི་བའི་དོན་དུ་གཏོར་མ་བཏང་བ། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། བླ་མ་དག་པ། ཚངས་གནས་བཞི། ཡེ་ཤེས་ཚོགས་བསག །བསྲུང་འཁོར་བསྒོམ་པ་སྟེ་བརྒྱད་ཀྱི། །དང་པོ་ནི། སྔར་སྨོས་པའི་གནས་སུ་སྒྲུབ་པའི་ཁང་པ་མཛེས་པའི་རྒྱན་ལ། དེར་རྩ་རྒྱུད་ལས་བཤད་པ་ལྟར་གྱི་བྲིས་སྐུ་བཀྲམ། །མཎྜལ་དང་། མཆོད་པ་དང་། ཐུན་ཐོག་མཐའི་གཏོར་མ་རྣམས་བཤམས་ཤིང་། སམྦུ་ཊར། གཡོན་དུ་ཉེ་བར་མཁོ་བ་ཀུན། །ཞེས་གསུངས་པས་རང་ཉིད་གང་དུ་འདུག་པའི་གཡོན་ངོས་སུ། སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཞེས་པས་སྐྱེས་པའི་ཐོད་པ་དུ མ་བུ་གཅིག་པའིམ་གསུམ་པ་ཡང་རུང་སྟེ། བདུད་རྩི་རིལ་བུ་བཏབ་

p. 38

པའི་མྱོས་བྱེད་བཟང་པོས་སུམ་གཉིས་གང་བ་དང་། ཚད་དང་ལྡན་པའི་རྡོར་དྲིལ་དང་ཌཱ་མ་རུ་རྣམས་སོ། །ཆུ་གཉིས་སོགས་ཀྱི་གོ་རིམ་ཡང་། གུར་ལས། མེ་ཏོག་བདུག་སྤོས་མར་མེ་དང་། །དེ་བཞིན་དྲིའི་དུང་ཆོས་གཡས། །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །མདུན་དུ་སྣོད་ནི་བཞག་པར་བྱ། །ཞབས་བསིལ་གོང་མའི་ཆོ་ག་ཡིས། །ཅེས་གསུངས་ལ། སམྦུ་ཊ ར། ལས་ཀུན་བྱེད་པ་བཟླས་པ་ནི། །བསང་གཏོར་དང་ནི་འཐོར་འཐུང་བྱ། །ཞེས་པའི་བསང་གཏོར་གྱི་ཆུ་ཡང་གོང་གི་རིག་པས་གཡོན་དུ་བཞག་གོ། །ཞེས་འགའ་ཞིག་གཞེད་དོ། །དེ་ནས་རང་ཉིད་སྟན་བདེ་བ་ལ་རྡོར་དཀྱིལ་གྱིས་འདུག་ནས། བདུད་རྩི་རིལ་བུ་རྒྱུད་འགྲེལ་ལས་བྱུང་བ་ལྟར་སྦྱར་བ་ཡོད་ན་དམ་ཚིག་རྟེན་པའི་ཆེད་དུ་ཅུང་ཟད་ཅིག་ཁར་བཞུག་པར་བྱ་སྟེ། རྩ་རྒྱུད་ཀྱི་འགྲེལ་པར་དཔལ་ནཱ་རོ་པས། ད་ནི་ཁ་ལ་སོགས་པ་དག་པ་བྱས་ནས། ཕྱི་ནས་འཇམ་པའི་སྟན་ལ་ཉེ་བར་འདུག་སྟེ། རྫས་བཅུའི་རང་བཞིན་གྱི་རིལ་བུ་བྱས་ནས་ཁར་

p. 39

གཞུག་གོ། །ཞེས་གསུངས་སོ། །གཉིས་པ་ནི། སྒྲུབ་ཐབས་མཚོ་སྐྱེས་ལས། ཡིད་དུ་འོང་པའི་གནས་སུ་འདུག་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། ཞེས་པ་དང་། མདོ་སྦྱར་ལས། དང་པོར་གཏོར་ཆོག་བཞིན་དུ་ཨིནྡྲའི་སྔགས་ཀྱིས་གཏོར་མ་གཅིག་བཏང་ལ་ཞེས་གསུངས་ཏེ། དེ་ལ་ཐོག་མར་དམ་ཚིག་གི་རྫས་ཐམས་ཅད་དག་པར་བྱེད་པའི་བདུད་རྩི་བྱིན་གྱིས་རློབས་པ་ནི། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་ཅིག་སྤྱན་གསུམ་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པ། ཕྱག་རྒྱ་དྲུག་དང་མགོ་འཕྲེང་གིས་བརྒྱན་ཅིང་སྟག་གི་པགས་པའི་སྨད་དཀྲིས་ཅན། གྲུ་མོར་ཁ་ཾ་ག་བཅུག་པ། དབུ་སྐྲ་དམར་སེར་ཐོད་སྐམས་ཀྱི་འཕྲེང་བ་དང་སྣ་ཚོགས་རྡོ་རྗེས་སྤྲས་ཤིང་གཡོན་བསྐུམ་པའི་དཀྱིལ་ཀྲུངས་ཕྱེད་པས་པད་ཉི་རོ་གདན་ལ་བཞུགས་པ་གསལ་བར་གྱུར། ༀ་བཀྲ་ཤིས་ཀྱི་དོན། བཛྲ་ཨ་མྲི་ཏ་ཀུནྜ་ལི་རྡོ་རྗེ་བདུད་རྩི་འཁྱིལ་བ། ཧ་ན་ཧ་ན་

p. 40

བསྣུན་བསྣུན། གདུག་པ་གསོད་པའི་དོན། ཧཱུྃ་ཕཊ། བགེགས་འཇོམས་པའི་དོན། ཅེས་པས་བསངས། ༀ་མཆོག་གི་དོན། སྭ་བྷཱ་ཝ་ཤུདྡྷཱཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ་རང་བཞིན་དག་པའི་ཆོས་ཐམས་ཅད་རང་བཞིན་དག་པ་ཉིད་ངའོ། །གིས་སྦྱངས་ལ། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་གསུམ་ལས་རླུང་མེ་ཐོད་སྒྱིད་ཀྱི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་དབུས་སུ་མུ་དང་ན་ལས་དྲི་ཆུ་དང་མིའི་ཤ། ཤར་དང་ཤར་ལྷོར་བི་དང་གོ་ལས་དྲི་ཆེན་དང་བ་གླང་གི་ཤ། ལྷོ་དང་ལྷོ་ནུབ་ཏུ་ར་དང་ཀུ་ལས་རཀྟ་དང་ཁྱིའི་ཤ། ནུབ་དང་ནུབ་བྱང་དུ་ཤུ་དང་ད་ལས་དཀར་ཆ་དང་གླང་པོ་ཆེའི་ཤ། བྱང་དང་བྱང་ཤར་དུ་མ་དང་ཧ་ལས་ཀླད་པ་དང་རྟའི་ཤ་སྟེ་རྫས་བཅུ་པོ་རྣམས་ཀྱི་ཕྱིའི་རྣམ་པ་ༀ། སྲོག་ཨཱཿ སྟེང་དུ་ཟླ་ཕྱེད་རྡོ་རྗེ་རྩེ་མོ་ལ་ཧཱུྃ་མགོ་མཐུར་དུ་ལྟ་བས་མཚན་པའོ། །དེ་ནས་རླུང་གིས་མེ་སྦར་ཐོད་པ་དྲོས་པས་ཤ་ལྔ་དང་བདུད་རྩི་ལྔ་ཁོལ་ནས་ༀ་དང་ཨཱཿལས་འོད་ཟེར་འཕྲོས། ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལ་

p. 41

ཕོག་པས་ཡེ་ཤེས་ཀྱི་བདུད་རྩི་བབ་པ་དམ་ཚིག་གི་བདུད་རྩི་དང་འདྲེས་པར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་དེར་ཞུ་བས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། དེ་ལྟར་བྱིན་གྱིས་བརླབས་པ་ནི་རྩ་རྒྱུད་ལས། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །ཞེས་དང་རིན་ཆེན་འབར་བ་ལས། རླུང་མེ་ཐོད་པ་ལ་གནས་པ། །ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །འབར་དང་སྐྱོད་པ་ལ་སོགས་སྒྲུབ། །ཅེས་པའི་དོན། རྗེ་བཙུན་མར་པའི་གསུང་སྒྲོས་དྲི་མ་མེད་པའི་སྒྲུབ་ཐབས་མདོ་སྦྱར་ལས་འབྱུང་བ་ལྟར་ཏེ། དེ་ཡང་རྫས་བཅུ་པོ་ཐམས་ཅད་ཀྱི་ཕྱིའི་རྣམ་པ་ༀ་དཀར་པོ་སྐུ་རྡོ་རྗེའི་རང་བཞིན་རེ་རེར་བསྒོམ་པ་ནི་སྦྱང་བའི་དོན་དང་། ༀ་གྱི་སྲོག་གི་ཨ་དེ་རིང་པོ་རྣམ་བཅད་ཅན་དུ་བྱས་པ་ཨཱཿདམར་པོ་གསུང་རྡོ་རྗེའི་རང་བཞིན་དུ་གནས་པར་བསྒོམ་པ་ནི་རྒྱས་པར་བྱེད་པ་དང་། མེ་རླུང་གི་སྦྱོར་བས་རྫས་རྣམས་ཞུ་བ་ལས་ཡི་གེ་གཉིས་ཀྱི་འོད་ཟེར་སྤྲོ་ཡུལ་ཟླ་ཕྱེད་ཤེས་རབ་ཀྱི་རང་བཞིན་གྱི་

p. 42

སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཐབས་ཀྱི་ངོ་བོའི་ལྟེ་བར་ཧཱུྃ་སྔོན་མགོ་མཐུར་བ སྟན་ནི་ཐུགས་རྡོ་རྗེའི་རང་བཞིན་སྦར་བར་བྱེད་པའི་དོན་ཏེ། ༀ་ཨཱཿགཉིས་ཞུ་བ་དམ་ཚིག་གི་བདུད་རྩི་དང་ཡི་གེ་གསུམ་ལན་གསུམ་བརྗོད་པའི་མཐར་ཟླ་བ་རྡོ་རྗེ་ཧཱུྃ་བཅས་ཞུ་བ་དང་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིར་འགྱུར་བའི་དོན་ཡིན་ལ། བསང་སྔགས་འདི་འགའ་ཞིག་ཏུ་གྷསྨ་རིས་མཛད་ཀྱང་འདིར་ནི་མདོ་སྦྱར་ཉིད་དང་མཐུན་པར་བཀོད་ལ། སྔར་བདུད་རྩི་རིལ་བུས་ཁ་དག་པར་མ་བྱས་ན་སྐབས་འདིར། དེའི་དབུས་ནས་བླངས་ནས་ནི། །དེ་ལ་བདུད་རྩི་མྱང་བར་བྱ། །ཞེས་སམྦུ་ཊ་ལས་གསུངས་པ་ལྟར་བྱིན་གྱིས་བརླབས་པའི་ནང་མཆོད་ལས་འཐེབ་སྲིན་གྱིས་བླངས་ནས་མྱངས་པས་ཀྱང་འགྲུབ་བོ། །དེ་ནས་སྔོན་འགྲོ་གཏོར་མ་ཉེར་སྤྱད་ལྔ་དང་ལྡན་པ་བཤམས་པ་ལ། ཆུ་གཙང་དག་བྱེད་དང་སྦྱང་བའི་དོན་དུ་བདུད་རྩི་བྲན་ཏེ། སམྦུ་ཊར། རྫས་ནི་འདི་དག་ཐམས་ཅད་ཀྱང་། །བདུད་རྩི་ལྔ་ཡིས་སྦྱང་བར་བྱ། །ཞེས་སོ། །དེ་ནས་

p. 43

བསང་སྦྱངས་བྱས་ལ་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་ལ། རྡོ་རྗེ་དང་བཅས་པའི་ལག་པས་མཆོད་རྫས་ལ་བསྐོར་བས་དེ་རྣམས་བདེ་སྟོང་དུ་བྱིན་གྱིས་བརླབས་ཏེ། ཕྱོགས་སྐྱོང་དང་། ཞིང་སྐྱོང་ཆེན་པོ་བརྒྱད་ལ་སོགས་པ་མཁའ་འགྲོ་དང་འབྱུང་པོའི་ཚོགས་རྣམས་འདིར་འདུ་བར་གྱུར་ཅིག །ཅེས་གཏོར་མ གྲོན་སྤྱན་དྲངས་པ་ལ་སོ་སོའ་ཕྱག་རྒྱས། །ༀ་མཆོག་གི་དོན། བཛྲ་ཨརྒྷཾ་པྲ་ཏཱིཙྪ་རྡོ་རྗེའི་མཆོད་ཡོན་སོ་སོར་བཞེས་ཤིག །སྭཱ ཧཱ། དགེ་ཚོགས་འཕེལ་བའི་དོན། དེ་བཞིན་དུ་པཱ་དྱཾ། ཞབས་བསིལ། པུཥྤེ། མེ་ཏོག དྷུ་པེ། བདུག་པ། ཨཱ་ལོ་ཀེ། སྣང་གསལ། གནྡྷེ། དྲི། ནཻ་ཝི་དྱ། ཞལ་ཟས། ཤབྡ། རོལ་མོ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ༀ་དཔལ་གྱི་དོན། ཨིནྡ། དབང་པོ། ཛ་མ། །གཤིན་རྗེ། ཛ་ལ། ཆུ་ལྷ། ཛཀྑ། གནོད་སྦྱིན། བྷུ་ཏ། འབྱུང་པོ། ཝ་ཧྣི། མེ་ལྷ། བཱ་ཨུ། རླུང་ལྷ། རཀྑ། སྲིན་པོ། ཙནྡ། །ཟླ་བ། སྤུཛྫ། ཉི་མ། མཱ་ད། ས་ལྷ། བཔྤ། ཚངས་པ། ཏཱ་

p. 44

ལ། ས་སྟེངས། པཱ་ཏཱ་ལ། ས་འོག ཨཊཋ། བརྒྱད། སཔྤ། ཀླུ། སྭཱ་ཧཱ། གཞི་ཚུགས། ཨི་དཾ། འདི། བ་ལིཾ། གཏོར་མ། བྷུཉྫ། ཟོས་ཤིག །ཨཥྚ ། ཛི་གྷ། དྲི་སྣོམས་ཤིག །ཕུལླ། མེ་ཏོག །དྷུ་པྤ། བདུག་སྤོས། མངྶ། ཤ། པིཾ་གྷ། ཉ་ཤ། ཨམྦྷ། བདག་གི། ཀཛྫ། བྱ་བ། སཔྤ། ཐམས་ཅད། སཱད། སྒྲུབས་ཤིག །ཁཱནྟི། བཟོད་པ། ཁུ་ཎི། གསོལ། ཕེ་ཊ། གནོད་པ། ག་ད། གསོལ་ཅིག །ༀ་རབ་སྔགས། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ དྱ་ནུཏྤནྣ་ཏྭཏ་ཨ་ཞེས་བྱ་བ་གདོད་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ༀ་སྨོམ་ལམ་མོ། །ཨཱཿ། །མཉེས་པར་བྱེད་པའོ། །ཧཱུྃ་ཚིམ་པར་བྱེད་པའོ། །ཕཊ་ཉེ་བར་བསྡུ་བ། །སྭཱ་ཧཱ། ཞེས་པ་གསུམ་དང་། དྲིལ་བུ་གསིལ་ཞིང་། ཕྱོགས་སྐྱོང་ཞིང་སྐྱོང་མཁའ་འགྲོ་སོགས། །འབྱུང་པོ་མཐུ་ཆེན་མ་ལུས་པ། །མེ་ཏོག་བདུག་པ་གཏོར་མ་སོགས། །བདག་གིས་གུས་པས་འབུལ་། །ལགས་ན། །སོ་སོར་དགྱེས་པས་བཞེས་མཛོད་ཅིག །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་

p. 45

ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་འཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འཕྲིན་ལས་བཅོལ། རྡོ་རྗེ་གསོར་ཞིང་། ནག་པོའི་ཕྱོགས་གྱུར་འབྱུང་པོ་གང་། །གསང་སྔགས་ཉན་བལྟར་མི་དབང་བ། །ཐམས་ཅད་གཞན་དེངས་མི་འགྲོ་ན། །རྡོ་རྗེ་འབར་བས་མགོ་འགེམས་འགྱུར། །ཅེས་བགེགས་བསྐྲད་ལ། །སརྦ་བྷུ་ཏ་གཙྪས་འབྱུང་པོ་ཐམས་ཅད་སོང་ཤིག །གཏོར་མགྲོན་གཤེག་གོ། །འདིའི་དགོས་པ་ཡང་། རྩ་རྒྱུད་

p. 46

ལས། གལ་ཏེ་འདིས་གཏོར་མས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན། རྣལ་འབྱོར་རྣམས་ལེགས་པར་འགྱུར་རོ། །ཞེས་དང་། སློབ་དཔོན་མི་ཐུབ་ཟླ་བས། བར་ཆད་ཐམས་ཅད་ཞི་བའི་ཕྱིར། །གཏོར་མ་རྒྱུན་ཏུ་སྦྱིན་པར་བྱ། །ཞེས་སོ། །དེ་ནས་བདག་དང་གནས་ཁང་ལ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་གཏོར་ནས་དྲིལ་བུ་གསིལ་ཞིང་། ༀ་དམ་བཅའ་བའི་དོན། རཀྵ་བསྲུངས། རཀྵ་བསྲུངས། ཧཱུྃ་ཧཱུྃ་ཧཱུྃ་སྐུ་གསུང་ཐུགས་ཀྱི་ངོ་བོ། ཕཊ་མི་མཐུན་ཕྱོགས་འཇོམས་པའི་དོན། སྭཱ་ཧཱ། ཚིག་འགྱུར། གཞི་ཚུགས་ཡིན་ཀྱང་དོན་ཐོབ་ཅིག་ལ་ཉེས་པ་འཕྲོག་པའི་དོན། བདག་དང་གནས་དང་རྣལ་འབྱོར་བསྲུང་བར་གྱུར། བདག་གནས་རྣལ་འབྱོར་གྱི་བསྲུང་བ་གསུམ་པོ་འདི་སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱི་གུར་འགྲེལ་ལས་འབྱུང་ཞིང་། སྔགས་ནི་རྩ་རྒྱུད་ལས་གསུངས་པ་ཉིད་དོ། །གསུམ་པ་ནི། །ལས་ཀྱི་རྡོ་རྗེ་ལངས་ནས་རྣལ་འབྱོར་ལ་བསྐུལ་བར་བྱ་སྟེ། དེ་ཡང་། ཕྱག་གསུམ་བཙལ་ནས་མཎྜལ་

p. 47

བཤམས། །ཕྱག་གསུམ་བཙལ་ནས་མེ་ཏོག་བཀྲམ། །ཕྱག་གསུམ་ཐལ་སྦྱར་མེ་ཏོག་འཛིན། །ཞེས་པ་ལྟར་བྱས་ལ་མཎྜལ་ཕུལ་ཏེ་འདུད་པའི་ཚུལ་གྱིས། ཡོ་ག་ས་མཱ་དྷི་ཀྲ་མ་ཧཱུྃ། ཞེས་བརྗོད་དེ། དེའི་དོན་ཡང་། ཡོ་ག་ས་མཱ་དྷི་ཀྲ་མ་ཞེས་པ་རྣལ་འབྱོར་ཏིང་ངེ་འཛིན་གྱི་རིམ་པ་ཞེས་དང་། ཧཱུྃ་ཡེ་ཤེས་ལྔ་ལྡན་གྱི་རྣལ་འབྱོར་དངོས་གཞི་མཚོན་པའོ། །ཞེས་བླ་མ་གོང་མ་དག་གསུང་ངོ་། །སླར་ཡང་ལས་ཀྱི་རྡོ་རྗེས། ཕྱག་གསུམ་བཙལ་ནས་མེ་ཏོག་བསྡུ། །ཕྱག་གསུམ་བཙལ་ནས་མེ་ཏོག་བཤམ། །ཕྱག་གསུམ་བཙལ་ནས་གྲལ་ལ་འཁོད། །ཅེས་པ་ལྟར་བྱའོ། །དེ་ནས་རང་ཉིད་བཤ གས་བསྡམ་སྔོན་དུ་འགྲོ་བ་ཅན་གྱི་ལྷའི་རྣལ་འབྱོར་ལ་འཇུག་པའི་བློས་ཐོག་མར་སྐྱབས་སུ་འགྲོ་བ་བྱ་སྟེ། དེ་ཡང་སྐྱབས་ཡུལ་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ནི་

p. 48

སངས་རྒྱས། དེས་གསུངས་པའི་ལམ་དང་འགོག་པའི་བདེན་པས་བསྡུས་པའི་ཐེག་ཆེན་གྱི་གསུང་རབ་མ་ལུས་པ་དང་། ཡིད་སྐྱོབ་པའི་སྔགས་དང་། ཕྱག་རྒྱ་བཞི་ལ་སོགས་པ་རྣམས་ནི་ཆོས། སངས་རྒྱས་དེའི་འཁོར་གྱི་ལྷ་མོའ་ཚོགས་ནི་མི་ཕྱེད་པའི་ཡེ་ཤེས་རིག་གྲོལ་གྱི་ཡོན་ཏན་དང་ལྡན་པའི་དགེ་འདུན་ནོ། །དེ་ལྟ་བུ་རྣམས་ལ་བདག་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་སྐྱབས་སུ་འགྲོ་བའི་བློས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དྲིན་ཅན་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། སངས་རྒྱས་ལ། ཆོས་ལ། དགེ་འདུན་ལ། དཔའི་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་དོན་དྲན་བཞིན་པར་གསུམ། བདུན། ཉེར་གཅིག །བརྒྱ་སོགས་བརྗོད། སེམས་བསྐྱེད་པ་ནི།

p. 49

ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་པ་དང་། །བཅོམ་ལྡན་རྡོ་རྗེ་འཛིན་དབང་པོ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བསོད་ནམས་ཡེ་ཤེས་བྱང་ཆུབ་ལམ། །ཐབས་དང་ཤེས་རབ་གོམ་པས་བགྲོད། །དེ་བཞིན་བདག་གིས་ལམ་བགྲོད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཐམས་ཅད་མཁྱེན་པར་སངས་རྒྱས་ནས། །མཁའ་མཉམས་སེམས་ཅན་དོན་མཛད་ལྟར། །དེ་བཞིན་བདག་གིས་དོན་བགྱིའོ། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བསྒྲོལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདའ་བ་དང་། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །སྡུག་བསྔ ལ་ཆུར་བྱིང་འགྲོ་བ་རྣམས། །ཕྱག་རྒྱ་ཆེན་

p. 50

པོའི་གོ་འཕང་ལ། །འགོད་སླད་རྗེ་བཙུན་ཀྱེ་རྡོ་རྗེའི། །བསྐྱེད་རྫོགས་རིམ་པ་བསྒོམ་པར་བྱ། །ཞེས་འདོན་བསྒོམ་དུ་བྱའོ། །བཞི་པ་རྡོ་རྗེ་སེམས་དཔའི་སྒོམ་ཟླས་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཚུར་འདུས་པ་རྡོ་རྗེ་ལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་མདོག་དཀར་པོ། ཞལ་ཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཉིས་སེམས་དཀྱིལ་གྱིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ། གཡས་ཀྱིས་གྲི་གུག་འཕྱར་ཞིང་གཡོན་པ་ཐོད་ཁྲག་འཛིན་པས་ཡབ་ལ་མཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མཚན་པའི་ཧཱུྃ་ལས་འོད་འཕྲོས་པས་ཡེ་ཤེས་སེམས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས་སངས་

p. 51

རྒྱས་དང་བྱང་ཆུབ་སེམས་དཔའི་ཐམས་ཅད་སྤྱན་དྲངས་པ་ཡབ་ཀྱི་ཞལ་དུ་ཞུགས་པ་ཟག་མེད་ཀྱི་བདེ་ཆེན་དུ་ཞུ་ནས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁར་བབས་པའི་ཟག་མེད་ཀྱི་བདུད་རྩི་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བབ། རང་གི་སྤྱི་བོ་ནས་ཞུགས་པས་ལུས་ཐམས་ཅད་ཁེངས་པ་ན། དམ་ཚིག་ཆག་ཉམས་ལ་སོགས་པའི་སྡིག་སྒྲིབ་ཐམས་ཅད་བཤང་གཅིའི་ལམ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོན་ཅིང་། ཟག་མེད་ཀྱི་བདེ་བས་རྒྱུད་གང་བར་གྱུར། ཅེས་སྒོམ་བཞིན་པར། ༀ་བཀྲ་ཤིས་པ་དང་། དམ་བཅའ་བ། ཤྲཱི་བཛྲ་དཔལ་རྡོ་རྗེ། །ཧེ་རུ་ཀ་ཁྲག་འཐུང་། ས་མ་ཡ་དམ་ཚིག་མ་ནུ་པཱ་ལ་ཡ། རྗེས་སུ་སྐྱོངས་ཤིག །བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། རྡོ་རྗེ་ཁྲག་འཐུང་ཉིད་ཀྱིས་ཉེ་བར་གནས་པ། དྲྀ་ཌྷོ་མེ་བྷ་ཝ། བདག་ལ་བརྟན་པར་མཛོད། སུ་ཏོ་ཥྱོ་མེ་བྷ་ཝ། ཤིན་ཏུ་བདག་ལ་དགེས་པར་མཛོད། སུ་པོ་ཥྱོ་མེ་བྷ་ཝ། ཤིན་ཏུ་བདག་ལ་རྒྱས་པར་མཛོད། ཨ་ནུ་རཀྟོ་མེ་བྷ་ཝ། བདག་ལ་རྗེས་སུ་ཆགས་པར་མཛོད།

p. 52

སརྦ་སིདྡྷི་མྨེ་པྲ་ཡཙྪ། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། སརྦ་ཀརྨ་སུ་ཙ་མེ་ཙི་ཏྟཾ་ལས་ཐམས་ཅད་ལའང་བདག་གིས་སེམས་ལ་ངེས། །ཤྲེ་ཡཿཀུ་རུ་ལེགས་སུ་མཛོད་ཅིག །ཧཱུྃ་ཐུགས་ཀྱི་སྙིང་པོ། ཧ་ཧ་ཧ་ཧ་དངོས་གྲུབ་དང་ལམ་ལ་སྤྲོ་བས་རྒོད་པ། །ཧོཿ ས་བོན། བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་། །བཛྲ་ཧེ་རུ་ཀ་མཱ་མེ་མུཀྩ་བཛྲི་བྷ་ཝ། རྡོ་རྗེ་ཁྲག་འཐུང་བདག་མ་འདོ ར་བར་རྡོ་རྗེ་ཅན་དུ་མཛོད་ཅིག །མ་ཧཱ་ས་མ་ཡ་སཏྭ་དམ་ཚིག་སེམས་དཔའི་ཆེན་པོ། ཨཱ་གསུང་གི་སྙིང་པོ། ཧཱུྃ། གདུག་པ་བསོད་པ། ཕཊ་མི་མཐུན་ཕྱོགས་འཇོམས་པ། སྭཱ་ཧཱ། སྡིག་པ་ཞི་བར་བྱེད་པའོ། །ཞེས་ཉེར་གཅིག་ལས་མི་ཉུང་བར་བཟླས་ནས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཤེས་

p. 53

རབ་མ་དང་བཅས་པའི་ཞལ་ནས་རིགས་ཀྱི་བུཁྱོད། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་གོ་ཞེས་དབུགས་དབྱུང་བར་མཛད་དེ་རྡོ་རྗེ་སེམས་དཔའི་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། དེ་ལྟར་བསྒོམ་བཟླས་བྱས་པས་སྔར་བསགས་ཀྱི་སྡིག་པ་མཐའ་དག་སྦྱོང་བར་བྱེད་ལ། ཁྱད་པར་དུ་སྔགས་ཀྱི་རྩ་ལྟུང་སོགས་བྱུང་བ་ན་ལྷ་སྒོམ་ཞིང་ཡིག་བརྒྱ་ཉེར་གཅིག་རེ་བཟླས་པས་ཉེས་པ་དེ་མི་འཕེལ་བར་བྱིན་གྱིས་རློབ་ནུས་ཤིང་། འབུམ་ཟླས་པས་རྩ་ལྟུང་དག་པར་ཡང་ནུས་པར་བཤད་དེ། སྙིང་པོ་བརྒྱན་ལས། རྡོ་རྗེ་སེམས་དཔའི་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླ། །ལྟུང་སོགས་བྱིན་གྱིས་རློབ་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་བཅད་པར་བྱ། །འབུམ་ཕྲག་གཅིག་ཏུ་ཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་པས་ཐུན་རེར་ཉེར་གཅིག་རེ་

p. 54

ངེས་པར་ཟླའོ། །སྐབས་འདིའི་སྐྱབས་སེམས་དང་རྡོར་སེམས་སྒོམ་བཟླས་གཉིས་མདོ་སྦྱར་གྱི་དངོས་བ སྟན་ལ་མི་གསལ་ཡང་། རྒྱ་བོད་ཀྱི་གྲུབ་ཆེན་གོང་མ་གཞན་དག་གི་རྒྱུད་འགྲེལ་དང་སྒྲུབ་ཐབས་ཀྱི་རྣམ་བཞག་ཤིན་ཏུ་རྒྱས་པ་རྣམས་སུ་འབྱུང་བ་ལས་བསྡུས་སོ། །འདི་དག་ཀྱང་སྒྲུབ་པ་པོ་སྤྲོས་པ་ལ་དགའ་བ་དང་། གནས་སྐབས་སུ་ལྟུང་སོགས་ཀྱིས་རྒྱུད་འཁྲུལ་བཅས་སུ་གྱུར་པས་ནི་ངེས་པར་བྱ་ཞིང་། དེ་ལྟར་མིན་པ་དང་བསྡུས་པར་མོས་ན་མདོ་སྦྱར་གྱི་དངོས་བསྟན་ལྟར་བསྲུང་བ་གསུམ་གྱི་རྗེས་སུ་བླ་མ་དག་པ་བྱས་པས་ཀྱང་སྦྱོར་བའི་ཡན་ལག་མ་ཚང་བར་མི་འགྱུར་ཏེ། སྐབས་འདིའི་རྡོར་སེམས་སྒོམ་ཟླས་ཀྱི་དངོས་ཀྱི་དགོས་པ་ལྟུང་སོགས་དག་བྱེད་དུ་ངེས་པ་དང་། བདུན་དག་ལ་སྐྱབས་སེམས་དང་སྡིག་བཤག་དོན་གྱིས་ཚང་བ་ཡིན་ནོ། །ལྔ་པ་བླ་མ་དག་པའི་ཆོ་ག་ནི། ཧེ་བཛྲ་ཨ་ཧཾ། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །བཛྲ་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་རང་བཞིན་སྐུ། །ཁ་དོག་ནག་པོ་

p. 55

འཇིགས་ཆེན་པོ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་རྣམས་ཀྱིས་བརྒྱན། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ཀུནྡ་ལྟ་བུ་སྟེ། །གཡོན་པ་དམར་ཞིང་ཆེར་འཇིགས་པ། །སྟེང་གི་ཞལ་ནི་གཙི གས་པ་པོ། །ལྷག་མའི་ཞལ་རྣམས་བུང་བ་བཞིན། །སྤྱན་ནི་ཉི་ཤུ་རྩ་བཞིས་ཕྱུག །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་ནའོ། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་ནོར་སྦྱིན་བདག །གཡོན་པའི་ཐོད་པ་བརྒྱད་ནའོ། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཕྱག་རྒྱ་དྲུག་དང་གར་དགུར་ལྡན། །མགོ་བོའི་འཕྲེང་བའི་དོ་ཤལ་ཅན། །འཇིགས་པའིང་འཇིགས་པར་མཛད་པའི་པང་། །ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །ནག་མོ་དབུ་སྐྱེས་དམར་སེར་ཅན། །གྲི་གུག་ཐོད་པ་འཛིན་པ་ཡི། །བདག་མེད་མ་དང་ལྷན་ཅིག་སྦྱོར། །བདུད་བཞི་མཉམ་པར་མནན་པའི་སྐུར། །རང་ཉིད་སྐད་ཅིག་གིས་གསལ་གྱུར། །འདིར་ཧེ་བཛྲའི་མཚན་

p. 56

རྗེས་སུ་དྲན་པ་ལས་མཚན་དེའི་དོན་དང་ལྡན་པའི་བཅོམ་ལྡན་འདས་ཞལ་བརྒྱད་ཕྱག་བཅུ་དྲུག་པར་སྒོམ་པ་ནི་མདོ་སྦྱར་གྱི་དགོངས་པ་སྟེ། དེ་ཉིད་ལས། །དེ་ནས་ཧེ་བཛྲ་ཞེས་བརྗོད་པས་སྐད་ཅིག་གིས་དགྱེས་པ་རྡོ་རྗེར་སྒོམས། ཅེས་གསུངས་ལ། འདིས་ངེས་པར་ཕྱག་བཅུ་དྲུག་པར་བསྒོམ་དགོས་པ་ཇི་ལྟར་བསྟན་ཞེ་ན། རྩ་རྒྱུད་ལེའུ་དང་པོའི་སེམས་དཔའི་གསུམ་དང་སྙིང་པོ་དགྱེས་པ་རྡོ་རྗེའི་མཚན་གྱི་ཞུ་ལན་གྱི་སྐབས་ཀྱི་འགྲེལ་པར་རྗེ་ལོ་ཙ་བ་ཉིད་ཀྱིས་བསྐྱེད་རིམ་དང་སྦྱར་ནས་བཤད་པའི་ཚེ་རྡོ་རྗེ་སེམས་དཔའི་ཕྱག་གཉིས་པ་དང་། སེམས་དཔའི་ཆེན་པོ་ཕྱག་བཞི་པ་དང་། དམ་ཚིག་སེམས་དཔའི་ཕྱག་དྲུག་པའི་བསྐྱེད་རིམ་དང་སྦྱར་ནས་ཧེ་བཛྲའི་ཞུས་ལན་གྱི་སྐབས་སུ་འདི་ལྟར་གསུངས་ཏེ། རྡོ་རྗེ་སྙིང་པོ་ལ་སོགས་པས་སྙིང་པོ་དགྱེས་པའི་རྡོ་རྗེ་ལ་དྲི་བ་བསྟན་ཏེ། དགྱེས་པ་རྡོ་རྗེ་ནི་སྐུ་གསུམ་རོ་གཅིག་པ་བདེ་བ་ཆེན་པོའི་སྐུའོ། །མིང་བསྡུས་པ་ནི་རྒྱུད་རྒྱས་པའི་བརྗོད་བྱ་ཐམས་ཅད་དབང་པོ་རབ་

p. 57

ཀྱིས་མཚན་དུ་གོ་ཞིང་བསྡུས་པའི་ཕྱིར། ཧེ་བཛྲ་ནི་དབང་པོ་ཐ་མས་མ་གོ་ནས། ཧེ་ཡི་རྣམ་པས་ཅི་ཞིག་བཤད། །བཛྲ་ཡིས་ཀྱང་དེ་བཞིན་ཅི། །ཞེས་ཞུས་པའོ། །ལན་ལ་བསྐྱེད་པའི་རིམ་པ་དང་སྦྱར་ན། སྙིང་རྗེ་ཆེན་པོ་ནི་ཧེ་རུ་ཀ་ཕྱག་བཅུ་དྲུག་པའོ། །ཤེས་རབ་ནི་བདག་མེད་མའོ། །ཡབ་ཡུམ་མཁྱུད་པ་ནི་སྣང་བ་དང་སྟོང་པ་ཕན་ཚུན་མི་སྟོང་བའོ། །སྙོམས་པར་ཞུགས་པ་ནི་སྣང་སྟོང་གི་རོ་བདེ་བར་ཤར་བའོ། །ཞེས་འབྱུང་བས་གསལ་བར་བྱས་ལ། འདི་དང་ཕྱོགས་མཐུན་པར་སློབ་དཔོན་སྒྲ་གཅན་གསང་བ་ཡང་བཞེད་དེ། སྒྲུབ་ཐབས་རབ་ཏུ་གསལ་བ་ལས། འཆད་པར་འགྱུར་བའི་རང་གི་འདོད་པའི་ལྷར་དམིགས་ལ། ཞེས་གསུངས་སོ། །དེའི་སྙིང་གར་ཧྲིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ར་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་འོད་ཟེར་ལྔ་འཕྲོ་བའི་འོད་ཀྱིས་མ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་རྗེ་བཙུན་གཙོ་བོ་རང་གི་ཤེས་རབ་ལ་མཁྱུད་པས་ཡང་དག་

p. 58

པར་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ཤར་འཁྱམས་ན་བླ་མ་རིན་པོ་ཆེ་བཞུགས་པ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་འོད་ཟེར་རྣམས་སྙིང་གའི་ཧཱུྃ་ལ་ཐིམ་པར་གྱུར། འདིའི་སྐབས་སུ་རྩ་རྒྱུད་དང་སམྦུ་ཊར། རང་གི་སྙིང་གར་རེ་ཕ་སྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པ་ཉིད། །ཅེས་པའི་དགོངས་པ་འགྲེལ་ཚུལ་ལ་འཕགས་ཡུལ་གྱི་སློབ་དཔོན་སོ་སོའ་ལུགས་མི་འདྲ་བ་འགའ་ཞིག་འདུག་ཀྱང་། འདིར་རྗེ་བཙུན་ལོ་ཙ་བའི་གཞེད་པས་ཧྲཱིཿལས་པད་དམར་དང་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་སྒོམ་པར་མཛད་པའི་པདྨའི་ས་བོན་ཧྲཱིཿ ནི་པདྨའི་རིགས་མཚོན་པ་སྟེ། རྣལ་འབྱོར་རྒྱུད་སོགས་སུ་གྲགས་པ་དང་སྒོ་བསྟུན་ལ། ཁ་དོག་ཀྱང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོར་ལྷ་དབང་དུ་བྱ་བའི་ཆེད་དུ་ཁ་དོག་དེར་གསུངས་པ་དང་མཐུན་ཞིང་། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ལས་ཀྱང་པདྨའི་ཁ་དོག་དམར་པོར་

p. 59

བཤད་ལ། ཉི་མའི་ས་བོན་ར་ལ་བྱེད་པ་ཡང་གོང་དུ་རྩ་བཤད་ཀྱི་ལུང་སྨོས་པར། རེ་ཕ་ཞེས་བྱུང་བ་ནི་ར་ཡིག་གི་དོན་ཏེ། རའི་ཕ་རོལ་དུ། ཨི་ཕ་ཡི་གེའི་སྐད་དོད་བཞག །རའི་སྲོག་གི་ཨས་ཕ་རོལ་གྱི་ཨི་མཐོང་བས་ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ་ཞེས་པས་རྟགས་མཐའ་ཨེར་བསྒྱུར། ཕ་རོལ་ཡང་དབྱིའོ་ཞེས་པས་ཨི་ཕྱིས་པས། རེ་ཕ་ཞེས་གྲུབ་པ་བོད་སྐད་དུ་བསྒྱུར་ན། ར་ཡིག་ཅེས་འབྱུང་ལ། དེ་ལ་ཟླ་ཕྱེད་ཐིག་ལེ་དགོས་པའི་གསལ་ཁ་མེད་པས་འདིར་ཉི་མའི་ས་བོན་རཾ་ལྟ་བུ་ནི་མི་བྱའོ། །ཧཱུྃ་སྔོན་པོ་རྡོ་རྗེའི་རིགས་ཀྱི་ས་བོན་དང་འོད་ཟེར་ལྔ་ཡེ་ཤེས་ལྔའི་རང་བཞིན་ནོ། །དེས་ཚོགས་ཞིང་གི་དཀྱིལ་འཁོར་པ་ཤར་འཁྱམས་ལ་བླ་མ་བཞུགས་པ་དང་བཅས་པ་སྤྱན་འདྲེན་པའི་ཁུངས་ནི། རྩ་རྒྱུད་ལས། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཞེས་དང་། འཕགས་པ་རྡོ་རྗེ་སྙིང་པོའི་ཞབས་ཀྱིས་ཀྱང་། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དང་བཅས་པའི་རྗེ་བཙུན་གཙོ་བོ་མ་མོ་བརྒྱད་

p. 60

ཀྱིས་ཡོངས་སུ་བསྐོར་བ་རང་གི་ཤེས་རབ་ཀྱིས་ཡོངས་སུ་མཁྱུད་པ། ཞེས་གསུངས་པ་འདི་ལ་ཌོམྦྷི་ལུགས་དང་མི་ཐུབ་ཟླ་བ་སོགས་ཀྱིས་བླ་མའི་དཀྱིལ་འཁོར་ཁོ་ན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དང་བཅས་པ་ཅི་རིགས་སུ་བཤད་ལ། བོད་ཀྱི་རྗེ་བཙུན་རྩེ་མོ་སོགས་བླ་མ་ཡི་དམ་ཐ་མི་དད་དང་། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་བླ་མ་དམིགས་པར་བཞེད་ཀྱང་འདིར་རྗེ་ལོ་ཙ་བས་དཀྱིལ་འཁོར་གྱི་ཤར་འཁྱམས་སུ་བླ་མ་བཞུགས་པར་བཞེད་པ་ནི་བདེ་མཆོག་གི་ཤར་གྱི་དུར་ཁྲོད་དུ་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ། བསྒོམ་པར་སློབ་དཔོན་ལ་ཝ་པས་བཤད་པ་དང་ཕྱོགས་མཐུན་པ་ཡིན་ལ། སྤྱན་དྲངས་པའི་འོད་ཟེར་སྙིང་ཁར་བསྡུས་ནས་སླར་མཆོད་པའི་ལྷ་མོ་བརྒྱད་སྤྲོ་བ་ནི་དཔལ་ནཱ་རོ་པས་རྩ་རྒྱུད་ཀྱི་འགྲེལ་པར། དེ་ནས་འོད་ཟེར་དེ་རྣམས་ལོག་སྟེ་རང་གི་སྙིང་གར་ཞུགས་པ་དང་ཧཱུྃ་ཡིག་ལས་ལྷ་མོ་བརྒྱད་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཆེད་དུ་དབྱུང་བར་

p. 61

བྱའོ། །ཞེས་བཤད་པ་འདི་ཉིད་མངའ་བདག་མཻ་ཏྲི་པ་ཡང་གཞེད་ཅིང་། སློབ་དཔོན་ཤཱིནྟ་པ་དང་མི་ཐུབ་ཟླ་བས་ཀྱང་བཤད་དོ། །སླར་ཡང་སྙིང་གའི་ས་བོན་ལས་རིམ་གྱིས་འཕྲོས་པའི་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱིས་མཆོད་པར་གྱུར། ཅེས་ཐལ་མོ་སྦྱར་ལ། གཽ་རཱི་རི་དྭགས་མཚན་མ་འཛིན། །ༀ་གཽ་རཱི་དཀར་མོ། །གྃ་ས་བོན། ཨཱ་ཧཱུྃ་སྭཱ་ཧཱ། ཞེས་སེ་གོལ་བརྡབ་བོ། །དེ་བཞིན་དུ་ཐོག་མཐར་ཐལ་མོ་དང་སེ་གོལ་བྱས་ལ། ཆོམས་རྐུན་མ་ནི་ཉི་མའི་སྣོད། །ༀ་ཙཽ་རཱི་ཆོམས་རྐུན་མ། ཙཾ་ས་བོན། ཨཱཿཧཱུྃ་སྭཱ་ཧཱ། །རོ་ལངས་མ་ནི་དྲི་ཆུའི་ལག །ༀ་བེ་ཏཱ་ལཱི་རོ་ལངས་མ། །བཾ་ས་བོན། ཨཱཿཧཱུྃ་སྭཱ་ཧཱ། གྷསྨ་རཱི་ནི་སྨན་འཛིན་ཅིང་། །ༀ་གྷ སྨ་རཱི་ཟ་ཕོད་མ། གྷཾ་ས་བོན། ཨཱཿཧཱུྃ་སྭཱ་ཧཱ། པུཀྐ་སཱི་ནི་རྡོ་རྗེའི་ལག །ༀ་པུཀྐ་སཱི་སྤོས་མོ། པཾ་ས་བོན། ཨཱཿཧཱུྃ་སྭཱ་ཧཱ། རི་ཁྲོད་མ་ནི་རོ་སྣ་ཚོགས། །ༀ་ཤ་ཝ་རཱི་རི་འཁྲོད་མ། ཤཾ་ས་བོན། ཨཱཿཧཱུྃ་སྭཱ་ཧཱ། གདོལ་པ་མོ་ནི་ཅང་ཏེའུ་བརྡུངས། །ༀ་ཙཎྜ་ལཱི་གཏུམ་མོ། ཙཾ་ས་བོན། །ཨཱཿཧཱུྃ་སྭཱ་ཧཱ། བདེ་

p. 62

བ་ཆེན་པོའི་རྗེས་ཆགས་པའི། །གཡུང་མོས་སྐུ་ལ་མཁྱུད་པ་ཉིད། །ༀ་ཌོམྦྷི་ནཱི་གཡུང་མོ། ཌཾ་ས་བོན། ཨཱཿཧཱུྃ་སྭཱ་ཧཱ། དེ་ལྟར་ལྷ་མོ་བརྒྱད་ཀྱི་མཚན་དང་ས་བོན་གྱི་ཐོག་མཐར་ཡོད་པའི་ཡི་གེ་གསུམ་རྣམས་ནི་སྐུ་གསུང་ཐུགས་རྡོ་རྗེ་སྟེ་དེ་གསུམ་གྱི་བར་དུ་ཚུད་པ་དང་སྭཱ་ཧཱ་རྣམས་དགེ་ཚོགས་འཕེལ་བའི་དོན་ཏོ། །ཞེས་པ་རྣམས་ཀྱིས་མཆོད་དེ། དེ་ཡང་ཐལ་མོ་སྦྱར་ནས་ཚིགས་བཅད་དང་སྔགས་བརྗོད་པའི་ཚེ་རང་རང་གི་མཆོད་རྫས་འཛིན་པའི་ལྷ་མོ་སྤྲོས་ནས་མཆོད་ཅིང་སེ་གོལ་གྱི་ཚེ་སླར་སྙིང་གར་བསྡུ་བ་ཡིན་ལ། རྩ་རྒྱུད་དང་སམྦུ་ཊའི་རྒྱུད་ཚིག་གོང་དུ་སྨོས་པའི་མཆོད་རྫས་རྣམས་ངོས་འཛིན་ཚུལ་རྡོ་རྗེ་སྙིང་འགྲེལ་ལས་བཤད་པ་དང་། སློབ་དཔོན་འཚོ་སྐྱེས་ཀྱི་བཞེད་པ་དང་ནཱ་རོ་འགྲེལ་ཆེན་གྱི་ལུགས་སོགས་མི་འདྲ་བ་མང་མོད་ཀྱི། མདོ་སྦྱར་ལས་གསུངས་པ་ནི། རི་དྭགས་མཚན་མ་སྟེ་དཀར་ཆ་དང་། ཉི་མའི་སྣོད་དེ་དམར་ཆས་གང་བ་དང་། འདི་ལ་འབྲོག་མིའི་འགྱུར་དུ་འདུད་ལས་རྒྱལ་བའི་སྣོད་ཅེས་

p. 63

འབྱུང་བ་ནི་རྒྱུད་ཀྱི་རྒྱ་དཔེར་ཉི་མའི་མངོན་བརྗོད། མརྟཎྜ་ཅེས་པ་དེར་བསྒྱུར་བ་ཡང་ཉི་མའི་དོན་ཡིན་ལ་འབྲུ་གཉེར་བ་ན་མུན་པའི་བདུད་ལས་རྒྱལ་བས་སོ། །ཞེས་དགོངས་ཀྱང་འགྱུར་གཞན་དུ་འབྱུང་བ་ཉིད་གོ་བདེའོ། དྲི་ཆུ་ནི་གོ་བར་ཟད་ལ། འགྱུར་གཞན་དུ་ཆུ་ལག་མ་ཞེས་པའིང་འདི་ཉིད་དོ། །སྨན་ནི་དྲི་ཆེན། །རྡོ་རྗེ་ནི་ཤ་སྣ་ཚོགས། རོ་སྣ་ཚོགས་ནི་ཆང་གི་བཏུང་བ། ཅང་ཏེའུ་ཌ་མ་རུའི་བོད་སྐད། གཡུང་མོས་སྐུ་ལ་འཁྱུད་པ་ནི་སྙོམས་འཇུག་གི་མཆོད་པ་སྟེ། འདི་ལ་སློབ་དཔོན་བྷ་ཝ་བྷ་དྲས་འཁྱུད་ཚུལ་བྱེད་པར་བཤད་ལ། དེའི་ཚེ་ཡུམ་དང་ལྷ་མོ་ཐམས་ཅད་མཆོད་དགོས་པས། གཙོ་བོ་ལ་ཡུམ་དང་ཐ་མི་དད་པས་འཁྱུད་ཅིང་། ལྷ་མོ་རྣམས་དཔའི་བོའི་རྣམ་པར་གྱུར་པ་ལ་སྙོམ་འཇུག་གིས་མཆོད་པར་བོད་ཀྱི་བླ་མ་གོང་མ་འགས་བཞེད་ཅིང་། སློབ་དཔོན་དྷརྨ་ཀིརྟིས་འགྲེལ་པ་སྤྱན་འབྱེད་དུ་ནི། ཅང་ཏེའུ་ཕྱི་མཆོད། ལྷ་མོ་གཞན་ནང་མཆོད། གཙོ་བོ་ལ་མཆོད་བྱ་གཡུང་མོ་ལ་མཆོད་བྱེད་

p. 64

བསྡུས་ཏེ་རྗེས་ཆགས་གསང་མཆོད། དེའི་ཉམས་མྱོང་དེ་ཁོ་ནའི་མཆོད་པ། ཞེས་ཀྱང་འབྱུང་ལ། ལྷ་མོ་རྣམས་ཀྱི་ཁ་དོག་ནི་འོག་ནས་འཆད་པ་ལྟར་ཤེས་དགོས་སོ། །དེ་ལྟར་ཡང་། རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །ཅེས་རྩ་རྒྱུད་ལས་གསུངས་སོ། །སླར་ཚོགས་ཞིང་གི་དཀྱིལ་འཁོར་པའི་སྤྱན་སྔར་སྡིག་པ་གཤགས་ཤིང་བསྡམ་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལམ་ལ་བརྟེན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་བསྔོ་བ་སྟེ། དེ་རྣམས་ཀྱི་དོན་དྲན་བཞིན་པར་ངག་ཏུ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུངས། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིས་ཏེ། །བདག་དང་གཞན་དོན་རབ་སྒྲུབ་ཕྱིར། །བདག་

p. 65

གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མའོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་བདུན་རྣམ་དག་བྱ་དགོས་པ་ནི། །གུར་ལས། བླ་མ་རྡོ་རྗེ་ཅན་མཆོད་ཅིང་། །བདུན་པོ་ཡོངས་སུ་དག་པ་བྱ། །ཞེས་གསུངས་ཏེ་འདི་སྔར་སྨོས་པའི་སྡིག་བཤགས་སོགས་དྲུག་གི་ཁར་གོང་གི་མཆོད་པ་དང་བདུན་དུ་མཛད་པ་མདོ་སྦྱར་གྱི་ལུགས་ཡིན་ལ། འདིར་སྨོས་པའི་ཚིགས་བཅད་ཀྱང་གུར་ལས་གསུངས་པ་སྟེ། རྗེ་ལོ་ཙ་བ་ཆེན་པོ་ཉིད་ཀྱི་འགྱུར་ཡིན་ཅིང་རྩ་རྒྱུད་ཀྱི་འགྲེལ་པར་དཔལ་ནཱ་རོ་པས་ནི། སྐྱབས་འགྲོ། བཤགས་པ། ཡིད་རང་། ལུས་དབུལ་བ། ལམ་ལ་བརྟེན་པ། སེམས་བསྐྱེད་དང་དྲུག་གི་ཁར་མ་མོ་བརྒྱད་ཀྱི་མཆོད་པ་དང་བདུན་དུ་ཡང་བཤད་དོ། །དེ་ནས་ཧེ་བཛྲ་མཎྜལ་མུཿ དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་པ་གྲོལ། །ཚོགས་རྟེན་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཅེས་པས་གཤེགས་གསོལ་བྱེད་པ་ནི་རྩ་

p. 66

རྒྱུད་ཀྱི་འགྲེལ་བར་དཔལ་ནཱ་རོ་པས། དེ་ནས་སངས་རྒྱས་གཤེགས་སུ་གསོལ། །ཅེས་གསུངས་པ་དང་མཐུན་པར་གཤེགས་གསོལ་སྔགས་དང་བཅས་པ་མདོ་སྦྱར་དུ་བསྟན་པ་ཉིད་ཡིན་ནོ། །དྲུག་པ་ནི། །རྩ་རྒྱུད་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་སྒོམ་ཤིང་། །གསུམ་པར་དགའ་བ་སྒོམ་པ་དང་། །ཀུན་གྱི་ཐ་མར་བཏང་སྙོམས་སོ། །ཞེས་གསུངས་པའི་དོན་ཀྱང་། རྗེ་བཙུན་ནཱ་རོ་པས་འདི་ལྟར་བཤད་དེ། དང་པོར་བྱམས་པ་སྒོམ་པར་བྱ། །ཞེས་པ་གཉེན་བཤེས་དང་ཐ་མལ་པ་དང་། དགྲ་བོ་རྣམས་ལ་ཕ་རོལ་པོ་ལ་ཕན་པ་དང་བདེ་བ་ཉེ་བར་སྒྲུབ་པར་སེམས་པ་ནི་བྱམས་པའོ། །གཉིས་པ་སྙིང་རྗེ་ཞེས་པ་ལ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་སེམས་ཅན་རྣམས་ཐམས་ཅད་རང་གི་ལུས་དང་སྲོག་གིས་ཀྱང་འ དོན་པར་འདོད་པ་ནི་སྙིང་རྗེའོ། །གསུམ་པར་དགའ་བ་བསྒོམ་པར་བྱ། །ཞེས་པ་གཞན་ལ་ཕན་པ་ལ་རངས་པ་ནི་དགའ་བའོ། །བཞི་པར་བཏང་སྙོམས་སྒོམ་པར་

p. 67

བྱ། །ཞེས་པ་གཞན་གྱི་སྐྱོན་ལ་བཏང་སྙོམས་སོ་ཞེས་པའོ། །ཞེས་གསུངས་པ་ལྟར་ཡིད་ལ་བྱས་ཏེ། ངག་ཏུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཅེས་འདོན་སྒོམ་དུ་བྱ་སྟེ། གུར་ལས། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་གསོ་བར་བྱ། །ཞེས་གསུངས་ལ་དེའི་སྒྲ་དོན་ཀྱང་ཚངས་པ་ལ་སོགས་པ་གནས་པ་འདི་བཞིས་གནས་པ་ན་མིང་དེར་རྟགས་པའིམ། དམིགས་བྱའི་ཡུལ་དང་དམིགས་པ་ཚད་མེད་པས་ན་ཚད་མེད་བཞི་ཞེས་ཀྱང་བྱའོ། །བདུན་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། རྩ་རྒྱུད་ལས། ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །ཞེས་རྡོ་རྗེ་བཞིའི་དང་པོར་གསུངས་པ་ལ་སྤྱིར་ཆོས་སྟོང་ཉིད་རྟོགས་པར་བྱེད་པ་ལ་རྒྱུའི་ཐེག་

p. 68

པར་ཐོས་བསམ་གྱི་ཤེས་རབ་ཀྱིས་དོན་སྤྱི་ཙམ་ཞིག་འཇལ་ཏེ། རྗེས་དཔག་ཚད་མ་ཙམ་དུ་འགྲོ་བ་དང་། ཡང་དེར་སྟོང་ཉིད་རྟོགས་པའི་ཤེས་རབ་བསྒོམ་བྱུང་མངོན་སུམ་ཚད་མ་ཡོད་པར་བཤད་པའིང་ཡུལ་ཡུལ་ཅན་གཉིས་ཀར་སྣང་མེད་ཅིག་འབྱུང་ལ། ཡོད་མེད་སོགས་སྤྲོས་པའི་མཐའ་བཞི་དང་བྲལ་བའི་སྟོང་ཉིད་ཀྱི་ཡུལ་ཁྱད་པར་ཅན་མངོན་སུམ་གྱི་ཡུལ་དུ་སྣང་བ་ན་ཡུལ་ཅན་སྟོང་ཉིད་རྟོགས་པའི་ཤེས་རབ་སྒྲིབ་བྲལ་སོ་སོ་རང་རིག་པའི་ཡེ་ཤེས་ཉམས་སུ་མྱོང་བྱར་ཡོད་པར་བཤད་པ་ནི་གསང་སྔགས་ཀྱི་ཐེག་པའི་དགོངས་པ་ཡིན་ཅིང་སྐབས་འདིའི་བསྒོམ་རིམ་ལ། རྩ་རྒྱུད་ཀྱི་འགྲེལ་པར་དཔལ་ནཱ་རོ་པས། ། སྟོང་པ་ཉིད་དུ་དམིགས་པ་སྔགས་པས་བྱའོ། །དེ་སྐད་དུ་ཡང་གསུངས་པ། འདིར་མི་མངལ་ནས་སྐྱེས་པ་རྣམས་འཆི་བའི་དུས་སུ། སའི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པ་སྟེ། །མེ་ཡང་ཕྲ་བའི་ཁམས་ལའོ། །རླུང་ཡང་སེམས་ལ་རྣམ་པར་ཐིམ། །ཞེས་པའོ། །དེ་ལྟར་ཁམས་ཀྱི་ཚོགས་མྱུར་དུ་རྣམ་

p. 69

པར་ཉམས་པ་ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ས་ལ་ཀུན་གཞིའི་རྣམ་པར་ཤེས་པ་བཞག་པར་བྱའོ། །དེ་ནས་སྔགས་འདི་བརྗོད་པར་བྱའོ། །ༀ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཱཾཿ ཞེས་བརྗོད་ལ་ཁམས་གསུམ་པོ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་སྟོང་པ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་གསུངས་པའི་དོན་འཆད་པ་ལ་སྦྱང་བྱ་ཤེས་པར་བྱ་བ་དང་། སྦྱོང་བྱེད་ཉམས་སུ་ལེན་པ་གཉིས་ཀྱི་དང་པོ་ནི། མངལ་སྐྱེས་རྣམས་འཆི་འཕོ་བའི་ཚེ་སྣང་ཆེད་ཐོབ་གསུམ་རིམ་གྱིས་ཐིམ་པའི་མཐར་འཆི་བ་འོད་གསལ་བདེ་བའི་མིང་ཅན་འབྱུང་བ་ཉིད་ཡིན་ཏེ། འབུམ་ལྔ་ལས། །དང་པོར་སྟོང་ཉིད་བྱང་ཆུབ་ནི། །འཆི་མཐར་འཕོ་བའི་བདེ་བའོ། །ཞེས་གསུངས་སོ། །།གཉིས་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་སྣོད་འཛིན་གྱི་ཁམས་ཐམས་ཅད་བཅུད་ལ་བསྡུས་ཤིང་། དེ་རྣམས་

p. 70

ཀྱང་རང་གི་ལུས་ལ་བསྡུས་པས་ལུས་ཀྱང་ཡས་མས་ནས་འདུས་ཏེ་སྙིང་གའི་པདྨ་ལ་ཐིམ། དེ་ཡང་ཉི་མ་ལ། །ཉི་མ་ཡང་ཧཱུྃ་གི་ཞབས་ཀྱུ་ལ། དེ་ཧ་ལ། དེ་ཟླ་ཚེས་དང་ཐིག་ལེ་ལ་ཐིམ་ནས་ནཱ་དའི་རྣམ་པར་གྱུར་པ་ལས། །ༀ་དམ་བཅའ་བ། ཤཱུ་ནྱ་ཏཱ་སྟོང་པ་ཉིད། ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །ཞེས་པའི་རང་སྒྲ་ནཱ་ད་ལས་བྱུང་བར་སྒོམ་མོ། །ཁམས་གསུམ་པོ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་གྱུར། དེ་ལྟར་ཕུང་པོ་རྣམ་བཅད་ཆད་པའི་སྟོང་པ་ལས་ཡང་དག་པར་འདས་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྒོམ་མོ། །དེ་ལྟར་ནཱ་རོ་འགྲེལ་ཆེན་ལས། །ཀུན་གཞིའི་རྣམ་ཤེས་ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པ་ལ་བཞག་ཅེས་གསུངས་པ་དང་། །མདོ་སྦྱར་ལས། ནཱ་དའི་རྣམ་པ་ལྟ་བུར་སྒོམ་པ་ལ་ཞེས་བསྟན་པ་གཉིས་དོན་གཅིག་ལ། སྣོད་བཅུད་ནཱ་དའི་བར་དུ་བསྡུད་པ་ནི་འཆི་སྲིད་ཀྱི་

p. 71

ཁམས་རགས་པ་ཕྲ་བ་དང་། ཕྲ་བ་ཤིན་ཏུ་ཕྲ་བའི་ཁམས་ལ་འཇུག་པ་ཉིད་ཡིན་ཅིང་། ཤཱུ་ནྱ་ཏཱའི་སྔགས་ཀྱི་རང་སྒྲ་ནཱ་ད་ལས་འབྱུང་བའི་དོན་ཡང་། སློབ་དཔོན་འཚོ་སྐྱེས་ཀྱིས་དངོས་པོ་མ་ལུས་པ་བསྡུས་པ་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་སྔགས། ཞེས་གསུངས་ཏེ། དེ་ཡང་དངོས་པོ་མ་ལུས་པ་བསྡུས་པ་ཞེས་པ་ནི་ནཱ་ད་ལ་བྱ་ཞིང་། སྙིང་པོའི་དེ་ཁོ་ན་ཉིད་ཀྱི་སྔགས་ཞེས་པ་རང་སྒྲ་དང་ཤིན་ཏུ་འབྱོར། ཞེས་དཔལ་ཆོས་ཀྱི་གྲགས་པ་བཞེད་ལ། ཡིག་དོན་དུ་བཤད་པའི་ཚེ་ནཱ་ཞེས་པ་ཉིད་སྒྲ་ལ་འཇུག་པ་ཡིན་ནོ། །བརྒྱད་པ་བསྲུང་བའི་འཁོར་ལོ་ལ། རྩ་བཤད་ཀྱི་དགོངས་པ་ཅི་ལྟར་ཡིན་པ་བཤད་པ་དང་། དེ་གཉིས་འཁྲུགས་སྡེབས་ནས་ཉམས་སུ་ལེན་ཚུལ་གཉིས་ཀྱི། །དང་པོ་ནི། རྟག་པ་དང་པོའི་ལེའུ་གསུམ་པ་ལས། རེ་ཕས་ཉི་མ་སྔོན་དུ་རྣམ་སྒོམས་ནས། །ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱི་ནི་ར་བ་དང་། །གུར་བཅིང་བ་ཡང་རྣམ་པར་སྒོམ་པ་ཉིད། །ཅེས་པ་ནི་ར་ལས་ཉི་མ་དང་དེའི་ཁར་

p. 72

ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་སྟེ། དེ་ལས་སྤྲོས་པའི་རྡོ་རྗེའི་ས་གཞི་དང་ར་གུར་ཉི་མ་ལས་བྱུང་བའི་མེ་རིས་སྐོར་བར་སྒོམས་ནས་རཀྵའི་སྔགས་ཀྱིས་བརྟན་པར་བྱས་པའི་དབུས་ཁོ་ནར་ཆོས་འབྱུང་སོགས་སྒོམ་པ་རྩ་རྒྱུད་ཀྱི་དངོས་བསྟན་ཏེ་བསྲུང་འཁོར་བསྡུས་པ་ཡིན་ལ། གང་ཟག་སྤྲོས་པ་ལ་མི་དགའ་བའི་ཉམས་ལེན་འདི་ཙམ་གྱིས་ཆོགས་པར་དགོངས་ནས། སློབ་དཔོན་མཚོ་སྐྱེས་དང་ཤཱནྟི་པ་དང་། ནག་པོ་བ་སོགས་ཀྱིས་མཛད་པའི་སྒྲུབ་ཐབས་ལས་བྱུང་བ་ལྟར་རྗེ་བཙུན་མར་རྔོག་གིས་གསུངས་པའི་མདོ་སྦྱར་གྱི་དངོས་བསྟན་ཀྱང་འདི་ཡིན་ལ། དེའི་རྗེས་འབྲང་རྔོག་ལུགས་ཕལ་ཆེར་ཀྱང་བསྡུས་པ་ཉིད་མཛད་པ་མང་ངོ་། །འདི་ལས་རྒྱས་པར་བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ་ནི་དེ་ཉིད་ལེའུ་བཅུ་གཉིས་པར། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་སྒོམ་པར་བྱ། །ཧཱུྃ་ནི་བཅུ་ཡི་སྦྱོར་བ་ཡིས། །ཁྲོ་བོ་བཅུ་ནི་རིམ་པས་དགོད། །གཤིན་རྗེ་མཐར་བྱེད་ཤེས་རབ་མཐར། །པདྨ་

p. 73

མཐར་བྱེད་བགེགས་མཐར་བྱེད། །ཊ ཀྐི་ཁྲོ་བོ་དབྱུག་པ་སྔོ། །མི་གཡོ་བ་དང་སྟོབས་ཆེན་དང་། །གཙུག་ཏོར་གདུགས་ནི་དཀར་པོ་དང་། །རྡོ་རྗེ་ཞབས་འོག་གནས་པ་ནི། །བདུད་རྩིའི་སྦྱོར་བས་ཐམས་ཅད་དུ། །ཁྲོ་བོའི་སྒོམ་པས་སྒོམ་པར་བྱ། །དཔག་ཚད་བརྒྱ་ནི་ཁྱབ་པ་རུ། །བསམས་ནས་བགེགས་ནི་བསྐྲད་པར་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་མཛད་པའི་གུར་འགྲེལ་དང་རྡོ་རྗེ་གུར་གྱི་སྒྲུབ་ཐབས་དཀྱིལ་འཁོར་བསྡུས་པའི་རྗེས་སུ་འབྲང་བ་ལྷའི་བརྟུལ་ཞུགས་ཀྱིས་མཛད་པ་དང་། རྗེ་ལོ་ཙ་བས་མཛད་པའི་གུར་གྱི་སྲོག་ཤིང་སོགས་སུ་རྩ་རྒྱུད་ལས་གསུངས་པའི་རྡོ་རྗེའི་ར་གུར་གྱི་དབུས་སུ་འཁོར་ལོ་རྩིབས་བཅུ་པའི་ཕྱོགས་བཅུར་ཁྲོ་བོ་དགོད་པའི་སྦྱོར་བ་ལ་བརྟེན་པའི་བསྲུང་འཁོར་སྒོམ་པར་བཤད་པ་ཡིན་ནོ། །གཉིས་པ་ནི། བཤད་རྒྱུད་དགོངས་འགྲེལ་མན་ངག་དང་བཅས་པར་རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་ཁྲོ་བཅུའི་བསྲུང་བ་

p. 74

ངེས་པར་དགོས་པར་བསྟན་པའི་ཤུགས་ཀྱིས་རིགས་བྱེ་བྲག་པའི་དཀྱིལ་འཁོར་གྱི་བསྲུང་བ་རྒྱས་པའི་ཚེའང་དེ་ཉིད་དགོས་པར་དགོངས་པ་དང་། རྩ་རྒྱུད་ཀྱི་དངོས་བསྟན་ལ་མི་གསལ་བ་རྣམས་ཀྱང་རྒྱས་པར་སྤྲོ་ན་བཤད་རྒྱུད་ལས་ཁ་འགེངས་དགོས་པར་དགོངས་ནས། མངའ་བདག་མཻ་ཏྲི་པས་མི་བསྐྱོད་པ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རྣམ་པར་དག་པའི་གཏེར་དུ་སྐབས་འདིར་ཁྲོ་བཅུའི་བསྲུང་བ་བསྒོམས་པར་གསུངས་པ་དང་། དཔལ་དགྱེས་པ་རྡོ་རྗེ་གཙོ་བོ་སེམས་པ་གསུམ་གྱི་སྒྲུབ་ཐབས་ནཱ་རོ་པའི་ཞལ་གྱི་ལུང་དང་སྦྱར་བ་ལས། རྩ་རྒྱུད་ཀྱི་བསྲུང་བའི་རྗེས་སུ། དེའི་ནང་དུ་བྷྲཱུཾ་ལས་བྱུང་། །ཕྱིར་བཟློག་འཁོར་ལོ་ལྟ་བུ་ཡི། །འཁོར་ལོ་རྩིབས་བཅུ་རྒྱ་ཆེ་ཞིང་། །ཁོང་སྟོང་མི་གཡོ་ལྟ་བུར་སྒོམ། །ཞེས་བཤད་པ་དང་མཐུན་པར་དཔལ་རང་བྱུང་རྒྱལ་བ་ཆེན་པོས་མདོ་སྦྱར་གྱི་རྗེས་སུ་འབྲངས་པའི་སྒྲུབ་ཐབས་ཚིག་ལྷུག་མར་ཡང་། རྒྱས་པར་སྒོམ་ན་ཁྲོ་བོ་བཅུའི་བསྲུང་བའི་འཁོར་ལོ་སྐབས་འདིའི་

p. 75

གཞུང་ན་མེད་མོད་ཀྱི། སྔ་མ་ཉིད་ཀྱི་ཤུགས་ཀྱིས་ཤེས་པ་དང་། །བཤད་པའི་རྒྱུད་ཀྱིས་ཀྱང་ཤེས་པ་ཡིན་ནོ། །ཞེས་གསུངས་ལ། རྗེ་བཙུན་མར་རྔོག་གི་བཀའ་སྲོལ་དྲི་མ་མེད་པ་འཛིན་པ་རམ་ལུགས་པ་རྣམས་ཀྱང་སྐབས་འདིར་རྒྱས་པར་ན་ཁྲོ་བཅུའི་བསྲུང་བ་སྒོམ་པར་བཞེད་པས། སྟོང་པའི་ངང་ལས་ར་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བར་ཧཱུྃ་གིས་མཚན་པ་ལས་བྱུང་བའི་འོད་ཟེར་གྱི་རྩེ་མོ་ལས་སྤྲོས་པའི་རྡོ་རྗེ་རྒྱ་གྲམ་དཔག་ཏུ་མེད་པ་འོག་ཏུ་སོང་བས་རྡོ་རྗེའི་ས་གཞི། བར་སྣང་དུ་སོང་བས་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་དུ་སོང་བས་རྡོ་རྗེའི་གུར་ཁང་རྒྱ་ཁྱོན་ཚད་མེད་པ་དང་ལྡན་པའི་ཕྱི་རོལ་དུ་འོག་གཞིའི་ཉི་མའི་དཀྱིལ་འཁོར་ལས་འཕྲོས་པའི་མེ་དཔུང་ཡེ་ཤེས་ཀྱི་རང་བཞིན་འཇིག་དུས་ཀྱི་མེ་ལྟར་འབར་ཞིང་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པས་བགེགས་ཀྱི་ཚོགས་སྲེག་པར་བྱེད་པས་ཀུན་ནས་བསྐོར་བ་དང་། སླར་ཡང་གཞི་མའི་རྡོ་རྗེ་རྒྱ་གྲམ་ལས་

p. 76

འཕྲོས་པའི་རྡོ་རྗེ་རྐྱང་པ་དཔག་ཏུ་མེད་པས་སྣ་ཚོགས་རྡོ་རྗེའི་ར་གུར་གྱི་དྲྭ་མིག་རྣམས་བཀག་པར་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་བརྟན་པར་བྱའོ། །དེའི་དབུས་སུ་བྷྲཱུཾ་ལས་བསྲུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པའི་ལྟེ་བ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་དཔག་ཚད་བརྒྱའི་ཁྱོན་དང་མཉམ་པ་གུར་ཐབས་སུ་འདུག་པའི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོ ག་གཉིས་སུ་མི་བཟད་པའི་རལ་གྲི་འབར་བ་ཟུང་དག་སྟེང་འོག་དང་ཕན་ཚུན་ནས་རྩེ་སྤྲད་པ་ལྟར་བྱིན་གྱིས་ཕྲ་ཞིང་རྣོ་བའི་དབ ལ་དང་ལྡན་པའི་རྩིབས་བཅུའི་རྩ་བ་ཆེ་ཞིང་བརྟན་པ་ལྟེ་བའི་རྒྱབ་དུ་ཟུག་པའི་བར་ཐམས་ཅད་ཁོང་སེང་དུ་ཡོད་པ་དེའི་ཁོང་སེང་གི་ནམ་མཁར་ར་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་དང་བཅས་པ་རེ་རེ་གསལ་བར་གྱུར། འདི་ལ་འགའ་ཞིག་དུ། གཞི་མའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་བསྲུང་བའི་འཁོར་ལོ་སྒོམ་པར་བཤད་ནའང་། གུར་གྱི་སྲོག་ཤིང་ལས། དེ་ལྟར་རྡོ་རྗེའི་ར་

p. 77

བ་དང་དྲྭ་བའི་ནང་དུ་བྷྲཱུཾ་ལས་འཁོར་ལོ་རྩིབས་བཅུ་པ་སྒོམས་ནས། ཞེས་པ་ལས་གདན་གྱི་གསལ་ཁ་མ་གསུངས་པ་དང་། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། རྡོ་རྗེ་གུར་གྱི་དབུས་སུ་ནི། །བྷྲཱུཾ་ཡིག་ཡོངས་སུ་གྱུར་པ་ཡིས། །འཁོར་ལོ་རྩིབས་བརྒྱད་དེ་ལས་བྱུང་། །གུར་གྱི་སྟེང་དང་འོག་ཏུ་ནི། །རྩིབས་ནི་གཉིས་པ་ཡང་བྱའོ། །རེ་ཕ་བཅུ་གཅིག་པོ་རྣམས་ཀྱིས། །ཉི་མའི་དཀྱིལ་འཁོར་རིམ་ཇི་བཞིན། །ཞེས་གསུངས་པ་དང་མཐུན་པར་འདིར་བཀོད་པ་ནི་ནཱ་རོའི་ཞལ་ལུང་གི་དགོངས་པར་ཡང་གནས་པ་ཡིན་ནོ། །དེ་རྣམས་ཀྱི་སྟེང་དུ་ཧཱུྃ་ཡིག་རེ་རེ་ཡོངས་སུ་གྱུར་པ་ལས་དཔའི་ཆེན་ཁྲོ་བོའི་དབང་པོ་རྣམས་ཀྱི་སྐུར་གྱུར་པ་ནི། ཤར་གྱི་རྩིབས་ལ་གཤིན་རྗེ་མཐར་བྱེད་སྔོན་པོ་གཡས་གསོད་པའི་དབྱུག་ཐོ་འཕྱར་བ། ལྷོའི་རྩིབས་ལ་ཤེས་རབ་མཐར་བྱེད་དཀར་པོ་ཕྱག་གཡས་རྡོ་རྗེའི་དབྱུག་པ་རྣམས་བསྣམས་པ། ནུབ་གྱི་རྩིབས་ལ་པདྨ་མཐར་བྱེད་དམར་པོ་གཡས་ན་པདྨ་དམར་པོ་འཛིན་པ། བྱང་གི་

p. 78

རྩིབས་ལ་བགེགས་མཐར་བྱེད་ལྗང་གུ་གཡས་རྡོ་རྗེ་གདེངས་པ། ཤར་ལྷོའི་རྩིབས་ལ་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་འཛིན་པ། ལྷོ་ནུབ་ཀྱི་རྩིབས་ལ་དབྱུག་སྔོན་ཅན་གཡས་པས་དབྱུག་པ་འཕྱར་བ། ནུབ་བྱང་གི་རྩིབས་ལ་སྟོབས་པོ་ཆེ་ཕྱག་གཡས་རྩེ་གསུམ་བསྣམས་པ། བྱང་ཤར་གྱི་རྩིབས་ལ་མི་གཡོ་བ་གཡས་པས་རལ་གྲི་འཕྱར་བ། སྟེང་གི་རྩིབས་ལ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སེར་པོ་གཡས་ན་འཁོར་ལོ་འཛིན་པ། འོག་གི་རྩིབས་ལ་གནོད་མཛེས་ནག་པོ་ཕྱག་གཡས་པས་གཏུན་ཤིང་བསྣམས་པ་སྟེ། ཕྱོགས་བཞི་དང་སྟེང་འོག་གི་ཁྲོ་བོ་རྣམས་རབ་ཏུ་ཁྲོས་པའི་མཆེ་བ་གཙིགས་ཤིང་དམར་ལ་ཟླུམ་པའི་སྤྱན་གསུམ་བསྒྲད་པ། སྟག་གི་པགས་པའི་ཤམ་ཐབས་ཅན་སྐྲ་དམར་སེར་གྱེན་དུ་རྫེས་པ། སྐུ་སྦོམ་ཞིང་ཡན་ལག་རགས་པ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་ནི། སྤྱི་བོར་མཐའ་ཡས་སྔོན་པོ། རྣ་བ་ལ་འཇོག་པོ་དམར་པོ། མགུལ་པ་ལ་པད་ཆེན་སྔོ་སྐྱ། དཔུང་པ་ལ་རིགས་ལྡན་ཁྲའོ།

p. 79

འཁྲིག་མ་ལ་ནོར་རྒྱས་དཀར་པོ། སྐེ་རགས་ལ་དུང་སྐྱོང་སེར་པོ། སེ་རལ་ཁར་ཀརྐ་ཊ་ལྗང་ནག །རྐང་གདུབ་ལ་པདྨ་སྔོ་སྐྱ་རྣམས་ཀྱིས་སྤྲས་པ། མཚམས་ཀྱི་ཁྲོ་བོ་བཞི་ནི་ཁ་དོག་ནག་པོ་ཅུང་ཟད་ཞི་ཞིང་། སྒེག་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་པ་ཐུགས་ཀར་སྡིགས་འཛུབ་ཀྱི་ཕྱག་རྒྱས་གདུག་པ་ཅན་མཐའ་དག་སྡིགས་པར་མཛད་པ་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བའི་དོར་སྟབས་ཀྱིས་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེ་ལྟར་མཚམས་ཀྱི་ཁྲོ་བོ་བཞི་ཅུང་ཟད་ཞི་ཞིང་བསྒེག་པར་སྒོམ་པ་ནི། དཔལ་རང་བྱུང་གི་བཞེད་པ་ཡིན་ལ། སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱི་གུར་འགྲེལ་ལས་ནི་རོལ་པའི་ཁྲོ་བོ་བཞི། གཙུག་ཏོར་གནོད་མཛེས་འདོད་རྒྱལ་མི་གཡོ་བ་བཞི་ལ་ངོས་གཟུང་ནས་དེ་རྣམས་ཅུང་ཟད་ཞི་ཞིང་བསྒེག་པར་སྒོམ་པ་ཡང་བཤད་དོ། །བསྲུང་འཁོར་གྱི་སྐབས་འདིའི་གུར་གྱི་དངོས་བསྟན་

p. 80

དུ་ཁྲོ་བོ་བཅུ་ལས་མ་གསུངས་ལ་སྙིང་འགྲེལ་སོགས་སུ་སྐབས་འདིར་དབུས་སུ་ཧཱུྃ་མཛད་སྒོམ་པར་བཤད་པ་ནི། གནོད་མཛེས་ལ་བཀའ་བསྒོས་ཏེ་བགེགས་ལ་ཕུར་གདབ་བྱ་བ་སོགས་བསྲུང་འཁོར་གྱི་རྣམ་བཞག་ཤིན་ཏུ་རྒྱས་པའི་རྣམ་གྲངས་གཞན་ཡིན་ལ། ཡང་བསྲུང་འཁོར་ཁོ་ན་ལོགས་སུ་བསྒོམ་པའི་ཚེ་དབུས་སུ་རང་ཉིད་ཧཱུྃ་མཛད་དུ་བསྒོམ་པ་ནི་རྒྱུད་ཀྱི་སྐབས་གཞན་དུ། །ལྷ་དང་ལྷ་མིན་ཧཱུྃ་མཛད་ཀྱི། །ཞེས་ལྷའི་གདོན་སོགས་སྡིག་པ་ལ་ཧཱུྃ་མཛད་ཀྱི་རྣལ་འབྱོར་བྱ་བར་བཤད་པ་ཉིད་སྐབས་ཐོབ་ཏུ་སྦྱོར་རིགས་པར་དགོངས་ནས། བླ་མ་གོང་མ་དག་གིས་ཕྱག་བཞེས་སུ་མཛད་དོ། །གུར་གྱི་ལུང་སྔར་སྨོས་པ་དང་། ངག་འདོན་དུ་སྒྲིགས་པའི་ཁྲོ་བོའི་མཚན་ཕལ་ཆེར་སྦྱོར་བ་སླ་ཡང་། གཙུག་ཏོར་གདུགས་ནི་དཀར་པོ་དང་། །རྡོ་རྗེ་ཞབས་འོག་གནས་པ་ནི། །ཞེས་པ་གཙུག་ཏོར་འཁོར་ལོས་བསྒྱུར་བ་དང་གནོད་མཛེས་གཉིས་ཀྱི་མཚན་རྣམ་གྲངས་པ་གཞན་བསྟན་པར་ཤེས་དགོས་སོ། །དེ་རྣམས་

p. 81

ཀྱི་དཔྲལ་བར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་དཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་སྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་བསྲུང་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་པར་གྱུར། ༀ་བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝ་ར་རྡོ་རྗེའི་ཁྲོ་བོ་འཁོར་དང་བཅས་པ། །ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་ནི་རི་ཏི་ཧཱུྃ་ཁཿཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བ་ལ། བཛྲ་པུཥྤེ། རྡོ་རྗེ་མེ་ཏོག་མ། བཛྲ་དྷུ་པེ། རྡོ་རྗེ་བདུག་སྤོས་མ། བཛྲ་ཨཱ་ལོ་ཀེ། རྡོ་རྗེ་སྣང་གསལ་མ། །བཛྲ་གནྡྷེ། རྡོ་རྗེ་དྲི་ཆབ་མ། བཛྲ་ནཻ་ཝིདྱ། རྡོ་རྗེ་ཞལ་ཟས་མ། བཛྲ་ཤབྡ། རྡོ་རྗེ་སྒྲ་སྙན་མ། ཞེས་ཆུ་གཉིས་ཉེར་སྤྱད་རོལ་མོ་དང་བཅས་པ་སོ་སོའ་ཕྱག་རྒྱ་དང་ལྡན་པས་འབུལ་ལོ། །ཛཿ ཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས་པར་གྱུར། པཉྩ་ཀུ་ལ་ས་པ་རི་ཝཱ་ར་རིགས་ལྔ་འཁོར་དང་བཅས་པ། ཛཿ སོགས་སྔར་བཞིན་

p. 82

མཆོད་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཱི ཉྩ་ཏུ་མཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བ་དཔལ་གྱི་དམ་ཚིག་གོ། །ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར་བས། །སྐུ་གང་དྲི་མ་དག །དབང་བཞི་ཐོབ་ཅིང་། ཆུའི་ལྷག་མ་ཡར་ལུད་པ་ལས་ཤེས་རབ་མཐར་བྱེད་དང་། མཚམས་ཀྱི་ཁྲོ་བོ་བཞི་དང་གནོད་མཛེས་རྣམས་ལ་མི་བསྐྱོད་པ། གཤིན་རྗེ་མཐར་བྱེད་དང་གཙུག་ཏོར་གཉིས་ལ་རྣམ་སྣང་། པདྨ་མཐར་བྱེད་ལ་འོད་དཔག་མེད། བགེགས་མཐར་བྱེད་ལ་དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་རྒྱན་པར་གྱུར། དེ་ལྟ་བུའི་བསྲུང་བའི་འཁོར་ལོ་གཡས་བསྐོར་དུ་མྱུར་བའི་ཤུགས་ཀྱིས་འཁོར་བ་མི་མངོན་པ་ལྟར་འཁོར་བས་མི་གཡོ་བ་བཞིན་དུ་འདུག་པའི་རྩིབས་ཀྱི་རྣོ་དབལ་དང་། ཁྲོ་བོ་རྣམས་ལས་

p. 83

སྤྲུལ་པའི་སྤྲིན་དུ་མ་འཕྲོ་བས་བགེགས་ཀྱི་ཚོགས་རྣམས་རླག་པར་བྱེད་པའོ། །ཞེས་གསལ་བཏབ་ལ། ན་མཿ ས་མནྟ་བུད་དྷ་ནཱཾ། ཀུན་ནས་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་དྷརྨཱ་ཎཱཾ། ཀུན་ནས་ཆོས་རྣམས་ལ་ཕྱག་འཚལ་ལོ། །ན་མཿ ས་མནྟ་སཾ་གྷཱ་ནཱཾ། ཀུན་ནས་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ༀ་སི་ཏཱི་ཏ་པ་ཏྲ། ཀྱེ་གདུགས་དཀར་པོ་ཅན། ༀ་བི་མ་ལ། །ཀྱེ་དྲི་མ་མེད་པ། ༀ་ཤངྐ་ར། ཀྱེ་ཞི་བར་མཛད་པ། ༀ་པྲ་ཏྱངྒི་ར། ཀྱེ་ཕྱིར་བཟློག་པ། བཛྲ་ཨུཥྞཱི་ཥ་ཙ ཀྲ་ཝརྟི། ཀྱེ་རྡོ་རྗེ་གཙུག་ཏོར་འཁོར་ལོས་བསྒྱུར་བ། སརྦ་ཡནྟྲ་མནྟྲ་འཁྲུལ་འཁོར་དང་སྔགས་དང་། མཱུ་ལ་ཀརྨ། རྩ་བའི་ལས་ཐམས་ཅད་དང་། བནྡྷ་ནཾ། བཅིང་བའམ། ཏཱ་ཌ་ནཾ། བསྣུན་པའིམ། ཀཱི་ལ་ནཾ་ཝཱ། ཕུར་བུས་བཏབ་པར། མ་མ་ཀྲི་ཏེ། བདག་ལ་བྱེད་པ། ཡེ་ན། གང་། ཀེ་ན། ཅི་ཡང་། ཙིཏ་ཀྲྀ་ཏནྟཏ། གདུང་བར་བྱེད་པ། སརྦནཏུ། །དེ་ཐམས་ཅད། ཙྪིནྡ་ཙྪིནྡ། ཆོད་ཅིག་ཆོད་ཅིག །བྷིནྡ་བྷིནྡ། ཕུག་ཅིག་ཕུག་ཅིག །ཙི་

p. 84

རི་ཙི་རི། ཕྱེ་མར་གྱིས་ཤིག་གཉིས། གི་རི་གི་རི། གནོན་ཅིག་གནོན་ཅིག །མ་ར་མ་ར། སོད་ཅིག་སོད་ཅིག །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། འདི་རྣམས་ཁྲོ་བཅུའི་ས་བོན་ཏེ་ཡུལ་ལྔ་དང་ཡུལ་ཅན་ལྔ་དབྱེར་མེད་པར་བྱེད་པའི་དོན་ནོ། །ཕཊ྄་ཕཊ྄་ཕཊ྄། འདི་གསུམ་ལུས་ངག་ཡིད་གསུམ་ཁོས་ཤིག་པའོ། །ཅེས་ཅི་རིགས་པར་ཟླ འོ། །དེ་ལྟར་ཡང་གུར་ལས། བསྲུང་བའི་འཁོར་ལོ་གཟི་བརྗིད་ཆེ། །བསྐལ་པའི་མེ་ལྟར་འབར་བ་སྟེ། །འཁོར་ཞིང་རབ་ཏུ་མི་གཡོ་བ། །དཔག་ཚད་བརྒྱ་ཡི་ཚད་ཙམ་མོ། །ཞེས་གསུངས་ཏེ། དེ་ཡང་སྔར་བཀོད་པ་ནི་སྒྲུབ་ཐབས་དངོས་གཞི་དང་འབྲེལ་བའི་བསྲུང་འཁོར་གྱི་དབང་དུ་བྱས་ལ། ཡང་དུས་གཞན་དུ་བསྲུང་འཁོར་ཁོ་ན་ལོགས་སུ་སྒོམ་པའི་ཚེ། སྐྱབས་སེམས་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱ་ནས་རྒྱས་གདབ་ཀྱི་བར་ཕལ་ཆེར་སྔ་མ་ལྟར་ལ། དམ་ཚིག་པ་བསྐྱེད་པའི་ཚེ། དབུས་སུ་རང་ཉིད་རྡོ་རྗེ་ཧཱུྃ་མཛད་སྐུ་མདོག་ཐིང་ནག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དང་

p. 85

དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། །ཞེས་དང་། རྒྱས་གདབ་ཀྱི་ཚེ། གཙོ་བོ་ལ་མི་བསྐྱོད་པ་ཞེས་འདོན་ཅིང་ཟླས་པའི་ཚེ་རང་ཉིད་རྡོ་རྗེ་ཧཱུྃ་མཛད་དུ་གསལ་བའི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ཁོང་སྟོང་དུ་འདུག་པའི་ནང་དུ་ཉི་མའི་དཀྱིིལ་འཁོར། དེའི་སྟེང་གི་བར་སྣང་ལ་རང་གི་རྣམ་ཤེས་ཧཱུྃ་ཡིག་ཏུ་གསལ་བའི་སྟེང་དུ་བླ་མ་དང་སློབ་དཔོན། གཡས་སུ་ཕ་དང་བུ། རྒྱབ་ལ་སོགས་པར་འཁོར་གཡོག །གཡོན་དུ་མ་དང་ཆུང་མ། འོག་ཏུ་ནོར་རྫས་ལ་སོགས་པའི་བསྲུང་བྱ་གང་ཡིན་པ་རྣམས་རྡོ་རྗེའི་ལྟེ་བར་ཚུད་པར་སྒོམས་ལ། གང་བསྲུང་བར་མི་བྱ་བའི་ཕྱོགས་དེ་སྟོང་པར་བཞག་གོ། །དེ་ནས་སྙིང་གའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས་རང་གི་བ་སྤུའི་བུ་ག་ཐམས་ཅད་གཏམས་པ་དང་ཁྲོ་བོ་གཞན་རྣམས་ཀྱིའང་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་རང་རང་གི་སྐུ་ལ་རྡོ་རྗེའི་གོ་བགོས་ནས་ཞལ་ཕྱིར་གཟིགས་ཏེ་བསྲུང་ཟློག་གི་ལས་མཛད་པར་བསམ་ཞིང་། འཁོར་ལོའི་

p. 86

རྩིབས་ཀྱི་བར་རྣམས་སུ་ཡཾ་ལས་རླུང་དང་རཾ་ལས་མེའི་སྟེང་དུ་དགྲ་བགེགས་ལ་སོགས་པ་བསྒྲལ་བྱ་གང་ཡིན་པ་དེའི་ལུས་རིད་ཅིང་སྐྲ་འཛིངས་པ། སྤྱི་བོ་ཚུགས་སུ་འདུག་ཅིང་ཁ་ནས་ཁྲག་སྐྱུག་པར་བལྟས་ལ། སྤྲུལ་པའི་ཁྲོ་བོ་དུ་མས་དགྲ་བགེགས་ཀྱི་རྣམ་པར་ཤེས་པ་བཀུག་ནས་གཟུགས་ལ་དབྱེར་མེད་དུ་བསྟིམ་པ་དེའི་ཚེ་འཁོར་ལོ་གཡས་སུ་དྲག་པོར་འཁོར་བའི་རྩིབས་ཀྱི་རྩེ་མོས་དགྲ་བགེགས་ཀྱི་ལུས་ཕྱེ་མར་ག ཏུགས་ཤིང་། །དེ་རྣམས་ཀྱི་སྒྲིབ་གསུམ་གནས་ངན་ལེན་དང་བཅས་པ་སྦྱངས་ནས་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་བསྒོམས་ཏེ། གོང་གི་སྔགས་ཉེར་གཅིག་སོགས་ཟླ་བའི་ཁྱད་པར་ནི་རྒྱུད་ཀྱི་དགོངས་པ་དཔལ་རང་བྱུང་གིས་མན་ངག་ཏུ་མཛད་པ་ལྟར་ཡིན་ལ། དམིགས་པ་སྔ་ཕྱི་གཉིས་ཀའི་ཚེའང་སློབ་དཔོན་ཨ་བྷ་ཡ་ཀཱ་ར་དང་རྗེ་བཙུན་མར་རྔོག་གི་བཞེད་པས་འཁོར་ལོ་འཁོར་ཡང་ལྷ་རྣམས་མི་འཁོར་བར་སྒོམ་པ་ཡིན་ནོ། །དེ་ནས་དངོས་གཞི་ལ་འཇུག་པ་ན། འཕགས་ཡུལ་གྱི་སློབ་དཔོན་

p. 87

ལ་ལས། དབུས་ཀྱི་ཧཱུྃ་མཛད་ཞུ་བ་ཆོས་འབྱུང་དུ་གྱུར་པར་བཞེད་ལ། ཡང་ན་ཧཱུྃ་མཛད་ཞུ་བའི་ཤུལ་དུ་ཆོས་འབྱུང་སོགས་བསྐྱེད་པར་ཡང་སློབ་དཔོན་མང་པོས་བཞེད་ཀྱང་། བསྲུང་འཁོར་ལོགས་སུ་སྒོམ་པ་ན། དབུས་སུ་རང་ཉིད་ཧཱུྃ་མཛད་དུ་ངེས་པར་བསྐྱེད་པ་དང་། སྒྲུབ་ཐབས་དངོས་གཞི་དང་འབྲེལ་བའི་ཚེ་ཁྲོ་བཅུ་ཁོ་ན་ལས་དབུས་ཀྱི་ཁྲོ་བོ་མི་སྒོམ་པར་བཤད་པ་མར་རྔོག་གི་ལུགས་ཡིན་ལ། བསྲུང་འཁོར་དང་ཁྲོ་བོ་བཅུ་པོ་ནི་ཡོད་བཞིན་པའི་དབུས་སུ་དཀྱིལ་འཁོར་བསྐྱེད་པ་ལ་ལུགས་གསུམ་ཀ་མཐུན་ནོ། །དེ་ལྟར་སྦྱོར་བའི་ཆོས་རྣམས་ལ་རམ་ལུགས་པ་དག་ཚངས་གནས་བཞི་སྒོམ་པ་མན་ཆད་བསྲུང་འཁོར་གྱི་ནང་སྲེས་སུ་བྱས་ནས། རྣལ་འབྱོར་བསྲུང་བ་ཚད་མེད་བཞི། དོན་དམ་བསྲུང་བ་སྟོང་ཉིད་སྒོམ་པ། ཀུན་རྫོབ་བསྲུང་བའི་འཁོར་ལོ་ཞེས་ཀྱང་བཞེད་དོ། །གཉིས་པ་དངོས་གཞི་ལ། །ཕོ་བྲང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག །རྗེས་སུ་ཆགས་པ་རྡོ་རྗེ་འཆང་གི་ཡན་ལག །དབང་

p. 88

བསྐུར་བ་མི་བསྐྱོད་པའི་ཡན་ལག །བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག །མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག །བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་སྟེ་དྲུག་གི །དང་པོ་ལ། ལུགས་ཐ་དད་པའི་རྣམ་བཞག་འགོད་ཅིང་དེ་དག་མི་འགལ་བར་བསྟན་པ་དང་། རང་གཞུང་སྙིང་པོ་ཉམས་སུ་ལེན་ཚུལ་གཉིས་ཀྱི། །དང་པོ་ནི། སྦྱང་བྱ་མངལ་སྐྱེས་ཀྱི་ལུས་འགྲུབ་པ་དང་ཆོས་མཐུན་པར་ཡས་ནས་རིམ་བཞིན་རླུང་མེ་ཆུ་སའི་འབྱུང་བཞི་ལུགས་ཟློག་ཞུ་ཞིང་འདྲེས་པ་ལས་རྟེན་རྫོགས་པར་བསྐྱེད་པ་སྒྲུབ་ཐབས་མཚོ་སྐྱེས་དང་ནཱ་རོའི་ཞལ་ལུང་སོགས་ཀྱི་ལུགས་དང་། སློབ་དཔོན་ནག་པོ་དང་ཁ་ཆེ་དངུལ་བུམ་སོགས་སྦྱང་བྱ་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་། ཀུན་གཞིའི་རྣམ་ཤེས་ལས་འབྱུང་བཞི་གྲུབ་པའི་ཚུལ་ཕྱག་ཆེན་ཐིག་ལེར། རྣམ་ཤེས་ལས་ནི་སྐྱེས་པའི་རླུང་། །དེ་ལས་མེ་ནི་འབྱུང་བར་འགྱུར། །དེ་ལས་སྐྱེས་པ་ཆུ་ཡིན་ཏེ། །དེ་ལས་དབང་ཆེན་འབྱུང་བར་འགྱུར། །དེ་ལས་ཕུང་པོ་འབྱུང་བར་

p. 89

འགྱུར། །ཞེས་ཤེས་དང་འདྲེས་པའི་ཁམས་ཕྲ་བ་ལས་ར གས་པ་འབྱུང་བ་དང་མཐུན་པར་སྦྱོང་བྱེད་ཀྱང་གུར་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །མེ་ཡི་དཀྱིལ་འཁོར་དབུས་གནས་པར། །ཡང་ནི་ཆུ་ནི་བསྒོམ་པར་བྱ། །ཆུའི་དཀྱིལ་འཁོར་དབུས་གནས་པར། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་སྒོམ། །དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་ཀྱང་ནི་སྒོམ་པར་བྱ། །བྷྲཱུྃ་ལས་གནས་ནི་བསམས་ནས་སུ། །རྣམ་པ་ལྔ་ནི་རབ་བརྟགས་བྱ། །ཞེས་གསུངས་པ་ལྟར་མས་ནས་རིམ་བཞིན་རླུང་མེ་ཆུ་སའི་འབྱུང་བ་ལུགས་འབྱུང་ཞུ་ཞིང་འདྲེས་པ་ལས་རྟེན་རྫོགས་པར་བསྐྱེད་པའི་ལུགས་དང་གཉིས་བྱུང་བ་ནི་གནས་སྐབས་སུ་སྦྱང་བྱའི་གྲུབ་ཚུལ་ཐ་དད་པའི་དབང་ལས་དེ་དང་ཆོས་མཐུན་གྱི་སྦྱོང་བྱེད་ཀྱང་གཙོ་ཆེ་བའི་དབང་དུ་མཛད་ནས་སོ་སོར་བྱུང་མོད།

p. 90

དོན་དུ་ན་སྦྱོང་བྱེད་ལུགས་བཟློག་གིས་སྦྱང་བྱ་ལུགས་འབྱུང་སྦྱོང་མི་ནུས་པ་དང་། སྦྱོང་བྱེད་ལུགས་འབྱུང་གིས་སྦྱང་བྱ་ལུགས་བཟློག་ཏུ་སྐྱེ་བ་སྦྱོང་མི་ནུས་པ་ལྟ་བུ་ནི་མ་ཡིན་ཏེ། ཀུན་གཞིའི་རྣམ་ཤེས་ལས་འབྱུང་བཞི་རིམ་གྱིས་གྲུབ་པ་དང་། ཕ་མའི་རེག་པ་སྲ་བ་སོགས་དུས་མཉམ་དུ་སྐྱེ་ཞིང་ཐམས་ཅད་ཀྱང་བཞིའི་རང་བཞིན་དུ་གྲུབ་པའི་ཕྱིར་དང་། སྦྱོང་བྱེད་ཀྱི་སྒོམ་རིམ་འདི་རེ་རེས་ཀྱང་ལུས་རྟེན་དང་རྣམ་ཤེས་བརྟེན་པ་གཉིས་ཀ་སྦྱོང་བར་བཤད་པས་འགལ་བ་མེད་ཅིང་ལུགས་གཉིས་ཀའང་རྩ་བཤད་ཀྱི་རྒྱུད་དོན་ཕྱིན་ཅི་མ་ལོག་པ་ཡིན་ནོ། །གཉིས་པ་ནི། འདིར་རྗེ་མར་རྔོག་ཡབ་སྲས་ཀྱི་མན་ངག་ལས་ཀྱང་ལུགས་སྔ་མ་དང་མཐུན་པར་ལུགས་ཟློག་ཞུ་ཞིང་འདྲེས་པ་ལས་རྟེན་རྫོགས་པར་བསྐྱེད་པ་ཉིད་བཤད་པས། དེས་གཙོ་བོར་སྦྱོང་རྒྱུའི་སྦྱང་བྱ་ཉིད་ངོས་བཟུང་བར་བྱ་སྟེ། དེ་ཡང་ཕ་མའི་རེག་པ་སྲ་བ་ལས་མངལ་སྐྱེས་ཀྱི་ལུས་ལ་སའི་ཁམས་གྲུབ་པ་ལ་སོགས་པ་རྣམས་ཏེ། རྩ་བའི་རྒྱུ་ལས། བོ་

p. 91

ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཀྱིས། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་བརྗོད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟགས་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་བྱུང་བ་ཉིད། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །ཅེས་སྦྱང་བྱར་གྱུར་པའི་ཉོན་མོངས་པ་ལྔ་དང་། འབྱུང་བ་ལྔ་དང་། །དེ་རྣམས་ཀྱི་སྦྱང་གཞིར་གྱུར་པའི་རང་བཞིན་རྣམ་དག་གི་ཆ་དང་བཅས་པ་བསྟན་ཅིང་། དེ་སྦྱོང་བྱེད་ཀྱི་རིམ་

p. 92

པའིང་དེ་ཉིད་ལས། ནམ་མཁའི་ཁམས་སུ་བྷ་ག་བསམ། །དབུས་སུ་རྣམ་པར་བསྒོམ་པ་ནི། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པ་བྱིན་ཟ་དང་། །ལྷ་རྣམས་ཀྱི་ནི་རླུང་ཆེན་དང་། །ཇི་ལྟར་སྒོམ་པ་པོ་འབྱུང་བའང་། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ཉིད། །ཅེས་གསུངས་པ་ལྟར་མདོ་སྦྱར་དུ་འབྱུང་བ་ཉིད་ཚིག་སྣ་འགའ་ཞིག་གིས་སྲིངས་ཏེ་བརྗོད་པ་ནི། དེ་ལྟར་ཁྲོ་བོ་བཅུས་ཉེ་བར་བསྟེན་པའི་བསྲུང་བའི་འཁོར་ལོའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་དཀར་པོ་གྲུ་གསུམ་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེ ངས་ཆེ་བ་གྱེན་དུ་བསྟན་པ། དེའི་ནང་དུ་པཾ་ལས་སྣ་ཚོགས་པདྨའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་སྔོན་པོ་བཻཌཱུ་་ལྟ་བུར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་

p. 93

པོ་དཀར་པོ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་དུད་ཁ། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་དཀར་པོ་རྩིབས་སོ་གཉིས་དང་ལྡན་པའི་དབུས་སུ་ནམ་མཁའི་ནཱ་ད་ཆ་གཅིག་ཞུགས་པས་དེ་ཐམས་ཅད་ཞུ་ཞིང་འདྲེས་པ་ལས་བྱུང་བའི་ཐར་པ་མཆོག་གི་གཞལ་མེད་ཁང་ཆེན་པོར་གྱུར་པ་ནི། དེ་ཡང་འབྱུང་བརྩེགས་བསྒོམ་པའི་ཚེ་མེའི་ཟུར་གཅིག་དང་། རླུང་གི་ཟླ་གམ་ངོས་ཤར་དུ་བསྟན་པར་སྒོམ་ལ། དེའི་སྟེང་དུ་བྷྲཱུཾ་ཡིག་རྣམ་སྣང་གི་རང་བཞིན་ལས་འཁོར་ལོ་སྒོམ་པ་ནི་སྒྲུབ་ཐབས་མཚོ་སྐྱེས་སོགས་སུ་མི་གསལ་ཡང་། ནཱ་རོའི་ཞལ་ལུང་ལས། དེ་སྟེང་བྷྲཱུཾ་ལས་འཁོར་ལོ་དང་། །ཐིག་ལེར་གྱུར་པ་གཞལ་ཡས་ཁང་། །ཞེས་འབྱུང་བ་ལྟར་མདོ་སྦྱར་དུ་འཁོར་ལོ་རྩིབས་སོ་གཉིས་པར་གསུངས་པ་ནི། ཟླ་བའི་ཆ་སོ་གཉིས་ཀྱི་དག་པ་དང་སྦྱར་བ་ཡིན་ནོ། །འདིར་འདི་ཡང་ཤེས་དགོས་ཏེ། ནཱ་ད་འཇུག་པ་ནི་བར་སྲིད་སྦྱོང་བྱེད་ཡིན་ནོ། །དེ་མཚོན་

p. 94

བྱེད་སྐབས་འདི་དང་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་རྗེས་གཉིས་ཀར་འདུ ག་པའི་དོན་ཅི་ཞེ་ན། སྔ་མ་ནི་རྣམ་ཤེས་ཀྱིས་རགས་ལུས་ཀྱི་རྒྱུ་བདག་གིར་བྱས་པ་ཙམ་ལས་དངོས་ཞུགས་མ་ཡིན་ཅིང་། ཕྱི་མ་ནི་ཕ་མའི་ཁམས་དཀར་དམར་གྱི་དབུས་སུ་དངོས་སུ་འཇུག་པ་ཡིན་པར་རྗེ་མར་པ་ཡབ་སྲས་ཀྱིས་བཞེད་པ་འདི་ལ་འཁྲུལ་པ་མེད་པས་སྦྱང་བྱ་ལན་གཉིས་སུ་བཟློས་པར་མ་དོགས་ཤིག །རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བུ་བརྩེགས་པ་གྲུ་བཞི་སྒོ་བཞི་པ་ཕྱི་ནས་རིམ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དང་མུན་པ་ལ་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། ཤར་བུ་དང་མདའ་ཡབ་ཀྱིས་མཛེས་པ། སྒོ་བཞིའི་ལོགས་ནས་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞིའི་སྟེང་དུ་པདྨ་ལ་ཆོས་ཀྱི་འཁོར་ལོ་དང་གདུགས་དང་རི་དྭ གས་ཀྱིས་སྤྲས་པ། རྩིག་པའི་ཕྱི་རོལ་གྱི་རྩ་བར་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་ལྷ་མོ་བཅུ་དྲུག་མེ་

p. 95

ཏོག་ལ་སོགས་པ་འཛིན་པས་དཀྱིལ་འཁོར་པ་མཆོད་པའི་ཚུལ་གྱིས་འཁོད་ཅིང་། སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེས་བརྒྱན་པ། ནང་གི་ལྷ་སྣཾ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཉེ་བར་བྲེས་པའི་སྟེང་གི་ཐོག་ཕྱུར་བུར་གྱུར་པའི་རྩེ་མོ་རྡོ་རྗེ་ནོར་བུའི་ཏོག་གིས་སྤུད་པ། །ཁ་དོག་སྣ་ཚོགས་པའི་གོས་དང་། མེ་ཏོག་གི་འཕྲེང་བའི་ལྡ་ལྡི་དང་། རྔ་ཡབ་དཀར་པོ་དང་། །གདུགས་ཁ་དོག་དུ་མ་ཅན་གྱི་བ་དན་དང་། རླུང་གིས་བསྐྱོད་པའི་དྲིལ་བུ་སྒྲ་སྙན་པར་འཁྲོལ་བས་ལེགས་པར་བརྒྱན་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའོ། །གཞལ་ཡས་ཁང་གི་ཕྱི་རོལ་རྡོ་རྗེའི་ཕྲེང་བས་བསྐོར་བའི་ནང་དུ་ཤར་ལ་སོགས་པའི་ཕྱོགས་དང་། མེ་ལ་སོགས་པའི་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད་ནི་འདི་ལྟ་སྟེ། དྲག་ཏུ་གཏུམ་པ་དབང་པོའི་མཆོག །དུར་ཁྲོད་ཆེན་པོའི་ས་གཞི་ལ། །ལྷུན་པོ་རིན་ཆེན་བཞི་རང་བཞིན། །མཆོད་རྟེན་

p. 96

དཀར་པོ་རྡོ་རྗེ་དང་། །ལྗོན་པ་ཤི་རཱི་ཤར་གནས་པ། །གསེར་གྱི་མདོག་ཅན་དབང་པོ་ནི། །སོ་གཉིས་ལ་ཞོན་གཡས་རྡོ་རྗེ། །གཡོན་པས་ཐོད་ཐོགས་ཡུམ་དང་བཅས། །འདབ་མའི་ཁྲོད་ནས་ཞིང་སྐྱོང་ནི། །ལྷ་ཡི་དགེ་འདུན་གླང་པོའི་གདོང་། །དཀར་པོ་གྲི་གུག་ཐོད་པ་འཛིན། །གདེངས་ཅན་བདག་པོ་ནོར་རྒྱས་སེར། །དགའ་མ་དང་བཅས་འདུད་པའི་སྟེང་། །ཆུ་འཛིན་སྒྲོགས་བྱེད་སེར་པོའོ། །ལྷོ་ཕྱོགས་འཇིགས་སུ་རུང་བར་ནི། །ས་འཛིན་མ་ལ་ཡ་དཀར་པོ། །།མཆོད་རྟེན་ནག་པོ་རྡོ་རྗེའོ། །ལྗོན་པ་ཙཱུ་ཏའི་རྩ་བར་ནི། །མ་ཧི་ཤར་གནས་མཐར་བྱེད་ནག །བེ་ཅོན་ཐོད་ཐོགས་ཡུམ་དང་བཅས། །རྐང་འཐུང་འདབ་མ་ལ་འཁོད་པའི། །ཞིང་སྐྱོང་གཤིན་རྗེ་ཝ་ཏི་སྔོ། །མ་ཧེའི་གདོང་ཅན་གྲི་ཐོད་འཛིན། །པདྨ་དཀར་པོ་ཡུམ་དང་བཅས། །འདུད་པ་གདེངས་ཅན་དབང་པོའི་སྟེང་། །ཆུ་འཛིན་སྒྲོགས་བྱེད་ནག་པོའོ། །འབར་བ་འཁྲུག་པ་ནུབ་ཕྱོགས་ཀྱི། །དུར་ཁྲོད་ཆེན་པོ་ཀཻ་ལ་ཤ །མཆོད་རྟེན་ཆགས་པ་རྡོ་རྗེ་དཀར། །མྱ་ངན་

p. 97

མེད་པའི་ལྗོན་པ་ལ། །བརྟེན་པའི་ཆུ་ལྷ་དཀར་པོ་ནི། །གཡས་པས་སྦྲུལ་ཞགས་གཡོན་ཐོད་པ། ཆུ་སྲིན་ལ་ཞོན་ཡུམ་དང་བཅས། །ལོ་མའི་ནང་གནས་ཞིང་སྐྱོང་ནི། །སྤྲིན་གྱི་རྒྱལ་པོ་ཆུ་སྲིན་ཞལ། །དམར་པོ་གྲི་གུག་ཐོད་པ་འཛིན། །ཀླུ་དབང་སྟོབས་རྒྱུ་དམར་པོ་ནི། །ཡུམ་བཅས་ཐལ་མོ་སྦྱར་བའི་སྟེང་། །ཆུ་འཛིན་འཇིགས་བྱེད་དཀར་པོའོ། །བྱང་ཕྱོགས་ཚང་ཚིང་འཁྲིགས་པར་ནི། །རི་བོ་མནྡྷ་ར་ལྗང་གུར། །མཆོད་རྟེན་འདུ་བྱེད་རྡོ་རྗེ་དཀར། །ཨ་ཤྭཏྠ་ཡི་རྐང་འཐུང་ལ། །བརྟེན་པའི་གནོད་སྦྱིན་སེར་པོ་ནི། །ཕྱག་ན་དབྱུག་པ་ཐོད་པ་ཅན། །ཡུམ་བཅས་མྱུར་འགྲོའི་སྟེང་གནས་པ། །ཞིང་སྐྱོང་གནོད་སྦྱིན་སྡེ་དཔོན་ནི། །རྟ་ཡི་གདོང་ཅན་སྐུ་མདོག་སེར། །ཡལ་གའི་ཁྲོད་ནས་གྲི་ཐོད་འཛིན། །ཀླུ་ཡི་རྒྱལ་པོ་འཇོག་པོ་ནི། །ནག་པོ་ཡུམ་བཅས་འདུད་པའི་སྟེང་། །ཆུ་འཛིན་ལྡོག་བྱེད་སེར་པོའོ། །མེ་མཚམས་དཔལ་གྱི་ནགས་ཚལ་དུ། །ས་འཛིན་སྤོས་ངད་ལྡན་སེར་པོར། །མཆོད་རྟེན་གསུང་གི་རྡོ་རྗེ་

p. 98

དམར། །ལྗོན་པ་ཀ་ར་ཉྫར་བརྟེན་པའི། །མེ་ལྷ་དམར་པོ་གཡས་བགྲང་འཕྲེང་། །གཡོན་པས་རིལ་བ་བསྣམས་པ་ནི། །ར་སྐྱེས་ལ་ཆིབས་ཡུམ་དང་བཅས། །འདབ་མའི་ཁྲོད་གནས་ཞིང་སྐྱོང་ནི། །དྲང་སྲོང་འདུས་པ་སྐུ་མདོག་དམར། །ར་ཡི་གདོང་ཅན་གྲི་ཐོད་འཛིན། །པདྨ་ཆེན་པོ་ཀླུ་ཡི་རྒྱལ། །སྔོ་སངས་ཡུམ་བཅས་འདུད་པའི་སྟེང་། །ཆུ་འཛིན་འགེངས་བྱེད་དམར་པོའོ། །ལྷོ་ནུབ་འཇིགས་པའི་མུན་པར་ནི། །གསེར་ཞེས་བྱ་བའི་རི་སེར་པོ། །མཆོད་རྟེན་རིན་ཆེན་རྡོ་རྗེ་དཀར། །ལྗོན་པ་ལ་ཏཱ་ཛ་ཏིའི་རྩར། །རོ་ལངས་ཞོན་པའི་སྲིན་པོ་ནི། །ཁ་དོག་སྔོ་ཞིང་ཆེར་གནག་པ། །རལ་གྲི་ཐོད་ཐོགས་ཡུམ་དང་བཅས། །ཞིང་སྐྱོང་སྲིན་པོའི་ཚོགས་འདུས་པ། །སྔོན་པོ་གྲི་གུ་ཐོད་པ་ཅན། །ལོ་མའི་ནང་གནས་རོ་ལངས་ཞལ། །འདུད་པའི་ཚུལ་ཅན་ཀླུ་ཡི་བདག །ཡུམ་བཅས་མཐའ་ཡས་དཀར་པོའི་སྟེང་། །སྤྲིན་ནི་ཆར་འབེབས་སྔོ་ཞིང་གནག །ནུབ་བྱང་ཀི་ལི་ཀི་ལིའི་སྒྲ། །སྒྲོགས་པར་དཔལ་གྱི་རི་སྔོན་པོར། །མཆོད་རྟེན་ཆོས་

p. 99

ཀྱི་རྡོ་རྗེ་ལྗང་། །རྐང་འཐུང་པརྠི་ཝར་བརྟེན་པ། །ཡུམ་དང་བཅས་པའི་རླུང་ལྷ་ནི། །ལྗང་ནག་ཤ་བ་ལ་ཞོན་ཞིང་། །བ་དན་དང་ནི་ཐོད་པ་འཛིན། །རླུང་ལྷའི་རྒྱལ་པོ་ཤ་བའི་གདོང་། །གྲི་ཐོད་འཛིན་པའི་ཞིང་སྐྱོང་ནི། །ལྗང་གུ་ཡལ་གའི་ཁྲོད་གནས་པ། །ཀླུ་རྒྱལ་རིགས་ལྡན་སྣ་ཚོགས་མདོག །ཡུམ་དང་ལྷན་ཅིག་འདུད་པའི་སྟེང་། །ཆུ འཛིན་གཏུམ་པོ་ལྗང་ནག་གོ། །བྱང་ཤར་ཧ་ཧ་རྒོད་པར་ནི། །རི་བོ་དབང་ཆེན་ནག་པོ་ལ། །མཆོད་རྟེན་ཐུགས་ཀྱི་རྡོ་རྗེ་དཀར། །ལྗོན་པ་པ་ཊསྠ་ལའི་རྩར། །འབྱུང་པོ་དཀར་པོ་གཡས་རྩེ་གསུམ། །གཡོན་པས་ཐོད་པ་བསྣམས་པ་ནི། །ཡུམ་བཅས་ཁྱུ་མཆོག་ལ་ཞོན་པ། །ཞིང་སྐྱོང་འབྱུང་པོ་འདུས་པ་ཡང་། །སྔོ་སྐྱ་མ་ཧེའི་བཞིན་ལྡན་པ། །ལོ་མའི་ནང་གནས་གྲི་ཐོད་འཛིན། །དུང་སྐྱོང་སེར་པོ་ཡུམ་དང་བཅས། །འདུད་པ་ཀླུ་ཡི་བདག་པོའི་སྟེང་། །ཆུ་འཛིན་འཐུག་པོ་དཀར་པོའོ། །གཞན་ཡང་དུར་ཁྲོད་དེ་རྣམས་སུ། །ཀུན་ནས་འབར་བའི་མེ་དང་ནི། །ཆུ་བོ་ཆེན་པོའི་རྒྱུན་དག་

p. 100

དང་། །གྲུབ་པའི་རྣལ་འབྱོར་པ་བརྒྱད་གནས། །མཁའ་འགྲོ་མཁའ་འགྲོ་མ་རྣམས་དང་། །རོ་དང་རོ་ལངས་གཅན་ཟན་ཚོགས། །འཁོད་པས་འཇིགས་སུ་རུང་བའོ། །དེ་ལྟར་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ཕོ་བྲང་གི་དབུས་ཀྱི་པདྨའི་གདན་གྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཚངས་པ་སེར་པོ་དང་དབང་པོ་དཀར་པོ་གཉིས་མགོ་གཡས་སུ་ལྟ་ཞིང་། ཉེ་དབང་ནག་པོ་དང་དྲག་པོ་སྔོན་པོ་གཉིས་མགོ་གཡོན་དུ་ལྟ་བ། འདབ་མ་བརྒྱད་ལ་ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་ནག་པོ། བྱང་ཏུ་དྲག་པོ་སྔོན་པོ། བྱང་ཤར་དུ་གཤིན་རྗེ་ནག་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་སྔོ་ནག །ནུབ་བྱང་དུ་ཐག་བཟང་རིས་ལྗང་གུ་རྣམས་མགོ་གཡོན་དུ་ལྟ་བ་ཐམས་ཅད་གན་རྐྱལ་དུ་འགྱེལ་ཞིང་ཀུན་གཞི་དང་ལྡན་པའི་སྙིང་གར་ཉི་མའི་གདན་དང་བཅས་པའོ། །འདིར་གཙོ་བོའི་གདན་འགོད་ཚུལ་ལ་སློབ་དཔོན་སྒྲ་ཅན་གསང་བས། བདུད་བཞི་གན་རྒྱལ་དུ་གཡས་

p. 101

དང་གཡོན་དུ་མགོ་བོ་སྟེ། ཞེས་གསལ་བར་བསྟན་པ་བཞིན་རྗེ་བཙུན་མར་རྔོག་ནས་བརྒྱུད་པའི་ལུགས་ལ་བདུད་བཞི་བཀྲམ་གདན་དུ་མཛད་པ་འདི་འཕགས་ཡུལ་གྱི་སློབ་དཔོན་ཚད་ལྡན་རྣམས་ཀྱི་ལུང་དང་འབྱོར་ཞིང་རྒྱུད་ཀྱི་དགོངས་པར་ཡང་གནས་པས་ས་ལུགས་སྔ་རབས་རྣམས་ཀྱང་འདི་དང་མཐུན་མོད། ཕྱིས་བྱོན་གྱི་བོད་བླ་ཁ་ཅིག །སློབ་དཔོན་ཤཱནྟི་པས། དབུས་སུ་བདུད་ནི་བཞི་པོ་སྟེ། །གོང་ནས་གོང་དུ་བཀན་པའོ། །ཞེས་དང་། ཉི་འབྱུང་ཟླ་བས། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། དབང་པོའི་གཟུགས་གོང་ནས་གོང་དུ་བཀན་པ་ཞེས་འབྱུང་བའི་ལུང་ཚིག་ལ་འཁྲུལ་གཞི་བྱས་ནས་བདུད་བཞི་བརྩེགས་གདན་དུ་སྨྲ་བ་ནི། སློབ་དཔོན་དེ་དག་གིས་བཤད་པའི་ལུང་དོན་དཔྱིས་ཕྱིན་པར་མ་ཁྲོལ་བ་ཡིན་ཏེ། ཤཱནྟི་པའི་ལུང་དེ་རྫོགས་པར་བཏོན་པའི་ཚེ། དབུས་མ་དག་ཏུ་སྟན་དག་ནི། །ཚངས་དབང་ཉེ་དབང་དྲག་པོ་དང་། །གཤིན་རྗེ་གནོད་སྦྱིན་ཡང་དེ་

p. 102

བཞིན། །བདེན་བྲལ་དང་ནི་ཐག་བཟང་རིས། །དབུས་སུ་བདུད་ནི་བཞི་པོ་ནི། །གོང་ནས་གོང་དུ་བཀན་པའོ། །ཞེས་འབྱུང་ལ། དེའི་ཚེ་གོང་ནས་གོང་དུ་བཀན་པའི་ཚིག་དེ་ཐམས་ཅད་ལ་སྦྱོར་དགོས་པའི་ཕྱིར་གཙོ་འཁོར་ཐམས་ཅད་ཀྱི་གདན་དབུས་སུ་རྩེག་པར་འདོད་དགོས་པའི་སྐྱོན་འདི་ཁྱེད་ལ་འབྱུང་བ་ཡིན་ནོ། །འོ་ན་སློབ་དཔོན་དེ་དག་གིས་གོང་ནས་གོང་དུ་བཀན་པ་ཞེས་བཤད་པ་དེ་ཅི་ལྟར་འགྲེལ་ཞེ་ན། གཙོ་བོའི་གདན་གྱི་ཚངས་པ་ཁ་བུབ་མ་ཡིན་པར་གོང་དུ་བཀན་པ་སྟེ་གན་རྐྱལ་དུ་འགྱེལ་བས་གདོ ང་སྟེང་དུ་ལྟ་བ་དེ་ནས་དབང་པོ་ཡང་སྔ་མ་ལྟར་གན་རྐྱལ་དུ་གནས་པས་གོང་དུ་བཀན་པ་སོགས་རིམ་པ་བཞིན་ཐག་བཟང་རིས་ཀྱི་བར་སོ་སོར་ཁ་བུབ་མིན་པར་གདོང་གྱེན་དུ་ལྟ་བ་ཉིད་གོང་ནས་གོང་དུ་བཀན་པའི་དོན་དུ་འཆད་པ་འདི་རིགས་སོ། །གཞན་ཡང་གཙོ་བོའི་ཉི་གདན་བདུད་བཞིའི་སྟེང་དུ་འདོད་པ་དང་འོག་ཏུ་འདོད་པའི་ལུགས་གཉིས་ལས། སྔ་མ་ནི་མཚུངས་མེད་ཆོས་ཀྱི་རྗེ་མཐོང་བ་

p. 103

དོན་ལྡན་གྱིས་ཉེ་བར་སྩལ་བའི་སྒྲུབ་དཀྱིལ་ལས། དེ་ནས་འདབ་བརྒྱད་དབུས་སུ་ནི། །བདུད་བཞིའི་རང་བཞིན་ཚངས་པ་དང་། །ཁྱབ་འཇུག་དབང་ཕྱུག་ལྷའི་དབང་པོ། །གན་རྐྱལ་དུ་གནས་སྙིང་ཁ་རུ། །ཉི་མའི་དཀྱིལ་འཁོར་ཞེས་གསུངས་པ་ལྟར་ན་པདྨའི་ལྟེ་བར་བདུད་བཞི་བཀྲམ་པའི་སྙིང་ཁའི་བར་དུ་ཉི་མ་གཅིག་གིས་ཁྱབ་པར་སྒོམ་པ་ཡིན་ལ། རྣམ་བཤད་དོན་གཉིས་ཀྱི་འདོད་པ་བསྐོང་བ་ལས་ཀྱང་། པདྨའི་ལྟེ་བ་སྔར་ལས་སོར་གསུམ་དུ་མཐོ་བ། བདུད་བཞིའི་སྤངས་སོར་བརྒྱད། ཉི་མ་སོར་གཅིག་སྟེ། ཞེས་འབྱུང་བའི་རིམ་པར་བ རྟགས་ན་དཔལ་ཆོས་ཀྱི་གྲགས་པའིང་ཉི་མ་བདུད་བཞིའི་སྟེང་དུ་བཞེད་པར་མངོན་ནོ། །ཕྱི་མ་ནི་སློབ་དཔོན་མི་ཐུབ་ཟླ་བས། ཉི་མའི་དཀྱིལ་འཁོར་ལ་གནས་པའི། །བདུད་བཞི་ཡིས་ནི་བརྒྱན་པར་བྱ། །ཞེས་གསུངས་པ་ལྟར་པདྨའི་ལྟེ་བར་ཉི་མ་ཆ་ཆུང་དྲུག་པའི་སྟེང་དུ་བདུད་འགོད་པའི་ལུགས་གཉིས་ལས། འདིར་ནི་ཕྱི་མ་དང་མཐུན་པར་བཀོད་མོད།

p. 104

འོན་ཀྱང་ལུགས་གཉིས་ཀ་གཞུང་ཚད་ལྡན་ལ་གྲགས་པས་དམིགས་པ་འཆར་གང་བདེ་ཞིག་བྱས་ཀྱང་རུང་ལ། རྒྱུད་ཉིད་དུ་ནི། བདུད་བཞི་མཉམ་པར་མནན་པ་ཉིད། །ཅེས་དང་། ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཞེས་པ་ལས་སྟེང་འོག་སོགས་མི་གས ལ་ལོ། །འཁོར་རྣམས་ཀྱི་གདན་ཀྱང་། ཚངས་པ་དབང་པོ་ཉེ་དབང་དྲག །གཤིན་རྗེ་དང་ནི་ནོར་བདག་དང་། །བདེན་བྲལ་དང་ནི་ཐག་བཟང་རིས། །གཽ་རི་ལ་སོགས་པ་ཡི་གདན། །ཅེས་རྟག་པ་ཕྱི་མའི་ལེའུ་ལྔ་པ་ལས་གསུངས་པའི་དོན་ལ། སློབ་དཔོན་ནག་པོ་པ། མཻ་ཏྲི་པ། ཤཱནྟི་པ། ཀ མ་པ་ལ་སོགས་བདུད་སོ་སོའི་སྙིང་ཁར་ཟླ་གདན་བཞེད་པ་དང་། ཌོམྦྷི་པ་སོགས་བདུད་རྣམས་ཉིད་ལས་ཟླ་ཉི་གང་ཡང་མི་བཞེད་པ་ཡོད་ཀྱང་། ནཱ་རོའི་ཞལ་ལུང་ལས། གཽ་རི་ལ་སོགས་པ་ཡི་གདན། །ཉི་མར་བཅས་པའི་རོ་དགུ་བསམ། །ཞེས་འབྱུང་བ་བཞིན་རྗེ་མར་རྔོག་གི་ལུགས་ལའང་བདུད་སོ་སོའ་སྙིང་ཁར་ཉི་མའི་གདན་བཞེད་དོ། །གཙོ་འཁོར་གྱི་གདན་

p. 105

འདི་རྣམས་ཁ་ཆེའི་པཎྜི་ཏ་དངུལ་གྱི་བུམ་དང་སློབ་དཔོན་ཉི་འབྱུང་ཟླ་བས་དུས་འཁོར་དང་བདེ་མཆོག་གི་རིགས་པས་ལག་ཆ་ཅན་དུ་བཤད་ཀྱང་རྒྱུད་གསུམ་གྱི་རྗེས་སུ་འབྲངས་པའི་རྒྱ་བོད་ཀྱི་གཞུང་ཁུངས་ཐུབ་གཞན་ཕལ་ཆེར་དུ་མི་གསལ་ཞིང་རྒྱུད་པ་འདི་བའི་ལུགས་སྔར་སྒོམ་རིམ་དུ་སྨོས་པ་ནི་ཇོ་བོ་མཻ་ཏྲི་པས། པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་བདུད་བཞི་བོ་འཇིགས་པས་འགྱེལ་བ་ལྟ་བར་བྱའོ། །ཞེས་བདུད་རྣམས་རྟབས་ཤིང་འགྱེལ་བས་ལག་ཆ་ཤོར་བར་གསུངས་པ་དང་མཐུན་པ་ཡིན་ནོ། །བདུད་བཞིའི་ངོས་འཛིན་ཀྱང་རྗེ་ནཱ་རོ་པས། ལུས་ཀྱི་སྒྲིབ་པ་ནི་ཕུང་པོའི་བདུད། ངག་གི་སྒྲིབ་པ་ནི་ཉོན་མོངས་པའི་བདུད། ཡིད་ཀྱི་སྒྲིབ་པ་ནི་འཆི་བདག་གི་བདུད། ཕྱི་རོལ་མ་རིག་པ་ལ་འཇུག་པ་ནི་ལྷའི་བུའི་བདུད་དོ། །ཞེས་གསུངས་ལ། དེ་ལྟར་གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ལ། །ༀ་བཀྲ་ཤིས་པ་སརྦ་ཏ་ཐཱ ག་ཏ་ཨ་ནི་ལ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་གཤེགས་པ་

p. 106

ཐམས་ཅད་ཀྱི་རྡོ་རྗེའི་རང་བཞིན་གྱི་གནས་ཀྱི་བདག་ཉིད་ངའོ། །ཞེས་པའི་སྔགས་ཀྱིས་རྒྱས་གདབ་པ་ནི། ཕོ་བྲང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་སྟེ། གུར་ལས། ཡི་གེ་བྷྲཱུྃ་ལས་གནས་བསམས་ཏེ། །ཞེས་དང་། དེ་སྟེང་སངས་རྒྱས་བསམ་བྱ་བ། །སྤྲོ་བ་དང་ནི་བསྡུ་བའི་སྐུ། །རྒྱལ་ཆེན་རྣམ་པར་སྣང་མཛད་དེ། །ཞེས་དང་། རིན་ཆེན་འབར་བ་ལས། བྷྲཱུཾ་ལས་འཁོར་ལོའི་སྟེང་དུ་བདག །སྲིད་པ་བར་མའི་བསམ་གཏན་བྱ། །ཞེས་གསུངས་པ་ལས་འཕྲོས་པའི་དོན་ཅུང་ཟད་བརྗོད་ན། སྦྱང་བྱ་བར་སྲིད་ཀྱི་རྣམ་ཤེས་ཀྱིས་བདག་ཏུ་བཟུང་བའི་འབྱུང་བ་རྣམས་འདྲེས་པ་དེ་ཉིད་གཙོ་བོར་སྦྱོང་བྱེད་ཀྱི་འབྱུང་བཞི་ལུགས་འབྱུང་ལྡོག་གང་རུང་གི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་རྣམ་སྣང་གི་ངོ་བོའི་དབུས་སུ་བར་སྲིད་མཚོན་བྱེད་ཞུགས་པའི་སྟོབས་ཀྱིས་དེ་རྣམས་འདྲེས་པ་ལས་རྟེན་བསྐྱེད་པའི་ལུགས་སྔར་བཀོད་པ་ལྟ་བུ་དང་། འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་བྷྲཱུཾ་དང་འཁོར་ལོ་ལས་རྣམ་སྣང་བསྐྱེད་པ་ཞུ་ཞིང་

p. 107

འདྲེས་པ་ལས་རྟེན་བསྐྱེད་པའི་ལུགས་ཀྱང་ཡོད་ལ། བར་སྲིད་མཚོན་བྱེད་དང་འཇུག་ཚུལ་ཀྱང་སློབ་དཔོན་སོ་སོའ་བཞེད་པ་མི་འདྲ་བ་ཡོད་དེ། སྔར་བརྗོད་པ་ལྟར་ནཱ་དའི་ཆ་ཤས་ཞུགས་པར་བཞེད་པ་དང་། གྲུབ་ཆེན་མཚོ་སྐྱེས་དང་ཤཱནྟི་པ་སོགས་ཀྱིས་རང་གི་སེམས་འབྱུང་བཞི་ཁྱབ་པའི་ཚུལ་གྱིས་འཇུག་གོ། །ཞེས་བཤད་པ་དང་། ཌོམྦྷི་པས་ནི། ཨེ་ཝྃ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་སོགས་ཀྱིས་ཨེ་ཝྃ་དང་། འཇམ་དཔལ་ཡེ་ཤེས་ཞབས་ཨ་ཧཾ་འབྱུང་གཞི་དང་འདྲེས་པར་བཞེད་ཅིང་བསྐྱེད་ཚུལ་གྱི་ལུགས་ཐ་དད་པ་དེ་དག་གིས་བསྐྱེད་པའི་གཞལ་ཡས་ཁང་གི་རྣམ་པའིང་། སམྦུ་ཊར། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་རྣམས་ཀྱིས་ཤིན་ཏུ་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །གོས་དང་མེ་ཏོག་འཕྲེང་བས་རྒྱན། །མཚམས་ཀྱི་གྲྭ་རྣམས་ཐམས་ཅད་དང་། །སྒོ་ཡི་ཁྱུད་ཀྱི་གྲྭ་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཞེས་

p. 108

དང་། ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་བསམས་ཏེ། ཞེས་སོགས་རྒྱུད་གསུམ་ལས་རྒྱ་ཆེར་བསྟན་པའི་ཕོ་བྲང་གི་རྣམ་པར་དག་པའིང་རྩ་རྒྱུད་ཀྱི་འགྲེལ་པར་ཇོ་བོ་ནཱ་རོ་པས། དང་པོའི་གྲྭ་ནི་རྟོག་བྱེད་པ། །འདི་ལྟར་མེ་ལོང་ལྟ་བུར་འགྱུར། །སོ་སོར་རྟོག་པ་ཞེས་བཤད་པ། །ལྷོ་ཕྱོགས་གྲྭ་ཡིས་བརྒྱན་པའོ། །བྱ་བ་སྒྲུབ་པར་བྱེད་པ་མཆོག །ནུབ་ཀྱི་གྲྭ་ཡིས་རྣམ་པར་གསལ། །མཉམ་ཉིད་ཅེས་པ་ཡེ་ཤེས་ཆེ། །བྱང་གི་གྲྭ་ཡིས་རྗེས་སོང་བདག །དེ་ལྟར་གྲྭ་བཞི་པ་ཅན་ནི། །ཡེ་ཤེས་སྤྱོད་ཡུལ་བཏགས་པ་ཡིན། །འདི་ལྟར་དེ་ཉིད་རབ་ཞུགས་པས། །ཀུན་ཏུ་གྲྭ་ཡི་དབུས་སུའོ། །སྒོ་བཞི་པར་ཡང་བརྗོད་པ་ནི། །དྲན་པ་བཞི་པོ་རྟག་འབྱུང་བའོ། །དེ་བཞིན་ཟུར་བཞིར་བཤད་པ་ནི། །སྦྱིན་པ་བཞི་པོ་རྣམ་དག་ལས། །དབུས་སུ་དཀྱིལ་འཁོར་ངོ་བོ་ནི། །མི་བསྐྱོད་རྣམ་པས་བརྒྱན་པའོ། །དཀྱིལ་འཁོར་རྟག་ཏུ་ཞི་བ་སྟེ། །ཞི་བའི་ཆོས་དོན་རྒྱན་བྱེད་ཕྱིར། །དྲྭ་བ་དྲྭ་ཕྱེད་ཟླ་བ་སོགས། །གང་ཞིག་དཀྱིལ་འཁོར་

p. 109

དུ་བྲིས་དང་། །རྟ་བབས་ལ་སོགས་ཐམས་ཅད་རྣམས། །དེ་རྣམས་ཏིང་འཛིན་ཡང་དག་ངེས། །རྟ་བབས་སེམས་ཀྱི་མཐར་ཐུག་པ། །དེ་ཉིད་རང་བཞིན་ལས་གསུངས་ཡིན། །སེམས་ནི་གང་ཞིག་རབ་འཇུག་པ། །ཏིང་འཛིན་ཡན་ལག་ལ་གནས་པ། །དེ་ནི་དྲ་བ་ཞེས་པར་བརྗོད། །དེའི་ཕྱེད་ལས་དྲ་བ་ཕྱེད། །དྲིལ་བུ་དྲ་བར་ཡང་དག་གནས། །རང་གི་སྒྲ་སྒྲོགས་གོ་བྱེད་པ། །ཆོས་རྣམས་སྒྲ་སྙན་ལྟ་བུར་ནི། །སོ་སོར་རྟོག་པར་བྱེད་པའོ། །ཞེས་དཔལ་བདེ་བ་རྟོགས་པར་བྱེད་པའི་ལུང་གིས་གསུངས་ལ། སློབ་དཔོན་ཛ་ལནྡྷ་ར་པས་ནི། ཁང་པ་བརྩེགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའོ། །ཞེས་བཤད་པ་ལྟར་སྒྲ་གཅན་གསང་བས་ཀྱང་བཞེད་ཅིང་། དུར་ཁྲོད་བརྒྱད་ནི་ཚོགས་བརྒྱད་དག་པར་བཤད་ལ། འདི་ལྟ་བུའི་དག་པ་ཡང་རྐང་གྲངས་འགྲིག་ཙམ་དུ་གོ་བར་མི་བྱ་སྟེ། ཡོན་ཏན་དེ་རྣམས་ནི་རྣམ་པ་ལྷའི་གཞལ་ཡས་ཁང་གི་དབྱིབས་སུ་བསྒོམ་པས་རྣམ་པ་ལམ་

p. 110

བྱེད་དང་། འབྲས་བུའི་ཆོས་རྣམས་རྒྱུའི་དུས་ནས་སྒོམ་པས་འབྲས་བུ་ལམ་བྱེད་ཅེས་རྣལ་འབྱོར་བླ་མེད་ཀྱི་བསྐྱེད་པའི་རིམ་པའི་མན་ངག་ཟབ་མོ་ཡིན་མོད་ཀྱི། ལས་དང་པོ་པ་ནས་རིམ་གྱིས་གོམ་པར་བྱེད་པའི་ཚུལ་ཤེས་པ་ནི། འདི་མན་ཆད་ལ་ཀུན་རྫོབ་དང་དོན་དམ་གྱི་དག་པའི་དབང་དུ་འདོད་པར་བྱའོ། །ཞེས་དཔལ་ཆོས་ཀྱི་གྲགས་པས་གསུང་ངོ་། །གཉིས་པ་རྗེས་སུ་ཆགས་པ་རྡོ་རྗེ་འཆང་གི་ཡན་ལག་ལ། མངོན་བྱང་ལྔས་གཙོ་བོ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། མཁའ་གསང་བྱིན་གྱིས་རླབས་ཏེ་སྙོམས་འཇུག་བྱ་བ། དེ་སྔགས་ཀྱིས་རྒྱས་གདབ་པ་གསུམ་གྱི། །དང་པོ་ལ། སྦྱང་བྱ་ཤེས་པར་བྱ་བ་དང་། སྦྱོང་བྱེད་ཉམས་སུ་ལེན་པའོ། །དང་པོ་ནི། ལུས་ཅན་རྣམས་སྲིད་པ་ཉེ་བར་ལེན་པ་ན་མའི་མངལ་དུ་ཕ་མའི་ཁམས་དཀར་དམར་གཉིས། བར་སྲིད་ཀྱི་རྣམ་ཤེས་དང་གསུམ། དེ་རྣམས་འདྲེས་པ་དང་བཞི། དེ་ལས་ལུས་རིམ་གྱིས་རྫོགས་པ་སྟེ། གནས་སྐབས་ལྔ་ལས། ཁུ་ཁྲག་རྣམ་ཤེས་གསུམ་

p. 111

འདྲེས་པ་ལ་ས་བོན་བསྡུ་བ་དང་། ལྔ་པོ་དེ་རྣམས་ཀྱི་ལུས་རྫོགས་པ་ལ་གཟུགས་བརྙན་རྫོགས་པའི་ཐ་སྙད་སྦྱང་བྱའི་སྐབས་སུའང་འདོགས་ལ། །མདོར་ན་སྦྱང་བྱ་འཁོར་བའི་ལུས་སྐྱེད་བྱེད་ལྔ་པོ་སྦྱོང་བྱེད་མངོན་བྱང་ལྔའི་སྒོམ་རིམ་འདིས་སྦྱོང་བ་སྟེ། འབུམ་ལྔ་ལས། གཉིས་པ་ས་བོན་བསྡུ་བ་ནི། །མ་ཡི་མངལ་དུ་ཁུ་བ་རྡུལ། ཁུ་བ་རྡུལ་དང་སྔགས་དང་ནི། །སྲོག་དང་རྣམ་ཤེས་ཁོ་ན་སྟེ། །ལྔ་པོ་རྣམས་ཀྱིས་ལུས་རྫོགས་པ། །གཟུགས་བརྙན་རྫོགས་པར་བརྗོད་པར་བྱ། །ཞེས་དཔལ་ནཱ་རོ་པས་རྩ་རྒྱུད་ཀྱི་འགྲེལ་པར་དྲངས་པའི་ལུང་དོན་ཕལ་ཆེར་གོ་སླ་ཡང་། བར་སྲིད་ཀྱི་རྣམ་ཤེས་ཀྱི་བཞོན་པར་གྱུར་པའི་སྲོག་རླུང་ནི། ཡི་གེ་གསུམ་གྱི་སྔགས་འབྱུང་བའི་གནས་ཉིད་ཀྱི་ཕྱིར་སྔགས་ཞེས་པའི་མིང་གིས་གསུངས་ཀྱང་། དོན་དུ་སྲོག་རླུང་ཉིད་དུ་ཤེས་པར་བྱའོ། །གཉིས་པ་སྦྱོང་བྱེད་ཉམས་སུ་ལེན་པ་ནི། གུར་ལས། རྣམ་པ་ལྔ་ནི་རབ་བརྟགས་བྱ། །ཡེ་ཤེས་ལྔ་ལས་བྱུང་བ་ཡི། །སེམས་དཔའི་

p. 112

གཟུགས་བརྙན་སྒོམ་པར་བྱ། །ཞེས་དང་། རྩ་རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་ག ཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་གསུངས་པ་ལྟར་མངོན་པར་བྱང་ཆུབ་པ་ལྔས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནི། ཕོ་བྲང་གི་དབུས་ཀྱི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ། ཨ་ཨཱ། །ཨི་ཨཱི། །ཨུ་ཨཱུ། །རྀ་རཱྀ། །ལྀ་ལཱྀ། །ཨེ་ཨཻ། །ཨོ་ཨཽ། །ཨཾ་ཨཱཿ སྟེ་དབྱངས་ཡིག་བཅུ་དྲུག་གི་འཕྲེ ང་བ་དཀར་པོ་ཕྲག་གཉིས་གཡས་དང་གཡོན་དུ་འཁོར་བ་དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དཀར་ཟླུམ་གྱི་རྣམ་པར་གསལ་བ་ནི་མངོན་པར་བྱང་ཆུབ་པ་དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འདི་ནི་འབྲས་བུ་གཟུགས་ཀྱི་སྐུའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་སྟེ། སམྦུ་ཊར། སངས་རྒྱས་ཀུན་གྱི་ཡོན་

p. 113

ཏན་གནས། །འདི་ནི་ཨ་སོགས་གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཅེས་གསུངས་ལ། དེ་ཡང་ད་ལྟ་རྣམ་པའིམ་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་སྒོམས་པས་སྒྲིབ་པ་བྱང་བ་དང་ཡོན་ཏན་ཆུབ་པར་འགྱུར་བའི་དོན་གྱིས་ན་བྱང་ཆུབ་པ་དང་། དང་པོ་ནི་གྲངས་ཀྱི་གནས་སོ། །འདི་ཉིད་ཟླ་བར་སྒོམ་པའི་དགོས་པ་ཡང་སྦྱང་བྱ་སྦྱོང་བྱེད་སྦྱང་འབྲས་རྣམས་དང་དྲི་མ་མེད་པར་ཆོས་མཚུངས་པའི་རྒྱུ་མཚན་གྱིས་ཏེ། སམྤུ་ཊར། ཡིད་གཉིས་ཀུན་ལས་རྣམ་གྲོལ་བ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །ཉོན་མོངས་དྲི་མ་ཀུན་ལས་དག །ཟླ་མཚུངས་སེམས་ནི་ཟླ་བའོ། །ཞེས་གསུངས་པ་ལྟ་བུའོ། །ཅིའི་ཕྱིར་མེ་ལོ ང་ལྟ་བུའི་ཡེ་ཤེས་སུ་བརྗོད་ཅེ་ན། །རང་བྱུང་གི་ཡེ་ཤེས་རང་ལ་སྣང་བའི་ཕྱིར་ཏེ། ཡེ་ཤེས་གྲུབ་པར། ཇི་ལྟར་གཟུགས་བརྙན་མེ་ལོང་ལས། །རང་ཉིད་ངེས་པར་སྣང་བ་བཞིན། །དེ་བཞིན་ཆོས་སྐུར་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །ཞེས་གསུངས་ལ། བྱང་

p. 114

ཆུབ་ཀྱི་སྒྲ་དོན་ནི་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །དེའི་སྟེང་དུ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། རྣམས་གཡས་གཡོན་དུ་འཁོར་བའི་གསལ་བྱེད་སོ་བཞིའི་འཕྲེང་བ་དམར་པོ་ཉིས་འགྱུར་ལས་ཉི་མའི་དཀྱིལ་འཁོར་དམར་ལ་ཟླུམ་པའི་དབྱིབས་སུ་གྱུར་པ་ནི་བྱང་ཆུབ་པ་གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འདི་ནི་འབྲས་དུས་ཀྱི་དཔེ་བྱད་བརྒྱད་བཅུའི་ངོ་བོ་སྟེ། སམྦུ་ཊར། སངས་རྒྱས་ཡོན་ཏན་ཀ་སོགས་ཀྱིས། །གཟུགས་ཀྱི་གཟུགས་བརྙན་ལྟ་བུ་ཡི། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཅེས་གསུངས་ཤིང་། མངོན་བྱང་གཉིས་པ་འདི་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བརྗོད་ལ། ཅིའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་ཞེ་ན། དེ་བཞིན་ཉིད་ཐམས་ཅད་མཉམ་པར་ཐུགས་སུ་ཆུད་པས་མཉམ་ཉིད་དེ། ཡེ་ཤེས་གྲུབ་པར། དེ་བཞིན་གཤེགས་ཀུན་ཡེ་ཤེས་དང་། །རང་གི་དང་ནི་འགྲོ་བའི་ཡང་། །དངོས་ཉིད་གཅིག་

p. 115

པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཞེས་སོ། །དེ་ཉི་མར་སྒོམ་པ་ནི་བྱེད་ལས་ཀྱི་སྒོ་ནས་ཏེ། །སམྦུ་ཊར། སྙིང་རྗེ་སྡུག་པ་ཡང་དག་བྱུང་། །སེམས་ཅན་རྗེས་སུ་འཛིན་པ་པོ། །དགེ་བའི་ཆོས་ཀྱིས་ཡང་དག་གང་། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཅེས་གསུངས་པས་མི་མཐུན་ཕྱོགས་འཇོམས་པར་ནུས་ཤིང་གདུལ་བྱ་རྣམས་མཉམ་པར་རྗེས་སུ་འཛིན་པ་ཆོས་མཚུངས་པས་སོ། །འདི་ལ་སློབ་དཔོ ན་ཛ་ལནྡྷ་ར་པ་དང་མཻ་ཏྲི་པ་སོགས་ཀྱིས་གསལ་བྱེད་སོ་བཞིའི་ཁར། ཌ་ཌྷ་ད་དྷ་ཡ་ལ་དྲུག་བསྣན་ནས་བཞི་བཅུ་དང་། དེ་ཉིས་འགྱུར་ལས་བརྒྱད་ཅུར་བཞེད་པ་དང་། མདོ་སྦྱར་ལས་སོ་བཞི་ཁོ་ན་ཉིས་འགྱུར་དུ་བཤད་པ་གཉིས་མི་འགལ་ཞིང་། ལུགས་འདིར་ལྷག་མ་དྲུག་ཆད་པ་ཡང་མིན་ཏེ་སོ་བཞི་པོའི་ཁོངས་སུ་ཡི་གེ་ལྷག་མ་དྲུག་དོན་གྱིས་ཚང་བས་རྒྱུད་ཀྱི་དངོས་བསྟན་ལས་སྤྲོས་པར་མ་མཛད་ལ། སློབ་དཔོན་སྔ་མས་ནི་རྒྱུད་གཞན་ནས་ཁ་འགེངས་པར་མཛད་དོ། །དེ་

p. 116

གཉིས་ཀྱི་དབུས་སུ་ཧཱུྃ་ལས་རྡོ་རྗེ་ནག་པོ་རྩེ་དགུ་པའི་ལྟེ་བར་ཧཱུྃ་གིས་མཚན་པ་དང་། ཨཾ་ལས་གྲི་གུག་རྡོ་རྗེ་རྩེ་ལྔ་ཕྱེད་པས་ཡུ་བ་བྱས་པའི་ལྟེ་བར་ཨཾ་གིིས་མཚན་པར་གྱུར་པ་ནི་བྱང་ཆུབ་པ་གསུམ་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཅིའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་སུ་བརྗོད་ཅེ་ན། ཡེ་ཤེས་གྲུབ་པར། གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་ལ། །སོ་སོར་རྟོག་པ་ཅན་ཞེས་བཤད། །ཅེས་འབྱུང་ལ། མངོན་བྱང་གསུམ་པ་འདི་ཕྱག་མཚན་དུ་བསྒོམ་པའི་དོན་ཀྱང་ཡེ་ཤེས་དག་པ་ཟག་པ་མེད་པ་དཀྱིལ་འཁོར་གྱི་ནང་དུ་གནས་པར་འདྲ་བའི་ཕྱིར་ཏེ། སམྦུ་ཊར། བྱང་ཆུབ་སྦྱོང་བ་དེ་བཞིན་ས། །ཡེ་ཤེས་དག་པ་ཟག་པ་མེད། །དེ་ཕྱིར་དཀྱིལ་འཁོར་ནང་གནས་པས། །དེ་ཡི་རང་གི་ཕྱག་མཚན་རྟགས། །ཅེས་གསུངས་ཤིང་། །ཧཱུྃ་ཨཾ་གཉིས་ཀྱི་ཁ་དོག་ནི་ནག་པོར་བསྒོམ་མོ། །ས་བོན་དང་ཕྱག་མཚན་དེ་དག་ལས་འོད་ཟེར་འཕྲོས་ཤིང་དོན་གཉིས་བྱས་ནས་སླར་

p. 117

འདུས་པས་ཟླ་ཉི་ས་བོན་ཕྱག་མཚན་རྣམས་འདྲེས་པར་གྱུར་པ་ནི་མངོན་པར་བྱང་ཆུབ་པ་བཞི་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཅིའི་ཕྱིར་བྱ་བ་གྲུབ་པའིམ་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བརྗོད་ཅེ་ན། གསང་བ་གྲུབ་པར། ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །སངས་རྒྱས་མཛད་པ་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་གྲུབ་པ་ཞེས་བཤད་དོ། །ཞེས་འབྱུང་ལ། མངོན་བྱང་བཞི་པ་འདིའི་དོན་ནི་འདི་ཡིན་ཏེ། སམྦུ་ཊར། སངས་རྒྱས་ཀུན་གྱི་སྐུ་གང་ནི། །སྣང་བ་མེད་ཅིང་གནས་པ་མེད། །མ་སྐྱེས་མ་བྱས་དག་པ་ཉིད། །དངོས་པོ་མེད་པ་ལ་སོགས་སྤངས། །བཅད་མེད་དབྱེར་མེད་གཟུང་དུ་མེད། །ཆོས་ཀྱི་སྐུ་ནི་གཟུགས་མེད་པ། །ཞེས་གསུངས་ཤིང་འདི་ཡན་ཆད་རྡོ་རྗེ་བཞི་ལས་གཉིས་པ་ས་བོན་བསྡུ་བའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོའི་ཐུགས་མི་འགྱུར་བའི་བརྡར་ཆར་སྤྲིན་ལྟར་རབ་ཏུ་

p. 118

གནག་པའི་སྐུ་ཅན། རྣམ་པར་ཐར་པ་བརྒྱད་སྒྲིབ་པ་མེད་པའི་ཡེ་ཤེས་སུ་དག་པའི་བདག་ཉིད་ཞལ་བརྒྱད་ལས་དབང་པོ་རྣམས་རྣམ་པར་རྟོག་པ་མེད་པའི་ངང་དུ་ལྡོག་པ་དྲག་པོའི་ལས་སྒྲུབ་པས་སྐུ་བྱིན་དང་འདྲ་བར་རྩ་བའི་ཞལ་ནག་པོ། མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཞི་ཞིང་བྱང་བས་གཡས་ཀྱི་ཞལ་མེ་ཏོག་ཀུནྡ་ལྟར་དཀར་བ། ལུས་ངག་ཡིད་གསུམ་ངོ་བོ་གཅིག་པར་དབང་དུ་བྱེད་པས་ཞལ་གཡོན་པ་ཁ་དོག་དམར་ཞིང་ཆེར་འཇིགས་པའི་ཉམས་དང་ལྡན་པ། ཕུང་པོ་ལ་བརྟེན་པ་དང་། དེའི་ངོ་བོ་དང་། འཚེ་བར་བྱེད་པ་དང་། བུད་མེད་ལ་རྐམ་པའི་བདུད་བཞི་ཞེ་སྡང་ལས་བྱུང་བ་དག་ཉམས་པས། ལྷག་མ་གཡས་ཞལ་གཉིས་དང་གཡོན་ཞལ་གཉིས་བུང་བ་ལྟར་གནག་པ། འདིར་འགའ་ཞིག་རྒྱབ་ཞལ་བཞི་རྒྱབ་དུ་ལྟ་བ་ལས་གཡས་གཡོན་གྱི་ཞལ་དུ་འདོད་པ་མི་ལེགས་སོ་སྙམ་ན། དེའི་ཕྱིར་བརྗོད་པ། འདི་ནི་ཚད་མར་གྱུར་པའི་ལུང་ལས་འབྱུང་སྟེ། དཔལ་ནཱ་རོ་པས། སླར་ཡང་གཡོན་གྱི་ཞལ་གཉིས་

p. 119

མནག་པ། དེ་བཞིན་དུ་གཡས་ཀྱི་ཞལ་གཉིས་ནག་པོ། ཞེས་གསུངས་ལ། འདི་དང་མཐུན་པར་འཚོ་སྐྱེས་དང་ཨ་བྷ་ཡས་ཀྱང་བཤད་དོ། །མི་གནས་པའི་མྱ་ངན་ལས་འདས་པའི་རྟགས་སུ་ཅུང་ཟད་གྱེན་དུ་ཕྱོགས་པའི་སྟེང་གི་ཞལ་ནི་སླད་ནས་འབྱུང་བའི་ཉོན་མོངས་པ་རྒྱུན་ཆད་པ་མཚོན་པས་དུ་བའི་མདོག་ཅན་མཆེ་བ་རྣམ་པར་བརྩེགས་པ། འདི་ལ་རྩ་རྒྱུད་ལས། སྤྱི་བོའི་ཞལ་ནི་བརྩིགས་པ་ཅན། །ཞེས་པ་ལས་ཁ་དོག་མི་གསལ་ཡང། འགྲེལ་པར་ཇོ་བོ་ནཱ་རོ་པས། སྟེང་གི་ཞལ དུ་བའི་མདོག་ཅན་རྣམ་པར་འགྱུར་བ། །ཞེས་བཤད་ལ། དེ་ཉིད་ཀྱང་དཔལ་རང་འབྱུང་གིས་སྔོ་སྐྱ་དང་། རྗེ་ཞྭ་དམར་པ་བཞི་པས་སྔོ་ནག་ཏུ་བཞེད་དོ། །ཞལ་རེ་རེ་ལའང་རྡོ་རྗེ་གསུམ་གྱིས་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་སྤྱན་གསུམ་གསུམ་མངའ་བ། ཐམས་ཅད་ཀྱང་མ་ལུས་པའི་འགྲོ་བ་མཐའ་དག་ལ་སྙིང་རྗེ་ཆེན་པོས་ཆགས་པའི་བརྡར་དམར་ལ་ཟླུམ་པ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་

p. 120

ཐམས་ཅད་བསྲེགས་པས་དབུ་སྐྲ་དམར་སེར་གྱེན་དུ་རྫེས་པ། ཕུང་པོ་ལྔ་རང་བཞིན་མེད་པར་སྟོན་པས་ཐོད་པ་སྐམ་པོ་རིན་པོ་ཆེའི་རྩེ་བྲན་ཅན་ལྔ་ལྔས་དབུ་བརྒྱན་ཅིང་། སྣ་ཚོགས་པའི་སྐུས་གཞན་དོན་མཛད་པས་སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན་པ། གདུལ་བར་དཀའ་བ་ཞི་བས་མི་ཐུལ་བ་རྣམས་ཀྱང་འདུལ་བའི་ཕྱིར་ཞལ་ཐམས་ཅད་སྨིན་མ་འཁྱོག་པོ་དང་བཅས་པའི་ཁྲོ་གཉེར་བསྡུས་ཤིང་མཆེ་བ་བརྩིགས་པ་ཧཱུྃ་གི་སྒྲ་སྒྲོགས་པས་གདུག་པ་ཅན་ཚར་གཅོད་པ། དེ་བཞིན་གཤེགས་པ་དྲུག་རྣམ་པར་དག་པའི་ཕྱག་བརྒྱ་དྲུག་གིས་སྐུ་བརྒྱན་པ་ནི། སྤྱི་བོ་ལ་སོགས་པར་འཁོར་ལོ་དང་། སྙན་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐེད་རགས་རྣམས་རུས་པའི་རང་བཞིན་དང་ཐལ་ཆེན་གྱིས་སྐུ་མ་ལུས་པར་ཁྱབ་པར་བྱུགས་པ། ཨཱ་ལི་ཀཱ་ལི་ལྔ་བཅུ་རྣམ་པར་དག་པས་མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ལམ་གྱི་མན་ངག་དང་ལྡན་པས་མགྲིན་པར་འཆང་བ། གཡས་གཡོན་གྱི་ཕྲག་པ་གཉིས་ལས་དཔུང་པ་

p. 121

ཚུན་བརྒྱད་བ རྒྱད་དུ་གྱེས་པས་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའི་ཕྱག་བཅུ་དྲུག་པོ་རྣམས་ཀྱིས་སྙིང་རྗེ་ཆེན་པོ་བཅུ་དྲུག་དག་པའི་ཐོད་པ་རེ་རེ་བསྣམས་པ་ནི་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པར་བསྟན་པ་ལས། ཕྱག་གཡས་ཀྱི་ཐོད་པ་བརྒྱད་རྣམས་སུ་གློ་དང་དབུགས་མི་བདེ་བ་ལ་སོགས་པའི་ནད་བརྒྱད་སེལ་བར་མཛད་པའི་ཕྱིར་ཡས་ནས་རིམ་བཞིན། དང་པོ་ན་གླང་པོ་ཆེ་དཀར་པོ། གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་ཁམ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོང་ཐལ་ཁ། དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་ལ་ག་པ་རྣམས་ཁ་ནང་དུ་ལྟ་བ་འཛིན་པ། གཡོན་པའི་ཕྱག་གི་ཐོད་པ་བརྒྱད་དུ་དབང་ཕྱུག་བརྒྱད་ཀྱི་གྲུབ་པའི་མཆོག་རབ་ཏུ་སྩོལ་བའི་ཕྱིར་ཡས་ནས་རིམ་བཞིན། །དང་པོ་ན་སའི་ལྷ་མོ་སེར་མོ། གཉིས་པ་ན་ཆུའི་ལྷ་མོ་དཀར་མོ། གསུམ་པ་ན་རླུང་གི་ལྷ་མོ་དུད་ཁ། བཞི་པ་ན་མེའི་ལྷ་མོ་དམར་མོ། ལྔ་པ་ན་ཟླ་བའི་ལྷ་མོ་དཀར་མོ། དྲུག་

p. 122

པ་ན་ཉི་མའི་ལྷ་མོ་དམར་མོ། བདུན་པ་ན་གཤིན་རྗེ་ནག་པོ། བརྒྱད་པ་ན་ནོར་བདག་སེར་པོ་རྣམས་སྙིང་ཀར་ཐལ་མོ་སྦྱ ར་ཞིང་གདོང་ཕྱིར་ཕྱོགས་པ་འཛིན་པའི་ཕྱག་དང་པོ་གཉིས་ཀྱིས་སྣང་བ་དང་སྟོང་པ་ཕན་ཚུན་མི་བཏོང་བའི་བརྡར་ཡུམ་ལ་འཁྱུད་པ། འདིར་གཡོན་པའི་ཕྱག་མཚན་ས་ལྷ་སོགས་བརྒྱད་ལ། རྒྱུད་ཀྱི་བོད་དཔེ་དང་རྒྱ་གཞུང་རྣམས་སུ་ཕོ་མོའ་རྟགས་མི་གསལ་ལ། རྩ་རྒྱུད་ཀྱི་རྒྱ་དཔེར་ནི། པྲྀ་ཐྭཱི་ཝ་རུ་ཎ་བཱ་ཡུཥྩ། ཏེ་ཛ་ཤྩནྟཱ་་ཨེ་ཝ་ཙ། ཨ ནྟ་ཀེ་དྷ་ན་དཤྩེ། ཞེས་ས་ལྷ་མ་གཏོགས་ལྷག་མ་དྲུག་ལ་མོ་རྟགས་མི་སྣང་མོད། འདིར་གཤིན་རྗེ་དང་ནོར་བདག་མ་གཏོགས་པ་ལྷ་མོར་སྨོས་པ་ནི་རྔོག་ལུགས་དང་བསྟུན་ནོ། །ཆོས་ཐམས་ཅད་ལ་མཚན་མར་འཛིན་པ་དང་བྲལ་བས་གཅེར་བུ། བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པའི་ཞབས་བཞིའི་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་གར་གྱིས་ཕུང་པོའི་བདུད་ཚངས་པ་དང་། འཆི་བདག་གི་བདུད་ཁྱབ་འཇུག་མནན་པ།

p. 123

རྒྱབ་མ་གཉིས་དཀྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་ལྷའི་བུའི་བདུད་དབང་པོ་དང་། ཉོན་མོངས་པའི་བདུད་དབང་ཕྱུག་མནན་ཅིང་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། སྒེག་པ་ལ་སོགས་པའི་གར་གྱི་ཉམས་དགུ་དང་ལྡན་པ། སྲིད་པར་གནས་པའི་ཁྲོ་བོའི་གཟུགས་འཇིགས་འཇིགས་ལྟར་འདུག་པ་རྣམས་ཀྱང་སྐུའི་གཟི་བྱིན་གྱིས་བརྟན་པ་དང་བྲལ་ཞིང་འཇིགས་པར་མཛད་པའོ། །འདིར་གཙོ་བོའི་ཞབས་སྟབས་ནི། །རྒྱུད་ལས། ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཞེས་སམ། འགྱུར་ལ་ལར། ཉི་མར་བཞུགས་ཤིང་གར་སྟབས་ལྡན། །ཅེས་འབྱུང་བ་ནི་རྒྱ་དཔེར། ཏཱཎྜ་ཝ་ཞེས་པའི་སྐད་དོད་ཀྱི་དོན་གར་སྟབས་སམ་རོལ་མོའ་སྟབས་ཅེས་སྤྱིར་བསྟན་པ་དེའི་དགོངས་པ་འགྲེལ་ཚུལ་ལ་དམིགས་བསལ་གྱི་འདོད་པ་མི་འདྲ་བ་ཡོད་པ་ལས། རྗེ་བཙུན་ནཱ་རོ་པ་ཆེན་པོའི་གསུང་གིས། གཅེར་བུ་གཡས་རྐྱང་སྟབས་ཀྱི་ཞབས་ཀྱིས་བཞུགས་པ། ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་།

p. 124

ལྷའི་བུའི་བདུད་བཞི་མནན་པ། ཉི་མའི་དཀྱིལ་འཁོར་ལ་གར་སྟབས་ཀྱི་ཚུལ་གྱིས་བཞུགས་པ་བསམ་པར་བྱའོ། །ཞེས་བཀའ་སྩལ་བ་ལྟར། ཤྲཱི་ཧེ་རུ་ཀ་ལོ་ཙ་བ་ཆེན་པོའི་བཞེད་པ་འདིར་སྨོས་པ་དང་མཐུན་པར། སློབ་དཔོན་པྲཛྙ་ཨིནྡྲ་རུ་ཙིས་ཀྱང་། ཉི་མར་ཞབས་གཡས་བརྐྱང་གཡོན་བསྐུམ་ལྷག་མ་གར་གྱི་ཚུལ་གྱིས་བཞེངས། ཅེས་སྒྲུབ་ཐབས་རིན་ཆེན་འབར་བར་བཤད་ལ། ཨ་བྷ་ཡའི་རྫོགས་འཕྲེང་ལས་ཀྱང་། ཞབས་གཉིས་ཀྱིས་དཀྱིལ་ཀྲུང་ཕྱེད་པ་དང་། ཞབས་གཉིས་ཀྱིས་གཡས་བརྐྱང་པ་དང་གཡོན་བསྐུམ་པའི་གར་གྱི་ཚུལ་གྱིས་གནས་པ། ཞེས་གསལ་བར་བཤད་ཅིང་། དེར་མ་ཟད་ལུགས་འདི་ཉིད་ཚད་མར་གྱུར་པའི་སློབ་དཔོན་གཞན་གྱི་ལུང་དང་ཡང་མི་འགལ་བ་ཡིན་པའི་ཕྱིར་ས་ལུགས་སྔ་རབས་པ་ཕལ་ཆེར་ཡང་འདི་དང་མཐུན་ནོ། །ཡང་ཕྱིས་བྱོན་གྱི་བོད་བླ་རྡོ་རྗེ་འཆང་དུ་ཞལ་འཆེ་ཁ་ཅིག །ཞབས་བཞི་གའི་གཡས་གཉིས་བརྐྱང་བའི་རླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་བསྟན་

p. 125

པའི་གར་སྟབས་འདི་ཁོ་ན་འཐད་དེ། སློབ་དཔོན་མར་མེ་མཛད་ཀྱིས། ཚངས་པ་བརྒྱ་བྱིན་ཉེ་དབང་དྲག །སྟེང་ན་ཞབས་བཞི་གཡས་བརྐྱང་བཞུགས། །ཞེས་དང་། ཀམྤ་ལས། གཙོ་བོའི་ཞབས་བཞི་གཡས་བརྐྱང་ནས། །ཅེས་བཤད་པས་སོ། །ཞེས་ཟེར་བ་ནི་འཐད་པ་མ་ཡིན་ཏེ། སྤྱིར་གར་སྟབས་དང་རོལ་སྟབས་ཡིན་ཚད་གཡས་བརྐྱང་དཀྱིལ་ཀྲུང་ཕྱེད་པ་ཁོ་ནར་མ་ངེས་ལ། ཁྱད་པར་སློབ་དཔོན་དག་གིས་དེ་ལྟར་བཤད་པ་བདེན་མོད་དེའི་ཚེ་ཁྱེད་ལ་འདི་འདྲི་སྟེ། ཞབས་བཞི་གཡས་བརྐྱང་ཞེས་སྨོས་པའི་ཚེ་དེའི་ཤུགས་ཀྱིས་སྟངས་སྟབས་གཞན་བསྟན་ནམ་མ་བསྟན། མ་བསྟན་ནོ་ཞེ་ན་དེ་འདྲ་ནི་སྔར་མེད་ཀྱི་སྟངས་སྟབས་སུ་ཐལ་ལ། ཅི་སྟེ་གཡས་བརྐྱང་གི་སྒྲས་གཡོན་བསྐུམ་པ་མཚོན་ཞེ་ན་ནི་དེའི་ཤུགས་ཀྱིས་གར་གཞན་ཡང་བསྟན་པར་གོ་དགོས་ཏེ། གཙོ་བོའི་སྒྲས་ལྷག་མ་གོ་བར་བྱེད་དགོས་པས་སོ། །ཞེས་བླ་མ་གོང་མ་ཆོས་ཀྱི་སྤྱན་ལྡན་དག་གསུང་ལ། ཁོ་བོའི་བསམ་པ་

p. 126

ལྟར་ན། མར་མེ་མཛད་དང་ཀམྤ་ལའི་ལུང་དེས་ཁྱེད་ཀྱི་འདོད་པ་ཁོ་ན་བསྟན་པར་མ་མངོན་ཏེ། གཙོ་བོའི་ཞབས་བཞི་གཡས་བརྐྱང་ཡིན་པ་ཙམ་ནི་ཕྱོགས་གཉིས་ཀ་ལ་གྲུབ་ཅིང་། དེ་ལས་གཞན་པའི་གསལ་ཁ་ཅི་ཡང་མི་སྣང་བའི་ཕྱིར་རོ། །ཡང་ཁྱེད་ཀྱིས་གཙོ་བོ་གཡས་བརྐྱང་གི་ཕྱེད་དཀྱིལ་ཡིན་པ་ནི་བདག་མེད་མ་སོགས་ལྷ་མོའ་ཕྱེད་ཀྲུང་གི་རིགས་པས་ཀྱང་གྲུབ་བོ་ཟེར་བ་ཡང་མ་བརྟགས་པ་ཡིན་ཏེ། རྒྱུད་ལས། ལྷ་མོའ་གར་སྟབས་གཙོ་བོ་དང་མི་འདྲ་བས་དམིགས་ཀྱིས་བསལ་ནས། དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཞེས་བཤད་པ་མ་ཡིན་ནམ་བསམ་པར་གྱིས་ཤིག །ཡང་ངེད་ཀྱིས་གཙོ་བོ་དང་ལྷ་མོ་རྣམས་སྟངས་སྟབས་གཅིག་མ་བྱས་ཀྱི། ལྷ་མོ་རྣམས་གཡོ ན་བརྐྱང་ཕྱེད་དཀྱིལ་གྱི་རིགས་པས་གཙོ་བོ་གཡས་བརྐྱང་ཕྱེད་དཀྱིལ་དུ་གོ་བ་ཡིན་ནོ་ཞེ་ན། དེ་ལ་ཡང་དཔྱད་དུ་ཡོད་དེ། སྤྱིར་གཡོན་བརྐྱང་ཡོད་པའི་རིགས་པས་གཡས་བརྐྱང་ཀྱང་ཡོད་པར་གོ་བ་མི་འཐད་པ་མེད་མོད། དེ་ཉིད་ཀྱི་

p. 127

རིགས་པ་མཐའ་ག ཅིག་ཏུ་གཙོ་འཁོར་ལ་སྦྱོར་བ་ནི་ལུགས་དང་མི་མཐུན་ཏེ། འཁོར་གཡོན་བརྐྱང་ཡིན་ན་གཙོ་བོ་གཡས་བརྐྱང་དུ་ངེས་པར་དགོས་པའི་ཁྱབ་པ་ནི་ནམ་ཡང་འཛིན་མི་ནུས་པ་ཡིན་ཏེ་བདེ་མཆོག་དང་དུས་འཁོར་ལྟ་བུ་དངོས་ཀྱིས་མ་ངེས་པའི་ཕྱིར་ཁྱེད་ཀྱི་སྒྲུབ་བྱེད་དེ་རྣམས་ལྟར་སྣང་དུ་མངོན་ལ། ཡང་སྒྲ་གཅན་གསང་བ་དང་མཻ་ཏྲི་པའི་ལུགས་དང་མཐུན་ནོ་ཞེ་ནའང་མི་མཐུན་ཏེ། དེ་དག་ཞབས་ཀྱི་སོར་མོ་གཅིག་གདན་ལ་བསྟེན་པར་བཤད་ན། ཁྱེད་ཀྱི་གྲུབ་མཐའི་ཤུགས་ལས། ཞབས་གཡས་པ་གཉིས་ཀའི་མཐེ་བོ་གདན་ལ་བསྟེན་པར་འདོད་དགོས་བྱུང་བས་སོ། །ཡང་བོ་དོང་པ་ཆེན་པོས་ནི་ཞབས་བཞིའི་འདུན་མ་གཡས་བརྐྱང་གཡོན་བསྐུམ་གྱི་དཀྱིལ་ཀྲུང་ཕྱེད་པ་དང་། རྒྱབ་མ་དེ་ལས་ཟློག་པར་འཆད་ལ། དེའི་ཁུངས་ཀྱང་འགྲེལ་པ་ཀུ་མུ་དར། ཁྲོ་བོའི་ཕྱག་རྒྱས་གདན་གྱི་སྟེང་དུ་གནས་པའི་བདུད་རྣམས་མནན་པ་ཞེས་དང་། ཕྱག་རྒྱ་ཡང་བཤད་པར་བྱ་སྟེ། གཡས་པའི་

p. 128

ཞབས་ཀྱིས་རླར་སླེབ་ཅིང་། །གཡོན་པའི་ཞབས་ཀྱི་རྩེས་མནན་པ། །མནན་པའིམ་ཟློག་ནས་མནན་པ་ནི། །ཁྲོ་བོའི་ཕྱག་རྒྱས་གདན་དུ་བརྗོད། །ཅེས་གསུངས་པས་སོ་ཞེས་བཞེད་པ་ནི་སློབ་དཔོན་མི་ཐུབ་ཟླ་བའི་དགོངས་པ་ནོངས་མེད་དུ་བཀྲལ་བར་ཇི་ལྟར་འགྲོ་དཔྱད་པའི་གཞིར་སྣང་ངོ་། །དེ་ལྟར་གཞན་གྱིས་བརྟགས་པའི་མཐའ་བསལ་ནས་རང་གི་གཞུང་ལུགས་ཚད་མར་གྱུར་པ་གཞན་དང་མི་འགལ་བར་བསྟན་ཏེ། དེ་ཡང་སློབ་དཔོན་སྒྲ་གཅན་གསང་བས། བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཐོབ་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལ་ཞབས་གཉིས་ཀྱིས་དཀྱིལ་ཀྲུང་ཕྱེད་པ་ཏཱཎྜ་ཝའི་སྟབས་འཆང་བ་ཉིད་དོ། །འདི་ཉིད་ཁམས་གསུམ་པོ་མ་ལུས་པ་གཅིག་པའི་སྐུར་རྟོགས་པར་བྱ་བའི་ཕྱིར་ཞབས་ཀྱི་མཐེ་བོང་གཅིག་པུ་བཙུགས་པའོ། །དེ་ལྟ་བུ་ཁོ་ནར་བགེགས་རྣམ་པར་ཉམས་པ་ལས་གཡོན་བསྐུམ་པའི་ཞབས་འཆང་བའོ། །ཞེས་བཤད་པ་དང་ཡང་མི་འགལ་ཏེ། དཀྱིལ་ཀྲུང་ཕྱེད་པ་ཏཱཎྜ་ཝའི་སྟབས་འཆང་བ་ནི་ཞབས་

p. 129

རྒྱབ་མ་གཉིས་ཡིན་ལ། དེ་ཉིད་ཀྱི་གཡས་པའི་སོར་མོ་གཅིག་པུ་བཙུགས་པ་ཁམས་གསུམ་མ་ལུས་པ་གཅིག་པའི་སྐུར་རྟོགས་པའི་དག་པ་དང་སྦྱ ར་ལ། ཞབས་མདུན་མ་གཉིས་པོ་གཡོན་བསྐུམ་དངོས་སུ་སྨོས་པའི་ཤུགས་ལས་གཡས་བརྐྱང་མཚོན་པས་རོལ་པའི་སྟབས་འཆང་བ་ནི་བགེགས་རྣམ་པར་ཉམས་པའི་དག་པ་དང་སྦྱར་ནས། དེ་ལྟ་བུ་ཁོ་ནར་ཞེས་པའི་སྒྲས་རྒྱབ་མ་ཕྱེད་དཀྱིལ་དང་མདུན་མ་རོལ་པའི་སྟབས་གཉིས་ཀ་ཏཱཎྜ་ཝའི་སྟབས་སུ་འདུ་བར་བསྟན་པ་སྙོན་དུ་མེད་པ་དེ་ཉིད་ལུགས་འདི་དང་འབྱོར་ཞིང་། མཻ་ཏྲི་པ་དང་ཛ་ལནྡྷ་ར་བས། ཞབས་གཅིག་གི་མཐེ་བོང་ཉི་མ་ལ་རེག་པ། ཞེས་དང་། ཞབས་ཀྱི་སོར་མོ་གཅིག་བརྟེན་པའོ། །ཞེས་བཤད་པའི་དོན་ཀྱང་སྔ་མ་ལྟར་ཡིན་ཅིང་། གདན་འགོད་ཚུལ་གྱི་དོགས་པ་སྔར་དཔྱད་ཟིན་ལ། ཡན་ལག་དང་པོར་ཉེ་དབང་དང་དྲག་པོ་ཞེས་སྨོས་པ་དང་། འདིར་ཁྱབ་འཇུག་དང་དབང་ཕྱུག་ཅེས་སྨོས་པ་ནི་མིང་གི་རྣམ་གྲངས་ཡིན་ནོ། །གཞན་ཡང་

p. 130

གཙོ་བོའི་གར་གྱི་ཉམས་སོགས་ཁོངས་སུ་བསྡུས་པ་རྣམས་ནི། སྒེགས་པ། དཔའི་བ། མི་སྡུག་པ་གསུམ་སྐུའི་དང་། རྒོད་པ། དྲག་ཤུལ་འཇིགས་རུང་གསུམ་གསུང་གི་དང་། སྙིང་རྗེ། རྔམས་པ། ཞི་བ་གསུམ་ཐུགས་ཀྱི་སྟེ་དགུ་དང་ལྡན་པ་ཡིན་ལ། གཅེར་བུའི་དོན་གླང་ལྤགས་སོགས་ཀྱི་ན་བཟའ་མེད་པ་ལ་བཤད་དོ། །དེའི་སྤང་དུ་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ་མཆེ་བ་གཙིགས་པ་སྤྱན་གསུམ་མངའ་བ། དབུ་སྐྲ་དམར་སེར་གྱེན་དུ་རྫེས་པ། ཕྱག་གཡས་པས་འདོད་ཆགས་ལ་སོགས་པའི་སྐྱོན་དྲུག་གཅོད་པའི་ཕྱིར་རྡོ་རྗེས་མཚན་པའི་གྲི་ཁུག་འཆང་བ། བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་གཡོན་པའི་ཕྱག་གིས་བཟུང་ནས་ཡབ་ཀྱི་མགུལ་དུ་འཁྱུད་པ། རིན་པོ་ཆེས་སྤྲས་པའི་ཐོད་པ་སྐམ་པོ་ལྔའི་འཕྲེང་བ་དབུ་ལ་བརྒྱན་ཅིང་། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ལང་ཚོ་ཕུན་སུམ་ཚོགས་པའི་ཞབས་གཡོན་

p. 131

བརྐྱང་ཞིང་གཡས་བསྐུམ་པས་ཡབ་ཀྱི་སྟ་ཟུར་ནས་འཁྱུད་པ་སྟེ། དེ་ལྟར་བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུ་རྫོགས་པ་ལས་བྱང་ཆུབ་པ་ལྔ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཡབ་ཡུམ་རེ་རེའང་དོན་དུ་ཐབས་ཤེས་ཐ་མི་དད་ཀྱང་རྣམ་པ་ཟུང་འཇུག་ཏུ་སྟོན་པ་རྒྱལ་བའི་ཡེ་ཤེས་ཀྱི་སྐུ་རྫོགས་པ་དང་མཚུངས་པས་སྐུ་རྫོགས་པ་ལ་བྱང་ཆུབ་པ་སྟེ། སམྤུ་ཊར། ཡང་ནི་རྡོ་རྗེ་སེམས་དཔའི་ནི། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སངས་རྒྱས་ཀུན་གྱི་གཟུགས་བརྙན་ནི། །འདི་ཡི་སྔགས་ཀྱིས་བསྒོམ་པར་བྱ། །ཞེས་སོ། །སྒྲིབ་པ་གཉིས་ལས་གྲོལ་བའི་བཅོམ་ལྡན་འདས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་སྟེ་འདིར་ཡང་དེ་ཉིད་ལམ་དུ་བྱེད་པའི་ཕྱིར་མངོན་བྱང་ལྔ་པ་འདི་ལ་ཆོས་དབྱིངས་ཡེ་ཤེས་སུ་བརྗོད་དེ། ཡེ་ཤེས་གྲུབ་པར། གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་དག་ཅེས་

p. 132

བཤད་དོ། །ཞེས་གསུངས་ཤིང་ཡུམ་དང་དེའི་ཆ་བྱད་ཀྱི་དག་པ་སྔར་མ་སྨོས་པ་རྣམས་ལས། སྐུ་མདོག་དང་། དབུ་སྐྲ་དང་། ཕྱག་རྒྱ་ལྔ་དང་། ཐོད་སྐམ་གྱི་དབུ་བརྒྱན་དང་དོ་ཤལ་རྣམས་ཀྱི་དག་པ་ནི་ཡབ་ཀྱི་མངོན་རྟོགས་སུ་བསྟན་པ་དང་མཚུངས་ལ། ཕྱག་གཡོན་པའི་ཐོད་པ་ནི་དངོས་པོ་དང་དངོས་པོ་མེད་པའི་སེམས་ཀྱི་བག་ཆགས་ཀྱི་མགོ་བོ་བཅད་པའི་དག་པ་དང་། དེ་ཉིད་ཁྲག་གིས་གང་བ་ནི་བདུད་བཞིའི་འཆིང་བ་ལས་གྲོལ་བའོ། །སྒོ་གསུམ་གྱི་ཡུལ་བྱེད་པ་པོ་མེད་པར་རྟོགས་པའི་དག་པར་བཤད་ཅིང་། ཞལ་གཅིག་མངའ་བ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་བཅོམ་ལྡན་འདས་མ་ཉིད་དེ་དེའི་ངོ་བོར་ཁམས་གསུམ་པོ་ཐམས་ཅད་གཅིག་པའི་སྐུར་རྟོགས་པའི་དག་པའོ། །དེ་ལྟར་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་ནི་བཅོམ་ལྡན་འདས་ཀྱི་བསྐྱེད་རིམ་གྱི་སྐུའི་བསྐྱེད་ཆོག་མཐར་ཕྱིན་པ་འཆད་པར་འགྱུར་བའི་འབྲས་བུའི་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་པའི་རྒྱུར་དམིགས་པའི་ཕྱིར་དེ་

p. 133

དང་སྐུ་མདོག་མཚུངས་པར་མཛད་པ་རྗེ་བཙུན་མར་རྔོག་རྗེས་འབྲང་དང་བཅས་པའི་ལུགས་ལས་འབྱུང་བ་འདི་ཉིད། རྒྱུད་སྡེ་རིན་པོ་ཆེ་འདིའི་སྨིན་གྲོལ་གྱི་སྒོ་དབྱེ་བ་ལ་ཆོས་མཐུན་གྱི་རྒོལ་བས་དབྱེ་ན་སློབ་དཔོན་པདྨ་བཛྲས་བཤད་དེ། སྒྲུབ་ཐབས་མཚོ་སྐྱེས་ཀྱི་རྒྱུའི་ཧེ་རུ་ཀ་འཆད་པའི་སྐབས་སུ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་དཔལ་དགྱེས་མཛད་རྡོ་རྗེའི་གཟུགས་སྐུ་མདོག་སྔོན་པོ། ཞལ་བརྒྱད། ཕྱག་བཅུ་དྲུག །ཞབས་བཞི་པ། བདག་མེད་མ་དང་ལྷན་ཅིག་མཆོག་ཏུ་བདེ་བ་ཆེན་པོར་རོ་གཅིག་པ། ཞེས་གསུངས་ལ། དེ་བཞིན་དུ་ཛ་ལནྡྷ་རི་པ་དང་། སློབ་དཔོན་རཱུ་པ་དང་། སློབ་དཔོན་ནག་པོ་པ་དང་། སློབ་དཔོན་ཤཱནྟི་པ་སོགས་ཀྱིས་ཀྱང་བཤད་ཅིང་ལྷག་པར་གྲུབ་ཆེན་ནཱ་རོ་པས་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དང་། རྒྱལ་བ་མཻ་ཏྲི་པ་ཆེན་པོས་སྒྲུབ་ཐབས་རྣམ་པར་དག་པའི་གཏེར་དུ་རྒྱུ་འབྲས་ཀྱི་ཧེ་རུ་ཀ་གཉིས་སྐུ་མདོག་གཅིག་པར་རྩལ་

p. 134

བཤད་མཛད་པ་ནི། ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་བསྐྱེད་ཆོག་སྟོན་པའི་རྒྱུད་དོན་འཁྲུལ་མེད་དུ་བཀྲོལ་བ་ཡིན་ཏེ། བརྟག་པ་ཕྱི་མའི་ལེའུ་ལྔ་པར། ཁྱོད་དང་ལྷན་ཅིག་བཞིན་བཟང་མ། །ཞེས་སོགས་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་བཅུ་དྲུག་གིས་རྒྱུའི་ཧེ་རུ་ཀ་བསྐྱེད་པ་བསྟན་པ་ལས། ཁ་དོག་ནག་པོ་འཇིགས་པ་པོ། །ཞེས་དང་། རྩ་བའི་ཞལ་ནི་ནག་པོ་ཆེ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །ཡང་འཕགས་པའི་ཡུལ་གྱི་སློབ་དཔོན་མི་ཐུབ་ཟླ་བས་འགྲེལ་པ་ཀུ་མུ་དར། ཟླ་བ་ཆུ་ཤེལ་ནོར་བུའི་འོད། །རྩ་བའི་ལུས་མཚུངས་གཡོན་པ་ནི། །དམར་ཞིང་ཞལ་གཞན་མནག་པ་ནི། །ཞེས་དང་། སློབ་དཔོན་བྷ་ཝ་བྷ་དྲས། སེམས་པ་དབྱངས་དང་གསལ་བྱེད་ལས་བྱུང་ཞིང་། དེས་མཚན་པའི་ཟླ་ཉིའི་གཟུགས་བརྙན་ཕྱག་མཚན་ས་བོན་དང་བཅས་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དེར་བདག་པོ་ཧེ་རུ་ཀ་བཞི་རྣམ་པར་བསྒོམ། དེའང་ཕྱག་མཚན་དང་ཞལ་གར་དགུའི་ཉམས་སོགས་གོང་མ་ལེའུ་

p. 135

གཉིས་པ་དང་གསུམ་པའི་སྐབས་བཞིན་སྒོམ་སྟེ། འོན་ཀྱང་ཟླ་བ་ཆུ་ཤེལ་ནོར་བུའི་འོད་ལྟར་ལུས་ཐམས་ཅད་དཀར་པོའོ། །ཞེས་རྒྱུའི་ཧེ་རུ་ཀ་སྐུ་མདོག་དཀར་པོ་བཤད་པ་ལྟར། ཌྷཾ་ག་ད་ཤ་དང་། ཁ་ཆེ་དངུལ་བུམ་སོགས་ཀྱིས་ཀྱང་འཆད་པར་མཛད་ལ། གངས་ཅད་གྱི་ལྗོངས་འདིར་རྗེ་བཙུན་ས་སྐྱ་པ་ཁུ་དབོན་རྗེས་འབྲང་དང་བཅས་པ་ཕལ་མོ་ཆེའང་ལུགས་འདིའི་རྗེས་སུ་འབྲ ང་བར་སྣང་ངོ་། །གཉིས་པ་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་འཇུག་བྱ་བ་ནི། རྩ་རྒྱུད་ལས། འདོད་ཆགས་ཆེན་པོ་རྗེས་ཆགས་པས། །ལྷན་ཅིག་སྐྱེས་དགའི་རང་བཞིན་ལ། །ཞེས་གསུངས་ཤིང་། གུར་ལས་ཀྱང་། རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །ཞེས་དང་། རྡོ་རྗེ་པདྨ་བསྒོམ་པར་བྱ། །དེ་ཡི་སྣ་རྩེར་རང་གི་ཡིག །ཡིད་བཞིན་ནོར་བུ་དེ་བཞིན་ༀ། །ཡེ་ཤེས་རབ་ཏུ་མི་བཏང་ཕྱིར། །ནོར་བུའི་བུ་གར་ཕཊ་ཡིག་སྟེ། །ཞེས་དང་། རྩ་རྒྱུད་ལས། རྡོ་རྗེ་དང་པདྨ་བྱིན་གྱིས་རློབ་པའི་སྔགས་ནི། ཞེས་སོགས་གསུངས་

p. 136

པས་ཡུམ་གྱི་གསང་གནས་སྟོང་པའི་ངང་ལས་ཧྲཱིཿལས་པདྨ་དམར་པོ་མདབ་མ་བརྒྱད་པ་ཨཱཿལས་ཟེའུ་འབྲུ་ཕཊ་སེར་པོས་བུ་ག་བཀག་པར་གྱུར། ཅེས་གསལ་བཏབ་ལ་ཡབ་ཀྱིས་བསྐུལ་བ་ནི། ༀ་པདྨ་སུ་ཁཱ་དྷ་ར་མ་ཧཱ་རཱ་ག་སུ་ཁནྡ་ད་ཙ་ཏུར྄་ཨཱ་ནན་བྷཱ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀཱ་ཾ་ཀུ་རུ་ཥྭ་མེ། འདོད་ཆགས་ཆེན་པོའི་བདེ་བ་འཛིན་ཅིང་ཀུན་ཏུ་དགའ་བ་བཞི་པའི་བདེ་བ་སྐལ་བ་སྣ་ཚོགས་པར་བྱིན་པའི་པདྨ་བདག་ལ་བྱ་བ་མཛོད་ཅིག །ཧཱུྃ་གསུམ་ནི་སྒོ་གསུམ་ལྷན་སྐྱེས་ལས་གང་སྐྱེས་པ་ལྷན་སྐྱེས་སུ་སྟོན་པའི་བརྡའོ། །ཡབ་ཀྱི་གསང་གནས་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ། ༀ་དཀར་པོ་ལས་ནོར་བུ། དེའི་བུ་ག་ཕཊ་སེར་པོས་བཀག་པར་གྱུར་པ་ལ་ཡུམ་གྱིས་བསྐུལ་བ་ནི། ༀ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུར྄་ཨཱ་ནནྡ་དཱ་ཡ་ཀ་ཁ་ག་མུ་ཁཻ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀཱ ཾ་ཀུ་རུ་ཥྭ་མེ། །ཀྱེ་ཞེ་སྡང་རྡོ་རྗེ་ཆེན་པོ། ཁ་ག་མུ་ཁ་དང་རོ་གཅིག་པར་བདག་ལ་དགའ་བ་བཞི་བྱིན་པའི་བྱ་བ་མཛོད་ཅིག་ཀྱེ་མགོན་པོ། ཧཱུྃ་གསུམ་ནི་སྔ་

p. 137

མ་ལྟར་རོ། །ཞེས་པས་བྱིན་གྱིས་བརླབ་པ། ཞེས་བཀོད་པ་ནི་རྗེ་བཙུན་མར་རྔོག་གི་མན་ངག་མདོ་སྦྱ ར་སོགས་རྒྱ་བོད་ཀྱི་གཞུང་ཚད་མར་གྱུར་པ་ཕལ་མོ་ཆེ་དང་མཐུན་པའི་ལུགས་ལྟར་ཡིན་ལ། ཡང་རྩ་རྒྱུད་དུ་མཁའ་གསང་བྱིན་བརླབས་ཀྱི་སྔགས་བསྟན་པའི་རྗེས་ཁོ་ནར། སྤྱི་བོར་ༀ་གྱི་རྣམ་པ། སྙིང་གར་ཧཱུྃ་གི་རྣམ་པ། ཟེའུ་འབྲུར་ཨཱཿའི་རྣམ་པའོ། །ཞེས་གསུངས་པའི་དོན་འ ཆད་པར་དགོངས་ནས། ཇོ་བོ་མཻ་ཏྲི་པས། རིགས་ལྔའི་ཆ་ཤས་བྱེད་པའི་སླད་དུ་བཅོམ་ལྡན་འདས་མའི་མགོ་བོ་དང་། སྙིང་ཁ་དང་། གསང་བ་དང་། རླ་ཟུང་ལ་གོ་རིམ་བཞིན་ༀ་ཧཱུྃ་སྭཱ་ཨཱཿཧཱ་རྣམས་ཡོངས་སུ་གྱུར་པའི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་བསྒོམ་པར་བྱའོ། །ཞེས་གསུངས་པ་དང་། སློབ་དཔོན་བྷ་ཝ་བྷ་དྲས་གནས་དེ་རྣམས་སུ་ཡི་གེ་དེ་རྣམས་ཉིད་བསྒོམ་པར་བཤད་པ་ཡང་སྐབས་འདིའི་སྒོམ་རིམ་རྣམས་གྲངས་པ་ཡིན་

p. 138

ནོ། །ཡང་རམ་ལུགས་པ་དག་ནི། ལུང་དེའི་དོན་རྡོ་རྗེའི་སྤྱི་བོར་ནི་ༀ། སྙིང་གར་ཧཱུྃ། པདྨའི་ཟེའུ་འབྲུར་ཨཱཿཞེས་ཀྱང་འཆད་དོ། །དེ་ནས་བསྲུབ་པ་དང་བསྲུབ་པའི་སྦྱོར་བས་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་མཚམས་ནས་དགའ་བ་སྒྱུ་མ་ལྟ་བུ་སིད་དང་ཕཊ་ཀྱི་སྒྲ་དང་བཅས་པའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་བསྐུལ་ནས། དེ་དག་གིས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བཅུད་བསྡུས་ཏེ་ཚུར་འདུས་པ་ཡབ་ཀྱི་ཞལ་དུ་ཞུགས་ཤིང་ཐུགས་ཀར་ཞུ་བ་དྷཱུ་ཏིའི་ལམ་ནས་རྡོ་རྗེ་ནོར་བུའི་ནང་དུ་སོང་བ་ན་ངོ་བོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་རྣམ་པ་རྣལ་འབྱོར་མ་བརྒྱད་ཀྱི་ས་བོན། གཾ། ཙཾ། བཾ། གྷཾ། པཾ། ཤཾ། ཙཾ། ཌཾ་རྣམས་ཡུམ་གྱི་མཁར་སྤྲོས་པ་ལས་ཡབ་ཡུམ་གཉིས་དང་སངས་རྒྱས་ཐམས་ཅད་ཟག་པ་མེད་པའི་བདེ་བས་ཚིམ་པར་གྱུར། ས་བོན་དེ་དག་ལས་གཏུམ་མོའ་ས་བོན་རྩ་རྒྱུད་འབྲོག་མིའི་འགྱུར་དུ་མིང་ཡིག་ཐ་མ་ང་རོས་མནན་པ་ལཾ་ཞེས་བྱུང་ཡང་། མདོ་སྦྱར་དུ། རྩ་

p. 139

རྒྱུད་ཀྱི་ལུང་དྲངས་པར་ཙཾ་ཞེས་འབྱུང་བ་ལེགས་ཏེ་ས་བོན་གཞན་རྣམས་མིང་གི་ཐོག་མའི་ཡེ་གེ་ང་རོས་བརྒྱན་པའི་རིགས་པས་ཀྱང་གྲུབ་ལ། དེར་མ་ཟད་འགྲེལ་པར་དཔལ་ནཱ་རོ་པས། དང་པོའི་སྐྱེས་བུ་སྒོམས་བྱས་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དེ་བཞིན་གཤེགས་པའི་ཐིག་ལེ་དེ། །ས་བོན་བརྒྱད་པོ་རྣམས་སུ་འགྱུར། །གཾ། ཙཾ། བཾཾ། གྷཾ། །པཾ། ཤཾ། ཙཾ། ཌཾ། ས་བོན་རྣམས་ཀྱིས་སྤྲོ་བར་བྱ། །ཞེས་གསུངས་པས་ཀྱང་ཙཾ་དུ་བརྗོད་པ་ཉིད་དག་པར་སེམས་སོ། །གསུམ་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །ཞེས་པས་རྒྱས་གདབ་པ་ནི་རྗེས་སུ་ཆགས་པ་རྡོ་རྗེ་འཆང་གི་ཡན་ལག་གོ། །གསུམ་པ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ལ། གང་ལ་དབང་བསྐུར་བའི་ཡུལ་ལྷའི་བསྐྱེད་ཆོག་དང་། ཇི་ལྟར་དབང་བསྐུར་བའི་ཡན་ལག་དངོས་བསྟན་པ་གཉིས་ཀྱི། །

p. 140

དང་པོ་ལ། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱིས་འཁོར་གྱི་རྣལ་འབྱོར་མ་བརྒྱད་སྤྲོ་བ། བར་སྲིད་ཞུགས་ཏེ་ཞུ་བ་གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ། དེ་ཉིད་སེམས་དཔའི་གསུམ་བརྩེགས་སུ་བསྒོམ་པ། སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་དམ་ཚིག་པར་བཞུག་པ་དང་དྲུག་གི། །དང་པོ་ལ་གཉིས། སྦྱང་བྱ་ཤེས་པར་བྱ་བ་དང་། སྦྱོང་བྱེད་ཉམས་སུ་ལེན་པའོ། །དང་པོ་ནི། རྡོ་རྗེ་སྙིང་འགྲེལ་ལས། འཇིག་རྟེན་པའི་སྲིད་པ་སྐྱེད་པའི་ཆོས་ཕ་དང་མའི་བུ་ཚ་སྐྱེད་པའི་ཆོས་བསྟན་ཏོ། །ཞེས་གསུངས་པས་སྦྱང་བྱ་འཇིག་རྟེན་པ་རྣམས་ཉེར་ལེན་གྱི་ཕུང་པོའི་སྲིད་པ་སྐྱེད་པར་བྱེད་པའི་རྐྱེན་དུ་ཕ་དང་མ་ལ་བརྟེན་ནས་མངལ་སྐྱེས་ཀྱི་བུ་ཚ་སྐྱེད་པའི་བྱ་བ་སྟོན་པ་དང་ཆོས་མཐུན་པར་སྦྱོང་བྱེད་ཀྱང་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འཁོར་རྣམས་སྐྱེད་ཅིང་སྤྲོ་བར་སྟོན་པ་ཡིན་ནོ། །གཉིས་པ་ནི། རྩ་བའི་རྒྱུད་ལས།

p. 141

གྲོང་ཁྱེར་ཉམས་དགར་ཁྱོད་དང་ང་། །དགའ་བས་ཤིན་ཏུ་རོལ་པ་ལས། །དཀར་པོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་བསྟན་པ་དང་། གུར་ལས་ཀྱང་། མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཞེས་དང་། དེ་བཞིན་དཀྱིལ་འཁོར་རྣམས་བཀོད་ལ། །ཞེས་སོགས་གསུངས་པས་ཡུམ་གྱི་པདྨར་གནས་པའི་ས་བོན་དེ་དག་རྣལ་འབྱོར་མ་བརྒྱད་ཀྱི་སྐུར་གྱུར་པ་རྣམས་མངལ་ནས་ཕྱུང་སྟེ་རང་རང་གི་སྟན་ལ་རིམ་གྱིས་འཁོད་པར་གྱུར། ༀ་གཽ་རཱི་གཾ་སྭཱ་ཧཱ། གཾ་ཡིག་ལས་བྱུང་བའི་གཽ་རཱི་ཁ་དོག་ནག་མོ་ཕྱག་གཡས་པས་ལོག་པར་ལྟ་བ་གཅོད་པའི་གྲི་གུག་དང་། འཁོར་བའི་བག་ཆགས་ཉམས་པར་བྱེད་པའི་བརྡར་གཡོན་པས་ཉ་རོ་ཧི་ཏ་བསྣམས་པ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་རང་བཞིན་ཡུམ་གྱི་མཁའ་ནས་ཕྱུང་བ་ཤར་ཕྱོགས་ཀྱི་པདྨའི་འདབ་མར་ཚངས་པའི་གདན་ལ་འཁོད་པར་གྱུར། ༀ་ཙཽ་རཱི་ཙཾ་སྭཱ་ཧཱ། ཙཾ་ཡིག་ལས་

p. 142

སྐྱེས་པའི་ཆོམས་རྐུན་གཙོད་ཀྱི་ཁ་དོག་ཅན་ཕྱག་གཡས་པ་ན། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྟོགས་པར་བྱེད་པའི་ཅང་ཏེའུ་དང་། གཡོན་པ་ན་གཏི་མུག་གཞོམ་པའི་ཕག་པ་འཛིན་པ་ཚོར་བའི་ཕུང་པོ་རྣམ་པར་དག་པའི་རང་བཞིན་ཡུམ་གྱི་མཁའ་ནས་ཕྱུང་བ་ལྷོ་ཕྱོགས་ཀྱི་པདྨའི་འདབ་མར་དབང་པོའི་གདན་ལ་འཁོད་པར་གྱུར། ༀ་བེ་ཏ་ལཱི་བཾ་སྭཱ་ཧཱ། བཾ་ཡིག་ལས་སྐྱེས་པའི་རོ་ལངས་མ་གསེར་གཙོ་མ་ལྟ་བུ་ཕྱག་གཡས་ན་སྟོང་པ་ཉིད་རྟོགས་པར་བྱེད་པའི་རུས་སྦལ་དང་། གཡོན་པ་ན་སྙིང་རྗེའི་རང་བཞིན་གྱི་ཐོད་པ་བསྣམས་པ། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་རང་བཞིན་ཡུམ་གྱི་མཁའ་ནས་ཕྱུང་བ་ནུབ་ཕྱོགས་ཀྱི་པདྨའི་འདབ་མར་ཉེ་དབང་གི་གདན་ལ་མཁོད་པར་གྱུར། ༀ་གྷསྨ་རཱི་གཾ་སྭཱ་ཧཱ། གྷཾ་ཡིག་ལས་སྐྱེས་པའི་ཟ་ནུས་མ་མ་ར་ཀ་ཏའི་མདོག་ཅན་ཕྱག་གཡས་པ་ན་ཞེ་སྡང་དག་པའི་སྦྲུལ་དང་། ཡེ་ཤེས་ཀྱིས་གང་བའི་བརྡར་གཡོན་པ་པདྨའི་སྣོད་ཅན་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་

p. 143

པའི་རང་བཞིན་ཡུམ་གྱི་མཁའ་ནས་ཕྱུང་བ་བྱང་ཕྱོགས་ཀྱི་པདྨའི་འདབ་མར་དྲག་པོའི་གདན་ལ་མཁོད་པར་གྱུར། ༀ་པུཀྐ་སཱི་པཾ་སྭཱ་ཧཱ། པཾ་ཡིག་ལས་སྐྱེས་པུཀྐ་སཱི་སྔོན་མོ་ཕྱག་གཡས་པས་ང་རྒྱལ་སྦྱོང་ཞིང་བདུད་ཀྱི་སྡེ་གཞོམ་པར་བྱེད་པའི་སེང་གེ་དང་། གཡོན་པས་གཉིས་འཛིན་གཅོད་པའི་དགྲ་སྟ་འཛིན་པ་སའི་ཁམས་རྣམ་པར་དག་པའི་རང་བཞིན་ཡུམ་གྱི་མཁའ་ནས་ཕྱུང་བ་བྱང་ཤར་ཀྱི་འདབ་མར་གཤིན་རྗེའི་གདན་ལ་མཁོད་པར་གྱུར། ༀ་ཤྭ་ཝ་རཱི་ཤཾ་སྭཱ་ཧཱ། ཤཾ་ཡིག་ལས་སྐྱེས་པའི་རི་ཁྲོད་མ་དཀར་མོ་གཡས་པ་ན་ཡེ་ཤེས་ལྔ་རྟོགས་པར་བྱེད་པའི་བརྡར་དགེ་སློང་དང་། གཉིས་མེད་ཀྱི་ཡེ་ཤེས་ཁོང་དུ་ཚུད་པར་སྟོན་པའི་ཕྱིར་གཡོན་པས་མཁར་བསིལ་བསྣམས་པ། ཆུའི་ཁམས་རྣམ་པར་དག་པའི་རང་བཞིན་ཡུམ་གྱི་མཁའ་ནས་ཕྱུང་བ་ཤར་ལྷོའི་འདབ་མར་ནོར་བདག་གི་གདན་ལ་མཁོད་པར་གྱུར། ༀ་ཙཎྜ་ལི་ཙཾ་སྭཱ་ཧཱ། ཙཾ་ཡིག་ལས་སྐྱེས་པའི་གཏུམ་མོ་ནམ་མཁའི་མདོག་ཅན་གཡས་ཐེ་

p. 144

ཚོམ་གྱི་རྟོག་པ་གཅོད་པར་བྱེད་པའི་འཁོར་ལོ་དང་། གཡོན་མི་ཤེས་པའི་དྲི་མ་དྲུངས་འབྱིན་པའི་ཐོང་གཤོལ་བསྣམས་པ་མེའི་ཁམས་རྣམ་པར་དག་པའི་རང་བཞིན་ཡུམ་གྱི་མཁའ་ནས་ཕྱུང་བ་ལྷོ་ནུབ་ཀྱི་འདབ་མར་སྲིན་པོའི་གདན་ལ་མཁོད་པར་གྱུར། ༀ་ཌོཾ་བྷི་ནཱི་ཌཾ་སྭཱ་ཧཱ། ཌཾ་ཡིག་ལས་སྐྱེས་པའི་གཡུང་མོ་ཁྲ་བོའི་མདོག་ཅན་གཡས་མི་ཕྱེད་པའི་ཡེ་ཤེས་རྟོགས་པའི་རྡོ་རྗེ་དང་གཡོན་གདུག་པ་ཅན་སྡིགས་པའི་སྡིག་མཛུབ་ཅན་རླུང་གི་ཁམས་རྣམ་པར་དག་པའི་རང་བཞིན་ཡུམ་གྱི་མཁའ་ནས་ཕྱུང་བ་ནུབ་བྱང་གི་འདབ་མར་ཐག་བཟང་རིས་ཀྱི་གདན་ལ་མཁོད་པར་གྱུར་པ་ཐམས་ཅད་ཀྱང་ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་མངའ་བ། དབུ་སྐྲ་དམར་སེར་གྱེན་དུ་རྫེས་པ་ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །འདིར་འཁོར་གྱི་ལྷ་མོ་རྣམས་ཡུམ་གྱི་མངལ་དུ་བསྐྱེད་ནས་རིམ་གྱིས་སྤྲོ་བ་ནི་རྩ་རྒྱུད་ཀྱི་དངོས་བསྟན་ལྟར་

p. 145

རྗེ་བཙུན་མར་རྔོག་གི་ལུགས་ལས་འབྱུང་བའི་ཚུལ་འདི་དཔལ་ནཱ་རོ་པའི་བཞེད་པའི་རྣམ་གྲངས་གཅིག་ཡིན་ཏེ། འགྲེལ་པར་གཾ་ཡིག་ལས་བྱུང་བའི་གཽ་རཱི་ཁ་དོག་ནག་མོ་ཕྱག་གཡས་པས་གྲི་གུག་དང་གཡོན་པས་ཉ་རོ་ཧི་ཏ་ཅན་ཚངས་པ་མནན་པ ། གཟུགས་ཀྱི་ཕུང་པོའི་རང་བཞིན་སྤྲོ་བར་བྱའོ། །ཞེས་སོགས་གསུངས་ཤིང་ས་ལུགས་པ་འགའ་ཞིག་ཀྱང་འདི་དང་མཐུན་པར་སྣང་ལ། ཡང་རྒྱ་བོད་ཀྱི་སློབ་དཔོན་ཁ་ཅིག་གཙོ་བོའི་བསྐྱེད་ཚུལ་མངོན་བྱང་ལྔ་བསྒོམ་པ་དང་ལྷན་ཅིག་འཁོར་གྱི་གདན་བརྒྱད་ཀྱི་སྟེང་དུའང་དབྱངས་གསལ་ལས་ཟླ་ཉིའི་དཀྱིལ་འཁོར་སྒོམས་ནས་གཙོ་བོའི་སྐུ་རྫོགས་ཏེ། མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ཐིག་ལེ་བརྒྱད་སྤྲོས་པ་ཕྱོགས་མཚམས་ཀྱི་ཟླ་ཉིའི་བར་དུ་ཞུགས་པས། གཾ་ལས་གྲི་གུག་གཾ་གིས་མཚན་པ་སོགས་སུ་གྱུར་པ་ལས་རྣལ་འབྱོར་མ་བརྒྱད་བཞེངས་པ་སྟེ། གཙོ་འཁོར་ཐམས་ཅད་མངོན་བྱང་ལྔས་བསྐྱེད་པར་བཞེད་

p. 146

པའིང་བྱུང་བ་འདི་ལ་ལེའུ་ལྔ་པའི་དངོས་བསྟན་ལྟར་མངལ་དུ་ས་བོན་ཙམ་ལས་ལྷ་བསྐྱེད་ནས་སྤྲོ་བའི་ལུགས་སྔ་མ་ནི། འཁོར་གྱི་བསྐྱེད་ཚུལ་བསྡུས་པ་དང་། འཁོར་རྣམས་ཀྱང་མངོན་བྱང་ལྔས་བསྐྱེད་པ་ནི་རྒྱས་པ་ཡིན་ནོ་ཞེས་རྗེ་འཕྲིན་ལས་པ་བཞེད་དོ། །ཡང་ནཱ་རོའི་ཞལ་ལུང་ལས། དབུས་ཀྱི་ཉི་ཟླ་ཁ་སྦྱར་བར། །ནཱ་ད་ལྷུང་བས་ཧཱུྃ་དུ་གྱུར། །ཧཱུྃ་ལས་གཾ་སོགས་སྤྲོ་བར་བྱ། །ཞེས་པའི་བསྐྱེད་ཚུལ་བྱུང་བའང་ལུགས་གཅིག་གོ། །སྤྲོ་བའི་ཚུལ་དེ་དག་གིས་འཁོར་གྱི་ལྷ་མོ་རྣམས་གང་དུ་འགོད་པ་ལ་ཌོཾ་བྷི་ལུགས་དང་ནཱ་རོའི་ཞལ་ལུང་ལས་ཕྱོགས་མཚམས་ཀྱི་པད་འདབ་བརྒྱད་དུ་བགོད་པར་བསྟན་པ་ལྟར་མར་རྔོག་གི་ལུགས་ལས་འབྱུང་ཞིང་ས་ལུགས་པ་ཕལ་ཆེར་ཡང་འདོད་དོ། །དེ་ལྟར་གྱི་ཚེ་རྒྱུད་ལས་གོ་རཱི་སོགས་ཕྱོགས་ཀྱི་རྣལ་འབྱོར་མ་བཞིའི་གནས་ལ་སྒོ་དང་། པུཀྐ་སཱི་སོགས་བཞིའི་གནས་ལ་མཚམས་ཀྱི་སྒྲས་བསྟན་པ་དང་འགལ་ལོ་ཞེ་ན། སྒོ་དང་མཚམས་དེ་དག་གི་ཐད་གའི་པད་འདབ་ལ་འགོད་

p. 147

པས་སྐྱོན་མེད་ལ། ཡང་སློབ་དཔོན་འཚོ་སྐྱེས་དང་ཤཱནྟི་པ་སོགས་མཁས་གྲུབ་མང་པོ་ནི་རྒྱུད་ཀྱི་ལུང་སྒྲ་ཇི་བཞིན་དུ་སྒོ་བཞི་དང་མཚམས་ཀྱི་གྲྭ་བཞིར་འགོད་པའིང་བཞེད་དོ། །འབྱིན་སྔགས་ཀྱང་གུར་ལས། ས་བོན་བརྒྱད་པོ་དེ་རྣམས་ནི། །དེ་བཞིན་གཤེགས་པའི་ཐིག་ལེ་རྣམས། །གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཙཾ། །ཌཾ་ས་བོན་གྱིས་ལྷ་མོ་དབྱུང་། །ཞེས་དངོས་སུ་ས་བོན་ཙམ་འབྱིན་སྔགས་སུ་བསྟན་པའི་ཤུགས་ལས་མཚན་སྔགས་ཀྱང་འབྱིན་སྔགས་སུ་རུང་ངོ་། །ཞེས་བླ་མ་གོང་མ་དག་བཞེད་ལ། དེའི་སྔགས་དོན་ཀྱང་། ༀ་མཆོག་སྟེར་བ། །གོ་རཱི་སོགས་ལྷ་མོ་སོ་སོའ་མཚན། གཾ་སོགས་མིང་ཡིག་དང་པོ་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེས་བརྒྱན་པ་སྟེ་ས་བོན། སྭཱ་ཧཱ་རྣམས་གཞི་ཚུགས་ཤིག་པའོ། །ལྷ་མོ་འདི་རྣམས་ཀྱི་ཁ་དོག་དང་ཆ་ལུགས་ཕལ་ཆེར་སྒོམ་པའི་འཆར་སླ་ཡང་། གཡུང་མོ་ཁྲ་བོའི་མདོག་ཅན་ཅེས་སྨོས་པ་ནི། རྒྱུད་ལས། གཡུང་མོ་སྣ་ཚོགས་པ་ཞེས་བརྗོད། །ཅེས་པའི་དོན་ལ་རྒྱུད་ནི་རྒྱུད་གཞན་གྱིས་

p. 148

རྟོགས་པར་བྱའོ། །ཞེས་པའི་ལུང་གིས་རྡོ་རྗེ་ལས་ཀྱི་ཁ་དོག་ལྟར་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དཀར་པོ། ཞལ་གྱི་འོག་ནས་སྐེད་པའི་བར་དམར་སྐྱ། སྐེད་པའི་བར་དང་ཕྱག་གཉིས་སྔོ་སྐྱ། རླ་གཉིས་སེར་སྐྱ། ཞབས་མགོ་དང་དཔུས་མོ་སྔོན་པོར་རྒྱ་གཞུང་ཁ་ཅིག་ལས་བཤད་ཅེས་སྤྱན་སྔ་ཐམས་ཅད་མཁྱེན་པ་བཞེད་ཅིང་། གུར་ལས་ནི་ལྗང་ཁུར་ཡང་བཤད་དོ། །གཉིས་པ་བར་སྲིད་ཞུགས་ཏེ་ཞུ་བ་གླུས་བསྐུལ་བ་ལའང་སྔ་མ་ལྟར་གཉིས་ལས། དང་པོ་སྦྱང་བྱ་ཤེས་པར་བྱ་བ་ནི། ཕ་མའི་འདུ་འཕྲོད་ཀྱི་ཚེ་བར་སྲིད་ཞུགས་པ་ན་ཕ་མ་དང་བར་དོའ་རྣམ་ཤེས་གསུམ་གས་ཟག་བཅས་ཀྱི་བདེ་བ་ཉམས་སུ་མྱོང་ལ། ལྷག་པར་བར་སྲིད་དེ་མའི་མངལ་དུ་མེར་མེར་སོགས་ཀྱི་ལུས་ལ་སེམས་དབུ་མར་བདེ་བས་མྱོས་པ་དང་། དེའི་རྗེས་སུ་མངལ་དུ་ལུས་ཚང་བར་གྲུབ་སྟེ་ཕྱིའི་སྐྱེ་མཆེད་ཡུལ་དྲུག་དང་དབང་ཤེས་འདུ་ཞིང་འཕྲད་ནས་ལོངས་སྤྱོད་པའི་ཆེད་དུ་འབྱུང་བ་བཞིའི་རླུང་གི་སྟོབས་ཀྱིས་ཕྱིར་སྐྱེ་བ་ལ་

p. 149

ཕྱོགས་པའི་དྲན་པ་སད་པར་བྱེད་པ་བཞིན་དུ་སྦྱོང་བྱེད་ཀྱི་སྐབས་འདིར་ཡང་བར་སྲིད་ཀྱི་རྣམ་ཤེས་མཚོན་བྱེད་སྔར་གྱི་ནམ་མཁའི་ནཱ་ད་ཆ་ཕྱེད་ཡོད་པ་དེ་གཙོ་བོ་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་པདྨར་བབས་པས། དེ་དག་བདེ་བའི་ངོ་བོར་ཞུ་བ་ན་འབྱུང་བཞི་རྣམ་དག་གི་ལྷ་མོ་བཞིས་སད་པར་བྱེད་པའི་སླད་དུ་གླུས་བསྐུལ་བར་སྟོན་ཏེ། སྙིང་འགྲེལ་ལས། རྣམ་ལྔ་མངོན་པར་རྫོགས་བྱང་ཆུབ། །ཨ་ཝ་དྷཱུ་ཏིར་བདེ་བས་བརྒྱལ། །ཅེས་དང་། ཕྱི་ཡི་སྐྱེ་མཆེད་ལོངས་སྤྱོད་ཆེ། །བདེ་བ་ཆེན་པོ་སད་བྱེད་དེ། །པུཀྐ་སཱི་དང་རི་ཁྲོད་མ། །གཏུམ་མོ་དེ་བཞིན་གཡུང་མོ་སྟེ། །ས་དང་ཆུ་དང་མེ་རླུང་གིས། །ཞེས་གསུངས་སོ། །གཉིས་པ་སྦྱོང་བྱེད་ཉམས་སུ་ལེན་པ་ནི། རྩ་བའི་རྒྱུད་ལས། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིགས་མར་བཅས་པ་ཁུ་བར་གྱུར། །ཅེས་དང་། གུར་ལས། དྲི་ཟ་རབ་ཏུ་ཞུགས་པ་ནི། །ལྷུང་སྟེ་ཞུ་བ་རྗེས་དྲན་པས། །ཞེས་གསུངས་པའི་དོན་ནི། དེ་ནས་ནམ་མཁའི་ནཱ་ད་དེ་

p. 150

སྐར་མདའ་འཕོ་བ་བཞིན་དུ་བཅོམ་ལྡན་འདས་ཡབ་ཀྱི་ཞལ་དུ་ཞུགས་ཏེ་སྐུའི་དབྱིབས་རྒྱུད་ནས་ཡུམ་གྱི་པདྨར་བབས་པས་ཡུམ་ཟག་མེད་ཀྱི་བདེ་བའི་ངོ་བོར་ཞུ་བ་དེའི་རྐྱེན་གྱིས་ཡབ་ཀྱང་ཟག་མེད་ཀྱི་བདེ་བའི་ངོ་བོར་ཞུ་བ་དངུལ་ཆུ་དང་མཚུངས་པའི་ཁ་དོག་ཅན་གྱི་ཐིག་ལེའི་རྣམ་པར་གྱུར། འདིར་བར་སྲིད་མཚོན་བྱེད་རྒྱུ་རྡོ་རྗེ་འཛིན་པའི་ཞལ་དུ་འཇུག་ཚུལ་ལ་བརྗོད་མ་ཐག་པ་ལྟར་ནཱ་དའི་རྣམ་པ་དང་ཧོཿཡིག་གཉིས་ཀྱི་བར་དུ་ཚུད་པའི་རང་གི་ས་བོན་གྱི་གཟུགས་དང་། ཧོཿཡིག་དག་གི་བར་དུ་ཚུད་པའི་ཡི་གེ་གསུམ་གྱི་རྣམ་པས་འཇུག་པའི་ལུགས་གསུམ་འབྱུང་བའང་མི་འགལ་བར་མན་སྙེ་ལས་བཤད་དེ། ཇི་སྐད་དུ། ཧོཿཡིག་དམར་པོ་གཉིས་ཀྱི་བར་དུ་ཚུད་པའི་ས་བོན་གྱི་ཡི་གེའམ། ཡི་གེ་གསུམ་གྱི་གནས་སྐབས་སམ། ཁ་ཅིག་ཏུ་ནཱ་ད་ཙམ་སྟེ་རྣམ་པ་གསུམ་ག་ཡང་ལུས་དང་ངག་དང་སེམས་རྣམས་བསྐྱེད་པའི་ཕྱིར་འདིར་ཧོཿ ཡིག་དམར་པོ་གཉིས་ནི་དྲི་ཟ་ཆགས་པས་སྒྲིབས་པ་མཆོག་ཏུ་གྱུར་པ་གསལ་

p. 151

བར་བྱེད་པའི་དོན་དུའོ། །ཁ་ཅིག་ནི་མ་དང་ཕ་ལས་བྱུང་བའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་བདེ་བ་ཆེན་པོ་འདོད་ཆགས་ཧོཿཡིག་དམར་པོ་གཉིས་དང་སྤེལ་བའི་ཡི་གེ་གསུམ་འདིར་ཉེ་བར་བསྟན་ཏོ། །སངས་རྒྱས་རྣམས་ཁོ་ན་འདིར་མ་དང་ཕའི་དངོས་པོ་ཉེ་བར་གནས་སོ། །ཞེས་མངོན་པར་དགོངས་པའི་ཕྱིར་རོ། །འདིར་ནི་དྲི་ཟ་དང་འདྲ་བའི་ནཱ་ད་ཁོ་ན་ཡི་གེ་གསུམ་ལ་སོགས་པའི་རང་བཞིན་ནོ། །ཞེས་འདོམས་པར་བྱེད་དོ། །ཞེས་གསུངས་ལ། དེ་ལྟར་ཞུགས་ཏེ་ཞུ་བའི་དོན་ལ་སློབ་དཔོན་ཛ་ལནྡྷ་རི་པ་ནི་འདི་ལྟར་གཞེད་དེ། སྒྲུབ་ཐབས་འཚོ་སྐྱེས་ཀྱི་མདོར་བཤད་དག་པ་རྡོ་རྗེའི་སྒྲོན་མར། །ལྷའི་རྣམ་པས་མ་དག་པའི་ལུས་མེད་པ་སྟེ། མ་དག་པའི་ལུས་མེད་པ་ན་དག་པའི་སྤྲུལ་པའི་སྐུར་བཏགས་པ་ཙམ་མོ། །དེ་ཡི་ཡང་མེད་པས་ན་བདུད་རྩི་ཞུ་བའི་ཐིགས་པ་བཞིན་དུ་དང་བ་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པའི་གཟུགས་ཀྱིས་གནས་པ་སྟེ། དེ་ཉིད་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པའི་སྨོན་ལམ་གྱི་

p. 152

རྟེན་ནོ། །ཇི་ལྟར་སྒྱུ་མ་རང་དང་གཞན་གྱི་ཤེས་པ་དང་། ཡང་དག་པར་རིག་པ་མེད་ན་ཡང་དོན་གྱི་བྱ་བ་བྱེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་སྒྱུ་མ་ནི་ཡུན་རིང་པོར་སྨོན་ལམ་གྱི་ཤུགས་ཀྱིས་དོན་བྱེད་པའི་དབང་གིས་བཞེངས་པ་སྟེ་རྨི་ལམ་སད་པ་བཞིན་ནོ། །ཞེས་གསུངས་སོ། །དེའི་ཚེ་མཚམས་ཀྱི་ལྷ་མོ་བཞིས་གཙོ་བོ་ཡབ་ཡུམ་མེད་པར་ཤེས་ནས་མྱ་ངན་གྱི་གླུས་བསྐུལ་བ་ནི། རྗེ་བཙུན་སྙིང་རྗེའི་ཡིད་གཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །དགྱེས་པ་རྡོ་རྗེ་ཁྱོད་གཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་བསྒྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བས། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་མཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདག་གིས་ཁྱེད་ཀྱི་ཐུགས་མཚལ་གྱི། །མིག་འཕྲུལ་མངའ་བ་ཁྱོད་གཞེངས་

p. 153

ཤིག །གཡུང་མོ་བདག་ཉིད་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་ཤིན་ཏུ་སྙན་པའི་གླུས་བསྐུལ་ལོ། །དེ་ལྟར་ཡང་རྩ་རྒྱུད་ལས། སྣ་ཚོགས་གླུ་ཡི་མཆོད་པ་ཡིས། །དེ་ནས་ལྷ་མོ་རྣམས་ཀྱིས་བསྐུལ། །ཞེས་དང་། གུར་ལས་ཀྱང་། མཚམས་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ། །བསྐུལ་ནས་འཁོར་ལོའི་འདྲེན་པ་ནི། །ཞེས་སོགས་ཀྱིས་བསྟན་པའི་རྣལ་འབྱོར་འདི་ནི་སྦྱང་འབྲས་ཀྱི་ཚེ་ལོངས་སྤྱོད་རྫོགས་པའི་སྐུངེས་པ་ལྔ་ལྡན་ལས་ཚད་མེད་བཞིའི་ཐུགས་རྗེས་བསྐུལ་བས་སྤྲུལ་པའི་སྐུར་བསྟན་པའི་རྣམ་པ་དང་འབྲས་བུ་ལམ་དུ་བྱེད་པ་སྟེ་གང་གིས་བསྐུལ་བའི་ལྷ་མོ་པུཀྐ་སཱི་ནི་བྱམས་པ་དང་། རི་ཁྲོད་མ་ནི་སྙིང་རྗེ་དང་། གདོལ་བ་མོ་ནི་དགའ་བ་དང་། གཡུང་མོ་ནི་བཏང་སྙོམས་རྣམ་པར་དག་པའི་བདག་ཉིད་ཡིན་ནོ། །།གསུམ་པ་འབྲས་བུ་རྡོ་རྗེ་འཛིན་པ་གཞེངས་པ་ལའང་། སྦྱང་བྱ་ཤེས་པར་བྱ་བ་དང་། སྦྱོང་བྱེད་ཉམས་སུ་ལེན་པ་གཉིས་ཀྱི། །དང་པོ་ནི། མའི་མངལ་དུ་གནས་

p. 154

པའི་སྲོག་ཆགས་དེའི་ཡིད་ཀྱི་ཡུལ་ཆོས་ཀྱི་སྐྱེ་མཆེད་པས་བསྡུས་པའི་ཚོགས་དྲུག་གི་རྣམ་པར་ཤར་བ་ཡང་། ཇི་ལྟར་རྨི་ལམ་གྱི་གནས་སྐབས་སུ་བག་ཆགས་ཀྱི་ཡུལ་ཡུལ་ཅན་ལྟར་དམིགས་པ་དང་ཆ་འདྲ་བའི་རང་བཞིན་དུ་གནས་པ་ལས། སྐྱེ་བ་ལ་ཕྱོགས་པའི་རླུང་གི་མཐུས་གཉིས་ལས་སླང་བ་བཞིན་དུ་ཕྱིར་སྐྱེས་ནས་ཡུལ་དྲུག་དང་དབང་པོ་དྲུག་ཕྲད་དེ་སྐྱེ་མཆེད་རྒྱས་པ་ནི་གཉིད་ལས་སད་པའི་གནས་སྐབས་ཐོབ་པ་དང་མཚུངས་པ་ལྟ་བུ་དེ་ཡིན་ཏེ། སྙིང་འགྲེལ་ལས། རྨི་ལམ་གནས་སྐབས་རང་བཞིན་ལས། །བྱིས་པ་དེ་རྣམས་ཀྱིས་སླང་བ། །མ་ཡི་མངལ་ནས་ཕྱིར་ཕྱུང་སྟེ། །སད་པའི་གནས་སྐབས་ཡང་དག་ཐོབ། །ཅེས་གསུངས་སོ། །གཉིས་པ་ནི་། རྩ་བའི་རྒྱུད་ལས། ཧཱུྃ་དང་ཨཾ་གིས་རྡོ་རྗེ་ཆེ། །ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞབས་རྣམས་ས་ལ་བརྡེབས་པ་དང་། །ལྷ་དང་ལྷ་མིན་སྡིགས་པར་མཛད། །ཅེས་སོགས་གསུངས་པ་དང་། གུར་ལས་ཀྱང་། མ་མོའ་འཁོར་ལོའི་དབུས་བཞུགས་

p. 155

པ། །ཞལ་བརྒྱད་པ་ལ་སྟོབས་པོ་ཆེ། །ཞེས་པ་ནས་སྐྱེས་བུ་བཞེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་པའི་བར་གྱིས་བསྟན་པའི་དོན་ཉམས་སུ་ལེན་པའི་ཚུལ་ནི། །དེ་ལྟར་མཚམས་ཀྱི་ལྷ་མོ་བཞིས་ཤིན་ཏུ་སྙན་པའི་གླུས་བསྐུལ་བའི་ངོར་བྱང་ཆུབ་སེམས་ཀྱི་ངོ་བོའི་ཐིག་ལེ་དངུལ་ཆུའི་རྣམ་པ་ལྟ་བུ་དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་དང་ཨཾ་གི་ཡི་གེ་སྟེ་དེ་ལས་སྐྱེས་པའི་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་ཤིང་འདུས་པ་ལས་གཞེངས་པའི་བཅོམ་ལྡན་འདས་འབྲས་བུ་རྡོ་རྗེ་འཛིན་པ་སེམས་ཅན་ཐམས་ཅད་ལ་བྱམས་པའི་ཐུགས་མི་འགྱུར་བའི་བརྡར་ཆར་སྤྲིན་ལྟར་ཏུ་གནག་པའི་སྐུ་ཅན་ཞེས་པ་ནས། གཅེར་བུ་ཞབས་གཡོན་རྐྱང་ཞིང་གཡས་བསྐུམ་པས་ཡབ་ཀྱི་སྟ་ཟུར་ནས་འཁྱུད་པ། ཞེས་པའི་བར་གོང་དུ་རྒྱུ་རྡོ་རྗེ་འཛིན་པ་བ སྐྱེད་པའི་སྐབས་སུ་བརྗོད་པ་ཇི་ལྟ་བ་བཞིན་ལ། འདིར་མཆོག་ཏུ་བདེ་བ་ཆེན་པོས་བཅོམ་ལྡན་འདས་དང་སྙོམས་པར་འཇུག་པས་གནས་

p. 156

པའོ། །ཞེས་ཁྱད་པར་དུ་འདོན་ཅིང་། གཙོ་བོ་ཡབ་ཡུམ་གསལ་བར་བསྒོམ་པ་ནི་རྡོ་རྗེ་བཞི་ལས་གསུམ་པ་གཟུགས་བརྙན་རྫོགས་པ་སྟེ། དེ་ཡང་འབྲས་བུའི་སངས་རྒྱས་ཆོས་ཀྱི་སྐུ་ལས་མ་གཡོས་པར་ལོངས་སྤྱོད་རྫོགས་པའི་སྐུར་བ སྟན་ལ། དེ་ལས་སྤྲུལ་པའི་སྐུ་དུ་མ་འབྱུང་བའི་རྣམ་པ་དང་འབྲས་བུ་ལམ་དུ་བྱེད་པའི་ཚུལ་གྱི་སྒོམ་རིམ་སྟེ། རྩ་རྒྱུད་ཀྱི་འགྲེལ་པར་དཔལ་ནཱ་རོ་པས། ད་ནི་ལྷ་གཞེངས་པ་བརྗོད་པར་བྱ་སྟེ། འདིར་བཅོམ་ལྡན་འདས་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པ་ལས། གླུ་རྣམས་ཀྱིས་རབ་ཏུ་སད་པར་གྱུར་པ་ནི། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་ཐམས་ཅད་དང་། འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་སེམས་ཅན་གྱི་དོན་གྱི་ཆེད་དུ་སླར་སྐྱེ་བར་མཛད་དོ། །ཞེས་གསུངས་སོ། །བཞི་པ་དེ་ཉིད་སེམས་དཔའི་གསུམ་བརྩེགས་སུ་སྒོམ་པ་ནི། དེ་ལྟར་བཅོམ་ལྡན་འདས་དམ་ཚིག་སེམས་དཔའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའི་མཚོན་གང་པ། དེའི་

p. 157

ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་རྡོ་རྗེ་ནག་པོ་རྩེ་དགུ་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་སྔོན་པོས་མཚན་པ། ཡུམ་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་སྔོན་པོ་འོད་ཟེར་དང་བཅས་པའོ། །ཞེས་པའི་སྒོམ་རིམ་ལུང་དང་སྦྱར་བ་ནི་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྗེད་བྱང་དོན་གྱི་སྲོག་ཤིང་ལ་འདི་ལྟར་གསུངས་ཏེ། དེ་ལྟར་ཡང་གུར་གྱི་ལེའུ་ལྔ་པ་ནས། སྔགས་ཉིད་ཀྱིས་ནི་ཐམས་ཅད་ཀྱི། །སྙིང་གར་ཡེ་ཤེས་གནས་སུ་བགོད། །ཅེས་པས་སོ། །ཡེ་ཤེས་སེམས་དཔའི་དང་ཏིང་ངེ་འཛིན་སེམས་དཔའི་གཉིས་འོང་བའི་མཐད་པ་ནི་གུར་ལེའུ་ལྔ་པ་ནས། །རང་སྔགས་ཡི་གེ་རྫོགས་པ་ན། །ཞེས་པ་ཚིག་གཉིས་བ སྟན་ཏོ། །ཕན་ཡོན་ནི། ཡེ་ཤེས་སེམས་དཔའི་རབ་སྦྱར་བས། །ཞེས་ཚིག་གཉིས་ཀྱིས་བསྟན་ཏེ། ཞེས་དང་། དེ་ཉིད་ལས། དེ་ཡང་གུར་ལེའུ་དྲུག་པ་ནས། དང་པོ་མཚན་མ་བགོད་པ་ན། །རྡོ་རྗེ་སེམས་དཔའི་མི་ཕྱེད་པའོ། །ཞེས་པ་ལ་སོགས་པ་ཚིག་བརྒྱད་ཀྱིས་

p. 158

བསྟན་ཏོ། །དེ་ལ་ཉི་མ་དང་ས་བོན་བགོད་པ་ཡང་དེ་ཉིད་ནས། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །སེམས་ཀྱི་དངོས་པོ་རྣམ་པར་སྒོམ། །ཞེས་པ་ལ་སོགས་པའི་ཚིག་བཅད་གསུམ་གྱིས་བ སྟན་ཏོ། །རྩ་རྒྱུད་ལེའུ་ལྔ་པ་ནས། ཨཾ་ཧཱུྃ་སྔོན་པོ་འབར་འཇིགས་པས། །ཞེས་པས་བསྟན་ཏོ། །ཞེས་གསུངས་ཤིང་མཚོན་བྱའི་ཡེ་ཤེས་ཕྲ་ཞིང་རྟོགས་དཀའ་བའི་དོན་གྱིས་འདིར་མཚོན་བྱེད་ཡེ་ཤེས་སེམས་དཔའི་སྐུའང་ཆུང་ངུར་སྒོམ་པ་ཡིན་ཅེས་མར་རྔོག་གི་རྒྱུད་འཛིན་ལྕེ་བན་དབོན་ཚས་གསུང་ངོ་། །ལྔ་པ་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་རླབ་པ་ལ། ཤེས་པར་བྱ་བ་དང་། སྒོམ་རིམ་དངོས་ལས། དང་པོ་ནི། སྙིང་འགྲེལ་ལས། མིག་ལ་སོགས་པ་བྱིན་རླབ་པ། །རྣམ་ཤེས་དྲུག་པ་རབ་སད་ལས། །།ཡུལ་ལྔ་པོ་རྣམས་འཛིན་པར་བྱེད། །ཅེས་སྦྱང་བྱ་བཙས་པའི་བྱིས་པ་དེའི་སྐྱེ་མཆེད་དྲུག་པ་ཡིད་ཡུལ་ཆོས་ཐམས་ཅད་ལ་རབ་ཏུ་སད་ཅིང་རྟོག་པར་བྱེད་པ་ཐོབ་པས་དབང་པོ་ལྔ་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་

p. 159

ལ་བཟང་ངན་བར་མ་གསུམ་སོགས་སུ་འཛིན་པར་བྱེད་ལ། དེར་མ་ཟད་རྣམ་ཤེས་ཚོགས་བརྒྱད་དམ། ཚོགས་དྲུག་ཀྱང་བསྡུས་ཏེ་མདོར་ན་སེམས་ཅན་རྣམས་ཀྱི་སེམས་ཡིད་རྣམ་ཤེས་གསུམ་དང་། དབང་ཡུལ་དྲུག་དང་། ལུས་ངག་ཡིད་གསུམ་ནི་དྲི་མ་དང་བཅས་པ་ཡིན་པའི་ཕྱིར་དེ་རྣམས་སྦྱོང་བྱེད་དུ་སྐྱེ་མཆེད་དྲུག་དང་གནས་གསུམ་བྱིན་རླབས་ཀྱི་ལྷ་རྣམས་སྒོམ་པ་སྟེ། རྩ་བའི་རྒྱུད་ལས། དབང་པོ་རྣམས་ནི་དག་བྱའི་ཕྱིར། །འདིས་ནི་གོ་ཆའི་སེམས་དཔའི་ཆེ། །ཞེས་དང་། གུར་ལས་ཀྱང་། གཏི་མུག་རྡོ་རྗེ་རབ་སྦྱར་བས། །མིག་གི་རྣམ་པར་ཤེས་པ་སྦྱང་། །ཞེ་སྡང་རྡོ་རྗེ་བསམ་པ་ཡིས། །སྒྲ་ཡི་སྒོ་ཡི་བསམ་པའོ། །སྣ་ནི་སེ ར་སྣ་རྡོ་རྗེ་ཡིས། །རོ་དྲུག་འདོད་ཆགས་རྡོ་རྗེ་ཡིས། །ལུས་ནི་ཕྲག་དོག་རྡོ་རྗེ་ཡིས། །ཡིད་ལ་ཀུན་ཏུ་བཟང་པོ་ཡིས། །དེ་ཉིད་མཁའ་འགྲོ་བདག་མེད་མ། །འདི་རྣམས་ཀྱིས་ནི་ཐམས་ཅད་སྦྱང་། །ཞེས་གསུངས་པ་ལྟར་སྒྲིབ་བཅས་ཀྱི་སྐྱེ་མཆེད་གཏི་མུག་ལ་སོགས་པ་རྣམས་

p. 160

རྟེན་མིག་སོགས་ཀྱི་དབང་པོ་སོ་སོ་དང་འབྲེལ་བ་ཤས་ཆེ་བས་སྦྱོང་བྱེད་རྡོ་རྗེ་མ་གསུམ་དང་ལྷ་མོ་དྲུག་པོ་ཡང་གནས་དེ་དག་ཏུ་གོ་རིམ་མ་འཆོལ་བར་བཀོད་པའི་སྦྱང་འབྲས་ཀྱང་སྒྲིབ་བྲལ་གྱི་རྡོ་རྗེ་གསུམ་དང་། ཟག་མེད་ཀྱི་མངོན་ཤེས་དྲུག་འཐོབ་སྟེ། གུར་ལས། ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །རིན་ཆེན་སྐུར་ནི་རྣམ་པར་སྦྱོང་། །བསམ་གཏན་རྡོ་རྗེ་རབ་བསམས་ནས། །རིན་ཆེན་སེམས་སུ་རབ་ཏུ་སྒྲུབ། །རྡོ་རྗེ་ཟླས་པའི་ཁྱད་པར་གྱིས། །དྲི་མེད་རྡོ་རྗེའི་གསུང་དུ་འགྱུར། །ཅེས་དང་། སྐྱེས་གྱུར་རྣམས་དང་སྐྱེ་བ་དང་། །སྐྱེ་བར་འགྱུར་བའི་འགྲོ་བ་རྣམས། །གཏི་མུག་རྡོ་རྗེ་རབ་སྦྱར་བའི། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ཅེས་པ་ལ་སོགས་པས་བསྟན་ཏོ། །གཉིས་པ་ནི། རྩ་བའི་ཞལ་གྱི་མིག་གཉིས་སུ་མོཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དྭཾ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ། སྣར་མཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེར་རཱཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨིཾ་ལས་ཕྲག་དོག་རྡོ་རྗེ་

p. 161

མ་ལྗང་གུ། སྙིང་ཁའི་ཆ་སྟོད་དུ་ཨ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ། སྤྱི་བོར་ༀ་ལས་སྐུ་རྡོ་རྗེ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་དམར་མོ། སྙིང་གའི་ཆ་སྨད་དུ་ཧཱུྃ་ལ་ཐུགས་རྡོ་རྗེ་སྔོན་མོ་སྟེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་ཀྱིས་གྲི་གུག་དང་གཡོན་པས་ཐོད་པ་འཛིན་ཅིང་གྲུ་མོར་ཁ་ཾ་ག་བཅུག་པ། དབུ་སྐྲ་དམར་སེར་གྱེན་དུ་རྫེས་ཤིང་ཕྱག་རྒྱ་ལྔ་དང་ལྡན་པ། དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་རོའི་གདན་ལ་བཞུགས་པའོ། །ཞེས་གསལ་བཏབ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རཱི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་མཁའ་ལ་སྤྱོད་མ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །ༀ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རཱི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ས་ལ་སྤྱོད་མ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །ༀ་སརྦ་ཏ་ཐཱ་ག་ཏ་པཱ་ཏཱ་ལ་ཝ་སི་ནཱི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ས་འོག་གནས་མ་

p. 162

རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །ཞེས་པས་རྒྱས་གདབ་པ་ནི་རྡོ་རྗེ་བཞི་ལས་ཡིག་འབྲུ་བགོད་པ་སྟེ། འདིའི་ཡིག་འབྲུ་དང་ལྷ་ཐ་མི་དད་པ་ཉིད་ལ་བྱའོ། །ཞེས་དཔལ་ཆོས་ཀྱི་གྲགས་པ་བཞེད་དེ། དེ་ལྟར་ཡང་གུར་ལས། མིག་སོགས་ལ་ནི་གཏི་མུག་སོགས། །ཅེས་དང་། རྩ་རྒྱུད་ལས། མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བཤད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ཞེས་གསུངས་པ་རྣམས་ལས་སྐྱེ་མཆེད་ཀྱི་ལྷ་མོ་ལྔའི་ས་བོན་ནི་རང་རང་གི་མཚན་ལེགས་སྦྱར་གྱི་སྐད་དུ་སྨོས་པའི་ཡི་གེ་དང་པོ་ཐིག་ལེས་བརྒྱན་པ་ཡིན་ལ། རེག་བྱ་རྡོ་རྗེ་མའམ་བདག་མེད་མའི་ས་བོན་ཨ་ཐུང་ལ་བྱེད་པ་ནི། ཨཱ་ལི་དང་པོ་བདག་མེད་མ་ཞེས་པའི་དོན་དང་། རྡོ་རྗེ་མ་གསུམ་གྱི་ས་བོན་ཀྱང་ལེའུ་གཉིས་པར། ༀ་ཨཱཿཧཱུྃ། །སྐུ་དང་། གསུང་དང་། ཐུགས་བྱིན་གྱིས་རླབ་པའི་སྔགས་སོ། །ཞེས་དང་། གུར་ལས། རྡོ་རྗེ་

p. 163

གསུམ་ནི་གནས་གསུམ་བགོད། །མཁའ་སྤྱོད་མ་ནི་རྡོ་རྗེའི་ཐུགས། །རྡོ་རྗེ་གསུང་ནི་ས་སྤྱོད་མ། །ས་འོག་མ་ནི་རྡོ་རྗེའི་སྐུར། །ༀ་ཨཱཿཧཱུྃ་གི་ཡི་གེས་ནི། །བཅོམ་ལྡན་འདས་ཀྱི་སྙིང་པོར་བྱ། །ཞེས་སོགས་རྒྱུད་དུ་མ་ལས་བསྟན་ཏོ། །དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་དམ་ཚིག་པར་བཞུག་པ་ལའང་སྔར་ལྟར་གཉིས་ལས། དང་པོ་སྦྱང་བྱ་ཤེས་པར་བྱ་བ་ནི། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་བྱ། །ཞེས་པའི་ངེས་པས་དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་དེ་ཉིད་ལ་འཇུག་པར་བྱ་སྟེ། ཇི་སྐད་དུ། འདིར་བྱིས་པ་སྐྱེས་པའི་དབུ་མའི་སྲོག་འབྱུང་བ་ནི་འོད་ཟེར་སྔོན་པོ་སྟེ། དེའི་འབྱུང་བས་དབང་པོ་རྣམས་རབ་ཏུ་སད་ཅིང་ཕྱི་རོལ་གྱི་ཡུལ་རྣམས་ལ་རྣམ་པར་ཤེས་པ་དྲུག་པོ་རྣམས་འཇུག་པའི་ནང་དུའོ། །ཞེས་དང་། ཡུལ་ལྔའི་ཤེས་པ་འཇུག་པའི་སླད་དུ་བསྐུལ་བར་བྱ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ལས་འཇུག་པའི་རྣམ་པར་ཤེས་པའོ། །དེ་ནས་ལྟེ་བའི་པདྨ་ལས་ཕྱི་རོལ་འབྱུང་བའི་སྲོག་

p. 164

གིས་ཕྱི་རོལ་གྱི་དངོས་པོ་རྣམས་བཀུག་ནས་སླར་ཡང་ལྡོག་གོ། །ཞེས་འབྱུང་བ་ནི་སྦྱོང་བྱེད་ཡེ་ཤེས་པ་གཞུག་པ་དང་རྗེས་སུ་མཐུན་ནོ། །གཉིས་པ་སྦྱོང་བྱེད་ཉམས་སུ་ལེན་པ་ནི། རྩ་བའི་རྒྱུད་ལས། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་བཀུག་པ་ན། །ཡོ་གི་ཞེ་སྡང་བདག་ཉིད་འགྱུར། །ཅེས་དང་། གུར་ལས་ཀྱང་། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཡེ་ཤེས་དཀྱིལ་འཁོར་སྒོམ་པར་བྱ། །བསྐུར་གནས་ཆེན་པོ་རབ་བྱས་ལ། །འདོད་པའི་ཡོན་ཏན་ལྔར་ལྡན་པར། །ཀུན་ཏུ་སྣ་ཚོགས་གཟུགས་རྣམས་སུ། །པཱུ་ཛ་ཀུན་གྱིས་མཆོད་པར་བྱ། །མཚམས་ཀྱི་ལྷ་མོ་རབ་སྦྱོར་བས། །ཡེ་ཤེས་རྒྱ་མཚོ་རབ་ཏུ་སྒྲུབ། །ཅེས་སོགས་གསུངས་པའི་དོན་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བ སྐྱེད་པ་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་སྤྱན་དྲངས་པར་གྱུར། གཡས་པས་རྡོ་རྗེ་བསང་གཏོར་གྱི་ཆུར་བཅུག་པས་

p. 165

མཆོད་རྫས་ལ་གཏོར་ཏེ་ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེགས་བསལ་ལ། སླར་ཡང་རྡོ་རྗེ་དང་བཅས་པའི་ལག་པས་མཆོད་རྫས་ལ་བསྐོར་ཞིང་། ༀ་ཨཱཿཧཱུྃ། །ལན་གསུམ་བརྗོད་པའི་མཐར་མཆོད་པའི་ཡོ་བྱད་ཐམས་ཅད་རང་བཞིན་སྟོང་ལ། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་བསྐྱེད་པར་བྱེད་པའི་ནུས་ལྡན་དུ་གྱུར། ཅེས་པ་ནི་མཆོད་པ་བྱིན་རླབས་བསྡུས་པ་སྟེ། རྩ་རྒྱུད་ལས། སྣ་ཚོགས་ཧཱུྃ་ནི་རྫོགས་པ་དང་། །མེ་ཏོག་ལ་སོགས་དབུལ་བ་ཉིད། །ཅེས་སོ། །དེ་ནས་བྱིན་གྱིས་རླབས་པའི་མཆོད་རྫས་རྣམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་འབུལ་བའི་བློས། གཡོན་དྲིལ་བུ་འཁྲོལ་ཞིང་གཡས་པས་མཆོད་ཡོན་སྒྲེང་བ་ལ། ༀ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་སོགས་རིམ་པས་བླངས་ལ་སྟབ་པའི་ཚུལ་གྱིས། ༀ་ཧི་རི་ཏི་ཧཱུྃ་ཁཿཨཱཿཧཱུྃ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བ་ལ། དྷཱུ་པེ། གདྷེ། ནཻ་ཝི་དྱ། ཨཱ་ལོ་ཀེ། ཤབྡ། ཞེས་ཉེར་སྤྱད་དང་རྣལ་

p. 166

འབྱོར་མ་བརྒྱད་ཀྱིས་ཀྱང་མཆོད་ལ། དྲིལ་བུ་བསིལ་ཞིང་། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེ་བདག་མགུར་འགྱུར། །ཅེས་བསྟོད་ལ། ལག་གཉིས་རྡོ་རྗེའི་ཁུ་ཚུར་ལས་གཡོན་པའི་མཐེའུ་ཆུང་གཡས་པའི་འཛུབ་མོ་བཀུག་ནས་འདུད་པ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ནས། གཽ་རཱི་ཛཿ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཉེ་བར་སྤྱན་དྲངས། །རྡོ་རྗེ་ཁུ་ཚུར་གྱི་རྒྱབ་སྤྲད་དེ་བཞག་པ་ཞགས་པའི་རྒྱས། ཙཽ་རཱི་ཧཱུྃ། དམ་ཚིག་པ་ལ་ཡང་དག་པར་ཞུགས། རྡོ་རྗེ་ཁུ་ཚུར་གཉིས་བཀན་པའི་འཛུབ་མོ་དང་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་བ་ལྕགས་སྒྲོག་གི་རྒྱས། བེ་ཏ་ལཱི་བཾ། དེ་ཉིད་མི་འབྲལ་བར་བཅིངས། རྡོ་རྗེ་ཁུ་ཚུར་ལས་གཡས་འོག་ཏུ་བྱས་ཏེ་རྒྱབ་སྤྲད་པ་དྲིལ་བུའི་རྒྱས། གྷསྨ་རཱི་ཧོཿ། དགྱེས་ཤིང་དབང་དུ་བྱས་པར་

p. 167

གྱུར། ཅེས་སྨོས་པ་རྣམས་ཕལ་ཆེར་གོ་སླ་ཡང་། ཡེ་ཤེས་པ་སྤྱན་འདྲེན་པའི་འོད་གང་ལས་སྤྲོ་བའི་ཡུལ་ནི་སྔར་གྱི་ཏིང་ངེ་འཛིན་སེམས་པ་དང་འོད་ཀྱི་ཁ་དོག་ཀྱང་ནག་པོ་འབའ་ཞིག་གམ་སྔོན་པོ་གཙོ་བོར་གྱུར་པའི་ཁ་དོག་ལྔ་ལྡན་གང་རུང་ངོ་། །མཆོད་པ་ལྔའི་གོ་རིམ་ནི་མདོ་སྦྱར་ལས་འབྱུང་བ་སོར་བཞག་དང་། ལྷ་མོ་བཞིའི་སྔགས་དང་ཕྱག་རྒྱས་བགུག་བཞུག་བྱ་བ་ཡང་གུར་ལས། རྡོ་རྗེ་ལུ་གུ་རྒྱུད་བཅིངས་པ། །རྒྱལ་བའི་ཚོགས་རྣམས་བཅིང་བར་བྱ། །གང་ཞིག་དངོས་གྲུབ་མི་སྟེར་ན། །སྒྲོག་ཅིང་བཅིངས་ནས་བགུག་པར་བྱ། །རྡོ་རྗེ་ཀྱོ་བ་དཀར་མོ་སྟེ། །རྡོ་རྗེ་ཞགས་པ་ཆོམ་རྐུན་མ། །རྡོ་རྗེ་ལྕགས་སྒྲོག་རོ་ལངས་མ། །རྡོ་རྗེ་དྲིལ་བུ་གྷསྨ་རཱི། །སངས་རྒྱས་རྣམས་ནི་དབང་དུ་བྱེད། །ཅེས་གསུངས་ཤིང་། ཛཿཧཱུྃ་བཾ་ཧོཿ ནི་བགུག་བཞུག་གི་སྔགས་སུ་རྒྱུད་དུ་མར་བསྟན་ཏོ། །གཉིས་པ་ཇི་ལྟར་དབང་བསྐུར་བའི་ཡན་ལག་དངོས་ལ། ཤེས་པར་བྱ་བ་དང་། ཉམས་སུ་ལེན་ཚུལ་ལོ། །དང་པོ་ལའང་། སྦྱང་

p. 168

བྱ་སྦྱོང་བྱེད་ཀྱི་འབྲེལ་བ་དང་། དྲང་ངེས་ཀྱི་བཤད་ཚུལ་ཤེས་པར་བྱ་བ་གཉིས་ཀྱི། །དང་པོ་ནི། རྣམ་བཤད་དོན་གཉིས་ཀྱི་འདོད་པ་བསྐོང་བར་འབུམ་ལྔའི་ལུང་སྙིང་འགྲེ ལ་དུ་བཀོད་པ། རིགས་ཀྱིས་བྱིས་པ་རྒྱས་གདབ་ཅིང་། །ཞེས་པ་ནས ། ། རྣམ་པར་དཔྱད་ན་དམིགས་སུ་མེད། །ཅེས་པའི་བར་དྲངས་ཤིང་འབྲུ་འགྲེལ་བར་མཛད་ནས། ཞེས་གསུངས་པའི་སྦྱང་བྱ་འདིར་དབང་བསྐུར་བ་ཡང་བསྡུས་ཏེ། རིགས་ཀྱི་གོ་འཕང་ཐོབ་པ་ལ་དབང་ཐོབ་ཅེས་ཐ་སྙད་གདགས་སུ་རུང་བ་འཇིག་རྟེན་དུ་མཐོང་བའི་ཕྱིར་རོ། །ཞེས་གསུངས་མོད་ཀྱང་། ཀུན་མཁྱེན་གཉིས་པ་ནཱ་རོ་ཞབས་ཀྱི་འགྲེལ་ཆེན་དུ། འབུམ་ལྔའི་ལུང་དེས་གཙོ་བོར་རྒྱས་གདབ་ཀྱི་སྦྱང་བྱ་སྦྱོང་བྱེད་ཀྱི་འབྲེལ་པ་སྟོན་པར་དགོངས་ནས་དབང་བསྐུར་གྱི་སྐབས་སུ་འདི་ལྟར་བཤད་དེ། ཇི་སྐད་དུ། དཔལ་དྲི་མ་མེད་པའི་འོད་དུ་ཡང་གསུངས་པ། བྱིས་པ་སྐྱེས་ལ་མ་ཡིས་ནི། །ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད། །དེ་ཡི་གཙུག་ཕུད་རབ་བཞག་པ། །དབུ་

p. 169

བརྒྱན་དུ་ནི་ཡོངས་སུ་བརྟགས། །དེ་ཡི་རྣ་བ་འབུགས་ལ་སོགས། །ད ར་དཔྱ ངས་དབང་བསྐུར་ཞེས་པར་བཤད། །བྱིས་པ་རྒོད་དང་སྨྲ་བ་ནི། །རྡོ་རྗེ་དྲིལ་བུའི་དབང་བསྐུར་རོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་ཡིན། །མིང་གིས་མིང་གི་དབ ང་བསྐུར་བའོ། །ཀློག་ལ་སོགས་པའི་རྗེས་གནང་བ། །དེ་དག་གིས་ནི་རྟག་ཏུ་སྟེར། །དེ་ལྟར་རྣམ་པ་བདུན་གྱིས་ནི། །དབང་བསྐུར་བདུན་དུ་རབ་ཏུ་གྲགས། །དེ་ཡི་བག་མ་ལེན་བྱེད་པ། །གསང་བའི་དབང་བསྐུར་ཞེས་པར་བཤད། །དེ་ཡི་ཤེས་རབ་གཏོད་པ་ནི། །དེ་ཡི་ལག་པ་འཛིན་པར་བརྗོད། །ཤེས་རབ་ཐབས་ཀྱི་སྙོམས་འཇུག་པ། །འཆི་བའི་མཐར་ནི་དེ་བདེར་འདོད། །ཅེས་དུས་འཁོར་ལས་གསུངས་པས་ཁ་བཀང་ནས་དེ་བཞིན་དུ་དཔལ་རྩ་བའི་རྒྱུད་དུ་གསུངས་པ་ཡང་། ཞེས་མཚམས་སྦྱ ར་ཏེ། རིགས་ཀྱིས་བྱིས་པ་རྒྱས་བཏབ་ཅིང་། །བྱིས་པས་རིགས་ལ་རྒྱས་བཏབ་པའོ། །ཕ་ཡིས་བུ་ནི་རྒྱས་བཏབ་ཅིང་། །བུས་ཀྱང་ཕ་ལ་དེ་བཞིན་ནོ། །

p. 170

འབྲས་བུས་རྒྱུ་ལ་རྒྱས་བཏབ་ཅིང་། །རྒྱུ་ཡིས་འབྲས་བུ་རྒྱས་བཏབ་པའོ། །ཞེས་སོགས་ཀྱིས་རྒྱས་གདབ་བསྟན་པར་གསུངས་པ་ནི། དཀའ་བའི་གནས་ལ་ཞིབ་མོར་དཔྱོད་པའི་མཁྱེན་པས་བྱེ་བྲག་ཕྱེད་པའི་རྣམ་པར་བཤད་པའོ། །གཉིས་པ་དྲང་ངེས་ཀྱི་བཤད་ཚུལ་ཤེས་པར་བྱ་བ་ནི། འགའ་ཞིག་མདོ་སྦྱར་ལས་གསུངས་པའི་ལག་ལེན་དངོས་བསྟན་ལ་བུམ་དབང་ལས་མི་གསལ་ན། སྔར་དབང་གོང་མ་གསུམ་གྱི་སྦྱང་བྱ་སྨོས་པ་དང་ཇི་ལྟར་འབྲེལ་སྙམ་ན། དངོས་བསྟན་དེ་ནི་བུམ་དབང་གི་ལམ་གྱི་གཙོ་བོ་བསྐྱེད་རིམ་ཁོ་ན་ཡིན་པའི་དབང་དུ་མཛད་ནས་དེ་ཉིད་བུམ་དབང་ཐོབ་ཕྱིན་ཆད་དབང་གོང་མ་གསུམ་མ་ཐོབ་ཀྱང་སྒོམ་རུང་བའི་ཕྱིར་འདི་སྐབས་ཀྱི་དབང་བསྐུར་ཡང་སྔར་ཇི་ཙམ་ནོད་པ་དེ་ཙམ་ཞིག་བླངས་པས་གྲུབ་པར་བཤད་པ་ནི། འཇིག་རྟེན་པའི་དངོས་གྲུབ་དོན་དུ་གཉེར་བ་དག་གི་ངོར་དྲང་དོན་དུ་བསྟན་ལ། ངེས་པའི་དོན་དུ་ན་རྩ་རྒྱུད་ཀྱི་འགྲེལ་པར་རྗེ་ལོ་ཙ་བས། དེ་ནས་དབང་རྫོགས་པར་

p. 171

ཐོབ་པས་ནི་མན་ངག་བཞིན་དུ་འདིར་ཡང་བླང་ངོ་། །ཞེས་གསུངས་པས་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་འདོད་པ་དག་གིས་བླ་མ་ལ་དབང་གོང་མ་རྣམས་ཀྱང་རྫོགས་པར་ནོད་ནས་དེ་དག་གི་ལམ་གྱི་གཙོ་བོ་རྫོགས་པའི་རིམ་པ་དང་བསྐྱེད་རིམ་གཉིས་སྟན་གཅིག་གི་སྟེང་དུ་སྦྲགས་ནས་སྒོམ་པ་ན་སྐབས་འདིར་ཡང་དབང་བཞི་རྫོགས་པར་ལེན་དགོས་པར་བསྟན་པ་དེ་ལྟར་གྱི་ཚེ་སྦྱང་བྱ་སྨོས་པ་དང་ཤིན་ཏུ་འབྲེལ་བ་ཡིན་ཅིང་། རྗེ་ལོ་ཙ་བའི་གསུང་དྲངས་མ་ཐག་པར། མན་ངག་བཞིན་དུ་ཞེས་འབྱུང་བ་ལས་འཕྲོས་ཏེ་བརྗོད་ན། ཇོ་བོ་ནཱ་རོ་པ་ཆེན་པོ་དང་རྗེ་མར་པ་ཡབ་སྲས་ཀྱི་ལུགས་འདི་ལ་རྒྱུད་ཀྱི་བཤད་ཐབས་རྣམ་པ་གཉིས་ཏེ། དྲང་དོན་ཚོགས་པ་མང་པོ་ལ་བཤད་པ་དང་། སྦས་དོན་སྐལ་ལྡན་གྱི་སློབ་མ་རེ་རེ་ལ་བཤད་པ་ལས། ཕྱི་མ་དང་མཐུན་པར་སྐབས་འདིའི་དོན་འཆད་པ་ལ་གཉིས། རྒྱུད་ཀྱི་ལུང་བཀོད་པ་དང་། དེ་ཇི་ལྟར་བཀྲལ་བའི་ཚུལ་བརྗོད་པའོ། །དང་པོ་ནི། །ལྷ་

p. 172

དབང་བསྐུར་བའི་ལེའུར། རང་གི་སྙིང་གར་ས་བོན་བསམ་མོ། །ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཕྱུང་ནས། དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་གསོལ་བ་གདབ་པར་བྱའོ། །ༀ་ཨ་བྷི་ཥཱིཉྩནྟུ་མཾ་སརྦ་ཏ་ཐཱ་ག་ཏཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བདག་ཉིད་ཀྱི་བུམ་པས་དབང་བསྐུར་བར་བྱའོ། །དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གུར་གུམ་གྱི་ཆར་འབབ་པར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱའོ། །དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་

p. 173

འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ། །གཉིས་པ་ནི། དེའི་འགྲེལ་པར་བནྡེ་དབེན་ཚས། ཏིང་ངེ་འཛིན་སེམས་དཔའི་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་དབྱིབས་ལྟ་བུའམ། མགུགས་པའི་བྱ་བ་བྱེད་པས་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ། ཁམས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་ལྷ་མོ་བརྒྱད་སྤྲོས་ཏེ་མཆོད་ལ། ཨ་བྷི་ཥཱིཉྩ། ཞེས་པ་ལ་སོགས་པས་གསོལ་བ་བཏབ་པས་སངས་རྒྱས་དེ་དག་རིགས་ལྔའི་ཧེ་རུ་ཀ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གྱུར་ཏེ། དེ་དག་གིས་སློབ་དཔོན་བྱས་ནས་དབང་བསྐུར་བར་བསམ། དེ་དག་གི་དུས་སུ་གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་པ་བྱེད་པ་དང་། སྤྱན་ལ་སོགས་པས་སྙན་པའི་གླུ་ལེན་པ་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་བཅད་འདོན་ཅིང་རིགས་ལྔའི་ཧེ་རུ་ཀའི་བ་སྤུའི་བུ་ག་ནས་སྤྲོས་པའི་ལྷ་མོ་སྤྱན་ལ་སོགས་པས་ཡེ་ཤེས་ལྔའི་རང་བཞིན་གྱི་བུམ་པ་

p. 174

ཐོགས་ནས་དབང་བསྐུར་བས་ཟག་པ་མེད་པ་བདེ་བ་ཆེན་པོའི་རྟོགས་པ་སྐྱེས་པར་བསམ་ཞིང་བུམ་པའི་ཆུ་སྤྱི་བོ་ནས་བབ་པས་ཆོས་ཐམས་ཅད་སེམས་ཙམ་དུ་གོ་བ་དང་། མེ་ཏོག་གི་ཆར་འབབ་བོ་ཞེས་པས་བདུད་རྩི་ཞུ་བའི་ངོ་བོ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཚངས་པའི་བུ་ག་ནས་ཞུགས་ནས་ལྕེ་ཐོག་ཏུ་བབ་པར་བསམ་པ་གསང་བའི་དབང་བསྐུར་བ་སྟེ། སེམས་རང་རིག་ཏུ་གོ་བ་དང་། གུར་གུམ་གྱི་ཆར་འབབ་ཞེས་པས་བྱང་སེམས་ཐིག་ལེ་སྙིང་གར་སླེབ་སྟེ། བ་སྤུའི་བུ་ག་ཐམས་ཅད་ཁྱབ་པས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་དགའ་བའི་རོ་མྱོང་བར་བསམ་པ་ནི་དབང་གསུམ་པ་སྟེ་སེམས་ལ་དབང་བསྐུར་བས་རང་རིག་བདེ་བ་དང་སྟོང་པ་དབྱེར་མེད་པར་གོ་བ་དང་། རྔའི་སྒྲ་འབྱུང་ཞེས་པ་དེ་བཞིན་གཤེགས་པ་དེ་དག་སློབ་དཔོན་གྱི་ཚུལ་དུ་གནས་ལ། ཡེ་ཤེས་འདི་ནི་ཆེས་འཕྲ་ཞིང་། །ཞེས་པ་ལ་སོགས་པའི་ཚིགས་དབང་གིས་དབང་གསུམ་པའི་དོན་ལ་ངེས་ཤེས་སྐྱེད་པས་དབང་

p. 175

བཞི་པའི་རྟོགས་པ་སྐྱེད་པར་སྒོམ་མོ། །ཞེས་པ་ནས་རྒྱས་གདབ་ཀྱི་བར་རྫོགས་པར་བསྟན་པའི་མན་ངག་གི་བཤད་སྲོལ་འདི་ལྟ་བུ་ནི་རྗེ་བཙུན་མར་པའི་རིང་ལུགས་འདི་ཁོ་ན་ལས་གངས་ཅན་འདིར་འགའ་ཡང་མི་སྣང་ངོ་། །གཉིས་པ་ཉམས་སུ་ལེན་ཚུལ་ལ། ཐོག་མར་མདོ་སྦྱར་གྱི་དངོས་བསྟན་ལྟར་བརྗོད་པ་ནི། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ནག་པོ་ལྕགས་ཀྱུའི་རྣམ་པ་ལྟ་བུ་འཕྲོས་པས། ཁམས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་པ་ལ་རྣལ་འབྱོར་མ་བརྒྱད་ཀྱིས་མཆོད་པར་གྱུར། ༀ་གཽ་རཱི་གཾ་ཨཱཿཧཱུྃ། ཞེས་སོགས་ཀྱིས་མཆོད་ནས། མགོན་པོ་དེ་བཞིན་གཤེགས་པ་ཀུན། །ཁྱེད་ཀྱིས་བདག་ལ་དབང་བསྐུར་ཅིག། །།ཅེས་གསོལ་བ་བཏབ་པ་ན་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་པས་བདུད་རྩི་ལྔས་གང་བའི་བུམ་པ་འཛིན་ཅིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་

p. 176

བ་སྦྱིན་པར་བྱ། །ཞེས་གསུངས་ཞིང་དབང་བསྐུར་བའི་ཚེ་རྔའི་སྒྲ་གྲག་པ་དང་། གུར་ཀུམ་གྱི་ཆར་འབབ་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་ཅིང་རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པས་ལེན་པ་དང་། རིག་པའི་རྒྱལ་པོ་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲོད་བཞིན་པར་དབང་བསྐུར་བས་བག་ཆགས་ཀྱི་དྲི་མ་དག་ནས། ལུས་ཐམས་ཅད་བྱང་སེམས་ཀྱི་ཆུ་རྒྱུན་གྱིས་ཁེངས་པའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ནི། །གཙོ་བོ་ཡབ་ཡུམ་དང་། པུཀྐ་སཱི་དང་། །གཽ་རཱི་ལ་མི་བསྐྱོད་པ། ཤ་ཝ་རཱི་དང་ཙཽ་རཱི་ལ་རྣམ་པར་སྣང་མཛད། ཙཎྜ་ལཱི་དང་བེ་ཏ་ལཱི་ལ་རིན་ཆེན་འབྱུང་ལྡན། ཌོམྦྷི་ནཱི་དང་གྷསྨ་རཱི་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །ཞེས་པས་རྒྱས་གདབ་པ་ནི་དབང་བསྐུར་བ་མི་

p. 177

བསྐྱོད་པའི་ཡན་ལག་སྟེ། གུར་ལས། རང་ལྷག་ལྷ་ཡི་ཅོད་པན་ལ། །དེས་ནི་དཀྱིལ་འཁོར་དབང་བསྐུར་ཏེ། །ཞེས་དང་། རིགས་མ་བརྒྱད་རྣམས་ཀྱིས་དབང་བསྐུར། །ཅེས་གསུངས་ཤིང་། རྩ་རྒྱུད་ཀྱི་ལུང་སྔར་དྲངས་པས་ཀྱང་རྒྱ་ཆེར་བསྟན་ལ། ལྷག་པར་རྒྱས་གདབ་ཀྱི་སྐབས་སུ་རྩ་རྒྱུད་ལས། ས་ནི་པུཀྐ་སཱིར་བཤད་པ། །ཞེས་པ་ནས། མ་ལོག་པ་ལས་ཕྱག་རྒྱའོ། །ཞེས་པའི་བར་གྱིས་རིགས་འཆོལ་མ་འཆོལ་གྱི་དོགས་པ་བསལ་ཏེ་གསུངས་པའི་དོན་བསྡུ་ན། ངོ་བོ་ཉིད་ལ་ངོ་བོ་ཉིད་དང་། ལུས་ལ་སེམས་དང་། སེམས་ལ་ལུས་དང་། འབྲས་བུ་ལ་རྒྱུ་དང་། རྒྱུ་ལ་འབྲས་བུའི་རྒྱས་བཏབ་སྟེ་ལྔར་གསུངས་པ་ལས། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པས་རྒྱས་གདབ་པ་ནི་དང་པོ་དང་། པུཀྐ་སཱི་དང་གཽ་རཱི་སྲ་བ་ལུས་དག་པ་ལ་སེམས་དག་པ་མི་བསྐྱོད་པས་རྒྱས་གདབ་པ་གཉིས་པ་དང་། ཤ་ཝ་རཱི་དང་ཙཽ་རཱི་ཆུ་སེམས་གཏི་མུག་དག་པ། ལུས་དག་པ་རྣམ་སྣང་གིས་རྒྱས་གདབ་པ་གསུམ་པ་དང་། ཙཎྜ་ལཱི་

p. 178

དང་བེ་ཏ་ལཱི་དྲོད་འདོད་ཆགས་དག་པ་འབྲས་བུ་ལ། རྒྱུ་སེར་སྣ་དག་པ་རིན་འབྱུང་གིས་རྒྱས་གདབ་པ་བཞི་པ་དང་། ཌོམྦྷི་ནཱི་དང་གྷསྨ་རཱི་རླུང་ཕྲག་དོག་དག་པ་རྒྱུ་ལ། འབྲས་བུ་འདོད་ཆགས་དག་པ་སྣང་མཐས་རྒྱས་གདབ་པ་ནི་ལྔ་པ་ཡིན་ནོ། །ཡང་སྐབས་འདིར་དབང་བཞི་རྫོགས་པར་ལེན་པའི་ཚུལ་བསྒོམ་པར་འདོད་ན། གསོལ་གདབ་ཀྱི་བར་སྔ་མ་ལྟར་ལ། དབང་ལྷས་དབང་བསྐུར་བའི་སྒོམ་བྱ་གོང་དུ་སྨོས་པ་ལྟ་བུའམ། ཡང་ན་རྔོག་གི་གྲུབ་ཆེན་དྭེ་ཥ་བཛྲ་གྱི་གཞེད་པས་བུམ་དབང་གི་རྗེས་སུ་ནམ་མཁའི་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་ནས། ཐིག་ལེ་དཀར་དམར་བདག་གི་ལྕེ་ཐོག་ཏུ་བཞག་པར་བསམས་པ་ནི་གསང་བའི་དབང་ངོ་། །ལྷ་མོ་རེག་བྱ་རྡོ་རྗེ་མ་བདག་ཉིད་ལ་གཏད་ནས་སྙོམས་པར་འཇུག་པ་བྱས་ནས་ས་ཧ་ཛའི་ཡེ་ཤེས་བསྐྱེད་པར་སྒོམ་པ་ནི་དབང་གསུམ་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་འོད་གསལ་དུ་གཏན་ལ་འབེབས་པའི་ཚིགས་སུ་བཅད་པ་གསུངས་པ་ནི་བཞི་

p. 179

པའོ། །ཞེས་ཀྱང་འབྱུང་བ་གང་རུང་གི་རྣལ་འབྱོར་གྱི་མཐར་རྒྱས་གདབ་གོང་བཞིན་བྱའོ། །བཞི་པ་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་ལ། སྦྱང་བྱ་ཤེས་པར་བྱ་བ་དང་། སྦྱོང་བྱེད་ཉམས་སུ་ལེན་པ་གཉིས་ཀྱི། །དང་པོ་ནི། རྗེ་ཞྭ་དམར་བ་བཞི་པའི་གསུང་གིས། སྔར་སྨོས་པའི་རིགས་ཀྱི་དབྱེ་བ་ངེས་པའི་མངལ་སྐྱེས་དེ་བྱིས་པ་དང་། གཞོན་ནུ་དང་། དར་ལ་བབ་པའི་གནས་སྐབས་སུ་དབང་པོ་རྣམས་ཡུལ་ལ་ལྷག་པར་ཞེན་ཅིང་སྲེད་པ་འཕེལ་བས་རོ་མྱང་བར་བྱེད་པ་ནི་སྦྱང་བྱར་རིགས་ཏེ། དེ་སྦྱོང་བྱེད་ཡུལ་གྱི་བདུད་རྩི་མྱང་བ་དང་འབྲེལ་བའི་ཕྱིར་རོ། །ཞེས་སོ། །གཉིས་པ་ནི། ནང་མཆོད་སྔར་ལྟར་བྱིན་གྱིས་རླབས་ནས། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོར་རྡོ་རྗེ་ནས་འབྲུ་ཙམ་སྒོམས་ལ། དེའི་འོད་ཀྱི་སྦུ་གུས་བདུད་རྩི་གསོལ་བས་ཤིན་ཏུ་མཉེས་པར་བསམས་ལ། གཡོན་པའི་འཐེབ་སྲིན་གྱིས་ནང་མཆོད་བླངས་ནས་འབུལ་ཞིང་། ངག་ཏུ། །སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་

p. 180

འཆང་ཆེན་པོའི་ཞལ་དུ་ༀ་ཨཱཿཧཱུྃ། དེ་བཞིན་དུ། །རྣལ་འབྱོར་གྱི་དབང་ཕྱུག་ཏཻལླི་པའི་༴། །སློབ་དཔོན་ཆེན་པོ་ནཱ་རོ་པའི་༴ མངའ་བདག་མར་པ་ལོ་ཙའི་༴ རྔོག་སྟོན་ཆོས་ཀྱི་རྡོ་རྗེའི་༴ སྔོག་སྟོན་ཞེ་སྡང་རྡོ་རྗེའི་༴ རྔོག་སེང་གེ་སྒྲའི་༴ རྔོག་སྟོན་ཀུན་དག འི་༴ རྒྱ་སྒོམ་ཡེ་ཤེས་འོད་ཀྱི་༴ གྲུབ་ཆེན་ཀརྨ་པཀྴིའི་༴ གཉན་རས་དགེ་འདུན་འབུམ་གྱི་༴ བཤེས་གཉེན་ཚུལ་ཁྲིམས་རིན་ཆེན་གྱི་༴ ཆོས་རྗེ་རང་བྱུང་རྡོ་རྗེའི་༴ བླ་མ་ཆོས་ཀྱི་རྒྱལ་མཚན་གྱི་༴ ཡོར་པ་ཡེ་ཤེས་དཔལ་གྱི་༴ རྗེ་བཙུན་རཏྣ་བྷ་དྲའི་༴ ཀུན་མཁྱེན་མཐོང་བ་དོན་ལྡན་གྱི་༴ བྱང་སེམས་དཔལ་འབྱོར་དོན་གྲུབ་ཀྱི་༴ རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་༴ གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར་གྱི་༴ མཚུངས་མེད་མི་བསྐྱོད་རྡོ་རྗེའི་༴ རྒྱལ་བ་དཀོན་མཆོག་ཡན་ལག་གི་༴ རྗེ་བཙུན་དབང་ཕྱུག་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། ཞེས་པས་བླ་མ་དང་། ༀ་དེ་བ་པི་ཙུ་བཛྲ་ཡ་ལྷ་འཇམ་པའི་རྡོ་རྗེ་ལ། །ༀ་ཨཱཿཧཱུྃ་གིས་བཅོམ་ལྡན་འདས་དང་། ༀ་ཨཾ་བཛྲ་ནཻ་རཱཏྨཱ་ཡཻ་རྡོ་རྗེ་

p. 181

བདག་མེད་མ་ལ། ༀ་ཨཱཿཧཱུྃ་གིས་ཡུམ་དང་། ༀ་གཽ་རཱི་གཾ་ༀ་ཨཱཿཧཱུྃ། །སོགས་ཀྱིས་རྣལ་འབྱོར་མ་རྣམས་ལ་འབུལ་ཞིང་། ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ་རྡོ་རྗེ་ནག་པོ་ཆེན་པོ་ལ། །ཧཱུྃ་ཧཱུྃ་ཕཊ་ༀ་ཨཱཿཧཱུྃ། ༀ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུཀྨེ་མ་ཀྱེ་སྒྲ་སྒྲོགས་སྒྲ་དབྱངས། ནག་མོ་བདག་ལ་སྐྱོང་མ། ཧཱུྃ་མ་བྷྱོཿཛཿཛཿༀ་ཨཱཿཧཱུྃ། ༀ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་མ་ཧཱ་ཀཱ་ལི་དཔལ་ལྷ་མོ་ནག་མོ། ནག་མོ་ཆེན་མོ། །ཧཱུྃ་བྷྱོཿༀ་ཨཱཿཧཱུྃ། འབྲུ་གསུམ་རྣམས་ནི་རྡོ་རྗེ་གསུམ་ཚིམ་པར་བྱེད་པའི་དོན་ཏོ། །གིས་རྡོ་རྗེ་བེར་ཅན་ལྕམ་བྲལ་དང་དུད་སོལ་མ་ལ་ཕུལ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་བདུད་རྩི་མྱང་བ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །ཞེས་པས་རྒྱས་གདབ་པ་ན་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་སྟེ། གུར་ལས། རྡོ་རྗེ་ལྕེས་ནི་བདུད་རྩི་མྱང་། །ཞེས་དང་། སམྦུ་ཊར། ཕྱི་རོལ་དཀྱིལ་འཁོར་ཚིམ་པར་བྱ། །ཞེས་སོགས་གསུངས་ཤིང་། མཐེབ་

p. 182

སྲིན་སྦྱར་བས་ནང་མཆོད་དཀྲུག་ཅིང་འབུལ་བའི་ཁུངས་ཀྱང་གདན་བཞིར། མཐེ་འོང་སོ ར་མོ་ས་ཉིད་དེ། །སྲིན་ལག་དག་ནི་རི་རབ་བོ། །བསྲུབ་པའི་སྟོབས་ཀྱིས་བདུད་རྩི་ཡིས། །ཅེས་སོགས་གསུངས་སོ། །ལྔ་པ་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ལ། །མཆོད་རྫས་བཤམ་ཞིང་ཏིང་ངེ་འཛིན་གྱིས་སྤྲུལ་པ་དང་། འབུལ་བ་གཉིས་ཀྱི་དང་པོ་ནི། གུར་ལས་རིགས་ལྔ་བོ་གང་ལ་མཆོད་རྫས་གང་ཤིས་པ་བསྟན་པ་ལས། མདོ་སྦྱར་དུ་རྡོ་རྗེའི་རིགས་ཟུར་དུ་ཕྱུང་བ་ནི། གླུ་ནི་རྡོ་རྗེ་ཅན་ལ་དབུལ། །ཨ་ག་རུ་ནག་དགྱེས་རྡོ་རྗེ། །ཁ་དང་ཚ་བ་རྡོ་རྗེར་དབུལ། །རྡོ་རྗེ་འཛིན་པ་དགྱེས་རྡོར་ལ། །ཤིང་སྐྱེས་མེ་ཏོག་ནག་པོའོ། །ཞེས་འབྱུང་བ་ལྟ་བུ་ལ་སོགས་པ་བདག་བསྐྱེད་ལ་དམིགས་པའི་མཆོད་རྫས་གཙང་ཞིང་བཟང་བ་བཤམས་ལ། སླར་ཡང་གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་ལྷ་དང་མིའི་སྣོད་བཅུད་ཀྱི་གཟུགས་

p. 183

སྡུག་ཅིང་མཛེས་པ་དང་། དེ་དག་གི་རོལ་མོ་དང་གླུ་དབྱངས་ལ་སོགས་པའི་སྒྲ་སྙན་པ་དང་། སྦྱར་བ་དང་སོགས་ཡོངས་སུ་གྱུར་པའི་དྲི་མཆོག་རྣམས་དང་། རོ་བཟང་པོ་དང་། རེག་བྱ་ཕུལ་དུ་བྱུང་བ་ལ་སོགས་པ་དངོས་དང་ཡིད་ལས་བྱུང་བའི་འདོད་ཡོན་གྱི་རྣམ་པ་མཐའ་དག་བསྡུས་ཏེ་ཟག་མེད་ཀྱི་བདེ་བ་བསྐྱེད་པར་ནུས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པར་གྱུར་པ་དེ་དག་འདོད་སྣམ་ལ་མཁོད་པའི་ལྷ་མོ་རྣམས་ལས་རང་འདྲ་བའི་སྤྲུལ་པ་དུ་མས་བདག་ཉིད་དཀྱིལ་འཁོར་པར་གསལ་བ་ལ་མཆོད་པར་གྱུར། ཅེས་དམིགས་པར་བྱའོ། །གཉིས་པ་ལ། །ཕྱི། །ནང་། གསང་བ། དེ་ཁོ་ན་མཆོད་པ་བཞིའི། །དང་པོ་ལའང་གསུམ་ལས། །དང་པོ་ཆུ་གསུམ་སྔོན་དུ་འགྲོ་བའི་ཉེར་སྤྱད་རོལ་མོ་དང་བཅས་པ་འབུལ་བ་ནི། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་བསང་གཏོར་མཆོག་འདི་དག །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་གཞེས་སུ་གསོལ། །པད་བཀོར་སྔོན་དུ་འགྲོ་བས་གཡས་

p. 184

པའི་མཐེབ་མཛུབ་ཀྱིས་བསང་གཏོར་འབུལ་ཞིང་། ༀ་ཤྲཱི་ཧེ་བཛྲ་ས་པ་རི་ཝཱར་སརྦ་སཾ་ཤོ་དྷ་ནི་དཔལ་དགྱེས་པ་རྡོ་རྗེ་འཁོར་དང་བཅས་པ་ཐམས་ཅད་ཡང་དག་པར་སྦྱོང་བ། ཧཱུྃ་ས་བོན་ཕཊ་མཆོད་པའི་མི་ཤེས་པ་འཇོམས་པའོ། །སྭཱ་ཧཱ། ཚིག་གཞན་སྔ་མ་ལྟར་ལ་བསང་གཏོར་གྱི་གནས་སུ་མཆོད་ཡོན་ཅེས་བཅུག་ནས་རྡོ་རྗེ་ཁུ་ཚུར་སྦྱར་བའི་གུང་མོ་གཉིས་རྩེ་སྤྲད་པ་ཨརྒྷཾ་ཆེན་པོའི་ཕྱག་རྒྱས། ༀ་ཤྲཱི་ཧེ་བཛྲ་ས་པ་རི་ཝཱ་ར་དཔལ་དགྱེས་པ་རྡོ་རྗེ་འཁོར་དང་བཅས་པ། ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་ཅེས་དང་། ཛཿཧཱུྃ་སོགས་ཀྱི་གནས་སུ་ༀ་ནི་རི་ཏི་ཧཱུྃ་ཁཿ། ཅེས་འདོན་པ་སྤོས་ལ་གཡས་མཐེབ་མཛུབ་སྦྱར་བའི་ཁུ་ཚུར་གྱིས་མེ་ཏོག་དང་བཅས་པའི་ཆུ་བླངས་ནས་ལན་གསུམ་བསྐོར་ཞིང་མཐེའུ་ཆུང་ནས་མཛུབ་མོའ་བར་རིམ་བཞིན་བཀྲོལ་ཏེ་དུང་ཆོས་ཀྱིས་ཞབས་བསིལ་སྒྲེང་ཞིང་འབུལ་ལོ། །འདིར་མཆོད་ཡོན་དང་ཞབས་བསིལ་གྱི་ཕྱག་རྒྱ་ཡོངས་གྲགས་དང་མི་

p. 185

མཐུན་པ་ནི་བཟང་པོ་ཡོངས་བཟུང་ལས། ཁུ་ཚུར་མཉམ་དུ་དམ་བཅིངས་ཏེ། །གུང་མོ་གཉིས་ཀྱང་རྩེ་མོ་སྦྱར། །ཨཱ རྒྷཾ་ཆེན་པོར་རབ་ཏུ་བསྟན། །ཅེས་དང་། ཡེ་ཤེས་དཀར་པོས་མེ་ཏོག་ནི། །བླངས་ནས་མཐའ་སོགས་རིམ་གྱིས་དབྱེ། །ཞབས་བསིལ་ལ་སོགས་པའི་རབ་ཏུ་བྱེད་པའོ། །ཞེས་པས་བསྟན་ཏོ། །དེ་ནས་ལག་པ་གཡོན་པས་དྲིལ་བུ་འཁྲོལ་ཞིང་། གཡས་པས་མཆོད་རྫས་གང་ཡིན་པ་དེ་བླངས་ནས་སྟབ་པའི་ཚུལ་གྱིས། མེ་ཏོག་འདི་ནི་བཟང་ཞིང་དགེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པས་འབུལ་ལགས་ཀྱི། །ག ཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་ཤྲཱི་ཧེ་བཛྲ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཚིག་རྐང་ཕྱི་མ་གཉིས་དང་སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། ནགས་ཚལ་ལས་བྱུང་ཕན་པ་ཡི། །གང་ཞིག་དྲི་དང་བདུག་སྤོས་མཆོག །དྷུ་པེ། སྲིན་པོ་འཇོམས་ཤིང་དག་བྱེད་པ། །དགེ་ཞིང་མུན་པ་རྣམས་སེལ་བ། །ཨཱ་ལོ་ཀེ། ལྷན་ཅིག་སྐྱེས་དང་སྦྱར་བའི་

p. 186

དྲི། །ཚིམ་བྱེད་དག་པའི་བདུད་རྩི་འདི། །གནྡྷེ། བཤོས་གཙང་བཟའ་བ་དང་བཅས་པའི། །ཁ་དོག་དྲི་དང་རོ་ལྡན་པ། །ནཻ་ཝི་དྱ། སྣ་ཚོགས་དྲིལ་བུའི་སྒྲ་རྣམས་དང་། །ཅང་ཏེའུ་ལ་སོགས་སྒྲ་ཡི་ཚོགས། །ཤབྡ། འདིར་ཉེར་སྤྱད་འབུལ་བ་ན་གཡས་རྡོ་རྗེ་བཟུང་བའི་ལག་པས་མཆོད་རྫས་དབུལ་ཞིང་གཡོན་དྲིལ་བུ་འཁྲོལ་བ་ནི་རྗེ་བཙུན་མར་རྔོག་གི་ཕྱག་བཞེས་ཡིན་ནོ། །གཉིས་པ་འདོད་ཡོན་ལྔ་འབུལ་བ་ནི། གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྒྱལ་བ་ནི། །མངའ་བདག་རྡོ་རྗེ་རྣམ་སྣང་མཛད། །གཡོན་པ་ཁུ་ཚུར་གྱི་སྟེང་དུ་གཡས་ཀྱི་ཐལ་མོ་མེ་ལོང་གི་ཚུལ་ལྟར་བཞག་ལ། ༀ་ཤྲཱི་ཧེ་བཛྲ་ས་པ་རི་ཝཱ་ར་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་དཔལ་དགྱེས་པ་རྡོ་རྗེ་འཁོར་དང་བཅས་པ་ལ་གཟུགས་ཀྱི་མཆོད་པའི་སྤྲིན་གྱི་རྒྱ་མཚོ་འཕྲོ་བའི་དམ་ཚིག། །ཧཱུྃ། སྒྲ་༴ ལྷ་༴ དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའི་གྲགས་ཆེན་པོ། །སྔགས་ཀྱི་ཐོག་

p. 187

མཐའ་འདྲ་བ་ལ་ཤབྡ་ཅེས་རོལ་མོ་བྱའོ། །དྲི་༴ ལྷ་༴ དེ་ཉིད་བཅོམ་ལྡན་སངས་རྒྱས་ནི། །རིན་ཆེན་ཕུང་པོར་རབ་ཏུ་གྲགས། །གཡོན་པ་ཁུ་ཚུར་ལས་འཛུབ་མོ་བརྐྱང་བ་བཀན་པ་ལས། གཡས་པའི་ཐལ་མོས་དྲི་བླངས་ནས་བྱུག་པའི་ཚུལ་གྱིས། །གནྡྷེ། རོ་༴ ལྷ་༴ དེ་ཉིད་བཅོམ་ལྡན་འདོད་ཆགས་ཆེ། །རྡོ་རྗེ་ཆོས་ཀྱིས་གཞེས་སུ་གསོལ། །ཐལ་མོ་གཉིས་བཀན་པ་ཞལ་ཟས་འབུལ་ཚུལ་གྱིས། ར་ས། རེག་༴ ལྷ་༴ དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །དོན་ཡོད་འབྲས་བུ་སྟེར་བ་པོ། །གོས་ཟུང་འབུལ་ཞིང་། སྤརྵེ། གསུམ་པ་སྒེག་སོགས་བརྒྱད་ནི། གཏོར་བའི་ཚུལ་གྱིས་མེ་ཏོག་སྟེ། །བདུག་པ་བདུག་པའི་ཚུལ་གྱིས་སོ། །མར་མེའི་སྡོང་བུའི་ཚུལ་གྱིས་མཆོད། །བྱུག་པའི་ཚུལ་གྱིས་དྲི་མཆོག་གོ། །སྒེག་མོའ་ལག་པས་སྒེག་མོ་སྟེ། །འཕྲེང་བ་འཕྲེང་བའི་མཁའ་འགྲོ་མ། །ཧཱུྃ་གི་གླུ་ཡིས་དམ་ཚིག་གླུ། །ལག་བསྐུམ་པས་ནི་གར་ཉིད་དེ། །མཆོད་པ་འདི་རྣམས་བླ་ན་མེད། །སངས་རྒྱས་ཐམས་ཅད་མཉེས་པར་

p. 188

བྱེད། །སངས་རྒྱས་རྣམས་ནི་མཆོད་པས་མཆོད། །འདོད་པའི་དངོས་གྲུབ་བྱེད་པར་འགྱུར། །ཅེས་པའིམ་རྒྱས་པར་ན་ཡོ་ག་ལས་འབྱུང་བ་ལྟར་ཡང་བྱའོ། །གཉིས་པ་ནང་མཆོད་ནི། སྔར་ཚོགས་ཞིང་གི་སྐབས་སུ་སྨོས་པའི། གཽ་རཱི་རི་དྭགས་མཚན་མ་འཛིན། །ཅེས་པ་ནས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་པའི་བར་རྣམས་ཏེ་ཚིག་རྐང་དེ་དག་རེ་རེའི་མཐར། ཕྱོགས་རྣམས་རྒྱས་པར་ཁེངས་སྤྲུལ་ཏེ། །བླ་མ་དཀྱིལ་འཁོར་ལྷ་རྣམས་མཆོད། །གཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་སོ་སོར་སྦྱར་ལ་འཆད་པར་འགྱུར་བའི་ཕྱག་རྒྱ་དང་བཅས་པས། ༀ་ཤྲཱི་ཧེ་བཛྲ་ས་པཱ་རི་ཝཱ་ར་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་སོགས་སྔགས་ཀྱི་ཐོག་མཐའ་འདྲ་བ་ལ་རྣལ་འབྱོར་མ་སོ་སོའ་མཚན་དང་ས་བོན་བཅུག་པས་འབུལ་བ་སྟེ། དེ་ཡང་། གཡས་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་གཡོན་པའི་ཐལ་མོ་བཀན་ནས་བཞག་པ་དཀར་ཆའི་སྣོད་འཛིན་ཚུལ་ནི་གཽ་རཱིའི་ཕྱག་རྒྱའོ། །དེ་ལས་ཟློག་པ་དམར་ཆའི་སྣོད་འཛིན་ཚུལ་ནི་ཙཽ་

p. 189

རཱིའི་འོ། །མཆོད་ཡོན་གྱི་ཕྱག་རྒྱ་ནི་བེ་ཏ་ལཱིའི་འོ། །གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་སོར་མོ་རྣམས་ཀྱི་རྩེ་མོ་བསྡུས་ཏེ་བཞག་པ་ནི་གྷསྨ་རཱིའི་འོ། །ཁུ་ཚུར་གཉིས་མཉམ་དུ་བཤིབས་ཏེ་ཁའི་དྲུང་དུ་འཇོག་པ་ནི་པུཀྐ་སཱིའི་འོ། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་ནི་ཤཱ་ཝ་རཱིའི་འོ། །ལག་གཡོན་དཀུར་བཞག་ཅིང་། གཡས་པའི་ཁུ་ཚུར་གྱི་མཛུབ་མོ་དང་མཐེའུ་ཆུང་འཁྱོག་པོར་བྱས་པ་ནི་ཙཎྜ་ལཱིའི་འོ། །སྙིང་གར་ཁུ་ཚུར་བསྣོལ་བ་ནི་ཌོམྦྷི་ནཱིའི་ཕྱག་རྒྱ་སྟེ། ཚིག་བཅད་རེའི་མཐར་སོ་སོའ་སྔགས་ཀྱིས་འབུལ་བ་ནང་མཆོད་དུ་བཞག་པ་ནི། གོང་གི་ཕྱི་མཆོད་ལ་ལྟོས་ཏེ་སྤྱིར་བཏང་དུ་བྱས་པ་ཡིན་ལ། བྱེ་བྲག་ཏུ་ན་རྣལ་འབྱོར་མ་བརྒྱད་པོ་ཉིད་ལའང་ཕྱི་ནང་བསང་བ་དེ་ཁོ་ནའི་མཆོད་པ་ཚང་ཚུལ་གོང་དུ་བསྟན་པ་ལྟར་ཡིན་ནོ། །གསུམ་པ་གསང་མཆོད་ནི། ཌོམྦྷི་ནཱིས་འཁྱུད་པ་ལས་བྱུང་བའི་བདེ་བ་ཆེན་པོ་འཁོར་ལོའི་དབང་ཕྱུག་དང་རྣལ་འབྱོར་མ་རྣམས་ཀྱང་དཔའི་བོའི་ཆ་ལུགས་སུ་སྣང་བས་སྐུ་ཉམས་སུ་བསྟར་བར་

p. 190

འགྱུར། ༀ་ཤྲཱི་ཧེ་བཛྲ་ས་པཱ་རི་ཝཱ་ར་ཨ་ནུ་རཱ་ག་ཎ་བཛྲ་པཱུ་ཛི་ཏེ་དཔལ་དགྱེས་པ་རྡོ་རྗེ་འཁོར་དང་བཅས་པ་ལ་རྗེས་སུ་ཆགས་པ་རྡོ་རྗེའི་མཆོད་པ། ཨཱཿཧཱུྃ་སྭཱ་ཧཱ། གཞི་ཚུགས། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གོང་གི་ཉམས་མྱོང་རྗེས་སུ་དྲན་པས། གང་གིས་རྣམ་རྟོག་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམ་སྒོམ་ཞིང་། །ལུས་དང་སེམས་ནི་རྣམ་དག་པ། །འདི་ནི་དོན་དམ་མཆོད་པ་ཡིན། །ཅེས་སོ། །དེ་ནས་ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །གིས་རྒྱས་གདབ་པ་ནི། མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་སྟེ། མདོ་སྦྱར་ལས། ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་པཱུ་ཛ་རྣམས་ཀྱིས་གོང་བཞིན་དུ་མཆོད་དོ། །ཞེས་གསུངས་ཤིང་། རྩ་བཤད་ཀྱི་ལུང་དག་སྐབས་ཐོབ་ཀྱི་ངག་འདོན་སོགས་སུ་སྒྲིགས་པ་ལས་ཤེས་ཤིང་། མཆོད་པའི་རྣལ་འབྱོར་འདིས་ནི་སེམས་ཅན་རྣམས་དབང་པོ་ཡུལ་ལ་སྲེད་པས་རོ་མྱང་

p. 191

ལ་བརྟེན་ཏེ། འདོད་ཡོན་ལྔ་སོགས་ལ་ལོངས་སྤྱོད་པ་ན་བག་མེད་པས་གཡེངས་ཤིང་། འཁྲུལ་པས་མྱོས་པ་སོགས་སྦྱོང་བ་ཡིན་ནོ། །དྲུག་པ་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ལ། དངོས་དང་། སྐབས་ཀྱི་དོན་གཞན་བརྗོད་པ་གཉིས་ཀྱི། །དང་པོ་ནི། སྦྱང་བྱ་རིགས་ངེས་པའི་མངལ་སྐྱེས་ཀྱི་འགྲོ་བ་དག་རྒན་པོར་གྱུར་པ་ན། ལུགས་ཀྱི་བསྟན་བཅོས་སོགས་འཇིག་རྟེན་པའི་ཡོན་ཏན་ཅི་རིགས་པར་རྟོགས་པ་ན། གཞན་དག་གིས་མཁས་ཤིང་གསལ་བ་དང་། འཛངས་པའི་བསྔགས་པ་བརྗོད་པས་རྒྱུད་ཁེངས་ཤིང་དྲེགས་པར་གྱུར་པ་དེ་སྦྱོང་བྱེད་འཁོར་གྱི་རྣལ་འབྱོར་མ་རྣམས་ཀྱིས་བདག་ཉིད་གཙོ་བོར་གསལ་བ་ལ་བསྟོད་པར་བསྒོམས་ལ། དངོས་སུ་བདག་ཉིད་ཀྱིས་ལག་གཉིས་སྟེང་འོག་བསྣོལ་ཏེ། ༀ་མ་ཧཱ་བཛྲ་ཧཱུྃ། །ཞེས་བརྗོད་པས་རྡོ་རྗེ་བདེ་ཆེན་གྱི་བདག་ཉིད་དུ་མོས་པ་ལག་པ་གཡས་ཀྱིས་བཟུང་ཞིང་། ༀ་བཛྲ་གྷཎྜ་ཨཱཿ ཡིས་དྲིལ་བུ་ཤེས་རབ་སྟོང་པ་ཉིད་དུ་མོས་པ་གཡོན་པས་

p. 192

བླངས་ནས་འཁྲོལ་ཞིང་ངག་ཏུ། ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཉིད་ནི་ཁྱོད་ཀྱི་ཐུགས་ཀྱི་ཁྱོད་དགོངས་འགྲུབ། །ཁྱོད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་སྒྲུབ་པ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་བྱང་ཆུབ་སྒྲུབ་པའི་ཡིད། །དགྱེས་པ་རྡོ་རྗེ་དཔལ་གྱི་ཧེ་རུ་ཀ་ལ་བསྟོད། །ཅེས་པ་གུར་ལས་གསུངས་པ་དང་། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་བསྟོད་པ་ཉི་ཤུ་པ་ནི། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱེས་རྡོ་རྗེ་ལ་བདག་ཕྱག་འཚལ། །བདག་མེད་མས་ནི་མགུལ་ནས་འཁྱུད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་བརྒྱད་པ་ལ་སྤྱན་གསུམ་པ། །མགོན་པོ་དེ་ལ་གུས་ཕྱག་འཚལ། །སྤྱི་བོའི་སྟེང་ན་ནག་པོ་མཛེས། །དཀར་དང་དམར་པོ་གཡས་དང་གཡོན། །གང་གི་ལྷག་མའི་ཞལ་རྣམས་ནི། །གནག་པ་དེ་ལ་བདག་ཕྱག་འཚལ། །གླང་པོ་རྟ་བོང་གླང་རྔ་

p. 193

མོང་། །མི་ད ང་ཤ་ར་བྷ་བྱི་ལ། །གཡས་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ས་དང་ཆུ་དང་རླུང་དང་མེ། །ཟླ་ཉི་གཤིན་རྗེ་གསང་བ་པ། །གཡོན་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ཞབས་བཞི་ཡིས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྐྱང་དང་བསྐུམ། །གར་མཛད་དེ་ལ་བདག་ཕྱག་འཚལ། །འཁོར་ལོ་བཞི་ཡི་བདག་ཉིད་མཛེས། །འཛག་པའི་མགོ་བོས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་རྣམ་དག་པའི། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །དཔྲལ་བར་རིགས་ཀྱི་བདག་པོ་ཉིད། །དམ་པའི་དགའ་བ་ཡང་དག་ཐོབ། །བདེ་ཆེན་དེ་ལ་བདག་ཕྱག་འཚལ། །གཾ་ལས་སྐྱེས་པའི་གཽ་རཱི་ཤར། །ཡན་ལག་ནག་ཅིང་གཡོན་པ་ཉ། །གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་མནན་ལ་བདག་ཕྱག་འཚལ། །ཙཾ་ལས་བྱུང་བའི་ཆོམ་བརྐུན་མ། །བཙོད་ཀྱི་ཁ་དོག་

p. 194

ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེའུ་བསྣམས། །དབང་པོ་མནན་ལ་བདག་ཕྱག་འཚལ། །བཾ་ལས་སྐྱེས་པའི་སེར་མོ་ནུབ། །རོ་ལངས་མ་ནི་ཉེ་དབང་མནན། །ཕྱག་གཡོན་ལྷུང་བཟེད་གཡས་པ་ཡིས། །རུས་སྦལ་འཛིན་ལ་བདག་ཕྱག་འཚལ། །གྷསྨ་རཱི་ནི་བྱང་གི་སྒོར། །ལྗང་གུ་གྷཾ་ལས་བྱུང་བ་ཡི། །ཕྱག་ན་སྦྲུལ་དང་ཐོད་པས་འབྲེལ། །དྲག་པོ་མནན་ལ་བདག་ཕྱག་འཚལ། །གཤིན་རྗེ་མནན་ཞིང་པཾ་ལས་བྱུང་། །གཡོན་ན་དགྲ་སྟ་སེང་གེ་གཡས། །དབང་ལྡན་དུ་ནི་འཇིགས་གཟུགས་མ། །ཕྱག་འཚལ་པུཀྐ་སཱི་སྔོན་ལའོ། །རི་ཁྲོད་མ་དཀར་ཤཾ་ལས་བྱུང་། །མེ་རུ་གནོད་སྦྱིན་སྟེང་དུ་གནས། །གཡོན་པ་བསིལ་བྱེད་གཡས་པ་ན། །དགེ་སློང་འཛིན་ལ་བདག་ཕྱག་འཚལ། །གཏུམ་མོ་ནམ་མཁའི་སྔོ་སངས་མ། །སྲིན་པོ་ཙཾ་ལས་བྱུང་བ་ཡི། །གཡོན་ན་ཐོད་པ་གཡས་འཁོར་ལོ། །ཕྱག་འཚལ་སྲིན་པོ་ཉིད་ལའོ། །ཌཾ་ལས་འཁྲུངས་པའི་གཡུང་མོ་ནི། །རླུང་མཚམས་ཐག་བཟངས་རི་སྟེངས་གཤེགས། །ཕྱག་གཡོན་སྡིགས་

p. 195

མཛུབ་གཡས་རྡོ་རྗེ། །སྣ་ཚོགས་མདོག་ལ་བདག་ཕྱག་འཚལ། །སྐྱིལ་དཀྲུང་ཕྱེད་པའི་གར་གྱིས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཕུང་པོ་ཁམས་རྣམས་རྣམ་དག་པ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་རབ་སྟེར་འདི་ཐམས་ཅད་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །ཉིད་ཀྱི་གཡས་པའི་ཕྱག་བཟུང་བའི། །ཕྱག་མཚན་ས་བོན་ལས་བྱུང་བའི། །བདེ་ཆེན་འདོད་པ་ཐམས་ཅད་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །གང་ཞིག་ཉི་ཟླ་ཁ་སྦྱོར་གནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། །ཉིད་ཀྱིས་ཉིད་ཀྱི་དཀྱིལ་འཁོར་འདི་ལ་ནི། །འཇིག་རྟེན་གསུམ་པོ་སྤྲུལ་པར་མཛད་དང་ལྡན། །ཉིད་ལ་འདི་དག་ཐམས་ཅད་མ་ལུས་པའི། །ཞི་བ་བདེ་གསོལ་རིག་མ་བསྡུ་བྱེད་པའི། །ཤེས་རབ་ཆགས་པ་བདུད་རྩིའི་རོ་ཉིད་ཀྱིས། །གནས་སུ་ཞི་བ་དེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་གཙོ་ཀྱེས་

p. 196

རྡོ་རྗེ། །ལྷ་མོ་འཁོར་ལོ་བཅས་བསྟོད་པས། །བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་འཇིག་རྟེན་དེ་མཚུངས་ཤོག །ཅེས་པས་བསྟོད་པའི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་དེ་བཞིན་གཤེགས་པ་ཐམས་ཅད་བསྟོད་པ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ། །གིས་རྒྱས་གདབ་པ་ནི། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་སྟེ། གུར་ལས། འཁོར་ལོའི་འདྲེན་པ་ལ་བསྟོད་བྱའོ། །ཞེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་སྐབས་ཀྱི་དོན་གཞན་བརྗོད་པ་ལ། སྐྱེད་ཆོག་ཡན་ལག་དྲུག་པོ་རིགས་དྲུག་དང་སྦྱར་བའི་མཐད་པ། དེས་བསྐྱེད་པའི་ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇོག་ཚུལ་གཉིས་ཀྱི། །དང་པོ་ནི། གུར་ལེའུ་བདུན་པར། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འབྱུང་བ་བཞི་བདག་དཀྱིལ་འཁོར་ཏེ། །དེ་སྟེང་སངས་རྒྱས་བསམ་བྱ་སྟེ། །སྤྲོ་བའི་གནས་ནི་བརྩེགས་མ་བགོད། །རྡོ་རྗེ་ལྟ་བུར་མི་ཕྱེད་ཕྱིར། །མི་བསྐྱོད་པ་ནི་དེ་སྒོམ་བྱ། །འཇིག་མིན་

p. 197

སྐྱེ་བ་མ་ཡིན་པའི། །རྟག་པ་རྣམ་པར་སྣང་མཛད་ཉིད། །སེམས་ནི་རིན་ཆེན་ཞེས་བྱ་སྟེ། །རིན་ཆེན་གྱི་མཆོག་བླ་ན་མེད། །ཆགས་པ་ཆེན་པོ་རྡོ་རྗེ་ཆོས། །འདོད་ཆགས་མཚན་ཉིད་འཛིན་པའི་ཕྱིར། །སེམས་ནི་འདོད་ཆགས་ཞེས་བྱ་སྟེ། །རྡོ་རྗེ་སེམས་དཔའི་གདན་ལ་བཞུགས། །གང་ཕྱིར་དངོས་གྲུབ་འབྲས་སྩོལ་བ། །དེས་ན་དོན་ཡོད་པར་རབ་གྲགས། །རིགས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་གསུངས་པ་འདི་ལ་ཡན་ལག་དྲུག་ཏུ་བཞག་པའི་འཐད་པ་ཞེས་ཇོ་བོ་མཻ་ཏྲི་པས་བཞེད་པ་ལྟར་བླ་མ་བརྒྱུད་པའི་མན་ངག་གིས་རྒྱུད་ཀྱི་འཁྲུགས་སྡེབས་ཏེ་བརྗོད་ན། འཇིག་མིན་ཞེས་སོགས་རྐང་པ་གཉིས་པ་ཤློཀ་དང་པོའི་མཐར་སྦྱར་ཏེ་རྣམ་སྣང་ནི་ལུས་དག་པ་ཡིན་ལ་ཕོ་བྲང་བསྐྱེད་པའིང་དེར་ཆོས་མཐུན་པས་དེའི་ཡན་ལག་དང་། སེམས་ནི་སོགས་རྐང་པ་གཉིས་ཀྱིས། རྡོ་རྗེ་སེམས་དཔའི་ལུས་ལས་བྱུང་བ་བདེ་ཆེན་གྱི་ལྷ་ཡིན་ལ། རྗེས་ཆགས་ཀྱིས་ཀྱང་བདེ་བ་ཆེན་པོ་

p. 198

བསྐྱེད་པར་བྱེད་པས་དེའི་ཡན་ལག་ཏུ་བཞག་ཅིང་། རྡོ་རྗེ་སོགས་རྐང་པ་གཉིས་ཀྱིས་ནི་བཅོམ་བཞིག་གི་ཡུལ་མིན་པ་ལྟར་མི་བསྐྱོད་པའིང་གཟུང་འཛིན་གྱིས་མི་གཡོ་བ་ཡིན་ལ། དབང་བསྐུར་བས་ཀྱང་རྣམ་རྟོག་གི་དྲི་མས་མི་བསྐྱོད་པ་ཐོབ་པའི་ཕྱིར་དེའི་ཡན་ལག་ཏུ་བཞག་པ་དང་། འདོད་ཆགས་ཆེན་པོ་སོགས་རྐང་པ་གཉིས་ཀྱིས་འདོད་ཆགས་དག་པ་སྣང་བ་མཐའ་ཡས་ནི་ཨ་མི་ཏཱ་བྷ་སྟེ་ཡི་གེ་ཕྱིས་བསྣན་གྱི་དབང་ལས། ཨ་མྲྀ་ཏ་འཆི་བ་མེད་པ་ཡིན་ལ། བདུད་རྩི་ཡང་དེའི་སྒྲ་དོན་ཅན་ཡིན་པའི་ཕྱིར་དེ་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་གོ། །གང་ཕྱིར་སོགས་རྐང་པ་གཉིས་ཀྱིས་དོན་གྲུབ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ཅིང་། དེས་གདུལ་བྱ་རྣམས་ལ་ཅི་འདོད་པའི་ད ངོས་གྲུབ་སྟེར་བ་ལྟར་མཆོད་པའི་ཆོ་གས་ཀྱང་དངོས་གྲུབ་ལ་སྦྱོར་བ་དེས་དོན་ཡོན་གྲུབ་ཡན་ལག་ཏུ་རབ་ཏུ་གྲགས་སོ། །སེམས་ནི་ཞེས་སོགས་རྐང་པ་གཉིས་ཀྱིས་རིན་འབྱུང་ཡོན་ཏན་ལྔ་དང་ལྡན་པ་ཡིན་ལ། བསྟོད་པ་ཡང་

p. 199

དེ་ལྟ་བུའི་སྒོ་ནས་དཀྱིལ་འཁོར་པ་ལ་བསྔགས་པ་བརྗོད་པས་དེའི་ཡན་ལག་ཏུ་བཞག་པ་སྟེ། དེ་ལྟར་ཚིགས་སུ་བཅད་པ་བཞི་ནི་ཡན་ལག་དྲུག་རིགས་དྲུག་དང་སྦྱོར་བ་རིགས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་གོ་བར་བྱ་ཞིང་། ཡན་ལག་དེ་རྣམས་ལ་རྒྱས་གདབ་པའི་སྔགས་ཀྱང་ལེའུ་དེར། ༀ་སརྦ་ཏ་ཐཱ་ག་ཏ་ཞེས་པ་ནས། རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་པའི་བར་གྱིས་གསུངས་པའི་དོན་ཀྱང་ད་ལྟ་རྣམ་པའིམ་འབྲས་བུ་ལམ་དུ་བྱེད་པ་སྟེ། དཔེར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རང་བཞིན་གྱི་གནས་ཀྱི་བདག་ཉིད་ངའོ། །སྙམ་པ་སོགས་ཡན་ལག་སོ་སོའི་སྐབས་དོན་ལྟར་ང་རྒྱལ་འཛིན་པ་ཉིད་རྒྱས་གདབ་ཀྱི་དོན་དུ་འགྱུར་བ་ཡིན་ལ། སྔགས་སོ་སོར་རྡོ་རྗེའི་སྒྲ་སྨོས་པ་ནི། ཡན་ལག་དེ་རྣམས་སྒོམས་པས་སོ་སོའ་འབྲས་བུ་མཆོག་འབྱུང་བ་ལས་མི་འདའ་ཞིང་། སྒོམ་རིམ་དེ་རྣམས་ཀྱང་མི་མཐུན་ཕྱོགས་ཀྱིས་མི་ཤིགས་པའི་ཐ་

p. 200

ཚིག་གོ། །དེ་ལྟར་ཡན་ལག་དྲུག་རིགས་དྲུག་དང་སྦྱོར་ཚུལ་བསྟན་པ་ནི། རྒྱུད་ཀྱི་དངོས་བསྟན་གྱི་མདོར་བསྟན་རྒྱས་བཤད་སྦྱར་བ་རགས་པའི་དབང་དུ་བྱས་པ་ཡིན་ལ། ཕྲ་བའི་དབང་དུ་བྱས་ནས་ཕོ་བྲང་ཉིད་ནི་འབྱུང་བ་བཞི། བར་སྲིད་དང་ལྔ། དེ་རྣམས་འདྲེས་པ་སྟེ་ཡན་ལག་དྲུག་གོ། །རྗེས་ཆགས་ཀྱི་རྡོ་རྗེ་པདྨ་དགའ་བ་གསུམ་རྣམས་ནི་ཡེ་ཤེས་ལྔ། ལྷན་སྐྱེས་ཡེ་ཤེས་དྲུག་པར་འགྱུར་རོ། །བདུད་རྩི་ལྔའི་ཆུ་ཡེ་ཤེས་ལྔའམ། རིགས་རྣམ་པ་ལྔ་མཚོན་ཞིང་། དེས་དབང་བསྐུར་བའི་ཉམས་མྱོང་རྡོ་རྗེ་སེམས་དཔའི་སྟེ་དྲུག་གོ །བདུད་རྩི་ལྔ་དང་དེ་མྱངས་པའི་ཉམས་མྱོང་དྲུག་པའོ། །ལྷ་མོ་སྤྲུལ་ནས་འདོད་ཡོན་རྣམ་པ་ལྔས་མཆོད་པ་རིགས་ལྔའམ་ཡེ་ཤེས་ལྔ། ཌོོམྦྷི་ནིས་སྙོམས་འཇུག་གི་མཆོད་པ་རིགས་དྲུག་པ་ཉིད་དང་། སྐུ་གསུམ་ལས་སྐུ་ལྔར་ཕྱེ་བའི་སྒོ་ནས་བསྟོད་པ་ལྔ་དང་། བསྟོད་པ་ཐམས་ཅད་ཀྱི་དོན་མི་རྟོག་ཡེ་ཤེས་ཀྱི་ངོ་བོ་དེ་ལ་རྡོ་རྗེ་སེམས་དཔར་རྩིས་ཏེ་དེའང་དྲུག་ལྡན་དུ་འཆད་པ་ནི་རྗེ་མར་

p. 201

པའི་གསུང་རྒྱུན་ཡིན། །ཅེས་རྔོག་རྗེ་ཆེན་པོ་ཞེ་སྡང་རྡོ་རྗེས་གསུང་ངོ་། །གཉིས་པ་ལ། །དངོས་དང་། དག་པ་སྒོམ་པ་གཉིས་ཀྱི། །དང་པོ་ནི། མདོ་སྦྱར་དུ་རྩ་བཤད་ཀྱི་ལུང་དང་སྦྱར་ནས་གསུངས་ཏེ། ཇི་སྐད་དུ། དེ་ནས་སྙིང་པོ་དང་། རྩ་བའི་སྔགས་རྣམས་བརྗོད་ཅིང་གཙོ་བོ་ཡབ་ཡུམ་གྱི་སྐུ་མདོག་དང་ཕྱག་མཚན་རྒྱན་ཆ་ལུགས་ཤིན་ཏུ་གསལ་བར་བསྒོམ། དེ་ལྟར་ཡང་། ལྷ་མོའ་ཙཀྲ་གྲོང་ཉམས་དགར། །ཁ་དོག་ནག་པོ་འཇིགས་ཆེན་པོ། །ཞེས་པ་ལ་སོགས་པ་དང་། གཉིས་མེད་མཱ་མ་ཀི་སྦྱར་ནས། །ཞེས་པ་དང་། མགོན་པོ་དེ་ལྟར་སྒོམ་པར་བྱའོ། །ཞེས་སོ། །དེ་ནས་གཽ་རཱི་གཾ་ཞེས་པ་ལ་སོགས་པ་སོ་སོའ་སྔགས་བཟླས་ལ། ལྷ་མོ་སོ་སོའ་སྐུ་མདོག་དང་། ཕྱག་མཚན་དང་། རྒྱན་དང་ཆ་ལུགས་ལ་སོགས་པ་ཤིན་ཏུ་གསལ་བར་སྒོམ། དེ་ལྟར་ཡང་། དཀར་མོ་གཡས་ན་གྲི་གུག་སྟེ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ནས། །ༀ་ཨཱཿཧཱུྃ། །ཞེས་བརྗོད་པས་གཞལ་ཡས་ཁང་དུར་ཁྲོད་དང་བཅས་

p. 202

པ་རྡོ་ར་མེ་རི་ཚུན་ཆོད་གོང་དུ་བསྟན་པ་བཞིན་ཤིན་ཏུ་གསལ་བར་སྒོམ་མོ། །ཞེས་འབྱུང་བའི་ཉམས་ལེན་ནི། སྔར་བདག་ཉིད་ཡན་ལག་དྲུག་གིས་གཙོ་བོ་ཡབ་ཡུམ་གྱི་སྐུར་བསྐྱེད་པ་དེའི་རྣམ་པ་དྲན་པར་བྱས་ལ་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་། ཉེ་སྙིིང་དང་། རྩ་སྔགས་རྣམས་ཅི་རིགས་པར་བརྗོད་བཞིན་པས། ཏིང་ངེ་འཛིན་སེམས་དཔའི་ལྟ་བུ་ནས་བཟུང་སྟེ་གཙོ་བོ་ཡབ་ཡུམ་གྱི་སྐུ་ཡོངས་སུ་རྫོགས་པ་རིམ་གྱིས་གསལ་བཏབ་པ་དེ་གསལ་བ་རབ་ཏུ་གྱུར་པ་དང་། ༀ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། །ཞེས་པ་ཅི་རིགས་སུ་བརྗོད་པས་ལྷ་མོ་གཽ་རཱིའི་རྣམ་པ་གསལ་བར་སྒོམ་པ་དེ་བཞིན་དུ། ལྷ་མོ་གཞན་ལའང་རིགས་འདྲེ་བས། ཌོཾ་བྷི་ནིའི་བར་གསལ་བར་གྱུར་པ་དང་། །འབྲུ་གསུམ་བརྗོད་བཞིན་པས་གཞལ་མེད་ཁང་དུར་ཁྲོད་བསྲུང་འཁོར་དང་བཅས་པ་གསལ་འདེབས་པ་སྟེ། མདོར་ན་སྔར་བདག་ཉིད་ལྷའི་འཁོོར་ལོ་སྒོམས་པ་དེ་གསལ་སྣང་དང་བཅས་པར་མ་གྱུར་གྱི་བར་རྟེན་དང་བརྟེན་པའི་དཀྱིལ་འཁོར་

p. 203

ཡང་དང་ཡང་དུ་གསལ་འདེབས་པར་གཞེད་པ་ཡིན་ནོ། །བ སྐྱེད་རིམ་གྱི་ཏིང་ངེ་འཛིན་སྒོམ་པའི་ཚུལ་འདི་ལ་མཚུངས་པ་མེད་པའི་རྗེ་བཙུན་དམ་པ་དཔལ་རྡོ་རྗེ་དབྱངས་ཅན་འཇིགས་པ་དང་བྲལ་བའི་ཞལ་སྔ་ནས་ཀྱི་བཞེད་པས་ཐ་མལ་གྱི་རྣམ་རྟོག་ཆེས་མང་བ་འགོག་པའི་ཆེད་དུ་བདག་ཉིད་ལྷར་བསྐྱེད་པའི་ཆོ་ག་བསྙེན་སྒྲུབ་བཞི་དང་། རྣལ་འབྱོར་བཞི་དང་། རིགས་དྲུག་གི་ཡན་ལག་དྲུག་དང་། ཏིང་ངེ་འཛིན་གསུམ་གྱིས་འཆིང་བ་སོགས་ཤིན་ཏུ་རྒྱས་པའི་སྒོ་ནས་སྦྱང་བྱ་སྦྱོང་བྱེད་རིམ་གྱིས་ངོ་སྤྲད་ནས་གསལ་སྣང་རིམ་ཅན་དུ་འདེབས་ཤིང་། ཐུན་དང་ཐུན་མཚམས་ཀྱི་གནས་སྐབས་ཀུན་ཏུ་འཛིན་སྟངས་འགལ་བའི་ང་རྒྱལ་འཛིན་པ་དང་མ་བྲལ་བར་བྱེད་པ་ནི་ལས་དང་པོ་པ་དང་། དེ་ནས་ཆོ་གའི་རིམ་པ་ལ་བློ་བྱང་བས་བསྐྱེད་ཆོག་འབྲིང་གིས་སྦྱང་བྱ་སྦྱོང་བྱེད་དག་ཉམས་ཙམ་ལ་གསལ་སྣང་ག ཅིག་ཆར་དུ་ངང་ངམ་ཤུགས་ཀྱིས་ཐེབས་པ་ཡེ་ཤེས་ཅུང་ཟད་བབས་པ་དང་། དེའི་ཚེ་ཐ་མལ་

p. 204

གྱི་རྣམ་རྟོག་ཇེ་ཕྲར་གྱུར་པའི་ཚེ་བསྐྱེད་ཆོག་བསྡུས་པ་ཙམ་གྱིས་སྦྱང་བྱ་སྦྱོང་བྱེད་རྣམས་གསལ་བ་རབ་ཏུ་གྱུར་ནས་སྐད་ཅིག་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཞེངས་ནུས་ཤིང་། ཐུན་སྟོད་ལ་འཛིན་སྟངས་འགལ་བའི་ང་རྒྱལ་བཟུང་བ་ཙམ་གྱིས་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ལྷའི་ང་རྒྱལ་རང་ཤུགས་ཀྱིས་འབྱུང་བ་དང་སྤྲོ་བསྡུད་ལ་གཅིག་ཅར་དབང་ཐོབ་པ་ནི་ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པའི་གནས་སྐབས་ཏེ། འདིར་བསྐྱེད་རིམ་གྱི་དངོས་གྲུབ་གྲུབ་པའི་མཐོང་རེག་གི་མཚན་མ་ཁྱད་པར་ཅན་ཀྱང་སྙེད་ལ། ལྷག་པར་རྫོགས་རིམ་ཟབ་མོ་ལ་འཇུག་རུང་གི་ཚད་ཐ་མལ་གྱི་སྣང་ཞེན་འགོག་པའི་བསྐྱེད་རིམ་རྒྱས་པ་ལ་སྐད་ཅིག་གིས་གསལ་སྣང་འཆར་ནུས་པའིང་འབྱུང་བ་ཡིན་ནོ། །དེ་ཉིད་གོམས་པ་མཐར་ཕྱིན་པ་ན་རྡུལ་གཅིག་གི་སྟེང་དུའང་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་པ་ཐམས་ཅད་གཟུགས་བརྙན་ལྟར་སྤྲུལ་ཞིང་བསྒྱུར་ནས་གཞན་དོན་ནུས་པ་ནི། བདེན་པ་མཐོང་བས་བསྐྱེད་རིམ་གྲུབ་པའི་

p. 205

སྐབས་ཀྱི་བྱ་བར་འབྲེལ་བ་སྟེ། ཡེ་ཤེས་ལ་དབང་ཐོབ་པའི་སྒོམ་པ་ལ་གནས་པ་ཞེས་པའི་དབྱེ་བ་བཞིར་མཛད་པ་ནི་ཕྱེད་དང་བཅས་པའི་བཞི་བརྒྱ་པར། ནང་པར་ལངས་ནས་སྔར་བཞི་ནི། །ལེགས་ཟློས་དང་པོའི་ལས་ཅན་ཡིན། །ཡེ་ཤེས་ཅུང་ཟད་བབས་གྱུར་པ། །སྔགས་ཀྱི་ཚུལ་ཁྲིམས་བརྟུལ་ཞུགས་ལྡན། །མིག་དང་སྐུ་སོགས་བྱིན་གྱིས་རླབས། །ཐུན་མཚམས་སུ་ནི་རབ་སྒྲིམས་ཟླས། །རྣམ་པ་ཀུན་ཏུ་རབ་རྫོགས་པར། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡེ་ཤེས་ཅུང་ཟད་དབང་བ་ཐོབ། །ཉིན་མཚན་རྣལ་འབྱོར་ཡང་དག་རྟེན། །ཡང་དག་ཡེ་ཤེས་དབང་ཐོབ་སྡོམ། །ཁམས་ཀྱི་རྡུལ་གང་འཁོར་གསུམ་མཆོག །གཟུགས་བརྙན་བདག་ཉིད་སྐུ་ཅན་གྱིས། །འགྲོ་བའི་དོན་གྱི་བྱ་བ་བྱེད། །ཅེས་འབྱུང་བ་དང་མཐུན་པ་ཡིན་ནོ། །ད་ནི་སློབ་དཔོན་སྒྲ་ཅན་གསང་བའི་ལུགས་ལྟར་ཡན་ལག་དྲུག་གི་ཁ་དོག་གི་དབྱེ་བས་ལས་བཞི་སྒྲུབ་པའི་ཏིང་ངེ་འཛིན་བསྟན་པར་བྱ་སྟེ། སྒྲུབ་ཐབས་རབ་ཏུ་

p. 206

གསལ་བ་ལས། དེའི་རྗེས་སུ་མཚོ་སྐྱེས་ཞབས་ཀྱིས། ཁ་དོག་གི་ལས་ཀྱི་དབྱེ་བ་བྱའོ། །ཞེས་པ་ནི་ཡན་ལག་དྲུག་སྦས་པ་སྟེ་བཟང་པོའི་ཞབས་ཀྱིས་སླར་ཡང་ཅུང་ཟད་གསལ་བར་མཛད་དེ་ཧཱུྃ་ཡིག་ལས་གྱུར་པའི་ཁ་དོག་སྟེ། ཇི་ལྟར་རིགས་པར་རབ་ཏུ་སྦྱོར་བ་ལས་ཤེས་སོ། །ཞེས་གསུངས་པས་གོང་དུ་བསྟན་པའི་ཏིང་ངེ་འཛིན་གསལ་བ་རབ་ཏུ་གྱུར་པ་ན། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་ཞུ་བ་ཐིག་ལེ་ནག་པོར་གྱུར་པའི་འོད་ཀྱིས་རྟེན་བརྟེན་པའི་དཀྱིལ་འཁོར་པ་ཐམས་ཅད་ཁ་དོག་ནག་པོ་འབའ་ཞིག་ཏུ་སྒོམ་ཞིང་། དེ་གསལ་བ་དང་། སླར་ཡང་ཏིང་ངེ་འཛིན་སེམས་དཔའི་གོང་བུ་ལས་ཧཱུྃ་དུ་གྱུར་པ་ཞུ་བ་ཐིག་ལེ་དམར་པོར་གྱུར་པའི་འོད་ཀྱིས་རྟེན་བརྟེན་པ་ཐམས་ཅད་དམར་པོར་སྒོམ་པའི་ཚུལ་འདི་ལྷག་མ་སེར་ལྗང་སྔོ་དཀར་བཞི་ལའང་སྦྱར་ནས། ཁ་དོག་སྔ་མ་སྔ་མ་གསལ་བ་ན་ཁ་དོག་ཕྱི་མ་ཕྱི་མ་བསྒྱུར་ནས་སྒོམ་པ་སྟེ། དེ་ཉིད་ལས། དཀྱིལ་འཁོར་དཀྱིལ་འཁོར་པ་

p. 207

ཐམས་ཅད་ལ་མངོན་པར་སྦྱར་བར་བྱས་པ་ལས་ཆེར་ནག་པར་ལྟ་བར་བྱའོ། །འདི་ལྟར་གཉིས་པར་དམར་པོ་དང་། གསུམ་པར་སེར་པོ་དང་། བཞི་པར་ལྗང་གུ་དང་། ལྔ་པར་སྔོན་པོ་དང་། དྲུག་པར་དཀར་པོ་ཡང་སྟེ་ཞི་བ་ལ་སོགས་པའི་ལས་ལ་ཇི་ལྟར་རིགས་པར་ཤེས་པར་བྱའོ། །ཞེས་པ་ཡན་ལག་དྲུག་གོ། །ཞེས་གསུངས་སོ། །གཉིས་པ་ནི། རྩ་བའི་རྒྱུད་དུ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནང་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་པ་ལ་སོགས་པ་རྣམ་པར་དག་པ་བསྒོམ་པའི་གོ་རིམས་སྦས་ཏེ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་གདུག་པའི་སློབ་དཔོན་དག་རང་གར་འཇུག་པ་དགག་པའི་དོན་དུ་གསུངས་པ་སྟེ་དེའི་ཕྱིར། བླ་མ་དམ་པ་བརྒྱུད་པའི་མན་ངག་གིས་རྟོགས་པར་བྱེད་དགོས་པ་ལས་འདིར་རྗེ་ལོ་ཙ་བ་ཆེན་པོའི་གསུངས་གིས། ཀུན་རྫོབ་ལྷ་སོ་སོའ་རྣམ་པར་དག་པ་དང་། དོན་དམ་དེ་བཞིན་ཉིད་ཀྱི་རྣམ་པར་དག་

p. 208

པའོ། །ཞེས་གསུངས་པའི་གོ་རིམས་ནི་ངེས་པ་སྟེ། འདི་ལ་དགོངས་ནས་མེས་སྟོན་ཚོན་པོའི་རིང་ལུགས་པ་སློབ་དཔོན་རྒྱ་མཚོ་གྲགས་ཀྱིས་ཀྱང་། འཁོར་བ་ལས་སྒྲོལ་བའི་ཐབས་ནི། སྣང་བ་ཡུལ་ལ་ཞེན་པ་སྣང་བ་ལྷའི་འཁོར་ལོས་སྤོང་བ་དང་། ལྷ་ལ་ཞེན་པ་ལྷའི་རྣམ་དག་ཤེས་པས་སྤོང་བ་དང་། རྣམ་དག་ལ་ཞེན་པ་ཉམས་མྱོང་བདེ་ཆེན་གྱི་འཁོར་ལོས་སྤོང་བ་དང་། ཉམས་མྱོང་ལ་ཞེན་པ་རང་བཞིན་སྟོང་ཉིད་ཀྱི་འཁོར་ལོས་སྤོང་བ་ཡིན་ཏེ། འདི་ཉིད་ལ་སྤོང་བ་བཞི་རྒྱུད་ཀྱི་གདམ་ངག་ཅེས་ཀྱང་མིང་གདགས་པ་ཡིན་ནོ། །ཞེས་ལེའུ་དགུ་པའི་འགྲེལ་བར་བྲིས་སྣང་བས་སྔར་རྟེན་དང་བརྟེན་པའི་དཀྱིལ་འཁོར་པ་བསྒོམས་པས་སྣོད་བཅུད་ཐ་མལ་དུ་འཛིན་པའི་སྣང་ཞེན་བཟློག་ནས། སྐབས་འདིར་སྦྱོང་བྱེད་ཀྱི་ལྷ་གཙོ་འཁོར་གྱི་དབྱིབས་སུ་སྣང་བ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཉིད་ཀྱི་སྐུའི་རྣམ་དག་ཡོན་ཏན་གྱི་ངོ་བོ་གཟུགས་སྐུར་ཤར་བའི་ངེས་ཤེས་བསྐྱེད་པའི་ཕྱིར་ཐོག་མར་ཀུན་རྫོབ་ལྷ་སོ་སོའ་རྣམ་

p. 209

པར་དག་པ་བསྒོམ་པ་ནི། རྩ་བརྒྱུད་རྟག་པ་དང་པོའི་ལེའུ་དགུ་པ་སོགས་སུ་བཅོམ་ལྡན་འདས་ཀྱིས་བཤད་པ་དག་རྗེ་ལོ་ཙ་བས་གོ་རིམས་སྡེ བས་ཏེ་ཚིགས་སུ་བཅད་པ་བཞི་དང་རྐང་པ་གསུམ་གྱིས་བསྟན་པ་ནི། སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། །རྡོ་རྗེ་གསུམ་གྱི་དག་པའི་སྤྱན། །བྱམས་པའི་ཐུགས་ལས་ཡང་དག་ནག །ཅེས་པ་ནི་གཙོ་བོའི་སྤྱན་དང་སྐུ་མདོག་གི་དག་པ་སྟེ། སྔར་བརྗོད་པ་ཉིད་ཀྱིས་ན་གོ་སླའོ། །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཅེས་པ་འདིའི་དོན་ནི། གཞན་ལས། མཁོ་བ་བྱིན་དང་སྙན་པར་སྨྲ་བ་དང་། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་སྤྱོད་པ། །ཞེས་པ་ནི་བསྡུ་བའི་དངོས་པོ་བཞི་སྟེ་ཞབས་ཀྱི་དག་པ་ཡིན་ལ། རྣམ་པ་གཅིག་ཏུ་ན། བདུད་དག་པ་ལས་ཞབས་རྣམས་ཉིད། །ཅེས་པའོ། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཅེས་པ་ལ་མངོན་པར་བརྗོད་པ་ཕྱི་མར་གསུང་པ། གཟུགས་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་

p. 210

པོའོ། །ནང་གཟུགས་མེད་པས་ཕྱི་རོལ་གྱི་གཟུགས་རྣམས་ལྟ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་བདུན་པའོ། །འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་ཞལ་རྣམས་སོ། །ཞེས་དཔལ་ནཱ་རོ་པས་འགྲེལ་བར་དྲངས་སོ། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །ཅེས་པའི་དོན་ནི་འགྲེལ་པར། ཕྱག་བཅུ་དྲུག་རྣམ་པར་དག་པ་སྟོང་པ་ཉིད་བཅུ་དྲུག་རྣམས་སོ་ཞེས་པ། འདིར་ངེས་པའི་དོན་ནི་དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་དང་། འདིར་སྟོང་པ་ཉིད་ནི་ཕུང་པོ་ལྔ་སྟོང་པ་ཉིད་དེ་ནག་པོའི་ཚེས་གཅིག་ལ་སོགས་

p. 211

པ་ཚེས་ལྔ་རྣམས་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ཅེས་པའོ། །ཁམས་ལྔ་སྟོང་པ་ཉིད་ནི་དྲུག་པ་ལ་སོགས་པའི་ཚེས་ལྔ་རྣམས་ཏེ། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད་རྣམས་སོ། །ཞེས་པའོ། །དབང་པོ་ལྔ་སྟོང་པ་ཉིད་ནི་བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ་རྣམས་ཏེ། དོར་བ་མེད་པ་སྟོང་པ་ཉིད་དང་། །རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཅེས་པའོ། །གནམ་སྟོང་གི་མཐར་ཐུག་པ་སྟོང་པ་ཉིད་བཅོ་ལྔ་རྣམས་སོ། །དཀར་པོའི་ཚེས་གཅིག་འཇུག་པའི་དུས་སུ། དེ་དག་གི་དབུས་སུ་སྟོང་པ་ཉིད་བཅུ་དྲུག་པ། དངོས་པོ་མེད་པའི་རང་བཞིན་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའོ། །དེ་བཞིན་

p. 212

དུ་སྙིང་རྗེ་རྣམ་པ་གསུམ་སྟེ། འདི་དག་གཅིག་པ་ཉིད་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཅན་གྱིས་བརྗོད་པར་བྱ་བ་ཕྱག་བཅུ་དྲུག་པོ་རྣམས་ཀྱི་རྣམ་པར་དག་པའོ། །ཞེས་བཤད་པའི་ཚིག་ཟུར་གྱིས་བཅོམ་ལྡན་འདས་བདག་ཉིད་སྟོང་པ་དང་སྙིང་རྗེ་རོ་གཅིག་པར་སྟོན་པའི་ཕྱིར་སྟོང་པ་དག་པའི་ཕྱག་རྣམས་སུ་གནས་པའི་ཐོད་པ་ནི། སྙིང་རྗེ་ཆེན་པོ་བཅུ་དྲུག་གི་བདག་ཉིད་དམ་དག་པར་བསྟན་པ་སྟེ། དེ་ཡང་གྲངས་ཀྱི་སྒོ་ནས་ངེས་པར་བྱ་བ་ནི་འགྲེལ་པར། སེམས་ཅན་ཆོས་དང་དམིགས་པ་མེད། །སྙིང་རྗེ་འདི་ནི་རྣམ་གསུམ་བཤད། །འདིར་སེམས་ཅན་ལ་དམིགས་པ་ནི་དཀར་པོའི་ཚེས་གཅིག་ལ་སོགས་པ་ཚེས་ལྔ་རྣམས་སོ། །ཆོས་ལ་དམིགས་པ་ནི་དྲུག་པ་ལ་སོགས་པ་ཚེས་ལྔ་རྣམས་སོ། །དམིགས་པ་མེད་པ་ནི་བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ་རྣམས་སོ། །ཉའི་མཐའ་དང་ནག་པོའི་ཚེས་གཅིག་འཇུག་པའི་དང་པོའི་དབུས་སུ་སྙིང་རྗེ་བཅུ་དྲུག་པའོ། །འདི་དག་

p. 213

གཅིག་པ་ཉིད་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཅེས་སོ། །ད་ནི་ཞར་ལ་ཐོད་པ་རྣམས་སུ་གནས་པའི་སྲོག་ཆགས་བརྒྱད་དང་ལྷ་བརྒྱད་ཀྱི་དག་པའིང་བཤད་པར་བྱ་སྟེ། གུར་ལས། གློ་དང་དབུགས་དང་དེ་བཞིན་འབོག །ཁོང་སྐམ་མཛེ་དང་རྐང་ཤུ་དང་། །མཆིན་པ་མཚེར་བའི་རང་བཞིན་ཡང་། །གླང་པོ་ལ་སོགས་རབ་ཏུ་གྲགས། །ཞེས་དང་། ནད་རྣམས་ཞི་ཕྱིར་སངས་རྒྱས་ནི། །གླང་པོ་ལ་སོགས་ནད་འཛིན་ཏོ། །དེ་ལྟར་བསྒོམ་པར་གྱུར་པ་ལ། །ནད་མེད་རུ་ཛ་རུ་ཤ་མེད། །འཆི་མེད་ངེས་པར་ཁོང་ནད་མེད། །ང་རྒྱལ་མེད་ཅིང་གཏི་མུག་མེད། །བཀྲེས་པ་མེད་ཅིང་སྐོམ་པ་མེད། །སྡུག་བསྔལ་ངན་འགྲོ་དེ་བཞིན་ཉིད། །ལྷ་དང་ལྷ་མིན་མི་རྣམས་སམ། །གང་གིས་ཀྱང་ནི་ནད་བྱེད་མིན། །ཞེས་པ་ནི་གཡས་པའི་ཕྱག་གི་གླང་པོ་ལ་སོགས་པ་རྣམས་ཀྱི་སྟེ། དེ་བཞིན་དུ་གཡོན་པར་གནས་པ་ས་ལ་སོགས་པའི་ལྷ་རྣམས་ནི་དབང་ཕྱུག་བརྒྱད་ཀྱི་དག་པ་སྟེ། སྒྲོན་མ་གསལ་བར། སྐུ་ཡི་དབང་

p. 214

ཕྱུག་གསུང་གི་དབང་ཕྱུག་དང་། །དེ་བཞིན་ཁོ་ནར་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་དང་ནི་ཀུན་འགྲོའི་དབང་ཕྱུག་དང་། །ཅི་འདོད་བྱེད་པོ་ཡོན་ཏན་བརྒྱད་པའོ། །ཞེས་གསུངས་པ་རྣམས་ཀྱི་དང་པོ་ནི། སྐུ་མཐའ་ཡས་པ་སྟེ་སྐུ་སྣ་ཚོགས་སུ་སྟོན་པའོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་གསུང་བའོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པའོ། །བཞི་པ་ནི། འབར་བ་དང་སྣང་བ་ལ་སོགས་པ་དང་། ལྔ་པ་ནི། གཟུགས་གཅིག་གིས་ཐམས་ཅད་ཁྱབ་པ་དང་། དྲུག་པ་ནི། དཔག་བསམས་ཀྱི་ཤིང་ལྟར་འགྲོ་བ་ཇི་ལྟར་འདོད་པའི་དོན་སྒྲུབ་པ་དང་། བདུན་པ་ནི། སེམས་ཅན་གྱི་དོན་དུ་གཟུགས་སྣ་ཚོགས་སྤྲུལ་བ་དང་། བརྒྱད་པ་ནི། སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། དེ་དག་ལ་དབང་འབྱོར་བའི་ཕྱིར་དབང་ཕྱུག་གོ། །དགུག་བསྐྱེད་ཀྱིས་ནི་སངས་རྒྱས་ལྔ། །ཞེས་པའི་དོན་ནི་འདི་ཡིན་ཏེ། འགྲེལ་པར། །འཁོར་ལོ་ཅན་ལ་མི་བསྐྱོད་གནས། །རྣ་ཆར་འོད་དཔག་

p. 215

མེད་པ་བཞུགས། །མགུལ་གྱི་འཕྲེང་བ་རིན་ཆེན་དབང་། །གདུ་བུར་རྒྱལ་བ་རྣམ་སྣང་མཛད། །སྐ་ར ག་ལ་ནི་དོན་ཡོད་གནས། །དེ་ལྟར་སངས་རྒྱས་རྣམས་རབ་བཞུགས། །ཞེས་གསུངས་ཤིང་། གདུག་པ་འདུལ་ཕྱིར་ཁྲོ་བོར་བྱས་ཞེས་པ་ནི་གོ་སླའོ། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམས་རྐུན་མར་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷ སྨ་རིར་རབ་གྲགས། །ཤ་ཡིས་པུཀྐ་སཱི་རུ་བྱས། །དེ་བཞིན་ཁྲག་གིས་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་དག །ཅེས་པ་ནི་འཁོར་རྣམས་ཀྱང་གཙོ་བོ་ཉིད་ཀྱི་སྐུའི་ཆ་ཤས་སུ་རྣམ་པར་དག་པའིམ། ཡང་ན་ཕྱོགས་ཀྱི་ལྷ་མོ་བཞི་ཕུང་པོ་བཞི་དང་། མཚམས་མ་རྣམས་འབྱུང་བ་བཞི་དག་པར་ཡང་བཤད་དོ། །རྣལ་འབྱོར་མ་རྣམས་ཀྱི་གདན་ཚངས་པ་ནས་ཐག་བཟང་རིས་ཀྱི་བར་ནི་རིམ་པ་ལྟར་འདོད་ཆགས་དང་། རིག་མ་དང་། འཛག་པ་དང་། བཏུང་བ་དང་། བཟའ་བ་དང་། གཉིད་དང་།

p. 216

རྟོག་གེ་དང་། དད་པ་རྣམས་ཀྱི་མངོན་ཞེན་གཅོད་པ་དག་པའོ། །ཞེས་སློབ་དཔོན་སྒྲ་ཅན་གསང་བས་བཤད་ཅིང་། ལྤགས་པ་བྱང་ཆུབ་ཡན་ལག་བདུན། །ཞེས་པ་ནི་འདི་ཡིན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དེ་བཞིན་དུ། ཆོས་རབ་ཏུ་རྣམ་འབྱེད། བརྩོན་འགྲུས། དགའ་བ། ཤིན་སྦྱངས། ཏིང་ངེ་འཛིན། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བདུན་ནོ། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་པ་ལ། རུས་པ་རྣམས་མགོ་བོ་དང་། རྐང་པ་དང་། ལག་པ་དང་། རྩིབ་རུས་ཏེ་སྡེ་ཚན་བཞིར་བསྡུས་པ་ནི་ཀུན་འབྱུང་སྡུག་བསྔལ་འཁོར་བའི་རྒྱུ་འབྲས་དང་། ལམ་དང་འགོག་པ་མྱང་འདས་ཀྱི་རྒྱུ་འབྲས་ཀྱི་བདེན་པ་བཞི་པོ་ཟུང་འཇུག་གི་ངོ་བོར་དག་པ་ཉིད་དོ། །ཞེས་གཙོ་འཁོར་རྣམས་ལ་རེ་རེ་བཞིན་དྲན་ཤེས་ཀྱིས་རྒྱས་པར་སྦྱར་ནས་བསྒོམ་པ་ནི་ཀུན་རྫོབ་ལྷ་སོ་སོའ་རྣམ་པར་དག་པ་ཡིན་ལ། དེ་ནས་བདག་ཉིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་པར་གསལ་བ་ལ་སོགས་པ་བརྟན་པ་དང་

p. 217

གཡོ་བའི་བདག་ཉིད་ཅན་གྱི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་བདག་ཉིད་དུ་ཤེས་པས་བྱེ་བྲག་མེད་པར་བྱ་སྟེ། ཐམས་ཅད་ཀྱང་རང་བཞིན་སྟོང་པ་ཉིད་དང་ཉམས་མྱོང་བདེ་བ་ཆེན་པོ་དབྱེར་མེད་དུ་བསྒོམ་པ་ནི་དོན་དམ་དེ་བཞིན་ཉིད་ཀྱི་དག་པ་སྟེ། རྒྱུད་ཀྱི་འགྲེལ་པར་ཇོ་བོ་ནཱ་རོ་པས། དངོས་པོ་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་ཕྱི་རོལ་དང་ནང་གི་རྣམ་པར་རྟོག་པའི་དངོས་པོ་རྣམས་མཉམ་པ་ནི་རྣམ་དག་དེ་བཞིན་ཉིད་དེ། ཞེས་དང་། རྗེ་ལོ་ཙ་བས། དེ་ལ་བདེ་སྟོང་དབྱེར་མེད་ཀྱིས་རྒྱས་བཏབ་ནས་བསྒོམ་པ་ནི་དོན་དམ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་བསྒོམ་པའོ། །ཞེས་གསུངས་སོ། །དེའི་ཚེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་བཞུགས་པའི་དེ་བཞིན་ཉིད་གདོད་མ་ནས་རྣམ་པར་དག་པ་དེ་ཅི་ལྟ་བུ་ཞེ་ན། དཔལ་ནཱ་རོས་རྩ་རྒྱུད་ཀྱི་འགྲེལ་པར། དེ་ལྟ་ཁོ་ནར་རྟག་ཏུ་གནས་པ་ནི་དེ་བཞིན་ཉིད་དེ་རང་བཞིན་གྱིས་དྲི་མ་མེད་པ་ཉིད་ཀྱིས་རྟག་

p. 218

ཏུ་རྣམ་པར་དག་པ་ནམ་མཁའ་བཞིན་དུ་འདུས་མ་བྱས་པའི་རང་བཞིན་དུ་བཤད་ལ། དེའི་ངོ་བོས་དེ་བཞིན་ཉིད་སྒོམ་པར་བྱའོ་ཞེས་པ་སྟེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དེ་བཞིན་ཉིད་ཀྱི་ལེའུར་གསུངས་པ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་འགྱུར་བ་མེད་པ། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ་འགའ་ཞིག་ཏུ་ཡང་གཞོམ་དུ་མེད་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་འགྱུར་བ་མེད་པ་རྣམ་པར་འགྱུར་བ་མེད་པ། རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པ་འགའ་ཞིག་ཏུ་ཡང་གཞོམ་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཅིག་པ་ཁོ་ན་སྟེ། དེ་བཞིན་ཉིད་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །ཞེས་སོ། །དེ་བཞིན་དུ་དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་འགྱུར་བ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་

p. 219

མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོག་པ། །ཞེས་སོ། །ཞེས་གསུངས་པ་ལྟར་རྟོགས་པར་བྱའོ། །དེ་ལྟར་རྣམ་དག་གཉིས་པོ་བསྒོམས་པའི་དགོས་པ་དང་རིམ་པ་བཞིན་དུ་རྩ་བའི་རྒྱུད་ལས། ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་དང་། འགྲེལ་བར། འོ་ན་དབང་པོ་ལ་སོགས་པ་རྣམས་ཅིའི་ཕྱིར་རྣམ་པར་དག་པར་བརྗོད་ཅེ་ན། གསུངས་པ། ཉོན་མོངས་མི་ཤེས་པས་སྒྲིབས་པ། །ཞེས་པ་སྟེ་མི་ཤེས་པ་ནི་མ་རིག་པས་ལས་དང་ང་ཡིའོ་སྙམ་དུ་འཛིན་པའོ། །ཉོན་མོངས་པ་རྣམས་ནི་འདོད་པ་དང་མི་འདོད་པའི་ལས་ཀྱི་རྒྱུ་སེམས་ཀྱི་བྲེ་བྲག་རྣམས་སོ། །དེ་རྣམས་ཀྱིས་སྒྲིབས་པ་ནི་གཡོགས་པ་སྟེ་དེ་སྦྱང་བར་བྱའོ། །ཞེས་གསུངས་སོ། །འདིར་རྣལ་འབྱོར་པ་གང་དག་བསྐྱེད་རིམ་གྱི་ཏིང་ངེ་འཛིན་སྒོམས་པས་ངལ་བ་ན་དག་པ་དྲན་པར་བྱེད་པ་ནི་རྗེ་བཙུན་མར་རྔོག་གི་གཞེད་པ་སྟེ། འདི་ཉིད་འཕགས་ཡུལ་གྱི་གྲུབ་ཆེན་མང་པོའི་ལུགས་སུའང་སྣང་སྟེ། སློབ་དཔོན་པྲཛྙ་ཨིནྡྲ་རུ་རྩིས་ཀྱང་། བསམ་གཏན་

p. 220

མི་ནུས་རྣལ་འབྱོར་གང་། །དེས་ནི་དག་པ་རྗེས་སུ་དྲན། །ཅེས་བསྟན་པ་དང་། བོད་ཀྱི་ས་ལུགས་པ་ཕལ་ཆེར་ཡང་རིམ་པ་འདི་ལྟར་བྱེད་ཀྱང་། བོད་འགའ་ཞིག་གི་ལུགས་ལས། རྣམ་དག་བཟླས་པའི་རྗེས་སུ་བྱེད་པ་རིགས་ཏེ། ངག་དང་ཡིད་ཀྱི་མངོན་ཞེན་ཟློག་པ་བཟླས་པ་དང་རྫོགས་རིམས་ཡིན་ཀྱང་དིང་སང་གི་ལག་ལེན་པ་རྣམས་རྫོགས་རིམས་བསྒོམ་པར་མི་བྱེད་པ་ལ་ཡིད་ཀྱི་སྦྱོང་བྱེད་མ་ཚང་བར་གྱུར་ན་མི་རུང་བས། དེའི་དོན་དུ་དག་པ་དྲན་པ་སྦྱོར་དགོས་བྱུང་བས་སྔོན་ལ་བཟླས་པ་དང་། དེ་ནས་དག་པ་དྲན་པར་བྱས་པས་ངག་དང་ཡིད་ཀྱི་མངོན་ཞེན་ཟློག་པའི་དགོས་པ་དང་འགྲེལ་ལོ། །ཞེས་ཟབ་དགུར་མཛད་སྣང་བ་ནི་ཁོ་བོའི་བློ་ལ་མི་འཇེ ན་ཏེ། སྙིགས་དུས་ཀྱི་ལག་ལེན་འཁྲུལ་བཅས་དག་དཔེར་བཀོད་ནས་རྣལ་འབྱོར་གྱི་གཞུང་ཚད་ལྡན་རྣམས་ཀྱི་གོ་རིམས་ལ་རྩིས་མེད་དུ་བྱས་པའི་རིགས་བཟོར་འདུག་པའི་ཕྱིར་དང་། ཡང་རྣམ་དག་ཡིད་ཀྱི་མངོན་ཞེན་ཟློག་བྱེད་ཡིན་པ་མི་འགལ་ཡང་། དེ་

p. 221

ཉིད་ཟླས་པའི་རྗེས་ཁོ་ན་མིན་པ་གཞན་དུ་བསྒོམ་ས་མེད་པའི་ཤེས་བྱེད་དང་ལུང་ཡང་དཀོན་པ་ཡིན་ལ། སྤྱིར་ཇོ་བོ་ནཱ་རོ་ཏ་པ་དང་རྗེ་ལོ་ཙ་བ་ཡབ་སྲས་ཀྱི་ལུགས་འདི་ལ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུར་དམིགས་པའི་ལྷའི་རྣལ་འབྱོར་བསྒོམ་པ་ཞིག་ཡིན་ཕྱིན་ཆད་བསྐྱེད་རྫོགས་སྟན་གཅིག་གི་སྟེང་དུ་སྦྲགས་ནས་བསྒོམ་དགོས་པ་ཡིན་པས། དིང་སང་ཡང་རྒྱུད་པ་འདི་པའི་ལུགས་ཀྱི་བསྐྱེད་རིམ་གྱི་རྣལ་འབྱོར་མྱོང་ཐོག་ཏུ་འདྲེན་པ་ན། དེ་དང་ལྷན་ཅིག་རྫོགས་རིམ་སྒོམ་པ་མེད་པའི་ཁ་ཚོན་མི་ཆོད་དེ། དིང་སང་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུར་དམིགས་པའི་བསྐྱེད་རིམ་སྒོམ་པ་མེད་པའི་ཁ་ཚོན་མི་ཕྱེད་པའི་ཕྱིར། །ཁོ་བོ་ནི་སྔོན་གྱི་མཁས་གྲུབ་ཀྱི་གཞུང་ཚད་ལྡན་རྣམས་ཀྱི་གོ་རིམས་སོར་བཞག་ལས་ཟུར་པའི་མཁས་ཉམས་འདོན་པར་མི་བྱེད་དོ། །ཡང་འགའ་ཞིག་དག་པ་དྲན་པ་སྔར་ཐུན་མཚམས་ཀྱི་ཆོས་སུ་བཞག་པ་དང་འགལ་ལོ་སྙམ་དུ་དོགས་ན། འདིར་བསྐྱེད་རིམ་གྱི་ཏིང་ངེ་འཛིན་སྒོམ་པའི་

p. 222

མཉམ་གཞག་གི་ཐུན་ལས་ལངས་ནས་བཟླས་པའི་ཐུན་ལ་འཇུག་པའི་མཚམས་སུ་དག་པ་དྲན་པར་བྱེད་པ་ཡིན་པས་སྐྱོན་མེད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བསྐྱེད་པའི་རིམ་པ་བསྒོམ་པའི་ཚུལ་རྒྱས་པའི་དབང་དུ་མཛད་ནས། རྗེ་ལོ་ཙ་བས་རྒྱུ་འབྲས་ཀྱི་ཧེ་རུ་ཀ་བསྐྱེད་པའི་ཆོས་ཉི་ཤུར་ཕྱེ་བ་རྣམས་གུར་ལས་གསུངས་པའི་ཡན་ལག་དྲུག་ཏུ་འདུ་བར་བྱས་ཏ ེ་བསྟན་པ་ཡིན་ནོ། །གཉིས་པ་བཟླས་པ་ལ། །བཟླ་བྱའི་སྔགས་རྣམས་བཤད་པ་དང་། དེ་རྣམས་ཇི་ལྟར་བཟླ་བའི་ཚུལ། བཟླས་པའི་ཚད་བསྟན་པ་གསུམ་གྱི། །དང་པོ་ལ། སྔགས་ཀྱི་ངོ་བོ། ངེས་ཚིག །དབྱེ་བ། །དེ་རྣམས་ཀྱི་སྔགས་དོན་བཤད་པ་བཞིའི། །དང་པོ་ནི། རྩ་རྒྱུད་ཀྱི་འགྲེལ་པར་དཔལ་ནཱ་རོས། སྔགས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པར་བྱེད་པའི་ཕྱིར། མན྄་ཏེ། འགྲོ་བ་སྐྱོབ་པར་བྱེད་པའི་ཏྲའོ་ཞེས་པ་མནྟྲ་སྟེ་ཏིང་ངེ་འཛིན་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་པའི་དོན་ཏོ། །ཞེས་གསུངས་པ་ཉིད་ཡིན་ནོ། །གཉིས་པ་ནི།

p. 223

མནྟྲའི་གོང་དུ་ཉེ་བསྒྱུར་གྱི་ཨཱ་རིང་པོ་བཞག་པས་ཨཱ་མནྟྲ་ཞེས་པ་ཀུན་ཏུ་འབོད་པ་སྟེ། དེ་ཡང་འབྲས་བུ་གྲུབ་ཟིན་ཡི་ད མ་གྱི་དེ་ཁོ་ན་ཉིད་དང་། གྲུབ་རྒྱུ་རང་རྒྱུད་ཀྱི་དེ་ཁོ་ན་ཉིད་བསྐུལ་བའི་ཕྱིར་ཏེ། དགོངས་པ་ལུང་སྟོན་ལས། སྔགས་རྣམས་སྔགས་རྣམས་ཞེས་བྱ་བ། །དེ་ཁོ་ན་ཉིད་བསྐུལ་བར་བྱེད། །ཅེས་སོ། །གསུམ་པ་ནི། ཀྱེ་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་པ་སྟོང་ཕྲག་དྲུག་པར། འཕགས་པ་རྡོ་རྗེ་སྙིང་པོས། སངས་རྒྱས་རྣམས་ཀྱི་སྔགས་ཀྱི་བརྡ། །རྒྱུད་དུ་རྣམ་གཉིས་གསལ་མཛད་དེ། །དེ་བཞིན་ཉིད་ཀྱི་བརྡ་ཅན་གཅིག །ཐ་སྙད་རབ་བརྗོད་གཉིས་པའོ། །ཞེས་གསུངས་པའི་སྔ་མ་ནི་བདེ་བར་གཤེགས་པའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རྗེས་སུ་འགྲོ་བའི་གསུང་རྣམ་པ་ཐམས་ཅད་པ་སྟེ། དེ་ཉིད་ལས། །དེ་བཞིན་ཉིད་བརྡ་ཞེས་བྱ་བ། །སེམས་ཅན་ཀུན་གྱི་སྐད་ཅན་ཚིག །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །མི་གནས་མྱ་

p. 224

ངན་འདས་པ་པོ། །ཀུན་ཏུ་འགྲོ་བའི་ངག་ཏུ་བརྗོད། །ཅེས་སོ། །ཕྱི་མ་ནི་དཔེར་ན། ༀ་ཨཱཿཧཱུྃ་གི་ཡི་གེའི་བརྡས་དོན་གཞོམ་མེད་ཀྱི་རྡོ་རྗེ་གསུམ་མཚོན་པ་ལྟ་བུ་དག་སྟེ། ཇི་སྐད་དུ། གང་ལ་ཐ་སྙད་རབ་བརྗོད་སྔགས། །བརྡ་ཡིས་དོན་ནི་གསལ་བྱེད་པའོ། །ཞེས་པ་རྡོ་རྗེ་སྙིང་པོའི་ཞབས་ཀྱིས་གསུངས་ཏེ། དེ་ལ་དབྱེ་ན། །གཙོ་བོའི་སྔགས་དང་། འཁོར་གྱི་སྔགས་གཉིས་ཀྱི། །དང་པོ་ལའང་བཞིར་ཡོད་དེ། སྙིང་འགྲེལ་ལས། ས་བོན་ཉེ་བའི་སྙིང་པོ་དང་། །སྙིང་པོ་དང་ནི་རྩ་བའི་སྔགས། །ཡེ་ཤེས་ཐུགས་དང་གསུང་དང་སྐུ། །རིམ་བཞིན་བསྒོམ་བྱ་བཟླས་བྱ་སྟེ། །ཇི་སྲིད་དངོས་གྲུབ་གྱུར་གྱི་བར། །འབད་པས་བཟླས་བྱ་མཆོད་པར་བྱ། །ཞེས་འབྱུང་བས་བཅོམ་ལྡན་འདས་ཡབ་ཡུམ་གྱི་ས་བོན་ཧཱུྃ་ཨཾ་ལྟ་བུ་ནི་ཡེ་ཤེས་ཀྱི་སྔགས་ཏེ་གཙོ་བོར་བསྒོམ་བྱ་ཡིན་ལ། ཉེ་སྙིང་བཛྲ་ཀརྟྟ་རི་ཡི་གེ་བཅུ་དྲུག་པ་ཐུགས་ཀྱི་སྔགས་དང་། སྙིང་པོ་དེ་ཝ་པི་ཙུ་ཡི་གེ་བཅུ་གསུམ་པ་གསུང་གི་སྔགས་དང་། རྩ་བའི་སྔགས་ཨཥྚ་རྐང་པ་

p. 225

བརྒྱད་པ་སྐུའི་སྔགས་གསུམ་ནི་དངོས་གྲུབ་དང་ལས་སྒྲུབ་པའི་ཆེད་དུ་གཙོ་ཆེར་བཟླས་པ་བྱ་བའི་སྔགས་ཡིན་པ་ལས། རྩ་སྔགས་ནི་རིགས་སམ་ལས་ཀྱི་དབྱེ་བའི་བགྲང་འཕྲེང་དང་བཅས་ནས་ཟླ་དགོས་པས་འཕྲེང་སྔགས་ཞེས་ཀྱང་བརྗོད་པ་ཡིན་ནོ། །གཉིས་པ་ནི། རྣལ་འབྱོར་མ་བརྒྱད་ཀྱི་མཚན་སྔགས་ས་བོན་དང་བཅས་པ་རྣམས་སོ། །བཟླ་བྱའི་སྔགས་དེ་རྣམས་ལའང་རྡོ་རྗེ་འཕྲེང་བར། སྦྲུལ་དང་བཏུ་དང་མཐའ་མེད་དང་། །མགོ་མེད་ཡོངས་སུ་དབྱེ་བ་ཡིས། །ཞེས་པས་སྔགས་ཀྱི་མགོ་བོར་ༀ་དང་། མཐར་ཧཱུྃ་ཕཊ་དང་སྭཱ་ཧཱ་ཡོད་པ་སྦྲུལ་དང་། རང་མིང་ངོ་བོ་ཙམ་བརྗོད་པ་ནི་སྔགས་བཏུ་བ་དང་། ༀ་ཡོད་ཀྱང་ཧཱུྃ་སོགས་མེད་པ་ནི་མཐའ་མེད་དང་། མཐར་ཧཱུྃ་སོགས་ཡོད་ལ་ༀ་མེད་པ་ནི་མགོ་མེད་ཅེས་པ་བཞིར་ཕྱེ་བ་ལས། དགྱེས་པ་རྡོ་རྗེ་གཙོ་འཁོར་གྱི་སྔགས་འདི་རྣམས་ནི་དང་པོ་ཉིད་ཡིན་ཏེ། སྔགས་ཀྱི་ལེའུར། སྔགས་ཐམས་ཅད་ཀྱི་རྐང་པ་དང་པོར་ༀ་གྱི་རྣམ་པ་དང་། མཐར་ནི་སྭཱ་

p. 226

ཧཱ་དང་ཧཱུྃ་ཕཊ་ཀྱི་རྣམ་པ་ནི་ནང་དུ་གཞུག་གོ། །ཞེས་དང་། དེའི་འགྲེལ་པར། འཕགས་པ་རྡོ་རྗེ་སྙིང་པོས་དེ་ལྟར་སྔགས་རྣམས་ཐམས་ཅད་ༀ་ཡིག་དང་པོ་ཅན་དང་། སྭཱ་ཧཱའི་མཐའ་ཅན་དང་། །ཧཱུྃ་ཕཊ་སྤེལ་བའི་དབུས་སུའོ། །ཞེས་པ་ཐམས་ཅད་དུ་ངེས་པའོ། །ཞེས་འབྱུང་བས་སོ། །བཞི་པ་སྔགས་ཀྱི་དོན་བཤད་པ་ལ། །བཅོམ་ལྡན་འདས་ཀྱི་སྙིང་པོའི་དོན་བཤད་པ། ཉེ་སྙིང་གི། རྩ་སྔགས་ཀྱི། །འཁོར་རྣམས་ཀྱི་སྔགས་ཀྱི་དོན་བཤད་པ་དང་བཞི་ལས། དང་པོ་ནི། །བརྟག་པ་ཕྱི་མའི་ལེའུ་དགུ་པར། ༀ་ནི་དང་པོ་བཞི་པ་ཡི། །གསུམ་པ་ཆོམས་རྐུན་མ་ཡིས་རྒྱན། །མཐར་གནས་པ་ཡི་བཞི་པ་ལ། །པི་ཙུ་བཛྲ་སྦྱར་བ་དང་། །ཨུཥྨ་རྣམས་ཀྱི་བཞི་པ་ལ། །པུཀྐ་སཱི་ཡིས་རྣམ་པར་བརྒྱན། །སྟོང་པས་བསྣན་ཅིང་སུམ་འགྱུར་ཉིད། །ལྔ་པ་ཡི་ནི་གཉིས་པ་ལ། །གསུམ་པའི་དང་པོ་མཐར་སྭཱ་ཧཱ། །ཞེས་སྡེ་ཚན་གྱི་བཏུ་བ་གསུངས་ཏེ། དེ་ཡང་དང་པོར་ༀ་ཡིག་བཞག་པ་དེ་ནས་སྡེ་ཚན་བཞི་པའི་གསུམ་པ་ད་སྲོག་མེད་ལ་

p. 227

ཆོམས་རྐུན་མ་སྟེ། དེའི་ས་བོན་ཨེས་བརྒྱན་པ། དེ། །ཞེས་གྲུབ་ལ། དེ་ནས་མཐར་གནས་ཀྱི་བཞི་པ་ཝ་ཡིག་སྲོག་ཅན་གྱི་རྗེས་སུ་པི་ཙུ་བཛྲ་ཞེས་པའི་ཡི་གེ་བཞི་སྦྱར་ནས། སླར་ཨུཥྨ་སྟེ་དྲོོ་པའི་བཞི་པ་ཧ་སྲོག་མེད་ལ་པུཀྐ་སཱི་སྟེ་དེའི་ས་བོན་ཨཱུ་རིང་པོས་བརྒྱན་པ་ལ་སྟོང་པ་སྟེ་ཐིག་ལེས་བསྣན་པས། ཧཱུྃ་རིང་པོར་གྲུབ་པ་ཉིད་སུམ་འགྱུར་ཏེ་ཧཱུྃ་ཧཱུྃ་ཧཱུྃ་དང་། ལྔ་པའི་གཉིས་པ་ཕ་ཡིག་སྲོག་ཅན་ལ་གསུམ་པའི་དང་པོ་ཊ་སྲོག་མེད་སྦྱར་བས་ཕཊ། དེའི་མཐར་སྭཱ་ཧཱ་སྦྱར་བས་ཡི་གེ་བཅུ་གསུམ་པོ་ནི་དགྱེས་པ་རྡོ་རྗེའི་སྙིང་པོ་སྟེ། སྔགས་ཀྱི་ལེའུར། ༀ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཀྱེ་རྡོ་རྗེའི་སྙིང་པོའོ། །ཞེས་གསུངས་པའི་སྔགས་དོན་ཀྱང་འགྲེལ་པར་རྗེ་ནཱ་རོས། ༀ་ཡིག་གིས་ལྷ་རྣམས་ཀྱི་གདན་ཡིན་པ་ཇི་ལྟ་བ་དེ་ལྟར་སྔགས་ཀྱི་ཡི་གེ་དང་པོ་ལྷ་འགྲུབ་པའོ། །སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་ཕྱིར་རྩེ་བར་བྱེད། རོལ་བར་བྱེད་པས་ན་ལྷའོ། །ཐུགས་རྗེའི་ཡན་ལག་

p. 228

གིས་པི་ཙུ་སྟེ། ཤིན་ཏུ་དང་བ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ནི་མི་ཕྱེད་པ་ཉིད་ཀྱི་ཕྱིར་ཏེ། ཤེས་རབ་དང་ཐབས་ཀྱི་ཡན་ལག་གིས་སོ། །ཞེས་དང་། སྙིང་འགྲེལ་ལས། ཧཱུྃ་ཡིག་གསུམ་གྱིས་ཡེ་ཤེས་སེམས་དཔའི་འམ་མགུགས་པ་སྟེ། ཕཊ་ཡིག་གིས་གཞུགས་ཅིང་། སྭཱ་ཡིག་གིས་དགྱེས་པར་བྱེད་པ་དང་། ཧཱ་ཡིག་གིས་རོ་མཉམ་པར་བྱེད་པའོ། །ཞེས་གསུངས་ཤིང་བརྡའ་སྤྲོད་ཀྱི་གཞུང་ལུགས་ལྟར་ན་ༀ་ནི་ཨ་ཝ་དང་རཀྐ་བསྲུང་བའི་བྱིངས་ལས་བསྒྲུབས་པས་དམ་བཅའ་བ། དེ་ཝ་ལྷ། པི་ཙུ་དང་བའམ། མཉེན་པའིམ། འཇམ་པ། བཛྲ་རྡོ་རྗེ། །དེ་ལ་བོད་པ་ལ་སི་སམྦུ་དྷིའོ་ཞེས་པས་བོད་སི་བྱིན་པ། ཐུང་ངུ་ནཱ་དི་ཤྲདྡྷ་རྣམས་ལས་སི་དབྱིའོ་ཞེས་པས་སི་ཕྱིས་པ་སྟེ། བསྡོམས་པས། ཀྱེ་ལྷ་འཇམ་པའི་རྡོ་རྗེ་ཞེས་བཅོམ་ལྡན་འདས་ཀྱི་མཚན་ནས་འབོད་པ་ཡིན་ལ། ཧཱུྃ་གསུམ་དང་ཕཊ་ཀྱི་དོན་ནི་འདིར་གསང་སྔགས་ཀྱི་ངེས་དོན་དང་འབྲེལ་པའི་དབང་དུ་བྱས་ནས། དོན་ཐོབ་སྔ་མ་དང་འདྲ་ཞིང་། སྭཱ་ཧཱ་ནི་གཞི་ཚུགས་ཤིག་

p. 229

པའོ། །འདིར་འདི་ཤེས་དགོས་ཏེ། སྔགས་བཏུའི་སྐབས་སུ་དབྱངས་རྣམས་ལ་ལྷ་མོའ་མིང་གིས་བསྟན་པ་ནི། རྣལ་འབྱོར་མའི་འཁོར་ལོར་དབྱངས་བཅོ་ལྔ་ལས་ལྷ་མོ་བཅོ་ལྔ་བསྐྱེད་པ་ལེའུ་བརྒྱད་པར་གསུངས་པ་དང་མཐུན་ལ། སྔར་ལྷ་མོ་བརྒྱད་མིང་ཡིག་དང་པོ་ལས་བསྐྱེད་པར་བཤད་པ་ནི། ཕྱི་མའི་ལེའུ་ལྔ་པ་ནས་གསུངས་པ་ཧེ་རུ་ཀའི་དཀྱིལ་འཁོར་དུ་ཡིན་ནོ། །གཉིས་པ་ཉེ་སྙིང་ཡི་གེ་བཅུ་དྲུག་པ་ནི། ༀ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྟེ་འདི་ལ་རྩ་རྒྱུད་དུ་སྡེ་ཚན་གྱི་བཏུ་བ་མ་གསུངས་ཤིང་། སྔགས་ཀྱི་ལེའུའི་དངོས་བསྟན་ལ་རྡོ་རྗེ་གྲི་གུག་གི་སྒྲུབ་པའི་ལས་སྔགས་སུ་གསུངས་ཀྱང་། བརྒྱུད་པའི་མན་ངག་ལས་བཅོམ་ལྡན་འདས་ཀྱི་ཉེ་སྙིང་དུ་རྒྱ་བོད་ཀྱི་མཁས་གྲུབ་དུ་མས་བཤད་པ་དེའི་དོན་ནི། ༀ་བཀྲ་ཤིས་པ། བཛྲ་ཀརྟ་རི་རྡོ་རྗེ་གྲི་གུག །ཧེ་བཛྲ་དགྱེས་པ་རྡོ་རྗེ། དེ་ལ་རྣམ་དབྱེ་བཞི་པ་ཆེད་དུ་བྱ་བའི་གཅིག་ཚིག་ངེ་བྱིན། ངེ་ཡའོས་ངེ་ཡར་བསྒྱུར། ཨ་ཡིག་སྒྲ་

p. 230

ལྡན་ལ་རིང་པོ འོས་རྟགས་མཐའི་རའི་སྲོག་གི་ཨ་རིང་པོར་བསྒྱུར་བས། ཛྲཱ་ཡ་ཞེས་པ་སྟེ། མདོར་ན་དགྱེས་པ་རྡོ་རྗེ་རྡོ་རྗེ་གྲི་གུག་གི་ཆེད་དུ། ཞེས་འབྱུང་ལ། ཧཱུྃ་ཕཊ་སོགས་ཀྱི་དོན་ནི་སྙིང་འགྲེལ་གྱི་ལུང་སྔར་དྲངས་པ་ཉིད་ཡིན་ལ། འདིར་ལས་སྔགས་ཉེ་སྙིང་དུ་རུང་བ་སྐྱོན་མེད་དེ། དཔེར་ན། བདེ་མཆོག་གི་ཡིག་བདུན་བཞིན་ནོ། །གསུམ་པ་རྩ་བའི་སྔགས་ནི། ལེའུ་གཉིས་པར་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་གསུངས་ཀྱང་རྩ་སྔགས་མ་གསུངས་པ། ཕྱི་མའི་ལྔ་པར་ཁ་བསྐང་ནས་བཤད་པ་ལ། རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །ཟ་ཕྱེད་ཐིག་ལེས་རྣམ་པར་བརྒྱན། །ཞེས་སྔགས་ཀྱི་ཐོག་མར་ༀ་ཡིག་བརྗོད་པའི་བཏུ་བ་བསྟན་ཏེ། དེ་ཡང་རིག་བྱེད་རྣམས་ཀྱི་དང་པོ་ཞེས་པ་ལ་སློབ་དཔོན་སྦྱང་དཀའ་ཟླ་བས། །ངེས་བརྗོད་ནི་ཨོ། སྙན་དངགས་ནི་ཨུ། སྲིད་བསྲུངས་ནི་ཨུམ། མཆོད་སྦྱིན་ནི་ཨ་སྟེ་ཡི་གེ་བཞི་པོའི་ཚད་དུ་འདྲེན་པའོ་ཞེས་གསུངས་པ་ལས། རིག་བྱེད་དང་པོ་ངེས་བརྗོད་ཀྱི་ཨོ་བཞག་པ་ལ་ཟླ་ཕྱེད་ཐིག་

p. 231

ལེས་བརྒྱན་པས་ༀ་གྲུབ་ལ། འདི་མ་གཏོགས་ཨཥྚ་ནས་སྭཱ་ཧཱའི་བར་ལ་སྡེ་ཚན་གྱི་བཏུ་བ་མ་གསུངས་ཤིང་། འདི་ལ་རྗེ་ཞ་ལུ་ལོ་ཆེན་གྱི་སྔགས་བཏུ་བའི་ཚུལ་བཞི་ལས། ཨཥྚ་ནི་ཚིགས་བཅད་ཀྱི་སྒོ་ནས་བཏུས་པ་ཡིན་ནོ་ཞེས་གསུང་ཡང་། རྒྱ་གཞུང་གི་ཁུངས་མ་མཐོང་ཞིང་། རྗེ་བཙུན་མར་རྔོག་ནི་སྡེ་ཚན་གྱི་བཏུ་བ་ཉིད་གཙོ་ཆེ་བར་དགོངས་ནས་རྩ་སྔགས་ལ་བཏུ་བ་མེད་པ་ཁོ་ན་བཤད་དེ། བླ་མ་རྔོགས་གཞུང་པས། སྔགས་འདི་ལ་བཏུ་བ་མེད་པས། རྗེ་བཙུན་ལྷ་རྗེས་དཔེ་ལྔ་བཅུ་སོགས་པས་མཐུན་པ་མ་བྱུང་ནས། པུཥྤ་ཧ་རི་བ་ལ་ཞུས་པས་འདི་ལྟར་བཟློས་ཞེས་གསུང་ནས་ཐུགས་ནས་བྱུང་སྟེ་གསུངས་པའི་དག་པ་ཞིག་ལོགས་ན་ཡོད་དོ། །ཞེས་རྩ་རྒྱུད་ཀྱི་འགྲེལ་པར་འགོད་པ་མཛད་འདུག་པའི་ཕྱིར། བརྒྱུད་པ་འདི་པའི་རྗེ་བཙུན་ཆོས་ཀྱི་སྤྱན་ལྡན་དག་གི་ཞལ་ལས་ཇི་ལྟར་བྱུང་བ་དང་། རྒྱ་དཔེ་ཁུངས་ཐུབ་ལ་གཏུགས་ཤིང་བརྡ་སྤྲོད་པའི་གཞུངས་ལུགས་དང་ཡང་བསྟུན་ཏེ་དག་པར་བཤད་

p. 232

ན། སྔར་བཏུས་པའི་ༀ་ཡིག་གི་དོན་ནི་རྡོ་རྗེ་རྩེ་མོར། མཆོག་དང་ནོར་སྟེར་དཔལ་དང་ཡང་། །བསྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ཞེས་གསུངས་པ་གང་རུང་དུ་བཟུང་ནས། ཨཥྚ་བརྒྱད། ཨཱ་ན་ན་གདོང་ངམ་ཞལ། དེ་ལ་བཞི་པའི་གཅིག་ཚིག་ངེ་བྱིན། ངེ་ཡའོས་ངེེ་ཡ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོས་རྟགས་མཐའ་རིང་། གོང་གི་ཊའི་ཨ་དང་། ཨཱ་ན་ནའི་ཨ་གཉིས་མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ་ཕ་རོལ་འང་དབྱིའོས་རྟགས་མཐའ་རིང་ཕ་རོལ་ཕྱིས་པས། ཨཥྚཱ་ན་ནཱ་ཡ་གྲུབ་པ་ནི་ཞལ་བརྒྱད་པ་ལ། ཞེས་པ་སྟེ། རྐང་མཐར་རྣམ་དབྱེའི་རྗེས་འབྱུང་ཚུལ་འདི་ནི་ཨ་ཐུང་མཐའ་ཅན་གྱི་ཆོ་གས་སྒྲུབས་པ་རྐང་པ་དང་པོའོ། །པིངྒ་དམར་སེར། ཨུརྡྷ་གྱེན་ནམ་སྟེང་། ཀེ་ཤ་སྐྲ། །ཝརྟ་མན྄་འཕྱུར་བའམ་རྫེས་པ་སྟེ། དེ་ཡང་གའི་སྲོག་གི་ཨས་ཕ་རོལ་གྱི་ཨུ་མཐོང་བ་ན། ཨུའི་ཡི་གེ་ལ་ཨོའོས་རྟགས་མཐའ་ཨོ་དང་། ཕ་རོལ་ཕྱིས་པས། པིངྒོརྡྷ། །ཀེ་ཤ་ཝརྟ་མན྄་ལ་

p. 233

ངེ་བྱིན། རྟགས་གསལ་བྱེད་མཐའ་ཅན་ཡིན་པས་ང་ཕྱིས་ཏེ་ཨེ་བཞག་པ་གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོས་ན྄འི་སྲོག་ཏུ་ཨེ་དྲངས་པས། མ་ནེ་སྟེ། སྐྲ་དམར་སེར་གྱེན་དུ་རྫེས་པ་ལ། ཞེས་པ་རྐང་པ་གཉིས་པའོ། །ཙ་དུར་བཞི། བིངྴ་ཏི་ཉི་ཤུ། ནེ་ཏྲ་སྤྱན། དེ་ལ་ངེ་བྱིན། ཨ་ཐུང་མཐའ་ཅན་གྱི་ཆོ་ག་སྔ་མ་ལྟར་བྱས་པས། ནེ་ཏྲ་ཡ་སྟེ། སྤྱན་ཉི་ཤུ་རྩ་བཞི་པ་ལ་ཞེས་པ་རྐང་པ་གསུམ་པའོ། །ཥོ་ཌ་ཤ་བཅུ་དྲུག བྷཱུ་ཛ་ཕྱག དེ་ལ་ངེ་བྱིན་ནས་ཨ་ཐུང་མཐའ་ཅན་གྱི་ཆོ་ག་བྱས་པས། བྷཱུ་ཛཱ་ཡ་སྟེ། ཕྱག་བཅུ་དྲུག་པ་ལ་ཞེས་པ་རྐང་པ་བཞི་པའོ། །ཀྲིཥྞ་ནག་པོ། ཛི་མཱུ་ཏ་ཆར་སྤྲིན། ཝ་པུས྄་སྐུ། དེ་ལ་ངེ་བྱིན་པའི་ང་ཕྱིས་ནས་སྲོག་གི་ཨེ་བཞག །ནཱ་མི་མཐའ་དང་རྒྱུ་མཚན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སའི་ཁ་སྟེ་ཞེས་པས་རྟགས་ཀྱི་ས྄་སྲོག་མེད་ཥ྄་སྲོག་མེད་དུ་བསྒྱུར་བ་ལ། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོས་ཥ྄འི་སྲོག་དུ་ཨེ་དྲངས་པས། ཝ་པུ་ཥེ་སྟེ་

p. 234

སྡོམས་པས་ཆར་སྤྲིན་ནག་པོ་ལྟ་བུའི་སྐུ་ལ། ཞེས་པ་རྐང་པ་ལྔ་པ་སྟེ་ལྟ་བུའི་སྒྲ་ནི་དོན་གྱིས་ཐོབ་བོ། །ཀ་པཱ་ལ་ཐོད་པ། མཱ་ལ་འཕྲེང་བ། ཨེ་ཀ་གཅིག །དེའི་གོང་དུ་བགག་པའི་ན ཉ྄་བཞག་པའི་ཉ྄་རྗེས་འབྲེལ་ཡིན་པས་ཕྱིས། དབྱངས་ལ་ཡི་གེ་བཟློག་པར་བྱའོས་ནའི་སྲོག་གི་ཨ་རང་གི་གོང་དུ་བཞག་པས་ན྄་སྲོག་མེད། དེ་ལ་གསལ་བྱེད་དབྱངས་མེད་པ་སོགས་ཀྱིས་ཨེ་ཀའི་ཨེ་དྲངས་པས། ཨ་ནེ་ཀ་གྲུབ་པ། གཅིག་མ་ཡིན་པ་ཞེས་པ་སྟེ་དུ་མ། དྷ་རི་ན་འཛིན་པ། དེ་ལ་ངེ་བྱིན། སྔ་མ་ལྟར་ང་ཕྱིས་ནས་ཨེ་བཞག་པ་ནའི་སྲོག་ཏུ་དྲངས་ནས་ར་ཥ་རིའི་ཡི་གེ་ལ་མཐའ་མིན་པའི་ནའི་ཎ་སྟེ་ཞེས་པས་ན་ཎར་བསྒྱུར་བས་དྷ་རི་ཎེ། འཛིན་པ་ལ་སྟེ། སྡོམས་པས་ཐོད་པའི་འཕྲེང་བ་དུ་མ་འཛིན་པ་ལ་ཞེས་པ་རྐང་པ་དྲུག་པའོ། །ཨཱ་དྷྨཱ་ཏཿ ཁོང་ནས་སམ་ནང་ནས། ཀྲཱུ་ར་ཁྲོས་པའིམ་འཁྲུག་པའིམ་མ་རུངས་པ། ཙིཏྟ་ཐུགས། དེ་ལ་ངེ་བྱིན་ནས་ཨ་ཐུང་མཐའ་ཅན་གྱི་སྒྲུབ་པ་བྱས་པས། ཙིཏྟཱ་ཡ། གྲུབ་པ་ནི་ནང་ནས་ཁྲོས་

p. 235

པའི་ཐུགས་ཅན་ལ། ཞེས་པ་རྐང་པ་བདུན་པའོ། །ཨརྡྷ་ཕྱེད། ཨིནྡུ་ཟླ་བ། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོས་རྟགས་མཐའ་ཨེ་དང་ཕ་རོལ་ཕྱིས་པས་ཨརྡྷེནྡུ། དཾཥྚྲ་མཆེ་བ། དེ་ལ་དེ་ཕན་གྱི་ཨིན྄་བྱིན་ནས་རའི་སོག་ཏུ་ཨི་དྲངས་པས་དཾཥྚྲི ན྄་ལ་ངེ་བྱིན་པའི་ང་ཕྱིས་ཏེ་ཨེ་བཞག་པ་ན྄འི་སྲོག་ཏུ་ཨེ་དྲངས་ནས་ར་ཥ་རི་སོགས་ཀྱིས་ཎར་བསྒྱུར་བས། དཾཥྚྲི་ཎེ་སྟེ་སྡོམས་པས། མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ་ལ་ཞེས་པ་རྐང་པ་བརྒྱད་པ་སྟེ། རེ་རེའི་མཐར་ཡང་ཕྱག་འཚལ་ལོ། །ཞེས་དོན་གྱིས་ཐོབ་པར་དགོངས་ནས། སློབ་དཔོན་སྒྲ་ཅན་གསང་བས་རྐང་པ་སོ་སོའ་མཐར་ན་མཿ སྦྱར་བར་མཛད་ཀྱང་། བརྒྱུད་པ་འདི་པའི་ལུགས་ལ་ནི་རྒྱུད་ཀྱི་དངོས་བསྟན་ཉིད་གཙོ་བོར་བཟུང་ངོ་། །དེ་ནས་ལས་བཅོལ་བ་ལ། ༀ་དམ་བཅའ་བ། མཱ་ར་ཡ་མཱ་ར་ཡ་ནི་སོད་ཅིག་གཉིས། །ཀཱ་ར་ཡ་ཀཱ་ར་ཡ་ནི་བྱེད་དུ་ཆུག་གཉིས། གརྫ་ཡ་གརྫ་ཡ་ནི་སྒྲོགས་ཤིག་གཉིས། ཏརྫ་ཡ་ཏརྫ་ཡ་ནི་སྡིགས་ཤིག་གཉིས། ཤོ་ཥ་ཡ་ཤོ་ཥ་ཡ་ནི་སྐོམས་

p. 236

ཤིག་གཉིས་ཏེ། བྱ་བ་དེ་གང་ལ་མཛད་པའི་ཡུལ་ནི། སཔྟ་བདུན། སཱ་ག་ར་རྒྱ་མཚོ། དེ་ལ་གཉིས་པ་ལས་སུ་བྱ་བའི་མང་ཚིག་ཤས྄་བྱིན་པའི་ཤ་རྗེས་འབྲེལ་ཡིན་པས་དབྱི་ཞིང་ཨ་བཞག་པས་རྣམ་དབྱེ་ཨས྄་སུ་གྱུར། ཤས྄་ལ་སྟེ་ས྄འི་རིང་ནའོས་རྟགས་མཐའ་རིང་། ཨ་གཉིས་མཚུངས་འདྲ་ལས་སྔ་མ་རིང་པོར་གྱུར་ཟིན་པས་ཕྱི་མ་དབྱི། །མདོ་སྔ་མ་ས྄་ན྄་སྲོག་མེད་དུ་བསྒྱུར་བས། སཱ་ག་རཱ་ནཱ་གྲུབ་པ་རྒྱ་མཚོ་བདུན་པོ་རྣམས། ཞེས་སོ། །བནྡྷ་བནྡྷ་ནི་ཆིངས་གཉིས། གང་འཆིང་ན། ནཱ་ག་ཀླུ། ཨཥྚ་ཀ་བརྒྱད། མཚུངས་འདྲའི་མཚམས་སྦྱོར་བྱས་པས་ནཱ་གཱ་ཥྚ་ཀ །དེ་ལ་ཤས྄་བྱིན་ནས་སྔ་མ་ལྟར་སྒྲུབས་པས། ནཱ་གཱཥྚ་ཀཱ་ན྄་སྟེ་ཀླུ་བརྒྱད་པོ་རྣམས་ཞེས་སོ། །གྲྀཧྞ་གྲྀཧྞ་ཟུངས་གཉིས། གང་བཟུང་ན་ཤ་ཏྲུ་དགྲ་བོ། །དེ་ལ་ཤས྄་བྱིན། རྟགས་ཨགྣི་ཡིན་པས་ཤ་ཕྱིས་ནས་ཨ་བཞག་པ། ཤས྄་ཨ་ཡིག་སྟེ་ཞེས་པས་ཨུ་རུ་བསྒྱུར་བ་དང་མཚུངས་འདྲ་ལས་རྟགས་མཐའ་རིང་། སའི་འང་བུད་མེད་མིན་པ་ལ་ནའོས་ས྄་ན྄་

p. 237

སྲོག་མེད་དུ་བསྒྱུར་བས་ཤ་ཏྲུན་ཞེས་པ་དགྲ་བོ་རྣམས་སོ། །ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ རྣམས་ནི་ཧ་ཡིག་མ་ནིང་གི་ཡི་གེ་རྀ་ལྀ་བཞི་དོར་བའི་དབྱངས་བཅུ་གཉིས་ཀྱིས་བསྒྱུར་བ་དགྱེས་པའི་གད་མོ་སྟེ་མར་རྔོག་གི་དུས་ཀྱི་མཆན་བུ་རྙིང་པ་དག་ལས་གད་མོ་རྣམ་པ་བཅུ་གཉིས་འཇིག་རྟེན་གྱི་ཁམས་སུ་སྒྲོགས་ཤིག་པའོ། །ཞེས་འབྱུང་ལ། འགྲེལ་བྱེད་གཞན་པ་དག་བདེན་དོན་རྣམ་པ་བཅུ་གཉིས་སོ་ཞེས་ཀྱང་ཟེར་རོ། །ཕཊ་ནི་མི་མཐུན་ཕྱོགས་འཇོམས་པའི་དོན་ཅན་ཡིན་ལ། སྭཱ་ཧཱ་ཞེས་པ་ཚིག་འགྱུར་གཞི་ཚུགས་སུ་བསྒྱུར་ཅིང་། དོན་ཐོབ་ལ་རྡོ་རྗེ་རྩེ་མོར། སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པ་བྱས་པ་འཕྲོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་འབྱུང་བ་རྣམས་གང་རུང་ངོ་། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རྩ་བའི་སྔགས་སི་སོགས་ཀྱིས་སྒྲུབས་པས་གཏན་ལ་ཕབ་སྟེ་དག་པར་བྱས་པ་ནི། དིང་སང་ལེགས་སྦྱར་གྱི་སྒྲ་

p. 238

ཙམ་ཡང་མ་ཐོས་པར་ཡི་གེ་ཉམས་པའི་སྔགས་རྣམས་བླུན་བཟླས་བྱེད་པས་འབྲས་བུ་མི་འབྱིན་པ་དག་མ་བཟོད་ནས། ཐུན་མོངས་དང་མཆོག་གི་དངོས་གྲུབ་འདོད་པ་རྣམས་ཀྱི་དོན་དུ་བཀོད་པ་ཡིན་ལ། འདི་དག་ལ་བྱིངས་ཀྱིས་སྒྲུབ་པ་ནི་ཧ་ཅང་མངས་ཀྱི་དོགས་པས་མ་བྲིས་སོ། །བཞི་པ་ནི། རྣལ་འབྱོར་མ་བརྒྱད་ཀྱི་མཚན་སྔགས་ས་བོན་དང་བཅས་པ་ཡི་གེ་གསུམ་གྱི་བར་དུ་ཆུད་ཅིང་སྭཱ་ཧཱའི་མཐའ་དང་བཅས་པ་སྔར་ཚོགས་ཞིང་གི་དུས་སུ་སྨོས་པ་དག་སྟེ། དེ་རྣམས་ཀྱི་སྔགས་དོན་ཀྱང་སྐབས་དེར་མཆན་བུས་བཀྲོལ་ཟིན་ཏོ། །འདིར་མདོ་སྦྱར་མཛད་པ་རྗེས་འབྲང་དང་བཅས་པའི་ལུགས་ལས་སྐབས་འདིའི་བཟླ་བྱའི་སྔགས་སུ་ཡུམ་གྱི་སྙིང་པོ་སོགས་མ་བྱུང་བ་ནི་བཅོམ་ལྡན་འདས་མ་ཉིད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་བདག་མོ་ཡིན་པས་འཁོར་ལོའི་བདག་མོའ་བཟླས་པ་འབུམ་ལོགས་སུ་བྱེད་དགོས་པར་དགོངས་པ་ཡིན་ལ། དེའི་ཚེ་འདིར་དཀྱིལ་འཁོར་ཅན་གྱི་བཟླས་པ་མ་ཚང་བར་ཡང་མི་

p. 239

འགྱུར་ཏེ། གཙོ་བོ་ཧེ་རུ་ཀ་འཁོར་རྣལ་འབྱོར་མ་རྣམས་དང་བཅས་པའི་སྔགས་དག་གིས་གྲངས་བསྙེན་གྱི་དགོས་པ་གྲུབ་པས་སོ། །ཞེས་རྗེ་ཞྭ་དམར་པ་བཞི་པ་གསུང་ངོ་། །ཡང་རྒྱུད་པ་གཞན་པ་དག་སྐབས་འདིར་ཡུམ་གྱི་སྙིང་པོ་སོགས་བཟླ་བ་ཡང་ལྷག་པའི་སྐྱོན་དུ་ཁོ་བོ་ཅ ག་མི་སྨྲ་སྟེ། ཧེ་རུ་ཀ་འཁོར་ལོའི་བདག་པོར་གྱུར་པའི་ཚེ་ཡུམ་དཀྱིལ་འཁོར་ཅན་དུ་དོན་གྱིས་བསྡུ་དགོས་པའི་ཕྱིར་བཟླ་བར་འདོད་པ་རྣམས་ཀྱི་ངོ ར་སློབ་དཔོན་སྒྲ་ཅན་གསང་བའི་ལུགས་བཞིན་བརྗོད་པར་བྱ་སྟེ། ༀ་ཨྃ་ནཻ ར ཏྨྱཻ་བདག་མེད་མའི་ཆེད་དུ། ཧཱུྃ་ཕཊ་སྭཱ་ཧཱ། ༀ་བཛྲ་ཌཱ་ཀི་ནཱི་ཡེ་རྡོ་རྗེ་མཁའ་འགྲོ་མའི་ཆེད་དུ། ཧཱུྃ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་མའི་སྙིང་པོ་དང་ཉེ་སྙིང་ངོ་། །ༀ་ཨཾ་ཨཱཾ་ཨིཾ་ཨཱིཾ་ཨུཾ་ཨཱུཾ་རྀཾ་རཱྀཾ་ལྀཾ་ལཱྀཾ་ཨེཾ་ཨཻཾ་ༀ་ཨཽཾ་ཨཾ་ཕཊ་སྭཱ་ཧཱ། འཕྲེང་བའི་སྔགས་སོ། །ཞེས་འབྱུང་བ་རྣམས་རིམ་པ་ལྟར་གཙོ་བོ་དང་འཁོར་རྣམས་ཀྱི་མཚམས་སུ་བཟླ་བར་བྱའོ། །།གཉིས་པ་དེ་རྣམས་ཇི་ལྟར་བཟླ་བའི་ཚུལ་ལ། ཐམས་ཅད་མཁྱེན་

p. 240

པའི་གསུང་དངོས་སུ་ཐོབ་བྱེད་ཀྱི་ལམ་གྱི་གཙོ་བོ་དེ་བཞིན་ཉིད་ཀྱི་བཟླས་པ་བྱེད་ཚུལ་དང་། བརྒྱུད་པའི་སྒོ་ནས་ཐོབ་བྱེད་ལྟས་དོན་གསལ་བར་བྱེད་པ་ཐ་སྙད་རབ་བརྗོད་ཀྱི་སྔགས་རྣམས་བཟླ་ཚུལ་གཉིས་ཀྱི། །དང་པོ་ནི། འཕགས་མཆོག་རྡོ་རྗེ་སྙིང་པོས། དོན་གྱི་རྗེས་འགྲོའི་བཟླས་པ་ནི། །ར་ནི་མེད་པ་མཛེས་པ་ཡིས། །ཡན་ལག་དབྱེ་བ་མེད་པའི་སྔགས། །མ་ནིང་གོ་འཕང་ལ་གནས་ཟླས། །སྲོག་ནི་རྒྱུན་མི་འཆད་གྱུར་པ། །ཨ་ཝ་དྷཱུ་ཏཱིའི་གནས་སོན་བཟླས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་ཉིན་དང་མཚན་མོ་ལའོ། །ཉིན་ཞག་ལྔ་ཡིས་འབུམ་ཕྲག་སྟེ། །སྟོང་ཕྲག་བརྒྱད་རྣམས་ལྷག་པའོ། །ནག་པོའི་ཚེས་གཅིག་ནས་བརྩམས་ནས། །གང་བ་གསུམ་བྱུང་བར་དུའོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས། །རྫོགས་པ་གསུམ་གྱི་བར་དུ་གནས། །སྐྱ་རེངས་འཆར་བའི་དུས་སུ་ནི། །ཟླ་བ་ཉ་ལ་དེ་འགྲུབ་བོ། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །ཆོས་ཀྱི་འཁོར་ལོ་རབ་བསྐོར་

p. 241

བྱེད། །བཟླས་པ་སྟོང་ཕྲག་བརྒྱད་རྣམས་དང་། །ཁྲི་ཁྲག་བཞི་དང་དེ་བཞིན་དུ། །འབུམ་ཕྲག་དྲུག་གིས་ཟླ་བ་གཅིག །སྲོག་ནི་བཟླས་པས་འགྲུབ་པར་བྱེད། །འཕྲེང་བས་མ་ཡིན་བརྗོད་པ་མིན། །སྦྱིན་སྲེག་སྔགས་ཀྱི་མཆོད་པ་དང་། །ཚིམས་པར་བྱེད་དང་ཆོ་ག་གཞན། །གཞན་དང་གཞན་རྣམས་རྣམ་པར་འཇིག །ཅེས་སོ། །ཚུལ་དེ་ལྟ་བུའི་སྒོ་ནས་དབུ་མར་སྲོག་ཉིན་ཞག་གཅིག་དང་། ཞག་བཅོ་ལྔ་དང་། ཟླ་བ་གཅིག་དང་། ཟླ་བ་དྲུག་འཇུག་པར་ནུས་ན་རིམ་པ་བཞིན་ནད་དང་བྲལ་བ་དང་། མཁའ་ལ་སྤྱོད་པ་དང་། འཆི་བ་མེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་སྟེར་བར་བྱེད་དེ། དེ་ཉིད་ཀྱིས། ཉིན་མཚན་དུ་ནི་དབུ་མར་སྲོག །ཞུགས་པས་ནད་རྣམས་ཕྲོག་པར་བྱེད། །ཚེས་ཀྱི་ཉིན་ཞག་སྲོག་བཅིངས་ན། །འདིས་ནི་མཁའ་སྤྱོད་ཉིད་སྟེར་བྱེད། །ཟླ་གཅིག་སྲོག་ཟད་སྙིང་གར་གནས། །རྣལ་འབྱོར་པ་རྣམས་འཆི་མེད་འགྱུར། །ལྟེ་བར་ཟླ་དྲུག་སྲེགས་ན་ནི། །འདི་ཡིས་ཐམས་ཅད་མཁྱེན་

p. 242

ཉིད་སྟེར། །དཔྲལ་བ་མགྲིན་པའི་འཁོར་ལོ་དང་། །སྙིང་ཁ་ལྟེ་བར་གོ་རིམ་བཞིན། །མི་རྣམས་ཀྱིས་ནི་བརྒྱལ་དང་བཅིངས། །བསད་དང་དེ་བཞིན་སྲེགས་པས་འདིའོ། །སྲོག་དང་ཐུར་སེལ་འགོག་པ་ཡིས། །འདོད་ཆགས་བྲལ་བ་ཉིད་འདོད་དོ། །བསད་དང་སྲེགས་པ་གཉིས་དག་གིས། །སྔགས་པ་སངས་རྒྱས་ཉིད་དུ་འགྱུར། །སྲོག་དང་ཐུར་སེལ་ཟད་པས་འདིར། །ཡན་ལག་བཅུ་གཉིས་ཟད་པར་འགྱུར། །རྒྱུ་དང་འབྲས་བུ་འགོག་པ་ཡིས། །སངས་རྒྱས་ཉིད་དུ་སུ་མི་འགྱུར། །ཇི་སྲིད་སྲོག་ཆགས་རྣམས་ཀྱི་སྲོག །རྒྱུ་བ་དེ་སྲིད་ཡང་སྲིད་པའོ། །སྲོག་གི་རྒྱུ་བ་རྣམ་ཞིག་ན། །འཆི་བ་མེད་ཅིང་ཡང་སྲིད་མེད། །ཅེས་པ་དེ་ལྟར་སྔགས་ཀྱི་བརྡའ་མ་ནིང་གི་བཟླས་པ་སྟེ། དེ་བཞིན་ཉིད་ཀྱི་བརྡའ་ཡིས་ཤེས་པར་བྱའོ། །ཞེས་སོ། །འདིར་འདི་ཤེས་དགོས་ཏེ། མཆོག་མི་འགྱུར་གྱི་ཡེ་ཤེས་དང་གསུང་རྣམ་པ་ཐམས་ཅད་པ་མྱུར་དུ་ཐོབ་བྱེད་ཀྱི་ལམ་གྱི་གཙོ་བོ་ནི་རྫོགས་རིམས་ཀྱི་རྣལ་འབྱོར་དང་འབྲེལ་བ་མ་ནིང་གི་ཟླས་པ་ཡིན་མོད་

p. 243

ཀྱང་། ལམ་དུས་སུ་དག་པའི་རྟེན་བརྟེན་པའི་རྣམ་པ་ལམ་བྱེད། ལམ་གོང་མ་དག་གི་རྒྱུད་སྨིན་བྱེད་དུ་འགྲོ་ཞིང་འཇིག་རྟེན་པའི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པའི་ཆེད། གང་དག་ཐོག་མ་ཉིད་ནས་རྫོགས་རིམ་སོགས་ལ་འཇུག་མི་ནུས་པ་རྣམས་ཀྱང་གཞུགས་པའི་དོན་དུ་བསྐྱེད་རིམ་དང་འབྲེལ་བ་ཐ་སྙད་པའི་བཟླས་པ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། སྙིང་འགྲེལ་ལས། བཟླས་པ་འདི་ཡི་ནུས་མེད་གང་། །བྱིས་པའི་བློ་ཅན་སྔགས་པ་རྣམས། །དེ་རྣམས་ལ་ནི་བགྲང་འཕྲེང་གི། །ཐ་སྙད་རབ་བརྗོད་གསལ་བྱས་ཏེ། ཕྱི་རོལ་ལོངས་སྤྱོད་འདོད་རྣམས་ལ། །སྔགས་པས་བསོད་རྣམས་ཐོབ་བྱེད་དུའོ། །ཞེས་གསུངས་པས། །གཉིས་པ་བརྡས་དོན་གསལ་བར་བྱེད་པ་ཐ་སྙད་པའི་སྔགས་རྣམས་ཟླ་ཚུལ་ལ་བཞི། བཟླས་པའི་ཡུལ་གྱི་འཕྲེང་བ་བཤད་པ། ཟླས་པའི་དུས་ཀྱི་དམིགས་རིམ། དེ་དུས་ཀྱི་ཁ་ཟས། ཡི་གེའི་ཁམས་བརྩི་བའོ། །དང་པོ་ལ། ལས་གང་ལ་གང་ཤིས་པའི་འཕྲེང་བའི་རྒྱུ་དང་གྲངས་

p. 244

ཀྱི་དབྱེ་བ། བགྲང་འཕྲེང་འདུ་བྱ་བ་དང་དག་པ་བསྟན་པ། དེ་ཉིད་བྱིན་གྱིས་བརླབས་ནས་བགྲང་ཚུལ་གསུམ་གྱི། །དང་པོ་ནི། སམྤུ་ཊར། ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །འཕྲེང་བ་ཡི་ནི་མཚན་ཉིད་དོ། །གསེར་དང་དངུལ་དང་ཟངས་མ་དང་། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་འཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱི། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རིལ་བུ་བྱས་ན་ནི། །དབང་ལ་རབ་ཏུ་ཡོངས་སུ་གྲགས། །རུ་དྲཱ་ཀྵ་དང་ལུང་ཐང་དང་། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་ཡོངས་སུ་གྲགས། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་ཏེ་ཙེ་ནི་ལས་ཀུན་བྱེད། །སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེའི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་པ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་

p. 245

ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཇི་ལྟར་ལས་ཀྱི་བྱེ་བྲག་གིས། །འཕྲེང་བ་ལ་སོགས་བྱ་བའོ། །ཞེས་པས་ནི་སྔགས་ཀྱི་སྒྲུབ་པ་སྤྱི་དང་ལས་བཞི་པོ་གང་ལ་གང་ཤིས་པའི་འཕྲེང་བའི་རྒྱུད་དང་གྲངས་བསྟན་པ་ཡིན་ལ། བྱེ་བྲག་ཏུ་རྩ་རྒྱུད་ལེའུ་གཉིས་པར་གསུངས་པའི་ལྷ་མོ་བདུན་གྱི་ལས་བདུན་སྒྲུབ་པ་དང་། ཆར་དབབ་པའི་ཆེད་དུ་བཟླས་པ་བྱེད་ཡུལ་གྱི་འཕྲེང་བ་རྣམས་ནི་དེ་ཉིད་ཀྱི་ཕྱི་མའི་བཅུ་པར། ཤེལ་གྱིས་རེངས་པའི་ཟླས་པ་ཉིད། །དབང་ལ་ཙན་དན་དམར་པོ་ཉིད། །ལུང་ཐང་གིས་ནི་མངོན་སྤྱོད་ཉིད། །ནི་རཾ་ཤུས་ནི་སྡང་བ་ལ། །རྟ་ཡི་རུས་པས་བསྐྲོད་པ་ཉིད། །བྲམ་ཟེའི་རུས་པས་བགུག་པ་ཉིད། །གླང་པོའི་རུས་པས་ཆར་པ་ལ། །མ་ཧེ་ཡིས་ཀྱང་བསད་པ་ལའོ། །ཞེས་གསུངས་པ་འདི་རྣམས་ཀྱི་གྲངས་ཀྱང་། རེངས་པ་ལ་བརྒྱ་རྩ་བརྒྱད། དབང་ལ་སུམ་ཅུ་རྩ་དྲུག །མངོན་སྤྱོད། སྡང་བ། བསྐྲད་པ་རྣམས་དང་། བགུག་པ་ལའང་ང་བཞི། གསད་པ་ལ་ཉེར་བདུན་རྣམས་ཀྱི་གྲངས་རྒྱུད་དུ་

p. 246

མི་གསལ་ཡང་། སྙིང་འགྲེལ་གྱི་ལེའུ་གཉིས་པ་ནས་ཁ་སྐང་ལ། འཕྲེང་བའི་རྒྱུ་ངོས་འཛིན་ལ། རྒྱུད་ཀྱི་ཕྱི་མའི་བཅུ་བར་གསུངས་པ་དང་། སྙིང་འགྲེལ་གྱི་སྔགས་ཀྱི་ལེའུར་གསུངས་པ་གཉིས་མི་མཐུན་ཀྱང་། རེ་ཞིག་རྒྱུད་ཉིད་གཙོ་བོར་བཟུང་ལ། ཆར་འབེབས་ཀྱི་འཕྲེང་བའི་གྲངས་རྒྱུད་འགྲེལ་གཉིས་ཀར་མ་བྱུང་ཡང་། རྗེ་ལོ་ཙ་བ་ཆར་དབབ་རྒྱས་པའི་ལས་སུ་གཞེད་པས་ལས་དེ་དང་མཐུན་པའི་གྲངས་ཀྱིས་རུང་བར་སེམས་ལ། གྲངས་ནི་སམ་ཊིར། བརྒྱ་རྩ་བརྒྱད་དང་། སྙིང་འགྲེལ་ལས་སོ་དྲུག་ཏུ་གསུངས་པ་གང་རུང་བྱའོ། །གཉིས་པ་ནི། ལས་གང་སྒྲུབ་པ་དེ་དང་མཐུན་པའི་རྒྱུ་དང་གྲངས་ངེས་པའི་འཕྲེང་བ་དང་། མདུད་འཛིན་ཉིས་བརྩེགས་ཀྱི་འོག་མ་མཆོད་རྟེན་གྱི་དབྱིབས་ཅན་ལ་སྟེང་མ་ཟླུམ་པོ་རྒྱལ་མཚན་གྱི་ཏོག་ལྟ་བུ་རྣམས་གཞོན་ནུ་མས་བཀལ་བའི་སྲད་བུ་དགུ་སྒྲིལ་ལ་ཧཱུྃ་བཟླ་ཞིང་རྒྱུ་བར་བྱ་སྟེ། ཇི་སྐད་དུ། ཧཱུྃ་གིས་སྲད་བུ་རྒྱུ་བ་ཉིད། །ཅེས་སོ། །དེ་ལྟར་འདུས་བྱས་པའི་འཕྲེང་ཐག །འཕྲེང་

p. 247

བ། མདུད་འཛིན་རྣམས་ཀྱི་དག་པ་ཡང་། སམྤུ་ཊར། ཕྱོགས་དང་མཚམས་ནི་བརྒྱད་རྣམས་ཀྱིས། །དབུས་སུ་དགུ་པ་སངས་རྒྱས་ཉིད། །ལྷ་ནི་དགུ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་རླབ་པར་བྱ། །འཕྲེང་བ་ཀུན་ནི་དགྲ་བཅོམ་པ། །མཆོད་རྟེན་སྟེང་དུ་རབ་ཏུ་བརྟག །མཆོད་རྟེན་ཆོས་ཀྱི་དབང་པོའི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཅེས་པའི་ཚིགས་བཅད་དང་པོའི་དོན་སེམས་དཔའི་བརྒྱད་དང་རྡོ་རྗེ་འཆང་སྟེ་དགུ་འཕྲེང་ཐག་དགུ་སྒྲིལ་གྱི་དག་པར་ས་སྐྱ་རྗེ་བཙུན་པ་བཞེད་ལ། བདག་གི་གོ་བ་ལྟར་ན། སོགས་སྒྲའི་ནུས་པས་ལྷ་གྲངས་དུ་ཡོད་དང་མཉམ་པའི་སྲད་བུ་སྒྲིལ་བར་གོ་དགོས་པས་སྐབས་འདིར་ཧེ་རུ་ཀ་རྣལ་འབྱོར་མ་བརྒྱད་དང་བཅས་པའི་དག་པ་ཡིན་པར་མངོན་ལ། ལྷག་མ་ནི་གོ་བར་སླའོ། །གསུམ་པ་ནི། སམྤུ་ཊར། ལག་ཐིལ་ཉི་མ་བསམས་ནས་ནི། །དབྱངས་ཡིག་དང་པོ་ལ་སོགས་པ། །ལག་པའི་དབུས་སུ་རྣལ་འབྱོར་པས། །སྒོམ་ཞིང་བདུད་རྩི་ཡི་གེའི་

p. 248

ནང་། །འོད་ཟེར་འཕྲེང་བ་དུ་མ་དང་། །ཁ་དོག་དཀར་པོ་བསམས་ནས་ནི། །སོར་མོ་རྡོ་རྗེ་རྩེ་མོ་སྟེ། །གཡོན་པ་པདྨ་འཛིན་པ་ཉིད། །པདྨར་རྡོ་རྗེ་འཇུག་པ་ཡི། །ཡང་དག་སྦྱོར་བ་ཉི་མའི་ནང་། །ཀུན་གྱི་དེ་ཉིད་བསྒོམ་བྱ་ཞིང་། །འཕྲེང་བ་བྱིན་གྱིས་རླབ་པར་བྱ། །ཞེས་གསུངས་པས་བདུད་རྩི་བསངས་བཏོར་དང་ལས་སྔགས་ཀྱིས་བསངས་ཤིང་། སྭ་བྷཱ་ཝས་སྦྱངས་པའི་འཕྲེང་བ་ཐལ་མོ་ཁོང་སྟོང་གི་བར་དུ་བཅུག་ནས། སྟོང་པའི་ངང་ལས་རང་ཉིད་ལྷར་གསལ་བའི་ལག་གཡས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་གི་མཐའ་མར་ཀཱ་ལི་གཡས་བསྐོར་དང་། ལག་གཡོན་པདྨ་འདབ་མ་ལྔ་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨ་ལ་དབྱངས་ཡིག་བཅུ་དྲུག་གིས་གཡོན་དུ་བསྐོར་བ་དེ་གཉིས་ཀྱི་བར་དུ་བགྲང་འཕྲེང་ༀ་ཨཱ་ཧཱུྃ་གི་རྣམ་པར་གསལ་བ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་

p. 249

ནས་དབྱངས་གསལ་གྱི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་པ་རྣམས་དང་། རྡོ་རྗེ། པདྨ། །ཟླ་ཉི། དབྱངས་གསལ། ས་བོན་དང་བཅས་པ་སྙོམས་པར་ཞུགས་ཤིང་ཞུ་བ་ཡིག་འབྲུ་གསུམ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་བགྲང་འཕྲེང་གི་རྣམ་པར་གྱུར། ཅེས་བརྗོད་པའི་ཚེ་ༀ་ལས་མདུད་འཛིན་སྐུ་གཉིས་ཀྱི་རང་བཞིན་དང་། ཨཱཿལས་འཕྲེང་བ་དགྲ་བཅོམ་པའི་ངོ་བོ་དང་། ཧཱུྃ་ལས་འཕྲེང་ཐག་ལྷ་དགུའི་བདག་ཉིད་དུ་བྱིན་གྱིས་བརླབས་པར་བསྒོམས་ལ། ༀ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཱ་སརྦ་བུདྡྷ་མ་ཧྃ་བྷ་ཝེ་ཏ་ཚིག་ལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོའི་ཚིག་གི་རང་བཞིན་དུ་གྱུར། །ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོཿཨཿསྭཱ་ཧཱ། ཞེས་བྱིན་གྱིས་རླབས་ལ་བགྲང་བའི་ཚེ་མཐེ་བོང་རྡོ་རྗེ་ལྕགས་ཀྱུར་སྒོམས་ལ་ལྷ་བགུག་པའི་བསམས་པས་ཞི་བ་ལ་འཛུབ་མོ། རྒྱས་པ་ལ་གུང་མོ། དབང་ལ་སྲིན་ལག །མངོན་སྤྱོད་ལ་མཐེའུ་ཆུང་གི་སྟེང་ནས་བགྲང་སྟེ། སམྤུ་ཊར། སོར་མོ་ལ་སོགས་བྱེ་བྲག་ལས། །ཕྱིས་ནི་སྔགས་པས་

p. 250

བཟླས་པ་བྱ། །རྡོ་རྗེ་གཉིས་མེད་དངོས་པོ་ལས། །གཡོན་པ་རྡོ་རྗེ་ཅན་གྱི་དངོས། །ཞི་ལ་ཁྲོ་བོར་བགོད་པར་བྱ། །རྒྱས་ལ་དབུས་མའི་དེ་ཉིད་ལ། །སྲིན་ལག་ལ་ནི་དབང་དུ་གསུངས། །ཀུན་གྱི་ཐ་མར་མངོན་སྤྱོད་ལ། །མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ལས། །དངོས་པོ་ལས་ནི་བགུག་པར་བྱ། །མཉམ་བཞག་བཟླས་དང་བསྒོམ་པ་ཡིས། །འགྲུབ་འགྱུར་ཉིད་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །གཉིས་པ་བཟླས་པའི་དུས་ཀྱི་དམིགས་རིམ་ལ། །གོང་བུའི་བཟླས་པ། དམ་ཚིག་གི་བཟླས་པ། སྤྲོ་བསྡུའི་བཟླས་པ། ཁྱོགས་ཀྱི་བཟླས་པ་སྟེ་བཞིའི། །དང་པོ་ནི། ཡབ་ཀྱི་སྙིང་པོ་སོགས་སྔར་བརྗོད་པའི་སྔགས་རྣམས་རིམ་གྱིས་བཟླ་བའི་ཚེ། བཟླ་བཞིན་པའི་སྔགས་གང་ཡིན་པ་དེའི་ཡིག་འབྲུ་རྣམས་རང་ཉིད་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མགོ་གྱེན་བསྟན་མར་མེའི་འཕྲེང་བ་ལྟར་འོད་འབར་བ་གཡས་བསྐོར་དུ་འཁོད་པ་ལ་དམིགས་ནས་བཟླས་པ་བྱེད་པ་སྟེ། དེ་ཡང་ཐུན་ཅིག་

p. 251

ཏུ་གཙོ་བོའི་སྔགས་ཅི་ཙམ་བཟླས་པའི་བཅུ་ཆའི་གྲངས་ནི་འཁོར་རྣམས་ཀྱི་ཡིན་པར་ཀུན་ཏུ་ཤེས་དགོས་སོ། །གཉིས་པ་ནི། རང་ཉིད་གཙོ་བོའི་ང་རྒྱལ་གྱིས་སྔགས་བཟླ་བའི་ཚེ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཟླ་བར་བསྒོམ་པ་ཡིན་ལ། དམིགས་པའི་ངོ་བོ་འདི་ཁོ་ན་ལས་ཁྱད་པར་གཙོ་བོའི་ཞལ་བརྒྱད་ཀྱིས་ཀྱང་བཟླ་བར་བསམ་པ་ལ་ཁྲོ་བོའི་བཟླས་པ་ཞེས་སློབ་དཔོན་ཨ་ནངྒ་བཛྲས་བཤད་པ་ནི་ཞར་ལས་འོངས་པའོ། །གསུམ་པ་ནི། རང་ཉིད་བཅོམ་ལྡན་འདས་ཀྱི་ཐུགས་ཀར་འབར་བ་གཡུ་རུང་གི་རྣམ་པ་ཅན་གྱི་ནང་དུ་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ནག་པོའི་མཐར་བཟླ་བཞིན་པའི་སྔགས་ཀྱི་ཡིག་འབྲུ་རྣམས་གཡས་བསྐོར་དུ་གནས་པ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་འགྱུར་མེད་ཀྱི་བདེ་བ་ཆེན་པོ་གཅིག་ཏུ་བྱིན་གྱིས་བརླབས་ནས། སླར་སྙིང་ཀའི་སྔགས་འཁོར་ལ་ཐིམ་པའི་ཚེ་བརྟན་གཡོའ་དངོས་པོ་

p. 252

ཐམས་ཅད་རྣམ་པར་དག་པའི་བདག་ཉིད་ཧེ་རུ་ཀའི་བདག་ཉིད་དུ་གསལ་བ་ལ་ང་རྒྱལ་བཟུང་ནས་བཟླ་བའོ། །བཞི་པ་ནི། མཚོ་སྐྱེས་ཞབས་ཀྱིས། དེ་ནས་སྣ་ཚོགས་པའི་སྔགས་ཀྱི་བཟླས་པ་ནི། སྔགས་ཀྱི་ཡི་གེའི་ཚོགས་བརྗོད་པས་དེ་དག་ལྷ་མོའ་ཞལ་ནས་བྱུང་སྟེ་འོད་ཟེར་དང་བཅས་པ་རང་གི་ཞལ་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་བྱུང་སྟེ་རང་གི་ལྷ་མོའ་པདྨར་དབབ་པོ། ལྷ་མོའ་ཞལ་ནས་བདག་གི་ཞལ་དུ་སྟེ་རིམ་པས་རྒྱུན་མི་འཆད་པར་སྔགས་ཀྱིས་འཁོར་བ་བྱའོ། །ལས་ཀྱི་བྱེ་བྲག་ལས་ནི་ཁ་དོག་བྱེ་བྲག་ཏུ་བྱ་སྟེ། དེ་ལྟར་མི་སྐྱོའི་བར་དུ་སྔགས་ཡོངས་སུ་བཟླ་བར་བྱའོ། །ཞེས་དང་། མདོ་སྦྱར་དུ། ཡུམ་གྱི་ཐུགས་ཀའི་ཟླ་བ་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ལ་བཟླས་པས་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས། རྡོ་རྗེ་ནོར་བུ་ནས་པད་མར་ཕབ། དེ་ནས་ཡང་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་སྟེ། དེ་ལྟར་འཁོར་བ་ལ་མདའི་ཤུགས་ལྟར་བཟླས་པ་དང་། ཐི་གུ་སྒྲིལ་བ་ལྟར་བཟླས་པ་དང་། རྨ་བྱ་

p. 253

སྦོམས་པ་ལྟར་བཟླས་པ་དང་། ལྕགས་སྒྲོག་འཁྱིལ་བ་ལྟར་བཟླ་བའོ། །ཞེས་གསུངས་པའི་དོན་འཆད་པ་ལ་གཉིས། ཁྱོགས་བཟླས་དངོས་དང་། དེ་ལ་བརྟེན་ནས་ལས་བཞི་སྒྲུབ་ཚུལ་ལོ། །དང་པོ་ནི། ཡུམ་གྱི་ཐུགས་ཀར་ཟླ་བའི་ད་ཀྱིལ་འཁོར་གྱི་སྟེང་དུ་སྙིང་པོ་སོགས་བཞི་ལས་བཟླ་བཞིན་པའི་སྔགས་ཀྱི་འཕྲེང་བ། ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། མངོན་སྤྱོད་ལ་ནག་པོ། གཡས་སུ་བསྐོར་བ་ལས་བྱུང་བའི་སྔགས་འཕྲེང་འོད་ཟེར་གྱི་ཚོགས་རབ་ཏུ་འཁྲུག་པ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་པ་སྐུའི་དབྱིབས་བརྒྱུད་དེ་རྡོ་རྗེའི་ལམ་ནས་བཅོམ་ལྡན་འདས་མའི་པདྨར་ཕབ་པ། སླར་ཡང་ཡུམ་གྱི་སྐུ་ལས་བརྒྱུད་དེ་བདག་ཉིད་བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས་ཏེ་རྒྱུན་མི་འཆད་དུ་འཁོར་བར་གྱུར་པ་ལ་དམིགས་ནས་བཟླ་བའོ། །གཉིས་པ་ནི། དམིགས་པའི་ངོ་བོ་སྔ་མ་ལྟར་ལ། ཁྱད་པར་བདག་ཉིད་ཀྱིས་སྔགས་ཀྱི་ཡི་གེའི་ཚོགས་བརྗོད་པའི་ཚེ་ཡུམ་གྱི་

p. 254

ཐུགས་ཀའི་སྔགས་འཕྲེང་ལས་བྱུང་བའི་སྔགས་འཕྲེང་དཀར་པོ་ཐི་གུ་སྒྲིལ་བ་ལྟར་ཉིས་འགྲིལ་ལམ་སུམ་འགྲིལ་སོགས་ༀ་ཡིག་སྔོན་དུ་འགྲོ་བཞིན་འཁོར་བས། མི་མཐུན་པའི་ཕྱོགས་ཞི་བར་བསྒོམ་ཞིང་བཟླ་བ་ནི་ཞི་བའི་ལས་སྒྲུབ་པའོ། །ༀ་ཡིག་སྔོན་དུ་འགྲོ་བ་སྔ་མ་ལྟར་ལ། སྔགས་འཕྲེང་ཁ་དོག་སེར་པོ་དུ་མ་རེག་ལ་མ་འབྱར་བའི་ཚུལ་དུ་རྨ་བྱའི་སྒྲོ་ཆུན་པོར་སྦམས་པ་ལྟར་བཤིབས་ནས་འགྲོ་ཞིང་འཁོར་བས་ཚེ་བསོད་སོགས་རྒྱས་པར་བསྒོམ་པ་ནི་རྒྱས་པའི་ལས་སྒྲུབ་པའོ། །སྔགས་འཕྲེང་ཁ་དོག་དམར་པོ་ༀ་དང་སྭཱ་ཧཱའི་བར་ཁུག་པར་གྱུར་པ་ཨ་ལོང་ལྟ་བུ་ལ། སླར་ཡང་སྔགས་འཕྲེང་ཁུག་པ་གཉིས་པས་བརྒྱུས་ཤིང་འབྲེལ་བ་ལྕགས་སྒྲོག་ལྟ་བུ། འགྲོ་ཞིང་འཁོར་བས་འཇིག་རྟེན་གསུམ་དབང་དུ་བྱས་པར་བསྒོམ་པ་ནི་དབང་གི་ལས་སྒྲུབ་པའོ། །སྔགས་འཕྲེང་རྐྱང་གཅིག་ཁ་དོག་ནག་པོ་ཤིན་ཏུ་དྲང་ལ་དྲག་པོའི་ཤུགས་དང་ལྡན་པས་སྭཱ་ཧཱ་སྔོན་དུ་འགྲོ་ཞིང་འཁོར་བས། གདུག་པ་ཅན་

p. 255

ཚར་བཅད་པར་བསྒོམ་པ་ནི་དྲག་པོའི་ལས་སྒྲུབ་པ་སྟེ། གང་ཟག་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་དམིགས་རིམ་དེ་རྣམས་གང་རུང་ལ་སེམས་དམིགས་གཅིག་ཏུ་དྲིལ་བས་རྟོག་པ་གཞན་གྱིས་བར་མ་ཆོད་ཅིང་སྨྲ་བ་བཅད་དེ་ལྷའི་རྣལ་འབྱོར་དང་ལྡན་པས་ཡི་གེ་ཆད་ལྷག་གི་སྐྱོན་སྤངས་ཏེ་བཟླ་དགོས་པ་ནི། །ལེགས་གྲུབ་ཏུ། ཡིད་ཀྱིས་གསང་སྔགས་ལྷ་རྣམས་ནི། །ཡང་དང་ཡང་དུ་དྲན་བྱས་ནས། །རྟོག་པ་ངན་པ་རྣམས་བསལ་ནས། །མཁས་པས་བཟླས་བརྗོད་བརྩལ་བར་བྱ། །བཟློས་ཚེ་ཅི་ཡང་མི་སྨྲ་ཞིང་། །ལག་པ་བསྒྱུར་བར་མི་བྱའོ། །ཞེས་པ་ལྟར་ལྷ་སྔགས་ཀྱི་རྣལ་འབྱོར་ལ་གནས་པའི་དྲན་ཤེས་བཞིན་བརྟན་པོས་མཚན་མ་མ་མཐོང་གི་བར་དུ་བཟླས་པས་འགྲུབ་པ་ཡིན་གྱི། ཡིད་རྣམ་གཡེང་། ངག་ཡི་གེ་ཉམས་པའི་བཟླས་བརྗོད། ལུས་བགྱིད་སྙོམས་གསུམ་སྒྲགས་པས་འབྲས་བུ་མ་གྲུབ་པའི་ཁག་ལྷ་དང་ལམ་ལ་མི་འབྱུང་སྟེ། སྤྱོད་འཇུག་ཏུ། བཟླས་བརྗོད་དང་ནི་དཀའ་ཐུབ་

p. 256

ཀུན། །ཡུན་རིང་དུས་སུ་འབད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་གྱུར་པ། །དེ་ཉིད་རིག་པས་དོན་མེད་གསུངས། །ཅེས་འབྱུང་ལ། ལས་བཞི་དང་མཐུན་པའི་བཟླས་པ་བྱེད་པའི་ཚེ། ངག་གི་བརྗོད་གདངས་ཀྱི་ཁྱད་པར་ལ་མཆོག་གི་སྒྲུབ་པ་ལ་ཡིད་བཟླས། ཞི་བ་གསུམ་ལ་རང་གིས་ཐོས་ཤིང་གཞན་གྱིས་མི་ཐོས་པར་བཟླ་བ། དྲག་པོ་ལ་རང་གཞན་གཉིས་ཀས་ཐོས་པར་བཟླ་བར་འཕགས་མཆོག་ཀླུས་སྒྲོལ་མའི་སྒྲུབ་ཐབས་སུ་གསུངས་ཤིང་། གཞན་དག་ཕྱི་མ་གཉིས་ལ་ཤུབ་བུའི་བཟླས་པ་དང་། རིག་བྱེད་འདོན་པ་ལྟ་བུའི་བཟླས་པ་ཞེས་ཀྱང་ཟེར་རོ། །གསུམ་པ་ནི། དུས་འཁོར་ལས། སྙིང་རྗེ་སྐྱེད་དེ་དེ་ཉིད་ལས། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །རྣལ་འབྱོར་ལྡན་པས་བཟའ་བྱ་བ། །ཁ་ན་མ་ཐོ་མེད་གཞན་མིན། །ཅེས་གསུངས་པས་སྤྱིར་ཁ་ན་མ་ཐོ་བ་སྟེ་ལོག་འཚོ་བཞིས་སྒྲུབས་པ་དང་། གཟའ་བའི་ཆེད་དུ་བསད་པ་ལས་བྱུང་བ་མིན་པའི་ཤ་ལྔ་བདུད་རྩི་ལྔ་སོགས་ཇི་ལྟར་འཕྲོད་

p. 257

པ་བརྟེན་པ་ཡིན་ལ། བྱེ་བྲག་ཏུ་ལས་སོ་སོའ་ཁ་ཟས་ནི། རྩ་བའི་རྒྱུད་ལས། རེངས་པར་འོ་མའི་བཏུང་བ་ཉིད། །དབང་ལ་རང་གི་འདུན་པས་སྤྱད། །བསད་པ་ལ་ནི་སིཧླ་ཉིད། །དགུག་པ་ལ་ནི་བཞི་མཉམ་ཉིད། །སྡང་ལ་སཱ་ལུ་སྐྱེས་པར་བརྗོད། །བསྐྲད་པ་ཉིད་ལ་གླ་རྩིར་བརྗོད། །ཡང་ན་མཐའི་ཤྭ་དང་། དང་པོའི་ཤྭ་དང་། ན་དང་པོ་དང་། ག་དང་པོ་དང་། ཧ་དང་པོ་ཉིད་ཀྱང་དེ་བཞིན་ནོ། །ཞེས་གསུངས་པས་ཐོག་མར་བདུད་རྩི་ལྔ་ལས་རེངས་པར་བྱེད་པ་ལ་འོ་མ་སྟེ་ཁུ་བ་དང་། དབང་ལ་རང་གི་འདུན་པས་སྤྱད་པ་སྟེ་བདུད་རྩི་ལྔ་ལས་གང་འདོད་པ་བཟའ་བ་ཡིན་ལ། བསད་པ་ལ་སི་ཧླ་སྟེ་རཀྟ། བགུག་པ་ལ་བཞི་མཉམ་སྟེ་དྲི་ཆེན། སྡང་བ་ལ་སཱ་ལུ་སྐྱེས་ཏེ་ཤ་ཆེན། སྐྲད་པ་ལ་གླ་རྩི་སྟེ་དྲི་ཆུ་རྣམས་བཟའ་བཏུང་དུ་བརྟེན་པ་ཡིན་ལ། ཡང་ན་ཤ་ལྔ་ལས་མཐའི་ཤྭ་ནི་ཨ་ཤྭ་སྟེ་རྟའི་ཤ་རེངས་པའི་ལས་ཀྱི་དོན་དུ་བཟའ་ཞིང་། དང་པོའི་ཤྭ་ནི་ཤྭ་ན་སྟེ་ཁྱིའི་ཤ་བསད་པའི་དོན་དུ་དང་། བགུག་པ་ལ་ན་

p. 258

དང་པོ་ནི་ན་ར་སྟེ་མིའི་ཤ་དང་། སྡང་བའི་ལས་ལ་ག་དང་པོ་ནི་ག་ཝི་བ་ལང་གི་ཤ་དང་། ཧ་དང་པོ་ནི་ཧས་ཏེ་གླང་པོའི་ཤ་བསྐྲད་པའི་དོན་དུ་ཟ་ཞིང་། དབང་ལ་ནི་ཤ་དེ་རྣམས་ལས་རང་གི་འདུན་པས་སྤྱད་པ་སྔ་མ་ལྟར་རོ། །འདིར་འདི་ཤེས་པར་བྱ་དགོས་ཏེ། བཅོམ་ལྡན་འདས་ཀྱིས་བླ་མེད་ཀྱི་རྒྱུ་སྡེ་རྣམས་སུ་བཟའ་བྱའི་དམ་ཚིག་ཏུ་གསུངས་པའི་གོ་ཀུ་ལ་སོགས་པ་རྣམས་དང་རིག་མའི་འདོད་ཡོན་སོགས་བརྟེན་བྱའི་དམ་ཚིག་ཏུ་གསུང་པ་རྣམས་ཀྱི་ནུས་པ་ལ་སྐྱོན་བསྐྱེད་པ་གདུག་པའི་རང་བཞིན་གྱི་ཆ་ཤས་ཤིག་དང་། ཡོན་ཏན་བསྐྱེད་པ་བདེ་ལེགས་ཀྱི་རང་བཞིན་གྱི་ཆ་ཤས་གཉིས་ཡོད་ལ། སྐྱོན་བསྐྱེད་པའི་གདུག་རང་དེ་ལའང་སྐྱོན་གྱི་རྒྱུ་ཆགས་སོགས་ཉོན་མོངས་བསྐྱེད་བྱེད་ཀྱི་ཆ་ཞིག་དང་། སྐྱོན་གྱི་འབྲས་བུ་དྲི་ང་བ་དང་། མྱོས་པར་འགྱུར་བ་དང་། འཆི་བར་བྱེད་པ་སོགས་སྐྱེད་པའི་ཆ་གཉིས་ཡོད་པ་ལས། སྔགས་པ་རྣམས་ཀྱིས་བརྟེན་པར་བྱ་བ་ནི་དག་པ་ཡོན་ཏན་བསྐྱེད་པར་བྱེད་པའི་ཆ་དེ་ཡིན་

p. 259

གྱི། མ་དག་པ་སྐྱོན་བསྐྱེད་པའི་ཆ་དེ་རྣམས་མ་ཡིན་ཏེ། ཇི་སྐད་དུ། དག་པས་དུག་མེད་བྱས་ནས་ནི། །བ རྟེན་བྱ་འདི་དག་བརྟེན་པ་ཉིད། །ཅེས་གསུངས་ལ། དེ་ལས་གཞན་དུ་ལྕགས་ཀྱུ་དང་སྒྲོན་མ་སོགས་མ་དག་པ་ཉེས་པ་བསྐྱེད་པའི་ཆ་ཉིད་བ རྟེན་པས་དག་པར་རློམ་ནས། ཁོ་བོ་ནི་གསང་སྔགས་པ་དག་པའི་སྤྱོད་པ་ལ་གནས་པའོ་ཞེས་ཟེར་བ་ནི་རྡོ་རྗེ་ཐེག་པའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པ་ཁོ་ན་ཡིན་པར་བྱང་ཆུབ་སེམས་དཔའི་འགྲེལ་བ་རྣམས་ལས་རྒྱ་ཆེར་གསུངས་ཏེ། དྲི་མ་མེད་པའི་འོད་དུ། དེ་ལྟ་ནའང་སེམས་ཅན་རྣམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོངས་སུ་བརྟགས་ནས་མི་ཟིན་ཅིང་། སངས་རྒྱས་ཉིད་ཀྱི་སླད་དུ་བླ་མ་ཡོངས་སུ་བརྟགས་ནས་མི་བརྟེན་ཏེ། རྨོངས་པ་ཆེན་པོ་ཆགས་པས་ཟིལ་གྱིས་མནན་པར་གྱུར་པ་སྐྱེ་བ་འདི་ཉིད་ལ་བདག་ཅག་རྣམས་ཀྱི་རུལ་པའི་ལུས་སངས་རྒྱས་ཀྱི་སྐུར་འགྱུར་རོ། །ཞེས་པའི་བསམ་པ་བརྐམ་ཆགས་

p. 260

ཅན་རྣམས་མི་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། བླ་མ་དམ་པ་མ་ཡིན་པའི་མན་ངག་ལས་འདིར་རྣམ་པར་སྣང་མཛད་ལ་སོགས་པའི་བདུད་རྩི་ལྔ་དང་། གོ་ཀུ་ད་ཧ་ན་ལ་སོགས་པའི་ཤ་རྣམས་ནི་བཟའ་བ་རང་བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་གསུངས་པ་སྟེ། འདི་རྣམས་ཟོས་པས་རྒ་བ་དང་འཆི་བ་མེད་པའི་ལུས་སུ་འགྱུར་ཞིང་། རྡོ་རྗེ་སེམས་དཔའི་ཡང་མཆོག་སྦྱིན་པར་འགྱུར་རོ། །ཞེས་པ་དང་། གཞན་ཡང་རྡོ་རྗེའི་རིགས་ལ་ཁྲོ་བོའི་རྒྱལ་པོ་ཏིང་ངེ་འཛིན་གྱིས་སྲོག་ཆགས་བསད་པར་བྱའོ། །ཞེས་སོགས་དང་། དེ་ལྟར་གདུག་པའི་རྡོ་རྗེ་སློབ་དཔོན་གྱི་ཚིག་ཚད་མར་བྱས་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བྱེད་དོ། །སྦྱང་པ་མ་བྱས་པ་དང་། སྦར་བ་མ་བྱས་པ་དང་། བདུད་རྩིར་མ་བྱས་པའི་རྣམ་པར་སྣང་མཛད་ལ་སོགས་ཟ་བར་བྱེད་དོ། །བདུད་རྩི་ལྔ་པོ་དེ་རྣམས་ནི་ཟ་བ་པོ་དེ་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་སྟེར་བར་བྱེད་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་གསུང་མ་རྟོགས་

p. 261

པའི་ཕྱིར་རོ། །འོ་ན་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་བདུད་རྩི་ལྔ་རྣམས་རྣལ་འབྱོར་པས་བཟའ་བ་བྱ་བར་གསུངས་པ་མ་ཡིན་ནམ། འདིར་ཇི་ལྟར་འདི་རྣམས་བཀག་ཅེས་པ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའི། འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་བདུད་རྩི་ལ་སོགས་པ་རྣམས་བཟའ་བར་གསུངས་པ་དེ་ནི་བདེན་ཏེ། འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱིས་ཡིན་གྱི་ཐ་མལ་པའི་སེམས་ཅན་རྣམས་ཀྱི་ནི་མ་ཡིན་ནོ། །གང་དག་གིས་སྔགས་ཀྱི་སྟོབས་སམ་བསམ་གཏན་གྱི་སྟོབས་ཀྱིས་སྦྱང་བ་བྱས་པ་དང་། རྒྱས་པ་བྱས་པ་དང་། རབ་ཏུ་འབར་བར་བྱས་པ་དང་། བདུད་རྩིར་བྱས་པའི་དུག་རྣམས་ནི་དུག་མེད་པར་འགྱུར་བ་དང་། ཆང་རྣམས་ནི་འོ་མར་འགྱུར་བ་དང་། དུག་གི་ཆུ་ལ་སོགས་པའི་གདུག་པ་རྣམས་དང་སེམས་ཅན་རྣམས་ལ་འཆི་བ་སྟེར་བར་བྱེད་པ་

p. 262

ལ་སོགས་པ་རྣམས་ནི་བཅུད་ལེན་དུ་འགྱུར་བ་དང་། རུས་པ་རྣམས་ནི་མེ་ཏོག་ཏུ་འགྱུར་བ་དང་། སོ་རྣམས་ནི་མུ་ཏིག་གི་རྡོག་པོར་འགྱུར་བ་དང་། ཐོད་པ་ནི་པདྨར་འགྱུར་བ་དང་། ཤ་ནི་ཕུ་ཏྲ་ཀེ་ཤར་འགྱུར་བ་དང་། ཁྲག་ནི་སི་ཧླ་ཀར་འགྱུར་བ་དང་། གཅི་བ་ནི་གླ་རྩིར་འགྱུར་བ་དང་། ཁུ་བ་ནི་ག་བུར་དུ་འགྱུར་བ་དང་། བཤང་བ་ནི་བཞི་མཉམ་དུ་འགྱུར་བ་དང་། བ་སྤུ་རྣམས་ནི་གུར་གུམ་གྱི་གེ་སར་དུ་འགྱུར་བ་སྟེ། དེ་ལྟར་གདུག་པའི་རྫས་དུ་མ་རྣམས་ནི་གདུག་པའི་རང་བཞིན་ཡོངས་སུ་དོར་བའི་ཕྱིར། སྦྱང་བ་བྱས་པ་དང་། རྒྱས་པ་བྱས་པ་དང་། སྦར་བ་བྱས་པ་དང་། །བདུད་རྩིར་བྱས་པ་རྣམས་དག་པའི་རང་བཞིན་དུ་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ཤེས་པ་དེ་ནི་བདེན་ནོ། །དུག་ལ་སོགས་པ་དག་པའི་རང་བཞིན་ཅན་བདུད་རྩིར་བྱས་པ་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ཟོས་པ་ཡང་ལུས་ལ་སྟོབས་ཆེན་པོ་རྒྱས་པར་འགྱུར་རོ། །བཤང་བ་ལ་སོགས་པ་དག་པའི་རང་བཞིན་

p. 263

རྣམས་ལུས་ལ་བྱུགས་པ་ནི་མཆོག་གི་དྲི་རབ་ཏུ་ལྡང་བར་བྱེད་དོ། །དེའི་ཕྱིར་དེ་བཞིན་གཤེགས་པས་གསུངས་པ་རྣམས་ནི་རྣལ་འབྱོར་པ་རྣམས་ཀྱི་ཡིན་ནོ། །གཞན་ལྷ་དང་སྔགས་མ་སྒྲུབས་པར་བཀླག་པའི་རྨོངས་པ་མཁས་པ་མངོན་པའི་ང་རྒྱལ་དང་ལྡན་པ་ཆུ་སྐྱར་གྱི་བརྟུལ་ཞུགས་འཛིན་པ། ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ལ་མངོན་པ་ཆགས་པ་དང་ལྡན་པ། ཡི་དྭགས་དང་དམྱལ་བའི་སྐྱེ་བ་འབྱུང་བས་ངེས་པར་བཅིང་བ། རང་གི་དོན་དང་གཞན་གྱི་དོན་ཉམས་པ། རྒྱུད་ལས་གསུངས་པའི་དོན་ལས་ཕྱིན་ཅི་ལོག་གི་དོན་སྟོན་པ་པོ། ཡོངས་སུ་བརྟགས་པ་མི་བྱེད་པའི་སྐྱེ་བོ་བདུད་ཀྱི་རིགས་ཆེན་པོ་རྣམས་ཀྱི་བཟའ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་སུ་མི་འགྱུར་རོ། །གདུག་པའི་སེམས་དང་ལྡན་པ་དེ་རྣམས་ཀྱིས་དུག་ལ་སོགས་པ་གདུག་པའི་རྫས་རྣམས་དང་བདུད་རྩི་ལྔ་པོ་དེ་རྣམས་སྦྱང་བ་བྱས་པ་དང་། རྒྱས་པ་བྱས་པ་དང་། སྦར་བ་བྱས་པ་དང་། བདུད་རྩིར་བྱས་ཀྱང་

p. 264

བསྐལ་པ་དུ་མ་རྣམས་ཀྱིས་ཀྱང་གདུག་པའི་རང་བཞིན་འདོར་བར་མི་འགྱུར་ཞིང་གདུག་པའི་རང་བཞིན་ཡོངས་སུ་མ་དོར་བར་དག་པའི་རང་བཞིན་དུ་མི་འགྱུར་རོ། །ཞེས་གསུངས་སོ། །འོ་ན་སྔགས་ལ་སྤྱོད་པའི་གང་ཟག་གིས་བཟའ་རྟེན་གྱི་དམ་ཚིག་རྣམས་ཀྱིས་མ་དག་པ་སྐྱོན་བསྐྱེད་པའི་ཆ་དེ་ཇི་ལྟར་སྤང་ཅེ་ན། ལས་དང་པོ་པའི་སྔགས་པས་རྒྱུད་ལས་ཇི་སྐད་བཤད་པའི་ཆོ་གས་སྒྲོན་མ་དང་ལྕགས་ཀྱུ་ལ་སོགས་པ་མོས་པའི་སྒོ་ནས་སྦྱངས་རྟོགས་སྦར་བ་བྱས་པས། དེ་རྣམས་ཀྱི་སྐྱོན་ནམ་གདུག་པའི་རྒྱུའི་ཆ་དེ་བྱིན་གྱིས་རླབས་ཏེ་ཤིན་ཏུ་གསང་བའི་སྤྱོད་པས་ཚོད་རིག་པར་བྱས་ནས་བརྟེན་པས། བདག་རྒྱུད་ཀྱི་ཡོན་ཏན་གྱི་རྒྱུདཔ ག་མེད་འཕེལ་བར་བྱེད་ཅིང་། སྐྱོན་གྱི་རྒྱུ་ཆགས་སོགས་སྤོང་བར་ཡང་ནུས་ལ། དེ་ལྟར་ལས་དང་པོ་པའི་སྔགས་པས་རྫས་དེ་རྣམས་ཀྱི་རང་བཞིན་གྱི་སྐྱོན་ནམ་གདུག་པའི་རྒྱུའི་ཆ་དེ་བྱིན་གྱིས་རླབས་སྟོབས་ཀྱིས་སྐྱོན་ནམ་གདུག་པའི་རྒྱུ་ཆགས་སོགས་མི་བསྐྱེད་ཀྱང་སྐྱོན་

p. 265

གྱི་འབྲས་བུ་འཆི་བ་དང་དྲི་ང་བ་དང་། སྐྱུག་བྲོ་བའི་རོ་དང་། མྱོས་པར་འགྱུར་བ་རྣམས་རང་གི་ནུས་པའི་སྟོབས་ཀྱིས་སྤོང་བར་མི་ནུས་པ་དེ་སྲིད་དུ་སྔགས་པས་ཚོགས་ཀྱི་དབུས་སུ་འདོད་ཡོན་ཇི་དགའ་བར་བ རྟེན་པ་དང་། གོ་ཀུ་ལ་སོགས་པའི་བཟའ་བཏུང་རྣམས་ཚོད་མི་ཤེས་པར་བ རྟེན་པ་ནི་ཆེས་དགག་པ་ཡིན་ཏེ། འགྲེལ་ཆེན་ལས། དེའི་ཕྱིར་བསམ་གཏན་གྱི་སྟོབས་སམ་སྔགས་ཀྱིས་གདུག་པའི་རྫས་དེ་རྣམས་ཀྱི་གདུག་པའི་རང་བཞིན་དབྲོག་པར་མི་ནུས་ཀྱི་བར་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མ་ཡང་རུང་སྟེ། ལས་དང་པོ་པ་རྡོ་རྗེ་ཐེག་པ་ལ་དགའ་བ་དེ་ལ་རྡོ་རྗེ་སློབ་དཔོན་བླ་མ་དམ་པའི་སྔགས་ཀྱི་ནུས་པ་དང་ལྡན་པས་དུག་ལ་སོགས་པ་དང་བདུད་རྩི་ལྔ་ལ་སོགས་པ་བཟའ་བ་དང་བྱུག་པའི་ངེས་པ་སྦྱིན་པར་མི་བྱ་སྟེ། མ་དག་པའི་དུག་ལ་སོགས་ཟོས་པས་འཆི་བར་འགྱུར་ཞིང་མ་དག་པའི་དམ་ཚིག་བྱུགས་པས་འཇིག་

p. 266

རྟེན་པས་སྨད་པར་འགྱུར་རོ། །རང་གིས་བསད་པས་ཤི་བ་དང་། འཇིག་རྟེན་པས་སྨད་པ་ལས་དམྱལ་བར་འགྲོ་བར་འགྱུར་ཏེ། སྔགས་པ་ངན་པ་རྣམས་ཀྱིས་སེམས་ཅན་གྱི་བསམ་པ་ཡོངས་སུ་སྤངས་པའི་ཕྱིར། ཞེས་འབྱུང་ངོ་། །རྣལ་འབྱོར་པས་ནི་རྒྱུད་ལས་ཇི་སྐད་བཤད་པའི་ཆོ་གས་སྒྲོན་མ་དང་ལྕགས་ཀྱུ་དེ་དག་ལ་དངོས་སུ་སྦྱང་རྟོགས་སྦར་བ་བྱས་པས་སྐྱོན་ནམ་གདུག་པའི་རྒྱུའི་ཆར་མ་ཟད་སྐྱོན་ནམ་གདུག་པའི་འབྲས་བུའི་ཆ་དེ་ཡང་བྱིན་གྱིས་རླབས་ནས་ཚོགས་ཀྱི་དབུས་སུ་ཡང་རྣལ་འབྱོར་གྱི་ནུས་པ་བསྟན་པའི་སྒོ་ནས་སྤྱད་པས། བདག་གི་རྒྱུད་ལ་ཡོན་ཏན་གྱི་འབྲས་བུ་དངོས་སུ་འབྱུང་བར་འགྱུར་ལ། དེ་ལྟར་སྤྱད་པས་རང་གི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་དང་། བདུད་དང་། བགེགས་དང་། རྣམ་པར་རྟོག་པ་ཐམས་ཅད་ཚར་བཅད་ཅིང་ཟིལ་གྱིས་གནོན་ནུས་པའི་རྣལ་འབྱོར་ཅན་དེས་ནི་དཔའི་བོ་དང་རྣལ་འབྱོར་མའི་གཙང་སྦྲ་བཟའ་བ་དང་བཏུང་བ་ལོངས་སྤྱད་བྱ་བླ་ན་མེད་པ་ལ་ཡིད་གཉིས་

p. 267

དོགས་པ་ཐམས་ཅད་དང་བྲལ་བའི་སྒོ་ནས་སྤྱོད་པ་དེ་དག་བག་ཚ་བ་མེད་པར་སྤྱད་པར་བྱ་བ་ཡིན་ཏེ། ཇི་སྐད་དུ། བཟའ་བྱ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་སྙེད་པ་རབ་ཏུ་བཟའ། །ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེན་པ་ཙམ་དུ་མི་བྱའོ། །ཞེས་གསུང་ལ། འདི་སྐབས་ཀྱི་ལས་དང་པོ་པ་དང་རྣལ་འབྱོར་པའི་ཁྱད་པར་ཅི་ཞེ་ན། ལས་དང་པོ་པ་ནི་ཡུལ་རིགས་ཀྱི་ཐ་སྙད་ལ་སོགས་པས་བཅིངས་ཏེ་ཤ་ལ་སོགས་པ་ལའང་བཟའ་བ་དང་བཟའ་མིན་གྱི་རྟོག་པས་བཅིངས་ཤིང་། རྣལ་འབྱོར་གྱི་མཐུ་མ་ཐོབ་པས་མ་དག་པའི་རྫས་རྣམས་ཀྱི་སྣང་བ་དངོས་སུ་ཟིལ་གྱིས་གནོན་མི་ནུས་ཤིང་། དུག་ལ་སོགས་པ་བ རྟེན་པ་ན་འཆི་བ་སོགས་སྐྱོན་གྱི་འབྲས་བུ་བསྐྱེད་པའི་གནོད་པ་འབྱུང་དུ་རུང་བ་དང་། རྣལ་འབྱོར་པ་ནི་བཟའ་བཏུང་དང་། བགྲོད་བྱ་སོགས་ཡིན་མིན་གྱི་རྟོག་པ་ལས་རྒྱལ་ཏེ། དུག་ལ་སོགས་པས་གནོད་བྱར་མི་ནུས་པ་ཞིག་ལ་བརྗོད་པ་ཡིན་ནོ། །བཞི་པ་ནི། རྒྱུད་ཀྱི་འགྲེལ་པར།

p. 268

འཕགས་པ་རྡོ་རྗེ་སྙིང་པོས་རྒྱ་ཆེར་བསྟན་པ་རྣམས་ལས་སྐབས་སུ་བབ་པའི་དོན་ཚིགས་སུ་བཅད་པར་བསྡུས་ཏེ་འཆད་པ་ལ་གསུམ། ཡི་གེའི་ཁམས་བརྩི་བ་དངོས། དེ་རྣམས་དགྲ་གྲོགས་སུ་འགྱུར་ཚུལ། དེ་ལ་སྤང་བླང་བྱ་ཚུལ་ལོ། །དང་པོ་ལ་ཡང་། །འབྱུང་ཆེན་དང་། །འབྱུང་ཆུང་གི་དབྱེ་བ་གཉིས་ཀྱི། །དང་པོ་ནི། ཨ་ཀུ་ཧ་ཐ྄ཀ་མགྲིན་བྱུང་ནམ་མཁའི་ཁམས། །ཨི་ཚུ་ཡ་ཤ་རླུང་ཁམས་སྐན་ལས་སྐྱེས། །རི་ཊུར་ཥ་མེ་ཁམས་སྤྱི་བོ་སྐྱེས། །ཨུ་པུ་ཝ་ཀྤ་མཆུར་འགྱུར་ཆུ་ཁམས་ཉིད། །ལྀ་ཏུ་ལ་ས་ས་ཁམས་སོ་ལས་བྱུང་། །ཐིག་ལེ་རྣམ་བཅད་དབྱངས་གསལ་སྤངས་པ་སྟེ། །ཡེ་ཤེས་ཁམས་ལས་ཡང་དག་བྱུང་བ་སྟེ། །ཡི་གེ་རྣམས་ནི་ཁམས་དྲུག་བདག་ཉིད་དོ། །འདིར་སྡེ་པའི་དང་པོ་ཀ་ཙ་ཊ་ཏ་པ་ཨུ་དང་བཅས་པ་ནི། ཙནྡྲ་པར། །ཨུ ཏ྄་ཀྱི་སྡེ་དང་བཅས་པའོ། །ཞེས་འབྱུང་བས་རང་རང་གི་སྡེ་པ་འདྲེན་པར་བྱེད་པའི་དོན་ཏོ། །གཉིས་པ་ནི། སྔར་བཤད་སྡེ་བ་ལྔ་པོ་ཡི། །དང་པོ་ལྔ་ནི་ས་ཡིན་ཞིང་། །གཉིས་པ་ལྔ་ནི་ཆུ་ཡིན་

p. 269

ནོ། །གསུམ་པ་ལྔ་མེ་བཞི་པ་ལྔ། །རླུང་ཡིན་ལྔ་པ་ལྔ་སྟོང་པ། །འབྱུང་ཆུང་གི་ནི་དབྱེ་བ་ཡིན། །གཉིས་པ་དེ་རྣམས་དགྲ་གྲོགས་སུ་འགྱུར་ཚུལ་ནི། སྟོང་པ་ཁམས་རྣམས་ཀུན་གྱི་གྲོགས། །ས་ཆུ་ཕན་ཚུན་གྲོགས་པོ་སྟེ། །མེ་རླུང་ཕན་ཚུན་གྲོགས་པོའོ། །ས་དགྲ་མེ་ཡིན་ཆུ་དགྲ་རླུང་། །མེ་དགྲ་ཆུ་ཡིན་རླུང་དགྲ་ས། །ས་ཡི་ཕལ་པར་རླུང་ཡིན་ཏེ། །ཆུ་ཡི་མེ་དང་མེ་ཡི་ས། །རླུང་གི་ཕལ་པ་ཆུར་ཤེས་བྱ། །འདིར་ཕལ་པའི་དོན་ནི། ཕན་གནོད་གང་ཡང་མི་བསྐྱེད་པའི་ཐ་ཚིག་གོ། །གསུམ་པ་ནི། རང་གི་མིང་ངམ་སྐྱེས་ཁྱིམ་གྱི། །ཡི་གེ་དང་པོར་ཡོད་པ་དང་། །ༀ་ཡིག་སྤངས་པའི་སྔགས་ཀྱི་ནི། །ཡི་གེ་དང་པོ་དགྲ་དང་ནི། །གྲོགས་སུ་གྱུར་པས་སྐྱོན་ཡོན་བསྐྱེད། །དེ་ཡང་དབྱངས་ཀྱི་དགྲས་འཆི་སྟེ། །གསལ་བྱེད་དགྲ་ཡིས་ནད་སོགས་བྱེད། །སྔགས་མིང་གྲོགས་པོར་གྱུར་པ་ཡིས། །དངོས་གྲུབ་རྣམས་ནི་མྱུར་འཐོབ་ཅིང་། །ཕལ་པས་ནུས་མེད་ཉིད་དུ་འགྱུར། །ཞེས་བརྗོད་པ་ཉིད་ཡིན་ཏེ། སྒྲུབ་ལེར། །དེ་བཞིན་དུ་སྒྲུབ་

p. 270

བྱའི་མིང་གི་ཡི་གེ་གལ་ཏེ་སྒྲུབ་པ་པོའི་མིང་གི་ཡི་གེ་ད ང་པོའི་དགྲར་གྱུར་ན། དེའི་ཚེ་སྒྲུབ་པ་པོ་འཆི་བར་འགྱུར་ཞིང་། ཅི་སྟེ་ཐ་མལ་པར་གྱུར་ན་དེའི་ཚེ་ཉོན་མོངས་པར་འགྱུར་ལ། ཅི་སྟེ་གྲོགས་པོར་གྱུར་ན་དེའི་ཚེ་ལྷ་འགྲུབ་པར་འགྱུར་རོ། །ཞེས་འབྱུང་ངོ་། །གསུམ་པ་བཟླས་པའི་ཚད་བསྟན་པ་ནི། མདོ་སྦྱར་ལས། དེ་ཡང་། ༀ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ལ་འབུམ། འཁོར་རྣམས་ཀྱི་སྔགས་གང་བཟློས་པའི་སྔགས་གོང་བཞིན་དུ་དགོད་པ་དང་དམིགས་པ་བྱས་ལ། ༀ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ་ལ་སོགས་པ་འཁོར་ཐམས་ཅད་ལ་ཁྲི་ཚོ་རེ་བཟླས། དེ་ལྟར་ཡང་། །འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །དེ་ནི་གྲངས་ཀྱི་བསྙེན་པའོ། །ཡང་ན་དེ་ལྟར་བཟླས་པ་ལས། །ལྷ་ཡི་སྣང་བ་གསལ་བའམ། །མཚན་མ་བཟང་དང་ལྡན་གྱུར་ན། །དེས་ཀྱང་དཀྱིལ་འཁོར་བྲི་བ་ཡིན། །ཅེས་རྩ་རྒྱུད་ཀྱི་ལུང་དང་སྦྱར་ནས་གསུངས་པའི་དོན་བགྲོ ལ་བ་ལ། རྟགས། །གྲངས། །ཐུན་གྱི་བསྙེན་

p. 271

པ་གསུམ་དུ་བླ་མ་མེས་ཚོན་པོའི་མན་ངག་ལས་འབྱུང་སྟེ། དེང་སང་དང་པོ་རྟགས་སམ་མཚན་མའི་བསྙེན་ཚད་ནི། ཡི་དམ་ལྷའི་ཞལ་མཐོང་བ་དང་། སྤྲུལ་པའི་དཀྱིལ་འཁོར་གཞན་ལ་སྟོན་ནུས་པ་དང་། ཕྱག་མཚན་རྡོ་རྗེ་དྲིལ་བུ་བར་སྣང་ལ་འཇོག་ནུས་པ་སོགས་ཡིན་ཏེ། དེ་ནི་བསྒོམ་པ་གཙོར་གྱུར་གྱི་བཟླས་པ་ཡིན་ནོ། །གཉིས་པ་གྲངས་ཀྱི་བསྙེན་པ་ནི། བཅོམ་ལྡན་འདས་ཀྱི་སྙིང་པོའམ་རྩ་སྔགས་འབུམ་ཕྲག་གཅིག་དང་། འཁོར་རྣམས་ཀྱི་སྔགས་ཁྲི་ཕྲག་རེ་གཞན་ཚིག་གིས་བར་མ་ཆོད་པར་བཟླས་པ་སྟེ། འདི་ལ་སྤྱིར་གཏང་གི་དབང་དུ་མཛད་ནས་སྙིང་པོ་ལ་གྲངས་བསྙེན་བརྩི་བ་མདོ་སྦྱར་གྱི་དངོས་བསྟན་ཡིན་ལ། དམིགས་བས ལ་དུ་འཆད་པར་འགྱུར་བའི་ལས་རབ་འབྱམས་སྒྲུབ་པའི་དོན་དུ་རྩ་སྔགས་ཉིད་ལ་གྲངས་བསྙེན་བརྩི་བ་ནི། བརྟགས་པ་ཕྱི་མའི་ལེའུ་ལྔ་པར། བཟླས་པ་ཁྲི་ཡིས་གསལ་བ་དང་། །སྒྲ་རིང་བ་དང་བཟང་བ་ཡིས། །ཀྱེ་རྡོ་རྗེ་ཡི་སྦྱོར་ལྡན་པས། །བཙུན་མོ་ཐམས་ཅད་

p. 272

དགུག་པར་བྱ། །ཞེས་དང་། བཟླས་པ་འབུམ་གྱི་རྣལ་འབྱོར་བདག །ཀྱེ་རྡོ་རྗེ་ཡི་རྣལ་འབྱོར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་ནི། །འདི་ཡིས་ལས་རྣམས་ཐམས་ཅད་བྱེད། །ཅེས་གསུངས་པའི་དོན་རྣམས་འཁྲུགས་སྡེབས་ནས་འཆད་ཚུལ་རྗེ་མར་པའི་ཞལ་ཤེས་བླ་མ་རྔོག་གཞུང་པའི་མན་ངག་ལས་འབྱུང་བ་ནི། བསྙེན་པའི་དུས་སུ་རྩ་སྔགས་འབུམ་ཕྲག་གཅིག་བཟླས་ནས། སླར་ཡང་སྒྲུབ་པ་ཁ་བསྐོང་གི་ཚུལ་དུ་ཁྲི་ཕྲག་གཅིག་བཟླས་པས་དགུག་པ་ལ་སོགས་པའི་ལས་རྣམས་བྱེད་ནུས་པ་ཡིན་ཏེ། བཀའ་ཡང་དག་པའི་ཚད་མར། འདི་ལ་བསྙེན་པ་འབུམ་དང་བསྒྲུབ་པ་ལ་ཁྲི་ཕྲག་གཅིག་ཏུ་སྐྱལ་ཏེ་བཙུན་མོ་བགུག་པ་དང་། ཀླུ་རྣམས་སྡིག་པ་ནི་བླ་མའི་མན་ངག་བཞིན་སྦྱར་རོ། །ཞེས་གསུངས་ཤིང་། གྲངས་བསྙེན་གྱི་སྐབས་འདིར་བཟླས་པའི་གྲངས་ཀྱི་བཅུ་ཆའི་སྦྱིན་སྲེག་བྱེད་པར་སྙིང་འགྲེལ་ལས་བཤད་པ་ནི་ངེས་པ་ཡིན་ནོ། །གསུམ་པ་ཐུན་གྱི་བསྙེན་པ་ནི། དུས་བསྙེན་དང་གོ་ཐོབ་གཅིག་

p. 273

པས་ཟླ་བ་དྲུག་གི་བར་ཉིན་རེ་བཞིན་ཐུན་གསུམ་དུ་བསྒོམ་བཟླས་ཅི་རིགས་པར་བྱེད་པ་སྟེ། འདི་གསུམ་པོ་བཟླས་པའི་ཚད་རབ་འབྲིང་ཐ་མལ་གསུམ་དུ་ཤེས་པར་བྱའོ། །འདིར་རྒྱུད་པ་གཞན་པ་དག་གི་འདོད་པ་ནི་མངས་ཀྱི་དོགས་པས་མ་བྲིས་སོ། །གསུམ་པ་རྫོགས་རིམ་ལ། རྗེ་ལོ་ཙ་བ་ཆེན་པོའི་གཞེད་པས། གདུལ་བྱ་ཆགས་བྲལ་གྱི་དོན་དུ་རང་ལུས་ལ་རྟེན་པ་སྟེང་སྒོ་རྣམ་གྲོལ་གྱི་ལམ་དང་། ཆགས་ཅན་གྱི་དོན་དུ་གཞན་ལུས་ལ་རྟེན་པ་འོག་སྒོ་བདེ་ཆེན་གྱི་ལམ་གཉིས་ཀྱི། །དང་པོ་ནི། གཙོ་བོར་ཧེ་རུ་ཀའི་དཀྱིལ་འཁོར་དུ་རང་ལུས་ཐབས་ལྡན་ལ་བརྟེན་ནས་མི་རྟོག་པ་གཙོར་བྱས་ཀྱི་དབང་བཞི་བསྐུར་ཏེ། ཧེ་རུ་ཀ་བཞི་པོ་གང་རུང་གི་བསྐྱེད་རིམ་དང་གཏུམ་མོ་ལ་བརྟེན་པའི་རྫོགས་རིམ་བསྒོམ་པ་ཡིན་ལ། གཉིས་པ་ནི། གཙོ་བོར་བདག་མེད་མའི་དཀྱིལ་འཁོར་དུ་གཞན་ལུས་ཤེས་རབ་ལ་བ རྟེན་ནས་བདེ་བ་གཙོར་བྱས་ཀྱི་དབང་བཞི་བསྐུར་ཏེ་དེའི་བསྐྱེད་རིམ་དང་། ལས་རྒྱ་ལ་བརྟེན་

p. 274

པའི་རྫོགས་རིམ་བསྒོམ་པ་ཡིན་ཅིང་། ལམ་དེ་གཉིས་གང་ལ་ཞུགས་ཀྱང་ལམ་གྱི་གྲོགས་དམ་ཚིག་དང་ལྡན་པས་ལམ་དངོས་རྨི་ལམ་དང་སྒྱུ་ལུས་སུ་བསྲེ་བ་དང་། གཉིད་དང་འོད་གསལ་དུ་བསྲེ་བ་དང་། སྒྱུ་ལུས་དང་འོད་གསལ་དུ་བསྲེ་སྟེ་བསྒོམས་པས་རྨི་ལམ་དང་གཉིད་སྒྱུ་ལུས་དང་འོད་གསལ་དུ་འཛིན་ནུས་ཤིང་། དེ་ཟིན་པས་འཆི་ཁ་མའི་ཤེས་པ་སྒྱུ་ལུས་འོད་གསལ་དུ་ཟིན་པ་འབྱུང་ལ། དེའི་སྟོབས་ཀྱིས་བར་དོར་ཟུང་འཇུག་གི་སྐུར་ལྡང་ཐུབ་པ་དེའི་ཚེ་ཐ་མལ་བདེན་ཞེན་གྱི་སྣང་བ་འགག་ཅིང་། དེས་ཆགས་སྡང་གི་བློ་ལྡོག་སྟེ་དབང་མེད་དུ་ཕྱི་མའི་ཉིང་མཚམས་སྦྱོར་བ་དགག་ནུས་པའི་ཚེ། བར་དོ་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་སྐུར་གནས་པ་དེ་ལ་ལྷ་དབང་བསྐུར་བའི་ཚུལ་དུ་འ ཚང་རྒྱ་བ་ནི་རྟེན་གྱི་གང་ཟག་ལེ་ལོ་ཅན་གྱི་ལམ་བགྲོད་ཚུལ་ཡིན་ལ། བརྩོན་འགྲུས་དང་ལྡན་པས་ནི་རླུང་རྡོ་རྗེའི་བཟླས་པ་དང་། སེམས་དབེན་གཏུམ་མོའ་མན་ངག་དང་། སྒྱུ་ལུས་དང་། འོད་གསལ་དང་། ཟུང་

p. 275

འཇུག་སྟེ་ལམ་རིམ་པ་ལྔ་ལྡན་དུ་བསྒོམས་ནས་དུས་ལ་བབ་པ་ན་ཐུན་མོང་མ་ཡིན་པའི་སྤྱོད་པ་བརྩོལ་བས་ཚེ་འདིར་ཟུང་འཇུག་གི་སྐུ་སྒྲུབ་པ་སྟེ། ལམ་གྱི་འགྲོས་འདི་རྗེ་མར་པའི་གསུང་རྒྱུན་མེས་ཚོན་པོ་ལས་བརྒྱུད་པའི་བཤད་སྲོལ་ཏེ། ལམ་རིམ་པ་ལྔ་པོ་འདིའང་ཟབ་མོ་ཆོས་དྲུག་གི་མན་ངག་ཏུ་འདུ་བའི་ཕྱིར་ཞིབ་པར་དྭགས་བརྒྱུད་གྲུབ་པའི་མཛེས་བརྒྱན་དུ་ཁོ་བོས་ལེགས་པར་བཀྲོལ་ཟིན་ལ། འདིར་ས་ཁོངས་བཅད་པའི་ཕྱིར་སྐབས་དོན་གྱི་བསྒོམ་རིམ་ལ་ཕྲ་མོའ་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་གཉིས་ཀྱི་དང་པོ་ནི། དཔལ་རང་བྱུང་གིས། །གལ་ཏེ་དངོས་གྲུབ་མཆོག་འདོད་པས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་འདྲར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱ། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །འོད་ཟེར་སྤྲོས་ནས་བསྡུ་བྱ་སྟེ། །ཞལ་དུ་ལྷ་མོ་རྣམས་བསྡུས་ནས། །ཞུ་བ་ལས་ནི་ལྷན་ཅིག་སྐྱེས། །གོང་བུ་ནཱ་དའི་གཟུགས་ཀྱིས་ཀྱང་། །དམིགས་པ་ལས་

p. 276

འདས་ཕྱག་རྒྱ་ཆེ། །སྤྲོས་བྲལ་ནམ་མཁའི་དབྱིངས་ལྟ་བུ། །དེ་བཞིན་ཉིད་དོན་མངོན་དུ་བྱ། །ཞེས་སོ། །གཉིས་པ་ཡང་དེ་ཉིད་ཀྱིས། ཡང་ན་བཅོམ་ལྡན་རང་བཞིན་གྱི། །ལྟེ་བར་གཏུམ་མོ་སྦར་བྱ་སྟེ། །དེ་བཞིན་གཤེགས་པ་ལྔ་སྲེགས་ཏེ། །སྤྱ ན་ལ་སོགས་པ་ཡང་སྲེགས་ནས། །སྲེགས་པས་རི་བོང་ཅན་ཧཾ་འཛག །ཞུ་བའི་ལྷན་ཅིག་སྐྱེས་པ་ལ། །སྒྱུ་མ་ལྟ་བུའི་རྒྱས་བཏབ་སྟེ། །དུ་བ་ལ་སོགས་མཚན་མ་དག །མཐོང་བར་མ་གྱུར་བར་དུ་བསྒོམ། །ཞེས་གསུངས་སོ། །བཞི་པ་ཐུན་མཚམས་ལ། །ཐུན་བསྡུ་བའི་རིམ་པ་དང་། ཐུན་མཚམས་ཀྱི་ཆོས་དངོས་བསྟན་པ་གཉིས་ཀྱི། །དང་པོ་ནི། སྦྱང་བྱ་གང་ཟག་གི་ན་ཚོད་ཤིན་ཏུ་སྨིན་པ་ལོ་བརྒྱ་ལོན་པ་ལྟ་བུའི་ཚེ་རྒས་འཁོགས་ཏེ་ལུས་ཀྱི་རྩ་འགག་ཅིང་རླུང་བཅུའི་སྟོབས་ཐིམ་ནས་ཐིག་ལེ་དཀར་དམར་གྱི་ཆ་འགྲིབ་སྟེ། སླར་འཆི་བའི་གནས་སྐབས་ཀྱི་འཁྲུལ་པ་སྦྱོང་བའི་ཕྱིར་སྦྱོང་བྱེད་ཀྱང་སྣོད་བཅུད་ནཱ་དའི་བར་བསྡུས་ནས་མི་རྟོག་པར་འཇོག་པ་སྟེ། བཅོམ་ལྡན་འདས་

p. 277

ཀྱི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཀྱིས་བརྟན་གཡོ་སྣོད་བཅུད་ཐམས་ཅད་བསྡུས་ནས་གཞལ་མེད་ཁང་ལ་ཐིམ་པ་དང་། དེ་ཡང་རྣལ་འབྱོར་མ་བརྒྱད་པོ་ལ་ཐིམ་ཤིང་། དེ་རྣམས་གཙོ་བོའི་ཞལ་བརྒྱད་དུ་ཐིམ་པ་ནི། གཽ་རཱི་རྩ་བའི་ཞལ་དུ། །ཙཽ་རཱི་གཡས་ཞལ་གཉིས་པ་ལ། བེ་ཏ་ལཱི་སྟེང་ཞལ་དུ་བའི་མདོག་ཅན་ལ། གྷསྨ་རཱི་གཡོན་ཞལ་གཉིས་པ་ལ། པུཀྐ་སཱི་གཡོན་ཞལ་དམར་པོ་ལ། ཤ་ཝ་རཱི་གཡས་ཞལ་དཀར་པོ་ལ། ཙཎྜ་ལཱི་གཡས་ཞལ་གསུམ་པ་ལ། ཌོཾ་བྷི་ནཱི་གཡོན་ཞལ་གསུམ་པ་ལ་ཐིམ་ཞིང་། ཡུམ་ཀྱང་ཡབ་ལ་ཐིམ་སྟེ་བཅོམ་ལྡན་འདས་ཉིད་ཀྱང་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ལ་ཐིམ་པ་ན། དེ་ཡང་ཏིང་ངེ་འཛིན་ནི་སེམས་དཔའི་བར་དུ་འདུས་པར་གྱུར་པ་དེ་ཉིད་ཀྱི་ཞབས་ཀྱུ་ཧ་ལ། ཧ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་དང་ནཱ་དའི་རྣམ་པར་སྣང་བ་མི་དམིགས་པར་གྱུར་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་འོད་གསལ་བའི་དེ་ཁོ་ན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱག་རྒྱ་

p. 278

ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་བདག་ཉིད་དོ། །ཞེས་མཉམ་པར་འཇོག་པ་ནི་སྔར་སྨོས་པའི་ཕྲ་མོའི་རྣལ་འབྱོར་དང་གནད་གཅིག་ལ། འདི་ཉིད་སངས་རྒྱས་རྣམས་གདུལ་བར་བྱ་བ་འགའ་ཞིག་གི་དོན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ལྟར་སྟོན་པའི་འབྲས་བུ་ལམ་བྱེད་དང་། དེ་ནས་ཐུན་མཚམས་ཀྱི་ཆོས་ལ་འཇུག་པ་ན། སླར་ཡང་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གསལ་བར་གྱུར། ཅེས་སྔར་ནང་མཆོད་བྱིན་རླབས་ཀྱི་མགོར་སྨོས་པ་ལྟར་གྱི་ལྷའི་རྣམ་པར་ལྡང་བ་ནི་ཡང་དག་པར་ན། སངས་རྒྱས་རྣམས་ནི་སྐྱེ་འཆི་ལས་འདས་པའི་ཕྱིར་གནས་སྐབས་ཐམས་ཅད་དུ་ཟག་པ་མེད་པའི་རྡོ་རྗེ་གསུམ་གྱི་འཕྲིན་ལས་རྒྱུན་མི་འཆད་པ་རྟག་བརྟན་གཡུ་དྲུང་དུ་གྲུབ་པའི་རྣམ་པ་དང་འབྲས་བུ་ལམ་དུ་བྱེད་པ་ཡིན་ནོ། །གཉིས་པ་ཐུན་མཚམས་ཀྱི་ཆོས་ལ་བཞིར་ཡོད་པ་ལས། དག་པ་ནི་སྐབས་དོན་དང་བསྟུན་ཏེ་སྔར་བརྗོད་ཟིན་ལ། འདིར་

p. 279

གཏོར་མ་བཏང་བ། རྡོ་རྗེའི་གླུ་བླང་བ། །སྨོན་ལམ་གདབ་པ་གསུམ་གྱི། །དང་པོ་ལ། བདག་སྒྲུབ་པ། མགྲོན་སྒྲུབ་པ། རྫས་སྒྲུབ་པ་གསུམ་གྱི། །དང་པོ་ནི། ཐུན་མཚམས་སུ་གཏོར་མ་གཏོང་བའི་ཚེ་རང་ཉིད་ཞལ་གཅིག་ཕྱག་གཉིས་པའི་ཧེ་རུ་ཀར་གསལ་བའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་ༀ་ཨཱཿཧཱུྃ་གིས་མཚན་པར་བསྐྱེད་པ་སྟེ། བསྡུས་པར་ན་ཐུན་བསྡུའི་བཤམ་དུ་བརྗོད་པ་བཞིན་ནོ། །ངག་འདོན་སྤྲོ་ན་སྔར་བདུད་རྩི་བྱིན་རླབས་ཀྱི་སྔོན་དུ་བཀོད་པ་ལྟར་འདོན་བསྒོམ་བྱའོ། །གཉིས་པ་ལ་བཞི། དམ་ཚིག་པ་བསྐྱེད་པ ། ཡེ་ཤེས་པ་བཞུག་པ། དབང་བསྐུར་ཅིང་རྒྱས་གདབ་པ། མཆོད་ཡོན་སོགས་འབུལ་བའོ། །དང་པོ་ནི། གུར་གྱི་ལུང་ནཱ་རོ་ཞབས་ཀྱིས་རྩ་རྒྱུད་ཀྱི་འགྲེལ་པར་དྲངས་པ། རྡོ་རྗེ་གུར་གྱི་ཏིང་འཛིན་བཞུགས། །འབྱུང་པོ་ཆེན་པོའི་གཏོར་མ་གསུངས། །ཞེས་པ་ནས། གཡས་བརྐྱང་བ་ཡི་འདུག་སྟངས་གནས། །ཞེས་པའི་བར་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་བཅུ་

p. 280

གཅིག་གིས་གསུངས་པའི་དོན་རྗེ་བཙུན་མར་རྔོག་གི་ལུགས་བཞིན་འགོད་པ་ནི། མདུན་གྱི་ནམ་མཁར་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་བརྒྱད་པ་དང་། དབུས་ཀྱི་ཆར་པདྨ་སྔོན་པོ་འདབ་མ་བརྒྱད་པ་དང་། ཁ་ཁྱེར་ལས་ཅུང་ཟད་འཕགས་པའི་སར་པདྨ་དཀར་པོ་འདབ་མ་བརྒྱད་པ་གསུམ་སྟེང་ནས་སྟེང་དུ་བརྩེགས་པའོ། །རང་ཉིད་ཧེ་རུ་ཀར་གསལ་བའི་གནས་གསུམ་གྱི་ༀ་ཨཱཿཧཱུྃ་ལས་འོད་ཟེར་དཀར་དམར་ཐིང་གའི་ཚོགས་འཕྲོས་པས། ས་བླ། ས་འོག །ས་སྟེངས་ཀྱི་འགྲོ་བ་ཐམས་ཅད་ལ་ཕོག་སྟེ་ཚུར་འདུས་པ་འོད་རང་མདོག་དང་མཚུངས་པའི་པདྨ་རྣམས་ཀྱི་སྟེང་དུ་བབས་པ་ལས། སྟེང་མ་ལ་ༀ་དཀར་པོ། བར་མ་ལ་ཧཱུྃ་སྔོན་པོ། འོག་མ་ལ་ཨཱཿདམར་པོ་དགུ་དགུ་ལྟེ་བ་དང་འདབ་མར་གནས་པ་རྣམས་ཡོངས་སུ་གྱུར་པ་ལས་པད་དཀར་གྱི་སྟེང་དུ་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་དཀར་པོ། མདོག་སྔོན་པོ་ཅན་གྱི་པདྨ་ལ་ཐུགས་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་དང་

p. 281

བཅས་པ་མཐིང་ག །འོག་གི་པདྨ་དམར་པོ་ལ་གསུང་རྡོ་རྗེ་གླུ་ཆེན་བརྒྱད་དང་བཅས་པ་དམར་པོ་སྟེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་འོད་ཀྱི་ཡུམ་ལ་འཁྱུད་ཅིང་རུས་པ་དང་རིན་པོ་ཆེས་རྒྱན་པ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ་ནས་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པའོ། །གཉིས་པ་ནི། དེ་རྣམས་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་རང་འདྲ་བའི་ཡེ་ཤེས་སེམས་དཔའི་སྤྱན་དྲངས་པར་གྱུར། ༀ་གཽ་རཱི་ཨངྐུ་ཤ་ཛཿ ཙཽ་རཱི་པཱ་ཤ་ཧཱུྃ། བེ་ཏ་ལཱི་བནྡྷ་བྃ། །གྷསྨ་རཱི་གྷཎྜ་ཧོཿ ཞེས་པས་དགུག་བཞུགས་བཅིང་མཉེས་བྱ་བ་ནི། གུར་ལས། དཀར་མོས་དགུག་པར་བྱས་ནས་ནི། །ཆོམས་རྐུན་མས་ནི་ཞགས་པས་བཅིངས། །རོ་ལངས་མས་ནི་སྒྲོག་བཅིངས་པས། །གྷསྨ་རཱིས་ནི་དྲིལ་བུས་དབང་། །ཞེས་གསུངས་པའི་དོན་ཏོ། །གསུམ་པ་ནི། གུར་ལས། ཚངས་སོགས་རྟག་པའི་ཕྱག་རྒྱས་གདབ། །རྡོ་རྗེ་ཅན་གྱིས་བརྒྱ་བྱིན་སོགས། །སྟོབས་རྒྱུ་སོགས་

p. 282

རྣམས་གར་དབང་གིས། །ཐམས་ཅད་རིགས་གསུམ་ལས་བྱུང་བའོ། །ཞེས་གསུངས་པས་སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་གདན་གསུམ་ཚང་བའི་དབང་གི་ལྷ་སྤྱན་དྲངས་པར་གྱུར་པ་ལ། ཕྱག་རྒྱ་དང་བཅས་པས་པུཥྤེ་ནས་ཤ བྡའི་བར་གྱི་ཉེར་སྤྱོད་རོལ་མོ་དང་བཅས་པ་ཕུལ་བས། དེ་རྣམས་ཀྱིས་དབང་བསྐུར་རྡོ་རྗེ་ཆེན་པོ་སོགས་བརྗོད་ཅིང་དབང་བསྐུར་བས། སྐུ་རྡོ་རྗེ་འཁོར་དང་བཅས་པ་རྣམས་ལ་རྣམ་པར་སྣང་མཛད། ཐུགས་རྡོ་རྗེ་འཁོར་དང་བཅས་པ་ལ་མི་བསྐྱོད་པ། གསུང་རྡོ་རྗེ་འཁོར་དང་བཅས་པ་ལ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། བཞི་པ་ནི། ཆུ་གསུམ་སྔོན་དུ་འགྲོ་བའི་ཉེར་སྤྱད་རོལ་མོ་དང་བཅས་པ་འབུལ་བ་སྟེ། དེ་ཡང་རྒྱས་པར་ན་སྔར་མཆོད་པའི་སྐབས་སུ་སྨོས་པ་ལྟ་བུའམ། ཡང་ན། ཚིགས་བཅད་རྣམས་དོར་ཏེ་སྔགས་ཙམ་གྱིས་འབུ ལ་བ་ནི། གུར་ལས། དེ་ནས་མཆོད་ཡོན་ཞབས་བསིལ་དབུལ། །ཞེས་སོགས་ཀྱི་དོན་ཏོ། །འདིར་རྒྱ་གཞུང་ཁ་

p. 283

ཅིག་གི་རྗེས་སུ་འབྲངས་ནས། ཐོག་མར་ལྷ་ཆེན་བརྒྱད་སོགས་རང་རང་གི་གཟུགས་སུ་བསྐྱེད་ནས་སླར་རྡོ་རྗེ་གསུམ་གྱི་རྣམ་པར་བསྒྱུར་བ་དང་། པདྨ་རྣམས་ཀྱང་ཁ་དོག་སྣ་ཚོགས་པར་འདོད་པའི་ལུགས་ཡོད་མོད་ཀྱི། རྒྱུད་ཀྱི་དངོས་བསྟན་དང་མཐུན་པ་ནི་རྗེ་ལོ་ཙ་བའི་བཞེད་པ་འདི་ཁོ་ནའོ། །གསུམ་པ་ལ། གཏོར་མའི་རྫས་རྣམས་བྱིན་གྱིས་རླབས་པ་དང་། དེ་ཉིད་མགྲོན་ལ་འབུལ་བའི་ཚུལ་གཉིས་ཀྱི། །དང་པོ་ནི། རྩ་བའི་རྒྱུད་ལས། རྡོ་རྗེ་ཐོད་པའི་སྦྱོར་བ་ཡིས། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བར་བྱ། །སེམས་ཅན་དེ་དེའི་དབང་དུ་འགྱུར། །ཅེས་དང་། དེའི་འགྲེལ་པར་སྔོག་མདོ་སྡེའི་སློབ་མ་དགེ་ཤེས་འགར་གྱིས། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །ཞེས་པའི་ཚིགས་བཅད་གཅིག་པོ་འདི་ལ་བཤད་པ་ཡམས་ལྔ་གསུང་སྟེ། ལེའུ་བདུན་པ་འདི་རང་དང་མ་འབྲེལ་བ་མེད་དོ། །ཞེས་གཞུང་དེ་གཏོར་མ་བྱིན་བརླབས། ཚོགས་བྱིན་བརླབས། གཏུམ་མོའ་རྫོགས་རིམ། །རླུང་

p. 284

ལ་བརྟེན་པ། ལས་རྒྱའི་མན་ངག་སྟེ་ལྔ་དང་སྦྱར་བ་ལས། ཐོག་མར་གཏོར་མ་བྱིན་རླབས་དང་སྦྱར་བ་ནི་འགྲེ ལ་པ་དེར། དེ་ཡང་གོང་ནས། རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། །ལན་བདུན་པ་ཡང་བཟའ་བར་བྱ། །ཟེར་ནས་ཚོགས་ཀྱི་ཙཀྲ་བྱ་བར་བཤད་དོ། །དེའི་དུས་སུ་གཏོར་མ་བཏ ང་དགོས། དེ་ཡང་ཚོགས་ཀྱི་ཡོ་བྱད་ལ་ཕུད་དང་ཤིན་ཏུ་ཕུད་བྱ་བ་དང་། ལྷག་མ་དང་ཤིན་ཏུ་ལྷག་མ་བྱ་བ་གཅོད་དེ། དེ་ཡང་ཤིན་ཏུ་ཕུད་ནི་བདུད་རྩི་མྱང་བ་དང་། དེ་ནས་ཕུད་ནི་གཏོར་མ་བྱིན་གྱིས་རླབ་པ་སྟེ། གཏོར་མའི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། གཏོར་སྣོད་དེ་ཅི་ཡིན་ཀྱང་ཨཱཿལས་ཐོད་པ་ཕྱི་དཀར་པོ་སྒོམ་པ་དེ་ལ་ཐོད་པ་ཞེས་བྱ། གཏོར་རྫས་དེ་ཅི་ཡིན་ཀྱང་ཤ་ལྔ་བདུད་རྩི་ལྔར་བསམ། དེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེ་བྱ་བ་ཟླ་བ་ཕྱེད་པ་ལ་རྡོ་རྗེ་ཕྱེད་པས་མཚན་པ། དེའི་རྩེ་མོ་ལ་ཧཱུྃ་མགོ་ཐུར་དུ་ལྟ་བ་དེ་ལ་རྡོ་རྗེ་ཞེས་བྱ། དེ་ནས་ཡཾ་ལས་རླུང་བྱུང་རཾ་ལས་མེ་སྤར། ཨཱཿལས་ཐོད་པའི་ནང་གི་ཤ་ལྔ་བདུད་རྩི་ལྔ་ཁོལ། །

p. 285

དེའི་རླངས་པ་ཟླ་ཕྱེད་རྡོ་རྗེ་ལ་ཕོགས་པས་ཡེ་ཤེས་ཀྱི་བདུད་རྩི་ཕབ་ནས་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པ་དེ་ལ་སྦྱོར་བ་ལས་ཞེས་སོ། །སྐྱེ་བོ་གང་དང་གང་རྣམས་ནི་གཏོར་མའི་མགྲོན་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། ཕྱོགས་སྐྱོང་བརྒྱད་དེ་མགྲོན་ཉི་ཤུ་རྩ་བཞི་ལ་བྱའོ། །ཤ་ནི་མཁས་པས་བཟའ་བར་བྱ་བ་ནི་གཏོར་རྫས་དེ་མགྲོན་གྱིས་གསོལ་བའོ། །སེམས་ཅན་དེ་དེའི་དབང་དུ་འགྱུར་ཏེ་མགྲོན་ཉི་ཤུ་རྩ་བཞི་པོ་དེ་གཏོར་མ་གཏོང་མཁན་གྱི་དབང་དུ་འདུ་བ་ལ་བྱའོ། །ཞེས་གསུངས་པས་ཐོད་པ་ལ་སོགས་པའི་སྣོད་དུ་ཁ་ན་མ་ཐོ་བ་མེད་པའི་ཤ་ལྔ་བདུད་རྩི་ལྔ་དང་འབྲས་ཆན་དང་ཁུར་བ་ལ་སོགས་པའི་བཟའ་བཏུང་བཟང་པོ་བཤམས་པ་ལ་བསངས་གཏོར་གྱི་ཆུ་དང་བདུད་རྩི་བྲན་ལ་བསང་སྦྱང་བྱས་ཏེ། སྔར་སྨོས་པའི་བདུད་རྩི་བྱིན་རླབས་ཀྱིས་གཏོར་མའི་རྫས་བྱིན་གྱིས་བརླབས་པའོ། །གཉིས་པ་ལ། གཏོར་མ་འབུལ་བ་དངོས་དང་། ཕུལ་ནས་མགྲོན་གཤེགས་སུ་གསོལ་བ་

p. 286

གཉིས་ཀྱི། །དང་པོ་ནི། གཏོར་མགྲོན་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཤིང་གསོལ་བས་མཉེས་པར་གྱུར། ཅེས་གསལ་བཏབ་ནས་གཏོར་སྔགས་བརྗོད་པའི་ཐོག་མཐར་དྲིལ་བུ་འཁྲོལ་ཞིང་། བར་དུ་རྡོར་ཐལ་ཁ་ཕྱེ་བས། ༀ་ཨིནྡ་ལ་སོགས་པའི་སྔགས་གོང་དུ་བསྟན་པ་ལྟར་ལན་གསུམ་བརྗོད་པས་གཏོར་མ་ཕུལ་ལ། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་རྣམ་པར་འཇོམས་པ་དང་། བསད་པ་དང་། བསྐྲད་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཅེས་འདོད་དོན་གསོ ལ་ལོ། །འདི་སྐབས་ཀྱི་སྒོམ་རིམ་རྔོག་ལུགས་ཀྱི་ཆོ་ག་ཕལ་ཆེར་དུ་བརྗོད་མ་ཐག་པ་ཉིད་འབྱུང་ལ། གུར་འགྲེལ་དུ་ནི་རང་གི་གནས་གསུམ་གྱི་ས་བོན་ལས་ལྷ་མོ་དཀར་སྔོ་དམར་བའི་མདོག་ཅན་ཐོད་པ་འཛིན་པ་དུ་མ་སྤྲོས་པས་བྱིན་གྱིས་བརླབས་པའི་གཏོར་མ་བདུད་རྩིར་གྱུར་པ་ཐོད་པས་བཅུས་ཏེ་ལྷ་མོ་དཀར་མོས་སྐུ་རྡོ་རྗེ་འཁོར་

p. 287

བཅས་དང་། སྔོན་མོས་ཐུགས་རྡོ་རྗེ་འཁོར་བཅས་དང་། དམར་མོས་གསུང་རྡོ་རྗེ་འཁོར་བཅས་ལ་བཏབ་པར་སྒོམ་པ་ཇོ་བོ་མཻ་ཏྲི་པའི་གཞེད་པ་ཡིན་ཅེས་བྲིས་སྣང་ཞིང་། འབུལ་བའི་སྔགས་འདི་ནི་བརྟག་པ་ཕྱི་མའི་ལེའུ་བཞི་པ་ནས་གསུངས་པ་སྟེ། དེ་ཡང་ཨིནྡ་ནས་སཔྤ་སྭཱ་ཧཱའི་བར་གྱིས་མགྲོན་དང་། ཨི་དཾ་ནས་པིཾགྷ་ཡན་གྱིས་མཆོད་གཏོར་དང་། ཨམྦྷ་ནས་གཱ་དའི་བར་གྱིས་ལས་བཅོལ་བ་བསྟན་ཅིང་། འདི་ཡན་ཟུ ར་ཆག་གི་སྐད་དུ་ཡོད་ལ། དེ་ནས་ༀ་ཨ་ཀཱ་རོ་ལ་སོགས་པས་འཁོར་གསུམ་ཡོངས་སུ་དག་པར་བྱེད་པའི་སྔགས་དོན་རྣམས་ནི་གོང་དུ་མཆན་བུས་བཀྲོལ་ཟིན་ཏོ། །གཉིས་པ་ནི། གུར་ལས། སྔགས་འདི་ཡིས་ནི་གཤེགས་སུ་གསོལ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། །ཏིཥྠ་ཌི་དྷོ་མེ་བྷ་ཝཿ སུ་པོ་ཥྱོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཤཱ་ཤྭ་ཏོ་མེ་བྷ་ཝ། ཨ་ནུ་ར ཀྟོ་མེ་བྷ་ཝ། ཧྲི་ད་ཡ་མྨེ་ཨ་དྷི་ཏིཥྠ། སརྦ་སི དྷི་མྨེ་པྲ་ཡཙྪ། སརྦ་ཀེ་ཥུ་མེ། ཙིཏྟཾ་ཤྲེ་ཡ་ཀུ་རུ། ཧཱུྃ་ཧ་

p. 288

ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲ་བྷ་ཝ་ས་མ་ཡ་ས་ཏྭ་ཨཿམུཿ ཅེས་གསུངས་པས་དྲིལ་བུ་བསིལ་ཞིང་སྔགས་དེ་ཉིད་བརྗོད་པའི་མཐར་སེ་གོལ་གསུམ་བྱས་པས་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་ལོ། །དེ་ལྟར་གུར་ལས་གསུངས་པའི་ཡི་གེ་བརྒྱ་པ་འདི་ལ་ཡི་གེ་བརྒྱ་དང་བཅོ་ལྔ་ཡོད་པ་ཕལ་ཆེར་ཧེ་རུ་ཀའི་ཡིག་བརྒྱ་སྔར་སྨོས་པ་དང་མཐུན་པས། དེ་དག་གི་སྔགས་དོན་ཀྱང་གོང་དུ་མཆན་བུས་བཀྲོལ་བ་བཞིན་ཡིན་ལ། འདིར་ལྷག་པོར་ཤཱ་ཤྭ་ཏོ་མེ་བྷ་ཝ། །ཞེས་འབྱུང་བ་ནི་བདག་ལ་རྟག་པར་མཛོད་ཅེས་དང་། ཧྲི་ད་ཡམྨེ་ཨདྷི་ཏིཥྛ། ཞེས་བདག་གི་སྙིང་ལ་ལྷག་པར་མནོས་ཤིག་པ་དང་། སརྦ་ཀེ་ཥུ་མེ། །ཞེས་པ་བདག་གི་བྱ་བ་ཐམས་ཅད་རྣམས་ཞེས་བསྒྱུར་བ་ཡིན་ལ། །མུཿནི་གྲོལ་བའམ་གཤེགས་པའི་དོན་ཏོ། །དེ་ལྟ་བུའི་ཆོ་གས་གཏོར་མ་བཏང་བའི་ཕན་ཡོན་ཀྱང་། རྩ་རྒྱུད་ལས། གལ་ཏེ་འདིས་གཏོར་མས་འབྱུང་པོ་ཐམས་ཅད་ལ་མཆོད་པར་བྱེད་ན་རྣལ་འབྱོར་པ་

p. 289

རྣམས་ལེགས་པར་འགྱུར་རོ། །དེ་རྣམས་ལ་བདེ་བ་དྲི་མ་མེད་པ་དང་། ལྷ་མོ་རྣམས་དང་། འགྲོ་བ་རབ་ཏུ་འབྱོར་པ་རྣམས་ཀྱང་དགའ་བར་འགྱུར་རོ། །གལ་ཏེ་འདིས་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་གཏོར་མ་བྱིན་ན་དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསད་པ་དང་། བསྐྲད་པ་དང་། ཞི་བ་དང་། རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་རྡོ་རྗེའི་གླུ་བླང་བ་ནི། བརྟག་པ་ཕྱི་མའི་ལེའུ་བཞི་པར་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀོལླ་ཨི་རེ་ཋི་ཨ་བོ་ལཱ་མུ་མྨུ་ཎི་རེ་ཀཀྐོ་ལཱ་གྷ་ཎ་ཀྲ ཾ་པཱི་ཌ་ཧེ་བཛྫ་ཨི་ཀ་རུ་ཎེཾ་ཀི་ཨ་ཨི་ཎ་རོ་ལ། ཏ་ཧི་བ་ལ་ཁཛྫ་ཨི་གཱ་ཌེཾ་མ་ཨ་ཎ་པི་ཛ་ཨི། ཧེ་རེ་ཀ་ལིནྫ་ར་པཱ་ཎི་ཨ་ཨི་དུ་དུ་རུ་བཛྫ་ཨ་ཨཱི། ཙ་ཨུ་ས་མ་ཀ་ཐུ་རི་སི་ཧླ་ཀ་རཱཔུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨི་ཨཱིནྡྷ་ཎ་ཤཱ་ལིཛྫ་ཏ་ཧི་བྷ་རུ་ཁཱ་ཨི་ཨ་ཨི། པྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ་ཤུདྡྷཱ་ཤུདྡྷ་ན་མ་ཎི་ཨ་ཨི། ཞེས་གསུངས་པའི་སྐད་འདི་ཅི་ལྟ་བུ་ཞིག་ཅེ་ན། འདི་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཐུན་

p. 290

མོང་མིན་པ་སྟེ། ཙྪོ་མའི་སྒྲ་ལས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་སྟབས་གཅིག་ཏུ་ཐོབ་པ འམ། རྒྱུད་སྟབས་ཅིག་ཏུ་ཉན་པའིམ། སྒྲུབ་པའི་ཡི་དམ་གྱི་ལྷ་གཅིག་པའི་རྣལ་འབྱོར་ཕོ་མོ་དཔུན་དང་སྲིང་མོར་གྱུར་པ་མ་གཏོགས་གཞན་གྱིས་མི་གོ་ཞིང་། འཇིག་རྟེན་དང་བསྟན་བཅོས་ལ་མ་གྲགས་པའི་ལུས་ངག་གི་བརྡའ་གཉིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས། འདི་ནི་ངག་གི་བརྡའམ། སྃ་དྷཱ་བྷཱ་ཥ་ཞེས་པ་དགོངས་པའི་སྐད་དམ་གསང་བའི་སྐད་ཅེས་པའི་མིང་ཅན་ཏེ། བརྟག་པ་ཕྱི་མའི་ལེའུ་གསུམ་པར། །དགོངས་པའི་སྐད་ནི་ཅི་ཞེས་བགྱི། །རྣལ་འབྱོར་མའི་དམ་ཚིག་ཆེ། །ཉན་ཐོས་ལ་སོགས་མི་ཤེས་པ། །རྒོད་དང་ལྟ་བ་དག་གིས་དང་། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱི། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །དགོངས་པའི་སྐད་ནི་མ་སྒྲགས་པ། །བཅོམ་ལྡན་ངེས་པར་གསུང་དུ་གསོལ། །ཅེས་གསུངས་ཏེ། དེ་ཡང་ཉན་ཐོས་དང་སོགས་ཁོངས་ནས་རང་སངས་རྒྱས་དང་། བྱང་ཆུབ་

p. 291

སེམས་དཔའི་ཐེག་པ་པས་ཀྱང་མི་ཤེས་ན་འཇིག་རྟེན་པས་ལྟ་ཅི་སྨོས་ཤིང་། དེར་མ་ཟད་ལྟ་བ་བྱ་རྒྱུད་དང་། རྒོད་པ་སྤྱོད་རྒྱུད་དང་། འཁྱུད་པ་རྣལ་འབྱོར་ཀྱི་རྒྱུད་དང་། གཉིས་གཉིས་སྦྱོར་བ་རྣལ་འབྱོར་ཆེན་པོའི་རྒྱུད་བཞིར་ཡང་བཅོམ་ལྡན་འདས་ཀྱིས་མ་སྒྲགས་པའི་གསང་བའི་སྐད་རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་ཆེན་པོར་གྱུར་པ་དེ་ཉིད་ཡིན་ཏེ། འདིའི་དོན་ཚུལ་བཞི་དང་སྦྱར་ནས་རྣམ་གྲངས་དུ་མར་བཤད་དུ་ཡོད་ཀྱང་། རེ་ཞིག་ཡིག་དོན་དང་བསྟུན་ནས་བོད་སྐད་དུ་བསྒྱུར་བ་ནི། ཀོལླ་གི་རེ་ནས་སྟེ་རྡོ་རྗེ་དང་། །ཞིང་ནི་མུམྨུ་ནི་ཀྱེ་པདྨའོ། །ཚོགས་སུ་ཅང་ཏེའུ་སྐྲོལ་ཞིང་བརྡུང་བར་བྱ། །སྙིང་རྗེར་གནས་པས་ཅ་ཅོ་མི་བྱའོ། །དུས་དེར་སྟོབས་ཏེ་ཤ་ཆེན་བཟའ་བར་བྱ། །འབད་པས་ཆང་ཡང་བཏུང་བར་བྱ་བ་ཡིན། །ཀ་ཡེ་གྲོགས་པོ་སྐལ་ལྡན་འོང་དུ་བཞུགས། །སྐལ་མེད་རྣམས་ནི་འོང་དུ་མི་བཞུག་གོ། །བཞི་མཉམ་གླ་རྩི་དང་ནི་སི་ཧླ། །ག་བུར་རྣམས་ནི་ལུས་ལ་བྱུག་པར་བྱ། །ཚོད་མ་ཤ་

p. 292

ཆེན་ལ་ནི་བྱ་བ་སྟེ། །དུས་དེར་མང་དུ་བཟའ་ཞིང་བཏུང་བར་བྱ། །དག་དང་མ་དག་པར་ནི་མ་ལྟའོ། །འོང་བ་དང་ནི་འགྲོ་བའི་དུས་རྣམས་སུ། །ལུས་ལ་རུས་པའི་རྒྱན་ནི་གདགས་བྱ་ཞིང་། །དུས་དེར་དཔའི་བོའི་རོལ་པ་སྤྱད་པར་བྱ། །ཚོགས་སུ་འདུས་ཚེ་སྙོམ་འཇུག་བྱེད་པ་ན། །རེག་མིན་གཡུང་མོ་ལ་ནི་སྙོམས་འཇུག་བྱ། །ཞེས་འབྱུང་ངོ་། །རྣལ་འབྱོར་པ་རྣམས་ཀྱིས་དུས་དབང་བསྐུར་བ་དང་། །སྤྱོད་པ་བྱེད་པ་དང་། ཚོགས་འཁོར་གྱི་ཚེ་དང་། ཐུན་མཚམས་ཀྱི་སྐབས་རྣམས་སུ་རྡོ་རྗེའི་གླུ་བླངས་པ་དང་། དམ་ཚིག་གི་རྫས་བརྗོད་པ་སོགས་ནི་རྒྱུད་འདིར་ཞུགས་པའི་དཔུན་དང་སྲིང་མོར་ཤེས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་པའི་གསང་བའི་སྐད་ཉིད་ཀྱིས་མ་སྨྲས་ན་ཉེས་པར་འགྱུར་ཏེ། ཕྱི་མའི་གསུམ་པར། ཀྱེ་རྡོ་རྗེ་འདིར་དབང་བསྐུར་གང་། །གསང་བའི་སྐད་ཀྱིས་མི་སྨྲ་བ། །དེ་ནི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །འཚེ་བ་དང་ནི་རྐུན་མ་དང་། །གདོན་དང་རིམས་དང་དུག་

p. 293

གིས་ཀྱང་། །གལ་ཏེ་སངས་རྒྱས་གསང་བའི་སྐད། །མི་གསུང་ན་ཡང་འགྲོངས་པར་འགྱུར། །རང་གི་དམ་ཚིག་རིགས་སྙེད་ནས། །གལ་ཏེ་ཚིག་འདི་མི་སྨྲ་ན། །གནས་བཞི་ལས་སྐྱེས་མཁའ་འགྲོ་མ། །དེ་ཡི་ཚེ་ན་ཁྲོ་བར་བྱེད། །ཅེས་འབྱུང་ལ། དུས་དེ་རྣམས་ལས་གཞན་གང་ཐོད་ཐོད་དུ་སྨྲས་ན འང་དམ་ཚིག་ཉམས་པར་འགྲེལ་པ་དག་ལས་བཤད་དོ། །དེ་ལྟ་བུའི་གསང་བའི་སྐད་རྣལ་འབྱོར་མའི་དམ་ཚིག་ཆེན་པོར་གྱུར་པའི་རྡོ་རྗེའི་གླུ་འདི་རང་ཉིད་དགྱེས་པ་རྡོ་རྗེ་དང་། རྡོ་རྗེ་ཆོས་དང་། རྣམ་སྣང་དང་། བདག་མེད་མ་སོགས་ཀྱི་ང་རྒྱལ་དང་ལྡན་པས་འདོད་ཆགས་ཆེན་པོ་ལྷན་ཅིག་སྐྱེས་པའི་སེམས་དང་མ་བྲལ་བར་བླངས་པས་དཔའི་བོ་དང་རྣལ་འབྱོར་མའི་ཚོགས་འདུ་བས་ཚོགས་བསྲུང་ཞིང་། འདུས་པ་དེ་རྣམས་ཀྱིས་བདག་ལ་བྱིན་གྱིས་རློབ་པའི་སྒོ་ནས་བདག་ཀྱང་བསྲུང་བ་ལ་སོགས་པའི་ཕན་ཡོན་དང་ལྡན་ཅིང་གླུའི་རྣམ་པར་དག་པ་ནི་སྔགས་ཀྱི་བཟླས་པར་འགྱུར་ཏེ། རྒྱུད་ཐམས་ཅད་ཀྱི་

p. 294

ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུར། དྲན་པ་མི་འཕྲོག་རྣལ་འབྱོར་པས། །ཧེ་རུ་ཀ་ཡི་གཟུགས་ཀྱིས་གར། །ཆགས་བྲལ་མིན་གོམས་སེམས་ཀྱིས་ནི། །འདོད་ཆགས་སེམས་ཀྱིས་སྒོམ་པ་ཉིད། །རྡོ་རྗེ་ཆོས་དང་སངས་རྒྱས་དང་། །རྣལ་འབྱོར་མ་དང་མ་མོ་ཡིས། །གླུ་དང་གར་ནི་འདི་དག་གིས། །ལེགས་པར་གླུ་བླངས་གར་ཀྱང་བྱ། །འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞིང་། །དེ་བཞིན་བདག་ཀྱང་བསྲུང་བ་ཉིད། །འདི་ཡིས་འཇིག་རྟེན་དབང་དུ་བྱེད། །འདིས་ནི་སྔགས་ཀྱི་བཟླས་པ་ཉིད། །ཅེས་གསུངས་སོ། །གསུམ་པ་སྨོན་ལམ་གདབ་པ་ནི། །སྐྱེ་ཞིང་སྐྱེ་བར་རིགས་མཆོག་ཏུ། །སྐྱེ་ཞིང་ཁེངས་མེད་དམ་ཚིག་ལྡན། །དགྱེས་པ་རྡོ་རྗེ་སྟོན་པ་དང་། །བརྩེ་ལྡན་བླ་མར་གུས་འགྱུར་ཤོག །སྐྱེ་ཞིང་སྐྱེ་བར་གྱུར་པ་ན། །ལག་པ་རྡོ་རྗེ་དྲིལ་བུ་འཁྲོ ལ། །ཟབ་མོའི་ཆོས་ནི་འདོ ན་པ་དང་། །བཙུན་མོའ་ཤུ་ཀྲ་ལེན་འགྱུར་ཤོག །ཅེས་པ་ནི་བརྟག་པ་ཕྱི་མའི་ལེའུ་བརྒྱད་པར་གསུངས་པ་དེ་རྗེ་ལོ་ཙ་བ་ཆེན་པོ་ཉིད་ཀྱིས་འགྱུར་མཛད་

p. 295

པ་མདོ་སྦྱར་དུ་འགོད་པར་མཛད་ལ། ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །དགེ་བ་འདི་ཡིས་ཐོབ་གྱུར་ཅིག །འགྲོ་བ་ལྔས་ཀྱང་དེ་ཐོབ་ཤོག །བྱང་ཆུབ་རྡོ་རྗེས་བསྔགས་པ་ཡི། །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང་། །བདག་ནི་དེ་ཉིད་སྤྱོད་པར་ཤོག །ཅེས་སློབ་དཔོན་ཤཱནྟི་པས་སྒྲུབ་ཐབས་འཁྲུལ་སྤོང་དུ་གསུངས་པ་དེ་རྔོག་ཆེན་པོ་ཞེ་སྡང་རྡོ་རྗེས་འདྲེན་པར་མཛད་དོ། །གསུམ་པ་སྦྱིན་སྲེག་ལ་སོགས་པ་ལས་རབ་འབྱམས་ཀྱི་ངེས་པ་བསྟན་པ་ལ། །སྦྱིན་སྲེག་གི་སྒོ་ནས་ལས་བཞི་སྒྲུབ་ཚུལ། །དེ་ལས་གཞན་པའི་ལས་ཚོགས་བསྟན་པ། དེ་རྣམས་ལས་ཆེན་བརྒྱད་དུ་བསྡུ་ཚུལ། ཉེར་མཁོའི་སྒྲུབ་པ་གཞན་འགའ་ཞིག་བསྟན་པ་བཞིའི། །དང་པོ་ནི། དཔལ་སམྤུ་ཊར། སྣ་ཚོགས་ལས་ནི་རབ་སྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་རབ་བཤད་བྱ། །མེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་

p. 296

ཚིམ། །ཚིམས་ནས་དངོས་གྲུབ་རབ་ཏུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །སྦྱིན་སྲེག་གིས་ནི་དེ་ཀུན་དག །ཅེས་དང་། བཟང་པོ་ཡོང་བཟུང་ལས། རབ་གནས་ལ་སོགས་རྗེས་ལ་ནི། །མ་དྲན་པ་དང་མ་ནུས་པ། །ཆོ་ག་མ་ཚང་གྱུར་པ་རྣམས། སྦྱིན་སྲེག་གིས་ནི་རྫོགས་པར་བྱ། །ཞེས་གསུངས་ཏེ། །དེ་ཡང་སྦྱིན་སྲེག་ནི་ཧོ མ་ཞེས་པའི་སྒྲ་ལས་དྲངས་ཏེ་ཡི་གེ་ཕྱིས་བསྣན་གྱིས་བཤད་ན། ཧོ་ཏ་བྱ་སྲེག་བྱ་བ་དང་། དཱ་ན་བྱིན་པ་སྟེ་ལྷའི་ཞལ་དུ་སྲེག་བྱའི་རྫས་ཕུལ་བས། དཀྱིལ་འཁོར་གྱི་ལྷ་རྣམས་ཚིམ་ནས་ཞི་བ་ལ་སོགས་པ་ཐུན་མོང་གི་ལས་རྣམས་བདེ་བླག་ཏུ་འགྲུབ་ཅིང་། མཆོག་གི་དངོས་གྲུབ་ཐོབ་པའི་ལམ་གྱིའང་གྲོགས་སུ་འགྱུར་བ་སྟེ། འདི་ལ་སྤྱིར་བསྙེན་པའི་ཁ་གསོ་བ་དང་། དབང་བསྐུར་དང་། རབ་གནས་སོགས་ཀྱི་ཆོ་ག་ལྷག་ཆད་ཁ་སྐོང་གི་ཆེད་དུ་སྦྱིན་སྲེག་གྲངས་བསྙེན་གྱི་བཅུ་ཆ་རེ་བྱེད་པར་རྒྱུད་སྡེ་གོང་འོག་ཐམས་ཅད་ལས་བཤད་ཅིང་། ཁྱད་པར་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས། དེ་ནས་

p. 297

བྱེ་བ་བཟླས་བྱ་སྟེ། །བཅུ་ཡི་ཆ་ཡི་སྦྱིན་སྲེག་བྱ། །ཞེས་གསུངས་པས་གྲངས་བསྙེན་བྱེ་བ་ལ་སྦྱིན་སྲེག་ས་ཡ་གཅིག་དང་། ཡང་གྲངས་བསྙེན་འབུམ་ལ་སྦྱིན་སྲེག་ཁྲི་ཁྲག་གཅིག་ལྟ་བུ་བྱེད་པ་ཡང་ཉིན་བཟླས་པ་དུ་སོང་གི་བཅུ་ཆའི་སྦྱིན་སྲེག་མཚན་མོ་བྱེད་པ་དང་། ཐུན་སྟོད་ལ་བཟླས་པ་བྱས་པའི་བཅུ་ཆའི་སྦྱིན་སྲེག་ཐུན་འཇུག་ལ་བྱེད་པ་སོགས་རྒྱུད་སྡེ་འོག་མ་འགའ་ལས་གསུངས་པ་ལྟར་གྱི་ལག་ལེན་བྱེད་པའིང་ཡོད་མོད་ཀྱང་། སྔ་སོར་གྲངས་བསྙེན་ཚད་དུ་འཁྱོལ་བར་བྱས་ལ། དེ་གྲུབ་རྗེས་བསྙེན་པ་དེའི་བཅུ་ཆའི་སྦྱིན་སྲེག་བྱེད་པ་ཉིད་ཤས་ཆེ་ལ། དེ་ཡང་ཐབ་ཁུང་གྲངས་དེ་ཙམ་རྩིགས་མི་དགོས་པར་སྲེག་རྫས་རེ་དང་དེའི་འབུལ་སྔགས་རེ་བསྟུན་ནས་འབུལ་བའི་གྲངས་རྩི་བ་ཡིན་པས། བསྙེན་པའི་ཁ་བསྐོང་གི་ཚེ་ཡམ་ཤིང་ནས་དུར་ཝའི་བར་གྱི་རྫས་ཐམས་ཅད་རེ་རེའང་རང་སྔགས་དང་བཅས་ཏེ་བསྙེན་གྲངས་དུ་སོང་གི་བཅུ་ཆ་རེ་འབུལ་བ་རྒྱུད་ཀྱི་དགོངས་པར་གནས་ཤིང་། དེ་ཡང་འབུལ་བ་

p. 298

ཐེབས་རེ་ལ་ཅི་ཙམ་འབུལ་བ་ནི། །སམྤུ་ཊིར། ཞི་བ་ལ་ནི་བརྒྱ་ཕྲག་གཅིག །རྒྱས་ལ་བརྒྱད་ཀྱིས་ལྷག་པར་བྱ། །དབང་དང་དགུག་པར་ལྔ་བཅུ་ལྔ། །རྗེས་སུ་ཆགས་པར་དེ་ཡི་ཕྱེད། །ཅེས་ཕྲེང་བའི་གྲངས་བཤད་པ་དང་མཚུངས་པར་བྱེད་པར་རྗེ་བླ་མ་གཙུག་ལག་འཕྲེང་བའི་ཞབས་ཀྱིས་གསུངས་ཤིང་། དྲག་པོ་ལ་ནི་ཉི་ཤུ་རྩ་ལྔའམ་རྩ་དགུ་རེ་འབུལ་ཅེས་མཆོག་གི་བརྒྱུད་པ་བར་མ་ཆད་པའི་མན་ངག་ལས་འབྱུང་ལ། ཡང་ལས་སྦྱོར་ཁོ་ནའི་སྦྱིན་སྲེག་ཡིན་ན། ཞི་བ་ལ་སོགས་པ་ལས་རང་རང་གི་རྫས་ཐུན་མོང་མ་ཡིན་པ་འཆད་པར་འགྱུར་བ་རྣམས་བཟླས་པའི་བཅུ་ཆའི་གྲངས་ཚང་རེ་ངེས་པར་འབུལ་ཞིང་། ཐུན་མོང་གི་རྫས་གཞན་རྣམས་ཇི་ཙམ་འབྱོར་བ་རེ་འབུལ་བའི་ཕྱག་བཞེས་ཀྱང་ཡོད་ཅིང་། གྲངས་བརྩི་བ་ཐམས་ཅད་འཇིག་རྟེན་ལས་འདས་པ་ཁོ་ན་ལ་རྩི་ཡི། འཇིག་རྟེན་པ་ལ་ནི་ཆོ་གའི་ཐོག་མར་ཞི་བ་ལ་བརྒྱ་ལྟ་བུ་ལས་མཐུན་གྱི་གྲངས་ཚད་གང་ཡིན་ཞིག་འབུལ་བ་དེ་དང་། འཇིག་རྟེན་པའི་རྗེས་ཆོག་གི་

p. 299

ཚེ་ཅི་ཙམ་འབུལ་བ་དེ་མ་གཏོགས། གྲངས་མང་པོ་བརྩེག་མི་དགོས། ཅེས་སྤྱིར་བསྟན་ནས་ཆོ་གའི་རིམ་པ་ཅི་ལྟར་བྱ་བའི་ཚུལ་ལ་གསུམ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ལ། ལས་སོ་སོའ་ཐབ་ཁུང་བསྟན་པ། སྲེག་རྫས་ཀྱི་ངེས་པ་བསྟན་པ། ཁ་ལྟ་བའི་ཕྱོགས་ལ་སོགས་པའི་དབྱེ་བ་བསྟན་པ། སྦྱིན་སྲེག་གི་ཡོ་བྱད་རྣམས་ཇི་ལྟར་བཤམ་པའི་ཚུལ། ཁྲུས་དང་བྱུར་བསལ་བའི་ཆོ་ག་བཤད་པ་ལྔའི། །དང་པོ་ནི། བརྟག་པ་ཕྱི་མའི་ལེའུ་དང་པོར། ཞི་བར་ཐབ་ཁུང་ཟླུམ་པོ་ཉིད། །རྒྱས་པ་ཉིད་ཀྱི་གྲུབ ཞི་པ། །བསད་པ་ལ་ནི་གྲུ་གསུམ་བརྗོད། །འདི་ཉིད་ལ་ནི་ལྷག་མ་སྒྲུབ། །ཅེས་པའི་རྐང་པ་ཕྱི་མའི་དོན་འགྲེལ་བ་ན། བསད་པ་སོགས་མངོན་སྤྱོད་ཀྱི་ལས་སྒྲུབ་པའི་ཐབ་ཁུང་གྲུ་གསུམ་དེར་ལྷག་མ་དབང་བགུག་གི་ལས་ཀྱང་སྒྲུབ་ཅེས་འབྱུང་ལ། ཡང་དབང་ལ་ཐབ་ཁུང་ཟླ་བ་ཕྱེད་པ་ལྟ་བུའང་བྱ་བར་བཤད། སམྤུ་ཊར། ཟླུམ་པོ་དང་ནི་གྲུ་བཞི་དང་། །ཟླ་ཕྱེད་དང་ནི་གྲུ་གསུམ་

p. 300

པ། །།ཞེས་ཞི་བ་སོགས་ལ་རིམ་པས་སྦྱོར་བར་བཤད་ཅིང་། འདི་གཙོ་བོར་གཟུང་ནས་བརྟག་གཉིས་ཀྱི་ལུང་དྲངས་མ་ཐག་པའི་དོན་ཀྱང་བསད་པའི་ཐབ་ཁུང་གྲུ་གསུམ་དུ་ལྷག་མ་སྡང་བ་དང་། བསྐྲད་རེངས་རྣམས་སྒྲུབ་ཀྱི། དབང་བགུག་ལ་ཐབ་ཟླ་གམ་གྱི་དབྱིབས་ཅན་གཞན་ནས་ཁ་བསྐོང་ངོ་ཞེས་བརྒྱུད་པ་གཞན་པ་དག་འདོན་ཀྱང་། དབང་གི་ཐབ་ཁུང་གྲུ་གསུམ་དང་ཟླ་གམ་གཉིས་ཀ་རྩ་བཤད་ཀྱི་རྒྱུད་སོ་སོའ་དགོངས་པར་གནས་པས་རྣམ་གྲངས་པར་འཆད་པ་ལེགས་ཅེས་རྔོག་ལུགས་ལས་འབྱུང་ཞིང་། ཡང་གུར་ལས་ནི། ཞི་བ་ཟླུམ་པོར་བྱ་བར་བརྗོད། །རྒྱས་པ་གྲུ་བཞི་རྫིང་བུའི་དབྱིབས། །དབང་ནི་ཟླ་བ་ཕྱེད་པ་འདྲ། །བགུག་པ་ལ་ནི་ལྕགས་ཀྱུའི་དབྱིབས། །བསད་དང་ཞེ་སྡང་ལས་ལ་ནི། །ནམ་མཁའི་ཁམས་དང་མཚུངས་པའོ། །ཞེས་གཞན་རྣམས་སམྤུ ཊ་དང་མཐུན་པ་ལ། དབང་བགུག་གི་ཐབ་ཀྱི་དབྱིབས་ཐ་དད་ཀྱང་བཤད་ལ། ལག་ལེན་གྲགས་ཆེ་བ་ནི་སམྤུ་ཊི་ལས་གསུངས་པ་ལྟར་ཞི་བ་

p. 301

ལ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། དབང་བགུག་ལ་ཟླ་གམ། བསད་བསྐྲད་སོགས་མངོན་སྤྱོད་ལ་གྲུ་གསུམ་དུ་བྱེད་པ་ཉིད་མང་བས་དེའི་ཚུལ་བརྗོད་པར་བྱ་སྟེ། དེ་ཡང་དཔལ་སམྤུ་ཊར། ཞི་བར་ཐབ་ཁུང་ཟླུམ་པོ་ནི། །ཁྲུ་གང་ཚད་ཙམ་ཐིག་གདབ་བྱ། །བཏབ་ནས་ཁྲུ་ཕྱེད་བསྐོས་ནས་ནི། །འོག་ཏུ་ས་ལ་མཐོ་གང་ཁུང་། །ཙན་དན་དཀར་པོས་ངོས་དག་བྱུག །དེ་ཡི་ཕྱི་རོལ་ཟླུམ་པོའི་ས། །སོར་བཞི་པ་ཡི་མུ་རན་ཡིན། །རྒྱས་པའི་ཐབ་ཁུང་གྲུ་བཞི་སྟེ། །ཁྲུ་གཉིས་ཚད་དུ་རྣམ་པར་རྒྱས། །འོག་ཏུ་ཁུང་བུ་གྲུ་གང་བ། །མུ་རན་ལ་ནི་སོར་བརྒྱད་ཉིད། །མེ་ཏོག་སེར་པོས་བརྒྱན་པ་དང་། །དྲི་ནི་སེར་པོས་རྗེས་སུ་བྱུག །མངོན་སྤྱོད་ཐབ་ཁུང་གྲུ་གསུམ་པ། །རྒྱར་ནི་སོར་མོ་ཉི་ཤུ་སྟེ། །འོག་གི་ཐད་དུ་སོར་མོ་བཅུ། །མུ་རན་ལ་ནི་སོར་མོ་གསུམ། །དུར་ཁྲོད་སོལ་བས་བྱུག་པར་བྱ། །དབང་དང་བགུག་པ་ཐུན་མོང་སྟེ། །ཐབ་ཁུང་གཅིག་པའི་མཚན་ཉིད་གསུངས། །བགུག་པ་ཟླ་བ་ཕྱེད་པའི་དབྱིབས། །ཐབ་ཚང་ཁུང་

p. 302

བུ་ཐབ་ཀྱི་ཕྱེད། །ཚད་བཟུང་མུ་རན་བྱས་ནས་ནི། །དྲི་ནི་དམར་པོས་བྱུག་པ་བྱ། །ཞེས་གསུངས་པ་དང་ཚད་མཐུན་པར་བརྟག་པ་ཕྱི་མའི་ལེའུ་དང་པོར་ཡང་། ཁྲུ་གང་དང་ནི་ཁྲུ་ཕྱེད་ཉིད། །ཞི་བའི་སྟེང་དང་འོག་ཏུ་ཡིན། །ཁྲུ་དོ་དང་ནི་ཁྲུ་གང་ཉིད། །རྒྱས་པའི་སྟེང་དང་འོག་ཏུ་བརྗོད། །སོར་མོ་ཉི་ཤུའམ་དེ་ཡི་ཕྱེད། །བསད་པའི་སྟེང་དང་འོག་ཏུ་ཡང་། །ཞེས་འབྱུང་ཞིང་ལུང་དེ་དག་ཏུ་དབང་བགུག་གི་ཐབ་ཚད་ཁུང་བུའི་དཔངས་ཚད་ཐབ་རྒྱའི་ཕྱེད་ཡིན་པ་ཙམ་ལས་སོར་གྲངས་དང་ཁ་ཁྱེར་སོགས་ཀྱི་ཚད་མི་གསལ་བ་སློབ་དཔོན་ནག་པོ་པས་ཁ་སྐང་ནས་གསུངས་པ་ནི། །མངོན་སྤྱོད་ཀྱི་ཐབ་ཀྱི་ཁ་ཁྱེར་དང་མུ་རན་སོ ར་གསུམ་གསུམ་ཡིན་པ་ལྟར་དབང་བགུག་ལའང་རིག་པར་བྱའོ། །ཞེས་སྟོན་པ་ལ་ཇི་སྐད་དུ། མངོན་སྤྱོད་ལ་ནི་སོར་མོ་གསུམ། །དབང་དང་བགུག་པའིང་དེ་དང་འདྲ། །ཞེས་ཁ་ཁྱེར་གྱི་ཚད་དངོས་སུ་སྨོས་པའི་ཤུགས་ལས་མུ་རན་དང་དཔངས་ཀྱི་ཚད་ཀྱང་མངོན་སྤྱོད་དང་མཐུན་པར་གོ་དགོས་པས། མུ་

p. 303

རན་ཀྱང་སོར་གསུམ་དང་རྒྱ་ཚད་ཟླ་གམ་གྱི་རིང་ཁ་ལ་སོར་མོ་ཉི་ཤུ་དང་། དཔངས་ལ་སོར་མོ་བཅུར་མཛད་པ་ཕྱག་བཞེས་སུ་སྣང་ཞིང་དྲངས་མ་ཐག་པའི་སམ་ཊིའི་ལུང་གི་དངོས་བསྟན་ལ་སྐོ་ཐབ་ཉིད་བྱུང་ཡང་། དེའི་ཤུགས་ལས་བྲི་ཐབ་དང་རྩིགས་ཐབ་གཉིས་ཀྱང་སྟོན་པས་ཐབ་གསུམ་པོ་གང་བྱེད་ཀྱང་ཐོག་མར་ཐབ་ཀྱི་ཐིག་གདབ་ཚུལ་ནི། །གང་དུ་སྦྱིན་སྲེག་བྱ་བའི་གནས་སུ་ཇི་ཙམ་འོས་པའི་སྟེགས་བུ་བྱས་ལ། དེར་ཚངས་ཟུར་གྱི་ཐིག་བཞི་བཏབ་སྟེ་ཞི་བ་ལ་ཐབ་ཁུང་གི་ཚད་དབུས་ནས་མཐོ་གང་བཙལ་བའི་ས་ནས་ཟླུམ་པོར་བསྐོར་བས་ཁྲུ་གང་གི་ཚད་དུ་བྱས་ལ། དེའི་མཐར་མཆུ་དང་ཁ་ཁྱེར་སོར་བཞི་པ་རེ་ཟླུམ་པོར་བསྐོར་བའི་ཐབ་ཁུང་གི་དབུས་སུ་སོར་བཞི་ཟླུམ་བསྐོར་གྱི་པད་ལྟེ་དང་། དེ་ནས་བཅ ལ་བའི་སོར་བརྒྱད་པའི་པད་འདབ་ཀྱང་བསྐོར་བར་བྱའོ། །རྒྱས་པ་ལ་ཐབ་ཁུང་དབུས་ནས་ཕྱོགས་རེར་ཁྲུ་གང་རེ་བཅལ་བའི་མཚན་མ་ཟུར་ཐིག་གི་སྟེང་དུ་བྱས་པ་ནས་གྲུ་བཞིའི་ལོགས་

p. 304

ཐིག་གདབ་ཅིང་། དེའི་མཐར་སོར་བརྒྱད་རེ་ཡོད་པའི་མཆུ་དང་ཁ་ཁྱེར་གྱི་ཐིག་ཀྱང་གྲུ་བཞི་ཉིས་རིམ་དུ་གདབ། དབུས་སུ་པད་ལྟེ་སོར་བརྒྱད་དང་འདབ་མ་སོར་བཅུ་དྲུག་པའི་ཚད་ཀྱང་ཟླུམ་བསྐོར་བྱའོ། །དབང་ལ་ཐབ་ཁུང་དབུས་ནས་སོར་མོ་བཅུའི་ས་ནས་ཟླུམ་པོར་བསྐོར་བ་ཁ་རྒྱ་སོར་མོ་ཉི་ཤུ་འབྱུང་བ་ལས་ལོགས་གསུམ་པོ་དེ་ཉིད་ལ་ལོགས་གཅིག་ཐིག་གིས་ཐད་ཀར་བཅད་དེ་ཟླ་གམ་དུ་བྱའོ། །དྲག་པོ་ལ་ཐབ་ཁུང་དབུས་ནས་སོར་བཅུའི་ས་ནས་སྐོར་བའི་ནུབ་ཀྱི་ཚང་ཐིག་དང་ཟླུམ་བསྐོར་འདུས་པ་ནས་གཡས་གཡོན་དུ་བྱ་རྗེས་བཙལ་བའི་སྟེང་ནས་གྲུ་གསུམ་གྱི་ཐིག་གདབ་ཅིང་། དབང་དྲག་གི་ཐབ་གཉིས་ཀར་མཆུ་དང་ཁ་ཁྱེར་སོར་གསུམ་པ་ཉིས་རིམ་རེ་ཐབ་རང་རང་གི་དབྱིབས་དང་མཐུན་པར་གདབ་པ་དང་། དབུས་སུ་པདྨ་འདབ་བརྒྱད་ཀྱི་ཐིག་ཀྱང་གདབ་བོ། །ཡང་སྟེགས་བུ་མེད་པའི་ས་བཞི་མཉམ་པོ་ལ་ནི་ཐབ་རྣམས་ཀྱི་ཁ་ཁྱེར་ལ་མ་རེག་ཙམ་དུ་སྟེགས་བུའི་དོད་དུ་ཐིག་གྲུ་བཞིར་བདབ་

p. 305

པ འང་བྱའོ། །དེ་ནས་བྲི་ཐབ་བྱེད་ན་ཐིག་རོ་རྣམས་ཕྱིས་ལ། དེར་གང་གིས་བྲི་བའི་རྡུལ་ཚོན་གྱི་ཁ་དོག་ཀྱང་། ཇི་སྐད་དུ། ཞི་ལ་རྡུལ་ཚོན་དཀར་པོ་སྟེ། །རྒྱས་ལ་རྡུལ་ཚོན་སེར་པོའོ། །དབང་ལ་དམར་པོ་གཞན་དག་ལ། །ནག་པོ། ཞེས་གསུངས་པ་ལྟར་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་བགུ ག་ལ་དམར་པོ། མངོན་སྤྱོད་ལ་ནག་པོའི་རྡུལ་ཚོན་དགྱེ་ཞིང་། རང་རང་གི་ཐབ་ཁུང་མཆུ་ཁ་ཁྱེར་རྣམས་ཀྱི་བར་དག་ཐིག་སྟེང་ནས་ཇི་ལྟར་མཛེས་པའི་ཚོན་གྱི་རེ་ཁས་བཅད་ཅིང་། དབུས་ཀྱི་པད་འདབ་ཀྱི་ཁ་དོག་ཀྱང་ཞི་བ་ལས་ཐམས་ཅད་པ་ལ་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་སྔོ། དབང་ལྡན་དང་ལྟེ་བ་ལྗང་ཁུར་བྱེད་ལ། ཞི་བ་འབའ་ཞིག་པའི་ལས་སོགས་ལ། ལས་རང་རང་གི་ཐབ་ཀྱི་ཁ་དོག་དང་མཐུན་པར་བྱེད་པའི་ལུགས་དང་། ལས་གང་ཡིན་ཀྱང་བཅོམ་ལྡན་འདས་ཀྱིས་རྡུལ་མཚོན་གྱི་དཀྱིལ་འཁོར་གྱི་དབུས་སུ་བྲི་བ་ལྟར་པདྨ་འདབ་བརྒྱད་ཀྱི་ཁ་དོག་དམར་པོ་འབའ་ཞིག་

p. 306

བྱེད་པའི་ལུགས་གཉིས་ལས་ཕྱི་མ་འདི་རྗེ་བཙུན་མར་རྔོག་གི་ལུགས་དང་འབྲེལ་ཆགས་པར་སེམས་ལ། ཡང་པད་འདབ་གྱི་མལ་དུ་དཀྱིལ་འཁོར་ཡོངས་རྫོགས་བྲི་བའི་ལུགས་ཀྱང་ཡོད་པར་སྣང་ངོ་། །དེར་འོག་ནས་འབྱུང་བའི་ལྷ་མཚན་རྣམས་བཀོད་ཅིང་ཐ བ་ཀྱི་མཆུ་དང་། ཁ་ཁྱེར་དང་། གྲྭ་རྣམས་ལ་ལས་སོ་སོ་དང་མཐུན་པའི་མཚན་མ་འཆད་པར་འགྱུར་བ་རྣམས་མ་འཁྲུལ་བར་བྲིའོ། །འདི་ལ་ཐབ་རྣམས་ཀྱི་དཔངས་ཚད་དངོས་སུ་མེད་ཀྱང་བུད་ཤིང་རྩིག་པ་ན་ལས་མཐུན་གྱི་ཐབ་རང་རང་གི་མཆུའི་ནང་ནས་ཐབ་སོ་སོའ་དཔང་ཚད་དུ་ལེགས་པར་རྩིག་པ་སྟེ། དེ་ཡང་ཞི་བ་ལ་ཁྲུ་ཕྱེད་ཟླུམ་པོ། རྒྱས་པ་ལ་ཁྲུ་གང་གྲུ་བཞི། དབང་དྲག་གཉིས་ལ་སོར་མོ་བཅུའི་དཔང་སྟེ། དེ་ཡང་དབང་ལ་ཟླ་གམ་དང་། དྲག་པོ་ལ་ཟུར་གསུམ་དུ་རྩིག་གོ། །རྩིག་ཐབ་བྱེད་ན་ཐབ་སོ་སོའ་ཁུང་བུའི་རྒྱ་ཕྱེད་དཔངས་སུ་གསུངས་པས་དེ་ཡང་ཐབ་རང་རང་གི་མཆུའི་ཕྱི་ནང་གི་ཐིག་གཉིས་བར་ནས་རྩིག་པ་སྟེ། ཞི་བ་ལ་

p. 307

དཔངས་སུ་ཁྲུ་ཕྱེད་ཟླུམ་པོར་རྩིགས་པའི་ཁ་ནས། མཆུ་སོར་མོ་བཞི་དོར་བར་རྒྱ་དང་དཔངས་སུ་སོར་བཞི་བཞི་ཡོད་པའི་ཁ་ཁྱེར་ཀྱང་རྩིག་གོ། །རྒྱས་པ་ལ་དཔངས་སུ་ཁྲུ་གང་གྲུ་བཞིར་རྩིགས་པའི་ཁ་ནས་སོར་མོ་བརྒྱད་པའི་མཆུ་དོར་བར་ཁ་ཁྱེར་ཀྱང་རྒྱ་དཔངས་མཉམ་པར་སོར་བརྒྱད་པ་བྱའོ། །དབང་དང་དྲག་པོ་གཉིས་ལ་དཔངས་སུ་སོར་མོ་བཅུ་བཅུ་ཟླ་གམ་དང་གྲུ་གསུམ་དུ་རྩིག་པའི་ཁ་ནས་ཐབ་རང་རང་གི་དབྱིབས་ལྟར་མཆུ་སོར་མོ་གསུམ་གསུམ་དང་། ཁ་ཁྱེར་ཀྱང་རྒྱ་དཔངས་མཚུངས་པར་སོར་གསུམ་རེར་རྩིག་གོ། །རྐོ་ཐབ་བྱེད་ན་ཁ་རྒྱའི་ཐིག་གི་ནང་ངོས་ནས་ལས་མཐུན་གྱི་དབྱིབས་སྔར་སྨོས་པ་བཞིན་ཐབས་སོ་སོའ་རྒྱ་ཕྱེད་ཟབས་སུ་རྐོས་པའི་ཁ་འགྲམ་ནས་མཆུ་དང་ཁ་ཁྱེར་རྣམས་ཀྱང་རྩིག་ཐབ་ཏུ་འབྱུང་བའི་ཚད་ཇི་ལྟ་བ་དོད་པར་བྱ་ཞིང་། ཐབ་ཕྱི་མ་གཉིས་པོ་ལ་སམྤུ་ཊིར་གསུངས་པ་ལྟར། ཞི་བ་ལ་ཙན་དན་དཀར་པོའི་ཆུ་དང་། ས་དཀར་གྱིས་བྱུག །རྒྱས་པ་ལ་དྲི་དང་མེ་ཏོག་

p. 308

སེར་པོས་བྱུག་ཅིང་རྒྱན། དབང་ལ་དྲི་དམར་པོས་བྱུག་པ་དང་། དྲག་པོ་ལ་དུར་ཁྲོད་ཀྱི་སོལ་བས་བྱུག་ཅིང་ཐབ་ཁུང་གི་དབུས་སུ་པདྨ་འདབ་བརྒྱད་སྔར་བྲི་ཐབ་ཏུ་སྨོས་པ་ལྟར་བྲི་བ་དང་། བུད་ཤིང་ཀྱང་ཐབ་རང་རང་གི་དབྱིབས་བཞིན་མཆུ་དང་མཉམ་པར་རྩིག་གོ། །དེ་ལྟར་ཐབ་རྣམས་བྲི་རྩིག་བྲུ་གསུམ་གང་བྱེད་ཀྱང་དེར་ལས་མཐུན་གྱི་མཚན་མ་འགོད་ཚུལ་ལ། སློབ་དཔོན་ནག་པོ་པས། ཐབ་ཁུང་ཟླུམ་པོ་ཟབས་སུ་སོར་བཅུ་གཉིས་རྐོས་པའི་དབུས་སུ་རྒྱར་སོར་དྲུག །ཕང་དུ་སོར་གསུམ་པའི་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཐོད་པ་ལ་གནས་པའི་སྣ་ཚོགས་རྡོ་རྗེ། འདབ་མ་རྣམས་ལ་ལྷ་མོ་རྣམས་ཀྱི་མཚན་མ་བཀོད་ལ། རྡོ་རྗེའི་འཕྲེང་བས་བསྐོར་བར་བྱའོ། །ཞེས་ཞི་བའི་ཐབ་ཀྱི་དབུས་སུ་འགོད་ཚུལ་འདི་ཉིད་རྒྱས་པ་སོགས་ལའང་བྱ་བར་དཔལ་ཆོས་ཀྱི་གྲགས་པས་བཤད་ཅིང་། འདིའི་དབང་དུ་ན། གོང་དུ་སྨོས་པའི་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གཙོ་བོའི་མཚན་མ་སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་པ། ཤར་

p. 309

དུ་གྲི་གུག་ནག་པོ། ལྷོར་ཌ་མ་རུ་དམར་པོ། ནུབ་ཏུ་རུས་སྦལ་སེར་པོ། བྱང་དུ་སྦྲུལ་ལྗང་ཁུ། དབང་ལྡན་དུ་སེང་གེ་སྔོན་པོ། ཤར་ལྷོར་དགེ་སློང་དཀར་པོ། ལྷོ་ནུབ་དུ་འཁོར་ལོ་སྔོན་པོ། ནུབ་བྱང་དུ་རྡོ་རྗེ་སྣ་ཚོགས་པའི་མདོག་ཅན་ཏེ་ཕྱག་མཚན་བརྒྱད་ལྷ་མོ་རང་རང་གི་མདོག་ཏུ་བྲི་བ་ཡང་རྒྱུད་དུ། ལྷ་མོ་ཁ་དོག་དབྱེ་བ་ཡིས། །ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས། །ཅེས་གསུངས་པས་ཤེས་ཤིང་། པད་འདབ་ཀྱི་ཕྱིའི་མུ་ཁྱུད་ལ་རྡོ་རྗེའི་འཕྲེང་བ འང་བྲིའོ། །དེ་ནས་ཁ་ཁྱེར་དང་གྲྭའི་མཚན་མ་རྣམས་ནི་ཞི་བའི་ཐབ་ཀྱི་ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་བསྐོར་ཞིང་། སྟེགས་བུའི་གྲྭ་བཞིར་ཡང་རྡོ་རྗེ་རྩེ་གསུམ་པ་བྲི་བར་བྱ་སྟེ། སློབ་དཔོན་ནག་པོ་པས། ཐབ་ཁུང་གི་ཕྱི་རོལ་དུ་སོར་བཞི་དོར་ལ། ཁ་ཁྱེར་རྒྱ་དང་དཔངས་སུ་དེ་ཙམ་པ་རྡོ་རྗེས་བསྐོར་བར་བྱའོ། །སྟེག་བུའི་མཚམས་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་ལ། ཞེས་བཤད་ཅིང་རྩིག་ཐབ་ཡིན་ན་ཁ་ཁྱེར་གྱི་ཕྱི་ངོས་ལ་པདྨ་འདབ་མ་བཅུ་དྲུག་པ་

p. 310

སྟེ་པདྨ་རྒྱས་པའི་དབྱིབས་བཞིན་བྱའོ། །རྒྱས་པ་སོགས་གསུམ་ལ་ཇི་ལྟར་བྱ་བའང་རྗེ་ཞྭ་དམར་བ་བཞི་པའི་གསུང་གིས། སྟེགས་བུའི་གྲྭ་དང་ཁ་ཁྱེར་སོ་སོར་ཇི་ལྟར་བྲི་བ་ནི། རྒྱས་པའི་ཐབ་ལ་རིན་པོ་ཆེ། །ཁ་ཁྱེར་རིན་པོ་ཆེ་ཡིས་བསྐོར། །མངོན་སྤྱོད་ཐབ་ལ་རལ་གྲི་བྲི། །ཁ་ཁྱེར་ལ་ནི་རལ་གྲིས་བསྐོར། །དབང་དང་དགུག་པར་ལྕགས་ཀྱུའོ། །ཁ་ཁྱེར་ལ་ཡ ང་ལྕགས་ཀྱུས་བསྐོར། །ཅེས་ནག་པོ་པའི་སྦྱིན་སྲེག་གི་ཆོ་གའི་ལུང་འདྲེན་པར་མཛད་ནས། ཞེས་པ་ལྟར་རམ། །ཡང་ན་ཁ་ཁྱེར་གྱི་མཐའི་གྲྭ་བཞིར། ཞི་བ་ལ་འཁོར་ལོ འམ་རྡོ་རྗེ་རྩེ་གསུམ་པ། རྒྱས་པ་ལ་རིན་པོ་ཆེ། དབང་ལ་ཆུ་སྐྱེས་དམར་པོས་མཚན་པའི་ལྕགས་ཀྱུ་བྱ་བར་མན་ངག་སྙེ་མ་ལས་བཤད་དོ། །ཞེས་སོ། །གཉིས་པ་ལ། །ཡམ་ཤིང་གི་ཁྱད་པར། སྲེག་རྫས་གཞན་གྱི་ཁྱད་པར། བུད་ཤིང་གི་ཁྱད་པར། མཆོད་པའི་ཁྱད་པར་བཤད་པ་བཞིའི། །དང་པོ་ནི། སམྤུ་ཊར། འོ་མ་ཅན་གྱི་ཤིང་ལྔ་ལས་སྐྱེས་པ་རློན་ཞིང་ཡལ་ག་དང་བཅས་པ། རྩེ་མོའ་ཆར་གནས་

p. 311

པ་འདི་སྦྲང་རྩི་དང་། འོ་མ་དང་། མར་ལ་གཉིས་ཀྱི་རྩེ་མོ་སྦགས་ཏེ། སྲེག་བླུག་བྱའོ། །ཞེས་གསུངས་པའི་འོ་མ་ཅན་གྱི་ཤིང་ལྔ་ནི། སངས་རྒྱས་ཐོད་པར། ཨ་ཤོ་ཀ་དང་ནྱ་གྲོ་དྷ། །ཨུ་དུམྺ་ར་པརྐ་ཏི། །པ་ལ་ཤ་སྟེ་ཤིང་ལྔ་རྣམས། །ཅེས་འབྱུང་བ་རྣམས་བཟུང་ཞིང་། རྒྱས་པ་ལ་རྒྱུ་འོ་མ་ཅན་གྱི་ཤིང་དེ་རྣམས་ཉིད་ཀྱིས་བྱ་སྟེ། སམྦུ་ཊར། དེ་ཉིད་ཀྱི་ཡམ་ཤིང་དུ་བརྗོད་པར་བྱ་སྟེ། །ཞེས་གསུངས་ཤིང་ཞི་བ་ལས་ཁྱད་པར་དུ་བྱ་བ་ནི། །སློབ་དཔོན་ནག་པོ་པས། ཡལ་གའི་དབུས་ཀྱི་ཆ་ལས་བྱུང་། །བུད་ཤིང་རྒྱས་པའི་ལས་ལའོ། །ཞེས་བཤད་པ་ལྟར་འདིར་ཡང་ཤེས་པར་བྱ་ཞིང་། སྦྲང་སོགས་ཀྱིས་རྩེ་གཉིས་སྦགས་པའིང་སྔ་མ་དང་འདྲ་ལ། གུར་ཀུམ་གྱི་བྱུག་པ་ནི་ཁྱད་པར་རོ། །དབང་གི་ཡམ་ཤིང་ཀྱང་སམྤུ་ཊར། ལྷའི་ཤིང་དང་། བྷ་ཊ་དང་། པིཔྤ་ལ་དང་། ཨུ་དུམྺ་ར་ལ་སོགས་པའི་ཤིང་རྣམས་ལས་བྱུང་བ། ཞེས་གསུངས་པའི་ཡམ་ཤིང་རྣམས་མར་དང་སྦྲང་རྩིར་ལྡན་པ་བྱ་ཞིང་། དྲག་པོའི་

p. 312

ཡམ་ཤིང་ཀྱང་དེ་ཉིད་ལས། ཤིང་ནག་པོ་འཁྱོར་པོ་ལས་སྐྱེས་པའི་ཚེར་མ་དང་ཚ་བ་དང་། ཁ་བ་ལ་སོགས་པའི་ཤིང་ཐམས་ཅད་ལས་སྐྱེས་པ། ཞེས་དང་། །ནག་པོ་པས། ཡལ་གའི་རྩ་བའི་ཆ་ལས་བྱུང་། །བུད་ཤིང་མངོན་སྤྱོད་ལས་ལའོ། །ཞེས་བཤད་པ་ལྟར་འདིར་ཡང་ཤེས་པར་བྱས་ཏེ། ཡམ་ཤིང་དེའི་རྩེ་མོའང་། མར་ནག་དང་ཁྲག་གིས་བྱུག་གོ། །དེ་ལྟར་ཞི་བ་ལ་སོགས་པའི་ལས་རང་རང་ལ་ཤིས་པའི་ཡམ་ཤིང་དེ་རྣམས་ཀྱི་ཚད་ཀྱང་སློབ་དཔོན་ནག་པོ་པས། ཡམ་ཤིང་སོར་ནི་བཅུ་གཉིས་པ། །དེ་ནི་ཞི་བའི་ལས་ལ་ཤིས། །རྒྱས་པ་ལ་ནི་ཁྲུ་གང་ངོ་། །དབང་དང་བགུག་པ་ཞི་དང་འདྲ། །མངོན་སྤྱོད་ལ་ནི་སོར་མོ་བཅུའོ། །ཞེས་བ སྟན་པ་རྣམས་གྲངས་ཅི་ཙམ་འོས་པ་བསག་གོ། །གཉིས་པ་ནི། བརྟག་པ་ཕྱི་མའི་ལེའུ་དང་པོར། ཞི་ལ་ཏིལ་དང་རྒྱས་ལ་ཞོ། །གསད་ལ་ཚེར་མ་དེ་བཞིན་ནོ། །སྡང་ལ་སོགས་པར་ཚེར་མར་བརྗོད། །དབང་དང་བགུག་པ་ཨུཏྤ་ལ། །ཞེས་པ་ཙམ་ལས་རྒྱས་པར་མ་གསུངས་ཀྱང་། བཤད་

p. 313

པའི་རྒྱུད་གཉིས་ཀྱི་དགོངས་པ་བླངས་ཏེ་བརྗོད་ན། ཞི་བ་སོགས་ལས་ཀུན་ལ་ཐུན་མོང་དུ་དགོས་པ་ནི། ཏིལ་ནག་པོ་དང་། འབྲས་མ་ཆག་པ་དང་། ཞོ། །བག་ཕྱེ། བུ་རམ་གསུམ་མམ། འོ་མ་སྦྲང་རྩི། ཞིབ་གསུམ་བསྲེས་པའི་རིལ་བུ་ཟླ་མཆོག་དང་། འབྲས་སོ་བ་དང་། མོན་སྲན་དྲེའུ་དང་། ནས་དང་། གྲོ་དང་། དཱུ་དང་ཀུ་ཤའི་མྱུ་གུ་མ་གྲུགས་པ་དང་། ཡུངས་དཀར་དང་། རྒུན་འགྲུམ་དང་། ཨ་མྲ་དང་། པ་ན་ས་དང་། ཨརྫུ་ན་དང་། ན་རི་ཀེ་ལ་ལ་སོགས་པའི་ཤིང་ཐོག་རྣམས་དང་བདུད་རྩི་ལྔ་རྣམས་སོ། །ཁྱད་པར་དུ་ཞི་བ་ལ་སྔར་གྱི་དེ་རྣམས་ཀྱི་ཁར་བྱེ་བྲག་ཏུ་དགོས་པ་ནི། ཏིལ་དཀར་པོ་དང་། མར་ཁུའོ། །རྒྱས་པ་ལ་སཱ་ལུ་དམར་པོ་དང་། མངར་གསུམ་དང་། ཞོ་དང་། སྦྲང་རྩི་མར་དང་ལྡན་པ་དང་། མེ་ཏོག་བརྒྱ་པ་དང་། བིལ་ཝའི་འབྲས་བུ་དང་། པདྨ་དང་། ནཱ་ག་གེ་སར་དང་། མར་ཁུའོ། །དབང་ལ་ཏིལ་དམར་པོ་དང་། པི་ཡང་ཀུ་དང་། ནཱ་ག་གེ་སར་དང་། ཙམ་པ་ཀ་དང་། ཨ་ཤོ་

p. 314

ཀ་དང་། བཀྐུ་ལ་དང་། བཱ་ཎ་དང་། མེ་ཏོག་བརྒྱ་པ་རྣམས་དང་། ཨུཏྤལ་ལ་དམར་པོ་རྣམས་སྒྲུབ་བྱའི་ཆུ་དང་བསྲེས་པ་དང་། མར་ཁུའོ། །མངོན་སྤྱོད་ལ། སྐྱེས་པའི་རུས་པ་དང་། རྣམ་སྣང་དང་། བོང་བུའི་སྦངས་དང་། སྤུ་དང་། ཁྱིའི་བྲུན་དང་། སྤུ་དང་། སེ ན་མོ་དང་། བྷ་ལ་ཏ་ཀའི་འབྲས་བུ་དང་། སྲན་མ་ནག་པོ་རྣམས་ཡུངས་ཀར་གྱི་མར་ཁུས་བྱུགས་ཤིང་ཁྲག་དང་བསྲེས་པ་དང་། མར་ནག་ཚན་མོའོ། །གསུམ་པ་བུད་ཤིང་གི་ཁྱད་པར་ནི། ཞི་བ་ལ་ཨུ་དུ མྺ་ར་དང་། པ་ལ་ཤའི་རྩེ་མོའ་ཆ་རྣམས་སོ། །རྒྱས་པ་ལ འང་རྒྱུ་སྔ་མ་དག་གི་དབུས་ཀྱི་ཆ་ལས་བྱུང་བའོ། །དབང་ལ་ཤལླ་ཀི་དང་། གུ་གུལ་གྱི་ཤིང་དང་། སེང་ལྡེང་དང་། དྲི་བཟང་པོའི་ཤིང་ངོ་། །མངོན་སྤྱོད་ལ་སྔར་ཡམ་ཤིང་གི་སྐབས་སུ་སྨོས་པ་དག་གི་རྩ་བའི་ཆའོ། །བཞི་པ་ནི། འཇམ་པོ་གསུམ་ལ་ཤེལ་དང་། གསེར་ལ་སོགས་པ་རིན་པོ་ཆེའི་སྣོད་དུ་མཆོད་ཡོན་དང་འོ་མ་ཅན་གྱི་ཞབས་བསིལ་དང་ཞལ་བསིལ། མར་དཀར་གྱི་མར་མེ་

p. 315

ལ་སོགས་པའི་ཉེར་སྤྱད་གཙང་ཞིང་ཡིད་དུ་འོང་བ་རྣམས་དང་། དྲག་པོ་ལ་ལྕགས་སོགས་ཀྱི་སྣོད་དུ་ཁྲག་གི་མཆོད་ཡོན། ཚིལ་ཆེན་གྱི་མར་མེ་སོགས་དང་། ཁྱད་པར་དུ་ཞི་བ་ལ་ཙམ་པ་ཀའི་མེ་ཏོག །རྒྱས་པ་ལ་མྱ་ངན་མེད་པའི་མེ་ཏོག །དབང་ལ་ཀླུ་ཤིང་གི་མེ་ཏོག །མངོན་སྤྱོད་ལ་ཨརྫུ་ནའི་མེ་ཏོག་གམ། མ་འབྱོར་ན། ཞི་ལ་མེ་ཏོག་དཀར་པོ་སྟེ། །སེར་པོ་རྒྱས་པ་རྡོ་རྗེའོ། །ཁྲོས་ལ་མེ་ཏོག་ནག་པོ་སྟེ། །ཤིན་ཏུ་དམར་པོ་དབང་བགུག་ལའོ། །ཞེས་གུར་ལས་གསུངས་པ་ལྟར་བྱ་ཞིང་། མཆོད་པ་དེ་རྣམས་ལྷ་གྲངས་དང་མཉམ་པའིམ། འདས་མ་འདས་ཀྱི་ཆ་གཉིས་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཏོར་མ་དག་ཀྱང་བཤམ་མོ། །གསུམ་པ་ཁ་ལྟ་བའི་ཕྱོགས་ལ་སོགས་པ་དབྱེ་བ་ནི། སམྤུ་ཊར། ཞི་བར་འདོད་པས་དུས་གསུམ་དུ་ཁ་ཤར་དུ་ལྟ་ཞིང་གནས་ནས། ཅེས་དང་། རྒྱས་པ་ལ་བྱང་དང་། དབང་ལ་ནུབ་དང་། མངོན་སྤྱོད་ལ་ལྷོར་ཁ་བལྟ་བར་གསུངས་པ་ནི་སྤྱིར་བཏང་

p. 316

འབྱུང་བའི་ཕྱོགས་ཡིན་ལ། ཁྱད་པར་རྡུལ་ཚོན་དང་འབྲེ ལ་བའི་ཚེ་ཞི་སོགས་ཀྱི་སྦྱིན་སྲེག་དཀྱིལ་འཁོར་གྱི་ཕྱོགས་གང་དུ་བྱ་བ་ཡང་རྒྱུད་དེར་། ཤར་གྱི་ཕྱོགས་སུ་ཞི་བ་ཡིན། །ལྷོའི་ཕྱོགས་སུ་མངོན་སྤྱོད་ཉིད། །ནུབ་ཏུ་དབང་དང་བགུག་པ་སྟེ། །བྱང་དུ་རྒྱས་པའི་ཐབ་ཁུང་ཉིད། །ཅེས་གསུངས་ཏེ། དེ་ཡང་དཀྱིལ་འཁོར་གྱི་ཤར་ནི་གཙོ་བོའི་ཞལ་གང་དུ་གཟིགས་པའི་ཕྱོགས་དང་། གཙོ་བོའི་གཡས་ངོས་ནི་ལྷོ་དང་། རྒྱབ་ངོས་ནུབ་དང་། གཡོན་ངོས་བྱང་དུ་འཇོག་པ་ཡིན་ཅིང་། དེའི་ཚེ་ཞི་བ་ལ་མཚོན་ན། སྒྲུབ་པ་པོའི་གདོང་ཕྱོགས་ཤར་ལ་ལྟ་བ་དང་། ཐབ་དཀྱིལ་གྱི་ཤར་དུ་བཅའ་བ་གཉིས་མ་འཛོལ་བར་དགོས་པ་བཞིན་གཞན་རྣམས་ལའང་ལས་རང་རང་གི་ཕྱོགས་དག་མ་འཛོ ལ་བར་དགོས་པ་རིགས་འདྲེ་བས། དཀྱིལ་འཁོར་གྱི་ཞལ་དང་པོ་ནས་ནུབ་ཕྱོགས་སུ་གཟིགས་པར་བྱ་བ་ཉིད་ལེགས་པ་ཡིན་ཅེས་བདག་གི་ཡབ་རྗེ་ཆེན་པོ་རྡོ་རྗེའི་དབྱངས་ཨ་ལ་ལ་ལ་ལ་ཧོར་སྒྲོག་པ་ལ་བསྙེངས་པ་དང་བྲལ་

p. 317

བ་ཉིད་ཀྱི་གསུང་གི་གསང་བ་ལས་འབྱུང་ཞིང་། ཐབས་དང་མེ་ལྷའི་ཞལ་ནི་སྒྲུབ་པ་པོ་ལ་ཕྱོགས་པར་བྱ་བ་ཡིན་ནོ། །ས་བཅད་ཀྱི་སོགས་ཁོངས་ནས་ལས་དང་མཐུན་པའི་ཆས་གོས་དང་། འདུག་སྟངས་དང་། ཏིང་ངེ་འཛིན་དང་། སྦྱིན་སྲེག་བྱ་བའི་དུས་རྣམས་བསྡུ་བས་ཞི་བ་ལ་རྒྱན་དང་ཆས་གོས་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། མངོན་སྤྱོད་ལ་ནག་པོ་བྱ་བར་མན་ངག་རིག་པའི་སློབ་དཔོན་དག་གི་བསྟན་བཅོས་ལས་འབྱུང་ཞིང་། འདི་སྐབས་སུ་གུར་ལས། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་ཅིང་། །ཞེས་གསུངས་པ་འདི་ལ་མར་རྔོག་གི་དུས་ཀྱི་གནའ་མཆན་དུ་རུས་པའི་རྒྱན་ཅེས་སྤྱིར་བཏང་དུ་བཟུང་བའང་སྣང་ངོ་། །འདུག་སྟངས་ཀྱི་ཁྱད་པར་ནི་ཞི་བ་ལ་འཇམ་པའི་སྟན་ལ་པདྨའི་འདུག་སྟངས་སོ། །རྒྱས་པ་ལ་ཁྲིའུའི་ཁར་བཟང་པོའི་འདུག་སྟངས་སོ། །དབང་ལ་བདེ་བའི་སྟན་ལ་རྡོ་རྗེའི་དཀྱིལ་ཀྲུངས་སོ། །མངོན་སྤྱོད་ལ་སྒྲུབ་བྱའི་གཟུགས་ཀྱི་བྲང་ངམ་སྲ་བའི་སྟན་ལ་ཙོག་

p. 318

པུར་རྐང་པས་རྐང་པ་མནན་ནས་འདུག་ཅིང་ལས་དང་མཐུན་པའི་ཏིང་ངེ་འཛིན་གྱི་ཁྱད་པར་ཡང་། གུར་ལས། །ཞི་བའི་སེམས་ཀྱིས་ཞི་བའོ། །དབང་བསྐུར་བ་ནི་ཡང་དག་བརྩམ། །རྒྱས་པའི་སེམས་ཀྱིས་རྒྱས་པ་སྟེ། །རིན་པོ་ཆེའི་སྤྲིན་ལྟར་དབབ། །རྗེས་སུ་ཆགས་པའི་སེམས་ཀྱིས་ནི། །བུ་མོ་བཀུག་ལ་སྤྱད་པར་བྱའོ། །བསད་ལ་གདུག་པའི་སེམས་ཀྱིས་ནི། །མེ་ནི་སྤྲིན་གྱི་ཆར་ལྟར་དབབ། །ཅེས་དང་། སམྤུ་ཊར། ཞི་བ་ལ་ཞི་བའི་ཡིད་དང་། རྒྱས་པ་ལ་སོགས་པ་ལ་ཚིམས་པས་འཕེལ་བར་འགྱུར་བ་དང་། །དབང་ལ་དབང་གི་ཡིད་དང་། མྱོས་པར་བྱེད་ཅིང་རྣམ་པར་འཁྲུལ་བ་དང་། མངོན་སྤྱོད་ལ་ཧཱུྃ་དང་ཕཊ་ཀྱིས་ལུས་འབར་ཞིང་འབར་བ་དང་། འཇིག་རྟེན་གསུམ་ཟ་བའི་སེམས་ཀྱིས་གནས་སོ། །ཞེས་གསུངས་ཤིང་དུས་ཚོད་ཀྱང་། སློབ་དཔོན་ནག་པོ་པས། །ཞི་བ་ཕལ་ཆེན་སྲོད་ལ་བྱ། །རྒྱས་པ་སྔ་དྲོ་བྱ་བར་བཤད། །དབང་ནི་རྒོངས་ཀའི་དུས་སུའོ། །མངོན་སྤྱོད་ནམ་ཕྱེད་ཉིན་ཕྱེད་ན། །ཞེས་གསུངས་པ་

p. 319

རྣམས་ཤེས་པར་བྱའོ། །བཞི་པ་ནི། །དཔལ་སམྤུ་ཊར། གཡས་སུ་སྦྱིན་སྲེག་ཡོ་བྱད་བཞག །གཡོན་དུ་ཆུ་ཡི་སྣོད་ཉིད་དེ། །མདུན་དུ་མཆོད་ཡོན་སྣོད་ཉིད་དོ། །ཞེས་དངོས་བསྟན་སྲེག་རྫས་སྒྲུབ་པ་པོའི་གཡས་དང་། མཆོད་རྫས་ག ཡོན་དུ་འཇོག་པར་གསུངས་པ་ནི་ཞི་སོགས་གསུམ་ལ་དགོངས་ཀྱི། མངོན་སྤྱོད་ལ་སྲེག་རྫས་གཡོན་དང་། མཆོད་རྫས་གཡས་སུ་འཇོག་པ་བརྒྱུད་པའི་ཕྱག་བཞེས་བར་མ་ཆད་པ་ལས་འབྱུང་ཞིང་། མདུན་དུ་འཇོག་རྒྱུའི་མཆོད་ཡོན་གྱི་སྣོད་ནི། གང་དུ་མཆོད་ཡོན་སྦྲེང་བའི་གཟེད་ཞལ་ཡིན་ཅིང་། དེར་མ་ཟད་ཚད་ལྡན་གྱི་དགང་བླུགས་དང་གསང་བཏོར་གྱི་ཀུ་ཤ་དང་། ནང་མཆོད་དང་གདན་གྱི་ཀུ་ཤ་ཆུན་པོ་བཅུ་དང་། རླུང་གཡབ་དང་། རྡོར་དྲིལ་ཀྱང་མདུན་དུ་འཇོག་པ་ལས། དགང་ལུགས་ཀྱི་ཚད་ནི། དགང་གཟར་པདྨའི་དབྱིབས་ཅན་རྡོ་རྗེ་རྩེ་ལྔ་པས་མཚན་པ། རྒྱར་སོར་བཞི། ཟབས་སུ་སོར་གཉིས་པའི་དབུས་སུ་རྡོ་རྗེའོ། །བླུག་གཟར་རྒྱར་སོར་གཉིས། ཟབས་

p. 320

སུ་སོར་གཅིག་པ་བའི་མིག་ལྟ་བུའམ་པདྨའི་དབྱིབས་ཅན་ཁ་ལ་རྡོ་རྗེས་མཚན་པ། གཉིས་ཀའི་ཡུ་བ་ཁྲུ་གང་པའི་རྩེ་མོ་རྡོ་རྗེ་དང་རིན་པོ་ཆེས་མཚན་པ། ཁ་དོག་ནི་ཞི་སོགས་ལ་རིམ་པ་ལྟར་དཀར་སེར་དམར་ནག་ཏུ་བྱ་ཞིང་མཚན་མ་ཡང་ཞི་བ་ལ་རྡོ་རྗེ། རྒྱས་པ་ལ་རིན་པོ་ཆེ། དབང་ལ་ལྕགས་ཀྱུ། མངོན་སྤྱོད་ལ་རལ་གྲིའོ། །རྡོ་རྗེའི་མཚན་ཉིད་ལ་སྤྱི ར་རྩེ་དགུ་དམ་ཚིག་གི་རྡོ་རྗེ། རྩེ་ལྔ་ཡེ་ཤེས་ཀྱི་རྡོ་རྗེ། རྩེ་གསུམ་མ་རུངས་པ་བསྐྲོད་པའི་རྡོ་རྗེ། རྭ་གདེངས་པ་ཁྲོ་བོའི་རྡོ་རྗེ་སྟེ་བཞི་ལས་དང་པོའི་དབང་དུ་བྱས་ཏེ་བརྗོད་ན། དཔལ་སམྤུ་ཊར། ཆ་གསུམ་བཟུང་བའི་གནས་གསལ་ཞིང་། །སྐ་རགས་བྱས་པ་བཟང་པོ་ཉིད། །ཅེས་དང། ཕྱོགས་མཚམས་བརྒྱད་ཀྱི་དབུས་སུ་ནི། །དགུ་པ་ལ་ནི་སངས་རྒྱས་ཉིད། །ལྷ་དགུ་ལ་སོགས་རྩེ་མོ་ནི། །ལྷ་རྣམས་དབུ་ཡིས་བྱིན་གྱིས་བརླབ། །ཆུ་སྲིན་ཁ་ལས་བྱུང་བ་ཡི། །རྩེ་མོ་འོད་ཟེར་ཟླ་བར་གནས། །རྩེ་མོ་དགུ་པ་རྣམ་པར་བཤད། །ཡེ་ཤེས་རྡོ་རྗེས་འགྲོ་བ་འདོན། །ཅེས་

p. 321

གསུངས་པས་ཆོས་ཉིད་ཀྱི་རྡོ་རྗེ་མཚོན་པར་བྱེད་པ་མཚན་མའི་རྡོ་རྗེ་ཆུང་ཚད་སོར་བརྒྱད་པ་ནས། ཆེ་ཚད་སོར་མོ་ཉེར་བརྒྱད་ཀྱི་བར་གང་བྱེད་ཀྱང་སྟེང་འོག་གི་རྭ་གཉིས། དབུས་ཀྱི་འཆང་བཟུང་ཟླུམ་པའི་མཐའ་སྐོར་ཇི་ཙམ་ཡོད་པ་དང་ཆ་གསུམ་དུ་བྱ་ཞིང་། ཆོས་དབྱིངས་སྤྲོས་བྲལ་མཚོན་པའི་འཆང་བཟུང་གི་སྟེང་འོག་ཉིས་སུ་མུ་ཏིག་གི་འཕྲེང་བ་ལྟ་བུ་རེ་རེས་བསྐོར་བའི་ཁར་སྟེང་དུ་སེམས་དཔའི་བརྒྱད་འོག་ཏུ་ལྷ་མོ་བརྒྱད་དག་པའི་པདྨ་འདབ་བརྒྱད་ཀྱི་སྟེང་དུ་འཁོར་བའི་ཚ་གདུང་ལས་སྐྱོབ་པའི་བརྡར་ཟླ་བའི་དཀྱིལ་འཁོར་གྱི་དབྱིབས་རེ་རེའོ། །དེའི་ཁར་སྲིད་རྩའི་སྡུག་བསྔལ་ལས་འགྲོ་བ་འདྲེན་པའི་བརྡར་ཆུ་སྲིན་གྱི་ཁ་ལས་ཐ ོན་པའི་རྭ་སྟེང་མ་བརྒྱད་ནི་རིགས་བཞི། ཡུམ་བཞིའི་དག་པ་དང་། རྭ་དབུས་མ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །རྭ་འོག་མ་བརྒྱད་པོ་ཡེ་ཤེས་བཞི་དང་ཚད་མེད་བཞི་རྣམ་པར་དག་པ་དང་། རྭ་དབུས་མ་ནི་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག་པའོ། །དྲིལ་

p. 322

བུའི་མཚན་ཉིད་ཀྱང་རྒྱུད་དེ་ཉིད་དུ་གསུངས་པ། ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །བྱང་ཆུབ་སྙིང་པོར་རྣམ་པར་གནས། །ཕྱོགས་བཅུ་ཐམས་ཅད་རིག་པའི་གནས། །འཇིག་རྟེན་ཁམས་ནི་མཐའ་ཡས་པ། །ཕྱོགས་ནི་བརྒྱད་ཅེས་བྱ་བར་ནི། །ལྷ་མོ་བརྒྱད་ནི་རབ་ཏུ་གྲགས། །ཡི་གེ་བརྒྱད་ཀྱི་ས་བོན་ནི། །ཕྱོགས་ནི་བརྒྱད་དུ་རྣམ་པར་དགོད། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །བྱང་དུ་ཡང་ནི་གོས་དཀར་མོ། །ནུབ་དུ་མཱ་མ་ཀི་ཞེས་བྱ། །ལྷོ་རུ་སངས་རྒྱས་སྤྱན་མ་ཉིད། །གསེར་དང་སྦྲང་རྩི་གཟི་བརྗིད་མ། །རྡོ་རྗེ་འཕྲེང་བ་བཞི་པའོ། །ནང་གི་གཟུགས་ནི་ནམ་མཁའ་སྟེ། །གཟུགས་ཀྱིས་གང་བ་གཟི་བརྗིད་ཅན། །པདྨ་ཁ་བྱེ་ལས་བྱུང་བ། །གཟུགས་མེད་སྲིད་པའི་གནས་སུ་ནི། །ཤེས་རབ་བདུད་རྩིའི་བུམ་པ་ལྟར། །ཡེ་ཤེས་བདུད་རྩིའི་གནས་སུ་ནི། །དེ་ཡི་དབུས་སུ་ཡིད་ཀྱིས་ནི། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །གཟུགས་ནི་མཛེས་ཤིང་ཡོན་ཏན་གནས། །རྡོ་རྗེ་སྟེང་གི་པདྨ་ནི། །ཇི་ལྟར་གོང་མ་བསམ་པར་བྱ། །ནང་གི་

p. 323

ཡེ་ཤེས་དབྱུ་གུ་ནི། །ཐམས་ཅད་བསྡུད་ཅིང་འབྱིན་པར་བྱེད། །ཅེས་དང་། ཞི་བ་ཨུཏྤལ་ཀུ་མུ་ད། །རིན་ཆེན་པདྨ་རྣམ་པར་གནས། །ཅེས་འབྱུང་བས་དྲིལ་བུའི་ལྟོ་བའི་ཕྱི་དབྱིབས་ཟླུམ་པོ་ཨུཏྤ་ལའམ་ཀུ་མུད་ཁ་བྱེ་བ་ལྟ་བུའི་སྟེང་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་མཚོན་པའི་པདྨ་འདབ་བརྒྱད་ཀྱི་ཤར་དུ་སྒྲོལ་མའི་ས་བོན་ཏཱཾ། བྱང་དུ་གོས་དཀར་མོའ་ས་བོན་པཾ། ནུབ་དུ་མཱ མ་ཀིའི་ས་བོན་མཱཾ། ལྷོར་སྤྱན་མའི་ས་བོན་ལཾ། ཤར་ལྷོར་ནོར་རྒྱུན་མའི་ས་བོན་བཾ། ལྷོ་ནུབ་ཏུ་བསྐུལ་བྱེད་མའི་ས་བོན་ཙཾ། ནུབ་བྱང་དུ་ཁྲོ་གཉེར་ཅན་མའི་ས་བོན་ཀྲཾ། བྱང་ཤར་དུ་རྡོ་རྗེ་འཕྲེང་བ་མའི་ས་བོན་བཾ་རྣམས་ཀྱིས་མཚན་པ་དང་། ལྟོ་བའི་སྟོད་ཀྱི་ཆར་རྡོ་རྗེའི་འཕྲེང་བས་བསྐོར་ཞིང་། ཙི་པ་ཊའི་ཁ་ནས་འཕྱང་བའི་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པའི་ཤར་དུ་ཀུ་མུ་ད། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་ཨུཏྤ་ལའི་རྣམ་པས་བརྒྱན་པ་དང་། ཁ་འགྲམ་ཀྱང་རྡོ་རྗེའི་འཕྲེང་བས་མཛེས་པར་བྱ་ཞིང་སྟེང་གི་པདྨ་འདབ་བརྒྱད་ཀྱི་ལྟེ་

p. 324

བ་ནས་གཟུགས་མེད་ཀྱི་ཁམས་དག་པའི་ཡུ་བ་ཇི་ཙམ་འོས་པའི་ཁར་དངོས་གྲུབ་ཐམས་ཅད་འབྱུང་བའི་བདུད་རྩིའི་བུམ་པ་དང་། དེའི་སྟེང་དུ་ཆོས་སྐུ་སྟོང་པ་ཉིད་མཚོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཞལ་ཏཱྃ་ཡིག་ལ་ཕྱོགས་པའི་རྩེར་རྡོ་རྗེ་ཕྱེད་པས་མཚན་པར་བྱ་བ་ནི་སྔར་རྡོ་རྗེའི་མཚན་ཉིད་དུ་སྨོས་པ་ཇི་ལྟ་བ་བཞིན་ཏུ་བྱའོ། །ལྟོ་བའི་ནང་སྟོང་པར་གནས་པ་ནི་སྟོང་ཉིད་ཤེར་ཕྱིན་གྱི་ངོ་བོ་ཡིན་ཅིང་། དབྱུ་གུ་ནི་རིག་པ་ཡེ་ཤེས་ཀྱི་དག་པར་ཤར་ལ། དེས་བསྐུལ་བའི་སྒྲ་ནི་སྟོང་ཉིད་སྟོན་པ་དང་། རྡོ་རྗེའི་རྒྱན་གྱིས་བརྒྱན་པ་ནི་ཐབས་ཤེས་ཟུང་དུ་འཇུག་པའི་བརྡར་གསུངས་སོ། །དེ་ལྟ་བུའི་དྲིལ་བུའི་ཚད་ཀྱང་། ཚད་ནི་སོར་བརྒྱད་བཅུ་གཉིས་དང་། །བཅུ་དྲུག་བཅོ་བརྒྱད་ཉེར་གཉིས་སོ། །ཞེས་སམྤུ ཊར་འབྱུང་། ཞེས་ས་སྐྱ་རྗེ་བཙུན་པའི་དྲིལ་བུའི་དེ་ཉིད་དུ་བྲི་བར་མཛད་སྣང་ངོ་། །ལྔ་པ་ནི། རྗེ་བཙུན་མར་རྔོག་ཡབ་སྲས་ཀྱི་ཕྱག་གཞེས་ལས་འབྱུང་བ་སྟེ། དེ་ཡང་རིན་པོ་ཆེའི་བུམ་པ་དཔངས་སུ་སོར་མོ་ཉི་

p. 325

ཤུ་པ། ལྟེ་བ་ཟླུམ་པོ་སོར་བཅུ་དྲུག་གི་རྒྱ་ཚད་ཅན། མགྲིན་པ་སོར་དྲུག་ཁ་ནས་འཕྱང་བའི་མཆུ་སོར་གཉིས། ཁའི་ཞེང་སོར་བརྒྱད་ལས་སུམ་གཉིས་མགྲིན་པའི་སྦུབས་དང་། གསུམ་ཆས་མཆུའི་སྟེང་གཡས་གཡོན་གྱི་ཚད་བྱ་བ་ནི་དུས་འཁོར་ལས་གསུངས་པའི་ཞི་རྒྱས་ཀྱི་བུམ་པའི་མཚན་ཉིད་དེ། ཁྲུས་ཀྱི་སྐབས་འདིར་ཞི་བའི་བུམ་པ་འབྲེལ་ཆགས་པར་སྣང་བས་སྨོས་མ་ཐག་པའི་མཚན་ཉིད་ཅན་གྱི་བུམ་པ་ཟུང་ལྔ་ཚན་ལྔའི་བཅུ་དང་ཆུ་གཙང་གིས་བཀང་བའི་མགྲིན་པ་གོས་ཀྱིས་དཀྲི་ཞིང་། ཁ་རྒྱན་གྱི་བསེབ་ཏུ་བདུད་རྩི་རིལ་བུ་བཏབ་པའི་ཆང་གིས་གང་བའི་ཐོད་པ་གཟུང་ཐག་རྡོ་རྗེ་དང་བཅས་པའི་མཐའ་མཆོད་པས་བསྐོར་བ་བཤམས་པ་བསང་སྦྱང་བྱས་ལ། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་ལྷ་དགུ་བསྐྱེད་པ་ནས་བུམ་ལྷ་བཞུ་བའི་བར་མདོ་སྦྱར་གྱི་བུམ་པ་སྟ་གོན་དུ་གསུངས་པ་བཞིན་

p. 326

བྱས་པའི་རྣམ་རྒྱལ་གྱི་ཆུས་རས་བྲིས་སམ་རྡུལ་མཚོན་གྱི་དཀྱིལ་འཁོར་གྱི་གཟུགས་མེ་ལོང་དུ་ཤར་བ་ལ་ཚིགས་བཅད་གང་རུང་དང་ལྡན་པས་ཁྲུས་གསོལ་བའི་ཁྲུས་ཆུ་ལས་བུམ་དུ་བླུག་པས་སྔགས་པ་རྣམས་ཁྲུས་བྱ་ཞིང་། གནས་ཁང་དང་ཡོ་བྱས་ལའང་བསང་གཏོར་བྱའོ། །དེ་ནས་ཡུང་ད ཀར་དང་བསྲེས་པའི་ཆངས་བུ་དག་ལས་སྔགས་བཟླ་བཞིན་པས་རང་དང་གྲོགས་ལ་བསྐོར་བས་ལུས་ངག་ཡིད་གསུམ་གྱི་ཉེས་པ་བསྡུས་ཏེ་ཆང་བུ་ལ་ཐིམ་པར་ལྟས་ལ། གྱོ་མོ་ལ་སོགས་པའི་བསོག་སྣོད་དུ་བཅུག་ནས་རོལ་མོ་དང་བཅས་ཏེ་ཕྱི་རོལ་དུ་དོར་རོ། །དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་ཚེ་ནི་ཁྲུས་བུམ་ཟུར་དུ་མི་དགོས་པས་དེ་ཉིད་ཀྱི་རྣམ་རྒྱལ་དང་ལས་བུམ་གྱིས་བྱའོ། །གཉིས་པ་དངོས་གཞི་ལ། བདག་ཉིད་ལྷར་བསྐྱེད་པ། རྡོར་དྲིལ་མཆོད་རྫས་དང་སྲེག་རྫས་རྣམས་བྱིན་གྱིས་བརླབས་པ། ཐབ་བསྐྱེད་ཅིང་མེ་སྦར་བའི་རིམ་པ། འཇིག་རྟེན་པའི་མེ་ལྷ་བསྐྱེད་པ། དེ་ལ་སྲེག་བླུག་འབུལ་བ། མེའི་པྲ་

p. 327

རྟག་པ ། དཀྱིལ་འཁོར་གྱི་ལྷ་བསྐྱེད་པ། དེ་ལ་བསྲེག་བླུག་དབུལ་བ་དང་བརྒྱད་ཀྱི། །དང་པོ་ནི། གུར་ལས། རང་གི་ལྷག་པའི་ལྷར་དམིགས་ཏེ། །བཟང་པོའི་རྒྱན་གྱིས་རྣམ་རྒྱན་ལ། །ཕུན་སུམ་ཚོགས་པ་ཀུན་དམིགས་ནས། །ལྟོ་བའི་གནས་སུ་བསྲེག་བླུག་བྱ། །ཞེས་དང་། སམྦུ་ཊར། སྦྱིན་སྲེག་དེ་ཉིད་ཆོག་རིམ་པས། །རྣལ་འབྱོར་ཇི་བཞིན་གནས་པ་ཡི། །ཞེས་གསུངས་པས་ཐུན་གྱི་ཐོག་མར་བགེགས་ཞི་བའི་དོན་དུ་གཏོར་མ་བཏང་ནས་བསྲུང་འཁོར་གྱི་ལྷ་མོ་བརྒྱད་བསྡུ་བའི་བར་གོང་དུ་སྨོས་པ་བཞིན་རྒྱས་པར་བསྒོམས་ལ། རང་ཉིད་གཙོ་བོ་ཡབ་ཡུམ་གྱི་སྐུར་གསལ་བའི་ང་རྒྱལ་གྱིས་གནས་པར་བྱ་སྟེ། དེ་ཡང་དཔལ་སམྦུ་ཊར། ལས་ཀྱི་རྗེས་སུ་ལྷའི་རྣལ་འབྱོར་དམིགས་ཏེ། ཞེས་དང་། གུར་ལས་ཀྱང་། དཀར་པོ་ཞི་བར་རབ་ཏུ་བརྗོད། །སེར་པོ་རྒྱས་པ་སྒྲུབ་པ་སྟེ། །དམར་པོ་ཆེན་པོ་དབང་དང་བགུག །ཁྲོས་པའི་ལས་ལ་ནག་པོའོ། །ཞེས་གསུངས་པས་ཞི་བ་ལ་བཅོམ་ལྡན་འདས་ཞལ་བརྒྱད།

p. 328

ཞབས་བཞི། ཕྱག་བཅུ་དྲུག་པ་སྐུ་མདོག་དཀར་པོ་ཞི་བའི་ཉམས་ཅན་དང་། རྒྱས་པ་ལ་སེར་པོ་སྒེགས་པའི་ཉམས་ཅན་དང་། དབང་ལ་དམར་པོ་ཆགས་པའི་ཉམས་ཅན་དང་། མངོན་སྤྱོད་ལ་ནག་པོ་གཏུམ་ཞིང་འཇིགས་པའི་གཟུགས་ཅན་དུ་བསྒོམས་ཞིང་། སྔོན་འགྲོར་སྨོས་པའི་ཏིང་ངེ་འཛིན་རྣམས་ཀྱང་སོ་སོར་སྦྱར་རོ། །གཉིས་པ་ནི། རྡོར་དྲིལ་ལ་བསང་ཆུ་དང་ནང་མཆོད་མཐོར་ཞིང་། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱང་ལ། རྡོ་རྗེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཟླ་ལ་ཧཱུྃ་ལས་རྡོ་རྗེ་སེམས་དཔའི་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མཚན་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མ་ཛཿ ཛཱཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་འདྲེས་པ་ལས་སངས་རྒྱས་རྣམས་ཀྱིས་ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། ཞེས་དབང་བསྐུར་ཞིང་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པའི་བཅོམ་ལྡན་འདས་འོད་དུ་ཞུ་བ་རྡོ་རྗེ་རྩེ་དགུ་པའི་

p. 329

རྣམ་པར་གྱུར། ལག་ཐིལ་གཡས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གསལ་བར་གྱུར། པད་སྐོར་དང་བཅས་པས། ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་བླངས་ཏེ་གསོར། པད་བསྐོར་དང་བཅས་པས། ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟཱཾ་དྷཱ་ར་ཡ་མི་བཛྲ་ས་ཏྭ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེའི་དངོས་གྲུབ་གནས་པ་འདི་ཉིད་ཀྱིས་ཟུངས་ཤིག་རྡོ་རྗེ་སེམས་དཔའི། ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་དེ་རྡོ་རྗེ་ལན་གསུམ་བསོར་ཞིང་སྙིང་གར་བསྟོད་དེ་བཟུང་ངོ་། །དྲིལ་བུ་སྟོང་པའི་ངང་ལས་པད་ཟླ་ལ་རྡོ་རྗེ་སྙེམས་མ་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞེས་པ་ནས་རྒྱས་གདབ་ཀྱི་བར་སྔ་མ་ལྟར་ལ། བཅོམ་ལྡན་འདས་མ་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་དགུ་ཕྱེད་པས་མཚན་པའི་དྲིལ་བུའི་གཟུགས་སུ་གྱུར། ལག་པ་གཡོན་པའི་མཐིལ་དུ་མ་ལས་ཉི་མའི་དཀྱིལ་འཁོར་གསལ་བར་གྱུར། ༀ་བཛྲ་གྷཎྜེ་ཨཱཿ། །ཞེས་པད་བསྐོར་དང་བཅས་པས་དྲིལ་བུ་བླངས་ནས་གནས་བརྒྱད་

p. 330

དུ་བསྐོར་ཞིང་བསིལ་བས། ༀ་བཛྲ་གྷཎྜེ་ར་ནི་ཏ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི་པྲ་ཛྙཱ་པ་ར་མི་ཏཱ་ནཱ་ད་སམ་བྷ་ཝེ་ཏ་བཛྲ་དྷརྨ་ཧྲི་ད་ཡམ་སནྟོ་ཥ་ཎི་རྡོ་རྗེ་དྲིལ་བུའི་སྒྲ་སྒྲོགས། །རབ་ཏུ་སྒྲོགས། །ཀུན་ཏུ་རབ་ཏུ་སྒྲ་སྒྲོགས། །སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོ་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཀུན་ཏུ་འབྱུང་བ། །རྡོ་རྗེ་ཆོས་ཀྱི་སྙིང་པོ་ཀུན་དགའ་བ། ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿ ཨ་ཁཾ་སྭཱ་ཧཱ། ཞེས་དྲིལ་ལྕེ་དྲིལ་བུའི་ནང་གི་ཕྱོགས་མཚམས་བརྒྱད་དུ་རེས་མོས་ཀྱིས་རེག་པས་བསིལ་ནས་པད་བསྐོར་དང་བཅས་ཏེ་རྡོ་རྗེ་སྙིང་གར་བཟུང་ཞིང་དྲིལ་བུའི་སྒྲ་ཆེ་བ་ལན་གསུམ་བཀྲོལ་བས། གྲགས་སྟོང་དུ་མཉམ་པར་འཇོག་པའིམ། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒྲས་བསྐུལ་ཞིང་མཆོད་པར་བསམ་ཞིང་། འདི་ནས་ཆོ་ག་མ་རྫོགས་ཀྱི་བར་དུ་ལུས་ལྷའི་ང་རྒྱལ། ངག་སྨྲ་བཅད། ལག་པ་རྡོ་རྗེ་དྲིལ་བུ་འཛིན་པ་དང་མ་བྲལ་བར་བྱའོ། །དེ་ནས་མཆོད་རྫས་རྣམས་བསང་སྦྱངས། །སྟོང་པའི་ངང་ལས་ཨཱཿལས་ཐོད་པའི་

p. 331

སྣོད་དུ་ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། འཐོར་འཐུང་། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་ཟག་མེད་ཀྱི་བདེ་བ་བསྐྱེད་པར་བྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨཱརྒྷཾ། པཱ་དྱཾ། ཨཉྫ་མཱ་ནཾ། པྲོཀྵ་ཎཾ། པུཥྤེ། དྷཱུ་པེ། །དཱི་པཾ། གནྡྷེ། །ནཻ་ཝི་དྱ། །ཤབྡ་རྣམས་ཀྱི་མགོར་ༀ་བཛྲ་དང་། མཐར་ཨཱཿཧཱུྃ་སྭཱ་ཧཱ་སྦྱར་བ་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས། དེ་ནས་བསྲེག་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་གསུམ་ལས་ཅེས་པ་ནས། ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་ཞེས་པའི་བར་སྔར་ནང་མཆོད་བྱིན་བརླབས་སུ་སྨོས་པ་ལྟར་ལ་གྱུར་པ་དེ་ཐམས་ཅད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ལ་རྣམ་པ་བསྲེག་རྫས་སོ་སོའ་གཟུགས་སུ་གསལ་བར་གྱུར། ༀ་ཨཱཿཧཱུྃ་ༀ་ཋཿཋཿཋཿཋཿཋཿཋཿ ཞེས་ལག་གཡས་རྡོ་རྗེ་དང་བཅས་པས་བླུག་གཟར་དང་། གཡོན་དྲིལ་བུ་དང་བཅས་པས་དགང་

p. 332

བཟར་བཟུང་བ་གཉིས་ཁ་སྦྱར་བས་མར་ཁུལ་རེག་ནས། ༀ་ཨཱ་སྭཱ་ཧཱ། ཡམ་ཤིང་ལ་རེག་སྟེ། ༀ་ཤྲིཾ་སྭཱ་ཧཱ། འབྲུ་རྣམས་ལ་རེག་སྟེ། ༀ་ཛྲིཾ་སྭཱ་ཧཱ། ཞེས་རྫས་རྣམས་སྦྱངས་ལ། སླར་སྲེག་རྫས་ཐམས་ཅད་ལ་རིམ་བཞིན་རེག་ལ། ༀ་སྭཱ་ཧཱ་ཞེས་པས་རྫས་རྣམས་བཀྲུའོ། །ཡང་རྫས་རྣམས་ལ་རིམ་པས་རེག་སྟེ། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་རྫས་བྱིན་གྱིས་བརླབས་པ་རྣམས་ནི་གུར་གྱི་ལུང་གོང་དུ་དྲངས་པར། །ཕུན་སུམ་ཚོགས་པ་ཀུན་དམིགས་ལ། །ཞེས་འབྱུང་བའི་དོན་ཏོ། །གསུམ་པ་ནི། ཐབ་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་ཀྱི་སྟེང་དུ་ཧཱུྃ་དང་ཨཾ་ལས་སྐྱེས་པའི་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད། ཞབས་བཞི། ཕྱག་བཅུ་དྲུག་པ་རྒྱན་དང་ཕྱག་མཚན་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་རྡོ་རྗེ་བདག་མེད་མ་དང་ལྷན་ཅིག་སྦྱོར་ཞིང་སྙོམས་པར་ཞུགས་པས་འོད་དུ་ཞུ་བ་ལས་བྱུང་

p. 333

བའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཞེས་དང་། རྒྱས་པའི་ཐབ་ཁུང་གྲུ་བཞི་སེར་པོ། དབང་གི་ཐབ་ཁུང་ཟླ་གམ་དམར་པོ། དྲག་པོའི་ཐབ་ཁུང་གྲུ་གསུམ་ནག་པོ་ཞེས་སྐབས་ཐོབ་ཀྱི་འདོན་པ་བསྒྱུར་ལ། ལས་དང་རྗེས་སུ་མཐུན་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཅེས་ཐབ་བསྐྱེད་ལ་དེར་ལས་མཐུན་གྱི་མེ་འབར་བ་ནི། སམྤུ་ཊར། གཙུབས་པ་ལས་ནི་བྱུང་བའི་མེས། །དགེ་བྱེད་ལས་ནི་བྱེད་པར་འགྱུར། །གདོལ་པ འམ་དུར་ཁྲོད་སྐྱེས་པ་ནི། །མི་དགེ་བྱེད་པ་རབ་ཏུ་སྒྲུབ། །ཅེས་གསུངས་པས་ཞི་རྒྱས་ལ་གཙུབས་ཤིང་ལས་བྱུང་བའམ་ཚང་མང་གི་མེ། དབང་ལ་སྨད་འཚོང་མའི་ཁྱིམ་ནས་བྱུང་བའི་མེ། མངོན་སྤྱོད་ལ་གདོལ་པའི་ཁྱིམ་ནས་བྱུང་བའམ། །དུར་ཁྲོད་ཀྱི་མེས་མེ་རྫས་ལ་སྦར་ཏེ། ༀ་ཛྭ་ལ་ཛྭ་ལ་ཧཱུྃ། །ཞེས་ཐབ་ཀྱི་དབུས་སུ་བཅུག་ནས་འབར་བར་བྱས་པ་ལ་ༀ་ཨཱཿཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་ཆེར་སྦར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྙིང་པོ་ཟླ་བཞིན་

p. 334

པས་མར་ཁུ་དག ང་བླུགས་གསུམ་མམ་བདུན་ཕུལ་བས་མེ་བསོས་ལ། ཀུ་ཤའི་ཆུན་པོ་མ་གྲུགས་པ་ཧ་ཅང་རིང་བ་མ་ཡིན་པ་ཟུང་དུ་བྱས་པ་དག་རིམ་པས་བླངས་ནས། ༀ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་འདི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། །ཞེས་དང་། ༀ་བཛྲ་ས་ཏྭ་ཨཱཿ ཞེས་ཆུན་པོ་གཅིག་ཐབ་ཀྱི་སྟེང་དུ་བཞག་པ་མེ་ལྷའི་གདན་དུ་བསམ་ཞིང་། ཆུན་པོ་གཞན་རྣམས་ནི་ཞི་བ་ལ་མདུན་ནས་གཡས་བསྐོར་དུ་རྩེ་མོ་ཤར་དང་། ལྷོ་དང་། ནུབ་དང་། བྱང་དུ་ལྟ་བར་སྔ་མའི་རྩ་བས་ཕྱི་མའི་རྩེ་ནོན་པར་བྱས་ཏེ། སྟེགས་བུ་གཡོགས་ཤིང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་རྣམས་ལ་ཁ་ལྟ་ལུགས་བཞིན་ཀུ་ཤའི་རྩེ་མོའང་། བྱང་དང་། ནུབ་དང་། ལྷོར་ཐོག་མར་བསྟན་པས་བསྐོར་ཐབས་སུ་དགྲམ་པར་བྱ་སྟེ། སམྤུ་ཊར། ཐབ་ཁུང་ཀུན་ཏུ་ཀུ་ཤ་

p. 335

ཡི། །རྩེ་མོ་དྲང་པོས་ཡོངས་སུ་བསྐོར། །ཅེས་གསུངས་སོ། །བཞི་པ་ནི། གུར་ལས། །མེ་རབ་སྦར་ཏེ་སྦྱིན་སྲེག་ལུས། །ཕྱི་ནས་ཡང་ནི་དགུག་པར་བྱ། །ཞེས་དང་། སམྤུ་ཊར། མེ་ནི་འབར་བར་རིག་ནས་ནི། །མེ་ལྷ་སྤྱན་ནི་དྲང་བར་བྱ། །ཞེས་གསུངས་པ་ལས་ཐོག་མར་མེ་ལྷ་དམ་ཚིག་པ་བསྐྱེད་པ་ནི། ཐབ་ཁུང་གི་ནང་དུ་རཾ་ཡི ག་ལས་བྱུང་བའི་མེ་རབ་ཏུ་འབར་བའི་དབུས་སུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཞེས་པ་ནས་ཞུ་བ་ལས་བྱུང་བའི་བར་ཐབ་བསྐྱེད་ཆོག་ཏུ་བསྟན་པ་ལྟར་ལ་རཾ་དང་ཛཿལས་སྐྱེས་པའི་མེ་ལྷ་ཞལ་དང་ཕྱག་བཞི་པ་སྐུ་མདོག་དམར་པོ། རྩ་བའི་ཞལ་སྐུ་བྱིན་དང་འདྲ་བ། གཡས་ཞལ་ནག་པོ། རྒྱབ་ཞལ་སེར་པོ། གཡོན་ཞལ་དཀར་པོ་སྟེ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ། ལྟོ་བ་འཕྱང་ཞིང་རལ་པའི་ཚོགས་ཆེན་པོ་དང་ལྡན་པ། ཕྱག་བཞིའི་གཡས་གཉིས་མཆོག་སྦྱིན་དང་བགྲང་འཕྲེང་འཛིན་ཅིང་། གཡོན་གཉིས་ན་རིལ་བ་སྤྱི་བླུགས་དང་དབྱུ་གུ་འཛིན་པ།

p. 336

རང་སྣང་གི་རིག་མ་ལ་འཁྱུད་ཅིང་ལས་དང་མཐུན་པའི་ཁ་དོག་ཅན་གྱི་འོད་ཟེར་ཀུན་ནས་འབར་ཞིང་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་མེའི་དཀྱིལ་འཁོར་དང་པད་ཉི་ལ་བཞུགས་པའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མཚན་པའོ། །ཞེས་སྨོས་པ་རྣམས་སམྤུ་ཊ་ལས་འབྱུང་བ་གཞིར་བྱས་ཤིང་། ཐབ་དང་མེ་ལྷ་བཅོམ་ལྡན་འདས་ཡབ་ཡུམ་ཞུ་བ་ལས་བསྐྱེད་པ་དང་། མེ་ལྷ་ཡུམ་ཅན་དུ་བསྒོམ་པ་སློབ་དཔོན་ནག་པོ་པ་དང་རྗེ་བཙུན་མར་རྔོག་གི་ཕྱག་གཞེས་ལྟར་བཀོད་དོ། །དེ་ནས་ཡེ་ཤེས་པ་བགུག་པ་ནི། རང་ཉིད་བཅོམ་ལྡན་འདས་སུ་གསལ་བའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་པ་དང་། མེ་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྐྱེད་པ་དང་འདྲ་བའི་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། སྤྱན་འདྲེན་གྱི་དྲིལ་སྟབས་དང་བཅས་པས། ༀ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །སྙིང་རྗེས་ཐམས་ཅད་དོན་སྒྲུབ་མཛད། །འདིར་ནི་ཉེ་བར་མཛད་དུ་གསོལ། །ཅེས་དང་། ལག་པ་

p. 337

གཡས་པའི་ཐལ་མོ་བརྐྱང་བའི་མཐེ་བོང་གཡབ་ཅིང་། ༀ་ཨེ་ཧྱེ་ཧི་མ་ཧཱ་བྷུ་ཏ་རྀ་ཥི་དྭི་ཛ་སཏྟཱ་མཿགྲི་ཧཱི་ཏཱ་ཧུ་ཏི་མ་ཧཱ་ཨསྨིནྶ་ནྣི་ཧི་ཏོ་བྷཱ་ཝ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །སྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་པས་ཡེ་ཤེས་ཀྱི་མེ་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ནི། སམྤུ་ཊར། སྔགས་འདིས་ཆོ་ག་བཞིན་དུ་གཡས་པའི་མཐེ་བོང་དང་། འཇིགས་པ་གཡོ་བས་སོ། །ཞེས་གསུངས་ཤིང་། དེ་ནས་ཧཱུྃ་བརྗོད་ཅིང་བསང་གཏོར་གྱི་ཆུས་ཕྱི་འབྲང་གི་བགེགས་བསྐྲད་ནས་ཐབ་ཀྱི་ཤར་ལྷོར་ཀུ་ཤའི་གདན་ལ་བཞུགས་པར་གྱུར། བཟེད་ཞལ་སོ་སོར་ཆུ་བཞི་སྦྲེང་ཞིང་། ༀ་པྲ་ཝ་ར་སཏྐ་ར་པྲ་ཏཱི ཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང་། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱས་ཞབས་བསིལ་དང་། ༀ་བཛྲ་ཨཉྫ་མཱ་ནཾ་ཨཱཿཧཱུྃ་སྭཱ་ཧཱས་ཞལ་བསིལ་དང་། ༀ་སརྦ་སཾ་ཤོ་དྷ་ནི་ཨཱཿཧཱུྃ་སྭཱ་ཧཱས་འཐོར་

p. 338

འཐུང་ཕུལ་ལ། ལག་པ་གཡས་རྡོ་རྗེ་དང་བཅས་པའི་མཐེ་བོས་མཐེའུ་ཆུང་མནན་ཅིང་སོར་མོ་གཞན་གསུམ་བསྒྲེང་བ་རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ནས། ༀ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལཱ་ཡ་སརྦ་བྷ་སྨིན་ཀུ་རུ་སརྦ་དུ ཥྚཾ་། །རྡོ་རྗེ་མེ་འབར་བའི་འབྱུང་པོ་ཆེན་པོས་གདུག་པ་ཅན་ཐམས་ཅད་ཐལ་བར་མཛོད་ཅིག །ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་དམ་ལ་བཞག་པའི་མེ་ལྷ་ཡེ་ཤེས་པ་དེ་གཽ་རཱི་ཛཿ ཞེས་སོགས་ཕྱག་རྒྱ་དང་བཅས་པས་དམ་ཚིག་པར་བགུགས་བཞུགས་བཅིང་མཉེས་བྱ་སྟེ། གུར་ལས། ལྕགས་ཀྱུ་ཡིས་ནི་བགུག་པར་བྱ། །ཞགས་པ་ཉིད་ཀྱིས་རབ་བཅུག་སྟེ། །ལྕགས་སྒྲོག་གིས་ནི་ཞབས་བཅིངས་ལ། །དབང་གི་དོན་བྱེད་དྲིལ་བུའི་སྒྲའོ། །ཞེས་སོ། །དེ་ནས་ལག་གཉིས་ཁུ་ཚུར་སྦྱར་བའི་གུང་མོ་གཉིས་རྩེ་སྤྲད། མཐེ་བོང་གཉིས་བཤིབས་པའི་སྟེང་འཛུབ་མོ་དག་བཀུག་ནས་བཞག་པ་རིན་པོ་ཆེའི་ཕྱག་རྒྱས། ༀ་རཏྣ་ཨ་བྷི་ཥིཙྪ་མཱཾ། ཞེས་བརྗོད་པས་རིན་པོ་ཆེའི་ཅོད་པན་གྱི་

p. 339

དབང་བསྐུར་བར་བསམ་པའིམ། རྒྱས་པར་ན་དབང་ལྷ་སྤྱན་འདྲེན་སོགས་སྒྲུབས་ཐབ་ལྟར་ལ། རྒྱས་བཏབ་ཀྱི་ཚེ་ཞི་བ་ལ་རྣམ་སྣང་། རྒྱས་པ་ལ་རིན་འབྱུང་། དབང་ལ་འོད་དཔག་མེད། མངོན་སྤྱོད་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། །ཅེས་སྦྱར་རོ། །དེ་ནས་སོ་སོའ་ཕྱག་རྒྱ་དང་བཅས་པས། ༀ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨཱཿཧྲཱིཿཔྲ་ཝ་ར་སཏྐ་ར་ༀ་བཛྲ་པུཥྤེ་མེ་ལྷ་འཁོར་དང་བཅས་པ་རབ་མཆོག་དམ་པར་བྱེད་པའི་རྡོ་རྗེའི་མེ་ཏོག །ཨཱཿ ཧཱུྃ་སྭཱ་ཧཱ། །ཞེས་དང་། ཐོག་མཐའ་འདྲ་བ་ལ། །དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ། །ཅེས་གདན་མཆོད་ཕུལ་ལ། འཇིག་རྟེན་དབང་ཕྱུག་ཚང་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊ ཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད་དོ། །ལྔ་པ་དེ་ལ་བསྲེག་བླུག་འབུལ་བ་ལ་གསུམ་གྱི། །དང་པོ་བྱོན་ཟན་འབུལ་བ་ནི། སམྤུ་ཊར། དང་པོར་བསྲེག་བླུག་གང་བར་དབུལ། །ཕྱི་

p. 340

ནས་ལས་ནི་བརྩམ་པར་བྱ། །ཞེས་གསུངས་པས་ལག་གཉིས་རྡོར་དྲིལ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་བརྐྱང་བས་དགང་བླུགས་སོ་སོར་བཟུང་སྟེ་གཟར་བུ་གཉིས་ཀྱི་ཁ་ལ་རཾ་གསལ་བར་གྱུར། ཅེས་གཡས་པའི་བླུག་གཟར་གྱིས་ཞི་སོགས་གསུམ་ལ་མར་ཁུ་དང་། མངོན་སྤྱོད་ལ་མར་ནག་གཟར་བུ་གསུམ་མམ་བདུན་སོགས་དགང་གཟར་དུ་བླུག་ལ། གང་བ་དང་ལག་གཉིས་སྔར་བཅས་པའི་བྱང་ཆུབ་མཆོག་གི་ཁུ་ཚུར་དེ་ཁ་སྦྱར་བས་བླུག་གཟར་དགང་གཟར་གྱི་སྟེང་དུ་སྦུབས་ཏེ་ཞི་སོགས་གསུམ་ལ་ལག་གཉིས་དཔུས་མོའ་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་མངོན་སྤྱོད་ལ་དཔུས་མོའ་ནང་དུ་མི་འདའ་བས་གཡོན་དུ་སྐོར་ལ་མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་རཾ་ཡིག་འོད་འབར་བས་གཞེས་པར་གྱུར། ན་མཿས་མནྟ་བུདྡྷ་ནཱཾ་ༀ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་ཨཱ་དི་བྱ། །ཀུན་ནས་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ལྷ་རྫས་ཀྱི་སྲེག་རྫས་ཐོབ་པར་བྱེད་པའི་མེ་ལྷ།

p. 341

ཞེས་པའི་མཐར་ལས་བཞི་གང་ཡིན་གྱི་སྤེལ་ཚིག་འོག་ནས་འབྱུང་བ་རྣམས་ཅི་རིགས་སུ་སྦྱར་བས་མར་ཁུ་དགང་གཟར་གསུམ་མམ་བདུན་འབུལ་ལོ། །གཉིས་པ་བསྲེག་རྫས་འབུལ་བ་ནི། གུར་ལས། མར་ལ་སོགས་པའི་རབ་སྦྱོར་བས། །མེ་ནི་ཀུན་ཏུ་ཚིམ་པར་བྱའོ། །ཞེས་དང་། ཡིད་ཀྱིས་མར་མེ་སྦྱར་བ་དང་། །སོ་བའི་འབྲས་དང་མ་ཆག་འབྲས། །།འབྲུ་རྣམས་དང་ནི་ཞོ་ཟན་དང་། །ཡམ་ཤིང་དེ་བཞིན་ཏིལ་ལ་བསམ། །དཱུར་ཝའི་ཆུན་པོ་ཉིད་དང་ནི། །བསམ་གཏན་རྡོ་རྗེ་དག་གིས་སྲེག །ཅེས་གསུངས་པ་ལ་ཐོག་མར་ཡམ་ཤིང་འབུལ་བ་ནི། ཞི་སོགས་གསུམ་ལ་འོ་མ་ཅན་གྱི་ཡམ་ཤིང་དག་གཡས་པ་དང་། མངོན་སྤྱོད་ལ་ཚེར་མ་ཅན་གྱི་ཡམ་ཤིང་དང་། གཡོན་པའི་གུང་མཐེབ་ཀྱིས་བཟུང་བ་གྱེན་དུ་བསྐོར་ནས་མཆོག་སྦྱིན་གྱི་ཚུལ་གྱིས་སྔགས་དང་བཅས་པས་དབུལ་ཏེ། དེ་ཡང་བྱང་ཆུབ་ཀྱི་ཤིང་སོགས་ཡམ་ཤིང་གི་རྒྱུ་ཐ་དད་པ་ལ་འབུལ་བའི་སྔགས་ཀྱང་སོ་སོར་གསུངས་པ་ནི། །ༀ་བོ་

p. 342

དྷི་བྲིཀྵཱ་ཡ་བྱང་ཆུབ་ཤིང་། སྭཱ་ཧཱ། བྱང་ཆུབ་ཤིང་གིའོ། །ༀ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པླ་ཀྵའི་འོ། །ༀ་བཛྲ་ཀུ་ཝེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་རྡའི་འོ། །ༀ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །ༀ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྺ་རའི་སྔགས་ཏེ་འདི་རྣམས་ཅི་ལྟ་བ་བོད་དུ་འབྱོར་དཀའ་བའི་ཕྱིར་བ་ལུ་སོགས་འོ་མ་ཅན་དུ་བཏགས་པ་རྣམས་ལ་མོས་པ་ཙམ་བྱེད་དགོས་པས་སྐྱོན་ཆུང་བར་བསམས་ནས་ཡ མ་ཤིང་ཐམས་ཅད་བྱང་ཆུབ་ཤིང་གི་སྔགས་ཀྱིས་འབུལ་བ་ཡིན་པས། ༀ་བོ་དྷི་བྲིཀྵཱ་ཡ་སྭཱ་ཧཱ། །ཞེས་སྔགས་རེ་དང་། ཡམ་ཤིང་རེ་བསྟུན་ནས་ཞི་བ་ལ་བརྒྱ་ཕྲག་གཅིག །རྒྱས་པ་ལ་བརྒྱ་དང་བརྒྱད། དབང་ལ་ལྔ་བཅུ་རྩ་ལྔ། མངོན་སྤྱོད་ལ་ཉི་ཤུ་རྩ་ལྔའམ་རྩ་དགུ་རེ་འབུལ་བའི་གྲངས་གཞན་ཞིག་འཛིན་དུ་བཅུག་ལ། ཞི་བ་ལ་བརྒྱ་སོང་མཚམས་བརྒྱ་ཕྲག་གཅིག་འབུལ་བར་ཞུ། ཞེས་པ་ལྟ་བུ་ལས་བཞི་པོ་སོ་སོའ་གྲངས་རིགས་སྒྲེས་པས་བརྡའ་སྤྲོད། དེའི་ཚེ་སྔ་མའི་འཕྲོ་བཅད་ལ་རྫས་ཕྱི་མ་འབུལ་བ་སོགས་ཀྱི་

p. 343

འབུལ་ལུགས་དང་གྲངས་འདི་ཁོ་ན་མར་ཁུ་སོགས་རྫས་ལྷག་མ་རྣམས་ལའང་རིགས་འདྲེ་ཞིང་སྔགས་ཟླ་གྲོགས་ཡོད་ན་དུ་ཡོད་ཀྱི་གྲངས་གྲངས་རྐུན་བྱེད་དེ། དཔེར་ན་སྔགས་བཟླ་གྲོགས་བཅུ་ཡོད་ན། སྔགས་ཚར་རེས་ཀྱང་ཚར་བཅུ་རེ་འགྲོ་བས་རྫས་གང་ཡིན་ཀྱང་ཚར་བཅུའི་བོངས་ཚོད་རེ་འབུལ། གྲངས་འཛིན་པ་པོས་ཀྱང་བཅུ་ཉི་ཤུ་ཞེས་སོགས་བཅུ་བཅུ་འ ཆོངས་ནས་འདྲེན་པ་ཡིན་ལ། དིང་སང་སྔགས་བཟླ་མཁན་མང་ཉུང་ལ་མ་ལྟོས་པར་གྲངས་རྐུན་མང་པོ་བྱེད་པའི་འཁྲུལ་གཞིའང་འདི་ལ་ནས་བྱུང་བར་སྣང་ཡང་ལེགས་པ་མ་ཡིན་ནོ། །དེ་ནས་ཨོཾ་ཨགྣ་ཡེ་ཧཱུྃ་ཞེས་བྱོན་ཟན་གྱི་སྐབས་ལྟར་ཞི་སོགས་གསུམ་ལ་མར་ཁུ་དང་། མངོན་སྤྱོད་ལ་མར་ནག་དགང་བླུགས་ཀྱིས་དབུལ་ལོ། །ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྡིག་པ་ཐམས་ཅད་སྲེག་པའི་ཆེད་དུ་རྡོ་རྗེ་སེམས་དཔའི་རྡོ་རྗེ་སྡིག་པ་ཐམས་ཅད་སྲེགས་ཤིག །སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་གྱིས་དབུལ་ཞིང་།

p. 344

འབྲུ་ལྷག་མ་རྣམས་ཀྱང་མཐེབ་སྲིན་གྱིས་དབུལ་ལོ། །ༀ་སརྦ་སཾ་པ་དེ་ཕུན་སུམ་ཚོགས་པ། སྭཱ་ཧཱ། ཟས་མཆོག་རིལ་བུ་ཡིན་ན་མཐེབ་སྲིན་དང་། ཕྱེ་མ་ཡིན་ན་བླུགས་གཟར་གྱིས་དབུལ། ཞོ་ཡང་སྔགས་འདིས་བླུག་གཟར་གྱིས་དབུལ། ༀ་བཛྲ་པུཥྚཱ་ཡ་རྡོ་རྗེ་རྒྱས་པའི་ཕྱིར། ། སྭཱ་ཧཱ། འབྲས་མ་ཆག་པའི་འོ། །ༀ་བཛྲ་བི་ཛྲཱ་ཡ་རྡོ་རྗེ་ས་བོན་གྱི་ཕྱིར། སྭཱ་ཧཱ། འབྲས་སོ་བའི་སྔགས་སོ། །ༀ་མ་ཧཱ་བེ་གཱ་ཡ་ཤུགས་ཆེན་པོ་ལ། སྭཱ་ཧཱ། ནས་ཀྱི འོ། །ༀ་མ་ཧཱ་བ་ལཱ་ཡ་སྟོབས་ཆེན་པོ་ལ། །སྭཱ་ཧཱ། མོན་སྲན་གྲེའུའི་འོ། །ༀ་བཛྲ་གྷསྨ་རཱི་རྡོ་རྗེ་ཟ་ཕོད་མ་ལ། སྭཱ་ཧཱ། གྲོའི་འོ། །ༀ་བཛྲ་ཨ་ཡུ་ཥེ་རྡོ་རྗེའི་ཚེ་ལ། སྭཱ་ཧཱ། དཱུརྦའི་སྟེ་འདི་དང་ཀུ་ཤ་གཉིས་ཀ་མཐེབ་སྲིན་གྱིས་དབུལ་ལོ། །ༀ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་རྡོ་རྗེ་ཐོགས་པ་མེད་པའི་རྡོ་རྗེ་ལ། སྭཱ་ཧཱ། ཀུ་ཤའི་འོ། །ༀ་སརྦ་ཨ་སིདྷྱརྠ་དོན་ཐམས་ཅད་གྲུབ་པའི་དོན་དུ། སྭཱ་ཧཱ། ཡུངས་ཀར་གྱི་འོ། །ༀ་བཛྲ་ཤྲཱི་བཱ་ཡེ་སྭཱ་ཧཱ། ཤིང་ཐོག་ཀུན་འབུལ་བའི་སྔགས་ཏེ་འདི་རྣམས་ལས་

p. 345

ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཁུ་བའི་རྫས་རྣམས་ནི་ཞལ་དུའོ། །གོང་བུའི་རྫས་རྣམས་ནི་ཕྱག་ཏུའོ། །ཀུ་ཤ་ནི་སྟན་དུའོ། །དཱུ་དང་མེ་ཏོག་ནི་དབུ་ལའོ། །ཞེས་སྡོམ་འབྱུང་སོགས་ལས་བཤད་ཅིང་། སྔར་སྨོས་པའི་ལས་མཐུན་གྱི་རྫས་ཐ་དད་པ་རྣམས་དང་། བདུད་རྩི་ལྔ་དང་། གོས་ཟུང་ཡང་སྙིང་པོའི་འཐར་འབྲུ་གསུམ་བཏགས་ལ། སྐབས་ཐོབ་བཞིན་དབུལ་ཞིང་། སྤེལ་ཚིག་བྱའོ། །བར་བར་ཅི་རིགས་སུ་སྔགས་ཀྱིས་མར་གྱི་དགང་བླུགས་ཀྱང་དབུལ་ལོ། །རྫས་སྔགས་དེ་རྣམས་ལ་ལས་མཐུན་གྱི་སྤེལ་ཚིག་ཇི་ལྟར་བྱ་བ་ཡང་། གུར་ལས། མཐར་ནི་སྭཱ་ཧཱ་ཞི་བ་སྟེ། །རྒྱས་པ་ལ་ནི་བཽ་ཥ་ཊ། །མཐར་ནི་ཧཱུྃ་ཕཊ་བསད་པ་ལ། །དབང་དང་བགུག་པར་ཛཿདང་ཧྲཱིཿ །ཞེས་གསུངས་པས་ཞི་བ་ལ་མཚོན་ན་ཐོག་མར་ཡམ་ཤིང་སྔགས་བཅས་བདུན་རེའམ་གསུམ་རེ་ཙམ་གྱི་མཐར། ༀ་བྷོ་དྷི་བྲིཀྵཱ་ཡ་བདག་ཅག་རྣམས་ཀྱི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་

p. 346

སྭཱ་ཧཱ། ཞེས་དང་། དེ་བཞིན་དུ་མར་ཁུ་ལ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཞེས་སོགས་སྔ་མ་ལྟར་བརྗོད་དོ། །ཏིལ་ལ། སྡིག་པ་དང་བྲལ་བ་ལ། ཟས་མཆོག་ལ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། འབྲས་མ་ཆག་པ་ལ། དཔལ་འབྱོར་ཕུན་སུམ་ཚོགས་པ་ལ། འབྲས་སོ་བ་ལ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ། ནས་ལ། ལུས་ཀྱི་ཤུགས་ཕུན་སུམ་ཚོགས་པ་ལ། མོན་སྲན་གྲེའུ་ལ། ལུས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ལ། གྲོ་ལ། །ནད་མེད་པ་ཕུན་སུམ་ཚོགས་པ་ལ། དཱུ་ལ། ཚེ་འཕེལ་བ་ཕུན་སུམ་ཚོགས་པ་ལ། ཀུ་ཤ་ལ། བསྲུང་བ་ཕུན་སུམ་ཚོགས་པ་ལ། ཡུངས་ཀར་ལ། འདོད་པའི་དོན་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་ཞིང་། རྒྱས་པ་ལ་དེ་སོ་སོའ་ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་པའི་བར་འདྲ་བ་ལས་པུཥྚིཾ་ཀུ་རུ་བཽ་ཥ་ཊ། ཞེས་དང་། དབང་ལ་ཕུན་སུམ་ཚོགས་པ་ཐམས་ཅད་ཝ་ཤངྐུ་རུ་ཛཿའམ་ཧྲིཿ ཞེས་དང་། མངོན་སྤྱོད་ལ་ཕུན་

p. 347

སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་དང་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་གོང་གི་སྔགས་རྣམས་ལ་སོ་སོར་སྦྱར་བར་བྱ་སྟེ། སམྤུ་ཊར། སྔགས་ཀྱི་ཡི་གེ་རྐང་པ་ཡི། །ནང་དུ་ཆུད་པའི་བསྐུལ་བས་སྦྱར། །ཅེས་སོ། །གསུམ་པ་མཆོད་བསྟོད་ནི། གུར་ལས། བསྒེག་སོགས་བརྒྱད་ཀྱི་ཆོ་གས་མཆོད། །ཆོ་གའི་ཕྱིར་ནི་མཆོད་ཡོན་བྱ། །ཞེས་གསུངས་པས་ཆུ་རྣམས་ཐབ་ཀྱི་མདུན་དུ་སྦྲེང་བ་དང་། མེ་ཏོག་སོགས་ཐབ་ནང་དུ་སྐབས་ཐོབ་ལྟར་འབུལ་ཞིང་། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་འཐོར་འཐུང་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བ ཞེས་ནས་འདོད་དོན་སྒྲུབ་ཏུ་གསོལ། །ༀ་ཨགྣ་ཡ ེ་ས་པ་རི་ཝ་ར་ཨཱཿཧྲཱིཿ ༀ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་བསང་གཏོར་དང་། དེ་བཞིན་དུ་ཚིགས་སྔ་ཕྱི་རྣམས་འདྲ་བ་ལ། མཆོད་ཡོན། ཞབས་བསིལ། ཞལ་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། །ཞེས་དང་། ༀ་པྲ་ཝ་ར་སཏྐ་ར་པྲ་ཏཱིཙྪ་

p. 348

སྭཱ་ཧཱ། ༀ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཨཱཉྫ་མཱ་ནཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡེ། ནཻ་ཝི དྱ། ཤབྡ། ཅེས་པ་རྣམས་མཆོད་ཡོན་སོགས་ལ་རིམ་པས་སྦྱར་རོ། །དེ་ནས་མེ་ལྷའི་གཏོར་མ་ཨ་ཀཱ་རོས་བྱིན་གྱིས་བརླབས་པ་དགང་བླུགས་ཀྱིས་བཟུང་ལ། ༀ་དྷྭཾ་དྷྭཾ་ཞེས་པས་ཕུལ་ལ། སྒེག་སོགས་རང་རང་གི་ཕྱག་རྒྱ་པད་བསྐོར་སྔོན་དུ་འགྲོ་བ་དང་བཅས་པས། ༀ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ། རྡོ་རྗེ་སེམས་དཔའི་བསྡུས་པ་ན། །ༀ་བཛྲ་ལཱ་སྱ་རྡོ་རྗེ་སྒེག་མོ། ཧཱུྃ། ༀ་བཛྲ་རཏྣ་མ་ནུཏྟ་རཾ། རྡོ་རྗེ་རིན་ཆེན་བླ་ན་མེད། ༀ་བཛྲ་མ་ལེ་རྡོ་རྗེ་འཕྲེང་བ་མ། ཏྲྃ། ༀ་བཛྲ་དྷརྨ་གཱ་ཡ་ཎི། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། ༀ་བཛྲ་གཱི་ཏི་རྡོ་རྗེ་གླུ་མ། ཧྲཱིཿ ༀ་བཛྲ་ཀརྨ་ཀ་རོ་བེ། རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། ༀ་བཛྲ་ནིི་རྡོ་རྗེ་གར་མ། ཨཱཿ ཞེས་དང་། ༀ་བཛྲ་སཏྭ་སོགས་སོ་སོའ་མགོར་སྦྱར་བ་སྔ་མ་ལྟར་ལ། ༀ་བཛྲ་དྷཱུ་པེ་ཧཱུྃ། ༀ་བཛྲ་པུཥྤེ་ཏྲྃ། ཨཱ་ལོ་ཀེ་ཧྲཱིཿ གནྡེ་ཨཱཿ ཞེས་མཆོད་ཅིང་། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །སོགས་

p. 349

ཀྱིས་བསྟོད་དོ། །དྲུག་པ་མེའི་པྲ་བརྟག་པ་ནི། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོར་གསུངས་པ། དངོས་གྲུབ་འདོད་པས་ཤེས་པར་བྱ་སྟེ། གདུགས་དང་། རྒྱལ་དང་། རྡོ་རྗེ་དང་། བུམ་པ་དང་། པདྨ་དང་། ལྕགས་ཀྱུའི་དབྱིབས་དང་། རྩེ་གཅིག་པ་དང་། རྩེ་གཉིས་པ་དང་། རྩེ་གསུམ་པ་དང་། མཆོག་དང་། འབྲིང་དང་། ཐ་མ་དང་། ཁྱད་པར་དུ་གཡས་སུ་འཁྱིལ་བ་དང་། འབར་བའི་ཁ་དོག་དམར་པོ་དང་། བཟང་པོ་འཁྱིལ་བ་མཁས་པས་བརྟག་པར་བྱ་བ་དང་། བརྒྱ་བྱིན་གྱི་གཞུ་ལྟ་བུར་གཙང་བ་དང་སྣུམ་པ་དང་། དབང་པོ་སྦས་པ་ལྟ་བུའི་འོད་དང་། ཀུ་སུ མྦྷ་དང་། བཻ་ཌཱུ་ལྟ་བུ་དང་། དྲི་ཞིམ་པ་དང་། ཡིད་དུ་འོང་བ་དང་། གསེར་དང་། དངུལ་ལྟ་བུ་དང་། དུ་བ་མེད་པ་དང་། ཉི་མ་ལྟ་བུར་འབར་བ་དང་། དྲི་མ་མེད་པ་དང་། ཞི་བ་ལ་ཁ་དོག་དཀར་པོ་ལྟ་བུ་དང་། རྒྱས་པ་ནི་སེར་པོ་ལྟ་བུ་དང་། རྗེས་སུ་ཆགས་པ་ལ་ནི་དམར་པོ་མཆོག་དང་། མངོན་སྤྱོད་ལ་སྔོན་པོ་དང་། ནག་པོ་

p. 350

དང་། མེ་ལྕེ་མང་བ་དང་། དུ་བ་དང་མེ་སྟག་ཐམས་ཅད་ཡང་དག་པར་ལངས་པ་དང་། ཆུང་ངུ་ཆུང་ངུར་འཆད་པ་དང་། མྱུར་བར་གཟི་བརྗིད་ཆུང་བ་དང་། ནག་པོ་དང་བཅས་པ་དང་། པ་ལ་ཤའི་མདོག་དང་། རྩེ་གསུམ་དང་། ཉི་མ་ལྟ་བུ་ཉིད་དང་། དེ་བཞིན་དུ་བ་ལང་གི་མགོ་ལྟ་བུ་དང་། རོའི་དྲི་དང་། ཉའི་དྲི་དང་། བོང་བུ་དང་། ཁྱི་དང་། རྔ་མོ་ནི་བགེགས་དང་བགེགས་མེད་པའི་འབར་བའི་མཚན་མར་བྱས་པ་མཚོན་པར་བྱ་བ་ཡིན་ནོ། །ཞེས་རྒྱ་ཆེར་གསུངས་པ་ལས། གདུགས་དང་ཞེས་པ་ནས་དྲི་མ་མེད་པ་དང་། ཞེས་པའི་བར་གྱི་འབར་བའིི་མཚན་མ་དགེ་བ་སྤྱིར་བསྟན། ཞི་བ་ལ་ཞེས་པ་ནས་མེ་ལྕེ་མང་བ་དང་། ཞེས་པའི་བར་གྱིས་ཞི་སོགས་ཀྱི་ལས་རང་རང་ལ་ཤིས་པའི་མཚན་མ་བྱེ་བྲག་ཏུ་བཤད། །དུ་བ་དང་ཞེས་པ་ནས་རྔ་མོ་ནི་ཞེས་པའི་བར་གྱིས་བགེགས་དང་བཅས་པ་མི་དགེ་བའི་མཚན་མ་བསྟན་པ་དེ་རྣམས་ལས་ཕྱི་མ་དུ་བ་ཀུ་བ་སོགས་བགེགས་དང་བཅས་པ་དང་། སྔ་མ་གདུགས་ལྟ་བུ་

p. 351

སོགས་བགེགས་མེད་པའི་འབར་བའི་མཚན་མར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བྱས་ཤིང་གསུངས་པ་ཡིན་པས་སྒྲུབ་པ་པོས་ཀྱང་དེ་ལྟར་མཚོན་པར་བྱ་བ་ཡིན་ནོ། །ཞེས་བསྟན་པ་ལས་གལ་ཏེ་བགེགས་དང་བཅས་པའི་མཚན་མ་མཐོང་ན་ཨཥྚ་དང་ལས་སྔགས་བཟླ་བཞིན་པའི་ཀུ་ཤས་བསང་གཏོར་བྱ་ཞིང་། བྱོན་ཟན་གྱི་སྐབས་ལྟར་དགང་བླུགས་ཕུལ་ལ་བཟློག་པའི་ཆོ་ག་བྱའོ། །དེ་ལྟར་མེའི་པྲ་བརྟག་པ་སྐབས་འདིར་བྱེད་པ་རྔོག་ལུགས་ཀྱི་རྗེས་སུ་འབྲངས་པ་ཡིན་ལ། བོད་གཞན་དག་མེ་ལྷ་ལ་བྱོན་ཟན་ཕུལ་བའི་རྗེས་སུ་བརྟག་པར་བྱེད་པའི་ལུགས་འདི་གཉིས་གང་ལྟར་ནའང་མེ་པྲ་བརྟག་པའི་གོ་དོན་ཞི་སོགས་ཀྱི་ལས་སྒྲུབ་པའི་ཆེད་དུ་སྦྱིན་སྲེག་བྱས་པ་དེ་གྲུབ་བམ་མ་གྲུབ་ཀྱི་མཚན་མ་འབར་བའི་རྣམ་པས་མཚོན་དགོས་ཤིང་། དེ་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་ཙམ་ཁོ་ནས་མི་འགྲུབ་པའི་ཕྱིར་སྦྱིན་སྲེག་གི་དངོས་གཞི་ཟིན་ལ་ཁད་པ་ཙམ་ན་མེ་པྲ་འབྱུང་དགོས་པས་མེ་པྲ་ཐོག་

p. 352

མར་བརྟག་པའི་དུས་སྔ་ཕྱི་གཉིས་པོ་གང་རུང་ནས་བཟུང་། ཇི་སྲིད་ཐབ་ཁུང་གི་བུད་ཤིང་རྣམས་ཀྱི་ནུས་པ་རྫོགས་པ་དེ་སྲིད་དུ་བརྟག་པར་བྱ་ཞིང་། ནམ་དུ་བ་ཀུ་བ་དང་། མེ་སྟག་དྲག་ཏུ་འཕྲོ་བ་དང་། དྲི་ང་བ་དང་། དབྱིབས་མདོག་མི་སྡུག་པ་མཐོང་བའི་ཚེ་ཕྱིར་བཟློག་གི་ཆོ་ག་བྱེད་པ་རྒྱུད་དང་རྒྱ་གཞུང་ཚད་ལྡན་གྱི་དགོངས་པར་གནས་ཅེས་ཁོ་བོའི་རྗེ་བླ་མ་དཔལ་དཔའི་བོའི་དབང་ཕྱུག་ཆེན་པོས་བཀའ་བསྩལ་བ་ནི་ལེགས་པར་བཤད་པ་སྟེ། སམྤུ་ཊར། མེ་ནི་འབར་བར་རིག་ནས་ནི། །ཞེས་པ་ནས། ཐབ་ཁུང་གི་དབུས་སུ་གཞུགས་པར་བྱའོ་ཞེས་པའི་བར་གྱིས་འཇིག་རྟེན་པའི་མེ་ལྷ་བསྐྱེད་ཅིང་སྤྱན་དྲང་བ་བསྟན་ནས། དེའི་སྦྱིན་སྲེག་ཐམས་ཅད་ལ་ལན་གསུམ་གྱི་བར་དུ་སྲེག་བླུགས་སྦྱིན་ཏེ། དེ་ནས་འཐོར་འཐུང་བྱས་ནས་འབར་བའི་རྣམ་པར་ཐིམ་པར་བྱའོ། །རིམ་པའི་སྦྱོར་བ་འདིས་ལྷ་རྣམས་མཁས་པས་ཚིམ་པར་བྱའོ། །ཚིམ་པར་བྱས་ནས་བཟོད་པར་གསོལ་ཏེ་དངོས་གྲུབ་འདོད་པས་ཤེས་པར་

p. 353

བྱ་སྟེ། ཞེས་སོགས་སྔར་སྨོས་པའི་འབར་བའི་མཚན་མ་གསུངས་པས་ཀྱང་གསལ་བར་བྱས་པ་ཡིན་ནོ། །བདུན་པ་དཀྱིལ་འཁོར་ཀྱི་ལྷ་བསྐྱེད་པ་ནི། རྗེ་བཙུན་རྔོག་གཞུང་པའི་གསུང་གིས། ལྟེ་བར་འདོད་པའི་ལྷ་ལ་མཆོད་བསྟོད་དང་སྦྱིན་སྲེག་གིས་མཉེས་པར་བྱས་ཏེ། ཞེས་གསུངས་པ་ནི་རྡོ་རྗེ་གུར་གྱི་རྗེས་སུ་འབྲངས་པ་ཡིན་ལ། གཞན་དུ་ན། སམྤུ་ཊར། མེ་ལྷ་འབར་བའི་རྣམ་པར་བསྒྱུར་ནས་དེའི་དབུས་སུ་དཀྱིལ་འཁོར་པ་བསྐྱེད་པ་དང་། སྡོམ་འབྱུང་དུ་མེ་ལྷའི་ཐུགས་ཀར་བསྐྱེད་པར་བཤད་པའི་ལུགས་ཏེ་གསུམ་ལས། འདིར་དང་པོ་ལྟར་བརྗོད་པ་ནི། མེ་ལྷའི་ལྟོ་བ་ཡངས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བུ་བརྩེགས་པ་ཞེས་པ་ནས། སྙིང་གར་ཉི་མའི་གདན་དང་བཅས་པའོ། །ཞེས་པའི་བར་སྒྲུབ་ཐབས་སུ་སྨོས་པ་ལྟར་གྱི་ཕོ་བྲང་གདན་བཅས་བསྐྱེད་ལ། ཕོ་བྲང་གི་དབུས་ཀྱི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་ཧཱུྃ་དང་ཨཾ་གི་ཡི་གེ་ཁ་དོག་ནག་པོ་ཡེ་ཤེས་ལྔའི་རང་

p. 354

བཞིན་ཅན་དེ་ལས་འོད་འཕྲོས་འདུས་པ་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང་། ཨཾ་ལས་གྲི་གུག་ཨཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོའི་ཐུགས་མི་འགྱུར་བའི་བརྡར་ཆར་སྤྲིན་ལྟར་རབ་ཏུ་གནག་པའི་སྐུ་ཅན། ཅེས་པ་ནས་མཆོག་ཏུ་བདེ་བ་ཆེན་པོས་བཅོམ་ལྡན་འདས་དང་སྙོམས་པར་འཇུག་པས་གནས་པའོ། །ཞེས་པའི་བར་འབྲས་བུའི་ཧེ་རུ་ཀ་བསྐྱེད་མཆོག་ཏུ་སྨོས་པ་བཞིན་གྱིས་གཙོ་བོ་ཡབ་ཡུམ་བསྐྱེད་ཅིང་། ཤར་གྱི་འདབ་མར་ཚངས་པའི་གདན་ལ་གཽ་རཱི་ཁ་དོག་ནག་མོ་ཞེས་པ་ནས། ཉ་རོ་ཧི་ཏ་བསྣམས་པ་ཞེས་པའི་བར་སྒྲུབ་ཐབས་བཞིན་ལ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་རང་བཞིན་ནོ། །ཞེས་འདོན་པ་བསྒྱུར་བའི་ཚུལ་འདི་ལྷ་མོ་གཞན་རྣམས་ལའང་ཤེས་པར་བྱས་ནས་ལྷོའི་འདབ་མར་དབང་པོའི་གདན་ལ་ཆོམས་རྐུན་མ། ནུབ་ཀྱི་འདབ་མར་ཉེ་དབང་གི་གདན་ལ་རོ་ལངས་མ། བྱང་གི་འདབ་མར་

p. 355

དྲག་པོའི་གདན་ལ་ཟ་ནུས་མ། བྱང་ཤར་གྱི་འདབ་མར་གཤིན་རྗེའི་གདན་ལ་པུཀྐ་སཱི། ཤར་ལྷོའི་འདབ་མར་ནོར་བདག་གི་གདན་ལ་རི་ཁྲོད་མ། །ལྷོ་ནུབ་ཀྱི་འདབ་མར་སྲིན་པོའི་གདན་ལ་གཏུམ་མོ། །ནུབ་བྱང་གི་འདབ་མར་ཐག་བཟང་རིས་ཀྱི་གདན་ལ་གཡུང་མོ་རྣམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྩ་བའི་ཞལ་གྱི་མིག་གཉིས་སུ་མོཾ་ལས་གཏི་མུག་རྡོ་རྗེ་མ་ཞེས་པ་ནས་པཱ་ཏཱ་ལ་ཝ་སི་ནཱི་བཛྲ་སྭ་བྷཱ་ཝ་སི་ནི། བཛྲ་སྭ་བྷཱ་ཝ་ཨཱ ཏྨ་ཀོ྅ཧཾ་གི་བར་གྱིས་གཙོ་བོའི་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་རླབས་པའི་བར་གྱིས་དམ་ཚིག་པ་བསྐྱེད་ནས། དེ་ལ་ཡེ་ཤེས་པ་སྤྱན་དྲང་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཅེས་པ་ནས་དགྱེས་ཤིང་དབང་དུ་བྱས་པར་གྱུར་གྱི་བར་དང་། སླར་ཡང་ནས་སྣང་བ་མཐའ་ཡས་ཀྱིས་དབུ་རྒྱན་པར་གྱུར་གྱི་བར་བརྗོད་པས། དབང་བསྐུར་རྒྱས་གདབ་ཀྱང་སྒྲུབས་ཐབས་བཞིན་བྱའོ། །ཡང་

p. 356

རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་ན་ལས་ཀྱི་རྡོ་རྗེ་ལ་སོགས་པས་སྔགས་བརྗོད་ཅིང་མེ་ཏོག་གི་མཚན་མ་སྤྱན་དྲངས་ཏེ། སློབ་དཔོན་ལ་ཕུལ་ལ་དེས་ཀྱང་སྔགས་བརྗོད་བཞིན་པས་དཀྱིལ་འཁོར་པ་ཐབ་ཏུ་ཞུགས་པར་བསྒོམ་ཞིང་གསལ་གདབ་བོ། །དེ་ནས་བདུད་རྩི་མྱང་བ་བསྒྲུབ་ཐབས་བཞིན་བྱས་ལ། མཆོད་ཡོན་སྦྲེང་བཞིན་པས་ༀ་ཛ ཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨཱཿཧཱུྃ། །ཞེས་སོགས་ཡེ་ཤེས་པ་བགུག་བཞུག་ཏུ་སྨོས་པ་ལྟར་གྱིས་གདན་མཆོད་ཕུལ་ནས། ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཅེས་སོགས་ཀྱིས་བསྟོད་ཅིང་བཟླས་པ་ཅུང་ཟད་ཀྱང་བྱའོ། །བརྒྱད་པ་དེ་ལ་སྲེག་བླུགས་འབུལ་བ་ལ་གསུམ་གྱི། །དང་པོ་བྱོན་ཟན་འབུལ་བ་ནི། ༀ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཞེས་པའི་མཐར་ཞི་བ་ལ་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། རྒྱས་པ་ལ་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་བཽ་ཥ་ཊ། དབང་ལ་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཛཿ མངོན་སྤྱོད་ལ་

p. 357

དགྲ་དང་བགེགས་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་ཞི་སོགས་ལ་མར་ཁུ་དང་མངོན་སྤྱོད་ལ་མར་ནག་དགང་བླུགས་གསུམ་མམ་བདུན་འབུ ལ་ལུགས་སྔར་འཇིག་རྟེན་པའི་ཆོ་གར་སྨོས་པ་ལྟར་བྱའོ། །གཉིས་པ་སྲེག་རྫས་འབུལ་བ་ནི། །སྲེག་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པ་བཅོམ་ལྡན་འདས་ཡབ་ཡུམ་གྱི་ལྗགས་འོད་ཀྱི་བུ་གུས་གཞེས་པར་འགྱུར། ཅེས་གཙོ་བོའི་སྙིང་པོའི་མཐར་སྲེག་རྫས་རང་རང་གི་སྔགས་སྦྱར་བས་ལས་དང་མཐུན་པའི་གྲངས་ཚད་གོང་དུ་སྨོས་པ་ལྟར་འབུལ། དེ་ནས་སྲེག་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པ། རྣལ་འབྱོར་མ་གཽ་རཱིའི་ལྗགས་འོད་ཀྱི་བུ་གུས་གཞེས་པར་གྱུར། ༀ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པའི་མཐར་སྲེག་རྫས་ཀྱི་སྔགས་འདོགས་པ་སོགས་ལྷ་མོ་གཞན་རྣམས་ལའང་རིགས་བགྲེས་ལ་སྲེག་རྫས་བདུན་ནམ་ཉེར་གཅིག་རེ་དབུལ་བར་བྱ་སྟེ། གུར་ལས། ལྟོ་བའི་གནས་སུ་སྲེག་བླུག་བྱ། །ཤར་

p. 358

དང་ནུབ་བྱང་ལྷོ་དང་ནི། །ཕྱོགས་སུ་གནས་པ་རྣམས་ཆེར་མཆོད། །ལྷ་མོ་ཕྱོགས་བྲལ་གནས་རྣམས་ལ། །ལྷག་པའི་ཚེ་ནི་མཆོད་པས་མཆོད། །ཅེས་གསུངས་སོ། །མདོར་ན་སྲེག་རྫས་ཀྱི་སྔགས་བདུན་རེ་ཙམ་གྱི་མགོར་སྙིང་པོ་ཚར་རེ་བྱ་ལ། གཞན་སྲེག་རྫས་ཀྱི་སྔགས་དང་འབུལ་ལུགས་དང་སྤེལ་ཚིག་རྣམས་ནི་འཇིག་རྟེན་པའི་མེ་ལྷའི་སྐབས་དང་ཁྱད་པར་མེད་པས་འབུལ་ཐེབ་རེ་ལ་སྲེག་རྫས་ཡོངས་རྫོགས་ལས་མཐུན་གྱི་གྲངས་ཚང་རེ་སོང་བ་དང་། སྲེག་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཞེས་སོགས་ཀྱིས་མཚམས་སྦྱར་ལ། ཡམ་ཤིང་ནས་བརྩམས་ཏེ་སྔ་མ་བཞིན་དུ་དབུལ། དེ་ལྟར་ཐབ་གཅིག་པོ་དེས་ཇི་ཙམ་ཐུབ་གྱི་བར་ཕུལ་ལ། མཆོད་བསྟོད་དང་། རྗེས་ཆོག་རྣམས་བྱ་ཞིང་། གྲངས་མང་དུ་བརྩེགས་རྒྱུ་ཡིན་ན། སླར་ཡང་བུད་ཤིང་ཁ་གསོས་ནས་སྔར་བཞིན་དབུལ་ཏེ་དེ་ཡང་བསྙེན་པའི་ཁ་གསོ་བ་སོགས་ཀྱི་སྦྱིན་སྲེག་ལ་རྫས་ཐམས་ཅད་གྲངས་བསྙེན་གྱི་བཅུ་ཆ་རེ་ངེས་པར་འབུལ་དགོས་

p. 359

ལ། ལས་སྦྱོར་ཀྱི་ཚེ་དེ་ལྟ་བུ་འབྱོར་བས་ལྕོགས་ན་དགེ་བའི་ཡན་ལག་ཏུ་འགྱུར་ལ། མ་འབྱོར་ན་ཞི་བའི་སྦྱིན་སྲེག་སྤྱི་ལ་ཏིལ་ནག་སྔགས་བཅས་གྲངས་ཚང་འབུལ་ཞིང་། ཁྱད་པར་དུ་སྡིག་སྒྲིབ་ཞི་བའི་ཆེད་དུ་ཡིན་ན་ཏིལ་ནག །ཚེའི་བར་ཆད་ཞི་ཆེད་ཡིན་ན་དཱུ ། བསྲུང་བའི་བར་ཆད་ཞི་ཆེད་ཡིན་ན་ཀུ་ཤ། འབྱོར་བའི་བར་ཆད་ཞི་ཆེད་ཡིན་ན་ཟས་མཆོག་འབུལ་བ་སོགས་དང་། རྒྱས་པ་ལ་ཚེ་རྒྱས་ཕྱིར་དཱུ། འབྱོར་པ་རྒྱས་ཕྱིར་ཟས་མཆོག །དོན་འགྲུབ་ཕྱིར་ཡུངས་ཀར། དབང་ལ་ཨུཏྤལ་དམར་པོ། དྲག་པོ་ལ་ལིངྒ་འབུལ་བ་སོགས་དང་། ལས་རང་རང་ལ་ཁྱད་པར་དུ་དགོས་པའི་རྫས་སྔར་བསྟན་པ་རྣམས་ཀྱང་བསྙེན་པའི་བཅུ་ཆ་རེ་ངེས་པར་འབུལ་ཞིང་གཞན་རྣམས་ཇི་ཙམ་འབྱོར་བ་རེ་ཕུལ་ཀྱང་ཧ་ཅང་མི་རུང་བ་མ་ཡིན་ནོ། །གསུམ་པ་མཆོད་བསྟོད་དང་གཏོར་མ་འབུལ་བ་ནི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་སྔར་མཆོད་པ་དོན་གྲུབ་ཀྱི་ཡན་ལག་ཏུ་བསྟན་པ་བཞིན་ཕུལ་ལ།

p. 360

ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་སོགས་དང་། བསྟོད་པ་ཉི་ཤུ་པས་ཀྱང་བསྟོད་ནས། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་པ་དགང་གཟར་དུ་བཅུག་པའིམ། ཡང་ན་དགང་བླུགས་ཀྱི་བར་དུ་ལྟེམས་ནས་གཏོར་སྔགས་བརྗོད་བཞིན་པས་རོལ་མོ་དང་བཅས་ཏེ་ཐབ་ཁུང་དུ་དབུལ་ཞིང་། ཞི་བ་དང་། རྒྱས་པ་དང་། ཞེས་སོགས་སྔར་གཏོར་མཆོག་ཏུ་སྨོས་པས་སྤེལ་ཚིག་ཀྱང་བྱའོ། །དེ་ནས་ཞི་སོགས་གསུམ་ལ་མར་ཁུ་དང་། དྲག་པོ་ལ་མར་ནག་དགང་བླུགས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གང་རུང་སྔགས་ལས་མཐུན་གྱི་སྤེལ་ཚིག་དང་བཅས་པ་ཕུལ་ལ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་འཕྲིན་ལས་འཕེལ་ཞིང་བདག་ཅག་ཐམས་ཅད་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་མཐར་ཕྱིན་པར་བྱིན་

p. 361

གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་ཞེས་མཚམས་སྦྱར་ནས། ཞི་བ་ལ་བར་དུ་གཅོད་པའི་ནད་གདོན་དགྲ་བགེགས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཞི་བར་བྱིན་གྱིས་རླབ་ཏུ་གསོལ། རྒྱས་པ་ལ། མཐུན་པའི་རྐྱེན་དུ་གྱུར་པའི་ཚེ་བསོད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་དང་། ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་རླབ་ཏུ་གསོལ། དབང་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་འབྱོར་ཐམས་ཅད་དབང་དུ་འདུ་བར་བྱིན་གྱིས་རླབ་ཏུ་གསོལ། དྲག་པོ་ལ། བར་དུ་གཅོད་པའི་མི་དང་མི་མ་ཡིན་པའི་གནོད་ཅིང་འཚེ་བར་བྱེད་པ་ཐམས་ཅད། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་གཏན་ནས་རླག་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དང་། དམིགས་ཀྱིས་བསལ་བའི་དོན་ཡོད་ནའང་ལས་གང་ཡིན་གྱི་

p. 362

སྐབས་ཐོབ་དང་བསྟུན་ནས་གསོལ་བ་བཏབ་པའི་མཐར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ནས་མྱུར་དུ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ཀུན་ལ་སྦྱར་བས་འདོད་དོན་གསོལ་ལོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ་གྱི། །དང་པོ་འཇིག་རྟེན་ལས་འདས་པའི་རྗེས་ཆོག་ནི། དཀྱིལ་འཁོར་པ་ལ་གཏང་རག་གི་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་བྱས་ལ། ཐལ་མོ་སྦྱར་ནས། བདག་ཅག་ལས་དང་པོ་པར་གྱུར་པས་བྱིང་རྨུགས་དང་ལེ་ལོ་ལ་སོགས་པས་བག་མེད་པར་གྱུར་ཏེ་སེམས་གཡེངས་ཤིང་ཏིང་ངེ་འཛིན་མི་གསལ་བ་དང་། སྔགས་དང་ཕྱག་རྒྱ་ནོར་བ་དང་། ཆོ་གའི་གོ་རིམས་འཁྲུགས་པ་དང་། རྩོད་དུས་ཀྱི་སེམས་ཅན་འབྱོར་པས་དམན་པའི་དབང་གིས་མཆོད་པའི་དངོས་པོ་དམན་ཞིང་མ་ཚང་བ་དང་མི་གཙང་བས་གོས་པ་ལ་སོགས་པ་ནོངས་པ་ཅི་མཆིས་པ་ཐམས་ཅད་བཟོད་

p. 363

པར་མཛད་དེ་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་དམ་པ་སྩལ་དུ་གསོལ། ཅེས་དྲིལ་བུ་བསིལ་བཞིན་པས་ཧེ་རུ་ཀའི་ཡིག་བརྒྱ་གསུམ་མམ་བདུན་སོགས་བརྗོད་དོ། །དེ་ནས་གཤེགས་སུ་གསོལ་བ་ནི། མཆོད་ཡོན་སྦྲེང་བཞིན་པས་གུར་ལས་གསུངས་པའི་ཡིག་བརྒྱ་བརྗོད་པའི་མཐར། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་རྗེས་སུ་དངོས་གྲུབ་བརྩོལ། །སངས་རྒྱས་ཡུལ་དུ་གཤེགས་གསོལ་ཏེ། །སླར་ཡང་གཤེགས་པར་མཛད་དུ་གསོལ། །མུཿ ཡེ་ཤེས་པ་རང་གནས་སུ་གཤེགས་ཤིང་དམ་ཚིག་པ་རང་གི་སྙིང་ཁར་ཐིམ་པར་གྱུར། ཅེས་བརྗོད་ཅིང་རྡུལ་མཚོན་དང་འབྲེལ་ན་སླར་མེ་ཏོག་གི་མཚན་མ་དཀྱིལ་འཁོར་དུ་སྤྱན་དྲངས་ལ་ཡེ་ཤེས་པ་དཀྱིལ་འཁོར་དུ་ཞུགས་པར་ལྟའོ། །གཉིས་པ་འཇིག་རྟེན་པའི་རྗེས་ཆོ ག་ནི། སྲེག་རྫས་ཀྱི་ལྷག་མ་གང་ཡོད་གྲངས་ཚད་མི་བཟུང་བར་སྔར་འཇིག་རྟེན་པའི་སྐབས་བཞིན་དབུལ་ཞིང་། མཆོད་བསྟོད་ཀྱང་འཇིག་རྟེན་པའི་སྐབས་ལྟར་

p. 364

བྱའོ། །བསྟོད་པ་རྒྱས་པར་སྤྲོ་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སོང་མཆོག །འབྱུང་པོ་ཡོངས་སུ་བསྐྱང་བའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་བ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་ཆིབས། །རིགས་སྔགས་གསུང་ཞིང་བགྲང་འཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་རིལ་བ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བར་གནས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་པས་ཀྱང་བསྟོད་ཅིང་ཐལ་མོ་སྦྱར་ནས། དྲང་སྲོང་ཆེན་པོ་མེ་ལྷ་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་ཞེས་སོགས་ཀྱི་འདོད་དོན་གསོལ་ལ། བདག་ཅག་ལས་དང་པོ་པར་གྱུར་པས་ཅེས་

p. 365

སོགས་ཀྱིས་བཟོད་གསོལ་ཀྱང་འདོན་པ་སྤོས་ལ་ཡིག་བརྒྱའང་ཅི་རིགས་སུ་བརྗོད། སླར་གུར་ལས་འབྱུང་པའི་ཡིག་བརྒྱ་བརྗོད་ཅིང་མཆོད་ཡོན་སྦྲེངས་པའི་མཐར། སྭཱརྠ་ཎ྄ ཙཻ་ཝ་པ་རཱ་་ཎ྄ ཙ་སཱ་དྷི་རུ་གཙྪ་ཧ་བྱ་བྷུ་ཀ྄། ཨཱ་ག་མེ་ཥྱ་སི་ཡ་ཐཱ་ཀཱ་ལེ་སརྦ་སིདྡྷི་ཀུ་རུ་ཥྭ་མེ། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་ཀྱི་སྲེག་བྱ་ཟ་བ་གཤེགས། །ཇི་ལྟར་དུས་སུ་སླར་བྱོན་ནས། །བདག་གི་འདོད་པ་ཀུན་གྲུབ་མཛོད། །ཞེས་པས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་ཧེ་བཛྲ་ཡབ་ཡུམ་དུ་གྱུར་པ་རང་གི་སྙིང་གར་ཐིམ་པར་འགྱུར། གསུམ་པ་བསྡུ་བའི་རིམ་པ་ནི། ལོང་ཡོད་ན་མེ་མ་ཤིའི་བར་དུ་དཀྲུག་བད ལ་མི་བྱ་བར་བཞག །ལོང་མེད་ན་འོ་མ་དང་དྲིའི་ཆུ་ལ་སོགས་པས་མེ་གཞིལ་ནས་ཐལ་སོལ་རྣམས་བུམ་པར་བླུག་ལ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་བོར། བུམ་པ་དེ་ཆུ་གཙང་མས་བཀང་བ་ནང་དུ་ཁྱེར་ནས་སྦྱིན་སྲེག་གི་ཁང་པར་བསང་གཏོར་བྱ་ཞིང་ཐབ་ལ་སོགས་པ་ལས་ཀྱི་རྗེས་མི་མངོན་

p. 366

པར་བྱའོ། །ཞེས་པ་རྣམས་ཀྱིས་ཕྱིའི་སྦྱིན་སྲེག་གི་རིམ་པ་རྒྱས་པར་བསྟན་ནས་གང་དག་རྫོགས་པའི་རིམ་པ་ལ་བློ་གཞོལ་བའི་རྣལ་འབྱོར་པ་རྣམས་ཀྱི་འདོད་པ་འཇོ་བའི་ཆེད་དང་། ལས་དང་པོ་རྣམས་ཀྱིས་ཀྱང་སྦྱིན་སྲེག་གི་དབྱེ་བ་རྟོག་པར་བྱ་བའི་དོན་དུ་ནང་དང་གསང་བའི་སྦྱིན་སྲེག་ཀྱང་བསྡུས་ཏེ་བསྟན་པ་ནི། སམ་པུ་ཊར། མགོ་བོའི་ཐོད་པ་ཉིད་ཀྱང་ནི། །སྲེག་རྫས་ཀྱི་ནི་སྣོད་དུ་གསུངས། །བླུག་གཟར་རོ་མར་བཤད་པ་སྟེ། །སྙིང་གི་འཁོར་ལོར་བརྐྱང་མ་དག །དགང་གཟར་ཞེས་བྱར་ཡང་དག་བརྗོད། །ཐབ་ཁུང་ལྟེ་བའི་དཀྱིལ་འཁོར་དུ། །ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ཚངས་པའི་མེ་ནི་སུམ་མདོར་ནས། །ཅེས་གཏུམ་མོའི་རྣལ་འབྱོར་ལ་སྦྱིན་སྲེག་གི་སྒྲས་གསུངས་པ་དང་། ཕྱག་ཆེན་ཐིག་ལེར། ལྟེ་བའི་གནས་ན་ཚུལ་ཡོད་པ། །ཚུལ་གྱི་མཐའ་ན་གསང་པད་དོ། །དེ་རུ་རང་འབར་གྱི་ནི་རླུང་། །བསྐོར་བ་བྱས་ནས་ངལ་གསོ་སྟེ། །དབང་པོ་གཉིས་ཤིང་སྦྱོར་བ་ཡི། །རླུང་གིས་མེ་ནི་སྦར་

p. 367

བའོ། །མར་ཡོད་པ་ནི་སྟེང་འཁོར་ལོ། །དེ་ནས་མར་སྣོད་ཅེས་སུ་དྲན། །ཧ་ནི་བླུགས་གཟར་ཞེས་སུ་བཤད། །དགང་གཟར་འདི་རུ་རྡོ་རྗེར་བསྟན། །ཧོ མ་ཁུང་བྷ་ག་ཞེས་སུ་བཤད། །འབྲུ་ནི་དབང་པོ་ལྔ་རུ་དྲན། །ཡམ་ཤིང་ཕུང་པོ་ཞེས་བྱར་བསྟན། །བྱང་ཆུབ་སེམས་ནི་མར་དུ་སྲེག །ཅེས་ལས་རྒྱའི་མན་ངག་ལ་སྦྱིན་སྲེག་གི་སྒྲས་བསྟན་པ་དང་། དཔལ་བདེ་བ་དམ་པ་རྟོགས་པར་བྱེད་པའི་རྒྱུད་དུ། རྣམ་པར་མི་རྟོག་སེམས་ཉིད་གང་། །ཐབས་ཀྱི་སྒྲ་ཡིས་མཚོན་པ་ཡིན། །རྣམ་པར་དབེན་པའི་མེ་དབུས་སུ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །སེམས་ཉིད་བུད་ཤིང་གྱུར་པ་ཡིས། །མ་ལུས་པ་རྣམས་སྦྱིན་སྲེག་བྱ། །གཟུགས་ལ་སོགས་པའི་དངོས་རྣམས་གང་། །བུད་ཤིང་དུ་ནི་རབ་ཏུ་བཤད། །མར་ནི་འདི་ཡི་ཟླ་བའི་རྒྱུན། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ཁམས་གསུམ་མ་ལུས་གཉིས་སུ་ནི། །དབྱེར་མེད་ཤེས་རབ་མེ་ལ་ནི། །དགང་བླུག་སྦྱིན་སྲེག་དབུལ་བར་བྱ། །ཞེས་ཟུང་འཇུག་གི་རིམ་

p. 368

པ་ལ་སྦྱིན་སྲེག་གི་སྒྲས་བསྟན་པ་སོགས་རྒྱུད་རྣམས་ལས་རྒྱ་ཆེར་གསུངས་པའི་ཚུལ་རྣམས་ཁོང་དུ་ཆུད་པར་བྱའོ། །གཉིས་པ་དེ་ལས་གཞན་པའི་ལས་ཚོགས་བསྟན་པ་ལ། །བརྟག་པ་དང་པོའི་ལེའུ་གཉིས་པར་འབྲས་བུ་ལས་ཀྱི་ཚོགས་འབའ་ཞིག་སྟོན་པའི་སྔགས་ཚན་ཉི་ཤུ་རྩ་གཉིས་གསུངས་པ་རྣམས་ཀྱི་སྡོམས་ཚིག་རྗེ་ལོ་ཙ་ཆེན་པོས་མཛད་པའི་རིམ་པ་ཇི་ལྟ་བར་བཤད་པ། ནང་དང་ཕྱིའི་གྲོང་ཁྱེར་དཀྲུག་པའི་སྔགས་ཀྱིས་རྫོགས་རིམ་དང་ལས་ཚོགས་གཉིས་ཀ་སྟོན་པ་ལས། འདིར་ཕྱི་མ་ལྟར་བཤད་པ། ཨཥྚ་ལ་བརྟེན་པའི་བསྲུང་བཟློག་གི་ལས་སོགས་བསྟན་པ་དང་གསུམ་གྱི། །ད ང་པོ་ལ། ལྷ་བདུན་ཀུར྄་ཀུ་ཆར་དབབ་བཅད། །སྡེ་རེངས་ལྷ་འགས་ཚད་རིམས་སྐྱུག །བུད་མེད་ཉི་ཟླ་པྲ་དབབ་པ། །དགར་བ་ལྔ་སྟེ་ཉི་ཤུ་གཉིས། །ཅེས་སྔགས་ཀྱི་ལེའུའི་འགྲེལ་པར་རྡོ་རྗེ་ཅན་ཞབས་མར་སྟོན་ཆེན་པོས་བཀའ་བསྩལ་བ་རྣམས་ཀྱི་དང་པོ་ལྷ་མོ་རྡོ་རྗེ་མའི་རྣལ་འབྱོར་གྱིས་རེངས་པའི་ལས་བསྒྲུབ་པ། །

p. 369

གཉིས་པ་གསང་བའི་དཀར་མོས་དབང་དུ་བྱ་བ། གསུམ་པ་ཆུའི་རྣལ་འབྱོར་མས་བསྐྲོད་པར་བྱེད་པ། བཞི་པ་རྡོ་རྗེ་མཁའ་འགྲོ་མས་སྡང་བར་བྱེད་པ། ལྔ་པ་བདག་མེད་མས་མངོན་སྤྱོད་ཀྱི་ལས་སྒྲུབ་པ། དྲུག་པ་ས་སྤྱོད་མས་མགུག་པར་བྱེད་པ། བདུན་པ་མཁའ་སྤྱོད་མའི་རྣལ་འབྱོར་གྱིས་བསད་པའི་ལས་སྒྲུབ་པའི་བར་རྣམས་རེ་རེ་ལ་ཡང་བསྙེན་སྒྲུབ་ལས་སྦྱོར་གསུམ་གསུམ་གྱིས་འཆད་པ་ལས། དང་པོ་བསྙེན་པ་ནི། རྗེ་ལོ་ཙ་བ་ཆེན་པོའི་གསུང་གིས་ཧེ་བཛྲའི་བསྙེན་པ་འབུམ་མམ་བྱེ་བ་སྐྱལ་ལ། ཞེས་གསུངས་པས་རེངས་པ་ལ་སོགས་པའི་ལས་བདུན་པོ་འདི་རྣམས་སྒྲུབ་པའི་སྔོན་དུ་བཅོམ་ལྡན་འདས་ཀྱི་སྙིང་པོའ མ་རྩ་བའི་སྔགས་ལ་བསྙེན་པ་འབུམ་མམ་བྱེ་བ་སྐྱལ་ལ། བཅུ་ཆའི་སྦྱིན་སྲེག་ཀྱང་བྱའོ། །གཉིས་པ་སྒྲུབ་པ་ནི། དེ་ལྟར་བཅོམ་ལྡན་འདས་ཀྱི་བསྙེན་པ་ཚད་དུ་འཁྱོལ་ཞིང་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་སྔགས་པས་ལས་དང་མཐུན་པའི་གནས་སུ་སྐད་ཅིག་གིས་རྡོ་རྗེ་མ་ལ་

p. 370

སོགས་པའི་ལྷ་མོ་གང་སྒྲུབ་པ་དེའི་རྣམ་པར་སྒོམས་པའི་སྙིང་གར་རང་རང་གི་ས་བོན་གྱི་ཡི་གེ་བསམས་ལ། དེའི་འོད་ཀྱིས་ལྷ་མོ་གང་ཡིན་པ་དེ་དང་བླ་མ་སྤྱན་དྲངས་ཏེ། དེ་ལ་བླ་མ་དག་པའི་ཆོ་ག་བདུན་རྣམ་པར་དག་པ་བྱ་བ་དང་། ཚད་མེད་བཞི་བསྒོམས་པ་ནི་སྔོན་འགྲོའོ། །དངོས་གཞི་ལ། །དང་པོ་སྟོང་པ་ཉིད་དུ་བསྒོམས་ནས། གཉིས་པ་ས་བོན་བསྡུ་བ་ནི། །པད་ཉི་རོ་གདན་གྱི་སྟེང་དུ་ལྷ་མོ་གང་བསྒྲུབ་པ་དེའི་ས་བོན་གྱི་ཡི་གེ་འགོད་པ་སྟེ། དེ་ཡང་རྡོ་རྗེ་མའི་ས་བོན་ཨ། དཀར་མོའ་ས་བོན་ཨི། ཆུའི་རྣལ་འབྱོར་མའི་ས་བོན་ཨཱི། རྡོ་རྗེ་མཁའ་འགྲོ་མའི་ས་བོན་ཨུ། བདག་མེད་མའི་ས་བོན་ཨ། ས་སྤྱོད་མའི་ས་བོན་ཨཽ། མཁའ་སྤྱོད་མའི་ས་བོན་ཨཾ་རྣམས་ལས་ཅི་རིགས་པ་བསྒོམས་པའོ། །གསུམ་པ་གཟུགས་བརྙན་རྫོགས་པ་ནི། །རང་རང་གི་ས་བོན་ལས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་གང་ཡིན་པ་དེའི་སྐུར་བདག་ཉིད་བསྐྱེད་པ་སྟེ། དེ་ཡང་ལེའུ་བརྒྱད་པར། ལྷ་མོ་ཐམས་ཅད་ཁ་དོག་ནག །དྲག་ཆེན་ཕྱག་རྒྱ་ལྔ་

p. 371

ཡིས་བརྒྱན། །ཞལ་གཅིག་སྤྱན་ནི་ད མར་བ་རྣམས། །ལག་པར་གྲི་གུག་ཐོད་པས་ཁྱབ། །ཅེས་དང་། ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་པར་བཤད། །ཅེས་གསུངས་པས་སྐུ་མདོག་ནག་མོ་ཞལ་གཅིག་སྤྱན་གསུམ་པ་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་ཅིང་མཆན་ཁུང་དུ་ཁ་ཾ་ག་བཅུག་པ་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། སྐྲ་ཁམ་པ་གྱེན་དུ་རྫེས་ཤིང་དུང་ཆེན་པོས་བརྒྱན་པ། དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་པད་ཉི་རོ་གདན་ལ་བཞུགས་པ་སྟེ་ལྷ་མོ་བདུན་ཀ་སྐུ་མདོག་དང་ཕྱག་མཚན་གཅིག་གོ། །བཞི་པ་ཡིག་འབྲུ་བགོད་པ་ནི། གནས་གསུམ་དུ་ༀ་ཨཱཿཧཱུྃ་དང་རང་རང་གི་ས་བོན་སྙིང་ཁའི་ཆ་སྟོད་བསམས་ལ། དེའི་འོད་ཀྱིས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ་གཉིས་སུ་མེད་པར་བསྲེ་བ་དང་། ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་རྣམས་ཀྱིས་དབང་བསྐུར་ནས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ནི། རྡོ་རྗེ་མ་ལ་རྣམ་སྣང་། དཀར་མོ་ལ་

p. 372

རིན་འབྱུང་། ཆུའི་རྣལ་འབྱོར་མ་ལ་སྣང་བ་མཐའ་ཡས། རྡོ་རྗེ་མཁའ་འགྲོ་མ་ལ་དོན་གྲུབ། བདག་མེད་མ་ལ་མི་བསྐྱོད་པ། ས་སྤྱོད་མ་ལ་རྣམ་སྣང་། མཁའ་སྤྱོད་མ་ལ་འོད་དཔག་མེད་ཀྱིས་རྒྱས་བཏབ་པར་བསྒོམས་ལ་ལྷ་མོ་རང་རང་གི་སྔགས་ལ་བཟླས་པ་བྱ་སྟེ། ༀ་ཧཱུྃ་སྭཱ་ཧཱ། རྡོ་རྗེ་མའི་འོ། །ༀ་ཨཾ་སྭཱ་ཧཱ། གསང་བའི་དཀར་མོའ་འོ། །ༀ་ཁཾ་སྭཱ་ཧཱ། ཆུའི་རྣལ་འབྱོར་མའི་འོ། །ༀ་ཛྲིཾ་སྭཱ་ཧཱ། རྡོ་རྗེ་མཁའ་འགྲོ་མའི་འོ། །ༀ་བུཾ་སྭཱ་ཧཱ། བདག་མེད་མའི་འོ། །ༀ་ཧཱུྃ་སྭཱ་ཧཱ། ས་སྤྱོད་མའི་འོ། །ༀ་གྷུཿསྭཱ་ཧཱ། མཁའ་སྤྱོད་མའི་སྔགས་ཏེ་འདི་རྣམས་ལ་བཟླས་པ་ཅི་ཙམ་བྱ་བའི་གྲངས་ཀྱང་། བཀའ་ཡང་དག་པའི་ཚད་མར། དེ་ནས་སོ་སོའ་བཟླས་པ་ལ་ཁྲི་བསྐྱལ་བས་འགྲུབ་བོ། །ཞེས་དང་། རྒྱན་འདྲར། ཁྲི་ཕྲག་གཅིག་བཟླས་པ་ནི། སྒྲུབ་པའོ། །ཞེས་གསུངས་པ་ནི་ཕྱི་མའི་གསུམ་པར་གཙོ་བོའི་རྩ་སྔགས་ལ་བསྙེན་པ་འབུམ་དང་སྒྲུབ་པ་ཁྲི་བྱ་བར་གསུངས་པའི་རིགས་པ་འདིར་ཡང་སྦྱོར་བར་མཛད་ལ། ཡང་ན་འདིར་

p. 373

བཟླས་པ་འབུམ་བྱ་སྟེ། ཕྱི་མའི་དགུ་པར། འདི་ཡི་བཟླས་པ་འབུམ་གྱིས་ནི། །འགྲོ་བ་རྟག་ཏུ་རེངས་པར་བྱེད། །ཅེས་འབྱུང་བ་འདི་ལྷག་མ་དྲུག་ལའང་སྦྱོར་བར་རམ་ལུགས་པ་དག་འདོད་དོ། །གསུམ་པ་ལས་སྦྱོར་ནི། དེ་ལྟར་བསྙེན་པ་དང་སྒྲུབ་པ་སྔོན་དུ་སོང་ཞིང་། ལེའུ་བཅུ་གཅིག་པ་ནས་གསུངས་པའི་ལྟ་སྟངས་བཞི་གྲུབ་པའི་སྔགས་པས་ལས་གང་སྒྲུབ་པ་དེའི་ལྷའི་རྣལ་འབྱོར་གྱིས་འཆད་པར་འགྱུར་བའི་ལྟ་སྟངས་བཞི་དང་དབུགས་བཞི་བསྟུན་ལ་རང་རང་གི་སྔགས་མཐའ་རྟེན་སྤེལ་ཚིག་དང་བཅས་པ་བཟླ་བ་སྟེ། དེ་ཡང་རླུང་ཞི་བ་ཞེས་པ་ནང་དུ་གནས་པ་དང་བསྟུན་ནས་རང་ཉིད་རྡོ་རྗེ་མའི་ང་རྒྱལ་དང་ལྡན་པས་སྒྲུབ་བྱ་ལ་རེངས་པའི་ལྟ་སྟངས་ཀྱིས་ལྟ་ཞིང་། ༀ་ཧཱུྃ་ཆེ་གེ་མོ་རེངས་པར་གྱིས་ཤིག་སྭཱ་ཧཱ། ཞེས་ཅི་རིགས་བཟླས་པས་སྒྲུབ་བྱའི་སྒོ་གསུམ་རེངས་པར་བྱེད་དོ། །ཡང་རླུང་ནང་དུ་རྔུབ་པ་དང་བསྟུན་ནས་གསང་བའི་དཀར་མོའ་རྣལ་འབྱོར་གྱིས་སྒྲུབ་བྱ་ལ་དབང་གི་ལྟ་

p. 374

སྟངས་ཀྱིས་ལྟ་ཞིང་། ༀ་ཨཾ་ཆེ་གེ་མོ་དབང་དུ་གྱིས་ཤིག་སྭཱ་ཧཱ། ཞེས་བཟླས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །ཡང་རླུང་ཕྱིར་དབྱུང་བ་དང་བསྟུན་ནས་ཆུའི་རྣལ་འབྱོར་མའི་ང་རྒྱལ་དང་ལྡན་པས་སྒྲུབ་བྱ་ལ་ལྟུང་བའི་ལྟ་སྟངས་ཀྱིས་ལྟས་ལ། ༀ་ཁཾ་ཆེ་གེ་མོ་བསྐྲོད་པར་གྱིས་ཤིག་སྭཱ་ཧཱ། ཞེས་བཟླས་ན་དགྲ་བོ་ཡུལ་གཞན་དུ་བསྐྲོད་པར་འགྱུར་རོ། །ཡང་རླུང་ཕྱིར་དབྱུང་བ་དང་བསྟུན་ནས་རྡོ་རྗེ་མཁའ་འགྲོ་མའི་རྣལ་འབྱོར་གྱིས་སྒྲུབ་བྱ་ལ་ལྟུང་བའི་ལྟ་སྟངས་ཀྱིས་ལྟ་ཞིང་། ༀ་ཛྲིཾ་ཆེ་གེ་མོ་དང་ཆེ་གེ་མོ་ཞེ་སྡང་བར་གྱིས་ཤིག་སྭཱ་ཧཱ། ཞེས་བཟླས་ན་དགྲ་བོ་ནང་འཐབ་པར་འགྱུར་རོ། །ཡང་རླུང་ནང་དུ་གནས་པ་དང་བསྟུན་ནས་བདག་མེད་མའི་ང་རྒྱལ་གྱིས་སྒྲུབ་བྱ་ལ་རེངས་པའི་ལྟ་སྟངས་ཀྱིས་ལྟ་ཞིང་། ༀ་བུཾ་ཆེ་གེ་མོ་རིམས་ཀྱིས་འདེབས་པར་གྱིས་ཤིག །ཅེས་སོགས་ཀྱི་སྤེལ་ཚིག་སྭཱ་ཧཱའི་མཐའ་རྟེན་དང་བཅས་པ་བཟླས་པས་མངོན་སྤྱོད་ཀྱི་ལས་ཕལ་ཆེར་འགྲུབ་པར་འགྱུར་རོ། །ཡང་རླུང་དགང་བ་

p. 375

བུམ་པ་ཅན་དང་བསྟུན་ནས་ས་སྤྱོད་མའི་ང་རྒྱལ་གྱིས་སྒྲུབ་བྱ་ལ་བགུག་པའི་ལྟ་སྟངས་ཀྱིས་ལྟ་ཞིང་། ༀ་ཧཱུྃ་ཆེ་གེ་མོ་བགུག་པར་གྱིས་ཤིག་སྭཱ་ཧཱ། ཞེས་བཟླས་ན་སྐྱེས་པ་དང་བུད་མེད་སོགས་བགུག་པར་ནུས་སོ། །ཡང་རླུང་ནང་དུ་གནས་པ་དང་བསྟུན་ནས་མཁའ་སྤྱོད་མའི་ང་རྒྱལ་གྱིས་སྒྲུབ་བྱ་ལ་རེངས་པའི་ལྟ་སྟངས་ཀྱིས་ལྟ་ཞིང་། ༀ་གྷུཿཆེ་གེ་མོ་གསོད་པར་གྱིས་ཤིག་སྭཱ་ཧཱ། ཞེས་བཟླས་ན་དགྲ་བོ་གསོད་པར་བྱེད་དེ། འདིའི་ཏིང་ངེ་འཛིན་ལེའུ་གཉིས་པར་མི་གསལ་བ་ཁ་བསྐང་བའི་ཆེད་དུ་བརྟག་པ་ཕྱི་མའི་ལེའུ་དགུ་པར་ཁ་སྦྱར་འབྱེད་པའི་མཚན་ཉིད་གསུངས་པའི་དོན་འཆད་པ་ལ་གཉིས། གང་ལ་བྱ་བའི་ཡུལ་དང་། ཇི་ལྟར་བྱ་བའི་ཆོ་གའོ། །དང་པོ་ནི། སེམས་ཅན་གྱི་རིས་གདུག་པ་ཅན་གང་དག་དཀོན་མཆོག་གསུམ་ལ་གནོད་པར་བྱེད་ཅིང་། རྡོ་རྗེའི་སློབ་དཔོན་ལ་བརྙས་པར་བྱེད་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ལོག་པར་ལྟ་ཞིང་། སེམས་ཅན་རྣམས་ལ་རྟག་པར་

p. 376

འཚེ་བ་དང་མཚམས་མེད་པ་ལྔ་ལ་སོགས་པའི་ལས་ངན་པ་བྱེད་པར་མཐོང་ན། ལས་དེའི་དབང་གིས་སེམས་ཅན་དེ་ངན་སོང་དུ་སྐྱེ་བར་རིག་ནས་དེ་ལས་བཟློག་པའི་ཕྱིར་ཐེག་པ་ཐུན་མོང་གི་གདམས་པས་བློ་ཁྲིད་ནས་ཟབ་མོའ་རྒྱུད་འདིར་འཇུག་པའི་ཐབས་ཕྱི་མའི་བརྒྱད་པར་གསུངས་པ་ལྟ་བུའི་ཐབས་སྣ་ཚོགས་ཀྱིས་འདུལ་བར་བྱ་ཞིང་། དེ་ལྟ་བུས་ཅི་ནས་ཀྱང་གདུལ་བར་མ་ནུས་པ་དེའི་ཚེ་སྔགས་པས་སེམས་ཅན་དེ་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་མངོན་སྤྱོད་ཀྱིས་འདུལ་བའི་ཐབས་ཁ་སྦྱར་འབྱེད་པའི་ཆོ་ག་འདི་བརྩམ་པར་བྱ་སྟེ། ཕྱི་མའི་དགུ་པར། བསྟན་ལ་གནོད་པ་བྱེད་པ་དང་། །བླ་མ་སངས་རྒྱས་འཇིག་པ་སྟེ། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་བསད་པར་བྱ་བ་ཉིད། །ཅེས་དང་། ནཱ་རོ་ཞབས་ཀྱི་འགྲེལ་པར། གང་གི་ཚེ་གདུལ་དཀའ་བ་སྔར་བཤད་པའི་ཚུལ་གྱིས་གདུལ་བར་མི་ནུས་པ་དེའི་ཚེ་ནུས་པ་བསྟན་ནས་གདུལ་བར་བྱའོ། །ཞེས་པ་རྒྱུ་དེའི་ཕྱིར་ཁ་སྦྱར་འབྱེད་པའི་ཆོ་ག་

p. 377

བཤད་པར་བྱའོ། །ཞེས་འབྲེལ་ལོ། །ཁ་སྦྱར་འབྱེད་པའི་ཆོ་ག་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། ཕྱི་མའི་དགུ་པར། དེ་ནས་ཁ་སྦྱར་འབྱེད་པ་ཡི། །མཚན་ཉིད་ཡང་དག་རབ་ཏུ་བཤད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བ། །སྒྲུབ་བྱའི་ལྟེ་བའི་རྩ་བ་ལ། །བརྟུལ་ཞུགས་ཅན་གྱི་ལག་པས་གདོན། །ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས། །ནང་གི་མ་རུངས་སེམས་ཀྱིས་ནི། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །ཅེས་གསུངས་པའི་དོན་ལག་ཏུ་བླང་བའི་རིམ་པ་རྗེ་བཙུན་མར་རྔོག་གི་ལུགས་བཞིན་བརྗོད་ན། དང་པོར་བླ་མ་དག་པའི་ཆོ་ག་དང་། ཚད་མེད་བཞི་དང་། སྟོང་པ་ཉིད་བསྒོམ་པ་དང་། ས་བོན་བསྡུ་བ་དང་། གཟུགས་རྫོགས་པ་དང་། ཡི་གེ་བགོད་པ་དང་། ཡེ་ཤེས་པ་གཞུག་པ་དང་། དབང་བསྐུར་ཞིང་རྒྱས་གདབ་པ་སྟེ་ཆོ་གའི་ཐོ་བརྒྱད་ཀྱིས་རང་ཉིད་ཧེ་རུ་ཀར་བསྐྱེད་ལ། སྙིང་

p. 378

པོའམ་རྩ་སྔགས་ལ་འབུམ་མམ་བྱེ་བ་བསྙེན་པ་བྱ་ཞིང་སྒྲུབ་པ་ལ་མཁའ་སྤྱོད་མའི་རྣལ་འབྱོར་གྱིས། ༀ་གྷུཿསྭཱ་ཧཱ་ལ་ཁྲི་ཕྲག་གཅིག་བཟླས་པ་བྱས་ལ། ལས་སྦྱོར་གྱི་ཚེ་རང་ཉིད་ལྷར་གསལ་བའི་སྙིང་ཁའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་ཁྲོ་བོ་རྣམས་ཀྱིས་སྒྲུབ་བྱའི་ལུས་རིད་ཅིང་འདར་ལ་སྐྲ་གྲོལ་བ། ཁ་ནས་ཁྲག་སྐྱུག་ཅིང་ལུས་འབྲུ་མར་གྱིས་བྱུགས་པ། ལག་ན་དུག་གི་རལ་གྲི་ཐོགས་པ་ཞིག་གི་མགྲིན་པ་ཞགས་པས་བཅིངས། སྙིང་ལྕགས་ཀྱུས་ཕུག་ནས་རླུང་གི་དཀྱིལ་འཁོར་ལ་ཁ་སྦུབ་ཏུ་སྐྱོན་ཏེ་རང་གི་མདུན་དུ་བཀུག་ནས་གནས་པ་དེ་ལ་ཉེས་པ་བསྒོ་བ་ནི། བླ་མ་ཐུབ་པ་ལ་ཞུས་ནས། །ཞེས་གསུངས་ལ། སྒྲུབ་བྱ་དེས་རང་གི་ལག་ན་ཐོགས་པའི་དུག་གི་རལ་གྲིས་ཕ་མ་དང་མཁན་སློབ་ལ་སོགས་པའི་འགྲོ་བ་མཆོག་དམན་དུ་མ་བསད་ཅིང་དཀོན་མཆོག་གི་རྟེན་བཤིག་པ་སོགས་མི་དགེ་བའི་ལས་སྣ་ཚོགས་བྱེད་པར་སྒོམ། དེའི་ཚེ་རང་ཉིད་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་ཕྱིན་ནས་

p. 379

ཁོའི་ཉེས་པ་རྣམས་སྒྲགས་ལ། འདི་མ་བསྒྲལ་ན་ངན་སོང་དུ་ལྟུང་བར་འདུག་པས་འདི་བསྒྲལ་བའི་ལས་ཤིག་བགྱིད་པར་ཞུ། ཞེས་སྙིང་རྗེའི་སེམས་ཀྱིས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཀྱིས་གནང་བ་བྱིན་པར་བསམ་མོ། །དེ་ནས་དགྲ་བོའི་བསྲུང་བ་གཞོམ་པ་ནི། སྔར་ཁོས་གསད་པའི་སེམས་ཅན་རྣམས་ཀྱི་རྣམ་ཤེས་འོད་ཟེར་དུ་གྱུར་ཏེ་ནམ་མཁར་སྤྲོས་པ་རང་ཧེ་རུ་ཀར་གསལ་བའི་ཞལ་དུ་ཞུགས་པ་ཡུམ་གྱི་མཁར་བབས་ཏེ་ཞུ་བ་ལས་པུཀྐ་སཱི་ལ་སོགས་པའི་མཚམས་མ་བཞི། ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་ཐོགས་པར་གྱུར་པ་དང་། གཞན་ཡང་ཁྲོ་བོ་དང་ཁྲོ་མོ་དུ་མར་གྱུར་པ་རྣམས་སྔར་གྱི་སྒྲུབ་བྱའི་རྩར་སོང་ནས་དུག་གི་རལ་གྲི་ས་ལ་ལྷུང་བ་དང་། ཁོའི་སྨན་དང་། སྔགས་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་བསྲུངས་ཐམས་ཅད་ཕྲོགས་ནས་འོངས་ཏེ་བསྲུང་བ་དེ་རྣམས་རང་ལ་སྟིམ་པས་མེ་འབར་བ་ལ་ཤིང་བསྣན་པ་ལྟར་རང་གཟི་བརྗིད་

p. 380

དང་ལྡན་པར་བསྒོམས་ལ། ཧེ་རུ་ཀའི་རྣལ་འབྱོར་གསལ་བཏབ་པའི་མདུན་གྱི་ནམ་མཁར་ཉི་ཟླ་ཁ་སྦྱོར་ཟ་མ་ཏོག་ལྟ་བུ་ཞིག་བསམས་ལ་སྙིང་རྗེ་ཆེན་པོས་ཀུན་ནས་སླངས་པའི་ཁྲོ་བའི་སེམས་ཀྱིས་སྒྲུབ་བྱའི་སྙིང་དཀར་ནག་གི་མཚམས་ན་རྣམ་པར་ཤེས་པ་ནྲྀའམ་ཨ་ཐུང་གི་རྣམ་པར་ཡོད་པ་དེ་ལག་པས་བཏོན་ནས་ཉི་ཟླ་ཁ་སྦྱར་གྱི་བར་དུ་བཅུག་ཅིང་། བཤང་ལམ་ནས་ཁབ་མེ་འབར་བའི་རྣམ་པ་ཞུགས་ཏེ་ཡར་སོང་བ་སྙིང་ཀར་མེའི་ས་བོན་རཾ་དམིགས་པ་ལ་རེག་པས་འཇིག་པའི་དུས་ཀྱི་མེ་ལྟ་བུ་འབར་བས་ལུས་སྲེག་པར་དམིགས་ན་སྐད་ཅིག་གིས་དགྲ་བོ་འཆི་བར་འགྱུར་ཏེ། ཇི་སྐད་དུ། འདི་ནི་སྒོམས་པ་ཙམ་གྱིས་ནི། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །ཅེས་དང་། རྒྱུད་འདི་ལ་ནི་སྲེག་བླུགས་མེད། །ཕྱག་རྒྱ་བཅིང་དང་བྱ་བ་མེད། །རྒྱུད་ཆེན་ཀླགས་པས་འགྲུབ་པ་ཉིད། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །ཅེས་སོ། །དེ་ནས་སྒྲུབ་བྱ་གནས་སྤར་བ་ནི། སྔར་གྱི་ལྷ་མོ་དེ་རྣམས་ཀྱིས་ཁོའི་

p. 381

རྣམ་ཤེས་གནས་པའི་ཉི་ཟླ་ཁ་སྦྱར་དེ་མི་བསྐྱོད་པའི་ཞིང་དུ་སྐྱལ་བས། ཞིང་དེར་སྐྱེས་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཆོས་ཀྱི་སྣོད་དུ་གྱུར་པར་སྒོམ་མོ། །ཞེས་པ་རྣམས་ནི་ཚོགས་བཤད་དུ་གསུངས་པ་ལྟར་འགྲེལ་བ་ཁུངས་མ་འགའ་ལས་བསྡུས་པ་ཡིན་ལ། སློབ་བཤད་ཀྱི་མན་ངག་དགྲ་བོ་གསད་པའི་ཡིག་ཆུང་ལས་འབྱུང་བ་ནི་ཤིན་ཏུ་གསང་བར་གདམས་པས་རེ་ཞིག་འདིར་མ་བྲིས་སོ། །དེ་ལྟར་རྣལ་འབྱོར་པས་བསད་པའི་ལས་བྱ་བ་ཡང་བསྒྲུབ་བྱ་དེ་ངན་པའི་ལས་ལ་ཞེན་ཅིང་ལས་དེའི་དབང་གིས་སྐྱེ་བ་ཕྱི་མར་མྱོང་འགྱུར་གྱི་སྡུག་བསྔལ་ལས་ངེས་པར་བསྒྲལ་བ་དང་། བསྒྲུབ་བྱ་དེ་སྔགས་ཀྱི་ཐེག་པར་བཞུག་འདོད་ཀྱི་སྙིང་རྗེ་ཆེན་པོས་བྱ་བ་ཡིན་ཏེ། ཇི་སྐད་དུ། སྙིང་རྗེས་བསད་པར་བྱ་བ་ཉིད། །ཅེས་སོ། །དེ་ལས་གཞན་དུ་ཞེ་སྡང་གི་དབང་གིས་སེམས་ཅན་ལ་གནོད་པའི་བསམ་པས་བྱས་ན་ལས་དེ་མི་འགྲུབ་པའི་ཁར་རང་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་བར་དུ་

p. 382

གཅོད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀག་སྟེ། ལེའུ་བཅུ་གཅིག་པར། བསད་པ་འདི་ལ་བྱ་བ་མིན། །དམ་ཚིག་ངེས་པར་ཉམས་པར་འགྱུར། །སེམས་ཅན་བསླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་སྙེད་མི་འགྱུར། །ཅེས་དང་། དྲི་མེད་འོད་ལས་ཀྱང་། ཅི་སྟེ་བསད་པ་ལ་སོགས་པའི་ལས་བྱས་པར་གྱུར་པ་ན། བསྒྲུབ་བྱ་དག་ནི་ལས་ཀྱི་མཐུ་ཡིས་ཤི་བར་གྱུར་པ་ན། དེའི་ཚེ་འདི་ནི་སྒྲུབ་པ་པོའི་བདུད་ཡིན་ཏེ་བདག་གིས་བསད་དོ་ཞེས་པའི་ང་རྒྱལ་ལས་སྒྲུབ་པ་པོ་དམྱལ་བར་འགྲོའོ། །ང་རྒྱལ་མེད་ཅིང་ང་ཡིར་འཛིན་པ་མེད་པ་ནི་དམན་པའི་ལས་མི་བྱེད་དེ་བདག་ཉིད་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ལྟའོ། །ཞེས་གསུངས་སོ། །ཡང་སྙིང་རྗེ་ཆེན་པོས་བསད་པའི་ལས་བྱ་བ་དེ། བསྒྲུབ་བྱས་མཚམས་མེད་པ་སོགས་སྡིག་པའི་ལས་བྱེད་པར་མཐོང་ལ། ལས་དེ་ལས་རེ་ཞིག་ཐབས་གཞན་གྱིས་ལྡོག་པར་མ་ནུས་པ་ཙམ་ལའང་བྱ་བ་

p. 383

ཡིན་ནམ་ཞེ་ན། དེ་ནི་བ སྒྲུབ་བྱ་ཚེའི་མཐར་ཐུག་པར་མཚམས་མེད་སོགས་སྡིག་པའི་ལས་འབའ་ཞིག་བྱེད་པར་ཤེས་ན་བརྒྱུད་ནས་རྗེས་སུ་འཛིན་པའི་ཕྱིར་གནས་སྐབས་སུ་སྙིང་རྗེའི་དབང་གིས་ཚར་བཅད་པར་བྱ་ཡི། དེ་ལྟ་མ་ཡིན་ན་བསྒྲུབ་བྱ་དེ་ཚེའི་འཇུག་ཏུ་དགེ་བ་སྒྲུབ་པའི་བར་ཆད་དུ་འགྲོ་བའི་ཕྱིར་རྣལ་འབྱོར་པ་མངོན་པར་ཤེས་པ་ལ་དབང་འབྱོར་བས་བསྒྲལ་བའི་དུས་ཤེས་པར་མ་གྱུར་པ་དེ་སྲིད་དུ་སྙིང་རྗེ་དང་ལྡན་ཀྱང་བསད་པའི་ལས་མི་བྱ་སྟེ། རྩ་རྒྱུད་ཀྱི་འགྲེལ་པར་ཇོ་བོ་ནཱ་རོ་པས། དེ་ལ་ཕྱི་རོལ་ཏུ་སྲོག་བཅད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཏེ། མཚམས་མེད་ལྔ་པོ་དེ་ཉིད་སྔོན་དང་ཕྱི་མར་ཤེས་ནས་སོ། །འདིར་འགའ་ཞིག་སྔར་མཚམས་མེད་པ་ལྔ་བྱེད་པའི་ངང་ཚུལ་ཅན་གྱིས་ཕྱིས་བསོད་ནམས་བྱེད་པ་པོར་འགྱུར་ཏེ་གཏུམ་པོ་མྱ་ངན་མེད་པ་དང་། ཆོས་རྒྱལ་མྱ་ངན་མེད་པ་བཞིན་ནོ། །དེའི་ཕྱིར་དེ་ལ་གནོད་པ་བྱས་པ་ལས་སྔགས་པ་

p. 384

དམྱལ་བར་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །དེས་ན་ཇི་སྲིད་མངོན་པར་ཤེས་པ་ལྔ་ཅན་དུ་མ་གྱུར་པ་དེ་སྲིད་དུ་སྔགས་པས། །ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། དགུག་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་རྫུན་དུ་སྨྲ་བ་གཞན་ལ་གནོད་པ་དང་། མ་བྱིན་པར་ལེན་པ་དང་། གཞན་གྱི་བུད་མེད་ལེན་པ་དང་། དམ་ཚིག་བསྟེན་པ་དང་། རིགས་དང་རིགས་མ་ཡིན་པ་ལ་བགྲོད་པ་དང་། རང་གི་མགོ་བོའི་མཐར་ཐུག་པ་སྦྱིན་པ་ཡང་རང་གི་དོན་དུ་ནི་མ་ཡིན་ནོ། །ད་ནི་གང་གི་ཚེ་འཆི་བའི་མཐར་ཐུག་པར་མཚམས་མེད་པ་ལྔ་བྱེད་ན། དེའི་ཚེ་སྔར་སྒྲུབས་པའི་སྔགས་ཁྲོ་བོའི་རིགས་ལ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་འདི་ཡིས་བསད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སོ། །ཞེས་གསུངས་སོ། །བརྒྱད་པ་ཀུ་རུ་ཀུལླེའི་རྣལ་འབྱོར་གྱིས་དབང་གི་ལས་དང་ལྟ་སྟངས་བཞི་སྒྲུབ་པ་ལ། །བསྙེན་པ་དང་། །ལས་སྦྱོར་གཉིས་ཀྱི། །དང་པོ་ནི། བླ་མ་

p. 385

དག་པ་དང་ཚད་མེད་བཞི་སྔོན་དུ་འགྲོ་བས་དངོས་གཞི་ལ་སྟོང་པ་ཉིད་དུ་བསྒོམས་ནས། པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧྲཱིཿལས་ཨུཏྤ་ལ་ཧྲཱིཿས་མཚན་པ་ལས་འོད་ཟེར་འཕྲོས་འདུས་པ་ལས། རང་ཉིད་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ་ཕྱག་དང་པོ་གཉིས་ཀྱིས་མདའ་གཞུ་འགེངས་ཤིང་། གཡས་འོག་མས་ཕུན་ཚོགས་ཀྱི་ངོ་བོ་ཨུཏྤ་ལ་དང་། གཡོན་འོག་མས་འདོད་དོན་མགུགས་པའི་ལྕགས་ཀྱུ་འཛིན་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་སྐྲ་ཁམ་པ་གྱེན་དུ་འཁྱིལ་བ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། དཀྱིལ་དཀྲུངས་ཕྱེད་པའི་གར་གྱིས་བཞུགས་པའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་དང་། ཐུགས་ཀར་ཉི་མ་ལ་ས་བོན་སྔགས་ཀྱིས་བསྐོར་བར་བསྒོམས་པ་དེ་ལ་ཡེ་ཤེས་པ་བཞུག་ཅིང་དབང་བསྐུར་བས་རྡོ་རྗེ་ཆོས་ཀྱིས་དབུ་བརྒྱན་པར་བསམ་མོ། །དེ་ནས་ཐུགས་ཀའི་སྔགས་ལ་དམིགས་ནས། ༀ་ཀུ་རུ་ཀུལླེ་རིག་བྱེད་མ་ཧྲཱིཿསྭཱ་ཧཱ། ཞེས་བཟླ་བ་སྟེ། དེ་

p. 386

ཡང་། འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་བ་ཉིད། །བྱེ་བས་ཕྱུགས་དང་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །བརྒྱ་ཕྲག་གཅིག་གིས་སྔགས་པ་རྣམས། །ཅེས་གསུངས་པའི་རྐང་པ་མཐའ་མ་འདིའི་རྒྱ་དཔེར། མནྟྲི་ཎི་ཞེས་སྣང་བ་འབྲོག་མིས་སྔགས་པར་བསྒྱུར་ཡང་། ཕྱིས་ཀྱི་དཔྱོད་ལྡན་དག་སྔགས་པ་ནུས་པ་དང་ལྡན་པ་རྣམས་ནི་དབང་དུ་བྱེད་དཀའ་བའི་ཕྱིར་བཟླས་པའི་གྲངས་ཉུང་ངུས་མི་ཆོག་པས། བརྒྱ་ཕྲག་གཅིག་གིས་བློན་པོ་རྣམས། །ཅེས་བསྒྱུར་ན་ལེགས་པ་ཡིན་ཅེས་ཟེར་ལ། མདོར་ན་བསྟན་མ་ཐག་པའི་བསྙེན་པའི་གྲངས་དེ་དང་དེས་འགྲོ་བ་དེ་དང་དེ་དབང་དུ་བྱེད་པར་ནུས་ཅེས་གསུངས་པ་ཡིན་ནོ། །གཉིས་པ་ལ། བཟླས་བརྗོད་ལ་བརྟེན་པའི་ལས་སྦྱོར་དང་། ལྟ་སྟངས་ལ་བསྟེན་པའི་ལས་སྦྱོར་གཉིས་ཀྱི། །དང་པོ་ནི། ལྷ་མོའ་བསྙེན་སྒྲུབ་ཚད་དུ་ཕྱིན་པས་རང་ཉིད་ཀུ་རུ་ཀུལླེའི་རྣལ་འབྱོར་ལ་

p. 387

གནས་པའི་སྙིང་གར་ཉི་མ་ལ་གནས་པའི་ཧྲཱིཿཡིག་གི་མཐའ་མར་ཨ་ཐུང་བརྒྱད་ཀྱིས་བསྐོར་བར་བསམ་ཞིང་། གང་དབང་དུ་བྱ་བ་དེའི་སྙིང་གར་ཡང་ཤེས་པའི་རྟེན་ཨཱ་ལི་ཐུང་ངུ་དམར་པོ་བརྒྱད་བསམས་ལ། རང་གི་སྙིང་གའི་ཨ་བརྒྱད་པོ་སྟག་སྦྲང་བརྒྱད་དུ་གྱུར་པ་དེ་ནས་ཐོན་ཏེ་སྒྲུབ་བྱའི་སྙིང་གའི་ཨཱ་ལི་བརྒྱད་པོ་ཁས་བླངས་ནས་རང་གི་སྙིང་གར་ཞུགས་ཏེ་ཧྲཱིཿལ་བསྐོར་ནས་གནས་པ་ན། ཧྲཱིཿལས་འོད་ཟེར་བྱུང་བས་སྟག་སྦྲང་བརྒྱད་འོད་དུ་ཞུ་ནས་ཧྲཱིཿལ་ཐིམ་པས་ཧྲཱིཿའོད་དང་ལྡན་ཅིང་བཀྲག་དང་ལྡན་པར་བསམས་ལ། ༀ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་དབང་དུ་གྱིས་ཤིག་སྭཱ་ཧཱ། ཞེས་གང་དབང་དུ་བྱ་བའི་ཡུལ་དང་མཚམས་པའི་གྲངས་གོང་དུ་སྨོས་པ་ལྟར་བཟླས་པས་འགྲུབ་བོ། །གཉིས་པ་ནི། ལེའུ་བཅུ་གཅིག་པར། མཉམ་པར་མ་རུངས་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། །དབང་གི་ལྟ་སྟངས་གཡོན་ན་གནས། །གཡོན་པ་ན་ནི་གཟུགས་བརྙན་གཉིས། །གཡས་པའི་ཆ་ལ་བགུག་པ་

p. 388

ཉིད། །སྟེང་ནས་ཀྱང་ནི་གཟུགས་བརྙན་གཉིས། །དབུ་མ་རེངས་པའི་ལྟ་སྟ ངས་ཉིད། །སྣ་ཡི་རྩེ་མོའ་དབུས་སུ་གཉིས། །ཅེས་པའི་ལྟ་སྟངས་བཞི་པོ་འདི་དང་། དབྱུང་བ་ཡིས་ནི་ལྟུང་བར་བྱེད། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་དགུག་པ་ཉིད། །ཞི་བ་ཡིས་ནི་རེངས་པར་བྱེད། །ཅེས་གསུངས་པའི་རླུང་བཞི་རིམ་པ་ཇི་ལྟ་བར་སྦྱར་ལ། རང་ཉིད་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་ཉམས་སད་པའི་གནས་བཞི་དང་སྦྱར་བ་ན་ལྟུང་བ་སོགས་ཀྱི་མཚན་མ་སྙེད་པའི་སྔགས་ལས་རླུང་ཕྱིར་དབྱུང་བ་ནས་བརྩམས་ཏེ་ལྷའི་རྣལ་འབྱོར་གསལ་བཏབ་ལ་མིག་འབྲས་གཉིས་ཧཱུྃ་གིས་བྱིན་གྱིས་བརླབས་ནས། ཡིད་ཁྲོ་བའི་སེམས་ཀྱིས་སྒྲུབ་བྱའི་དཔྲ ལ་བར་རང་གི་མིག་གཡས་གཡོན་གཉིས་མཉམ་ཞིང་མཚུངས་པར་ལྟ་ཞིང་། ལྟ་སྟངས་དེ་ས་ལ་ཕབ་ན་རྒྱལ་པོ་ལ་སོགས་པ་གནས་ནས་ལྟུང་བར་འགྱུར་རོ། །རླུང་ནང་དུ་རྔུབ་པའི་དུས་སུ་ལྷའི་རྣལ་འབྱོར་གསལ་བཏབ་ནས་ཧཱུྃ་གིས་བྱིན་གྱིས་བརླབས་

p. 389

པའི་རང་གི་མིག་འབྲས་གཉིས་གཡོན་ཕྱོགས་སུ་བསྒྱུར་བ་ལ་སྒྲུབ་བྱའི་གཟུགས་བརྙན་འཆར་བར་བྱས་ལ། གཟུགས་བརྙན་དེ་འདྲེན་པའི་ཚུལ་དུ་མིག་གཉིས་མདུན་དུ་བསྡུད་པའི་ལྟ་སྟངས་ཀྱིས་ལྟས་པས་རྒྱལ་པོ་སོགས་དབང་དུ་བྱེད་དོ། །རླུང་དགང་བ་བུམ་པ་ཅན་གྱི་དུས་སུ་ལྷའི་རྣལ་འབྱོར་གསལ་བཏབ་ནས་ཧཱུྃ་གིས་བྱིན་གྱིས་རླབས་པའི་མིག་གཉིས་གཡས་ཕྱོགས་སུ་ལྟས་ལ། སྟེང་ནས་བསྒྱུར་ལ་གཟུགས་བརྙན་ལ་ལྟ་བའི་ཚུལ་དུ་མིག་འབྲས་གཉིས་མི་གཡོ་བར་བྱེད་པའི་ལྟ་སྟངས་ཀྱིས་གང་ལ་ལྟས་པ་དེ་བགུག་པར་ནུས་སོ། །རླུང་ནང་དུ་གནས་པ་དང་བསྟུན་ནས་ལྷའི་རྣལ་འབྱོར་གསལ་བཏབ་ནས་ཧཱུྃ་གིས་བྱིན་གྱིས་བརླབས་པའི་མིག་འབྲས་གཉིས་སྣའི་རྩེ་མོར་བསྡུས་པ་ལ་སྒྲུབ་བྱའི་གཟུགས་བརྙན་འཆར་བར་བྱས་ལ། ཐད་ཀར་ལྟ་བའི་ལྟ་སྟངས་ཀྱིས་ལྟས་པས་དགྲ་བོ་སོགས་རེངས་པར་བྱེད་པ་སྟེ། །ལྟ་སྟངས་འདི་བཞི་ཀུ་རུ་ཀུལླེའི་རྣལ་འབྱོར་གྱིས་སྒྲུབ་པར་མ་ཟད་སྔར་བརྗོད་པ་

p. 390

བཞིན་ལྷ་མོ་བདུན་གྱི་ལས་དང་ཡང་སྦྱར་ལ། ཧེ་རུ་ཀ་དང་བདག་མེད་མའི་རྣལ་འབྱོར་གྱིས་ཀྱང་སྒྲུབ་པར་ནུས་སོ། །ལྟ་སྟངས་འདི་རྣམས་དུས་ཇི་ཙམ་གྱིས་འགྲུབ་ཅེ་ན། ལེའུ་བཅུ་གཅིག་པར། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །འདི་ལ་འཁྲུལ་པར་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་གསུངས་པས་བསྙེན་པ་སྔོན་དུ་སོང་བས་ཟླ་བ་དྲུག་ཏུ་སྒྲུབས་ལ། ལས་སྦྱོར་གྱི་སྔོན་དུ་གྲུབ་བམ་མ་གྲུབ་ཉམས་སད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། རློན་པའི་ཤིང་ལ་ལྟུང་བྱེད་ཉིད། །དབང་ལ་མེ་ཏོག་རབ་ཏུ་གྲགས། །རྡོ་རྗེའི་ཤིང་ལ་བགུག་པ་ཉིད། །གཡོ་བཅས་རྩྭ་ལ་རེངས་བྱེད་ཉིད། །ཅེས་བཀའ་བསྩལ་བའི་དོན་ནི་ལྟུང་བའི་ལྟ་སྟངས་སྔར་བཤད་པའི་ཚུལ་གྱིས་ཤིང་རློན་པ་ལ་ལྟས་པས་དེའི་འབྲས་བུ་ས་ལ་དབབ་ནུས་པ་དང་། མེ་ཏོག་ཁ་ཕྱིར་བསྟན་པ་ལ་དབང་གི་ལྟ་སྟངས་ཀྱིས་ལྟས་པས་ཁ་ཚུར་དུད་པར་འགྱུར་བ་དང་། ཤྲཱི་ཁཎྜ་

p. 391

སོགས་འོ་མ་ཅན་གྱི་ཤིང་རྡོ་རྗེའི་ཤིང་དུ་གྲགས་པ་རྣམས་ལ་བགུག་པའི་ལྟ་སྟངས་ཀྱིས་བཀུག་པས་ཁུགས་པར་ནུས་པ་དང་། རླུང་གིས་རབ་ཏུ་གཡོ་བའི་རྩྭ་ལ་རེངས་པའི་ལྟ་སྟངས་ཀྱིས་ལྟས་པས་མི་གཡོ་བར་གནས་ནུས་པ་ན་སྒྲུབ་བྱ་ལ་ཡང་ལས་སྦྱོར་ནུས་པ་ཡིན་ནོ། །སྦྱོར་བ་འདི་རྣམས་ཀྱང་སེམས་ཅན་གདུལ་དཀའ་བ་ཞི་བས་མི་ཐུལ་བ་རྣམས་ལ་རང་གི་ནུས་པ་བསྟན་ནས་བསྟན་པ་ལ་བཞུག་པའི་ཆེད་དུ་ཡིན་གྱི། སྒྲུབ་བྱ་རྨ་དབབ་པ་དང་རང་གི་ཚེ་འདིའི་གྲགས་འབྱོར་ཐོབ་པའི་ཆེད་དུ་ནི་བྱ་བ་མ་ཡིན་ཏེ། ཇི་སྐད་དུ། ལྟ་སྟངས་བཞི་བོ་སྒྲུབས་ནས་ནི། །མཁས་པས་སེམས་ཅན་བཞུག་པར་བྱ། །ཞེས་སོ། །དགུ་པ་ཆར་དབབ་པ་ལ། །བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི། །དང་པོ་ནི། ཧེ་བཛྲའི་རྩ་སྔགས་གསུམ་འབུམ་མམ་བྱེ་བ་བཟླས་པས་བསྙེན་པ་དང་བཅུ་ཆའི་སྦྱིན་སྲེག་བྱའོ། །གཉིས་པ་ནི། །ཆོ་ག་ཐོ་བརྒྱད་ཀྱིས་རང་ཧེ་བཛྲ་དུ་བསྐྱེད་ལ་ༀ་གྷུ་རུ་གྷུ་རུ་ལ་སོགས་པའི་སྔགས་ཁྲི་ཕྲག་

p. 392

གཅིག་བཟླ་བའོ། །གསུམ་པ་ལས་སྦྱོར་ལ། །དངོས་དང་། སྤོགས་ཆོག་གཉིས་ཀྱི། །དང་པོ་ནི། རང་གི་ཁང་པའི་ནུབ་བྱང་དུ་རྫིང་བུ་ཁྲུ་གང་པ་ཀླུ་གནས་པའི་ས་ནས་བླངས་པའི་ཆུས་བཀང་བ་བྱའོ། །དེ་ནས་ཆུ་ཕར་འགྲམ་ཚུར་འགྲམ་གྱི་ས་དང་། བྱ་མོ་ནག་མོའ་སྒོ་ང་དང་། རྒྱ་གྲོག་གིས་བྲུས་པའི་ས་དང་། བ་དམར་སེར་གྱི་ལྕི་བ་དང་། བག་ཕྱེ་རྣམས་ལ་ཀླུའི་རྒྱལ་པོ་མཐའ་ཡས་ཀྱི་གཟུགས་བརྙན་རོ་སྟོད་སྐྱེས་བུའི་རྣམ་པ་ཅན་ཐལ་མོ་སྙིང་གར་སྦྱར་བ། སྦྲུལ་མགོ་བདུན་གྱི་གདེངས་ཀ་དང་ལྡན་པ། རོ་སྨད་སྦྲུལ་འཁྱིལ་བའི་དབྱིབས་ཅན་བྱས་ལ། ཁམ་ཕོར་གྱི་ནང་དུ་བཞག་པ་བསང་སྦྱངས། སྟོང་པའི་ངང་ལས་ཨ་ཕུཿལས་ཀླུའི་རྒྱལ་པོ་མཐའ་ཡས་སྐུ་མདོག་དཀར་པོ་སྐུ་སྟོད་སྐྱེས་བུའི་རྣམ་པ་མཛེས་ཤིང་ཡིད་དུ་འོང་བ། ཞལ་གཅིག་པ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་སྐུ་སྨད་སྦྲུལ་འཁྱིལ་བའི་དབྱིབས་ཅན་དུ་

p. 393

གསལ་བའི་ཐུགས་ཀའི་ཕུཿལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་པ་བཀུག་སྟེ་དམ་ཚིག་པ་ལ་དབྱེར་མེད་དུ་ཐིམ་པར་མོས་ལ། དེ་ལྟ་བུའི་མཐའ་ཡས་ཀྱི་གཟུགས་དེ་ལ་སྦྲང་རྩི་བུ་རམ་ཀ་ར་འོ་མ་རྣམས་བསྲེས་པའི་ཁུ་བས་བྱུག་ཅིང་། ཨུཏྤ་ལ་སྔོན་པོས་མཆོད་ནས། ཚ་མགར་བའི་ཞི་ཁར་བཞུ་བས་བྱུག་པ་དང་། གླང་པོ་ཆེ་གླང་མོ་ལ་སྙོམས་འཇུག་བྱས་པའི་སྣ་རྩའི་རྡུལ་གྱིས་ཀྱང་མཐའ་ཡས་ཀྱི་གཟུགས་དེའི་མགོ་བོ་བྱུགས་ནས། ཁམ་ཕོར་དེ་བ་ནག་མོའ་འོ་མས་བཀང་ལ་ཁམ་ཕོར་གཞན་གྱིས་ཁ་བཅད་ནས། གཞོན་ནུ་མ་གྲོང་པའི་ཆོས་ཀྱིས་མ་གོས་པ་ཁ་དོག་ནག་མོས་བཀལ་བའི་སྲད་བུ་རམས་ལ་བཙོས་པས་རྒྱ་གྲམ་དུ་དཀྲིས་ནས་མགོ་ཞབས་མ་ལོག་པར་རྫིང་བུའི་དབུས་སུ་ཁྲིའུའི་ཁར་བཞག་གོ། །དེ་ནས་རྫིང་བུ་དང་རང་གི་ཁང་པའི་བར་དུ་མདོ་སྦྱར་ལས་འབྱུང་བ་བཞིན་ས་ཆོག་བྱ་སྟེ། དཀྱིལ་འཁོར་གྱི་སྟེགས་བུ་ངོས་རེ་ལ་ཁྲུ་གསུམ་གསུམ་ཡོད་པ་བྱས་ལ། དེར་

p. 394

རོའི་སྐྲའམ། རྒྱུ་མའམ། རྒྱུས་པའིམ། རོ་རས་ལ་བྱས་པའི་ཐིག་སྐུད་ཀྱིས་ཆ་ཆེན་ཉི་ཤུར་ཐིག་གདབ་ཅིང་། དབུས་སུ་པད་ལྟེ་སོར་བརྒྱད་དང་། པད་འདབ་སོར་བཅུ་དྲུག་པའི་ཚད་ཟླུམ་པོར་བསྐོར་བར་དུར་ཁྲོད་ཀྱི་སོལ་བས་རྡུལ་ཚོན་ནག་པོ། སྐྱེས་པའི་རུས་པའི་ཕྱེ་མས་རྡུལ་ཚོན་དཀར་པོ། དེ་དང་ལྡོང་རོས་བསྲེས་ནས་སེར་པོ། དུར་ཁྲོད་ཀྱི་སོ་ཕག་དང་རུས་པ་བསྲེས་པས་དམར་པོ། ཐང་ཕྲོམ་པའི་ལོ་མ་དང་རུས་པ་བསྲེས་པས་ལྗང་གུ་སྟེ། རྡུལ་ཚོན་འདི་རྣམས་ཀྱིས་དཀྱིལ་འཁོར་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་བྲིས་པའི་འདབ་མ་རྣམས་ལ་ཀླུ་བརྒྱད་འོ ག་ནས་འབྱུང་བའི་ཁ་དོག་དང་རྣམ་པ་ཇི་ལྟ་བར་བྲིས་པའི་མགོ་རྣམས་དབུས་སུ་བསྡུས་པའི་སྟེང་དུ་བྱ་ཁྱུང་གི་གདན་ལ་གནས་པའི་སྟོབས་པོ་ཆེ་ཞལ་ཕྱག་རྫོགས་པར་བྲིས་པའི་དཀྱིལ་འཁོར་གྱི་མཐར་མཆོད་པ་དང་གཏོར་མ་ལ་སོགས་པ་ལེགས་པར་བཤམ་མོ། །དེ་ནས་རང་ཉིད་ཆོ་ག་ཐོ་བརྒྱད་ཀྱིས་མཐའ་ཡས་མནན་པའི་དགྱེས་པ་རྡོ་རྗེ་

p. 395

ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག་པ་བདག་མེད་མ་དང་སྦྱོར་བར་བསྐྱེད་ལ། རྩ་སྔགས་ལ་བཟླས་པ་ཅི་རིགས་བྱས་ནས་མདུན་གྱི་དཀྱིལ་འཁོར་སྟོང་པ་ཉིད་དུ་བསྒོམས། །དེའི་ངང་ལས་བསྲུང་འཁོར་དང་ཆོས་འབྱུང་གི་ནང་དུ་འབྱུང་བ་རིམ་བརྩེགས་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་པད་འདབ་དང་བཅས་པ་བསྐྱེད་པའི་པད་འདབ་བརྒྱད་ལ་ནཾ་བརྒྱད་བསྐྱེད་དེ། དེ་ཡང་ཤར་དང་མེར་ཀརྐོ་ཊ་དང་པད་མ་གཉིས་ནག་པོ། ལྷོ་དང་བདེན་བྲལ་དུ་ནོར་རྒྱས་ཀྱི་བུ་དང་དུང་སྐྱོང་གཉིས་དམར་པོ། ནུབ་དང་རླུང་དུ་འཇོག་པོ་དང་པད་ཆེན་གཉིས་སེར་པོ། བྱང་དང་དབང་ལྡན་དུ་མཐའ་ཡས་དང་རིགས་ལྡན་གཉིས་དཀར་པོ་སྟེ་ཐམས་ཅད་ཀྱང་སྟོད་སྐྱེས་བུའི་ཆ་བྱད་ཅན། ཞལ་གཅིག་ཕྱག་གཉིས་པ་དར་དང་རིན་པ ོ་ཆེས་བརྒྱན་ཅི ང་སྨད་སྦྲུལ་གྱི་དབྱིབས་ཅན། པད་འདབ་ཀྱི་སྟེང་དུ་འཁྱིལ་ཞིང་ཕྱག་གཉིས་ཐམ་མོ་སྦྱར་བ། །སྦྲུལ་གྱི་གདེངས་ཀ་ལྔ་དང་ལྡན་པའི་མགོ་རྣམས་པད་མའི་ལྟེ་བར་

p. 396

བསྡུས་པའི་སྟེང་དུ་ཁྲོཾ་ལས་ནམ་མཁའ་ལྡིང་གི་གཟུགས་འཇིགས་སུ་རུང་བ་དྲག་པོའི་སྡེར་མོས་ཀླུ་བརྒྱད་ཀྱི་སྐེ་འཚིར་བ། དེའི་སྟེང་དུ་ཧཱུྃ་ལས་སྟོབས་པོ་ཆེ་སྐུ་མདོག་ནག་པོ་ཞལ་བཞི་ཞབས་བཞི། ཕྱག་བརྒྱད་པ། རྩ་བའི་ཞལ་ནག་པོ། གཡས་ཞལ་དཀར་བ། རྒྱབ་ཞལ་སེར་པོ། །གཡོན་ཞལ་དམར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ། སྐྲ་དམར་སེར་གྱེན་དུ་འབ ར་བ། ཕྱག་བརྒྱད་ཀྱིས་ཀླུའི་བདག་པོའི་གཟུགས་འཛིན་པ། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ་སོགས་ཁྲོ་བོའི་ཆས་དང་ལྡན་པས་འཇིགས་པའིང་འཇིགས་པར་མཛད་པ། །གཙོ་འཁོར་དེ་རྣམས་ཀྱི་གནས་གསུམ་དུ་ༀ་ཨཱཿཧཱུྃ་དང་། སྟོབས་པོ་ཆེའི་ཐུགས་ཀར་ཧཱུྃ། བྱ་ཁྱུང་གི་སྙིང་གར་ཁྲོཾ། ཀླུ་བརྒྱད་ཀྱི་སྙིང་གར་ནཾ་རྣམས་ལས་འོད་ཟེར་འཕྲོས་པས་ལྷ་བཅུ་པོའི་ཡེ་ཤེས་སེམས་དཔའི་སྤྱན་དྲངས་ཏེ་གཉིས་སུ་མེད་པར་བསྲེས་ནས། ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་རྣམས་ཀྱིས་དབང་བསྐུར་བས་སྟོབས་པོ་ཆེ་ལ་མི་བསྐྱོད་པས་དབུ་

p. 397

རྒྱན་པར་བསྒོམ། དེ་ནས་མཆོད་བསྟོད་བྱ་ཞིང་གཏོར་མ་ཕུལ་ལ། རང་ཉིད་ཧེ་བཛྲ་དུ་གསལ་བའི་བཀས་སྟོབས་པོ་ཆེ་ལ་ཆར་ཕོབ་ཅིག་པར་བསྐུལ་བ་ན། དེས་ཀྱང་མཁའ་ལྡིང་ལ་ང་ལ་དཔལ་དགྱེས་པ་རྡོ་རྗེའི་བཀའ་བྱུང་བས་ཁྱོད་ཀྱིས་ཆར་ཕོབ་ཅིག་ཅེས་བསྒོས་པའི་ཚེ། དེས་ཀླུ་ཆེན་བརྒྱད་ལ་ཁྱེད་རྣམས་ཀྱིས་ཆར་འབེབས་སམ་མི་འབེབས། མི་འབེབས་ན་བསད་པར་བྱའོ་ཞེས་ཟེར་ཞིང་སྡེར་མོས་ཀླུ་བརྒྱད་གྱི་མགུལ་པ་རེས་འཆིང་། རེས་སློད་པར་བསྒོམ། ཀླུ་དེ་རྣམས་ཀྱིས་རྫིང་བུའི་ད བུས་ཀྱི་མཐའ་ཡས་ལ། ཀྱེ་མཐའ་ཡས་ཁྱོད་ཀྱིས་ཆར་ཕོབ་ཅིག །གལ་ཏེ་མ་ཕབ་ན་བདག་ཅག་རྣམས་འགུམ་པ་ལ་ཐུག་གོ་ཞེས་བསྒོ་བ་ན། མཐའ་ཡས་ཀྱི་ཁ་ནས་རླངས་པ་བྱུང་བ་སྤྲིན་གྱི་ཚོགས་སུ་གྱུར་པ་ལས་ཆར་གྱི་རྒྱུན་ཆེན་པོ་འབབ་པར་བསྒོམ་ཞིང་། སྦྱོར་བའི་རིམ་པ་འདིས་ཆར་ཕེབས་སམ་མི་ཕེབས་སྙམ་པའི་ཐེ་ཚོམ་མེད་པར་ངེས་པ་ཁོ་ནར་ཆར་དབབ་སྙམ་པའི་སེམས་ཀྱིས། སྟོབས་པོ་ཆེ་ལ་དྲག་ཏུ་

p. 398

གཟིར་ནས། ༀ་གྷུ་རུ་གྷུ་རུ། གྷུ་ཊུ་གྷུ་ཊུ། གྷ་ཏ་གྷ་ཏ། མ་ས་མ་ས། གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ་ནཱ་གཱ་དྷི་པ་ཏ་ཡེ་ཧེ་ཧེ་རུ་རུ་ཀ་སབྟ་པཱ་ཏཱ་ལངྒ་ཏཱནྣཱ་གཱ་ནཱ་ཀརྵ་ཡ་ཝརྵ་ཡ་གརྫ་ཡ་ཏ རྫ་ཡ། ཧེ་རུ་ཀའི་བཀས་ཀླུའི་བདག་པོ་མཐའ་ཡས་བསྐྱོད་པར་གྱིས་ཤིག །ས་འོག་བདུན་ན་གནས་པའི་ཀླུ་རྣམས་ཁུག་ཅིག །ཕོ བ་ཅིག །སྒྲོགས་ཤིག །སྡིགས་ཤི ག །ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་དབེན་པའི་གནས་སུ་བཟླས་པས་ཆར་འབབ་པར་འགྱུར་རོ། །གཉིས་པ་ནི། གལ་ཏེ་ཆར་མི་འབབ་ན་དེའི་ཚེ་སྒྲུབ་པ་པོས། ཧཱ་སྭཱ་ཊཕ་ཧཱུྃ་ཧཱུྃ་ཧཱུྃ་ཕུཿ ཕུཿ ཕུཿ ཕུཿཕུཿཕུཿཕུཿཕུཿ ཡརྫ་ཏ་ཡརྫ་ག་ཡ་རྵ་ཝ་ཡ་རྵ་ཀ་ནཱ་ག་ནཱ་ཏཱཾ་ངྒ ལ་ཏཱ་པཱ་པྟས་ཀ་རུ་རུ་ཧེ་ཧེ་ཡེ་ཏ་པ་དྷི་གཱ་ནཱ་ཡ་རཱ་ཀ་བྷ་ཀྵོ་ནྟན་ཨ་ཡ་ཊ་གྷོ་ཡ་ཊ་གྷོ། ཊ་གྷ་ཊ་གྷ། ས་མ་ས་མ། ཏ་གྷ་ཏ་གྷ། ཊུ་གྷུ་ཊུ་གྷུ། རུ་གྷུ་རུ་གྷུ། ༀ། ཞེས་སྔགས་བཟློག་སྟེ་བཟླས་ན་ཆར་ངེས་པར་འབབ་བོ། །དེ་ནས་མདུན་བསྐྱེད་དང་མཐའ་ཡས་ལ་གཏང་

p. 399

རག་གི་མཆོད་པ་བྱས་ནས་ཡེ་ཤེས་པ་གཤེགས་ལ། དཀྱིལ་འཁོར་དང་རྫིང་བུ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱའོ། །བཅུ་པ་ཆར་བཅད་པའི་ཕྱིར་སྤྲིན་དྲལ་བའི་ཆོ་ག་ནི། ཧེ་རུ་ཀའི་རྩ་སྔགས་སུམ་འབུམ་མམ་བྱེ་བ་བཟླས་པས་བསྙེན་པ་དང་དེའི་བཅུ་ཆའི་སྦྱིན་སྲེག་བྱས་ནས་སྒྲུབ་པ་ལ། ༀ་ཨཱ་སོགས་ཀྱི་སྔགས་ཁྲི་བཟླས་ལ། ལས་སྦྱོར་གྱི་དུས་སུ་སྔར་གྱི་མཐའ་ཡས་ཀྱི་གཟུགས་དེ་ཁམ་ཕོར་དུར་ཁྲོད་ཀྱི་ཐལ་བས་གང་བར་བཞག་ལ། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པའི་ང་རྒྱལ་གྱིས་རོ་རས་ཀྱི་སྟན་ལ་འདུག་ནས་སྔགས་ཀྱིས་བཏབ་པའི་ཐལ་ཆེན་དང་ཡུངས་ཀར་འཐོར་ཞིང་། བསྐལ་པ་འཇིག་པའི་དུས་ཀྱི་མེ་དང་རླུང་ལྟ་བུས་སྤྲིན་རྣམས་གཏོར་བར་བསམས་ཏེ། ༀ་ཨཱ་ཨཱ་ཤྨ་ཤཱ་ནཱ་པྲི་ཡཱ་ཡ་ཀྱཻ་འཕགས་པ། འཕགས་པ་དུར་ཁྲོད་ལ་དགྱེས་པ། སྭཱ་ཧཱ། ཞེས་བཟླས་པས་ཆར་ངེས་པར་འཆད་དོ། །བཅུ་གཅིག་པ་ཕ་རོལ་གྱི་སྡེ་བཞིག་པའི་ཕྱིར་རྡོ་རྗེ་གྲི་གུག་གི་སྒྲུབ་པ་ནི། བསྐྱེད་པའི་རིམ་

p. 400

པ་ལ་བརྟན་པ་ཐོབ་པས་བཛྲ་ཀརྟ་རིའི་སྔགས་ལ་བསྙེན་པ་འབུམ་དང་བཅུ་ཆའི་སྦྱིན་སྲེག་བྱའོ། །དེ་ནས་སྒྲུབ་པའི་དུས་རྫས་འདི་རྣམས་ཚོགས་པར་བྱ་སྟེ། གཤང་གཅིག་ཁུ་རྡུལ་ཀླད་པ་སྟེ་བདུད་རྩི་ལྔ་དང་། ཁ་ཊི་ཀ་ནི་རྡོ་ཐོད་ལེ་ཀོར་དང་། ཀུ་ཋ་ར་ཙྪིནྣ་ནི་རྨ་ལོ་གང་བུ་ཞེས་པ་རྩྭ་གང་བུ་ཆུང་ངུ་ཡོད་པ་མེ་ཏོག་སེར་པོ་ཅན་ཤ་འབྱར་ནུས་པ་ཞིག་ཡོད་པར་བཤད་དེ། རྫས་དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་དྲི་ཆུས་སྦྲུས་ལ། རིལ་བུ་གྲི་གུག་གི་དབྱིབས་ཅན་མིག་འབྲས་ཙམ་བྱས་པ་བྱིན་གྱིས་རླབ་ཕྱིར་བཛྲ་ཀརྟ་རི་ཁྲི་ཕྲག་གཅིག་བཟླས། དེ་ནས་ཟླ་བ་གཟས་བཟུང་བའི་དུས་སུ་རིལ་བུ་དེ་ཕྱག་རྒྱ་མཚན་ལྡན་གྱི་བྷ་གར་བཅུག་ལ་ཐབས་ཀྱི་རྡོ་རྗེས་མནན་པའིམ་ཡང་ན་ཧེ་རུ་ཀའི་སྐུ་འབག་གི་ཞལ་དུ་བཅུག་ནས་མཚན་མོ་ཧྲིལ་པོ། །ༀ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་པས་ཕྱག་རྒྱའི་བྷ་གར་རིལ་བུ་དེ་ལ་མེ་འབར་བའམ། ཧེ་རུ་ཀའི་ཞལ་གྱིས་སྒྲུབ་པ་པོ་ལ་རིལ་བུ་དེ་བྱིན་པ་ན་གྲུབ་པ་

p. 401

ཡིན་ལ། དེའི་ཚེ་འགྲུབ་བམ་མི་འགྲུབ་སྙམ་དུ་བསྙེན་བསྒྲུབ་ལ་ཐེ་ཚོམ་ཟ་ན། སླར་ཡང་དངོས་གྲུབ་ཀྱི་དོན་དུ་བྱེ་བ་བཟླས་པས་འགྲུབ་བོ། །དེ་ནས་ལས་ལ་སྦྱར་བ་ནི། རིལ་བ་སྤྱི་བླུགས་ཀྱི་ནང་དུ་སྒྲུབ་བྱ་གང་ཡིན་པ་དེའི་ལིངྒ་བཅུག །མགྲིན་པར་སྒྲུབ་བྱའི་མིང་ཡིག་དང་པོ་བྲིས་ལ། དེའི་སྟེང་ནས་རིལ་བུ་གྲི་གུག་གི་དབྱིབས་ཅན་དེས་བསྐོར་ནས་རི་མོ་དོད་པར་བྱས་པ་ན། བསྒྲུབ་བྱའི་མགྲིན་པར་ཁ་ཊི་ཀའི་རི་མོ་སྣང་བར་འགྱུར་ལ། དེ་ཙམ་གྱིས་བསྒྲུབ་བྱ་རྣལ་འབྱོར་པའི་ནུས་པ་ལ་འཇིགས་ནས་སྡིག་པའི་ལས་གཏོང་ན་སླར་རྗེས་སུ་བཟུང་བར་བྱ་ཞིང་། ཅི་སྟེ་ཚེའི་མཐར་ཐུག་པར་སྡིག་པའི་ལས་མི་གཏོང་བ་དེའི་ཚེ་སྔར་གྱི་རི་མོའ་ཐད་ནས་སྐོར་ཏེ་རིལ་བ་སྤྱི་བླུགས་ཀྱི་མགྲིན་པ་བཅག་ན་དགྲ་ཐམས་ཅད་ཀྱི་མགོ་འཆད་པར་འགྱུར་རོ། །བཅུ་གཉིས་པ་ཕྱི་རོལ་པའི་ལྷ་འགས་པའི་དོན་དུ་རྡོ་རྗེ་དགྲ་སྟའི་ཐིག་ལེ་བསྒྲུབ་པ་ནི། བཅོམ་ལྡན་འདས་ཀྱི་རྩ་སྔགས་ལ་བསྙེན་པ་འབུམ་མམ་བྱེ་བ་

p. 402

བསྐྱལ་ནས་བཅུ་ཆའི་སྦྱིན་སྲེག་བྱས་ཏེ་སྒྲུབ་པ་ལ། ཤིང་པླཀྵའི་འབྲས་བུ་སྐར་མ་རྒྱལ་གྱིས་ཉ་བ་ལ་བླངས་པ་དང་། ཀུ་ཋ་ར་ཙྪིནྣ་ལྷན་ཅིག་བཏགས་པ་དྲི་ཆུས་སྦྲུས་ལ། རིལ་བུ་དགྲ་སྟའི་དབྱིབས་ཅན་བྱས་ཏེ་སྐམ་པར་བྱའོ། །སྐམས་ནས་ཉི་མ་གཟས་བཟུང་བ་ན་རིལ་བུ་དེ་རང་ཉིད་ལྷར་གསལ་བའི་རྐང་པས་མནན་ནས། ༀ་བཛྲ་ཀུ་ཋ་ར་པཱ་ཊ་ཡ་པཱ་ཊ་ཡ་རྡོ་རྗེ་དགྲ་སྟས་ཁོས་ཤིག །ཁོས་ཤིག །ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱེ་བ་བཟླས་ལ་སླར་ཡང་སྔ་མ་བཞིན་དུ་ཉི་མ་གཟས་བཟུང་བའི་ཉིན་མཚན་ཐོག་ཐག་སྔགས་བཟླས་པས་སྒྲུབ་པར་བྱའོ། །ལས་སྦྱོར་གྱི་ཚེ་རིལ་བུ་དགྲ་སྟའི་དབྱིབས་ཅན་དེ་བདར་བའི་ཁུ་བས་རང་གི་དཔྲལ་བར་ཐིག་ལེ་བྱས་པའི་དབུས་སུ་དགྲ་སྟའི་རྣམ་པ་བྲིས་ནས་བནྡྷ་མི་ཞེས་ཐལ་མོ་སྦྱར་ནས། འཇིག་རྟེན་པའི་ལྷ་གང་ལ་ཕྱག་བྱས་པ་དེ་ཚལ་པར་འགས་སོ། །བཅུ་གསུམ་པ་དགྲ་བོ་ལ་ཚད་རིམས་བཏང་བའི་ཆོ་ག་ནི། གཙོ་བོའི་བསྙེན་པ་སུམ་འབུམ་མམ་བྱེ་བ་བཅུ་ཆའི་སྦྱིན་སྲེག་དང་

p. 403

བཅས་པ་སོང་བས་དུག་དང་། སྐེ་རྩེ་དང་། ཙི་ཏྲ་ཀ་ཞེས་པ་རས་དམར་པོ་བཙིར་བའི་ཁུ་བ་རྣམས་ཀྱིས་ཤིང་ཨརྐའི་ལོ་མ་ལ་སྒྲུབ་བྱའི་ལིངྒ་བྲིས་པའི་སྙིང་གར་མིང་རུས་བསྐུལ་ཚིག་དང་བཅས་པ་བྲིས་ལ། དེ་དོང་གྲུ་གསུམ་པ་རོ་སོལ་གྱིས་བྱུགས་པར་བཞག་ནས། ༀ་ཧེ་བཛྲ་ཛྭ་ར་ཛྭ་ར་ཤཱ་ཏྲུཾ་བྷྲཱུཾ་དགྱེས་པ་རྡོ་རྗེས་དགྲ་བོ་ལ་རིམས་ཀྱིས་ཐོབ་ཅིག །ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཁྲི་ཕྲག་གཅིག་བཟླས་པས་སྒྲུབ་པ་བྱའོ། །ལས་སྦྱོར་གྱི་ཚེ་ལིངྒ་དེ་ཤིང་གི་རྩེ་མོ་ལ་བཀྱོན་ནས་འབྲུབ་ཁུང་འབྲས་ཕུབ་ཀྱི་མེས་བཀང་བ་ལ་གདུང་ཞིང་། གོང་གི་སྔགས་ཁྲི་བཟླས་པས་དགྲ་བོ་རིམས་ཀྱིས་འདེབས་པར་འགྱུར་ལ། སླར་གྲོལ་བར་འདོད་ན་ལིངྒ་དེ་བའི་འོ་མས་བཀྲུས་པས་སྒྲུབ་བྱ་ནད་ལས་ཐར་བར་འགྱུར་རོ། །བཅུ་བཞི་པ་བྲམ་ཟེ་ལ་སོགས་པའི་བརྟུལ་ཞུགས་ཀྱི་ང་རྒྱལ་བཅག་པའི་ཕྱིར་ཆང་སྐྱུག་པའི་སྦྱོར་བ་ནི། བསྐྱེད་རིམ་ལ་བརྟན་པ་ཐོབ་པས། ཨཥྚ་ལ་འབུམ་དང་ཉེ་སྙིང་ལ་བྱེ་བ་བཟླས་ནས་བཅུ་ཆའི་

p. 404

སྦྱིན་སྲེག་བྱས་ལ། ལས་ལ་སྦྱར་བ་ན་སྒྲུབ་བྱའི་ལྟེ་བར་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྒོམ་ཞིང་། དེའི་སྟེང་དུ་མཾ་ལས་བྱུང་བའི་ཆང་གིས་ལྟོ་བ་ཁེངས་པའི་སྒྲུབ་བྱ་སྐྲ་གྲོལ་ཞིང་ཆང་སྐྱུག་པར་བསྒོམས་ནས། ༀ་ཧེ་བཛྲ་མ་དྱ་མུདྒི་ར་དགྱེས་པ་རྡོ་རྗེས་ཆང་སྐྱུག་ཏུ་ཆུག་ཅིག །ཡཾ་མཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཞེས་བརྒྱ་རྩ་བརྒྱད་བཟླས་པས་བསྒྲུབ་བྱ་ཆང་སྐྱུག་པར་བྱེད་དེ། སྔགས་ནི་སྙིང་འབྲེལ་ལས་འབྱུང་ངོ་། །བཅོ་ལྔ་པ་རབ་ཏུ་མྱོས་མ་དབང་དུ་བྱ་བའི་ཐབས་ནི། གཙོ་བོའི་བསྙེན་པ་སུམ་འབུམ་མམ་བྱེ་བ་སྦྱིན་སྲེག་དང་བཅས་པ་བྱས་ནས་སྒྲུབ་པ་ལ། དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ལ་ཤིང་ཨ་ཤོ་ཀའི་དྲུང་དུ་ཕྱིན་ནས་གོས་དམར་པོ་གྱོན་ཅིང་། གོ་ལ་ཟ་ཞིང་པས་ཁ་ནུབ་ཏུ་ལྟ་བར་འདུག་ནས། ཀཱ་ཀ་མ་ཙི་ཀ་ཅེས་པ་རས་དམར་པོ་བཙིར་བའི་ཁུ་བས་རང་གི་དཔྲ ལ་བར་ཐིག་ལེ་བྱས་པའི་དབུས་སུ་ཟླ་བ་ཕྱེད་པ་ཞིག་བྲིས་ལ། ༀ་ཨ་མུ་ཀཾ་མེ་པ་ཤཱི་བྷ་བ་ཏུ་ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག །སྭཱ་ཧཱ། ཞེས་པ་ཁྲི་

p. 405

ཕྲག་གཅིག་བཟླས་ནས་ལས་ལ་སྦྱར་བ་ན་སྔགས་དེ་ཅི་རིགས་པར་བཟླ་བཞིན་དཔྲ ལ་བའི་ཐིག་ལེ་གང་ལ་བསྟན་པའི་བུད་མེད་དེ་དབང་དུ་བྱེད་དོ། །བཅུ་དྲུག་པ་ཉི་ཟླ་དབང་དུ་བྱ་བ་སྟེ་ཡང་དག་པར་འཛིན་པའི་ཐབས་ནི། །གཙོ་བོའི་བསྙེན་པ་སྦྱིན་སྲེག་དང་བཅས་པ་སྔོན་དུ་སོང་ཞིང་བསྐྱེད་རིམ་ལ་བརྟན་པ་ཐོབ་པས་སྒྲུབ་པའི་དུས་སུ་རང་གི་ལུས་མིའི་རྐང་མར་གྱི་བྱུགས་པ་ལ། ཉི་མ་འཛིན་ན་འབྲས་སཱ་ལུ་དམར་པོ་དང་། ཟླ་བ་འཛིན་ན་འབྲས་སཱ་ལུ་དཀར་པོའི་ཕྱེ་མས་དྲིལ་ཕྱིས་བྱས་པ་དེ་ལ་དམར་པོ་ལ་ཉི་མ་དང་དཀར་པོ་ལ་ཟླ་བའི་གཟུགས་བྱས་ནས་ཉི་ཟླ་གང་འཛིན་པར་འདོད་པའི་གཟུགས་དེ་ལྕགས་ཀོང་དྲི་ཆུས་བཀང་བའི་ཁར་སོག་མའི་ཁྲམ་བཏང་བའི་སྟེང་དུ་བཞག་སྟེ་དྲི་ཆུའི་རླངས་པ་ལ་ཁ་ཚོས་བྱས་པ་མདུན་དུ་བཞག་ལ། ཉི་མ་འཛིན་ན། ༀ་བཛྲཱ་རྐ་མཱ་ཙ་ལ་མཱ་ཙ་ལ་ཏཥྛི་ཏཥྛི་ཧེ་བཛྲཱ་ཡ་རྡོ་རྗེ་ཉི་མ་མི་གཡོ་བ་མི་གཡོ་བར་བརྟན་པར་བསྟན་པའི་ཆེད་དུ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ།

p. 406

ཞེས་དང་། ཟླ་བ་འཛིན་ན། ༀ་བཛྲ་ཙནྡྲ་རྡོ་རྗེ་ཟླ་བ། མཱ་ཙ་ལ་མཱ་ཙ་ལ་ཏིཥྛ་ཏཥྛི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཁྲི་ཕྲག་གཅིག་བཟླས་པས་སྒྲུབ་པ་བྱ་ཞིང་། གལ་ཏེ་བསྙེན་པ་ལ་ཐེ་ཚོམ་ཟ་ན་སླར་ཡང་བྱེ་བ་ཕྲག་བདུན་ཟླའོ། །ལས་སྦྱོར་གྱི་ཚེ་རང་ལྷའི་རྣལ་འབྱོར་དང་ལྡན་པས་ཉི་ཟླ་གང་འཛིན་པར་འདོད་པ་དེ་སྔར་གྱི་གཟུགས་ལ་དགུགས་བཞུག་བྱས་ལ། དེའི་དབུས་སུ་ཕུར་བུས་བཏབ་སྟེ་སྔགས་བཟླས་པས་ཉི་མ་དང་ཟླ་བ་ཡང་དག་པར་འཛིན་ཅིང་ཉིན་མཚན་བྱེ་བྲག་མེད་པར་འགྱུར་ལ། ཕུར་བུ་ཕྱུང་ན་གྲོལ་བར་འགྱུར་རོ། །བཅུ་བདུན་པ་རྡོ་རྗེ་སྐར་རྩིས་ཀྱི་ཆེད་དུ་པྲ་དབབ་པའི་ཆོ་ག་ནི། བཅོམ་ལྡན་འདས་ཀྱི་བསྙེན་པ་སྦྱིན་སྲེག་དང་བཅས་པ་སྔོན་དུ་སོང་བས་སྒྲུབ་པ་ལ། ༀ་ནཱ་གྲ་ནཱ་གྲ་ཀུ་མཱ་རཱི་ཀེ་དི་བྱ་ལོ་ཙ་ནི་གཞོན་ནུ་མ་འདི་ལྷ་རྫས་ཀྱི་མིག་དང་ལྡན་པར་གྱིས་ཤིག །སྭཱ་ཧཱ། ཞེས་པའི་སྔགས་ཁྲི་ཕྲག་གཅིག་བཟླས་ལ། ལས་སྦྱོར་ནི་ཚེས་བརྒྱད་དམ་བཅུ་བཞིའི་སྔ་དྲོའི་དུས་སུ་བྱ་བ་སྟེ། དེ་

p. 407

ཡང་ནངས་པར་པྲ་དབབ་རྒྱུའི་དེ་རིང་རྒོངས་མོ་བུ་མོའམ་ཁྱེའུ་གྲོང་པའི་ཆོས་ཀྱིས་མ་གོས་པ་བཀུག་པའི་མིག་ལ་གོང་གི་སྔགས་དེ་བརྒྱ་རྩ་བརྒྱད་འཆིལ་མ་དང་བཅས་པ་སྔགས་ལ། པྲ་རྟེན་ཁྱེའུ་ཡིན་ན་ཧེ་རུ་ཀ་ཕྱག་གཉིས་པ་པ་དང་། བུ་མོ་ཡིན་ན་བདག་མེད་མར་བསྐྱེད་ནས་མཆོད་པ་ལྔས་མཆོད་ཅིང་། ངའི་རྫས་སུས་ཁྱེར་ཅེས་སམ། དགོས་པའི་དོན་འདི་ཅི་ལྟ་བུར་འགྱུར་ནངས་པར་སྨྲོས་ཤིག་ཅེས་སྙན་གསན་དབབ་བོ། ནང་པར་ཧེ་བཛྲ་ལྷ་དགུའི་དཀྱིལ་འཁོར་དང་རྣམ་རྒྱལ་བུམ་པ་ཚུལ་དང་མཐུན་པར་བཤམས་ལ་རང་ཉིད་ཡན་ལག་དྲུག་གིས་ཧེ་རུ་ཀའི་རྣལ་འབྱོར་རྫོགས་པར་བསྐྱེད་ནས་བུམ་པའི་ནང་དུ་སྐད་ཅིག་གིས་ལྷ་དགུ་བསྐྱེད་ལ་ཡེ་ཤེས་པ་བསྟིམ་པ་སོགས་བུམ་ལྷ་བཞུ་བའི་བར་བྱས་པའི་བུམ་ཆུས་པྲ་རྟེན་ཁྲུས་བྱས་ནས། ཏིལ་མར་ཟངས་གཞོང་དུ་བླུག་པ་དང་རྒྱ་སྐྱེག་གི་ཁུ་བ་སྣོད་གཞན་དུ་བཞག་པ་ལ་གོང་གི་སྔགས་བརྒྱ་རྩ་བརྒྱད་རེ་བཏབ་པའི་རྒྱ་སྐྱེག་གི་ཁུ་བས་རང་གི་མཐེ་

p. 408

བོང་བྱུགས་ལ་ཉི་མ་ལ་སྐམ། དེ་ལྟ་བུ་ཡང་ཡང་བྱས་པས་ཆེས་དམར་བར་གྱུར་པ་ན། འབྲུ་མར་གྱིས་ཀྱང་བཀུས་ནས་པྲ་རྟེན་ལ་བསྟན་ཅིང་ངག་བཅད་ནས་སྔགས་བཟླའོ། །དེའི་ཚེ་གྲོགས་ཤིག་གིས་པྲ་རྟེན་ལ་ངའི་རྫས་སུས་ཁྱེར་ཅེས་སམ། དགོས་པའི་དོན་འདི་ཅིར་འགྱུར་ཅེས་དྲིས་པ་ན། པྲ་རྟེན་དེས་རང་གི་མཐེ་བོང་བུག་པ་ལྟ་བུར་གྱུར་པའི་ནང་དུ་ཐམས་ཅད་མཐོང་བས་དོན་གང་ཡིན་པ་དེ་ལུང་སྟོན་པར་འགྱུར་རོ། །དེ་ནས་པྲ་རྟེན་ལ་མཆོད་པ་དང་གཤེགས་གསོལ་བྱས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །བཅོ་བརྒྱད་པ་གླང་པོ་ཆེ་བསྐྲད་པ ། བཅུ་དགུ་པ་སྟག་བསྐྲད་པ། ཉི་ཤུ་པ་བསེ་བསྐྲད་པ། ཉེར་ཅིག་པ་སྦྲུལ་བསྐྲད་པ། ཉེར་གཉིས་པ་ཁྱི་བསྐྲད་པ་སྟེ། །དུད་འགྲོ་ལྔ་བཟློག་པའི་ཐབས་ལ་བཅོམ་ལྡན་འདས་ཀྱི་བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་བསྙེན་པ་སྦྱིན་སྲེག་དང་བཅས་པ་སྔོན་དུ་སོང་ནས། རང་གི་སྔགས་འཆད་པར་འགྱུར་བ་རྣམས་ལ་ཁྲི་ཕྲག་རེ་བཟླས་པས་སྒྲུབ་པ་བྱས་ལ། ལས་སྦྱོར་གྱི་ཚེ་

p. 409

ལྷའི་ང་རྒྱལ་དང་ལྡན་པས་ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་མནན་ཅིང་སོར་མོ་ལྷག་མ་གསུམ་བརྐྱང་བའི་ཕྱག་རྒྱ་བ སྟན་ཅིང་། ༀ་བེ་ཊུ་ཡཱ་བེ་ཊུ་ཡཱ་ཧེ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ན་གླང་པོ་ཆེ་འབྲོས་པར་འགྱུར་རོ། །ཡང་སྲིན་ལག་དང་གུང་མོ་བཀུག་པ་མཐེ་བོང་དང་སྦྱར་ཞིང་འཛུབ་མོ་དང་མཐེའུ་ཆུང་སྒྲེངས་ལ། ༀ་མམྨཱ་མམྨཱ་ཧེ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ན་སྟག་འབྲོས་པར་འགྱུར་རོ། །ཡང་སྡིག་མཛུབ་གཏད་ནས། །ༀ་ཏེལླི་ཡཱ་ཏེལླི་ཡཱ་ཧེ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ན་བསེ་འབྲོས་པར་འགྱུར་རོ། །སོར་མོ་ལྔ་ཀ་གདེངས་པ་སྦྲུལ་གྱི་གདེངས་ཀ་ལྟར་བྱས་ཏེ། ༀ་ཨི་ལི་མི་ལི་ཕུཿ ཕུཿཧེ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ན་སྦྲུལ་འབྲོས་པར་འགྱུར་རོ། །སོར་མོ་ལྔ་ཅར་གདེངས་པའི་ལག་པ་བསྟན་ནས། ༀ་ཤྭ་ན་ཏིཥྛ་ཏིཥྛ་ཧེ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ན་ཁྱི་འབྲོས་པར་འགྱུར་རོ། །དེ་ལྟར་སྔགས་ཀྱི་ལེའུར་འབྲས་བུ་ལས་ཀྱི་ཚོགས་འབའ་ཞིག་སྟོན་པའི་སྔགས་ཚན་ཉི་ཤུ་རྩ་གཉིས་བཅོམ་ལྡན་འདས་

p. 410

རྡོ་རྗེ་སེམས་དཔས་གསུངས་པའི་སྔགས་ཕྱི་མ་ལྔ་པོ་འདི་ལས་འཕྲོས་ནས་དུད་འགྲོ་གདུག་པ་ཅན་གཞན་དག་ཀྱང་བསྐྲད་པའི་ཐབས་འཕགས་མཆོག་རྡོ་རྗེ་སྙིང་པོས་གསུངས་པ། དེ་ལྟར་དོམ་ལ་སོགས་པ་རྣམས་ལ་གང་གི་མིང་གང་ཡིན་པ་དེ་དབུས་སུ་བཅུག་སྟེ། ༀ་ཡིག་དང་པོ་དང་ཐ་མར་ཧེ་བཛྲཱ་ཡ་སྭཱ་ཧཱ། ཞེས་པ་དེ་ལྟར་སྔགས་བཟླས་པ་དང་སྦྱིན་སྲེག་གིས་སྒྲུབ་པ་ནི་སྒྲུབ་པ་རྣམས་སུ་འགྱུར་གྱི། གླེག་བམ་ཀླགས་པ་ཙམ་གྱིས་ནི་མ་ཡིན་ནོ། །ཞེས་པ་ནི་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཞེས་བཀའ་བསྩལ་ཏོ། །གཉིས་པ་ཕྱིའི་གྲོང་ཁྱེར་དཀྲུག་པའི་ཆོ་ག་ནི། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་པས་རྩ་བའི་སྔགས་ལ་བཟླས་པ་འབུམ་དང་སྦྱིན་སྲེག་ཁྲི་བྱས་ལ། ༀ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། ཞེས་པའི་སྔགས་ཁྲི་བཟླས་པས་སྒྲུབ་པ་བྱའོ། །ལས་ལ་སྦྱར་བ་ནི། རང་གི་ལག་པའི་མཐིལ་དུ་དུག་དང་ཁྲག་བསྲེས་པས་འཁོར་ལོ་རྩིབས་བརྒྱད་པ་བྲིས་པའི་ལྟེ་བར། ༀ་གྲོང་ཁྱེར་ཆེ་གེ་

p. 411

མོ་ནང་འཐབ་པར་གྱུར་ཅིག་སྭཱ་ཧཱ། །ཞེས་དང་། རྩིབས་བརྒྱད་ལ་ཨ་ཀ་ཙ་ཊ་ཡ་ཤ་བརྒྱད་བྲིས་པ་ལ། ལྷའི་རྣལ་འབྱོར་དང་ལྡན་པས་གྲོང་ཁྱེར་གང་ཡིན་པ་དེ་དགུག་བཞུག་ཡང་ཡང་བྱས་ལ། རང་གི་ཐལ་མོ་གཉིས་དཀྲུག་ཅིང་ༀ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་གྲོང་ཁྱེར་ཆེ་གེ་མོ་ནང་འཐབ་པར་གྱུར་ཅིག་སྭཱ་ཧཱ། ཞེས་བཟླས་པས་དགྲའི་གྲོང་སྟོངས་པར་བྱེད་དོ། །གསུམ་པ་ཨཥྚ་ལ་རྟེན་པའི་བསྲུང་བཟློག་གི་ལས་སོགས་བསྟན་པ་ནི། །ཕྱི་མའི་ལྔ་པར། དེ་བཞིན་གདུག་པ་སྡིགས་པ་དང་། །ཞེས་གསུངས་པའི་མན་ངག་རྗེ་བཙུན་ལོ་ཙ་བའི་གསུང་ལས་བྱུང་བ་བླ་མ་མེས་ཚོན་པོ་ལས་བརྒྱུད་དེ་འོངས་པའི་བསྲུང་ཟློག་གི་ལས་ལ་གཉིས། ནང་ལ་བརྟེན་པ་དང་། །ཕྱི་ལ་བརྟེན་པའོ། །དང་པོ་ནི། །རང་ཆོ་གའི་ཐོ་བརྒྱད་ཀྱིས་ཕྱག་བཅུ་དྲུག་པར་བསྐྱེད་པའི་ལྟེ་བར་འཁོར་ལོ་རྩིབས་བཅུ་པ་གདན་ཐབས་སུ་གནས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་དང་བཅས་པ་བསམ། རང་གི་སྙིང་གའི་ཧཱུྃ་ལས་ཧཱུྃ་གཉིས་པ་

p. 412

ཞིག་ཆད་པ་འཁོར་ལོའི་ལྟེ་བར་ཉི་གདན་ལ་བབས་པས་ཧེ་རུ་ཀ་ཕྱག་གཉིས་པ་ཐུགས་ཀར་ཉི་མ་ལ་ཧཱུྃ་གིས་མཚན་པ་ཞིག་ཏུ་གྱུར་པའི་ཐུག་ཀའི་ཧཱུྃ་ལ་བསྲུང་བྱ་གང་ཡིན་གྱི་མིང་དང་སེམས་སྟིམ་ནས་སྦ་བར་བྱ། རྩིབས་བཅུ་ལ་ཨཥྚའི་སྔགས་འཕྲེང་བཀོད་ནས་ཡོད་པར་ལྟས་ལ། ལྟེ་བའི་ཧེ་རུ་ཀ་ཕྱག་གཉིས་པས་སྔགས་བཟླ་བར་བསམས་ནས། རང་གིས་ཨཥྚ་བརྒྱ་ལས་མི་ཉུང་བ་བཟླ་བའི་ཚེ་འཁོར་ལོ་དེ་རང་གི་ལྟེ་བའི་ནང་དུ་ཆོས་འཁོར་དུ་འཁོར་བས་དགྲ་བགེ གས་ཀྱི་ལུས་སྟུབས་པར་བསྒོམ་ཞིང་། ཉལ་བ་ན་འཁོར་ལོ་མི་འཁོར་བར་བསམས་ལ་ཉལ་ལོ། །གཉིས་པ་ཕྱི་ལ་བརྟེན་པ་ལའང་། །སྔགས་རྐྱང་གི་དབང་དུ་བྱས་པ་དང་། སྔགས་དང་ཁྲོ་བོ་གཉིས་ཀ་སྦྲགས་པའི་དབང་དུ་བྱས་པ་གཉིས་ཀྱི། །དང་པོ་ནི། བླ་མ་དག་པ་ཚད་མེད་བཞི། ཡེ་ཤེས་ཀྱི་ཚོགས་བསགས་པ་ཡན་བྱས་ལ། སྟོང་པའི་ངང་ལས་ཧཱུྃ་ལས་འཁོར་ལོ་རྩིབས་བཅུ་པ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་ཀྱི་སྟེང་དུ་ཧཱུྃ་ལས་རྡོ་

p. 413

རྗེ་རྩེ་ལྔ་པ་ཁོང་སྟོང་འགྲེང་ཐབས་སུ་གནས་པའི་ལྟེ་བར་པད་ཉི་ལ་ཧཱུྃ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་དང་། རྩིབས་བཅུའི་སྟེང་དུ་ནས་རེ་ཙམ་མ་རེག་པར་ཨཥྚའི་སྔགས་འཕྲེང་ཁ་དོག་དམར་པོས་བསྐོར་བར་བསམས་ལ། རང་གིས་སྔགས་བཟླ་བའི་ཚེ་འཁོར་ལོ་གཡས་སུ་འཁོར་བའི་རྩིབས་ཀྱིས་གནོད་བྱེད་རྣམས་ཀྱི་ལུས་གཏུབས་ཤིང་། ཡིག་འབྲུ་རྣམས་ལས་འོད་དམར་པོ་འཕྲོས་པས་དགྲ་དང་དགེགས་ཐམས་ཅད་བསྲེགས་པར་བསམ་ཞིང་། འཁོར་ལོའི་ཕྱི་རོལ་ནས་རྡོ་རྗེ་ར་བས་བསྐོར་བས་གནོད་བྱེད་རྣམས་འབྲོས་མི་ཐར་བར་བསམ་མོ། །ཉལ་བ་དང་སྤྱོད་ལམ་གྱི་དུས་སུ་འཁོར་ལོ་མི་འཁོར་བར་རྒྱ་བསྐྱེད་པའི་ནང་དུ་སྤྱོད་ལམ་རྣམས་བྱའོ། །གཉིས་པ་ནི། ཆོ་གའི་རིམ་པ་གཞན་ཐམས་ཅད་སྔ་མ་དང་འདྲ་བ་ལ། འཁོར་ལོའི་ལྟེ་བར་རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པར་བསྐྱེད། རྩིབས་བཅུའི་སྟེང་དུ་ཉི་མའི་གདན་ལ་ས་བོན། ཕྱག་མཚན། སྐུ་

p. 414

རྫོགས་པ་སྟེ་ཆོ་ག་གསུམ་གྱིས་ཁྲོ་བོ་བཅུ་སྒྲུབ་ཐབས་ཀྱི་བསྲུང་འཁོར་དུ་བསྟན་པ་ལྟར་བསྐྱེད་པ་ཐམས་ཅད་ཀྱང་རྩིབས་སྟེངས་ནས་ནས་རེ་ཙམ་འཕགས་པའི་ནམ་མཁར་བཞུགས་ཤིང་། ཞལ་ཕྱིར་གཟིགས་པས་བསྲུང་བཟློག་གི་ལས་མཛད་པར་བསྒོམ་མོ། །དེ་ནས་དམ་ཚིག་པ་དེ་རྣམས་ལ་ཡེ་ཤེས་པ་གཞུགས་པ་དང་། དབང་བསྐུར་རྒྱས་གདབ་ཀྱི་བར་བྱས་ལ་ཁྲོ་བོ་བཅུའི་ཐུགས་ཀའི་ཐད་ཀྱི་བར་སྣང་ལ་ཨཥྚའི་སྔགས་ཀྱིས་བསྐོར་བར་ལྟའོ། །ཆོ་ག་ལྷག་མ་ནི་སྔ་མ་དང་འདྲ་བ་ཁོ་ནའོ། །དེ་བཞིན་དུ་ཀླུ་འདུལ་བའི་ཆོ་ག་བསྟན་པའི་ཕྱིར། ཕྱི་མའི་ལྔ་པར། ཀླུ་རྣམས་སྡིགས་པར་བྱེད་པ་ཉིད། །ཅེས་གསུངས་པའི་དོན་ཉམས་སུ་བླང་བའི་ཐབས་ནི། དང་པོར་བླ་མ་དག་པ་དང་། ཚད་མེད་བཞི་བསྒོམ་པ་དང་། ཡེ་ཤེས་ཀྱི་ཚོགས་བསག་པ་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་ཆོས་འབྱུང་དམར་པོའི་ནང་དུ་པད་མ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་རོ་གདན་གྱི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་

p. 415

ལ་གནས་པའི་བཅོམ་ལྡན་འདས་ཞལ་བརྒྱད་ཕྱག་བཅུ་དྲུག་པར་ཆོ་ག་གསུམ་གྱིས་བསྐྱེད་པའི་སྐུ་དང་ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ་སེམས་པ་སུམ་བརྩེགས་བསྒོམ་པའི་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་རླབས་ལ། དེ་ལ་ཡེ་ཤེས་པ་བཞུགས་པ་དང་དབང་བསྐུར་རྒྱས་གདབ་རྣམས་བྱས་ལ། སྐུ་གསལ་བར་བྱེད་པའི་སྔགས་ལ་འབུམ་ཚོ་གཅིག་བསྙེན་པའི་ཚུལ་དུ་བཟླའོ། །དེ་ནས་དེ་ལ་ལས་སྒྲུབ་པའི་སྔགས་བཏགས་ནས་སྒྲུབ་པ་དང་ལས་སྦྱོར་གྱི་ཚུལ་དུ་རྒྱུན་མི་འཆད་པར་བཟླ་བར་བྱ་སྟེ་སྦྱོར་བའི་རིམ་པ་འདི་ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་མཆོག་གི་ཞལ་ལས་ཡང་དག་པར་བླངས་པ་དང་ལྡན་ཅིང་། ངེས་པར་ལྷ་དང་སྔགས་གྲུབ་པའི་མཚན་མ་སྙེད་པ་དག་གིས་བྱ་བ་ཡིན་གྱི། དེ་ལས་གཞན་དུ་གླེག་བམ་ཀླགས་པ་ཙམ་དང་ཉི་ཚེ་བའི་བཟླས་པ་དང་ལྡན་པས་ནི་སྒྲུབས་ཀྱང་འབྲས་བུ་མི་མཐོང་སྟེ། རྒྱུ་དེ་ལས་རྨོངས་པ་གཞན་དག་རྡོ་རྗེ་ཐེག་པའི་ཆོས་སྤོང་བས་དམྱལ་བར་འགྲོ་

p. 416

བའི་ཉེས་པ་འབྱུང་བས་རང་གི་རྒྱུད་ཚོད་ལ་མ་བརྟགས་པར་བྱ་བ་མ་ཡིན་ལ། ཅི་སྟེ་གྲུབ་པའི་རྟགས་ཅུང་ཟད་མཐོང་བ་སྙམ་བྱེད་པའི་ཚེ་ལྟ་སྟངས་བཞི་ཉམས་སད་པའི་གནས་ལ་སྦྱར་བ་སོགས་བྱ་བ་ན་ཡང་ཤིན་ཏུ་གསང་བའི་ཚུལ་གྱིས་སྤྱད་པར་བྱ་སྟེ། སམྤུ་ཊར། དེ་ལྟར་ལས་རྣམས་བྱས་པ་ནི། །ངེས་པར་འགྲུབ་ན་བྱ་བ་ཉིད། །ཡང་གཞན་དཔྱ་བར་འགྱུར་བ་སྟེ། །གང་ལའང་བྱེ་བ་སྦྱིན་མི་བྱ། །བྱེ་བར་གྱུར་ན་མི་འགྲུབ་ཅིང་། །བདེ་བ་མི་ཡིས་སྙེད་མི་འགྱུར། །དེ་ཕྱིར་སྔགས་པས་གང་ལ་ཡང་། །ལས་རྒྱས་དང་པོར་གང་བྱ་མིན། །གལ་ཏེ་བྱེད་པར་འདོད་ན་ནི། །དེ་ཚེ་གཅིག་པུ་གཉིས་མེད་བྱ། །དེ་ཚེ་སྔགས་པས་ལས་ཀུན་འགྲུབ། །ཅེས་གསུངས་སོ། །གསུམ་པ་དེ་རྣམས་ལས་ཆེན་བརྒྱད་དུ་བསྡུ་ཚུལ་ནི། རྗེ་བཙུན་ལོ་ཙ་བ་ཆེན་པོའི་གསུང་གིས། ལས་ཚོགས་ནི་ལས་བརྒྱད་བསྡུས་ཏེ། གསད་དང་དགུག་པ་གཞུང་ན་གསལ་ལོ། །ཆར་དབབ་བཅད་ནི་རྒྱས་པ། རྡོ་རྗེ་གྲི་གུག་ནི་དགྲའི་སྐེ་འཇོམས་པ། དབྱེ་

p. 417

བ་དང་། རེངས་པ་དང་། དགས་པ་དང་། རིམས་དང་། སྐྱུག་པ་ནི་མངོན་སྤྱོད། བུད་མེད་དང་ཉི་ཟླ་དབང་དང་། པྲ་ནི་དབང་། གླང་པོ་ཆེ་འབྲོས་པ་ལ་སོགས་པ་ལྔ་ནི་བསྐྲད་པའོ། །ཞི་བ་ནི་རིམས་བཏང་བའི་རྗེས་ལ་སྟེ་ལས་བརྒྱད་དོ། །ཞེས་བཀའ་བསྩལ་བ་ལས་གཞུང་དུ་གསལ་རྒྱུའི་གསད་བགུག་གི་ལས་ནི་སྔར་བསྟན་པའི་མཁའ་སྤྱོད་མའི་རྣལ་འབྱོར་གྱིས་གསད་པའི་ལས་སྒྲུབ་པ་ཁ་སྦྱར་འབྱེད་པའི་ཆོ་ག་དང་བཅས་པ་དང་། ས་སྤྱོད་མས་འགུགས་པར་བྱེད་པ་དག་ཡིན་ལ། རིམས་བཏང་བ་ལས་སླར་གྲོལ་བར་བྱེད་པ་ཞི་བའི་ལས་སུ་གསུངས་ཤིང་། བསྲུང་བཟློག་ཀྱང་ཞི་བའི་ལས་སུ་གཏོགས་པར་སེམས་ལ། གྲོང་ཁྱེར་དཀྲུག་པ་ནི་མངོན་སྤྱོད་དམ་བསྐྲད་པ་གང་རུང་དང་། ཀུ་རུ་ཀུལླེའི་སྒྲུབ་པ་ནི་དབང་གི་ལས་གཙོ་བོར་སྟོན་པ་ཡིན་ནོ། །བཞི་པ་ཉེར་མཁོའི་སྒྲུབ་པ་གཞན་འགའ་ཞིག་བསྟན་པ་ལ་གསུམ་གྱི། །དང་པོ་གླེགས་བམ་བྲི་བའི་ཆོ་ག་ནི། བརྟག་པ་ཕྱི་མའི་ལེའུ་བདུན་པར། སྦྲང་

p. 418

ཆེན་སྣག་ཚ་བྱས་ནས་ནི། །མི་ཡི་རུས་པའི་སྙུ་གུས་ནི། །གླེགས་བམ་སོར་ནི་བཅུ་གཉིས་པ། །གྲོ་གར་དམ་ཚིག་ཅན་གྱིས་བྲི། །ཞེས་གསུངས་པས་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་གླེག་བམ་རྣལ་འབྱོར་པས་དམ་ཚིག་གི་རྟེན་དུ་བཅང་བར་བྱ་བ་དེ་གང་ལ་བྲི་བའི་གཞི་ནི་གྲོ་ག་ཡིན་ལ། དེའི་ཚད་ཀྱང་འཁོར་ལོ་བཞིའི་བར་ཐག་གིས་དབུ་མའི་དག་པ་དང་སྦྱར་ནས་སོར་བཅུ་གཉིས་པར་གསུངས་པ་ནི་གླེག་བམ་གྱི་མཆུར་ཡིན་ལ། ཞེང་དུ་སོར་མོ་བཞི་པ་བྱ་བར་རྗེ་བཙུན་མར་རྔོག་གི་གསུང་སྒྲོས་ལས་འབྱུང་ངོ་། །གང་གིས་བྲི་བའི་གནག་ཚ་ཡང་སྦྲང་ཆེན་ཅེས་པ་ཀོང་བུ་ཚིལ་ཆེན་གྱི་མར་ཁུས་བཀང་བར་རོ་རས་ཀྱི་སྡོང་བུ་བཙུགས་པ་ལ་མེ་སྦར་བའི་སྟེང་དུ་ཐོད་པ་ཆང་གིས་བཀང་བ་བཞག་ནས་དེའི་ངོས་ལ་ཆགས་པའི་དུད་པ་བཞུར་བ་དང་། རྒྱ་སྐྱེག་གི་ཁུ་བ་དང་། ཨ་རུ་རའི་ཁུ་བ་རྣམས་ལྕགས་ཀོང་དུ་མཉེས་ལ། ཤ་བའི་རའི་སྤྱིན་སྦྱར་བའོ། །གང་གིས་བྲི་བ་ནི། སྒྲུབ་པ་པོ་རང་ཉིད་

p. 419

དམ། ཧེ་བཛྲའི་དབང་དང་དམ་ཚིག་ཐོབ་པ་སྡོམ་པ་དང་ལྡན་པའི་ཡི་གེ་པ་གཞན་གྱིས་ཀྱང་མི་རུས་ཀྱི་སྙུག་གུས་བྲི་སྟེ། དེ་ཡང་བྲིས་སྐུ་ཟླ་བ་མར་ངོའ་བཅུ་བཞི་ལ་བྲི་བར་བསྟན་པའི་ཤུགས་ལས་གླེག་བམ་ཡང་དུས་དེར་བྲི་བར་ཇོ་ནང་ཚེ་མགོན་པ་འཆད་དོ། །གཉིས་པ་བྲིས་སྐུའི་ཆོ་ག་ལ་བཞི་ལས། དང་པོ་གང་ལ་བྲི་བའི་གཞི་ནི། ཕྱི་མའི་དྲུག་པར། གང་གང་སྐུད་པ་འཁལ་བ་དང་། །གང་གང་རས་ཡུག་འཐག་པ་ཡང་། །དེ་ཡང་དམ་ཚིག་ཅན་ངེས་པ། །ཞེས་གསུངས་པ་ལྟར་རས་ཀྱི་རྒྱུ་འཁལ་བ་པོ་དང་འཐག་པ་པོ་ཧེ་བཛྲའི་དབང་ལེགས་པར་ཐོབ་ཅིང་དམ་ཚིག་ལ་གནས་པས་བྱས་པའིམ། ཡང་ན་སམྦུ་ཊར། སྒྲུབ་པ་པོ་དམ་པས་དཔའི་བོ་ཤི་བའི་རས་སམ་རོ་ལ་བཀྲིས་པའི་རས་སམ། ཁྲག་ཆེན་པོས་བཙོས་པའི་རས། བུད་མེད་ཀྱི་མེ་ཏོག་གིས་སྦྲུས་པའི་རས་རྣམས་ལ། ཞེས་འབྱུང་བ་རྣམས་གང་རུང་ལ་བྲི་བར་བྱའོ། །གཉིས་པ་ཚོན་པིར་ནི། སྐྱེས་པའི་ཐོད་གནས་ཁ་དོག་ལྔས། །རོ་ཡི་སྐྲ་

p. 420

ཡི་པིར་ཉིད་ཀྱིས། །བྲིས་སྐུ་བླ་མ་བྲི་བ་ཉིད། །ཅེས་སོ། །གསུམ་པ་རི་མོ་མཁན་ནི། སམྦུ་ཊར། དེང་བ དག་ལང་ཚོ་དལ་བ་དང་། །རྒྱས་ཤིང་རྣམ་རྟོག་མེད་པ་དང་། །ཁྲོ་མེད་ལྐོག་འཕྱས་མེད་པ་དང་། །ཤིན་ཏུ་ཆ་ཕྲ་མཁས་སྤྲོ་དང་། །བཟོད་དང་དད་པ་སྙིང་རྗེར་ལྡན། །དེ་ལྟར་གྱུར་པའི་རི་མོ་མཁན། །ཡང་ན་དམ་ཚིག་ཅན་གྱི་ཡང་། །རི་མོ་མཁན་གྱིས་བྲི་བར་བྱ། །ཞེས་དང་། ཕྱི་མའི་དྲུག་པར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འདིར་ནི་བྲི་མཁན་དམ་ཚིག་ཅན། །སྒྲུབ་པོའང་དམ་ཚིག་ཅན་གྱིས་ནི། །བྲིས་སྐུ་འཇིགས་པ་བྲི་བ་ཉིད། །ཅེས་གསུངས་སོ། །བཞི་པ་གནས་དུས་དང་བྲི་ཚུལ་ནི། ཕྱི་མའི་དྲུག་པར། ཟླ་བ་ཟླ་བའི་མར་ངོ་ཡི། །བཅུ་བཞི་པ་ལ་ཁྱིམ་དབེན་པར། །ཕྱེད་ན་མ་རུང་སེམས་ཀྱིས་ནི། །ཆང་གི་བཏུང་བ་ཅུང་ཟད་ལས། །ལུས་ལ་ནི་རཾ་ཤུ་བསམས་ནས། །དེ་བཞིན་གཅེར་བུ་གྱུར་པས་ཀྱང་། །འབགས་པ་དང་ནི་མ་དག་པས། །དེ་ནས་དམ་ཚིག་རབ་ཏུ་བཟའ། །བཞིན་བཟང་

p. 421

སྙིང་རྗེར་ལྡན་པ་དང་། །གཟུགས་དང་ལང་ཚོ་བསྐལ་བཟང་མ། །མེ་ཏོག་བཅས་ཤིང་སྒྲུབ་པོ་དགའ། །རང་གི་ཕྱག་རྒྱ་གཡོན་དུ་བཞག །ཅེས་གསུངས་པ་དང་། སམྤུ་ཊར། པིར་ལ་བྱིན་རླབས་བྲི་མཁན་ལ། །བྱིན་ཏེ་བྲིས་སྐུ་འཇིགས་པ་ནི། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །དེ་ནས་ཡང་དག་བྲི་བར་བྱ། །ཞེས་འབྱུང་བས་རང་གི་ཁྱིམ་མམ་དབེན་པའི་གནས་སུ་ཟླ་བ་མར་ངོའི་བཅུ་བཞི་སྟེ་ཉེར་དགུའི་ཉིན་ཕྱེད་ན་རང་ཉིད་དམ་ཚིག་དང་མི་ལྡན་པ་ལ་སྙིང་རྗེས་ཁྲོ་བ་དང་བཅས་པ་མ་རུངས་པའི་སེམས་ཀྱིས་ཆང་གི་བཏུང་བ་ཅུང་ཟད་མྱངས་ལ། གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་བྱས་ནས་རང་གི་ཕྱག་རྒྱ་གཡོན་དུ་བཞག་སྟེ་ཡན་ལག་དྲུག་གིས་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྐུར་བདག་ཉིད་གསལ་བར་བསྐྱེད་ལ། རྩ་བའི་སྔགས་ཉི་ཤུ་རྩ་གཅིག་བཟླས་པས་བྱིན་གྱིས་བརླབས་པའི་པིར་བྲི་མཁན་གྱི་ལག་པ་གཡས་དང་ཚོན་སྣོད་གཡོན་པར་བྱིན་ལ། རི་མོ་མཁན་དེ་ཧེ་རུ་ཀ་ཕྱག་གཉིས་པར་

p. 422

བསྐྱེད་པའི་ལག་པ་གཉིས་སུ་ཟླ་བ་ལ་གནས་པའི་པིར་རྡོ་རྗེ་དང་། ཚོན་པདྨར་གནས་པའི་བདུད་རྩིར་བསམས་ནས་བཅོམ་ལྡན་འདས་ཀྱི་བྲིས་སྐུ་ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་སྤྲས་པ་བདག་མེད་མ་དང་ཡང་དག་པར་སྦྱོར་བ། རྗེས་སུ་ཆགས་པའི་ཉམས་དང་ཆེར་ཁྲོས་པའི་རྣམ་པ་ཅན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྒྱུད་ཀྱི་རྒྱལ་པོ་གཞན་དང་གཞན་དུ་བ སྟན་པའི་ཕྱག་ཚད་དང་ལྡན་པ་བྲིར་བཅུག་པ་ལ་རབ་ཏུ་གནས་པ་ཚུལ་བཞིན་བྱས་པའི་བྲིས་སྐུ་དང་གླེག་བམ་ཇི་ལྟར་བཅང་བའི་ཚུལ་ཀྱང་། ཇི་སྐད་དུ། གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ། །སྐྲ་དང་མཆན་ཁུང་ཉིད་དུ་སྦ། །ཞེས་གླེགས་བམ་དངོས་སུ་སྨོས་པའི་ཤུགས་ལས་བྲིས་སྐུའང་མཚོན་པས་སྒྲུབ་པ་པོ་ཧེ་རུ་ཀའི་བརྟུལ་ཞུགས་ལ་གནས་པ་ཡིན་ན་སྐྲའི་བསེབ་དང་། ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་ཡིན་ན་མཆན་ཁུང་དུ་སྦ་བར་བྱ་ཞིང་། དེ་ཡང་བསྐལ་བ་དང་ལྡན་པའི་སློབ་མ་མཆོག་གམ། རྡོ་རྗེའི་

p. 423

སྤུན་དང་། སྲིང་མོ་དམ་ཚིག་དང་ལྡན་པ་དག་ལ་དབང་སྦྱིན་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་ལྟ་བུ་རེས་འགའ་ཙམ་བསྟན་པ་མ་གཏོ གས་བསྐལ་བ་དང་མི་ལྡན་པའི་དབུས་སུ་གླེགས་བམ་དང་བྲིས་སྐུ་བསྟན་པར་མི་བྱ་སྟེ། ཇི་སྐད་དུ། གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་བསྐལ་མེད་མཐོང་ན་ནི། །སྐྱེ་བ་འདིར་ནི་དངོས་གྲུབ་མེད། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། །ཡང་དག་རབ་སྦྱིན་ལྡན་པ་ལ། །རེས་འགའ་ཙམ་ཞིག་བསྟན་པ་ཉིད། །ཅེས་སོ། །གསུམ་པ་བདུད་རྩི་རིལ་བུའི་སྒྲུབ་པ་བསྟན་པ་ནི། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ལས། དེ་ནས་བཅོམ་ལྡན་རྡོར་འཛིན་ཆེ། །རྡོ་རྗེ་གསོར་བར་བརྩོན་མཛད་ནས། །བདག་མེད་མཁའ་འགྲོ་མས་འཁྱུད་པས། །བཟང་པོའི་སྤྱོད་ཡུལ་རབ་ཏུ་ཆེ། །རྡོ་རྗེ་གཟུགས་ནི་བླངས་བྱས་ཏེ། །སེམས་ནི་ཇི་ལྟར་འདོད་པ་ཡིས། །རིག་འཛིན་འཁོར་ལོས་བསྒྱུར་བར་ནི། །ཐོགས་པ་མེད་པའི་སེམས་ཀྱིས་འགྲུབ། །རྣམ་པ་ལྔ་པོའི་དྲི་བླངས་ཏེ། །རྣམ་

p. 424

ལྔའི་རྫས་སུ་རྣམ་སྲེས་ཏེ། །ལྕགས་གསུམ་གྱིས་ནི་བཀྲིས་བྱས་ནས། །རིལ་བུའི་རིག་པ་འཛིན་པར་འགྱུར། །ཅེས་གསུངས་པས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ཅིང་། རྫོགས་རིམས་ལ་རྟགས་འགའ་ཐོན་ནས་རང་ཉིད་རྒས་ཏེ་འཆི་བར་ཉེ་ན་བདུད་རྩི་རིལ་བུའི་སྒྲུབ་པ་ལ་བརྟེན་ནས་ཚེ་ཉི་ཟླ་དང་མཉམ་པའི་རིག་འཛིན་སྒྲུབས་ནས་དེའི་རྟེན་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཚུལ་བརྗོད་ན། སྒྲུབ་པ་པོ་མི་བསྐྱོད་དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ལ་བརྟན་རྟགས་ཐོན་ནས་རིལ་བུ་སྒྲུབ་པའི་ཆེད་དུ་ཡན་ལག་དྲུག་གིས་ལྷའི་རྣལ་འབྱོར་ལ་གནས་པས། །ༀ་དྷ་ར་དྷ་ར་དྷཱ་ར་ཡ་དྷཱ་ར་ཡ། མརྡྷ་མརྡྷ་བཛྲ་དྷྲྀཀ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་སུམ་འབུམ་མམ་བྱེ་བ་བཟླས་ལ་བཅུ་ཆའི་སྦྱིན་སྲེག་བྱས་ནས། ཙན་དན། ག་བུར། ཛ་ཏི འམ་གླ་རྩི། ཨ་ག་རུ། གུར་གུམ་སྟེ་དྲི་རྣམ་པ་ལྔ་དང་། བཤང་གཅི་ཁུ་རྡུལ་ཀླད་པ་སྟེ་བདུད་རྩི་ལྔ་སྲེས་ནས་ཐོད་པ་མཚན་ལྡན་དུ་བླུག་པའི་ཁ་དར་དམར་གྱིས་བཅད་ལ།

p. 425

མཎྜལ་གྱི་སྟེང་དུ་ཁྲིའུའི་ཁར་བཞག་གོ། །དེ་ནས་རྫས་དེ་རྣམས་ལ་རྟགས་མ་ཐོན་བར་ཐུན་གསུམ་དུ་ནང་མཆོད་ལྟར་བྱིན་གྱིས་རླབས་ནས། །ༀ་ཨཱཿཧཱུྃ། །བདུན་ནམ་ཉེར་གཅིག་རེ་བཟླ་ཞིང་། ༀ་དྷ་ར་དྷ་ར་སོགས་ལ་ཁྲི་བཟླས་པས་རྫས་རྣམས་དྲོ་བ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པ་ན་རྡོ་ཀོང་དུ་བླུག་ལ་དྲི་ཆུ་དང་འདམ་འཐགས་བྱས་ནས་རིལ་བུ་སྲན་མ་ཙམ་བྱས་པ་ཟངས་དངུལ་གསེར་གསུམ་དུ་དྲིལ་ནས། སླར་ཐོད་པ་ཁ་སྦྱར་དུ་བཅུག་ལ་མཉྫིའི་སྟེང་དུ་བཞག་ནས་གོ ང་བཞིན་བྱིན་གྱིས་བརླབས་ནས་མཚན་ཐོགས་ཐག་ཏུ་སྔགས་བཟླས་པས་དྲོ་བ་ལ་སོགས་པའི་རྟགས་གོང་བཞིན་བྱུང་བ་ན། རིལ་བུའི་ཆ་གཅིག་བླ་མ་ལ་དབུལ། ཆ་གཅིག་དཀོན་མཆོག་ལ་འབུལ། ཆ་གཅིག་རང་གི་ཁར་བཅུག་པས་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཚེ་ཉི་ཟླ་དང་མཉམ་པར་འགྱུར་ཏེ། དེ་ལྟ་བུའི་རྟེན་ལ་དཔལ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་གོ་འཕང་ཡང་དག་པར་སྒྲུབ་

p. 426

བོ། །གཞན་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། སྤྱོད་པའི་ལེའུར། །སྨན་ནི་རྣམ་པར་བཟའ་བ་དང་། །ཆུ་ནི་རྟག་པར་བཏུང་བ་ཉིད། །ཅེས་གསུངས་པས་རྣལ་འབྱོར་པ་བསྐྱེད་རྫོགས་ལ་བརྟན་རྟགས་ཐོན་པས་རླུང་དབང་དུ་འདུས་པའི་དྲི་ཆེན་ངང་པའི་སྒོ་ང་འབྲིང་པོའི་ཚད་ཙམ་དང་། དེ་དང་ལྕིད་མཉམ་པའི་ཅ་རྒོད་དང་བུ་རམ་རྣམས་རིལ་བུ་སྲན་མ་ཙམ་བྱས་པ་བཟའ་བ་རྡོ་རྗེ་ཐོད་སྦྱོར་གྱིས་ཐུན་གསུམ་དུ་བྱིན་གྱིས་བརླབས་ནས་གཙོ་བོའི་སྙིང་པོ་ཁྲི་བཟླས་པས་སྒྲུབས་ནས་བཟའ་བ་དང་། རང་གི་དྲི་ཆུ་སྙུག་སྡོང་ཐེམ་བུ་གསུམ་པར་བླུག་པའི་ཐེམ་བུ་དང་པོ་བཏང་ལ། བ་ཚྭ་བསལ་བས་དྭངས་པའི་ཆ་དེ་དང་པི་པི་ལིང་ཉི་ཤུ་རྩ་གཅིག་སྦྱར་ལ་སྔ་མ་ལྟར་བྱིན་གྱིས་རླབས་ཅིང་སྔགས་ཀྱིས་སྒྲུབས་ནས་བཏུང་བ་སྟེ། འདི་གཉིས་ཀྱི་ཕན་ཡོན་ཀྱང་རྒ་བ་དང་འཆི་བས་མི་རྫི་ཞིང་ནད་ཀྱི་རིགས་དུ་མ་ལས་བསྲུང་བའི་མཆོག་ཏུ་འགྱུར་ཏེ། ཇི་སྐད་དུ། རྒ་ཤིས་ཟིལ་གྱིས་མི་ནོན་ཅིང་། །རྟག་ཏུ་བསྲུང་བར་འགྱུར་བ་

p. 427

ཡིན། །ཅེས་ཐམས་ཅད་མཁྱེན་པ་སྟོན་པ་པོ་དགྱེས་པ་རྡོ་རྗེས་སྤྱོད་པའི་ལེའུར་བཀའ་བསྩལ་ཏོ། །འདིར་སྨྲས་པ། སྔོན་རབས་འཕགས་པའི་ཡུལ་དང་གངས་ཅན་འདིར། །ཟླ་མེད་ཤཱཀྱའི་བསྟན་པ་རིན་ཆེན་གྱི། །བང་མཛོད་ལེགས་པར་དར་བས་རང་དང་གཞན། །སྨིན་གྲོལ་ནོར་བུའི་བགོ་སྐལ་ཅི་ཡང་སྙེད། །ཀྱེ་མ་དིང་སང་གངས་ཅན་རི་ངོགས་འདིར། །སྡེ་སྣོད་རྒྱུད་སྡེའི་ཉམས་ལེན་མངོན་རྟོགས་ཀྱི། །ཐོས་བསམ་སྒོམ་པའི་རིན་ཆེན་གླིང་དོར་ཏེ། །མི་ཚེ་སྟོང་ཟད་སྲིན་མོའ་གླིང་ཕྲ ན་ནས། །མཐའ་གཉིས་བསྟེན་པའི་ལྟ་སྤྱོད་འཆིང་བུའི་ཟོང་། །ལེན་པ་ཕལ་ཆེར་མཐོ་རིས་ཐར་པ་ཡི། །འབྱོར་པས་དམན་ཚེ་ངན་འགྲོའི་ལམ་པོ་ཆེར། །ཁ་ན་མ་ཐོའ་ཚ་གདུང་ཀུན་ཏུ་བརྟེན། །འདི་ལྟའི་དུས་སུ་སྐྱེ་བའི་ཆོ་འཕྲུལ་ནི། །ལས་ཀྱིས་སྤྲུལ་ལ་ཡིད་རབ་ཆད་གྱུར་མོད། །དེ་ལྟ་ན་ཡང་མ་རྒན་སེམས་ཅན་གྱི། །དོན་ལ་ཞུམ་པའི་བསམ་པ་རྒྱང་སྲིངས་ཏེ། །རྒྱལ་བསྟན་སྙིང་པོ་དྭགས་པོའི་བཀའ་བརྒྱུད་

p. 428

ཀྱི། །སྟོན་པ་བླ་མེད་རྗེ་བཙུན་དབྱངས་ཅན་བཟང་། །གང་གི་ཐུགས་རྗེ་ནོར་བུའི་མཁར་བ་ལ། །ལེགས་པར་བརྟེན་ནས་རྒྱལ་བའི་བསྟན་འདིར་ཞུགས། །དེ་ཚེ་རྨོངས་ཆེན་གླང་པོའི་སྣ་ཞགས་རྩེར། །ཟོལ་ཟོག་འཁོར་ལོའི་གཟེབ་ཀྱི་ནང་ཉིད་དུ། །དད་ཅན་རྨྱལ་ཐག་གཅོད་པའི་ཆོ་ག་ཅན། །བཤེས་གཉེན་ངན་པས་བཟུང་བར་མ་གྱུར་ཏེ། །སྲིད་པའི་དངོས་པོ་མ་ལུས་སྐེམ་པ་དང་། །མཆོག་གི་གོ་འཕང་མཐའ་ཡས་སྦྱིན་པ་ལ། །ཁྱུ་མཆོག་ཆེན་པོར་བསྙེངས་པ་ཀུན་བྲལ་བ། །རྗེ་བཙུན་དཀོན་མཆོག་འབངས་ཀྱི་ཞབས་པད་བསྙེན། །སངས་རྒྱས་མ་ལུས་བསྒྲོད་པ་ག ཅིག་པའི་ལམ། །གསང་ཆེན་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ། །སྨིན་པར་མཛད་ནས་དགྱེས་པ་རྡོ་རྗེ་ཡི། །རྩ་བཤད་རྒྱུད་ལ་བཀའ་ཡི་ལུང་ནོད་མཛད། །སྐབས་དེར་རང་ཤེས་དྭངས་པའི་མེ་ལོང་ལ། །སྔོན་སྦྱངས་རྒྱུད་དང་བསྟན་བཅོས་འགའ་ཡི་གཟུགས། །འོལ་སྦྱར་སྣང་ཚེ་རྒྱལ་བའི་གསུང་རབ་དོན། །ཐེ་ཚོམ་ཁྱོགས་ལ་མ་བླངས་ངེས་པ་ཡི། །བློ་གྲོས་

p. 429

མྱུར་འགྲོའི་ཐེག་པ་ལ་བརྟེན་པས། །འགྲོ་མང་སྲིད་ལས་སྒྲོལ་བའི་ཐབས་ཤེས་ཀྱི། །ལམ་བཟང་རིམ་པ་གཉིས་ཀྱི་སྨིན་གྲོལ་ལ། །ངེས་པ་རྙེད་ནས་སྒྲུབ་པའི་ཐབས་འདི་བརྩམས། །སྐལ་ལྡན་རྡོ་རྗེའི་རྣ་བར་བདེ་ཆེན་གླུ། །འབར་སྲེག་ཞུ་བའི་སྤྲིན་རྔ་ལྷོངས་པོ་ནི། །སྐུ་གཉིས་སྤྲིན་སྔོན་དབུས་ན་ལྷང་ངེ་བ། །མར་པ་ལོ་ཙའི་དགོངས་པའིང་འདི་ཡིན་སྙམ། །སྟོན་པའི་བཀའ་དང་བརྒྱུད་པའི་མན་ངག་གི། །ངོ་མཚར་རང་གཟུགས་བཀོད་ལ་བླུན་ཚིག་གི། །ཡོལ་བུ་སྤངས་པའི་ལེགས་བཤད་མཆོད་སྤྲིན་ལ། །དགྱེས་པ་བསྐྱེད་ཅིག་འདྲེན་པ་དབྱངས་ཅན་བཟང་། །འདིར་འབད་དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་དམ་པའི་རྒྱུ་ལམ་མ་འཁྲུལ་བ། །སྙིང་པོ་ཨེ་ཝྃ་སྡོམ་པའི་ཕྱག་རྒྱ་ཅན། །གང་ཡིན་དེ་ལ་སྒོ་གསུམ་འབད་ཕྱིར་བསྔོ། །བཅོམ་ལྡན་དགྱེས་མཛད་རྡོ་རྗེ་ཞེས་བྱ་སྒྲུབ་པའི་ཐབས་ཀྱི་མན་ངག་འདི། །ནཱ་རོའི་ཞབས་ཀྱི་རིམ་པ་ལས་འོངས་སྨྲ་བའི་ཟླ་བ་ལོ་ཙ་ཆེ། །མཁྱེན་པ་ཟླ་མེད་བདུད་

p. 430

རྩིའི་ཟེར་གྱིས་རྒྱུད་རྒྱལ་ཀུནྡའི་ཚལ་ཆེན་འདི། །ངོ་མཚར་འདིར་ན་སྣང་བར་བྱས་ཀྱི་སྐལ་ལྡན་བུང་བའི་ཚོགས་རོལ་ཅིག། །།ཅེས་བྱ་བ་འདི་ནི་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་རིགས་པ་དང་གྲོལ་བར་སྨྲ་བ་མཐའ་དག་གི་གཙུག་གི་ནོར་བུ་རྒྱལ་བ་ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱི་སྐུ་ཅན་དཀོན་མཆོག་འབངས་ཀྱི་བཀའ་དྲིན་ལས། །ཟབ་མོ་རྡོ་རྗེ་ཐེག་པའི་ཆོས་ཀྱི་ཚུལ་ལ་ངེས་པ་ཅུང་ཟད་སྙེད་པ། དགེ་སློང་རྡོ་རྗེ་འཛིན་པ་གྲགས་པ་དོན་གྲུབ་ངག་གི་དབང་ཕྱུག་རྡོ་རྗེ་སྙིང་པོ་དགའ་བའི་ཕྲེང་བ་ཞེས་བགྱི་བས་རང་ལོ་ཉེར་བདུན་པ་ལ་ཡུལ་ཀོང་པོའི་སའི་ཐིག་ལེ། འཇམ་དབྱངས་དགྱེས་པའི་མདངས་ལྡན་གྱི་དགེ་འདུན་གྱི་ས་དྲ་དང་ཉེ་བར་དབུ་བཙུགས་ཏེ། རང་ལོ་ཉེར་བརྒྱད་པ་ཁྲུམས་ཀྱི་ཟླ་བའི་དཀར་ཕྱོགས་ལ་དཔལ་སྡོམ་པ་ཆེན་པོ་ལྷག་པར་བསྟི་བའི་གནས་ཆེན་ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་དང་ཧ་ཅང་མི་རིང་པའི་ནགས་ཁྲོད་དུ་རྫོགས་པར་བཀོད་པའི་ཡི་གེ་པ་ནི་ཀརྨ་ལྀ་ཀཱ་རའོ། །འདིའི་ཚིག་དོན་

p. 431

རྣམས་ལ་འགལ་ཞིང་འཁྲུལ་བའི་ཆ་མཆིས་པ་ཐམས་ཅད་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་བཤགས་ཤིང་། དགེ་བའི་དངོས་པོ་ཅི་སྙེད་ཅིག་ཐོབ་པ་དེ་སེམས་ཅན་མ་ལུས་པ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །།

གྲུབ་པའི་རྟོག་པ་རྨད་དུ་བྱུང་བ་ངོ་མཚར་དང་བཅས་པ་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་ནཱ་རོ་ཆོས་དྲུག་གི་རྣམ་པར་བཤད་པ་བླ་ན་མེད་པའི་རྒྱུད་སྡེ་མཐའ་དག་གི་ངེས་པའི་དོན་གྱི་སྙིང་པོ་གསལ་བར་བྱེད་པ་དྭགས་བརྒྱུད་གྲུབ་པའི་མཛེས་རྒྱན།

p. 432
p. 433

གྲུབ་པའི་རྟོག་པ་རྨད་དུ་བྱུང་བ་ངོ་མཚར་དང་བཅས་པ་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་ནཱ་རོ་ཆོས་དྲུག་གི་རྣམ་པར་བཤད་པ་བླ་ན་མེད་པའི་རྒྱུད་སྡེ་མཐའ་དག་གི་ངེས་པའི་དོན་གྱི་སྙིང་པོ་གསལ་བར་བྱེད་པ་དྭགས་བརྒྱུད་གྲུབ་པའི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །

p. 434

མངོན་པར་བྱང་ཆུབ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་སྐུ། །དཔལ་ལྡན་ཡེ་ཤེས་ཆོས་ཀྱི་ཕྱག་རྒྱ་རྡོ་རྗེའི་གསུང་། །གསང་བའི་ཐེག་པ་དམ་ཚིག་ཕྱག་རྒྱ་རྡོ་རྗེའི་ཐུགས། །རིགས་ཀུན་གཙོ་བོ་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ། །གཉིས་མེད་ཡེ་ཤེས་ཟུང་དུ་འཇུག་པའི་དཔལ། །བདེ་ཆེན་དགྱེས་པའི་དངོས་པོ་སྙིང་རྗེ་ཐབས། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་རྡོ་རྗེའི་དབྱིངས། །ཧེ་རུ་ཀ་དཔལ་བདུད་དགྲར་ཕྱག་བགྱིད་དོ། །སྤྲོས་དང་བྲལ་བ་ཟབ་མོའ་ངང་ཚུལ་ལས། །ཉོན་མོངས་བསྲེག་པའི་གཟི་བྱིན་ཙཎྜ་ལི། །སྒྱུ་འཕྲུལ་ཆེན་མོ་རྒྱལ་བ་ཀུན་བསྐྱེད་མ། །ཡེ་ཤེས་མཁའ་འགྲོས་དགོངས་ཤིག་བཀའ་གནང་

p. 435

གསོལ། །རྒྱུད་རྒྱལ་སྙིང་པོ་རྫོགས་རིམ་ཟབ་མོའ་ལམ། །བདག་ཡིད་དད་པའི་མཁའ་ལ་འཛིན་བྱེད་ཀྱང་། །ཀུན་རྨོངས་ཉི་མས་རིང་དུ་མ་བཏང་བས། །མ་འཁྲུལ་གསལ་བའི་འོད་དཀར་ག་ལ་ཞིག །དེ་ལྟ་ན་ཡང་དོན་གཉེར་འགའ་ཞིག་གིས། །ནན་ཏུར་ཆེན་པོས་ཡང་ཡང་བསྐུལ་བའི་ངོ་། །བཟློག་པར་མ་བཟོད་ཟབ་དོན་བདུད་རྩི་ཡི། །ཆ་ཤས་འཛིན་འདི་དང་པོའ་ཟླ་ཚེས་བཞིན། །དེ་ཡང་པཎ་ཆེན་ནཱ་རོའ་ཞལ་ནས། དཔང་པོར་བཅས་པའི་ཚིག་བརྗོད་ན། །སྨྲ་པོ་ཚད་མར་ལྷག་པར་རྟོགས། །ཅེས་བཀའ་སྩལ་བ་ལྟར་བླ་ན་མེད་པའི་རྒྱུད་སྡེ་དུ་མ་དང་། འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་བླ་

p. 436

མ་དམ་པ་དག་གིས་ཇི་སྐད་གསུངས་པའི་ལུང་སྣ་ཚོགས་ཀྱིས་ཟབ་མོ་ཆོས་དྲུག་གི་མན་ངག་ལ་ངེས་པར་བྱ་བ་ཅུང་ཟད་ཅིག་བརྗོད་པར་འདོད་དེ། དེ་ཡང་གང་ལས་བརྒྱུད་པའི་ཚུལ་དང་། གདམས་པ་དངོས་སོ། །དང་པོ་ནི། གང་དབང་པོ་རྣོན་པོ་སྐལ་བ་མཆོག་ཏུ་གྱུར་པ་རྣམས་ནི་གསང་སྔགས་ཀྱི་ལམ་མ་ཡིན་པའི་ལམ་གཞན་དག་མཆོག་ཏུ་མ་གཟིགས་ཏེ་བདག་ཅག་གི་སྟོན་པ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་སློབ་པ་ལམ་གྱི་སྐབས་སུ་གསང་སྔགས་ཀྱི་ལམ་འདི་ཉིད་ལ་ནན་ཏན་དུ་མཛད་དེ་ལམ་གཞན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱིས་ཀྱང་མཚན་གཞི་མཚོན་པར་བྱེད་པའི་ཤྲཱི་ཧེ་རུ་ཀའི་གོ་འཕང་མངོན་དུ་མཛད་པ་ཡིན་ཏེ། ཇི་སྐད་དུ། དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉམ་མེད་བརྙེས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །

p. 437

ཅེས་གསུངས་པས་སོ། །བྱེ་བྲག་ཏུ་ཐམས་ཅད་མཁྱེན་པ་སྟོན་པ་པོ་ཤཱཀྱ་ཐུབ་པ་རྡོ་རྗེ་འཆང་ཆེན་པོ་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་། མི་འཇིགས་པ་ལ་སོགས་པ་ཐམས་ཅད་ཀྱི་དབང་ཕྱུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཅན། སྟོང་གསུམ་གྱི་སྟོང་ཆེན་པོའ་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་སུ་མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུའི་སྒྱུ་མ་སྒྲིབ་པ་མེད་པ་རྣམས་ཀྱིས་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ་མཐའ་ཡས་པ་མཐའ་ཡས་པའི་སྐད་རྣམས་ཀྱིས་གསོལ་བ་འདེབས་པ་པོ་སྣ་ཚོགས་ཀྱིས་གསོལ་བ་བཏབ་པས། ཐམས་ཅད་མཁྱེན་པའི་སྐད་སེམས་ཅན་ཐམས་ཅད་ཀྱི་སྒྲ་ལ་རབ་ཏུ་ཞུགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རབ་ཏུ་སྟོན་པར་མཛད་པ་ལས། ཞིང་འདིའི་གདུལ་བྱ་རྣམས་དྲང་བའི་སླད་དུ་བསྐལ་པ་བཟང་པོ་འདིར་དེ་བཞིན་གཤེགས་པ་འོད་

p. 438

སྲུངས་ཀྱི་རྗེས་སུ་སྐྱེ་དགུ་རྣམས་ཚེ་ལོ་བརྒྱར་འཚོ་བ་ན། དབང་བཅུ་ཐོབ་ཅིང་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དམ་པ་ཏོག་དཀར་པོ་དགའ་ལྡན་ནས་བསམས་བཞིན་དུ་ཛམྦུའི་གླིང་གི་དབུས། འཕགས་པའི་ཡུལ་གྱི་བྱེ་བྲག །རི་གངས་ཅན་དང་ཉེ་བ། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་གནས་དང་མི་རིང་བ། ཤཱཀྱ་རྣམས་ཀྱི་གྲོང་ཁྱེར་དུ། བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། རྒྱལ་པོ་ཆེན་པོ་ཟས་གཙང་མ་ནི་འཇམ་དཔལ་དུ་གྱུར་ཏོ། །ལྷ་མོ་ཆེན་མོ་སྒྱུ་མ་ནི་འཇིག་རྟེན་དབང་ཕྱུག་ཏུ་གྱུར་ཏོ། །ཞེས་འབྱུང་ངོ་། །མཆན། འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཟས་གཙང་མ་དང་། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་ལྷ་མོ་སྒྱུ་འཕྲུལ་གྱི་སྲས་སུ་སྤྲུལ་པའི་སྐུ་འཛིན་པར་མཛད་ཅིང་། རྡོ་རྗེའི་གདན་དུ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་མཛད་དེ། ཝཱ་ར་ཎ་སི་ལ་སོགས་པ་གནས་ཐ་དད་པར་ཐེག་པ་གསུམ་གྱི་ཆོས་བསྟན་པ་ཡིན་ལ། ཁྱད་པར་དུ་སྔགས་ཀྱི་ཚུལ་

p. 439

རྣམས་ནི་གདུལ་བྱ་ཉོན་མོངས་པ་ལ་སྤྱོད་པ་ཕྲ་རགས་ཀྱི་ག ཉེན་པོར་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། བླ་མེད་ཀྱི་རྒྱུད་རྣམས་གསུངས་པ་ལས། རྒྱུད་སྡེ་འོག་མ་རྣམས་ནི་དེར་འདུས་ཀྱི་གདུལ་བྱ་རང་སྣང་གིས་བསྡུས་པའི་གནས་ཐ་དད་དུ་གསུངས་ཤིང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལས་ཀྱང་། གང་གདུལ་བྱ་སྣོད་དུ་རུང་བ་རྗེས་སུ་འཛིན་པ་གསང་བ་འདུས་པ་ལ་སོགས་པ་ཕའི་རྒྱུད་དང་། སྣོད་རུང་དུ་མ་ཟད། སྣོད་དུ་མི་རུང་བའང་དྲག་པོའ་སྒོ་ནས་ཚར་བཅད་དེ་རྗེས་སུ་བཟུང་བ་རྣལ་འབྱོ ར་མའི་རྒྱུད་ཡིན་ལ། གུར་ལས། སྲོག་ཆགས་གསོད་ལ་འབད་ལྡན་དང་། །ལྟ་བ་ལས་ནི་ལོག་རྣམས་དང་། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །བདེ་བའི་ཐབས་ནི་རྒྱས་མིན་ཞིང་། །གཞུང་ཉུང་བ་ལ་དོན་རྒྱས་པ། །བློ་དམན་རབ་ཏུ་རྟོགས་བྱེད་པའི། །མཁའ་འགྲོ་མ་ཡི་རྒྱུད་ཅེས་ཏེ། །ཞེས་གསུངས་སོ། །མཆན། རྣལ་འབྱོར་མའི་རྒྱུད་ཀྱི་ནང་ནས་ཀྱང་སྙིང་པོ་ལྟ་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོར་གྱུར་པ་ཡི་གེ་ཕྱིས་བསྣན་གྱི་དབང་

p. 440

གིས་རྒྱལ་བའི་དབང་པོས་མཛད་པའི་རིམ་ལྔར། ཧེ་རུ་རྒྱུ་ཡི་སྐད་དོད། རུ་པ་ཚོགས། ཨ་ཀཤྩི་ཏ་སྠཱ་ན། ཀ་གང་དུའང་མི་གནས་པ། ཞེས་གསུངས། མཆན། ཧེ་རུ་ཀའི་རིགས་ད པལ་དགྱེས་པ་རྡོ་རྗེ་དང་། འཁོར་ལོ་སྡོམ་པའི་རྒྱུད་དང་། རྣམ་སྣང་གི་རིགས་རྡོ་རྗེ་གདན་བཞིའི་རྒྱུད་དེ། སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་གསང་བ་དམ་པ་དག་ནི་བཅོམ་ལྡན་འདས་ཀྱིས་བདེ་བ་ཆེན་པོའ་གནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ནས་གསུངས་པ་ཡིན་ཏེ། པཎ་ཆེན་ནཱ་རོས། གནས་གང་ཞིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་པ་དེ་ཁོ་ན་ནི་དམ་ཚིག་སེམས་དཔའ་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བྷ་ག་ཞེས་གསུངས་ཏེ། ཞེས་སོ། །དེའི་ཕྱིར་རྡོ་རྗེ་གསང་བའི་རྒྱུད་ལས་ཀྱང་། དེ་ནས་ཉམས་དགའ་བ་ཡི་གནས། །ནམ་མཁའ་ཀུན་ལ་རབ་གནས་པ། །རྡོ་རྗེ་རིན་ཆེན་

p. 441

འོད་ཀྱིས་གསལ། །དྲི་མེད་གཟི་བརྗིད་ཀྱིས་བརྒྱན་པ། །དྲ་བ་མེ་ལོང་མེ་ཏོག་ལྡན། །མེ་ཏོག་ཕྲེང་བ་རྒྱན་ལྡན་པ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་ཀུན་གྱིས་འདུས་བྱས་པ། །རྡོ་རྗེ་སེམས་དཔའི་གནས་ཆེན་པོ། །སངས་རྒྱས་ཀུན་གྱིས་རྗེས་བསྟན་པ། །བྱང་ཆུབ་སེམས་དཔའི་གནས་ཀྱི་མཆོག །རྡོ་རྗེ་འཛིན་པ་ཀུན་གྱི་གཞི། །བདེ་བ་ཆེན་པོ་རྡོ་རྗེ་ཆེའི། །ནོར་བུ་རིན་ཆེན་མཆོག་ཅེས་བྱ། །རྡོ་རྗེ་ཆེན་པོའ་གཞལ་ཡས་ན། །རྡོ་རྗེ་འཛིན་པ་ཐིག་ལེ་ཡི། །གཟུགས་ཀྱིས་བཞུགས་ཤིང་གནས་པའོ། །ཞེས་སོ། །དེར་རང་རང་གི་དཀྱིལ་འཁོར་ཆེན་པོ་སྤྲུལ་ཏེ། སྟོན་པ་དེ་དང་དེའི་གཙོ་བོའ་རྣམ་པས། ཞུ་བ་པོའ་འཁོར་རྡོ་རྗེ་སྙིང་པོ་དང་། ཕག་མོ་དང་། ཕྱག་ན་རྡོ་རྗེ །ཉན་པའི་འཁོར་སངས་རྒྱས་དང་བྱང་སེམས་རི་རབ་ཀྱི་རྡུལ་དང་མཉམ་པ་དང་། སྐལ་བ་དང་ལྡན་པའི་ལྷ་མི་སོགས་ལ་རྩ་བ་དང་བཤད་པ་དང་། ཕྱི་མ་དང་། འབྲས་བུའི་རྒྱུད་ལ་སོགས་པ་མཐའ་ཡས་པ་གསུངས་པ་ཡིན་ནོ། །དེ་ལ་

p. 442

འདིར། འདུས་པ་དང་དགྱེས་རྡོར་དུ་རྡོ་རྗེ་བཙུན་མོའ་བྷ་ག་ཞེས་དང་། སྡོམ་པར་གསང་བ་མཆོག་གི་དགྱེས་པ་ཞེས་སོགས་ཐ་དད་པ་མ་ཡིན་ནམ་ཞེ་ན། དོན་ལ་བརྟོན་པ་ཉིད་ཀྱི་ཚེ་འགལ་བ་མ་ཡིན་ཏེ། པཎ་ཆེན་ནཱ་རོས། དངོས་པོ་གང་ཞིག་དཔལ་འདུས་པ་ལ་སོགས་པར་མིང་འདི་ཡིས་གསུངས་པའི་དངོས་པོ་དེ་ཉིད་མངོན་པར་བརྗོད་པ་འབུམ་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོར་གསང་བ་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པས་གསུངས་སོ། །ཅེས་བཀའ་སྩལ་ཏོ། །དེ་ལྟར་ཐམས་ཅད་མཁྱེན་པས་གདུལ་བར་བྱ་བའི་སེམས་ཅན་མོས་པ་སྣ་ཚོགས་པ་དག་གི་དོན་གྱི་ཕྱིར་མངལ་དུ་འཇུག་པ་ལ་སོགས་པ་སྟོན་པར་མཛད་དེ། དུས་ཀྱི་འཁོར་ལོ་ལས། འདི་རྣམས་དགྲོལ་བའི་སླད་དུ་སྲས་བཅས་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ། །མངལ་ནི་རབ་ཏུ་བཟུང་བ་མཛད་ཅིང་མཆོག་གི་བྱང་ཆུབ་བསྐྱེད་པ་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་སྟེང་གནས་སུ་ཆོས་ཀྱི་

p. 443

འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཁོ་ནའོ། །ཞེས་སོ། །ཕྱིས་རྡོ་རྗེ་སྙིང་པོ་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མ་དུ་མས་དེ་ལྟ་བུའི་ཆོས་ངོ་མཚར་ཅན་དག་རྡོ་རྗེའི་གནས་ཨཽ་ཌྱན་ལ་སོགས་པར་ཕན་ཚུན་དྲི་བ་དང་ལན་གྱི་ཚུལ་གྱིས་རྒྱུད་ཡང་དག་པར་བསྡུས་པས་འཁོར་རྣམས་རྗེས་སུ་ཡི་རང་བར་གྱུར་ཏེ། ལས་ཀྱ ི་ས་པ་འཛམ་བུའི་གླིང་འདིར་སྔར་མེད་ཀྱི་དགེ་མི་དགེ་གསར་དུ་བསྐྱེད་རུང་བའི་ཕྱིར་སངས་རྒྱས་པའི་ལམ་ཡང་དེར་བསྐྱེད་རུང་བས་ཡུལ་ཉི་ཤུ་རྩ་བཞིར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཉམས་སུ་བླངས་ཏེ་གནས་པ་ལས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྤྲུལ་པ་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཏཻ་ལོ་པ་ཞེས་བྱ་བ་དེ་ཉིད་འཕགས་པའི་ཡུལ་གྱི་ཤར་ས་ཧོར་དུ་བྲམ་ཟེའི་རིགས་ལས་འཁྲུངས་ཤིང་བསྟན་པ་ལ་ཡང་དག་པ་ཞུགས་ནས་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ་མ་ཏངྒི་

p. 444

སོགས་ལ་བཀའ་བབས་བཞིའི་གདམས་པ་བསྲེ་འཕོའ་ཞལ་གདམས་ལས། ཇོ་བོ་ཏཻ་ལོ་པ་ལ་གདམས་ངག་གི་བཀའ་བཞི་བབས་པ་ཡིན་ཏེ། དེ་ཡང་ཀླུ་གྲུབ། ས་ར་ཧ། སློབ་དཔོན་ནག་པོ་སྤྱོད་པ། མཁའ་འགྲོ་མ་སུ་མ་ཏི་སྐལ་བ་བཟང་མོ་རྣམས་ཀྱི་གདམས་ངག་གི་བཀའ་རེ་རེ་བབས་པར་གསུངས་ལ། ཏཻ་ལོ་པ་ཉིད་ཀྱིས་མཛད་པའི་རྒྱ་གཞུང་ལས། ཙ་པ་ལས་གཏུམ་མོ། ཀླུ་གྲུབ་ལས་སྒྱུ་ལུས་དང་འོད་གསལ། ལ་བ་པ་ལས་རྨི་ལམ། སུ་ཁ་སིདྡྷི་ལས་བར་དོ་དང་འཕོ་བའི་བཀའ་བབས་པར་གསུངས་སོ། །མཆན། མནོས་ནས་བསྒྲུབས་པས་བླ་ན་མེད་པའི་གོ་འཕང་མངོན་དུ་མཛད་དེ། རྡོ་རྗེ་འཆང་ཆེན་པོ་ཉིད་དང་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་ལ་བླ་ན་མེད་པའི་རྒྱུད་དག་གི་ངེས་པའི་དོན་མ་ལུས་པ་ཡོངས་སུ་ཞུས་ཤིང་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱང་འཕགས་ཡུལ་དུ་སྤྱན་དྲངས་ཏེ་སྐལ་བ་དང་ལྡན་པ་དུ་མ་སྨིན་གྲོལ་དུ་མཛད་པ་ཡིན་ནོ། །དེའི་སློབ་མ་སློབ་དཔོན་ཆེན་པོ་ནཱ་རོ་པ་ནི། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པའི་ཡུལ་ཁ་ཆེར་སྐུ་འཁྲུངས། ཆུང་ངུ་ནས་

p. 445

བསྟན་པ་ལ་ཞུགས་ཏེ་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། ཡུལ་དབུས་སུ་གཤེགས་ནས་མཁན་པོ་སངས་རྒྱས་བསྐྱངས་ལས། མཆན། རབ་ཏུ་བྱུང་བའི་མཚན་སྙན་གྲགས་བཟང་པོར་བཏགས། འཛམ་བུའི་གླིང་ན་མཁས་པར་གྲགས་པས་ཤྲཱི་ནཱ་ལནྡ དཔལ་འདམ་བུ་བྱིན་པ འི་མཁས་པ་སྒོ་དྲུག་གི་ཡ་གྱལ་བྱང་སྒོ་བསྲུང་བའི་པཎྜི་ཏར་མངའ་གསོལ། དེའི་ཚེ་བདེ་མཆོག་འཁོར་ལོའ་རྣལ་འབྱོར་གྱི་ཡི་གེ་བདུན་པའི་སྔགས་བཟླས་པས་འབུམ་ཕྲག་གཅིག་སོང་བ་ན་ས་གཡོས་ཤིང་ལུང་བསྟན་པ་ཡང་བྱུང་སྟེ། ཁྱོད་ཤར་ཕྱོགས་སུ་སོང་ཞིག །ཇོ་བོ་ཏིལླི་པ་ཞེས་བྱ་བ་དེ་ཁྱོད་ཀྱི་སྐྱེ་བ་བདུན་གྱི་བླ་མ་ཡིན་པས་དེ་ལ་གདམས་ངག་ཞུས་ལ་བསྒོམས་ཤིག་བྱ་བའི་སྒྲ་བྱུང་། དེར་ནཱ་རོ་པས་ཤར་ཕྱོགས་ཀྱི་རྒྱུད་དུ་སོང་ཞིང་བཙལ་བས། ཨཽ་ཌྱན་གཙུག་གི་ནོར་བུའི་གཙུག་ལག་ཁང་དུ་མཇལ་བ་ནས་བརྩམས་ཏེ་ལོ་བཅུ་གཉིས་བསྟེན་ཅིང་དཀའ་བ་མི་འདྲ་བ་སྲོག་ལ་ཐུག་པ་བཅུ་གཉིས་དང་པོ་མཁར་གྱི་རྩེ་

p. 446

ནས་མཆོངས། །གཉིས་པ་གནོད་བཅས་ཆུ་ལས་བསྒྲལ། །གསུམ་པ་བག་མར་མེ་ཏོག་འཕངས། །བཞི་པ་མྱ་ངན་ཐང་དུ་འཁྱམས། །ལྔ་པ་མེ་ཕུང་ནང་དུ་མཆོངས། །དྲུག་པ་བསོད་པའི་ཞལ་ཟས་ཕུལ། །བདུན་པ་རྡོ་རྗེ་ཐོ་བས་བརྡུངས། །བརྒྱད་པ་བློན་པོའ་ཆུང་མར་གཙེས། །དགུ་པ་རྒྱལ་པོའ་བཙུན་མོ་བཀུག །བཅུ་པ་རྒྱལ་པོས་ཡན་ལག་བྲེགས། །རིགས་མ་ཕུལ་བ་བཅུ་གཅིག་པ། །ཅག་ལྷམ་འདི་འབྲས་དྲུ་བའི་ལག་ཆ་ཞིག་གི་མིང་ཡིན་པར་སྔོག་ཆོས་རྡོར་གྱི་བེ་བུམ་ལས་འབྱུང་ངོ་། །མཆན་གྱི་མཆན། བསྣུན་པ་བཅུ་གཉིས་པའོ། །མཆན། སྤྱད་པའི་ཚེ། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་གཙོ་བོར་གྱུར་པའི་བསྐྱེད་རྫོགས་ཀྱི་མན་ངག་ཆ་ལག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་སྩལ་བ་དག་རྣལ་འབྱོར་དུ་མཛད་ཅིང་སླར་བྱོན་ཏེ་རྒྱལ་པོ་སེང་གེ་ཟླ་བའི་གྲོང་ཁྱེར་དུ་བྱང་ཆུབ་ཀྱི་ཉེ་རྒྱུར་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ན་རྒྱལ་པོ་འཁོར་བཅས་མ་དད་པ་རྫུ་འཕྲུལ་གྱིས་འདུན་པར་མཛད་དེ་ཆོས་བསྟན་པས་རྒྱལ་པོ་ལ་སོགས་པ་དེར་གནས་པའི་སྐྱེ་བོ་ཐམས་ཅད་

p. 447

མཁའ་སྤྱོད་ཀྱི་ས་ལ་བཀོད་ནས་རེ་ཞིག་གྲོང་ཁྱེར་དེ་སྟོངས་པར་གྱུར་ཅིང་རྗེ་བཙུན་ཉིད་ཀྱིས་ཀྱང་འཇིག་རྟེན་པའི་དཔེ་ལས་འདས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་མཛད་དེ་ཡུལ་དབུས་ནཱ་ལནྡར་བྱོན་ནས་བསྟན་པ་ལ་བྱ་བ་མཛད་པ་ན་འཛམ་བུའི་གླིང་ཀུན་ཏུ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་སྟོན་པ་གཉིས་པ་ལྟར་གྲགས་པས་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་སློབ་དཔོན་ཆེན་པོ་ནཱ་རོ་པ་ཨ་རོ་རྩོད་པའི་སྐད་དོད་ཀྱི་གོང་དུ་དགག་པའི་ན་ཉ་བཞག །ནའི་ཨ་དང་ཨ་ཕྱི་མ་མཚུངས་འདྲ་ལས་ནཱ་རིང་པོ་དང་ཨ་ཕྱི་མ་ཕྱིས་པ་སྟེ་གྲུབ་འབྲས་ནཱ་རོ་ཞེས་པ་བོད་སྐད་དུ་རྩོད་མེད་ལ་འཇུག་གོ། །མཆན། ཞེས་ཆེད་དུ་བརྗོད་པར་བྱེད་དོ། །དེའི་སློབ་མ་མངའ་བདག་ལོ་ཙ་བ་ཆེན་པོ་མར་སྟོན་ཆོས་ཀྱི་བློ་གྲོས་ནི། གཅེས་པའི་སྲོག་ལ་ཕངས་པར་མ་གཟིགས་པར་རྒྱ་གར་དུ་ལན་གསུམ། བལ་པོར་ལན་བཞི་བྱོན་ཏེ། ནཱ་རོ་མཻ་ཏྲི་སོགས་གྲུབ་པ་བརྙེས་པའི་དཔའ་བོ་དང་ཡེ་ཤེས་ཀྱི་མཁའ་འགྲོས་རྗེས་སུ་བཟུང་ཞིང་། ཁྱད་པར་རྗེ་ནཱ་

p. 448

རོ་པ་ཉིད་སྔ་ཕྱི་བསྡོམས་པས་ལོ་དྲུག་དང་ཟླ་བ་བདུན་དུ་བསྟེན་ནས་བཀའ་བཞི་བརྒྱུད་པའི་གདམས་པའི་མཐའ་ཆོད། ཁྱད་པར་ཟབ་མོ་ཆོས་དྲུག་གི་གདམས་པ་ཇི་ལྟར་ནོད་པ་ནི། རྗེ་བཙུན་ནཱ་རོ་པའི་ཐུགས་ཀ་ནས་དགྱེས་རྡོར་ལྷ་དགུ་པ་ཞིག་སྤྲུལ་པའི་གཙོ་བོའ་ཞལ་ནས་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ཞིག་སྤྲུལ་བ་དེས། ཡན་ལག་ཐིམ་དྲུག་རྫོགས་ཚུལ་ལྔ་ལྡན་གྱི་གཏུམ་མོ་བཞིར་བཞག་སྟེ། ལམ་གྱི་ཁ་སྐོང་འོད་གསལ་སོགས་ལྔ་གདམས་པས་ནམ་མཁའ་ནས་ལྷས་མེ་ཏོག་གི་ཆར་ཕབ། ཙན་དན་དང་ཨ་ག་རུའི་དྲི་བཟང་པོ་ས་བཞི་ཁྱབ་པར་བདུགས། ས་ཆེན་པོ་ཡང་གཡོ་བར་གྱུར་ཏོ། །ཞེས་ཆོ་འཕྲུལ་གྱི་མཚན་ལྟས་ཁྱད་པར་ཅན་དང་བཅས་ཏེ་གསུངས་པར་རྒྱལ་བའི་དབང་པོས་རླུང་སེམས་གཉིས་མེད་དུ་བཀའ་སྩལ་ཏོ། །མཆན། ཕ་མའི་རྒྱུད་སྡེ་ནས་འབྱུང་བའི་སེམས་རླུང་དག་མ་དག་གི་ལ་ཤན་འབྱེད་པའི་སྨིན་གྲོལ་གྱིས་རྗེ་བཙུན་ཐོས་པ་དགའ་སོགས་གྲུབ་པ་དང་བདེ་བ་ལ་བཀོད། འགྲོ་མགོན་བསོད་ནམས་རིན་ཆེན་དང་གྲུབ་པའི་གཙོ་བོ་དུས་གསུམ་མཁྱེན་པའི་ཞབས་སོགས་སྐལ་ལྡན་

p. 449

གྱི་སློབ་མའི་རྒྱུད་འདས་པའི་དུས་ནས་བྱིན་གྱིས་བརླབ་པར་མཛད་པ་ནས་བདག་གི་འདྲེན་པ་མཚུངས་མེད་ཆོས་ཀྱི་རྗེ་དཀོན་མཆོག་འབངས་ཀྱི་བར་བརྒྱུད་པ་རིན་པོ་ཆེ་འདི་ཉིད་ཀྱི་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་འབའ་ཞིག་རིམ་པར་བྱོན་པ་དག་གིས་ཀྱང་དཔལ་ནཱ་རོ་ཆེན་པོའ་མན་ངག་ཟབ་མོ་ཆོས་དྲུག་གི་ལམ་འདི་ཉིད་ལ་ནན་ཏན་དུ་མཛད་པ་ཡིན་ནོ། །སྨྲས་པ། རྡོ་རྗེ་འཆང་ནས་བཀའ་བབས་མ་ཆད་པའི། །བྱིན་རླབས་སྤྲུལ་སྐུ་བརྒྱུད་པའི་སྙིང་པོ་ནི། །རང་རྒྱུད་དག་ནས་གཞན་རྒྱུད་ཡེ་ཤེས་སུ། །བསྒྱུར་བའི་འཕྲིན་ལས་ནུས་པ་ཤིན་ཏུ་མཚར། །ཅེས་སོ། །གཉིས་པ་ནི། རྣལ་འབྱོར་གྱི་ས་ཆེན་པོ་གྲུབ་པའི་སློབ་དཔོན་ཏཻ་ལོ་དང་ནཱ་རོའ་ཞལ་ནས། དངོས་པོའ་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་ཏེ། དེའི་ཕྱིར་བརྗོད་ན། དངོས་པོའ་གནས་ལུགས་མདོར་སྡུས་ཏེ་བསྟན། ལམ་གྱི་རིམ་པ་རྒྱས་པར་བཤད། འབྲས་བུ་སྐྱེ་བའི་རིམ་པ་བསྟན་

p. 450

པའོ། །དང་པོ་ལ། བཏགས་ཡོད་ལ་འབྲེལ་བའི་དངོས་པོའ་གནས་ལུགས་དང་། རྫས་ཡོད་ལ་འབྲེལ་བའི་དངོས་པོའ་གནས་ལུགས་སོ། །དང་པོ་ལ། རྟེན་གཟུགས་ཀྱི་དངོས་དོན་དང་། བརྟེན་པ་སེམས་ཀྱི་དངོས་དོན་གཉིས་ཀྱི་དང་པོ་ནི། སྔགས་ལ་འཇུག་རུང་གི་ཁམས་དྲུག་ལྡན་པའི་རྡོ་རྗེའི་ལུས་འདི་ཉིད་རྩ་རླུང་ཐིག་ལེ་གསུམ་ལ་བརྟེན་ཏེ་འཚོ་བ་ཡིན་ཅིང་རྒྱས་པར་ནི་འོག་ཏུ་འཆད་དོ། །ནང་ལུས་ལ་རྩ་ཐིག་རླུང་གསུམ་ཇི་ལྟར་ཆགས་པ་དང་རིགས་མཐུན་དུ་ཕྱི་གནས་ལའང་རི་གླིང་སོགས་དེ་ལྟར་སྣང་བ་ཡིན་ནོ། །རྒྱ་དང་འབུར་བཞིན་ལུས་ལ་ཇི་ལྟར་གནས་པའི་རྡུལ་རྫས་བརྒྱད་ལས། རགས་པའི་ཕྱི་རོལ་དུ་རྡུལ་རྫས་བརྒྱད་ལས་གྲུབ་པའི་གནས་དང་ལུས་ལ་སྐྱེ་གནས་བཞིའི་སྲོག་ཆགས་དང་། ཁམས་གསུམ་པའི་བག་ཆགས་དང་བཅས་པའི་སེམས་བརྟེན་པ་བཞིན་དུ། ཕྱི་རོལ་གྱི་གནས་ལའང་སྐྱེ་གནས་བཞི་ཁམས་གསུམ་དང་བཅས་པ་བརྟེན་པར་སྣང་བ་ཡིན་ནོ། །དེ་ལྟར་ན་རྒྱུད་དེ་བསྡུས་ཀྱི་གནས་དོན་ལུས་སུ་སྣང་བ་རྣམས་མ་རིག་པ་དང་འདུ་བྱེད་གཉིས་འཕེན་བྱེད་ཀྱི་ལས་

p. 451

དང་། སྲེད་ལེན་སྲིད་པ་གསུམ་འགྲུབ་བྱེད་ཀྱིི་ལས་ཏེ་འཕེན་གྲུབ་ཚར་གཅིག་གི་རྟེན་འབྲེལ་ཡིན་པར་སྙིང་པོ་གསང་དོན་ལས་གསུངས་སོ། །མཆན། གཉིས་པ་ནི། རིམ་ལྔ་ལས། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །འོན་ཀྱང་དེ་ཡི་དབྱེ་ཡོད་དེ། །སྣང་དང་སྣང་བ་མཆེད་པ་དང་། །དེ་བཞིན་སྣང་བ་ཉེར་ཐོབ་པ། །སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་གྲུབ་པ་བཤད་པར་བྱ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ཏེ། །དབང་པོའ་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་གསུངས་པའི་དོན་འཇིགས་མེད་ཀྱི་རྗེ་བཙུན་མི་བསྐྱོད་རྡོ་རྗེས་སྙིང་པོ་གསང་དོན་དུ་བཀའ་སྩལ་བ་དེ་ཉིད་ལ་འཇུག་པར་བྱ་སྟེ། ཇི་སྐད་དུ། རང་རིག་གི་ཡེ་ཤེས་ལས་ཕྱིན་ཅི་ལོག་ཏུ་གྱུར་ནས་གནས་ཚུལ་མ་རིག་པའི་ཡང་དག་མིན་རྟོག་གི་ངོ་བོ་ལས་གྲུབ་པའི་རླུང་སེམས་དབང་པོ་ནས་བརྒྱུད་དེ་ཡུལ་ལ་དམིགས་པས་སྣང་གསུམ་དང་རང་བཞིན་

p. 452

བརྒྱད་བཅུའི་རྟོག་པ་སྐྱེ་སྟེ། དེ་ཡང་ཚོགས་དྲུག་གི་ཤེས་པ་ལ་ཕྱི་རོལ་དོན་གྱི་རྣམ་པ་དང་ནང་ཤེས་པའི་རྣམ་པ་སྣང་ཙམ་རྟོག་བྲལ་མ་འཁྲུལ་བའི་ཆ་དེ་ལ་གཞན་དབང་ཞེས་ཀྱང་བྱ། སེམས་ཞེས་ཀྱང་བྱ། སྣང་བ་ཞེས་ཀྱང་བྱའོ། །དེ་ལ་དེར་འཛིན་གྱི་རྟོག་པས་མཚན་འཛིན་གྱི་ཆ་ནས་ཤེས་སྒྲིབ་དུ་གྱུར་པ་ཡིད་ཤེས་ཀྱི་ས་པ་དང་བདག་ཏུ་ལྟ་བ་ཉོན་མོངས་པ་ཅན་གྱི་ས་པ་ནི་ཀུན་བཏགས་ཞེས་ཀྱང་བྱ། སེམས་བྱུང་ཞེས་ཀྱང་བྱ། སྣང་བ་མཆེད་པ་ཞེས་ཀྱང་བྱའོ། །ཤེས་པ་དེ་དག་ད་ལྟར་ཕྱི་རོལ་དོན་རིག་པ་དང་། ནང་དུ་རང་རིག་པ་གཉིས་ཀར་མི་བྱེད་ཀྱང་། འཆི་སེམས་དང་གཉིད་ཀྱི་སེམས་ལྟ་བུའི་དུས་སུ་ཀུན་གཞིའི་ཤེས་པ་ཁོ་ན་གཙོ་བ་ཡིན་ལ། སེམས་སེམས་བྱུང་གི་ས་བོན་ཐམས་ཅད་པ་ཞེས་ཀྱང་བྱ། འདི་དྲི་མེད་དུ་གནས་གྱུར་པ་ལ་ཡོངས་གྲུབ་ཞེས་ཀྱང་བྱ་སྟེ་བཏགས་པ་ཙམ་མོ། །ཉེ་བར་ཐོབ་པ་ཞེས་ཀྱང་བྱའོ། །དེ་ལ་སྣང་བའི་དུས་སུ་ཆགས་བྲལ་དང་བར་མ་ལ་སོགས་པ་སུམ་ཅུ་རྩ་གསུམ་

p. 453

འཁོར་དུ་ལྡན་ཞིང་། མཆེད་པའི་དུས་སུ་ཆགས་ཞེན་ལ་སོགས་བཞི་བཅུ་འཁོར་དུ་ལྡན་ལ། ཐོབ་པའི་དུས་སུ་ཆགས་པ་བར་མ་སོགས་བདུན་དང་ལྡན་པ་ནི་སོ་སོ་སྐྱེ་བོའ་སེམས་དངོས་པོའ་གནས་ལུགས་སོ། །དེས་ན་སེམས་ཅན་གྱི་སེམས་ནི་ཡང་དག་མིན་རྟོག་ཁོ་ནར་ངེས་ཏེ། ཀླུ་གྲུབ་ཞབས་ཀྱིས། འཁོར་བ་རྣམ་རྟོག་ཙམ་ཉིད་དེ། །རྣམ་རྟོག་མེད་པ་སངས་རྒྱས་ཡིན། །ཞེས་དང་། དཔལ་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །ཅེས་སོ། །གཉིས་པ་རྫས་ཡོད་ལ་འབྲེལ་བའི་དངོས་པོའ་གནས་ལུགས་ནི། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་བདག་ཉིད་ཡིན་པར་ཤེས་དགོས་ཏེ། དེ་ཡང་རྣམ་པར་དག་པའི་འཇིག་རྟེན་གྱིས་གར་ཁྱབ་སྐུ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོས་ཁྱབ་པ་སྟེ། གཙུག་ཏོར་གྱི་གནས་ན་ཧེ་རུ་ཀའི་རིགས་དང་། སྤྱི་བོར་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་རིགས་དང་། མགྲིན་པར་རྟག་པའི་རིགས་དང་། སྙིང་གར་རྡོ་རྗེ་ཉི་

p. 454

མའི་རིགས་དང་། ལྟེ་བར་པདྨ་གར་དབང་གི་རིགས་དང་། གསང་བར་རྟ་མཆོག་གི་རིགས་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ལ། དེའི་ཕྱིར་རྣལ་འབྱོར་པ་གང་དག་རྡོ་རྗེའི་ལུས་མངོན་དུ་བྱེད་པའི་ཐབས་ལ་རྡོ་རྗེའི་སྐུ་ལ་སངས་རྒྱས་ཀྱི་དཀྱིལ་འཁོར་མངོན་དུ་བྱས་པ་དེ་རྣམས་ཡེ་ཤེས་ཀྱི་གསལ་སྣང་ཐ་མལ་གྱི་ལུས་ལ་བཀོད་པ་ཙམ་གྱིས་ཐ་མལ་གྱི་ལུས་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་འགྱུར་བས་རྣལ་འབྱོར་བླ་མེད་དུ་ལུས་དཀྱིལ་ལ་གཙོ་བོར་བྱེད་པའི་རྒྱུ་མཚན་ཡང་དེ་ཉིད་དོ། །གསུང་རྡོ་རྗེ་ནི་སྙིང་པོ་གསང་དོན་ལས། དག་པའི་གནས་ཐམས་ཅད་དུ་རང་སྣང་དུ་རང་སྒྲའི་ཚུལ་གྱིས་གྲག་ལ། མ་དག་པའི་གནས་རྣམས་སུ་ནི་གཞན་སྣང་གདུལ་བྱའི་བློ་དང་མཐུན་པར་གྲག་པ་ཡིན་ཅེས་གསུངས་སོ། །ཐུགས་རྡོ་རྗེ་ནི་སེམས་ཅན་ཐམས་ཅད་ཀྱི་ཤེས་པའི་མུན་པ་སེལ་བར་བྱེད་པ་སྟེ། སེམས་སེམས་བྱུང་གི་རྒྱུ་བ་དང་རྣམ་ཤེས་ཚོགས་བརྒྱད་ཀྱི་དྲི་མ་དང་བྲལ་བ་ཞིག་ཡིན་ཅིང་། དེ་ལྟ་བུའི་རྡོ་རྗེ་

p. 455

གསུམ་གྱི་གོ་འཕང་ནི་འདས་མ་འོངས་ཀྱི་སངས་རྒྱས་གཞན་དང་རང་གི་རྒྱུད་ལ་གྲུབ་ཟིན་དང་འགྲུབ་འགྱུར་ཐམས་ཅད་ཀྱིས་མངོན་དུ་བྱས་ཤིང་བྱེད་པར་འགྱུར་བ་ཡིན་ནོ། །དེ་ལྟ་ནའང་རྟེན་སེམས་ཅན་ལམ་བསྒོམས་པའི་སྟོབས་ཀྱིས་དེ་རྒྱུད་ལ་སངས་རྒྱས་ཐོབ་པ་དང་འཐོབ་འགྱུར་དུ་གསུངས་པ་ནི་དྲང་བའི་དོན་ཡིན་ལ། དེ་ལྟར་གསུངས་པའི་དགོངས་པ་ནི་རྡོ་རྗེ་གསུམ་དང་སེམས་ཅན་གཉིས་བསལ་འོང་ཡིན་པ་དངོས་སྟོབས་ལ་ཞུགས་པ་ལ་དགོངས་སོ། །བསལ་འོང་གི་དོན་ནི། སྙིང་པོ་གསང་དོན་ལས། སེམས་ཅན་རྣམས་ནི་སངས་རྒྱས་ལ་སྒྲིབ་པ་ཉིད་ཡིན་མོད་ཀྱང་། སེམས་ཅན་བསལ་ན་སངས་རྒྱས་མངོན་དུ་བྱེད་པར་འོང་བའི་དོན་ཡིན་ནོ། །དེ་ལྟར་དཔྱད་ན་སངས་རྒྱས་སླར་སངས་རྒྱས་པ་མི་སྲིད་ཀྱང་། སངས་རྒྱས་སླར་སངས་རྒྱས་ཞེས་ཐ་སྙད་གདགས་རུང་སྟེ། རྩིག་པས་ཆོད་པའི་ནམ་མཁའ་རྩིག་པ་བཤིག་ན་སླར་ནམ་མཁའ་སྐྱེས་སོ་ཞེས་ཐ་སྙད་གདགས་རུང་བ་ལྟ་བུའོ། །ཞེས་གསུངས་སོ། །མཆན། དེས་ན་རྫས་ཡོད་དང་འབྲེལ་བའི་རྡོ་རྗེ་གསུམ་པོ་

p. 456

འདི་ནི་མི་འགྱུར་བའི་དངོས་པོ་ལ་ཡོད་པའི་གནས་ལུགས་ཏེ། དེ་ལྟ་བུའི་དངོས་དོན་གྱི་སངས་རྒྱས་འདི་ལ་རྒྱུད་བླ་མར་ཡང་། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་འདྲ་བ། །ཞེས་གསུངས་ལ། གཞན་ཡང་དེ་ཉིད་ལས། ཉེས་པ་གློ་བུར་དང་ལྡན་པ། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཞེས་གསུངས་པས་དོན་དུ་རྫས་ཡོད་ཀྱི་སངས་རྒྱས་གོ་ཆོད་པོ་འདི་ནི་སངས་རྒྱས་མི་འགྱུར་བ་དངོས་ཡིན་ལ། སླར་སྒྲོ་བཏགས་ཀུན་རྫོབ་ཀྱི་ཆ་ནས་བཞག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་རྒྱུད་ལས་ཀྱང་། སེམས་ཅན་ཀུན་གྱི་ཡིད་ཁྱབ་པར། །རྡོ་རྗེ་སེམས་དཔའི་རང་བཞིན་བཞུགས། །ཡོན་ཏན་རང་བཞིན་དག་པ་ཡིན། །ཞེས་པས། སེམས་ཅན་ནི་གློ་བུར་བ་གཞི་མེད་པ་དང་། སངས་རྒྱས་ནི་གདོད་ནས་རྣམ་པར་གྲོལ་བ་ཆེན་པོར་བཞུགས་པར་བསྟན་ཏེ། པཎ་ཆེན་ནཱ་རོས་དབང་མདོར་བསྟན་གྱི་འགྲེལ་པར། འདིར་བདེན་པའི་དོན་ནི་འདི་ཡིན་ཏེ། དྲི་མ་ཟངས་དང་ལྷན་ཅིག་སྐྱེས་པ་འདི་ཡང་རོ་

p. 457

ཡི་སྦྱོར་བ་ལས་ཉམས་པར་འགྱུར་གྱི། སྔར་མ་ཡིན་ཞིང་ཕྱིས་མ་ཡིན་ལ་དེ་དང་བྲལ་བར་མ་ཡིན་ནོ། །ཞེས་པ་སྟེ། དེའི་ཡོད་ཉིད་ནི་དྲི་མེད་ཉིད་ཀྱིས་ཏེ་གསེར་ཉིད་ཀྱིས་གནས་སོ། །དེ་བཞིན་དུ་སེམས་ཀྱིའང་སྟོན་པར་བྱེད་པ་དེ་བཞིན་ཞེས་པ་ལ་སོགས་པའོ། །སྟོང་ཉིད་ནི་དུ་བ་ལ་སོགས་པའི་ལམ་སྟེ། ཡེ་ཤེས་ནི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དོ། །ཞེས་དང་། འཕགས་པ་ལྷའི་ཞབས་ཀྱིས་ཀྱང་། མུན་པ་བྲལ་བའི་སྐད་ཅིག་ལ། །འོད་གསལ་བློ་གྲོས་ཤིན་ཏུ་དང་། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་བཤད་ལ། འཕགས་པ་ཀླུ་གྲུབ་ཞབས་ཀྱིས་ཆོས་ཀྱི་དབྱིངས་ལ་བསྟོད་པར་རྒྱ་ཆེར་གསུངས་པ་ནི། འདིར་མངས་ཀྱི་དོགས་པས་མ་དྲངས་སོ། སྨྲས་པ། དངོས་པོའ་རང་བཞིན་གདོད་ནས་ཆགས་སོགས་ཀྱི། །དྲི་མས་མ་བསླད་དེ་ནི་སངས་རྒྱས་རྒྱུ། །སྒྲིབ་བྱེད་སེམས་

p. 458

ཅན་རང་བཞིན་མ་གྲུབ་པའི། །དངོས་པོའ་གནས་ལུགས་སོ་སོར་བཀྲོལ་ཟིན་ཏོ། །གཉིས་པ་ལམ་གྱི་རིམ་པ་ལ་ལུས་སྤྱིིར་བསྟན་པ་དང་། ཡན་ལག་སོ་སོར་བཤད་པའོ། །དང་པོ་ནི། རྡོ་རྗེའི་སློབ་དཔོན་མཚན་ཉིད་ སྔགས་ལུགས་ཀྱི་རྡོ་རྗེ་སློབ་དཔོན་ཐ་མའི་མཚན་ཉིད་ཀྱང་སྡོམ་པ་གསུམ་གྱི་རྩ་བ་ལ་སྐྱོན་མེད་ཅིང་ཉེས་ལྟུང་ཕྲ་མོ་ལའང་ཕྱིར་བཅོས་ཚུལ་བཞིན་བྱས་པས་རྒྱུད་འཁྲུལ་བཅས་སུ་མ་སོང་བ། རང་ཉིད་མཆོག་གི་དངོས་གྲུབ་སྒྲུབ་པར་ལེ་ལོ་མེད་ཅིང་སྐལ་ལྡན་ལ་མཆོག་གི་དངོས་གྲུབ་སྦྱིན་པའི་ཐབས་ལ་མ་རྨོངས་པ་མཁྱེན་རབ་དང་སྙིང་རྗེའི་དབང་ཕྱུག་གོ། །མཆན། དང་ལྡན་པའི་མངོན་ཤེས་ཀྱིས་རྡོ་རྗེའི་སློབ་མ་མཚན་ཉིད་སྔགས་ལུགས་ཀྱི་སློབ་མའི་མཚན་ཉིད་ཐ་ཚད་ཀྱང་འཁོར་འདས་ཀྱི་མཐའ་གཉིས་ཀྱི་གནས་ཚུལ་གོ་ནས་དེ་གང་ལའང་མ་ཆགས་པར་ཚེ་གཅིག་གིས་རྡོ་རྗེ་འཆང་སྒྲུབ་པ་ལ་བརྩོན་པའི་སྟོབས་རྒྱས་ཤིང་ཤེས་རབ་ཀྱིས་ཉམས་འོག་ཏུ་ཆུད་པ་ཞིག་དགོས་པར་བཤད་དོ། །མཆན། དང་ལྡན་པ་སྨིན་རུང་གི་དྲོད་རིག་ནས་རྗེས་སུ་བཟུང་བའི་ཕྱིར་གསང་ཆེན་བླ་མེད་ཀྱི་དཀྱིལ་འཁོར་དུ་

p. 459

དབང་བསྐུར་བ་ནི། གནད་ཐམས་ཅད་ཀྱི་རྩ་བ་ཡིན་པས་གལ་ཆེའོ། །བླང་བྱའི་དབང་ཡང་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་གསང་བ་ཤེས་རབ་དབང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཕྱིར་བུམ་པ་ལ་སོགས་པའི་དབང་ཡོངས་སུ་རྫོགས་པར་ཐོབ་པའི་སྐལ་ལྡན་གྱི་སློབ་མ་ས་ལམ་གྱི་ཡོན་ཏན་ཐམས་ཅད་མོས་གུས་འབའ་ཞིག་གིས་གཅིག་ཆོད་དུ་འགྲོ་བ་དག་དབང་རྣོན་སྐྱེས་བུ་ཆེན་པོར་འཇོག་པ་ནི་པཎ་ཆེན་ནཱ་རོ་དང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ལུགས་ཏེ། དེ་ལྟ་བུའི་གང་ཟག་གིས་གསང་ཆེན་གྱི་ལམ་ཕྱིན་ཅ་ིམ་ལོག་པ་ཞིག་ཉམས་སུ་ལེན་པའི་ཚུལ་ལ་རྗེ་བཙུན་རྡོ་རྗེ་གྲགས་པའི་མན་ངག་ལྟར་བརྗོད་ན། གནད་ཆེ་བ་དྲུག་སྟེ། འཁྲུལ་པ་ཐ་མལ་གྱི་འདུ་ཤེས་ཡིན་ལ། དེའི་གཉེན་པོར་བསྐྱེད་རིམ་གནད་དུ་ཆེ། སངས་རྒྱས་ཀྱི་དགོངས་པ་རང་རྒྱུད་ལ་གཞུག་པའི་ཕྱིར་བླ་མ་ལ་

p. 460

མོས་གུས། ཡི་དམ་གྱི་བསྙེན་བསྒྲུབ། མཁའ་འགྲོའི་ཚོགས་གཏོར་ཏེ་བྱིན་རླབས་བསྐུལ་བ་གནད་དུ་ཆེ། འཁོར་བའི་རྩ་བ་ཀུན་ཏུ་རྟོག་པ་ཡིན་ལ། དེའི་བཞོན་པ་རླུང་ཡིན་པས་རྩ་སྦྱོང་ཞིང་རླུང་དྷཱུ་ཏིར་བཟུང་བ་གནད་དུ་ཆེ། འཁོར་བའི་རང་བཞིན་སྡུག་བསྔལ་ཡིན་ལ་སྡུག་བསྔལ་གྱི་གཉེན་པོ་བདེ་བ་ཡིན་པས་དེའི་རྒྱུ་ཉི་ཟླ་དབང་དུ་བྱེད་ཅིང་སྤེལ་སྦྱང་གནད་དུ་ཆེ། རྩ་རླུང་སེམས་གསུམ་གྱི་འཁོར་ལོའ་ངོ་བོ་གཟུང་འཛིན་ཡིན་ལ། དེའི་གཉེན་པོ་གནས་ལུགས་རྟོགས་པ་ཡིན་པས་ཡིད་ལ་མི་བྱེད་པ་རང་གྲོལ་ཕྱག་རྒྱ་ཆེན་པོ་གནད་དུ་ཆེ། འཁོར་བའི་འཁོར་ལོ་མ་རིག་པ་ལ་སོགས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡིན་ལ། དེའི་གཉེན་པོ་གསང་བའི་རྟེན་འབྲེལ་ཟབ་མོའི་དོན་ལ་མཁས་པ་གནད་དུ་ཆེའོ། །ཞེས་འབྱུང་བའི་དང་པོ་ནི་བུམ་དབང་གི་ལམ་ཡིན་ཏེ། དེ་ཡང་སེམས་ཅན་ལ་རྒྱུ་ལས་དང་ཉོན་མོངས་པ་དང་། འབྲས་བུ་བདག་དང་བདག་གིར་འཛིན་པའི་ཡུལ་སྣོད་བཅུད་གཉིས་ལས། དང་པོ་ནི། བསྐྱེད་

p. 461

རིམ་བསྒོམ་པའི་ཐོག་མར་བླ་མ་དག་པའི་ཆོ་ག་སྟེ་ཚོགས་གཉིས་བསགས་པས་སྦྱོང་ལ། ཕྱི་མ་བདག་དང་བདག་གིར་འཛིན་པའི་སྣོད་བཅུད་ནི་བསྐྱེད་རིམ་ཉིད་ཀྱིས་ལེགས་པར་སྦྱོང་བ་ཡིན་ལ། བསྐྱེད་པའི་རིམ་པ་དེ་ཡང་ཅི་ལྟ་བུའི་ཚུལ་གྱིས་སྒོམ་ཅེ་ན། བདག་གི་བླ་མ་རྗེ་བཙུན་མི་བསྐྱོད་རྡོ་རྗེའི་ཞལ་ནས། བླ་མེད་ཐུན་མོང་མིན་པའི་བསྐྱེད་རིམ་ལ་སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་དུ་བསྐྱེད་པའི་རྣམ་གཞག་ཚང་བ་དང་། སྐུ་གསུམ་པོ་དེ་ལའང་རིགས་དྲུག་པ་ཁྱབ་བྱེད་རྡོ་རྗེ་སེམས་དཔས་ཁྱབ་བྱ་རིགས་ལྔ་རྣམ་པར་དག་པར་བྱས་པའི་ཡན་ལག་དྲུག་རྫོགས་པ་ཞིག་མེད་ན་དེའི་གོ་མི་ཆོད་པའི་ཕྱིར། རྡོ་རྗེ་གུར་ལས། སངས་རྒྱས་གནས་བཞི་རྫོགས་བྱས་ལ། །ཀུན་ཏུ་བཟང་པོའ་བདེན་པའི་དངོས། །རྣམ་པ་ལྔ་པོ་བསྒོམ་བྱ་སྟེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་སོགས་བདུད་རྩི་མྱང་སོགས་བར། །རིམ་པ་འདི་ནི་བསྒོམ་བྱས་ནས། །ཡན་ལག་

p. 462

དྲུག་གི་སྦྱོར་བར་འདོད། །ཅེས་དང་། བརྟགས་གཉིས་ལས་ཀྱང་། དང་པོར་ནག་པོ་རབ་ཏུ་བསྒོམ། །གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང་། །དྲུག་པར་དཀར་པོའ་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པས་གཞི་དུས་ཀྱི་ཕུང་སོགས་འཁོར་བའི་ཆོས་སོ་དྲུག་སྒྲིབ་བྲལ་དུ་བྱེད་པའི་ཕྱིར་བསྐྱེད་རིམ་ཡན་ལག་དྲུག་ལྡན་གྱི་སྒོ་ནས་ཕྲ་ཐིག་གི་མྱོང་བ་འདྲེན་པ་ཞིག་ངེས་པར་དགོས་ལ། དེ་ཡང་བསྙེན་སྒྲུབ་ཡན་ལག་བཞིའིི་སྒོ་ནས་རྫོགས་པ་ཞིག་དགོས་པ་ཡིན་ནོ། །ཅེས་གསུངས་སོ། །བསྙེན་སྒྲུབ་ཡན་ལག་བཞི་ནི། དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག །སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ཉེ་བར་སྒྲུབ་པའི་ཡན་ལག །ཡེ་ཤེས་པ་གཞུག་པ་སྒྲུབ་པའི་ཡན་ལག །དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ། །མཆན། བསྐྱེད་རིམ་བསྒོམས་

p. 463

པའི་དགོས་པ་ནི་སེམས་ཅན་ཐམས་ཅད་རིག་པ་འཛིན་པ་སྔགས་ཀྱི་ཐེག་པར་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་རབ་འབྱམས་མངོན་དུ་བྱེད་པའོ། །སྤྱིར་བསྐྱེད་རིམ་ལ་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་བསྐྱེད་རིམ་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་བསྐྱེད་རིམ་གཉིས་ལས་དང་པོ་ནི་ལས་རབ་འབྱམས་ཀྱི་སྐབས་ཡིན་པས་འདིར་མི་བཟུང་ལ། འདིར་ནི་ཕྱི་མའི་དབང་དུ་བྱས་ཏེ་བརྗོད་པ་ཡིན་ནོ། །མཆན། གཉིས་པ་དང་དྲུག་པ་ནི། བསྐྱེད་རྫོགས་གཉིས་ཀའི་ལམ་གྱི་གྲོགས་དང་ཆ་ལག་ཏུ་འགྱུར་བ་ཡིན་ལ། གནད་གཞན་གསུམ་ནི་དབང་གོང་མ་དག་གི་ལམ་རྫོགས་པའི་རིམ་པ་སྟེ། དེ་ཡང་ཕ་རྒྱུད་ལས་གསུངས་པ་རིམ་པ་ལྔ་སྟེ། སྔོན་འགྲོ་དབེན་པ་གསུམ། དངོས་གཞི་དབེན་པ་གཉིས་པོས་ལུས་ངག་ཡིད་གསུམ་སྣང་བ་དང་ཉེར་ཐོབ་གཉིས་ཏེ་ལྔ་སྦྱོང་བར་བྱེད་ལ། མ་རྒྱུད་པ་ལྟར་ན་ཕྱག་རྒྱ་བཞི་སྟེ། ལས་ཀྱི་ཕྱག་རྒྱ་ནི་སྟོང་ཆེན་བཅོམ་ལྡན་འདས་མ་མཆོག་

p. 464

གི་སྤྲུལ་སྐུར་བཞེངས་པ་ལ་སྦྱོར་བ་དང་། ཆོས་ཀྱི་ཕྱག་རྒྱ་ནི་སྟོང་ཆེན་ཡིད་ལས་སྐྱེས་པ་རང་འོད་ཀྱི་རིག་མ་རྣལ་འབྱོར་མའི་སྐུར་བཞེངས་པ་སྒྱུ་འཕྲུལ་གྱི་རྣལ་འབྱོར་ལ་སྦྱོར་བ་དང་། དམ་ཚིག་གི་ཕྱག་རྒྱ་ནི་སྟོང་ཆེན་མེ་རླུང་གི་ངོ་བོ་མི་རྟོག་པར་བཞེངས་པ་ནང་གི་ཙཎྜ་ལི་དང་འཕ་ོབ་གྲོང་འཇུག་གི་དུས་སུ་སྦྱོར་བ་དང་། ཕྱག་རྒྱ་ཆེན་པོའ་ཡུལ་སྟོང་ཆེན་ཡུལ་ཅན་བདེ་ཆེན་དུ་བཞེངས་པ་འོད་གསལ་གྱི་རིམ་པ་དང་བྱང་ཆུབ་ཀྱི་དུས་སུ་སྦྱོར་བ་སྟེ་ཕྱག་རྒྱ་དེ་བཞིར་སྦྱོར་བ་ལས་སྐྱེས་པའི་ཡེ་ཤེས་ནི་མཆོག་གི་དངོས་གྲུབ་བོ། །ཕ་མའི་རྒྱུད་སྡེ་གཉིས་ཀ་ནས་རྣལ་འབྱོར་ཡན་ལག་དྲུག་སྟེ། སོར་བསམ་གཉིས་ལུས་སྦྱོང་ཞིང་སྐུ་རྡོ་རྗེ་ཐོབ་བྱེད། སྲོག་འཛིན་གཉིས་ངག་སྦྱོང་ཞིང་གསུང་རྡོ་རྗེ་ཐོབ་བྱེད། རྗེས་ཏིང་གཉིས་སེམས་སྦྱོང་ཞིང་ཐུགས་རྡོ་རྗེ་ཐོབ་བྱེད་དོ། །དེ་ཐམས་ཅད་ཀྱི་གནད་མ་ལུས་པ་བསྡུས་པ་དཔལ་འཁོར་ལོ་བདེ་མཆོག་དང་དཔལ་རྡོ་རྗེ་སེམས་དཔའ་གཉིས་སླར་གྲུབ་པ་ཐོབ་པའི་ཚུལ་འཛིན་པ་ཏཻ་ལོ་

p. 465

དང་ནཱ་རོའ་མན་ངག་ཐབས་ལམ་ནཱ་རོའ་ཆོས་དྲུག་ཅེས་བགྱི་བ་འདི་ལ་དབང་བཞིའི་ལམ་གྱི་རྟོགས་པ་བསྐྲུན་པ་ལ། བུམ་དབང་གི་ལམ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱས་ནས་གང་སྣང་སྤྲུལ་པའི་སྐུར་ཁྱེར་ལ། གསང་དབང་གི་ལམ་གྱི་ཆོས་ནི་འདོད་ཉོན་སྲེག་བྱེད་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར། ཉིན་སྣང་བསལ་བྱེད་སྒྱུ་ལུས་ཆོས་བརྒྱད་རང་གྲོལ། མཚན་སྣང་བསལ་བྱེད་རྨི་ལམ་འཁྲུལ་པ་རང་སངས། གཉིད་སྟུག་བསལ་བྱེད་འོད་གསལ་མ་རིག་མུན་སེལ། སྲིད་པ་སྦྱོང་བྱེད་བར་དོ་ཆོས་ཉིད་རང་གྲོལ། སྐྱེ་འཆི་སྦྱོང་བྱེད་འདའ་ཀ་འ ཕོ་བ་གསེར་འགྱུར་རྣམས་ཡིན་ལ། རྒྱས་པར་ནི་སོ་སོའ་སྐབས་སུ་འབྱུང་ངོ་། །ཡང་ན་བདེ་ཆེན་གྱི་ལུས་ལ་ཟག་མེད་ཀྱི་སེམས་འཆར་བའི་ཚེ། དེའི་ལུས་ཉམས་ཀྱི་བྱེ་བྲག་ལུས་སྦྱོང་སོ་བདུན་མ་སོགས་ཀྱིས་སྡུག་བསྔལ་ཀྱི་ཕུང་པོ་དང་ཟག་བཅས་སེམས་ཀྱི་འཁྲུལ་པ་རྣམས་སྦྱང་ཞིང་། དེའི་ཚེ་ངག་གི་བརྗོད་པ་ཐམས་ཅད་ཆོས་ཕུང་དང་འགྲོ་འོང་གི་རླུང་རྣམས་

p. 466

བཅོམ་ལྡན་འདས་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་དུ་འགྱུར་བ་དང་། རྟོག་བཅས་ཀྱི་སེམས་ས་བོན་དང་བཅས་པ་ཟད་པས་ལོངས་སྐུ་ལམ་དུ་འཁྱེར་བ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་འོག་སྒོ་བདེ་ཆེན་ལམ་བྱེད་ཀྱི་ཆོས་ལུས་སྣང་སེམས་གསུམ་ལ་བདེ་ཆེན་གྱིས་ཁྱབ་པར་བཞུགས་པའི་ངང་ནས་ཡེ་ཤེས་བསྐྱེད་པ་སྟེ། སྟེང་འོག་གི་བདེ་རླུང་རོ་མཉམ་དུ་འགྱུར་ཞིང་། རླུང་ལྔ་དངས་པས་ཡུལ་ལྔ་གང་གིས་ཀྱང་མི་གཡོ་བའི་ཏིང་ངེ་འཛིན་སྐྱེ་བ་དེ་ལྟ་བུ་ནི་ཆོས་སྐུ་ལམ་དུ་འཁྱེར་བ་ཡིན་ནོ། །དབང་བཞི་པའི་ལམ་གྱི་གཉིས་མེད་རང་བྱུང་ཟུང་འཇུག་གི་ཆོས་ནི་དབང་གསུམ་པར་སྐྱེས་པའི་ཡེ་ཤེས་དེ་རྒྱུད་ལ་བརྟེན་པ་སྟེ། ཧེ་བཛྲ་ལས། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་སྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །བསྒོམ་པ་ཉིད་ནི་སྒོམ་པ་མིན། །ཞེས་པ་ལྟར་ཉམས་སུ་ལེན་པ་ནི། སམྦུ་ཊ་ལས། སྟོང་པ་སྒོམ་པར་མི་བྱ་སྟེ། །སྟོང་མིན་སྒོམ་པར་མི་བྱའོ། །སྟོང་པ་མི་

p. 467

སྤོང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤོང་ངོ་། །སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་སྟེ། །དེ་ཕྱིར་དེ་ཉིད་ཡོངས་སུ་སྤངས། །ཞེས་པའི་ཚུལ་གྱིས་ཡན་ལག་དྲུག་གི་སྒོ་ནས་སྐུ་གསུམ་ཡེ་ཤེས་དང་བཅས་པ་ལམ་དུ་འཁྱེར་བ་ཡིན་ནོ། །བསྐྱེད་རྫོགས་ཀྱི་རིམ་པ་དེ་རྣམས་ཀྱང་གོ་རིམ་ཇི་ལྟར་སྒོམ་པའི་ཚུལ་ནི་རྩ་བའི་རྒྱུད་དུ་བཀའ་སྩལ་པ། རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཅེས་དང་། འཕགས་པ་རྡོ་རྗེ་སྙིང་པོའ་ཞབས་ཀྱིས་ཀྱང་། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་སྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱ། །ཅེས་གསུངས་པས་བསྐྱེད་རིམ་སྔོན་དུ་འགྲོ་བའི་སྒོ་ནས་རྫོགས་རིམ་ལ་འཇུག་པ་དང་། བརྟེན་པ་རྫོགས་རིམ་སྒོམ་པ་ནའང་རྟེན་བསྐྱེད་རིམ་དང་ཟུང་དུ་འཇུག་པར་སྒོམ་དགོས་ཏེ། རྟེན་སངས་རྒྱས་སུ་བསྐྱེད་

p. 468

པ་མེད་ན་བརྟེན་པ་རྫོགས་རིམ་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་མི་སྐྱེ་ཞིང་སྐྱེས་ཀྱང་མི་བརྟན་པའི་ཕྱིར་དང་། བསྐྱེད་པའི་རིམ་པ་འདིས་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་དུ་འགྲོ་ཞིང་ལམ་དུས་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པའི་རིམ་པ་ཉིད་ཀྱི་རྟེན་ལ་སྤྲོས་བཅས་གཟུགས་སྐུ་དང་སྤྲོས་མེད་ཆོས་སྐུ་གཉིས་ཀ་མངོན་དུ་འགྱུར་པའི་ཐབས་སུ་གྱུར་པར་གསུངས་པའི་ཕྱིར་རོ། །འདིར་སྨྲས་པ། ཀཾ་ཚང་བརྒྱུད་པའི་མན་ངག་འཁྲུལ་མེད་ལ། །ལེགས་པར་གཏུགས་ནས་བསྐྱེད་དང་རྫོགས་པ་ཡི། །རིམ་པ་ཟབ་མོའི་ལམ་བཟང་མདོར་བསྡུས་ཏེ། །དབྱངས་ཅན་བླ་མའི་གསུང་བཞིན་བདག་གིས་བཤད། །ཅེས་སོ། །གཉིས་པ་ཡན་ལག་སོ་སོར་བཤད་པ་ལ། སྔོན་འགྲོ་རྣལ་འབྱོར་ལ་འཇུག་པ། དངོས་གཞི་རྣལ་འབྱོར་ལ་གནས་པ། ལུས་སེམས་ཀྱི་འཁྲུལ་འཁོར་འཇིག་པ་ཡེ་ཤེས་ཕྱག་རྒྱ་ཆེན་པོའ་ངོར་ཉམས་སུ་མྱོང་ཚུལ་བཤད་པའོ། །དང་པོ་ལ། སྡིག་ལྟུང་དག་པར་བྱེད་ཕྱིར་རྡོར་སེམས་བསྒོམ་བཟླས། རྒྱུད་སྣོད་

p. 469

རུང་དུ་བྱ་བའི་ཕྱིར་སྐྱབས་སེམས་ཀྱི་རིམ་པ། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཆོ་ག། བྱིན་རླབས་མྱུར་དུ་འཇུག་པའི་ཕྱིར་བླ་མའི་རྣལ་འབྱོར་རྣམས་ལས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་གི་སྤྱི་བོའ་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཤིན་ཏུ་དཀར་བའི་ཧཱུྃ་ཡིག་བསམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་བསྣམས་པ། གཡོན་དྲིལ་བུ་དཀུར་བསྟེན་པ། པ་ཏིའི་ཤམ་ཐབས་ཅན། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གསལ་བར་བསྒོམས་པའི་ཞབས་ཀྱི་མཐེ་བོང་ནས་ཡེ་ཤེས་ཀྱི་ཆུ་རྒྱུན་བབས་པ་སྤྱི་བོ་ཚངས་བུག་ནས་མར་བྱུང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་སྒོམ་ཞིང་། ངག་ཏུ། ༀ་བཛྲ་ས ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས ཏྭ་ཏྭེ་ནོ་པ། ཏི ཥྛ་དྲྀ་ཌྷོ་མེ་བྷ་ཝ།

p. 470

སུ་ཏོ ཥྱོ་མེ་བྷ་ཝ། སུ་པོ ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས ཏྭཱ་ཨཱཿ ཞེས་བརྒྱ་སྟོང་སོགས་བརྗོད་ཅིང་། ཐུན་གྱི་མཐར་སྤྱི་བོའི་རྡོར་སེམས་འོད་དུ་ཞུ་ནས་རང་གི་ལུས་ཐམས་ཅད་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་སྒོམ། དེའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །རིམ་པ་འདི་ནི་རྫོགས་པའི་སངས་རྒྱས་ཀརྨ་པཀྴིས་གསུངས་པའི་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་ཡིག་ཏུ་འབྱུང་ཞིང་། མ་རྒྱུད་ཀྱི་རྫོགས་རིམ་གང་སྒོམ་ཀྱང་སྡིག་ལྟུང་འདག་བྱེད་ཀྱི་རྡོར་སེམས་སྒོམ་བཟླས་འདི་ཉིད་ཀྱིས་གྲུབ་པར་གསུངས་པ་ཡིན་ནོ། །གཉིིས་པ་ལ། སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ཀྱི་དང་པོ་ནི། མ་དག་པའི་ཕུང་ཁམས་སྐྱེ་མཆེད་གནས་གྱུར་ནས་སྟོང་ཆེན་གྱི་ཐིག་ལེ་མི་ཤིགས་པ་རྟག་པ་དམ་པའི་སྐུ་ཐོབ་པའི་ཕྱིར་དུ་སྐྱབས་སུ་འགྲོ་བ་ནི།

p. 471

སྒྲིབ་བྱེད་མ་དག་པའི་ཕུང་ཁམས་སྐྱེ་མཆེད་དང་བྲལ་བའི་ཚེ་རྟག་པ་དམ་པའི་སྐུ་མངོན་དུ་འགྱུར་བ་ལ་དགོངས་ནས་བྲལ་བ་གནས་གྱུར་གྱི་ཐ་སྙད་བྱས་ལ། མ་དག་པའི་ཕུང་ཁམས་ཉིད་དག་པའི་སྐུར་ངོ་བོ་སོགས་གནས་འགྱུར་བ་ནིི་མ་ཡིན་ནོ། །མཆན། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ནཱ་ད་སུམ་བརྩེགས་སྒོམ་པར་བྱ་སྟེ། དེ་ཡང་ནཱ་ད་སྟེང་མ་དཀར་པོ་སྒྲ་དང་གཡོ་བ་མེད་པ་མར་མེ་འབར་བ་ལྟ་བུ། བར་མ་ཁ་དོག་དམར་པོ་སྒྲ་མེད་གཡོ་བ་དང་བཅས་པ་སྲིན་བུ་པད་པ་ཁ་ཕྱོགས་བཅུར་ལྟ་བ་ལྟ་བུ། འོག་མ་ཁ་དོག་སྔོན་པོ་སྐྱེ་གནས་ཀྱི་དབྱིབས་ཅན་གཡོ་བ་སྒྲ་དང་བཅས་པའོ། །ནཱ་ད་དེ་རྣམས་ལས་སྟེང་མ་བར་པ་ལ་ཐིམ་པས་ལུས་ཀྱི་སྤྱི་བོ་ནས་སྐྲ་མཚམས་ཀྱི་བར་གྲུབ་པར་བསམ་མོ། །དེ་བཞིན་དུ་འོག་མ་བར་པ་ལ་ཐིམ་པས་ཀྱང་རྐང་མཐིལ་ནས་སྙིང་གའི་བར་གྲུབ། བར་པ་དེ་ཉིད་ལན་གསུམ་གཡོས་པས་སྙིང་ག་ནས་སྐྲ་མཚམས་ཀྱི་བར་གྲུབ་པས་རང་གི་ལུས་ཁམས་གསུམ་གྱི་ས་བོན་དུ་བསམས་པའི་མདུན་

p. 472

དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ལ་སོགས་པ་ཡིད་དུ་འོང་བའི་རྒྱན་དུ་མས་མཛེས་པ། དེའི་དབུས་དང་ཕྱོགས་བཞིར་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་དང་ཉི་ཟླ་པདྨའི་གདན་རེ་རེ་ལས། དབུས་མའི་ཁར་རྗེ་བཙུན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་མ་ལ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ཡབ་ཡུམ་ཞལ་ཕྱག་རྫོགས་པ་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཏུ་ཤེས་ཕྱིན་མ་ལ་ཆོས་དཀོན་མཆོག་གིས་བསྐོར་བ། གཡོན་དུ་འཕགས་པ་རིགས་གསུམ་མགོན་པོ་ལ་བྱང་སེམས་ཉན་རང་གི་ཚོགས་དགེ་འདུན་དཀོན་མཆོག་གིས་བསྐོར་བ་དག་གི་ཐ་མར་ཡེ་ཤེས་ཀྱི་ཆོས་སྐྱོང་བ་དང་བཅས་པ་གསལ་བར་དམིགས་ནས་དེ་རྣམས་ཀྱི་དྲུང་དུ། དུས་འདི་ནས་བཙམས་ཏེ་བྱང་

p. 473

ཆུབ་མ་ཐོབ་ཀྱི་བར་དུ་བླ་མ་ལ་སྨིན་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་པར་ཞུ་བའི་ཕྱིར་དང་ཡི་དམ་ལ་སྤང་བྱ་མི་མཐུན་པའི་ཕྱོགས་སྤངས་ནས་རང་ཉིད་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པའི་ཕྱིར་དང་། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་གྲོགས་ཞུ་བའི་ཕྱིར་སྐྱབས་སུ་འགྲོ་བར་བྱའོ་སྙམ་པས་སྐྱབས་འགྲོ་ཅི་མང་བྱ་སྟེ། བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །དུས་གསུམ་གཤེགས་པའི་རྒྱན་འཁོར་ལྔ། །གཅིག་བསྡུས་ཆོས་ཕུང་བརྒྱད་ཁྲི་དང་། །བཞི་སྟོང་འབྱུང་གནས་འཕགས་པ་ཡི། །དགེ་འདུན་བདག་ཉིད་རྩ་བརྒྱུད་ཀྱི། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །དཔའ་བོ་དང་ནི་དཔའ་མོའི་ཚོགས། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །ཅེས་བརྗོད་ལ། དེའི་དགེ་བ་བྱང་

p. 474

ཆུབ་ཏུ་བསྔོའོ། །གཉིས་པ་ལ། ཐོག་མར་ཀུན་རྫོབ་བྱང་སེམས་ཟླ་གདན་དུ་གསལ་གདབ་ཅིང་ཚད་མེད་བཞི་བསྒོམ་པ་ནི། སྔགས་བླ་མེད་ལུགས་ཀྱི་ཚངས་གནས་བཞི་ཐུན་མོང་མིན་པ་ནི། ཆགས་སྡང་རྨོངས་པ་འཁོར་བ་པའི་བདེ་བ་བཞི འམ་གནས་སྐབས་བཞི་བཅོམ་པའི་རང་དོན་བདེ་ཆེན་དང་གཞན་དོན་རྟོག་མེད་དུ་རེ་བ་སྐོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པ་དང་། ཞི་ཆགས་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་པར་ནུས་པ། ཕྱོགས་ཀྱི་ལྷ་མོ་བཞིས་ཉེ་བར་བསྐུལ་བ་ལ་བརྟེན་པ འམ་འཁོར་ལོ་བཞིར་བདེ་ཆེན་གྱིི་ཡེ་ཤེས་མྱོང་བའི་བྱམས་སོགས་བཞི་ལ་ངོས་འཛིན་པ་སྟེ། སངས་རྒྱས་ཐོད་པར། ལྟ་བར་ལྡན་པ་སྙིང་རྗེར་འགྱུར། །འཁྱུད་པ་ཡིས་ནི་བྱམས་པ་སྟེ། །དྲུད་པའི་སྦྱོར་དག་དགའ་བ་ཡང་། །ཆགས་པར་བྱེད་པའང་དེ་བཞིན་ནོ། །གཉིས་ཀ་ཚོགས་པའི་སྐད་ཅིག་གང་། །དེ་བཏང་སྙོམས་སུ་བདག་གིས་བཤད། །འདི་ལྟར་གྱུར་པའི་རྣལ་འབྱོར་དང་། །ལྡན་པ་ནད་ཀྱིས་ཇི་ལྟར་འཇོམས། །ཞེས་གསུངས་སོ། །མཆན། ༀ་བཛྲ་ས ཏྭ་ༀ། ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་བལྟའོ། །དེ་ནས་ༀ་བཛྲ་

p. 475

སཏྭ་ཨཱཿ ཞེས་བརྗོད་པས་རང་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཀུན་རྫོབ་བྱང་སེམས་ཀྱི་རང་བཞིན་ཟླ་བ་ཉ་གང་བའི་དཀྱིལ་འཁོར་གསལ་བར་དམིགས་ཏེ། འདི་བརྗོད་པར་བྱའོ། །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་ཆགས་པས་རྗེས་སུ་ཆགས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་བསྡམས་པས་རྗེས་སུ་བསྡམས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་བདེ་བ་ཆེན་པོས་ཡང་དག་པར་མྱོས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་སྦྱོར་བས་རྗེས་སུ་གྲོལ་བར་གྱུར་ཅིག །ཞེས་པ་རྣམས་ལན་དུ་མར་རོ། །དེ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་རྡོ་རྗེར་བསྒོམ་ཞིང་སྔགས་ཚིག་བརྗོད་པ་ནི། ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་བརྗོད་པས་གོང་དུ་བསྒོམས་པའི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་གསལ་བར་བསྒོམས་ལ་ངག་ཏུ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་གྱི་དམ་ཚིག་ཆེ། །ཨེ་ཝཾ་རང་བཞིན་འབའ་

p. 476

ཞིག་པ། །རྡོ་རྗེ་སྙིང་པོར་བདག་བསྐྱེད་དོ། །ཅེས་མང་དུ་བཟླའོ། །གསུམ་པ་ནི། གནས་ཁང་མཛེས་པར་བརྒྱན་ཏེ། མདུན་དུ་སྟེགས་ཀྱི་ཁར་རིན་པོ་ཆེའི་མཎྜལ་སྐྱོན་མེད་པར་དྲི་བཟང་དང་བཅས་པའི་མེ་ཏོག་གི་ཚོམ་བུ་སོ་བདུན་མ་ལག་ལེན་ལྟར་བཀོད་པ་དང་། གཞན་ཡང་ཕྱི་ནང་གསང་བའི་མཆོད་པ་དངོས་སུ་གང་འབྱོར་བཤམས་ལ། རང་འོག་ཏུ་འབྱུང་བ་ལྟར་གྱི་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས་ཚོགས་ཞིང་སྐྱབས་འགྲོའི་སྐབས་སུ་བཤད་པ་ཇི་ལྟ་བ་ཞིག་སྤྱན་དྲངས་ནས་བཞུགས་པར་དམིགས་པའི་དྲུང་དུ་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མའི་ངོ་བོ་མཆོད་པའི་ལྷ་མོར་གྱུར་པས་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དུ་མས་མཆོད་པར་དམིགས་ཏེ་འབུལ་བ་ནི། རྒྱལ་བའི་དབང་པོས་རླུང་སེམས་གཉིས་མེད་དུ་བཀའ་བསྩལ་བ་དེ་ཉིད་ལ་འཇུག་པར་བྱ་སྟེ། ཇི་སྐད་དུ། སངས་རྒྱས་ཀུན་འདུས་བླ་མའི་དྲུང་། །གླིང་བཞི་རི་རབ་བཅས་པ་དང་། །གླིང་

p. 477

བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །འགྲོ་ཚོགས་སྒོ་གསུམ་ལོངས་སྤྱོད་དང་། །དགེ་ཚོགས་འབུལ་ཞིང་བཞེས་སུ་གསོལ། །ཁང་བཟང་རྟ་བབས་བསིལ་ཁང་དང་། །ཁྲུས་ཁང་སྲོ་ཁང་ལྡུམ་ར་དང་། །སྐྱེད་ཚལ་གདན་ཁྲི་བླ་བྲེ་དང་། །རྒྱལ་མཚན་བ་དན་རྔ་བསིལ་ག ཡབ། །ཆུ་བཞི་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞས་ཟས་མཆོག །རོལ་མོ་སྐུ་ཁྲུས་ན་བཟའ་རྒྱན། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །གཟིམས་མལ་བང་མཛོད་གཏེར་ལོ་ཏོག །རྫིང་བུ་བ་མཆོག་དཔག་བསམ་ཤིང་། །བཞོན་པ་རྩེད་འཇོ་བཀྲ་ཤིས་བརྒྱད། །རིན་ཆེན་སྣ་བདུན་བཅས་པ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྟོང་ཆེན་རྟོགས་པར་བྱེད་པའི་རོ། །དྲི་ཆུ་དྲི་ཆེན་རཀྟ་དང་། །ཁུ་ཀླད་བདེ་ཆེན་འབར་བའི་རོ། །མི་རྟ་ཁྱི་བ་གླང་པོའ་ཤ། །ཡེ་ཤེས་བདུད་རྩི་དག་པ་ཅན། །དཔལ་ལྡན་བླ་མ་མཆོག་ལ་

p. 478

འབུལ། །ཅེས་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་ཡན་ལག་བདུན་པ་བྱས་ཏེ། རྗེས་ཚོགས་ཞིང་རང་ལ་བསྡུ་ཞིང་བསྔོ་བ་བྱའོ། །བཞི་པ་ནི། རང་གི་སྙིང་གར་པད་ཉི་ལ་གནས་པའི་ཧཱུྃ་ཡིག་ནག་པོའི་འོད་ཀྱིས་ལུས་ཀྱི་ཕྱི་ནང་ནད་གདོན་སྡིག་སྒྲིབ་དང་བཅས་པ་སྦྱངས་ཤིང་། ཧཱུྃ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་འདམ་སྐྱེས་སྔོན་པོའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། ཐོད་སྐམ་ལྔའི་དབུ་རྒྱན་གྱིས་མཛེས་པའི་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ལ་རྒྱ་གྲམ་གྱིས་མཚན་པ། ཐོད་རློན་ལྔ་བཅུའི་དོ་ཤལ་དང་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། གཡས་པའི་ཕྱག་གིས་རྡོ་རྗེ་གྱེན་དུ་འཕྱར་ཞིང་། གཡོན་པ་རྡོ་རྗེས་མཚན་པའི་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། པད་ཉི་རོ་གདན་གྱི་སྟེང་དུ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞེངས་པ། དེའི་པང་དུ་རྡོ་རྗེ་བདག་མེད་མ་

p. 479

ནག་མོ་སྐུ་མདོག་དང་ཆ་ལུགས་བཅོམ་ལྡན་འདས་ལྟ་བུ་ལ་ཁྱད་པར་ཕྱག་རྒྱ་ལྔ་དང་ཐོད་སྐམ་གྱི་འཕྲེང་བས་བརྒྱན་ཅིང་གྲི་ཐོད་འཛིན་པའི་ཕྱག་གིས་ཡབ་ཀྱི་མགུལ་ནས་འཁྱུད་པའི་བཅོམ་ལྡན་འདས་ཡབ་ཡུམ་ཡེ་ཤེས་པ་དང་དབྱེ་བ་མེད་པ། བདེ་སྟོང་གི་བདག་ཉིད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ་གསལ་བར་བསྒོམ་པར་བྱའོ། །དེའི་སྤྱི་བོར་རིན་པོ་ཆེའི་ཁྲི་དང་པད་ཟླ་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པར་གསལ་གདབ་པ་ནི། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་རྩེ་ལྔ་པ་གསོར་བ། གཡོན་པས་དྲིལ་བུ་དཀུར་བསྟེན་པ། ཡུམ་བཅོམ་ལྡན་འདས་མ་མཐིང་ནག་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་གཉིས་ཀའང་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་མཛེས་པ། གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མཚན་ཞིང་། ཡབ་ཀྱི་གསང་བ་རྡོ་རྗེ་རྩེ་ལྔ་པའི་ནང་དུ་ཧཱུྃ་དང་རྩེ་མོར་ཕཊ་ཀྱིས་མཚན་པ། ཡུམ་གསང་པདྨའི་ཟེའུ་འབྲུར་ༀ་ཡིག་དང་

p. 480

བཅས་པའོ། །རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་བརྒྱུད་པའི་བླ་མ་དང་ཕྱོགས་བཅུའི་རྒྱལ་བ་མ་ལུས་པ་བཀུག་སྟེ། བླ་མ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་ཞིང་། ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའ་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་བླ་མ་ཡབ་ཡུམ་གཟི་བརྗིད་རབ་ཏུ་འབར་བ་ལ་ཟབ་མོའི་དབང་དོན་དུ་གཉེར་བའི་ཕྱིར་མཆོད་པ་འབུལ་བ་ནི། ཐུགས་ཀའི་ཧཱུྃ་ལས་འདོད་ཡོན་རྣམ་དག་པའི། །གཟུགས་སྒྲ་དྲི་རོ་རེག་བྱའི་རྡོ་རྗེ་མ། །བཅོམ་ལྡན་འདས་བདག་མེད་མ་ཡི་ངོ་བོ་ཡི། །ཆ་ལུགས་རྒྱན་ཆ་ཇི་བཞིན་རང་རང་གི། །ཕྱག་རྒྱ་དང་བཅས་བླ་མ་མཆོག་ལ་མཆོད། །ༀ་བཛྲ་རཱུ་པ། ཤབྡ། གནྡྷེ། ར་ས། སྤེ་ཨཱཿཧཱུྃ། གླིང་བཞིའི་འཇིག་རྟེན་བྱེ་བ་དུང་ཕྱུར་ནི། །མཎྜལ་གཅིག་བསྡུས་བླ་མ་མཆོག་ལ་འབུལ། །བདེ་སྟོང་དབྱེར་མེད་མཆོད་ཡུལ་མཆོད་བྱེད་དང་། །མཆོད་པ་གསུམ་ག་ལྷན་སྐྱེས་དགའ་བའོ། །དེ་ནས་དབང་དོན་གསོལ་བ་གདབ་པར་

p. 481

བྱ་སྟེ། ཀྱེ་ཧོ་བླ་མ་རྡོ་རྗེ་འཆང་ཆེན་དགོངས། །བདག་མིང་འདི་ཞེས་བྱ་བ་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས། །དབྱེར་མེད་དབང་རྫོགས་བསྐུར་དུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་མཛོད། །ཅེས་གསོལ་བ་བཏབ་པས་བཅོམ་ལྡན་འདས་རིགས་ཀྱི་བདག་པོ་ཡབ་ཡུམ་རྡོ་རྗེ་དང་པདྨ་དྲག་ཏུ་བསྲུབས་པ་ལས། སངས་རྒྱས་ཐམས་ཅད་ཞུ་བའི་ངོ་བོའ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་བྱུང་། ཡུམ་གྱི་པད་མར་བརྒྱུད་ནས་ཡུམ་གྱི་སྐུའི་དཀྱིལ་འཁོར་པ་ཐམས་ཅད་མཆོད་པར་བྱས་ཏེ། སླར་རྡོ་རྗེ་བུང་བས་ཡུམ་གྱི་དཀྱིལ་འཁོར་པ་ཐམས་ཅད་བདུད་རྩིའི་ངོ་བོར་བཞུགས་པའི་སྦྲང་རྩི་ལེགས་པར་བཏུང་བ་སྦྱོར་མཚམས་ནས་བབ་པ་བདག་ཉིད་ཧེ་རུ་ཀའི་གཙུག་ཏོར་གྱི་ཚངས་བུག་ནས་བྱོན། སྤྱི་བོའ་འཁོར་ལོ་མ་ལུས་པར་ཁེངས་པས་བུམ་པའི་དབང་ཐོབ། དགའ་བའི་ཡེ་ཤེས་སྐྱེས། ཕུང་པོ་ལྔ་དག་པ་སྐུ་རྡོ་རྗེ་མངོན་དུ་བྱས། སླར་

p. 482

དབུ་མའི་ལམ་ནས་བརྒྱུད་དེ་མགྲིན་པའི་འཁོར་ལོ་ཡན་ཁེངས་པ་ན་གསང་བའི་དབང་ཐོབ། མཆོག་དགའི་ཡེ་ཤེས་སྐྱེས། རླུང་དག་པ་གསུང་རྡོ་རྗེ་མངོན་དུ་བྱས། རིམ་པ་ལྟར་སྙིང་གའི་འཁོར་ལོ་སོགས་ལུས་ཐམས་ཅད་ཁེངས་པས་དབང་གསུམ་པ་ཐོབ། དགའ་བྲལ་གྱི་དགའ་བའི་ཡེ་ཤེས་སྐྱེས། ཐིག་ལེ་དག་པ་ཐུགས་རྡོ་རྗེ་མངོན་དུ་བྱས་པ་ལས་བདག་ཉིད་ཧེ་རུ་ཀ་ཡབ་ཡུམ་གྱིས་ཉམས་སུ་མྱོང་བའི་བདེ་ཆེན་ཡེ་ཤེས་ཀྱི་ཆོས་ཉིད་བརྗོད་དུ་མེད་ཅིང་རྟོག་པའི་ཡུལ་ལས་འདས་པ་ཇི་ལྟ་བ་དང་། བླ་མ་ཡབ་ཡུམ་གྱི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དེ་ལྟ་བ་གཉིས་སྤྲོས་པ་དང་བྲལ་བར་རོ་གཅིག་ཏུ་བྱོན། ལམ་གྱི་རྟོག་བྲལ་གྱི་ཡེ་ཤེས་འབྲས་བུ་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་བརྒྱུད། བརྟན་གཡོའ་ཡེ་ཤེས་ཀྱི་བར་ཁྱབ་པར་སྤྲོས་པས་དབང་བཞི་པ་ཐོབ། ལྷན་སྐྱེས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། རྣམ་ཤེས་དག་པ་བདེ་ཆེན་གྱི་སྐུ་མངོན་དུ་བྱས། དེ་ནས་རྡོ་རྗེ་འཆང་ཡབ་ཡུམ་གྱི་དམ་ཚིག་གསུམ་པོ་རང་ཧེ་

p. 483

རུ་ཀའི་སྙིང་མགྲིན་གསང་བ་དབུ་མ་རྣམ་པར་དག་པ་རྣམས་སུ་བརྟན་པས་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་འཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་འཁོར་བ་ཇི་སྲིད་བར་སྡོད་པའི་ང་རྒྱལ་བརྟན་པར་བྱས་ནས། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སོགས་བསྔོ་བ་དང་སྨོན་ལམ་ཅི་རིགས་པར་བརྗོད་དོ། །དེ་ཡང་རྡོ་རྗེ་ཐེག་པ་བླ་ན་མེད་པའི་ལུགས་ཀྱིས་ལམ་ཐམས་ཅད་དབང་གི་རྟོགས་པས་གོང་ནས་གོང་དུ་བགྲོད་པ་ཡིན་ལ། དེ་ཡང་རྒྱུ་དུས་ཀྱི་བུམ་དབང་ཙམ་ཐོབ་པའི་གང་ཟག་ལ་བསྐྱེད་རིམ་གྱི་དངོས་གྲུབ་མཐར་ཕྱིན་པའི་ཆེད་དུ་དང་། དབང་གོང་མ་ཐོབ་པའི་གང་ཟག་གིས་རྫོགས་རིམ་གྱི་དངོས་གྲུབ་མཐར་ཕྱིན་པའི་ཆེད་དུ་ལམ་དུས་ཀྱི་དབང་ཐུན་ཆེན་པོ་བཞི་དང་། ཐུན་མཚམས་བཞི་རྣམས་སུ་བར་མ་ཆད་པར་ལེན་དགོས་པ་ལས། དཀྱིལ་འཁོར་དང་ཆོ་ག་རྒྱས་པར་མ་ལྕོགས་ན་བླ་མའི་དཀྱིལ་འཁོར་བཞི་ལས་དབང་བཞི་བླངས་པས་དོན་བདེ་བླག་ཏུ་འགྲུབ་པ་འདི་ལ་ལམ་ཟབ་བླ་མའི་

p. 484

རྣལ་འབྱོར་ཞེས་མན་ངག་གི་སྙིང་པོར་མཛད་པ་ལས། གོང་དུ་བརྗོད་པའི་རིམ་པ་དེ་རྣམས་ནི་འཁོར་ལོའ་དབང་ཕྱུག་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱི་དབང་རྒྱ་རྡོ་རྗེ་འཆང་གི་ཤོག་དྲིལ་ལས་འབྱུང་བ་དེ་ཉིད། རྗེ་བཙུན་དབྱངས་ཅན་བཟང་པོའ་མན་ངག་གིས་བརྒྱན་ཏེ་བརྗོད་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོས་བཟོད་པར་མཛོད་ཅིག །གཞན་སྔོན་འགྲོའི་རིམ་པ་འདི་རྣམས་ཀྱང་ཆོས་དྲུག་གི་ཁྲིད་ཡིག་རྙིང་པ་འགའ་དང་ཅུང་མི་མཐུན་པར་ཡོད་ཀྱང་ཀརྨ་བཀའ་བརྒྱུད་ཀྱི་རྗེ་བཙུན་དམ་པ་དག་གི་གསུང་འཁྲུ ལ་མེད་རྣམས་ལས་བཏུས་ནས་བསྒྲིགས་པ་ཡིན་པས་རང་བཟོའ་དྲི་མར་མི་དོགས་པར་འཚལ་ལོ། །གཉིས་པ་དངོས་གཞི་རྣལ་འབྱོར་ལ་གནས་པ་ལ་དྲུག་ལས། དང་པོ་འདོད་ཉོན་སྲེག་བྱེད་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར་བའི་རྣལ་འབྱོར་ལ། སེམས་མ་ཟིན་པ་ཟིན་བྱེད་སྐུ་རྡོ་རྗེ་བསྙེན་པའི་མན་ངག །ཟིན་པ་བརྟན་བྱེད་གསུང་རྡོ་རྗེ་སྒྲུབ་པ་ཙཎྜ་ལིའི་མན་ངག །བརྟན་པ་བོགས་དབྱུང་ཐུགས་རྡོ་རྗེ་སྒྲུབ་པ་

p. 485

ཆེན་པོའ་མན་ངག་གོ། །དང་པོ་ལ། སྣང་བརྙན་གྱི་སྐུ་སྒྲུབ་པ་སྟོང་ར་སྦྱང་བ། རིགས་ལྡན་གྱི་གཞི་བཟུང་བ་རྩ་སྦྱང་བ། གསང་གསུམ་གྱི་འགྲོས་སྦྱང་བ་རླུང་སྦྱང་བ། ཆུ་ཟླའི་གར་བསྒྱུར་བ་ཐིག་ལེ་སྦྱང་བའོ། །དང་པོ་ལ། གོ་བར་བྱ་བ་དང་། ཉམས་སུ་བླང་བ་གཉིས་ཀྱི་དང་པོ་ནི། དཔལ་གདན་བཞི་པའི་རྒྱུད་ལས། སྔོན་དུ་སྟོང་པའི་མཚན་ཉིད་ཀྱིས། །དེའི་ལུས་ནི་སྦྱང་བར་བྱ། །ཅེས་གསུངས་པས། བསྐྱེད་རིམ་ནས་རྫོགས་རིམ་ལ་འཇུག་པ་ན་སྟོང་ར་ནི་དོན་དམ་པའི་བསྲུང་བ་བླ་ན་མེད་པར་འགྱུར་བ་དང་། རྫོགས་རིམ་བསྒོམ་པའི་ལུས་ཕྲ་བ་སྒྲུབ་པའི་དབུ་མ་འཁོར་བཅས་ལུས་ལ་གནས་ཀྱང་། ལུས་ལས་མ་སྐྱེས་པ་ཞིག་ཡོད་པ་ལ་དམིགས་ནས་བསྒོམ་དགོས་པས། དེ་ལུས་ཀྱི་ནང་དུ་ཡོད་པས་དེ་ལ་རྣམ་དག་དྲན་པའི་དམིགས་པ་དང་པོར་སྦྱང་བའི་ཆེད་ཀྱི་སྦྱོར་བའོ། །སྤྱིར་སྟོང་རའི་སྐབས་འདིར་ཐ་མལ་གྱི་མཚན་མ་འགོག་པའི་ཕྱིར་ལྷའི་རྣལ་འབྱོར་ལ་དང་པོར་བསྐྱེད་པ་དང་།

p. 486

བསྐྱེད་པ་རྫོགས་ནས་ཀྱང་ཆོས་ཉིད་ཀྱི་རྣམ་དག་བྱེད་པས་བསྐྱེད་རིམ་ལ་ཡང་སྟོང་རའི་དོན་ཙམ་ཚང་ལ། རྫོགས་རིམ་གྱི་སྐབས་སུ་ནི་ཐ་མལ་གྱི་སྤྲོས་མཚན་མ་ཡིན་པའི་གཉུག་མའི་ལུས་སེམས་ལྷར་བཞེངས་པའི་སྐབས་སུ་བྱེད་པའི་སྟོང་ར་དེ་ཉིད་རང་བཞིན་དག་པའི་སྟོང་པ་མཆོག་ཏུ་གྱུར་པ་སྟེ། རང་བཞིན་དག་པའི་སྐུ་དང་ཡེ་ཤེས་མཆོག་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། རིགས་ཀྱི་བདག་པོ་རྔོོག་སྟོན་ཆེན་པོས་དགྱེས་རྡོར་གྱི་འགྲེལ་པར། པུཥྤ་ཧ་རི་པའི་ཞལ་ནས། དུས་འདིའི་དུས་སུ་ལུས་གནད་འདི་ལྟར་བཅས་ཏེ་སེམས་འདི་ལྟར་གཏད་ན་ཡེ་ཤེས་མི་སྐྱེ་མི་སྲིད། ཅེས་རྗེ་མར་པའི་གསུང་འདྲེན་པར་མཛད་པས་མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་གང་བསྒོམ་ཀྱང་། ལུས་དང་། དུས་དང་། ཡུལ་དང་། དམིགས་པའི་གནད་བཞི་ལས་ཡེ་ཤེས་འཆར་བར་བཞེད་པ་ལས། ལུས་གནད་ནི་དཀྱུས་སུ་བཀོད་པ་ཉིད་ཡིན་ལ། དུས་གནད་ནི་བཀའ་དཔེ་ཕྱི་མར། དེ་ལ་དུས་ཀྱི་གནད་བཤད་པ། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་

p. 487

མལ་དུས་དང་རྣམ་པ་བཞི། །ཅེས་གསུངས་ཤིང་། ཡུལ་གནད་ནི་དེ་ཉིད་ལས། ཡུལ་གྱི་གནད་ལ་རྣམ་གཉིས་ཏེ། །ཕྱི་དང་ནང་དུ་ཤེས་པར་བྱ། །ཕྱི་ཡི་སྣང་བ་དཀར་དམར་དང་། །ནང་དུ་འཁོར་ལོ་རྣམ་པ་བཞི། །ཅེས་གསུང ས་ལ། དམིགས་པའི་གནད་ནི་སྟོང་ར་སྒོམ་པ་སོགས་སོ་སོའ་སྐབས་སུ་འཆད་པ་རྣམས་ཏེ་ཞིབ་པར་ནི་དཔལ་རང་བྱུང་གི་ཆོས་དྲུག་གསལ་བྱེད་དང་དེའི་འགྲེལ་པ་སློབ་དཔོན་ཤེས་རིན་གྱིས་མཛད་པར་ཡང་གསལ་ལོ། །མཆན། དང་པོ་གཏུམ་མོའ་རྣལ་འབྱོར་གྱི་ལུས་གནད་ནི། དཀའ་བ་སྤྱད་པའི་གནད་ཀྱི་ཡི་གེ་ཕྱི་མ་ལས། དེ་ལ་ལུས་ཀྱི་གནད་བཤད་པ། །རིན་ཆེན་ཙར་ལ་བརྒྱུས་པ་འདྲ། །ཤིན་ཏུ་སྲང་ལ་དགུ་བར་བྱ། །རྒྱ་མདུད་ལྟ་བུའི་ཚུལ་དུ་གནས། །འཕེལ་ཀ་ཤིན་ཏུ་བསྐྱེད་པར་བྱ། །མཉམ་ཞག་ཕྱག་རྒྱ་བཙིར་བྱ་ཞིང་། །ཡང་ནི་མདུན་དུ་བསྡུ་བར་བྱ། །རིའུ་མིག་ཚུལ་དུ་བསྣོལ་བར་བྱ། །ཞེས་པའི་དོན་རྗེ་བཙུན་རྡོ་རྗེ་གྲགས་པས་ཆོས་དྲུག་དྲ་མིག་འཁོར་ལོར་དྲོད་སྐྱེ་བའི་ཕྱིར་རྐང་པ་རེ་མིག་ལྟར་བསྣོལ། བདེ་བ་བསྐྱེད་ཕྱིར་ལག་པ་མཉམ་

p. 488

བཞག་གི་ཕྱག་རྒྱ་བཙིར། རླུང་ནང་ཆུད་ཕྱིར་དཔུང་པ་རྒོད་གཤོག་ལྟར་བརྒྱང་། རླུང་རང་གནས་སུ་གཟུང་ཕྱིར་སྒལ་ཚིགས་ཆུ་ཤིང་ལྟར་བསྲང་། རྣམ་རྟོག་འགག་ཕྱིར་མགྲིན་པ་ཡིད་ཙམ་དགུ། སེམ ས་གསལ་བའི་ཕྱིར་མིག་ལྟ་སྟངས་སྣའི་ཐད་སོར་གཏད་ཅེས་གསུངས་པ་དེ་ལྟ་བུའི་ལུས་གནད་ལེགས་པར་བཅས་ལ་བླ་མ་སྤྱི་བོར་བསྒོམས་ནས་གསོལ་བ་གདབ་བོ། །སྟོང་རའི་མན་ངག་འདི་ནི་སྔགས་ཀྱི་སྐུ་ནས་ཡེ་ཤེས་ཀྱི་སྐུ་བསྐྱེད་པར་བྱེད་པའང་ཡིན་ཏེ། དེ་ཡང་སྔར་སྔགས་ཀྱི་སྐུ་བསྐྱེད་པའི་སྐབས་སུ་བཟུང་བའི་བཏགས་ཆོས་ཀྱི་མཚན་མའི་དམིགས་པ་རྣམས་འགོག་པར་ནུས་ཀྱང་། ལྷར་བསྒོམ་པའི་རྟོག་པ་དང་བཏགས་ཆོས་ཀྱི་གྱ་ནོམ་ལྷར་འཛིན་གྱི་ཆ་ཞིག་ཡོད་པ་དེ་ལམ་དེའི་སྦྱང་བྱ་སྟེ། དེ་སྦྱོང་བྱེད་ཀུན་བཏགས་ལྷར་འཛིན་གྱི་དྲི་མ་ཐམས་ཅད་བློའི་ཡུལ་དུ་མི་དམིགས་པར་བྱས་ནས། རྒྱུ་ལྷན་ཅིག་སྐྱེས་པ་གཞན་དབང་ལྷ་སྔགས་ཀྱི་བདག་ཉིད་རྟོག་བྲལ་མ་འཁྲུལ་བའི་ངོར་ལྷ་སྔགས་སུ་སྒོམ་པ་ན། དེའི་ཤེས་ངོར་སྒྱུ་མ་ལྟ་བུའི་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཀྱི་སྐུའི་གསལ་སྣང་ལ་དམིགས་པ་ཡང་། ངང་ངམ་

p. 489

ཤུགས་ལ་འཆར་ཞིང་། འཆར་བ་དེ་ཉིད་ཀྱིས་ཀྱང་དེ་ལྟར་སྒྲུབ་པར་བྱེད་དོ། །འདི་ལ་མངའ་བདག་ལོ་ཙ་བ་ཆེན་པོས། སྲས་དོན་རབ་གསལ་དུ། སེམས་གཉིས་སྣང་ཅུང་ཟད་དང་བཅས་པའི་ཆ་ཡེ་ཤེས་ཀྱི་སྐུར་བཞེངས་པ་ལས་དང་པོ་པ་དང་། སེམས་གཉིས་སྣང་མཐའ་དག་དང་བྲལ་བའི་ཡེ་ཤེས་ཀྱི་སྐུར་བཞེངས་པ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་གཉིས་སུ་གསུངས་སོ། །མཆན། དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་བློས། ༀ་ཨཱཿཧཱུྃ་ཀཱ་ཡ་ཝཱ ཀྩིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ས་གསུམ་གྱི་སྣོད་བཅུད་ཐམས་ཅད་ཆོས་དབྱིངས་ཀྱི་ངོ་བོའ་རྟེན་དང་བརྟེན་པར་བྱས་པའི་དཀྱིལ་འཁོར་པ་རབ་འབྱམས་སུ་ཤར་བའི་དབུས་ནས་བདག་ཉིད་བཅོམ་ལྡན་འདས་སྙིང་པོ་ཡེ་ཤེས་ཀྱི་དགྱེས་པ་རྡོ་རྗེ་སྐུ་མདོག་མཐིང་ནག་ནམ་མཁའ་དྲི་མ་མེད་པ་ལྟ་བུ། རྣམ་པར་ཐར་པའི་བདག་ཉིད་ཀྱི་ཞལ་བརྒྱད་ལས་རྩ་བའི་ཞལ་ནག་པོ། གཡས་པ་དཀར་བ། གཡོན་པ་དམར་བ། སླར་ཡང་གཡོན་གྱི་ཞལ་གཉིས་གནག་པ། དེ་བཞིན་དུ་གཡས་ཀྱི་ཞལ་

p. 490

གཉིས་ནག་པོ། སྟེང་གི་ཞལ་དུ་བའི་མདོག་ཅན་རྣམ་པར་འགྱུར་བ། ཞལ་རྣམས་ཐམས་ཅད་མཆེ་བ་གཙིགས་ཤིང་སྤྱན་གསུམ་པ། སྨིན་མ་འཁྱོག་པ་དང་བཅས་པའི་ཁྲོ་གཉེར་ཅན། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། དཔྲལ་བ་རྣམས་ཀྱི་སྟེང་དུ་མགོ་བོ་ལྔ་ལྔའི་འཕྲེང་བས་བརྒྱན་པ། སྟོང་པ་ཉིད་ཀྱི་ངོ་བོའ་ཕྱག་བཅུ་དྲུག་གིས་སྙིང་རྗེ་ཆེན་པོ་བཅུ་དྲུག་གི་བདག་ཉིད་ཀྱི་པདྨའི་སྣོད་རེ་རེ་འཛིན་པ་ཏེ། སྙིང་རྗེ་ཆེན་པོ་འདི་རྣམས་ལ་དགའ་བ་བཞིའི་ཡེ་ཤེས་བཅུ་དྲུག་གི་མིང་གིས་ཀྱང་བསྟན་ལ། འདིར་སྲིད་ཞིའི་མཐའ་ལ་མི་གནས་པའི་ཕྱིར། གོང་གི་དག་པར་འགྱུར་ཏེ་སྟོང་ཉིད་ཀྱི་ཕྱག་གིས་སྲིད་མཐའ་འགོག་ཅིང་། ཀ་པཱ་ལ་ཞེས་པའི་ཀཾ་བདེ་བ་དང་། པཱ་ལ་སྐྱོང་བ་སྟེ། ཐོད་པ་ལ་བདེ་བའི་སྒྲ་སྦྱོར་བས་ཞི་མཐའ་འགོག་པ་སྟེ། ཇི་སྐད་དུ། གཟུགས་ནི་སྲིད་པར་མི་འོང་ཏེ། །འགྱུར་མེད་མྱ་ངན་འདས་མི་འགྲོ། །ཞེས་གསུངས་སོ། །མཆན། གཡས་ཀྱི་ཕྱག་བརྒྱད་ལ་གནས་པའི་ཐོད་པ་རྣམས་སུ་དང་པོ་ནས་རིམ་པ་བཞིན་གླང་པོ་ཆེ་དང་། རྟ་དང་། བོང་

p. 491

བུ་དང་། བ་ལང་དང་། རྔ་མོང་དང་། མི་དང་། ཤ་ར་བྷ་དང་། བྱི་ལ་རྣམས་ཁ་ནང་དུ་ཕྱོགས་པ་ནད་རྣམས་སེལ་བའི་ཕྱིར་འཛིན་པ། དེ་བཞིན་དུ་གཡོན་གྱི་ཐོད་པ་བརྒྱད་རྣམས་སུ་སའི་ལྷ་དང་། ཆུ་དང་། མེ་དང་། རླུང་གི་ལྷ་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། ནོར་སྦྱིན་རྣམས་གདོང་ཕྱིར་ཕྱོགས་པ་དངོས་གྲུབ་སྩོལ་བའི་ཆེད་དུ་འཛིན་པ། ཕྱག་རྒྱ་དྲུག་དང་འདུ་བྱེད་དག་པའི་མགོ་རློན་བརྒྱ་ཕྱེད་ཀྱི་འཕྲེང་བས་བརྒྱན་ཞིང་། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། བསྡུ་དངོས་ཀྱི་ངོ་བོའི་ཞབས་བཞི་གཡས་བརྐྱང་གི་སྟབས་ཀྱིས་ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་བཞི་དྲག་པོར་བརྫིིས་ཤིང་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གར་སྟབས་ཀྱིས་བཞུགས་པའི་པང་དུབདག་མེད་མ་ནག་མོ་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པར་བཅས་པའི་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་དག་གིས་བཅོམ་ལྡན་འདས་ལ་འཁྱུད་པ། གཅེར་བུ་ཕྱག་རྒྱ་ལྔ་

p. 492

དང་ལྡན་པ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་ཐོད་སྐམ་གྱིས་སྤྲས་ཤིང་མི་མགོ་སྐམ་པོའི་འཕྲེང་བས་སྐུ་ལ་བརྒྱན་པ། གཡོན་བརྐྱང་དང་ཟླ་བོའ་ཞབས་ཀྱིས་མཆོག་ཏུ་བདེ་བ་ཆེན་པོས་བཅོམ་ལྡན་འདས་ལ་སྙོམས་པར་ཞུགས་པར་གྱུར་པའི་བཅོམ་ལྡན་འདས་ཡབ་ཡུམ་དུ་གསལ་བའི་སྐུའི་ནང་དངས་གསལ་རྙོག་པ་ཐམས་ཅད་དང་བྲལ་བ་ནམ་མཁའི་ངོས་ལ་སྟོང་པའི་རི་མོས་བར་ཆོད་པའི་གཟུགས་བརྙན་ལྟར་བསྒོམ་པ་ནི། སྣང་བརྙན་གྱི་སྐུ་སྒྲུབ་པ་སྟོང་རའི་མན་ངག་སྟེ། དཔལ་རང་བྱུང་གིས། རང་ལུས་ཡི་དམ་དུ་དྲན་ཙམ་བྱས་ལ། དང་པོ་ལུས་ཀྱི་ནང་སྟོང་སང་ངེ་བ་ལ་དམིགས་པ་ནི་སྟོང་ར་སྦྱང་བའོ། །ཞེས་གསུངས་སོ། །རྣལ་འབྱོར་དབང་ཕྱུག་མཁའ་སྤྱོད་པའི་གསུང་ལས། ལྷ་སྐུའི་སྟོང་ར་ཡོངས་རྫོགས་ཅིག་ཅར་དུ་བསྒོམ་པ་དྲན་རྫོགས་དང་། སྐུའི་གནས་ཀྱི་སྟོང་ར་རིམ་བཞིན་བསྒོམ་པ་རིམ་ཅན་དང་། དེ་ལ་བྱིང་རྒོད་ཀྱི་གེགས་བསལ་བའི་ཕྱིར་ལྷ་སྐུའི་སྟོད་སྨད་དུ་ཤེས་པ་གཏད་ཅིང་བསྒོམ་པ་ལ་མཐོ་དམན་གྱི་རྣལ་འབྱོར་དུ་གསུངས་

p. 493

ལ། གཞན་ཡང་རྒྱས་པ་དང་ཤིན་ཏུ་རྒྱས་པའི་སྟོང་ར་བསྒོམ་ཚུལ་རྣམས་ནི་འདིར་མ་སྤྲོས་ལ། ཤེས་པར་འདོད་ན་ཆོས་དྲུག་ཟིན་བྲིས་ཉིད་དུ་བལྟ་བར་བྱའོ། །མཆན། དེ་ལྟར་སྟོང་རའི་རྣལ་འབྱོར་འདི་ཉིད་ལ་གོམས་ཤིང་བརྟན་པར་གྱུར་པ་ན། རྡོ་རྗེ་སྙིང་རྒྱན་ལས། དེ་ལུས་ཁོང་སྟོང་ཉིད་ལ་ནི། །རང་སེམས་ཡོན་ཏན་སྒོམ་པའི་སེམས། །ནམ་མཁའ་དབྱིངས་ཀྱི་རྣལ་འབྱོར་གྱིས། །སངས་རྒྱས་སྒྱུ་མའི་སྦྱོར་བས་སུ། །དག་པའི་བདག་ཉིད་ཅི་འདོད་པར། །དེས་ནི་རི་རབ་ཕུལ་ནས་འགྲོ། །ཞེས་སྟོང་ར་གོམས་པའི་རྣལ་འབྱོར་པས་རི་རབ་ཀྱང་འདེགས་བསྐྱོད་བྱེད་ཅིང་འགྲོ་བ་ལ་སོགས་པའི་ཡོན་ཏན་རྒྱ་ཆེར་གསུངས་སོ། །གཉིས་པ་རིགས་ལྡན་གྱི་གཞི་བཟུང་བ་རྩ་སྦྱང་བ་ལ། གོ་བར་བྱ་བ་དང་། ཉམས་སུ་བླང་བའོ། །དང་པོ་ལ། རྩའི་གཙོ་བ ོ་གསུམ་བཤད་པ། དབུ་མ་ལས་གྱེས་པའི་འཁོར་ལོ་བཞི་བཤད་པ། དེ་རྣམས་ལས་འཕྲོས་པའི་རྩ་ཆེན་ཉེར་བཞི་སོགས་བཤད་པའོ། །དང་པོ་ནི། སྤྱིར་རྩ་ཞེས་བྱ་བ་ནཱ་ཌའམ་ནཱ་ལའི་

p. 494

སྒྲ་ལས་རྒྱུ་བའི་རྟེན་ཅེས་པའི་དོན་ཡིན་ལ། རྒྱུ་བ་ནི་སྲོག་གི་རྒྱུན་ཐིག་རླུང་སེམས་གསུམ་གྱི་སྙིང་པོ་ཅན་ཏེ། དེ་གཙོ་བོར་གང་དུ་རྒྱུ་ན་ལུས་ཀྱི་དབུས་དྲང་པོ་ན་ཚངས་ཐིག་བཏབ་པའི་སར་ཡོད་པ་སྟེ། ཕྱོགས་བརྒྱད་པོ་གང་དུའང་ཉེ་རིང་མེད་པར་གནས་པའི་རྩ་ཡིན་པ་དེའི་ཕྱིར་རྩ་འདི་ལ་ཚངས་པའི་རི་མོ་ཞེས་དང་། འདིའི་རྩེ་མོའ་ཐད་དུ་ཚངས་བུག་ཞེས་བརྗོད་པ་ཡིན་ནོ། །དུས་འཁོར་ལྟར་ན། སྤྱི་བོའ་ཧཾ་ཡིག་ཉིད་ཚངས་པའི་དོན་ཡིན་ཏེ། དག་བྱེད་ཀྱི་གཙོ་བོ་ཡིན་པའི་ཕྱིར་བསྡུས་པའི་རྒྱུད་ཀྱི་རྒྱལ་པོར། དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། །ཞེས་གསུངས་པས་འཇིག་རྟེན་གྱི་མེས་པོ་ཚངས་པ་ལྟར་སྟོན་པ་ཡིན་ལ། དེའི་ཕྱིར་དཔལ་དྲི་མ་མེད་པའི་འོད་དུ། ཕྱི་རོལ་ཏུ་ཚངས་པའི་གནས་དང་ལུས་ལ་གཙུག་ཏོར་གྱི་ནོར་བུ་ནི་དུས་ཀྱི་འཁོར་ལོ་སྟེ། ཞེས་ཕྱི་སྣོད་ཀྱི་ཚངས་པའི་གནས་དང་ལུས་ཀྱི་ཚངས་པའི་གནས་སྦྱར་ཏེ་གསུངས་སོ། །མཆན། གཞན་ཡང་ཚངས་པའི་གནས་ནི་འཁོར་ལོ་བཞི་དང་གང་ཚང་བའི་ཆོས་ནི་གནས་སྐབས་

p. 495

བཞིས་བསྐྱེད་པའི་བདེན་པ་བཞི་དང་ཐུན་མཚམས་བཞི་དང་སྐུ་བཞི་ལ་སོགས་པའི་ཆོས་ཐམས་ཅད་ཚང་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ཞབས་ཀྱིས། ཨཱ་ལི་ནི་དཔྲལ་བར་རོ། །ཀཱ་ལི་ནི་མགྲིན་པར་རོ། །ཐབས་ནི་སྙིང་གར་རོ། །ཤེས་རབ་ནི་ལྟེ་བར་རོ། །ཞེས་གསུངས་སོ། །ཚངས་པའི་རྒྱུ་མཚན་ནི་གནས་སྐབས་བཞི་སྐྱེད་བྱེད་ཐིག་ལེ་གཞོམ་མེད་བཞི་གནས་དེ་དག་ཏུ་གནས་པའི་ཕྱིར་རོ། །དེ་ལ་ཚངས་པའི་སྒྲ་དོན་ཡང་གནས་ཏེ། དགྱེས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། གང་ཕྱིར་སྤྲུལ་པ་གནས་པའི་ཕྱིར། །སྤྲུལ་པའི་འཁོར་ལོ་གནས་བརྟན་ཉིད། །ཆོས་སྨྲ་བ་ནི་འབྱུང་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་ཐམས་ཅད་ཡོད། །གང་ཕྱིར་མགྲིན་པར་ཀུན་བཀུར་ཕྱིར། །ལོངས་སྤྱོད་འཁོར་ལོ་ཀུན་བཀུར་ཉིད། །གང་ཕྱིར་བདེ་ཆེན་མགོར་གནས་པ། །བདེ་བའི་འཁོར་ལོ་དགེ་འདུན་ཆེ། །སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །ལྟོ་བ་གནས་སུ་བརྗོད་པར་བྱ། །ཞེས་གསུངས་སོ། །རྩ་འདིའི་མིང་སྲོག་གི་དབྱུག་པར་

p. 496

ཡང་བརྗོད་དེ། བརྟེན་པ་སྲོག་སྐྱེས་བུ་དང་རྩ་འདི་རྟེན་དབྱུག་པ་ལྟར་ཡིན་པས་སོ། །རྩ་འདིའི་ཡར་སྣ་ནི་སེམས་ཅན་གྱི་ལུས་ལ་སྤྱི་བོ་ནས་གུག་པ་སྟེ། ཁམས་གསུམ་ལས་ཡར་མི་འདའ་བའི་ཕྱིར་ཏེ། ལུས་ཀྱི་སྤྱི་བོའ་ཀླད་སྟོང་སོར་བཞི་པའི་ཆ་དེ་གཟུགས་མེད་ཀྱི་གནས་ཏེ། དེར་སྲོག་དབྱུང་ཐལ་ཕྱུང་དུ་མ་སོང་བས་སོ། །གཞན་ཡང་གཙུག་ཏོར་གྲུབ་པའང་རྩ་དབུ་མའི་རྩེ་མོ་ཐལ་བྱུང་དུ་བཞེངས་པ་ལས་ཡིན་ཏེ། དེ་ཡང་ཉན་རང་གི་གཙུག་ཏོར་ཅུང་ཟད་ཡོ་བར་འབྱུང་བའང་ཁམས་གསུམ་ལས་འདས་ཀྱང་། ཆད་པ་ལ་མྱང་འདས་སུ་ཞེན་པས་དབུ་མའི་རྩེ་ཐལ་བྱུང་ཡོན་པོར་སོང་བའི་དོན་གྱིས་དང་། འཁོར་ལོས་བསྒྱུར་བ་ཐེག་ཆེན་གྱི་ས་མ་ཐོབ་པ་དག་གི་མཚན་དཔེ་རང་རྒྱལ་དང་མཚུངས་ཤིང་། ས་ཐོབ་པ་ལ་ནི་སྲིད་ཞི་གཉིས་ཀར་མི་གནས་པའི་ཕྱིར་གཙུག་ཏོར་མི་འཁྱོག་པ་སོགས་ཡོད་ཀྱང་། ལེགས་ཤིང་ལྟར་མི་མངོན་པ་ནི་དེ་བཞིན་གཤེགས་པ་ཁོ་ནའི་ཁྱད་ཆོས་ཏེ། སངས་རྒྱས་རྣམས་ལ་ནི་ཆོས་དབྱིངས་ཀྱིས་གར་ཁྱབ་གཙུག་ཏོར་སོགས་མཚན་དཔེ་ཡང་ལྟར་མི་མངོན་ཞིང་ཟད་མི་ཤེས་པའི་ཕྱིར་རོ། །མཆན། ཕྱིར་དུད་མཚམས་སུ་ཕོ་ལ་རྩ་ཁ་ཡངས་ཤིང་འོག་

p. 497

ཏུ་དུད་པ་ལ་གཉིས་འཁྱོག་སྐྱེ་གནས་ཀྱི་དབྱིབས་དང་། མོ་ལ་ཕྱིར་དུད་མཚམས་རྩ་ཁ་དོག་ཅིང་འོག་ཏུ་དུད་པ་ལ་ལྔ་འཁྱོག་རྡོ་རྗེ་རྩེ་གཅིག་པས་ཡུ་བ་བྱས་པ་ནོར་བུའི་ཏོག་ཅན་གྱི་དབྱིབས་སུ་ཡོད་པའོ། །དེ་ལྟར་སྲོག་དབྱུག་གི་ཡར་སྣ་སྤྱི་བོ་ནས་ཕྱིར་དུད་པའི་མཚམས་སུ་ཁུ་བ་དངས་མ་གནས་པ་ནི་སྤྱི་བོར་དཀར་ཆ་བཅོ་ལྔ་པ་གང་བའི་དབུས་སུ་ཨཾ་ཡིག་གི་རང་བཞིན་དུ་ཡོད་ལ། ཡོད་པའི་རྒྱུ་མཚན། སྙིང་པོ་གསང་དོན་ལས། དབྱངས་བཅུ་དྲུག་ཟླ་བའི་ཚེས་རིམ་བཅུ་བཞི་གང་ཆ་བཅོ་ལྔ། འགྲིབ་པའི་ཚེས་གཅིག་དང་བཅུ་དྲུག་ལས་གང་ཆ་ཨཾ་ཡིག་ཡིན་ལ། དེ་དབྱངས་བཅོ་ལྔ་པ་ཡིན་པས་དེར་གནས་པ་ཡིན་ནོ། །ཞེས་གསུངས་སོ། །མཆན། དེ་ནས་དབྱངས་བཅོ་ལྔ་པ་གང་ཆ་ཅུང་ཟད་འགྲིབ་པ་ནས་སྤྱི་བོའི་རྩ་དུད་པའི་འཁྱོག་གི་ནང་དུ་སླེབ་པ་ན། གང་ཆ་ཨཾ་གི་དབྱངས་ཅུང་མི་གསལ་བར་གསལ་བྱེད་ཧ་སོགས་ཀྱིས་བསྒྲིབས་པ་སྟེ། དེ་ཡང་སེམས་ཀྱི་ཀུན་རྟོག་ཇི་ལྟར་སྐྱེས་པ་བརྗོད་པའི་རྟེན་གྱི་གསལ་བྱེད་ཀྱི་ཡི་གེའི་རྣམ་པར་འགྱུར་བ་

p. 498

ཡིན་ནོ། །དེས་ན་སྤྱི་བོ་ན་ཧཾ་ཡིག་གནས་པར་བཤད་པ་དེ་ཅི་ཞེ་ན། རྗེ་བཙུན་ཕྱག་ན་པདྨའི་སྤྲུལ་པའི་སྐུ་བརྒྱད་པ་གང་གི་ཞལ་ནས། འདི་ལྟར་དིང་སང་གྲགས་མོད། རྒྱུ་མཚན་ནི། སྤྱི་བོ་ན་ཡོད་པ་མིན་ཞིང་འཁྱོག་རིས་ཀྱི་ནང་དུ་ཡོད་པ་ནི་གོང་དུ་བཤད་ཟིན་ལ། དེ་ཡང་རང་གི་ཡི་དམ་བདེ་དགྱེས་སོགས་གང་ལ་བྱེད་པའི་མཚན་སྔགས་ཀྱི་གསལ་བྱེད་དང་པོ་ལ་སྲོག་ཨཾ་ཞུགས་ཏེ། དཔེར་ན། ཙ ཀྲ་སཾ་ཝ་ར་ལྟ་བུ་ལ་ཙཾ་གྱི་རྣམ་པར་གནས་མོད། ཡོངས་གྲགས་མའི་རྒྱུད་ལ་ཧེ་རུ་ཀའི་ཧའི་ཨེ་གཞག་ནས་ཨཾ་བཅུག་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་ལམ་བསྒོམ་པ་པོ་མ་ཡིན་པ་ལ་མི་གསལ་བར་བཤད་དེ། དཔལ་སམྦུ་ཊ་ལས། མགོ་བོའ་དབུས་ནས་ཀླད་པ་ཞེས། །བྱ་བར་གྲགས་པ་དེ་ཉིད་ནི། །པདྨའི་དབུས་གྱུར་གང་ཡིན་པ། །ཟླ་བའི་དཀྱིལ་འཁོར་ཞེས་བྱར་བརྗོད། །དེའི་དབུས་སུ་ཡི་གེ་ཧཾ། །མི་ཤིགས་ཐིག་ལེའི་གཟུགས་ཅན་ཏེ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་སོ། །མར་སྣ་ནི་གསང་

p. 499

བའི་འཁོར་ལོའ་མདུན་ནས་གཡས་སུ་ཁུ་བ་འབབ་པའི་བྱ་བ་བྱེད་ལ། དེ་ཡང་དབུ་མའི་མར་སྣ་འདི་ཉིད་ལ་དུང་ཅན་མ་ཞེས་བརྗོད་པ་ནི་སྐྱེས་པའི་དབང་དུ་བྱས་པ་སྟེ། བུད་མེད་ལ་ནི་རྡུལ་གྱི་དུས་ཏེ། བུ་འཛིན་པར་བྱེད་པའི་དུས་རྡུལ་ཏེ་དམར་ཆ་འབབ་ལ། བུའཛིན་པའི་བྱེད་ལས་ཀྱང་དཀར་དམར་སེམས་གསུམ་འདྲེས་པའི་དུས་ཀྱི་སྐད་ཅིག་ཐུང་ཤོས་གཅིག་ལ་མྱུར་བའམ་དྲག་ཏུ་འཛིན་དགོས་པའི་ཕྱིར་དམར་ཆ་འབབ་བཞིན་པའི་དུས་ཀྱི་རྩ་ལ་གཏུམ་མོ་ཞེས་བརྗོད་དེ། པཎ་ཆེན་ནཱ་རོས། བུད་མེད་རྣམས་ཀྱི་དུང་ཅན་མ་ཉིད་རྡུལ་གྱི་དུས་སུ་རྡུལ་འབབ་པའི་ཕྱིར་གཏུམ་མོ་ཞེས་བརྗོད་དོ། །ཞེས་གསུངས་སོ། །མཆན། དེའི་རྒྱུ་མཚན་གཞོན་ནུའི་སེམས་ཆགས་པ་ལ་གཏད་པས་གཞོན་ནུའི་སྲོག་ཅེས་ཀྱང་བྱ། ཆགས་པའི་དགོས་དོན་རྩ་དབུ་མའི་མར་སྣར་ཁུ་བ་སྤང་གི་ཆུ་རུབ་པ་ལྟར་འདུས་པ་ཉིད་ཡིན་ལ། དེ་ཡང་དུང་གཡས་འཁྱིལ་མཆོག་ལ་མགྲིན་འཁྱིལ་ལྔ་འབྱུང་བ་ལྟར་ཁུ་བས་མར་སྣ་གང་བ་ལ་རྒྱུན་ལྔ་མཐུད་དུ་སོང་བ་དང་འཁྲིག་བདེ་རྫོགས་པ་དུས་གཅིག་ཡིན་པས་དེའི་ཕྱིར་

p. 500

གང་ཐེབ་རྒྱུན་ལྔ་པོ་འདི་རྣལ་འབྱོར་པ་རྣམས་ཀྱིས་ཧེ་རུ་ཀ་ལྔ་བསྒོམས་པའི་སྟོབས་ཀྱིས་འགོག་པར་རྗེ་ཀརྨ་པས་གཏུམ་མོ་འཁོར་ལོ་གཉིས་མར་གསུངས་སོ། །གཡས་ཀྱི་རྩ་རོ་མ་དང་གཡོན་གྱི་རྩ་རྐྱང་མ་གཉིས་ནི་འཁོར་ལོ་སོ་སོའ་བར་དུ་བར་ཐག་རང་སོར་ཕྱེད་དང་བཅུ་གསུམ་རེ་ཡོད་ཅིང་། འཁོར་ལོའ་ཐད་དུ་རོ་རྐྱང་གཉིས་བཅར་བའི་ཚུལ་དུ་ཡོད་པར་ཡང་འགའ་ཞིག་ཏུ་གསུངས་སོ། །རོ་རྐྱང་གཉིས་ཀྱི་ཡར་སྣ་གོང་བཞིན་ལ། རྐྱང་མའི་མར་སྣ་གཡོན་ནས་གསང་འཁོར་གྱི་འོག་ཏུ་དབུ་མའི་མར་སྣ་དང་ཕྱི་ཤུན་ཅིག་ཏུ་བྱས་ནས་ནོར་བུའི་རྩེར་སོང་ཏེ་གཅི་བ་འབབ། རོ་མའི་མར་སྣ་གཡས་ནས་གསང་འཁོར་གྱི་འོག་ཏུ་བྱས་ཏེ་བཤང་བ་དང་འབྲེལ་བར་བཤང་བ་འབབ་པ་ནི། ཕོའ་དབང་དུ་བྱས་ཏེ་བཤད་པ་བདེ་དགྱེས་ཀྱི་དགོངས་པ་ཡིན་ཅིང་། གཡས་གཡོན་དབུས་གསུམ་གྱི་འགྲོས་ཇི་ལྟར་བྱེད་པ་ནི་གསང་འཁོར་ནས་གསང་བའི་རྡོ་རྗེའི་སུམ་ཆའི་བར་ལ་འོང་ཚུལ་ལ་བྱེད་པར་རྗེ་བཙུན་མདོ་སྡེས་

p. 501

ཆོས་དྲུག་ཏུ་བཤད་དོ། །ཞེས་སྙིང་པོ་གསང་དོན་ལས་འབྱུང་ངོ་། །དེ་ལྟ་བུའི་རྩ་སྲོག་གི་དབྱུག་པ འམ་ཚངས་པའི་རི་མོ་ཞེས་པ་འདི་ཉིད་ལ་ཨ་ཝ་དྷཱུ་ཏིར་ཡང་བརྗོད་དེ། མ་དག་པའི་རྡོ་རྗེའི་ལུས་ལ་རྩ་དབུ་མ་ཇི་ལྟར་ཡོད་པའི་འགག་སྡོམ་དུ། དཔལ་རང་བྱུང་གིས། མདོར་ན་ལུས་ཅན་སྲོག་རྩ་ཡིན། །ཅེས་བཀའ་བསྩལ་ནས་མ་དག་པའི་སྲོག་རྩའམ་རྩ་དབུ་མ་དེ་ལ་སྲོག་རྣམ་དག་གི་དབུ་མའི་རིགས་སམ་རྒྱུའམ་དབྱིངས་ཀྱིས་ཁྱབ་པར་བསྟན་ཅིང་། ལམ་དང་འབྲས་བུའི་རྩ་དབུ་མ་མཚན་ཉིད་བཞི་ལྡན་རྣལ་འབྱོར་པའི་རྒྱུད་ལ་སྐྱེས་ཐོབ་ཀྱིས་མེད་པས། སྦྱོར་བྱུང་ཡན་ལག་དྲུག་གི་རྣལ་འབྱོ ར་གྱིས་བསྒྲུབས་པས་འབྲས་བུ་རྡོ་རྗེའི་དབུ་མ་གདོད་འཆར་དགོས་པ་ཡིན་ཏེ། དཔལ་གདན་བཞི་པའི་རྒྱུད་ལས། ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་མན་ངག་གནས། །ཐབས་དང་ལྡན་ཞིང་ཤིན་ཏུ་འབར། །ཅེས་དང་། ཡེ་ཤེས་ཐིག་ལེར། ལུས་རྟེན་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་

p. 502

གི་ཡེ་ཤེས་གཞུག །ཅེས་གསུངས་ཤིང་། དེ་ཉིད་ཡོངས་སུ་རྫོགས་པར་ཤར་ཟིན་པ་དེ་ལ་ནི་སྐུ་རྡོ་རྗེ་ཐོག་མར་དགེ་བ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་སུ་བརྗོད་པ་ཡིན་པས་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་རྩ་དབུ་མ་ནི་སྔགས་ཀྱི་བདེན་པ་མ་མཐོང་བའི་ལུས་ལ་ཡོད་པ་མ་ཡིན་ཏེ། རྡོ་རྗེ་འཕྲེང་བར། དང་པོའ་ལས་ཅན་རྣལ་འབྱོ ར་པས། །ཕྲ་བ་དེ་ནི་ཤེས་པར་དཀའ། །བསམ་གྱིས་མི་ཁྱབ་མཆོག་ཏུ་ཕྲ། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །ཞེས་གསུངས་སོ། །གཞན་དག །སྔགས་ཀྱི་བདེན་པ་མ་མཐོང་བའི་ལུས་ལའང་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་རྩ་དབུ་མ་ཡོད་དེ། གོང་དུ་མ་དག་པའི་དབུ་མ་ལ་ཁམས་སམ་རིགས་ཀྱི་ཚུལ་དུ་ཁྱབ་པར་བཤད་པས་སོ་ཞེ་ན། སྐབས་མི་གཅིག་སྟེ། གཉིས་མེད་ཀྱི་ཡེ་ཤེས་ལ་ཆོས་ཉིད་ཀྱིས་ཞུགས་པ་དང་། བྱིན་རླབས་ཀྱིས་འཕོ་བ་གཉིས་ཡོད་པའི་རྩ་དབུ་མ་སོགས་རྡོ་རྗེའི་མཚན་དཔེའི་ཉེ་རྒྱུ་རྣམས་བྱིན་རླབས་ཀྱི་སྟོབས་ཀྱིས་རང་བྱུང་དུ་འབྱུང་དགོས་པ་ཡིན་གྱི་ཆོས་ཉིད་ཀྱིས་ཞུགས་ཙམ་དེས་མི་ཆོག་པའི་ཕྱིར།

p. 503

འདི་སྐབས་ཀྱི་དཔྱད་པ་རྒྱས་པར་མངས་ཀྱི་དོགས་པ་དང་། ཞིབ་པར་དཔལ་རྡོ་རྗེ་དབྱངས་ཅན་འཇིགས་པ་དང་བྲལ་བའི་ཞལ་སྔ་ནས་ཀྱིས་སྙིང་པོ་གསང་དོན་དུ་ཆེས་གསལ་བར་གསུངས་པས་མ་སྤྲོས་སོ། །མཆན། མདོར་ན་མ་དག་པ་རྣལ་འབྱོར་པའི་ལུས་ལ་གནས་པ་ནང་གི་རྩ་དབུ་མ་དང་། སོར་སྡུད་ཀྱི་ཡུལ་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པ་ཕྱིའི་རྩ་དབུ་མ་ཡིན་ལ། དེ་གཉིས་ནི་རྡོ་རྗེའི་རྣལ་འབྱོ ར་གྱིས་མ་ཟིན་ན་རྩ་དབུ་མ་གོ་ཆོད་པོ་མ་ཡིན་ཞིང་། སྤྱི་ལྡོག་ནས་ཀྱང་དེ་གཉིས་དབུ་མ་བཏགས་པ་བ་ཡིན་ཅིང་། རྡོ་རྗེའི་རྣལ་འབྱོར་གྱིས་མ་ཟིན་པ་ནའང་རྩ་དབུ་མ་གོ་ཆོད་པོ་ནི་སྒྲིབ་བྲལ་གྱི་སྐུ་རྡོ་རྗེ་ལ་གནས་པ་གཞན་མཆོག་གི་རྩ་དབུ་མ་སྟེ། རྩ་དབུ་མ་མཚན་ཉིད་པའང་འདི་ཉིད་ལ་ངོས་འཛིན་པ་ཡིན་ནོ། །གཉིས་པ་ནི། སྤྱི་བོར་ཆོས་འབྱུང་ལྟ་བུའི་རྩ་མདུད་གྲུ་གསུམ་ཡོད་དེ། ཕྱག་ཆེན་ཐིག་ལེར། བདེ་ཆེན་འཁོར་ལོའི་ལྟེ་བ་ཡི། །ཟླ་མོ་ཚེ་དང་ལྡན་པ་སྟེ། །དེ་ནི་སྲོག་དབྱུག་རྩ་བ་ཡིན། །ཟུར་གསུམ་གྱི་ནི་

p. 504

རྣམ་པའི་ཚུལ། །ཞེས་པས་ཟླ་མོ་ཚེ་དང་ལྡན་པ་ནི་དེར་ཐིག་རླུང་སེམས་གསུམ་ལ་སོགས་པའི་ཟླ་མོ་དང་བཅས་པའི་སྒོ་ནས་ལྡན་པའི་ཡེ་ཤེས་བསྐྱེད་པར་བྱེད་པའོ། །སྤྱི་བོའ་ཚངས་བུག་གི་ཐད་དེ་ཙམ་ནས་དབུ་མའི་ཕྱོགས་བཞིར་རྩ་བཞི་ལས་བརྒྱད་བརྒྱད་དུ་གྱེས་པ་སོ་གཉིས་ཡོད་པ་འདི་ལ་བདེ་ཆེན་གྱི་འཁོར་ལོ་ཞེས་བརྗོད་དེ། དེའི་རྒྱུ་མཚན་སྲོག་འགོག་པ་ལ་བདེ་ཆེན་སྐྱེ་བའི་དབང་དུ་བྱས་ན་སྲོག་གི་རྟེན་མས་ནས་འགོག་པ་ན་བརྟེན་པ་སྲོག་རླུང་སེམས་ཀྱི་ངོ་བོའི་རྣམ་ཤེས་ཡས་ནས་འགག་པས་སྤྱི་གཙུག་རྣམ་དག་ཏུ་སོང་སྟེ་བདེ་ཆེན་གྱི་གཞི་འཛིན་པའི་ཕྱིར་དེར་བརྗོད་པ་ཡིན་ལ། གཞན་ཡང་། ཕལ་པ་ལ་ཆགས་པ་སྐྱེ་བའི་དབང་དུ་བྱས་པ་དང་། སྲོག་འཚོ་བ་ལུས་ཟུངས་ཀྱི་དབང་དུ་བྱས་ནས་ཀྱང་བདེ་ཆེན་གྱི་འཁོར་ལོར་བརྗོད་པའི་རྒྱུ་མཚན་ནི་མངས་ཀྱིས་དོགས་པས་འདིར་མ་སྤྲོས་སོ། །སྤྱི་བོར་དཀར་ཆའི་དངས་མ་རྒྱུའི་ཧེ་རུ་ཀར་གསུངས་པ་ནི་དཀར་དམར་མུན་གསུམ་ལ་སེམས་ཀྱི་གསལ་

p. 505

རིག་སྟོང་གསུམ་བསྟེན་པས་རྟེན་དང་བརྟེན་པ་དེ་དག་པའི་འབྲས་བུ་གསུམ་ལ་ཧེ་རུ་ཀ་ཡབ་ཡུམ་སྙོམས་འཇུག་མཛད་པ་དང་གསུམ་འབྱུང་བ་ལ་དགོངས་སོ། །འདིར་སེམས་བེམ་པོ་ལ་བརྟེན་པར་གསུངས་པ་མུ་སྟེགས་པས་བེམ་པོ་ལ་ཤེས་པ་ཡོད་པར་འདོད་པ་དང་ལུང་གོ་བསྟུན་པ་ཡིན་ལ། སངས་རྒྱས་པའི་ངེས་དོན་ལྟར་ན་བེམ་པོར་སྣང་བ་ཉིད་སེམས་ལ་བརྟེན་པའི་ཁྱད་པར་གྱི་ཆོས་ཡིན་ནོ། །མཆན། མགྲིན་པའི་སྲོག་དབྱུག་གི་ལྟེ་བར་རྩ་མདུད་གཞོན་ནུ་མའི་ནུ་མའམ་སྦ་ལ་ཚིགས་བཅས་པ་ལྟར་ཕྱི་རོལ་དུ་མངོན་པར་ཡོད་དེ། ཕྱག་ཆེན་ཐིག་ལེར། ལོངས་སྤྱོད་རྫོགས་པའི་ལྟེ་བ་ཡི། །ལྕེ་མ་བདེ་བ་ལྡན་པ་ནི། །དེ་ནི་སྲོག་གི་དབྱུག་པའི་སྐེ། །རིགས་ཀྱི་མེ་ཏོག་དང་འདྲ་བ། །ཞེས་པ་རྩ་ལྕེ་མ་བདེ་བའི་ཐིག་ལེ་དང་བཅས་ཞིང་གྱེན་རྒྱུའི་རླུང་དང་ལྡན་པ་འདི་ལ་རྩ་འདབ་གྱེས་ཚུལ་བདེ་དགྱེས་ཀྱི་མན་ངག་རྗེ་བཙུན་རྔོག་པའི་བཞེད་པ་ལྟར་འཆད་ན། གོང་དུ་སྨོས་པའི་རྩ་མདུད་དེ་ལས་རྩ་འདབ་བརྒྱད། ཁོག་པ་དང་། སོ་དང་། རྐན་དང་།

p. 506

མཆུ་དང་། སྣ་དང་། མགྲིན་པ་དང་། ལྕེ་སྟེ་སྒྲ་སྐྱེ་བའི་གནས་བརྒྱད་ལ་ཁྱབ་པ་རེ་རེ་ལའང་འདབ་ཆུང་བཞི་བཞིའི་དབང་དུ་བྱས་ཏེ་བརྒྱད་བཞི་བཞི་བརྒྱད་སུམ་ཅུ་སོ་གཉིས་ཡོད་པ་ལས། མ་རྒྱུད་ལས། མགྲིན་འཁོར་གྱི་རྩ་འདབ་བཅུ་དྲུག་ཏུ་གསུངས་པ་ནི་རྩ་འདབ་སོ་གཉིས་ཀྱི་གཉིས་གཉིས་ཐབས་ཤེས་སུ་བསྡོམས་པ་རེ་རེར་བརྩིས་པའོ། །མཆན། སྟེང་གི་ལོངས་སྤྱོད་ཀྱི་རླབས་གཉིས་བཅིང་བའི་རྩ་ཡ་ར་ལ་ཝ་བཞིའི་ཡིིག་དབྱིབས་སུ་རང་བཞིན་བརྒྱད་ཅུའི་རྟོག་པ་འཆིང་བའི་རྩ་ནི། ཕྱོགས་དང་ཕྱོགས་བྲལ་གཉིས་ཏེ་ཐབས་ཤེས་ཐབས་ཤེས་སུ་བསྡོམས་པས་ཤར་དང་བྱང་ཤར་ལྟ་བུ་ཟུང་དུ་བྱས་ནས་རྩ་འདབ་བརྒྱད་བཞིར་བསྡུས་ཏེ། མ་ནིང་གི་རྩ་ཡེ་ཤེས་འཆར་བྱེད་དུ་བཞེད་པ་ཡིན་ནོ། །འདི་ལ་ལོངས་སྤྱོད་ཀྱི་འཁོར་ལོར་བརྗོད་པའི་རྒྱུ་མཚན། སྙིང་པོ་གསང་དོན་ལས། མཆོག་གི་གསུང་ལ་དག་པར་བཤད། །ཅེས་འབྱུང་བའི་དབང་དུ་བྱས་ན། བརྗོད་པ་ཐམས་ཅད་ཀྱི་རྟེན་འདུ་ཤེས་དང་མགྲིན་པའི་རྩ་ཐིག་རླུང་གསུམ་གྱི་

p. 507

སྲོག་དྷུ་ཏིར་འགོག་པས་སྒྲ་ཐམས་ཅད་ཀྱི་བག་ཆགས་མཚམས་སྦྱོར་བ་ཆད་དེ་སྒྲ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཏིང་ངེ་འཛིན་ཐོབ་ཅིང་། བརྗོད་པ་དང་བྲལ་བའི་གསང་ཆེན་གྱི་ཆོས་འཁོར་ལ་ལོངས་སྤྱོད་ཀྱི་ཕྱིར་དེར་བརྗོད་པ་ཡིན་ལ། གཞན་ཡང་འདོད་ཁམས་པའི་ལུས་ལ་སྦྱར་བའི་སྒོ་ནས་དང་། སྣོད་ཀྱི་དག་པས་མཚོན་ཏེ་ལོངས་སྤྱོད་ཀྱི་འཁོར་ལོར་བརྗོད་པའི་སྒྲ་བཤད་དུའང་ཡོད་པར་གསུངས་སོ། །སྙི ང་གའི་སྲོག་དབྱུག་གི་ལྟེ་བར་རྩ་མདུད་བའི་མིག་ལྟ་བུའི་ཚུལ་དུ་ཡོད་དེ། ཕྱག་ཆེན་ཐིག་ལེར། ཆོས་ཀྱི་འཁོར་ལོའ་ལྟེ་བ་ལ། །ནམ་མཁའ་མ་ནི་ཡེ་ཤེས་ལྡན། །དེ་ནི་སྲོག་གི་དབྱུག་པའི་སྙིང་། །བའི་མིག་གི་རྣམ་པའི་གཟུགས། །ཅེས་གསུངས་པས། རྩ་ནམ་མཁའ་མ་དང་ལྡན་པའི་སྒོ་ནས་བདེ་བ་བསྐྱེད་པར་བྱེད་པ་འདི་ལ་རྩ་འདབ་བརྒྱད་སྲོག་དབྱུག་གི་སྟེང་འོག་གཉིས་ཀྱི་ཆ་དང་བཅུ་ཡོད་པ་ལས། ཕྱོགས་ཀྱི་རྩ་འདབ་བཞི་དང་སྲོག་དབྱུག་གི་སྟེང་འོག་གཉིས་གཅིག་ཏུ་བརྩིས་པ་ལ་སྦས་

p. 508

པའི་རྩ་ལྔ་ཞེས་བྱ་ལ། འདི་སྐབས་ཀྱི་སྦས་པའི་སྐད་དོད་ལ་ནི་དྷི་ཞེས་འབྱུང་བས་གཏེར་གྱི་དོན་ཏེ། མ་དག་པ་འཁོར་བའི་ལུས་འཚོ་བའི་གཏེར་རམ་མཛོད་ཀྱིས་དང་། གནད་བཅིངས་ན་རྡོ་རྗེ་གསུམ་གྱི་གོ་འཕང་འགྲུབ་པའི་ཕྱིར་དེ་བཞིན་དུ་བརྗོད་པར་མངོན་ནོ། །འཁོར་ལོ་འདིའི་ཕྱོགས་ཀྱི་རྩ་བཞིའི་མིང་ལ། སུམ་བསྐོར། འདོད་མ། ཁྱིམ་མ། གཏུམ་མོ་སྟེ། འདི་ལས་རྩ་སྣེ་ཁ་བྲག་གཉིས་སུ་གྱེས་ཏེ་ལྕེའི་དབང་པོ་སྤྱིར་འགྲུབ་པ་ལ་བདུད་བྲལ་མའི་མིང་ཅན་དང་། ལྷག་པར་ལྕེའུ་ཆུང་འདི་ལ་ནི་ཁུ་བ་མངོན་གྱུར་དུ་འབབ་པ་ཡོད་ལ། དེའི་རྒྱུ་མཚན་ཡུལ་ཅན་རོ་མྱོང་རྣམ་ཤེས་ཀྱི་དངས་མ་ཡུལ་རོ་དྲུག་གི་རྗེས་སུ་འཇུག་པ་རྟེན་འབྲེལ་གྱིས་ཡིན་པ་དངུལ་ཆུ་དངུལ་ལ་འཇུག་པ་དང་ཆོས་མཚུངས་པ་དང་། ནང་དུ་ཁུ་བ་བླུག་པ་དང་སྟེང་དུ་འཇིབས་པ་ཏེ་སྤང་འབོལ་ནས་ཆུ་བརྡོལ་བ་ལྟ་བུའོ། །ཞེས་གསང་བ་སྙིང་པོར་གསུངས་སོ། །མཆན། གཡས་བསྐོར་ནས་ཡོད་ཅིང་། དེ་རྣམས་ཀྱི་རྩེ་མོ་བྱེ་བྲག །མིག །རྣ་བ། སྣ། ལྕེ་རྣམས་དང་། སྤྱིར་བཏང་ལུས་ཀྱི་དབང་པོར་གྲུབ་ཅིང་ཤེས་པ་

p. 509

རྣམས་ཀྱི་བདག་རྐྱེན་དང་། བྱེ་བྲག་གཟུགས་སྒྲ་དྲི་རོ་དང་། སྤྱིར་བཏང་རེག་བྱའི་ལྷན་ཅིག་བྱེད་རྐྱེན་བྱེད་པ་ཡིན་ནོ། །མཚམས་བཞི་ན་ཤར་ལྷོ་ནས་རིམ་བཞིན་བཤང་གཅི་ཁུ་རྡུལ་བཞི་འབབ་པའི་རྟེན་བྱེད་པར་གསུངས་ལ། མཚམས་རྩ་བཞིའི་བྱེད་པ་འདིས་ལུས་འཚོ་བར་བྱེད་པས་མཚམས་ཀྱི་རྩ་བཞི་ལ་བདུད་རྩི་འབབ་པར་བྱེད་ཅེས་པ་ནི་འཆི་བ་མི་སྟེར་བའི་དོན་ཏོ། །སྙིང་གའི་སྲོག་དབྱུག་འདིའི་དབུས་ན་ཧཱུྃ་ནག་པོ་མི་ཤིགས་པའི་ཐིག་ལེར་ཡོད་པ་ནི་ཡེ་གེ་དང་། ཁ་དོག་དང་། རི་མོའ་རྣམ་པ་མ་ཡིན་པར་གཉིས་མེད་ཀྱི་ཡེ་ཤེས་ལ་ངོས་འཛིན་པ་སྟེ། ལས་ཀྱི་ཐིག་རླུང་སེམས་གསུམ་གྱི་ཡུལ་མ་ཡིན་པས་མི་ཤིགས་པ་ཞེས་བརྗོད་དོ། །འདི་ནི་སྙིང་གའི་དབུས་སུ་ཞེས་བཏགས་པ་ཙམ་ལས་དོན་དུ་མ་དག་རྣམ་སྨིན་གྱི་ལུས་ཀྱི་མཐའ་དབུས་གར་ཡང་རྙེད་པ་མ་ཡིན་ཅིང་། ཧཱུྃ་ཡིག་འདི་ཟག་མེད་རྡོ་རྗེ་ལུས་ལ་སྒྲུབ་པ་ན་དཔྱིད་ཅེས་པ་བདེ་ཆེན་གྱི་རྟེན་འཁོར་ལོ་སྡོམ་པའི་ངོ་བོར་བཤད་པ་

p. 510

རྣམས་ནི་བདེ་མཆོག་གི་རྒྱུད་ཀྱི་དགོངས་པ་རྗེ་བཙུན་མར་པའི་མན་ངག་ལས་འབྱུང་བ་བཞིན་བཤད་ལ། སྙིང་པོ་གསང་དོན་ལས། ཁ་ཅིག་འདིའི་རིགས་པས་སྤྱི་བོའ་ཧཾ་ཡིག་ལའང་དཔྱིད་དུ་འཇོག་ཟེར་ཡང་། དཔྱིད་གོ་ཆོད་པོ་ནི་སྙིང་གའི་གཉིད་སྟུག་གཞོམ་བྱེད་ཀྱི་སྣང་གསུམ་མཐར་ཐུག་འོད་གསལ་བདེ་ཆེན་གྱི་ངོ་བོར་བཞེངས་པ་ཤེས་རབ་གཏུམ་མོའ་མེས་བསྐུལ་བ་ཞིག་ལ་འཇོག་ལ། གཞི་དུས་ཀྱི་དཔྱིད་ནི་དཀར་དམར་གཉིས་འཆི་སྲིད་སྐད་ཅིག་ལ་སྙིང་གར་ཁ་སྦྱོར་བའི་དབུས་སུ་མུན་པའི་ངོ་བོ་ཅན་གྱི་འོད་གསལ་བྱ་བ་ཞིག་འཆར་བ་དེ་ལ་ཟེར་རོ། །སྤྱི་བོའ་ཧཾ་ཡིག་ཙམ་ནི་བདེ་ཆེན་གྱི་ཡེ་ཤེས་ཙམ་བསྐྱེད་པའི་ངོ་བོ་ཡིན་ནོ། །ཞེས་གསུངས་སོ། །མཆན། དགྱེས་རྡོར་གྱི་བཤད་སྲོལ་རམ་ཆེན་པོ་ལས་བརྒྱུད་པ་ལྟར་ན། ཕྱོགས་རྩ་བཞི་སྲོག་དབྱུག་དང་བཅས་པ་རྩ་བའི་རླུང་ལྔ་དང་པོར་འབྱུང་བའི་གནས་ཡིན་ཅིང་། ཡན་ལག་གི་རླུང་རྒྱུ་བའི་མཚམས་རྩ་བཞི་དང་སྲོག་དབྱུག་གི་སྟེང་འོག་གཅིག་ཏུ་བརྩིས་པ་ལ་སྦས་པའི་རྩ་ལྔར་གསུངས་སོ། །སྙིང་གའི་འཁོར་ལོ་འདི་ལ་ཆོས་ཀྱི་འཁོར་ལོ་ཞེས་

p. 511

བརྗོད་པའི་རྒྱུ་མཚན་སྙིང་པོ་གསང་དོན་ལས། ཆོས་ནི་མཚན་ཉིད་འཛིན་པའི་དོན་ཏེ་བག་ཆགས་ཀྱི་མཚན་ཉིད་འཛིན་པའི་ཆོས་ཀུན་གཞིའི་རྣམ་པར་ཤེས་པ་བརྟེན་པའི་བདག་རྐྱེན་གྱི་དབང་པོ་ཡིན་ནོ། །ཞེས་ཇོ་མོ་བཀྲ་ཤིས་ཚེ་རིང་མས་རང་གི་ལུས་བཀོད་དུ་བཤད་དོ། །ཅེས་བཀའ་སྩལ་ཏོ། །ལྟེ་བའི་སྲོག་དབྱུག་གི་དབུས་སུ་རྩ་མདུད་པདྨ་རྒྱས་པའ ི་རྣམ་པ་ལྟ་བུ་ཡོད་དེ། ཕྱག་ཆེན་ཐིག་ལེར། ལྟེ་བ་སྤྲུལ་པའི་འཁོར་ལོའ་ནང་། །འོད་མ་དང་ནི་དུས་ལྡན་མ། །དེ་ནི་སྲོག་གི་དབྱུག་པའི་ལྟེ། །པདྨ་རྒྱས་པའི་རྣམ་པ་བཞིན། །ཞེས་གསུངས་པས་རྩ་འོད་མ་དུས་ལྡན་མ་སྟེ་རླུང་ཀྲོ་དྷ་དང་བཅས་པའི་སྒོ་ནས་བརྟེན་པར་བྱེད་པ་འདི་ལ། རྩ་འདབ་ཕྱོགས་བཞིར་གསུམ་གསུམ། དེ་རེ་རེ་ལ་ལྔ་ལྔ་སྟེ་དྲུག་ཅུ། མཚམས་ཀྱི་རྩ་བཞི་སྟེ་ཡོངས་དྲིལ་དྲུག་ཅུ་རེ་བཞི་ཡོད་པ་ལས། མཚམས་རྩའི་ངོས་འཛིན་མ་རྒྱུད་བདེ་དགྱེས་ཀྱི་དགོངས་པ་ལྟར་ན། ལྟེ་བའི་ནང་འཁོར་གྱི་རྩ་འདབ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་

p. 512

པ་ཡ་ཤ་བརྒྱད་ཀྱི་ཡི་གེ་ཁ་སྦྱོར་རྣམ་པ་བཞིའི་རྡོ་རྗེ་པདྨ་ཁ་སྦྱོར། རྩ་གཉིས་ཁ་སྦྱོར། རླུང་གཉིས་ཁ་སྦྱོར། ཐིག་ལེ་གཉིས་ཁ་སྦྱོར་དོན་གྱིས་གྲུབ་པ་ཡིན་ཏེ། ཐིག་ལེ་འབར་བའི་དྲོད། ཐིག་ལེ་གཡོ་བའ་དྲོད། ཐིག་ལེ་བརྟན་པའི་དྲོད། ཐིག་ལེ་མི་ལྡོག་པའི་དྲོད་བཞི་དོན་གྱིས་འདྲེན་པའི་གནད་ཡོད་པའི་ཕྱིར་རོ། །འདི་ནི་ཕྱི་ལས་ཀྱི་ཕྱག་རྒྱ་ལ་ཁ་སྦྱོར་རྣམ་པ་བཞི་དགོས་པ་བཞིན་དུ་ནང་དམ་ཚིག་གི་ཕྱག་རྒྱར་ཡང་དེ་ལྟར་དགོས་པ་ལ་དགོངས་སོ། །མཆན། ངོ་བོའ་རྟེན་འབྲེལ་གྱི་འགྲོས་བཞི་སྦྱོང་དགོས་པས་ཕྱོགས་ཀྱི་ཕྱེད་དང་མཚམས་ཀྱི་ཕྱེད་དེ་མཚམས་རྩར་བྱེད་པ་དེའི་ཕྱིར་མཚམས་ཀྱི་སྟོང་རྩ་བཞི་ལ་སྐད་ཅིག་ཙམ་དུའང་དཀྱིལ་འཁོར་ཡོངས་སུ་རྫོགས་པ་མི་རྒྱུ་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའ་ཞབས་ཀྱིས། བཞིས་ནི་སྐད་ཅིག་ཙམ་དུའང་སྟོང་པ་འབབ་པར་བྱེད་དེ། ཟླ་བའི་ཆ་བཅུ་དྲུག་པ་དེ་བཞིན་དུ་དེ་རྣམས་ཤེས་པར་བྱ་བ་ཡིན་གྱི། དཀྱིལ་འཁོར་རྫོགས་པར་འབབ་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ལྟེ་བའི་འཁོར་ལོའ་དབུས་འདིར་ལུས་ཀྱི་མེ་ཁམས་

p. 513

ཐམས་ཅད་ཀྱི་རྟེན་མེ་རླུང་གི་རང་བཞིན་འབར་བའི་རྣམ་པ་ལཉྩ་ནའི་ཡི་གེ་གང་ཡང་རུང་བའི་འཛག་གི་གཟུགས་སུ་ཡོད་པ་ཡིན་ལ། འདིས་ནི་ལུས་ཇི་སྲིད་འཚོའ་བར་དུ་སྨིན་པ་དང་འདུ་བྱེད་གཞན་འགྱུར་གྱི་རྒ་བ་བསྐྱེད་པར་བྱེད་པས་བརྗོད་པའི་རྟེན་དབྱངས་ཡིན་པ་བཞིན་དུ་སྲོག་གི་རྟེན་ཀྱང་དྲོད་ཡིན་ལ། དེ་ལྟ་བུའི་དྲོད་ལཉྩ་ནའི་འཛག་གི་རྣམ་པ་ཅན་འདི འང་ལྟེ་བའི་དབུས་ན་རྣལ་འབྱོར་དང་མི་ལྡན་པ་ལ་མེ་བསྙལ་བའི་ཚུལ་དུ་ཡོད་ཅིང་མ་བསྒོམས་པའམ་ཆགས་པ་མ་སྐྱེས་པའི་དུས་ཁ་དོག་སེར་པོ་དང་། བསྒོམས་པའམ་ཆགས་པ་སྐྱེས་པ་ན་ཁ་དོག་ཀྱང་དམར་པོར་འགྱུར་བར་རྗེ་མར་པའི་གསུང་རྒྱུན་རྔོག་ཆོས་རྡོར་གྱི་བེའུ་བུམ་དུ་གསུངས་སོ། །ལྟེ་བའི་འཁོར་ལོ་འདི་ལ་སྤྲུལ་པའི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཀྱང་རིགས་ཀྱི་བདག་པོ་མི་བསྐྱོད་རྡོ་རྗེས། དང་པོར་སྲོག་དབྱུག་ཆགས་པའི་མས་བསྟེན་ཡིན་ལ། ལྟེ་བའི་བུ་གུ་བྱིས་པ་ཕོ་ཡིན་ན་རོ་མ་དང་། མོ་ཡིན་ན་རྐྱང་མའི་རྩ་

p. 514

སྣེ་དང་འབྲེལ་བའི་ལྟེ་བའི་འཁོར་ལོའ་འདབ་མ་ལས་བརྒྱུད་པ་མའི་རོ་མའི་རྩ་འདབ་དང་འབྲེལ་ནས་ལུས་བསྐྱེད་སྤྲུལ་བྱེད་པས་དེར་བརྗོད་ཅིང་། གཞན་ཡང་གནད་ཅིངས་པ་ལས་དེར་བརྗོད་པ་སོགས་སྤྲོས་པས་ཆོག་གོ། །ཅེས་བཀའ་སྩལ་བ་དང་། གཞན་ཡང་ཇི་སྐད་དུ། མ་ལུས་པ་ཡི་སེམས་ཅན་གྱི། །སྐྱེ་བ་གང་གནས་བརྗོད་བྱ་བ། །གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །གང་གིས་བསྐྱེད་དང་སྤྲུལ་བྱེད་པའི། །སྐུ་ནི་སྤྲུལ་པ་ཅན་ཞེས་བརྗོད། །ཅེས་གསུངས་སོ། །ཞར་བྱུང་གསང་གནས་དང་གཙུག་ཏོར་གྱི་འཁོར་ལོ་གཉིས་བཤད་པ་ལ། དང་པོ་ནིི་རྩ་འདབ་སོ་གཉིས་ཏེ་དེ་རྣམས་ནས་ཁམས་འབབ་པར་བྱེད་པས་གསང་གནས་བདེ་སྐྱོང་གི་འཁོར་ལོ་ཞེས་བརྗོད་ཅིང་། གཉིས་པ་ནི་ཕྱོགས་བཞིའི་རྩ་འདབ་དང་དབུས་ཀྱི་སྙིང་པོ་དང་། གཙུག་ཏོར་གྱི་མགྲིན་པར་དབུ་རྐྱང་རོ་གསུམ་གྱི་རྩ་དང་དགུ་ཡིན་ཅིང་། རྡོ་རྗེ་ནོར་བུ་ལའང་དེས་མཚོན་པར་དཔལ་རང་བྱུང་གིས་བཤད་

p. 515

དོ། །སྔར་བཤད་པའི་འཁོར་ལོ་དེ་རྣམས་དབྱིབས་ཅི་ལྟ་བུའི་ཚུལ་དུ་གནས་ཞེ་ན། གྲུབ་ཆེན་པཀྵིས། རྗེ་ཆེན་པོ་ཏིལླི་པའི་དྲུང་དུ་རྗེ་ཆེན་པོ་ནཱ་རོ་པས་དཀའ་བ་བཅུ་གཉིས་སྤྱད་ཅིང་རྩའི་མདུད་པ་བཅུ་གཉིས་གྲོལ་ནས་ས་བཅུ་གཉིས་ནོན་པའི་སྣང་སྲིད་འཁོར་འདས་ཡེ་ཤེས་ཀྱི་རྩར་གཟིགས་པའི་བཞེད་ལུགས་ནི་འཁོར་ལོ་ཐམས་ཅད་གདུགས་དང་གདུགས་འགྱོགས་ཀྱི་ཚུལ་དུ་བཞེད་པ་ཡིན་ཏེ། རང་རེ་ནི་དེའི་རྗེས་སུ་འཇུག་པ་ཡིན་ཅེས་ཟབ་ཆོས་རྒྱ་མཚོ་མཐའ་ཡས་སུ་གསུངས་སོ། །གསུམ་པ་ནི། ལུས་བརྟེན་པའི་གནད་ཅེས་པར་གསུངས་པའི་རྩ་ཆེན་པོ་ཉི་ཤུ་རྩ་བཞི་སྟེ། དེ་ཡང་འཛམ་བུའི་གླིང་གི་མི་རྣམས་ནི་ལྷ་ཆེན་པོ་རྣམས་ཀྱིས་བསྲུང་ལ། བསྲུང་བའི་ཚེ་ཡུལ་ཉེར་བཞིར་གནས་ནས་མིའི་འཇིག་རྟེན་སྐྱོང་བར་བྱེད་པ་བཞིན་དུ་ལུས་ཀྱི་རྩ་ཉེར་བཞི་ལ་གནས་པའི་ཐིག་རླུང་སེམས་གསུམ་གྱིས་ལུས་འཚོ་བར་བྱེད་པ་དེ་ལ། ཇོ་བོ་ནཱ་རོ་པའི་བཞེད་པས། རོ་མ་ལས་གྱེས་པ་བཅུ་བཞི་

p. 516

དང་། རྐྱང་མ་ལས་གྱེས་པ་བཅུར་གསུངས་ཤིང་། རྩ་བ་དེ་དང་དེ་རྣམས་ལས་གྱེས་ནས་རྩེ་མོ་སྤྱི་གཙུག་སོགས་སུ་འབྲེལ་བར་འཆད་པ་ཡིན་ཏེ། དགྱེས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། སྤྱི་བོ་དང་ནི་སྤྱི་གཙུག་དང་། །རྣ་བ་གཡས་དང་རྩིབ་ལོགས་དང་། །དེ་བཞིན་རྣ་གཡོན་སྨིན་དབུས་དང་། །ལག་པ་མཆན་ཁུང་དག་དང་ནི། །ནུ་མ་གཉིས་དང་ལྟེ་བ་དང་། །སྣ་རྩེ་དང་ནི་ཁ་ཡི་ལམ། །ཕྲག་གོང་གཉིས་དང་ཕོ་མཚན་དང་། །རྟགས་དང་བཤང་ལམ་བྲང་གི་གནས། །བྱིན་པ་དང་ནི་སོར་མོ་དང་། །རྐང་པའི་བོལ་དང་མཐེ་བོ་དང་། །པུས་མོ་རྣམས་སུ་གོ་རིམ་བཞིན། །གནས་ལ་སོགས་པ་བལྟ་བར་བྱ། །ཞེས་གསུངས་པའི་རྩ་དེ་རྣམས་ནང་གི་གནས་ཉེར་བཞིར་གསུངས་པ་ཡིན་ཅིང་། དེ་ཡང་གནས་ཉེར་བཞི་ཞེས་པ་ནི་དཔལ་དགྱེས་པ་རྡོ་རྗེ་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚནྡོ་ཉེ་བའི་ཚནྡོ་ཉིད། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་ཉིད། །དུར་ཁྲོད་ཉེ་

p. 517

བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་ཆེན་པོ་ཉིད། །ཅེས་གསུངས་པ་ཉིད་བདེ་མཆོག་གི་རྒྱུད་ཀྱི་དགོངས་པ་དང་བསྟུན་ན། གནས་དང་ཉེ་གནས་ལ་བཞི་བཞི་དང་། གཞན་རྣམས་གཉིས་གཉིས་སུ་ཕྱེ་བས་ཉེར་བཞིར་འཆད་ལ། དགྱེས་རྡོར་རང་རྐང་གི་ལུགས་ལ་རྩ་དང་ཡུལ་སུམ་ཅུ་སོ་གཉིས་སུ་གསུངས་སོ། །རྩ་བའི་རྒྱུད་ལས། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། ཞེས་དང་། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །ཞེས་གསུངས་པས་རྩ་ཆེན་པོ་སོ་གཉིས་འགྲེན་པ་ལ་སྔར་གྱི་ཉེར་བཞི་པོའ་ཁར་སྙིང་ཁའི་རྩ་འདབ་བརྒྱད་བསྣན་པས་སོ་གཉིས་སོ། །མཆན། དེ་ལ་འདིར་བདེ་དགྱེས་ཀྱི་དགོངས་པ་གོང་དུ་བཤད་པ་དང་། ཕྱག་ཆེན་ཐིག་ལེར་ཉི་ཤུ་རྩ་བརྒྱད་དུ་གསུངས་པ་དང་། སྡོམ་པ་ཆེན་པོར་བཞི་བཅུ་རྩ་བརྒྱད་དུ་གསུངས་ཤིང་། རྒྱུད་ལ་ལར་གནས་སུ་གསུངས་པ་ལ་ལར་ཞིང་དུ་གསུངས་པ་སོགས་གྲངས་དང་མིང་མ་ངེས་པར་བསྟན་པ་རྣམས་འགལ་ལོ་སྙམ་པའི་རྟོག་པ་འགའ་ཞིག་ལ་འབྱུང་

p. 518

བར་འགྱུར་བ་དེའི་ཕྱིར་བརྗོད་པར་བྱ་སྟེ། མཆོག་གི་བླ་མ་མི་བསྐྱོད་རྡོ་རྗེའི་གསུང་ལས། གནས་དང་ཞིང་སོགས་ཚ་རེག་དང་གྲང་རེག་ལྟར་འགལ་བ་མ་ཡིན་ཏེ། དོན་གཅིག་ལའང་མིང་སྣ་ཚོགས་པར་འཇུག་པའི་ཕྱིར་གདུལ་བྱའི་དབང་གིས་མཛད་ནས་གནས་ལ་སོགས་པ་སྣ་ཚོགས་སུ་གསུངས་ཏེ། དེ་ཡང་ཛཱ་ལནྡྷ་ར་སོགས་སུ་གསུངས་པ་ནི་བྱིས་པའི་སྐྱེ་བོ་རྣམས་རང་ཡུལ་ལ་ཞེན་པ་སྤངས་ནས་ཡུལ་གཞན་དུ་འཁྱམ་པའི་དོན་དང་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དབང་པོ་རྟུལ་པོའ་དོན་དུ་ཡིན་ལ། དབང་པོ་རྣོན་པོ་ལ་ནི་གནས་སོགས་མཐའ་གཅིག་ཏུ་ཞེན་པ་དགྲོལ་བའི་ཕྱིར་གོ་རིམ་འཁྲུགས་པར་བསྟན་ནས། ངེས་དོན་དུ་ལུས་ཀྱི་རྩ་རླུང་ཐིག་ལེའི་འགྲོས་གྲོལ་བས་ས་བཅུ་གཉིས་སུ་འགྱུར་བ་གནས་མཚན་ཉིད་པ་ཡིན་ལ། ཞེས་དང་། མངོན་པར་བརྗོད་པ་བླ་མའི་རྒྱུད་ལས་ཀྱང་། གལ་ཏེ་དེ་ཉིད་དམན་གྱུར་ན། །དེ་རྣམས་རྒྱུ་བ་ཅུང་ཟད་མིན། །དེས་ན་དེ་ཉིད་ལྡན་གྱུར་ན། །དེ་རྣམས་རྒྱུ་བ་

p. 519

ཅི་ཞིག་དགོས། །ཕྱི་རོལ་རྒྱུ་བའི་རྣལ་འབྱོར་པའི། །དེ་རྣམས་ཁམས་ནི་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །རྣམ་དག་ཡེ་ཤེས་སྤྱན་རྣམས་ཀྱིས། །རྡོ་རྗེ་རྣལ་འབྱོར་མ་ཡིས་གཟིགས། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི། །ཐུགས་རྗེ་དཀྲུགས་པའི་ཐུགས་ཀྱིས་ནི། །དེ་རྣམས་དགྱེས་པས་དངོས་གྲུབ་མཆོག །ཅི་འདོད་པ་ནི་སྟེར་བར་བྱེད། །ཅེས་གསུངས་པས་ཕྱི་རོལ་གྱི་གནས་རྣམས་སུ་ཕྱིན་པས་དངོས་གྲུབ་ཐོབ་པར་གསུང ས་པ་ནི་དགོངས་པ་ཅན་ཡིན་ནོ། །རྩ་འདི་དག་གི་དབྱིབས་ཛ་ཡིག་སོགས་ཡིག་གཟུགས་སུ་ཡོད་པར་བཤད་པ་ལ་བཤད་སྲོལ་མི་མཐུན་པ་མང་ཡང་རྗེ་བཙུན་འགོས་ལྷས་བཙས་ཀྱིས། རྩ་ཡིག་གཟུགས་སུ་ཡོད་ཅེས་པ་ཐམས་ཅད་རྩ་ཁམས་ཀྱིས་མ་དག་པའི་སེམས་འབྱུང་བའི་ལྷན་ཅིག་བྱེད་རྐྱེན་ལ་སེམས་ཀྱི་ཀུན་རྟོག་གི་རྟེན་བརྗོད་པ་ལ་རག་པས་བརྗོད་པའི་ས་བོན་ཡང་སེམས་ལ་ཉེ་བར་གནས་ཤིང་། དེ་ལུས་ལ་བརྟེན་པ་ལ་དགོངས་ཀྱི་རྩ་མདུད་ཡིག་གཟུགས་སུ་དངོས་སུ་སྣང་རུང་བ་མ་

p. 520

ཡིན་ནོ། །ཞེས་གསུངས་པ་ཉིད་ལེགས་པར་སེམས་སོ། །མཆན། རྩ་འདི་རྣམས་ཀྱི་ནང་ནས་སོ་སེན་སོགས་ཁམས་ཉེར་བཞི་འབབ་ཚུལ་ནི། རིམ་ལྔ་སྲས་དོན་མར། རྩ་དེ་དག་གི་ནང་གི་ཐིག་རླུང་གིས་སོ་སེན་སོགས་བསྐྱེད་པར་བྱེད་པ་ནི་ལོ་ཐོག་ལ་ཆུ་འགྱེད་པ་ལྟར་ཡིན་གྱི་སོ་སེན་སོགས་དངོས་སུ་འབབ་པ་ནི་མ་ཡིན་ནོ། །ཅེས་འབྱུང་ངོ་། །རྩ་ཉེར་བཞི་པོ་དེ་རྣམས་ལ་ཐིམ་ལོངས་བདག་གསུམ་གྱི་དོན་གཉིས་སུ་འགྱུར་ཚུལ་ནི་བདེ་གཤེགས་ཡེ་ཤེས་སྙིང་པོས། བདག་གིས་རྗེ་མར་པ་ཉིད་ལ་རྡོར་འཕྲེང་གི་ཚོགས་བཤད་ཐོས་པ་ལ་རྩ་ཉེར་བཞི་པོ་ཐམས་ཅད་ཁམས་སོ་སོ་བ་འབབ་པའི་བྱེད་པ་དུས་གསུམ་གྱི་རང་བཞིན་ཉིད་དེ་ཁམས་འབབ་པ་ལའང་ས་ནི་ཡོན་ཏན་ལྕི་བས་བྱེད་ལས་མི་མྱུར་ལ། མེ་ཆུ་རླུང་གསུམ་བྱེད་ལས་མྱུར་ཞིང་མེས་ཤ་ཁྲག་འཕེལ་བར་བྱེད། ཆུས་ཆུ་སེར་རྐང་ཀླད་ཞག་འགྲུབ་པར་བྱེད། རླུང་གིས་ཆུ་རྒྱུས་རུས་པ་རྣམས་བརྟན་པའི་ཕྱིར་གསུམ་གྱིས་བསྒྱུར་བའི་དོན་གཉིས་ཀྱི་རྩ་དང་ལྡན་པ་སྟེ།

p. 521

བླ་མས་དྲངས་པའི་ལུང་དེ་ཉིད་ཀྱི་མགོར། བླ་མ་ནི། རྗེ་བཙུན་མེས་བསོད་རྒྱལ་ཏེ། དེ་ཉིད་ཀྱིས་རྡོ་རྗེ་ཕྲེང་བའི་ལུང་། ལུས་ཀྱི་གནས་ཀྱི་དབྱེ་བ་ཡིས། །དེ་ནི་ཉི་ཤུ་རྩ་བཞིར་བརྗོད། །ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །གྲངས་ནི་བདུན་ཅུ་རྩ་གཉིས་བརྗོད། །རེ་རེའང་འཁོར་ནི་སྟོང་སྟོང་ངོ་། །ཞེས་པ་ལ་བརྟེན་ནས་སྔོན་དུས་ཀྱི་སྲིད་པ་གྲུབ་ཟིན་ཅིག་གིས་ཚེ་གཅིག་ཏུ་འཁོར་བར་སྐྱེ་བའི་ལས་ཅི་ཙམ་བསགས་པ་ནི། ཚེ་དུམ་བུ་གསུམ་དུ་བགོས་ནས་ཁམས་གསུམ་དུ་སྐྱེ་བའི་ཐིམ་ལོངས་བདག་གསུམ་རགས་པ་ལ་ཉི་ཤུ་རྩ་བཞི་པ་གསུམ་རེ་ལ་བཅུ་གཉིས་པ་གཉིས་རེ་སྟེ་འདོད་ཁམས་ལྟ་བུ་ཞིག་ལ་རིང་རྒྱུར་སྐྱེ་བ་བཅུ་གཉིས་དང་ཉེ་རྒྱུར་བཅུ་གཉིས་ལེན་པའི་སེམས་ཀྱི་ཀུན་རྟོག་བསྐྱེད་ཅིང་དེའི་ལས་བསགས་པའི་རྟེན་གྱི་རྩ་དོན་གཉིས་ཡོད་པས་ཡང་སྲིད་ཕྱི་མ་དོན་གཉིས་ཀྱི་གནས་ངན་ལེན་པའི་ཕྱིར་དང་། དོན་གཉིས་རེ་རེ་ལ་ནང་གསེས་སྟོང་སྟོང་ཡོད་པ་ནི། སྟོང་གི་ནང་ནས་གཅིག་མ་གཏོགས་འདོད་པ་ལྟ་བུར་སྐྱེ་བར་མ་ངེས་པའི་ལས་བསགས་པའི་རྟེན་ཡིན། ཞེས་པ་སློབ་བཤད་དུ་གསུངས་པ་ལ་བདེ་གཤེགས་ཡེ་ཤེས་སྙིང་པོས། འཛམ་གླིང་པའི་མི་ཚེ་གཅིག་ལ་འདོད་ཁམས་

p. 522

སུ་སྐྱེ་བ་ཉེར་བཞི། གཟུགས་སུ་ཉེར་བཞི། གཟུགས་མེད་དུ་ཉེར་བཞི་ལས་མི་མང་མི་ཉུང་བ་ཁོ་ནར་ལེན་པ་སོགས་བླ་མས་གསུངས་པ་དག་ཆེས་གོ་དཀའ་བར་གྱུར་ཅིང་། ཞེས་རྗེ་མར་པ་ཉིད་ཀྱི་གསུང་རྒྱུན་འགོད་པར་མཛད་དོ། །མཆན། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རྩ་ནི་རྟག་ཏུ་རྨད་བྱུང་བ། །བྱང་ཆུབ་སེམས་ནི་འབབ་པར་ཤེས། །བདེ་བ་ཐམས་ཅད་རབ་ཏུ་འཕེལ། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་བ་ཡི་རིགས་སུ་བརྗོད། །ཅེས་གསུངས་པ་དང་ཡང་ཆེས་མཐུན་ཞིང་། རེ་རེ་ལ་འཁོར་སྟོང་སྟོང་འབྱུང་བ་ནི་ཞིང་འདིར་སྐྱེས་པ་ཐམས་ཅད་སངས་རྒྱས་སྟོང་གི་སྔགས་ཀྱི་གདུལ་བྱའི་འོས་ཡིན་པས། སངས་རྒྱས་སྔ་མ་རེ་རེ་ནས་འདུལ་བར་མ་བཏུབ་ཀྱང་སངས་རྒྱས་ཕྱི་མ་ཕྱི་མ་རྣམས་ཀྱིས་འདུལ་བས་ཞིང་འདིར་སྐྱེས་ཤིང་། སངས་རྒྱས་སྔ་མ་རྣམས་ཀྱིས་རྒྱུའི་ཐེག་པར་མ་དུལ་བ་སངས་རྒྱས་ཕྱི་མས་སྔགས་ཀྱི་ཐེག་པར་ཐུལ་ཞིང་། ལྷག་པར་སངས་རྒྱས་སྟོང་གི་མཚམས་སུ་བྱོན་པའི་སྣང་མཛད་དེས་ཞིང་འདིར་

p. 523

སྐྱེས་སོ་ཅོག་སངས་རྒྱས་གཞན་གྱིས་མ་ཐུལ་བ་རྣམས་རྣམ་མཁྱེན་ལ་འགོད་ནུས་པ་སྔོན་གྱི་སྨོན་ལམ་གྱི་དབང་གིས་གྲུབ་པ་དེའི་དག་པ་ཡིན་ཞེས་གསུངས་སོ། །རྩ་ཆེན་པོ་སོ་གཉིས་འགྲེན་ལུགས་གོང་དུ་བཤད་ཟིན་ལ། རྩ་ཆེན་སོ་བདུན་འགྲེན་པ་ན་རྩ་སོ་གཉིས་པོ་དེའི་ཁར་དབུ་རྐྱང་རོ་གསུམ་རྩ་བའི་རླུང་ལྔ་ལས་ཐུར་སེལ་རྒྱུ་བའི་སྲོག་དབྱུག་གི་ཆ་འོག་མ་དང་ཡན་ལག་གི་རླུང་ལྔ་པ་བདུད་བྲལ་དུ་རྒྱུ་བའི་རྩ་དང་ལྔ་བསྣན་པས་སོ་བདུན་ནོ། །དབུ་རྐྱང་རོ་གསུམ་གྱིས་ནི་དུག་གསུམ་གྱི་ཁམས་ཏེ། རྡུལ་མུན་སྙིང་སྟོབས་གསུམ་འབབ་པར་བཤད་པས་ཁམས་འབབ་པའི་རྩ་སོ་བདུན་ཏེ། བསྒྲིབ་བྱ་སྒྲིབ་བྱེད་ཀྱང་། ཐབས་ཀྱིས་ཟིན་ན་བསྒྲིབ་བྱ་ཉིད་སྒྲིབ་བྲལ་གྱི་ངོ་བོར་གནས་པའི་ཕྱིར་ཕྱག་ཆེན་ཐིག་ལེར་གཡས་རོ་མ། གཡོན་འཛིན་མ། དབུས་རྟོག་མེད་མ་ནས་ཀྱང་རྨོངས་པ་དང་རེངས་པ་དང་། བརྒྱལ་བ་གསུམ་གྱི་ཁམས་འབབ་པར་བཤད་པས། དབུ་མ་ནས་གཏི་མུག་འགག་པ་དང་གཏི་མུག་འབབ་པ་གཉིས་སྐབས་ཐོབ་ཀྱི་དབང་གིས་འགལ་བ་མ་ཡིན་

p. 524

ནོ། །མཆན། ཕུང་ཁམས་སྐྱེ་མཆེད་ཀྱི་རྒྱུར་གྱུར་པ་ཡིན་ཅིང་། རྒྱུ་འདི་དག་ལོག་པ་ན་འབྲས་བུ་ཕུང་ཁམས་སྐྱེ་མཆེད་ལྡོག་ཅིང་། དེ་རྣམས་ལྡོག་ཤུལ་དུ་སྦྱོང་བྱེད་བསྐྱེད་རྫོགས་ལྷར་སྣང་དང་མཐུན་པའི་སྦྱང་འབྲས་སོགས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་འབྱུང་བ་ཡིན་ནོ། །གཞན་ཡང་བ་སྤུ་བྱེ་བ་ཕྲག་བཞི་བསྐྱེད་པའི་རྩ་རྣམས་ནི་པགས་པ་ལ་འབྲེལ་ཅིང་། སྐྲ་ཉི་ཁྲི་དགུ་འབུམ་བསྐྱེད་པའི་རྩ་རྣམས་ཀྱང་ཀླད་རྩ་ལ་འབྲེལ་བའོ། །དེ་ལྟར་རྩ་ཐམས་ཅད་གྱེས་པའི་གནས་སྙིང་ག་ནས་ཡིན་པ་བདེ་དགྱེས་ཀྱི་ལུགས་དང་། དུས་འཁོར་ལས་ལྟེ་བ་ནས་ཡིན་པར་བཤད་པ་རྣམས་མི་འགལ་ཏེ། རྣལ་འབྱོར་གྱི་ས་ཆེན་པོ་གྲུབ་པ་ཨཽ་ཌི་ཡ་ཎ་པའི་ཞབས་ཀྱིས། རྩ་ཐམས་ཅད་དྲ་བ་ལྟར་འབྲེལ། གྲུ་གུ་ལྟར་འཛིངས། མཚོན་ཆ་ལྟར་གཤིབས། བལ་ཚོན་ལྟར་བྲེས་པ་ཡིན་ཞེས་གསུངས་སོ། །རྩའི་མདུད་པ་ཞེས་པ་ནི། སེམས་ལ་ཀུན་དཀྲིས་དང་ལྡན་པའི་རྒྱུ་མཚན་དང་། བདག་ཏུ་ལྟ་བའི་མདུད་པ་དང་ལྡན་པའི་

p. 525

ཕྱིར་ལུས་ལ་རང་ཉིད་མདུད་པའི་ངོ་བོར་སྐྱེས་པ་དང་། རྩ་རྩེ་དབུས་གསུམ་དུ་མདུད་པ་གྲུབ་པ་དང་། རྩ་གཞན་གྱིས་རང་ལ་མདུད་པར་བྱས་པ་དང་། རང་གིས་རྩ་གཞན་ལ་མདུད་སྟོབས་ཀྱིས་རང་རྩ་མདུད་དུ་སོང་བ་རྣམས་སོ། །མཆན། གློ་བུར་དུ་རྩ་མདུད་བཅས་པ་དག་ཡོད་ཅིང་། རྩ་སྦོམ་པོ་ཕྲ་མོར་སོང་བ་དང་། ཕྲ་མོ་སྦོམ་པོར་སོང་བ་དང་། རླུང་གིས་རྩ་སྦུབས་དྲལ་བ་དང་། འཐུམས་པ་དང་། ཁུ་ཁྲག་གིས་སྟོངས་པ་དང་། གང་བ་སྔར་མེད་ཀྱི་རྐྱེན་ལས་བྱུང་བ་དག་གོ། །མཆན། རྩ་མདུད་ལའང་རགས་པ་དང་ཕྲ་བ་གཉིས་ཀྱི་དང་པོ་ནི། འདོད་ཉོན་མངོན་གྱུར་བ་བརྟེན་པའི་རྩ་མདུད་འཁོར་ལོའི་རྩ་འདབ་ལ་རྩ་མདུད་དུ་གྱུར་པ་སྟེ། འདི་རྣམས་གྲོལ་བས་ཐུན་མོང་གི་དངོས་གྲུབ་དུ་འགྱུར་ཞིང་། ལྟེ་བའི་རྩ་འདབ་བཅུ་གཉིས་ཀྱི་མདུད་པ་ཅི་རིགས་པར་གྲོལ་བས་ས་ཆེན་དུམ་བུ་བཅུ་གཉིས་ལ་རྫུ་འཕྲུལ་གྱིས་འགྲོ་བ་དང་། མགྲིན་པའི་རྩ་འདབ་ཀྱི་མདུད་པ་གྲོལ་བས་རྒྱུ་སྐར་སྤྱོད་པའི་གནས་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འགྲོ་བ་དང་། སྙིང་གའི་རྩ་འདབ་གྲོལ་བས་གཟའ་བཅུའི་འོད་ཟིལ་གྱིས་གནོན་

p. 526

ནུས་པ་སོགས་སོ། །མཆན། འདི་ཙམ་གྱི་ཡོན་ཏན་ཕྱི་རོལ་པ་ལའང་ཡོད་པ་ཡིན་ནོ། །གཉིས་པ་ནི། སྒྲིབ་གཉིས་ཀྱི་ས་བོན་གྱི་རྟེན་དུ་འགྱུར་བ་འཁོར་ལོ་དྲུག་པོ་རེ་རེ་ལ་སྟེང་འོག་གཉིས་སུ་གཟུང་འཛིན་གྱི་མདུད་པ་རེ་གའུ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པས་མདུད་པ་བཅུ་གཉིས་པོ་ས་བཅུ་གཉིས་བགྲོད་པའི་ཡེ་ཤེས་ཀྱིས་འགྲོལ་དགོས་ལ། ཡང་རྩའི་འཁོར་ལོ་གསུམ་ལ་སྟེང་དུ་རྩེ་མོ་གསུམ་ལ་རེ་རེ་ལའང་གཟུང་འཛིན་གྱི་མདུད་པ་ཁབ་མིག་ཏུ་སྐུད་པ་བརྒྱུས་པ་ལྟ་བུ་གཉིས་རེ་དང་། འོག་ཏུ་རྩེ་མོ་གསུམ་ལའང་དེ་བཞིན་དུ་སྦྱར་བའི་རྩ་མདུད་བཅུ་གཉིས་པོའང་འབྲས་བུའི་སྐུ་གསུམ་གྱི་དགའ་བ་བཞི་གསུམ་བཅུ་གཉིས་ཀྱིས་གཞོམ་པར་བྱ་བ་ནི་རྡོ་རྗེ་ཐེག་པ་བླ་ན་མེད་པའི་བསྐྱེད་རྫོགས་ཟབ་མོའ་གནད་ཁྱད་པར་ཅན་ཡིན་ནོ། །གཉིས་པ་ཉམས་སུ་བླང་བ་ནི། སྟོང་རའི་སྐབས་ལྟར་བདག་ཉིད་ཧེ་རུ་ཀ་གསལ་སྟོང་སྒྲིབ་བྲལ་ཤིན་ཏུ་སྔོ་བའི་མདོག་ཅན་དུ་གསལ་བའི་ལུས་ཀྱི་དབུས་དྲང་པོར་དྷཱུ་ཏི་སྔོན་པོ་གྲོ་སོག་འབྲིང་

p. 527

པོ་ཙམ་ཡར་སྣ་ཚངས་བུག་དང་མར་སྣ་རྡོ་རྗེ་ནོར་བུའི་རྩེ་མོར་ཟུག་པ། གཡས་རོ་མ་དམར་པོ་དང་གཡོན་རྐྱང་མ་དཀར་པོ་གཉིས་ཀྱང་གྲོ་སོག་ཕྲ་ཤོས་ཙམ་དབུ་མའི་རང་ཚད་དང་མཉམ་པ། བར་སྐབས་གཅིག་ལ་གཅིག་མ་རེག་པ་ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བསྒོམ་མོ། །གནད་འདི་ནི་རྡོ་རྗེའི་ཐེག་པ་འབྲས་བུ་ལམ་བྱེད་ཀྱི་དབང་ལས། འབྲས་བུའི་སང ས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་བྱེད་པའི་རྣམ་དག་གི་རྩ་གསུམ་པ་ཞིག་སངས་རྒྱས་ཀྱི་སར་ཡོད་པས། དེ་ཉིད་རྣམ་སྨིན་གྱི་རྩ་གསུམ་སྔར་གྲུབ་དང་ཕྱིས་འབྱུང་སྦྱོང་ཕྱིར་འདིར་རྣམ་པ་ལམ་བྱེད་དུ་སྒོམ་པ་ཡིན་པས། སྐབས་འདིར་རོ་རྐྱང་གི་མར་སྣ་དབུ་མར་གུག་པ་དང་། འཁོར་ལོ་རེ་རེའི་དབུས་སུ་རོ་རྐྱང་གིས་དབུ་མ་ལ་འཁྱུད་པའི་མདུད་པ་བྱས་ཏེ། བར་སྐབས་དྲང་པོར་གནས་པ་སོགས་སྒོམ་པ་མ་ཡིན་ཏེ། རྡོ་རྗེའི་ལུས་སྒྲུབ་པའི་སྐབས་ཀྱི་རྡོ་རྗེའི་ལུས་ལ་རྩ་དེ་ལྟར་བསྒོམས་ན་སྐྱོན་དུ་མ་

p. 528

བསྐྱེད་པར་བྱེད་དེ། རྣམ་སྨིན་གྱི་ལུས་ལ་རྩ་མདུད་འཆུས་བྱེར་གྱེས་སྐྱོན་གྱི་རྟེན་བྱེད་པ་ལྟར་རོ། །དེ་ནས་རྩ་འཁོར་གསལ་གདབ་པ་ལ། བཀའ་དཔེ་ཚིག་ལྷུག་མར་རྩ་གསུམ་གསལ་གདབ་པ་ཙམ་ལས་མ་གསུངས་ཀྱང་། ཏིལླི་པའི་ཞབས་ཀྱི་ཆོས་དྲུག་གི་མན་ངག་ལས། ལ་ལ་ན་དང་ར་ས་ན། །ཨ་ཝ་དྷུ་ཏི་འཁོར་ལོ་བཞི། །ཞེས་དང་། པཎ་ཆེན་ཡ་ཤོ་བྷ་དྲའི་ཞབས་ཀྱིས་ཀྱང་། ནཱ་རོའི་མཚན་ཏེ། བོད་སྐད་སྙན་གྲགས་བཟང་པོ། མཆན། ཕྱི་ནི་སྒྱུ་མ་ལྷ་ཡི་སྐུ། །ནང་ན་རྩ་གསུམ་འཁོར་ལོ་བཞི། །ཞེས་གསུངས་པའི་སྒོམ་དོན་ནི། ལྟེ་བར་རྩ་འདབ་རེ་བཞི་ཁ་གྱེན་བསྟན་གྲུ་གསུམ་ཨེ་ཡིག་གི་དབྱིབས་ཅན། སྙིང་གར་རྩ་འདབ་བརྒྱད་དཀར་པོ་ཁ་འོག་བསྟན་ཟླུམ་པོ་ཝཾ་ཡིག་གི་དབྱིབས་ཅན། མགྲིན་པར་རྩ་འདབ་བཅུ་དྲུག་དམར་པོ་ཁ་གྱེན་བསྟན་ཨེ་ཡིག་གི་དབྱིབས་ཅན། སྤྱི་བོོར་རྩ་འདབ་སོ་གཉིས་དཀར་པོ་ཁ་འོག་བསྟན་ཝཾ་ཡིག་གི་དབྱིབས་ཅན། རྩ་འདབ་རྣམས་ཀྱང་སྦོོམ་ཕྲ་གྲོ་སོག་ཕྲ་ཤོས་ཙམ་དུ་གསལ་

p. 529

གདབ་བོ། །རྟོགས་ལྡན་རིན་པོ་ཆེ་མཁའ་སྤྱོད་པའི་ཟིན་བྲིས་ལས། སྐབས་འདིར་རྩ་གསུམ་མཚན་ཉིད་བཞི་ལྡན་དུ་སྒོམ་པ་བསྡུས་པ་དང་། འཁོར་ལོ་བཞིའི་ཁར་ཡན་ལག་གི་རྩ་སོགས་མ་ལུས་པར་སྒོམ་པ་རྒྱས་པ་དང་། སའི་ཁམས་གཙོ་བོར་གྱུར་པའི་ཕྱི་ནང་གི་དངོས་པོ་ཅི་ཡོད་པ་རྡོ་རྗེའི་མྱུ་གུ་གསལ་སྟོང་དུ་སྒོམ་པ་ཤིན་ཏུ་རྒྱས་པ་སྟེ། དེ་ཉིད་ལ་བརྟན་པ་ན། སྐུ་གཟུགས་ཡིག་འབྲུ་སོགས་སུ་བསྒྱུར་ཞིང་། རེ་རེའང་དྲན་རྫོགས་སོགས་གསུམ་གྱིས་སྒོམ་པར་གསུངས་སོ། །མཆན། འདིར་རྩ་འདབ་ཀྱི་རླུང་རྣམས་དབུ་མར་སྡུད་དགོས་པའི་གནད་ཀྱིས་རྩ་འདབ་ཀྱི་རྩ་སྣེའི་སྦུབས་རྣམས་གཡོགས་བཅས་སྒྲིབ་མེད་དུ་བསྒོམ་པ་ཡིན་གྱི། དབུ་མ་ལས་གྱེས་པའི་རྩ་འདབ་རོ་རྐྱང་དང་འབྲེལ་བར་མི་བསྒོམ་མོ། །དེ་ལྟར་སྟོང་ར་དང་རྩ་སྦྱང་བ་ནི་སྦྱོར་དྲུག་པ་དག་སོར་བསམ་གྱི་སྐབས་སུ་རྩ་སྦྱང་བ་ཞེས་པ་དང་གནད་གཅིག་སྟེ། དེའི་དོན་གཙོ་བོར་རྩ་དབུ་མ་ཉིད་སྦྱང་བ་ཡིན་ཏེ། ཡུལ་ལྔ་དང་ཡུལ་ཅན་ལྔའི་ཤེས་པ་ཁ་ཕྱིར་ལྟ་དབུ་མའི་ནང་གི་སྲོག་རླུང་གིས་ཕྱིར་བསྐྱེད་པ་དེ་སོར་

p. 530

སྡུད་ཀྱིས་བཀག་པས། དབུ་མ་ནས་ཡུལ་ལ་འཇུག་སྟེ་འཁོར་བ་བསྐྱེད་བྱེད་ཀྱི་རྒྱུན་སྦྱངས་ནས། སེམས་བདེ་གསལ་གྱི་ངོ་བོས་བསམ་གཏན་སྐྱེ་བ་ན་བཟུང་འཛིན་རྣམ་རྟོག་བསྐྱེད་བྱེད་ཀྱི་རོ་རྐྱང་གི་རླུང་ཡང་དབུ་མའི་རླུང་གི་སྟོབས་སུ་ངང་གིས་དག་པར་འགྱུར་བ་དང་། དབུ་མ་ནས་འབྱུང་བའི་རླུང་གིའང་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་བསྐྱེད་པའི་རྟེན་བྱེད་པ་ལ་སྟོབས་སུ་འགྱུར་བས། རྣམ་སྨིན་གྱི་དབུ་མས་སྒྲིབ་ཐོགས་མི་ནུས་པར་མཆོག་གི་དབུ་མ་སྟོང་པའི་གཟུགས་བརྙན་ཙམ་དུ་བདག་ཉིད་ལ་གནས་ཀྱང་། གཞན་དུ་རྟེན་འབྲེལ་གྱི་དབང་གིས་རྟགས་བཅུའི་མཐར་རེ་ཁའི་རྣམ་པར་མཐོང་བ་ཡིན་ནོ། །དེ་ལྟར་མ་གྱུར་བར་སྲོག་རྩོལ་བསྒོམས་ཀྱང་དྲོད་རྟགས་སྐྱེ་བ་མ་ཡིན་ནོ། །དེས་ན་དཔལ་རང་བྱུང་གིས། འདི་ནི་སོ་སོར་སྡུད་པ་དང་། །བསམ་གཏན་བཞི་ལྡན་ལམ་ཡིན་ཏེ། །རྩ་ནི་སྦྱང་བ་ཞེས་ཀྱང་བཤད། །བསམ་གཏན་ཡན་ལག་རྫོགས་པ་ཡིས། །མངོན་པར་ཤེས་པ་ལྔ་ཐོབ་གསུངས། །ཞེས་

p. 531

སོ། །གསུམ་པ་གསང་གསུམ་གྱི་འགྲོས་སྦྱང་བ་རླུང་སྦྱངས་བ་ལ། གོ་བར་བྱ་བ་དང་། ཉམས་སུ་བླང་བ་གཉིས་ཀྱི་དང་པོ་ནི། དེ་ཡང་མ་དག་པའི་རླུང་གི་རྒྱུ་ནི། སྙིང་པོ་གསང་དོན་ལས། སེམས་འབྱུང་འདུ་བྱེད་པ་གཞན་དབང་དུ་གྱུར་པ་ལས་ཏེ། རྣམ་པར་རྟོག་པ་ཐམས་ཅད་རང་མཚན་ལ་འཁྲུལ་ཞིང་། རྟོག་པའི་ཀུན་སློང་གི་རྒྱུ་དོན་དང་སྒྲའི་སེལ་བ་ཙམ་ལ་བརྟེན་པ་ཡིན་ལ། སྒྲའི་གདགས་གཞིའང་ཡི་གེ་ཡིན་ཞིང་། དེ་ལའང་དབྱངས་མེད་པའི་ཡི་གེ་ནི་བརྗོད་དུ་མེད་ཅིང་། དབྱངས་ཀྱི་གོ་རིམ་དང་པོ་ཨ་གཟུང་བ་བཞིན་དུ་ཀུན་གཞི་རྒྱུ་རྒྱུད་གཞན་དབང་གི་རྟོག་པ་ལ་འབྱུང་བཞིའི་བག་ཆགས་བཞག་པ་སྨིན་སྟོབས་ཀྱིས་རྣམ་པར་ཤེས་པ་དང་དབྱེར་མེད་པ་འབྱུང་བཞིའི་རླུང་ཉེར་ཐོབ་ལས་གཡོས་པས། དེ་བརྟེན་པའི་རྩ་ཐིག་གི་ལུས་ལ་འབྱུང་བཞིའི་རླུང་ཞུགས་པར་སྣང་ཞིང་། དེ་རགས་སྟོབས་ཀྱིས་ཕྱི་རོལ་འབྱུང་བ་བཞིའི་དངོས་པོར་སྣང་བ་ནི་རྟེན་འབྲེལ་ཡིན་ནོ། །ཞེས་གསུངས་སོ། །

p. 532

དེ་ལ་སྲོག་གི་རླུང་ནི་ནང་དུ་ནམ་མཁའི་རྡུལ་ཕྲ་རབ་ཆ་མེད་ཀྱི་ངོ་བོར་གྱུར་པས་འབྱུང་བའི་རྡུལ་ཕྲན་ཟླ་མེད་ཀྱི་གོ་ས་མི་བགེགས་ཤིང་། སྲོག་དབྱུག་དང་སྙིང་ལ་གནས་ནས་ཚེ་བསོད་ཀྱི་ངོ་བོར་གྱུར་པ་མཐོང་སྤང་གི་གང་ཟག་ལ་བདག་ལྟ་ཉོན་སྒྲིབ་ཀྱི་ངོ་བོ་དང་། ཀུན་གཞི་ལ་ངར་འཛིན་ཉོན་ཡིད་ཀྱི་ངོ་བོ་གཉིས་འབྲེལ་བར་གནས་པ། རླུང་གི་རྡུལ་ཕྲ་རབ་འདི་རླུང་གཞན་གྱི་རྡུལ་ཕྲ་རབ་ཀྱི་གོ་སར་མ་ཞུགས་པ་དང་མ་གཡོས་ན་བློ་བརྟན་ཞིང་དབང་པོ་གསལ་ལ། ཞུགས་ཤིང་གཡོས་ན་ནད་དང་སྐྱོན་སྣ་ཚོགས་བསྐྱེད་པར་བྱེད་ཅིང་། དེ་ཡང་འབྱུང་བ་སོ་སོ་དང་མཐུན་པའི་རླུང་གིས་སྲོག་འཛིན་གྱི་རླུང་གཡོ་ན་སྲོག་རླུང་དེས་རླུང་དེའི་མཚན་ཉིད་འཛིན་པས། འདིའི་མཚན་ཉིད་གང་གིས་བཟུང་བའི་འབྱུང་བའི་རླུང་དེས། འབྱུང་བའི་རླུང་གཞན་རྣམས་ནུས་མེད་དུ་བྱས་པས། ལུས་སེམས་ལ་བར་ཆད་འབྱུང་བ་ནི་རྣལ་འབྱོར་དང་མི་ལྡན་པ་ལ་ཡིན་གྱི། ལྡན་པ་ལ་ནི་སྐྱོན་དེ་རྣམས་ལས་ལྡོག་པའི་ཡོན་ཏན་ཐུན་མོང་

p. 533

བ་རྣམས་འབྱུང་སྟེ། སྲོག་འཛིན་གྱི་བྱེད་པས་འབྲས་བུ་འབྱུང་བཞིའི་རླུང་གི་བྱ་བ་ཐོབ་པ་ཞེས་འབྱུང་བ་ཡིན་ནོ། །མེ་མཉམ་ནི་སའི་རླུང་སྟེ། ལྟེ་འོག་ཕྱིན་དུ་གནས་ནས་ཁ་ཟས་འཇུབ་དང་། ལུས་ཀྱི་མདོག་བསྒྱུར་བ་དང་། ལུས་ཟུངས་ཀྱི་བཅུད་འོག་ཏུ་ལྟུང་བ་གྱེན་དུ་སྡུད་ཅིང་། སྙིགས་མ་རྩ་སྦུབས་སུ་གྱེན་དུ་སོང་བ་བསྲེག་པར་བྱེད་པ་ཡིན་ནོ། །འདི་རང་གནས་སུ་ལས་མ་བྱས་ན་སྦོ་འཁྲོག་སོགས་འབྱུང་ངོ་། །ཐུར་སེལ་ནི་རླུང་གི་རླུང་སྟེ། བཤང་གཅི་ཁུ་ལམ་གྱི་སྡོམས་སུ་གནས་ནས་སྙིགས་མ་ཐུར་དུ་འབྱུང་བའི་ལམ་གྱི་བད་ལྗིན་སོགས་སེལ་ཞིང་། བཤང་གཅི་ཁུ་གསུམ་འབྱིན་སྡོམ་བྱེད་དོ། །འདིའི་བྱེད་པ་ལོག་ན་རྐང་ནད་སོགས་བསྐྱེད་དོ། །གྱེན་རྒྱུ་ནི་མེ་རླུང་སྟེ། སྙིང་གར་རྨང་གཏད་མགྲིན་པར་རྩེ་གཏད་དེ་ཟས་སྐོམ་སྟེང་ནས་འདྲེན་ཞིང་། མེ་མཉམ་གྱི་གནས་སུ་མ་ཕྱིན་བར་བཟའ་བཏུང་མི་འཁེངས་ཤིང་མི་འདྲུལ་བ་དང་། སྨྲ་རྒོད་སོགས་བྱེད་ཅིང་བྱེད་པ་ལོག་ན་གག་སྐྲངས་སོགས་

p. 534

འབྱུང་ངོ་། །ཁྱབ་བྱེད་ནི་ཆུའི་རླུང་སྟེ། སྤྱི་བོ་དང་ཚིགས་ཆེན་བཅུ་གཉིས་ལ་གནས་ནས་ཡན་ལག་གི་བརྐྱང་བསྐུམ་འདེགས་འཇོག་རྣམས་དང་། ཁྱད་པར་ལག་གི་འདུ་བྱེད་ཐམས་ཅད་ཀྱི་བདག་རྐྱེན་བྱེད་དོ། །ལོག་ན་ཞ་རེངས་སོགས་འབྱུང་བ་རྣམས་ནི་རྩ་བའི་རླུང་ངོ་། །ཡན་ལག་གི་རླུང་ནི་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ཤིན་ཏུ་རྒྱུ་བ་དང་། མངོན་པར་རྒྱུ་བ་དང་། ཡང་དག་ཏུ་རྒྱུ་བ་ལྔ་སྟེ། དེ་རྣམས་མིག །རྣ་བ། སྣ། ལྕེ། ལུས་རྣམས་ལ་གནས་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་རིག་པར་བྱེད་ཅིང་། ལོག་ན་ཡུལ་རྣམས་མི་རིག་པ་དང་། དབང་རྟེན་ལའང་རབ་རི བ་སོགས་ཀྱི་ནད་འབྱུང་བར་བཤད་དོ། །བྱེད་པ་ལོག་པ་རྣམས་བཅོས་པའི་ཐབས་ནི། ལ་དོར་བ། བྱིན་གྱིས་བརླབ་པ། བདེ་བ་སྒོམ་པ་རྣམས་ཀྱིས་སྐྱོན་མེད་དུ་བྱེད་པ་སྟེ། ཞིབ་པར་ནི་སྤྲོས་པས་ཆོག་གོ། །རླུང་རྣམས་ཕྱི་རོལ་དུ་ཇི་ལྟར་རྒྱུ་བ་ནི། མཆོག་གི་དང་པོའ་སངས་རྒྱས་ལས་འབྱུང་བ་ལྟར་ན། ལྟེ་བར་ཁྱིམ་བཅུ་གཉིས་ལ་ལྟོས་པའི་

p. 535

འཕོ་བ་བཅུ་གཉིས། དབུགས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་རྒྱུ་བ་ལས་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཆད། འཕོ་ཆེན་རེ་ལ་སྟོང་བརྒྱད་བརྒྱ་རྒྱུ་བའི་སྟེང་ནས་ཡེ་རླུང་ལྔ་བཅུ་རྩ་དྲུག་དང་བཞི་ཆ་རེ་ཆད། འཕོ་ཆུང་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་རེ་རྒྱུ་བའི་སྟེང་ནས་ཡེ་རླུང་དབུགས་བཅུ་གཅིག་དང་བཞི་ཆ་རེ་ཆད། མདོར་ན་དབུགས་གཅིག་ལ་སོ་གཉིས་དང་ཕྱེད་ཆར་བགོས་པས། ཡེ་རླུང་སོ་གཉིས་ཀྱི་ཆ་གཅིག་དང་བཞི་ཆའི་སོ་གཉིས་ཀྱི་ཆ་གཅིག་ཆད་པ་ཡིན་ནོ། །འདི་རྣམས་ཕྱི་རོལ་དུ་ཞག་ལ་སོགས་པའི་ཤོལ་དང་འཕེལ་འགྲིབ་འབྱུང་བ་སོགས་ཀྱི་དག་པ་དང་སྦྱར་བ་ནི་མངས་ཀྱི་དོགས་པས་མ་བྲིས་ལ། རྒྱུ་བའི་རིམ་པ་ནི་ས་ཆུ་མེ་རླུང་ནམ་མཁའི་རླུང་རྣམས་སེར་དཀར་དམར་ནག་ལྗང་བའི་མདོག་གིས་ཕྱི་རོལ་དུ་སོར་བཅུ་གཉིས། བཅུ་གསུམ། བཅུ་བཞི ། བཅོ་ལྔ། བཅུ་དྲུག་ཏུ་རྒྱུ་ཞིང་། ནང་དུ་དེ་བཟློག་ཏེ་རྒྱུ་བར་བཤད་ལ། འཁྲུལ་པའི་དྲི་མ་མཐའ་དག་གཏན་ཟད་དུ་སོང་བའི་རྗེ་བཙུན་

p. 536

དམ་པ་དབྱངས་ཅན་བཟང་པོའ་གསུང་ལས། ཕྱི་རོལ་སོར་གྲངས་ཀྱི་ཡོན་ཏན་དབང་གིས་རིང་བའི་ནུས་པ་ཡང་། ཕྱི་རོལ་གྱི་དག་པ་ལ་བརྟེན་ནམ་མཁའ་རླུང་མེ་ཆུ་ས་རྣམས་སྔ་མ་ལས་འོག་ཏུ་ཡང་ཇེ་རིང་ལ་སོང་བ་དང་། སྟེང་གཟུགས་མེད་དང་གཟུགས་ཁམས་རྣམས་སུའང་མཁའ་རླུང་མེ་ཆུའི་རྫས་རྣམས་སྔ་མ་ལས་ཇེ་རིང་ལ་སོང་བ་དང་ཇེ་ཐུང་ལ་སོང་བ་ནི། བརྟེན་པ་ལུས་སེམས་འགྲུབ་པ་ལའང་། དང་པོར་ཕ་མའི་སྦྱོར་བ་ས་ཆུ་མེ་རླུང་མཁའ་སྟེ་བདེ་བའི་བར་གྱི་མྱོང་ཚུལ་དང་། ནང་ལུས་ཀྱི་དག་པ་ལའང་ལྟེ་བ་ས། སྙིང་ག་ཆུ། མགྲིན་པ་མེ། སྤྱི་གཙུག་རླུང་། གཙུག་ཏོར་ནམ་མཁའ་དང་། སེམས་ནང་དུ་ཏིང་ངེ་འཛིན་སོགས་ལ་བསྡུ་བ་ནའང་། འབྱུང་བའི་སྣང་ཆ་ས་ནས་ཐིམ་སྡུད་བྱེད་པའི་ཕྱིར་ཡིན་ནོ། །ཞེས་གསུངས་སོ། །མཆན། འདུས་པར་འཁོར་ལོ་ལྔའི་རླུང་ལས་རྒྱུ་བར་གསུངས་པ་དེའི་དགོངས་པ་ནི། སྣར་རྒྱུ་བའི་རླུང་ལ་རྩ་བདུན་ཁྲི་ཉིས་སྟོང་གི་རླུང་གི་རྒྱུ་བའི་ཆ་ཤས་ཡོད་པར་གྲགས་ཚོད་དང་བསྟུན་པ་ཡིན་ལ། ངེས་དོན་དུ་ནང་གི་འཕོ་ཆུང་འབྱུང་བའི་དག་པ་དང་སྦྱར་བའི་རྒྱུ་ཚུལ་དུས་འཁོར་ནས་བཤད་པ་དང་གནད་

p. 537

མི་གཅིག་པ་ནི་མ་ཡིན་ནོ། །གཞན་ཡང་མཉམ་རྒྱུ་ཡེ་ཤེས་ཀྱི་རླུང་ཞེས་པ། ཐ་མལ་པ་ལ་རིན་ཆེན་དང་རྡོ་རྗེའི་མགོན་པོའ་རྒྱུ་བ་འབྱུང་བའི་སྐབས་སུ་མཉམ་པར་རྒྱུ་བ་འདུས་པ་ལས་གསུངས་ཏེ། ཇི་སྐད་དུ། གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེའི་མགོན་པོའ་རྒྱུ་བའོ། །ཞེས་འབྱུང་། དེར་མ་ཟད་སྣ་བུག་གཉིས་ཀ་ནས་དུས་མཉམ་དུ་སྒྲ་བཅས་སྒྲ་མེད་གང་དུ་རྒྱུས་ཀྱང་ཡེ་ཤེས་ཀྱི་རླུང་སྟེ། གཡས་གཡོན་གྱི་རླུང་ལ་བརྟེན་པ་མ་ཡིན་ནོ། །ཞེས་ཁ་ཅིག་ཏུ་འབྱུང་བའང་ལེགས་པ་མ་ཡིན་ཏེ། སློབ་དཔོན་ངག་དབང་གྲགས་པས། མཉམ་རྒྱུ་ཙམ་པོ་བ་འཆི་ལྟས་ཀྱི་རླུང་དུ་བཤད་པའི་ཕྱིར། དེས་ན་འཆི་ལྟས་ཀྱི་རླུང་ཡེ་རླུང་དུ་མི་རུང་ཞིང་། ཡེ་རླུང་ཡིན་ན་འཆི་ལྟས་ཀྱི་རླུང་དུའང་རུང་བ་མ་ཡིན་ནོ། །མཆན། རྡོ་རྗེའི་ལུས་ལ་ལྟེ་ཁྱིམ་ཡོངས་རྫོགས་སུ་བགྲོད་པའི་རླུང་མི་རྒྱུ་བར་མཉམ་པ་བཅུ་གཉིས་པའི་ས་དང་། རེ་རེར་མི་རྒྱུ་བའི་གྲངས། སའི་

p. 538

རྟོག་པ་དང་བསྟུན་དགོས་པ་ལས་ཡིན་གྱི། སོ་སྐྱེ་ལ་མཉམ་རྒྱུར་གྱུར་པའི་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་མཚན་ཉིད་པ་འབྱུང་བ་མ་ཡིན་ནོ། །འོན་ཀྱང་མཚོན་པ་དཔེའི་ཡེ་ཤེས་སྐྱེས་པ་ན་སྲོག་འགོག་གི་རྣལ་འབྱོར་ལ་མ་འབད་ཀྱང་། སྣར་རྒྱུ་བ་ཁེགས་པ་སྲིད་ཅིང་། མདོར་ན་ཕྱི་རོལ་པའི་རྣལ་འབྱོར་པ་རླུང་ལ་བརྟན་པ་དག་བུ་ག་དགུཁུ་ལམ་ལྟེ་སྒོ་རྣམས་སུ་གཟའ་སྐར་གྱི་རླུང་རྒྱུ་བ་འགོག་པ་ཡོད་ཀྱང་། རྩ་བའི་རང་གནས་སུ་ས་བོན་སྤང་བའི་རྒྱུ་བ་འགོག་པ་ནི། བླ་མེད་ཀྱི་ལམ་ལ་མ་བརྟེན་པར་ཡོད་པ་མིན་ནོ། །རང་གནས་ནི་ས་བོན་དང་། བག་ཉལ་དང་། འདུ་འབྱེད་ཀྱི་འགྱུར་བའི་གནས་ངན་ལེན་གྱི་གཞི་རྟེན་རྣམས་ཡིན་ལ། དེ་ནས་འཕྲོས་པའི་སྒོ་གཞན་དུ་རྒྱུ་བ་རྣམས་ནི། འབྲས་བུ་ཕྱུང་ཟིན་པའི་ནུས་མེད་མངོན་གྱུར་བ་རྣམས་ཡིན་པས། མ་འོངས་པའི་སྲིད་རྒྱུན་དུ་མི་འགྱུར་བས་ཕྱི་རོལ་པས་ཀྱང་རེ་ཞིག་འགོག་ཐུབ་པ་ཡིན་ནོ། །ཞེས་འབྱུང་ངོ་། །མཆན། སོ་སྐྱེའི་མཚམས་རྩ་ལས་རྒྱུ་བའང་ཡེ་ཤེས་ཀྱི་རླུང་མ་ཡིན་ཏེ། རྗེ་མར་པས། ཁ་ཾ་ག་ནི་བཅོམ་ལྡན་འདས་

p. 539

ཡབ་དང་། ཌ་མ་རུ་ནི་བཅོམ་ལྡན་འདས་ཡུམ་སྟེ། ཉིན་མོ་དང་མཚན་མོའ་ངོ་བོར་གྱུར་པའི་ལ་ལ་ནཱ་དང་ར་ས་ན་རྣམ་པར་དག་པ་སྟེ་སྤངས་པའི་མཚམས་ན་བདེ་ཆེན་གྱི་སྒྲ་སྟེ། ཆོས་ཀྱི་འཁོར་ལོའ་སྒྲ་འབྱུང་བ་ལ་དགོངས་ཏེ་མཚམས་ནས་ཡེ་ཤེས་ཀྱི་རླུང་རྒྱུ་བར་ཡང་གསུངས་པ་ནི་བཤད་པའི་རྣམ་གྲངས་གཞན་ཡིན་ནོ། །ཞེས་གསུངས་སོ། །འཁོར་ལོའ་རྩ་འདབ་སོགས་ལས་རྒྱུ་བའི་རླུང་ལ་ཕྱེད་ཕྱིར་རྒྱུ་ཞིང་། ཕྱེད་དབུ་མར་རྒྱུ་ཞེས་པ་ནི་སོ་སྐྱེ་རྣམས་མཐོང་སྤང་གི་སྒྲིབ་པ་མ་སྤངས་པའི་དབང་ལས་ཉོན་མོངས་མངོན་གྱུར་བ་རང་བཞིན་གྱིས་འབྱུང་བ་ལ། དེའི་གནད་ཀྱིས་ཐིག་རླུང་གི་རྒྱུ་བའང་ལུས་ཀྱི་ཆ་རྣམས་ལས་འཐོར་རླུང་དྲག་པོའ་རྣམ་པར་རྒྱུ་བ་ཡིན་པས་རླུང་གི་ཕྱེད་ཙམ་རྩ་འདབ་ཀྱི་རང་གནས་ནས་ཕྱིར་ཐོན་ནས་ལུས་ཀྱི་གནས་རྣམས་ལ་ཁྱབ་ཅིང་། ཆ་ཤས་སྣ་ཚོགས་བུ་ག་རྣམས་ནས་ཀྱང་ཕྱིར་ཐོན་པ་ཡིན་ནོ། །ཕྱེད་ནི་རྩ་འདབ་རང་གནས་སུ་བུན་བསྐྱེད་པ་ལྟར་རླུང་གཞན་

p. 540

བསྐྱེད་པའི་ཆའི་ནུས་པ་ཆུ་ལ་ལན་ཚྭ་ཆགས་པ་བཞིན་འབྱུང་ལ། ལན་ཚྭ་ལྟ་བུའི་རླུང་མ་འོངས་པ་བསྐྱེད་པའི་ཆའི་ནུས་པ་ཆུ་ལྟ་བུ་དེ་ཡང་སྲོག་བརྟེན་པ་ཚེའི་མཐུ་ལས་འབྱུང་བ་སྟེ། རང་བྱུང་ཞབས་ཀྱིས། ཕྱེད་ནི་དབུ་མར་རྒྱུ་བས་འཕེལ། །ཞེས་དབུ་མ་ནས་འབྱུང་བའི་ནུས་པས་རྩ་འདབ་ཀྱི་རླུང་འཕེལ་ཞིང་། རྩ་འདབ་ཀྱི་རླུང་གིས་ཀྱ ང་མར་ཁུས་མར་མེ་གསོ་བའི་ཚུལ་གྱིས་སྲོག་བརྟན་པར་བྱེད་པས་སྲོག་དབྱུག་ལའང་ཕན་འདོགས་པར་གསུངས་སོ། །མདོར་ན་སྐྱེས་བུ་ཐམས་ཅད་རང་ལོ་བརྒྱ་པའི་དབང་དུ་བྱས་ནས་རླུང་ཆད་པར་སོང་ཚད་བསགས་ན་ལོ་གསུམ་དང་ཕྱོགས་གསུམ་འབྱུང་ལ། དེ་ཞག་སྟོང་བརྒྱད་ཅུ་སྟེ། དུས་འཁོར་ཐུགས་དཀྱིལ་ཀྱི་ངོ་བོ་ཡེ་ཤེས་ཀྱི་རྟེན་དང་བརྟེན་པར་བཅས་པའི་ཆ་དེ་སེམས་ཅན་ལ་མི་སྣང་ཞིང་། རྡོ་རྗེའི་རྣལ་འབྱོར་པས་ལས་ཀྱི་སྲོག་རྩོལ་བས་འགོག་ནས་ཡེ་ཤེས་ཀྱི་རླུང་ཆད་ཚད་ལོ་གསུམ་གྱིས་ཕྱོགས་གསུམ་དུ་བཀྲུག་ཟིན་པ་དང་། ཏིང་འཛིན་གྱི་ཡན་ལག་

p. 541

རྫོགས་ཟིན་པར་བྱས་ནས་ཡེ་ཤེས་ཀྱི་སྐུ་ཐོབ་པར་དུས་འཁོར་ལས་གསུངས་ཤིང་། བདེ་མཆོག་ལས་ནི་ཕྱིར་རྒྱུ་བའི་ཆ་རྣམས་མ་དག་པའི་དུས་ཁམས་གསུམ་དུ་སྐྱེ་བ་དང་། དག་པ་ན་གཟུགས་ཀྱི་སྐུ་དང་། ནང་དུ་བརྒྱད་དང་ལྔ་ནི་མ་དག་པའི་དུས་སུ་ཚོགས་བརྒྱད་དང་ཕུང་པོ་ལྔ་དང་། དག་པའི་དུས་སུ་དབང་ཕྱུག་དང་སྐུ་ལྔའི་རྟེན་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཉམས་སུ་བླང་བ་ནི། མཆོག་གི་དང་པོའ་སངས་རྒྱས་ལས། །གཟུགས་མཐོང་དེ་ཡི་འོག་ཏུ་ནི། །སྟེང་དང་འོག་ཏུ་རྩ་གསུམ་ལ། །ལུས་ངག་སེམས་ནི་དག་བྱའི་ཕྱིར། །རྒྱུན་མི་འཆད་པར་སྲོག་རྩོལ་བྱ། །ཞེས་གསུངས་པས་རྩ་སྦྱངས་པའི་སྟོང་གཟུགས་ཉམས་སུ་མྱོང་ནས་བུམ་ཅན་གྱི་སྒོ་ནས་སྲོག་རྩོལ་སྦྱངས་ན། སྲོག་མཆོག་གི་དབུ་མ་ལ་ཐིམ་པའི་བྱ་བ་འགྲུབ་པ་ཡིན་པས་དེའི་ཕྱིར་རྩ་སྦྱང་བ་ཡན་སྔོན་དུ་སོང་ནས་གོང་དུ་བཤད་པའི་ལུས་ཀྱི་གནད་ལེགས་པར་བཅས་པ་ལ། རྒྱབ་མདུན་དུ་དགྱེད་དགུ་དང་གཡས་

p. 542

གཡོན་དུ་ཡོན་འཆུས་དང་། སྟེང་འོག་ཏུ་ལྡེམ་འགྲུས་ཀྱི་སྐྱོན་དྲུག་སྤང་བ་ནི་ཟབ་གནད་རྟེན་བཞིར་འགོད་པ་ཞེས་འབྱུང་ངོ་། །རླུང་གི་གནད་ནི་གྲུབ་པའི་དབང་ཕྱུག་ཏཻ་ལོ་པས། །རྣལ་འབྱོར་ལུས་ཀྱི་རྩ་ཡི་ཚོགས། །ཕྲ་རགས་རླུང་དང་ལྡན་པ་ནི། །དབང་དུ་བྱེད་ཐབས་འཁྲུལ་འཁོར་གྱིས། །དབྱུང་རྔུབ་དགང་དང་གཞིལ་བས་ཏེ། །ཞེས་དང་། དཀའ་བ་སྤྱད་པའི་གནད་ཀྱི་ཡི་གེ་ཕྱི་མར། རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །ཞེས་པས་སྦྱོར་བ་བཞི་ལྡན་ཏེ། དེ་ལ་འཕོ་དུས་ཡང་དག་པར་བཟུང་ནས་སྒོམ་པ་ནི་དུས་ཀྱི་གནད་དེ། ཇི་སྐད་དུ། དེ་ལ་དུས་ཀྱི་གནད་བཤད་པ། །གཡས་གཡོན་འཕོ་དུས་ཤེས་པ་ཡོད། །ཅེས་སོ། །རླུང་གི་འབྱུང་གནས་ལྡང་གསུམ་དེ་ཉིད་གསུམ་དུ་དྲན་པ་བརྟེན་པ་ནི་ཡུལ་གྱི་གནད་དེ། གནད་དེ་དག་དང་ལྡན་པས་ཐོག་མར་སྣ་བུག་ནས་རླུང་དལ་བུས་དྲངས་ནས་ཕྱི་རོལ་གྱི་རླུང་ནང་དུ་རྫོགས་པ་དང་། ཤུགས་དྲག་པོ་དང་ལྡན་པས་དབྱུང་བར་

p. 543

བྱའོ། །དེའི་ཚེ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བ་སྤུ་དང་དབང་པོའ་སྒོ་རྣམས་དང་། སྤྱིར་ལུས་ཀྱི་གནས་ཐམས་ཅད་ཁྲོལ་ཚགས་ལྟ་བུའི་བུག་པ་དུ་མ་བཀོད་པ་ལས་འཐོར་རླུང་གི་ཤུགས་ལྟ་བུས་ཕྱིར་བྱུང་བས། རང་གི་ལུས་ཤིན་ཏུ་རྣམ་པར་དག་པའི་མེ་ཤེལ་དྲི་མ་མེད་པ་ལྟ་བུ་ལ་སེམས་བཞག་གོ། །འདི་ནི་ཇི་ལྟར་དྲི་མ་ཅན་གྱི་སྣོད་བཀྲུ་ཞིང་དག་པར་བྱ་བ་དང་རྗེས་སུ་མཐུན་པར་ལུས་ལ་ནད་དང་སེམས་ལ་སྡུག་བསྔལ་བསྐྱེད་པའི་རྩ་བར་གྱུར་པ་ནང་གི་དྲི་མ་ངན་པ་དག་བསལ་བར་བྱ་བའི་ཕྱིར་དབྱུང་བ་ལམ་དུ་བྱེད་པ་སྟེ་སྔོན་འགྲོའོ། །དངོས་གཞི་སྦྱོར་བ་བཞི་ལྡན་ལས། དང་པོ་རྔུབ་པའམ་ལྕགས་ཀྱུ་ལྟར་དགུག་པ་ནི། གཡོན་ཟླ་བ་དང་གཡས་ཉི་མའི་ལམ་དག་ནས་དལ་བུས་སྒྲ་མེད་པར་དྲངས་ཏེ། རླུང་འོད་ཟེར་དཀར་སྔོ་སྤོས་རེང་གི་དུད་པའི་རྣམ་པ་ལྟ་བུ་ཕྱི་རོལ་གྱི་ནམ་མཁའ་སོར་བཅུ་གཉིས་ནས་སོར་བཅུ་དྲུག་གི་བར་རྣམས་ནས་ལམ་གཉིས་ལ་མངོན་པར་འཇུག་

p. 544

བཞིན་པར་ལྟ་བ་དང་ལྷན་ཅིག་སྲིན་པོའ་སྒོ་ནས་ཀྱང་ཅུང་ཟད་བཟུང་བར་བྱའོ། །དེ་ནས་རྒྱ་མཚོ་ལྟར་དགང་བ་ནི། སྟེང་འོག་གི་སྲོག་ཉེ་བར་བཀུག་པ་དང་བར་ན་གནས་པ་དག་ལྷན་ཅིག་ལྟེ་བར་ཡང་དག་པར་བཅིངས་ཏེ། སྟེང་དང་འོག་ཏུ་འཆུག་པ་མེད་པར་དགང་བའོ། །ཡུར་བ་ལྟར་གཞིལ་བ་ནི། རོ་རྐྱང་གི་ལམ་ནས་ཞུགས་པའི་རླུང་རྣམས་ཨ་ཝ་དྷཱུ་ཏིའི་ནང་དུ་བཅུག་ནས་ལྟེ་བ་དང་སྙིང་གའི་འཁོར་ལོའི་ཐད་ཀྱི་བར་ཙམ་དུ་སླེབ་པ་ལས་ཡལ་ཏེ། དྷཱུ་ཏིའི་ནང་སྟོང་ར་ཁོ་ན་ལ་སེམས་གཏད་དོ། །འདི་ལ་ཕྱིར་གཞིལ་ནང་གཞིལ་སྟེང་གཞིལ་འོག་གཞིལ་སོགས་མང་དུ་གནས་པ་ལས་འདི་ནི་ནང་དུ་གཞིལ་བ་སྟེ་མཆོག་གོ། །མདའ་ལྟར་འཕང་བ་ནི། དབྱུང་བའི་དུས་ལ་བབ་པ་ན་ནང་དུ་ཡལ་བའི་ཐད་དེ་ནས་རླུང་འོད་ཀྱི་རྣམ་པ་ཚངས་པའི་བུ་གར་ཐོན་པ་ལ་སེམས་གཏད་དེ་དབྱུང་བ་ནི་སྤྱི་གཙུག་མདའ་ལྟར་འཕང་བ་སྟེ། མང་དུ་བྱས་ན་གེགས་སུ་འགྱུར་ཉེན་ཡོད་པས་ཐུན་འགོར་གསུམ་མམ་ལྔའམ་བདུན་ཙམ་

p. 545

གྱི་བར་བྱའོ། །དེ་ནས་དྷཱུ་ཏིའི་ནང་དུ་རླུང་མངོན་པར་དེངས་པའི་ལམ་ཉིད་ནས། སླར་རླུང་འོད་ཀྱི་སྐུད་པའི་རྣམ་པ་ལྟ་བུ་ཕྱིར་དབྱུང་བ་སྟེ། ལམ་གཉིས་ནས་ཕྱི་རོལ་སོར་བཅུ་གཉིས་ནས་བཅུ་དྲུག་གི་བར་ནམ་མཁའ་ལ་འགྲོ་ཞིང་དེར་ཡལ་ནས། སླར་ནམ་མཁའ་ཉིད་ལ་མངོན་པར་འབྱུང་ཞིང་ནང་དུ་ཞུགས་པ་དབུ་མའི་དབུས་སུ་ཐིམ་པ་སོགས་སྔ་མ་ལྟ་བུ་ནི་རང་བཞིན་མདའ་ལྟར་འཕང་བ་སྟེ། གེགས་མི་སྐྱེད་ཅིང་ཡོན་ཏན་བསྐྱེད་པའི་གཞིར་གྱུར་པའོ། །སྐབས་འདིར་འདི་ལྟ་བུ་ཞིག་ཀྱང་འབྱུང་སྟེ། བཀའ་དཔེ་རྩ་བའི་སྡོམས་ལས། ངག་དབེན་པ་དང་རླུང་བསྒོམ་པ། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་པའི་འགྲེལ་བར་རྗེ་བཙུན་མར་པས། ངག་རྣམ་པར་དབེན་པ་ནི་རླུང་གི་དེ་ཁོ་ན་ཉིད་འཇུག་གནས་ལྡང་གསུམ་དང་། སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་འབྲུ་གསུམ་སྦྱར་ཏེ་རླུང་ནང་དུ་འཇུག་པ་ༀ། གནས་པ་ཨཱཿ ལྡང་བ་ཧཱུྃ་དུ་བ ལྟ་སྟེ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་སྦྱར་བ་ནི་རླུང་བཅུ་པོ་ཆ་གསུམ་དུ་སྦྱར་བས། རྡོ་རྗེའི་བཟླས་པ་ངག་རྣམ་པར་དག་པ་རླུང་ལས་རྣམ་པར་རྒྱལ་བ་སྟེ། སྒྲའི་དེ་

p. 546

ཁོ་ན་ཉིད་ཚིག་ཐམས་ཅད་ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བས། སྒྲ་ཐམས་ཅད་ཀྱང་ཕོ་མོ་མ་ནིང་གི་སྔགས་སུ་ཤེས་པར་བྱའོ། །ཞེས་གསུངས་པས་ཕ་རྒྱུད་ཀྱི་མན་ངག་གཙོ་བོར་གྱུར་པས་སྲོག་ཆེན་འགོག་པ་རྡོ་རྗེའི་བཟླས་པ་བསྟན་པ་ནི་སྦས་དོན་ཞལ་ཤེས་ཀྱི་རིམ་པའོ། །མཆན། དེ་ལྟར་སྦྱོར་བ་བཞི་ལྡན་ལ་བརྟེན་ནས་རླུང་རྡོ་རྗེ་ཐོད་སྦྱོར་རམ་བུམ་པ་ཅན་ནི་རླུང་ལམ་དུ་བྱེད་པའི་མན་ངག་གི་སྙིང་པོ་སྟེ། སྡོམ་བྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །བདག་ཉིད་རིག་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟེན་བྱས་ནས། །དབྱེ་བ་གསུམ་གྱིས་གཞོམ་པར་བཤད། །ཐ་མ་སུམ་ཅུ་རྩ་དྲུག་ཙམ། །དེ་ལས་ཉིས་འགྱུར་འབྲིང་ཡིན་ཏེ། །གསུམ་འགྱུར་མཆོག་ཏུ་ཤེས་པར་བྱ། །བུམ་པ་ཅན་ཏེ་རྒྱལ་བར་འགྱུར། །ཞེས་སོ། །འདིའི་རྣལ་འབྱོར་ལ་ཐོག་མར་འཇུག་པ་ན་འགྲོ་འོང་གནས་གསུམ་གར་སྒྲ་མེད་པ་དང་། ཤིན་ཏུ་དལ་བ་ལ་བསླབས་པས་ཡུན་རིང་དུ་མི་གནས་པ་ལྟར་

p. 547

མཐོང་ཡང་ཅི་ཞིག་ལྟར་ན་ཡོན་ཏན་གྱི་རྣམ་པ་དུ་མ་ཞིག་ཤུགས་ལ་འབྱུང་སྟེ། དེ་ཡང་རླུང་དུ་གྱུར་པའི་མཁའ་འགྲོ་མ་ནི་རྡོ་རྗེའི་རྣལ་འབྱོར་གོམས་པ་ལས་བྱུང་བས་ཤེས་རབ་མ་སྟེ། དེ་ནི་ལས་ཀྱི་རླུང་ཕྱི་ནང་དུ་འགྲོ་འོང་བྱེད་པའི་ཤེས་པ་དང་མི་མཐུན་པས་དེའི་ཕྱིར་ལས་རླུང་གི་འགྲོ་འོང་ཆད་པ་ན་མཆོག་ཐུན་མོང་གི་དངོས་གྲུབ་རྣམས་འགྲུབ་སྟེ། དེ་ཡང་རྩ་ཕལ་པ་ལ་ལས་རླུང་ཆད་ན་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འབྱུང་ཞིང་། གཏན་ཆད་དུ་མ་སོང་ཀྱང་ཕྱིར་རྒྱུ་བ་མེད་པར་ནང་དུ་ཟིན་པ་ཙམ་ལའང་འཇིག་རྟེན་གྱི་གཟུགས་སྒྲ་ཐོས་པ་སོགས་ལུས་ངག་གི་ཉམས་དང་། ཆོས་བརྒྱད་རོ་སྙོམས་པ་སོགས་སེམས་ཉམས་རྣམས་འབྱུང་ལ། རྣམ་ཤེས་ཀྱི་རྟེན་བྱེད་པའི་རྩའི་གཙོ་མོ་རྣམས་ལ་ཐིག་རླུང་སེམས་གསུམ་ཆད་ན་མཆོག་གི་དངོས་གྲུབ་རྣམས་འབྱུང་ཞིང་། གཏན་ཆད་དུ་མ་སོང་ཀྱང་ཕྱིར་རྒྱུ་བ་མེད་པར་ནང་དུ་ཟིན་པ་ཙམ་ལའང་དག་པའི་དཀྱིལ་འཁོར་མཐོང་ཐོས་སོགས་ལུས་ངག་

p. 548

གི་ཉམས་དང་། བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་སྐྱེ་བ་སོགས་སེམས་ཉམས་རྣམས་འབྱུང་ངོ་། །གཞན་ཡང་སྲོག་དབུ་མར་གཞུག་བྱ་བ་འདི་ལ་ཡང་ཕལ་པ་དང་གཙོ་བོའ་དབང་དུ་བྱས་པ་གཉིས་ཞིག་ཡོད་དེ། དང་པོ་ལའང་རྩོལ་བ་སྲོག་ཏུ་གཞུག་པའམ་བརྟན་པ་ཞེས་པ་ནི་རླུང་འགྲོ་འོང་ལ་རྩོལ་བ་དང་གནས་པ་ལ་སྲོག་ཏུ་བྱས་ཏེ། གནས་པ་རྒྱུན་ཇེ་རིང་དུ་གྱུར་པ་ལ་རྩོལ་བ་སྲོག་ཏུ་བརྟན་པ་ཞེས་ཐ་སྙད་བྱེད་ཅིང་། སྲོག་འཁོར་ལོར་གཞུག་པ་ལ་ལྟེ་ཁྱིམ་གྱི་དུས་སྦྱོར་བཅུ་གཉིས་ཀྱི་རྩ་འདབ་ལྟ་བུའི་རླུང་ལ་མཚོན་ན་དུས་སྦྱོར་གང་ཡང་རུང་བའི་རླུང་སྣ་བུ ག་ནས་རྩོལ་བ་དྲག་པོས་བཀག་ནས་རྩ་འདབ་དེ་དང་དེར་འགོག་པ་དང་། རྩོལ་བ་དྲག་པོས་མ་བཀག་ཀྱང་རྩ་འདབ་དེ་དང་དེར་རླུང་ངང་ངམ་གྱིས་འགག་པ་གཉིས་དང་། ཡང་རོ་རྐྱང་དུས་སྦྱོར་དང་བཅས་པའི་རླུང་སྣ་ནས་མི་རྒྱུ་བར་དབུ་མ་ལས་གྱེས་པའི་ལྟེ་བའི་འཁོར་ལོའ་སྟོང་པ་བཞིའི་རྩ་འདབ་དུ་གཞུག་པ་ལའང་སྲོག་དབུ་

p. 549

མར་གཞུག་པ་ཞེས་བཏགས་པ་ཡོད་ཀྱང་། དེ་ཙམ་ཕྱི་རོལ་པ་ལའང་ཡོད་པས་མཆོག་མ་ཡིན་ནོ། །གཉིས་པ་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཐིག་རླུང་སེམས་གསུམ་གྱི་འཛག་པའི་རྟེན་བྱེད་པའི་སྲོག་མས་བརྟན་གྱི་ལྷན་ཅིག་སྐྱེས་དགའི་སྟོབས་ཀྱིས་མཆོག་གི་དྷཱུ་ཏི་ཞལ་བྱེ་བའི་སྒོ་ནས་སླར་མི་སྐྱེ་བའམ་མི་འཕོ་བ་སྟེ། འཁོར་ལོ་དྲུག་པོའ་སྒྲིབ་ཆ་རྣམས་མས་ནས་རིམ་བཞིན་བསལ་རིམ་གྱིས་འཛག་མེད་མཆོག་མི་འགྱུར་གྱི་བདེ་བས་ས་རེ་རེའི་གོ་འཕང་ཐོབ་པའི་ཚུལ་གྱིས་སྲོག་འགོག་པ་དང་གཞུག་པ་ནི་སྲིད་ཞི་གཉིས་གར་མི་གནས་པའི་རྫོགས་པའི་སངས་རྒྱས་བླ་ན་མེད་པ་སྒྲུབ་བྱེད་རྣལ་འབྱོར་ཆེན་པོའ་རྒྱུད་ཀྱི་དགོངས་པ་མཐར་ཐུག་པ་ཡིན་ནོ། །གཞན་ཡང་རླུང་ལས་རུང་གི་ཚད་ནི། ཞལ་ལས་ཤེས་པར་བྱའོ། །རྗེ་བཙུན་ལོས། མེ་རླུང་ལས་སུ་རུང་ན་ཕྱི་རོལ་གྱི་དངོས་པོ་རྣམས་བསྲེག་པ་དང་། མེ་ལྷ་དབང་དུ་བྱེད་ནུས་པ་དང་། ཆུ་རླུང་ལས་སུ་རུང་ན་དགུན་གྱི་ས་བོན་ལ་ཡང་མྱུ་གུ་བསྐྱེད་ནུས་ཤིང་། ཆུ་ལྷ་དབང་དུ་བྱེད་ནུས་པ་དང་།

p. 550

རླུང་གི་རླུང་ལས་སུ་རུང་ན་ཉི་མའི་བགྲོད་པ་བཙན་ཐབས་སུ་ལྡོག་ནུས་པ་དང་། རླུང་ལྷ་དབང་དུ་བྱེད་ནུས་པ་དང་། ས་རླུང་ལས་སུ་རུང་ན་ས་གཡོ་བ་དང་ཐོག་འབེབས་པར་ནུས་ཤིང་། ལྟོ་འཕྱེའི་ནད་ཅན་གསོ་ནུས་པ་དང་། ནམ་མཁའི་རླུང་ལས་སུ་རུང་ན་བ་སྤུའི་བུ་ག་ཐམས་ཅད་ནས་རླུང་སྤྲོ་བསྡུ་ནུས་ཤིང་། སྟེང་སྒྲ་གཅན་གྱིས་ཟིན་པའི་ནད་གསོ་ནུས་པ་ཡིན་ནོ། །ཞེས་གསུངས་པ་ནི་ཐུན་མོང་གི་དངོས་གྲུབ་དང་འབྲེལ་ལ། མཆོག་ཐོབ་པ་དང་འབྲེལ་བའི་དབང་དུ་བྱས་ན། ལུས་ཀྱི་ནང་གི་ཙ་གནས་རྣམས་དང་། ཕྱི་རོལ་དབང་པོའ་སྒོ་རྣམས་སུ་རླུང་རང་ཉིད་ཀྱི་རྣམ་པ་ལས་གྲུབ་པའི་དཀྱིལ་འཁོར་ཕྲ་བའི་ཕྲ་བ་སྤྲུལ་ཞིང་སྟོན་ནུས་པའོ། །ཞེས་གསུངས་སོ། །གཞན་ཡང་མ་དག་པའི་ལུས་ལ་ཀུན་གཞིའི་ཤེས་པས་ཁྱབ་ཅིང་། དེ་ཡང་མཐོང་སྤང་མ་སྤངས་པ་སོགས་ལ་དེས་གར་ཁྱབ་མཐོང་སྤང་གིས་ཁྱབ་པས་སྔོན་གྱི་ལས་ཀྱིས་མ་འོངས་པར་ངན་སོང་དུ་སྐྱེ་བའི་ལུས་བརྟེན་སོགས་འབྱུང་བའི་རྩར་རྟོག་པ་བསྐྱེད་པའི་རླུང་འདུས་ན། ངན་སོང་གི་སྡུག་བསྔལ་མྱོང་བའི་ཉམས་འབྱུང་ཞིང་། དེས་མཚོན་ནས་ཆགས་སྡང་མངོན་གྱུར་བ་སྐྱེ་བའི་གནས་སུ་འདུས་ན། ཆགས་སྡང་གི་རྟོག་པ་དང་། སྔོན་གང་ལ་སྦྱངས་

p. 551

པའི་བག་ཆགས་ཡོད་པའི་རྩ་ཁམས་སུ་འདུས་ན། རིག་པའི་གནས་དེ་དང་དེ་མ་བསླབས་པར་ཤེས་ཤིང་། བསམ་གཏན་གཟུགས་མེད་སོགས་ཀྱི་རྩར་འདུས་ན། བསམ་གཏན་དང་མངོན་ཤེས་སོགས་འབྱུང་ཞིང་། ཡེ་ཤེས་ཀྱི་རྩ་ཁམས་ནི་རྡོ་རྗེའི་བདེན་པ་མཐོང་བ་ཡན་ལ་མངོན་དུ་འགྱུར་བས། དེར་རླུང་སེམས་འདུས་པའི་རྟེན་འབྲེལ་ཟབ་མོ་རྣམས་ཀྱང་དེ་ཉིད་ལ་མངོན་དུ་འགྱུར་བ་ཡིན་ནོ། །མཆན། བཞི་པ་ཆུ་ཟླའི་གར་བསྒྱུར་བ་ཐིག་ལེ་སྦྱང་བ་ལ། གོ་བར་བྱ་བ་དང་། ཉམས་སུ་བླང་བ་གཉིས་ཀྱི་དང་པོ་ནི། གོང་དུ་བཤད་པའི་རླུང་དེ་རྣམས་ཀྱིས་བཞུ་བཏུལ་འདོར་ལེན་འཕེན་འཛིན་བྱེད་པའི་ཐིག་ལེ་ནི། རགས་པའི་དབང་དུ་བྱས་ན་ཁྲག་གིས་ཤ་བསྐྱེད་པའི་དངས་མ་དམར་ཆ་ཕྲ་མོ་དང་། ཆུ་དང་རླུང་ཚན་པོ་ཆེས་རུས་པ་སྲ་མཁྲེགས་སུ་བསྐྱེད་པའི་དངས་མ་དཀར་ཆ་ཕྲ་མོ་གཉིས་ནི་ཤིན་ཏུ་ཡང་ཁམས་དྲུག་ལྡན་གྱི་སྲོག་ཡོད་པ་ལས་འབྱུང་བ་ཡིན་ལ། དེ་ཡང་བཟའ་བཏུང་རྣམས་ཕོ་བར་བད་ཀན་ཆུའི་རང་བཞིན་གྱིས་མྱགས་ཤིང་རུལ་བར་བྱེད་པའི་ཆ་གཅིག་སྔར་

p. 552

བརྗོད་པའི་ལྟེ་དབུས་ཀྱི་དྲོད་ལཉྩ་ནའི་འཛག་ལྟ་བུ་དེ་ཡིན་ཏེ། ཕ་ལས་ཐོབ་པའི་དཀར་ཆ་རུས་རྐང་ཁུ་བ་བསྐྱེད་ནས་སྨིན་མཚམས་སུ་ནུས་པ་རྫོགས་ནས་གནས་པ་ཕལ་པ་ལ་དེ་མི་གཡོ་ཞིང་རྣལ་འབྱོར་པ་ལ་དེ་བག་ཙམ་གཡོ་ན་བདེ་བ་སྐྱེ་ལ། མ་ལས་ཐོབ་པའི་དམར་ཆ་ཤ་པགས་ཁྲག་བསྐྱེད་ནས་གསང་གནས་སུ་ནུས་པ་རྫོགས་ཏེ་གནས་པ་ཕལ་པ་ལ་མི་གཡོ་ཞིང་རྣལ་འབྱོར་པ་ལ་བག་ཙམ་གཡོ་ན་དྲོད་བསྐྱེད་པར་བྱེད་དོ། །མཆན། དེ་ཡང་མཁྲིས་པ་གསེར་དུ་སྣང་བའི་རྩ་སྒོ་ཕོ་བར་གཏད་པ་ལ། ལྟེ་དྲོད་ཀྱི་མེའི་ས་བོན་གྱི་མེ་སྒོ་གཏད་པས་བཟའ་བཏུང་རྣམས་བསྲེག་པ་ནི་མེ་ཤེལ་གྱི་དྲུང་དུ་མེ་མི་འབྱུང་བར་མེ་ཤེལ་གྱི་མེ་སྒོར་མེ་འབྱུང་བ་བཞིན་ནོ། །དེ་ནས་མཁྲིས་པ་མེའི་རང་བཞིན་གྱིས་མདོག་བསྒྱུར་ཞིང་། མེ་མཉམ་གྱི་རླུང་གིས་དངས་མ་མཁལ་མའི་རྩ་ནས་བརྒྱུད་དེ་ལུས་ཟུངས་སུ་འགྱུར་བ་ལས། སྤྱིར་བཏང་གི་དབང་དུ་བྱས་ན། ཁྲག་གིས་ཤ་བསྐྱེད་དེ་ལས་ཚིལ། །རུས་པ་རྐང་དང་ཁུ་བ་སྟེ། །ལུས་ཟུངས་དངས་མ་བདུན་ཞེས་བྱ། །ཞེས་པ་ལྟར་ཡིན་ཅིང་།

p. 553

དཀྱུས་སུ་བཀོད་པ་ནི་སྐྱེས་པའི་དབང་དུ་བྱས་ལ། བུད་མེད་ལ་ནི་ཁྲག་གིས་རུས་པ་བསྐྱེད་ཅིང་། རུས་པས་ཤ་བསྐྱེད་ལ། ཤས་རྐང་བསྐྱེད། རྐང་གིས་ཚིལ་བསྐྱེད། ཚིལ་གྱིས་དམར་ཆ་བསྐྱེད་པར་བྱེད་དོ། །མཆན། དེས་ན་དཀར་དམར་གྱི་དངས་མ་གཉིས་ག་ལ་ནང་གི་སྐྱེ་བ་བདུན་པ་ཞེས་བརྗོད་དོ། །ཕྱི་རོལ་དུའང་བྲམ་ཟེ་དང་དགེ་སྦྱོང་མི་ནས་མིར་སྐྱེ་བ་བདུན་བརྒྱུད་དུ་བྱས་པའི་ཤ་སོགས་ལུས་ཟུངས་བདུན་ལ། སྔགས་ཀྱི་ཆོ་ག་བྱས་ན་བཅུད་ལེན་དུ་འགྱུར་བས། ཚེ་ཡི་རིག་འཛིན་དང་མཁའ་སྤྱོད་ཐོབ་པར་བཤད་པ་ཡང་། རྣལ་འབྱོར་པ་རང་ལམ་གྱི་དྲོད་ཐོབ་པ་ཡན་ཆད་ཀྱི་སྔགས་ཀྱི་ནུས་པ་ལས་འབྱུང་བ་ཡིན་ནོ། །མཆན། དེ་ཡང་ཁམས་དཀར་དམར་གྱི་འཛག་པ་ལས་སྲིད་པ་འབྱུང་སྟེ། སྐྱེས་བུ་འདོད་ལྡན་དར་མ་ནད་མེད་ཕོ་མོའ་ཁམས་ལ་རིགས་རྒྱུད་བདུན་སྲིད་ཚུན་ཆོད་ལ་བུ་དང་བུ་མོ་གཉིས་ཀ་བསྐྱེད་ངེས་ཀྱི་ནུས་པ་ཡོད་པར་གསུངས་སོ། །གཞན་ཡང་ཚེ་བསོད་ཤེས་རབ་ཡོན་ཏན་མཆོག་དམན་ཀུན་ལུས་ཀྱི་དངས་མ་མཆོག་དམན་ལ་གནས་པར་གསུངས་ཤིང་། ཁམས་

p. 554

ཉམས་པའི་སྐྱོན་ལ་སྤྱིར་གྱི་ཁམས་འཛག་པ་ནད་དུ་འགྱུར་ཚུལ་སོགས་ཡོད་ལ། ལྷག་པར་བླ་མེད་ཀྱི་སྔགས་སྡོམ་རྒྱུད་ལྡན་ལ་ཁམས་དཀར་དམར་གྱིས་བསྐྱེད་པའི་ལུས་ཀྱི་ཆ་སོ་སོ་ནས་སྒྲིབ་བྲལ་དུ་བྱེད་པ་སྔགས་ཀྱི་དམ་ཚིག་ཡིན་ལ། དེའི་ཚེ་སྒྲིབ་བྲལ་དུ་བྱེད་པའི་ཐབས་ཤེས་དོན་དུ་མི་གཉེར་བར་སྔགས་སྡོམ་ལས་ཉམས་སྟོབས་ཀྱིས་ཕུང་པོ་ཕྲ་རགས་ཀྱི་རྒྱུན་བསྐྱེད་བྱེད་སྒྲིབ་པའི་ས་བོན་དཀར་དམར་གྱི་རྒྱུན་ནང་གི་རྩ་འདབ་རྣམས་སུ་ཕུང་པོ་ཕྲ་རགས་ཀྱི་རྒྱུན་བསྐྱེད་པའི་ཕྱིར་འཛག་པ་དང་། ཕྱི་རོལ་དུ་དབང་པོའ་སྒོར་འཛག་པ་གཉིས་ལ་རྩ་ལྟུང་ལྔ་པར་གསུངས་པ་དེས་ན་རྣལ་འབྱོར་དང་མི་ལྡན་པ་ལ་སྨན་སྦྱོར་དང་སྤྱོད་ལམ་གྱི་སྒོ་ནས་ཁམས་ཀྱི་འཛག་པ་བསྲུང་དགོས་ལ། རྣལ་འབྱོར་དང་ལྡན་པས་ནི་ལུས་ཀྱི་གནས་ཐམས་ཅད་དཀར་ཆའི་དངས་མས་འཛིན་ཅིང་། ཁྲག་དང་ཆུ་སེར་སོགས་ཡེ་མེད་པར་བྱེད་པ་ཡིན་ལ། དེ་ལྟར་ཁམས་བརྟན་པའི་ཡོན་ཏན་ནི། གནས་སྐབས་སུ་ལུས་

p. 555

འཚོ་ཞིང་མཐར་ཐུག་རྣལ་འབྱོར་གྱི་སྟོབས་ཀྱིས་ལུས་ཟུངས་བདུན་སྒྲིབ་བྲལ་དུ་སོང་བ་ན་འགྲོ་བ་དྲུག་སྲིད་པ་བར་མ་དང་བདུན་གྱི་སྲིད་པ་ཆད་ཅིང་། རྡོ་རྗེའི་དབུ་མ་སྐུ་བཞི་བསྐྱེད་པའི་གནས་འཁོར་ལོ་བཞིའི་རང་གནས་ཀྱི་དབུས་སུ་དཀར་དམར་རླུང་གསུམ་སྒྲིབ་བྲལ་རོ་གཅིག་ཏུ་གྱུར་པ། ཐབས་ཤེས་དབྱེར་མེད་ཀྱི་ཐིག་ལེ་དངུལ་ཆུའི་རིལ་བུ་ལ་ལི་གྲིས་བྱུགས་པ་ལྟ་བུ་ཟུང་འཇུག་གི་ཐིག་ལེ་སྤྲོས་པའི་གྲ་ཟུར་དང་བྲལ་བ་སྔགས་བླ་མེད་ལུགས་ཀྱི་རྫོགས་པའི་སངས་རྒྱས། བཙུན་མོའ་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །ཞེས་པ་དེ་ཉིད་མངོན་དུ་བྱེད་པ་ཡིན་ནོ། །སྙིང་པོ་གསང་དོན་ལས། འཁོར་བ་པ་རྣམས་ནི་དཀར་ཆ་སྤྱི་གཙུག་ཡན་དུ་སོང་། དམར་ཆ་ལྟེ་འོག་ཕྱིན་དུ་སོང་། རླུང་རྣམས་རོ་རྐྱང་གི་ལམ་ནས་ཕྱིར་ཤོར། སྤྱི་བོར་དཀར་ཆ་ཤོར་བས་བདེ་བ་ཆུང་། ཅུང་ཟད་བདེ་བ་སྐྱེའང་འཛག་བཅས་འཁོར་བའི་ཚོར་བདེར་མྱོང་། གྲང་བའི་ནད་བསྐྱེད། དམར་ཆ་

p. 556

ལྟེ་འོག་ཏུ་ཤོར་བས་དྲོད་ཆུང་། དེས་ཟས་ཀྱི་དངས་སྙིགས་མ་ཕྱེད་པས་དངས་མ་ཐིག་ལེར་མ་སྨིན་པས་བད་མཁྲིས་བསྐྱེད། སྙིགས་མ་ཐུར་དུ་མ་སྐྱོལ་བས། སྲན། དམུ་ཆུ། འོར། སྐྱ་སྦབ་རྣམས་འབྱུང་། ཅུང་ཟད་གཡོས་ཀྱང་ཚ་གྲང་མ་སྙོམས་པས། སླར་ཚད་པའི་ནད་རྒྱས། དེ་ལྟར་དངས་མ་གཉིས་ཡ་བྲལ་དུ་སོང་བས་བདེ་དྲོད་ཆུང་། དེའི་སྟོབས་ཀྱིས་རླུང་ཚ་གྲང་གཉིས་ཀྱང་མ་བུའི་ཚུལ་དུ་ཟུང་དུ་མི་འཇུག་པར་དགྲ་གཤེད་ཀྱི་ཚུལ་དུ་གྱུར། དེ་གཉིས་མ་སྙོམས་པས་དུག་གསུམ་དང་། དེའི་འབྲས་བུ་མི་དགེ་བ་སྣ་ཚོགས་བསྐྱེད། དཀར་དམར་ཕན་ཚུན་འདྲེས་པའི་སྲོག་མེད་པས་ཞག་རེ་རེ་ལ་རྩ་གཉིས་གཉིས་བསྐམས། དེའི་སྟོབས་ཀྱིས་རྩ་མདུད་འབྱར་འཛིངས་པར་ཤོར། རླུང་རྣམ་རྟོག་གི་གྲངས་དང་མཐུན་པར་ཤོར་བས་ཚེ་ཟད། རྩ་སྦུབས་སུ་འཁྲིལ། རླུང་རྩུབ་པོར་འཕེལ། ཐིག་ལེ་གར་བུར་སྨིན་པའོ། །དེའི་རྐྱེན་གྱིས་ཕུང་པོ་རྣམས་སྙིགས་ཤིང་རྒས། སེམས་མ་རུང་བར་འགྱུར་ཞེས་གསུངས་སོ། །མཆན། དེ་ལྟར་དངས་མ་སྒྲིབ་བྲལ་དུ་སོང་བ་ནི་ཆོས་ཀྱི་སྐུ་ཡིན་ལ། ཆོས་སྐུའི་རྟེན་བཅོམ་ལྡན་འདས་ཡབ་ཧེ་རུ་ཀ་བཞི་ནི་དཀར་ཆ་རྣམ་དག་དང་ཆོས་སྐུའི་བཅོམ་

p. 557

ལྡན་འདས་ཡུམ་ཕྱག་རྒྱ་བཞི་ནི་དམར་ཆ་རྣམ་དག་སྟེ། ཡུམ་གྱི་སྐུ་གཏུམ་མོར་འབར་བའི་ཤུགས་ལས་ཡབ་ཀྱི་ཐུགས་ལ་བདེ་ཆེན་གྱི་ཡེ་ཤེས་འདྲེན་པ་ཡིན་ལ། དེའི་ཕྱིར་སེམས་ཅན་གྱི་དཀར་ཆ་ཧེ་རུ་ཀ་དང་དམར་ཆ་རྣལ་འབྱོར་མར་གསུངས་པ་ནི། རྒྱུ་དེ་ལ་འབྲས་བུ་ཧེ་རུ་ཀ་ཡབ་ཡུམ་གྱི་སྙིང་པོ་ཅན་དུ་སྒྲིབ་བྲལ་དུ་དག་པ་ལ་དགོངས་པ་ཡིན་ནོ། །གཉིས་པ་ཉམས་སུ་བླང་བ་ནི། རླུང་སྦྱང་བ་ཡན་ཆད་སྔོན་དུ་བཏང་ནས་ལུས་ཀྱི་གནད་སྔར་ལྟ་བུ་ལ་དམིགས་པའི་གནད་སྟོང་ར་དང་རྩ་གསལ་གདབ་པ་གོང་བཞིན་ལས། ཁྱད་པར་དྷཱུ་ཏིའི་ཡར་སྣ་ཚངས་བུག་ནས་སྨིན་མཚམས་ཀྱི་བར་སྣེ་བསྲིངས་ཏེ་གནས་པའི་སྒོར། བདུད་རྩི་ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་མཚན་ཉིད་བཞི་ལྡན་དུ་བསྒོམ་སྟེ། དེ་ཡང་ཕ་ལས་ཐོབ་པའི་ཁམས་ཀྱི་ཆ་ཡིན་པའི་ཕྱིར་དཀར་བ། ཤེས་རབ་ཀྱི་རང་བཞིན་ཙཎྜ་ལི་དང་རྗེས་སུ་འབྲེལ་བའི་ཕྱིར་འཚེར་བ། བྱང་ཆུབ་ཀྱི་སེམས་བདུད་རྩིའི་བཅུད་དང་ལྡན་པའི་ཕྱིར་

p. 558

སྣུམ་པ། རིགས་ལྡན་གྱི་གནས་གང་ཡང་རུང་བར་སྤྱན་དྲང་བདེ་བའི་ཕྱིར་ཀུན་ཏུ་ཟླུམ་པས་འདྲིལ་བའི་མཚན་ཉིད་བཞི་དང་ལྡན་པ་སྲན་མ་འབྲིང་པོ་ཙམ་བདེ་བ་དང་བཅས་པ་ཞིག་བསྒོམས་ལ་སེམས་རྩེ་གཅིག་ཏུ་གཏད་དེ་རླུང་གི་རྣལ་འབྱོར་དང་ལྡན་པར་བྱའོ། །དེར་གསལ་བ་ན་རང་བཞིན་མདའ་ལྟར་འཕང་བའི་སྦྱོར་བ་དང་བསྟུན་ནས་ཐིག་ལེ་དེ་ཉིད་སིང་སྒྲ་དང་ལྡན་ཞིང་། བདེ་བའི་རེག་ཚོར་དང་བཅས་པར་སྤྱི་གཙུག་ཏུ་སོང་ཞིང་དེར་གནས་པ་ལ་སེམས་འཛིན། གསལ་བ་ན་རླུང་རྔུབ་པ་དང་བསྟུན་ནས་ཐིག་ལེ་དེ་ཕྱིར་དྷཱུ་ཏིའི་ནང་དུ་སིང་སྒྲ་དང་བཅས་ནས་བདེ་ཕྲིལ་གྱིས་སོང་བར་བསམ། རླུང་དགང་བ་དང་ལྷན་ཅིག་གསང་གནས་ཀྱི་རྩ་བའམ་རྩེ་མོ་གང་རུང་དུ་གནས་པར་ལྟ་ཞིང་སེམས་བཟུང་། གཞིལ་བའམ་རང་བཞིན་མདའ་ལྟར་འཕང་བ་གང་རུང་གིས་ཕྱིར་གཏོང་བ་དང་བསྟུན་དྷཱུ་ཏིའི་ནང་ནས་ཡར་སྤྱི་གཙུག་ཏུ་སོང་བར་བསམ། སླར་རྔུབ་པ་དང་བསྟུན་སྨིན་མཚམས་སུ་བདེ་ཕྲིལ་གྱིས་གནས་

p. 559

པར་སྒོམ་པ་རྗེ་བཙུན་ཆོས་རྗེའི་གསུང་ལས། བདེ་བ་ཆུང་ཞིང་རླུང་ཤས་ཆེ་བ་དང་སེམས་མི་གནས་ན། གསང་གནས་སུ་ཡུན་རིང་དུ་བསྒོམ། བྱིངས་རྨུག་ཆེ་ཞིང་ཏིང་ངེ་འཛིན་མི་གསལ་ན། སྤྱི་གཙུག་དང་སྨིན་མཚམས་སུ་ཡུན་རིང་དུ་བསྒོམ་མོ། །ཞེས་གསུངས་སོ། །མཆན། སོགས་སྔ་མ་ལྟར་རླུང་དང་བསྟུན་ཞིང་སྦྱངས་པས་དམིགས་པ་གར་གཏད་དུ་ཟིན་པ་དང་། བདེ་བ་བླང་དུ་ཡོད་སྙམ་པ་འབྱུང་སྟེ། དེ་སྲིད་དུ་བསྒོམ་པར་བྱ་བ་དང་། ཐུན་གྱི་མཐར་ནི་ཐིག་ལེ་སྔར་གྱི་གནས་སྨིན་མཚམས་ཉིད་དུ་བསྡུ་ཞིང་བཞག་གོ། །རྩ་བ་འདི་ལས་འཕྲོས་པའི་དམིགས་པའི་ཡན་ལག་རྒྱས་པ་ནི། དཔའ་གཅིག་དང་། ཟུང་སྦྱོར་དང་། ཁྱབ་འཇུག་གི་རིམ་པ་གསུམ་ལ་འཕྲོས་དོན་རེ་རེ་ལའང་དམིགས་པའི་རྣམ་གྲངས་འགའ་ཞིག་དང་བཅས་པ། རྗེ་མཁའ་སྤྱོད་པས་ཆོས་དྲུག་ཟིན་བྲིས་སུ་མཛད་སྣང་ངོ་། །མཆན། འདི་ནི་དངོས་བསྟན་གཞུང་ལས་འབྱུང་བ་སོར་བཞག་སྟེ། བཀའ་དཔེ་ཚིག་ལྷུག་མར། སྨིན་ཕྲག་ཏུ་རུས་པ་གྲུ་གསུམ་གྱི་ནང་དུ་རླུང་སེམས་འདྲེས་པའི་ཐིག་ལེ་དཀར་ལ་སྣུམ་པ། སྣུམ་ལ་

p. 560

འདྲིལ་བ་གཅིག་ལ་སེམས་གཏད་ནས་འཇམ་རླུང་བཟུང་། དེ་ནས་ཡར་ཚངས་པའི་བུ་ག་དང་མར་གསང་བའི་རྡོ་རྗེའི་རྩེ་མོ་རྣམས་སུ་སིང་སྒྲ་དང་བཅས་པས་རེ་མོས་སུ་གང་བདེ་བ་ལ་སེམས་གཏད་ལ་ཞག་བདུན་སྒོམ། ཞེས་གསུངས་སོ། །དེ་ལྟར་སྦྱང་བ་གསུམ་པོ་འདི་ནི་གཏུམ་མོ་ཡེ་ཤེས་ཀྱི་གཞི་འཛིན་པ་ཡིན་ཏེ། རྩ་ཁྱིམ་དང་འདྲ། རླུང་བདག་པོ་དང་འདྲ། ཐིག་ལེ་ནོར་དང་འདྲ་བས་དེ་གསུམ་མེད་ན་ཁྱིམ་གྱི་ལོངས་སྤྱོད་མེད་པ་བཞིན་རྩ་ཐིག་རླུང་རྣམས་སྦྱང་བ་ཚད་མར་མ་གྱུར་ན་གཏུམ་མོ་ཡེ་ཤེས་ཀྱི་གཞི་འཛིན་པར་མི་ནུས་པས་སྐབས་འདིར་རྩ་ཐིག་རླུང་གསུམ་ལེགས་པར་སྦྱོང་བའི་ཉམས་ལེན་ནི། གཏུམ་མོ་ཡེ་ཤེས་ཀྱི་གཞི་ལེགས་པར་བཟུང་བའི་ཐབས་ཀྱང་ཡིན་ལ། གཞན་ཡང་སྟོང་ར་སྒོམ་པ་ནི། ནམ་མཁའ་ལ་ལུས་ཀྱི་རྣམ་པ་སྐྱ་བྲིས་ཙམ་དུ་དང་པོར་དམིགས་པ་ལས། གཞན་ལུས་ལ་བརྟེན་པའི་ཡུལ་དབང་ཡིད་བྱེད་སོ་སོར་སྡུད་པས། འདོད་པའི་ཉོན་མོངས་ལས་དབེན་པའི་བསམ་གཏན་

p. 561

ངང་གིས་སྐྱེས་པ་ན་རྩ་སྦྱང་བའི་གནད་ཀྱིས་སྟོང་གཟུགས་མང་པོ་ཞི་གནས་ཀྱི་དམིགས་ཡུལ་དུ་གྱུར་པ་རང་གི་ལུས་ཀྱི་རྩ་ཤིན་ཏུ་ཕྲ་བ་དང་དབྱེར་མེད་དུ་རྟོག་པ་དང་དཔྱོད་པས་སྒོམ་པ་ན། དེར་སྒོམ་བྱེད་ཀྱི་བཞོན་པར་གྱུར་པའི་རླུང་ལྡང་འཇུག་གནས་པ་ལ་ཉེས་སྐྱོན་སྦྱོར་བ་བཞི་ལྡན་གྱི་རྣལ་འབྱོར་གྱིས་སྦྱངས་པས། རླུང་ལས་རུང་གིས་ཐིག་ལེ་དབང་དུ་བྱེད་པས། ཐིག་ལེ་བསྐྱེད་བཞུ་བཏུལ་གསུམ་གྱི་དྲོད་དང་པོར་ཉུལ་བས་དགའ་བ་དང་བདེ་བ་བསྐྱེད་ཅིང་། དེའི་ངོ་བོ་ལ་གསལ་སྣང་ཐེབས་པའི་གནས་པ་རྩེ་གཅིག་པ་སྟེ། བསམ་གཏན་ཡན་ལག་ལྔ་ལྡན་དུས་འདིར་བསྐྱེད་ལ། དེའི་ཚེ་རྩ་ཐིག་རླུང་གསུམ་ཡང་རང་གི་ཏིང་ངེ་འཛིན་གྱི་སྣང་བ་ཙམ་ལས་ཕྱི་དོན་བདེན་གྲུབ་པ་མིན་པར་རྟོགས་པའི་མྱོང་བ་ཁྱད་པར་ཅན་གྱི་ཤེས་རབ་སྐྱེ་བས། སྐབས་དེར་བསམ་གཏན་དང་ཤེས་རབ་ཟུང་འབྲེལ་དུ་བསྒོམ་པ་ནི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱི་མགོ་དང་པོ་ནས་བཙམ་པ་སྟེ། འདི་

p. 562

རྣམས་ལ་མ་ཟིན་པ་ཟིན་བྱེད་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག་ཏུ་བརྗོད་དོ། །འདིར་སྨྲས་པ། རྡོ་རྗེ་སློབ་དཔོན་སངས་རྒྱས་སྤྲུལ་སྐུ་ལ། །དབང་དང་རིམ་གཉིས་འཁྲུལ་པ་བྲལ་བ་ཐོས། །དེ་ཚེ་རྣལ་འབྱོར་བླ་ན་མེད་པ་ཡི། །ལམ་གྱི་མཐར་ཐུག་གཏུམ་མོའ་མན་ངག་གིས། །སྒྲིབ་གཉིས་འཆིང་བ་སྤོང་ཚུལ་འཆད་པའི་ཚེ། །བདག་ནི་དཔལ་ལྡན་དབྱངས་ཅན་བཟང་པོ་ཡི། །ངེས་དོན་དགོངས་པའི་གནད་གསང་ཇི་བཞིན་དུ། །ལེགས་པར་རྟོགས་ནས་རོ་མཆོག་ཅི་ཡང་མྱོང་། །ཞེས་སོ། །གཉིས་པ་ཟིན་པ་བརྟན་བྱེད་གསུང་རྡོ་རྗེ་སྒྲུབ་པ་ཙཎྜ་ལིའི་མན་ངག་ལ་གོ་བར་བྱ་བ་དང་། ཉམས་སུ་བླང་པ་གཉིས་ཀྱི་དང་པོ་ནི། སྤྱིར་གཏུམ་མོའ་བདེ་དྲོད་ཅེས་གྲགས་པ་ནི་དུང་ཅན་ནས་རྡུལ་སྟེང་དུ་གཤེགས་ཏེ། ལྟེ་བར་འབར་བའི་རྣམ་པ་ཅན་དྲོད་ཀྱི་ས་བོན་དང་ཕྲད་པའི་ནུས་པ་ལས་བྱུང་བའི་རེག་བྱ་ཚ་བ་ཞིག་ལ་འཆད་པར་ཕྱི་ནང་གཉིས་ཀ་མི་མཐུན་པ་མེད་དེ། དེ་ཡང་རྣལ་འབྱོར་པའི་དུང་ཅན་དུ་རྡུལ་ཆུད་པ་ལྟེ་བར་ཡར་

p. 563

འབབ་ཐུབ་པ་ན་དྲོད་ཀྱི་ས་བོན་ལཉྩ་ནའི་འཛག་ལྟ་བུ་དང་ཕྲད་པས། གཙུབས་སྟན་དང་གཙུབས་ཤིང་ཕྲད་པ་ལས་མེ་འབྱུང་བ་བཞིན་དུ་ལུས་ལ་འདོད་པའི་རེག་ཚོར་ལས་འདས་པའི་བདེ་དྲོད་ཀྱི་ཡོན་ཏན་སྐྱེ་སྟེ། དེ་ཡང་དུང་ཅན་དུ་ཆུད་པའི་རྡུལ་བུད་ཤིང་དང་། ལྟེ་དྲོད་ཀྱི་མེ་དང་། རོ་རྐྱང་གི་རླུང་བུམ་ཅན་ལྟེ་འཁོར་གྱི་དབུས་སུ་བཟུང་བའི་ནུས་པས་གཟུགས་ཁམས་སུ་སྐྱེ་བའི་བག་ཆགས་བརྟེན་པའི་ཐིག་རླུང་ཞུ་བས་བསམ་གཏན་གྱི་ངོ་བོའ་དགའ་བདེ་སྐྱེ་བ་ཡིན་ལ། ལྟེ་འོག་དུང་ཅན་དུ་ཆུད་པའི་རྡུལ་ལྟེ་འཁོར་གྱི་དབུས་འབར་བའི་རྣམ་པར་བཞུགས་པ་ལ་ཐུར་སེལ་གྱིས་འོག་ནས་བཏེག་པ་དང་། སྲོག་འཛིན་གྱིས་སྟེང་ནས་འདྲེན་དགོས་ལ། རྡུལ་དེ་དྲངས་པ་ན་དུས་ཀྱི་འཁོར་ལོ་ལས། གློག་གི་དབྱུག་པ་ཞེས་གསུངས་པ་ལྟར་སྐད་ཅིག་གིས་གྱེན་དུ་འཁྱུག་པ་ཧོཿཡིག་གི་སྒྲ་དང་བཅས་པར་འགྲོ་བ་ཡིན་ནོ། །དེ་ཡང་བུད་མེད་ལ་ལྟེ་འོག་ཏུ་གཏུམ་མོ་རྡུལ་འཛག་དུས་སུ་མིང་དེ་འབྲེལ་གྱི་

p. 564

ནུས་པ་ཡོད་ཅིང་། སྐྱེས་པ་ལ་ནི་ཕྱི་ནང་གི་རྣལ་འབྱོར་པ་འོག་ཏུ་རྩ་གཉིས་ཀྱི་དཀར་དམར་གྱི་གོ་ས་འཕོ་ནུས་པ་རྣམས་ལ་ལྟེ་འོག་ཏུ་གཏུམ་མོ་ཡོད་པ་དེས་ན། གནས་པའི་གཏུམ་མོ་བུད་མེད་ལ་ཡོད་ཅིང་། བསྒྲུབས་པའི་གཏུམ་མོ་སྐྱེས་པ་དང་བུད་མེད་གཉིས་ཀ་ལ་ཡོད་པར་རྗེ་ཁམས་པ་རོ་མཉམ་རྡོ་རྗེས་གསུངས་སོ། །དེ་ལ་འདིར་བླ་མེད་རྡོ་རྗེ་ཐེག་པ་ནས་གསུངས་པའི་གཏུམ་མོ་ཐུན་མོང་མིན་པའང་གོང་དུ་བཤད་པ་དེ་ཉིད་ལ་ངོས་འཛིན་ཏམ་ཞེ་ན། དེ་ནི་མིང་མཐུན་ཡང་དོན་གྱི་ཁྱད་པར་དུ་བྱས་པ་དུ་མ་ཞིག་ཡོད་དེ། རྗེ་བཙུན་དམ་པ་མི་བསྐྱོད་རྡོ་རྗེའི་གསུང་ལས། རྒྱུ་དུས་རང་བཞིན་ལ་གནས་པའི་གཏུམ་མོ་དེ་ཁོ་ན་སྦར་བ་ལས་ཀྱི་གཏུམ་མོ། དེ་ལ་དངུ ལ་རྡོ་ལ་དངུ ལ་གྱིས་ཁྱབ་པ་ལྟ་བུའི་ཟག་མེད་བདེ་བའི་དགའ་བཞི་བསྐྱེད་ནུས་དག་པ་རྡོ་རྗེའི་ལུས་ཀྱིས་མྱོང་ན་རྟག་པ་དམ་པའི་སྐུར་འགྱུར་ལ། མ་དག་རྣམ་སྨིན་གྱི་ལུས་ཀྱིས་མྱོང་ན་མི་རྟག་འཇིག་པར་འགྱུར་རུང་གི་རེག་བྱ་ཕྱི་རོལ་འབྱུང་བ་

p. 565

ལས་འདས་པ་ཞིག་ཡོད་པ་ནི་མཆོག་གི་གཏུམ་མོ་དང་ཡེ་ཤེས་ཀྱི་གཏུམ་མོ་ཟེར་བ་ཡིན་ནོ། །འདི་ལ་འཕགས་པས་མྱོང་བྱའི་རེག་བྱ་ཡིན་གྱི། འདིའི་རེག་བྱ་མཚན་ཉིད་པ་ནི་སོ་སྐྱེས་ཉམས་སུ་མྱོང་བྱར་མེད་ལ་རྗེས་མཐུན་ཙམ་དང་པོར་བསྐྱེད་པའི་ཕྱིར་མྱོང་སྟེ། རྒྱུའི་ཐེག་པའི་སྦྱོར་ལམ་དུ་ཆོས་ཉིད་ལ་མངོན་སུམ་ཡིན་མིན་མཐའ་གཅིག་ཏུ་འཇོག་དཀའ་བ་བཞིན་དུ། འདིར་ཡང་ཤེས་དགོས་ཞེས་རྗེ་མཉན་པ་རས་ཆེན་གསུང་ངོ་། །ཅེས་བཀའ་སྩལ་ཏོ། །དེ་ལྟ་བུའི་གཏུམ་མོ་མཚན་ཉིད་རབ་ཀྱི་མཐར་ཐུག་པ་ནི་སྟོང་པ་ཆེན་པོ་ཡི་གེ་གསུམ་པ་གང་ཡིན་པ་སྟེ་རྀ་ཏུའི་སྒྲ་ནི་རྡུལ་ལ་འཇུག་པས་ནང་དུ་རྡུལ་རྣམ་དག་སྲོག་ཐུར་ཀུན་ནས་གཡོ་ཞིང་ཟ་བར་བྱེད་པ། ཨ་ཝ་དྷཱུ་ཏིའི་ངོ་བོར་འབར་བ་ཞིག་ཡིན་ལ། ཨ་ཝ་དྷཱུ་ཏིའི་ངོ་བོར་འབར་བའི་དོན་ནི། ལས་གཏུམ་ལ་ཨ་ཝ་དྷཱུ་ཏིའི་ངོ་བོར་འབར་མི་དགོས་ཀྱང་། ཡེ་ཤེས་ཀྱི་གཏུམ་མོ་ལ་ཨ་ཝ་དྷཱུ་ཏི་མཚན་ཉིད་པའི་ལྟེ་བ་ཁོ་ནར་འབར་དགོས་པ་དང་། གཏུམ་མོ་དང་ཨ་ཝ་དྷཱུ་ཏི་གཞི་མཐུན་དུ་ཡོང་བ་ཡིན།

p. 566

མཆན། རྡུལ་སྒྲིབ་བཅས་ཀྱིས་སྐྱེ་འགྲོ་བསྐྱེད་ཅིང་སྤྲོ་བར་བྱེད་པ་ལྟར་སྒྲིབ་བྲལ་རྣམ་དག་གི་རྡུལ་དེས་ཀྱང་ཡེ་ཤེས་ཀྱི་འོད་ཟེར་སྤྲོ་བར་བྱེད་ལ། དེ་ལྟེ་བར་ཉི་མ་བགྲོད་པའི་ཁྱིམ་བཅུ་གཉིས་ཀྱི་རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་བྱས་པའི་ཕྱིར་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་དང་ལྡན་པ་གློག་གི་མེ་དང་མཚུངས་ཤིང་བཟོད་པར་དཀའ་བ། གནམ་ལྕགས་འབབ་པའི་དུས་ཀྱི་མེ་ལྟར་སྐད་ཅིག་ལ་དངོས་ཚོགས་གཞལ་དུ་མེད་པ་བསྲེག་པར་ནུས་པས་དྲག་པོར་ཀློག་པ་སྟེ་རྣམ་པར་བཅད་པའི་བྱ་བ་དང་ལྡན་པའི་ཕྱིར་ལྷོ་ཕྱོགས་སུ་ཚེག་དྲག་གི་ཡི་གེར་གནས་པ་ཞིག་ལ་ངོས་འཛིན་པ་སྟེ། མཆོག་གི་དང་པོའ་སངས་རྒྱས་ལས། སྤྲོ་བྱེད་ནུས་པའི་ངོ་བོ་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གཉིས་པ་ནི། ཟིན་པ་བརྟན་བྱེད་འདི་ལ་ཞི་བ་ཙཎྜ་ལི་མེ་ཆུང་བསྐྱེད་ཅེས་བྱ་

p. 567

སྟེ། དེ་ལ་ལུས་ཀྱི་གནད་ནི་བཀའ་དཔེ་ཚིག་ལྷུག་མར། བསམ་གཏན་གྱི་ཆོས་དྲུག་བྱ། བཅིང་བ་གསུམ་ཡང་གསུངས། ཅེས་འབྱུང་བས་གོང་དུ་བརྗོད་པ་ལྟར་ཡིན་ལ། དེ་ནས་རླུང་སྦྱང་བ་ཡན་ཆད་སྔོན་དུ་བཏང་ནས། རང་ཉིད་ལྷ་སྐུ་སྟོང་ར་ཤིན་ཏུ་དངས་པའི་ལུས་ཀྱི་ནང་དུ་རྩ་གསུམ་མཚན་ཉིད་བཞི་ལྡན་གསལ་བཏབ་པའི་རྩ་གསུམ་འདུས་མདོ་སྟེ་ལྟེ་བའི་འོག་གསང་བའི་སྟེང་སྒྱུ་ཞབས་ཀྱི་གཉེར་མཚམས་ཀྱི་ཐད་ཀྱི་དྷཱུ་ཏིའི་ནང་དུ་མེའི་ཆོས་འབྱུང་གི་དབུས་སུ་ཡེ་ཤེས་ཀྱི་གཏུམ་མོ་མཚན་ཉིད་བཞི་ལྡན་སྒོམ་སྟེ། དེ་ཡང་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའམ་བདག་མེད་མ་ཉིད་ཐིག་ལེའི་རྣམ་པར་བཞུགས་པ་ཉི་མའི་ཆོས་ཉིད་ཀྱིས་དམར་བ། རླུང་མེའི་དྲོད་ཅན་གྱི་ངོ་བོར་གྲུབ་པས་རེག་བྱ་ཚ་བ། ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་ཕྱིར་ཆུ་ནང་གི་ཉི་མ་ལྟར་ངོ་བོ་མ་དམིགས་པ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་བདུད་རྩི་དམ་པའི་ཕྱིར་རྣམ་པ་བདེ་བ་སྟེ། མཚན་

p. 568

ཉིད་བཞི་ལྡན་ཙ་ན་ཀའི་འབྲས་བུའི་ཚད་ཙམ་ཆེས་ཤིན་ཏུ་ཕྲ་བ་ལ་དམིགས་ནས་སྦྱོར་བ་བཞི་ལྡན་གྱིས་གནད་དུ་བསྣུན་པས་མེ་ཤེད་བསྐྱེད་དེ་བདེ་བ་དང་ལྡན་པར་བསམ་མོ། །དེ་ལ་སེམས་ཟིན་པ་དང་རླུང་སྦྱོར་གྱིས་མེའི་ཤེད་ཇེ་ཆེར་བསྐྱེད་ལ་སྲན་མའི་རྡོག་པོ་ཙམ་རྩེ་མོ་གཅན་གཟན་གྱི་སྤུ་ཙམ་སུམ་འཁྱོག་ཏུ་འབར་བ་ལ་སེམས་གཏད་དོ། །འདི་ནི་ཙཎྜ་ལི་ཡུལ་གྱི་གནད་དེ། བཀའ་དཔེ་ཚིག་ལྷུག་མར། ཡུལ་གྱི་གནད་ནི་སྤྱི་བོ་ཚངས་པའི་བུ་ག་ནས་ལྟེ་བའི་འོག་ལ་ཐུག་གི་བར་ཤིན་ཏུ་དྲང་བ་སྟོང་བ། ཕྱི་སྔོ་ལ་ནང་དམར་བ། སྦོམ་ཕྲ་གྲོ་སོག་འབྲིང་པོ་ཙམ། དེའི་ནང་གི་ལྟེ་བའི་འོག་ན་ཡེ་ཤེས་གྱི་མེའི་ས་བོན་ནི་ཨ་ཤད་ཀྱི་རྣམ་པ། དམར་བ། ཚ་བ། མོ་ཁབ་ཙམ་ཅིག་བསམ་ཅེས་གསུངས་སོ། །འདིར་གྲུབ་པའི་སློབ་དཔོན་གྱི་ཞལ་ལུང་ལས་བྱུང་བའི་མན་ངག་གི་གནད་ནི། རྣལ་འབྱོར་གྱི་དབང་ཕྱུག་མཁའ་སྤྱོད་པའི་གསུང་ལས། མཚན་ཉིད་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཙ་ན་ཀའི་ཚད་ལྟར་ཆེས་

p. 569

ཤིན་ཏུ་ཕྲ་བ་ལ་དམིགས་པ་ནི་ཡུལ་གྱི་གནད་རྣམས་ཀྱི་རྒྱལ་པོའའང་རྒྱལ་པོ་སྟེ། སེམས་རྩེ་གཅིག་ཏུ་འཛིན་པ་ནི་ཡིད་ཀྱི་ལྟེམ་དང་། དེས་རྣམ་པར་རྟོག་པ་ཐམས་ཅད་རང་ཆིངས་སུ་གྱུར་པ་ནི་ཡིད་ཀྱི་ཆིངས་དང་། དམིགས་པ་ལ་ཧ་ཅང་སེམས་བསྒྲིམས་ཆེས་ན་རྣམ་པར་རྟོག་པ་འཕྲོ་བའི་རྟེན་དུ་འགྱུར་བས་ལྷོད་དེ་མ་ཡེངས་པར་བྱ་བ་ནི་སེམས་ཀྱི་ཤིགས་ཏེ། དེ་ལྟར་ན་ལྟེམ་ཆིངས་ཤིགས་གསུམ་ལ་ལུས་ངག་ཡིད་གསུམ་གྱི་དབྱེ་བས་དགུར་འགྱུར་ཞིང་། ཡིད་དང་ཐིག་ལེ་དབྱེར་མེད་པ་བདེ་གསལ་མི་རྟོག་པའི་ངོ་བོ་ཉིད་དུ་བྱེད་པའོ། །ཞེས་སོ། །དེ་ནས་གོང་དུ་བརྗོད་པ་དག་མི་གསལ་བའམ་གོམས་པ་ནའང་རུང་སྟེ། ཁམས་གཉིས་ཀྱི་རླུང་རབ་ཏུ་གཡོ་བའི་ཤུགས་ཀྱིས་བྱང་ཆུབ་ཀྱི་སེམས་ཕྲ་མོ་དེ་ཉིད་མངོན་པར་སྦར་ཏེ། ཕྲ་ཞིང་ཕྲ་བ་རྟ་རྔ་ཙམ་ལ་སྐུ་སུམ་འཁྱོག་གི་རྣམ་པར་གནས་པ་སྐད་ཅིག་རེ་རེ་ཡང་མི་སྡོད་པར་འཁྱུག་པ། རྩེ་མོ་ཤིན་ཏུ་རྣོ་ཞིང་ཚ་བའི་རེག་བྱ་ཚད་མེད་པ་དང་ལྡན་པ།

p. 570

ཡེ་ཤེས་ཀྱི་བདེ་བ་ཆེན་པོའ་གར་གྱིས་རྣམ་པར་རོལ་བ་མོ་ཁབ་ཙམ་ལ་སེམས་གཏད། དེ་གསལ་བ་ན་སླར་སོར་གཅིག་གམ་བཞིའི་བར་ཅི་རིགས་སུ་སྦར་ཏེ། མེ་དེ་ཡང་ཁ་དོག་དམར་བ། ཁམས་སྐྱོན་ཅན་ཡིན་ན་མེ་ཁ་དོག་དཀར་པོར་བསྒོམ། དེ་ཡང་དྲོད་དང་བདེ་བ་དུས་མཉམ་དུ་བསྒོམ། བདེ་བ་ཆུང་ན་བདེ་བ་རྐྱང་པ་དང་དྲོད་ཆུང་ན་དྲོད་རྐྱང་པ་ལ་དམིགས་ཤིང་། རླུང་ཤས་ཆེ་ཞིང་སེམས་མི་གནས་ན། མེ་མི་གཡོ་ཞིང་བདེ་བ་ལ་དམིགས། བྱིངས་རྨུགས་དང་ཏིང་ངེ་འཛིན་མི་གསལ་ན། མེ་རྩེ་མོ་གཡོ་ཞིང་ཚ་བ་ལ་སེམས་བཟུང་ངོ་། །མཆན། རེག་བྱ་ཚ་བ་། ངོ་བོ་བདེ་བ། རྣམ་པ་གསལ་བ། རྩ་བ་སྦོམ་ལ་བརྟན་པ། རྩེ་མོ་ཕྲ་ཞིང་གཡོ་བ་དྷཱུ་ཏིའི་ནང་དུམྱུག་མྱུག་པ་ལ་སེམས་བཟུང་ངོ་། །དམིགས་ཐུན་འདི་རྣམས་ལ་དཔལ་རང་བྱུང་གིས། འདི་ལ་བརྒྱུད་པ་གཞན་གྱིས་དམིགས་པ་བཞི་བྱེད་ཀྱང་རང་རེ་གཅིག་བྱེད་དོ། །ཞེས་གསུངས་པས། དཀྱུས་སུ་དམིགས་པའི་མཚན་མ་བྱས་པ་ལྟར་རམ། ཡང་ན་ཐུན་གཅིག་ཏུ་བྱས་ཀྱང་རུང་ངོ་། །མཆན། དུས་ཀྱི་གནད་ནི་བཀའ་དཔེ་ཚིག་ལྷུག་མར། བཞི་པ་དུས་ཀྱི་གནད་ནི་

p. 571

ལུས་ལ་བདེ་བ་སྐྱེས་པའི་དུས་སུ་ཡུན་རིང་དུ་སྒོམ་མོ། །ཞེས་པ་ཙམ་ལས་མ་གསུངས་ཀྱང་། འཁོར་ལོའ་དབང་ཕྱུག་བཞད་པ་རྡོ་རྗེས། གཏུམ་མོ་ལ་དུས་ཀྱི་གནད་བཞི་སྟེ། རིང་པོ་སྡུག་བསྔལ་གྱི་དུས། ཐུང་དུ་བཏང་སྙོམས་ཀྱི་དུས། ཤིན་ཏུ་ཐུང་བ་བདེ་བའི་དུས། སྐད་ཅིག་མ་བསམ་གྱིས་མི་ཁྱབ་པའི་དུས་དང་བཞིའོ། །ཞེས་གསུངས་སོ། །དང་པོ་ནི། བདེ་བའི་རྟེན་རྩ་ལ་གསལ་སྣང་བསྐྱེད་པའི་སྐབས་དང་། གཉིས་པ་ནི། གསལ་བའི་རྟེན་ཡི་གེ་དང་རླུང་ལ་གསལ་སྣང་བསྐྱེད་པའི་སྐབས་དང་། གསུམ་པ་ནི། གཏུམ་མོའ་ཐིག་ལེ་ལ་གསལ་སྣང་བསྐྱེད་ནས་ཐེབས་པའི་སྐབས་ཏེ། འདི་ལ་ཆོས་ཅན་གྱི་ཆ་ནས་དུས་གསུམ་པ་དང་། ཆོས་ཉིད་ཀྱི་ཆ་ནས་བཞི་པར་འཇོག་པའི་དུས་གསུམ་པ་འདི་ལའང་སྤྱི་བོའ་བྱང་སེམས་མགྲིན་པ་དང་། དེ་ནས་སྙིང་ག་དང་། ལྟེ་བར་གཏུམ་མོ་དང་ཕྲད་པའི་དུས་ཀྱི་བདེ་བ་སྟེ། གང་དུ་སྐྱེ་བ་དང་བྱང་སེམས་དེ་དག་གང་དུ་ཞུ་བ་ནི་བསམ་གྱིས་མི་ཁྱབ་པ་རྣམས་སོ། །མཆན། དེ་ལྟར་གནད་གསུམ་གྱི་སྒོ་ནས་ཟིན་པ་བརྟན་བྱེད་མེ་ཆུང་བསྐྱེད་ཀྱི་རིམ་པ་འདིས་ནི་ཡོན་

p. 572

ཏན་རིན་པོ་ཆེ་མཐའ་དག་བསྐྱེད་པ་སྟེ། བཀའ་དཔེ་ཚིག་ལྷུག་མར། རླུང་དབུ་མར་ཚུད་ནས་ཟག་བཅས་ཀྱི་བདེ་བ་ལས་ཀྱང་ལྷག་པ་འབྱུང་སྟེ། དེའི་དུས་སུ་དེ་ཉིད་ཕྱག་རྒྱ་ཆེན་པོར་ཤེས་དགོས་སོ། །གཟུང་འཛིན་གཉིས་ནི་གཡས་དང་གཡོན་ནོ། །དབུ་མར་དེ་དག་ཚུད་ན་བདག་མེད་ཤུགས་ལ་སྐྱེའོ། །ཞེས་གསུངས་པས་སྔགས་བླ་མེད་ཀྱི་སངས་རྒྱས་སྒྲུབ་ཚུལ་ནི་ཐིག་རླུང་སེམས་གསུམ་མཆོག་གི་དྷཱུ་ཏིར་བསྡུ་བ་ཡིན་པ་ལས། དེར་ཐིག་རླུང་སེམས་གསུམ་བསྡུས་པས་མྱོང་བ་འཆར་ཚུལ་ལ་གཉིས་ལས། དང་པོ་ཀུན་རྫོབ་རྣམ་ཤེས་ཀྱི་རླུང་སེམས་དེར་འགགས་པ་ལ་བསྡུས་པར་བཏགས་པ་སྟེ། དེ་ཡང་སྤྱིར་འཁྲུལ་པའི་སྣང་བ་ལ་བེམ་ཤེས་གཉིས་སུ་ཡོད་པ་ལས། བེམ་པོ་ལ་འབྱུང་འགྱུར་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའི་རྒྱུ་འབྱུང་བ་ལྔ་སྟེ། དེ་གཉིས་ཡ་གྱལ་བ་བཅུའམ་ཟུང་ལྔ་པོ་དེར་རྟོག་པའི་རྟོག་པ་མི་རྟོག་འོད་གསལ་བར་ཐིམ་པའི་ཚེ་རྟགས་ལྔ་ཚན་ལྔ་འཆར་བ་སྟེ། རྟགས་ལྔ་ཚན་ལྔ་ནི། འབྱུང་བ་རེ་དབྱེ་

p. 573

གཞིར་བྱས་ནས། མཐོང་ཉམས། སེམས་ཉམས། ལུས་ཉམས། རྨི་ལམ་གྱི་ཉམས་ཏེ་ལྔར་བྱེད་པའམ། ཡང་ན་མཐོང་ཉམས་ལ་ངེས་མ་ངེས་གཉིས་སུ་ཕྱེ་ནས་ལྔར་བྱེད་ལ། འདི་སྐབས་ཀྱི་རྒྱས་བཤད་བདེ་མཆོག་གི་རིམ་ལྔ་རྒྱལ་བའི་དབང་པོས་མཛད་པར་ཆེས་གསལ་ལོ། །མཆན། དེ་ཡང་ས་ཆུ་མེ་རླུང་ནམ་མཁའ་ལྔའི་རླུང་དབུ་མར་ཚོགས་ཤིང་འདུས་པ་ན། མཐོང་ཉམས་སུ་རིམ་པ་ལྟར། དུ་བ་དང་། སྨིན་རྒྱུ་དང་། མེ་ཁྱེར་དང་། མར་མེ་དང་། སྤྲིན་མེད་པའི་ནམ་མཁའ་འཆར་ཞིང་། འདི་རྣམས་ལ་མཚན་མོའ་རྣལ་འབྱོར་གྱི་རྟགས་ལྔར་གསུངས་སོ། །སེམས་ཉམས་སོགས་བཞི་འཆར་ཚུལ་ནི་འདིར་མ་སྤྲོས་སོ། །དེ་ལྟར་བཟུང་ཡུལ་འབྱུང་བ་དང་འབྱུང་འགྱུར་གྱི་རྟོག་པ་ཐིམ་པའི་སྐབས་སུ་རྟགས་འདི་རྣམས་འཆར་བའི་རྒྱུ་མཚན་ཅི་ཞེ་ན། དཔལ་དབྱངས་ཅན་བཞད་པས་རིམ་པ་ལྔའི་མན་ངག་ཏུ། དངོས་པོར་འཛིན་པའི་གདོན་གྱིས་ཐེབས་པ་རྣམས་ལ་འབྱུང་བ་དང་འབྱུང་འགྱུར་གྱི་ཡུལ་རང་མཚན་པ་ཞིག་དེར་འཛིན་གྱི་ཤེས་པ་རང་

p. 574

མཚན་པ་ཞིག་ལ་མངོན་སུམ་གྱི་སྣང་བ་ལྟར་འཁྲུལ་ཞིང་། དེར་རྟོག་པས་ཀྱང་ཞེན་ཅིང་འཁྲུལ་བར་བྱེད་དོ། །འཁྲུལ་པ་དེ་བསལ་བའི་ལམ་བསྒོམས་པས་ཡུལ་འབྱུང་བ་ལྔ་རང་མཚན་དུ་གདོད་ནས་མ་སྐྱེས་པའི་ཕྱིར་ན། ཡུལ་སྣང་ཤེད་ཇེ་ཆུང་ལ་སོང་སྟོབས་ཀྱིས་འབྱུང་བ་ལྔའི་སྣང་བ་དང་དུ་བ་ལ་སོགས་པའི་སྣང་བ་རང་དངོས་གྲུབ་པའི་རྒྱུ་རྐྱེན་ལས་མ་སྐྱེས་པའི་མེད་སྣང་ཙམ་དུ་འཆར་ཞིང་ཡལ་བར་འགྱུར་བ་དེས། ཡུལ་འབྱུང་བར་གྲུབ་པ་དང་ཡུལ་ཅན་དེ་འཛིན་བྱེད་ཀྱི་ཤེས་པ་ཁ་ཕྱིར་ལྟའི་ཕྱི་རོལ་དོན་རིག་པའི་འཁྲུལ་པ་སེལ་བར་བྱེད་ཅིང་། དེས་ན་ཡུལ་དུ་སོགས་ལའང་དེར་འཛིན་གྱི་རྟོག་ཞེན་དང་བྲལ་བར་ཡང་གྲུབ་བོ། །ཞེས་གསུངས་སོ། །གཞན་ཡང་འབྱུང་བ་དང་འབྱུང་འགྱུར་གྱི་རྟོག་པ་སྔར་ལྟར་ཐིམ་པ་དང་ལྷག་པར་ཕུང་ལྔར་རྟོག་པ་མི་རྟོག་པར་ཐིམ་པའི་ཚེ་ཉིན་མོའ་རྣལ་འབྱོར་གྱི་རྟགས་ལྔ་འབྱུང་སྟེ། དེ་ཡང་མཐོང་ཉམས་སུ་འབར་བ་དང་། ཟླ་བ་དང་། ཉི་མ་དང་། རྡོ་རྗེ་སྒྲ་གཅན་དང་།

p. 575

གློག་སྟེ་མཆོག་གི་ཆ་དང་། ཐིག་ལེ་ཏེ་མཚན་མ་རྣམ་པ་བཅུ་པོ་མཐོང་བར་འགྱུར་ཏེ། མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་སྔགས་བདག་རིགས་སྔགས་རྒྱལ། །ཞེས་དང་། དྲི་མེད་འོད་དུ། དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ། འདུས་པ་ལ་སོགས་པ་ལས་མཚན་མོའ་རྣལ་འབྱོར་དང་། མཚན་ཡང་དག་པར་བརྗོད་པ་ལས་ཉིན་མོའ་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་འབྱུང་ངོ་། །མཆན། དེ་ཐམས་ཅན་ཀྱང་རང་བཞིན་སྟོང་པ་ཉིད་དུ་ངོ་སྤྲད་པར་བྱའོ། །གཉིས་པ་ནི། མཆོག་གི་དབུ་མ་དེར་དོན་དམ་ཡེ་ཤེས་ཀྱི་རླུང་སེམས་རང་གནས་སུ་བསྡུས་པ་ནི་བསྡུས་པ་མཚན་ཉིད་པ་ཡིན་ལ། དེའི་ཚེ་ནི་རྡོ་རྗེའི་སྲིད་གསུམ་མངོན་དུ་བྱེད་པས་ཕྱི་རོལ་གྱི་འབྱུང་བ་དང་ཤེས་པའི་ཡུལ་ལས་འདས་པའི་དུ་བ་ལ་སོགས་པའི་རྟགས་བཅོམ་གཞིག་གིས་གནོད་བྱ་མ་ཡིན་ཞིང་མཁའ་

p. 576

ཁྱབ་འགོག་པ་ཆེན་པོའ་ཏིང་ངེ་འཛིན་གྱི་བར་དུ་རྟག་པ། འཕགས་པའི་བདེན་པ་སོ་སོ་རང་རིག་པའི་མྱོང་བ་ལ་སྐུ་བཞི་ཡེ་ཤེས་ལྔ་ཆོས་སྐུ་མཛད་པ་དང་བཅས་པ་འཆར་བའི་དམིགས་པ་དག་པ་གོང་ནས་གོང་དུ་འགྲོ་བ་དག་འབྱུང་བ་ཡིན་ཏེ། རྗེ་བཙུན་ཆོས་རྗེའི་ཞལ་ནས། དེ་ལྟར་ལུས་སྦྱོང་བྱ་ཞིང་། དཔལ་རང་བྱུང་གིས། འཁྲུལ་འཁོར་དྲུག་པ་ཞེས་བྱ་བ། །རྐེད་པ་གཡས་བསྐོར་གཡོན་བསྐོར་གྱིས། །ལྟེ་བའི་རྩ་མདུད་འགྲོལ་བ་ཡིན། །རོ་སྟོད་གཡས་གཡོན་གཅུད་པ་ཡིས། །སྙིང་གའི་རྩ་མདུད་འགྲོལ་བ་ཡིན། །མགྲིན་པ་བསྐོར་ཞིང་དགྱེ་དགུ་ཡིས། །སྤྱི་བོ་མགྲིན་པའི་རྩ་མདུད་འགྲོལ། །ཡན་ལག་བརྐྱང་བསྐུམ་བྱས་པ་ཡིས། །ཚིགས་ཀྱི་རྩ་མདུད་འགྲོལ་བ་ཡིན། །ལུས་སྤྲུགས་ཕུར་སུབ་བྱས་པ་ཡིས། །རྩ་རྣམས་ཐམས་ཅད་འདུལ་བ་ཡིན། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །ཞེས་གསུངས་སོ། །མཆན། བསྒོམས་པས་དྲོད་དང་བདེ་བ་སྐྱེ་ཞིང་རྟགས་བཅུ་ལ་སོགས་པའི་གསལ་སྣང་འཆར། སེམས་གང་གཏད་དུ་ཟིན་པ་དང་མི་རྟོག་པ་ལ་སོགས་པའི་ཉམས་སྐྱེ་ཞིང་སྔར་སྐྱེས་ན་བརྟན་

p. 577

པར་བྱེད་དོ། །ཅེས་བཀའ་བསྩལ་ཏོ། །འདི་རྣམས་ལ་ནི་ཟིན་པ་བརྟན་བྱེད་བསྒྲུབ་པ་ཙཎྜ་ལིའི་མན་ངག་ཅེས་བརྗོད་པ་ཡིན་ནོ། །འདིར་སྨྲས་པ། མཚན་ཙམ་བརྗོད་དཀའ་བཅོམ་ལྡན་བདེ་བར་གཤེགས། །སངས་རྒྱས་སྤྲུལ་སྐུའི་བཀའ་དྲིན་བཟང་པོ་ལས། །ཟབ་མོའ་ལམ་དག་བདག་གིས་ལེགས་བསྟན་ཀྱང་། །བློ་གྲོས་བླུན་པོས་དོན་དུ་ག་ལ་གཉེར། །ཞེས་སོ། །གསུམ་པ་བརྟན་པ་བོགས་དབྱུང་ཐུགས་རྡོ་རྗེ་སྒྲུབ་པ་ཆེན་པོའ་མན་ངག་ལ། དྲོད། བདེ་བ། མི་རྟོག་པ་གསུམ་གྱི་བོགས་དབྱུང་དགོས་པ་ལས། དང་པོ་དྲོད་ཀྱི་བོགས་དབྱུང་བ་དྲག་པོ་ཙཎྜ་ལི་མེ་ཆེ་བསྐྱེད་ནི་གོང་ལྟར་བསྒོམས་ཀྱང་། ལུས་དང་སེམས་ཏིང་ངེ་འཛིན་ལ་བཀོལ་མི་བཏུབ་ཅིང་། བདེ་དྲོད་ཀྱི་མྱོང་བ་ཁྱད་པར་ཅན་མ་སྐྱེས་ན་བྱ་སྟེ། འདིར་མངའ་བདག་ལོ་ཙ་བ་ཆེན་པོ་ཡབ་སྲས་ཀྱི་གསུང་གིས། དྲོད་ཀྱི་བྱེད་པའམ་ནུས་པ་ནི་ལུས་དང་སེམས་ཏིང་ངེ་འཛིན་ལ་བཀོལ་མི་བཏུབ་ཅིང་། མཆོག་གི་ཡོན་ཏན་ལ་བཟོད་པར་མི་ནུས་པའི་ཆ་རྣམས་ཤིན་ཏུ་སྦྱང་བའམ་ཞི་

p. 578

ཞིང་དུལ་བ་དང་འཇམ་པོར་བྱེད་ལ། དེ་ཡང་དྲོད་བསྐྱེད་པའི་རྒྱུ་ཙཎྜ་ལི། དྲོད་གསོ་བའི་རྐྱེན་ཁྱད་པར་གྱི་བཟའ་བ། དྲོད་རྒྱས་པའི་ཐབས་སྲོག་རྩོལ་འགོག་པ། དྲོད་མི་ཉམས་པའི་དམ་ཚིག་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤང་བའོ། །ཞེས་གསུངས་སོ། །མཆན། དེ་ལ་ཐོག་མར་བཅའ་བ་ལུས་ཀྱི་གནད་ནི་གོང་དུ་བརྗོད་པ་དེའམ། ཡང་ན་ལུས་ཐབ་འགལ་གྱི་ཕྱག་རྒྱ་བཅོ་བརྒྱད་བཅའ་བ་ནི། རྐང་པའི་ལོང་བུ་གཉིས་བསྣོལ་ལ། ལག་པ་གཉིས་ཁུ་ཚུར་བསྣོལ་ཏེ། གྲུ་མོ་གཉིས་པུས་མོ་གཉིས་ལ་བཙུགས་ལ། ལག་མཐིལ་གཉིས་དཔུང་པ་གཉིས་ཀྱི་སྟེང་དུ་སྦྱར་ཏེ་བཞག་པས། རྐང་པ་ལ་སྟེང་འོག་གཉིས། ལག་པ་ལ་བཞི་ཡོང་བས་ཕྱི་ལུས་ཀྱི་ཐབ་འགལ་དྲུག །དེའི་ཚེ་རྩ་ལའང་དེ་བཞིན་དུ་འོང་བས་ནང་རྩའི་ཐབ་འགལ་དྲུག །དེ་ནང་གི་མེ་ལའང་དེ་བཞིན་དུ་འོང་བས་གསང་བ་ཡེ་ཤེས་ཀྱི་ཐབ་འགལ་དྲུག་སྟེ་བཅོ་བརྒྱད་ཀྱི་གནད་ལེགས་པར་བཅིང་བའོ། །དམིགས་པའི་གནད་ལ། རྩ་གསུམ་མེའི་ནུས་པས་གང་བར་བྱེད་པ། འཁོར་ལོ་བཞི་དང་

p. 579

ཡན་ལག་དང་ཉིང་ལག་གི་འཁོར་ལོའ་བར་དུ་གང་བར་བྱེད་པ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་དང་བ་སྤུའི་བར་འབར་བར་བྱེད་པ། གང་དང་གང་དུ་དྲོད་མ་སྐྱེས་པ་དེ་དང་དེར་སྐྱེ་བར་བྱེད་པ་བཞི་ལས། དང་པོ་ནི། སྔོན་འགྲོའི་རིམ་པ་གོང་ལྟར་བྱས་ལ། རང་ཉིད་ལྷ་སྐུ་སྟོང་ར་དང་ལྡན་པའི་ལུས་ཀྱི་ནང་དུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་གདབ་ཚུལ་སྔར་བརྗོད་པ་ཇི་ལྟ་བ་ལས་ཁྱད་པར་གཙུག་ཏོར་གྱི་འཁོར་ལོ་རྩ་འདབ་དགུ་པ་དང་། གསང་འཁོར་རྩ་འདབ་སོ་གཉིས་པ་དང་། རྩ་འདབ་བརྒྱད་རེ་དང་ལྡན་པའི་ཚིགས་ཆེན་གྱི་འཁོར་ལོ་བཅུ་གཉིས་དང་། ཚིགས་ཕྲན་གྱི་འཁོར་ལོ་རྣམས་རྩ་འདབ་བཞི་རེ་ཡོད་པ་དག་རབ་ཏུ་གསལ་བའི་རྩ་གསུམ་འདུས་མདོར་ཡེ་ཤེས་ཀྱི་མེའི་རེག་བྱ་ཅན་བཅོམ་ལྡན་འདས་མ་གཏུམ་མོ་ཕྲ་ཞིང་ཕྲ་བ་གོང་བུའི་རྣམ་པ་གསལ་ཞིང་། འབར་བའི་རྩེ་མོ་དྷཱུ་ཏིའི་ནང་དུ་ཕྱིན་པ་ལ་སེམས་བཟུང་ཞིང་། སྦྱོར་བ་བཞི་ལྡན་གྱིས་གནད་དུ་བསྣུན་

p. 580

པས་གཞི་མའི་ཙཎྜ་ལི་ལས་མེ་དྲག་ཏུ་འབར་བས་ལྟེ་བ་མན་ཆད་ཁྱབ་པར་བསྒོམ། དེ་བརྟན་ནས་རིམ་པ་ལྟར་སྙིང་ག་དང་མགྲིན་པ་དང་སྤྱི་བོའ་བར་རྩ་གསུམ་གྱི་གནས་ཐམས་ཅད་དུ་ཁྱབ་ཅིང་འབར་བས་དབུ་མའི་ཕྱི་ནང་རོ་རྐྱང་ལ་སོགས་ཀྱི་རྩ་མདུད་རྟེན་པར་བྱེད་པའི་ཆ་གང་ཡིན་པ་དང་། འདིར་མེ་རྣམས་གྱེན་དུ་འབར་བར་བསྒོམས་ན་འཕོ་བའི་སྐྱོན་དུ་འགྱུར་བས་གཙུག་ཏོར་གྱི་འཁོར་ལོས་རྡུལ་ཆོད་ཀྱིས་སྣོད་ཀྱི་ཁ་བཅད་པ་ལྟར་མེ་རྣམས་ཕྱིར་བཟློག་ནས་འཕྲེད་ལ་འབར་བར་བསམ་མོ། །མཆན། སྔར་འཁོར་བ་བསྐྱེད་པའི་རྩ་དབུ་མ་ཕྱི་རོལ་ན་ཡོད་པའི་ཤུན་པ་ཕྲ་མོ་རྣམས་གཏུམ་མོའ་མེའི་རེག་པས་སངས་ཀྱི་བསྲེགས་པས། ནང་མཆོག་གི་དབུ་མ་འབའ་ཞིག་མ་གཏོགས་གློ་བུར་དྲི་མའི་དབུ་མའི་ཆས་བསྡུས་ཀྱི་གནས་པ་མེད་པར་བྱས་པ་ལ་སེམས་བཟུང་ངོ་། །སྐབས་འདིར་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་འབྱོར་དོན་གྲུབ་ཞབས་ཀྱི་ཟིན་བྲིས་ལས། ལུས་འཁྲུལ་འཁོར་དང་ཁ་ཟས་བཟང་དུ་བྱས་ནས་བསྒོམས་པས་དྲོད་

p. 581

སྐྱེའོ། །དཔལ་ཐང་ལོ་པའི་ཞབས་ཀྱིས། ལ་དུའི་བཟའ་བ་དུས་སུ་རན་བཟའ་ལུས་ཀྱི་བཅུད་རྣམས་ལེན། །རླུང་གི་སྦྱོར་བས་ཤུག་དྲག་ལྟེ་བའི་མེ་ནི་རབ་ཏུ་གཡོས། །མེ་རླུང་སྟོབས་དང་ལྡན་ན་བཟའ་བ་རྣམས་ནི་སྟོབས་སུ་འགྲོ། །ཆུ་རླུང་ས་ཡི་ལྗིད་ན་བཅུད་ལེན་རྣམས་ནི་ནང་དུ་འཕེལ། །ཅེས་གསུངས་པའི་ལ་དུའི་བཟའ་བ་ནི། བག་ཕྱེ་ཀ་ར་བསྲེས་པ་འོ་མས་སྦྲུས་པའི་ནང་དུ། འབྲས་དཀར་དང་སྲན་ནག་གི་ཚོད་མ་དང་། མི་ཤའམ་ཁྱི་ཤའམ་མ་འབྱོར་ན་ལུག་ཤ་ཚིལ་མ་འདྲེས་པ་གསར་པ་དང་། ཁྲག་གསར་པ་དང་། སྒོག་སྐྱ་རྣམས་འབྲས་ཀྱི་ཚད་དུ་ལྷན་ཅིག་བཙོས་པ་ཁེངས་སུ་བཅུག་ལ། དེ་དང་སེ་འབྲུའི་ཁུ་བ། ལན་ཚྭ། སྒ། ཤིང་ཀུན། ཁ་ཆེ་རྣམས་བཏབ་སྟེ། སྔར་གྱི་བག་ཕྱེའི་སྟེང་དུ་བཙེར་ཏེ་མར་དཀར་ལ་བཙོས་ནས་ཕྱིའི་གྲོ་ཕྱེ་ཚོས་ངོས་ཤེས་ཤིང་། ནང་གི་རྣམས་རླངས་ཐོལ་གྱིས་སོང་བར་བཙོས། འདི་འཕགས་ཡུལ་བ་དག་ཛ་ཏིའི་མར་ཁུ་ལ་བྱེད་ཅིང་། དང་པོར་ཞག་རེ་ལ་ཟས་ཀྱི་དུས་སུ་དང་པོར་ཁམ་གཉིས་གསུམ་དང་། དེ་ནས་ཇེ་མང་དུ་ཆང་གསར་པའི་ཉིང་ཁུས་ཕུལ་ཏེ་གཏོང་བར་གསུངས་སོ། །མཆན། ཅེས་གསུངས་པས་སྔར་བརྗོད་པའི་འཁྲུལ་འཁོར་དྲུག་པ་

p. 582

དེའམ། ཡང་ན་པཎ་ཆེན་ནཱ་རོས། ཟླ་དྲུག་བསྒོམས་པས་རླུང་དྲུག་ཟིན། །གྲངས་མེད་གསུམ་གྱི་ས་ལམ་དེ། །སྐད་ཅིག་སུམ་ཅུ་རྩ་བདུན་ལ། །དེ་ཉིད་རྟོགས་པའི་ཡེ་ཤེས་སྙེད། །ཅེས་གསུངས་པའི་དོན་འཁོར་ལོའ་དབང་ཕྱུག་ཀརྨ་པཀྴིའི་མན་ངག་ཏུབཀྲོལ་བའི་འཁྲུལ་འཁོར་སོ་བདུན་མར་གྲགས་པ་ནི། སྣ་བུག་གཉིས་ནས་རླུང་ཐེངས་གསུམ་བུས་ཏེ། སླར་ནང་དུ་བཟུང་ནས་ལག་པ་གཉིས་ས་གནོན་དུ་བྱས་ལ། གཡས་གཡོན་དུ་ཐེངས་གསུམ་གསུམ་བསྐོར་བས་དྲུག །དེ་ནས་པུས་མོ་གཡས་པ་ལ་འཇུས་ནས་གཡས་གཡོན་དུ་ཐེངས་གསུམ་གསུམ་བསྐོར་བས་བཅུ་གཉིས། ཡང་པུས་མོ་གཡོན་པ་ལ་འཇུས་ནས་གཡས་གཡོན་དུ་ཐེངས་གསུམ་གསུམ་བསྐོར་བས་བཅོ་བརྒྱད། དེ་ནས་ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་མནན་ཏེ་ཁུ་ཚུར་བཅངས་ནས་ཞགས་པ་འཕེན་པའི་སྟངས་གཡས་གཡོན་དུ་ལན་གསུམ་གསུམ་བྱས་པས་ཉེར་བཞི། དེ་ནས་རྩལ་པོ་ཆེ་མདའ་འགེངས་པ་ལྟར་གཡས་གཡོན་དུ་

p. 583

ལན་གསུམ་གསུམ་བྱས་པས་སུམ་ཅུ་ཐམ་པ། དེ་ནས་རྩ་མདུད་འགྲོལ་བའི་ཆེད་དུ་ལག་པ་གཉིས་ཀྱི་ནང་རེས་འཇོག་གིས་ཡན་ཕྱིན་དུ་བྱུག་པ་ལན་གསུམ་གསུམ་བྱས་པས་སོ་དྲུག །དེ་ནས་རླུང་རོ་བསལ་བའི་ཕྱིར་རོ་སྟོད་རྟ་འདྲེ་མོ་བྱས་ནས་སྤྲུག་པ་ལྟར་སི་ལི་ལི་སྤྲུག་པ་དང་སོ་བདུན་དུ་འགྱུར་བའི་ལུས་སྦྱོང་བྱ་ཞིང་། ཐུན་གྱི་མཐར་མེ་ཐམས་ཅད་གཞིའི་ཙཎྜ་ལི་ལ་བསྡུས་ནས་མཉམ་པར་བཞག་གོ། །གཉིས་པ་ལ། བར་བཅས་སུ་དགང་བ་དང་། བར་མེད་དུ་དགང་བ་གཉིས་ཀྱི་དང་པོ་ནི། སྟོང་ར་རྩ་འཁོར་སོགས་བསྒོམ་པ་གོང་བཞིན་བྱས་ཏེ། རླུང་གི་རྣལ་འབྱོར་ལ་ཞུགས་པའི་ནུས་པས་རྩ་བའི་མེའི་ནུས་པ་རབ་ཏུ་རྒྱས་ནས་ལྟེ་འཁོར་གྱི་རྩ་འདབ་རེ་བཞི་པོ་རྣམས་ཀྱི་ནང་དུ་མེའི་ནུས་པ་ཆེས་ཆེར་རབ་ཏུ་འབར་ཞིང་བཟོད་པར་དཀའ་བའི་གདུང་མཆེད་ཀྱི་ཤུགས་ཆེན་པོ་དང་ལྡན་པར་བྱས་ནས་འབར་ཞིང་། འཁོར་ལོའ་དབུས་སུ་རྩ་བའི་མེ་དེ་ཉིད་མར་མེའི་སྡོང་བུ་ལྟར་འབར་བས་སྙིང་

p. 584

གའི་འཁོར་ལོའ་དབུས་དང་རྩ་འདབ་རྣམས་སུ་ཡང་ཡར་འབར་ཞིང་། མགྲིན་འཁོར་གྱི་དབུས་དང་འདབ་མར་ཡང་རིམ་བཞིན་འབར་བ་དང་། ཡང་མེ་དེ་ཉིད་དབུ་མའི་ནང་ན་ཡར་འབར་བས་བདེ་ཆེན་གྱི་འཁོར་ལོའ་མཐའ་དབུས་རྣམས་སུ་རབ་ཏུ་འབར་བ་ཡང་སྦྲུལ་མགོའ་གདེངས་ཀ་ལྟར་མ་ཡིན་ཞིང་། གདུགས་ཀྱི་རྩིབས་ལྟར་མེའི་སྣེ་མོ་ཅུང་ཟད་འགུག་པར་བྱས་ཏེ་འབར་བ་ལས། ལྟེ་འཁོར་གྱི་མེའི་ནུས་པ་ཆེར་བདོ་བའི་གཞི་ལས་རྐང་པའི་ཚིགས་ཆེན་དྲུག་དང་ཚིགས་ཕྲན་སོར་རྩེའི་མཐར་ཐུག་པར་ཡེ་ཤེས་ཀྱི་མེའི་ནུས་པ་འཇུག་བཞིན་པ་དང་། དེ་བཞིན་དུ་སྙིང་གའི་འཁོར་ལོའ་མེའི་ནུས་པ་ཆེར་རྒྱས་པ་ལས་ལག་པའི་ཚིགས་ཆེན་དྲུག་དང་ཚིགས་ཕྲན་རྣམས་ནས་སོར་རྩེའི་བར་ཡེ་ཤེས་ཀྱི་ངོ་བོའ་མེ་འབར་ཞིང་འཁྲུག་པས་ཁྱབ་པར་བསྒོམས་ལ། ཐུན་གྱི་མཐར་གཞི་མའི་ཙཎྜ་ལིར་བསྡུ་བ་གོང་བཞིན་ནོ། །འདིའི་འཁོར་ལོ་རེ་རེ་ལ་ཐུན་རེ་བྱེད་པའི་ལུགས་ཀྱང་ཡོད་ལ། ལུས་ལ་རྔུལ་འཛག་ན་མི་བསྐྱོད་པས་བཀྲུ། མེ་ཆུང་དུ་

p. 585

བྱའོ། །མཆན། གཉིས་པ་ནི། ལྟེ་བ་ཕྱིན་གྱི་སྟོང་རའི་ནང་ཐམས་ཅད་མེ་མཚན་ཉིད་བཞི་ལྡན་གྱིས་གང་བ་ལ་སེམས་བཟུང་། དེ་བཞིན་དུ་སྙིང་ག་དང་མགྲིན་པ་དང་སྤྱི་བོའ་བར་སྟོང་རར་གྱུར་པའི་ནང་ཐམས་ཅད་མེ་མཚན་ཉིད་བཞི་ལྡན་གྱིས་གང་བ་ལ་སེམས་བཟུང་ངོ་། །གསུམ་པ་ནི། དེ་ལས་ཀྱང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་དང་རྩ་ཕྲན་བ་སྤུའི་མཐར་ཐུག་པའི་བར་འབར་བའི་མེ་རྣམས་ནི་རྩེ་མོ་རྣོ་ཞིང་རེག་བྱ་ཚ་བ་དམར་ཤིགས་སེ་བ་ལ་སེམས་བཟུང་ཞིང་རླུང་སྦྱོར་དང་ལྡན་པས་ཐུན་གྱི་མཐར་མེ་ཐམས་ཅད་རྩ་བའི་མེ་ལ་བསྡུའོ། །འདི་ལ་ཡང་ཐུན་བཞིའམ་གཅིག་ཀྱང་རུང་ལ། མེ་ཆེ་བསྐྱེད་ཀྱི་སྐབས་འདིར་རྒྱལ་བ་རང་བྱུང་ཀུན་མཁྱེན་ཆོས་གྲགས་རྒྱ་མཚོའི་བཞེད་པས། འཁྲུལ་འཁོར་དྲུག་པ་དང་སྦྱར་ནས་སྒོམ་པར་གསུངས་པ་ལྟར་འཆད་ན། དང་པོ་མེ་ཡུངས་ཀར་ཙམ་ལ་རླུང་བཟུང་སྟེ་རྐེད་པ་བསྐོར་བའི་དུས་ལྟེ་བ་ཕྱིན་གྱི་ལུས་ཕྱི་ནང་ཐམས་ཅད་རྩ་ནང་ནས་བརྒྱུད་དེ་མེས་ཁེངས་པ་གཡས་གཡོན་དུ་བསྐོར་བའི་ཚེ་མེ་རྣམས་ཀྱང་དེར་འཁོར་བར་བསམ་

p. 586

ཞིང་། དེ་བཞིན་དུ་རོ་སྟོད་གཅུད་པ་ན་སྙིང་ག་ཕྱིན་གང་། མགྲིན་པ་བསྐོར་བ་ན་སྤྱི་བོ་ཕྱིན་མེས་ཁེངས་ཤིང་། རྐང་ལག་བརྐྱང་བསྐུམ་གྱི་དུས་ཡན་ལག་ཉིང་ལག་ཐམས་ཅད་མེས་ཁེངས་པར་བསྒོམ་པའོ། །མཆན། བཞི་པ་ནི། གོང་དུ་བཤད་པའི་སྦྱོར་བ་དེ་རྣམས་ཀྱིས་ཀྱང་ལུས་ཐམས་ཅད་དུ་ཁྱབ་པའི་དྲོད་མ་སྐྱེས་ན། གང་དུ་དྲོད་མ་སྐྱེས་པའི་ས་དེར་རཾ་ལས་བྱུང་བའི་མེ་མཚན་ཉིད་བཞི་ལྡན་རབ་ཏུ་འབར་བ་ལ་རླུང་སེམས་གཏད་ཅིང་ཚ་ཆི་ལི་ལི་གྱུར་པར་བསྒོམས་ལ་ལག་མཐིལ་གྱིས་མཉེས་པས་ངེས་པར་དྲོད་སྐྱེའོ། །སྐབས་འདིར་རྗེ་བཙུན་ཆོས་རྗེའི་གསུང་ལས། ཁམས་སྙོམས་ན་རླུང་ཁུག་ཅི་ཙམ་འཛིན་པའི་ཕྱེད་མེ་ཆུང་བསྐྱེད། ཕྱེད་མེ་ཆེར་བསྐྱེད་བྱའོ། །རོ་སྟོད་ན་བ་དང་རླུང་ཤས་ཆེ་ན་མེ་ཆུང་བསྐྱེད་ཤས་ཆེར་བྱའོ། །བྱིང་རྨུགས་ཆེ་བ་དང་དྲོད་ཆུང་ན་མེ་ཆེར་བསྐྱེད་ཤས་ཆེར་བསྒོམ་མོ། །འཁོར་ལོ་རྣམས་མེ་འབར་རིམ་གྱིས་རླུང་ཁུག་ཁ་ཡར་བཟུང་བའམ། དམིགས་པ་གསལ་ན་རླུང་ཁུག་གཅིག་གིས་འཁོར་ལོ་བཞི་ཀ་ལ་བསྐྱེད་པས་ཆོག །ཅེས་བཀའ་སྩལ་ཏོ། །མཆན། དེ་ཡང་ཅི་ལྟ་བུའི་ཚུལ་གྱིས་སྐྱེ་ན་གྲུབ་པའི་སློབ་

p. 587

དཔོན་ཨཀྵོ་བྷྱ་བཛྲ་གྱི་ཞལ་ནས། མོའ་འཇུག་པ་ལུས་འདར་ཞིང་དྲོད་དང་ཏིང་ངེ་འཛིན་སྐྱེ། ཕོའ་འཇུག་པ་འཕར་ཞིང་དྲོད་དང་ཏིང་ངེ་འཛིན་སྐྱེ། མ་ནིང་གི་འཇུག་པ་ལུས་འཕར་འདར་མེད་པར་དྲོད་དང་ཏིང་ངེ་འཛིན་སྐྱེ། དྲོད་དང་ཏིང་ངེ་འཛིན་གང་ཡང་མི་སྐྱེ་བའི་མཆོང་རྒྱུག་ངུ་འཁྲབ་སོགས་འདོད་པ་ནི་བར་ཆད་ཡིན་པས་དམིགས་པ་དང་སྤྱོད་ལམ་སྔགས་དང་རྫས་ཀྱིས་བསྲུང་། དེ་ལྟར་མིན་པར་དྲོད་དང་ཏིང་ངེ་འཛིན་གསུམ་སྦྲགས་སུ་བྱུང་ན་ཉམས་བྱུང་རྒྱལ་དུ་སྐྱོང་། དྲོད་ལྟ་བུ འམ་ཏིང་ངེ་འཛིན་ལྟ་བུ་གང་རུང་རེ་དང་ཉིས་སྦྲགས་སུ་བྱུང་ན་ཞག་བདུན་ཕན་ལས་དེའི་ཉམས་བྱུང་རྒྱལ་དུ་སྐྱོང་བར་མི་བྱ། ཞེས་པ་ནི་རྗེ་མཉན་པ་རས་ཆེན་གྱི་མན་ངག་གོ། །ཅེས་བཀའ་སྩལ་ཏོ། །དེ་རྣམས་ནི་དྲོད་ཀྱི་བོགས་འབྱིན་པར་བྱེད་པ་དྲག་པོ་ཙཎྜ་ལི་མེ་ཆེར་བསྐྱེད་ཆ་ལག་དང་བཅས་པ་སྟེ། བཀའ་དཔེ་ཚིག་ལྷུག་མར། ལུས་གནད་ལ་སོགས་པ་གཉིས་ཀྱི་དོན་དངོས་གཞི་ལྟར་བྱས་ལ། ལག་པ་གཡས་གཡོན་

p. 588

གྱིས་པུས་མོ་གཡས་གཡོན་ལ་འཁྱུད། ལྟེ་བའི་འོག་གི་མེ་ཇེ་ཆེ་ལ་བསྐྱེད་པས་ལྟེ་བའི་ལྟག་གི་མེ་སོར་བཞིར་ཕྱིན། དེར་དབུགས་ངལ་གསོ། དེ་ནས་སྙིང་གར་ཕྱིན། དེར་དབུགས་ངལ་གསོ། དེ་ནས་མགྲིན་པར་ཕྱིན། དེ་ནས་སྤྱི་གཙུག་མན་ཆད་ཀྱི་ལུས་ཀྱི་ཕྱི་ནང་གི་བ་སྤུའི་བུ་ག་ཐམས་ཅད་ནས་མེ་བྱུང་སྟེ། དམར་འུ་རུ་རུ་འབར་བར་བསམ་ཞིང་ལུས་དང་དབང་པོ་བསྒྲིམས་ལ་དྲག་ཏུ་བསྒོམ། སྐུ་མཉེ་བྱ། གྲང་ས་ཀུན་ཏུ་ལག་མཐིལ་གྱིས་མཉེ། དྲོད་སྐྱེས་ནས་དམིགས་པ་སྔོན་བཞིན་དུ་བྱ། རླུང་ཁ་སྦྱོར་དུ་བྱ་གསུངས། ཅེས་འབྱུང་བའི་དོན་རྣམས་དཔལ་ལྡན་དུས་གསུམ་མཁྱེན་པ་ལས་བརྒྱུད་པའི་མན་ངག་དང་མཐུན་པར་བཀྲོལ་བ་ཡིན་ནོ། །གཉིས་པ་བདེ་བའི་བོགས་དབྱུང་བ་ནི། ལུས་བདེ་བ་ཆུང་ཞིང་སེམས་མི་གནས་པའི་དུས་སུ་བྱ་སྟེ། འདིར་ཡང་རྗེ་བཙུན་ལོ་ཙ་བའི་མན་ངག་ལྟར་ན། བདེ་གསལ་གྱི་བྱེད་པའམ་ནུས་པས་ནི་བྱང་ཆུབ་ཆེན་པོའ་མངོན་རྟོགས་མྱུར་བདེས་བསྒྲུབ་པར་བྱེད་ལ། དེའང་བདེ་གསལ་བསྐྱེད་པའི་རྒྱུ་དམ་ཚིག་གི་

p. 589

ཕྱག་རྒྱ། བདེ་གསལ་གསོ་བའི་རྐྱེན་ལས་རྒྱ་བསྟེན་པ། བདེ་གསལ་རྒྱས་པའི་ཐབས་བྱང་སེམས་སྤྲོ་ཞིང་སྡུད་པ། བདེ་གསལ་མི་ཉམས་པའི་དམ་ཚིག་གཏུམ་མོ་དང་ཕྲད་པའི་དུས་ཀྱི་བདེ་བའོ། །མཆན། དེ་ལ་གོ་བར་བྱ་བ་དང་ཉམས་སུ་བླང་བ་གཉིས་ལས་དང་པོ་ནི། དཔལ་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས། ཁྱབ་བདག་སངས་རྒྱས་ཀུན་རང་བཞིན། །རང་ཉིད་ཇི་ལྟར་འདོད་པ་སྤྱད། །སེམས་ཅན་ཀུན་གྱི་སྙིང་ལ་བཞུགས། །དེ་ཉིད་ཐམས་ཅད་བླ་ན་མེད། །དེ་ཉིད་རྣལ་འབྱོར་དབང་པོ་བསྒོམ། །རྡོ་རྗེའི་རང་བཞིན་ཀུན་བསྒྲུབ་པ། །རྡོ་རྗེ་འཆང་ནི་མྱུར་ཐོབ་འགྱུར། །ཅེས་གསུངས་པས་གང་སེམས་ཅན་གྱི་སྲོག་མཐར་ཐུག་པར་གནས་པ་དེར་དེ་འཇིག་བྱེད་དུ་སེམས་ཅན་མ་རིག་པས་ལྡོངས་པའི་ཤེས་པས་རྟོགས་པར་དཀའ་བའི་བདག་ཉིད་གཉུག་མ་དྲི་བྲལ་གྱི་ལུས་ཀྱི་རྒྱུ་ཐིག་ལེའི་དངས་མ་འཁོར་ལོ་བཞིའི་དབུས་ན་ཡོད་པའི་ཡིག་གཟུགས་ཀྱི་དངས་མ་ཨཿཧཾ་གི་བདག་ཉིད་དུ་བཞུགས་པ་རྣམས་དང་། རྡོ་རྗེ་འཕྲེང་བ་ཞེས་པ་རྣལ་འབྱོར་ཆེན་

p. 590

པོའ་རྒྱུད་ལས། ཨཿཧཾ་ཡོངས་སུ་གྲོལ་བའོ། །ཨ་ནི་དངོས་པོ་ཀུན་གྱི་མཆོག །ལུས་རྣམས་ཀུན་ལ་ལྷག་པར་གནས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཀུན་ཁྱབ་ཀུན་མཁྱེན་ཟད་པ་མེད། །ཐོག་མ་ཐ་མ་མེད་ཅེས་བྱ། །ཐམས་ཅད་གཅིག་ཏུ་བསྐྱེད་པར་བྱེད། །དུས་རྣམས་ཀུན་ཏུ་འཆར་ཞིང་ཁྱབ། །སྤྲུལ་པའི་སྐུ་ཡི་མཆོག་དང་ནི། །དོན་ཀུན་བྱེད་པ་ལ་མཁས་པ། །ཡོན་ཏན་དེ་བཞིན་གཤེགས་དབུགས་དབྱུང་། །ཧཾ་ནི་དངོས་པོ་དང་བྲལ་བ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །དབང་པོ་ལས་འདས་མི་གསལ་བ། །རྣམ་པ་ཐམས་ཅད་རྣམ་པ་སྤངས། །དངོས་དང་དངོས་མེད་ལས་གྲོལ་ཞིང་། །གང་དུའང་ལྷག་གང་མི་གནས་པ། །དངོས་པོ་ཐམས་ཅད་ནུས་པའོ། །ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད། །སེམས་ནི་རྡོ་རྗེ་འཆང་དབུགས་དབྱུང་། །དོན་ཀུན་བྱེད་པ་དང་བྲལ་བ། །སྟོང་པའི་རང་བཞིན་མྱ་ངན་འདས། །ཡེ་ཤེས་སྐུ་ཡི་རང་བཞིན་ཉིད། །བརྗོད་དང་བརྗོད་བྱ་རྣམ་པར་གྲོལ། །དེ་ཡང་ཡི་གེ་ཧཾ་དུ་གྲགས། །ཐམས་ཅད་ཨཿཧཾ་ཀུན་འགྲོ་ཁྱབ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཅེས་གསུངས་པས་ཨཿཧཾ་ནི་འཁོར་བ་པའི་དུས་ངའོ་ཞེས་པའི་སྒྲ་ལས་དྲངས་ནས་བདག་འཛིན་གཉིས་ཀྱི་སྒྲོ་འདོགས་པར་བྱེད་ཀྱང་།

p. 591

རྟེན་གྱི་གནད་བཅིངས་པའི་འབར་བཞུའི་རྟེན་འབྲེལ་ལས་བདག་མེད་པའི་ཡེ་ཤེས་གཉིས་ཀྱང་རང་བྱུང་གིས་འཆར་ལ། དེ་བཞིན་གཤེགས་པའི་དབུགས་དབྱུང་གཟུགས་སྐུ་དང་། རྡོ་རྗེ་འཆང་གི་དབུགས་དབྱུང་ཆོས་སྐུ་བདག་མེད་པའི་བདག་ཐོབ་པ་ལས་གཞན་དུ་མི་གཡོ་བར་འཕྲིན་ལས་ཀུན་འགྲོ་རྟག་བཞུགས་ཀྱི་གོ་འཕང་འགྲུབ་པ་ཡིན་ནོ། །མཆན། དཔྱིད་ཅེས་པ་བདེ་ཆེན་གྱི་རྟེན་ཧཱུྃ་མི་ཤིགས་པའི་ཐིག་ལེར་ཡོད་པ་དག་ཕན་ཚུན་ཐབས་ཤེས་སུ་སྦྱོར་བའི་རྒྱས་བཏབ་པ་ན། རྫོགས་པའི་སངས་རྒྱས་ཀྱི་རྒྱུ་མཆོག་ཏུ་གྱུར་པ་སྟེ། དེ་ཡང་དག་པའི་ལུས་ཨཱ་ལི་ཀཱ་ལིའི་དཀྱིལ་འཁོར་བདེ་ཆེན་གྱི་བདག་ཉིད་ཐོབ་ཙམ་ནས་གསང་བ་བདུད་རྩིའི་གོ་འཕང་ཡིན་པས་དེའི་ཕྱོགས་གཅིག་མངོན་དུ་བྱེད་པ་ན་ཡས་རིམ་ནས་མངོན་དུ་བྱས་པ་དཔྱིད་ཀྱི་ཆ་ཞེས་བྱ་ལ། རྒོད་མའི་ཁས་རྒྱ་མཚོ་འཐུང་བ་བཞིན་དཔྱིད་ཀྱི་ཆ་མྱོང་བ་དེ་ཡང་རྣལ་འབྱོར་པའི་ཤེས་རབ་ཀྱི་ས་བོན་ནམ་ཐིག་ལེ་དེ་ཉིད་ཀྱིས་མྱོང་བ་ཡིན་ལ། དེའི་ཚེ་རྒོད་མའི་ཁའམ་ཐིག་ལེས་དཔྱིད་མྱོང་

p. 592

རིམ་ནས་དཔྱིད་ཀྱང་ཐིག་ལེ་ལ་ཞུགས་པས། དཔྱིད་ཐིག་གི་བར་དུ་མ་དག་པའི་ཕུང་ཁམས་གནས་པའི་སྐབས་མི་སྙེད་པར་བྱས་ཏེ། འབར་བ་དང་འཛག་པ་རྒྱུན་གཅིག་ཏུ་འགྲོ་བ་ཡིན་ནོ། །འདིར་འགྲོ་བའི་མགོན་པོ་སངས་རྒྱས་རས་པ་ཆེན་པོའ་བཞེད་པས། དཔྱིད་ཀྱི་ཐིག་ལེའི་གོ་དོན་བདེ་བ་སྟོབས་ཀྱིས་ཟ་བར་གསུངས་ལ། དེའི་དོན་ཡང་དགའ་བཞི་འདྲེན་པར་ནུས་པའི་འཁོར་ལོ་བཞིའི་རང་གནས་རྣམས་སུ་བཅོམ་ལྡན་འདས་ཡབ་ཡུམ་ཀྱི་བདེ་སྟོང་གཉིས་མེད་ཀྱི་སྙོམས་འཇུག་གི་སྡོམ་པ་ཁྱད་པར་ཅན་ལ་ངོས་འཛིན་པ་ཡིན་ཏེ། དེ་ཡང་སྐུའི་སྒོ་དགུ། གསུང་གི་སྒོ་བཞི། ཐུགས་ཀྱི་སྒོ་གཉིས་ཀར་འཇུག་པའི་བདེ་ཆེན་སྟོང་པ་ཉིད་ཀྱི་སྟོབས་ཀྱིས་བཟུང་བ་ཉིད་ལ་བརྗོད་པའ ི་ཕྱིར། དཔྱིད་ཐིག་ལས། དེའི་དབུས་ཞུགས་དཔའ་བོ་ནི། །ཡུངས་ཀར་སྦོམ་པོའ་ཚད་ཙམ་སྟེ། །ཧཱུྃ་གི་ས་བོན་མི་ཤིགས་པ། །ཁ་བ་ལྟ་བུར་འབབ་པ་ཡིན། །བ་སནྟི་ཞེས་བྱ་བ་སྟེ། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །རྒོད་མའི་

p. 593

ཁ་ནི་མེ་ཡི་གཟུགས། །ཕག་མོ་ཏི་ལ་ཀ་ཞེས་བརྗོད། །ལས་ཀྱི་རླུང་གིས་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་ནས་ནི་འབར། །བ་སནྟི་དང་འཕྲད་ནས་མཉེས། །སྙོམས་པར་འཇུག་པས་ཡང་དག་བཞུགས། །ཞེས་གསུངས་སོ། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་དགོངས་པ་ལྟར་ན། སྒོ་མཚམས་མ་བརྒྱད་ཀྱི་དག་པའི་སྙིང་གའི་རྩ་འདབ་བརྒྱད་དང་འབྲེལ་བའི་དབང་པོའ་སྒོ་དགུ་ནི་སྐུའི་སྒོ་དང་། རྣལ་འབྱོར་མ་བཞི་དང་ཐོད་པ་བཞི་དག་པའི་རྩ་འདབ་བཞི་དང་འབྲེལ་བ་གསུང་གི་སྒོ་དང་། དཔྱིད་ཐིག་དག་པའི་དྷཱུ་ཏིའི་སྙིང་གའི་དབུས་སུ་མི་ཤིགས་པ་ཧཱུྃ་ཡིག་གི་ངོ་བོར་བཞུགས་པ་ནི་ཐུགས་ཀྱི་སྒོ་གཉིས་ཡིན་ལ། དེ་ཡང་མ་དག་པའི་ལུས་ལ་སྐུའི་སྒོ་དགུ་སོར་སྡུད་དུ་འགག །དག་པའི་ལུས་ལ་སྐུའི་སྒོ་དགུ་སོར་སྡུད་དུ་བྱེ། མ་དག་པའི་ལུས་ལ་གསུང་གི་སྒོ་བཞི་སྲོག་རྩོལ་དུ་འགག །དག་པའི་ལུས་ལ་གསུང་གི་སྒོ་བཞི་སྲོག་རྩོལ་དུ་བྱེ། མ་དག་པའི་ལུས་ལ་ཐུགས་ཀྱི་སྒོ་གཉིས་རྗེས་དྲན་དུ་འགག །དག་པའི་ལུས་ལ་རྗེས་དྲན་དུ་བྱེ་བའོ། །མཆན། དེས་ན་ཐིག་ལེ་ལ་དཔྱིད་ཞུགས་པ་དང་། ཐིག་ལེས་དཔྱིད་འཛིན་པ་འདི་ལ་

p. 594

མ་དག་པའི་རྩ་འཁོར་བཞི་འབིགས། འབྱུང་བའི་ཁམས་བཞི་བཅོམ། ཁུ་རྡུལ་རླུང་གསུམ་གྱི་དྲི་མ་བསྲེག་པར་བྱེད། དབུ་རྐྱང་རོ་གསུམ་རྣམ་དག་གི་རྡོ་རྗེ་གསུམ་གྱི་སྐུ་ལས་བརྒྱུད། སྐུ་བཞིའི་ངོ་བོའ་འཁོར་ལོ་བཞིར་ལྷུང་བའི་ཡེ་ཤེས་སྐྱེ་བའི་ཚུལ་འདི་ལ་རྣལ་འབྱོར་མ་རྒྱུད་པ་དག་བརྟེན་པ་འཕེལ་ན་རྟེན་འཕེལ་ཞིང་། དེའི་ཕྱིར་བརྟེན་པ་བདེ་བ་ཟག་མེད་དུ་བསྐྱེད་པ་ལ་རྟེན་དཀར་ཆ་འཕེལ་ཞིང་། བརྟེན་པ་དྲོད་འཇིག་རྟེན་ཆོས་མཆོག་ཏུ་བསྐྱེད་པ་ལ་རྟེན་དམར་ཆ་འཕེལ་དགོས་ཤིང་། དེ་གཉིས་རོ་རྐྱང་སོ་སོ་ན་ཡོད་པ་དྷཱུ་ཏིའི་རླུང་བདག་མེད་མའི་ངོ་བོར་གྱུར་པས་རོ་རྐྱང་གི་གནས་ནས་དགུག །དྷཱུ་ཏིའི་ནང་དུ་གཞུག །དྷཱུ་ཏི་ནས་སྟེང་དུ་བཅིང་། ལུས་ཐམས་ཅད་ཟག་མེད་ཀྱི་བདེ་དྲོད་དང་སྒྲིབ་བྲལ་གྱི་ཁམས་དཀར་དམར་གྱིས་ཁྱབ་པར་བྱས་པས་ལུས་ཀྱི་རྩ་ཐམས་ཅད་མཚན་དཔེ་དང་ལྡན་པའི་གཟུགས་སྐུའི་རྒྱུར་བྱེད་པ་འདི་ནི་ཐབས་ཀྱི་ལམ་མཆོག་སྟེ། ལུས་ལྷའི་རྣལ་འབྱོར། ངག་སྔགས་ཀྱི་རྣལ་འབྱོར། ཡིད་

p. 595

ཆོས་ཀྱི་རྣལ་འབྱོར། རྣམ་པར་དག་པ་ཆོས་ཉིད་ཀྱི་རྣལ་འབྱོར་རྣམ་པ་བཞིས་ཁམས་བདུད་རྩིའི་དངས་མ་གནས་འགྱུར་བར་བྱེད་པ་ནི་སངས་རྒྱས་སའི་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གནས་གྱུར་པ་ཡིན་ནོ། །བསྐྱེད་རྫོགས་ཐུན་མོང་བ་ལྟར་ན་དབྱིབས་ཀྱི་རྣལ་འབྱོར་ལ། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་སྟེ་བཞི། སྔགས་ཀྱི་རྣལ་འབྱོར་ལ། སྤྲོ་བསྡུ། རྡོ་རྗེ། མདོ་ལི། དེ་བཞིན་ཉིད་དང་བཞི། ཡིད་ཀྱི་རྣལ་འབྱོར་ལ། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་བདེ་བ། རྣམ་དག་གི་རྣལ་འབྱོར་ནི་ཕྱག་རྒྱ་ཆེན་མོའ་ཡེ་ཤེས་ཡིན་ལ། རྫོགས་རིམ་ཁོ་ནའི་དབང་དུ་བྱས་ན་སོར་བསམ་དབྱིབས་ཀྱི་རྣལ་འབྱོར་ཏེ་སྐུ་རྡོ་རྗེ། སྲོག་འཛིན་སྔགས་ཀྱི་རྣལ་འབྱོར་ཏེ་གསུང་རྡོ་རྗེ། རྗེས་དྲན་ཆོས་ཀྱི་རྣལ་འབྱོར་ཏེ་ཐུགས་རྡོ་རྗེ། ཏིང་འཛིན་རྣམ་དག་གི་རྣལ་འབྱོར་ཏེ་ཡེ་ཤེས་རྡོ་རྗེའོ། །མཆན། གཉིས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་པྲཛྙཱ་བྷ་དྲས། ལྟེ་བར་ཙཎྜ་ལི་ཡི་མེ། །ཕྲ་རབ་ལས་འཕེལ་ཧཾ་ལས་ནི། །བདུད་རྩིའི་

p. 596

ཆུ་རྒྱུན་དགའ་བཞིའི་འགྲོས། །རྒྱུ་མཐུན་ལ་སོགས་འབྲས་བུ་བཞི། །འཁྲུལ་འཁོར་དྲུག་གིས་རྒྱས་པར་བྱ། །ཅེས་དང་། ཇོ་བོ་ནཱ་རོ་པའི་གསུང་གིས་གཏུམ་མོ་ལ་བརྟེན་པའི་ལྷན་ཅིག་སྐྱེས་དགའ་མཐར་ཐུག་པ་ནི། ལྟེ་བ་དང་སྤྱི་བོའ་འཁོར་ལོར་ཉམས་སུ་མྱོང་ཅེས་གསུངས་པ་ལྟར་ཉམས་སུ་བླང་བ་ལ་ཐིག་ལེ་བྲེང་ཆགས་སུ་བསྒོམ་པ་དང་ཐིག་ལེ་འབྲོས་འདེད་དུ་བསྒོམ་པ་གཉིས་ལས། དང་པོ་ནི། ལུས་གནད་དང་ལྡན་པས་ལྷ་སྐུ་སྟོང་ར་རྩ་འཁོར་རྣམས་སྔར་ལྟར་གསལ་བའི་བདེ་ཆེན་འཁོར་ལོའ་དབུས་སུ་དྷཱུ་ཏིའི་ནང་དུ་བདུད་རྩི་ཟླ་བ་བྱང་ཆུབ་ཀྱི་སེམས་སྟོན་དུས་ཀྱི་ནམ་མཁའ་ཡོངས་སུ་དངས་པར་ཤར་བའི་ཟླ་བ་ཉ་གང་བ་ལྟར་གསལ་བའི་ལྟེ་བར་ཧཾ་ཡིག་མགོ་མཐུར་བསྟན་གྱིས་མཚན་པ། ལྟེ་འཁོར་གྱི་དབུས་སུ་ཙཎྜ་ལི་ཕྲ་ཞིང་ཕྲ་བ་གོང་བུའི་རྣམ་པ་དྷཱུ་ཏིར་འབར་བར་བསྒོམས་ལ་རླུང་སྦྱོར་དང་ལྡན་པས་ཨཿཐུང་ལས་མེ་སོར་གཅིག་ཙམ་དུ་འབར་བས་སྤྱི་བོའ་དངས་མ་བདེ་མེར་གྱིས་གཡོས་པས་

p. 597

དགའ་བའི་ཡེ་ཤེས་སྐྱེས་པར་བསམ་ཞིང་། རླུང་ཁུག་ཁ་ཡར་བཟུང་བས་མེ་སོར་གཉིས་ཙམ་དུ་འབར་བའི་དྲོད་ཀྱིས་ཧཾ་ལས་བྱང་ཐིག་གི་རྒྱུན་པད་མའི་སྣལ་མ་ཙམ་དཀར་ནར་གྱིས་བྱུང་བ་མགྲིན་པར་སླེབ་པས་མཆོག་དགའི་ཡེ་ཤེས་དང་། གཏུམ་མོའི་མེ་སོར་གསུམ་ཙམ་དུ་འབར་བས་ཞུ་ཆའི་རྒྱུན་སྙིང་གར་སླེབ་པས་དགའ་བྲལ། དེ་ནས་གཏུམ་མོའི་མེ་སོར་བཞི་ཙམ་ལྟེ་འཁོར་གྱི་དབུས་སུ་འབར་བ་དང་ཞུ་ཆའི་རྒྱུན་ལྟེ་བར་གཏུམ་མོ་དང་དབྱེར་མེད་དུ་འདྲེས་པས་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་སྐྱེས་ཤིང་། ལུས་ཐམས་ཅད་དཀར་ལ་དམར་བའི་མདངས་ཅན་གྱི་བྱང་ཐིག་གིས་གང་བས་བདེ་སྟོང་དུ་གྱུར་པ་ལ་སེམས་བཟུང་ངོ་། །དངས་མ་ཡས་འབབ་ཀྱི་སྟོབས་ཀྱིས་དགའ་བཞི་རྒྱུད་ལ་ཇི་ལྟར་འདྲེན་པའི་ཚུལ་ལ་རྡོ་རྗེ་འཕྲེང་བར། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་

p. 598

འཁོར་ལོ་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་སོ། །དེ་ལྟར་ཡས་འབབ་ཀྱི་དགའ་བ་བཞི་ལ་བཞི། གོ་རིམ་ལ་ལྟོས་པའི་དགའ་བ་བཞི། གནས་ལ་ལྟོས་པའི་དགའ་བ་བཞི། སྤང་བྱ་ལ་ལྟོས་པའི་དགའ་བ་བཞི། རང་གི་ངོ་བོ་ལ་ལྟོས་པའི་དགའ་བ་བཞི་སྟེ། བསྐྱེད་རྫོགས་གང་གི་སྐབས་སུ འང་བདེ་ཆེན་གྱི་ཡེ་ཤེས་སྐྱེ་བ་ལ་འདི་དོན་གྱིས་མ་ཚང་ན། རྣལ་འབྱོར་མའི་བླ་མེད་ཀྱི་ལམ་དུ་མི་འགྱུར་ཞེས། རྗེ་བཙུན་རམ་ཆེན་པོའ་སྲེ་འཕོར་གསུངས་པའི་དང་པོ་གོ་རིམ་ལ་ལྟོས་པའི་དགའ་བ་བཞི་ནི། དཔལ་རྡོ་རྗེ་དབྱངས་ཅན་འཇིགས་པ་དང་བྲལ་བའི་ཞབས་ཀྱི་སྙིང་པོ་གསང་དོན་ལས། ཕྱག་རྒྱའི་རྟེན་ཁྱིམ་པ་གཙོ་ཆེ་བ་ལས་རྒྱ་གཙོ་བོ་དང་། རབ་ཏུ་བྱུང་བ་ལ་དམ་ཚིག་གི་ཕྱག་རྒྱ་ལྟེ་བའི་གཏུམ་མོ་ཉིད་ལ་གནད་དུ་བསྣུན་པས་སྤྱི་བོ་ནས་བྱང་ཆུབ་ཀྱི་སེམས་ཞུ་བ། ལྟེ་བའི་གཏུམ་མོའ་ཕྱག་རྒྱ་དང་ཕྲད་པའི་རེག་བྱའི་རྐྱེན་ཉིད་ཀྱིས་ལྷན་སྐྱེས་ཀྱི་དགའ་བ་འཆར་བར་གསུངས་པས་འདིར་ཡང་དམ་རྒྱ་ཉིད་

p. 599

བཟུང་ངོ་། །མཆན། འདོད་ཡོན་ལྔ་སྟོང་པར་རྟོགས་པའི་ཡུལ་ལ་ལོངས་སྤྱོད་པས་དུག་མེད་དུ་བྱས་པའི་དགའ་བ། ལོངས་སྤྱོད་པ་ན་ཆགས་སོགས་ཉོན་མོངས་དང་ཟག་མེད་གཉེན་པོའ་བྱེད་པ་གཉིས་སྤང་གཉེན་དུ་སྦྱར་བ་མཆོག་དགའ། སྤང་བྱ་འགག་ཅིང་གཉེན་པོའ་བྱེད་པ་མཐར་ཕྱིན་ཕྱིར་བསྲུབ་པ་དགའ་བྲལ། ཕྱག་རྒྱའི་འདོད་ཡོན་རང་བཞིན་མེད་པའི་སྟོང་ཉིད་ཀྱི་པདྨ་དང་། དེ་ལས་སྐྱེས་པའི་བདེ་ཆེན་གྱི་རྡོ་རྗེ་གཉིས་ཁ་སྦྱོར། སྲིད་རྒྱུན་འགོག་པའི་ཕྱིར་ཁམས་དཀར་དམར་གཉིས་ཁ་སྦྱོར། རླུང་སེམས་འགག་པའི་གནད་སྟེང་འོག་གི་རླུང་གཉིས་ཁ་སྦྱོར་བས་ཁ་སྦྱོར་བཞིའི་དབུས་སུ་ཡེ་ཤེས་བདེ་གསལ་མི་རྟོག་གསུམ་རོ་མཉམ་པ་ལྷན་སྐྱེས་སོ། །གཉིས་པ་གནས་ལ་ལྟོས་པ་ལ་ཕྱི་ནང་གཉིས། ཕྱི་ལ་ལུས་ཁོལ་བུར་ལུས་ཤེས་རེག་བྱར་བཅས་པ་འགགས་ནས་བདེ་བ་རྒྱས་པ་དགའ་བ། དེ་བཞིན་དུ་ལུས་ཕལ་ཆེར་ཁྱབ་མཉམ་བྱེད་ན་མཆོག་དགའ། ལུས་ཐམས་ཅད་ལ་ཁྱབ་པར་སྐྱེས་ན་

p. 600

དགའ་བྲལ། སེམས་ཡུལ་དང་བཅས་པ་འགགས་ཤིང་བདེ་བས་ཁྱབ་ན་ལྷན་སྐྱེས་ཀྱི་དགའ་བའོ། །ནང་ལ་ལྟོས་པའི་དགའ་བ་བཞི་ནི་སྤྱི་བོའི་རྩ་འཁོར་དུ་སེམས་རླུང་ཐིག་གསུམ་གྱི་སྙིགས་མ་མི་གནས་པར་གྱུར་པ་དགའ་བ། དེ་བཞིན་དུ་མགྲིན་པ་ནས་སྙིང་གའི་བར་མི་གནས་པ་མཆོག་དགའ། དེ་བཞིན་ལྟེ་བའི་བར་མི་གནས་པ་དགའ་བྲལ། དེ་བཞིན་གསང་གནས་ཀྱི་བར་མི་གནས་པ་ལྷན་སྐྱེས་སོ། །གསུམ་པ་སྤང་བྱ་ལ་ལྟོས་པའི་དགའ་བ་བཞི་ནི། བཟུང་འཛིན་གྱི་མཚན་མར་གྱུར་པའི་ཆོས་བདག་རགས་པ་འགོ ག་པ་དགའ་བ། གཟུང་འཛིན་ནུབ་པའི་ཤེས་པ་འགོག་པ་མཆོག་དགའ། ཕྱག་རྒྱ་དང་བདེ་བའི་མྱོང་བ་འགོག་པ་དགའ་བྲལ། བྲལ་བའི་དགའ་བ་ཙམ་ཡང་ཡོངས་སྤྱོད་དུ་འགོག་པ་ལྷན་སྐྱེས་སོ། །བཞི་པ་རང་གི་ངོ་བོ་ལ་ལྟོས་པའི་དགའ་བ་བཞི་ནི། བདེ་བ་ཤས་ཆེ་བའི་དུས་དགའ་བ། དེ་གསལ་བ་དང་ཆ་མཉམ་དུ་གྱུར་པ་མཆོག་དགའ། མི་རྟོག་པའི་རང་བཞིན་དུ་འདྲེས་པ་དགའ་བྲལ།

p. 601

སྟོང་ཆེན་དུ་ཐིམ་པ་ལྷན་སྐྱེས་སོ། །ཞེས་བཀའ་བསྩལ་ཏོ། །དཀར་ཆའི་ཡས་འབབ་ནི། སྤྱི་བོ་ནས་བདག་བྱིན་རླབས་ཀྱི་ཚེ་ལྟེ་བ་དང་། དཀྱིལ་འཁོར་འཁོར་ལོ་པའི་ཚེ་གསང་བར་འབབ་ལ། འཁོར་ལོ་བཞི་པོ་རེ་རེར་ལུས་ངག་ཡིད་བདེ་བའི་ཁམས་བཞི་བཞི་ལ་སྒྲིབ་གཉིས་ཀྱི་དྲི་མ་སྦྱོང་བའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དགའ་བ་བཞི་བཞི་སྐྱེ་བའི་རྟེན་བྱེད་པའི་ཡོན་ཏན་ཅན་གྱི་ཞུ་ཆ་སོ་སོར་གནས་པ་དང་། འཁོར་ལོ་གོང་མ་རྣམས་ནས་དེ་ལྟར་ཡོན་ཏན་བསྐྱེད་ནུས་ཀྱི་ཞུ་ཆའི་རྒྱུན་འབྱུང་བས་དཀར་ཆ་བཅུ་དྲུག་ལ་བརྟེན་པའི་མཐར་དགའ་བ་བཅུ་དྲུག་པ་ལྷན་ཅིག་སྐྱེས་པའི་དགའ་བ་འཆར་བ་ཡིན་ནོ། །འདིར་སྐད་ཅིག་བཞི་དང་དགའ་བཞིའི་སྐད་ཅིག་དྲངས་དུས་ཅིག་ཅར་སྐྱེའམ་རིམ་ཅན་དུ་སྐྱེ་ཞེ་ན། རྣལ་འབྱོར་གྱི་དབང་ཕྱུག་འདན་མ་གྲུབ་ཆེན་གྱི་མན་ངག་ལྟར་ན། སེམས་ཅན་ཐམས་ཅད་ལ་བཞི་པའི་སྐབས་སུ་སྐད་ཅིག་མ་བཞི་ཡོད་ལ། དེ་བདེ་ཆེན་གྱི་ཡེ་ཤེས་ཀྱི་རྒྱས་ཐེབས་པ་ན་

p. 602

དགའ་བ་བཞིར་འཇོག་པ་ཡིན་ལ། དེའི་ཕྱིར་དགའ་བཞི་སྐད་ཅིག་གི་གྲངས་ལས་ཟུར་དུ་སྐད་ཅིག་བཞིའི་གྲངས་མི་འཇོག་པ་ཡིན་ནོ། །འདིའི་དོན་ནི། སྐད་ཅིག་མ་བཞི་ནི། འཁྲིག་པ་དང་། གཉིད་དང་། འཆི་བ་ལ་སོགས་པའི་དུས་སེམས་སེམས་བྱུང་གི་རྟོག་པ་སྡུད་རིམ་གྱི་རིམ་པ་ལ་སྐད་ཅིག་བཞི་འབྱུང་སྟེ། དེ་ནི་ལམ་བསྒོམ་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པའི་དུས་ནས་རང་བཅས་སུ་ཡོད་ལ། དེའི་དུས་སུ་རྒྱུ་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་མི་གསལ་བར་རྒྱུ་ཡང་འགྱུར་མེད་འཛག་སྒྲིབ་གྱི་སྟོབས་ཀྱིས་ཉམས་སུ་མི་མྱོང་ལ། ལམ་རྡོ་རྗེ་རྣལ་འབྱོར་ཅན་ལ་ནི་སྐད་ཅིག་བཞི་ལ་བརྟེན་ནས་དགའ་བ་བཞི་སོ་སྐྱེའི་དུས་ནས་མངོན་དུ་བྱེད་པ་ཡིན་ཏེ། དགྱེས་རྡོར་རྩ་རྒྱུད་ལས། སྐད་ཅིག་དབྱེ་བས་ཕྱེ་བ་ཉིད། །དགའ་བ་དེ་ལས་སྐྱེ་བར་འགྱུར། །སྐད་ཅིག་དབྱེ་བས་བདེ་ཤེས་པ། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་གསུངས་སོ། །མཆན། གཉིས་པ་ནི། སྟོང་ར། གཏུམ་མོ། ཟླ་དཀྱིལ། ཧཾ་ཡིག་སོགས་བསྒོམ་པ་སྔར་བཞིན་བྱས་ལ། སྦྱོར་བ་བཞི་ལྡན་གྱི་རླུང་གིས་གཏུམ་མོའ་ནུས་པ་བསྐུལ་བས་གཞི་མའི་ཙཎྜ་ལི་

p. 603

ལས། མེ་ནར་གྱིས་དབུ་མའི་ནང་དུ་ཡར་སོང་། སྤྱི་བོའི་ཧཾ་ལ་རེག་པས་ལུས་ཐམས་ཅད་ཐིག་ལེ་དམར་པོས་ཁེངས་ཏེ་བདེ་མེར་གྱི་གྱུར་པར་བསྒོམ། སླར་ཧཾ་ཡིག་ལས་བྱང་ཐིག་གི་རྒྱུན་བྱུང་བ་མེ་ལྕེ་ལ་རེག་པས་མེའི་ནུས་པ་ཇེ་དམའ་ཇེ་དམའ་ལ་སོང་ནས་སོར་བཞི་ཙམ་དུ་གནས་པ་དེའི་ཚེ་ལུས་ཐམས་ཅད་ཀུན་རྫོབ་བྱང་སེམས་ཀྱི་རང་བཞིན་ཐིག་ལེ་དཀར་པོས་མེར་གྱིས་ཁེངས་པས་བདེ་བ་དང་ལྡན་པར་བསམ་མོ། །ཐིག་ལེའི་གེགས་སུ་འགྱུར་ཉེན་ཡོད་པས། འབར་འཛག་གི་དམིགས་པ་ཐོག་མར་ཐུན་ཆུང་དུ་བྱ་བ་ཡིན་ནོ། །མཆན། འདིར་དཀར་ཆ་ཡས་འབབ་ཀྱི་དགའ་བཞི་འདྲེན་ཚུལ་གོང་དུ་བརྗོད་པ་ཉིད་ཡིན་ལ། བྱང་ཆུབ་ཀྱི་སེམས་དམར་ཆ་ཡས་འབབ་དང་མས་བརྟན་གྱི་དགའ་བ་བཞི་ཇི་ལྟར་འབྱུང་བའི་ཚུལ་རྟེན་སྐྱེས་པའི་དབང་དུ་བྱས་ཏེ་བརྗོད་ན། དམར་ཆའི་ཡས་འབབ་ནི་གསང་གནས་སམ་ལྟེ་བ་ནས་སྤྱི་བོའམ་གཙུག་ཏོར་དུ་འབབ་པ་དང་། མས་བརྟན་ནི་སྤྱི་བོའམ་གཙུག་ཏོར་ནས་ལྟེ་བའམ་

p. 604

གསང་གནས་སུ་ལེགས་པར་བརྟན་པ་ཞིག་དགོས་ལ། དེ་ཡང་འཁོར་ལོ་བཞི་པོ་རེ་རེར་རྡུལ་མུན་སྙིང་སྟོབས་གསུམ་གྱི་དྲི་མ་སྦྱོང་བའི་རྡོ་རྗེ་གསུམ་གྱི་བདེ་བ་བསྐྱེད་པའི་རྟེན་བྱེད་པའི་ཡོན་ཏན་ཅན་གྱི་དམར་ཆའི་ཞུ་བ་སོ་སོར་གནས་པ་དང་། འཁོར་ལོ་གོང་མ་རྣམས་ནས་དེ་ལྟར་ཡོན་ཏན་བསྐྱེད་ནུས་ཀྱི་ཞུ་ཆའི་རྒྱུན་འབྱུང་བས་དམར་ཆ་བཅུ་གཉིས་ལ་བརྟེན་པའི་དགའ་བ་བཞི་གསུམ་བཅུ་གཉིས་ཀྱི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་འཆར་བ་ཡིན་ཏེ། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བའི་ཐིག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ན འང་། །ཉི་མ་བཅུ་གཉིས་རྣམས་སུ་བཤད། །ཅེས་གསུངས་སོ། །དེ་ལྟར་དམར་ཆ་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་བསྐྱེད་པ་ནི། ཇི་སྐད་དུ། ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཅེས་དཀར་ཆ་ལ་བརྟེན་པའི་བདེ་ཆེན་

p. 605

བསྐྱེད་པ་དངོས་སུ་གསུངས་པའི་ཤུགས་ལས་ཐོབ་པ་ཡིན་ཏེ། ཇི་སྐད་དུ། ཀུན་རྫོབ་ཉི་མ་ལྟ་བུ་སྟེ། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་སྦྱར་རིགས་པའི་ཕྱིར། ཞེས་པ་ནི་རྒྱལ་བ་ཀརྨ་པ་བརྒྱད་པའི་དགོངས་པ་དང་མཐུན་པར་བཤད་པ་ཡིན་ནོ། །སླར་ཡང་མེའི་སྟོབས་བསྐྱེད་ནས་ཆེར་འབར་བའི་རྩེ་མོའ་ཚ་གདུང་གི་ནུས་པས་ཐིག་ལེའི་རྒྱུན་རྣམས་ཇེ་མཐོ་ཇེ་མཐོ་ལ་སོང་ནས་ཧཾ་ཡིག་ལ་ཐིམ་ཞིང་གཏུམ་མོའ་གདུང་མཆེད་ཀྱིས་ཧཾ་ཉིད་ལ་རེག་པས། ཐིག་ལེ་དམར་པོས་ལུས་ཁེངས་པ་ལ་བརྟེན་པའི་བདེ་ཆེན་བསྐྱེད་པ་སོགས་སྔར་ལྟར་རེས་འཇོག་ཏུ་ཡང་ཡང་བསྒོམས་པས་བདེ་བ་སྐྱེས་པ་ན་སྟོང་པས་རྒྱས་གདབ་ཅིང་བདེ་སྟོང་དུ་སེམས་འཛིན་ནོ། །འདིས་ནི་དཀར་ཆའི་དངས་མ་མས་བརྟན་གྱི་དགའ་བཞི་རྒྱུད་ལ་ཇི་ལྟར་འདྲེན་པའི་ཚུལ་སྟོན་ཏེ། དེ་ཡང་རྡ ོ་རྗེ་འཕྲེང་བ་ལས། སྤྲུལ་པའི་འཁོར་ལོ་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོ་གནས། །ལོངས་སྤྱོད་བྲལ་བའི་དགའ་

p. 606

བ་དང་། །ལྷན་ཅིག་སྐྱེས་པ་བདེ་བ་ཆེ། །ལུགས་བཟློག་རིམ་པ་ཞེས་ནི་གསུངས། །ཅེས་པས་དཀར་ཆའི་མས་བརྟན་ནི་གསང་གནས་སམ་ལྟེ་བ་ནས་སྤྱི་བོ འམ་གཙུག་ཏོར་དུ་ལེགས་པར་བརྟན་པ་ཞིག་དགོས་པ་འདི་ལ་རྗེ་བཙུན་རམ་ཆེན་པོའ་སྲེ་འཕོ ར། མས་བརྟན་གྱི་དགའ་བ་བཞི་ལ་ཟག་མེད་ཀྱི་ལུས་འགྲུབ་པའི་ཕན་ཡོན་བཞི། ཟག་མེད་ཀྱི་ལུས་སེམས་གཉིས་ཀ་གྲུབ་པའི་ཕན་ཡོན་བཞི། ཟག་མེད་ཀྱི་སེམས་གྲུབ་པའི་ཕན་ཡོན་བཞི་སྟེ། འདི་མེད་ན་རྣལ་འབྱོར་དམ་ཚིག་པའི་ལུས་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་བཞིའི་ཡེ་ཤེས་འཇུག་གནས་བརྟན་པ་གོང་འཕེལ་དུ་འགྲོ་བ་མི་འབྱུང་ཞེས་གསུངས་པའི་དང་པོ་བཞི་ནི། ལྟེ་བ་ཕྱིན་དུ་རྣམ་སྨིན་གྱི་རྩ་ཐིག་རླུང་གསུམ་གྱི་ནུས་པ་ཉམས། བདེ་ཆེན་གྱི་སྟོབས་སུ་སོང་བས་ལྟེ་བ་མེ་ལོང་གི་ངོས་ལྟར་དང་། སྐྲ་དཀར་དང་གཉེར་མ་པགས་ཞུམ་མི་འབྱུང་། སྙིང་ག་མན་ཆོད་དེ་བཞིན་དུ་སོང་བས་སྟོབས་གླང་པོ་ཆེ་དང་མཉམ། མངོན་པར་ཤེས་པ་ལྔ་

p. 607

རྩོལ་མེད་དུ་འཆར། མགྲིན་པ་ཕྱིན་དེ་བཞིན་དུ་སོང་བས་དཔུང་པ་འཕེལ་ཞིང་ལྕེ་སྨིན་མཚམས་སུ་སླེབ། ལུས་མེ་དཔུང་དུ་འབར། འོད་དང་དུ་བ་འབྱིན་པའི་རྫུ་འཕྲུལ་སྟོན་ནུས། ལྕེའུ་ཆུང་གི་ཁྱུ་མཆོག་བཞོ་ནུས་པས་བཅུད་ལེན་དུ་འ གྱུར། སྤྱི་བོ་མན་ཆད་དེ་བཞིན་དུ་སོང་བས་རིག་པ་འཛིན་པ་རྣམས་དང་སྐལ་བ་མཉམ་པའི་མཆོག་སྦྱིན་པར་ནུས་པའོ། །གཉིས་པའི་བཞི་ནི། ལྟེ་བ་མན་ཆད་སྔར་གྱི་དེ་བཞིན་དུ་སོང་བས་གཅན་གཟན་དང་ཤ་ཟ་སྲིན་པོ་ཐམས་ཅད་བཀོལ་དུ་བཏུབ། ཀུན་གྱི་ཡིད་དུ་འོང་། སྙིང་ག་མན་ཆད་སྔར་གྱི་དེ་བཞིན་དུ་སོང་བས་རང་གཞན་གྱི་སེམས་དང་སྐྱེ་བ་སྣ་ཚོགས་དྲན། མགྲིན་པ་མན་ཆད་སྔར་གྱི་དེ་བཞིན་དུ་སོང་བས་འཇིག་རྟེན་གྱི་འདོད་ཡོན་ཐམས་ཅད་ཅིག་ཅར་དུ་ལོངས་སྤྱོད་པར་ནུས། སྤྱི་བོ་ཕྱིན་སྔར་གྱི་དེ་བཞིན་དུ་སོང་བས་རྫུ་འཕྲུལ་གྱི་ཆོ་འ ཕྲུལ་ཐོབ་པས་སྤྲུལ་བསྒྱུར་ལ་ཐོགས་པ་མེད་པའོ། །གསུམ་པ་ལ་བཞི་ལས། ལྟེ་བ་ཕྱིན་དེ་ལྟར་སོང་བའི་ཚེ་ལུས་

p. 608

བདེ་སྟོང་དུ་སྡོམ་པ་ཙམ་ལས་མེད་པས་ཏིང་ངེ་འཛིན་ཆུང་ངུ་། སྙིང་ག་ཕྱིན་དེར་སོང་བས་འཁོར་བའི་དངོས་པོ་ཐམས་ཅད་བདེ་སྟོང་དུ་སྡོམ་པས་ཏིང་ངེ་འཛིན་འབྲིང་། མགྲིན་པ་ཕྱིན་དེར་སོང་བས་མྱང་འདས་ཀྱི་དངོས་པོ་ཐམས་ཅད་བདེ་སྟོང་དུ་སྡོམ་པས་ཏིང་ངེ་འཛིན་ཆེན་པོ། སྤྱི་བོ་ཕྱིན་དེར་སོང་བས་འཆར་བའི་བདེ་སྟོང་གི་ཡེ་ཤེས་དེ་ཉིད་རང་རིག་དུ་སྡོམ་པས་ཏིང་ངེ་འཛིན་ཆེན་པོའི་ཆེན་པོ་ཞེས་བྱ་བའོ། །དེ་ལྟར་ཀུན་རྫོབ་དང་བློ་བུར་དང་ཡང་དག་གཉུག་མའི་དབུ་མ་ལྷན་ཅིག་པའི་ནང་ནས་ལས་དང་ཡེ་ཤེས་ཀྱི་རྟེན་བྱེད་པའི་དཀར་དམར་སོ་སོར་ཞུ་བའི་ཞུ་བདེ་ཡས་ནས་འབབ་པ་དེ་ཕྱི་དང་ནང་གི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྐྱེན་དང་ཕྲད་པ་ན། ཡེ་ཤེས་ཀྱི་རྟེན་བྱེད་པའི་དཀར་དམར་སྟོབས་ལྡན་དུ་སོང་ནས་ཀུན་རྫོབ་བློ་བུར་བའི་དབུ་མ་དང་། ལས་ཀྱི་རྟེན་བྱེད་པའི་དཀར་དམར་གྱི་ཆ་སྦྱངས་ནས། ཡང་དག་གཉུག་མ་མཆོག་གི་དྷཱུ་ཏིའི་ནང་དུ་ཡེ་ཤེས་རྟེན་བྱེད་ཀྱི་དཀར་དམར་གྱི་དངས་མ་མས་

p. 609

ནས་ཡས་བརྟན་དུ་ལོག་པས་དཀར་ཆས་མཚན་དང་། དམར་ཆས་དཔེ་བྱད་ཀྱི་བདག་ཉིད་ཀྱི་གཟུགས་སྐུ་བསྐྱེད་པ་དང་། དཀར་དམར་འདྲེས་པས་བདེ་ཆེན་གྱི་སྐུ་བསྐྱེད་པའི་ནུས་པ་མཐུ་ཅན་ཏུ་བྱེད་པ་སྟེ། དེ་ཡང་མས་བརྟན་གྱི་དགའ་བ་བཞིའི་འབྲས་བུ་མཐར་ཐུག་པ་ལ་རྡོ་རྗེ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་སྟེ་སེམས་དཔའ་བཞིའི་ངོ་བོར་ཡང་གྲུབ་སྟེ། དགྱེས་པ་རྡོ་རྗེ་ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་། ཕྱག་བཅུ་དྲུག་པ་རྣམས་ཀྱི་མཚན་སྔགས་རིམ་པ་བཞིན། ཏྲཻ་ལོཀྱཱ་ཀྵེ་པ་དང་། ཛྭ་ལ་ཛྭ་ལེ་བྷྱོཿདང་། ཀི་ཊི་ཀི་ཊི་བཛྲ་དང་། དེ་བ་པི་ཙུ་བཛྲ་ལ་སོགས་པའི་སྔགས་དང་། ཧེ་རུ་ཀ་བཞི་ལ་སོགས་པའི་ངོ་བོར་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །སྔར་བརྗོད་པ་དེ་རྣམས་ཀྱིས་ཀྱང་བདེ་བ་ལུས་ཐམས་ཅད་དུ་ཁྱབ་པར་མ་སྐྱེས་ན་གཏུམ་མོ་བ་འཇོའ་དམིགས་པ་བསྒོམ་པ་ནི། པུས་མོ་གཉིས་

p. 610

སྤྲད་ལ། རྐང་རྩེ་གཉིས་བསྐྱེད། སྤྱི་བོའ་ཧཾ་ལས་ཧཱུྃ་དཀར་པོ་ཞིག་དབུ་མའི་ནང་ན་མར་བདེ་ཕྲིལ་གྱིས་སོང་ནས་གསང་བའི་རྩེ་མོར་བདེ་ཕྲིལ་ལེ་གནས་པར་བསྒོམ་ཞིང་འོག་རླུང་འཐེན་འཕུལ་བྱ། དེས་བདེ་བ་མི་ཐུབ་པ་སྙམ་བྱེད་ན། ཧཱུྃ་དེ་སྤྱི་གཙུག་གི་ཧཾ་ལ་ཐིམ་པར་བསྒོམ་ཞིང་ཚངས་བུག་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རྒྱ་གྲམ་གཅིག་གིས་ཁ་བཅད་པར་བསམས་ལ་དམིགས་པ་དྲག་ཏུ་བྱའོ། །སྐབས་འདིར་རྗེ་བཙུན་བཞད་པ་རྡོ་རྗེས། གཏུམ་མོ་སྡུག་བསྔལ་གྱི་དུས་སུ་མི་གསལ་ཞིང་འགྲོ་ལྡོག་མང་། བདེ་བའི་དུས་སུ་ཅུང་ཟད་བརྟན་ཀྱང་འདོད་པ་དགྲར་ལྡང་། ཡོན་ཏན་གྱི་དུས་སུ་གསལ་ཞིང་ཤིན་ཏུ་བརྟན་ཅེས་གསུངས་པའི་དོན་ནི། སྙིང་པོ་གསང་དོན་ལས། སྡུག་བསྔལ་གྱི་དུས་ཚོར་བདེ་ལམ་དུ་མ་སློང་བས་དམིགས་པ་ལ་སེམས་མི་ཟིན། འོག་གི་སྒོ་གསུམ་སྦྲིད། སྟེང་གི་བུ་ག་རྣམས་ཟི། སྟོད་བརྒྱང་། ཤུགས་རིང་འདོན། བདེ་བའི་དུས་ཚོར་བདེ་ལམ་དུ་སློང་བས་བསྒོམས་སྟོབས་ཀྱིས་ལུས་ཟག་བཅས་

p. 611

རེག་ཚོར་གྱི་བདེ་བས་ཁྱབ་པས། འཕར་འདར་སྒྲ་འདོན་ཅལ་ཅོལ་དུ་སྨྲ། དེའི་ཚེ་སེམས་ལ་ཆགས་པ་དང་ལུས་ལ་ཁུ་བ་ལྟུང་སྲིད་པས་ཟག་མེད་ཀྱི་ཡེ་ཤེས་འཆར་བའི་བྱིན་རླབས་ལ་དྲག་ཏུ་རྩོལ་བའི་ཚེ། ཚོར་བདེ་ཆགས་པ་དང་བཅས་པ་ཆར་སྤྲིན་རླུང་གིས་གཏོར་བ་ལྟར་བཀྲམ། ཡོན་ཏན་གྱི་དུས་ཡེ་ཤེས་འཆར་བ་ལུས་ཚོར་རྣམ་ཤེས་དང་བཅས་པ་བརྒྱལ་བས་དྷཱུ་ཏིར་རླུང་སེམས་འགགས་པའི་སྟོབས་ཀྱིས་དེ་ཚེ་ལུས་མི་བསྒུལ་ཞིང་རྣམ་རྟོག་གིས་མི་བསླད་པར་བཟུང་། ཅེས་གསུངས་སོ། །དེ་ལས་ལྡང་བ་ན་ཡང་ལུས་སྣང་སེམས་གསུམ་ལ་བདེ་བ་ཆེན་པོས་ཡོངས་སུ་ཁྱབ་པར་བཞུགས་པའི་ངང་ནས་ཡེ་ཤེས་བསྐྱེད་པར་བྱེད་པ་ཡིན་ནོ། །གསུམ་པ་མི་རྟོག་པའི་བོགས་དབྱུང་བ་ལ། གོ་བར་བྱ་བ་དང་ཉམས་སུ་ལེན་པ་གཉིས་ཀྱི་དང་པོ་ནི། རྗེ་བཙུན་དམ་པ་དབྱངས་ཅན་བཟང་པོས་ཉེ་བར་བསྩལ་བའི་རླུང་སེམས་དབྱེར་མེད་ལས། མི་རྟོག་པའི་བྱེད་པའམ་ནུས་པས་ནི་རྟོག་པ་མེད་བཞིན་དུ་

p. 612

ལམ་འབྲས་ཀྱི་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་ལ། དེ་ཡང་མི་རྟོག་པ་བསྐྱེད་པའི་རྒྱུ་གཉུག་མའི་ཡིད། མི་རྟོག་པ་གསོ་བའི་རྐྱེན་བླ་མ་མཁའ་འགྲོའི་བྱིན་རླབས། མི་རྟོག་པ་རྒྱས་པའི་ཐབས་རླུང་དྷཱུ་ཏིར་འགོག་པ། མི་རྟོག་པ་མི་ཉམས་པའི་དམ་ཚིག་མཚན་མར་མི་འཛིན་པའོ། །ཅེས་གསུངས་སོ། །དེ་ལ་འདིར་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམས་པས་ཡུལ་ཅན་བདེ་བ་ཆེན་པོའ་ཡུལ་དུ་གྱུར་པའི་སྟོང་པ་ཉིད་ནི་ཡུལ་ཅན་བདེ་བ་ཆེན་པོ་དེ་ཉིད་སྣང་ཙམ་ནས་སྣང་སྟོང་། གསལ་ཙམ་ནས་གསལ་སྟོང་། རིག་ཙམ་ནས་རིག་སྟོང་། བདེ་ཙམ་ནས་བདེ་སྟོང་། མྱོང་ཙམ་ནས་མྱོང་སྟོང་གི་སྟོང་ཉིད་དེ། དེ་ལ་མཚན་ཆོས་ནུབ་ཕུལ་ཆེ་ཆུང་གི་ཁྱད་པར་ལ་སྟོང་པ་བཞིར་འཇོག་པ་ཡིན་ལ། དེས་ན་ཡུལ་ཅན་བདེ་བ་ཆེན་པོ་ཆོས་ཅན་དང་། ཡུལ་སྟོང་པ་ཆེན་པོ་ཆོས་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་ངོ་བོར་རོ་གཅིག་པ་སྟེ། ཆུ་ལ་ཆུ་བཞག་པའམ་ནམ་མཁས་ནམ་མཁའ་ལ་སྦྱོར་བ་ལྟ་བུར་བདེན་པ་གཉིས་ཀྱི་ཕྱོགས་དང་མཐའ་ཐམས་

p. 613

ཅད་དང་བྲལ་བའི་དུས་དེར་མཉམ་ཉིད་དབུ་མ་ཆེན་པོའ་ངང་དུ་གྲོལ་བ་ཡིན་ཏེ། དེ་ཡང་སྟོང་པ་ཉིད་རྟོགས་པའི་ནུས་པའམ་བྱེད་པ་ནི་སྒྲིབ་པ་བག་ཆགས་དང་བཅས་པ་རང་བཞིན་གྱིས་མ་གྲུབ་པར་སྒྲོ་འདོགས་གཅོད་པར་བྱེད་ལ། དེ་ལྟ་བུའི་སྟོང་ཉིད་བསྐྱེད་པའི་རྒྱུ་ཤེས་རབ། སྟོང་ཉིད་གསོ་བའི་ཐབས་ཕྱག་རྒྱ་བཞིའི་རེག་པ། སྟོང་ཉིད་རྒྱས་པའི་ཐབས་བདེ་ཆེན་གྱི་ལྷན་སྐྱེས། སྟོང་ཉིད་མི་ཉམས་པའི་དམ་ཚིག་དངོས་འཛིན་གྱི་ཞེན་ཡུལ་འགྲོལ་བ་ཡིན་ནོ། །གཉིས་པ་ནི། རྡོ་རྗེ་ཅན་ཞབས་མར་སྟོན་ཆེན་པོས། གསུམ་པ་མི་རྟོག་པ་བོགས་དབྱུང་བའི་མན་ངག་བྱ་སྟེ། ལུས་གནད་དངོས་གཞི་དང་འདྲ། འཇམ་རླུང་མནན། སེམས་ཀྱི་དམིགས་པ་སྣ་བུག་གཡོན་པའི་སོར་བཞིའི་ཐད་སོར་གཏད་ལ་སེམས་གློད་དེ་ཕྱག་རྒྱ་ཆེན་པོ་བསྒོམ་མོ། །ཅེས་གསུངས་པས་ལུས་གནད་སྤང་ལ་བེ་ཕུར་བཏབ་པ་ལྟར་མི་གཡོ་བར་གནས། ལྟ་སྟངས་ནམ་མཁའི་དབྱིངས་སུ་མི་འགྱུར་བར་རྩེ་གཅིག་ཏུ་གཏད།

p. 614

འཇམ་རླུང་ཅུང་ཟད་མནན། སེམས་འོད་གསལ་གྱི་སྣང་བ་དེ་ཉིད་ལ་རེ་དོགས་ཀྱི་སྤྲོས་པ་མེད་པ་ཐི་བ་ཚང་དུ་འཇུག་པ་ལྟར་ཆོན་ནེ་བཞག །དེ་ཀའི་ངང་ནས་སྦྲང་མ་གར་སྤྱིན་ལ་འབྱར་བ་ལྟར་གཞན་དུ་མི་འགྲོ་བར་ལྷན་ནེ་གནས་པ་ལ་རྒྱུན་བསྲིང་། བྱ་བ་ཟིན་པའི་སྐྱེས་བུ་ལྟར་རྩོལ་སྒྲུབ་དང་བྲལ་བའི་ངང་ནས་གློད་ལ་བཞག་གོ། །དེ་ལྟར་བཞག་པས་སེམས་འོད་གསལ་དུ་ཐིམ་པས་འབྱུང་བའི་རླུང་རིམ་པས་འགག་ཅིང་སྨིག་རྒྱུ་ལ་སོགས་པའི་རྟགས་རྣམས་སྔར་བས་དངས་པ་གསལ་བ་ཁྱད་པར་དུ་འཕགས་པ་འཆར་རོ། །ལུས་གནད་ལྟ་སྟངས་སྔར་དང་འདྲ་བ་ལས། མཚན་མ་གང་སྣང་དེ་རང་གི་སེམས་དང་བསྲེས་ལ་དེ་ཉིད་ལ་རྩེ་གཅིག་ཏུ་གཏད་དེ་འཛིན་མེད་དུ་མ་ཡེངས་པར་བཞག་གོ། །དེ་ལྟར་བཞག་པས་ཡུལ་དང་ཡུལ་ཅན་གྱི་འཛིན་པ་ཞིག་སྟེ་བདེ་གསལ་མི་རྟོག་པའི་ངང་ལ་མི་གཡོ་མི་ལྡོག་པའི་ཉམས་ཁྱད་པར་དུ་འཕགས་པ་སྐྱེའོ། །སྔར་གྱི་དེའི་ངང་ནས་རང་སེམས་ཀྱི་ངོ་བོ་ལ་རྩེ་གཅིག་

p. 615

ཏུ་བལྟས་ཏེ་མཉམ་པར་གཞག །དེའི་ངང་ལ་རྟོག་པ་འཕྲོ་ན་རྟོག་པ་གང་སྐྱེས་དེའི་ངོ་བོ་ལ་ཆེར་ཆེར་བལྟ་བར་བྱ། དེ་ལྟར་ཡང་ཡང་མ་ཡེངས་པར་མཉམ་པར་བཞག་པས་སེམས་ཀྱི་ངོ་བོ་རྟོགས་པའི་རྟོག་པ་ཁྱད་པར་ཅན་འབྱུང་ངོ་། །དེ་ལྟ་བུའི་ཐབས་སྣ་ཚོགས་ཀྱིས་ཡང་ཡང་དུ་མཉམ་པར་བཞག་ལ་ཏིང་ངེ་འཛིན་གྱི་རྩལ་སྦྱོང་ཞིང་ཕྱག་རྒྱ་ཆེན་པོའ་ཡེ་ཤེས་མངོན་དུ་བྱའོ། །དེ་ལྟར་བསྒྲུན་པ་ཐམས་ཅད་དང་བྲལ་བ་དཔལ་དྭགས་པོ་དཀའ་བརྒྱུད་པ་དག་གི་ལྟ་སྒོམ་སྐྱོང་བའི་སེམས་ཀྱི་འཇོག་ཐབས་ཤེས་པ་རྟེན་མེད་པར་གློད་པས་སྟོང་པ་ཉིད་འཁྲུལ་པ་མེད་པ་རྣལ་འབྱོར་པས་མངོན་སུམ་དུ་བྱེད་པ་འདི་ནི་ཟབ་མོ་རྒྱུད་སྡེ་ལས་འབྱུང་བའི་རྫོགས་རིམ་མཐར་ཐུག་པ་ཡང་འདི་ཁོ་ན་ཡིན་ཏེ། རྡོ་རྗེའི་ལུས་བཅིངས་ནས་ཡིད་དམིགས་རླུང་གསུམ་རྣམ་པར་མི་རྟོག་པའི་ངང་ལ་བཞག་པ་ན། ལུས་སེམས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་གྱིས་རོ་རྐྱང་གི་རླུང་ཕལ་པའི་རྒྱུ་བ་འགགས་ནས་དབུ་མར་རེངས་པ་ལས།

p. 616

རྣམ་པ་དང་བཅས་པའི་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་ཉམས་སུ་མྱོང་བར་འགྱུར་གྱི། ཕྱི་རོལ་གྱི་ཡུལ་ལ་འཇུག་པ་བཅད་པས་ཡུལ་རྣམ་དག་གི་སྟོང་པའི་རྩ་དབུ་མ་ཕྱི་རོལ་དུ་ཤར་བའི་ཡར་སྣེར་སེམས་དམིགས་རླུང་གསུམ་བཅིངས་པས། སྲོག་གི་གཟུགས་བརྙན་འཆར་ལ། དེས་དྲངས་པའི་ཡུལ་ཅན་གྱི་བདེ་བ་ལ་ཕྱག་རྒྱ་ཆེན་པོར་བརྗོད་པ་དང་། དེ་ལྟ་བུའི་རྩ་དབུ་མས་རང་ལུས་ཀྱི་རྩ་དབུ་མ་བྱིན་གྱིས་བརླབ་པར་བྱས་པའི་མར་སྣེར་སེམས་དམིགས་རླུང་གསུམ་གཅུན་པས་ཡུལ་ཅན་དངས་མའི་བདེ་བ་འབར་བས་ཡུལ་གྱི་སྟོང་པའི་གཟུགས་བརྙན་འཆར་བ་ལ་ཡང་ཕྱག་རྒྱ་ཆེན་པོར་བརྗོད་དོ། །མཆན། དེ་ལས་གཞན་པའི་ཐབས་ཀྱིས་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མི་བྱེད་པ་ནི། མཆོག་གི་དང་པོའ་སངས་རྒྱས་ལས། མེ་དག་ཤིང་ལ་རྟག་གནས་ཀྱང་། །བཅད་བྱེའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་ཤིང་གཙུབ་སྟན་ལ་གཙུབས་པས། །དེ་གནས་དེ་ནི་མཐོང་བ་བཞིན། །དེ་བཞིན་སེམས་ཀྱི་སྣང་བ་ཡང་། །རྣམ་རྟོག་བསྒོམ་ཐབས་ཀྱིས་མི་མཐོང་། །དེ་ཉིད་ཁོ་ན་དེ་མཐོང་བའི། །ཐབས་ནི་

p. 617

རོ་རྐྱང་གཅིག་སྦྱོར་བས། །ཞེས་འབྱུང་བའི་ཕྱིར། བརྟེན་པ་འོད་གསལ་གྱི་སེམས་སྟོང་ཉིད་དུ་རྟོགས་པའི་སྣང་བ་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་འཆར་བ་ཡང་། རྟེན་མཆོག་གི་དབུ་མར་ཐིམ་པ་ལ་རག་ལས་ཤིང་། དེ་ཐིམ་པའི་ཐབས་ལའང་ལུས་སེམས་མ་བཅོས་པར་གློད་ཚུལ་འདི་ལས་ཟབ་པ་གཞན་མེད་དེ། དཔལ་མདའ་བསྣུན་ཞབས་ཀྱི་དོ་ཧ་མཛོད་ཀྱི་གླུ་ལས། ཤིན་ཏུ་བསྡ མས་པའི་སེམས་འདི་ནི། །གློད་དེ་བཞག་ན་གྲོལ་བར་འགྱུར། །རྨོངས་པ་གང་ཞིག་བཅིངས་པའི་དངོས། །མཁས་རྣམས་དེ་ཡིས་རྣམ་པར་གྲོལ། །བཅིངས་པ་དག་ནི་ཕྱོགས་བཅུ་རུ། །འགྲོ་བར་རྩོམ་པར་བྱེད་པ་རྣམས། །གློད་དེ་བཞག་ན་གྲོལ་བར་འགྱུར། །མི་གཡོ་མི་འགྱུར་བརྟན་པར་གནས། །གོ་ཟློག་པ་དག་བདག་གིས་རྟོགས། །ཅེས་དང་། ཨཱ་ཙ་ནཱ་གཱརྫུ་ནས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དང་། རྗེ་བཙུན་

p. 618

ཏཻ་ལོ་པས། དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །དེ་བཞིན་རང་སེམས་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །བཅིངས་པ་གློད་གྱུར་གྲོལ་བར་ཐེ་ཚོམ་མེད། །ཅེས་སོགས་གྲུབ་པའི་སློབ་དཔོན་འཁྲུལ་པ་བྲལ་བ་རྣམས་ཀྱིས་རྒྱ་ཆེར་གསུངས་སོ། །དེ་རྣམས་ཀྱིས་ནི་བརྟན་པ་བོགས་དབྱུང་ཐུགས་རྡོ་རྗེ་སྒྲུབ་ཆེན་གྱི་རིམ་པ་སོང་ནས། གཏུམ་མོའ་རྣལ་འབྱོར་བསྒོམས་པས་ལམ་རྟགས་ཇི་ལྟར་འཆར་ཚུལ་རྒྱས་པར་ནི་འོག་ཏུ་འཆད་མོད། ཕྱོགས་ཙམ་མཚོན་པའི་དབང་དུ་བྱས་ན་རྗེ་བཙུན་ཐོས་པ་དགས། གཏུམ་མོའ་ནུས་པ་ལས་སུ་རུང་བ་ལ། རྩ་ལས་སུ་རུང་བས་མཚན་ལྡན་གྱི་ཕྱག་རྒྱ་གྲངས་མེད་དུ་འདུ། རླུང་ལས་སུ་རུང་བས་རྟེན་མེད་པར་ནམ་མཁའ་ལ་སྡོད་བཟོད། ཐིག་ལེ་ལས་སུ་རུང་བས་རོ་བཅུད་རྩི་སྨན་ནོར་བུ་ལ་སོགས་པའི་ནུས་པ་ཇི་ལྟར་ཡོད་པ་ལ་སྔགས་ཀྱི་ཆོ་གས་བྱ་བ་འཕྲལ་དུ་འབྱིན་པར་ནུས། སེམས་ལས་སུ་རུང་བས་སྣང་བ་སྣ་

p. 619

ཚོགས་ལ་ཟད་པར་ཟིལ་གནོན་གྱི་སྤྲུལ་བསྒྱུར་ནུས། ལུས་ལས་སུ་རུང་བ་ལས་དབང་ཐོབ་པར་འགྱུར་བ་ནི། རྩ་དང་སེམས་ལ་དབང་བས་དམིགས་པ་ལ་སེམས་ལོ་དང་ཟླ་བར་བཞག་ཀྱང་སེམས་རྩེ་གཅིག་ཏུ་གནས་ནུས། རླུང་དང་ཡི་གེ་ལ་དབང་བས་སྣ་བུག་གི་སྲོག་རྩོལ་ལ་མ་ལྟོས་པར་རྩ་འཁོར་གྱི་མེ་རླུང་གི་དྲོད་ཀྱིས་ཕྱིའི་མེ་ཆུ་རླུང་གིས་གནོད་མི་ནུས། ཐིག་ལེ འམ་དམིགས་པ་ལ་དབང་བས་ཞི་བ་ལ་སོགས་པའི་ལས་དང་། རེངས་པ་ལ་སོགས་པའི་ལྟ་སྟངས་རྣམས་འགྲུབ་པར་ནུས། ཡེ་ཤེས་ལ་དབང་བས་རྩ་རླུང་ཐིག་ལེ་ལ་ལྷའི་དཀྱིལ་འཁོར་དུ་རང་ཉིད་ཀྱིས་མཐོང་བ་དང་སྐལ་ལྡན་ལ་སྟོན་ནུས་པའོ། །ཅེས་གསུངས་སོ། །འདིར་སྨྲས་པ། ཟབ་གསང་ལམ་གྱི་སྙིང་པོ་ཙཎྜ་ལིས། །མི་འགྱུར་བདེ་ཆེན་ཡེ་ཤེས་འདྲེན་པའི་ཐབས། །མར་མི་དྭགས་པོའ་དགོངས་པ་མ་འཁྲུལ་བ། །ཀཾ་ཚང་བརྒྱུད་པའི་ལུགས་བཞིན་བདག་གིས་བཤད། །པཎ་ཆེན་ནཱ་རོའ་བརྒྱུད་པའི་བྱིན་རླབས་འདི། །རྟོག་

p. 620

གེའི་བློ་ཡི་སྤྱོད་ཡུལ་མ་ཡིན་པ། །དེ་ཕྱིར་འདི་དང་འདི་འདྲ་བྱུང་བ་ནི། །ནམ་མཁའི་དཀྱིལ་ནས་ཉི་མ་ཤར་བ་འདྲ། །ཅེས་སོ། །དེ་རྣམས་ཀྱིས་འདོད་ཉོན་བསྲེག་བྱེད་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར་བའི་རིམ་པ་མདོ་ཙམ་བཤད་ཟིན་ཏོ། །གཉིས་པ་ཉིན་སྣང་གསལ་བྱེད་སྒྱུ་ལུས་ཆོས་བརྒྱད་གྲོལ་བའི་མན་ངག་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། བཀའ་དཔེ་རྩ་བའི་སྡོམས་སུ། གཏུམ་མོ་འོད་གསལ་སྦྱོང་བ་ལ། །སྒྱུ་མ་ལྟ་བུའི་ལུས་བསྒོམ་པ། །ཞེས་སོགས་ཀྱི་འགྲེལ་པར་རྗེ་མར་པས། ད་ནི་ལམ་དངོས་སྟོན་པར་བྱེད་པ་ལ། གཏུམ་མོ་འོད་གསལ་སྦྱོང་བ་ལ། །ཞེས་སྔར་བསྟན་པའི་རླུང་རྡོ་རྗེའི་ཟླས་པ་ངག་དབེན་པ་ལམ་དུ་འཁྱེར་བ་ནི་རླུང་ལ་རག་ལུས་པ་སྟེ། ལྟེ་བའི་རྩ་མདུད་རང་བཞིན་གྱི་གཏུམ་མོ་ཨཿཐུང་ངུ་དེ་ལ་གནད་དུ་བསྣུན་པ་ནི་ལས་དང་ཉོན་མོངས་པ་ཕྲ་རགས་ཐམས་ཅད་ལ་དཔའ་བས་ན་གཏུམ་མོ་ཞེས་བྱ། འོད་གསལ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲི་མ་

p. 621

མེད་པ་རྟོགས་པ་སྟེ་དེ་དག་རྟོགས་པར་བྱེད་པ་ལ་ཐོག་མར་སྒྱུ་ལུས་རྨང་རྡོ་དང་འདྲ་བ་དགོས་པས་གོང་མ་གཉིས་པོ་སྦྱོང་བ་ལ། སྒྱུ་མ་ལྟ་བུའི་ལུས་བསྒོམ་པ། །ཞེས་པས་ཆོས་ཐམས་ཅད་ཀྱི་ཤེས་བྱ་སྒྱུ་མ་ལྟ་བུ་དེ་ཀུན་རྫོབ་འོད་གསལ་དུ་འཇུག་པར་བྱེད་པ་ལ། སློབ་པ་དང་ནི་མི་སློབ་གཉིས། །ཞེས་པས་སྒྱུ་ལུས་ཀྱི་སྐབས་སུ་བར་དོ་སྦྱོང་བྱེད་ཀྱི་ལམ་སློབ་པའི་ཟུང་འཇུག་ཡིན་ལ། འབྲས་བུ་ཐར་ཐུག་ཏུགྱུར་པ་མི་སློབ་པའི་ཟུང་འཇུག་གོ། །དེ་ལ་འདིར་སློབ་པའི་ཟུང་འཇུག་ལ་ཡང་རྣམ་པ་གཉིས་ཏེ། ཐེག་པ་ཐུན་མོང་བ་དང་མཐུན་པར་ལམ་བགྲོད་ནས་རྡོ་རྗེ་ཐེག་པར་ལྷའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་བསྒོམ་པ་མངོན་པར་རྟོགས་པའི་རིམ་པ་དང་། ཐུན་མོང་མིན་པ་གསང་ཆེན་གྱི་ལམ་དུ་རང་ཉིད་ལྷག་པར་གནས་པ་རང་རིག་རང་གསལ་བ་གཉིས་མེད་འོད་གསལ་བའི་ལམ་དུ་རྟོགས་པར་བྱེད་པའོ། །ཅེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། གནད་རྣམ་པ་བཞི་ལས། ལུས་གནད་ལ་

p. 622

སོགས་པ་གསུམ་ནི། དཔལ་རང་བྱུང་གིས། ལུས་གནད་གཏུམ་མོ་དང་མཐུན། ཡུལ་གནད་སྣང་བ་དཀར་དམར་རོ། །དུས་གནད་ནི་ཉིན་པར་ཤས་ཆེ། ཅེས་གསུངས་ཤིང་། དམིགས་པའི་གནད་ལ། རྒྱུའི་ཐེག་པ་དང་མཐུན་པར་ཆོས་ཐམས་ཅད་སྒྱུ་མ་ལྟར་གཏན་ལ་དབབ་ཚུལ། ལྷ་སྐུ་སྒྱུ་མ་ལྟར་དམིགས་ཀྱིས་བསལ་ནས་བསྒོམ་ཚུལ་རྒྱུད་སྡེ་འོག་མ་དང་མཐུན་པར་བཤད་པ། གསང་ཆེན་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་སྒྱུ་ལུས་གང་ཡིན་ངོས་བཟུང་བའོ། །དང་པོ་ལ། གོ་བར་བྱ་བ་དང་། ཉམས་སུ་བླང་བ་གཉིས་ཀྱི་དང་པོ་ནི། སྤྱིར་སྔགས་རྫས་སོགས་ཀྱིས་དབང་ཤེས་བསླད་ནས་མི་བདེན་བཞིན་དུ་བདེན་པ་ལྟར་མེད་བཞིན་སྣང་བ་ནི་དཔེའི་སྒྱུ་མ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་རྒྱུ་རྐྱེན་བྱས་ནས་དོན་ལ་བདེན་པར་མ་གྲུབ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་བཞིན་སྣང་བ་དོན་ཀྱི་སྒྱུ་མ་ཡིན་ལ། དོན་གྱི་སྒྱུ་མ་དེ་ལ་ཡང་འཁོར་འདས་

p. 623

ཀྱི་ཆས་བསྡུས་པའི་སྒྱུ་མ་རྣམ་པ་གཉིས་ཀྱི་དང་པོ་ལའང་ཕྱི་ནང་གཉིས་ལས། ཕྱི་ནི་སེམས་ཀྱིས་མ་ཟིན་པའི་གཟུགས་སྒྲ་སོགས་སྣང་ལ་རང་བཞིན་མེད་པ་དག་གོ། །ནང་ལའང་སྒྱུ་མའི་ལུས་སེམས་གཉིས་ལས། དང་པོ་ནི། རགས་པ་རྡོས་བཅས་ཀྱི་སྒྱུ་ལུས། རྨི་ལམ་བར་དོའི་སྒྱུ་ལུས། ཕྲ་བ་ཁམས་གོང་གི་སྒྱུ་ལུས་རྣམས་སོ། །དང་པོ་ནི། འདོད་ཁམས་པའི་ཤ་རུས་ཕྱི་ས་ལ་སོགས་པ་དང་བཅས་པའོ། །གཉིས་པ་ནི། རླུང་སེམས་ཙམ་ལས་ལུས་སུ་སྣང་བ་ཁྱད་པར་ཅན་ཏེ། དེའང་རྨི་ལམ་གྱི་སྒྱུ་ལུས་ནི་སྲོག་རྩར་རླུང་སེམས་འདུས་པའི་མཐར་བག་ཆགས་ཀྱི་སྟོབས་ཀྱིས་རོ་རྐྱང་ལ་སོགས་པར་རླུང་སེམས་ཞུགས་པ་ལས་བྱུང་བ་དང་། བར་དོའ་རྒྱུ་ལུས་ནི་འཆི་བ་འོད་གསལ་དུ་ཞུགས་པའི་མཐར་ལས་དང་བག་ཆགས་ཀྱི་སྟོབས་དང་། སྣང་གསུམ་རླུང་གི་བཞོན་པ་དང་བཅས་པ་ལས་བྱུང་བའོ། །གསུམ་པ་ནི། རང་གི་ཏིང་ངེ་འཛིན་གྱི་འཕེན་སྟོབས་ལས་སྣང་གསུམ་རླུང་གི་བཞོན་པ་དང་བཅས་པ་ལས་གྲུབ་པའི་ཚངས་པ་ལ་སོགས་པའི་ལུས་དངས་པ་འཇའ་ཚོན་ལྟ་བུའོ། །མཆན། གཉིས་པ་ལ། ཁམས་དང་

p. 624

བག་ཆགས་ཐམས་ཅད་བསགས་པའི་ཀུན་གཞིའི་ཤེས་པ་དང་། དགེ་བ་དང་མི་དགེ་བའི་ལས་དུ་མ་ཡིད་ཀྱིས་བསགས་ཤིང་ཡང་དེ་དང་ལྷན་ཅིག་ཀུན་གཞིའི་སྟེང་དུ་དེའི་ནུས་པ་བསོག་ཏུ་འཇུག་ཅིང་ཐོག་མ་མེད་པའི་ཡིད་ཡང་ནས་ཡང་དུ་སེམས་པ་མྱུར་བས་བསགས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པས་ཡུལ་སེམས་ཤིང་གཞལ་བའམ་ཡོངས་སུ་སྤྱོད་པའི་སེམས་སྤང་བྱ་གློ་བུར་དྲི་མའི་ཆས་བསྡུས་དང་། རང་བཞིན་ལྷུན་གྱིས་གྲུབ་ཅིང་དང་པོ་ནས་བསགས་ཤིང་གནས་པ་དང་། སངས་རྒྱས་ཀྱི་གསུང་རབ་ཡང་ནས་ཡང་དུ་མཇལ་ཅིང་རྒྱུད་དག་པར་རྒྱས་པར་བྱེད་པའི་སེམས་གཉུག་མ་བདེ་བར་གཤེགས་པའི་སྙིང་པོ་གཉིས་སོ། །གཉིས་པ་མྱང་འདས་ཀྱིས་བསྡུས་པ་ལ། ཕྱི་ནི་དག་པའི་ཞིང་སོགས་ཡེ་ཤེས་ཀྱིས་མ་ཟིན་པ་རྣམས་དང་། ནང་གི་སྒྱུ་མའི་སྐུ་ནི་མཚན་དཔེས་སྤྲས་པའི་ལོངས་སྤྲུལ་སོགས་ཡིན་ལ། མེ་ལོང་ལྟ་བུ་ལ་སོགས་པ་ནི་སྒྱུ་མའི་ཡེ་ཤེས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་

p. 625

ཆོས་ཐམས་ཅད་སྒྱུ་མ་ལྟ་བུའོ། །ཞེས་གསུངས་པའི་དཔེ་དོན་སྦྱོར་ཚུལ་ཕ་རོལ་ཏུ་ཕྱིན་པ་ལྟར་ན་ཇི་ལྟར་སྒྱུ་མའི་རྟ་གླང་དུ་སྣང་བ་དེ་རྟ་གླང་གི་རང་བཞིན་དུ་མེད་པས་རྫུན་པ་དང་། ཡང་དག་པ་ཇི་ལྟ་བ་མིན་པས་ལོག་པ་ཉིད་ཀྱིས་འདི་ལྟར་དངོས་པོ་དང་དངོས་པོ་མེད་པའི་ཆོས་མཐའ་དག་ཀྱང་དེ་ལྟར་ཤེས་དགོས་སོ། །ཞེས་བསླུ་ཆོས་ཡ་མ་བརླ་སྙིང་པོ་མེད་པ་འབའ་ཞིག་ཏུ་བཤད་པ་ཡིན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སྒྱུ་མ་ཡང་མིང་ཙམ་དུ་ཟད་དེ། ཡུལ་ན་མི་གནས་ཕྱོགས་ན་མི་གནས་པས། སྒྱུ་མ་མཐོང་བ་ནི་ལོག་པར་གྱུར་པ་སྟེ་ཡོད་པ་མ་ཡིན་ཅིང་ངོ་བོ་དང་བྲལ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཆོས་གང་ལ་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འགག་པར་མི་མཐོང་། གནས་པར་མི་མཐོང་། འགྲིབ་པར་མི་མཐོང་། འཕེལ་བར་མི་མཐོང་། ཀུན་ནས་ཉོན་མོངས་

p. 626

པར་མི་མཐོང་། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་གསུངས་སོ། །གཉིས་པ་ཉམས་སུ་བླང་བ་ལ། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ལ། མི་རྟག་པ་བསྒོམ་པས་ངེས་པར་འབྱུང་བ་བསྐྱེད་པ། འཁོར་བའི་ཉེས་དམིགས་བསྒོམ་པས་དེ་ཉིད་ལ་ཞེན་པ་ལྡོག་པ། རྒྱུ་འབྲས་ཟབ་མོའ་རྟེན་འབྲེལ་བསྒོམ་པའོ། །དཔལ་མཁའ་སྤྱོད་པས། མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། དལ་འབྱོར་རྙེད་དཀའ་བ་བསམ་པ་རྣམས་ལ། དང་པོའ་བཞི་སྦྱོར་དུ་མཛད་དེ་ཁྲིད་ཀྱི་ཐོག་མ་ཉིད་དུ་སྟོན་པའི་སྲོལ་ཡང་ཡོད་མོད་ཀྱི། འདིར་ནི་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རིན་པོ་ཆེའི་ཞལ་སྔ་ནས་འབྱུང་བ་ལྟ་བུ་སྟེ། མི་རྟག་པ་ལ་སོགས་པ་བསྒོམ་པ་ནི་སྒྱུ་ལུས་ཀྱི་སྐབས་སུ་བབ་པར་བཞེད་དོ། །ཞེས་དང་། སྒྱུ་ལུས་ཀྱི་སྐབས་སུ་ཡང་མདོ་སྡེ་ནས་བཤད་པའི་སྒྱུ་མ་སྒོམ་པ་དང་། རྒྱུད་སྡེ་ནས་བཤད་པའི་སྒྱུ་མ་བསྒོམ་པ་གཉིས་ཀྱི། དང་པོའ་སྐབས་སུ་མི་རྟག་པས་ཡིད་འབྱུང་བ་དང་སྐྱོ་བ་ཉེ་བར་བསྐྱེད་ནས། སླར་འཁོར་བའི་ཉེས་དམིགས་དང་། རྒྱུ་འབྲས་ཀྱི་རྟེན་འབྲེལ་མཐོང་བར་བྱས་པས། སྒྱུ་མ་དངོས་ཀྱི་དོན་ལ་འཇུག་

p. 627

པར་འགྱུར་ཏེ། དེ་བས་ན་འདི་དག་འདིར་སྐབས་སུ་བབ་པ་ཡིན་ནོ། །ཞེས་གསུངས་པ་དང་མཐུན་པར་བཀོད་དོ། །མཆན། དང་པོ་ནི། ལུས་གནད་ལེགས་པར་བཅས་ལ། ཡིག་བརྒྱའི་རྣལ་འབྱོར་སོགས་སྔོན་དུ་བྱ་བའི་རིམ་པ་རྣམས་ལེགས་པར་བསྒོམས་ལ། ཙཎྜ་ལི་བསྒོམ་པ་སྔོན་དུ་སོང་བའམ་མ་སོང་ཡང་རུང་སྟེ། འདི་ལྟར་རྣམ་པར་སྣང་བའི་ཆོས་འདི་ཐམས་ཅད་རབ་ཏུ་གཡོ་བ། སྐད་ཅིག་ཀྱང་མི་གནས་པ། མི་རྟག་འགྱུར་བའི་རང་བཞིན་ཅན་ཏེ། འདི་ལ་དེང་ཕན་ཆད་བདེན་པ་དང་རྟག་པའི་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་རྒྱུན་མར་བསྐྱེད་པ་རེ་མ་ལེགས། ད་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་བཞིན་རང་གཞན་གྱི་དངོས་པོ་ཐམས་ཅད་མི་རྟག་པ་ལ་མི་རྟག་པར་ཤེས་པས་དྲན་པའི་རྒྱུ ན་རྩེ་གཅིག་ཏུ་བསྐྱེད་པར་བྱའོ། །ཞེས་བསམས་ནས། ཀྱེ་མ་ཕྱི་ནང་གི་དངོས་པོ་འདི་ཐམས་ཅད་ནི་མི་རྟག་པའོ། །སྣོད་ཀྱི་འཇིག་རྟེན་རྣམས་ལ། ཤིང་དྲུང་པ་ལྟར་ནམ་ཟླའི་སྐབས་ཀྱི་འགྱུར་བ་ལ་མི་རྟག་པ་བསྒོམ་པ་དང་། བླ་གབ་མེད་པར་

p. 628

སྤྱོད་པ་ལྟར་ཉིན་མཚན་གྱི་འགྱུར་བ་ལ་བརྟགས་ནས་དང་། དགོན་པ་བ་ལྟར་གནས་སྐབས་ཀྱི་འགྱུར་བ་ལ་བརྟགས་ཏེ་བསྒོམ་པ་དང་། བཅུད་ཀྱི་སེམས་ཅན་ལའང་ལུས་ཀྱི་འགྱུར་བ་དང་། ཚིག་གི་སྔ་ཕྱི་དང་། རྟོག་པའི་འཕྲོ་འདུ་ལ་བརྟགས་ཏེ་མི་རྟག་པ་བསྒོམ་པའོ། །མཆན། འདི་ཐམས་ཅད་ནི་གཡོ་བའོ། །འདི་ཐམས་ཅད་འགྱུར་བ་སྙིང་པོ་མེད་པ་སྟེ། ཇི་སྐད་དུ། འདུས་བྱས་རྟག་པར་འགྱུར་བ་ཡི། །གནས་དེ་སྙེད་པར་མི་འགྱུར་བས། །ཅེས་བཅོམ་ལྡན་འདས་ཀྱིས་ཟབ་མོའ་མདོ་སྡེར་གསུངས་པའི་དོན་ལས་སེམས་སྐད་ཅིག་ཀྱང་མ་ཡེངས་པར་དེ་ཉིད་ཀྱི་རྒྱུན་ལ་མཉམ་པར་བཞག་གོ། །གལ་ཏེ་དེ་ལྟ་བུས་ཀྱང་མི་རྟག་རྒྱུན་གྱི་ཏིང་ངེ་འཛིན་རྣམ་པར་དག་པ་མ་སྐྱེས་ན། ངེས་པའི་ཤེས་པ་བསྐྱེད་པའི་ཕྱིར་འདི་ལྟར་བསམ་པར་བྱ་སྟེ། ཇི་སྐད་དུ། སློབ་དཔོན་དཔའ་བོས། ས་འམ་འོན་ཏེ་མཐོ་རིས་སུ། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །འོན་ཏེ་ཐོས་སམ་ཐེ་ཚོམ་ཟ། །ཅེས་གསུངས་པ་ལྟར་འཇིག་རྟེན་འདི་ན་སུ་ཞིག་མི་འཆི་

p. 629

བར་གནས་པ་ཡོད་གྲང་། ཀྱེ་མ་ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གིས་ཞབས་ལ་མངོན་པར་བཏུད་པ་སྟོན་པ་བཅོམ་ལྡན་འདས་འཇིག་རྟེན་གྱི་སྒྲོན་མེ་གཅིག་པུ་པ་དེ་ཡང་མྱ་ངན་ལས་འདས་པའི་ཚུལ་བསྟན་ན་གཞན་སུ་ཞིག་མི་འཆི་བའི་གདེང་ཡོད་དེ། འགྲོ་བ་ཇི་སྙེད་པ་ཐམས་ཅད་ཤི་བ་དང་། འཆི་བ་དང་། འཆི་བར་འགྱུར་བ་ལས་མ་འདས་ཏེ། མྱ་ངན་ལས་འདས་པའི་མདོར། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་ལྟ་སྨོས་ཅི་དགོས། །ཞེས་དང་། ཆེད་དུ་བརྗོད་པའི་ཚོམས་ལས། ཁ་ཅིག་མངལ་དུ་ཤི་བ་མཐོང་། །དེ་བཞིན་ཁ་ཅིག་བཙས་པའ་སར། །ལ་ལ་རྒས་དང་ལ་ལ་གཞོན། །དེ་དག་རིམ་གྱིས་འགྱུར་བ་སྟེ། །ཞེས་གསུངས་པས་ཁོ་བོའང་ངེས་པར་འཆི་བའི་ཆོས་ཅན་སྟེ། ངེས་པ་ཁོ་ནར་བདག་མལ་གྱི་ཐ་མ་ན་ནི་ཉལ། ཟས་ཀྱི་ཐ་མ་ནི་ཟ། ཡི་གེ་དང་ཚིག་གི་སྦྱོར་བ་མི་གསལ་བཞིན་དུ་གཏམ་གྱི་

p. 630

ཐ་མ་ནི་སྨྲ་ཞིང་། ནད་ཀྱི་ཚོར་བ་དྲག་པོས་ནི་གདུངས། འཇིག་རྟེན་འདིའི་བྱ་བ་མཐའ་དག་ནི་འཕྲོར་ལུས། ཚེ་རབས་ཕྱི་མ་གནས་ཡུལ་གང་དུ་འགྲོ་བའི་གཏོལ་ནི་མེད། དབུགས་ངར་ངར་པོ་ནི་བརྩེག །རང་དབང་མེད་བཞིན་དུ་འཆི་བར་འགྱུར་བའི་དུས་དེར་རང་གི་སེམས་སྣང་མུན་བར་དོའ་འཕྲང་ཆེན་པོ་ལ་ནི་བཤར། སེམས་ཅན་དམྱལ་བ་ལ་སོགས་པའི་ངན་སོང་གི་གནས་སྡུག་བསྔལ་མི་བཟད་པ་འཇིགས་སུ་རུང་བ། དྲན་པ་ཙམ་གྱིས་སྤུ་ཟིང་ཞེས་བྱེད་པ་རྣམས་ནི་མདུན་དུ་འཁོད། སྔོན་བསྐལ་པ་དཔག་ཏུ་མེད་པ་ནས་རང་ཉིད་ཀྱིས་བསགས་པའི་ལས་རྣམ་པ་དུ་མ་ནི་རྗེས་སུ་འབྲང་། ཡིད་གཏོད་དུ་རུང་བའི་དངོས་པོ་ནི་ཅུང་ཟད་ཙམ་ཡང་མེད། སླར་ཡང་བག་ཆགས་ངན་པའི་ཉིང་མཚམས་ནི་སྦྱོར། སྡུག་བསྔལ་ཁྲི་ཕྲག་དུ་མས་ནི་གཟིར། ད་ལྟའི་ལུས་འདི་ཡང་མེར་བསྲེག་པ་ལ་སོགས་པ་ནས་རུལ་ཞིང་མྱགས་ཏེ་རྣམ་པར་འཐོར་བའི་བར་རྣམ་པ་སྣ་ཚོགས་པ་ཅི་རིགས་པ་རྣམས་སུ་ནི་འགྱུར་ཏེ།

p. 631

ཅུང་ཟད་ཀྱང་རྟག་པའི་གོ་སྐབས་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་བའི་གནས་སྐབས་དེ་ལྟ་བུ་བདག་ལ་གདོན་མི་ཟ་བར་འབྱུང་སྟེ། དེ་ལྟ་བུའི་འཇིགས་པ་ལ་མི་བསམ་པར་འཕྲལ་དུ་ཚེ་འདིའི་སྣང་བ་ལ་ཞེན་ཅིང་ཆགས་པར་མི་རུང་སྟེ། དེ་བས་ན་ད་ནི་ཡང་དག་པའི་ལམ་ལ་འཇུག་པར་བྱའོ། །ཞེས་རྒྱུན་མི་འཆད་པར་བསམ་པ་སོགས་ཐབས་སྣ་ཚོགས་ཀྱིས་མི་རྟག་རྒྱུན་གྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་དགོས་ཏེ། རྣལ་འབྱོར་ཀྱི་དབང་ཕྱུག་དྲི་མེད་དཔལ་ཡེ་ཤེས་ཀྱིས། དེ་ལྟར་ན་འདི་ནི་མི་རྟག་རྒྱུན་གྱི་ཏིང་ངེ་འཛིན། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཞི་བླ་ན་མེད་པར་འགྱུར་རོ། །ཅེས་གསུངས་སོ། །དེ་ལྟ་བུའི་ཚུལ་ལ་ངེས་པ་རྙེད་པར་གྱུར་པ་དེས། སླར་ཡང་དབེན་པའི་གནས་སུ་འདི་ལྟར་བསམ་པར་བྱ་སྟེ། ཆོས་འདི་ཐམས་ཅད་རང་གི་སེམས་ལས་གཞན་གུད་ན་མེད་པའི་ཕྱིར། ད་ནི་རང་གི་སེམས་ཉིད་ལ་བརྟག་པར་བྱ་སྟེ། སེམས་སྔ་མ་གང་ཡིན་པ་དེ་ནི་འགགས་ཤིང་ནུབ་པའོ། །ད་ལྟར་

p. 632

བ་གང་ཡིན་པ་དེ་ཡང་སྐད་ཅིག་ཉིད་དུ་ཉེ་བར་མི་གནས་པ་སྟེ་འགག་པ་ལ་མངོན་པར་ཕྱོགས་པའོ། །སླར་ཡང་ཕྱི་མ་མངོན་པར་འབྱུང་བ་ཡང་དེ་ཁོ་ནའི་ཚུལ་གྱིས་ཡུན་དུ་མི་གནས་པར་འགག་སྟེ། དེ་ལྟར་ན་རང་གི་སེམས་ཀྱི་འགྱུར་བ་སྐད་ཅིག་གི་འཕྲེང་བ་ཅན་འདི་ནི་མི་རྟག་པ་དངོས་ཏེ། འདིའི་མཚང་ཉེ་བར་མ་རྟོགས་པས་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པ་རྣམས་ལ་རྟག་མི་རྟག་དང་བདེ་སྡུག་ལ་སོགས་པའི་རྟོག་པ་དུ་མས་གཟིངས་པ་ནི་རབ་ཏུ་འཁྲུལ་བའོ། །དེ་བས་ན་དེང་ཕྱིན་ཆད་སེམས་ཀྱི་ངོ་བོ་ཁོ་ན་ལ་བལྟ་བར་བྱ་སྟེ། འགྲོ་བ་དང་འོང་བའི་ཚུལ་རྒྱུན་མ་རྒྱུན་མར་གཡོ་བ་འདི་ལས་དྲན་པ་གཞན་དུ་མི་འགྱུར་བར་རྩེ་གཅིག་ཏུ་བསྲུང་བར་བྱའོ། །ཞེས་ཉིན་མཚན་གཡེལ་བ་མེད་པར་བསྒོམས་པས་ཅི་ཞིག་ན་སེམས་ཀྱི་ངོ་བོ་སྟོང་གསལ་གདོད་མའི་གཤིས་ཡིན་ལུགས་ཇི་ལྟ་བ་མཐོང་བའི་ཏིང་ངེ་འཛིན་གྱི་ངེས་པ་གསལ་བ་རབ་ཏུ་ཐོབ་པར་འགྱུར་རོ། །དེ་ལྟར་མི་རྟག་པ་བསྒོམས་པའི་ཕན་ཡོན་ནི། དངོས་པོ་ལ་མཚན་

p. 633

འཛིན་གྲོལ་བ། བརྩོན་འགྲུས་ཀྱི་ལྕག་ཏུ་འགྱུར་བ། སྡུག་བསྔལ་གྱིས་ཉེན་པར་མི་འགྱུར་བ། དད་པའི་བསྐུལ་འདེབས་སུ་འགྱུར་བ། མཐར་ཐུག་སྟོང་ཉིད་རྟོགས་པ་དང་ལྔའོ། །མཆན། གཉིས་པ་ནི། དེ་ལྟར་མི་རྟག་པ་བསྒོམས་པས་བསྲན་མི་བཟོད་པའི་སྐྱོ་བ་དང་ཡིད་འབྱུང་བ་དུས་ཐམས་ཅད་དུ་སྐྱེ་ཞིང་། ཀྱེ་མ་འདི་ན་བདག་དོ་ནུབ་ཁོ་ན་འཆིའམ་མི་ཤེས་ལ། དེ་ཡང་ལན་གཅིག་ཤི་ནས་སླར་སྐྱེ་བར་མི་འགྱུར་བ་ཞིག་ན་ལེགས་མོད་ཀྱི། སླར་ཡང་རང་དབང་མེད་པར་འགྲོ་བ་སྣ་ཚོགས་ཀྱི་ལུས་ལེན་ཅིང་འཁོར་བའི་གནས་ཟད་ཅིང་ཐུག་པ་མེད་པར་འཇུག་གོ། །ཞེས་བདེ་བར་གཤེགས་པའི་གསུངས་ལས་ཐོས་ཏེ། དེའི་ཕྱིར་བདག་ཅག་གང་དང་གང་དུ་སྐྱེ་བར་འགྱུར་བའི་སེམས་ཅན་གྱི་ཁམས་འདི་རྣམས་ལས་གང་དག་སྡུག་བསྔལ་གྱིས་གཟིར་ཞེས་ཡོངས་སུ་བརྟག་པའི་ཚུལ་མདོར་བསྡུ་ན་འགྲོ་བའི་རིགས་དྲུག་ཏུ་འདུས་ཏེ། དེ་ལས་ཀྱང་སེམས་ཅན་དམྱལ་བ་ཞེས་བྱ་བ་ཤིན་ཏུ་རྒྱ་ཆེ་བའི་སེམས་ཅན་གྱི་རིགས་ཡང་སོས་ལ་སོགས་

p. 634

པ་ཚ་དམྱལ་བརྒྱད་དང་། ཆུ་བུར་ཅན་སོགས་གྲང་བའི་དམྱལ་བར་འཁོད་པའི་སེམས་ཅན། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ། འདི་བརྒྱད་ལ་ཚ་བའི་དམྱལ་བ་ཞེས་བརྗོད་དེ། རེ་རེ་ལའང་འཁོར་མི་འདྲ་བ་བཅུ་དྲུག་བཅུ་དྲུག་ཡོད་པར་བཤད་ཅིང་། ཉེ་ཚེ་བ་དང་ཉེ་འཁོར་བ་ཡང་འདི་རྣམས་ཀྱི་ཁོངས་སུ་གཏོགས་ལ། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་པ་ཅན་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེེར་བ་དང་། སོ་ཐམ་ཐམ་པ་དང་། པདྨ་ལྟར་གས་པ་དང་། ཨུཏྤལ་ལྟར་ཆེར་གས་པ་འདི་བརྒྱད་ལ་གྲང་བའི་སེམས་ཅན་དམྱལ་བ་ཞེས་བཤད་དོ། །མཆན། དེ་དག་ཤིན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་དང་བཅས་པའི་ཚེའི་ཚད་ཤིན་ཏུ་ཡུན་རིང་བར་སྡུག་བསྔལ་ཞིང་། ཉམ་ཉེས་པ་བརྒྱ་ཕྲག་དུ་མས་གཟིར་ཏེ་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པའོ། །ཀྱེ་མ། ཁོ་བོ་ཅག་ད་ལྟར་སྡུག་བསྔལ་གྱི་ཚོར་བ་ཅུང་ཟད་ཀྱང་བཟོད་པར་མི་ནུས་ན། དམྱལ་བའི་འཇིག་རྟེན་མི་འདོད་པ་དུ་མས་དཀོས་ཐག་ཅིང་ཉམ་ཉེས་པ་དེར་སྐྱེས་ན་ཇི་ལྟར་བྱ།

p. 635

ཞེས་དམྱལ་བའི་ཚུལ་ཁོང་དུ་ཆུད་པར་བྱས་ལ། དེ་ཉིད་ལ་སྐྱོ་བ་དང་ཡིད་འབྱུང་བའི་སེམས་རབ་ཏུ་བསྒོམ་པར་བྱའོ། །གཞན་ཡང་ཡི་དགས་ཞེས་བརྗོད་པའི་སེམས་ཅན་གྱི་རིགས་གཞལ་དུ་མེད་པ་དང་ལྡན་པ་ཡོད་དེ། འཕགས་ལ་ཀླུས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཆུང་ངུ་ཡང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་གསུངས་པ་ལྟར་ཡི་དགས་ནི་བདེ་བས་དབེན་ཞིང་སྡུག་བསྔལ་ཁོ་ན་ལ་ལོངས་སྤྱོད་པ་སྟེ། གལ་ཏེ་དེ་འདྲ་བའི་རིགས་སུ་སྐྱེས་ན་བདེ་བའི་གོ་སྐབས་ཇི་ལྟར་ཐོབ། འདི་ན་བཀྲེས་སྐོམ་གྱི་ཚོར་བ་ཅུང་ཟད་ཙམ་ཡང་བཟོད་པར་མི་ནུས་ན། ཡུན་རིང་པོར་ཟས་སྐོམ་སྙེད་པར་མི་འགྱུར་བའི་སྡུག་བསྔལ་ཇི་ལྟར་བཟོད་ཅེས་ནན་ཏན་དུ་བསམ་མོ། །ཇི་སྐད་དུ། མདོ་ལས། འཕགས་པ་ཆུ་སྡོད་མཚན་མོ་ཤིང་དྲུང་དུ་བསམ་

p. 636

གཏན་བྱེད་པའི་ཚེ་ཡི་དགས་མོ་ཤིན་ཏུ་སྡུགས་བསྔལ་བས་འཇིགས་འཇིགས་ལྟར་སྣང་བ་ཞིག་བྱུང་སྟེ། སྨྲས་པ། བུ་ཅི་གང་དུ་བཙས་པ་ཡི། །བྱམས་པའི་མ་ནི་བདག་ལགས་ཏེ། །ཟས་དང་སྐོམ་དང་བྲལ་བ་ཡི། །ཡི་དགས་རྣམས་ཀྱི་ནང་དུ་སྐྱེས། །བདག་ནི་ཤི་བའི་དུས་འདས་ནས། །ལོ་གྲངས་ཉི་ཤུ་ལྔ་ལོན་ཏེ། །ཆུ་ཡི་བགས་ཀྱང་མ་མཐོང་ན། །ཁ་ཟས་རྣམ་པ་ལྟ་ཅི་སྨོས། །གང་བའི་མཚོ་འགྲམ་དག་སོང་ཡང་། །མོད་ལ་དེ་དག་བསྐམས་པར་གྱུར། །བཙུན་པ་ཤིང་དྲུང་བདེ་བ་ཡིན། །ཁྱོད་ཀྱི་སྣོད་ན་ཆུ་ཡང་བསིལ། །བཀྲེན་པ་བདག་ལ་ཐུགས་རྗེ་བསྐྱེད། །སྐོམ་པས་གདུངས་ཀྱི་ཆབ་སྩོལ་ཅིག །ཅེས་འབྱུང་བ་ལྟ་བུའོ། །མཆན། དུད་འགྲོ་རྣམས་ཀྱང་སྡུག་བསྔལ་མི་ཟད་པས་རབ་ཏུ་ཉེན་པ་སྟེ། འཕགས་པ་ནཱ་གརྫུ་ནས། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་ཡིས་ནི་བཏབ་སྟེ་བཀོལ། །ཅེས་གསུངས་པ་ལྟར་དུད་འགྲོའི་སྡུག་བསྔལ་རྣམས་རྟོགས་པར་བྱས་ནས་སྐྱོ་བ་བ སྐྱེད་པར་བྱའོ། །མིར་གྱུར་པ་རྣམས་

p. 637

ཀྱང་བདེ་བ་དང་ལྡན་ནོ་ཞེས་སྨྲ་ནའང་། བརྟགས་ཤིང་དཔྱད་ན་སྐྱེ་རྒ་ན་འཆི་སོགས་དང་། གཞན་ཡང་རིགས་དྲུག་གི་སྡུག་བསྔལ་ཅི་རིགས་སུ་ཚང་བའི་ཚུལ་གྱིས་སྡུག་བསྔལ་ལ་སྤྱོད་ལ། ཅུང་ཟད་བདེ་བ་ལྟར་སྣང་བའང་སྐད་ཅིག་རེ་རེར་མི་རྟག་པས་བཅོམ་ནས་ཉམས་པར་འགྱུར་བས། དེ་ལྟ་བུ་ལ་ཆགས་ཤིང་ཞེན་པའི་བློ་ཕྱིར་བསལ་ནས་ཡིད་འབྱུང་བ་འབའ་ཞིག་ལྷུར་བླང་ངོ་། །ལྷ་མ་ཡིན་རྣམས་ཀྱང་ཕྲག་དོག་གིས་གཟིར་བས་འཐབ་རྩོད་ལ་བརྟེན་པའི་སྡུག་བསྔལ་དུ་མ་མྱོང་ཞིང་ཅུང་ཟད་བདེ་བའང་གནས་སྐབས་ཡད་ཡུད་ཙམ་ལས་རྟག་པར་ནི་མེད། སྡུག་བསྔལ་གྱི་རྒྱུ་རྐྱེན་འབྲས་བུ་ཁོ་ན་ལ་སྤྱོད་ལ། གཞན་ཡང་འདོད་པ་ན་སྤྱོད་པའི་ལྷ་རྣམས་ནི་འཆི་ལྟས་ལ་སོགས་པའི་སྡུག་བསྔལ་གྱིས་ཉམ་ཉེས་ཤིང་། འདོད་པ་ལ་རབ་ཏུ་སྲེད་པའི་རྒྱུས་སླར་ཡང་ངན་སོང་རྣམས་སུ་དབང་མེད་དུ་སྐྱེ་བ་དང་། གཟུགས་དང་གཟུགས་མེད་པར་གཏོགས་པའི་ལྷ་རྣམས་ཀྱང་སྔོན་གྱི་རང་གི་འཕེན་པ་

p. 638

འགགས་པ་དང་། འོག་ནས་འོག་ཏུ་ལྟུང་ཞིང་སྡུག་བསྔལ་མུ་མེད་པ་ལ་སྤྱོད་དོ། །འདིར་བྱིས་པའི་སྐྱེ་བོ་དག་ལྷ་རྣམས་ནི་བདེ་བ་དང་ལྡན་ནོ་ཞེས་སེམས་པ་ནི་མ་བརྟགས་པ་སྟེ། བརྟགས་ཤིང་དཔྱད་ན་སྡུག་བསྔལ་འབའ་ཞིག་གི་རང་བཞིན་ནོ། །དེ་ལྟར་འཁོར་བའི་གནས་གང་དུ་སྐྱེས་ཀྱང་། ངན་སོང་གསུམ་སྡུག་བསྔལ་གྱི་སྡུག་བསྔལ། འདོད་ཁམས་ན་འགྱུར་བའི་སྡུག་བསྔལ། ཁམས་གོང་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་འབྱུང་ངོ་། །མཆན། སྡུག་བསྔལ་གྱི་རང་བཞིན་ལས་ནམ་ཡང་མ་འདས་པར་མཐོང་ནས། ཀྱེ་མ་སྲིད་པའི་སྡུག་བསྔལ་འདི་ལས་སྐྱོབ་པར་ནུས་པ་ནི་སུ་ཞིག །བདེ་བ་དམ་པའི་གོ་འཕང་རྟག་པ་ལྷུན་གྱིས་གྲུབ་པ་ནི་གང་ཞེས་བརྟགས་ན། བླ་ན་མེད་པའི་ཡོན་ཏན་གྱི་ཚོགས་ཚད་མེད་པ། གཞལ་དུ་མེད་པ། བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འབའ་ཞིག་སྐྱོན་གྱི་ཉེས་པ་ཐམས་ཅད་དང་བྲལ་བ་ཡིན་པས། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དང་། དེས་ཉེ་

p. 639

བར་བསྟན་པའི་དམ་ཆོས་དང་། དེ་ཇི་ལྟ་བར་སྒྲུབ་པ་འཕགས་པའི་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་གསུམ་ལ་དུས་ཐམས་ཅད་དུ་སྐྱབས་སུ་གསོལ་ནས་འདི་ལྟར་དཀོན་མཆོག་རིན་པོ་ཆེ་འདི་རྣམས་ནི་བླ་ན་མེད་པའི་ཡོན་ཏན་གྱི་ཕུལ་དམ་པ་དང་ལྡན་པའོ། །ཞེས་དང་བ་དང་། བདག་གིས་འདི་ལྟ་བུའི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ། །ཞེས་འདོད་པ་དང་། ཅི་ལྟར་གྱུར་ཀྱང་གཞན་གང་ལའང་རྗེས་སུ་ཕྱོགས་པའི་བློ་མེད་པར་རྟག་ཏུ་དཀོན་མཆོག་ཁོ་ན་དང་མི་འབྲལ་བར་བྱ་བའི་སེམས་ནམ་དུའང་ནུབ་པར་མི་འགྱུར་བ་སྟེ་ཡིད་ཆེས་པའི་དད་པ་རྣམ་པ་གསུམ་ལ་གནས་པས། འདི་ལྟར་བདག་བླ་ན་མེད་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཆེད་དུ་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལམ་གང་ལས་རྫོགས་པའི་བྱང་ཆུབ་ཏུ་གཤེགས་པའི་ལམ་ཡངས་ཤིང་འཇུག་པ་བདེ་བ་ལ་ཡང་དག་པར་ཞུགས་ནས། དེང་བདག་གིས་དྲིན་ཚད་མེད་པ་དང་ལྡན་པ་ཕ་མར་གྱུར་པའི་སེམས་ཅན་འདི་

p. 640

ཐམས་ཅད་བདེ་བའི་མཆོག་དམ་པ་ལ་འགོད་པར་བྱ་བ་དང་། འདི་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ཐམས་ཅད་དང་བྲལ་བར་བྱ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྟེ། དེ་ཡང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཞེས་པ་ལྟར་ཤིན་ཏུ་རྙེད་དཀའ་བའི་དལ་འབྱོར་ཉིད་ཐོབ་པའི་དུས་འདིར་མི་ལྡོག་པའི་བརྩོན་པས་བླ་ན་མེད་པའི་སངས་རྒྱས་ཉིད་མངོན་དུ་བྱའོ། །ཞེས་རྩེ་གཅིག་ཏུ་བསྒོམ་མོ། །དམྱལ་བ་ཡིད་དགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་བཤད་པའི་མི་ཁོམ་པ་བརྒྱད་སྤངས་པས་དལ་བ་དང་། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེར་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་འབྱོར་བའི་ཆོས་བཅུར་གསུངས་སོ། །མཆན། གསུམ་

p. 641

པ་ནི། དེ་ལྟར་འཁོར་བའི་གནས་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་པ་དེ་རྣམས་སུ་ལས་མངོན་པར་འདུ་བྱ་བ་ཅི་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བས་ཡང་ཡང་དུ་འཁོར་བ་དང་། ཅི་ལྟ་བུའི་རྟེན་འབྲེལ་གྱིས་དེ་ཉིད་རྒྱུན་འཆད་པར་འགྱུར་ཞེས་བརྟག་པར་བྱ་སྟེ། དེ་ཡང་སེམས་ཅན་རྣམས་བདག་མེད་པ་ལ་བདག་ཏུ་བཟུང་ནས་འཁོར་བའི་མ་རིག་པའི་ཉོན་མོངས་པས་ཀུན་ནས་བསླངས་ཏེ། བསོད་ནམས་དང་བསོད་ནམས་མིན་པའི་དང་། མི་གཡོ་བའི་ལས་འདུ་བྱེད་པས་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འབྱུང་ལ། མཐར་རྒ་ཤི་ལ་ཐུག་པའི་བར་གྱི་སྡུག་བསྔལ་དུ་འཕྱན་པ་ ཡིན་ཏེ། ཇི་སྐད་དུ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་

p. 642

པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལ་སོགས་པ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་ངོ་། །ཞེས་སོ། །མཆན། དེ་ལ་མ་རིག་པ་དང་། སྲེད་པ་དང་། ལེན་པ་གསུམ་ནི་ཉོན་མོངས་པ་ཡིན་ལ། འདུ་བྱེད་དང་སྲིད་པ་གཉིས་ནི་ལས་དང་། རྣམ་པར་ཤེས་པ་ལ་སོགས་པ་གཞན་བདུན་ནི་སྡུག་བསྔལ་གྱིས་བསྡུས་པ་སྟེ། ཇི་སྐད་དུ། དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་སོ། །དེས་འཁོར་བར་འཇུག་པའི་ཚུལ་ཡང་། མགོན་པོ་ཀླུས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །དེ་ཉིད་ཡང་དང་ཡང་དུ་འཁོར། །ཅེས་གསུངས་པས་སྲེད་ལེན་གྱི་མ་རིག་པས་སྲིད་པའི་ངོ་བོ་འདུ་བྱེད་ཀྱི་ལས་བསགས་པས་སྡུག་བསྔལ་བདུན་འབྱུང་ལ། དེ་ཡང་ཚོར་བ་ལ་སྲེད་ལེན་གྱི་མ་རིག་པས་

p. 643

འདུ་བྱེད་ཀྱི་ངོ་བོ་སྲིད་པའི་ལས་བསགས་པས་རྒ་ཤི་ལ་སོགས་པའི་སྡུག་བསྔལ་འབྱུང་བས་འགྲོ་བ་དྲུག་ཏུ་ཟོ་ཆུན་གྱི་རྒྱུད་དམ་མགལ་མེའི་འཁོར་ལོ་ལྟར་འཁོར་ཞིང་འཁོར་བའི་ཚེ་ལས་མི་དགེ་བ་དང་དགེ་བའི་སྤང་བླང་འཇུག་ལྡོག་གི་ཐབས་ལ་མཁས་པ་དང་མི་མཁས་པའི་དབང་གིས་ངན་འགྲོ་དང་མཐོ་རིས་ཀྱི་གནས་རྣམས་སུ་སྡུག་བསྔལ་དང་བདེ་བའི་རྣམ་པ་དུ་མ་ཞིག་མྱོང་བར་འགྱུར་ཏེ། ཇི་སྐད་དུ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་སྟེ་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་འགྱུར་བ་ཡིན། །ཅེས་གསུངས་ལ། དེ་ཡང་། ལོངས་སྤྱོད་མ་བྱིན་གཞན་གྱི་བུད་མེད་དང་། །རྫུན་སྲོག་ཚིག་རྩུབ་རྣམས་དང་ཕྲ་མ་དང་། །འཁྱལ་པར་གྱུར་པའི་ཚིག་དང་བརྣབ་སེམས་དང་། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་ནོ། །ཅེས་པས་མི་དགེ་བའི་ལས་ལུས་ཀྱི་གསུམ་དང་། ངག་གི་བཞི་དང་། ཡིད་ཀྱི་གསུམ་སྟེ་རྣམ་པ་བཅུ་པོ་ཉོན་མོངས་པ་དུག་གསུམ་

p. 644

གྱིས་ཀུན་ནས་བསླངས་ཏེ་ཆེ་འབྲིང་ཆུང་ངུར་སྤྱད་པས་ངན་སོང་གསུམ་གྱི་སྡུག་བསྔལ་ཟད་མི་ཤེས་པ་མྱོང་བར་གྱུར་ལ། ད་ནི་བདག་གིས་ངན་སོང་གི་སྡུག་བསྔལ་རྣམས་མི་འབྱུང་བར་བྱ་བའི་ཕྱིར་ཤིན་ཏུ་རྣམ་པར་གནག་པའི་ལས་དེ་ལྟ་བུ་ཡོངས་སུ་སྤངས་ཏེ། མི་དགེ་བ་བཅུ་ལས་ལོག་པའི་ཆོས་རྣམ་པར་དཀར་བ་དེ་དག་དང་ཁྱད་པར་དུ་གྱུར་པ་འཆི་ངེས་པ་ལ་སྲོག་སྦྱིན་པ་སོགས་དགེ་བའི་ལས་འབའ་ཞིག་སྒྲུབ་པར་བྱ་སྟེ། དེ་ཡང་ཟག་པ་དང་བཅས་པའི་དགེ་བས་ནི་གནས་སྐབས་ཀྱི་བདེ་བ་ཅུང་ཟད་ཐོབ་པར་བྱེད་མོད་ཀྱི། འཁོར་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་རྒྱུན་གཅོད་པར་བྱེད་མི་ནུས་པས་ན། བདག་གིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པའི་དགེ་བ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མེད་པ་ཡང་དག་པར་སྒྲུབ་པར་བྱ་སྟེ། དེས་ནི་གནས་སྐབས་མངོན་མཐོའི་བདེ་བ་མཐའ་དག་འབད་མེད་དུ་འབྱུང་ཞིང་། མཐར་

p. 645

ཐུག་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པས་སྲིད་པ་ལས་གྲོལ་བ་འཐོབ་པར་འགྱུར་ཏེ། དེ་ཡང་། གང་ཟག་གི་བདག་འཛིན་ལ་བརྟེན་པའི་ཉོན་མོངས་པའི་མ་རིག་པ་འགགས་པས་དེས་ཀུན་ནས་སླང་བའི་འདུ་བྱེད་འགག །དེ་འགགས་པས་ཁམས་གསུམ་འཁོར་བའི་རྣམ་སྨིན་གྱི་ལུས་སེམས་རྒྱུན་ཆད་པས། རྒ་ཤི་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ཏེ། དེ་ཉིད་ཐོབ་པའི་ཐབས་ཁོ་ན་ལ་རབ་ཏུ་འབད་པར་བྱའོ། །ཞེས་དྲན་ཤེས་བཞིན་རྣམ་པར་དག་པ་དང་མི་འབྲལ་བར་བསླབ་བོ། །གཉིས་པ་དངོས་གཞི་ལ། སྒྱུ་མ་སྤྱིར་སྦྱང་བ། བྱེ་བྲག་ཏུ་སྦྱང་བ། བོགས་དབྱུང་བ་དང་གསུམ་ལས་དང་པོ་ནི། རྗེ་བཙུན་ཏཻ་ལོ་པས། སྣོད་བཅུད་ཁམས་གསུམ་མ་ལུས་པ། །སྒྱུ་མ་རྨི་ལམ་ལ་སོགས་དཔེས། །འགྲོ་དྲུག་སྤྱོད་ལམ་ཀུན་ཏུ་སྦྱང་། །ཅེས་དང་། རྗེ་མར་པས། གནས་དབེན་པར་ཕྱིན་ནས་སྟན་བདེ་བ་ལ་འདུག་སྟེ་སྒྱུ་མའི་

p. 646

དཔེ་བརྒྱད་དང་འདྲ་བར་བསྒོམ་ཏེ། ཅེས་གསུངས་པས་སྔོན་དུ་འགྲོ་བའི་རིམ་པ་དེ་རྣམས་ཀྱིས་རྒྱུད་རབ་ཏུ་དུལ་བར་གྱུར་པ་དེ་དབེན་པའི་གནས་སུ་ལུས་གནད་ལེགས་པར་བཅས་ལ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་བསྒོམ་སྟེ། འདི་ལྟར། གཟུགས་ལ་སོགས་པ་རྣམས་ནི་མེད་བཞིན་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུ། རྐྱེན་ལས་སྐྱེས་པ་བྲག་ཆ་དང་སྒྲ་སྙན་ལྟ་བུ། མི་རྟག་པ་ཟིལ་པ་དང་ཆུ་བུར་ལྟ་བུ། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་དང་ཆུ་ཟླ་ལྟ་བུ་སྟེ། རྣམ་པ་ཅིག་ཏུ་ན། དཔེ་ཐ་མ་གཉིས་སྨིག་རྒྱུ་དང་འཇའ་ཚོན་ལྟ་བུ་ཞེས་གསུངས་པའང་སྣང་བཞིན་དུ་བདེན་པར་མ་གྲུབ་ལ། ཆོས་ཐམས་ཅད་ཀྱང་དེ་ལྟ་བུ་ཞེས་དོན་གཅིག་པ་ཉིད་དོ། །འདིར་རྗེ་མཁའ་སྤྱོད་པས། འདིའི་དཔེའི་གཙོ་བོ་ཆུའི་ཟླ་བ་ཁོ་ན་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གང་དག་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོག ། ཞེས་དང་། གང་དག་བརྟེན་

p. 647

ནས་དངོས་པོ་རྣམས། །བདེན་པ་ཉིད་དུ་གྲུབ་འདོད་པ། །དེ་དག་ལ་ཡང་ཇི་ལྟ་བུར། །རྟག་སོགས་སྐྱོན་དེར་འགྱུར་བ་ཡིན། །ཞེས་གསུངས་ཤིང་། རྒྱུད་ལས་ཀྱ ང་། རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་རྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་པ་ལྟ་བུ་སྟེ་ཕྱི་དང་ནང་གི་ཆོས་ཐམས་ཅད་ཆུའི་ཟླ་བ་ལྟ་བུར་ངེས་པའི་ཤེས་པ་རྣམ་པར་དག་པ་སྐྱེས་ན་མདོ་སྔགས་ཀྱི་ལྟ་བའི་དོན་ཕྱིན་ཅི་མ་ལོག་པར་འགྱུར་རོ། །ཅེས་གསུངས་སོ། །མཆན། སྒྱུ་མའི་དཔེ་བརྒྱད་པོ་འདི་རྣམས་དང་། གཞན་ཡང་། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་སྤྲིན་དང་གློག་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །ཞེས་སོགས་མདོ་སྡེ་ལས་འབྱུང་བའི་སྒྱུ་མའི་དཔེ་རྣམས་ལ་ཞིབ་ཏུ་བསམས་ཏེ། ཐམས་ཅད་སྒྱུ་མ་ཉིད་དུ་ཐག་བཅད་ལ་བསྒོམས་པས་སྒྱུ་མའི་ཉམས་སུ་མྱོང་བ་རྣམ་པར་དག་པ་མྱུར་དུ་སྐྱེ་བར་འགྱུར་ཏེ། དཔལ་རང་བྱུང་གིས། དེ་ལྟར་སྦྱངས་ཤིང་བསྒོམས་པས་སྣང་བ་ལ་བདེན་པའི་རྟོག་པ་སྤོང་ངོ་། །

p. 648

ཅེས་གསུངས་སོ། །སྤྱིར་སྦྱང་བ་ཞེས་ཅིའི་ཕྱིར་བརྗོད་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཇི་སྙེད་པ་ཐམས་ཅད་སྒྱུ་མ་ཉིད་དུ་གཏན་ལ་ཕབ་སྟེ་སྒོམ་པའི་ཕྱིར་དེ་སྐད་དུ་བརྗོད་པ་ཡིན་ཏེ། རྣལ་འབྱོར་གྱི་དབང་ཕྱུག་མཁའ་སྤྱོད་པས། བདེན་པ་རྣམ་པ་གཉིས་ལ་སོགས་པའི་ཆོས་ཀྱི་རྣམ་པར་འགྱུར་བ་ཐམས་ཅད་སྒྱུ་མ་ཉིད་དུ་བསྟན་པར་མཛད་དེ། དེའི་དོན་རང་གི་རྒྱུད་ལ་སྦྱར་ནས་ཉེ་བར་བསྒོམ་པ་ལ་སྒྱུ་མ་སྤྱིར་སྦྱང་བ་ཡིན་ནོ། །ཅེས་གསུངས་སོ། །གཉིས་པ་སྒྱུ་མ་བྱེ་བྲག་ཏུ་སྦྱང་བ་ལ། ལུས་ངག་ཡིད་གསུམ་གཟུགས་བརྙན་དང་། བྲག་ཆ་དང་། སྨིག་རྒྱུ་དང་མཚུངས་པར་གཏན་ལ་དབབ་པའི་ཕྱིར་མཚོན་ཐབས་ཀྱི་སྦྱོར་བ་གསུམ་ལ་བརྟེན་ནས་བསླབ་པར་བྱ་སྟེ། དེ་ཡང་དབེན་པར་སྔོན་འགྲོའི་རིམ་པ་རྣམས་ཚར་བར་བྱས་ལ། མདུན་དུ་མེ་ལོངས་གཡའ་དང་བྲལ་བ་ཞིག་ཤིང་ཁྲུ་གང་ཙམ་གྱི་ངོས་ལ་དཔྱངས་ནས། དེར་རང་གི་གཟུགས་བརྙན་ཤར་བ་ལ་ཤེས་པ་ལེགས་པར་གཏད་ནས་ཡིད་ཡུལ་ན་

p. 649

ཤིན་ཏུ་གསལ་བ་དང་། དེ་ལ་བསྟོད་པ་དུ་མས་བསྟོད་པ་དང་མཆོད་ཅིང་བསྙེན་བཀུར་བ་དག་བྱ་ཞིང་། དམད་པའི་ཚིག་དུ་མས་དམད་པ་དང་བརྡེག་པ་སོགས་བྱས་པས་མེ་ལོང་དུ་སྣང་བ་ནི་གཟུགས་བརྙན་ཡིན་པའི་ཕྱིར་དེ་ལ་དགའ་བ་དང་མི་དགའ་བའི་རྣམ་པར་འགྱུར་བ་མི་འབྱུང་ལ། དེའི་ཚེ་འདི་ལྟར་བསམ་པར་བྱ་སྟེ། འདི་ནི་གཟུགས་བརྙན་ཏེ་འདི་ལ་དགའ་བ་དང་མི་དགའ་བ་ལ་སོགས་པའི་ཆགས་སྡང་གི་རྣམ་པར་རྟོག་པ་མེད་པ་ཇི་ལྟ་བ་དེ་བཞིན་དུ་བདག་གི་ལུས་འདི་ཡང་གཟུགས་བརྙན་ཙམ་ཏེ། གང་ལ་ལ་དག་གིས་ཕན་པར་བྱས་པ་དང་། གཞན་གྱིས་གནོད་པར་བྱས་པ་ལ་ཆགས་སྡང་གི་སེམས་བསྐྱེད་པར་མི་བྱ་སྟེ། ཆོས་འདི་ཐམས་ཅད་རང་བཞིན་གདོད་ནས་ཉེ་བར་ཞི་ཞིང་འོད་གསལ་བ་ཀུན་རྫོབ་རྣམ་པར་སྣང་བ་སྒྱུ་མ་ལྟ་བུ་ཡིན་པ་ལ། ཐོག་མ་མེད་པའི་དུས་ནས་ལུས་ལ་མངོན་པར་ཞེན་པའི་བག་ཆགས་ངན་པའི་མཐུ་བརྟས་པས། དེ་ལ་བརྟེན་པའི་འཁྲུལ་པ་བར་མ་ཆད་

p. 650

པར་བྱུང་བར་ཟད་ཀྱི། ད་ནི་བླ་མ་དམ་པའི་མན་ངག་ལ་བརྟེན་ནས་བདེན་འཛིན་ཡོངས་སུ་སྤང་བར་བྱའོ། །ཞེས་སེམས་སྒྱུ་མའི་དོན་ལ་རྩེ་གཅིག་ཏུ་མ་ཡེངས་པར་བཀོད་ནས་བདེན་མེད་ཀྱི་དོན་ལ་གནས་པར་བྱའོ། །གལ་ཏེ་མི་གནས་ན་མེ་ལོང་གི་གཟུགས་བརྙན་དེ་རང་ལ་བཅུག་ནས་རང་གི་ལུས་ཀྱང་དེ་དང་འདྲ་བར་ངེས་ཤེས་བསྐྱེད་ནས་ཡང་ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་པས་ལུས་ལ་བདེན་ཞེན་གྱི་རྟོག་པ་ནུབ་སྟེ། མིག་ཡོར་དང་ཆུ་ཟླ་དང་གྲིབ་མའི་སྐྱེས་བུ་ལྟར་མཐོང་བས་ཕྱི་ནང་གི་རྐྱེན་ལུས་ལ་ཕན་པ་དང་གནོད་པར་བྱེད་པ་དེ་རྣམས་ལ་ཇི་མི་སྙམ་དུ་སེམས་པའི་ཆོས་ཀྱི་བཟོད་པ་རྣམ་པར་དག་པ་འཐོབ་པར་འགྱུར་རོ། །དེ་བཞིན་དུ་ངག་སྒྱུ་མ་གྲག་སྟོང་བྲག་ཆ་ལྟར་གཏན་ལ་དབབ་པའི་ཕྱིར་བྲག་ཆ་འབྱུང་བའི་ཕྱོགས་སུ་ཕྱིན་ལ། ཚིག་གི་སྦྱོར་བ་ཡིད་དུ་འོང་བ་དང་མི་འོང་བ་དུ་མ་བརྗོད་པ་ན། བྲག་ཆ་ལས་ཀྱང་དེ་ལྟ་བུའི་སྒྲ་གསལ་བར་འབྱུང་བ་དེའི་ཚེ་འདི་ལྟར་བསམ་པར་བྱ་སྟེ། བྲག་ཆ་

p. 651

ལས་བྱུང་བའི་སྒྲ་འདི་ནི་ཕན་ཚུན་རྐྱེན་ཉེ་བར་ཚོགས་པ་ལས་འབྱུང་ཞིང་། སོ་སོར་བརྟགས་ན་ནམ་དུ་ཡང་མི་རྙེད་དེ་རང་བཞིན་མེད་པ་ཡིན་པ་དེ་བཞིན་དུ་རང་གི་ངག་ཏུ་བརྗོད་པ་ཡང་རང་བཞིན་མེད་པ་སྟེ། སྒྲའི་གནས་རྣམས་ལས་སྣ་ཚོགས་སུ་བརྗོད་པ་ཉེ་བར་སྣང་མོད་ཀྱི། དེ་ནི་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པ་ངག་ཚིག་ཡི་གེའི་ལམ་ལས་འདས་པ་ཞིག་སྟེ། འདི་ལ་སྔོན་བདག་ཅག་གིས་སྒྲ་ཚིག་ལ་ཞེན་པའི་དབང་གིས་འཁྲུལ་པ་དུ་མ་ཞིག་སྐྱེས་པར་གྱུར་གྱི། ད་ནི་བརྗོད་པ་ལས་འདས་པའི་རང་བཞིན་གྱ་ནོམ་པ་བསྒྲུབ་པར་བྱའོ། །ཞེས་སྔར་ལྟར་མཚོན་ཐབས་ཀྱི་སྦྱོར་བ་ལ་བརྟེན་ནས་ཡང་ཡང་དུ་བསྒོམས་པས་ཕྱི་ནང་གི་སྒྲ་སྐད་དང་བརྗོད་པ་ཇི་སྙེད་པ་ཐམས་ཅད་སྒྲ་སྙན་དུ་མཐོང་བའི་ཏིང་ངེ་འཛིན་རྒྱ་འབྱམས་སུ་སྐྱེ་བར་འགྱུར་རོ། །དེ་ལྟ་བུས་ལུས་དང་ངག་གི་རྣམ་པ་སྒྱུ་མ་ལྟར་མཐོང་ཡང་སེམས་ཀྱི་ངོ་བོ་སྒྱུ་མ་ལྟ་བུར་མ་རྟོགས་ན་མཚོན་ཐབས་ཀྱི་སྦྱོར་བས་གཏན་ལ་དབབ་པའི་

p. 652

ཕྱིར་འདི་ལྟར་བསམ་པར་བྱ་སྟེ། སྨིག་སྒྱུ་ཆུ་མེད་པ་ལ་རི་དགས་རྣམས་ཀྱིས་ཆུར་འདུ་ཤེས་ནས་སྙེག་མོད་ཀྱི། དེ་ལས་ནམ་ཡང་ཆུ་མི་རྙེད་དེ་ཉམ་ཉེས་པར་འགྱུར་ལ། སྨིག་སྒྱུར་ཤེས་པ་ན་དེ་ལ་བརྟེན་པའི་ཉོན་མོངས་པ་དང་ཉམ་ཉེས་པ་མི་འབྱུང་བ་ལྟར་སེམས་རྣམ་པར་གཡོ་བའི་རྒྱུན་སྨིག་རྒྱུ་ལྟར་ཉེ་བར་སྣང་བ་ལ་བྱིས་པ་རྣམས་ཀྱིས་བདེ་སྡུག་འཁོར་འདས་སོགས་ཉེ་བར་དམིགས་ཏེ། སྤང་བླང་སོགས་མཚན་མ་ལ་སྤྱོད་པས་ངལ་བ་ཐོབ་པར་གྱུར་ལ། གང་དག་བླ་མ་དམ་པའི་མན་ངག་དང་ལྡན་པ་རྣམས་ཀྱིས་ནི་སེམས་ཀྱི་རྒྱུན་སྨིག་རྒྱུ་ལྟར་སྣང་བ་འདི་ངེས་པར་རང་བཞིན་མེད་པ་འཁྲུལ་གྲོལ་གྱི་མཚན་མ་རྣམས་རྣམ་པ་ཐམས་ཅད་དུ་མ་དམིགས་པར་མཐོང་བས་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཉིད་ལ་གནས་པར་འགྱུར་བ་དེའི་ཕྱིར་བདག་གི་སེམས་སྨིག་རྒྱུ་ལྟར་སྣང་བ་གང་ཡིན་པ་འདི་ཡང་མེད་པ་ལ་མེད་པ་ཉིད་དུ་ངེས་ཤེས་བསྐྱེད་ནས་རྣམ་

p. 653

པར་སྣང་བའི་རྒྱུན་དྲི་ཟའི་གྲོང་ཁྱེར་གྱི་བཀོད་པ་ལྟ་བུ་ལ་ཡིན་མིན་ཡོད་མེད་ལ་སོགས་པའི་མཚན་མས་གཡོ་བ་མེད་པར་ཇི་ལྟར་སྣང་བ་འདི་ཉིད་ཀྱི་ངོ་བོ་ལ་རང་གི་ངང་གིས་གནས་པར་བྱའོ། །ཞེས་དྲན་པ་རྒྱུན་ཆགས་སུ་བཀོད་དེ་བསྒོམ་པར་བྱའོ། །དེ་གོམས་པ་རབ་ཏུ་གྱུར་པ་ན། བདག་གཞན་ཕྱི་ནང་ལ་སོགས་པ་ཐ་དད་དུ་འཛིན་པའི་རྣམ་པར་དབྱེ་བ་རང་གྲོལ་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པར་དག་ཅིང་འོད་གསལ་བའི་དེ་ཁོ་ན་ཉིད་དུ་ཐམས་ཅད་རོ་མཉམ་པའི་རྟོགས་པ་མངོན་དུ་བྱེད་དེ། དེ་ལྟར་ལུས་ངག་ཡིད་གསུམ་སྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་དུ་མཚོན་ཐབས་གསུམ་གྱི་སྦྱོར་བ་ལ་བརྟེན་ནས་རྣམ་པར་དག་པར་བྱེད་པས་བྱེ་བྲག་ཏུ་སྦྱང་བ་ཞེས་བྱའོ། །གསུམ་པ་བོགས་དབྱུང་བ་ནི། བཤད་མ་ཐག་པའི་རིམ་པ་དེ་རྣམས་ལ་རྣལ་འབྱོར་དུ་བྱས་པ་གོམས་པའི་མཐུས། བཟང་ངན་ལེགས་ཉེས་ཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན་པར་ནུས་པ་སྙམ་བྱེད་ན།

p. 654

ནུས་སམ་མི་ནུས་སད་པའི་ཕྱིར་ཐོག་མར་སློབ་དཔོན་ནམ་གྲོགས་མཆེད་རྒྱུས་ཤེས་པ་ཞིག་གིས་བསྟོད་སྨད་སྣ་ཚོགས་བྱེད་དུ་བཅུག་ནས་དེ་ལ་དགའ་མི་དགའི་རྟོག་པ་སྐྱེའམ་མི་སྐྱེ། ཅུང་ཟད་སྐྱེས་ཀྱང་ཏིང་ངེ་འཛིན་གྱིས་དབང་དུ་བྱེད་ནུས་སམ་མི་ནུས་བརྟག་པར་བྱེད་དགོས་སྟེ། བཀའ་དཔེ་ཚིག་ལྷུག་མར། མེ་ལོང་གི་གཟུགས་བརྙན་དེ་རང་ལ་བསྡུས་ཏེ། སློབ་དཔོན་ནམ་གྲོགས་པོ་ལ་སོགས་པ་རྒྱུས་ཤེས་པ་རེ་ལ་བསྟོད་པ་དང་སྨད་པ་བྱེད་དུ་བཅུག །དགའ་བ་དང་མི་དགའ་བ་མེད་པར་ལྟས་ལ་ཡང་ཡང་དུ་བསྒོམ། ཅེས་གསུངས་སོ། །འཕྲལ་གྱི་གཟུགས་སྡུག་མི་སྡུག །སྒྲ་སྙན་མི་སྙན། དྲི་ཞིམ་མི་ཞིམ། རོ་བསོད་མི་བསོད། རེག་འཇམ་རྩུབ། ཡིད་བསྟོད་སྨད། བདེ་སྡུག་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་གྱི་ཞེན་འཁྲིས་ལེགས་འདོད་ཐམས་ཅད་སྒྱུ་མ་མཁན་པོས་ལོག་པའི་སྒྱུ་མར་བསླུས་པ་ལྟར། སྙིང་པོ་མེད་པ་ལ་ངེས་ཤེས་བརྟན་དུ་འཇུག་ཅིང་། ལམ་ཟབ་མོ་འདི་ཉིད་ལ་བརྩོན་པ་ན་ནི་ཡང་དག་པའི་སྒྱུ་མ་མཁན་སྟོན་པ་བདེ་བར་གཤེགས་པས་ཡང་དག་པའི་སྒྱུ་མར་ཁྲིད་ནས་

p. 655

མི་གནས་པའི་མྱང་འདས་སྒྱུ་མ་ཆེན་མོའ་གོ་འཕང་ལ་གནས་པར་འགྱུར་རོ། །ཞེས་ངེས་ཤེས་བརྟན་དུ་འཇུག་གོ། །ཅེས་རྗེ་བཙུན་དབྱངས་ཅན་བཟང་པོའ་མན་ངག་ལས་འབྱུང་ངོ་། །མཆན། གལ་ཏེ་དེ་དག་གིས་ཏིང་ངེ་འཛིན་གཡོ་བར་མི་ནུས་ན། བཀའ་དཔེ་ལས། ཕྱིས་ཚོང་དུས་སུ་སོང་ལ་ཚིག་ལ་སོགས་པ་ཐམས་ཅད་ཀྱང་དེ་ལྟར་ཤེས་པར་བྱའོ། །ཅེས་གསུངས་པས་ཚོང་དུས་ལ་སོགས་པ་སྐྱེ་བོ་མང་པོ་འདུ་བའི་ཕྱོགས་སུ་སོང་ལ། སྤྱོད་ལམ་རྣམ་པ་སྣ་ཚོགས་པ་དག་བྱས་པས་སྐྱེ་བོའ་ཚོགས་རྣམས་ཀྱིས་བསྙེན་བཀུར་དང་བསྟོད་པ་བྱས་པ་ལ་ཆགས་པ་དང་། མི་སྙན་པར་བརྗོད་ཅིང་བརྡེག་འཚོག་བྱེད་པ་ལ་མི་དགའ་ཞིང་ཞེ་སྡང་འདུག་གམ་མི་འདུག་ལྟ། དེ་བཞིན་དུ་ང་རྒྱལ་དང་རློམ་སེམས། འཇིགས་སྐྲག་དང་ཞུམ་པ། སྒྱིད་ལུག་སོགས་རྐྱེན་གྱི་གནོད་པ་འབྱུང་ངམ་མི་འབྱུང་ལྟས་ལ། བཀའ་དཔེ་ཚིག་ལྷུག་མར། དེའི་དུས་སུ་ཆོས་བརྒྱད་ཀྱིས་ཅུང་ཟད་གནོད་ན། ད་དུང་དབེན་པར་ཕྱིན་ལ་བསྒོམ། མི་གནོད་ན་རོ་སྙོམས་ཀྱི་སྤྱོད་པ་བྱ་གསུང་། དེ་ནས་

p. 656

གར་བདེ་བར་འགྲོ་བ་ལ་སོགས་པ་ཅི་བདེ་བར་བྱ། དེ་ལྟར་བྱས་པས་སྣང་བ་སྒྱུ་མར་ཤེས་པ་འབྱུང་གསུངས་སོ། །ཅེས་འབྱུང་ངོ་། །མཆན། གལ་ཏེ་འབྱུང་ན་སླར་དབེན་པར་ཕྱིན་ནས་བླ་མ་ལ་གསོལ་བ་དྲག་ཏུ་གདབ། འཁོར་བ་ལ་སྐྱོ་ཤས་དང་ངེས་འབྱུང་བསྐྱེད། ཆགས་འཛིན་གྱི་ལོངས་སྤྱོད་ཐམས་ཅད་སྤངས། བརྩོན་འགྲུས་དྲག་ཏུ་བསྐྱེད་ལ་འདི་ལྟར་བསམ་པར་བྱ་སྟེ། ལེགས་པར་དཔྱད་ན། གཟུགས་སྡུག་གོ་ཞེས་བླང་བར་བྱའོ། །ཞེས་པ་དེ་གང་ལས་སྡུག ། མི་སྡུག་པ་ལ་ལྟོས་ནས་སོ་ཞེ་ན། མི་སྡུག་པ་དེ་རང་གི་ངོ་བོ་ཉིད་ཀྱིས་མི་སྡུག་པ་ཡིན་ནམ། གང་ལ་ལྟོས་ནས་མི་སྡུག་པ་ཡིན། དང་པོ་ལྟར་ན། སྡུག་པ་ལ་མ་ལྟོས་པར་མི་སྡུག་པ་ངོ་བོ་ཉིད་གྲུབ་ཡོད་ན་ནི་མི་སྡུག་པར་ཡང་གང་གིས་འཇོག་མི་ནུས་པ་དང་། གཉིས་པ་ལྟར་ན། ཅིག་ལ་སྡུག་པ་དེ་ཅིག་ལ་མི་སྡུག་པ་དང་། ཅིག་ཤོས་ལ་སྡུག་པ་དེ་ལས་ཅིག་ཤོས་ལ་མི་སྡུག་པར་འགྱུར་བས། རང་གང་གོམས་ཀྱི་བག་ཆགས་ཀྱི་རྟོག་པས་བཞག་པ་མ་གཏོགས། ཡུལ་སྟེངས་

p. 657

ནས་ལྟོས་མི་ལྟོས་ཀྱི་སྡུག་མི་སྡུག་སོ་སོར་མི་ངེས་པས། རང་གང་གོམས་ཀྱི་རྟོག་པ་ངན་པ་ནི་གནས་ཚུལ་འཛིན་པའི་བློ་ཚད་མ་མིན་པས་ཚད་མིན་གྱི་བློ་ཡང་དག་པ་མ་ཡིན་པར་ཤེས་པར་བྱས་ནས་བླང་དོར་གྱི་རྟོག་པ་ཐམས་ཅད་དང་བྲལ་བར་བྱའོ། །ཞེས་ཡུལ་ཡིད་དུ་འོང་མི་འོང་དང་། དེར་རྟོག་ཐམས་ཅད་དེ་དང་དེར་གྲུབ་པ་མ་ཡིན་པ་སྒྱུ་མ་ཙམ་དུ་ལྟ་བས་གང་ལའང་བདེན་འཛིན་གྱི་ཞེན་འཁྲིས་ཐམས་ཅད་དང་བྲལ་བར་སྦྱངས་པས། དེར་རྟོག་གཞི་མེད་རྩ་བྲལ་དུ་སོང་བ་ན། མཐོང་བ་དང་སྒོམ་པས་སྤོང་བའི་ལས་ཉོན་མངོན་འགྱུར་སློང་བྱེད་ས་བོན་དང་བཅས་པ་རིམ་གྱིས་སྤོང་བར་འགྱུར་རོ། །འདི་ཡན་ཆད་ལ་མ་དག་པའི་སྒྱུ་ལུས་སྦྱང་བ་ཞེས་གསུངས་སོ། །གཉིས་པ་ལྷ་སྐུ་སྒྱུ་མ་ལྟར་དམིགས་ཀྱིས་བསལ་ནས་སྒོམ་པ་རྒྱུད་སྡེ་འོག་མ་དང་མཐུན་པར་བཤད་པ་ནི། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ཞབས་ཀྱིས། བདག་གིས་སྒྲུབ་པར་བྱ་བའི་ལྷའི་སྐུ་གསུང་ཐུགས་དེ་ཉིད་ཀྱིས་སྣང་གྲགས་རིག་

p. 658

ཙམ་འདི་ཉིད་ཀྱི་སྟོང་པ་ཉིད་སྒྱུ་མ་ཙམ་དུ་བསྒོམས་པས་མ་དག་པ་རྡོས་བཅས་ཀྱི་སྒོ་གསུམ་བདེན་པ་བར་འཛིན་པའི་བློ་ཡང་རིམ་གྱིས་སྤངས་ནས། རང་གི་སྒོ་གསུམ་རྡོ་རྗེ་གསུམ་དུ་གསལ་སྣང་བརྟན་པོར་རྙེད་པ་ལ་བརྟེན་ནས་བསག་སྦྱང་བྱས་པས། ལམ་མྱུར་དུ་བགྲོད་པའི་ཐབས་ཀྱི་རྐྱེན་མཆོག་ཏུ་བྱེད་པ་ཡིན་ནོ། །ཅེས་གསུངས་སོ། །འདི་ལ་མཉམ་བཞག་སྒྱུ་མ་དང་། རྗེས་ཐོབ་སྒྱུ་མའོ། །དང་པོ་ལ། དངོས་དང་། མཚོན་སྦྱོར་གཉིས་ཀྱི་དང་པོ་ནི། ལུས་གནད་གོང་དང་མཐུན། དེ་ནས་རང་གི་ལུས་འདི་ཉིད་ཧེ་རུ་ཀའམ་བདག་མེད་མ་ལྟ་བུའི་ཡི་དམ་གྱི་སྐུ་མཚན་ཐམས་ཅད་ཀྱིས་བརྒྱན་པ། གར་དགུ་ལ་སོགས་པའི་ཉམས་ཀྱི་འགྱུར་བས་ཡང་དག་པར་བཞུགས་པར་བལྟས་ཏེ། ཇི་སྲིད་གསལ་བར་མ་གྱུར་གྱི་བར་སེམས་རྩེ་གཅིག་ཏུ་བཟུང་སྟེ་བསྒོམས་ལ། གསལ་བར་གྱུར་པ་ན། འདི་ལྟར་བསམ་པར་བྱ་སྟེ། བདག་གི་ལུས་བཅོམ་ལྡན་འདས་ཀྱི་སྐུར་སྣང་བ་འདི་ནི་ལུས་ཀྱི་ཕྱི་ནང་ལ་སོགས་པ་གང་ལས་

p. 659

ཀྱང་བྱུང་བ་མ་ཡིན་ལ། བསྒོམས་པས་རབ་ཏུ་གསལ་བར་གྱུར་པ་ན་ཡང་གང་དུའང་མི་གནས་པ་དང་། བསྒོམས་པའི་དམིགས་པ་བཤིག་སྟེ། ལྷའི་སྣང་བ་མེད་པར་གྱུར་པ་དེའི་ཚེ་གང་དུའང་བཞུད་པར་མི་དམིགས་ཏེ། དེ་ལྟར་སྐྱེ་འགག་གནས་གསུམ་དང་བྲལ་བས་འདུས་མ་བྱས་པའོ། །འདུས་མ་བྱས་བཞིན་དུ་བདེ་བར་གཤེགས་པའི་སྐུ་རྣམ་པ་སྣ་ཚོགས་པ་ཡིད་ལ་ཇི་ལྟར་བསམས་པ་བཞིན་གསལ་བར་སྣང་བ་འདི་ནི། འགག་པ་མེད་པའི་རྩལ་ལས་རང་སྣང་སྒྱུ་མའི་རྣམ་པར་འཕྲུལ་པ་ལྷ་སྐུ་སྣང་སྟོང་དབྱེར་མེད་སྒྱུ་མ་ལྟ་བུའོ། །ཞེས་སྒོམ་པ་ལ་རབ་ཏུ་བརྩོན་པར་བྱའོ། །དེ་བཞིན་དུ་ངག་གི་བརྗོད་པ་ཐམས་ཅད་ཡི་དམ་གྱི་སྙིང་པོ་དང་ཉེ་སྙིང་ལ་སོགས་པའ་ངོ་བོར་ལྟས་ལ། དེ་ཡང་རང་བཞིན་གྱིས་མ་དམིགས་ཏེ། བརྗོད་པ་ཐམས་ཅད་དང་རང་བཞིན་གྱིས་བྲལ་བ། བྲལ་བཞིན་དུ་ཡང་སྔགས་ཀྱི་སྒྲ་དབྱངས་ཟད་པ་མེད་པ་མངོན་པར་འབྱུང་བ་སྟེ། དེ་ལྟར་ན་བརྗོད་པ་མཐའ་དག་གིས་དབེན་

p. 660

པའི་དེ་ཁོ་ན་བརྗོད་པ་དང་མི་འགལ་བའི་ཚུལ་ལ་ངེས་པ་བསྐྱེད་དེ་སྒོམ་མོ། །གཞན་ཡང་རང་གི་སེམས་རིག་རིག་ལྟར་ཉེ་བར་སྣང་བ་གང་ཡིན་པ་དེ་ཡང་དོན་འཛིན་བཞིན་དུ་འཛིན་པ་ཐམས་ཅད་དང་བྲལ་བ་སྟེ། ག་ནས་བྱུང་བ་སོགས་བཙལ་ཞིང་གཞིགས་ན་རྙེད་པར་མི་འགྱུར་བས་ངོ་བོའ་གནས་ལུགས་མཐོང་ཞིང་། རིག་པའི་རྩལ་འགག་པ་མེད་པ་དེ་ཉིད་གདོད་ནས་རྒྱལ་བ་རྣམས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པར་ལྷུན་གྱིས་གྲུབ་པ་མངོན་སུམ་དུ་རྟོགས་ནས་ཐ་མལ་མཚན་འཛིན་གྱི་འཁྲུལ་པ་རང་གྲོལ་བར་འགྱུར་རོ། །གཉིས་པ་ནི། རྗེ་བཙུན་ཏཻ་ལོ་པས། ལྷ་ཚོགས་སྒྱུ་མ་མེ་ལོང་གཟུགས། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །དེ་ཉིད་སྒྱུ་མའི་གཟུགས་བཞིན་དུ། །སྒྱུ་དཔེ་བཅུ་གཉིས་ལྟར་མཐོང་བ། །རྣལ་འབྱོར་སྒྱུ་མའི་དོན་མཐོང་བའོ། །ཅེས་དང་། ཀུན་མཁྱེན་འཇམ་དཔལ་བཟང་པོས། རང་ལུས་རྡོར་སེམས་མེ་ལོང་གཟུགས་བརྙན་ལྟར། །

p. 661

མཐོང་ནས་ངེས་པ་རྙེད་པར་བྱིན་གྱིས་རློབས། །ཅེས་གསུངས་པས་གོང་དུ་བསྟན་པ་དེས་ངེས་པའི་ཤེས་པ་རྣམ་པར་དག་པ་བསྐྱེད་མ་ནུས་ན། མངོན་པར་རྟོགས་པའི་རིམ་པ་མཚོན་ཐབས་ཀྱི་སྦྱོར་བ་བསྒོམ་པར་བྱ་སྟེ། མངའ་བདག་ལོ་ཙ་བ་ཆེན་པོའ་ཞབས་ཀྱིས། མངོན་པར་རྟོགས་པའི་རིམ་པ་སྟོན་པ་ལ། དཔལ་གསང་བ་འདུས་པའི་པཉྩ་ཀྲ་མ་ལས། རིམ་པ་གསུམ་པ་ཀུན་རྫོབ་སྒྱུ་མ་ལྟ་བུར་ངོ་སྤྲོད་པ་ནི། དུས་ནམ་གྱི་ཚེ་ན། གསང་བའི་དབང་བསྐུར་བའི་ཚེ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྟེ། རྡོ་རྗེ་སེམས་དཔའ་ལེགས་པར་བྲིས་པ་ནི་གཡའ་དག་པ་དྲི་མ་མེད་པ་དེའི་ནང་དུ་འཆར་དུ་བཅུག་ནས། བླ་མ་ལ་སྒྱུ་ལུས་ཀྱི་སྒོ་ནས་བསྟོད་པར་བྱ་སྟེ། དེའི་དུས་ཀྱི་གཟུགས་བརྙན་གསལ་བར་སྣང་བར་མཚུངས་པ་ཞེས་བྱ་བ་ནས། སྒྱུ་མའི་དཔེ་བཅུ་གཉིས་ཏེ། སྣང་ལ་རང་བཞིན་མེད་པ་འཇའ་ཚོན། གསལ་ལ་རྟོག་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན། སྣང་ཞིང་སྐྱེ་བོ་བསླུ་བྱེད་སྒྱུ་མ། སྣང་ཞིང་ཁྱབ་པ་ཆུ་ཟླ། འཁྲུལ་པའི་རང་བཞིན་མིག་ཡོར། སྣང་ཡང་དོན་བྱེད་མི་ནུས་པ་དྲི་

p. 662

ཟའི་གྲོང་ཁྱེར། མི་རྟག་པ་ཆུ་བུར། བག་ཆགས་ཀྱིས་བདེན་པར་འཛིན་པ་རྨི་ལམ། མེད་བཞིན་དུ་སྣང་བར་འདུག་པ་ནམ་མཁའི་སྐྲ་བཤད། རྟོག་པ་མེད་པར་སྤྱོད་པ་བྲག་ཆ། དུས་ཀྱིས་མི་རྟག་པ་སྨིག་སྒྱུ། མི་གནས་པའི་རང་བཞིན་སྤྲིན་ལ་སོགས་པ་ཐམས་ཅད་ཀྱི་སྒོ་ནས་རྟོགས་པར་བྱ་བ་ནི་དཔེའི་གཙོ་བོ་གསུམ་གྱིས་སོ། །འདིར་བླ་མའི་མན་ངག་ལྷང་མ་ལྷང་ཙེར་ལ་རྨ་བྱའི་ཁྲག་གིས་བཛྲ་སཏྭ་བྲིས་ནས། ཏིང་ཕོར་དུ་ཆུ་ནང་དུ་བཅུག་སྟེ། ཉི་མ་ལ་གཞག་ནས་དེའི་འོད་རྩིག་ངོས་ལ་ཕོག་པ་དེ་ལ་དགའ་མི་དགའི་བརྗོད་པ་སྣ་ཚོགས་བྱས་ལ། དེ་ལ་དགའ་མི་དགའ་གང་ཡང་མི་འདུག་ན་དེ་དང་ཐ་མི་དད་དུ་བསྒོམ། དེ་ཡང་ཡང་སྦྱངས་པས་རྡོ་རྗེ་སེམས་དཔའ་དང་ཐ་དད་མེད་པར་ཤེས་པས་དེ་ཁོ་ན་ལ་བསླབ་ཅིང་བསྒོམ། འདིས་ཀུན་རྫོབ་བདེན་པ་སྒྱུ་མ་སྦས་པ་སྟེ། རང་བཞིན་མེད་པར་གཏན་ལ་ཕེབས་པའོ། །ཅེས་སྲས་མདོ་སྡེ་ལ་གདམས་པ་གསང་བ་བདུད་རྩིའི་ཆུ་རྒྱུན་དུ་གསུངས་སོ། །མཆན། ཡོངས་སུ་དག་པའི་མེ་ལོང་མདུན་དུ་བཀོད་ལ། དེར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྟ་བུ་ཡི་དམ་ཀྱི་སྐུ་གང་ཡང་རུང་བའི་གཟུགས་བརྙན་འཆར་དུ་བཅུག་ལ་རབ་ཏུ་

p. 663

གསལ་བར་གྱུར་པ་ན་འདི་ལྟར་བསམ་སྟེ། མེ་ལོང་གི་ནང་གི་དེ་བཞིན་གཤེགས་པའི་སྐུ་འདི་ནི། གང་དུ་འཁྲུངས་པ་ཞིག །ཡབ་དང་ཡུམ་ནི་གང་། གང་ནས་ཉེ་བར་བྱོན། འདི་ལྟར་བཞུགས་པ་ཉིད་ཀྱི་ཚེའང་མེ་ལོང་གི་མདུན་རྒྱབ་བམ་རྡུལ་ཕྲ་རབ་དང་འདྲེས་པ་ཉིད་དུ་གནས། མེ་ལོང་གི་ནང་དུ་མི་སྣང་བར་གྱུར་པའི་ཚེ། དེ་གང་དུ་བཞུད་ཞེས་བརྟགས་ན་བྱོན་པ་དང་བཞུད་པ་མི་དམིགས་སོ། །མི་དམིགས་བཞིན་དུ་ཡང་བདེ་བར་གཤེགས་པའི་སྐུའི་གཟུགས་བརྙན་གསལ་བར་སྣང་སྟེ། དེ་ལྟར་ན་མེད་པ་ཉིད་སྣང་ལ་སྣང་བ་ཉིད་རང་བཞིན་མེད་པ་ཞེས་ཡོངས་སུ་ངེས་པར་བྱས་ནས་རང་གི་ལུས་ལྷར་གསལ་བ་ཡང་དེ་དང་འདྲ་བར་ལྟས་ཏེ། སྟོང་བཞིན་དུ་ཉེ་བར་སྣང་བའི་སྐུ་བདེ་བར་གཤེགས་པའི་མཚན་དཔེའི་ཁྱད་པར་དུ་མ་ཅན་ཤིན་ཏུ་འོད་གསལ་བ་ལ་སེམས་གཞུག་གོ། །དེ་བཞིན་དུ་ངག་སྒྲ་སྙན་སྔགས་སམ་ཐེག་པ་ཆེན་པོའི་ཆོས་བྲག་ཆ་ལྟ་བུར་སྒོམ། ཡིད་གཡོ་བ་སྨིག་རྒྱུ་ལྟ་བུ་འདི་བདེ་བ་

p. 664

ཆེན་པོ་རང་གྲོལ་དུ་སྦྱང་ངོ་། །དེ་ལྟར་ལུས་ངག་ཡིད་གསུམ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་སུ་གདོད་ནས་རྣམ་པར་དག་པ་ལ་དག་པ་ཉིད་དུ་ངེས་པར་རྟོགས་ཤིང་དེ་ཉིད་ཀྱི་དོན་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ནས་བསྒོམས་པས་དག་པ་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་བདེ་བླག་ཏུ་འགྲུབ་པར་འགྱུར་ཏེ། དཔལ་རང་བྱུང་གིས། མདོར་ན་ད་ལྟར་ཐ་མལ་གྱི་སྣང་བ་ལ་ཡུལ་ཕྱི་རོལ་དུ་བདེན་རྟོག་བྱུང་བ་བཟུང་བས་བཅིངས། ནང་དེར་འཛིན་མཁན་འཁྲུལ་པར་མ་ཤེས་པས་འཛིན་རྟོག་ལ་བདེན་ཞེན་བྱུང་བས་འཁོར་བར་འཁྱམས་པ་ཡིན། དེ་རྣམས་བདེན་མེད་དུ་སྦྱངས་པས་མདོ་ལས་གསུངས་པ་ལྟར་བཟུང་འཛིན་སྤོང་བ་ཡིན་ལ། གསང་སྔགས་ཀྱི་ལུགས་ལ་དེ་ཐབས་ལ་མཁས་པས་སྣང་ལ་རང་བཞིན་མེད་པ་ལྷ་དང་སྔགས་བདེ་བ་ཆེན་པོར་སྣང་བ་རྣམས་བསྒྱུར་ལ། དེ་ཡང་བདེན་རྟོག་གིས་མ་བཅིངས་པར་སྦྱང་བའོ། །ཅེས་གསུངས་སོ། །གཉིས་པ་རྗེས་ཐོབ་སྒྱུ་མ་ནི། དེ་ལྟར་མཉམ་བཞག་

p. 665

དུ་སྒྱུ་ལུས་ཀྱི་སྐུ་ལ་གསལ་སྣང་ཅུང་ཟད་ཙམ་ཡོད་ཀྱང་རྗེས་ཐོབ་དུ་འཇིག་རྟེན་ཆོས་བརྒྱད་ཀྱིས་དབེན་དཔྱོས་ནས་ལམ་སྒྲུབ་པ་ལ་གེགས་བྱེད་སྲིད་པས། དེ་ལ་ཐ་མལ་པའི་ཡུལ་ཡིད་དུ་འོང་མི་འོང་ལ་བརྟེན་པའི་ཆགས་སྡང་སོགས་ཉོན་མོངས་སྤོང་བའི་བོགས་འདོན་པ་དང་། མཆོག་གི་ཡུལ་ཡིད་འོང་ལ་བརྟེན་ནས་བདེ་སྟོང་སྒྱུ་མ་ལྟར་རྟོགས་པའི་བོགས་འདོན་པ་ལས། དང་པོ་ནི། མེ་ལོང་གི་གཟུགས་བརྙན་ལ་དཔེར་མཚོན་ན། དེ་ལ་ཡུལ་ཡིད་དུ་འོང་མི་འོང་ལ་བརྟེན་པའི་ཆགས་སྡང་གི་བློ་མི་སྐྱེ་ལ། དེ་བཞིན་དུ་བདག་ཉིད་རྡོ་རྗེ་སེམས་དཔའི་སྒྱུ་ལུས་ལ་ཡང་ཡུལ་ལ་བརྟེན་པའི་ཆགས་སྡང་གི་བློ་མི་སྐྱེ། དེ་མི་སྐྱེ་ན་བདག་མེད་པ་ལ་བདག་ཏུ་བཟུང་ནས། ཡུལ་ཡིད་དུ་འོང་མི་འོང་ཁྱད་མེད་པ་ལ་རྟོག་པས་བཟང་ངན་དུ་ཕྱེ་ནས་བླང་དོར་བྱས་ཏེ། ཆགས་སྡང་སོགས་ལས་དང་ཉོན་མོངས་པ་རྣམས་བསྐྱེད་པར་འདུག་པས། ཆོས་ཐམས་ཅད་ཀྱི་སྟེང་དུ་གང་ཟག་དང་ཆོས་ཀྱི་བདག་མེད་པ་

p. 666

དང་མ་བྲལ་བའི་ངང་ནས་ཡུལ་ཐོག་ཏུ་ཡིད་དུ་འོང་མི་འོང་གི་ཆ་གཉིས་མེད་ཅིང་། དེར་འཛིན་གྱི་རྟོག་པ་ལ་གོང་དུ་བརྗོད་པ་ལྟར་དཔྱད་སྒོམ་མམ་མི་རྟོག་ལྷུག་པར་འཇོག་པས། བླང་དོར་ལ་བཟང་ངན་དུ་འཛིན་པ་རོ་སྙོམས་ཀྱི་ཉམས་ལེན་གྱིས་ཉམས་སུ་བླང་ངོ་། །འདི་ལ་ནི་དཔལ་དགས་པོ་བཀའ་བརྒྱུད་པ་དག་སྤྱོད་པ་བླང་དོར་དང་བྲལ་བ་ཞེས་གསུངས་ལ། ཟབ་མོ་རྡོ་རྗེ་ཐེག་པ་བླ་ན་མེད་པའི་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་སྤྱོད་པའི་མཆོག་ཀྱང་ཡིན་ཏེ། རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། བཟའ་དང་བཟའ་མིན་སྤྱོད་པ་དང་། །དེ་བཞིན་བཏུང་དང་བཏུང་མིན་ཉིད། །བགྲོད་དང་བགྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཅེས་གསུངས་སོ། །གཉིས་པ་ནི། མེ་ལོང་ནང་དུ་ཤར་བའི་རྡོ་རྗེ་སེམས་དཔའ་དེ་ཡང་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་གྱི་སྒྱུ་མ་ཡིན་ལ། དེ་ཉིད་མཆོད་པ་མཆོག་གི་མཆོད་གནས་དང་། ཐོབ་བྱ་མཆོག་གི་ཡུལ་ཡིད་འོང་ཡིན་པས་དེ་ཅི་འདྲ་

p. 667

བའི་སྒྱུ་ལུས་དེ་དང་རང་གི་ཉམས་སྣང་ལ་ཤར་བའི་སྒྱུ་ལུས་འདི་ལ་སྒྱུ་མའི་སྣང་ཙམ་གྱི་ཆ་ནས་མཆོག་དམན་ཅུང་ཟད་ཀྱང་མེད་པར་ཤེས་ནས་གང་སྣང་ཐམས་ཅད་ཀྱང་ལྷ་སྐུའི་ངོ་བོ་གཉུག་མ་བྱང་ཆུབ་ཀྱི་སེམས་སུ་རྟོགས་པར་བྱས་ལ་ལྷའི་སྐུ་དེ་ཉིད་ཀྱང་བཤད་མ་ཐག་པའི་སྒྱུ་མའི་རང་བཞིན་དུ་རིག་པར་བྱས་པ་སྟེ། དེ་ཡང་སྒྱུ་མའི་སྐུ་དེ་ཉིད་ལ་བརྟེན་ཏེ་མཉམ་པར་བཞག་པས་སྣང་གསུམ་གྱིས་དྲངས་པའི་བདེ་བ་ཆེན་པོ་འཆར་བས་སྒྱུ་ལུས་ཀྱི་གསལ་སྣང་རབ་ཀྱི་མཐར་ཕྱིན་པར་བྱེད་དོ། །འདི་རྣམས་ལ་དག་པའི་སྒྱུ་ལུས་སྦྱང་བ་ཞེས་གསུངས་སོ། །གསུམ་པ་གསང་ཆེན་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་སྒྱུ་ལུས་ངོས་བཟུང་བ་ལ། ཤེས་པར་བྱ་བ་དང་། ཉམས་སུ་བླང་བ་གཉིས་ཀྱི་དང་པོ་ནི། གཉུག་མ་མཆོག་གི་རྩ་དབུ་མ་ལ་གནས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རིགས་ཀྱི་བཞོན་པར་གྱུར་པའི་རླུང་ཐིག་ཤིན་ཏུ་ཕྲ་བ་ཟག་པ་མེད་པའི་ལུས་ཀྱི་རྒྱུ་རིགས་ཀྱི་ངོ་བོར་

p. 668

གནས་པ་ཐོག་མ་མེད་པ་ནས་སངས་མ་རྒྱས་ཀྱི་བར་དེར་ཡོད་པ་དེ་འདིར་ཐབས་ཁྱད་པར་ཅན་གྱིས་སྒྱུ་མའི་སྐུར་སྒྲུབ་པ་ཡིན་ལ། དེ་ཡང་ཇི་ལྟར་སྒྲུབ་ན། དཔལ་དབྱངས་ཅན་བཟང་པོའི་ཞབས་ཀྱིས། དབེན་པ་གསུམ་སྔོན་དུ་སོང་བས་ཕྱི་ཕྱག་རྒྱའི་རྐྱེན་དང་། ནང་སེམས་དབེན་གྱི་ཡེ་ཤེས་རྫོགས་པར་བསྐྱེད་པ་ལུགས་མཐུན་དུ་འཇུག་ཅིང་། སླར་ལུགས་ཟློག་ཏུ་འཇུག་པའི་རླུང་སེམས་ལས་དངོས་སུ་རྡོ་རྗེ་སེམས་དཔའི་སྐུ་མཚན་དཔེས་བརྒྱན་པར་སྒྲུབ་པ་ཡིན་པས། སྐུ་དེ་ནི་མུ་བཞི་ལས་གྲོལ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་བདེན་པར་མ་གྲུབ་པས་ཡོད་པའི་མཐར་མ་ལྷུང་། སྣང་བ་མ་འགགས་པས་མེད་པའི་མཐར་མ་ལྷུང་བའི་སྣང་སྟོང་ཟུང་འཇུག་གི་ངོ་བོ་བདེ་བར་ཤར་བ་འདི་ལ་བདག་བྱིན་གྱིས་བརླབ་པ་དང་། བདག་བྱིན་རླབས་འདི་ལའང་བདེ་དགྱེས་གསང་གསུམ་ཐུན་མོང་ལྟར་ན། གསང་དབང་བསྐུར་ནས་རང་ལུས་ཐབས་ལྡན་

p. 669

གྱི་སྒོ་ནས་གཏུམ་མོ་དང་སྒྱུ་ལུས་སྒོམ་པ་ལ་བདག་བྱིན་རླབས་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས་གཞན་ལུས་ཐབས་ལྡན་གྱི་སྒོ་ནས་གཏུམ་མོ་དང་སྒྱུ་ལུས་བསྒོམ་པ་ལ་དཀྱིལ་འཁོར་འཁོར་ལོ་པ་ཞེས་གསུངས་ཤིང་། སེམས་འགྲེལ་གསུམ་གྱི་ལུགས་ལྟར་ན། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་བདག་བྱིན་རླབས་ཞེས་གསུངས་ཏེ། དཔལ་ཕྱག་ན་རྡོ་རྗེས། འདིར་རང་བྱིན་གྱིས་བ རླབ་པ་ཞེས་བྱ་བ་ནི། སོ་སོར་སྡུད་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །མཚན་མ་ཞེས་བྱ་བ་ནི། སྤྲིན་དང་དུ་བ་ལ་སོགས་པ་ལྟར་རབ་ཏུ་སྣང་བ་སྟེ། དེ་ཡང་སྒྲོན་མེའི་མཐར་ཐུག་པར་དང་པོར་མཐོང་བའོ། །ཞེས་དང་། དྲིལ་བུ་རིམ་ལྔར། དྷཱུ་ཏིའི་དབུས་སུ་བདེ་ཆེན་གྱི་ཐིག་ལེ་བཞིའི་ནུས་པ་གསལ་བ་བསྐྱེད་ནས། རླུང་གི་རྣལ་འབྱོར་ལས་རུང་དུ་བྱས་ཏེ། ཕྱི་ནང་གི་ཕྱག་རྒྱ་བརྟེན་པར་བསླབ་པ་ལ་བདག་བྱིན་རླབས་ཀྱི་རིམ་པར་གསུངས་པ་སོགས་སྐབས་ཐོབ་མ་འདྲེས་པར་ཤེས་དགོས་སོ། །མཆན། ཀུན་རྫོབ་ཀྱི་བདེན་པ་དང་། སྒྱུ་མའི་སྐུ་དང་། རྡོ་རྗེའི་སྐུ་དང་། རགས་ལུས་སུ་མ་གྲུབ་པས་དྲི་ཟའི་སེམས་ཅན་ཞེས་པ་དང་། ལྷ་རྫས་དག་པའི་ལུས་ཞེས་

p. 670

ཀྱང་གསུངས་ལ། དེའི་ཕྱིར་རིམ་ལྔ་ལས། བདག་བྱིན་རླབས་ཅེས་དེ་བཤད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ངེས་པར་མཚོན་པ་སྟེ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་འགྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བདག་ཉིད་ཆེ། །ཞེས་གསུངས་སོ། །མདོར་ན་འཁོར་བའི་གནས་སྐབས་རྣམ་སྨིན་གྱི་རགས་ལུས་སམ་གནས་སྐབས་པའི་ལུས་ཡང་ཡང་དུ་འདོར་ཀྱང་། དེའི་ལུས་རྒྱུན་མི་འཆད་པར་འཆི་སྲིད་ཀྱི་སྐབས་སུ འང་སྟོང་བཞིའི་མཐར་བར་དོའ་གཟུགས་འགྲུབ་པ་དང་། གཉིད་ཀྱི་སྟོང་པ་རྣམས་ཀྱི་མཐར་རྨི་ལམ་གྱི་ལུས་སྣང་འཆར་བ་དང་། གཟུགས་མེད་པའི་སར་ཡང་ཏིང་ངེ་འཛིན་གྱིས་སེམས་མྱོས་ནས་ལུས་སྣང་གསལ་བར་མ་གྱུར་ཀྱང་ཕྲ་བའི་ལུས་རྒྱུན་མ་ཆད་པར་ཡོད་པ་ཡིན་ལ། འདི་རྣམས་གཟུགས་སྐུར་ལམ་དུ་འཁྱེར་ཚུལ་བསྐྱེད་རིམ་གཙོ་བོར་བསྒོམ་པའི་དབང་དུ་བྱས་ན། དཔལ་འདུས་པར་

p. 671

ལྷག་མོས་འོད་གསལ་དུ་བསྡུས་པའི་མཐར་དང་པོའི་མགོན་པོར་བསྐྱེད་པ་དང་། བདེ་དགྱེས་ཀྱི་དགོངས་པ་ལྟར་ན། རྒྱུ་རྡོ་རྗེ་འཛིན་པ་སྙོམས་པར་འཇུག་དུས་སུ་ཞུགས་པའི་ཧཱུྃ་ལ་སོགས་པ་དང་། བར་སྲིད་སྦྱོང་བྱེད་ཀྱི་ནཱ་ད་རྣམས་ཡིན་ལ། རྫོགས་རིམ་པས་གཟུགས་སྐུར་ལམ་དུ་འཁྱེར་ཚུལ་ནི། གཏུམ་མོ་ལ་བརྟེན་ནས་ཡེ་རླུང་མཆོག་གི་དབུ་མར་བསྡུས་པས་འབར་བཞུའི་དགའ་བཞི་ཁྱད་པར་ཅན་ལ་སེམས་དབེན་བསྐྱེད་པའི་མཐར་མ་དག་པའི་སྒྱུ་ལུས་འགྲུབ་ཅིང་། དེ་དོན་གྱི་འོད་གསལ་གྱི་ཡེ་ཤེས་ཀྱིས་དྲི་བྲལ་དུ་བྱས་པས་མཐར་དག་པའི་སྒྱུ་ལུས་སུ་འགྲུབ་སྟེ། དེ་ལ་ཟུང་དུ་འཇུག་རྒྱུ་ཀུན་རྫོབ་ལོངས་སྤྱོད་རྫོགས་པའི་སྐུར་སྒྲུབ་པར་བྱེད་པ་ཡིན་ནོ། །དེས་ན་སྒྱུ་མའི་ལུས་འདི་ལ་ངོས་འཛིན་པ་ནི། པཎ་ཆེན་ནཱ་རོས་རིམ་པ་ལྔའི་དོན་བསྡུས་པ་གསལ་བར། རླུང་སེམས་ཙམ་ལས་བྱུང་བ་ཡི། །སྒྱུ་མའི་ལུས་འདི་སྣང་བར་བཅས། །ཞེས་འབྱུང་ལ། དེ་ཡང་ལུས་དབེན་གྱི་སྐུ་ནི་ཐ་མལ་གྱི་

p. 672

ལུས་སེམས་རེ་རེ་ནས་ཡེ་ཤེས་སུ་སློབ་པའི་སྐུ་སྟེ་ཡེ་ཤེས་བསྡུ་བའི་རྣལ་འབྱོར་ཙམ་ཡིན་ལ། འདིར་ནི་ཡེ་ཤེས་དེ་ཉིད་རྟེན་བརྟེན་པའི་ལྷར་ལྡང་བ་སྟེ་ཡེ་ཤེས་བསྐྱེད་པའི་རྣལ་འབྱོར་ཡིན་ལ། དེའི་ཕྱིར་སྒྱུ་ལུས་ཀུན་རྫོབ་ཀྱི་བདེན་པ་བསྐྱེད་རིམ་དང་། སླར་དེ་དོན་དམ་འོད་གསལ་དུ་བཅུག་པ་དོན་དམ་བདེན་པ་རྫོགས་པའི་རིམ་པ་ཞེས་འཕགས་པ་ཡབ་སྲས་ཀྱི་གཞུང་ལུགས་ལས་རྒྱ་ཆེར་འབྱུང་བ་དེའི་ཕྱིར་སྐུ་འདི་ནི་བསྐྱེད་རིམ་ནས་དབེན་གསུམ་གྱི་བར་ལ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། སྤྱོད་པ་བསྡུས་པའི་སྒྲོན་མར། བསྐྱེད་པའི་རིམ་པ་ནས་བཙམས་ཏེ། ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ་རྡོ་རྗེ་གསུམ་ལ་སོགས་པས་ཀྱང་མཚན་ཉིད་ལ་ལྷག་པར་མོས་པ་ཙམ་ལགས་ཏེ། དེ་བས་ན་ལུས་རྣམ་པར་དབེན་པ་ལ་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པ་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེའི་བཟླས་པ་

p. 673

ཡོངས་སུ་ཤེས་པ་སྟེ། དེ་ལ་ཡང་ལྷའི་རྣམ་པ་མེད་དེ། སྒྲ་རྣམས་ནི་བྲག་ཆ་ལྟ་བུ་ཡིན་པའི་ཕྱིར། སེམས་རྣམ་པར་དབེན་པ་མཐར་ཐུག་པ་ཡང་རང་བཞིན་གྱི་སྣང་བ་ཙམ་ཡོངས་སུ་ཤེས་པ་ཙམ་དུ་ཟད་པས་དེར་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུའི་ངོ་བོ་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །རིག་པ་འདིས་ན་ཀུན་རྫོབ་ལ་བརྟེན་ནས་གནས་པ་རྙེད་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཙམ་གྱིས་ལྷ་ཉིད་དུ་བསྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ནས་རྟོགས་པར་བགྱིད་འཚལ་ལོ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ་ལྷའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཐམས་ཅད་ཀྱི་མན་ངག་བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ། ས་བཅུའི་དབང་ཕྱུག་གི འང་ཡུལ་མ་ཡིན་པ་དེ་ངས་ཁོང་དུ་ཆུད་པར་བྱའོ། །རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བར། ཕུང་པོ་དང་ཁམས་དང་སྐྱེ་

p. 674

མཆེད་རྣམས་ལ་ཡང་མེད་པ། ཡེ་ཤེས་ཙམ་ཡོངས་སུ་སྣང་བ་ཙམ་གྱི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་གཟུང་བ་དེ་ཡང་སྒྱུ་མ་རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྒྱུ་ལུས་ཀྱི་སྐུ་དེ་ཡང་རགས་ལུས་ལས་གོ་ས་ལོགས་པར་དབྱེ་རུང་བར་སྟོན་པ་ནི། བཀའ་དཔེ་རྩ་བའི་སྡོམས་ལས། གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །དེའི་གཟུགས་བརྙན་སྣང་དང་མཚུངས། །ཅེས་གསུངས་པས་གསང་བའི་དབང་བསྐུར་ནས་སྒྱུ་ལུས་ཀྱི་རིམ་པ་སྒོམ་པའི་གདམས་ངག་སྟོན་པའི་སྐབས་སུ་ཆེད་དུ་བརྗོད་དགོས་པ་ཡིན་ཏེ། དེ་ཡང་རིམ་ལྔ་ལས། དངོས་དང་དངོས་མིན་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་

p. 675

ལྡན་ཞིང་། །སྐུ་ནི་ལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབས་ཅེས་དེ་བཤད་དོ། །བདག་བྱིན་རླབས་ཀྱི་སྒྲ་དོན་སྐབས་ཐོབ་དང་བསྟུན་ནས་སྦྱོར་ཚུལ་གོང་དུ་བཤད་པ་རྣམས་དང་། ཁྱད་པར་དུས་འཁོར་དུ་ནི་བསྐྱེད་རིམ་གྱི་སྐབས་སུ་ལྷ་ཁྲོ་བོ་གཙོ་བོར་སྟོན་པ་བསྒོམ་པ་ལ་དཔའ་བོའ་རིམ་པ་དང་། ལྷ་ཆགས་པ་གཙོ་བོར་སྟོན་པ་ལ་བདག་བྱིན་རླབས་ཀྱི་རིམ་པ་ཞེས་དང་། རྫོགས་རིམ་གྱི་སྐབས་སུ་རླུང་སེམས་དབུ་མར་ཆུག་པའི་སྲོག་ཏུ་གྱུར་པ་ལ་ནི་དཔའ་བོའ་རིམ་པ་དང་། དེ་ཆུག་པའི་སྟོང་པའི་གཟུགས་དང་། སྟོང་གཟུགས་ཕྱག་ཆེན་ལ་ནི་བདག་བྱིན་རླབས་ཀྱི་རིམ་པ་ཞེས་གསུངས་ཏེ། སྟོང་གཟུགས་འདི་རྒྱུར་བྱས་ཀྱི་ཡུལ་ལུས་ལོངས་སྤྱོད་ལ་སངས་རྒྱས་ཀྱི་སའི་ཟག་པ་མེད་པའི་གནས་སྐུ་ལོངས་སྤྱོད་དུའང་བཞག་པས་འདུས་པར་བཤད་པའི་སྒྱུ་ལུས་ལ་བདག་བྱིན་རླབས་སུ་བྱས་པ་འདི་དང་། དུས་འཁོར་ལས་གསུངས་པའི་རྫོགས་རིམ་གྱི་སྐབས་ཀྱི་བདག་བྱིན་རླབས་གཉིས་དོན་གཅིག་པར་མངོན་ཏེ། མཆོག་གི་དང་པོའ་སངས་རྒྱས་ལས། །ཐར་པའི་དོན་དུ་དཔའ་བོའ་རིམ་པ་དང་། །རང་བྱིན་བརླབ་པའི་རིམ་པ་ལམ་མ་

p. 676

ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ཡིས། །ཐར་པ་སྟེར་བ་སངས་རྒྱས་རྣམས་ཀྱིས་བསྟན། །མཚམས་མེད་ལྔ་པོ་དག་ནི་བྱས་པ་ཡང་། །གང་ཞིག་དབང་གི་དོན་གྱི་བདེ་བར་ནི། །ཐབས་དང་ཤེས་རབ་བདག་ཉིད་འཁྱུད་རྣམས་ལས། །རྒྱལ་བའི་དབང་པོ་རྣམས་ཀྱིས་ཡང་དག་གསུངས། །དཔའ་བོའ་རིམ་པ་ཕྱི་རོལ་མ་ཡིན་ཏེ། །ལུས་ཀྱི་སྲོག་ཟད་འདི་ལ་རབ་ཏུ་བརྗོད། །བདག་བྱིན་བརླབ་པའི་རིམ་པ་ཞེས་བྱ་བ། །ཁམས་གསུམ་པོ་ནི་སྟོང་པར་མཐོང་བའོ། །ཞེས་གསུངས་སོ། །མཆན། ཞེས་གསུངས་པས་རགས་ལུས་ལས་ལོགས་པར་དབྱེ་རུང་གི་སྒྱུ་ལུས་དེ་ཅི་ལྟ་བུ་ཞེ་ན། དེ་ཉིད་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་པས་རྩ་བའི་དཔེ་གསུམ་དང་། ཡན་ལག་གི་དཔེ་དགུ་ལས་དང་པོ་ནི། སྐད་ཅིག་ལ་འཆར་ཞིང་རྣམ་པ་གང་བསྒོམས་ཀྱི་རྣམ་པ་ཅན། ཚུལ་ཡན་ལག་དང་ཉིང་ལག་རྫོགས་པར་འཆར་བ་ནི་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང་། དེ་ཞི་བར་དཀར་པོ་ལ་སོགས་

p. 677

པ་འཕྲིན་ལས་དང་མཐུན་པའི་ཁ་དོག་གདུལ་བྱའི་འདོད་པ་ལྟར་རྒྱུད་ཡོངས་སུ་དག་པའི་སྣང་བ་ལ་འཆར་བས་ཁ་དོག་ནི་འཇའ་ལྟ་བུ་དང་། དཔེར་ན་ཆུ་ཟླ་དེ་ཆུ་ཡོད་སར་འཆར་ལ་མེད་སར་མི་འཆར་ཞིང་ཆུ་ཡོད་ས་ཐམས་ཅད་ལ་འཆར་བ་ལྟར་གང་བསྒོམས་པ་ལ་འཆར་ཞིང་མི་བསྒོམ་པ་ལ་མི་འཆར་ལ་བསྒོམ་པ་པོ་ཐམས་ཅད་ལ་འཆར་བས་ཁྱབ་པ་ཆུའི་ཟླ་བ་ལྟ་བུའོ། །གཉིས་པ་ནི། རྒྱུ་རྐྱེན་ཚོགས་པ་ལས་བྱུང་བས་སྒྱུ་མའི་མི་དང་། མི་གཟུགས་སུ་སྣང་ཡང་ཤ་རུས་མེད་པས་མིག་ཡོར་དང་། རླུང་སེམས་ཙམ་ལས་གྲུབ་པས་རྨི་ལམ་གྱི་ལུས་ལྟ་བུ་དང་། རྣམ་སྨིན་གྱི་ལུས་ལ་བརྟེན་ནས་སྒྲུབ་ཀྱང་དེ་ལས་གཞན་དུ་འཆར་བ་བྲག་ཆ་ལྟ་བུ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་པ་ཡོངས་རྫོོགས་སུ་གྲུབ་ཀྱང་ཐོགས་པ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། རྫོགས་པའི་སངས་རྒྱས་ཀྱི་སྐུ་གཅིག་ལས་དུ་མར་སྣང་བ་མིག་འཕྲུལ་ལྟ་བུ་དང་། རགས་ལུས་ལས་ལོགས་སུ་དབྱེར་རུང་བ་སྤྲིན་གསེབ་

p. 678

ཀྱི་གློག་ལྟ་བུ་དང་། ཐམས་ཅད་སྟོང་པ་ཆོས་སྐུ་འོད་གསལ་གྱི་ངང་ལས་འབྱུང་བས་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུ་དང་། སྐད་ཅིག་གིས་གཡོ་བ་སྨིག་རྒྱུ་ལྟ་བུ་རྣམས་ཀྱི་སྒོ་ནས་རྟོག་པར་བྱའོ། །འབྲས་བུའི་ཐེག་པའི་རྫོགས་རིམ་ཀྱི་སྒྱུ་ལུས་འདིའི་སྒྱུ་མ་དང་དཔེ་དོན་སྦྱོར་ཚུལ་གོང་དུ་བཤད་པ་དེ་ཉིད་ཡིན་ནམ་ཞེ་ན། སྒྱུ་མའི་སྐུའམ་ཀུན་རྫོབ་ཀྱི་བདེན་པ་རྒྱུ་རྐྱེན་ལས་སྐྱེས་པའི་བདེན་མེད་ཡིན་པར་མཐུན་ཀྱང་། སྒྱུ་མ་དེ་སྔགས་རྫས་ཀྱི་ནུས་པས་རྟ་གླང་གི་བྱ་བ་སྒྱུ་མས་བསླད་ངོར་དོན་བྱེད་ནུས་སྣང་འཛིན་གཉིས་ཀ་ལ་བསྐྱེད་ནུས་སུ་མི་བསླུ་བ་ལྟར་སྣང་དུ་རུང་བ་བཞིན་རླུང་སེམས་ལས་གྲུབ་པའི་སྐུ་འདི་ཐབས་ཤེས་ཁྱད་ཅན་གྱིས་སངས་རྒྱས་ཀྱི་གཟུགས་ཀྱི་སྒྱུ་འཕྲུལ་མི་ཤིགས་པའི་སྐུར་རྒྱུན་གཏུགས་པ་མེད་པར་རྟག་པར་གདུལ་བྱ་ལས་དག་པའི་ངོར་སྣང་དུ་རུང་བ་ལ་མི་བསླུ་བར་བདེན་པ་དེ་དང་འདྲའོ། །ཞེས་དཔེ་དོན་དུ་བྱེད་པ་ནི་ཁྱད་པར་རོ། །མདོར་ན་ཡེ་ཤེས་ཀྱི་སྐུ་ཅན་ཏི་ཕུ་པས། དཔེའི་སྒྱུ་ལུས་

p. 679

མེ་ལོང་ནང་གི་གཟུགས་བརྙན། དོན་གྱི་སྒྱུ་ལུས་དྲི་བྲལ་གྱི་ཕུང་ལྔ། སྒྱུ་ལུས་རང་གི་ངོ་བོ་དབྱངས་གསལ་གྱི་དག་པའི་མཚན་དཔེ། སྒྱུ་ལུས་ཀྱི་ཡོན་ཏན་རྟེན་དེ་ལ་བདུད་བཏུལ་ཏེ་མངོན་པར་བྱང་ཆུབ་ནས་ནམ་མཁའ་གནས་ཀྱི་བར་གནས་པར་བྱེད་པའོ། །ཞེས་གསུངས་སོ། །གཉིས་པ་ཉམས་སུ་བླང་བ་ལ། དངོས་དང་། སྤོགས་ཆོག་གཉིས་ལས་དང་པོ་ནི། རྐང་པ་རྡོར་སྐྱིལ་རྒལ་ཚིགས་དྲང་པོར་བསྲང་། མིག་གཉིས་མ་ཕྱེ་མ་བཙུམ་པར་རང་ལུགས་སུ་ཐད་ཀར་ཧྲིག་གེ་ལྟ། དབུགས་ཆེད་དུ་གཏད་པའི་དབྱུང་བརྔུབ་མེད་པར་ངག་གསུང་བ་ཡང་མ་ཡིན། མི་གསུང་བ་ཡང་མ་ཡིན། ལྕེ་མཆུ་མ་འབྱར་བ་རང་བཞིན་ལྷུན་གྲུབ་གྱི་རྡོར་བཟླས་རང་སར་བཞག །ལག་པ་མཉམ་གཞག་གི་ཕྱག་རྒྱ་མི་གཡོ་བ་སྟེ། མདོར་ན་རང་བཞིན་ལྷུན་གྱིས་གྲུབ་པའི་ལུས་རྣམ་པར་དབེན་པ་ཟུངས་ཐུབ་པ་མི་གཡོ་བ་རང་སོར་བཞག །དེའི་ངང་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་སེམས་རྣམ་པར་དབེན་པ་དུས་

p. 680

གསུམ་གྱི་སྤྲོས་པ་བཅད་ནས་ཡོད་པ་དང་མེད་པ་དང་སྟོང་པ་དང་མི་སྟོང་པར་ཡང་མི་སྒོམ། བསྒོམ་བྱ་སྒོམ་བྱེད་བ ལྟ་བྱ་ལྟ་བྱེད་དང་བྲལ་བའི་ངང་ལ་ཅིར་ཡང་མི་སེམས་པར་རང་གར་བཞག །དེའི་ངང་ལ་རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཀྱང་མཐུད་དུ་མི་གཞུག་པར་རྟོག་པ་ཁ་རྒྱུ་འོག་རྒྱུ་ཐམས་ཅད་བཅད་ལ་རྟོག་མེད་མ་ཡེངས་པར་བཟུང་། གལ་ཏེ་གཉིད་རྨུགས་ཀྱིས་བྱིང་ན་ལྟ་སྟངས་བཏོད་ཤེས་པ་ལ་ངར་བཏགས་ཏེ་རིག་པ་ཧུར་བཏོན་ལ་སྒོམ། རྒོད་ཅིང་འཕྲོ་ན་ལྟ་སྟངས་དང་རིག་པ་དཔངས་སྨད་ལ་ཞེ་གཏིང་ནས་ལྷོད་ཀྱིས་གློད་ལ་ཤེས་པ་འཛིན་མེད་དུ་བཞག །བྱིང་རྒོད་མེད་པར་ཆ་མཉམ་ན་བཅས་བཅོས་མེད་པར་བསྐྱང་། མཐོ་དམན་ཁད་མཉམ་ཞིང་རིག་པ་སྲང་ནས་བཏོན་ཏེ་བསྒོམས་པས། སྔ་ཐུན་ལ་ཉམས་བཟང་ཞིང་ཕྱི་ཐུན་ལ་ངན་པའམ། ཐུན་མགོ་ལ་ཉམས་བཟང་ཞིང་ཐུན་བཤམ་ལ་ངན་ན་ཆུ་ཟད་པའི་རྫིང་བཞིན་ཁམས་ཀྱི་ནུས་པ་གཏུགས་པ་ཡིན་པས་ཁམས་གསོ་ཞིང་གློད་ལ་བསྒོམ། སྔ་ཐུན་ལ་

p. 681

ངན་ཕྱི་ཐུན་ལ་བཟང་བ འམ། ཐུན་མགོ་ལ་ངན་ཐུན་བཤམ་ལ་བཟང་ན་རྫིང་གི་ཆུ་ཡུར་བས་མ་འདྲོངས་པ་ལྟར་སྦྱོར་བ་རྩོལ་བ་ཆུངས་པ་ཡིན་པས་རིག་པ་འཇུར་མིག་ནས་བཏོན་ལ་ཤེས་པ་དྲུངས་སུ་བཅུག་སྟེ་སྒོམ། མདོར་ན་གྲིམས་གློད་དྲགས་པའི་སྐྱོན་སྤངས་ཏེ། ཤེས་པ་རྣམ་རྟོག་གིས་མ་བསླད་གཉེན་པོས་མ་བཅོས་པར་རང་སོ་ལ་དྲུངས་སུ་གཞུག་གོ། །དེ་ལྟར་རང་སོར་བཞག་གིན་བླ་མ་ལ་ཕྱི་ནང་གསང་གསུམ་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ལྟོས་མེད་དུ་ཕུལ་ནས། ཆོས་སྐུའི་མོས་གུས་བཅོས་མིན་གྱིས་གསོལ་བ་བཏབ་ཅིང་། སྒོམ་རྒྱུ་རྡུལ་ཙམ་མེད་ཅིང་ཡེངས་སུ་སྐད་ཅིག་ཀྱང་མེད་པར་བསྒོམས་པས། རྡོ་རྗེའི་སློབ་དཔོན་མཆོད་བསྟོད་ཀྱིས་བསོད་ནམས་ཀྱི་ཚོགས་རྫོགས་པས་བྱིན་རླབས་ཀྱི་སྟོབས་ཀྱིས་སྒྲིབ་གཉིས་ཀྱི་མཚན་མ་རང་སར་ཞི་ནས་ཕྱག་རྒྱ་ཆེན་པོའ་ཡེ་ཤེས་མངོན་དུ་འཆར་བ་ཡིན་ཏེ། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ཞབས་ཀྱིས། ཟབ་ལམ་རྡོ་རྗེའི་

p. 682

རྣལ་འབྱོར་སྒོམ་པ་ན་ཨེ་ཝཾ་དབྱེར་མི་ཕྱེད་པའི་བདེ་སྟོང་གི་དབང་དོན་སྐྱོང་དགོས་པ་ལ། དེ་སྐྱོང་བ་ན་རྣམ་པར་རྟོག་པའི་ལྟ་སྒོམ་ནི་བློའི་དྲི་མ་ཡིན་པས་དེར་མི་རུང་བའི་ཕྱིར། མཆོག་གི་དང་པོའ་སངས་རྒྱས་ལས། །རྣམ་པར་རྟོག་པའི་སྒོམ་ལས་འདས། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང་། །རྟོག་པ་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་ཕབ་པ་ཡི་རང་བཞིན་ཏེ། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་ལ་ཕྱག་འཚལ། །ཞེས་འབྱུང་བས་སོ། །ཅེས་བཀའ་བསྩལ་ཏོ། །འདི་ལ་ཁ་ཅིག་ཅི་རྟོག་པ་ཐམས་ཅད་དང་བྲལ་བར་བྱས་ནས། སྒྱུ་ལུས་དང་འོད་གསལ་གྱི་རིམ་པའི་ཕྱག་ཆེན་སྒྲུབ་ན། བཀའ་བརྒྱུད་རིན་པོ་ཆེ་གོང་མ་དག་གི་གསུང་ལས། ཕྱག་རྒྱ་ཆེན་པོ་བསྒོམ་པ་ན། །རྣམ་རྟོག་གི་རང་ངོ་ལྟ་བ་ཡིན། །ཅེས་དང་། རྣམ་རྟོག་ཆོས་སྐུར་མ་ཤར་ན། །མི་རྟོག་སྒོམ་གྱིས་ག་ལ་ལང་། །ཞེས་གསུངས་པ་མ་ཡིན་ནམ་སྙམ་པ་འབྱུང་སྟེ། དེའི་ཕྱིར་ལུང་དེ་ཉིད་རྫོགས་པའི་སངས་རྒྱས་དབྱངས་ཅན་བཟང་པོའ་བཞེད་པ་ལྟར་བཀྲོལ་

p. 683

ན་འདི་ལྟ་བུ་འབྱུང་སྟེ། རྣམ་རྟོག་སྐྱེ་ཡུལ་གཞི་མེད་རྩ་བྲལ་དུ་རྟོགས་ནས་ཡུལ་ཅན་རྣམ་རྟོག་ཉིད་ཀྱི་རང་ངོ་མི་རྟོག་ཡེ་ཤེས་སུ་ཤར་བ་ལ་རྣམ་རྟོག་རང་ཞལ་ལྟ་བྱ་བ་ཡིན་གྱི། རྣམ་རྟོག་གི་ཡིན་ལུགས་ཀྱི་རང་ཞལ་མི་རྟོག་ཡེ་ཤེས་ཡིན་གྱི། གཟུང་འཛིན་གྱི་རྟོག་པའི་རང་ངོ་མི་རྟོག་ཡེ་ཤེས་ག་ལ་ཡིན། དེ་ལྟ་བུའི་རྣམ་རྟོག་གི་རང་ཞལ་མི་རྟོག་ཡེ་ཤེས་སུ་མཇལ་བ་ན། མི་རྟོག་ཡེ་ཤེས་ཀྱིས་ཚོགས་བསགས་པས་ཆོས་སྐུ་མྱུར་དུ་ཐོབ་པར་བྱེད་པས་རྣམ་རྟོག་ཆོས་སྐུར་ཤར་བྱ་བ་ཡིན་མོད། རྣམ་རྟོག་དེ་ཀ་ཆོས་སྐུ་དང་སྒོམ་གྱི་མཐིལ་ཡིན་ན། རྣམ་རྟོག་ལ་སླར་ནན་ཏན་དུ་བྱས་ནས་སྒོམ་དགོས་པའང་མ་ཡིན་ཏེ། རང་རེ་ལ་མ་རིག་པའི་རྒྱ་མཚོར་རྣམ་རྟོག་གི་རྦ་རླབས་ཉིན་མཚན་ཁོར་ཡུག་ཏུ་སྐད་ཅིག་ཀྱང་བར་མ་ཆད་པར་མྱོང་བ་མངོན་སུམ་པ་འདི་ཡིན་པས་སོ། །མཆན། དེ་ལྟར་དོན་དམ་པའི་བདེན་པ་ཕྱག་རྒྱ་ཆེན་པོ་ལ་དམིགས་ཏེ་བསྒོམས་པས། སེམས་ཟིན་པས་རླུང་ཟིན་དེ་ལས་ཉམས་སྐྱེ་སྟེ། ས་ཆུ་ལ་ཐིམ་པས་སྨིག་སྒྱུ་ལྟ་བུ་འོད་ཟེར་ལྔ་དང་ལྡན་པ་སྔོ་མེར་མེར་བ་དང་། སྔོ་ཧྲིབ་ཧྲིབ་པ་དང་། ཆུ་གཡོ་བའི་རྣམ་པ་ལྟ་བུ་འབྱུང་། ཆུ་མེ་

p. 684

ལ་ཐིམ་པས་དུ་བ་ལྟ་བུ་འཕྱུར་བ་དང་། དུ་ཐང་ཆགས་པ་ལྟ་བུ་འབྱུང་། མེ་རླུང་ལ་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཙེག་ཙེག་པ་དང་། དམར་ཕྲ་ཕྲ་འབྱུང་། རླུང་སེམས་ལ་ཐིམ་པའི་རྟགས་སུ་མར་མེ་ལྟ་བུ་འབྱུང་། སེམས་སེམས་བྱུང་ལ་ཐིམ་པའི་དུས་སུ་ཟླ་བའི་སྣང་བ་ལྟ་བུ། སེམས་བྱུང་མ་རིག་པ་ལ་ཐིམ་པའི་དུས་སུ་ཉི་མ་ལྟ་བུ། མ་རིག་པ་ཐམས་ཅད་སྟོང་པར་ཐིམ་པའི་དུས་སུ་སྒྲ་གཅན་ནམ་མུན་ནག་གི་སྣང་བ་ལྟ་བུ། དེའི་རྗེས་སུ་ཐམས་ཅད་སྟོང་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ། དེ་ནས་སྣང་གསུམ་ལུགས་ཟློག་ཏུ་འཆར་ཏེ། ཐམས་ཅད་སྟོང་པ་ལས་མ་རིག་པ། དེ་ལས་སེམས་བྱུང་། དེ་ལས་སེམས། སེམས་གསུམ་རླུང་དང་བཅས་པ་ལས་སྒྱུ་མ་ལྟ་བུའི་སྐུ་མཚན་དཔེས་བརྒྱན་པ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པར་བྱས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོར་མངོན་སུམ་དུ་འཆར་ལ། དེར་མ་ཟད་དུས་གསུམ་གྱི་བརྟན་གཡོ་དག་པའི་སྣང་བ་དང་མ་དག་པ་ཁམས་གསུམ་པ་ཐམས་ཅད་

p. 685

ཀྱང་སྒྲིབ་པ་དང་བྲལ་བར་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་མཐོང་བ་སྙམ་བྱེད་པ་སྟེ། འདི་ལ་ཡང་བློའི་བྱེ་བྲག་གིས་རིམ་གྱིས་པ་དང་། ཐོད་རྒལ་བ་དང་། ཅིག་ཅར་བ་ཅི་རིགས་སུ་འབྱུང་བར་གསུངས་སོ། །འདི་ནི་དབེན་གསུམ་རང་སོར་བཞག་པ་ལས་སྐྱེས་པའི་སྒྱུ་ལུས་སྒོམ་ཚུལ་མདོ་ཙམ་བསྟན་པ་ཡིན་ལ། གཞན་ཡང་ཕྱི་ནང་གི་ཕྱག་རྒྱ་ལས་སྐྱེས་པའི་སྒྱུ་ལུས་སྒོམ་ཚུལ་དཔལ་རྡོ་རྗེ་དབྱངས་ཅན་འཇིགས་པ་དང་བྲལ་བའི་ཞབས་ཀྱི་གསུང་རབ་རྣམས་ལས་བཤད་པ་ཁོ་བོའི་བློ་ལ་གསལ་མོད་ཀྱི། འོན་ཀྱང་རེ་ཞིག་མངས་ཀྱིས་དོགས་པ་དང་འདི་ཙམ་གྱིས་ཀྱང་དོན་འགྲུབ་པར་གསུངས་པས་མ་སྤྲོས་སོ། །གཉིས་པ་ནི། དེ་ལྟར་བསྒོམས་ཀྱང་ཉམས་རྟགས་ཆེར་མ་བྱུང་ཞིང་ཁྱད་པར་སྟོང་པའི་ངང་ལས་སྒྱུ་ལུས་ཀྱི་སྐུ་འབྱུང་དུ་མི་རུང་ངམ་སྙམ་པའི་ཐེ་ཚོམ་སེལ་བའི་སླད་དུ་ཕྱི་ནང་གི་རྟེན་འབྲེལ་ལས་དེར་ཡིད་ཆེས་སུ་འཇུག་པ་ནི། རྗེ་བཙུན་དམ་པ་དབྱངས་ཅན་བཟང་པོས་ཉེ་བར་སྩལ་

p. 686

བའི་རླུང་སེམས་དབྱེར་མེད་ལས། མུན་ཁང་དུ་ཞལ་ཞལ་བྱས་ནས་ཤར་ནུབ་ཏུ་དཀར་ཁུང་གཏོད། མདུན་དུ་རྒྱ་སྐྱེགས་ཀྱི་ཆུ། སྟེང་ན་རལ་གྲི། རྒྱབ་དུ་མེ་ལོང་གི་འོད་ལ་ཡི་དམ་གྱི་ཐང་སྐུ་བཀྲམ། མེ་ལོང་ལ་གཟུགས་མཐོང་བར་བྱ། མདུན་དུ་ཡང་མེ་ལོང་བཞག་ནས། མེ་ལོང་ནང་གི་གཟུགས་བརྙན་གྱི་ཐུགས་ཀར་སེམས་རྩེ་གཅིག་ཏུ་དྲིལ་ནས་བཞག་པས། དང་པོ་མེ་ལོང་དུ་གཟུགས་བརྙན་ལོགས་སུ་མཆེད་པ་ལྟར་སྣང་བ། སྣང་བ་མཆེད་པའི་ཡེ་ཤེས་དང་མཚུངས། དེ་ནས་གཟིར་ཏེ་ལྟས་པས་མིག་ཤེད་ཆད་པས་མི་གསལ་བ་ནག་ཐིབ་སྟེ་འོང་བས་ཉེར་ཐོབ་ཀྱི་ཡེ་ཤེས་དང་མཚུངས། དེ་ནས་ནམ་མཁའ་ལ་ལྟས་པས་སྣང་བ་ཅི་ཡང་མེད་པས་འོད་གསལ་བས་འོད་གསལ་དུ་མཚུངས་སོ་སྙམ་དུ་ངེས་པར་བྱས་ནས། སླར་སྔགས་ཀྱི་གདམས་པ་ལ་ནན་ཏན་དུ་བྱེད་པ་ནི་བསྐྱེད་རིམ་སྔགས་ཀྱི་སྐུ་དང་རྫོགས་རིམ་ཡེ་ཤེས་ཀྱི་སྐུ་གཉིས་ཀ་ཡིད་ལ་གསལ་འདེབས་བྱེད་ཅིང་། ལྷག་པའི་ལྷ་ལ་མོས་པ་འཕེལ་

p. 687

ཞིང་སྤྲོ་བ་སྐྱེད་བྱེད་ཀྱི་ཐབས་ཁྱད་པར་ཅན་ཡིན་ཅེས་གསུངས་ལ། དེ་ཙམ་མ་གྲུབ་ན་རྒྱབ་དུ་ཡི་དམ་གྱི་ཐང་སྐུ་བཀྲམ་པའི་གཟུགས་བརྙན་མདུན་གྱི་མེ་ལོང་གི་ནང་དུ་འཆར་བཅུག་པ་ལ་བལྟས་ཏེ་བསྒོམས་པས་ཀྱང་གྲུབ་པར་གསུངས་སོ། །དེ་ལྟར་རྣམ་ཤེས་ཀྱི་ཚོགས་འོད་གསལ་རིམ་གྱི་འགྲོས་བཞིའི་མཐར་རྟོགས་པའི་སྟོང་ཆེན་ནམ། གཏུམ་མོའ་སྟོབས་ཀྱིས་ལྷན་སྐྱེས་ཀྱི་ཡེ་ཤེས་དགའ་བཞིའི་མཐར་ཟིན་པའི་རྒྱུ་ལས་རྣམ་སྨིན་དང་བྲལ་བའི་དཔལ་རྡོ་རྗེ་སེམས་དཔའ་མཚན་དཔེའི་བདག་ཉིད་དུ་སྣང་བ་སློབ་པའི་སྐབས་སུ་རྣལ་འབྱོར་པའི་རྒྱུད་ལ་ལྕགས་ལ་གསེར་འགྱུར་ཐེབས་ཁར་སོང་བ་ལྟར། རྣམ་སྨིན་གྱི་ཕུང་པོས་གོ་མ་བཀག་པའི་ཚུལ་དུ་གྲུབ་ཅིང་མི་སློབ་པའི་སྐབས་སུ་རྣལ་འབྱོར་པའི་རྒྱུད་ཐམས་ཅད་ལས་འདས་ཏེ། དཔལ་དུས་ཀྱི་འཁོར་ལོར། སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་ཞེས་པའི་ཐུགས་གསུང་སྐུ་དང་བཅས་པ་ཞེས་འབྱུང་ལ། མདོར་ན་རྡོ་རྗེ་ཐེག་པ་བླ་ན་མེད་པའི་

p. 688

ལུགས་ཀྱིས་ཚེ་གཅིག་ལ་འཚང་རྒྱ་བའི་གཟུགས་ཀྱི་སྐུ་སྒྲུབ་པ་ལ་སྒྱུ་ལུས་ཀྱི་རིམ་པ་འདི་མེད་ན་རྫོགས་བྱང་མི་ཐོབ་པ་ཡིན་ཏེ། འཕགས་པ་ལྷའི་ཞབས་ཀྱི་སྤྱོད་པ་བསྡུས་པའི་སྒྲོན་མར། རྟེན་པའི་ལུས་མེད་པར་སེམས་ཀྱི་རང་བཞིན་མེད་ལ། སེམས་མེད་པར་ཡང་ལུས་དམིགས་སུ་མེད་དོ། །ཞེས་ལུང་གི་ཚིག་ལས་གསུངས་ན། ཇི་ལྟར་ན། སེམས་འབའ་ཞིག་ཙམ་གྱིས་ཕྱག་དང་ཞབས་ལ་སོགས་པ་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུ་རྫོགས་པར་འགྱུར། དམིགས་པའི་ལྟ་བ་ཅན་རྣམས་ནི་ལུང་དང་རྟོགས་པ་མེད་པར་ཡིད་ཆེས་པར་མི་འགྱུར་རོ། །དེ་བས་ན་དེ་རྣམས་དམིགས་སུ་མེད་པའི་ལྷའི་དེ་ཁོ་ན་ཉིད་བདེ་བླག་ཏུ་མངོན་སུམ་དུ་བྱ་བའི་ཐབས་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། ཞེས་དྲིས་པ་ལ་དེའི་ལན་དུ། གང་མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་དང་། བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་

p. 689

དང་། གཟུགས་བརྙན་ལྟ་བུ་ཞེས་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང་དེ་རྣམས་དཔེས་བདག་ལ་བྱིན་གྱིས་བརླབས་པའི་མན་ངག་ཡེ་ཤེས་ཙམ་གྱི་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་བ་ཤེས་པར་མི་འགྱུར་རོ། །དེ་བས་ན་ངས་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་སེམས་དཔའ་རྫོགས་པར་འགྱུར་བའི་རྒྱུ་དང་རྐྱེན་ཁྱོད་ལ་ཁོང་དུ་ཆུད་པར་བྱའོ། །ཞེས་དང་། འཕགས་པ་ཀླུའི་བློས། བསྐལ་པ་མཐའ་ཡས་རྣམས་སུ་ཡང་། །མགོ་དང་རིན་ཆེན་སོགས་བྱིན་ཀྱང་། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང་། །དེ་བཞིན་ཚུལ་ཁྲིམས་བཟོད་སོགས་ཀྱིས། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང་། །སྔགས་ཀྱི་སྐུ་ཡི་ཏིང་འཛིན་གྱིས། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །སྣང་བ་གསུམ་པོ་དག་པ་ནི། །ཐམས་

p. 690

ཅད་མཁྱེན་ཉིད་ཐེ་ཚོམ་མེད། །བླ་མ་བརྒྱུད་པའི་རིམ་ཉིད་ཀྱིས། །དེ་ནི་ཐོབ་འགྱུར་གཞན་དུ་མིན། །ཅེས་པས་རྣམ་ཤེས་ཀྱི་སྣང་གསུམ་ཡེ་ཤེས་ཀྱིས་ལེགས་པར་སྦྱངས་ཏེ། འོད་གསལ་བར་གྱུར་པ་ལས་དེའི་བཞོན་པར་གྱུར་པའི་རྒྱུ་ལྷན་ཅིག་སྐྱེས་པའི་རླུང་སེམས་ལས་གཟུགས་ཀྱི་སྐུ་སྒྱུ་མའི་ལུས་འདི་མ་གྲུབ་ན། རྫོགས་སངས་མཐར་ཐུག་པ་ཡང་མེད་པར་བསྟན་པ་ཡིན་ནོ། །འདིར་རྗེ་ལོ་ཙ་བ་ཆེན་པོའི་བཞེད་པས། སྐྱེས་པ་ལྷན་སྐྱེས་སྒྱུ་མའི་ལུས། །གནས་པ་སྣང་གྲགས་སྒྱུ་མའི་ལུས། །སྣང་སྲིད་སྒྱུ་མར་ཤེས་པ་དེ། །གཟུང་དང་འཛིན་པའི་འཆིང་བ་ཞིག །བར་དོ་གསུམ་ལས་རང་གྲོལ་བྱེད། །ཅེས་བར་དོ་གསུམ་དུ་སྒྱུ་མ་གསུམ་གྱི་རྣམ་གཞག་མཛད་པ་ལས། ཉིན་སྣང་གསལ་བྱེད་སྒྱུ་ལུས་ཆོས་བརྒྱད་གྲོལ་བ་ཞེས་སྨོས་པའི་རིམ་པ་འདི་ནི་སྒྱུ་མ་དང་པོ་སྟེ། བཀའ་དཔེར། འདི་ལ་བཞི། ལུས་ནི་རྣམ་པར་སྨིན་པའི་ལུས། བསྲེ་བ་ནི་སྒྱུ་མར་བསྲེ། བར་དོ་ནི་སྐྱེ་ཤི་བར་དོ། སྒྱུ་མ་ནི་དང་པོ་ཉིན་པར་གྱི་

p. 691

དུས་སུ་བསྒོམ་པའོ། །རྗེ་ནཱ་རོ་པཎ་ཆེན་གྱི་སྒྱུ་མ་དང་པོའི་གདམས་ངག་གོ། །ཅེས་གསུངས་སོ། །འདིར་སྨྲས་པ། ཟླ་མེད་སྟོན་པ་ཤཱཀྱའི་བསྟན་པ་ལས། །གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་ཚུལ། །རྒྱ་ཆེར་འབྱེད་པའི་ཤིན་རྟར་འབོད་བྱེད་པ། །མར་པ་ལོ་ཙ་དེ་ཡི་བཞེད་པ་ལྟར། །སྒྱུ་ལུས་རྣམ་བཤད་མེ་ཤེལ་ནོར་བུའི་འོད། །སྐལ་བཟང་གདུལ་བྱའི་པད་མཚོར་དེང་ཤར་གྱི། །གཏི་མུག་མུན་པས་རིང་དུ་སྐྱངས་པ་ཡི། །སྨྲ་ངན་འུག་པའི་ཀུ་ཅོ་ཞི་གྱུར་ཅིག །ཅེས་སོ། །གསུམ་པ་མཚན་སྣང་གསལ་བྱེད་རྨི་ལམ་འཁྲུལ་བ་རང་སངས་ཀྱི་གདམས་པ་ལ། གོ་བར་བྱ་བ་དང་། ཉམས་སུ་ལེན་པ་གཉིས་ལས། དང་པོ་ནི། རྨི་ལམ་གྱི་རྒྱུ་མཚན་དང་བྱེད་པ་ཇི་ལྟར་ཡིན་པ་བཤད་པའི་ཕྱིར་བརྗོད་དེ། དེ་ཡང་སྤྱོད་པ་བསྡུས་པའི་སྒྲོན་མ་ལས། ཅིའི་ཕྱིར་ཡུན་རིང་པོར་གཉིད་ལོག་ནས་ཅིའི་ཕྱིར་ལུས་ཀྱི་ཁོག་པ་བོར་ཏེ། རྨི་ལམ་དུ་སུམ་ཅུ་རྩ་གསུམ་གྱི་གནས་སམ་ཡུལ་ཕྱོགས་གཞན་དག་ཏུ་སོང་ནས་འདོད་པའི་

p. 692

ཡོན་ཏན་ལྔ་ཉམས་སུ་མྱོང་སྟེ། ཡང་ལུས་འདིར་འོངས་ནས་ཅིའི་ཕྱིར་རྨི་ལམ་དགེ་བ་དང་མི་དགེ་བ་མཐོང་བའི་འབྲས་བུ་ཐོབ་པར་འགྱུར། དེ་བཞིན་དུ་གཉིད་ལོག་པ འམ་མ་ལོག་པའི་གནས་སྐབས་དག་ན། ཅི་ཐ་དད་པར་མཆིའམ་འོན་ཏེ་མ་མཆིས། ཞེས་དྲི་བ་གསུངས་ཏེ། དེ་ཡང་ཅིའི་ཕྱིར་ཞེས་སོགས་ནི་རྨི་ལམ་མ་ཤར་བའི་གཉིད་ཡུན་རིང་བའི་རྒྱུ་དང་། ཡང་ཅིའི་ཕྱིར་ལུས་ཀྱི་ཁོག་པ་བོར་ཏེ་ཞེས་སོགས་ནི་གཉིད་ལོག་པའི་རྗེས་སུ་རྨི་ལམ་ཤར་བ་ན་ཕུང་ཁོག་སྔར་ཡོད་ལས་རྨི་ལམ་གྱི་ལུས་ལོགས་སུ་ཕྱེ་ནས་ཡུལ་ཕྱོགས་གཞན་དུ་སོང་སྟེ་ཡང་ཕུང་ཁོག་སྔ་མ་འདིར་འོངས་པ་དེ་ཅིའི་ཕྱིར་འོང་ཞེས་སླར་དེ་ལ་འཇུག་པའི་རྒྱུ་དང་། ཅིའི་ཕྱིར་རྨི་ལམ་དགེ་བ་དང་ཞེས་སོགས་ཀྱིས་རྨི་ལམ་གྱི་ལྟས་བཟང་ངན་གྱི་འབྲས་བུ་སད་དུས་སུ་མྱོང་བའི་རྒྱུ་ཅི་ཡིན་པ་དང་། དེ་བཞིན་དུ་ཞེས་སོགས་ནི་རྨི་ལམ་རྫུན་ལ་སད་སྣང་བདེན་པའི་ཁྱད་པར་ཡོད་མེད་དེ། དེ་རྣམས་དྲིས་པའི་ལན་དུ། དེ་ཉིད་ལས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་

p. 693

པ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །ཐོག་མ་མེད་པའི་རང་བཞིན་ཅན་གྱི་ལུས་ལ་དངོས་པོར་ལྟས་ནས་འཛིན་པ་རྣམས་ཀྱི་ཐེ་ཚོམ་བསལ་བར་བྱ་བའི་ཕྱིར་དང་། བདག་ལ་བྱིན་གྱིས་བརླབས་པ་བཤད་པ་རྣམ་པར་གསལ་བར་བྱ་བའི་ཕྱིར་རྨི་ལམ་གྱི་མཚན་ཉིད་འདི་རྣམས་འདྲི་བར་བྱེད་པ་ལེགས་སོ་ལེགས་སོ། །དེ་བས་ན་རྨི་ལམ་གྱི་སྒོ་ནས་གཟུགས་བརྙན་དུ་བཤད་པའི་ལྷའི་སྐུ་ཐམས་ཅད་ཀྱི་སོ་སོ་རང་རིག་པར་འགྱུར་ལ། རྒྱུད་དང་མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲངས་ནས་རབ་ཏུ་རྟོགས་པར་བྱ་བའི་སེམས་རྩེ་གཅིག་པའི་སེམས་ཀྱིས་ཉོན་ཅིག །ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་རྣམས། །ཤེས་པ་གཉིས་ལ་དེ་འདིར་རབ་འདུས་ནས། །སྟོང་ཆེན་གྱུར་པས་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་པ་བྱེ་བྲག་གཞན་མེད་པས། །ཀུན་ཏུ་རྟོག་པས་རྨི་ལམ་འབྲས་འདོད་ལ། །འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང་། །

p. 694

ས་འཐུག་གྱུར་པ་རབ་ཏུ་རིང་གཉིད་ལོག །འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་རླུང་གིས་སླར་ཡང་འཇུག་པར་འགྱུར། །འབྲས་བུ་སྨིན་པར་འགྱུར་ན་རླུང་འདི་ཉིད། །འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོ་འགྱུར། །ཇི་ལྟར་ཕྱོགས་བཅུ་བཞུགས་པའི་རྒྱལ་དབང་པོ། །འདིའི་སྐུ་ལ་རྐང་རུས་ཤ་མེད་ཀྱང་། །སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང་། །སྤྲུལ་པའི་སྐུ་ཡི་བྱ་བ་མཛད་པ་ཡིན། །རིམ་པ་འདི་བཞིན་གཉིད་ལོག་སད་པའི་སེམས། །འབྲས་བུ་འདོད་པའི་རྣམ་རྟོག་དྲ་བ་ཅན། །དེ་བས་ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །བདེན་དང་རྫུན་པ་དག་ཀྱང་ཡོད་མ་ཡིན། །ཞེས་གསུངས་པའི་དོན་ནི་ཐོག་མེད་གཉུག་མའི་རང་བཞིན་གྱི་ལུས་ལ་བག་ཆགས་ཀྱིས་ཐག་ཁྲ་ལ་སྦྲུལ་ལྟར་ཤ་ཁྲག་སོགས་ཀྱི་དངོས་པོར་ལྟས་ནས་གཉུག་མའི་ལུས་མ་རྟོགས་པ་རྣམས་ཀྱི་ཐེ་ཚོམ་བསལ་བ་དང་། བདག་བྱིན་རླབས་བཤད་པ་དཔེའི་སྒྱུ་ལུས་རྨི་ལམ་གྱི་སྒོ་ནས་གསལ་བར་བྱ་བའི་ཕྱིར་འདི་འདྲི་བ་ལེགས་

p. 695

སོ། །དེ་ཡང་ཅིའི་ཕྱིར་ལེགས་ན་སྒྱུ་ལུས་ཀྱི་དཔེ་གཞན་རྣམས་ནི་དོན་ལ་སྦྱོར་བ་ཙམ་དུ་ཟད་ཀྱི་ལམ་དུ་མི་སྦྱོར་ལ། དཔེ་འདི་ཉིད་ཀྱིས་ནི་དོན་དུ་གྱུར་པའི་ལམ་ཉིད་དུ་བྱར་ཡོད་པ་ཡིན་པས་སོ། །དེའང་རྨི་ལམ་གྱི་མན་ངག་སྒོམ་པའི་སྒོ་ནས་གཟུགས་བརྙན་ལྟར་བཤད་པའ་གཉུག་མའི་ལྷའི་སྐུ་རྣལ་འབྱོར་པ་རང་ལ་ཐུན་མོང་མིན་པར་ཤར་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྐུ་དེ་སོ་སོ་རང་རིག་པའི་ཡེ་ཤེས་ལ་གསལ་བར་འགྱུར་ལ། དེ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་པས་མདོ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་བས་བཤད་ཀྱིས་ཉོན་ཅིག །ཅེས་མཚམས་སྦྱར་ནས་ལན་དངོས་ནི། ཕུང་པོ་ཁམས་དང་ཞེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་དྲུག་གིས་བསྟན་ཏེ། དེ་ཡང་དབང་པོ་ཡུལ་བཅས་ཀྱི་འཇུག་པ་བསྡུས་པས་ཕུང་ཁམས་སྐྱེ་མཆེད་རྣམས་སྣང་མཆེད་ཀྱི་ཤེས་པ་གཉིས་ལ་བསྡུས་ཏེ། མ་རིག་པའི་རླུང་གིས་ཡིད་ཀྱི་རྣམ་ཤེས་སྲོག་རྩའི་ནང་གི་གཉིད་སྟུག་གི་ཐིག་

p. 696

ལེ་ནག་པོ་ལ་འདྲེས་པར་བྱས་པ་ན། ཡིད་བརྒྱལ་ནས་སྟོང་ཆེན་དུ་གཉིད་ལོག་པར་འགྱུར་ལ། ཡུན་རིང་དུ་གཉིད་དུ་འགྲོ་བ་ནི་སྲོག་རྩའི་སྙིང་གའི་ས་རླུང་གི་རྩར་རླུང་སེམས་འདུས་པ་ཡིན་ལ། སྲོག་རྩའི་སྙིང་གའི་ཐད་དུ་འབྱུང་བ་ལྔ་གའི་རྩ་རླུང་ཡོད་ཅིང་ལྷག་པར་ནམ་མཁའི་ཁམས་ལྔ་བརྟེན་པའི་རྩ་རླུང་ཡོད་པས་དེར་རླུང་སེམས་འདུས་ན། རྣམ་པར་དག་པའི་སྒྲིབ་བྲལ་གྱི་དཀར་སེར་ནག་དམར་ལྗང་གུའི་ཁ་དོག་ལྔ་འཆར་བ་དང་། མཆོག་གི་དབུ་མར་རླུང་སེམས་ཐིམ་པས་རྒྱུ་དུས་ཀྱི་འོད་གསལ་ལམ་དུས་ཀྱི་འོད་གསལ་གྱི་ངོ་བོར་སྐྱེ་བའི་སྣང་བ་རྣམ་དག་རྒྱལ་བ་རིགས་ལྔའི་ཁ་དོག་དང་རིགས་དྲུག་པའི་རང་མདངས་སུ་ཤར་བ་རྣམས་གནད་མི་གཅིག་པར་གསུངས་ཤིང་། ལྷག་པར་གཉིད་དུས་སུ་མགྲིན་པའི་སྟོང་པ་བཞིའི་རྩར་རླུང་སེམས་འདུས་པས་གཉིད་ཉམས་ལ་ནམ་མཁའ་སྔོ་སྐྱ་ཤིན་ཏུ་གསལ་བ་ལ་རྒྱང་རིང་པོའི་གཟུགས་སྒྲ་སོགས་ཀྱང་མཐོང་སྙམ་བྱེད་པ་འདི་ལ་ཁ་ཅིག་སྲབ་མོའ་འོད་གསལ་དུ་ངོས་འཛིན་པར་བྱེད་པ་ཡང་། ཡང་དག་པར་སྨྲ་བ་མ་ཡིན་པར་གསུངས་སོ། །མཆན། དེ་ནས་མཆོག་གི་རྩ་དབུ་མའི་ཆ་ཤས་དང་ཉེ་བ་ན་ཡིད་

p. 697

རླུང་འདུས་པས་གཞི་དུས་ཀྱི་འོད་གསལ་ཕྲ་མོ་ལ་འཇུག་པ་ནི་འོད་གསལ་ལ ་ཐིམ་པ་ཡིན་ཀྱང་། ཕལ་པ་ལ་རང་རིག་དྲན་པ་བསྐྱེད་ནུས་ཀྱི་ཉམས་སུ་མི་མྱོང་ལ། འགྲོ་བ་རྣམས་ཉིན་མཚན་དུ་ས་ཁམས་འཐུག་པའི་རླུང་དབང་གིས་གཉིད་རིང་བར་ལོག་ཅིང་དེ་ནས་སྲོག་རྩའི་རླུང་སྙིང་གའི་རླུང་མེ་ཆུའི་རྩར་རླུང་སེམས་འདུས་ན། རླུང་གཡོ་བའི་ཤུགས་ཆེ་བས་རྨི་ལམ་མཐོང་བར་འགྱུར་ཏེ། དེའི་ཚེ་རླུང་དང་རྣམ་རྟོག་དབྱེར་མེད་དུ་ལྡང་བས་སད་མ་སད་ཀྱི་བྱེ་བྲག་མེད་པར་འཁྲུལ་ཏེ། རྣམ་རྟོག་གི་སྒྱུ་མ་རྨི་ལམ་གྱི་སྣང་བའི་འབྲས་བུ་ཡང་དེ་ལྟར་དུ་འཆར་རོ། །དེ་ལྟར་གཉིད་དང་ལྡན་བཞིན་པའི་རྟོག་པ་ཡིད་རླུང་དེ་གཙོ་བོར་མགྲིན་པའི་རྩ་འཁོར་དང་། གཞན་ཡང་བད་མཁྲིས་རླུང་གསུམ་ལྡན་པའི་རྩ་གནས་ཕྲ་རགས་ཅི་རིགས་སུ་བགྲོད་པ་ན། རིགས་དྲུག་གི་སྣང་བ་རྨི་བ་སོགས་འབྱུང་ལ། ཡིད་རླུང་དབྱེར་མེད་དེ་ལ་ལུས་སྣང་གི་རྣམ་པ་ཞིག་ཀྱང་དེར་འཆར་བ་ཡིན་ནོ། །དེ་ཡིད་ལུས་ལས་རགས་ལུས་

p. 698

སུ་འཇུག་པའི་རྒྱུ་ནི། ཚེ་སྔ་མའི་ལས་རྣམས་ཀྱིས་འཕངས་པའི་ཕུང་ཁོག་སྔར་ཡོད་འབྲས་བུ་མ་སྨིན་པའམ་མ་གཏུགས་པའི་སྐབས་སུ་ནི་སྲོག་རྩའི་ནང་གི་རླུང་སེམས་ཕྱིར་བྱུང་ནས་སྐྱེ་བ་འདིའི་དབང་པོ་ཕྱི་རོལ་གྱི་ཡུལ་ལ་སླར་ཡེངས་སུ་འཇུག་པར་འགྱུར་ལ། སྔོན་ལས་ཀྱི་འབྲས་བུ་སྨིན་པའམ་རྫོགས་པར་གྱུར་ན་རླུང་སེམས་དེ་ཉིད་འཇིག་རྟེན་གྱི་འཆི་བ་འོད་གསལ་དུ་ཞུགས་ཏེ། ལུས་འདི་ལས་གཞན་དུ་མྱུར་དུ་འགྲོ་བར་འགྱུར་རོ། །ཡིད་ལུས་ཕུང་ཁོག་སྔར་ཡོད་ལ་འཇུག་པའི་དཔེ་ནི། རྒྱལ་བའི་ལོངས་སྐུ་ཤ་ཁྲག་སོགས་མེད་པའི་དངས་མ་ཡིན་ཀྱང་། སེམས་ཅན་ལ་ཕན་པའི་ཕྱིར་ཁམས་རགས་པ་ལ་ཞུགས་ནས་སྤྲུལ་སྐུ་འཛིན་པ་བཞིན་རྨི་ལམ་གྱི་ལུས་ཕྲ་བ་ཡང་ལུས་རགས་པ་འདི་ལ་འཇུག་པ་ཡིན་ནོ། །དེས་ན་གཉིད་ལོག་པའི་དུས་ཀྱི་ཡིད་རླུང་ལ་རྨི་ལམ་དུ་དགེ་མི་དགེ་འབྱུང་བ་དེ་ཉིད་ཀྱི་རིམ་པས་སད་དུས་འབྱུང་བ་ཡང་རྨི་ལམ་གྱི་ལུས་ཕུང་ཁོག་སྔར་ཡོད་ཀྱི་ལུས་ལ་འཇུག་པས་རྒྱུད་

p. 699

གཅིག་ཏུ་རྟོགས་པའི་ཕྱིར་མྱོང་འགྱུར་གྱི་ལས་འབྲས་ལ་སོགས་པའི་བདེ་སྡུག་གི་མཚན་ལྟས་དང་པོར་རྨི་ལམ་དུ་འབྱུང་བ་དང་། རང་དང་ལས་ཐུན་མོང་དུ་བསགས་པ་འགའ་ཞིག་ལ་དགེའམ་མི་དགེ་བའི་མཚན་མ་གསལ་པོའང་རྨི་ལམ་དུ་འཆར་བ་ནི། ཆར་འབབ་པ་ན་ཉ་འཕར་བ་ལྟ་བུ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པ་ལས། རྨི་ལམ་གྱི་མཚན་མས་རང་གཞན་ལ་ལེགས་ཉེས་འབྱུང་བ་རྟོགས་པ་ཙམ་གྱིས་སྐྱེས་བུ་དམ་པར་འགྱུར་བ་ནི་མ་ཡིན་ནོ། །རྨི་ལམ་དུའང་ཡུལ་ལ་བླང་དོར་ཀྱི་ཆགས་སྡང་དང་དད་སོགས་བསགས་ནས་དགེ་མི་དགེའི་འབྲས་བུ་འདོད་པའི་རྣམ་རྟོག་གི་དྲ་བ་ཅན་དེ་ནི་རྨི་ལམ་གྱི་ལས་ལ་བདེན་འཛིན་ཡོད་པས་རྒྱུ་དེ་མཐུན་གྱི་འབྲས་བུའང་མྱོང་བར་འགྱུར་ལ། དེའང་ཐེག་དམན་གྱི་འདུལ་བར། རྨི་ལམ་དུ་མི་དགེ་བའི་ལས་བྱས་ཀྱང་སྦྱོར་བ་མཚན་ཉིད་པ་མེད་པས་འབྲས་བུ་མི་འབྱིན་ཏེ། རྨི་ལམ་ནི་མ་བྱས་པ་ཉིད་དང་འདྲའོ་ཞེས་འབྱུང་བ་ནི། ཕྱི་རོལ་ན་ཡུལ་རྫས་གྲུབ་དུ་ཡོད་

p. 700

པའི་དབང་དུ་བྱས་ཀྱི། ཐེག་ཆེན་གྱི་ལུགས་འདིར་ནི་ལས་དང་འབྲས་བུ་ལ་སོགས་པའི་ཆོས་ཐམས་ཅད་རང་གི་སེམས་སྣང་ཙམ་ལས་གཞན་དུ་མེད་པས། དེར་བདེན་པར་འཛིན་པའི་ལས་གང་བསགས་ཀྱང་འབྲས་བུ་བསླུ་མེད་དུ་འབྱུང་ལ། སད་མ་སད་ཀྱི་ཆོས་གང་ལའང་བདེན་འཛིན་དང་བྲལ་བའི་ལས་དགེ་མི་དགེ་ནི་འཁོར་བའི་རྣམ་སྨིན་བསྐྱེད་བྱེད་ཀྱི་རྒྱུ་མ་ཡིན་ཏེ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་དེ་བས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྟེ། དེའི་ངོ ར་ནི་ལོག་སད་ལ་བདེན་རྫུན་ཅི་ཡང་ཡོད་པ་མ་ཡིན་ནོ། །ཞེས་འཕགས་པ་ལྷའི་ཞབས་ཀྱིས་གསུངས་སོ། །དེ་ལྟར་སྤྱོད་བསྡུས་ཀྱི་ལུང་དོན་ཞིབ་ཏུ་བཀྲོལ་བའི་དོན་བསྡུས་པ་ནི། དཔལ་དབྱངས་ཅན་བཞད་པའི་ཞབས་ཀྱིས། དང་པོར་སྣང་མཆེད་ཐོབ་གསུམ་གྱི་རིམ་པས་གཉིད་འོད་གསལ་དུ་འཇུག་པའི་མན་ངག་དང་། དེ་ནས་རླུང་སེམས་ཀྱིས་རྨི་ལམ་གྱི་ལུས་བླངས་ནས་ལོངས་སྐུའི་དཔེས་རྨི་ལམ་གྱི་ལུས་ལོངས་སྐུར་ལྡང་བ་དང་། དེ་ནས་སད་པའི་ལུས་ལ་འཇུག་པའི་སྤྲུལ་སྐུ་གཞན་དོན་ལ་འཇུག་པ་དང་། ཐམས་ཅད་

p. 701

དུ་རྨི་ལམ་ལྟ་བུར་བསྟན་པས་རྨི་ལམ་གྱི་འདུན་པའི་ཏིང་ངེ་འཛིན་གྱིས་རྨི་ལམ་འཛིན་པའི་མན་ངག་བསྟན་ཏེ། དེ་ལྟར་ན་ཐམས་ཅད་ལྷ་སྐུ་རྨི་ལམ་ལྟར་ལྟ་བའི་ཞི་གནས་དང་། སྣང་མཆེད་ཐོབ་གསུམ་གྱིས་གཉིད་འོད་གསལ་དུ་འཇུག་པའི་ལྷག་མཐོང་གི་མན་ངག་གིས་རྨི་ལམ་གྱི་ལུས་སངས་རྒྱས་གཟུགས་ཀྱི་སྐུར་འཆར་ཐབས་བསྟན་པ་ཡིན་ནོ། །ཅེས་གསུངས་སོ། །མཆན། དེས་ན་ཉིན་སྣང་གི་བློ་དགེ་བ་རབ་འབྱམས་སུ་ཤར་ན་རྨི་ལམ་གྱི་བློ་དགེ་བ་རབ་འབྱམས་སུ་འཆར། དེ་འཆར་བ་ན་འཆི་སེམས་བར་དོ་དང་བཅས་པ་དགེ་བ་རབ་འབྱམས་སུ་འཆར་བས། རྗེ་མི་ལས། འོ་སྐོལ་ད་ལྟ་སྐྱེ་ཤི་བར་དོ་འཁྲུལ་པའི་སྣང་བ་ལ་ལོངས་སྤྱོད་པ་འདི་རྨི་ལམ་ཆེན་པོ་རྨི་བདོ་བ་ཡིན་ནོ། །ཉིན་མོ་བྱས་པའི་བག་ཆགས་དེ་ནུབ་མོ་གཉིད་ལོག་ཙ་ན་རྣམ་ཤེས་ཡིད་ཀྱི་འཁྲུལ་པ་འབྱུང་བ་དེ་རྨི་ལམ་བར་མ་སྒྱུ་མ་ཉིང་འཁྲུལ་བྱ་བ་ཡིན། བག་ཆགས་དེ་གོམས་པ་མཐར་ཕྱིན་པ་ལས་དགེ་སྡིག་རྗེས་སུ་འབྲངས་ཏེ་སྲིད་པ་བར་དོར་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་བ་དེ་ནི་རྨི་ལམ་ན་རྨི་ལམ་ཆེན་པོ། སྒྱུ་མ་ན་སྒྱུ་མ་ཆེན་པོ། བར་དོ་ན་བར་དོ་ཆེན་པོ་ཡིན་ཏེ། དེ་ལམ་དུ་བྱེད་པ་ལ་

p. 702

རྨི་ལམ་སྒྱུ་ལུས་རྩལ་མཐར་ཕྱིན་འཚལ། ཞེས་འབྱུང་ངོ་། །མཆན། སྣང་བ་ནས་སྣང་བ་མཐར་ཐུག་པ་དག་པའི་ཞིང་ནས་དག་པའི་ཞིང་དུ་འགྲོ་བ་ཡིན་ཏེ། དཔལ་རང་བྱུང་གིས། དེ་ཕྱིར་རྣལ་འབྱོར་བསྒོམས་པ་ན། །གང་གང་རྩ་ཁམས་བག་ཆགས་རྣམས། །དག་དང་མ་དག་འདིས་ཤེས་ཤིང་། །སྣང་བའི་ཚོད་འཛིན་བྱེད་པ་ཡིན། །ཅེས་དང་། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པས། ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་རྟོགས་པའི་སྒོམ་ཆེན་ལ། །ཐུན་མཚམས་ཀྱི་དགེ་སྦྱོར་བྱ་རྒྱུ་མེད། །བདག་བྱར་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཞེས་གསུངས་པ་ལྟར་ཡིན་ནོ། །འོ་ན་རྨི་ལམ་དུ་སྒྱུ་ལུས་ཁྱད་པར་ཅན་གྲུབ་པ་དེས་སླར་མཆོ ག་གི་དྷཱུ་ཏིར་འོད་གསལ་ཕྱིར་ལྡོག་མེད་པ་ལ་འཇུག་པའི་རྐྱེན་ཕྱག་རྒྱ་བཞི་གང་ལ་སྙོམས་པར་འཇུག་པ་ཡིན་ཞེ་ན། དཔལ་རང་བྱུང་གིས། དེ་ཕྱིར་ཡེ་ཤེས་ཕྱག་རྒྱས་བཅིངས། །དེ་སོགས་རྒྱུ་འབྲས་དུ་མ་རྣམས། །འདིར་ནི་རྒྱས་པར་མ་

p. 703

བསྟན་ཏེ། །ཞེས་གསུངས་པས་རང་གི་རླུང་སེམས་ལ་ཐབས་ཤེས་ཀྱི་ཆ་གཉིས་ཡོད་པའི་ཤེས་རབ་ཀྱི་ཆ་དེ་རང་འོད་ཀྱི་རིགས་མར་འཆར་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་ཡེ་ཤེས་ཀྱི་ཕྱག་རྒྱ་ཉིད་ལ་གཙོ་བོར་བརྟེན་པ་ཡིན་ཅིང་། སྐབས་འདིར་ཕྱག་ཆེན་ལས་བྱུང་བའི་ཕྱག་རྒྱ་ལའང་རྟེན་བྱར་མེད་པ་ནི་མ་ཡིན་ནོ། །དེས་ན་རྨི་ལམ་དུ་སྒྱུ་ལུས་ཀྱི་རྣལ་འབྱོར་གྲུབ་པས་ནི་རྫུ་འཕྲུལ་དང་ལྷའི་རྣ་བ་ལ་སོགས་པས་སད་པ་དང་མ་སད་པའི་ཡུལ་ཀུན་ལ་འཇུག་པའི་མངོན་པར་ཤེས་པ་དང་། ཟད་པར་དང་ཟིལ་གནོན་ལ་སོགས་པའི་ཆོ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ་ཡིན་ཏེ། འཕགས་མཆོག་དབྱངས་ཅན་བཟང་པོའ་ཞབས་ཀྱིས། བསྐྱེད་རིམ་གྱི་སྐབས་ནས་ཀྱང་བསམ་གཏན་གྱི་དངོས་གཞི་ཐོབ་ནས་རྫུ་འཕྲུལ་སོགས་ཀྱི་མངོན་པར་ཤེས་པ་ལ་རྣམ་པར་རྩེན་ནུས་ན་རྫོགས་རིམ་སྒྱུ་ལུས་ཀྱི་སྐབས་སུ་སྨོས་མ་དགོས་པའི་ཕྱིར་རོ། །ཁྱད་པར་རྨི་ལམ་སྒྱུ་ལུས་ཀྱི་ལུས་སུ་གྲུབ་པ་ནི། རྨི་ལམ་གྱི་

p. 704

ལུས་ལས་ཀྱང་འདས་པས་གཉིད་ཀྱིས་བསླད་པ་ལས་སངས་ཤིང་འོད་གསལ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་སྐུ་དེས་ཕྱི་ནང་གི་དབང་ཡུལ་ཐམས་ཅད་ལ་འཇུག་ཏུ་རུང་བ། ནང་གི་རྩ་ཁམས་ཀྱི་གནས་སུ་ཡུལ་གྱི་སྣང་བ་ཤར་བ་ཁོ་ན་ལ་འཇུག་ངེས་པས་མ་ཁྱབ་བོ། །ཅེས་གསུངས་སོ། །སྤྱིར་འདུན་སྟོབས་ཀྱིས་རྨི་ལམ་དུ་སྤྲུལ་བསྒྱུར་སོགས་ནུས་པ་ནི། རྨི་ལམ་རྟོག་པའི་ངོ་བོ་དང་རླུང་སེམས་ཀྱི་ཕྲ་ལུས་ཡིན་པས་ཅི་དགར་བཏུབ་ལ། འདུན་སྟོབས་ཙམ་གྱིས་སད་དུས་སུ་སྤྲུལ་བསྒྱུར་མི་ནུས་པ་ནི། སྔར་གོམས་ཀྱི་བག་ཆགས་སྨིན་པ་བདེན་རྟོག་གི་ཞེ ན་པས་བཅིངས་ཆེས་པའི་འཁྲུལ་པ་བཟློག་མ་ཟིན་པ་དང་། ཤ་རུས་རྡོས་བཅས་ཀྱི་ལུས་ཡིན་པས་ཅི་དགར་མ་བཏུབ་པ་ཡིན་ཅིང་། ཡང་མངོན་ཤེས་དང་རྫུ་འཕྲུལ་སོགས་མེད་པར་རྨི་ལམ་བཟུང་ནས་ཡུལ་ག་གེར་ཕྱིན་ནས་གང་ཟག་ཆེ་གེས་དེ་ལྟར་བྱེད་སྣང་ཟེར་བ་བསླུ་མེད་དུ་འབྱུང་བ་ཕལ་ཆེར་ནི། དཔལ་རང་བྱུང་གིས། རྩ་གནས་ཡངས་ལ་

p. 705

ཡངས་པར་སྣང་། །དོག་ལ་དོག་སྣང་དེ་བཞིན་དུ། །ཞེས་གསུངས་པ་ལྟ་བུའི་ཕྱི་ནང་གི་རྟེན་འབྲེལ་དང་ཡུལ་དང་གང་ཟག་དེ་ལ་འདུན་པའི་རྐྱེན་གྱིས་མཚམས་སྦྱར་བ་ན། དེའི་སྣང་བ་ཡུལ་གཞན་དེར་སྤྱོད་པ་དང་མཐུན་པའམ་པྲ་ཕབ་པས་མེ་ལོང་ལ་རྐུན་པོ་འབྱུང་བ་ལྟར། རྨི་ལམ་ལའང་པྲ་ཕབ་དུ་རུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཙམ་ཡིན་གྱི། འདི་ལྟར་བྱུང་བ་ལ་སྐྱེས་བུ་ཆེས་དམ་པར་འཇོག་བྱེད་དུའང་མི་རུང་བར་ གསུངས་སོ། །སྤྱིར་རྨི་ལྟས་བརྟགས་ནས་བདེན་རྫུན་གཉིས་ལས་བདེན་ཤས་ཆེ་བའི་ལུང་བསྟན་སོགས་བྱུང་བ་ན། རྨི་ལྟས་ལ་བདེན་འཛིན་བྱས་ན་རྨི་ལམ་ལའང་བདེན་འཛིན་དུ་འགྲོ་བས། དེ་ལྟར་ན་རྨི་ལམ་གྱིས་མཚོན་ནས་ཆོས་ཐམས་ཅད་བདེན་མེད་དུ་བསྒོམ་པའི་སྐབས་འདིར་རྨི་ལམ་གྱི་རྣལ་འབྱོར་བསྒོམ་པའི་གེགས་སུ་འགྲོ་བས་སྤོང་དགོས་པ་ཡིན་ནོ། །མཆན། འདིར་འདི་ཤེས་དགོས་ཏེ། རྗེ་མི་ལས་རྗེ་སྒམ་པོ་པ་ལ། ང་སྒྱུ་ལུས་འབྱོངས་པའི་རྣལ་འབྱོར་པ་ཡིན་པས་རྨི་ལམ་འཆད་པའང་ཤེས། རྨི་ལམ་བསྒྱུར་བའང་ཤེས། རྨི་ལམ་གྱི་དེ་

p. 706

ཁོ་ན་ཉིད་རྒྱས་འདེབས་པའི་གདེང་ཡོད། ལར་ངས་རྨི་ལམ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་ཡིན་པས་བུ་ཁྱོད་ཀྱིས་སྨྲས་པའི་མཚན་ལྟས་དེ་རྣམས་དུས་ད་རེས་ཕ་རྒན་ང་ཡིས་ཞིབ་ཚགས་གོ་ངེས་སུ་བཤད་པ་བརྡ་སྤྲོད་ཀྱི། ཐུགས་མ་ཡེངས་པར་གཏོད་ལ་སྙན་ལྷན་ནེ་གསོན་ཅིག །ཅེས་གསུངས་པའི་རྨི་ལམ་གྱི་ཆོས་ཉིད་ཁོང་དུ་ཆུད་རྒྱུ འང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་པ་ལ། དེ་ལ་བཟང་ངན་དང་དམན་མཆོག་གང་ཡང་མེད་པ་དག་པ་རབ་འབྱམས་དཔལ་ཀུན་ཏུ་བཟང་པོའ་རྣམ་རོལ་བྱ་བའི་དོན་ཏེ། སློབ་དཔོན་ཆེན་པོ་ཤཱནྟི་པས། སྙིམ་པའི་མེ་ཏོག་ཏུ། གདོལ་པ་མོ འམ་ཁྱི་མོའམ་རྒོད་མ་ལ་སོགས་པ་རྣམས་དང་བདག་ཉིད་སྦྱོར་བར་རྡོ་རྗེ་སློབ་དཔོན་ཏེ་བརྟན་པའི་བློས་མཐོང་བར་གྱུར་པ་དེའི་ཚེ་བློ་ལྡན་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་སེམས་ཀྱིས་གནས་ཏེ་ཐུགས་ཀྱི་གསང་བ་འགྲུབ་པར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །མདོར་ན་རྗེ་བཙུན་རས་ཆུང་པས། དཔེའི་རྨི་ལམ་ནི་རྨི་ལམ་ཀྱི་དུས་ཀྱི་

p. 707

སྣང་བའོ། །དོན་གྱི་རྨི་ལམ་ནི་ད་ལྟར་གྱི་དུས་ཀྱི་སྣང་བ་འདི་རྨི་ལམ་དུ་གཏན་ལ་འབེབས་པའོ། །རྨི་ལམ་གྱི་ངོ་བོ་ནི་མེད་བཞིན་སྣང་བའོ། །རྨིི་ལམ་བསྒོམས་པའི་དགོས་པ་ནི། ཕྱི་སྣང་བའི་ཡུལ་དང་ནང་འཛིན་པའི་སེམས་རང་བཞིན་མེད་པར་རྟོགས་པའོ། །ཅེས་གསུངས་པ་ལྟར་ཡིན་ནོ། །གཉིས་པ་ཉམས་སུ་བླང་བ་ལ། གནད་རྣམ་པ་བཞི་ལས། ལུས་གནད་སོགས་གསུམ་ནི་དཔལ་རང་བྱུང་གིས། ལུས་གནད་སེང་གེའི་ཉལ་སྟབས་ཏེ་མགོ་བྱང་དུ་བསྟན་ངོས་གཡས་པ་འོག་ཏུ་གཞུག ། དུས་གནད་གཉིད་ཀྱི་དུས་སོ། །ཡུལ་གནད་ནི་མགྲིན་པར་རོ། །ཞེས་གསུངས་ལ། བཞི་པ་དམིགས་པའི་གནད་ལ། རྨི་ལམ་སྒྱུ་ལུས་སུ་བཟུང་བ་དང་། སྦྱང་བ་དང་། རྨི་ལམ་གྱི་དེ་ཁོ་ན་ཉིད་སྒོམ་པ་གསུམ་ལས། དང་པོ་ལའང་། ཉིན་པར་དྲན་པ་རྒྱུན་ཆགས་ཀྱིས་བཟུང་བ་དང་། མཚན་མོ་མན་ངག་བཙན་ཐབས་ཀྱིས་བཟུང་བ་གཉིས་ལས། དང་པོ་ནི། ཡེ་ཤེས་ཀྱི་མཁའ་འགྲོས་རྗེ་བཙུན་ཏཻ་ལོ་པ་ལ་གསུངས་

p. 708

པ་བཀའ་དཔེ་རྩ་བའི་སྡོམས་ལས། དྲན་པ་ཞེས་བྱའི་གོམས་པ་ནི། །གཉིད་མ་ལོག་པའི་དུས་སུ་ཡང་། །འདུན་པ་དག་ནི་སྔོན་བཏང་ནས། །ཞེས་དང་། དེའི་འགྲེལ་པར་རྗེ་མར་པས། ཉིན་པར་ཚོགས་དྲུག་ཡུལ་གྱི་སྣང་བ་ཅི་དང་ཅི་མཐོང་བ། ཐོས་པ། རེག་པ། མྱོང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པར་བྱའོ། །ཞེས་གསུངས་པས་དབེན་པའི་གནས་སུ་མཚམས་དམ་པར་བཅད་ལ་སྲིད་ཞིའི་མཐའ་གཉིས་ལ་ངེས་འབྱུང་ཆེན་པོ་བསྐྱེད་དེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པ་ལ་དེ་ལྟར་མ་ཤེས་པའི་མ་རྒན་གྱི་སེམས་ཅན་རྣམས་སྡུག་བསྔལ་བར་གྱུར་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། སྤྱིར་ཆོས་ཐམས་ཅད་ཇི་ལྟར་སྣང་ཞིང་བཏགས་པ་ཙམ་དུ་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུ འམ། སྒྱུ་མ་དང་རྨི་ལམ་ཉིད་ཡིན་ལ། སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་དེ་ཉིད་སྒྱུ་མ་དང་རྨི་ལམ་ཡིན་པའི་དྲན་འདུན་ཏུ་རེ་རྒྱུན་ཆགས་དང་མ་བྲལ་བར་བྱས་ལ། དོ་ནུབ་རྨི་ལམ་རྨི་བར་བྱའོ། །དེའ་དུས་སུ་རྨི་ལམ་ལ་རྨི་ལམ་

p. 709

དུ་ཤེས་པར་བྱའོ་སྙམ་པའི་འདུན་ཤེས་སྔོན་དུ་བཏང་ངོ་། །གཉིས་པ་ནི། བཀའ་དཔེ་ལས། ལོག་ཁ་མ་ཡི་ཤེས་པ་ནི། །དྲན་པས་ཡང་དང་ཡང་བཀུག་ལ། །ཞེས་པའི་འགྲེལ་པར་རྗེ་མར་པས། སྲོད་ཀྱི་དུས་སུ་ཨ་ནུ་ཏ་རའམ། ཡང་ན་ཨཱཿདམར་པོ་དྷཱུ་ཏིའི་ནང་ལོངས་སྤྱོད་ཀྱི་དབུས་སུ་འདུག་པ་ལ་ཤེས་པ་གཏད་པར་བྱ། ཅེས་གསུངས་པས་དང་པོར་སྟན་བདེ་བ་ལ་སེང་གེའི་ཉལ་སྟབས་ཀྱིས་འདུག་ནས་ཉལ་ཁར་བླ་མའི་རྣལ་འབྱོར་བསྒོམས་ལ་མོས་གུས་དྲག་ཏུ་བྱའོ། །དོ་ནུབ་གཉིད་འོད་གསལ་དུ་འཛིན། རྨི་ལམ་སྒྱུ་ལུས་སུ་ལྡང་། དེའི་ལྡང་གཞི་རྨི་ལམ་ཡང་མང་པོ་དང་། གསལ་པོ་དང་། བཟང་པོ་རྨི་བར་བྱའོ་ཞེས་འདུན་པ་བསྐྱེད་ནས་རང་གི་རྩ་བའི་བླ་མ་ལ་དེ་ལྟ་བུ་འབྱུང་བར་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། རྗེ་སྐྱབས་གསུམ་གྱི་ངོ་བོ་བླ་མ་རྗེ། །ཕ་རྟོགས་ལྡན་གྱི་རྒྱལ་པོ་དགོངས་སུ་གསོལ། །གཉིད་འོད་གསལ་དུ་ཐིམ་པར་བྱིན་གྱིས་རློབས། །རྨི་ལམ་སྒྱུ་ལུས་སུ་འཆར་བར་

p. 710

བྱིན་གྱིས་རློབས། །ཅེས་གསོལ་བ་བཏབ་ནས་རང་ཡི་དམ་དུ་མོས་པའི་མགྲིན་པར་སྣ་ཚོགས་པདྨ་འདབ་བཞི་ཟེའུ་འབྲུ་དང་བཅས་པའི་དབུས་སུ་ༀ་དཀར་པོ། འདབ་མ་མདུན་མར་ཨ་སྔོན་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་དུ་ར་ལྗང་གུ་རྣམས་ལ་ཤེས་པ་གཏད་དེ། འདི་ཉིད་གཉིས་མེད་རྣམ་རྒྱལ་ལས་གསུངས་ཤིང་། ཆོས་དྲུག་སྲས་མཁར་མར་ཡང་ཨ་ནུ་ཏ་ར་བསྒོམས་པས་ས་ཆུ་མེ་རླུང་གི་སྣང་བ་འདུས་པས་རྦབ་དུ་ལྷུང་བ། ཆུས་ཁྱེར་བ། མེ་འབར་བ། རླུང་དམར་རྣམས་ཀྱི་ཡ་ང་བ་བཟློག་པའི་ཆེད་དང་རྨི་ལམ་ཞིང་སྦྱང་གི་སླད་དུ་ཨ་ནུ་ཏ་ར་བསྒོམས་པས་རིགས་ལྔའི་གནས་ཀྱི་སྣང་བ་འཆར་བ་དང་། སྟོན་པ་དེ་རྣམས་དང་མཇལ་ནས་ཆོས་ཞུར་ཆོག་པའི་ཆེད་ཀྱི་གནད་ཡོད་པར་གསུངས་པ་སོགས་དཔལ་ནཱ་རོ་པ་ཆེན་པོ་དང་མངའ་བདག་ལོ་ཙ་བ་ཡབ་སྲས་ཀྱི་བཞེད་པས་ཡི་གེ་བཞི་བསྒོམ་པ་འདི་ནི་རྨི་ལམ་འཛིན་པའི་ཐབས་བླ་ན་མེད་པར་གསུངས་སོ། །མཆན། དེ་ཡང་དང་པོ་ཨ་ལ་སེམས་བཟུང་། དེ་ནས་གཉིད་ཡོང་འདོད་པ་དང་ནུ་ལ། དེ་ནས་གཉིད་ཟི་བ་དང་ཏ་ལ། དེ་ནས་གཉིད་ཁྲི་བ་

p. 711

དང་ར་ལ། དེ་ནས་དབུས་ཀྱི་ༀ་ལ་གཏད་པ་ན་གཉིད་འཐུག་འོད་གསལ་གྱི་རིམ་པ་ལས་རྨི་ལམ་དུ་སད་ལ་ཁད་ནས་དེར་ཟིན་ཡོང་བས་རྨི་ལམ་ལྷ་སྐུར་སྒོམ་པ་སོགས་ཅི་ཟིན་བྱའོ། །འདི་ལ་བཀའ་དཔེ་ཚིག་ལྷུག་མར་རིམ་གྱིས་སྒོམ་པ་ཞེས་གསུངས་ལ། ཅིག་ཅར་དུ་སྒོམ་ན་དང་པོ་ནས་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ༀ་དམར་པོ་གཅིག་བསམས་ལ། དེ་ལ་ཤེས་པ་གཏད། ཅེས་གསུངས་པ་ལྟར་དམིགས་པ་རྩེ་གཅིག་ཏུ་གཏད་པས་རྨི་ལམ་ཟིན་པར་འགྱུར་ཏེ། བཀའ་དཔེ་རྩ་བའི་སྡོམས་ཀྱི་འགྲེལ་བར། རྗེ་མར་པས། དྲན་པས་ཡང་དང་ཡང་བཀུག་ལ། །བཀུག་པས་ལོག་པ་ལན་རེ་བཞིན། །རབ་རིབ་སད་དུས་འབྱུང་བར་འགྱུར། །ཅེས་གསུངས་པས་དཔལ་གསང་བ་འདུས་པའི་ལེའུ་བཅོ་ལྔ་པར་གསུངས་པ་བཞིན་དུ་རྨི་ལམ་ཟིན་པར་འགྱུར་རོ། །ཅེས་གསུངས་སོ། །འདི་ཙམ་གྱིས་འཛིན་པར་མ་ནུས་ན་ཙོག་པུར་འདུག་སྟེ་ཐལ་མོ་སྤྱི་བོར་སྦྱར་ལ། ནམ་མཁར་བླ་མ་ཡི་

p. 712

དམ་མཁའ་འགྲོའི་ཚོགས་བཞུགས་པར་བསམས་ལ། སྙིང་ཐག་པ་རུས་པའི་གཏིང་ནས་བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་སྒོ་ནས། བདག་གི་རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་སིང་སིང་པ་ལན་གསུམ་བཏབ་ནས་སྔར་གྱི་དམིགས་པ་ལ་སེམས་བཟུང་སྟེ་ཉལ་ལོ། །དེས་ཀྱང་མ་ཟིན་ན་ཐོ་རངས་ཀྱི་ཐུན་ལ་ཡང་དེ་བཞིན་དུ་བྱའོ། །དེས་ནི་དད་གུས་དང་བྱིན་རླབས་ཀྱི་སྒོ་ནས་ཟིན་པ་ཡིན་ནོ། །ཅེས་རྗེ་བཙུན་གསང་བའི་བདག་པོའ་ངོ་བོ་བླ་མ་རས་ཆུང་པའི་མན་ངག་ལས་འབྱུང་ངོ་། །གལ་ཏེ་ཐབས་དེ་དག་གིས་མ་ཟིན་ན་འབྱམས་པ་ཡིན་ཏེ། རྗེ་བཙུན་རྡོ་རྗེ་གྲགས་པས། འབྱམས་པ་བཅད་པ་ལ་གསུམ་སྟེ། སྟོང་འབྱམས། དྲན་འབྱམས། སད་འབྱམས་སོ། །སྟོང་འབྱམས་ནི། རྨི་ལམ་མང་པོ་རྨིས་ཀྱང་རྨི་ལམ་རྨི་ལམ་དུ་ངོ་མ་ཤེས་པར་སྟོང་འབྱམས་སུ་སོང་བའོ། །དེ་ནི་དད་གུས་དང་དྲན་འདུན་ཞན་པ་ཡིན་པས་བླ་མ་ཡི་དམ་ལ་སེམས་གདུང་བའི་སྒོ་ནས་གསོལ་བ་བར་མ་ཆད་པར་

p. 713

གདབ་ཅིང་སྤྱོད་ལམ་རྣམ་བཞིར་རྨི་ལམ་གྱི་འདུ་ཤེས་དང་མ་བྲལ་བར་དྲན་པ་དང་འདུན་པས་ཟིན་པར་བྱའོ། །དྲན་འབྱམས་ནི། རྨི་ལམ་ངོ་མ་ཤེས་པར་རྨི་ལམ་གྱི་དུས་སུ་ཡང་དྲན་པ་དང་འདུན་པར་འབྱམས་པའོ། །དེ་ནི་སེམས་ལ་ཕྱིར་གཞིག་མ་ཤེས་པར་དྲན་པ་ཡུག་པོར་སོང་བ་ཡིན། དེ་ལ་ད་ལྟར་སྣང་བ་འདི་ལ་བདེན་འཛིན་ཅི་བྱུང་བའི་དུས་སུ་སེམས་ལ་ཆེར་གཞིག་པར་བྱ་སྟེ། བདེ་སྡུག་དེ་ཅིར་འདུག་ལྟས་པས་དེ་ལ་ངོ་བོར་གྲུབ་པ་མི་འདུག་པས། འོ་ན་རྨི་ལམ་དུ་འདུག་སྙམ་དུ་གཏན་ལ་ཕབ་པས་དེའི་སྟོབས་ཀྱིས་རྨི་ལམ་གྱི་དུས་སུ་བདེ་སྡུག་ཅི་བྱུང་ཡང་སེམས་ཀྱིས་ཕྱིར་གཞིགས་ཏེ་རྨི་ལམ་དུ་ཤེས་པའོ། །སད་འབྱམས་ནི། རྨི་ལམ་ཟིན་པ་དང་གཉིད་སད་ནས་སྦྱང་དུ་མི་བཏུབ་བོ། །དེ་ནི་ཉམས་ལ་ཞེ ན་ཅིང་དགའ་བར་བཟུང་བས་ལན་པ་ཡིན་པས་གཉིད་འཐུག་པོའ་སྦྱོར་བ་བྱས་ལ་ཞེན་པ་ཐམས་ཅད་སྤང་བར་བྱའོ། །ཅེས་དང་། གཉིད་མི་འོང་བ་འོང་བར་བྱ་བ་ནི། གཉིད་ལོག་ཁར་

p. 714

རང་གི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་ཤ་བའི་རིལ་མ་ཙམ་ཞིག་ལ་དམིགས་པ་གཏད་དེ་ལོག་པས་གཉིད་ཆེ་བ་འབྱུང་ངོ་། །ཅེས་གསུངས་སོ། །དེ་ལྟར་བྱས་པས་རྨི་ལམ་རྨིས་ཚད་རྨི་ལམ་ཡིན་པར་འདུག་སྙམ་པ་ནི་རྨི་ལམ་ཟིན་པ་ཡིན། རྨི་ལམ་འདི་ལྟར་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་རང་རང་ངོ་བོས་སྟོང་བཞིན་ཅིར་ཡང་རུང་བ། ཀུན་རྫོབ་བདེན་པས་དོན་དམ་བདེན་པ་མི་འདོར། དོན་དམ་བདེན་པས་ཀུན་རྫོབ་བདེན་པ་མི་འདོར། ཆོས་ཅན་ཆོས་ཉིད་ཡ་བྲལ་མ་ཡིན་པ། རྟེན་འབྲེལ་གྱི་ཆོས་ངོ་མཚར་ཆེའོ་སྙམ་སྟེ་དགའ་སྤྲོ་དང་བཅས་ན་རྒྱུའི་ཐེག་པའི་རྨི་ལམ་གྱི་ཉམས་ལེན་གྱིས་ཟིན་པ་ཡིན། ཁྱད་པར་རྨི་ལམ་ཉིད་སྒྱུ་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོར་ཟིན་ན། རྫོགས་རིམ་འདི་པའི་ཐུན་མོང་མིན་པའི་ཉམས་ལེན་གྱིས་ཟིན་པ་ཡིན་ཅིང་། དེ་ལ་རྨི་ལམ་དང་ཉམས་ལེན་གཉིས་ཀ་ཟིན་ན་རབ། རྨི་ལམ་ཟིན་ལ་ཉམས་ལེན་མ་ཟིན་པའམ། ཉམས་ལེན་ཟིན་ལ་རྨི་ལམ་མ་ཟིན་ན་འབྲིང་། གཉིས་ཀ་མ་ཟིན་ན་ཐ་མའོ། །མཆན། གཉིས་པ་སྦྱང་བ་ལ། གཅིག་ཏུ་ཞེན་པའི་གཉེན་པོར་སྤེལ་བསྒྱུར་ལ་སྦྱང་བ། ཡ་ང་བ་དང་བག་ཚ་བའི་གཉེན་པོར་སྒྱུ་མར་སྦྱང་བ།

p. 715

ཡོན་ཏན་བསྐྱེད་པའི་ཕྱིར་སྒྱུ་མའི་རྣམ་ཐར་ལ་སྦྱང་བ་དང་གསུམ་ལས། དང་པོ་ནི། བཀའ་དཔེ་ལས། གཉིད་མ་ལོག་པའི་དུས་སུ་ཡང་། །དྲན་པ་དེ་ཉིད་སྒྱུ་མར་ནི། །ཤེས་བྱ་བསམ་པ་སྔོན་བཏང་ལ། །ནན་ཏན་དུ་ནི་བསྒོམ་པར་བྱ། །ཞེས་དང་། དེའི་འགྲེལ་བར། རྗེ་མར་པས། སྔོན་འགྲོ་བླ་མ་ལ་གསོལ་བ་གདབ་པ་དང་། བྱང་སེམས་སྒོམ་པ་དང་། ལུས་ཡི་དམ་གྱི་ལྷའི་སྐུར་བསྒོམ་པར་བྱས་ནས་རྨི་ལམ་སྦྱང་བ་ལ། རྨི་ལམ་དུ་གང་དང་གང་སྣང་བ་དེ་སྤེལ་བ་དང་། རིག་པའི་རྩལ་ཐོགས་མེད་དུ་སྦྱང་བ་སྟེ། སྤེལ་བ་དང་སྦྱང་བ་ལ་ནན་ཏན་དུ་བྱས་པས་ཉིན་མོ་ཡང་དེ་ཁོ་ན་བཞིན་སྦྱང་བར་བྱའོ། །ཅེས་གསུངས་པས་ལུས་གནད་དང་སྦྱོར་བ་གོང་བཞིན་བྱས་ལ། རྨི་ལམ་བཟུང་བའི་འདུན་པའི་སྟེང་དུ་དོ་ནུབ་རྨི་ལམ་དུ་ཤེས་པས་མི་ཕན། རང་ཉིད་ཡི་དམ་དུ་བསྒྱུར་དགོས་སྙམ་པའི་འདུན་པ་བྱས་པ་དེས་ལྷ་སྐུ་སྒྱུ་མར་བསྒྱུར་ནུས་ན་རབ། གལ་ཏེ་མི་ནུས་ན་ཉིན་པར་དེ་ལྟར་དུ་བསྒྱུར་ལ་བསྒོམས་ལ།

p. 716

ཉལ་ཁར་རྨི་ལམ་དུ་བསྒྱུར་བ་དང་ཉིན་པར་བསྒོམ་པ་ལ་ཁྱད་མེད་དེ། དོ་ནུབ་ཅིས་ཀྱང་བསྒྱུར་བར་བྱ་སྙམ་དུ་བྱས་པས་འགྲུབ་པ་ཡིན་ནོ། །དེའི་ཚེ་རྨི་ལམ་བདེན་པར་མ་གྲུབ་སྙམ་ནས། ལྷ་སྐུ་སྒྱུ་མར་འཆར་བའི་རྨི་ལམ་དེ་ཉིད་ཧེ་རུ་ཀ་དང་བདག་མེད་མ་སོགས་ཞི་ཁྲོ་རབ་འབྱམས་སུ་སྤྲུལ་བ་དང་། ཞལ་ཕྱག་སྣ་ཚོགས་པར་སྤྲུལ་བ་དང་། གཅིག་ལས་མང་པོར་སྤེལ་བ་དང་། མང་པོ་གཅིག་ཏུ་བསྡུ་བར་བྱ་ཞིང་། སྣོད་བཅུད་ཕལ་པའང་མིར་རྨི་བ་ལ་མཁའ་ལྡིང་ལ་སོགས་པར་བསྒྱུར་བ་དང་། གཅིག་ལས་དུ་མར་སྤེལ་བ་སོགས་སྒྱུར་སྤེལ་སྦྱང་ཞིང་། གང་དུ་བསྒྱུར་ཡང་ཉིན་པར་གྱི་འདུན་པ་དང་བརྩོན་འགྲུས་གལ་ཆེ་བས་དེ་ལྟར་དུ་སྦྱང་ངོ་། །གཉིས་པ་ནི། བཀའ་དཔེ་ལས། དེ་ལྟར་དྲན་པ་བརྟན་གྱུར་ན། །སྒྱུ་མ་དག་ཏུ་ཤེས་བྱ་ཞིང་། །ཞེས་སོགས་ཀྱི་འགྲེལ་པར། རྗེ་མར་པས། རྨི་ལམ་གྱི་སྣང་བ་གང་ཡིན་པ་དེ་ཉིད་དང་པོ་རྨི་ལམ་དུ་ཤེས། དེ་ནས་རྨི་ལམ་སྒྱུ་མར་ཤེས་པས་མ་ལོག་པའི་དུས་སུ་ཡང་། སྣང་

p. 717

སྲིད་སྒྱུ་མར་ཤེས་བྱ་སྟེ། །སྒྱུ་མ་དང་པོ་རྨི་ལམ་ཡིན། །ཞེས་པས་རྨི་ལམ་རྨི་ལམ་དུ་ངོ་ཤེས་པས་སྒྱུ་མར་སྦྱང་། རྨི་ལམ་དང་སྒྱུ་མ་གཉིས་གར་གོ་བས་ཁམས་གསུམ་བརྟན་གཡོ་ཐམས་ཅད་སྒྱུ་མར་ཤེས་པས་ཉིན་མོ་ཡང་སྣང་བ་སྒྱུ་མ་རྨི་ལམ་དང་བསྲེས་ལ་སྦྱ ང་། ཞེས་གསུངས་པས་རྨི་ལམ་དུ་མེ་ཆུ་དང་། ངམ་གྲོག་དང་། རླུང་འཚུབ་དང་། ཤ་ཟ་སྲིན་པོ་དང་། གཅན་གཟན་དང་། སྒྲ་ལ་སོགས་པ་བྱུང་ནས་དེ་ལ་སྐྲག་པས་སྦྱོང་བའི་གེགས་བྱེད་པ་བྱུང་བ འམ། མ་བྱུང་ཀྱང་རྨི་ལམ་དུ་མེ་སོགས་སྤྲུལ་ནས། ཆོས་ཐམས་ཅད་ནི་རྨི་ལམ་གྱི་མེ་ལྟ་བུ་སྟེ། དེས་བསྲེག་པ་ནི་འགར་ཡང་རང་བཞིན་གྱིས་གྲུབ་པ་མེད་དོ། །ཞེས་ངེས་པའི་ཤེས་པ་འཁྲུལ་མེད་དུ་བསྐྱེད་པས། རྨི་ལམ་གྱི་མེས་རྨི་ལམ་གྱི་ཡུལ་ལ་གནོད་བྱར་མེད་ཅིང་། དེ་བཞིན་དུ་ཆུ་དང་། གཅན་གཟན་དང་། གཡང་ས་དང་། མི་དང་མི་མིན་གྱི་གནོད་པ་ལ་སོགས་པས་གཙེས་པ་ལའང་འདི་ལྟར་སྦྱངས་པས། མཐར་དེ་དག་གང་གིས་ཀྱང་

p. 718

གནོད་པར་མི་ནུས་པས་བྱང་ཆུབ་སེམས་དཔའ་སྒྱུ་མའི་ཏིང་ངེ་འཛིན་ལ་གནས་པ་ལ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི། ཆོས་ཐམས་ཅད་ཀྱི་སྐྱེ་འཇིག་སྒྱུ་མའི་སྐྱེ་འཇིག་ལྟར་རྟོགས་ནས་རང་གཞན་གྱི་དོན་བྱེད་པ་ན་གནས་ལུས་ལོངས་སྤྱོད་སྒྱུ་འཕྲུལ་བསམ་མི་ཁྱབ་སྟོན་ནུས་པའི་ཏིང་ངེ་འཛིན་ཞིག་སྟེ། དེ་ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་དོན་གྱིས་གྲུབ་པའི་ཕྱིར། འཕགས་པ་ཀླུས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །ཞེས་འབྱུང་བས་སོ། །དེ་ལྟར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཆོག་ནི་ས་བརྒྱད་པ་ནས་ཐོབ་ཅིང་། རྗེས་མཐུན་པ་ཙམ་ས་བདུན་པ་མན་དུ་འབྱུང་བར་གསུངས་སོ། །མཆན། བརྟན་པ་ཆེར་ཐོབ་པ་ན་སད་མ་སད་ཀྱི་སྐབས་གང་དུ འང་ཏིང་ངེ་འཛིན་འདི་དང་མ་བྲལ་ན། སྔོན་གྱི་རྣམ་པར་སྨིན་པ་མ་གཏོགས་ སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཚན་ཉིད་པ་ཐོབ་ན། ལས་ངན་གྱི་རྣམ་སྨིན་གྱིས་བརྫི་བ་མེད་ཀྱང་། སོ་སྐྱེ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ཉམས་འཆར་བ་ཡོད་པའི་དབང་དུ་བྱས་སོ། །མཆན། འབྱུང་བ་དང་འབྱུང་གྱུར་གྱི་གནོད་པས་

p. 719

འཚེ་བྱར་ཡོད་པ་མ་ཡིན་ཏེ། འཚེ་བྱ་རྣམས་ཀྱིས་འཚེ་བ་ནའང་དངོས་མཚན་རྡོས་དང་བཅས་པ་ལ་འཚེར་རུང་ཡང་། དངོས་མཚན་རྡོས་བཅས་དང་བྲལ་ན་ནམ་མཁའ་ལ་རལ་གྲི་བཏབ་ཀྱང་གནོད་བྱར་མེད་པ་བཞིན་འབྱུང་སྟེ། བཀའ་དཔེ་ལས། དེ་ལྟར་དུ་ནི་གོམས་པ་དང་། །ཕན་ཚུན་དག་ཏུ་ཕྱིན་པ་དང་། །ངལ་དང་དུ བ་པར་གྱུར་པ་དང་། །འགྲངས་དང་བཀྲེས་པ་དག་དང་ནི། །ཞེས་སོགས་ཀྱི་འགྲེལ་པར་། རྗེ་མར་པས། རྨི་ལམ་སྒྱུ་མ་ལ་གོམས་པས་ངལ་དུ བ་ཐམས་ཅད་དང་། ལུས་ཀྱི་སྤྱོད་ལམ་ཐམས་ཅད་དང་། ངག་གི་བརྗོད་པ་སྣ་ཚོགས་དང་། སེམས་རྟོག་པ་གང་འགྱུས་པ་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྨི་ལམ་དུ་གཟུགས་དང་སྒྲའི་ཆོ་འཕྲུལ་ཐམས་ཅད་ཀྱང་སྒྱུ་མར་ཤེས་ཏེ། སྣ་ཚོགས་ཆོ་འཕྲུལ་སྟོན་པ་སྟེ། །དེ་ལ་གོམས་པའི་མཚན་མ་རྣམས། །ཞེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྣ་ཚོགས་ལ་བསླབས་པས། གཉིད་ནི་མ་ལོག་དུས་སུ་

p. 720

ཡང་། །གོམས་པར་བྱ་བའི་བག་ཆགས་ཀྱིས། །ཞེས་པ་ཉིན་པར་གྱི་སྣང་བ་ལམ་དུ་འཁྱེར་བས་མཚན་མོ་གཉིད་ལོག་ཁ་མའི་དུས་སུ་ཡང་དྲན་པ་དང་ཤེས་བཞིན་གྱིས་མཚན་མའི་དྲན་པ་དེ་སྙེད་པ་སྣ་ཚོགས་པ་དེ་དག་ལ་བག་མི་ཚ་བར་སྤྱད་པར་བྱ་ཞེས་ཐམས་ཅད་རྨི་ལམ་སྒྱུ་མ་ཡ་ང་བ་མེད་པ། བག་ཚ་བ་མེད་པ། སྣང་བ་ཕྱི་རོལ་གྱི་ཡུལ་དང་བསྲེ་ཐུབ་པ་ཞིག་འོང་ངོ་། །ཅེས་གསུངས་སོ། །གསུམ་པ་ལ། འཇིག་རྟེན་པའི་རྣམ་ཐར་ལ་སྦྱང་བ་དང་། འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱང་བ་གཉིས་ལས། དང་པོ་ནི། རྨི་ལམ་དུ་ལྷ་ཡུལ་ལྟ་བར་འདོད་ན། གཉིད་ལོག་ཁར་རྨི་ལམ་བཟུང་ལ་ལྷ་ཡུལ་ལྟ་བར་བྱའོ་སྙམ་དུ་བསམ། རྨི་ལམ་རྨི་བ་དང་། རྨི་ལམ་ཡིན་པས་གང་ཡང་བཏུབ་སྙམ་དུ་ཤེས་པར་བྱས་ནས། ཉི་ཟླའི་འོད་ཟེར་ལ་འཇུས་ནས་དེ་ལ་ཞོན་ཏེ། གླིང་བཞི་དང་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་གནས་དང་། རི་རབ་ཀྱི་རྩེར་ཕྱིན་ནས་སུམ་ཅུ་རྩ་གསུམ་དང་དགའ་ལྡན་ལ་སོགས་པའི་ལྷ་གནས་

p. 721

རྣམས་ལྟའོ། །མི་ཡུལ་དང་ངན་སོང་གི་གནས་སོགས་ལྟ་བར་འདོད་ན འང་དེ་དང་དེའི་འདུན་པ་སྔོན་དུ་བཏང་ནས་རྨི་ལམ་ཟིན་པ་དང་རྨི་ལམ་ཡིན་པས་གང་ཡང་བཏུབ་སྙམ་དུ་ཤེས་པར་བྱས་ནས། གང་ལྟ་བར་འདོད་པའི་ཡུལ་དང་གནས་ལ་སོགས་པར་ཕྱིན་པར་བསྒོམས་ན་མཐོང་བར་འགྱུར་རོ། །དུས་གསུམ་གྱི་ཤེས་བྱ་ཤེས་པར་འདོད་ན། གང་ཤེས་པར་འདོད་པ་དེའི་འདུན་པ་སྔོན་དུ་བཏང་སྟེ། རྨི་ལམ་ཟིན་པ་དང་རྨི་ལམ་ཡིན་པས་གང་ཡང་བཏུབ་སྙམ་དུ་བྱས་ལ། ཅི་འདོད་པ་དེ་དྲིས་པས་ལུང་སྟོན་པར་འགྱུར་ཏེ། དེ་ལྟ་བུ་ལ་སོགས་པ་སྣ་ཚོགས་པ་ལ་བསླབ་པར་བྱ་སྟེ། བཀའ་དཔེ་ཚིག་ལྷུག་མར། སུམ་ཅུ་རྩ་གསུམ་གྱི་གནས་ན་རྡོ་ཨ རྨོ་ནིག་གི་སྟེང་དུ་འདུག་ནས་ལྷ་རྣམས་ལ་ཆོས་ཉན་པ་དང་། རྒྱ་གར་གྱི་ཡུལ་ལྟ་བ་དང་། བུད་མེད་ལ་སོགས་པ་ཐམས་ཅད་རྗེ་བཙུན་མ་དང་བདག་མེད་མའི་རང་བཞིན་དུ་བྱ་བ་ལ་སོགས་པ་ཡིད་ལ་ཅི་བསམ་པ་ཐམས་ཅད་བྱའོ། །ཅེས་གསུངས་སོ། །

p. 722

གཉིས་པ་ནི། བཀའ་དཔེ་རྩ་བའི་སྡོམས་ལས། དེ་ལྟར་དྲན་པ་བརྟན་གྱུར་ནས། །འཕོ་བ་དག་ནི་བཤད་པར་བྱ། །ཞེས་དང་། དེའི་འགྲེལ་པར། རྗེ་མར་པས། རྨི་ལམ་དྲན་པས་བཟུང་བ་དང་། སྒྱུ་མར་བྱིན་གྱིས་རླབ་པ་དང་། སྤེལ་ཞིང་སྦྱང་བ་དང་། གོམས་པ་སྔོན་དུ་དཀྲི་བ་ལ་སོགས་པ་སོང་བས་རྨི་ལམ་གྱི་འཕོ་བ་སྦྱང་སྟེ། ཅེས་གསུངས་པ་ལས་ཐོག་མར་ཡི་གེ་ལྔ་ལ་བརྟེན་ནས་རྒྱལ་བ་རིགས་ལྔའི་ཞིང་ལྟ་བ་ལ་བསླབ་པ་ནི། དཔལ་ཏཻ་ལོ་པ་ཆེན་པོས། རྨི་ལམ་རྨི་ལམ་དོན་ཤེས་ཤིང་། །རྒྱུན་དུ་ཟབ་མོའ་དོན་བསྒོམ་པ། །ནཱ་ད་ཐིག་ལེ་ལ་སོགས་པ། །རིགས་ལྔའི་ས་བོན་ལ་དམིགས་པ། །སངས་རྒྱས་ཞིང་དང་སངས་རྒྱས་ལྟ། །གཉིད་དུས་བདེ་ཆེན་གྲུབ་པའི་ཐབས། །ཅེས་གསུངས་ཏེ། འདི་ལ་དང་པོ་ཉིན་པར་གྱི་དུས་སུ་ལུས་སེམས་ཕྲལ་བའི་དམིགས་པ་བསྒོམ་པ་ནི། བཀའ་དཔེ་ལས། ཉིན་མོ་མ་གཉིད་དུས་དག་ཏུ། །སེམས་ནི་གང་དགར་བཏང་བར་བྱ། །འགྲོ་སར་སེམས་ནི་བཏང་བྱས་

p. 723

ནས། །བདག་རང་ཅི་བདེར་འཕོ་བྱ་ཡིན། །ཅེས་གསུངས་པས་ཉིན་མོ་དབེན་པའི་གནས་སུ་ལུས་གནད་གཏུམ་མོ་ལྟར་བཅས་ལ་རང་ཡི་དམ་གྱི་ལྷར་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་སོར་བཞི་པའི་ཚད་ཙམ་གསལ་བཏབ་ནས། ད་ནི་བདག་ལུས་འདི་ནས་ཐོན་ཏེ་སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བར་བྱའོ། །ཞེས་བསམས་ནས་ཕྱི་དབྱིབས་ཡི་དམ་གྱི་སྐུ་དེའི་ཚངས་བུག་ལས་ཐོན་ཏེ་གང་དུ་འགྲོ་བར་འདོད་པའི་སངས་རྒྱས་ཀྱི་ཞིང་དུ་ཕྱིན་པར་བསྒོམ་པས། དེ་ཡང་རྣམ་སྣང་གི་ཞིང་སྦྱོང་གི་ཚེ། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་དམ་གྱི་ལྷ་དེ་སྟེང་གི་ཕྱོགས་མཐོན་པོར་ཕྱིན་པ་ན། སྟུག་པོ་བཀོད་པ་ཞེས་པ་རིན་པོ་ཆེ་ལས་གྲུབ་པའི་སངས་རྒྱས་ཀྱི་ཞིང་ཡིད་བཞིན་གྱི་རི་བོ་དང་། གཞལ་མེད་ཁང་གི་བཀོད་པ་ངོ་མཚར་རྨད་དུ་བྱུང་བ་རྣམས་དང་། དཔག་བསམ་གྱི་ཤིང་དང་། བདུད་རྩིའི་ཆུ་ཀླུང་དང་། སྐྱེད་མོས་ཚལ་དང་། རྫིང་བུ་ལ་སོགས་པ་ཞིང་གི་བཀོད་པ་ཚད་མེད་པའི་དབུས་ན། ཡིད་

p. 724

བཞིན་གྱི་རིན་པོ་ཆེ་རིན་ཐང་མེད་པའི་ཁྲི་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་ལྟ་བས་མི་ངོམས་པ། འཁོར་ཚོགས་རྒྱ་མཚོ་དང་ཐབས་གཅིག་ཏུ་བཞུགས་པའི་སྤྱན་སྔར། རང་ཉིད་ཀྱིས་མངོན་པར་སྤྲུལ་པའི་རིན་པོ་ཆེའི་པདྨ་ལ་འདུག་ནས་ཕྱག་འཚལ་བ་ལ་སོགས་པ་བསོད་ནམས་མངོན་པར་འདུ་བྱ་བ་དག་བསྒྲུབས་པས། དེ་བཞིན་གཤེགས་པ་དེས་ཟབ་མོའ་ཆོས་དང་བདག་ཉིད་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ནོད། དེའི་མཐུས་སེམས་ཅན་ཚད་མེད་པ་དག་སྨིན་གྲོལ་ལ་བཀོད་པར་དམིགས་ལ། ད་ནི་བདག་གིས་དགོས་པའི་དོན་གྲུབ་ཟིན་གྱི་རང་གི་ལུས་ལ་འཇུག་པར་བྱའོ། །ཞེས་བསམས་ནས་རང་གནས་སུ་འོངས་ཏེ། རང་གི་ལུས་དམ་ཚིག་པར་གནས་པའི་སྤྱི་བོ་ནས་སྙིང་གར་ཞུགས་ལ་སྔར་གྱི་སྒོམ་པའི་འཕྲོ་གསལ་བར་བྱའོ། །ཉིན་དེ་ལྟ་བུ་ཡང་ཡང་བསྒོམས་ནས་ནུབ་མོ་ཉལ་བའི་དུས་སུ་མགྲིན་པའི་

p. 725

དབུས་ཀྱི་ༀ་ལ་ཤེས་པ་གཏད་ལ། དོ་ནུབ་རྣམ་པར་སྣང་མཛད་ཀྱི་ཞིང་བལྟ་བར་བྱའོ་སྙམ་པ་བྱ། དེས་མ་ཟིན་པར་རྨི་ལམ་རང་མཚན་པ་བྱུང་ནས་ངོ་ཤེས་ན་རྨི་ལམ་རང་དུ་བསྒྱུར་བས་ཆོག །མ་ཤེས་ན་ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་པ་ལ་དེ་ལྟར་མ་ཤེས་པ་རེ་མ་ལེགས་སྙམ་དུ་བྱས་ལ་དྲག་ཏུ་བསྒོམས་པས་ཇི་ལྟར་བསམ་པ་བཞིན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ཉིན་བཅོམ་ལྡན་འདས་མི་བསྐྱོད་པ་མངོན་པར་དགའ་བའི་ཞིང་འཁོར་ཆོས་ཀྱི་བཀོད་པ་ཚད་མེད་པ་དང་བཅས་པ་མངོན་པར་བལྟ་བའི་སྦྱོར་བ་བསྒྲུབས་ནས། མཚན་ཉལ་བའི་ཚེ་ན་དེ་རིང་བསྒོམས་པ་ཇི་ལྟ་བར་དོ་ནུབ་བསྟན་ལ་དབབ་པར་བྱའོ། །ཞེས་མདུན་གྱི་ཨ་ཡིག་སྔོན་པོ་ལ་ཤེས་པ་གཏད་དེ་རྩལ་སྦྱངས་པས་འགྲུབ་པ་དང་། ཉིན་རིན་པོ་ཆེ་བཀོད་པའི་ཞིང་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་འཁོར་རྒྱ་མཚོ་དང་བཅས་པ་གསལ་བར་བལྟ་ཞིང་། མཚན་ནུ་ཡིག་སེར་པོ་ལ་སེམས་གཏད་དེ་རྩལ་སྦྱོང་བ་དང་། ཉིན་

p. 726

མགོན་པོ་འོད་དཔག་ཏུ་མེད་པ་འཁོར་ཚོགས་དུ་མ་དང་བདེ་བ་ཅན་གྱི་ཞིང་རྣམ་པར་བཀོད་པའི་ཚུལ་རབ་ཏུ་གསལ་བར་དམིགས་ཤིང་། མཚན་ཏ་ཡིག་དམར་པོ་ལ་སེམས་གཏད་པ་དང་། ཉིན་ལས་རབ་གྲུབ་པའི་སངས་རྒྱས་ཀྱི་ཞིང་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འཁོར་ཚད་མེད་པ་དང་བཅས་པ་གསལ་བར་བསྒོམ་ཞིང་། མཚན་ར་ཡིག་ལྗང་གུ་ལ་སེམས་གཏད་དེ་སྦྱང་བ་རྣམས་ཀྱིས་བདེ་བར་གཤེགས་པ་རིགས་ལྔའི་སངས་རྒྱས་ཀྱི་ཞིང་སྦྱོང་ཚུལ་ཏེ། འདི་རྣམས་ཀྱང་ཉིན་ལུས་སེམས་ཕྲལ་བའི་སྦྱོར་བ་དང་། མཚན་མོ་འདུན་པ་དྲག་པོས་མཚམས་སྦྱར་བ་ལས་འགྲུབ་པར་གསུངས་ཏེ། བཀའ་དཔེ་ལས། དེ་བཞིན་ལོག་ཁའི་དུས་སུ་ཡང་། །དེ་རིང་བག་ཆགས་དྲན་བྱས་ཏེ། །ཞེས་དང་། དེའི་འགྲེལ་པར། རྗེ་མར་པས། ཉིན་མོ་སྦྱངས་པའི་དམིགས་པ་ལ་ནུབ་མོ་གསལ་བཏབ་སྟེ། དེ་ནས་རང་གི་རིག་པ་ཡིས། །དཔྱད་ཅིང་གང་ལྟར་བདེ་བར་འཕོ། །ཞེས་པ་འཕོ་བའི་ཡུལ་དང་། འཕོ་བའི་ཐབས་

p. 727

དང་། འཕོ་བར་འགྱུར་བའི་ཐབས་གང་ཡང་རུང་བ་སྤྱད་པར་བྱ་ཞེས་པའི་དོན་ནོ། །འདིས་ནི་སྦྱོང་བར་བྱེད་པ་རྨི་ལམ་གྱི་འཕོ་བ་གནད་ཆེ་བའོ། །ཅེས་གསུངས་སོ། །གཞན་ཡང་མངའ་བདག་ལོ་ཙ་བ་ཆེན་པོའི་གསུང་གིས། འོག་མིན་ནམ། ཨཽ་ཌྱན་ནམ། ཤམྦྷ་ལའམ། པུཥྤ་ཧ་རི་ལ་སོགས་པར་འཕངས་ཏེ། ལུས་ཀྱི་མདའ་སེམས་ཀྱི་གཞུ་དང་སྦྱར་ནས་འཕངས་པས་བདེ་སྟོང་གི་སེམས་སྐྱེ་བར་བྱེད་པ་སྟེ། ཞེས་གསུངས་པས་རྨི་ལམ་དུ་རང་གི་རྩ་བའི་བླ་མ་དང་མཇལ་ནས་ཆོས་ཀྱི་ཟབ་གསང་གི་གནད་ཞུ་བ་དང་། འོག་མིན་དུ་རྡོ་རྗེ་འཆང་ལ་དབང་ཞུ་བ་དང་། ཨཽ་ཌྱན་དུ་བཅོམ་ལྡན་འདས་མ་ལ་དབང་ཞུ་བ་དང་། དགའ་ལྡན་དུ་བྱམས་པ་ལ་ཆོས་ཞུ་བ་དང་། ཤམྦྷ་ལར་རིགས་ལྡན་ལ་ཆོས་ཞུ་བ་ལ་སོགས་པ་འདོད་ན། དེ་དང་དེའི་འདུན་པ་སྔོན་དུ་བཏང་ལ་རྨི་ལམ་ཟིན་པ་དང་། བུམ་པ་ལྟ་བུ་ཅིག་རྨི་ན་རྨི་ལམ་ཡིན་པས་ཅིར་ཡང་བ ཏུབ་པས་འདིའི་ནང་དུ་ཕྱིན་ལ་བླ་མ་ལ་ཆོས་ཞུ་བ་ལ་སོགས་

p. 728

པ་བྱ་སྙམ་དུ་བྱས་ནས་ཞུགས་པས། དེ་དང་དེའི་སྣང་བ་འཆར་ཏེ། རྗེ་མར་པས་བཀའ་དཔེ་རྩ་བའི་སྡོམས་ཀྱི་འགྲེལ་པར། ལོག་ཁར་ཡང་དང་ཡང་དུ་བསྒོམ། །ཞེས་པ་དྲན་པས་མཚམས་སྦྱར་ཏེ་འདུན་པ་སྔོན་དུ་བཏང་ནས་བསྒོམས་པས། དེ་ལྟར་རྨི་ལམ་དུས་སུ་ཡང་། །དམ་དུམ་བག་རེ་འབྱུང་བར་འགྱུར། །ཞེས་ཏེ། ཉིན་མོ་གང་ལ་སྦྱངས་པ་དེ་མཚན་མོའ་ཆ་དེ་ལ་རྩལ་སྦྱང་བ་ཤིན་ཏུ་གལ་ཆེའོ། །དེས་ན་རྨི་ལམ་སྦྱང་བ་ལ། །བཟང་ངན་གང་ཡང་མི་ལྟ་སྟེ། །ཞེས་པས་བཟང་ངན་སེམས་ཀྱི་སྣང་བ་ཙམ་ཡིན་པའི་ཕྱིར། རྟོག་པའི་དྲ་བས་མ་བཅིངས་པར་བྱའོ། །ཅེས་གསུངས་སོ། །དེ་རྣམས་ཐམས་ཅད་ཀྱང་དང་པོར་འོལ་སྤྱི་ཙམ་ལས་མི་འཆར་ཞིང་། དེ་ནས་ཇེ་གསལ་དུ་འགྱུར་ལ། ཕྱིས་མེ་ལོང་གི་ངོས་ལྟར་ཇི་ལྟ་བ་བཞིན་དུ་ཤེས་པ་འབྱུང་ངོ་། །དེ་ལྟར་གོང་དུ་བསྟན་པ་དེ་རྣམས་ཀྱི་དོན་བསྡུས་པ་བསྟན་པ་ནི། བཀའ་དཔེའི་འགྲེལ་པར་རྗེ་མར་པས། འཕོ་བ་བརྟན་པར་གྱུར་ནས་ནི། །ཞེས་པ་རྨི་

p. 729

ལམ་དེ་ཉིད་དུ་རིག་པ་གར་འདོད་དུ་འཕོ་ནུས་པར་གྱུར་ནའང་། སྒྱུ་མ་སྦྱངས་པའི་མཚན་ཉིད་ནི། །ཞེས་པ་རྨི་ལམ་སྒྱུ་མར་ཤེས་པས་རྩལ་སྦྱོང་བ་དེ་དག་གིས་སྔར་གྱི་བསྐྱེད་རྫོགས་ཀྱི་གདམས་པ་གང་བསྒོམས་པའི་འཕྲོ་སྦྱོང་བ་བཀྲིད་པར་བྱ་སྟེ། ཞེས་པ་མཉམ་རྗེས་གཉིས་ཀྱིས་སྔ་མ་ཇི་ལྟ་བཞིན་དུ་བསྒོམ་པར་བྱའོ། །ཅེས་གསུངས་སོ། །འདིར་ཉིན་སྣང་ལ་མཉམ་རྗེས་གཉིས་ཡོད་པའི་རྗེས་ཐོབ་སྒྱུ་ལུས་དང་། མཚན་སྣང་གི་རྗེས་ཐོབ་རྨི་ལམ་བསྲེ། མཚན་སྣང་ལ་མཉམ་རྗེས་གཉིས་ཡོད་པའི་མཉམ་བཞག་འོད་གསལ་དང་། ཉིན་སྣང་གི་མཉམ་བཞག་གཏུམ་མོ་གཉིས་བསྲེས་ཏེ་བསྒོམ་པའོ། །མཆན། འདི་ལ་ཁ་ཅིག་སྐབས་འདིའི་དགའ་ལྡན་དང་བདེ་བ་ཅན་ལ་སོགས་པ་རྣམས་དགའ་ལྡན་དང་བདེ་བ་ཅན་དངོས་གནས་དེ་ཡིན་ནམ། རྨི་ལམ་གྱི་རྟོག་པས་བཏགས་པའི་མཐུལས་སྐབས་དེར་གཉིད་ཀྱིས་བསླད་པའི་འཁྲུལ་སྣང་གི་ངོར་དགའ་ལྡན་སོགས་བདེན་བདེན་ལྟར་འཆར་བ་གང་ཡིན་སྙམ་པའི་ཐེ་ཚོམ་འབྱུང་བར་འགྱུར་ཏེ། དེའི་

p. 730

ཕྱིར་བརྗོད་ན། སྤྱིར་དགའ་ལྡན་སོགས་འཁོར་འདས་ཀྱི་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རང་གི་ལུས་སེམས་ལས་རྒྱང་ཆོད་པར་ཕྱི་རོལ་ལྟར་སྣང་བ་དང་། ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་ལས་ཐ་དད་པར་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས་ལ་ཡོད་པ་ལྟར་སྣང་བ་དང་། ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་གཞི་ཁས་ལེན་མི་ལེན་གྱི་ལུགས་གང་ཡིན་ཀྱང་གསང་བ་རང་སེམས་ལ་གློ་བུར་དྲི་མའི་བག་ཆགས་དང་སངས་རྒྱས་ཀྱི་རིགས་གཉིས་སྨིན་པ་དང་སད་པ་ལས་འཁོར་འདས་ཀྱི་ཆོས་འབྱུང་བ་ལྟར་སྣང་ཞིང་། དེས་ན་གསང་བ་རང་གི་སེམས་ཀྱི་རྣམ་བྱང་གི་བྱེད་པས་ནང་རྡོ་རྗེའི་ལུས་ལ་གློ་བུར་དྲི་མ་འཁོར་བའི་བག་ཆགས་རྩ་ཐིག་རླུང་གསུམ་གྱི་ཁམས་ལ་ཡོད་པ་དེ་སྦྱངས། ནང་རྡོ་རྗེའི་ལུས་ལ་མྱང་འདས་ཆེན་པོའ་རྒྱུ་སངས་རྒྱས་ཀྱི་རིགས་རྩ་ཐིག་རླུང་གསུམ་ལ་ཡོད་པ་དེ་འོད་གསལ་བར་སྟོབས་ལྡན་དུ་བྱས་སྟོབས་ཀྱིས་གསང་བ་རང་སེམས་ལ་ཡོད་པའི་འཁོར་བའི་བག་

p. 731

ཆགས་ཤུགས་ལ་སྤངས་ནས། སེམས་ལ་ཡོད་པའི་སངས་རྒྱས་ཀྱི་རིགས་གཉིས་སངས་རྒྱས་སུ་རིམ་གྱིས་འཆར་བའི་ཚེ། གཞན་མཆོག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་འཆར་བས་ཉམས་སམ་རྟོགས་པ་དེའི་ངོར་ཡང་འཁོར་འདས་ཀྱི་ཆོས་རང་རྒྱུད་ཀྱིས་བསྡུས་པ་རྡོ་རྗེའི་སྲིད་གསུམ་ལ་སོགས་པ་དང་། གཞན་རྒྱུད་ཀྱིས་བསྡུས་པ་ཐ་མལ་པའི་སྲིད་གསུམ་ལ་སོགས་པ་ཐམས་ཅད་པྲ་ཕབ་པའི་སྣང་བ་ལྟར་ཡེ་ཤེས་ཀྱི་རང་ཉམས་ལས་གཞན་དུ་མ་ཡིན་པར་སྣང་བ་ཡིན་ལ། དེས་ན་རང་ལ་ཤར་བའམ་རང་རྒྱུད་ཀྱིས་བསྡུས་པའི་ཕྱི་ནང་གསང་གསུམ་གྱི་དགའ་ལྡན་ལ་སོགས་པར་སྣང་བ་ནི་དགའ་ལྡན་ལ་སོགས་པ་དངོས་ཡིན་མིན་གྱི་ཁྱད་པར་ཅི་ཡང་མེད་དེ། དོན་དུ་གྲུབ་པའི་དགའ་ལྡན་སོགས་ནི་གང་ནའང་མེད། བདེན་པར་མེད་བཞིན་དུ་སེམས་ལ་གནང་བའི་དགའ་ལྡན་སོགས་ནི་གསུམ་ཀར་གྱི་སྐབས་སུ་དེའི་གོ་ཆོད་པའི་ཕྱིར། འོ་ན་ཕྱི་ནང་གསང་གསུམ་གྱི་དགའ་ལྡན་སོགས་རང་རྒྱུད་ཀྱིས་བསྡུས་

p. 732

པ་རང་ལ་སྣང་བ་དེ་དང་། གཞན་རྒྱུད་ཀྱིས་བསྡུས་པ་གཞན་ལ་སྣང་བ་དེ་གཉིས་ཚུལ་མཚུངས་པར་སྣང་དུ་རུང་ངམ་ཞེ་ན། འདི་ལའང་ཕྱིའི་ཡུལ་སོགས་ནི་རང་གཞན་ལས་མཐུན་པར་བསགས་ན་ལས་སྣང་མཐུན་པར་འཆར་རུང་ལ། མ་བསགས་ན་དེར་འཆར་བའི་ངེས་པ་མེད་པ་དང་། ལྷག་པར་གསང་བ་སེམས་དག་མ་དག་གི་བྱེད་བཅིངས་ཀྱིས་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་དག་མ་དག་གི་ཡུལ་དུ་གནད་བཅིངས་པས་རྨི་ལམ་དུ་དགའ་ལྡན་སོགས་རང་སྣང་ལ་ཤར་བ་རང་རྒྱུད་ཀྱིས་བསྡུས་པ་དེ་དང་། གཞན་སྣང་ལ་འཆར་བ་གཞན་རྒྱུད་ཀྱིས་བསྡུས་པ་དེ་གཉིས་སྣང་བ་མི་འགལ་བར་རྟེན་འབྲེལ་ལ མ་ལྟོས་བཞག་གི་དབང་གིས་འཆར་རུང་བ་ཞིག་ནི་ཡོད་པས། གང་ཟག་སོ་སོ་ལ་སྣང་བ་དེ་གཉིས་མི་འགལ་བར་མཚུངས་པར་འཆར་རུང་བའི་རྒྱུ་མཚན་ཅི་ཞེ་ན། གང་ཟག་སོ་སོ་བ་དེ་ཤེས་པ་རྒྱུད་ལྡན་ཡིན་ཅིང་། གང་ཟག་སོ་སོའི་ཤེས་པས་སོ་སོའི་ཤེས་བྱའི་ཡུལ་ལ་འཇུག་པ་ན། ཤེས་བྱ་རིགས་མཐུན་ཤེས་བྱེད་སོ་སོའ་ཤེས་པ་ལ་མཚུངས་པར་སྣང་

p. 733

བའམ་འཆར་དུ་རུང་བའི་རྒྱུ་མཚན་གྱིས་སྣང་བ་གཉིས་མི་འགལ་བར་མཚུངས་འདྲར་སྣང་བ་ནི་གྲུབ་བོ། །མཆན། དེ་གཉིས་ཀྱི་མཐོང་བ་ཐུན་མོང་དུ་གྱུར་པ་ཞིག་ཡོད་པར་རློམ་པ་ཡིན་ཀྱང་། དོན་ལ་སོ་སོའ་རྒྱུད་ཀྱིས་མ་བསྡུས་པའི་ཡུལ་ཕྱི་རོལ་དུ་སྣང་གཞི་ཐུན་མོང་བ་ཡན་གར་དུ་ཡོད་པ་མ་ཡིན་ནོ། །ཡང་གསང་བ་སེམས་ཀྱིས་ནང་ལུས་ལ་གནད་དུ་བསྣུན་པའི་བྱེད་པ་མ་བྱང་ཞིང་རྣལ་འབྱོར་འཁྲུལ་མེད་དུ་མ་གྱུར་པའི་སྐབས་ཀྱི་སྣང་བ་ལ་ནི། དགའ་ལྡན་སོགས་རང་གཞན་གྱི་རྒྱུད་གཉིས་ཀ་ལ་མཐུན་པར་སྣང་བའི་སྣང་བ་ཡང་དག་པ་འཆར་བའི་ངེས་པ་ཡང་མེད་དོ། །འོ་ན་ཡུལ་དེ་དག་ཕྱི་ནང་གསང་གསུམ་ལྷན་ཅིག་སྐྱེས་པའི་རྟེན་འབྲེལ་ལ་ལྟོས་ནས་དེ་ལྟར་སྣང་བ་བདེན་མེད་སྒྱུ་མ་ལྟ་བུའི་རྣམ་རོལ་ཡིན་པས། དེ་ལ་གནད་བཅིངས་ནས་སྒྲིབ་གཉིས་སྤོང་། ཚོགས་གཉིས་བསགས་ནས་གཞན་མཆོག་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་སྒྲུབ་པའི་ཚུལ་འདི་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་སོགས་

p. 734

པ་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ལས་གཞན་འགར་ཡང་སྟོན་པ་བདེ་བར་གཤེགས་པ་ཉིད་ཀྱིས་མ་གསུངས་ལ། དེ་ལྟ་བུའི་སྒྲུབ་བྱེད་དང་བསྒྲུབ་བྱ་ལ་ཕྱག་རྒྱ་ཆེན་པོའ་རྣལ་འབྱོར་དང་། ཕྱག་རྒྱ་ཆེན་པོའ་གོ་འཕང་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་རྡོ་རྗེའི་སློབ་དཔོན་ཆེན་པོ་དཔལ་དབྱངས་ཅན་བཟང་པོའ་གསུང་རབ་ལས་འབྱུང་བའི་ཟབ་གསང་གི་གནད་འདི་ལྟ་བུ་ནི་ཕལ་གྱིས་ཁོང་དུ་ཆུད་པར་དཀའ་ཡང་། སྐལ་ལྡན་ཐར་པ་འདོད་པ་དག་ཕྱོགས་འདིར་འབད་པ་དུ་མས་བློ་གྲོས་ཀྱི་མིག་ལེགས་པར་ཕྱེས་ཤིག །འོ་ན་དོན་དུ་གྲུབ་པའི་ཆོས་གང་ཡང་མེད་ན་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་སོགས་ཀྱང་ཇི་ལྟར་འཐད་ཞེ་ན། དེ་ཡང་དོན་དམ་རང་བཞིན་གྱིས་གྲུབ་པ་ཡོད་པའི་དབང་དུ་བྱས་པ་མ་ཡིན་གྱི། རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་སྒྱུ་མ་ལྟ་བུའི་དབང་གི་ངོར་བཞག་པ་ཡིན་པས་འགལ་བ་ཅུང་ཟད་ཀྱང་མེད་དོ། །གསུམ་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། ཆོས་ཐམས་ཅད་ཡེ་

p. 735

ནས་རྨི་ལམ་སྒྱུ་མ་ལྟ་བུ་ཡིན། སྦྱང་གཞི་དང་སྦྱོང་བྱེད་གཉིས་ཀ་དངོས་པོ་དང་མཚན་མར་གྱུར་པ་མེད་པས། རང་གི་སེམས་མ་བཅོས་པ་གསལ་བ་མི་རྟོག་པ་དེ་ཁོ་ན་ཉིད་ཀྱི་ངང་ལ་བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་བཞག་པ་སྟེ། བཀའ་དཔེ་ཚིག་ལྷུག་མར། རྨི་ལམ་གྱི་དེ་ཁོ་ན་ཉིད་ནི་དེ་དག་ཐམས་ཅད་སྐྱེ་བ་མེད་པས་ཕྱག་རྒྱ་ཆེན་པོའ་ངང་ལ་བཞག་པའོ། །ཅེས་གསུངས་སོ། །དེ་ལྟར་བསྒོམས་པས་དུས་ཇི་ཙམ་ན་རྨི་ལམ་ཟིན་པར་འགྱུར་ཅེ་ན། འཁོར་ལོའ་བདག་པོ་ལོ་ཙ་བ་ཆེན་པོའ་ཞབས་ཀྱིས་བཀའ་དཔེའི་འགྲེལ་པར། གོང་དུ་བསྟན་པའི་གདམས་པ་ལྟར། །ཡང་དང་ཡང་དུ་གོམས་བྱས་པས། །བླ་མའི་བྱིན་རླབས་ཀྱིས། །མོད་ལ་ཟིན་པ་དག་ཀྱང་ཡོད། །དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་སོགས་རྒྱུད་སྦྱངས་ཏེ་ཡི་གེ་ལྔ་ལ་བརྟེན་པས། ལོ་ཡིས་ཟིན་པ་དག་ཀྱང་ཡོད། དེ་ནི་ཐ་མ་སྟེ། ཡང་རྩ་ལྟུང་ཕོག་པའི་ཁྲིམས་ཉམས་ཤིང་སྡོམ་པ་ཞིག་པའམ་བག་ཆགས་མ་དག་པས། གཏན་

p. 736

མ་ཟིན་པ་དག་ཀྱང་ཡོད། དེ་ལ་ཐབས་བླ་མའི་གདམས་པས་ཚོགས་བསོག་བྱ། ཚོགས་གཏོར་མང་དུ་བྱ། དུས་ཁྱད་པར་ཅན་ལ་ག་ཎ་ཙཀྲ་བྱ། དམ་ཚིག་དང་སྡོམ་པའི་བཤགས་བསྡམ་བྱ། དེ་ནས་གདམས་པ་བཏབ་ནས་བསྒོམས་པས། དེ་ལྟར་ཡང་དང་ཡང་བསྒོམས་པས། །རྨི་ལམ་བྱིན་གྱིས་བརླབས་པ་ཡིན། །ཞེས་པ་རྨི་ལམ་སྒྱུ་མར་འཆར་བའི་དོན་ཏེ། དེ་ཡིས་བར་དོར་སླེབ་པར་འགྱུར། ཉིན་མོའ་འཁྲུལ་རྟོག་རྨི་ལམ་དུ་མི་འཆར། ཤར་ཡང་ཞིག་ནས་སྒྱུ་མར་ལམ་དུ་སློངས་པ་དེས་སྲིད་པ འམ་བར་མ་དོའ་ལུས་དག་པའི་ལུས་སྒྱུ་ལུས་སུ་བྱིན་གྱིས་བརླབས་ནས་འོང་། ཞེས་རྗེ་ནཱ་རོ་པས་གསུང་ངོ་། །ཅེས་བཀའ་སྩལ་ཏོ། །ད་ནི་བཀའ་བརྒྱུད་རིན་པོ་ཆེའི་གསུང་གིས་རྨི་ལམ་ལམ་གྱི་ཚོད་འཛིན་ཞེས་གསུངས་པའི་ཚོད་ཇི་ལྟར་འཛིན་པ་བརྗོད་པར་འདོད་དེ། དེ་ཡང་རབ་འབྲིང་ཐ་མ་གསུམ་གྱི་རབ་ནི། གཏུམ་མོ་ལེགས་པར་བསྒོམས་པས་ཉི་ཟླ་སྒྲ་གཅན་གསུམ་དྷཱུ་ཏིར་ཆ་མཉམ་དུ་དག་པར་བཞུ་བཏུལ་

p. 737

བྱས་པའི་སྣང་གསུམ་འོད་གསལ་དུ་ཐིམ་པ་དེས་སད་དུས་དང་སྙོམས་འཇུག་གི་ཐིག་ལེའི་གནས་སྐབས་སྦྱངས་ནས། དེ་གཉིད་ཀྱི་དུས་སུའང་ལེགས་པར་སྦྱར་བས་གཉིད་ཀྱི་ཐིག་ལེའི་གནས་སྐབས་སྦྱངས་པས་ཐམས་ཅད་སྟོང་པ་འོད་གསལ་ཆོས་སྐུ་མངོན་དུ་བྱེད་ལ། དེའི་ངང་ནས་སྒྱུ་ལུས་ཀྱི་སྐུ་རླུང་སེམས་ལས་འགྲུབ་པ་རྨི་ལམ་ཙམ་དུ་སྤྲུལ་བསྒྱུར་ལ་རང་དབང་ཐོབ་པར་བྱས་ནས་རྨི་ལམ་གྱི་ཐིག་ལེའི་གནས་སྐབས་སྦྱངས་ཤིང་། སླར་ཡང་ཐུགས་ཆོས་སྐུ་འོད་གསལ་བར་བཞུགས་ཤིང་། སྐུ་སྒྱུ་མའི་ལུས་མཚན་དང་དཔེ་བྱད་འབར་བར་ལྡང་བ་གཉིས་ཟུང་དུ་འཇུག་ཐུབ་པའི་རྨི་ལམ་གྱི་མཚན་མ་བྱུང་ན། ཚེ་འདི་ཉིད་ལ་ལམ་གྱི་བྱ་བ་བྱས་ནས་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཏེ། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པས། །སངས་རྒྱས་འོད་ནི་བཟང་པོར་མཐོང་། །སངས་རྒྱས་རྫོགས་ལོངས་སྤྱོད་པ་

p. 738

ཡི། །སྐུར་ཡང་བདག་ཉིད་མྱུར་དུ་མཐོང་། །སེམས་དཔའ་ཆེན་པོ་ཁམས་གསུམ་པས། །མཆོད་པ་བྱེད་པར་དེ་མཐོང་ངོ་། །ཡེ་ཤེས་ཆེན་པོ་འོད་འདྲའི་གཟུགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །རྟག་ཏུ་མཆོད་པ་བྱེད་པར་མཐོང་། །རྡོ་རྗེ་སེམས་དཔའི་གཟུགས་ཆེན་དང་། །གྲགས་པ་ཆེན་པོ་རྡོ་རྗེའི་ཆོས། །གསང་བ་རྡོ་རྗེ་གྲགས་པ་ཆེར། །རྨི་ལམ་དག་ན་རང་གཟུགས་མཐོང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན། །སངས་རྒྱས་ཆེན་པོ་ཕྱག་འཚལ་བའི། །རྨི་ལམ་འདི་འདྲ་མཐོང་གྱུར་པ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེར། །ཞེས་གསུངས་སོ། །འབྲིང་ནི། ད་ལྟ་གཏུམ་མོ་དང་འོད་གསལ་སྒོམ་སྟོབས་ཀྱིས་གཉིད་ཀྱི་སྟོང་པ་བཞི་ཇི་ལྟ་བ་ཟིན་ནས་རྨི་ལམ་སྒྱུ་ལུས་སུ་ལྡང་ཐུབ་ན་འཆི་སྲིད་ཀྱི་འོད་གསལ་ཇི་ལྟ་བ་ཟིན་ནས་བར་དོ་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་བའི་རྨི་ལམ་གྱི་མཚན་མ་འབྱུང་བ་ནི། དེ་ཉིད་ལས། རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་

p. 739

མེད་མཐོང་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །ཞེས་གསུངས་ལ། རྗེ་བཙུན་སྒམ་པོ་པས། རྨི་ལམ་ལན་ཅིག་ཟིན་ན་བར་དོ་ངོས་མི་ཟིན་པ་མི་སྲིད་ཅིང་། དེ་ཟིན་ན་དེར་འཚང་རྒྱ་བ་ཐེ་ཚོམ་མི་བྱ་གསུང་བ་ཡང་། རྣལ་འབྱོར་པ་མཚན་མ་འདི་ཙམ་མཐོང་བའི་དབང་དུ་མཛད་པ་ཡིན་ནོ། །མཐའ་མ་ནི། ད་ལྟ་གཉིད་ཀྱི་སྟོང་པ་བཞི་འོད་གསལ་དུ་ཟིན་ཀྱང་རྨི་ལམ་གྱི་ལུས་སྒྱུ་ལུས་མཚན་ཉིད་པར་ལྡང་མ་ཐུབ་ཅིང་། རྗེས་མཐུན་པ་ཙམ་བསྐྱེད་ནུས་ནའང་གསང་སྔགས་སྤྱོད་པའི་རིག་འཛིན་གྱི་གནས་ལྟ་བུར་སྨོན་ལམ་དང་རླུང་སེམས་ཀྱི་འཕེན་པ་ལས་རུང་གིས་སྐྱེ་བ་བླངས་ནས་དེར་འཚང་རྒྱ་བའི་མཚན་མ་ནི། དེ་ཉིད་ལས། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི། །ལྷ་ཡི་བུ་མོ་ཡིད་འོང་དང་། །ཁྱེའུ་བུ་མོ་དག་མཐོང་ན། །དེ་ནི་དངོས་གྲུབ་འཐོབ་པར་འགྱུར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། །ཞིང་ན་བཞུགས་པ་ངེས་པར་མཐོང་། །ཐུགས་ནི་

p. 740

དགྱེས་པར་གྱུར་ནས་ཀྱང་། །ཆོས་མཛོད་ཡིད་དུ་འོང་བ་སྩོལ། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་ལུས། །སངས་རྒྱས་ཀུན་གྱིས་ཡོངས་བསྐོར་བ། །བསམ་གཏན་རྡོ་རྗེ་ལ་གནས་པའི། །དམ་ཚིག་སྦྱོར་བས་མཐོང་བར་འགྱུར། །ཀུན་དགའ་ར་བ་སྐྱེད་མོས་ཚལ། །ལྷ་ཡི་བུ་མོ་སོགས་པས་བརྒྱན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །བསམ་གཏན་དམ་ཚིག་ཅན་གྱིས་མཐོང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དེ་ནི་མངོན་པར་དབང་བསྐུར་མཐོང་། །རིག་འཛིན་རྒྱལ་པོ་ཆེན་པོ་ཡིས། །མཆོད་པ་བྱས་པ་དེ་མཐོང་ངོ་། །ཞེས་གསུངས་ལ། གཞན་ཡང་སོ་ཐར་དང་བྱང་སྡོམ་ཚེ་རབས་བརྗེས་ནས་མི་གཏོང་བ་སོགས་ཀྱི་རྒྱུད་ལེགས་པར་དག་པ་ལ་ནི་རྨི་ལམ་རྨི་ལམ་དུ་འདུན་སྟོབས་ཀྱིས་ཟིན་ནས་ཡ་ང་བའི་གནས་ལ་ཡ་ང་བ་མི་འབྱུང་བར་སྦྱངས་པ་ཅན་དེ་ནི་བར་སྲིད་དུའང་འདུན་སྟོབས་ཀྱིས་བར་སྲིད་དུ་ངོ་ཤེས་ནས་སྔར་བསྒོམས་པའི་བྱང་སེམས་ཀྱི་དགེ་རྩ་ཁྱད་ཅན་གྱིས་རྒྱུད་ཡོངས་སུ་འགྱུར་བའི་སྟོབས་ལས་སྔོན་ལས་ཀྱི་སྐྱེ་གནས་ངན་པར་འཕངས་པའི་ངན་སོང་གི་སྣང་བ་

p. 741

སོགས་འཆར་ཡང་། དེ་ལ་སྔངས་སྐྲག་སོགས་ཀྱི་ཡ་ང་མི་སྐྱེ་བར་དེའི་འཇིགས་པ་ལས་གྲོལ་ཏེ་ཞིང་དག་པར་སྐྱེ་བར་འགྱུར་བའང་ཡོད་དོ། །མཆན། མདོར་ན་རྗེ་བཙུན་ནཱ་རོ་པ་ཆེན་པོ་དང་མངའ་བདག་ལོ་ཙཱ་བ་ཡབ་སྲས་ཀྱི་བཞེད་པས་མཚན་མོ་གཉིད་ཀྱི་འོད་གསལ་ལས་རྨི་ལམ་སྒྱུ་ལུས་སུ་ལྡང་ཅི་ཐུབ་དང་། སླར་ཡང་དེ་འོད་གསལ་དུ་བཞུགས་པ་ལ་དབང་ཅི་འབྱོར་དང་། ཡང་དེ་ཉིད་ལས་སྒྱུ་ལུས་ཀྱི་སྐུར་ལས་སུ་ཅི་རུང་དང་། ཉིན་པར་གཏུམ་མོའ་རྣལ་འབྱོར་གྱིས་དགའ་བཞིའི་མཐའི་ལྷན་སྐྱེས་ཀྱི་དགའ་བདེའི་གསལ་སྣང་ལ་སྟོང་གཟུགས་ཕྱག་ཆེན་རྡོ་རྗེ་སེམས་དཔར་ཤར་བ་གཉིས་ཕན་ཚུན་ནུས་པ་ཁྱད་པར་ཅན་འདོན་པའི་སྒོ་ནས་སྒྱུ་ལུས་ཀྱི་བོགས་རྩལ་དུ་འདོན་པ་ཡིན་ཏེ། པཎ་ཆེན་ནཱ་རོས། རིམ་ལྔ་བསྡུས་གསལ་དུ། རྨི་ལམ་ལུས་ནི་རྣམ་བྱང་ཕྱིར། །སྒྱུ་མར་མཚོན་པའི་དུས་གང་ལས། །ཡུལ་སྣང་ཀུན་རྫོབ་གང་བྱུང་བ། །སྒྱུ་མ་ལྟ་བུའི་རིམ་པའོ། །ཞེས་གསུངས་སོ། །དེ་ལྟར་མཚན་སྣང་གསལ་བྱེད་རྨི་ལམ་

p. 742

འཁྲུལ་པ་རང་སངས་ཀྱི་རིམ་པ་འདི་ནི་བར་དོ་དང་སྒྱུ་མ་བར་པ་སྟེ། བཀའ་དཔེ་ཚིག་ལྷུག་མར། འདི་ཡང་ལུས་བག་ཆགས་ཀྱི་ལུས་ལ་བརྟེན་ནས་བསྒོམ། བར་དོ་རྨི་ལམ་བར་དོ། བསྲེ་བ་ནི་རྨི་ལམ་དང་སྒྱུ་མ་བསྲེ། སྒྱུ་མ་བར་པའོ། །རྗེ་ནཱ་རོ་པཎ་ཆེན་གྱི་རྨི་ལམ་ལམ་དུ་འཁྱེར་བའི་ཞལ་གྱི་གདམས་པའོ། །ཅེས་གསུངས་སོ། །འདིར་སྨྲས་པ། སྣང་གསུམ་སྟོང་པར་ཐིམ་པའི་འོད་གསལ་ལ། །གཅིག་དང་དུ་བྲལ་རྟོག་པའི་བློས་མིན་པར། །པྲ་ཕབ་ཕྱག་རྒྱ་ཆེན་པོས་འཁྱུད་པ་ཡི། །དབྱེར་མེད་ཆུ་ཟླའི་སྐུ་ཡི་སྣང་བརྙན་གྲུབ། །དྷཱུ་ཏིའི་མགྲིན་པར་ཆུ་སྐྱེས་རྒོད་པ་ལ། །རླུང་སེམས་བྱེད་པ་བཅིང་བའི་རྣལ་འབྱོར་གྱིས། །འཁྲུལ་རྟོག་གཞི་རྩ་བྲལ་བའི་ཟུང་འཇུག་ལམ། །རྒྱུད་རྒྱལ་སྙིང་པོའ་གནད་གསང་འདི་ལྟོས་ཤིག །ཅེས་སོ། །བཞི་པ་གཉིད་སྟུག་བསལ་བྱེད་འོད་གསལ་མ་རིག་མུན་སེལ་གྱི་གདམས་པ་ལ། ཉིན་མོའ་སྣང་བ་འོད་གསལ་དུ་གཞུག་པ་དང་། མཚན་མོའ་གཉིད་སྟུག་འོད་གསལ་དུ་གཞུག་པ་

p. 743

དངོས་སོ། །དང་པོ་ལ། གོ་བར་བྱ་བ་དང་། ཉམས་སུ་ལེན་པ་གཉིས་ལས། དང་པོ་ནི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་ཏེ། དེ་ཡང་སེམས་ཆོས་ཅན་དུ་བཟུང་ནས། དེའི་ཆོས་ཉིད་འོད་གསལ་བར་བསྟན་ཏེ། ཆོས་ཅན་དེའི་ཆོས་ཉིད་དོན་དམ་བདེན་པ་མཚོན་བྱར་བྱས་པ་ཞིག་ཡོད་ལ། དེའི་ཚེ་ན་སེམས་དེའི་རང་བཞིན་རྣམ་དག་གི་ཆ་ལ་འོད་གསལ་དུ་བརྗོད་དེ། དེ་ཡང་ཆོས་ཅན་དང་། ཆོས་ཉིད་དང་། སེམས་དང་། དེའི་འོད་གསལ་སོགས་གཅིག་དང་ཐ་དད་པ་ནི་སྤྲོས་པ་ཡིན་ལ། དེ་དང་དེ་དག་གི་མཚན་མ་དང་མཚན་འཛིན་ཐམས་ཅད་གདོད་ནས་དག་པ་རང་བཞིན་རྣམ་དག་གི་འོད་གསལ་དང་། དེ་ལམ་གྱི་བྱ་བ་བྱས་སྟོབས་ཀྱིས་མངོན་དུ་བྱས་ཞེས་མིང་གིས་མཚོན་པར་བྱས་ལ། ཡིན་ལུགས་སུ་མཚོན་པ་གང་གིས་ཀྱང་མཚོན་པར་མི་ནུས་པ་དེ་དག་པ་གཅིག་ལྡན་གྱི་ཁར། གློ་བུར་

p. 744

རྣམ་དག་གི་འོད་གསལ་བར་ཡང་བཤད་ལ། འོད་གསལ་འདི་ནི་རྣམ་གྲངས་མིན་པའི་དོན་དམ་བདེན་པར་བརྗོད་ཀྱང་། ཡང་དག་པར་ན་ཇི་ལྟར་སྨྲ་བསམ་གྱིས་མཚོན་ནུས་ཤེས་ནུས་དེ་སྲིད་དུ་འོད་གསལ་བའི་སྟོང་ཉིད་དོན་དམ་བདེན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། འགྲོ་བའི་མགོན་པོ་ཞང་གཡུ་བྲག་པ་ཆེན་པོས། ཆུ་ནང་ཟླ་སྐར་གཟུགས་བརྙན་དེ། །ཚ གས་ཀྱིས་ཐུབ་ན་གཟུགས་བརྙན་མིན། །ནམ་མཁའ་རྣམ་པར་དག་པ་དེ། །སྐམ་བཤེར་བྱུང་ན་ནམ་མཁའ་མིན། །འོད་གསལ་སྟོང་ཉིད་དོན་དམ་དེ། །རྟོགས་རྒྱུར་བྱུང་ན་དེ་ཉིད་མིན། །ཅེས་གསུངས་པས་སོ། །འོད་གསལ་བའི་རྣམ་པར་བཞག་པ་འདི་ཙམ་ནི་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀར་གསུངས་པས་སྤྱི་དོན་གྱི་འོད་གསལ་ཞེས་བྱ་ལ། སྔགས་བླ་ན་མེད་པའི་ཐེག་པར་གསུངས་པའི་འོད་གསལ་བ་ལ་ཡང་། བསྐྱེད་རིམ་གྱི་སྐབས་སུ་འཆི་སྲིད་དང་བསྐལ་པ་དང་པོའ་སེམས་ཅན་འཆི་རིམ་དང་མཐུན་པར་སྦྱང་བའི་ཆེད་ཀྱི་འཆི་བ་འོད་གསལ་བར་

p. 745

སྦྱང་བ་དང་། ལྷག་མོས་ཀྱི་ལྷ་འོད་གསལ་དུ་བསྡུ་བ་སོགས་ཀྱི་འོད་གསལ་དང་། ཡང་དབང་གི་སྐབས་སུ་དཔེའི་འོད་གསལ་ཕྱག་རྒྱའི་རྐྱེན་གྱིས་སྣང་གསུམ་གྱི་མཐར་འབྱུང་བ་དང་། ཡང་སོར་བསམ་གྱིས་དབུ་མ་སྦྱངས་ནས་ཡུལ་དང་ཡུལ་ཅན་གྱི་སྣང་རིག་སྟོང་ཆེན་དུ་གཞལ་བའི་གཞལ་བྱ་ལ་སྲོག་འཛིན་གྱི་ཁམས་བཞུ་བཏུལ་བྱས་པའི་བདེ་ཆེན་གྱི་ཤེས་པ་ཚད་མར་གྱུར་པའི་མྱོང་བ་ལ་དུ་སོགས་ཀྱི་སྣང་ཆ་དཔག་མེད་འཆར་བ་ལ་འོད་གསལ་གྱི་སྣང་བ་ཤར་བྱ་བ་སྟེ། འདིའི་དང་པོ་ནི། རྫོགས་རིམ་གྱི་འོད་གསལ་མཚན་ཉིད་པ་འཆི་སྲིད་དངོས་ལམ་ཁྱེར་གྱི་ཡན་ལག་གི་རྟོག་པ་སྨིན་བྱེད་དུ་གྱུར་པའི་གསང་སྔགས་པ་རྣམ་པ་ལམ་བྱེད་ཀྱི་འོད་གསལ་རྗེས་མཐུན་པ་དང་། གཉིས་པ་ནི། མཆོག་གི་འོད་གསལ་གྱི་རིགས་མངོན་དུ་སད་བྱེད་རྐྱེན་གྱི་འོད་གསལ་ཡིན་པས་འོད་གསལ་རྗེས་མཐུན་པ་ཙམ་དང་། གསུམ་པ་ནི། རླུང་ལས་རུང་གིས་དབུ་མར་བྱང་ཆུབ་ཀྱི་སེམས་དབབ་བཟློག་བྱས་པ་ལ་བརྟེན་ནས་སྣང་གསུམ་གྱི་མཐར་འོད་གསལ་ཅུང་ཟད་ཟིན་པའི་མྱོང་བ་དང་མྱོང་

p. 746

རྟགས་དབྱེར་མེད་ཀྱི་གྲུབ་བདེ་གཅིག་པར་འབྱུང་བའི་ཕྱིར་འོད་གསལ་བ་ཡང་དག་པ་ཡིན་ནོ། །མཆན། གནས་སྐབས་མིང་ཐ་དད་པས་བཞག་པ་ཁ་ཤས་ཡོད་ཀྱང་སྐབས་འདིའི་འོད་གསལ་ནི་དོན་གྱི་འོད་གསལ་ཁྱད་པར་ཅན་ཞིག་མངོན་དུ་བྱེད་པའི་ཆེད་དུ་སྟེ། དེ་ཡང་སྒྱུ་ལུས་ཀྱི་སྐུ་དངོས་སམ་རྗེས་མཐུན་པ་ཞིག་བསམ་གཏན་གཉིས་ཀྱིས་བསྡུས་ནས་འོད་གསལ་བར་འཇུག་པའམ་འོད་གསལ་བ་མངོན་དུ་བྱེད་པ་ནི་སློབ་པ་དང་མི་སློབ་པའི་འོད་གསལ་བ་སྟེ། འདི་ལས་གོང་དུ་གྱུར་པའི་འོད་གསལ་བ་ནི་ཡོད་པ་མ་ཡིན་ལ། རིམ་པ་འདི་ནི་བདག་བྱིན་རླབས་ལས་རྟོགས་པར་དཀའ་བ་དང་། རྟོགས་བྱེད་བླ་མ་མཆོག་གི་ཞལ་ལས་དག་པར་བསྟན་པ་ནི། སྤྱོད་བསྡུས་ལས། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་རྡོ་རྗེ་སེམས་དཔའི་སྐུར་རྫོགས་པ་ནི། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་རབ་ཏུ་བསྟན་པར་ནུས་ཀྱི། དོན་དམ་པའི་བདེན་པ་ནི་ཡང་ལུས་མེད་པ། དཔེ་མེད་པ། བརྩོམ་པ་

p. 747

ཐམས་ཅད་དང་བྲལ་བ། སོ་སོ་རང་གིས་རིག་པ་སྟེ། དེ་བས་ན་བླ་མའི་ཁ་ལས་བསྟན་པ་མེད་པར་ཤེས་པར་མི་འགྱུར་རོ། །ཅེས་སོ། །གཞན་ཡང་སྔགས་ལུགས་ཀྱི་སྦྱང་གཞི་སྦྱོང་བྱེད་སྦྱར་བའི་འོད་གསལ་གྱི་རྣམ་པར་དབྱེ་བ་ལ་རྗེ་བཙུན་ནཱ་རོ་པ་ཆེན་པོས། འོད་གསལ་འདི་ནི་རྣམ་ལྔ་སྟེ། །རང་བཞིན་གྱི་ནི་འོད་གསལ་དང་། །ཤེས་པའི་འོད་གསལ་འཆར་བ་དང་། །ཏིང་ངེ་འཛིན་གྱི་འོད་གསལ་དང་། །དེ་བཞིན་ཉིད་ཀྱི་འོད་གསལ་དང་། །རྟོགས་པའི་འོད་གསལ་བསྟན་པའོ། །དེ་ལ་དུས་ནི་ལྔ་ཡིན་ཏེ། །འཆི་བའི་དུས་དང་དབུ་མར་གནས། །མཉམ་བཞག་དང་ནི་ལོག་པའི་ཚེ། །མཉམ་རྗེས་རོ་གཅིག་གྱུར་པ་ཡིན། །ལྷག་མཐོང་རྟོགས་པའི་དུས་ཡིན་ནོ། །ཞེས་རང་བཞིན་གྱི་འོད་གསལ་འཆར་བ་འཆི་བའི་ཚེ་དང་རླུང་དབུ་མར་གནས་པའོ། །ཤེས་པའི་འོད་གསལ་མཉམ་བཞག་གི་དུས་དང་། ཏིང་ངེ་འཛིན་གྱི་འོད་གསལ་གཉིད་ལོག་པའི་དུས་དང་། དེ་བཞིན་ཉིད་ཀྱི་འོད་གསལ་མཉམ་རྗེས་

p. 748

འདྲེས་པའི་དུས་དང་། རྟོགས་པའི་འོད་གསལ་ལྷག་མཐོང་གི་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་དུས་སུ་མངོན་དུ་འགྱུར་བར་གསུངས་སོ། །གཉིས་པ་ནི། ལུས་གནད་གཏུམ་མོ་ལྟར་བཅས་ལ་ལྟ་སྟངས་མཛོད་སྤུ འམ་ནམ་མཁར་གཏད་ནས་རྣམ་པར་མི་རྟོག་པ་སྒོམ། དེ་ལ་མི་གནས་ན་རང་ཉིད་ཧེ་རུ་ཀ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་བསྒོམས་པའི་སྙིང་པདྨ་ཉི་མའི་སྟེང་དུ་ཧཱུྃ་ཞིག་གསལ་བར་བསྒོམས་ལ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་བསྡུ། དེ་རང་ཡི་དམ་གྱི་ལྷར་བསྒོམས་པ་ལ་བསྡུས། ཕྱག་བཅུ་དྲུག་པ་དེ་སྤྱི་བོ་ནས་ཡས་ཞུ། རྐང་མཐིལ་ནས་མས་ཞུ་ནས་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་གི་ཞབས་ཀྱུ་ཨཱུ་ཡིག་ཧ་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ་བསྡུས་ནས་རླུང་བུམ་པ་ཅན་བཟུང་ནས་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག་གོ། །དེ་ལས་བྱིང་ན་རང་ལྷའི་སྐུར་གསལ་བཏབ་ཅིང་ཡང་འོད་

p. 749

གསལ་དུ་བཞུ་བའི་བར་ཡང་ཡང་བསྒོམས་པས་ཟླ་ཉི་སྒྲ་གཅན་གྱི་རླུང་སྙིང་གར་ཟིན་ནས་སྣང་གསུམ་གྱི་མཐར་འོད་གསལ་ཟིན་པ་འབྱུང་བས། གཉིད་དུ་མ་སོང་བའི་གོང་རོལ་དུའང་འདི་ཉིད་ལ་ལེགས་པར་སྦྱངས་པས་གཉིད་དུས་ཀྱི་འོད་གསལ་ཚེགས་མེད་དུ་ཟིན་ཅིང་། དེ་ཟིན་ན་འཆི་དུས་ཀྱི་འོད་གསལ་ཀྱང་ཟིན་པས་འོད་གསལ་སུམ་སྦྲེལ་གྱི་མན་ངག་ཅེས་ཐ་སྙན་མཛད་དོ། །རྗེ་བཙུན་རྔོག་གཞུང་པས། གཉིད་ཀྱི་འོད་གསལ་ནི་ད་ལྟར་གོམས་པས་གཉིད་ཀྱི་འོད་གསལ་ཟིན་ཏེ་འོང་བའོ། །འཆི་བའི་འོད་གསལ་ནི་འཆི་བའི་དུས་སུ་བར་དོའ་འོད་གསལ་དེ་ལྟར་བསྒོམས་པས་ཟིན་ནས་འོང་ཏེ། ཞེས་གསུངས་སོ། །མཆན། གཉིས་པ་མཚན་མོའ་གཉིད་སྟུག་འོད་གསལ་དུ་གཞུག་པ་དངོས་ལ། ཤེས་པར་བྱ་བ་དང་། ཉམས་སུ་བླང་བ་གཉིས་ལས། དང་པོ་ནི། རྗེ་བཙུན་ནཱ་རོ་པ་ཆེན་པོས། གཉིད་དང་རྨི་ལམ་བར་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །བརྗོད་མེད་འོད་གསལ་བདེ་བའི་ཉམས། །རྗེས་ལ་འོད་གསལ་རྒྱ་ཡིས་

p. 750

འདེབས། །མིང་ཡང་འོད་གསལ་གྱི་གདམས་ངག་ཟེར། །སེམས་སྐྱེ་མེད་དུ་གོའམ་ལོ་ཙ་བ། །ཅེས་གསུངས་པས་གཉིད་དུས་ཀྱི་འོད་གསལ་ཐུན་མོང་མ་ཡིན་པ་ཟིན་པ་ལ་གཉིད་ཀྱི་ཤེས་པ་རྣམ་པར་དག་ཅིང་། ཡང་རྗེས་ནས་རྨི་ལམ་གྱི་རྟོག་པ་དང་རླུང་སླང་བྱེད་ཀྱིས་གཉིད་སྔ་མའི་རིགས་འདྲའི་མུ་མ་བསྐྱེད་པའི་བར་དེར་རྡོ་རྗེའི་རྣལ་འབྱོར་དང་མི་ལྡན་པ་ལ་གཏི་མུག་གིས་སྒྲིབ་ཀྱང་ལྡན་པ་ལ་ཆོས་སྐུ་འགྲུབ་བྱེད་ཀྱི་རྒྱུ་བདེ་སྟོང་གི་ཡེ་ཤེས་ལམ་དུས་ཀྱི་འོད་གསལ་བ་དེས། གཞི་དུས་ཀྱི་འོད་གསལ་ལ་རྒྱས་བཏབ་པས་སེམས་ཀྱི་ངོ་བོ་སྐྱེ་འགག་ལྟར་འཁྲུལ་ཡང་། ཡིན་ལུགས་སྐྱེ་མེད་དུ་རྟོགས་པར་ནུས་པ་ཞིག་དགོས་ལ། དེ་ཡང་གནས་སྐབས་བཞིའི་འཁྲུལ་ཐིག་རྟེན་དང་བརྟེན་པར་བཅས་པས་མཆོག་གི་དབུ་མའི་གནས་བཞིར་འཁྱུད་དེ་ཐོག་མེད་ནས་ལྷན་སྐྱེས་ཀྱི་དྲི་མར་གྱུར་པས་མཆོག་ཏུ་མི་གྱུར་བའི་འོད་གསལ་གཉུག་མར་གནས་པ་ལ་སྒྲིབ་པར་བྱེད་ཅིང་། ཐིག་ལེ་བཞི་པོ་དེས་རྣམ་ཤེས་

p. 751

ཚོགས་བརྒྱད་ལ་སོགས་པ་འཁོར་བའི་བསྐྱེད་སྡུད་སྣ་ཚོགས་བྱེད་པ་ན། མཆོག་མི་འགྱུར་གྱི་འོད་གསལ་གཉུག་མའི་རིགས་ཡོད་པའི་དབང་ལས་རྒྱས་འགྱུར་གྱི་རིགས་ཚོགས་བརྒྱད་ཀྱི་ཤེས་པའི་སྟེང་དུ་རྟེན་འབྲེལ་གྱི་འགྲོས་ཀྱིས་ལམ་རྡོ་རྗེའི་དགེ་བའི་ཤེས་པར་སད་པས། རྡོ་རྗེའི་དགེ་བ་དེས་གཉིད་དང་སྙོམས་འཇུག་གི་ཤེས་པ་དང་ལྷན་ཅིག་ཏུ་འཇུག་པ་ན། རྡོ་རྗེ་དགེ་བའི་ཡེ་ཤེས་རྒྱས་འགྱུར་གྱི་རིགས་དེ་མཆོག་མི་འགྱུར་འོད་གསལ་གཉུག་མའི་རིགས་དང་ལྷན་ཅིག་སྦྱར་བར་ནུས་པ་སྟོབས་ལྡན་དུ་སོང་བ་དེས་གཉིད་དང་སྙོམས་འཇུག་གི་ཆགས་རྨོངས་བདག་ལྟ་དང་མཚུངས་ལྡན་འཁོར་བ་ཐོག་མེད་ནས་བཟློག་པར་མ་ནུས་པ་དེ་དག་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་སྒོ་ནས་ཟློག་ནུས་པ་ནི། དཔེར་ན་ནད་ཀྱི་རྒྱུ་སྨན་ཆེན་པོས་ལེགས་པར་སྤོང་བཞིན་པ་ལྟར་ཡིན་ལ། དེའི་ཚེ་སྣང་གསུམ་འོད་གསལ་དང་བཅས་པ་གཉིད་ཀྱི་གནས་སྐབས་སུ་འབྱུང་ཡང་། གཉིད་དང་རང་

p. 752

བཞིན་གཅིག་པའི་བདག་ཉིད་དུ་མི་གནས་པར་ཕྲ་རགས་ཀྱི་གཉིད་ཐམས་ཅད་སྤོང་བྱེད་དུ་གནས་པ་ཡིན་ནོ། །འདི་ལ་ཁ་ཅིག་ལུགས་འདིའི་འོད་གསལ་མཚན་ཉིད་པ་སྐྱེས་པའི་ཚེ་གཉིད་དག་དགོས་པར་འཆད་ན། དགྱེས་པ་རྡོ་རྗེར། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ། །ཞེས་གསུངས་པ་མ་ཡིན་ནམ་ཞེས་པའི་རྣམ་པར་རྟོག་པ་འབྱུང་སྟེ། དེའི་ཕྱིར་བརྗོད་ན། ལུང་དེ་ནི་བཅོམ་ལྡན་འདས་ཀྱིས་འོད་གསལ་འཛིན་པའི་ཐབས་ལ་གཉིད་མི་སྤོང་བར་གསུངས་པ་ཡིན་གྱི། འོད་གསལ་སྒྲིབ་བྲལ་དུ་མངོན་དུ་གྱུར་ནས་ཉམས་སུ་མྱོང་སྐབས་ལ་གཉིད་མི་སྤོང་བའི་དོན་དུ་གསུངས་པ་མ་ཡིན་ལ། དེ་ལྟར་ཡིན་ན་གཉིད་མི་སྤོང་བ་དང་ད བང་པོ་མི་དགག་པ་ཡང་འགལ་བར་མི་འགྱུར་རམ། དབང་པོ་མི་དགག་པའི་དོན་ཡང་འོད་གསལ་མངོན་དུ་གྱུར་པ་ན་འོད་གསལ་བའི་རྟོག་པ་དེའི་ངང་ནས་ཏིང་ངེ་འཛིན་གྱི་བྱེད་པས་རྡོ་རྗེའི་མིག་གི་མངོན་པར་ཤེས་པ་ལ་སོགས་པ་སྒྲུབ་པའི་དོན་

p. 753

ཡིན་ཏེ། དཔལ་རང་བྱུང་རྒྱལ་བ་ཆེན་པོས། དེ་ལྟར་འོད་གསལ་ལ་གནས་པས་དྲན་པས་དབང་བསྒྱུར་ཏེ་གཟུགས་སྒྲ་ལ་སོགས་ཀྱི་རྣམ་པ་ལམ་མེ་འདུག་ཀྱང་། རྟོག་དཔྱོད་ཀྱིས་མ་བསླད་པ། རྟོགས་པ་མི་འགྱུར་བ་ཡང་རྣམ་པ་ཐམས་ཅད་ཤེལ་སྒོང་ལག་མཐིལ་དུ་བཞག་པ་ལྟ་བུ་ཅིག་འབྱུང་སྟེ། དེ་ལམ་དུ་འགྲོ་བ་ཡིན། གཞིའི་འོད་གསལ་བར་དོར་འབྱུང་བ་དེ་དང་ཁྱད་མེད་ངོ་ཤེས་ཀྱི་དྲན་པས་ཟིན་ན་ལམ་གྱི་འོད་གསལ་ཡིན། མཐར་ཐུག་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པས་འབྲས་བུའི་འོད་གསལ་དུ་ངེས་སོ། །ཞེས་གསུངས་སོ། །གཞན་ཡང་སྲབ་མོ་དང་སྟུག་པོའི་འོད་གསལ་ཞེས་དང་། ཉམས་དང་རྟོགས་པའི་འོད་གསལ་ཞེས་པའི་རྣམ་པར་དབྱེ་བ་བཞིར་གསུངས་པ་རྣམས་ཀྱི་ཁྱད་པར་གང་ཞེ་ན། ཀུན་མཁྱེན་དབྱངས་ཅན་བཟང་པོའ་ཞབས་ཀྱིས། རྣམ་ཤེས་སྡུད་པའི་མངོན་བྱང་ཐ་མའི་སྐབས་ཀྱི་འོད་གསལ་ནི་སྲབ་མོའ་འོད་གསལ་སྟེ། འོད་གསལ་མཆོག་གི་གཏིང་ཕྱིན་པར་

p. 754

མ་སླེབ་པའི་ཕྱིར་དང་། ཡེ་ཤེས་འཆར་བའི་མངོན་བྱང་ཐ་མའི་སྐབས་ཀྱི་འོད་གསལ་ནི་འཐུག་པོའ་འོད་གསལ་ཏེ། འོད་གསལ་མཆོག་གི་གཏིང་ཕྱིན་པར་སླེབ་པའི་ཕྱིར་རོ། །ཅེས་དང་། སྣང་བ་གསུམ་གྱི་ཡེ་ཤེས་ཀྱི་ཡུལ་དང་འོད་གསལ་གྱི་དམིགས་སྣང་གི་ཆ་གཙོ་བོར་གྱུར་པའི་འོད་གསལ་ནི་ཉམས་ཀྱི་འོད་གསལ་དང་། དེ་དག་གི་ཡུལ་ཅན་གྱི་ཉམས་མྱོང་སྐྱེ་མེད་དང་སྤྲོས་མེད་རྟོགས་པའི་ཆ་གཙོ་བོར་གྱུར་པའི་འོད་གསལ་ནི་རྟོགས་པའི་འོད་གསལ་ལོ། །ཅེས་གསུངས་སོ། །མདོར་ན་རྗེ་བཙུན་མར་པས། དཔེའི་འོད་གསལ་གཞན་ལུས་ཤེས་རབ་ལ་བརྟེན་པའི་ཡེ་ཤེས། དོན་གྱི་འོད་གསལ་ཉེ་བར་ཐོབ་པའི་བར་མ་དོར་ཀུན་གཞི་འོད་གསལ་དུ་ཐིམ་པའི་ཡེ་ཤེས། འོད་གསལ་རང་གི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་མཁའ་ཁྱབ་བྱང་ཆུབ་རྡོ་རྗེ། འོད་གསལ་གྱི་ཡོན་ཏན་ཉེར་ཐོབ་མུན་པའི་དྲི་མ་སངས་པས་གནས་ངན་ལེན་ཐམས་ཅད་ལས་གྲོལ་ཏེ་སྲིད་ཞིར་མི་གནས་པའི་ཆོས་གཟུགས་ཀྱི་སྐུ་འགྲུབ་

p. 755

པའོ། །ཅེས་གསུངས་པ་འདིས་ནི་འོད་གསལ་གྱི་རྒྱུ་ལམ་འབྲས་བུའི་ལུས་ཡོངས་སུ་རྫོགས་པ་ཞིག་བསྟན་པ་ཡིན་ནོ། །གཉིས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས། རྣལ་འབྱོར་ཨ་ཝ་དྷཱུ་ཏི་པ། །ཨ་ཝ་དྷཱུ་ཏིར་སེམས་གནས་པ། །སྙིང་གི་ཐིག་ལེར་སེམས་བརྟན་པས། །འོད་དང་འོད་ཟེར་འཇའ་རིས་དང་། །སྐྱ་རེངས་ཉི་འོད་ཟླ་འོད་དང་། །ཉི་མ་ཟླ་བ་ཤར་འདྲ་དང་། །ལྷ་དང་སྐུ་ཡི་སྣང་བ་སོགས། །སྣ་ཚོགས་ཞིང་ཁམས་དག་པར་འགྱུར། །རྣལ་འབྱོར་པ་ཡི་ལམ་ཆེན་པོ། །ཅེས་གསུངས་ཏེ། འདི་ལ་མཉམ་བཞག་དང་རྗེས་ཐོབ་གཉིས་ཀྱི་དང་པོ་ལའང་། མ་ཟིན་པ་ཟིན་པར་བྱེད་པ་དང་། དེ་ཉིད་བརྟན་པར་བྱེད་པའོ། །དང་པོ་ནི། བླ་མ་ཆེན་པོ་རྔོག་གཞུང་པས། གཉིད་འཐུག་པོའ་དུས་སུ་ལུས་བཅོས་པའི་གནད་དང་ལྡན་པས་ཡུལ་སྙིང་གའི་རྩ་མདུད་དུ་སེམས་ཀྱི་རྒྱལ་པོ་དེ་གནས་པས། དེའི་ཐབས་ནི། དང་པོར་གཉིད་ཉལ་བར་བྱ་སྟེ། ཅེས་གསུངས་པས་དབེན་པའི་གནས་སུ་སྒོ་

p. 756

གསུམ་དལ་དུ་གཞུག་ཅིང་། རེ་ཞིག་བྱ་བ་གཞན་ཐམས་ཅད་སྤངས། ནུབ་གཉིས་གསུམ་དུ་གཉིད་བཅག་ལ་དགེ་སྦྱོར་ཅི་ནུས་ཀྱང་བྱ། ཟས་བཅུད་ཅན་བསྟེན་ཅིང་ལུས་ལ་སྐུ་མཉེ་བྱ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་མི་ཤས་བརྒྱན་པའི་གཏོར་མ་ཕུལ་ལ། གཉིད་ཀྱི་འོད་གསལ་ཅིས་ཀྱང་ཟིན་པར་བྱའོ་སྙམ་པའི་འདུན་པ་བཏང་ནས། ལུས་གནད་སེང་གེའི་ཉལ་སྟབས་ཀྱིས་མགོ་བྱང་དུ་བསྟན་ལ་ཅི་བདེ་བར་ཉལ། དུས་གནད་གཉིད་འཐུག་པོའ་ཚེ། ཡུལ་གནད་སྙིང་ག་ཆོས་ཀྱི་འཁོར་ལོ། དམིགས་པའི་གནད་ནི་རང་ཡི་དམ་དུ་གསལ་བའི་སྙིང་གར་དྷཱུ་ཏིའི་ནང་དུ་པདྨ་སྔོན་པོ་འདབ་མ་བཞི་པ། དེའི་དབུས་ཀྱི་གེ་སར་ལ་ཧཱུྃ་སྔོན་པོ། འདབ་མ་བཞི་ལ་མདུན་དུ་ཨ་དཀར་པོ། གཡས་སུ་ནུ་སེར་པོ། རྒྱབ་དུ་ཏ་དམར་པོ། གཡོན་དུ་ར་ལྗང་གུ་རྣམས་གསལ་བར་བལྟས་ལ། བུམ་ཅན་འཇམ་པོར་བཟུང་ནས། དང་པོར་ཐ་མལ་པའི་དུས་སུ་མདུན་གྱི་ཨ་དྲན་པ་ཙམ་བྱ། དེ་ནས་སྣང་བ་ལ་འདུན་པ་ཅུང་ཟད་ཕྱོགས་

p. 757

པའི་དུས་སུ་ནུ། སྣང་བ་མཆེད་པའི་འདུན་པ་ཆེར་ཕྱོགས་པའི་དུས་སུ་ཏ། སྣང་བ་ཐོབ་པ་སྟེ་ཕྱིའི་སྣང་བ་ཞུ་ནས་སྟོང་པར་ཐིམ་པའི་དུས་སུ་ར་རྣམས་ལ་སེམས་ཅི་ཟིན་བྱས་ནས་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཤིན་ཏུ་སྟོང་པ་དང་། ཐམས་ཅད་སྟོང་པ་བཞིའི་རྟོགས་པའི་སྣ་ཅི་ཟིན་བྱས་པས་ནང་གི་མངོན་པར་བྱང་ཆུབ་པའི་རྟགས་རྣམས་འབྱུང་སྟེ། དེ་ཡང་བྱང་ཆུབ་དང་པོར་ལས་རླུང་ཕལ་ཆེར་རླུང་གི་རླུང་ལ་ཐིམ་པས་སྨིག་རྒྱུ་ལྟ་བུའི་སྣང་བ་འོད་ཟེར་ལྔའི་ཚོགས་དང་ལྡན་པ་མཐོང་ངོ་། །བྱང་ཆུབ་གཉིས་པ་ནི་འདོད་ཆགས་ཀྱི་ཀུན་རྟོག་ཐིམ་པས་ནམ་མཁའ་དྲི་མ་མེད་པ་ལ་ཁྱབ་པའི་ཟླ་བའི་འོད་ཟེར་ལྟ་བུའོ། །བྱང་ཆུབ་གསུམ་པ་ནི་ཞེ་སྡང་ཐིམ་པས་ནམ་མཁའ་དྲི་མེད་ལ་ཉི་མའི་འོད་ཟེར་ཤར་བ་ལྟ་བུའོ། །བྱང་ཆུབ་བཞི་པ་ནི་གཏི་མུག་ཐིམ་པས་ནམ་མཁའ་དྲི་མེད་ལ་མུན་པ་དངས་མས་ཁྱབ་པ་ལྟ་བུ་རྣམས་སོ། །དེ་ནས་ཐོབ་པ་འོད་གསལ་ལ་ཐིམ་པའི་ཚེ་དབུས་ཀྱི་ཧཱུྃ་ལ་སེམས་བཟུང་བས་

p. 758

མངོན་བྱང་ལྔ་པ་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། གཟུང་འཛིན་གྱི་མུན་པ་དང་བྲལ་བས་མི་འགྱུར་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་བསྙོན་དུ་མེད་པ་དཔལ་ལྡན་དགས་པོ་བཀའ་བརྒྱུད་ཀྱི་རང་བཞིན་གློ་བུར་གྱི་དྲི་མ་མ་ཡིན་ཞིང་ཐོག་མཐའ་དང་བྲལ་བས་ན་ཐ་མལ་གྱི་ཤེས་པ། ལྷན་སྐྱེས་ཀྱི་རང་བྱུང་ཡེ་ཤེས་ཡིན་པས་མ་བཅོས་པ་དེ་བཟུང་འཛིན་རིག་གསུམ་གྱི་ངོ་བོས་སྟོང་བས་སོ་མ། རྣམ་ཤེས་ཀྱི་གནས་པ་མ་ཡིན་པས་ལྷུག་པ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ད་ལྟ་རྣལ་འབྱོར་པའི་རྒྱུད་བཙན་ཐབས་སུ་འགགས་པའི་མོད་ལ་སྐྱེས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པས་ད་ལྟར་གྱི་ཤེས་པ་གྲྭ་མ་ཆག་ཟུར་མ་ཉམས་པའི་སྐུ་གསུམ་དུ་ཀྲོང་ངེ་། བདེ་གཤེགས་སྙིང་པོར་ལྷག་གེ་བ་དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་རབ་རིབ་བྲལ་བས་སྐྲ་ཤད་ཀྱི་དེ་ཉིད་མཐོང་བ་ལྟ་བུར་མཆོག་མི་འགྱུར་གྱི་འོད་གསལ་ངོས་ཅི་ཟིན་བྱས་ལ་ཟིན་པ་དང་དེའི་

p. 759

ངང་ལ་མཉམ་པར་བཞག་གོ། །དེ་སྐད་དུ། འཕགས་པ་ལྷའི་ཞབས་ཀྱིས། དང་པོར་སྨིག་རྒྱུ་ལྟ་བུ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བ་ཞེས་གསུངས་སོ། །འདིའི་སྐབས་སུ་དཔལ་དབང་པོའ་བློའི་བདག་ཉིད་འགྲོ་བའི་མགོན་པོ་དུས་གསུམ་མཁྱེན་པ་ནས་ཉེ་བར་བརྒྱུད་པའི་རྗེ་བཙུན་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་བཞེད་པས། རྣམ་ཤེས་སྡུད་པའི་མངོན་བྱང་ལྔ་དང་། ཡེ་ཤེས་འཆར་བའི་མངོན་བྱང་ལྔ་ཞེས་ཐ་སྙད་མཛད་ལ། དེའི་དང་པོ་རྣམ་ཤེས་སྡུད་པའི་མངོན་བྱང་གི་རྟགས་སུ འང་གོང་གི་རྟགས་དེ་ལྔ་འཆར་ཞིང་། ཡེ་ཤེས་འཆར་བའི་སྐབས་སུའང་རྟགས་དེ་ལྔ་

p. 760

འཆར་ལ། སྔ་མའི་སྐབས་ཀྱི་རྟགས་ནི་རྣམ་ཤེས་རང་ལས་རྒྱང་ཆད་ཀྱི་རྣམ་པར་འཆར་ཞིང་། ཕྱི་མའི་སྐབས་སུ་ནི་ཡེ་ཤེས་རང་ཉིད་རྟགས་ཀྱི་ངོ་བོར་སྐྱེ་བར་ཉམས་སུ་མྱོང་བ་ཡིན་ནོ། །འོ་ན་རྟགས་དང་པོ་ལྔའི་དུས་སུ་རྣམ་ཤེས་ཇི་ལྟར་སྡུད་ཅེ་ན། རྟགས་དང་པོའ་སྐབས་སུ་དབང་ཤེས་ལྔ། གཉིས་པར་དྲུག་ཤེས། གསུམ་པར་ཉོན་ཡིད། བཞི་པར་ཀུན་གཞི་རྣམ་སྨིན་གྱི་ཆ། ལྔ་པར་ཀུན་གཞི་ས་བོན་གྱི་ཆ་རྣམས་སྡུད་པར་བྱེད་པ་ཡིན་ལ། འོན་ཀྱང་འདིའི་ས་བོན་དང་བག་ཆགས་རྨེག་ནས་ཕྱིར་མི་ལྡོག་པར་སྡུད་ཀྱི། ཡེ་ཤེས་ནི་སྔགས་ལམ་གྱི་སངས་རྒྱས་འཐོབ་བྱེད་ཀྱི་རྣལ་འབྱོར་མ་ཐོབ་པར་མི་འབྱུང་ཡང་། སློབ་ལམ་དུ་ཀུན་གཞི་རྣམ་སྨིན་བསྐྱེད་བྱེད་ཀྱི་ཀུན་གཞི་ས་བོན་གྱི་ཆ་དེ་ལམ་གྱི་ཡེ་ཤེས་དེས་ཉམས་རྨས་པར་བྱེད་པའི་སྒོ་ནས་ཅུང་ཟད་སྡུད་པ་ཡིན་པས་འདིར་ཡང་དེའི་དབང་དུ་བྱས་སོ། །དེ་ལྟར་རྣམ་ཤེས་སྡུད་བྱེད་ཀྱི་ཡེ་ཤེས་སམ། སྐུས་ཟིན་པའི་རྣམ་གྲོལ་ལམ་དུ་འབྱུང་བའི་ཡེ་ཤེས་རྣམ་

p. 761

ཤེས་ལྔ་གནས་གྱུར་པའི་ཡེ་ཤེས་ཀྱི་མངོན་བྱང་ལྔའང་རིམ་བཞིན། བྱ་གྲུབ། སོར་རྟོག །མཉམ་ཉིད། མེ་ལོང་། ཆོས་དབྱིངས་ཡེ་ཤེས་ལྔ་སྟེ་སློབ་པའི་འོད་གསལ་གྱི་སྐབས་སུ་ཡེ་ཤེས་རྗེས་མཐུན་པ་དང་། མི་སློབ་པའི་འོད་གསལ་གྱི་སྐབས་སུ་ཡེ་ཤེས་མཚན་ཉིད་པ་ཡིན་ནོ། །འདིར་རྣམ་ཤེས་སྡུད་པའི་མངོན་བྱང་ལྔ་དང་། ཡེ་ཤེས་འཆར་བའི་མངོན་བྱང་ལྔ་པོའང་རིམ་ཅན་དུ་འཆར་རམ། འདྲེས་མར་འཆར་རམ། ཅིག་ཅར་དུ་འཆར་ཞེ་ན། རྗེ་བཙུན་གོང་མ་ཁ་ཅིག་གིས་རིམ་ཅན་དུ་འཆར་ཅེས་པ་དང་། ཅིག་ཅར་དུ་འཆར་ཅེས་པ་སོགས་བཞེད་ཀྱང་། རྗེ་བཙུན་དབྱངས་ཅན་བཞད་པས་ཆོས་དྲུག་ཆེན་མོར། བདག་གི་མྱོང་བ་ལྟར་ན་རྒྱུ་སྤུན་ཐགས་སུ་བྱས་པ་ལྟར་འབྱུང་སྣང་ངོ་། །ཅེས་གསུངས་ལ། འདིར་སྒོ་ལྔའི་ཤེས་པ་འགགས་མཚམས་སུ་ཕྱག་ཆེན་བཙན་ཐབས་སུ་སྐྱེས་པ་ཡིན་པས། ཕྱག་ཆེན་གྱི་ཡེ་ཤེས་ཀྱིས་སྒོ་ལྔའི་རྣམ་ཤེས་ཀྱི་དྲི་མ་ལེགས་པར་སྤངས་ཤིང་ཡེ་ཤེས་སུ་གནས་བསྒྱུར་བ་ཡིན་ནོ། །མཆན། ཡང་ན་གཉིད་སྟུག་གི་འོད་གསལ་འཛིན་འདོད་ན། ནོར་བུའི་ནང་དུ་ཐིག་ལེ་སྔོན་པོ་ལ་

p. 762

སེམས་བཟུང་ནའང་རླུང་འདུས་སླ་བས་ཅི་རིགས་པར་ཟིན་ལ། གཉིད་སྲབ་མོའ་འོད་གསལ་འཛིན་འདོད་ན། རྩ་དབུ་མའི་ཡར་སྣ་སྨིན་མཚམས་སུ་ཡོད་པར་བསྒོམས་ནས་དེར་ཐིག་ལེ་ནག་པོ་རིལ་མ་ཙམ་ལ་སེམས་བཟུང་ནས་ཉལ་ནའང་ཟིན་པར་འགྱུར་རོ། །འོ་ན་གཉིད་ཀྱང་སེམས་ལས་བྱུང་བ་ཡིན་ལ། སེམས་སེམས་བྱུང་མཚུངས་པ་ལྔས་མཚུངས་པར་ལྡན་པ་ཉིད་ཀྱི་ཕྱིར། གཉིད་ནི་འཇུག་པ་རང་དབང་མེད་པར་སྡུད་པའི་རྣམ་པ་ཅན་གྱི་སེམས་བྱུང་ཡིན་ན། སྐབས་དེར་འདུན་མོས་ལ་སོགས་པའི་དམིགས་པ་འཛིན་པའི་སེམས་བྱུང་གཞན་སྐྱེ་བའི་གོ་སྐབས་མི་འཐད་སྙམ་ན། སོ་སྐྱེ་ལ་རིགས་མི་མཐུན་ལྷན་ཅིག་མི་གནས་འགལ་གྱི་རྟོག་གཉིས་སམ་སེམས་བྱུང་ཆག་སྡང་གཉིས་ལྟ་བུ་ཅིག་ཅར་འབྱུང་མི་རིགས་ནའང་། རིགས་མཐུན་གྱི་སེམས་བྱུང་ལྷན་ཅིག་འབྱུང་དུ་རུང་བས་གཉིད་གཞན་འགྱུར་གྱི་སེམས་བྱུང་དུ་གསུངས་པའི་ཕྱིར་དང་། གཉིད་ཀྱིས་ཤེས་པ་བསླད་པས་ཡིད་རྟོག་ལ་དུས་གསུམ་གྱི་ཤེས་པའི་ཡུལ་གྱི་བག་ཆགས་སད་ཅིང་། དེར་རྟོག་པས་རྨི་ལམ་དུ་ཡུལ་དང་ཡུལ་ཅན་དུ་མ་ཤར་ནས་དགེ་བ་དང་མི་དགེ་བའི་རྣམ་པར་རྟོག་པ་དང་

p. 763

རྟོག་མེད་གྱི་ཤེས་པ་དུ་མ་སྐྱེ་བ་མྱོང་བ་ཉིད་ཀྱིས་གྲུབ་པའི་ཕྱིར། གཉིད་ཀྱི་སྐབས་སུ་འོད་གསལ་འཛིན་པའི་འདུན་སོགས་ཀྱི་སེམས་བྱུང་ཤིན་ཏུ་འཐད་པར་བཤད་དོ། །མཆན། གཉིས་པ་ནི། གོང་དུ་བཤད་པའི་ཙཎྜ་ལིའི་རྣལ་འབྱོར་གྱིས་དྷཱུ་ཏིའི་ནང་གི་གཏུམ་མོ་འབར་སྟོབས་ཀྱིས་བྱང་སེམས་ཞུ་བ་ལས་བདེ་སྟོང་གི་རྟོགས་པ་སྣང་གསུམ། འོད་གསལ་དང་བཅས་པའི་རླུང་སེམས་ཀྱི་རྟགས་སྣང་ཁྱད་པར་ཅན་ལས་སྒྱུ་མའི་སྐུར་ཤར་བ་དེ་ཉིད་དོན་གྱི་འོད་གསལ་མངོན་དུ་བྱེད་པའི་ཕྱིར་སྤྱོད་པ་དང་བསམ་གཏན་གཉིས་ཀྱི་རྣལ་འབྱོར་གྱི་སྒོ་ནས་རླུང་སེམས་ཤིན་ཏུ་ཕྲ་བ་འོད་གསལ་དུ་བཞུག་པའི་ཆེད་དུ་སྟེ། སྤྱོད་བསྡུས་ལས། ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་དག་ལ་གོང་བུ་གནས་པ་ལྟར། །དེ་བཞིན་དེ་ལ་རིམ་གྱིས་རྗེས་སུ་འཛིན་པར་བྱེད་པར་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་བྱེད་པ་བཞིན་དུའང་བལྟ་བྱ་སྟེ། །རིལ་པོར་འཛིན་པ་ལའང་བྱ་བ་འདི་ནི་དེ་བཞིན་ཡང་དག་རྟག །

p. 764

ཅེས་གསུངས་པས་རིལ་འཛིན་དང་རྗེས་གཞིག་སྟེ། འོད་གསལ་དེ་གཉིས་ཀྱིས་སྒྱུ་མའི་ལུས་འོད་གསལ་དུ་བཅུག་ནས། སླར་ལུགས་བཟློག་གི་སྒྱུ་ལུས་སུ་ལྡང་བ་ན་སློབ་པའི་སྒྱུ་ལུས་དེ་ཉིད་ཀྱི་རྟེན་ལ་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་ལུས་འདི་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཅེས་གསུངས་པ་ལྟར་ཉམས་སུ་ལེན་པ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བྱས་ལ། ལུས་ཀྱི་ཆ་རྣམ་སྣང་། ངག་གི་ཆ་འོད་དཔག་མེད། ཡིད་ཀྱི་ཆ་མི་བསྐྱོད་པར་བསྒོམ་པ་ནི་དམ་ཚིག་སེམས་དཔའོ། །དེ་གསུམ་གྱི་ཐུགས་ཀར་རིམ་བཞིན་ༀ་ཨཱཿ ཧཱུྃ་གསུམ་བསྒོམ་པ་ནི་ཡེ་ཤེས་སེམས་དཔའོ། །ཡི་གེ་གསུམ་གྱི་ཐིག་ལེའི་ནང་དུ་ཨཿཐུང་གཞོམ་མེད་ཀྱི་སྒྲ་དང་བཅས་པ་ལ་སེམས་གཞག་གོ། །འདི་ནི་ཕྱག་རྒྱ་ཆེན་པོའ་སྒྲུབ་ཐབས་བླ་ན་མེད་པ་སྟེ། དཔལ་ལྡན་ཟླ་བས། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

p. 765

རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་རྡོ་རྗེའོ། །དེ་བསྐྱེད་པར་བྱེད་པའི་ཡི་གེ་ༀ་ལ་སོགས་པ་ནི་རྡོ་རྗེ་གསུམ་ཡིག་སྟེ། དེ་ལས་སྔགས་ཐམས་ཅད་འབྱུང་བས་ན་སྔགས་ཀྱི་མཆོག་ཡིན་ལ། དེས་ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། ས་འོག་ས་སྟེང་ས་བླ་ན་རབ་ཏུ་མཆོད་པ་ཡིན་པའི་ཕྱིར་མཆོད་པས་ཕྱེ་བའི་དགའ་ཞིང་མགུ་བར་འགྲོ་ཞིང་སོན་པར་གྱུར་པས་ན་ཕྱག་རྒྱ་ཆེན་པོའོ། །དེ་རྣམ་པར་བསྒོམ་པ་ནི་ཉམས་སུ་བླངས་པའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །མཆན། དེ་ལྟར་བསྒོམས་ནས་རིལ་འཛིན་བསྒོམ་ཚུལ་ནི། ཐུགས་ཀའི་ས་བོན་ༀ་ཨཱཿཧཱུྃ་གང་ཡིན་ལས་འོད་ཟེར་སྤྲོས་པས་དམ་ཚིག་སེམས་དཔའི་སྤྱི་བོ་ནས་ཡས་རིམ་དང་། རྐང་མཐིལ་ནས་མས་རིམ་གྱིས་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་བསྡུ། དེ་རྣམས་ཀྱང་རིམ་གྱིས་ཏིང་ངེ་འཛིན་སེམས་དཔའ་མི་ཤིགས་པའི་ཐིག་ལེ་ཨཿ ཐུང་སྒྲ་བཅས་ལ་བསྡུ་ཞིང་། དེ་ཡང་འོད་དུ་བསྡུས་པ་ལ་སེམས་གཡོ་མེད་དུ་འཛིན་པ་སྟེ་སྐུ་གསུང་ཐུགས་ཀྱི་རིལ་འཛིན་གསུམ་མོ། །དེ་ནས་རྗེས་གཞིག་སྒོམ་ཚུལ་

p. 766

ནི། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་འོད་ཀྱིས་ཐོག་མར་རང་མ་གཏོགས་པའི་སྣོད་བཅུད་འོད་དུ་བཞུས་པའི་འོད་ཕུང་རིམ་གྱིས་རང་ལ་གཞུག་གོ། །དེའི་རྗེས་སུ་སེམས་དཔའ་གསུམ་བསྡུ་བ་རིལ་འཛིན་ལྟར་བྱེད་པའོ། །ཡང་དེ་ཉིད་ཀྱི་ངང་ལ་རླུང་སེམས་དབྱེར་མེད་ལས་གྲུབ་པའི་ལྷའི་སྐུར་ལྡང་བར་བྱ་ཞིང་། དེ་ནི་འོད་གསལ་ལས་སྒྱུ་ལུས་སུ་ལྡང་བ་ཞེས་བྱ་སྟེ། སད་དུས་སུ་ཡང་དེ་ལྟར་ཡང་དང་ཡང་དུ་བྱའོ། །གསམ་གཏན་དེ་གཉིས་ཀྱིས་གཉིད་ཀྱི་ཐིག་ལེ་རྟེན་བརྟེན་བཅས་ཀྱིས་བསྡུས་པའི་སྒྲིབ་གཉིས་མངོན་གྱུར་དེའི་བཞོན་པ་ལས་རླུང་དང་བཅས་པ་བསལ་བ འམ་སྡུད་པར་བྱས་པས། འོད་གསལ་བ་སྟོན་གནམ་དྲི་མེད་ལ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ཐོ་རངས་ཀྱི་དུས་ཀྱི་ནམ་མཁའ་ལྟ་བུ་ཞིག་འབྱུང་སྟེ། སྤྱོད་བསྡུས་ལས། དེ་ཡི་རིམ་པ་ནི་འདི་ཡིན་ཏེ། ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ། །ཁམས་ཕྲ་བ་ནི་སེམས་ལ་གཞུག་གོ། །སེམས་ནི་ཡང་སེམས་པ་ལ་གཞུག་གོ། །

p. 767

སེམས་པ་ནི་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། །དེ་ལ་དུས་འདིར་ནི་སེམས་དང་སེམས་པ་དང་མ་རིག་པ་རབ་ཏུ་ཞུགས་པའི་སྐད་ཅིག་ལ་དྲན་པ་བརྗེད་པའོ། །ཕྱིས་ནི་བརྗེད་པ་ཡང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་བའོ། །ཡང་གྲོལ་བ་ན་རླུང་གི་རང་བཞིན་རྙེད་དེ། གལ་ཏེ་རྨི་ལམ་གཞན་དག་མ་བྱུང་ན་། ཇི་སྲིད་དུ་རྣམ་ཤེས་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་བ་ལ་བལྟ་སྟེ། ཞེས་གསུངས་སོ། །འོ་ན་འོད་གསལ་དེ་ལ་ཡང་དཔེ་དང་དོན་གྱི་འོད་གསལ་གཉིས་སུ་ཡོད་ན། དཔེའི་འོད་གསལ་དེ་གང་། དོན་གྱི་འོད་གསལ་དེ་གང་ཞེ་ན། བསམ་གཏན་གཉིས་ལ་སོགས་འོད་གསལ་འཛིན་ཐབས་ཐུན་མོང་མིན་པས་རླུང་སེམས་སྙིང་གར་བསྡུས་སྟོབས་ཀྱིས་གཉིད་འཁྲུལ་ལ་བརྟེན་པའི་སྒྲིབ་གཉིས་མངོན་གྱུར་པའི་བློ་དང་བྲལ་བ་ནི་དཔེའི་འོད་གསལ། གཉིད་འཁྲུལ་ལ་བརྟེན་པའི་མཐོང་སྤང་གི་སྒྲིབ་པ་གཉིས་ཀྱི་ས་བོན་ལམ་གྱི་འོད་གསལ་སྟོབས་ལྡན་གྱིས་སྤངས་པས་ཁྱད་པར་དུ་བྱས་པ་དང་། སྒོམ་སྤང་གི་ས་བོན་ཀྱང་ལམ་གྱི་

p. 768

འོད་གསལ་སྟོབས་ལྡན་གྱིས་སྤངས་པས་ཁྱད་པར་དུ་བྱས་པའི་གཞིའི་འོད་གསལ་གློ་བུར་དྲི་བྲལ་དུ་གྱུར་པ་ནི་དོན་གྱི་འོད་གསལ་ཞེས་བྱ་ལ། དོན་གྱི་འོད་གསལ་ལ་ཁ་དོག་གི་རྣམ་པ་མཁའ་ལྟར་དག་བྱ་བ་ནི། སྔོ་སེར་ལ་སོགས་པའི་རྣམ་པ་ཡོད་མེད་ཅི་ལྟར་ནའང་། སྤྲོས་ཚོགས་ཀྱི་མཚན་མའི་ཆའམ། སྒྲིབ་པའི་མུན་པའི་གཡའ་ཐམས་ཅད་དང་བྲལ་བ་ཉིད་དུ་བཟུང་ངོ་། །མཆན། གཉིས་པ་རྗེས་ཐོབ་ནི། གཉིད་མ་ལོག་པའི་དུས་སུ་ཡི་དམ་གྱི་ཐང་སྐུ་བཀྲམ་ལ། དེ་ལ་སེམས་རྩེ་གཅིག་པས་ལྟས་ལ་དེ་རང་ཉིད་ལ་གསལ་བར་སྒོམ་མོ། །གསལ་བར་འདུག་ན་གསལ་བ་དེ་ཉིད་བདེ་སྟོང་དུ་ལྟེང་གི་མི་དམིགས་པར་བསྒོམས་ལ། སླར་ཡང་གསལ་བར་བྱ་སྟེ་ཐང་ག་ལྟ། དེ་ནས་ཡང་ཐང་ག་ཁོ་ན་བཞིན་དུ་བདག་ཉིད་བསྒོམས་ལ་དེ་ཉིད་བདེ་སྟོང་དུ་ལྟེང་གི་སྒོམ་སྟེ། དེའང་སྟོང་ཉིད་ངང་ལས་རོ་བདེ་བར་ཤར་བར་སྒོམ། ལྷ་དེ་རེས་ལྷར་བསྒོམ། རེས་བདེ་སྟོང་དུ་བསྒོམས་པས་གོམས་པའི་ཚད་ནི། རང་ཉིད་བདེ་སྟོང་སྐྱེ་མེད་དུ་གནས་པའི་རོ་བདེ་བར་འཆར་རོ། །དེའི་དུས་སུ་ནུབ་མོ་

p. 769

གཉིད་ཉལ་བ་ན་སྔར་བཞིན་བསྒོམ། རྗེས་ཐོབ་དུ་དེ་ལྟར་བསྒོམས་པས་ལུས་ལ་བདེ་བ་ལ་སོགས་པ་འོང་། སྣང་བ་བདེ་སྟོང་ངང་དུ་ལྷང་ལྷང་ཤར་ཞིང་འོང་། དེ་ནས་ཚེ་འདི་ཉིད་ལ་འོད་གསལ་དུ་འདུག་སྟེ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྗེས་ཐོབ་ཀྱི་དམིགས་པ་འདི་ནི་བླ་མ་རྔོག་པའི་གཉིད་སྟུག་འོད་གསལ་གྱི་གདམས་པ་ལས་འབྱུང་བ་ལྟར་བཀོད་དོ། །དེ་ལྟར་གཉིད་འོད་གསལ་བའི་རིམ་པས་སྦྱངས་པ་ན། ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་པའི་ས་བོན་དྲུངས་ཕྱུང་བའམ་བསད་ནས། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སློབ་དཔོན་ཆེན་པོ་ལ་ཝ་པ་ལྟར་འོད་གསལ་བ་ལ་གཉིད་ལོག་པར་བྱས་ནས་སྒྱུ་མ་ལྟ་བུའི་རྡོ་རྗེའི་སྐུ་ཚེ་འདི་ཉིད་ལ་འགྲུབ་པ་ཡིན་ཏེ། དྲངས་མ་ཐག་པའི་ལུང་དེའི་མཇུག་ཏུ། དེ་ནི་སོ་སོ་རང་གིས་རིག་པའི་ལུས་དང་ངག་དང་སེམས་དང་བྲལ་བའི་དོན་དམ་པའི་བདེན་པ་ནི་ནང་གི་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་

p. 770

དེ་བཞིན་གཤེགས་པའི་ཚོགས་རྣམས་བསད་པར་བྱ་ཞིང་། དེ་བཞིན་ཉིད་ལ་གཞུག་པར་བྱས་ན་སྐལ་བ་བཟང་པོའ་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པའི་སྤྱོད་པ་ལ་ལྟོས་པ་མེད་པར་ཤིན་ཏུ་མྱུར་བར་འདིར་རང་གི་གཟུགས་ཡོངས་སུ་བརྗེ་བར་འགྱུར་རོ། །ཞེས་བྱ་བའི་དོན་ཏེ། ཞེས་གསུངས་པའི་ཕྱིར་རོ། །འདིར་སྨྲས་པ། མི་རྟོག་ཟབ་མོའ་ངང་ལ་མཉམ་གཞག་སྟེ། །མཆོག་ཏུ་མི་འགྱུར་འོད་གསལ་ཕྱག་རྒྱ་ཆེ། །འགྲོ་ཀུན་སྙིང་ལ་རྟག་ཏུ་སྨན་གྱུར་པ། །པཎ་ཆེན་ནཱ་རོའ་ལུགས་བཞིན་བཤད་ཟིན་ཏོ། །ལྔ་པ་སྲིད་པ་སྦྱོང་བར་བྱེད་པ་བར་དོ་ཆོས་ཉིད་རང་གྲོལ་གྱི་གདམས་པ་ལ། གོ་བར་བྱ་བ་དང་། ཉམས་སུ་བླང་པ་གཉིས་ལས། དང་པོ་ནི། སྤྱིར་འདོད་གཟུགས་ཀྱི་སེམས་ཅན་རྣམས་འཆི་བ་ནས་སྐྱེ་བ་ཕྱི་མ་མ་བླངས་ཀྱི་བར་གྱི་ལུས་དང་སེམས་ལ་བར་དོ་དང་བར་སྲིད་ཅེས་བརྗོད་ལ། དེ་ཡང་འཆི་སྲིད་འགག་པ་དང་བར་སྲིད་འགྲུབ་པ་གཉིས་སྲང་མདའི་མཐོ་དམན་

p. 771

ལྟར་འབྱུང་ཞིང་། གཟུགས་མེད་ཀྱི་འགྲོ་བ་པ་ནི་གཟུགས་མེད་པས་བར་དེར་བར་སྲིད་ཀྱི་ལུས་མི་འབྱུང་བར་ཐེག་དམན་དང་ཐེག་ཆེན་གྱི་ཆོས་མངོན་པར་བཤད་ཀྱང་། རྡོ་རྗེ་ཐེག་པ་བླ་ན་མེད་པའི་ལུགས་སུ་ནི་འཁོར་བའི་གནས་སྐབས་ཐམས་ཅད་དུ་རགས་ལུས་བསྐྱེད་བྱེད་ཀྱི་རླུང་སེམས་ཀྱི་ཕྲ་ལུས་གཉུག་མའི་ལུས་དང་ལྷན་ཅིག་པ་ཞིག་རྒྱུན་མི་འཆད་དུ་ཡོད་པར་གསུངས་པས། གཟུགས་མེད་པ་དག་རང་གི་སེམས་སྣང་ལ་ལུས་གསལ་བར་ཉམས་སུ་མ་མྱོང་ཡང་། ལུས་མེད་པར་འཇོག་མི་ནུས་ལ། དུས་འཁོར་ནས། གཟུགས་མེད་པའི་སེམས་ཅན་ལ་དབུགས་རྒྱུ་བ་དང་། ཁམས་འཕོ་བ་ཡོད་པར་བཤད་པས་གཟུགས་སམ་ལུས་ཤིན་ཏུ་ཕྲ་བ་ཡོད་པར་གྲུབ་ལ། དེར་མ་ཟད་འཕགས་པ་འཇིག་རྟེན་འཛིན་གྱིས་ཞུས་པ་ཞེས་པ་ཐེག་ཆེན་གྱི་མདོ་ལས། འཇིག་རྟེན་འཛིན། གཟུགས་མེད་པའི་ཁམས་ཀྱི་ལྷའི་ཉེ་བར་ལེན་པའི་ཕུང་པོ་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་ཏུ་ཕྲ་བའང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་པས་ཀྱང་གཟུགས་མེད་ན་གཟུགས་གཏན་མེད་མིན་པར་

p. 772

བསྟན་ཏོ། །མཆན། དེའི་ཚེ་འགྲོ་བ་དེ་ལ་བར་སྲིད་མེད་པར་ཡང་མཐའ་གཅིག་ཏུ་འཇོག་དཀའ་བ་ཡིན་ནོ། །འོ་ན་བར་སྲིད་དེའི་དབྱིབས་ཅི་ལྟ་བུ་ཞིག་ཡོད་ཅེ་ན། མངོན་པ་གོང་མར། གང་དུ་སྐྱེ་བར་འགྱུར་བའི་བྱད་གཟུགས་སོ། །ཞེས་དང་། མཛོད་ལས། སྔོན་འབྱུང་སྲིད་པའི་ཤ་ཚུགས་ཅན། །ཞེས་གསུངས་པས་ལུས་ཕྱི་མ་ལེན་འགྱུར་ལ་སྔོན་འབྱུང་གི་སྲིད་པར་བྱས་ནས། དེའི་བྱད་གཟུགས་ལྟར་ཡོད་པར་འཆད་པ་ཉིད་གྲགས་ཆེ་ཡང་། འདིར་མངའ་བདག་ལོ་ཙ་བ་ཆེན་པོས་བར་དོའ་ཤོག་དྲིལ་དུ། ཕྱེད་དང་བཞི་ཡི་ཕྱི་མ་ལ། །གར་སྐྱེའི་ལུས་སུ་འགྱུར་ནས་འགྲོ། །ཞེས་གསུངས་པས་ཤི་ནས་ཞག་ཕྱེད་དང་བཞི་ཚུན་ཆད་ཚེ་ལྔ་མའི་བྱད་གཟུགས་ཀྱི་རྣམ་པ་དང་། དེ་ནས་ཚེ་ཕྱི་མའི་བྱད་གཟུགས་འཛིན་པར་བཤད་པ་ནི་གྲུབ་པའི་སློབ་དཔོན་རྣམས་ཀྱི་ཞལ་ལུང་རྒྱུན་མ་ཆད་པ་ཡིན་པས་འདི་ཉིད་བདེན་པར་བཟུང་དགོས་ཤིང་། དེ་ལྟ་བུའི་བར་སྲིད་ཀྱི་ལུས་དེ་ཡང་འགྲོ་བ་གང་དང་གང་ཡིན་པའི་སྔོན་དུས་ཀྱི་སྲིད་

p. 773

པ་ལས་ཕྲ་བར་བཤད་མོད། འོན་ཀྱང་ལུས་དེ་ལ་འབྱུང་བའི་ཁམས་ཡེ་མེད་པ་ནི་མ་ཡིན་ཏེ། ལུས་དེ་དབང་པོ་ཀུན་ཚང་དུ་གསུངས་པས། དེ་ལྟ་ན་ནང་དོན་བེམ་པོ་ཡོད་ཀྱང་ལུས་དེ་ཡིད་གཙོ་བོར་གྱུར་པས་གང་དུ་བསྐྱོད་པ་དེར་བསྒྲོད་ནུས་པས་བར་དོ་ཡིད་ཀྱི་ལུས་སུ་འཇོག་པ་དང་། ལུས་དེ་གང་ཟག་གཞན་ཐོགས་པའི་ས་རྡོ་སོགས་ལ་མི་ཐོགས་པ་ནི་ལས་ལས་བྱུང་བའི་རྫུ་འཕྲུལ་གྱི་མཐུ་ལས་ཡིན་ཏེ། ཇི་སྐད་དུ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་འབྱུང་བས་སོ། །བར་སྲིད་དེའི་བཟའ་བ་ནི་ཁམ་ཟས་ལ་གཙོ་བོར་དྲི་ཟ་བས་དྲི་ཟའོ། །ཞེས་བསྟན་ལ། རོ་ལ་སོགས་པ་གཏན་མི་ཟ་བ འང་མ་ཡིན་ནོ། །བར་སྲིད་ཀྱི་ཁ་དོག་ཀྱང་དགའ་བོ་མངལ་འཇུག་གི་མདོ་ལས། མི་དགེ་བ་བྱེད་པའི་དེ་ནི་མུན་ནག་ལྟ་བུ་དང་། དགེ་བ་བྱེད་པའི་དེ་ནི་ཟླ་འོད་ལྟ་བུ་དང་། དམྱལ་བའི་བར་དོ་ནི་སྡོང་དུམ་ཚིག་པ་ལྟ་བུ་དང་། དུད་འགྲོའི་བར་དོ་ནི་དུ་བ་ལྟ་བུ་དང་། ཡི་དགས་ཀྱི་བར་དོ་ནི་ཆུའི་ཁ་དོག་དང་། འདོད་ལྷ་དང་མིའི་བར་དོ་ནི་གསེར་ལྟ་བུ་དང་། གཟུགས་

p. 774

ཁམས་ཀྱི་བར་དོ་ནི་དཀར་པོར་གསུངས་སོ། །མཆན། བར་སྲིད་དེ་གང་ཟག་གང་གིས་ཇི་ལྟར་མངོན་དུ་བྱེད་པའི་ཚུལ་ནི། མཛོད་ལས། རིས་མཐུན་ལྷ་མིག་དག་པས་མཐོང་། །ཅེས་པས་སྤྱིར་བར་སྲིད་རིས་མཐུན་དང་ལྷ་མིག་རྣམ་དག་ཡོད་པས་མཐོང་བར་བཤད་ཀྱང་། ཞིབ་པར་དཔྱད་ན་རྗེ་བཙུན་དབྱངས་ཅན་བཟང་པོའ་བཞེད་པས། ལྷ་མིག་གི་མངོན་ཤེས་སྦྱོར་བྱུང་གིས་བར་དོའ་ལུས་མཐོང་བ་ཡིན་གྱི། སྐྱེས་ཐོབ་ཀྱི་ལྷ་མིག་གིས་མཐོང་བ་ནི་མ་ཡིན་ལ། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་སྟོབས་དངོས་སངས་རྒྱས་ལ་ཡོད་ཀྱང་། རྗེས་མཐུན་པ་ཉན་རང་དང་བྱང་སེམས་ལའང་འབྱུང་བས། རྗེས་མཐུན་པ་དེས་ཉིང་མཚམས་སྦྱོར་བའི་སྐྱེ་བ་དང་། བར་སྲིད་དང་འཆི་འཕོ་གང་ཡིན་རྣམས་ཡིད་ཀྱི་རྣམ་ཤེས་ཀྱིས་ཤེས་པ་ཡིན་ཏེ། མཛོད་འགྲེལ་ལས། འོ་ན་ཇི་ལྟར་ན། ཤི་འཕོས་པ་དང་སྐྱེ་བ་ཤེས་པ་འདི་ལྟར་སེམས་ཅན་འདི་དག་ནི་ལུས་ཀྱང་ཉེས་པར་སྤྱོད་པ་དང་ལྡན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་ཤེས་ཞེ་ན།

p. 775

དེ་ནི་དེས་མི་ཤེས་ཀྱི། འཕགས་པ་རྣམས་ལ་དེ་ལས་གཞན་པ་གང་གིས་དེ་ལྟ་བུར་ཤེས་པར་འགྱུར་བར་མངོན་པར་ཤེས་པའི་འཁོར་དུ་གྱུར་པའི་ཤེས་པ་སྐྱེའོ། །ཞེས་འབྱུང་ངོ་། །ད་ནི་བར་སྲིད་ཀྱི་གནས་སྐབས་དེ་ཇི་ལྟར་སྦྱོང་བའི་ཚུལ་བརྗོད་པར་བྱ་སྟེ། དེ་ཡང་སེམས་ཅན་རྣམས་ཀྱི་སྐྱེ་བ་སྤྲུལ་སྐུ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུར་འཆར་བའམ་བསྒྱུར་དུ་མི་རུང་བ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་པས་དེ་གསུམ་གཞི་དུས་ཀྱི་སྐུ་གསུམ་ཡིན་ལ། སྐྱེ་བ་སྤྲུལ་སྐུ་སད་པའི་དུས་གཏུམ་མོ་བསྒོམ་པ་སྤྲུལ་སྐུའི་རྣལ་འབྱོར་། འཆི་བ་ཆོས་སྐུ་གཉིད་ཀྱི་དུས་འོད་གསལ་བསྒོམ་པ་ཆོས་སྐུའི་རྣལ་འབྱོར། བར་དོ་ལོངས་སྐུ་རྨི་ལམ་བར་དོའ་དུས་རྨི་ལམ་སྒྱུ་ལུས་བསྒོམ་པ་ལོངས་སྐུའི་རྣལ་འབྱོར་ནི་ལམ་གྱི་སྐུ་གསུམ་ཡིན་ལ། གཉིད་སྟུག་དང་འཆི་སྲིད་ཀྱི་སེམས་མེད་མི་རྟོག་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་པ་དང་། རྨི་ལམ་དང་བར་སྲིད་ཀྱི་སྣང་བ་བདག་བྱིན་རླབས་ལོངས་སྤྱོད་རྫོགས་སྐུར་

p. 776

སངས་རྒྱས་པ་དང་། སྐྱེ་བ་སྔོན་དུས་ཀྱི་སྲིད་པ་དང་བཅས་པ་རགས་སྣང་སྤྲུལ་པའི་སྐུར་སངས་རྒྱས་པ་སྟེ། གཞི་ལམ་འབྲས་གསུམ་གྱི་སྐུ་གསུམ་གསུམ་ཚན་གསུམ་བསྲེ་བ་ནི་བཀའ་བརྒྱུན་རིན་པོ་ཆེའི་མན་ངག་གི་གཙོ་བོ་བསྲེ་བ་དགུ་སྐོར་དུ་གྲགས་པ་ཡིན་ནོ། །གཞི་དུས་ཀྱི་སྐྱེ་འཆི་བར་སྲིད་གསུམ་པོ་འདི་ལ་འཁོར་བའི་གནས་སྐབས་སུ་གནས་སྐབས་གསུམ་དུ་བཅད་པའི་སྣང་བ་གསུམ་དུ་འཆར་ཞིང་། ལུས་གསུམ་ལེན་ནས་བར་མ་དོར་བྱ་བ་བྱེད་པ་ལ་དགོངས་ནས་རྗེ་མར་པས། སྐྱེ་འཆི་བར་དོ། རྨི་ལམ་བར་དོ། སྲིད་པ་བར་དོ་ཞེས་བར་དོ་གསུམ་དུ་གསུངས་ལ། འདི་ཡང་རྨི་ལམ་བར་དོས་གཉིད་ཀྱི་གནས་སྐབས་དང་། གཉིད་ཀྱིས་མཚོན་ནས་འཆི་སྲིད་ཀྱི་སྐབས་ཀྱང་བར་དོའ་ཐ་སྙད་དུ་མཛད་ལ། འདི་ལ་དགོངས་ནས་རྗེ་སྒམ་པོ་པས། བར་དོ་ཆུང་འབྲིང་ཆེ་གསུམ་དང་། རྨི་ལམ་ཆུང་འབྲིང་ཆེ་གསུམ་ཞེས་གསུངས་ཏེ། དེའི་དོན་རྨི་ལམ་ནི་ཉི་ཚེ་བ་ཡིན་པས་རྨི་ལམ་ཆུང་ངུ་དང་། བར་དོ་ནི་རྒྱུན་ཐུང་བ་དང་སྣང་བ་མི་བརྟན་པ་དང་ཕྲ་བས་ཀྱང་ཡུད་ཙམ་དུ་གྱུར་པས་རྨི་

p. 777

ལམ་འབྲིང་པོ་དང་། སད་དུས་འཁྲུལ་སྣང་བརྟན་ཅིང་བདེན་སྣང་ཟློག་མེད་དུ་མྱོང་བས་རྨི་ལམ་ཆེན་པོར་བཞག་པར་མཛད་ལ། དེའི་ཕྱིར་རྗེ་བཙུན་མི་ལས། ད་ལྟ་ངེད་རང་རྣམས་བར་དོའ་ལམ་ཆེན་པོ་གསུམ་དུ་ཞུགས་ནས། རྨི་ལམ་ཆེན་པོ་རྨི་བའི་དུས་ཡིན་ཞེས་གསུངས་སོ། །མཆན། དེར་མ་ཟད་མི་གནས་པའི་མྱང་འདས་ཆེན་པོར་འཇུག་པའི་ཚུལ་ལ་ཡང་། རྗེ་མི་ལས། བར་དོ་གསུམ་དུ་རྣམ་པར་བཞག་སྟེ། འཁོར་འདས་སམ་རང་བཞིན་གནས་པའི་བར་དོ། ཏིང་ངེ་འཛིན་བསམ་གཏན་གྱི འམ་རང་བཞིན་ལམ་གྱི་བར་དོ། །ལུགས་བཟློག་འཆི་ཁ་མའམ་སྐྱེ་གནས་བརྒྱུད་པའི་བར་དོ་ཞེས་གསུམ་དུ་མཛད་ནས་བར་དོ་དྲུག་སྐོར་དུ་གྲགས་ལ། དེའི་བར་དོ་ཕྱི་མ་གསུམ་གྱི་དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྒྱུ་འབྲས་ངོ་བོ་གསུམ་ལས་གང་ཡང་རུང་བས་མ་ཁྱབ་པ་མེད་པ་ལ་དགོངས་ཏེ་དེར་བཞག་ལ། གཉིས་པ་ནི། བསྐྱེད་རྫོགས་གཉིས་ཀྱི་རིམ་པ་བསྒོམ་པའི་ཏིང་ངེ་འཛིན་དང་ཤེས་རབ་

p. 778

བདེ་བར་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་པར་དགོངས་ཏེ་དེར་བཞག་ལ། གསུམ་པ་ནི། འཆི་ཁའམ་ཉེ་རྒྱུའི་ཐབས་ཤེས་ལ་དགོངས་ཏེ་དེར་བཞག་པའོ། །དེས་ན་རྒྱུ་ལམ་འབྲས་བུ་གསུམ་སྐུ་གསུམ་དུ་སྤྱི་དང་ཁྱད་པར་དུ་བསྲེ་བ་འདི་ནི་རྡོ་རྗེ་ཐེག་པ་བླ་ན་མེད་པ་མཐའ་དག་གི་རྫོགས་རིམ་གྱི་ལུས་ཡོངས་སུ་རྫོགས་པ་ཡིན་ནོ། །འདི་ལ་ཁ་ཅིག་གཞི་དུས་ཀྱི་སྐུ་གསུམ་པོ་དེ་སྐུ་གསུམ་མཚན་ཉིད་པ་ཡིན་ནམ། སྐུ་གསུམ་གྱི་རྒྱུ་མཚན་ཉིད་པ་ཡིན་ནམ། སྐུ་གསུམ་གྱི་རྒྱུ་འབྲས་ངོ་བོ་གང་ཡང་མ་ཡིན་པར་དེར་བཏགས་པ་གང་ཡིན་སྙམ་པའི་ཐེ་ཚོམ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་ན། གཞི་དུས་ཀྱི་སྐུ་གསུམ་སྐུ་གསུམ་མཚན་ཉིད་པ་མིན་ན་འབྲས་དུས་ཀྱི་སྐུ་གསུམ་ཀྱང་སྐུ་གསུམ་མཚན་ཉིད་པར་འཇོག་བྱེད་བཤད་དཀའ་བ་ཡིན་ཏེ། རྒྱུ་འབྲས་ཀྱི་སྐུ་གསུམ་པོ་དེ་རང་བཞིན་དག་པའི་བདག་ཉིད་དམ། ངོ་བོར་མཚན་ཉིད་གཞན་མིན་པའི་ཕྱིར་དང་། འབྲས་དུས་ཀྱི་སྐུ་གསུམ་གྱི་

p. 779

ཡོན་ཏན་ཇི་ལྟ་བ་དེ་ལྟར་བསྐྱེད་བྱེད་ཀྱི་ཆོས་རྒྱུ་དུས་ཀྱི་སྐུ་གསུམ་ལ་ཡོད་པ་དེ་འབྲས་བུའི་ཆོས་དེ་དག་དང་རིས་མཐུན་པའི་ངོ་བོ་ཅན་ཡིན་པའི་ཕྱིར། དེ་ལྟ་ན་གཞི་དུས་ཀྱི་སྐུ་གསུམ་ནི་སྐུ་གསུམ་མཚན་ཉིད་པ་ཡིན་ཀྱང་དེ་འབྲས་དུས་ཀྱི་སྐུ་གསུམ་མཚན་ཉིད་པ་ཡིན་མི་དགོས་པས་འབྲས་བུ་ཉིད་རྒྱུར་ཡང་མི་འགྱུར་བའི་ཕྱིར་དང་། མ་དག་པ་སྒྲིབ་བཅས་ཀྱི་སྐུ་གསུམ་སྐུ་གསུམ་མཚན་ཉིད་པ་ཡིན་པས། དག་པ་སྒྲིབ་བྲལ་གྱི་སྐུ་གསུམ་སྐུ་གསུམ་མཚན་ཉིད་པ་ཡིན་པ་ལ་མི་གནོད་པའི་ཕྱིར་དང་། མ་དག་པའི་སྐུ་གསུམ་མཚན་ཉིད་པ་དྲི་མ་དང་བཅས་པའི་ཆ་དེ་དག་པའི་སྐུ་གསུམ་མཚན་ཉིད་པར་ཡང་ཁས་མི་ལེན་ཏེ། གཞི་དུས་ཀྱི་སྐུ་གསུམ་མཚན་ཉིད་པ་ལམ་དུས་ཀྱི་སྐུ་གསུམ་མཚན་ཉིད་པས་ཁྱད་པར་དུ་བྱས་པས་འབྲས་དུས་ཀྱི་སྐུ་གསུམ་མཚན་ཉིད་པར་གནས་གྱུར་དུ་གསུངས་པའི་ཕྱིར་རོ། །སྤྱིར་སྔགས་བླ་མེད་ཀྱི་རྫོགས་རིམ་པས། རྒྱུའི་སྐུ་གསུམ་ལམ་གྱི་སྐུ་གསུམ་དུ་འཁྱེར། ལམ་གྱི་སྐུ་གསུམ་འབྲས་བུའི་སྐུ་

p. 780

གསུམ་དུ་འཁྱེར་བས་གསང་སྔགས་འབྲས་བུ་ལམ་བྱེད་མྱུར་མགྱོགས་ཀྱི་ཟབ་ཁྱད་འདི་ལ་ཡོད་ཅིང་། འབྲས་བུ་དེའང་གཞི་དུས་ནས་ནུས་ཅན་གྱི་ངོ་བོར་གྲུབ་པས་རྡོ་རྗེ་ཐེག་པ་གཞི་འབྲས་དབྱེར་མེད་ཀྱི་ཆེ་བ་ཞེས་འབྱུང་ལ། དེའང་གཞི་ལམ་དབྱེར་མེད་དུ་བསྒོམས་པས་འབྲས་བུ་མངོན་དུ་འགྱུར་བ་ཡིན་ནོ། །མཆན། ཡང་རྗེ་བཙུན་ཏི་ཕུ་པ་དང་བླ་མ་རས་ཆུང་པ་དཔོན་སློབ་ཀྱི་བཞེད་པས། བསྲེ་བ་སྐོར་གསུམ་དུ་མཛད་པ་ནི་རྒྱུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་དང་། ལམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་བསྲེས་ནས་འབྲས་བུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་ཡིན་ཏེ། དེ་ཡང་བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་བ། ལེ་ལོ་ཅན་འཆི་ཁའམ་འཆི་བཞིན་པར་འཚང་རྒྱ་བ། དེ་བས་ལེ་ལོ་ཆེ་བ་བར་དོར་འཚང་རྒྱ་བ། ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་སྟེ་བཞི་ཡོད་པའི་དང་པོ་ནི། ཚེ་འདིར་མཆོག་འགྲུབ་པའི་དབང་དུ་བྱས་པ་སྟེ། དེ་ལ་དགོངས་ནས་རྗེ་ནཱ་རོས། བརྩོན་འགྲུས་ཅན་ནི་ཚེ་འདི་ཉིད། །ཅེས་གསུངས་ལ། གཉིས་པ་

p. 781

ལའང་། སྒྱུ་ལུས་འོད་གསལ་ལྷན་ཅིག་ཏུ་འཆི་སེམས་ཀྱི་སྐབས་སུ་སྒྲུབ་ཚུལ་དང་། སྒྱུ་ལུས་སྔོན་དུ་སོང་ནས་འཆི་སེམས་ཀྱི་སྐབས་དེར་འོད་གསལ་དང་སྒྱུ་ལུས་ཡང་དག་པར་སྦྱངས་ཏེ་ཟུང་འཇུག་གི་སྐུར་འཚང་རྒྱ་བ་གཉིས་ཡོད་པའི་དང་པོ་ནི། ཚེ་འདིར་བསྐྱེད་རིམ་མཐར་ཕྱིན་པ འམ་སྔོན་དུ་སོང་ནས་དབེན་གསུམ་མམ་སྲོག་རྩོལ་གྱི་ཡན་ལག་གིས་འབར་བཞུའི་ཡེ་ཤེས་སྐྱེས་པ་ན་ཚེའི་འཕེན་པ་ཟད་ནས་ཚེ་འདིར་སྤྱོད་པ་གསུམ་པོ་གང་ཡང་སྤྱོད་རྒྱུ་མ་བྱུང་བ་དེ་འཆི་ཁར་སྔོན་ལེགས་པར་གོམས་པའི་སེམས་དབེན་གྱིས་རླུང་སེམས་ལེགས་པར་ལས་རུང་དུ་བྱས་པ་དེས། འཆི་སེམས་འོད་གསལ་དོན་དམ་བདེན་པ་སྟོང་པ་ཆེན་པོར་གཞུག་རིམ་ནས་དེ་དང་དབྱེར་མི་ཕྱེད་པའི་རླུང་ཀུན་རྫོབ་བདེན་པ་སྒྱུ་མའི་སྐུར་ལྡང་བ་ལྷན་ཅིག་ཏུ་བྱེད་ལ། དེ་ལྟར་བྱེད་ཚུལ་ཡང་འཆི་བའི་སྣང་མཆེད་ཐོབ་གསུམ་ལུགས་འབྱུང་གི་སྐབས་ནས་སྣང་བ་དེ་གསུམ་སྒྱུ་ལུས་ཀྱི་སྐུར་འཆི་ཁ་མའ་སེམས་དབེན་གྱི་

p. 782

ཏིང་འཛིན་གྱིས་བསྐྱེད་ནས། སྒྱུ་ལུས་དེ་ཉིད་འཆི་སེམས་ཀྱི་འོད་གསལ་དུ་བཅུག་ནས་སླར་ལུགས་བཟློག་གི་སྣང་གསུམ་སློབ་པའི་སྒྱུ་ལུས་སུ་ལྡང་བའི་རྣམ་བཞག་འདི་ནི། བདེན་གཉིས་ཀྱི་རིམ་པ་ལྷན་ཅིག་པའི་ཉེ་ལམ་འགྲན་ཟླ་དང་བྲལ་བ་ཡིན་ཏེ། འཕགས་པ་ལྷའི་ཞབས་ཀྱི་སྤྱོད་པ་བསྡུས་པའི་སྒྲོན་མར། དེ་བས་ན་དེ་ཁོ་ན་ཉིད་ཤེས་པ་ནི་རྐྱེན་མ་ཚང་བས་ཇི་སྐད་དུ་བཤད་པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཀྱང་། ལྟ་བ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་འགྱུར་བ་ནི་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུ ན་རྫོབ་བདེན་པའོ་ཞེས་ཡང་དག་པར་མངོན་པར་རྟོགས་ནས་བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས། ཐ་མལ་པའི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་ལྡང་བར་བྱའོ། །ཞེས་བརྟན་པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་དོར་བར་མི་འགྱུར་རོ། །དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །ཅེས་

p. 783

གསུངས་སོ། །ཕྱི་མ་ནི་ཚེའི་འཕེན་པ་གཏུགས་ལ་ཁད་དུ་སྒྱུ་ལུས་གྲུབ་ནས་སྤྱོད་པ་སྤྱད་པའི་ལོང་མ་བྱུང་བར་འཆི་སྲིད་དོན་གྱི་འོད་གསལ་དུ་ཆེར་སྦྱངས་པ་ཉིད་སྤྱོད་པའི་དོད་ཐུབ་དུ་སོང་ནས་ཚེ་འདིའི་ལུས་དང་འཆི་བཞིན་པའི་སེམས་མ་བྲལ་བ་ན་ཟུང་འཇུག་གི་སྐུར་ལྡང་ཐུབ་པས། འདི་ལ་ནི་བར་དོར་སངས་རྒྱས་པའི་ཐ་སྙན་ཀྱང་དཀའ་སྟེ། དེར་བར་དོ་མ་ཤར་བའི་ཕྱིར་དང་། ཚེ་འདིར་སངས་རྒྱས་པའི་རྣམ་བཞག་ཀྱང་མ་ཚང་སྟེ། འཆི་སེམས་ཀྱི་དུས་སུ་མི་སློབ་ཟུང་འཇུག་ཏུ་ལྡང་ཐུབ་པའི་ཕྱིར། རྗེ་ནཱ་རོས། ལེ་ལོ་ཅན་ནི་འཆི་ཁ་སྟེ། །ཞེས་གསུངས་ལ། ཚུལ་འདི་ལེགས་པར་སྦྱར་ནས་བསྒོམས་པས་སྒྲིབ་གསུམ་གནས་ངན་ལེན་གྱི་བག་ཆགས་མཐའ་དག་ཟད། དེའི་སྟོབས་ཀྱིས་སྐབས་འདིར་ཆོས་ཀྱི་སྐུ་སྤྲོས་པ་མཐའ་དག་དང་བྲལ་བའི་ཟག་མེད་ཀྱི་ལུས་ཐོབ་པ་ཡིན་ཏེ། འཁྲུལ་ཟད་མི་ལས། རྨི་ལམ་འཆི་བའི་སྲིད་པ་དང་འགྱུར་བ་གནད་གཅོད་ཀྱི་འཕྲང་། ཕྱི་ནང་འབྱུང་བའི་སྐྱེ་མཆེད་རིམ་

p. 784

གྱིས་ཐིམ་པའི་རྗེས་ལ་ཉོན་མོངས་པའི་འཆིང་བ་མཐའ་དག་ལས་གྲོལ་བ། ནམ་མཁའ་དངས་པ་ལ་ཉི་མ་ཤར་བ་ལྟ་བུ། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ། ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་མ་བཅོས་པ་ཇི་ལྟ་བ་ཅིག་དེར་འཆར་བས། དེ་ཀ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས་ཞེས་གསུངས་སོ། །དེ་ལ་འདིར་འཆི་སྲིད་དུ་འོད་གསལ་མངོན་དུ་བྱེད་པ་ནི་དུས་དེར་རླུང་ཐམས་ཅད་དབུ་མར་བསྡུས་པས་སེམས་ཅན་ཐམས་ཅད་ལ་གཞི་དུས་ཀྱི་འོད་གསལ་དེ་འཆར་བ་ཡིན་ཏེ། ཞལ་ལུང་ལས། ཆོས་སྐུར བ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང་། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བ་རབ་བསྒོམས་ནས། །ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱོང་། །ཞེས་འབྱུང་བས་གཞིའི་འོད་གསལ་མ་ལྟ་བུ་དང་བསྒོམས་པའི་འོད་གསལ་བུ་ལྟ་བུ་སྔར་འདྲིས་ཀྱི་མ་བུ་འཁྲུལ་མེད་དུ་ངོ་ཤེས་པ་ལྟར་རང་བཞིན་རྣམ་དག་གི་འོད་གསལ་

p. 785

བའི་ཡེ་ཤེས་སྐྱེས་པ་ན། སྤང་བྱ་གློ་བུར་གྱི་དྲི་མ་ཇི་སྙེད་པ་ཐག་ཁྲའི་སྦྲུལ་ལྟར་དོན་ལ་མ་ཞུགས་པར་རྟོགས་པའི་གློ་བུར་རྣམ་དག་གི་འོད་གསལ་བའི་ཡེ་ཤེས་སྐྱེས་པ་དེའི་ཚེ་ཆོས་ཐམས་ཅད་དག་པ་གཉིས་ལྡན་གྱི་མངོན་པར་བྱང་ཆུབ་པ་ཆོས་ཀྱི་སྐུའི་གོ་འཕང་དུ་འགྱུར་ལ། དེའི་ཚེ་བར་དོ་ལ་སོགས་པའི་ལུས་སྣང་མི་ལེན་པར་བར་དོ་འབྱུང་བའི་མལ་དུ་སྒྱུ་ལུས་མི་སློབ་པའི་ལོངས་སྐུར་འཆར་བ་ཡིན་ཏེ། ཀུན་མཁྱེན་འཇམ་དཔལ་བཟང་པོས། འཆི་བའི་རང་བཞིན་དོན་དམ་བདེན་པར་རྟོགས། །ཆོས་སྐུའི་ངང་དུ་འོད་གསལ་མ་བུ་འདྲེས། །དེའི་ངང་ནས་བར་དོ་སྒྱུ་མའི་གཟུགས། །མཚན་དཔེའི་རྒྱན་ལྡན་ཐོབ་པར་བྱིན་གྱིས་རློབས། །ཅེས་གསུངས་སོ། །གསུམ་པ་ནི། དབེན་གསུམ་སྔོན་དུ་སོང་བས་འཆི་སྲིད་དུ་སེམས་དབེན་གྱི་དཔེའི་འོད་གསལ་མངོན་དུ་བྱས་ནས་བར་དོ་འཆར་བའི་ཚེ་སྒྱུ་མའི་རིམ་པ་བསྒོམ་པའི་འཕེན་པས་སྒྱུ་ལུས་སུ་ལངས་ནས་བར་དོར་འཚང་རྒྱ་བ་སྟེ། རྗེ་ནཱ་རོས། ཐ་མ་

p. 786

སྲིད་པ་བར་མ་དོར། །མཆོག་ཐོབ་སྐུས་ནི་གཞན་དོན་བྱེད། །ཅེས་དང་། དཔལ་དབྱངས་ཅན་བཟང་པོའི་ཞབས་ཀྱིས། བར་དོར་འཚང་རྒྱ་བ་ནི་ལེ་ལོ་ཅན་ཚེ་འདིར་སེམས་དབེན་ཙམ་ཐོབ་ཀྱང་སྒྱུ་ལུས་ཀྱི་ཆེད་དུ་སྤྱོད་པ་བྱེད་རྒྱུ་མ་བྱུང་བ་དེ་འཆི་སྲིད་ཀྱི་གཞི་ལམ་གྱི་འོད་གསལ་གཉིས་སྟོབས་ལྡན་དུ་སྦྱར་ནས་བསྒོམས་ཤིང་། ལྷག་པར་བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས་སྙིང་གར་མི་ཤིགས་པའི་སྒྲ་གཅན་གྱི་རླུང་གིས་རོ་གཅིག་ཏུ་བྱས་པའི་བདེ་ཆེན་འབར་བའི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་སྤྱོད་པའི་དོད་ཐུབ་བྱས་ནས་བར་དོར་ཡེ་ཤེས་ཀྱི་སྐུ་འཆར་བ་ལ་སྟོབས་ལྡན་དུ་གྱུར་པ་ཡིན་ནོ། །ཅེས་བཀའ་སྩལ་ཏོ། །བཞི་པ་ནི། ཚེ་འདིར་སྡོམ་པ་དང་དམ་ཚིག་ཚུལབཞིན་བསྲུངས་ནས་རིམ་པ་དང་པོ་ཉམས་འོག་ཏུ་ཆུད་ཅིང་། རྫོགས་རིམ་གྱི་དབེན་པ་རྣམས་ལ་གསལ་སྣང་ཐོབ་པ་དང་། གཉིད་དུས་ཀྱི་སྣང་གསུམ་ལུགས་འབྱུང་བཟློག་གི་ངེས་པ་འདྲེན་པ་ཞིག་གིས་འཆི་བ་དང་བར་དོ་སོ་སོར་ངོས་

p. 787

ཟིན་པར་འགྱུར་བས། དེར་བར་དོའ་མན་ངག་འཛིན་པར་ནུས་པའི་གང་ཟག་སྟེ། འདི་ལ འང་སྐྱེ་བ་ཅིག་བརྒྱུད་པ་དང་། དེ་ཕན་ཆད་བརྒྱུད་པ་གཉིས་ལས་ཕྱི་མ་ནི་གོ་བར་སླ་ལ། དང་པོ་ནི། ཞལ་ལུང་ལས། གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པ་འཛིན་པའི་གཙོར་གྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོ་འགྲུབ། །ཅེས་གསུངས་སོ། །མདོར་ན་བཅོམ་ལྡན་འདས་ཧེ་རུ་ཀ་དཔལ་ལོ་ཙ་བ་ཆེན་པོའ་ཞབས་ཀྱིས་བཀའ་དཔེའི་འགྲེལ་པར། དེ་ལ་སྐྱེ་ཤི་བར་དོར་རྣམ་པར་སྨིན་པའི་ལུས་ལ་བརྟེན་ནས་བསྐྱེད་རྫོགས་ལ་གོམས་པ་རྨི་ལམ་གྱི་བར་དོར་བག་ཆགས་ཀྱི་ལུས་ལ་བརྟེན་ནས་རྩལ་སྦྱངས་པས་སྲིད་པ་འཆི་ཁའི་དུས་སུ་འཕོ་བའམ། སྔར་རྨི་ལམ་སྦྱངས་པའི་དུས་དང་འཆི་བའི་འོད་གསལ་ངོ་ཤེས་པར་བྱ་སྟེ། འཆི་ཁའི་ཤེས་པ་གསོས་བྱས་ཏེ། འཆི་བའི་རྟགས་རྣམས་ཚང་བ་དང་ཐབས་བླ་མའི་མན་ངག་དང་། རང་གིས་སྔོན་དུ་བྱས་པའི་ལམ་དང་། ཉམས་མྱོང་གི་འཕྲོ་དང་། འོད་གསལ་ངོས་

p. 788

ཟིན་པའི་གདེང་དང་ལྡན་པ་དེས་ཕྱི་ནང་གསང་བའི་འཆི་རྟགས་རྣམས་རྫོགས་པའི་ཚེ་སྔར་གོམས་པ་ལ་སེམས་གཞག་སྟེ། འོད་གསལ་བར་ནི་འཇུག་པར་འགྱུར། །ཞེས་པ་བསམ་གཏན་གྱི་འོད་གསལ་སྦྱངས་པ་དེས་རང་བཞིན་གྱི་འོད་གསལ་བ་དང་ཕྲད་ནས་འོད་གསལ་མ་ལ་བུ་ཐིམ་སྟེ་གཅིག་ཏུ་འདྲེས་པས་འཚང་རྒྱ་བ་ལ་ཐེ་ཚོམ་མེད་པའི་ལམ་ཡིན་ནོ། །ཅེས་གསུངས་པ་འདིས་ནི་བར་དོ་གསུམ་གྱི་རྣམ་བཞག་ཚང་ལ་མ་ནོར་བར་བསྟན་པ་ཡིན་ནོ། །གཉིས་པ་ཉམས་སུ་བླང་བ་ལ། བཟུང་བ། སྦྱང་བ། གཅིག་ཏུ་བྱ་བའི་བསམ་གཏན་གསུམ་ལས། དང་པོ་ནི། ཚེ་འདིར་བདག་ཚེ་གཅིག་ལུས་གཅིག་ཏུ་ལམ་རིམ་པ་གཉིས་གཡེང་བ་ཐམས་ཅད་དང་བྲལ་བར་བསྒོམས་ནས་འཚང་རྒྱ་བར་བྱའོ། །གལ་ཏེ་ཚེ་འདིའི་འཕེན་པ་ཟད་ནས་འཆི་བ་ན། འཆི་བ་འོད་གསལ་ཆོས་སྐུ་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་དུ་བར་དོ་ལོངས་སྐུར་ལྡང་བར་བྱ་སྙམ་པ་དང་། ད་ལྟར་གྱི་སྣང་བ་འདི་ཡང་བར་དོའི་སྣང་བ་

p. 789

ལྟར་ཡིད་ཀྱི་ལས་སྔོན་དུ་སོང་བའི་སྣང་བ་ཡིན་པས་རང་སྣང་འདི་ལྷ་སྐུ་སྒྱུ་མ་དང་རྨི་ལམ་ལྟ་བུ་ཞེས་ཆུ་བོའ་རྒྱུན་ལྟ་བུའི་དྲན་འདུན་བར་མ་ཆད་བསྟེན་པར་བྱའོ། །གཉིས་པ་ལ་ཡང་། བར་དོ་དང་པོ་འཆི་ཁའི་འོད་གསལ་ལ་བརྟེན་ནས་ཆོས་ཀྱི་སྐུ་མངོན་དུ་བྱ་བ། བར་དོ་གཉིས་པ་དག་པ་དང་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས་ཟུང་འཇུག་གི་སྐུར་ལྡང་བ། བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་དང་གསུམ་ལས། དང་པོ་ནི། རྗེ་བཙུན་ཏཻ་ལོས། རྣལ་འབྱོར་འཆི་བའི་དུས་ཀྱི་ཚེ། །དབང་པོ་རྣམས་དང་འབྱུང་བ་སྡུད། །ཟླ་ཉིའི་རླུང་རྣམས་སྙིང་གར་འདུས། །རྣལ་འབྱོར་ཏིང་འཛིན་སྣ་ཚོགས་འཆར། །ཅེས་གསུངས་ཏེ་དེ་ཡང་རྣལ་འབྱོར་པ་རང་ཉིད་འཆི་བའི་ཉམས་ཁོང་དུ་ཆུད་པ་ན། འདི་ལྟར་བསམ་པར་བྱ་སྟེ། གལ་ཏེ་དངོས་པོ་རྣམས་ཡང་དག་ཏུ་བདེན་ན་འཆི་མི་སྲིད་ལ། འཆི་བ་དང་། འཇིག་པ་དང་། བསླུབ་དང་། འགག་ན་བདེན་མི་སྲིད་པས་འཆི་བ་ལྟར་སྣང་བའི་ཕྱིར་འཆི་བ་ལ་ཇི་མི་སྙམ་དུ་

p. 790

བཟུང་ནས་རྫས་དང་ཡོ་བྱད་རྣམས་དཀོན་མཆོག་གི་ཕྱོགས་སུ་བཏང་། ཏིང་ངེ་འཛིན་གཡེང་བའི་རྒྱུ་རྣམས་སྤངས། ནུས་ན་རྡོར་སྐྱིལ་སོགས་ལུས་གནད་གཏུམ་མོ་ལྟར་བྱ། མི་ནུས་ན་གློ་གཡས་པ་ཕབ། རྐང་པ་བརྐྱང་ལ་བག་ཙམ་སྙོམ། ལོང་བུ་གཉིས་བརྩེགས། ལག་པ་གཡས་འགྲམ་པ་གཡས་པར་སྦྱར། ལག་པ་གཡོན་པ་བརླ་གཡོན་པའི་སྟེང་དུ་བརྐྱང་ནས་ཁ་ནུབ་ལྟ་དང་མགོ་བྱང་ལྟས་ཉལ་ལ། འདི་ནི་སེང་གེའི་ཉལ་སྟབས་ཏེ། གོང་གི་རྨི་ལམ་དང་འོད་གསལ་གྱི་སྐབས་ཀྱི་ལུས་གནད་ཀྱང་འདི་ཉིད་དོ། །མཆན། བླ་མ་དངོས་སུ་བཞུགས་པ འམ། སྐུ་འབག་དང་རང་གི་ཡི་དམ་སོགས་ཡིད་ཡུལ་དུ་བྱས་ལ། སྙིང་ཁོང་རུས་པའི་གཏིང་ནས་དཀོན་མཆོག་ལ་མོས་གུས་སྔོན་དུ་སོང་བས་ལྕོགས་ན་བདུན་རྣམ་དག་བྱ། མི་ལྕོགས་ན་སྐྱབས་འགྲོ་ཁྱད་པར་ཅན་བྱས་ཏེ། བདག་གིས་འཆི་བ་འོད་གསལ་བ་དོན་དམ་པའི་བདེན་པ་རྟོགས་པར་བྱས་ལ་སྲིད་པ་བར་དོར་ཟུང་འཇུག་ཕྱག་རྒྱ་ཆེན་པོའ་གོ་འཕང་མངོན་དུ་བྱས་ནས་འགྲོ་བ་

p. 791

ཐམས་ཅད་རྗེས་སུ་འཛིན་པར་བྱའོ་སྙམ་དུ་སེམས་བསྐྱེད་ཡང་ཡང་དུ་བྱས་ལ་འཕེན་པ་དྲག་ཏུ་བྱའོ། །དེ་ནས་འཆི་བའི་ཚེ་སྣང་བ་ཐམས་ཅད་འོད་གསལ་དུ་འཇུག་པས་དེའི་མཚན་མ་ཤེས་པར་བྱ་ཏེ། དེ་ཡང་རྗེ་བཙུན་རས་ཆུང་པས། སྣང་བ་ཐིམ་པའི་རིམ་པ་དང་། འབྱུང་བ་བཞི། རྟོག་པ། ཕྲ་བ་ཐིམ་པའི་རིམ་པའོ། །ཅེས་གསུངས་པས། དང་པོ་ནི། མིག་གི་སྣང་བ་ཐིམ་པས་གཟུགས་མི་གསལ། རྣ་བའི་སྣང་བ་ཐིམ་པས་སྒྲ་མི་ཐོས། སྣའི་སྣང་བ་ཐིམ་པས་དྲི་མི་ཚོར། ལྕེའི་སྣང་བ་ཐིམ་པས་རོ་མི་མྱོང་། ལུས་ཀྱི་སྣང་བ་ཐིམ་པས་རེག་བྱ་མི་ཚོར་བར་འགྱུར་རོ། །གཉིས་པ་ནི། ས་ཆུ་ལ་ཐིམ་པས་ལུས་ཀྱིས་ཟུངས་མི་ཐུབ། ཆུ་མེ་ལ་ཐིམ་པས་ཁ་སྣ་བསྐམས། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་རྣམས་སྡུད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད་ནང་དབུགས་ཨེན་ཅིག་མི་འཆད་པའོ། །གསུམ་པ་ནི། དེའི་དུས་སུ་ཉམས་རྣམ་པ་བཞི་འཆར་ཏེ། སྐད་ཅིག་མ་དང་པོ་སྣང་བའི་དུས་ན།

p. 792

ནང་རྟགས་དུ་བ་ལྟ་བུ། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། གཉིས་པ་མཆེད་པའི་དུས་ན། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། གསུམ་པ་ཐོབ་པའི་ཚེ། ནང་རྟགས་མར་མེ་ལྟ་བུ། ཕྱི་རྟགས་མུན་པ་ལྟ་བུའོ། །སྐབས་འདིར་བླ་མ་རས་ཆུང་པ་ཉིད་ཀྱི་བཞེད་པས། མིང་སྣང་བ་གསུམ་དུ་བཏགས་ནས་དུས་སྐད་ཅིག་མ་བརྟག་པའོ། །སྐད་ཅིག་མ་དང་པོ་སྣང་བའི་དུས་ན་ཉམས་ཀྱི་སྣང་བ་ལ་ཡེ་ཤེས་དུ་བ་ཙམ་དུ་སྣང་བ་ལས་སྣང་བ་ཞེས་བྱ་སྟེ། དེའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགག་གོ། །སྐད་ཅིག་མ་གཉིས་པ་མཆེད་པའི་དུས་སུ་ཡེ་ཤེས་དུ་བ་ལྟ་བུ་དེ་སྲིན་བུ་མེ་ཁྱེར་ཙམ་དུ་གསལ་དུ་མཆེད་པས་ན་མཆེད་པ་ཞེས་བྱ་སྟེ། དེའི་དུས་སུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་གོ། །སྐད་ཅིག་མ་གསུམ་པ་ཐོབ་པའི་དུས་ན་ཡེ་ཤེས་སྲིན་བུ་མེ་ཁྱེར་ལྟ་བུ་དེ་མར་མེ་གསལ་པོར་འབར་བ་བཞིན་དུ་ཡེ་ཤེས་གསལ་པོར་ཉམས་སུ་མྱོང་བས་ན་ཐོབ་པའི་ཡེ་ཤེས་ཞེས་བྱ་སྟེ། དེའི་དུས་སུ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་སྟེ། དྲིལ་བས་རང་བཞིན་བརྒྱད་ཅུ་འགག་གོ། །ཅེས་ཆོས་དྲུག་དྲ་མིག་

p. 793

འཁོར་ལོར་གསུངས་སོ། །མཆན། བཞི་པ་ནི། སྐད་ཅིག་བཞི་པར་ཐོབ་པ་འོད་གསལ་ལ་ཐིམ་པ་སྟེ། དེའི་ཚེ་ཕྲ་བ་བག་ལ་ཉལ་ཐམས་ཅད་ཀྱང་ཐིམ་པས་ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་ཤེས་པ་ནམ་མཁའ་སྤྲིན་དང་བྲལ་བ་ལྟར་དྲི་མ་མེད་པ་སྟེ་མི་རྟོག་པ་བློ་ལས་འདས་པའི་འོད་གསལ་མཐའ་དབུས་མེད་པ་ཞིག་འཆར་ཏེ། འདིའི་སྐབས་སུ་རྗེ་བཙུན་ཏི་ཕུ་པས། འོད་གསལ་བ་ལ་ཁྱད་ཆོས་བཞི་སྟེ། རྣམ་པ་ཡལ་བ་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ། ངོ་བོ་དམིགས་སུ་མེད་པ་ནམ་མཁའ་མཐོང་བྱར་མེད་པ་ལྟ་བུ། བྱ་བ་བྱེད་པ་ལ་རང་དབང་ཐོབ་པ་རྟ་མདོ་ཆེན་ཐང་ལ་ཡན་པ་ལྟ་བུ། དགོས་དོན་གྲུབ་པ་མཁའ་ལྡིང་རང་གནས་སུ་གྲུབ་པ་ལྟ་བུའོ། །ཞེས་གསུངས་པའི་ཁྱད་ཆོས་ཕྱི་མ་གཉིས་ནི་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་པ་ཡན་གྱི་ཁྱད་ཆོས་སུ་ཤེས་པར་བྱ་ལ། དུས་དེར་ད་ལྟའི་བསམ་གཏན་གྱི་འོད་གསལ་དང་རང་བཞིན་གྱི་འོད་གསལ་གཉིས་མ་པང་ན་བུ་རྒྱུག་པ་ལྟར་འོད་གསལ་མ་བུ་

p. 794

ཕྲད་པ་དེ་ལ་གནས་ན། རྟོག་བཅས་རང་བཞིན་བརྒྱད་ཅུ་ཐིམ་ནས་རྟོག་བཅས་ཡོངས་སུ་དག་པའི་རྟོག་མེད་འོད་གསལ་སྤྲོས་བྲལ་ཆོས་ཀྱི་སྐུ་མངོན་དུ་འགྱུར་ལ། འདི་ལ་བར་དོ་དང་པོ་ཞེས་དིང་སང་ཐ་སྙད་བྱེད་ལ། ངོ་བོ་འཆི་སྲིད་དངོས་གཞི་ཡིན་ཏེ། རྗེ་རས་ཆུང་པས། སྐད་ཅིག་མ་བཞི་པ་ལ་ནང་དབུགས་ཀྱང་རྦད་ཀྱི་ཆད་ནས། ནང་རྟགས་ནམ་མཁའ་རྣམ་པར་དག་པ་ལྟ་བུ་ཟག་པ་དང་བྲལ་བའི་ཏིང་ངེ་འཛིན་ཞེས་བྱ་སྟེ་ཅེས་གསུངས་ལ། དེའི་ཚེ་འཆི་ཁའི་རླུང་གིས་རྐྱེན་བྱས་ནས་རླུང་ཐམས་ཅད་དབུ་མར་འཇུག་སྟེ། དབུགས་བརྩེགས་པས་རླུང་གཞན་བཞི་ཡང་ནམ་མཁའི་རླུང་གིས་དབང་བྱས་ནས། འོག་རླུང་གྱེན་དུ་ལོག་སྟེ་རྩ་སོ་སོའ་རླུང་སེམས་ཀྱི་སྟོབས་འཕྲོག་པས་རྩ་ཕྲན་རྣམས་ཀྱི་དྲོད་སྟོངས་ཏེ། དེ་ཐམས་ཅད་ཀྱི་རླུང་སེམས་རོ་རྐྱང་གཉིས་སུ་ཞུགས་པའི་སྟོབས་དབུ་མར་ཕྲོགས་ནས་རླུང་སེམས་ཐམས་ཅད་དབུ་མར་ཞུགས་པས་སྟོང་གསལ་མཆོག་གི་ཏིང་འཛིན་སྐྱེ་སྟེ། དེ་ཙ་ན་སྒྲིབ་པ་རྣམས་ཡེ་རླུང་གིས་བུས་གཏུམ་མོས་བསྲེགས། བྱང་སེམས་དངས་མའི་ཐིག་ལེ་གཡོས། ལམ་གྱི་འོད་གསལ་གྱིས་དངས་པར་བྱེད་པའི་རྣལ་འབྱོར་ལ་སྔར་གོམས་པའི་

p. 795

དབང་གིས་མཆོག་གི་དབུ་མས་འཁྲུལ་པ་དང་སྒྲིབ་པའི་སྟོབས་ཐམས་ཅད་འཕྲོག་པའི་དུས་སུ། སྒྲ་གཅན་ཡེ་ཤེས་རྡོ་རྗེས་བཟུང་འཛིན་གྱི་ཉི་ཟླའི་མངོན་གྱུར་ས་བོན་དང་བཅས་པ་ཟ་བའི་སྐབས་དེར་བསྒོམས་པས་སྒྲིབ་གཉིས་སྐད་ཅིག་གིས་འཇོམས་པ་ལ་གེགས་མེད་དུ་དབང་ཐོབ་པས། འདིར་འདི་ལྟར་འགྲུབ་པ་ནི་རྡོ་རྗེའི་ལུས་སེམས་ཀྱི་རྟེན་འབྲེལ་བསླུ་བ་མེད་པའོ། །མཆན། དེ་ནས་འོད་གསལ་གྱི་མེས་བག་ཆགས་སྦྱོང་བའི་དུས་སུ་རིལ་འཛིན་དང་རྗེས་གཞིག་གིས་སྒྱུ་མ་ལྟ་བུའི་སྐུ་ཡེ་ཤེས་ཀྱི་སྐུར་བསྒྱུར་ཏེ་མཉམ་རྗེས་གཉིས་སུ་མེད་པར་སྦྱོང་བ་དེ་སློབ་པའི་ཟུང་འཇུག་ཅེས་བྱ་ལ། དེ་ནས་ཟུང་འཇུག་གི་སྐུ་ཐོབ་སྟེ། རྣམ་པ་གཟུགས་སྐུ་ལ་ངོ་བོ་ཆོས་སྐུར་གནས་པའི་དུས་སུ་སྐུ་གཅིག་གིས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ་དང་། གསུང་གཅིག་གིས་གདུལ་བྱ་སོ་སོར་གོ་བ་དང་། ཐུགས་ཏིང་ངེ་འཛིན་གཅིག་ལས་མ་གཡོས་པར་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་ལ་འཇུག་ཅིང་སྤྲོ་བསྡུ་བྱེད་པའི་ཐམས་ཅད་མཁྱེན་པར་འགྱུར་ཏེ། སམྦུ་ཊ་ལས། བཅུ་

p. 796

གཉིས་མཐའ་ཡི་ཚིག་གི་དོན། །གང་གིས་རྟག་ཏུ་གོམས་གྱུར་ན། །དེས་ནི་དངོས་གྲུབ་བདེ་བ་ཡིས། །རྡོ་རྗེ་འཛིན་པར་རང་ཉིད་འགྱུར། །ཅེས་གསུངས་སོ། །གཉིས་པ་ནི། རྗེ་བཙུན་ཏཻ་ལོ་པས། རྣམ་ཤེས་ཕྱི་རོལ་ཡུལ་སོང་ན། །རྨི་ལམ་ཡུལ་བཞིན་སྣ་ཚོགས་སྣང་། །བདུན་བདུན་དུས་ཚེ་འཆི་སྣང་དང་། །དེ་ནས་སྐྱེ་བར་འགྱུར་བ་ཉིད། །དེ་ཚེ་ལྷ་ཡི་རྣལ་འབྱོར་བསྒོམ། །ཡང་ན་དེ་ཉིད་ངང་ལ་བཞག །ཅེས་གསུངས་ཏེ། དེ་ཡང་ཀུན་རྟོག་གི་བཞོན་པའི་རླུང་གཡོས་པས་རྐྱེན་བྱས་ཏེ། འོད་གསལ་གྱི་ངང་ལས་སྣང་བ་ཉེར་ཐོབ་རང་བཞིན་བདུན་དང་བཅས་པ་འབྱུང་། དེ་ལས་སྣང་བ་མཆེད་པ། དེ་ལས་སྣང་བ། དེ་ལས་རླུང་མེ་ཆུ་ས་སྟེ་འབྱུང་བ་བཞི་ཕྲ་བ་ལས་བྱུང་བའི་བར་དོའ་ལུས་དབང་པོ་ཐམས་ཅད་ཚང་བ་སྐྱེ་གནས་མ་གཏོགས་པ་གང་ལའང་མི་ཐོགས་ཤིང་ལས་ཀྱི་རྫུ་འཕྲུལ་དང་ལྡན་པ་ཞིག་འབྱུང་བས། བླ་མ་རྔོག་གཞུང་པའི་ཐུན་མོང་མ་ཡིན་པའི་ཞལ་གདམས་ལས། བར་དོ་དང་པོ་འཆི་ཁའི་འོད་གསལ་ལ་བརྟེན་ནས་

p. 797

ཆོས་སྐུ་ངོས་མ་ཟིན་ན། ཤི་ནས་བར་དོ་བདུན་ཚན་གཅིག་གནས་ཀྱང་བདུན་ཚན་དང་པོ་ལ་མ་ཟིན་ན། དེ་ནས་ཟིན་པར་དཀའ་བ་ཡིན་པས་བདུན་ཚན་དང་པོ་ལ་འཛིན་དགོས། བདུན་ཚན་དང་པོ་ལ་ཞག་ཕྱེད་དང་བཞིར་འདས་པ་རྗེས་སུ་དྲན་པ་འབྱུང་། ཞག་ཕྱེད་དང་བཞིར་མ་འོངས་པ་རྗེས་སུ་དྲན་པ་འབྱུང་། དེ་ཡང་འདས་པ་རྗེས་སུ་དྲན་པ་བྱ་བ་དེ། བདག་ཤི་བ་ཡིན། རོ་འདི་ཡང་བདག་གི་རོ་ཡིན་སྙམ་པ་འབྱུང་། རང་གི་སློབ་མ་དང་གྲོགས་པོ་དང་སྤུན་ཟླ་ལ་སོགས་པ་ཐམས་ཅད་ཀྱང་གསལ་བར་དྲན་པ་ཅིག་འབྱུང་། དེའི་དུས་སུ་བར་དོ་དང་པོ་ལ་ཆོས་ཀྱི་སྐུ་ངོས་མ་ཟིན་པར་འདུག་པས། བར་དོ་གཉིས་པ་ལ་ཟུང་འཇུག་གི་སྐུ་ངོས་ཟིན་པར་བྱའོ་སྙམ་པ་ཡིད་ལ་བྱ། ཅེས་གསུངས་སོ། །མཆན། དང་པོར་འཆི་རིམ་སྣང་གསུམ་དང་བཅས་པ་ངོས་ཟིན་པར་བྱས་ནས་འོད་གསལ་ལ་རྒྱུན་ཇེ་རིང་དུ་མཉམ་པར་བཞག་ལ། ལུགས་བཟློག་གི་སྣང་གསུམ་འཆར་ཉེ་བ་ན་སྒྱུ་ལུས་སུ་ལྡང་བའི་འཕེན་པ་དྲན་པས་གསོས་བཏབ་སྟེ་སྒྱུ་ལུས་སུ་ལངས་ནས་སླར་བར་སྲིད་སྒྱུ་ལུས་སུ་གྱུར་པ་དེ་ཉིད་དོན་དམ་འོད་གསལ་གྱིས་སྦྱངས་

p. 798

པས་མ་དག་འཁོར་བའི་བར་སྲིད་ལས་འདས་ཏེ་འོད་གསལ་ལས་སླར་ལྡང་བ་ན་ལུགས་བཟློག་གི་སྣང་གསུམ་ཡེ་རླུང་དང་བཅས་པ་ཟུང་འཇུག་གི་སྐུར་ལངས་ནས་བར་དོར་མི་སློབ་པའི་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་ཡིན་ནོ། །གསུམ་པ་ནི། རྗེ་བཙུན་ཏཻ་ལོ་པས། དེར་རྗེས་སྐྱེ་ལ་ཕྱོགས་པའི་ཚེ། །མངའ་བདག་ལྷའི་རྣལ་འབྱོར་གྱིས། །སྣང་སྲིད་ལྷའི་རྣལ་འབྱོར་བསྒོམ། །དེས་ནི་བར་དོ་ཁེགས་པར་འགྱུར། །ཅེས་གསུངས་ཏེ། དེ་ཡང་བར་དོ་དང་པོར་འོད་གསལ་ཆོས་སྐུ་དང་། གཉིས་པར་ཟུང་འཇུག་གི་སྐུ་མ་གྲུབ་ན་ལས་དབང་གིས་ལུས་མི་ལེན་པར་འཕེན་པའི་སྟོབས་ཀྱིས་ལུས་བླང་བའི་ཕྱིར་མངལ་གྱི་སྒོ་དགག་པ་དང་བསྡམ་པར་བྱ་སྟེ། དེ་ཡང་ཤི་ནས་ཞག་ཕྱེད་དང་བཞིའི་ཕྱི་མ་ལ་མངལ་གང་དུ་སྐྱེ་འགྱུར་གྱི་ཕ་མ་དང་རང་རེའི་རྣམ་པ་ཝལ་གྱི་དྲན་པ་ཅིག་འབྱུང་། རྗེ་རྔོག་པས། ཞག་ཕྱེད་དང་བཞིར་འདས་པ་རྗེས་སུ་དྲན་པའི་དུས་སུ་ཟུང་འཇུག་གི་སྐུ་ངོས་མ་ཟིན་ན། དྭ་ཞག་ཕྱེད་དང་བཞིར་མ་འོངས་པ་རྗེས་སུ་དྲན་པའི་

p. 799

དུས་སུ་འགྲོ་དྲུག་གི་སྒོ་དགག་དགོས་པ་ཡིན། དེ་ཡང་མ་འོངས་པ་རྗེས་སུ་དྲན་པ་ནི་རང་རེ་གར་སྐྱེ་ཤེས་པ་ཅིག་འབྱུང་སྟེ་ལྷར་སྐྱེའམ་མིར་སྐྱེའམ་ལྷ་མ་ཡིན་དུ་སྐྱེའམ་གར་སྐྱེ་བ་དེའི་ཕ་མ་དང་རང་རེའི་རྣམ་པ་ཝལ་ལེ་དྲན་པ་ཅིག་འབྱུང་། ཅེས་གསུངས་སོ། །མཆན། དེའི་ཚེ་རང་གི་ཕ་མ་དགྱེས་པ་རྡོ་རྗེ་དང་བདག་མེད་མའམ། རྡོ་རྗེ་སློབ་དཔོན་ཡབ་ཡུམ་དུ་བསྒོམས་པས། ཡུལ་ཁྱད་པར་ཅན་ལ་ཆགས་སྡང་སྐྱེ་མི་སྲིད་པས་ལས་དབང་གི་སྲིད་པ་ཁེགས་པར་གསུངས་ལ། བཀའ་དཔེ་ཚིག་ལྷུག་མར། འདུན་པ་བསྟེན་ནས་ཡང་ན་ཕོ་དེ་དགྱེས་པ་རྡོ་རྗེར་བསྒོམ། མོ་དེ་བདག་མེད་མར་བསམས་ཏེ་འཁོར་བའི་ཉེས་དམིགས་བསྒོམས་པས་འགག །དེས་ཀྱང་མ་ཁེགས་ན་ཕོ་མོ་གར་སྐྱེ་ཤེས་པས། མོར་སྐྱེ་ན་ཕོ་ལ་འདོད་ཆགས་དང་མོ་ལ་ཞེ་སྡང་སྐྱེ་བས། བླ་མ་ཡབ་ཡུམ་ཡིན་པས་དབང་བསྐུར་ཞུ་སྙམ་དུ་བསམས་ལ་མངལ་སྒོ་དགག་ཅེས་དང་། རྗེ་རྔོག་པས། ཕ་མ་གཉིས་དགྱེས་པ་རྡོ་རྗེ་ཡབ་ཡུམ་དུ་བསྒོམས་པས་ཡི་དམ་གྱི་ལྷ་ལ་ཆགས་སྡང་མི་སྐྱེ་བས་དེས་སྐྱེ་བ་ལེན་མི་སྲིད་པ་ཡིན་གསུང་། མཆན། དེ་ནས་འགྲོ་དྲུག་གི་སྒོ་ཁེགས་པ་

p. 800

ན། རྡོ་རྗེ་ཐེག་པ་གྲུབ་པའི་རིགས་བརྒྱུད་ཕུད་སུམ་ཚོགས་པ། ཡབ་ཡུམ་རང་གི་རྡོ་རྗེ་སློབ་དཔོན་དུ་བཟུང་ཆོག་པ་ཞིག་གི་མངལ་བདམས་ནས་བསམ་བཞིན་དུ་ལུས་ལེན་པས། འདིར་རྡོ་རྗེའི་སློབ་དཔོན་ཡབ་ཡུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་མོས་བློ་ཙམ་མིན་པར་སྤྱན་འདྲེན་ནུས་ཤིང་། དེ་ལྟར་ནུས་པའི་བྱིན་རླབས་རིགས་སྲས་ཀྱི་རྒྱུད་ལ་འབེབས་ཐུབ་པ་ཞིག་བྱུང་ན། རིགས་སྲས་དེ་སོ་སྐྱེ་ཡིན་ཀྱང་། ཡེ་ཤེས་སེམས་དཔའ་འཇམ་དབྱངས་སོགས་ཀྱིས་བྱིན་གྱིས་བརླབས་པའི་ཆ་ནས། སངས་རྒྱས་ཀྱི་མཛད་པ་མཛད་པས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པར་ཡང་འཇོག་དགོས་ཏེ། དུས་འཁོར་ལས། དེ་ལ་གང་ཞིག་བུ་རུ་གྱུར་པ་སྐྱེད་བྱེད་སྲས་པོ་དེ་ནི་འཇམ་པའི་རྡོ་རྗེ་ཉིད། །ཤེས་རབ་ལྷག་པ་ལས་ནི་འགའ་ཞིག་ཚེ་ན་བུ་མོར་འགྱུར་ཏེ་ངེས་པར་སངས་རྒྱས་ཡུམ་དུ་འགྱུར། །དེ་ལས་གཞན་པ་མེ་ཏོག་སུམ་གྱི་པདྨ་དཀར་འཛིན་ཛམྦྷ་ལ་དང་ཕྱག་ན་རྡོ་རྗེ་སྟེ། །མེ་ཏོག་བརྒྱད་ཀྱིས་གཞན་བརྒྱད་ཕྱོགས་དང་ཕྱོགས་བྲལ་དུ་གནས་རྫུ་འཕྲུལ་ཆེ་ལྡན་ཁྲོ་བོའ་རྒྱལ་པོ་རྣམས། །ཟླ་བ་དེ་ལ་རྡུལ་གང་རབ་ཏུ་བྱུང་བ་དེ་ནི་སླར་ཡང་འཇམ་དབྱངས་རབ་ཏུ་བསྐྱེད་པ་སྟེ། །ཞེས་སོ། །མཆན།

p. 801

དེའི་འཕེན་པ་བཏང་བས་དེར་སྐྱེ་བའི་ཚེ་བླ་མ་ཡབ་ཡུམ་ལ་དབང་གོང་མ་བསྐུར་བར་གསོལ་བ་བཏབ་སྟེ། བླ་མ་ཡབ་ཀྱི་བྱང་སེམས་ཞུགས་ནས་ཡུམ་གྱི་བྱང་སེམས་དང་འདྲེས་པའི་ཚེ་བདེ་ཆེན་གྱི་མྱོང་བ་སྐྱེས་པ་ན། བདག་ལ་གསང་བའི་དབང་དོན་གྱི་རྟོགས་པ་སྐྱེས་སོ། །ཞེས་ངོས་ཟིན་པར་བྱས་ལ་བླ་མ་ཡབ་ཡུམ་ཡི་དམ་གྱི་ངོ་བོར་བསྒོམ་པའི་ངང་ནས་མངོན་བྱང་ལྔའི་དྲན་ཤེས་དང་ལྡན་པས་ཡེ་ཤེས་ཀྱི་རྒྱུ་ལས་ཡེ་ཤེས་སྒྱུ་མ་ལྟ་བུ་བསྐྱེད་ནས་མིག་འཕྲུལ་ཙམ་དུ་སྐྱེ་བ་སྤྲུལ་སྐུ་ལེན་ནོ་སྙམ་པའི་མཉམ་བཞག་གི་སྒོ་ནས་མངལ་བཟུང་བ་ན། རྗེ་རྔོག་པས། དེས་འགྲོ་དྲུག་གི་སྒོ་མ་ཁེགས་ན། དྭ་ལུས་ལེན་པས་མངལ་གྱི་སྒོ་བདམ་པར་བྱེད་དགོས་པ་ཡིན་གསུང་། དེ་ལ་རང་དབང་མེད་པར་ལུས་ལེན་མི་སྲིད་པས། ལྷའམ་མི་ཆོས་བྱེད་པ་ཅིག་གི་བུར་སྐྱེ་བར་བྱའོ་སྙམ་པའི་སེམས་ཀྱི་འཕེན་པ་བཏང་བས། སྔར་བླ་མས་དབང་བསྐུར་བ་དང་རང་གིས་བསྐྱེད་རིམ་བསྒོམས་པའི་སྟོབས་ཀྱིས་རང་གར་འདོད་པའི་རིགས་སུ་སྐྱེའོ། །ཅེས་གསུངས་སོ། །མཆན། མངལ་གྱི་

p. 802

གནས་སྐབས་དེར་ཡང་སྐྱེ་བ་སྤྲུལ་སྐུར་འཛིན་པའི་དྲན་པ་ཉམས་པར་མི་འགྱུར་ཏེ། འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། ཟླ་བ་བཅུ་ཡང་ས་བཅུ་ཉིད། །མགོ་བོ་ཐལ་མོ་སྦྱར་བ་ཕྱག །དེ་བཞིན་མ་ནི་མཁན་པོ་ཉིད། །མངལ་གྱི་ཁྲུ་མ་ཆོས་གོས་ཏེ། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །ཅེས་གསུངས་ཏེ་སྒོ་གསུམ་ལེགས་པར་དགེ་བའི་རྣལ་འབྱོར་ལ་ནན་ཏན་དུ་བྱས་པས་སྐྱེས་མ་ཐག་པར་སྔོན་གྱི་གནས་རྗེས་སུ་དྲན་ནས། ལམ་སྔ་མར་བསྒོམས་པའི་འཕྲོ་མཐུད་དེ་སྐྱེ་བ་དེ་ཉིད་དུ འམ་གཞན་དུ་དུས་མི་རིང་བར་འཚང་རྒྱ་བར་ངེས་སོ། །གསུམ་པ་གཅིག་ཏུ་བྱེད་པའི་བསམ་གཏན་ནི། དེ་ལྟར་འཆི་སྲིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། བར་སྲིད་དུ་འཚང་རྒྱ་བ་དང་། མངལ་སྒོ་དགག་བདམ་རྣམས་ཇི་ལྟ་བར་མ་ནུས་ནས་སྲིད་པ་གཞན་དུ་ཉིང་མཚམས་སྦྱོར་བར་ཉེ་བའི་ཚེ། བདག་ཉིད་སྔར་དགེ་སློང་ལ་སོགས་པའི་སྡོམ་པ་གང་དང་ལྡན་པ་གསལ་བཏབ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་

p. 803

གིས་དུས་གསུམ་བསགས་པའི་དགེ་བ་དང་། འཁོར་འདས་ཀྱི་དགེ་བ་ཕྱོགས་གཅིག་ཏུ་བསྡོམས་ནས་བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་ཐེག་པའི་སངས་རྒྱས་སྒྲུབ་ནུས་ཀྱི་ལུས་རྟེན་ཁྱད་པར་ཅན་ཞིག་འགྲུབ་པའི་ཕྱིར་བསྔོའོ། །དེ་ལྟར་དཀོན་མཆོག་གསུམ་གྱི་བདེན་པ་དང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་རྣམ་པར་དག་པའི་བདེན་པས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་སྨོན་ལམ་དང་འདུན་སྟོབས་དྲག་པོ་སྐབས་དེར་ཉམས་སུ་ལེན་དགོས་པ་ཡིན་ནོ། །དེ་ལྟར་བཤད་པའི་རིམ་པ་རྣམས་ནི་བར་དོ་དང་སྒྱུ་མ་ཐ་མ་སྟེ། བཀའ་དཔེ་ལས། འདི་ལུས་གང་ལ་བརྟེན་ནས་སྒོམ་ན་ཡིད་ཀྱི་ལུས་ལ་བརྟེན། སྒྱུ་མ་ན་ཐ་མ། བསྲེ་བ་སྒྱུ་མ་དང་བསྲེ། འོད་གསལ་དང་བསྲེ་ཡང་གསུང་། མཆན། སློབ་པའི་ཟུང་འཇུག་གོ། །ཅེས་སོ། །འདིར་སྨྲས་པ། ཚུལ་འདི་རང་བཟོའ་མུ་ཅོ་ཁྭ་ལྟར་སྒྲོག་པའང་མ་ཡིན་ཞིང་། །གཞན་ཟེར་བྲག་ཆའི་སྒྲ་སྙན་རྣ་བར་འཐས་པའང་མ་ཡིན་མོད། །དཔལ་ལྡན་

p. 804

དགས་བརྒྱུད་མཆོག་གི་ཟབ་གསང་གདམས་པའི་སྒྲོན་མེ་ཡིས། །རྒྱུད་རྒྱལ་སྙིང་པོའི་དོན་རྣམས་ཇི་བཞིན་རྟོགས་ནས་ལེགས་བཀོད་དོ། །ཅེས་སོ། །དྲུག་པ་སྐྱེ་འཆི་སྦྱོང་བྱེད་འདའ་ཀ་འཕོ་བ་གསེར་འགྱུར་གྱི་གདམས་པ་ལ། རྟེན་མེད་དུ་འཕོ་བ་འཕོ་བ་དངོས་དང་། རྟེན་ཅན་དུ་འཕོ་བ་གྲོང་དུ་འཇུག་པའོ། །དང་པོ་ལ། གོ་དོན་བཤད་པ་དང་། ལག་ཏུ་ཇི་ལྟར་བླང་བ་གཉིས་ཀྱི་དང་པོ་ལ། གོ་དོན་སྦྱིར་བཤད་པ་དང་། འཆི་ལྟས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྗེ་ལོ་ཙ་བ་ཆེན་པོས། སྡིག་ཅན་བཙན་ཐབས་སུ་འཚང་རྒྱ་བའི་ཐབས་འཕོ་བ་དང་གྲོང་འཇུག་གི་གདམས་པ་ཅེས་གསུངས་པ་དང་། དཔལ་གདན་བཞི་པ་རྣལ་འབྱོར་ཆེན་པོའ་རྒྱུད་ལས་ཀྱང་། ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྐུ་འཕྲོག་འདོད་པ་སྤྱོད་པ་ཡང་། །ལམ་འདི་ཡིས་ནི་དག་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་གྲོལ། །ཅེས་གསུངས་པའི་དོན་ནི་སྐྱེས་བུ་གང་དག་

p. 805

ཚེ་འདིར་སྡིག་པའི་ལས་བྱེད་པ་རྣམས་ཀྱང་། སླར་དེའི་འཕྲོ་བརྟུལ་ནས་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་སྔགས་ཀྱི་སྡོམ་པ་དང་དབང་བསྐུར་བ་ལེགས་པར་མནོས་ཤིང་། བསླབ་བྱའི་དམ་ཚིག་ཉམས་པ་མེད་པར་བསྲུང་བཞིན་པ་ལ་བསྐྱེད་རིམ་སྔོན་དུ་སོང་ནས། རྫོགས་རིམ་གྱི་རྩ་རླུང་གི་སྦྱང་བ་ཁྱད་པར་ཅན་སྔོན་དུ་སོང་བ་ཞིག་གིས་སྐྱེས་ནས་མྱོང་འགྱུར་ལ་ངན་སོང་དུ་སྐྱེ་བའི་ལས་སྒྲིབ་སྔར་བསགས་པ་རྣམས་དཀྱིལ་འཁོར་ཆེན་པོར་ཞུགས་པ་ཙམ་གྱིས་དེའི་ལས་སྒྲིབ་རྣམས་མྱོང་མི་དགོས་པར་དག་རྗེས་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པ་བསྲུངས་པའི་དགེ་བའི་ལས་ཀྱི་ཉེ་རྒྱུ་དང་། ཞིང་དག་པར་སྐྱེ་འདོད་ཀྱིས་དཀོན་མཆོག་ལ་སྐྱབས་འགྲོ། དེར་སྐྱེས་ནས་སེམས་ཅན་གྱི་དོན་ཁྱད་པར་ཅན་བྱེད་འདོད་ཀྱིས་སེམས་བསྐྱེད། ཆོས་ཐམས་ཅད་ཀྱི་རང་བཞིན་གཟོད་མ་ནས་དག་པས་སེམས་ཅན་རང་བཞིན་གྱིས་མ་གྲུབ་ཀྱང་། རྟེན་འབྱུང་ཙམ་དུ་སྣང་བའི་སེམས་ཅན་གྱི་དོན་

p. 806

ནུས་པའི་ཤེས་རབ་དང་། རང་ལུས་སྔ་ཕྱིར་ལྷར་གསལ་ཞིང་རླུང་གི་འགྲོ་འོང་སྔགས་སུ་བཟླས་ཏེ་ཡིད་དམིགས་དེར་དྲིལ་བའི་རྡོ་རྗེའི་རྣལ་འབྱོར་གྱི་ལམ་དགེ་བའི་ལས་འདིས་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་རྐྱེན་སྦྱར་ནས་བསྒོམས་པས། རང་གང་འདོད་ཀྱི་གནས་དང་རིགས་བཟང་པོར་སྐྱེ་བ་ལེན་པའི་འདུ་བྱེད་ཀྱི་རྟེན་འབྲེལ་གེགས་མེད་དུ་འགྲུབ་པ་ལ་འཆད་དགོས་ཀྱི། དེ་ལྟ་མིན་པའི་སྡིག་ཅན་ཞིག་ལ་རྫོགས་རིམ་གྱི་རླུང་སྦྱོར་ཞིག་དང་། འཕོ་བའི་དམིགས་འདོན་ཁོལ་བུར་བརླབས་ཏེ་སྦྱངས་པས་ནི་གང་འདོད་དུ་འཕོ་ནུས་པ་དང་སྐྱེ་བ་ལེན་ནུས་པ་མ་ཡིན་ནོ། །དེར་མ་ཟད་འཕོ་བའི་རྣལ་འབྱོར་ཁྱད་པར་དུ་འཕགས་པ་འདིའི་སྒོ་ནས་འཚང་རྒྱ་ཚུལ་ནི་སྔར་བར་དོའ་སྐབས་སུ་ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བར་བསྟན་པ་ལའང་། སྐྱེ་བ་གཅིག་ལས་མི་བརྒྱུད་པ་དང་། དེ་ཕན་དུ་བརྒྱུད་པ་གཉིས་ཡོད་པའི་དང་པོའ་འཚང་རྒྱ་ཚུལ་ཡིན་ལ། འོན་ཀྱང་འདི་གཉིས་ཀྱི་ཁྱད་པར་ནི། སྔར་བར་དོའི་

p. 807

སྐབས་སུ་བཤད་པའི་སྐྱེ་བ་གཅིག་བརྒྱུད་ནས་འཚང་རྒྱ་བའི་སྐྱེ་བ་ནི་སྐྱེ་སྲིད་མཚན་ཉིད་པ་ཡིན་པ་དང་། འདི་སྐབས་ཀྱི་སྐྱེ་སྲིད་ནི་སྐྱེ་སྲིད་དངོས་མ་ཡིན་ཏེ། རིག་འཛིན་གྱི་བར་སྲིད་འཆི་སྲིད་དུ་ཞུགས་པ་ན་དོན་དམ་གྱི་འོད་གསལ་མངོན་དུ་བྱས་ཟིན་པ་ཡིན་ནོ། །འོ་ན་འཕོ་བའི་རྣལ་འབྱོར་འདི་བདེ་བླག་ཏུ་འགྲུབ་པ་ལ་རྩ་རླུང་གི་སྦྱངས་པ་ཇི་ཙམ་ཞིག་སྔོན་དུ་འགྲོ་དགོས་ཞེ་ན། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡི་མཐར་འགྲོ་བ། །དེ་ནི་ལྟེ་བར་འགོག་པ་དང་བཅས་དྲི་མེད་གློག་དང་མཚུངས་པ་དབྱུག་པའི་གཟུགས་ཅན་ལངས་པ་ཡང་། །འཁོར་ལོ་ནས་ནི་འཁོར་ལོའ་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་བསྐྱོད། །ཇི་སྲིད་གཙུག་ཏོར་ཕུག་པར་བཙན་ཐབས་ཉིད་ཀྱིས་ཕྱི་རོལ་གྱི་ནི་པགས་པ་དག་ལ་ཁབ་བཞིན་རེག །དེའི་དུས་སུ་ཐུར་དུ་སེལ་བ་མཆོག་གི་

p. 808

བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །མངོན་ཤེས་ལྔ་ཡི་རང་བཞིན་དུ་འགྱུར་སླར་ཡང་འདི་ནི་རྣལ་འབྱོར་པ་རྣམས་དག་གི་སྣ་ཚོགས་ཡུམ། །ཞེས་གསུངས་པ་དེ་ཉིད་རྡོ་རྗེའི་སློབ་དཔོན་ཆེན་པོ་རིན་ཆེན་གྲུབ་ཀྱིས། འཕོ་བས་ས་སྤྱོད་ཀྱི་རིག་འཛིན་བསྒྲུབ་པའི་སྐབས་དང་སྦྱར་ནས་འཆད་པར་མཛད་དེ། ཇི་སྐད་དུ། ནུས་མ་སྟེ་སྲོག་གི་ནུས་པ་གང་ཞིག་ནང་ལྟེ་བའི་དབུས་ནས་གཞན་དམིགས་པ་མེད་པའི་གནས་སུ་རྒྱུ་སྟེ། ས་རླུང་སོར་བཅུ་གཉིས། ཆུ་རླུང་བཅུ་གསུམ། མེ་རླུང་བཅུ་བཞི། རླུང་གི་རླུང་བཅོ་ལྔ། ནམ་མཁའི་རླུང་ཆ་སྟེ་བཅུ་དྲུག་གི་མཐར་འགྲོ་བ་དེ་ནི་ཧཱུྃ་ཡིག་བརྗོད་པས་སྲོག་ཐུར་སྦྱར་ནས་ལྟེ་བར་འགོག་པ་དང་བཅས་པས་སྲོག་གི་ནུས་པ་དེ་ཉིད་དྲི་མ་མེད་པའི་གློག་དང་མཚུངས་པ་

p. 809

གཡས་གཡོན་དུ་རྒྱུ་བ་ངེས་པར་དམན་ཞིང་། འཁོར་ལོ་རྣམས་ཀྱི་ལྟེ་བ་ལྟེ་བའི་བར་ཕུག་སྟེ་རོལ་པའི་བགྲོད་པས་དབུ་མའི་རྩ་ཨ་ཝ་དྷཱུ་ཏི་ལ་བསྐྱོད་པ་སྟེ། བསྒུལ་བའམ་བགྲོད་ནས་ཇི་སྲིད་གཙུག་ཏོར་གྱི་འཁོར་ལོའ་བུག་པར་བཙན་ཐབས་སྟེ་རླུང་སྟོབས་དྲག་པོ་ཉིད་ཀྱིས་འགྲོ་སྟེ། དེར་ཕྱིན་ནས་ཚངས་བུག་གི་ཕྱི་རོལ་པགས་པ་དག་ལ་ཁབ་བཞིན་དུ་རེག་ཅིང་ཕུག་ནས་འགྲོ་སྟེ། དེའི་དུས་སུ་ཐུར་དུ་སེལ་བའི་རླུང་མཆོག་གི་བཙན་ཐབས་ཏེ། སྟོབས་དྲག་པོ་ཉིད་ཀྱིས་ཨ་ཝ་དྷཱུ་ཏིའི་སྟེང་གི་ལམ་དུ་བསྐུལ་བར་བྱས་པས་གཡས་གཡོན་ཟུང་གི་རླུང་དག་རྒྱུབ་འགགས་ནས་དབུ་མའི་ནང་ནས་གཙུག་ཏོར་ཕུག་ནས། མཆོག་ཅེས་པ་སྐད་དོད་ལ་གཞན་དང་གཅིག་པས་གཞན་གྱི་གྲོང་ཁྱེར་ཏེ། ལུས་གཞན་ནམ་མཁའ་སྤྱོད་དུ་འགྲོ་བར་འགྱུར་བའི་དོན་ཡིན་ལ། ཅེས་བཤད་པས་འཕོ་བ་འགྲུབ་པ་ལ་རྣལ་འབྱོར་དང་བརྩོན་པ་འདི་ཙམ་དུ་ཕྱིན་པ་ཞིག་ནི་ངེས་པར་དགོས་སོ། །འོན་ཀྱང་སྲོག་རྩོལ་གྱི་སྐབས་སུ་

p. 810

འཛིན་པ་སོགས་ལམ་གོང་མ་ཕྱག་རྒྱ་ཆེན་པོའ་དངོས་གྲུབ་ཚེ་འདིར་མངོན་དུ་བྱ་བའི་ཕྱིར་བཙན་ཐབས་ཀྱི་སྦྱོར་བ་འདི་མགོ་བོའི་བར་དུ་བྱ་ལ། དེ་ལས་གོང་དུ་ཐལ་ན་ལུས་སེམས་འབྲལ་བའི་རྐྱེན་དུ་ཡང་འགྱུར་ལ། དེ་ལྟ་ན་དུས་མིན་དུ་འཕོ་བ་བྱས་པའི་ཀུན་སློང་སོགས་མེད་པས་ལྷ་གསད་པའི་ཉེས་པ་མི་འབྱུང་བའི་ཁར། ཕུང་པོ་སྙིང་པོ་མེད་ཀྱང་རིག་འཛིན་གྱི་ལུས་ཁྱད་པར་ཅན་ལ་རྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་མོད། དེ་ལྟ་ནའང་ལམ་གྱི་ཟབ་གནད་མ་གོ་བའི་འཇིག་རྟེན་པ་དག་གིས་གསང་སྔགས་ཀྱི་རྫོགས་རིམ་བསྒོམས་པས་སྲོག་འཕྲོག་པར་འགྱུར་རོ། །ཞེས་གྲགས་པ་མིན་པ་འབྱུང་བས་སྲོག་རྩོལ་གྱི་སྦྱོར་བ་བསྡམས་པ་དེ་མགོ་བོ་ཡན་དུ་དུས་ལ་མ་བབ་པར་མི་བྱ་བ་དང་། གལ་ཏེ་ཤོར་ནའང་གེགས་སེལ་ལུགས། རྒྱུད་སྡེའི་མན་ངག་ལྟར་བྱ་དགོས་ཏེ། དུས་འཁོར་ལས། སྲོག་གི་རྩོལ་བ་ཀུན་ནས་བདེ་མཉམ་འབྲས་བུ་སྟེར་བ་ཇི་སྲིད་མགོ་བོའ་བར་དུ་འདོད་པ་སྟེ། །དེ་ལས་སྟེང་དུ་འདོད་པ་མ་ཡིན་འཆི་བའི་འཇིགས་པ་ཕུང་པོ་ངེས་པར་འཇིག་པའི་རྒྱུ། །གཙུག་ཏོར་སྒོ་ནི་ཕུག་ནས་འགྲོ་ན་མཆོག་གི་བདེ་བའི་གོ་འཕང་དག་ལ་ངེས་པར་སྦྱར་བར་བྱ། །ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ནི་

p. 811

བདེ་མཉམ་འཇུག་སྟེ་འོན་ཀྱང་འཇིག་རྟེན་དུ་ནི་གྲགས་པ་མིན། །ཅེས་སོ། །མཆན། དེ་ལྟར་རླུང་སེམས་ཀྱི་སྦྱང་བ་མཐར་ཕྱིན་པའི་རྣལ་འབྱོར་པ་ངེས་པར་འཆི་བའི་རྟགས་དང་མཚན་མ་རྫོགས་པ་ན། ལུགས་འདི་ཡི་འཕོ་བའི་ལམ་ཁྱད་པར་ཅན་ལ་བརྟེན་ནས་རྩ་དབུ་མའི་རྩེ་མོར་རླུང་སེམས་འཕེན་པ་དྲིལ་སྟེ་བསྒོམས་ཤིང་། དྷཱུ་ཏིའི་ནང་ནས་གྱེན་དུ་རྒྱུག་པའི་ཚེ། སོ་སྐྱེའི་དབང་དུ་བྱས་ན་རྣམ་སྨིན་གྱི་དྷཱུ་ཏིའི་ནང་དུ་རྒྱུག་པ་ཡིན་གྱི། མཆོག་གི་དྷཱུ་ཏིའི་ཞལ་འབྱེད་པར་ནུས་པའི་སྒོ་ནས་རྒྱུག་པ་ནི་མ་ཡིན་ཏེ། ཡིན་ན་དེ་ཉིད་དུ་འཚང་རྒྱ་བའི་ཕྱིར་ཏེ། མཆོག་གི་དབུ་མའི་རྩེར་རླུང་སེམས་རྫོགས་པར་བགྲོད་དེ་དག་པའི་ཕྱིར་རོ། །ཡང་སྔགས་ལམ་གྱི་འཕགས་པའི་དབང་དུ་ན་གང་ཟག་དེའི་མཆོག་གི་དྷཱུ་ཏི་ཞལ་བྱེ་ཟིན་པས་དེར་བཙན་ཐབས་ཀྱི་སྦྱོར་བ་བྱས་ན་རླུང་སེམས་དག་པ་སྐད་ཅིག་དེར་གྱེན་དུ་འདྲེན་ནས་ས་བཅུ་གཉིས་གྱི་གོ་འཕང་ལ་སྒྲིབ་བྱེད་ཀྱི་རྩ་འཁོར་སོ་སོའ་མ་དག་པའི་ཐིག་རླུང་སེམས་བཅས་སྦྱངས་ནས་འཚང་རྒྱ་བར་བྱེད་པ་ལ་ཚེགས་མེད་པས་མིག་ཕྱེད་པར་བྱ་དགོས་སོ། །ཞེས་པ་ནི་དཔལ་དབྱངས་ཅན་བཟང་པོའི་བཞེད་པ་འགྲུན་དུ་

p. 812

མེད་པའོ། །མཆན། དེར་རླུང་སེམས་ཟིན་ཐུབ་ན་སྤྱིར་གང་དུ་སྐྱེ་བ་ལེན་འདོད་པའི་ས་དེར་སྐྱེ་ལ། ཁྱད་པར་དུ་གཞན་རིག་པ་འཛིན་པའི་ལུས་ལ་སོགས་པར་འཕོ་བའི་བར་སྲིད་ལ་རྒྱུ་ལུས་གྲུབ་ནས་བར་སྲིད་དེའི་འཆི་སྲིད་འོད་གསལ་དུ་མཉམ་པར་གཞག་ནས། ལས་ཉོན་གྱིས་སྐྱེ་སྲིད་མི་ལེན་པས་ཕུང་པོ་མེད་ཀྱང་འཕོ་བའི་འཕེན་པའི་ནུས་པ་བདེ་མཉམ་སངས་རྒྱས་ཀྱི་རྗེས་ལ་འཇུག་པ་རིག་པ་འཛིན་པའི་རྣལ་འབྱོར་པའི་སྐྱེ་སྲིད་ཀྱི་མིང་ཅན། རྣལ་འབྱོར་ཀྱི་སེམས་ཀྱིས་འགྲོ་བའི་ལུས་དེ་ཉིད་ལ་ཟུང་འཇུག་གི་སྐུ་བསྒྲུབས་ནས་འཚང་རྒྱ་བར་བྱེད་པ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། ཅི་སྟེ་རྣལ་འབྱོར་གྱི་སྟོབས་ཀྱིས་གཙུག་ཏོར་ཕུག་ནས་སྲོག་འགྲོ་ན་རྣལ་འབྱོར་པས་མཆོག་གི་བདེ་བའི་གོ་འཕང་དག་ལ་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་ལ་ངེས་པར་སྦྱར་བར་བྱ་སྟེ། ངེས་པར་ནི་མཐའ་ཅིག་གོ། །དེ་ལྟར་ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་མཉམ་ཞེས་པས་སངས་རྒྱས་ཀྱི་རྗེས་ལ་འཇུག་སྟེ། རྣལ་

p. 813

འབྱོར་པ་ཞེས་པ་རྣལ་འབྱོར་གྱི་སེམས་ཀྱིས་འགྲོའོ། །ཅེས་གསུངས་ལ། དེ་ལྟ་མིན་པར་གཞན་དབང་ཤེས་ཁ་ཕྱིར་ལྟ་གཡོ་བའི་ལམ་གཞན་ནས་རླུང་སེམས་འཕོས་ན་ནི་འཁོར་བའི་གནས་སུ་རང་མི་འདོད་བཞིན་དུ་ལས་དབང་གིས་སྐྱེ་དགོས་ཏེ། གདན་བཞི་པའི་རྒྱུད་ལས། ལྟེ་བ་འདོད་ཅན་འཐོ་རིས་སྟེ། །ཐིག་ལེ་གཟུགས་ཀྱི་ལུས་ཅན་ནོ། །སྟོང་གནས་སྟེང་གི་གནས་ཡིན་ཏེ། །མི་གདུང་ལ་སོགས་དེ་རུ་འགྲོ། །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་གིས་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ཡིས་ཡི་དགས་ཏེ། །དེ་བཞིན་གཅི་བས་དུད་འགྲོའོ། །ཆུ་མིན་རྣམ་ཤེས་མྱུར་བ་རུ། །དམྱལ་བ་བརྒྱད་དུ་ཤེས་པར་བྱ། །སྒོ་རྣམས་ཀྱི་ནི་བྱེ་བྲག་ལས། །འཁོར་བའི་བྱེ་བྲག་འབྱུང་བ་ཡིན། །ཞེས་འབྱུང་བ་དེའི་ཕྱིར་པཎ་ཆེན་ནཱ་རོས་གདན་བཞིའི་རྒྱུད་ཀྱི་སྙིང་པོ་ཕྱུང་བ་ལས། ལམ་བཟང་པོ་ནི་མཛེས་པའི་གནས། །ལམ་ངན་པ་ནི་

p. 814

སྲིད་པའི་སྐྱོན། །ཞེས་དང་། ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་ལས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་ཕྱེ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གྲུབ་པའི་རྣལ་འབྱོར་པ་དེ་འཕོ་བ་ན་ངོ་མཚར་གྱི་ལྟས་ཅི་ལྟ་བུ་འབྱུང་སྙམ་ན། ཇི་སྐད་དུ། རྣལ་འབྱོར་པ་རྣམས་འཕོ་ཚེ་དཔལ། །ཁྲག་འཐུང་ལ་སོགས་མདུན་བདར་ཏེ། །མེ་ཏོག་རོལ་མོར་བཅས་པ་ཡིས། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་འབྱུང་ལ། འོ་ན་མཁའ་སྤྱོད་ཀྱི་གནས་དེ་ཡང་ཅི་ལྟ་བུ་ཞིག་ལ་ངོས་འཛིན་ཞེ་ན། འདིར་ཀུན་མཁྱེན་རྒྱལ་བ་དབྱངས་ཅན་བཟང་པོའ་བཞེད་པས། འདི་ནི་མཐའ་གཅིག་ཏུ་ངེས་པ་མ་ཡིན་པས་སྐབས་ཐོབ་ཀྱིས་ཤེས་པར་བྱ་དགོས་ལ། འོན་ཀྱང་འཁོར་ལོ་སྡོམ་པའི་རྒྱུད་ལས། ས་འོག་ས་སྟེང་ས་བླའི་འཁོར་ལོ་གསུམ་གྱི་ས་བླ་མཁའ་སྤྱོད་དུ་བཞག་པ་ལྟ་བུའི་སྐབས་ཀྱི་འཁོར་ལོ་གསུམ་ལ་ནི་ཆོས་སྐུའི་དབང་དུ་བྱས་པ་དང་། ལོངས་སྐུའི་དབང་དུ་

p. 815

བྱས་པ་གཉིས་ཡོད་པ་ལས། སྔ་མ་ནི་སྲིད་ཞིའི་རྩ་རླུང་གི་ཁམས་དག་པ་ཉེར་བཞི་འཁོར་ལོ་གསུམ་གྱི་ངོ་བོར་གནས་པ་ལ་ཁྱབ་པའི་དཔའ་བོ་རྣལ་འབྱོར་མའི་རྟེན་བརྟེན་པའི་དཀྱིལ་འཁོར་དང་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟ་བུ་དེ་ཡིན་ལ། ཕྱི་མ་ནི་མཁའ་ཁྱབ་ཀྱི་ལོངས་སྐུའི་ཞིང་ཁམས་ཀྱི་ཡུལ་ཉེར་བཞི་སོགས་སྐལ་ལྡན་ལ་མངོན་དུ་གྱུར་ནས་སྐུ་གསུང་ཐུགས་ཀྱི་སྣང་བ་རྒྱུན་མི་འཆད་པར་སྟོན་ལ། སྐལ་མེད་ལ་དེར་མི་སྣང་བ་དེའོ། །མཆན། འདིར་སྐབས་དོན་དུ་བཟུང་བ་ནི་ལོངས་སྐུའི་གནས་ཀྱི་ཆས་ཁྱབ་པའི་སྤྲུལ་སྐུའི་གནས་ཀྱི་ཡུལ་ཉེར་བཞིའི་མཁའ་སྤྱོད་ལ་སོགས་པ་ཡོད་པར་གསུངས་པ་སྟེ། སྤྲུལ་སྐུའི་མཁའ་སྤྱོད་ཀྱི་གནས་བྱིན་གྱིས་བརླབས་པ་འདི་ས་སྤྱོད་ས་འོག་སྤྱོད་གཉིས་ལའང་མཚོན་ཞིང་། དེ་ཡང་དཔེར་ན་ཨཽཌྱན་གྱི་ཡུལ་སོ་སོ་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ནི་སྤྲུལ་སྐུའི་གནས་ཡིན་ལ། སློབ་དཔོན་ཏཻ་ལོ་པས། ཨཽཌྱན་གྱི་བཀོད་པ་གཟིགས་པ་ལྟ་བུའི་ཨཽཌྱན་ནི་ལོངས་སྐུའི་མཁའ་སྤྱོད་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་སྐུའི་མཁའ་སྤྱོད་ཐུན་མོང་དུ་བྱས་པ་དེ་ཡིན་པས། དེ་ལྟ་བུའི་སྐབས་ཀྱི་ཨཽཌྱན་གྱི་བཀོད་པ་དེ་སྤྲུལ་སྐུའི་

p. 816

གནས་ཀྱི་ཨཽཌྱན་དུ་གནས་པའི་སོ་སྐྱེའི་སྤྱོད་ཡུལ་མིན་པར་བཤད་པ་ལྟ་བུའོ། །མཆན། དེ་ཡང་སྤྲུལ་སྐུའི་མཁའ་སྤྱོད་ཀྱི་གནས་དེ་ཁྱད་གཞིར་བྱས་ནས། ཁྱད་ཆོས་ལོངས་སྐུའི་མཁའ་སྤྱོད་ཀྱིས་བྱིན་གྱིས་བརླབས་པའི་གནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་རྒྱུ་ཞིང་སྤྱོད་ཡུལ་དུ་བྱེད་པ་ཞིག་ཡོད་པ་དེ་ཉིད་ཡིན་པར་འཆད་པ་ཉིད་ལེགས་ཏེ། སྔར་འཕོ་བས་མཁའ་སྤྱོད་ས་སྤྱོད་གཉིས་སྒྲུབ་པར་བསྟན་པའི་ས་སྤྱོད་ཀྱང་འཛམ་གླིང་དུ་ཡོད་པའི་ཡུལ་ཉེར་བཞིའི་མཁའ་སྤྱོད་ཀྱི་གནས་སུ་རིག་འཛིན་སྒྲུབ་པར་གསུངས་པ་དང་ཡང་ཆེས་འབྱོར་ཞིང་། འདིའི་ལུས་ཀྱང་འདོད་ལྷའི་ལུས་སུ་འཇོག་དགོས་ཏེ། གྲུབ་པའི་དབང་ཕྱུག་བུ་སྟོན་ཆེན་པོས། མཁའ་སྤྱོད་ཆེན་པོ་མཆོག་གི་དངོས་གྲུབ། འབྲིང་གཟུགས་ཀྱི་ལྷའི་ལུས། ཐ་མ་འདོད་ལྷའི་ལུས་གསུམ་དུ་བཤད་པ་ལས། སྐབས་འདིར་འདོད་ཁམས་ཀྱི་མཁའ་སྤྱོད་གཙོ་བོར་འཆད་པའི་སྐབས་ཡིན་ཏེ། འདོད་ཁམས་ཀྱི་ལྷ་མི་ཁམས་དྲུག་ལྡན་དེ་སྔགས་སྤྱོད་པའི་རྟེན་མཆོག་ཏུ་གསུངས་

p. 817

པའི་ཕྱིར་རོ། །འོ་ན་ཕྱི་རོལ་པ་ལའང་མཁའ་སྤྱོད་གྲུབ་པ་ཡོད་ན་དེའི་མཁའ་སྤྱོད་དེ་ཇི་ལྟ་བུ་ཞེ་ན། གདན་བཞི་ལས། རྣ་བ་ལས་ནི་གྲུབ་པའི་ལྷ། །ཞེས་པའི་འགྲེལ་པར་ཇོ་བོ་སྨྲྀ་ཏི་ཛྙཱ་ནས། དེ་ལ་གྲུབ་པའི་ལྷ་ནི་བརྒྱད་དེ། རལ་གྲི་གྲུབ་པའི་ལྷ་དང་། མིག་སྨན་གྲུབ་པའི་ལྷ་དང་། རིལ་བུ་གྲུབ་པའི་ལྷ་དང་། ས་འོག་གྲུབ་པའི་ལྷ་དང་། མི་སྣང་བ་གྲུབ་པའི་ལྷ་དང་། ཡུད་ཙམ་གྱིས་ཕྱིན་པ་གྲུབ་པའི་ལྷ་དང་། ནམ་མཁའ་ལ་ཕུར་བ་གྲུབ་པའི་ལྷ་དང་། ཀུན་ཏུ་མཐོང་བ་གྲུབ་པའི་ལྷ་ཞེས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པའི་ལྷ་ཡོད་པར་བཤད་པས་དེ་རྣམས་ཀྱི་གནས་ཐུན་མོང་མིན་པ་མཁའ་ལ་སྤྱོད་པ་ཡོད་པར་ཤེས་དགོས་ལ། སྤྱིར་ཐུན་མོང་གི་དངོས་གྲུབ་དུ་གྱུར་པའི་མཁའ་སྤྱོད་སྒྲུབ་བྱེད་ཀྱི་རྫས་སྔགས་ཀྱི་མཐུ་ལས་ལུས་ཞིག་དེའི་ངོར་འཆར་བ་ཡིན་པས་མཁའ་སྤྱོད་ཀྱི་གནས་དེ་འདིར་ཡོད་དོ་ཞེས་མཐའ་གཅིག་ཏུ་བཟུང་བར་ནུས་པ་ནི་མ་ཡིན་ནོ། །གཞན་ཡང་རིག་པ་འཛིན་པ་ཞེས་པའི་དོན་ནི།

p. 818

མཉམ་སྦྱོར་རྩ་རྒྱུད་ལས། རིག་འཛིན་རྣམ་པ་བདུན་གྱིས་ནི། །རང་གི་ཡེ་ཤེས་གནས་སྦྱོར་ཞིང་། །གསང་སྔགས་མཐུན་པའི་ཁྱད་པར་གྱིས། །མོས་པའི་བློ་དང་དོན་མཐུན་སྟོན། །རྣམ་གྲོལ་ཟག་མེད་སངས་རྒྱས་ལ། །མཐར་ཕྱིར་ཡེ་ཤེས་ཐོབ་པར་བྱེད། །ཅེས་དང་། དེའི་འགྲེལ་པར། ཚེ་འདི་ལ་རིག་འཛིན་གྱི་འབྲས་བུ་ཐོབ་ཅིང་། དེས་ནི་དངོས་གྲུབ་ཀྱི་མཆོག་བསྐྱེད་པར་བྱེད་པ་སྟེ། མོས་པས་སྤྱོད་པའི་རིག་འཛིན་དང་། ལས་ལ་སྦྱོར་བའི་རིག་འཛིན་དང་། ལམ་ལ་སྤྱོད་པའི་རིག་འཛིན་དང་། ལམ་སྨིན་པའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའ་རིག་འཛིན་དང་། བྱ་བ་མཐར་ཕྱིན་པའི་རིག་འཛིན་གྱི་ཚུལ་གྱིས་གསང་སྔགས་ཀྱི་སྤྱོད་པ་སྤྱད་དོ། །ཞེས་གསུངས་སོ། །གཉིས་པ་ལ། འཆི་ལྟས་བརྟག་པ་དང་། བསླུ་བ་གཉིས་ལས། དང་པོ་ནི། རྡོ་རྗེ་མཁའ་འགྲོ་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་བསྲེག་པར་

p. 819

འགྱུར། །དེ་བས་འཆི་བའི་མཚན་མ་ནི། །མཁས་པས་འབད་དེ་ཤེས་པར་བྱ། །ཅེས་གསུངས་པས་ལམ་བསྒོམ་པའི་ལུས་རྟེན་འདི་ཚེའི་འཕེན་པ་མ་རྫོགས་པར་རྟེན་འདི་ལ་མཆོག་ཐོབ་པའི་སྐལ་བ་ཅན་ཞིག་ཡིན་ན་དུས་མིན་དུ་འཕོ་བའི་སྦྱོར་བ་བྱས་པས་ཚེ་འདིར་ཕྱག་རྒྱ་ཆེན་པོའ་དངོས་གྲུབ་ཀྱི་ལྷ་བསད་པར་འགྱུར་བས་ན། ཚེ་རབས་གཞན་དུ་ལྷ་དེ་སྒྲུབ་པར་འདོད་ཀྱང་དམྱལ་བར་སྐྱེ་ངེས་སྟེ། དེ་བས་ན་རྣལ་འབྱོར་པ་མཁས་པ་དག་ཉེས་པ་དེ་མི་འབྱུང་བར་བྱ་བའི་ཕྱིར་འཆི་བའི་རྟགས་དང་མཚན་མ་རྣམ་འབད་པས་ཤེས་པར་བྱ་དགོས་ཏེ། འདི་ལ་ཕྱི་ནང་གསང་བ་གསུམ་ལས། དང་པོ་ཕྱིའི་འཆི་ལྟས་ནི། སྔར་བས་སྤྱོད་པ་ཚུལ་ཉམས་པ་བྱུང་ན་ཟླ་བ་གསུམ་ན་འཆི། ངན་པའི་ལས་ལ་བརྩོན་ན་ལོ་བཞི་ན་མཆི། སྔར་བས་ངོ་ཚ་ཉམས་ན་ལོ་གཅིག་ན། བཞིན་ཉམས་ན་ཞག་བཅུ་གཅིག་ན། འོབས་ཀྱིས་ཐ་མ་བསྐོར་བ་རྨིས་ན་ཟླ་བ་གསུམ་དང་ཞག་བདུན་ན། ཡན་ལག་ལྕགས་སྒྲོག་ཏུ་བཅུག་

p. 820

པའི་སྣང་བ་བྱུང་ན་ཟླ་བ་གཅིག་དང་ཞག་དྲུག་ན། བསད་ཤིང་གི་རྩེ་ལ་བཙུགས་པ་རྨིས་ན་ཟླ་བ་དགུ་ནས་འཆི་བར་བཤད་དོ། །གཉིས་པ་ནང་གི་འཆི་ལྟས་ནི། གཤང་གཅི་འདོར་བ་དང་སྦྲིད་པ་དུས་གཅིག་དུ་བྱུང་ན་ཞག་ཉེར་བདུན་ན་འཆི། ཤ་རྣམས་ལྷོད་ཅིང་འཕྱང་བ་བྱུང་ན་ཞག་ཉི་ཤུ་ནའོ། །ལུས་ལ་སྔར་མེད་པའི་དྲི་བྱུང་ན་ཞག་བཅོ་ལྔ་ནས་འཆི་བས་ཚེ་གཟུགས་བརྟག་པར་བྱ་སྟེ། ཉི་མ་དང་ཟླ་བ་ཤར་མ་ཐག་གམ་ནུབ་ལ་ཁད་ཀྱི་དུས་གང་ཡང་རུང་བར་སྤྲིན་དང་སེར་བུ་མེད་པའི་དུས་སུ་ལུས་གཅེར་བུར་ཕྱུང་སྟེ། རྐང་པ་སྐྱིལ་ཀྲུང་བྱས་ལ། ༀ་ཨཱ་ཡུཿདེ་ཝ་ར་ཧ་ར་རེ་ཤ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་ལན་བདུན་བརྗོད་ནས་རང་ལུས་ཡེ་ཤེས་ཀྱི་མཁའ་འགྲོར་ལྟས་ནས་དེར་ཡུན་རིང་དུ་ལྟའོ། །སྐུ་མདོག་སྔོན་མོ་ཞལ་གསུམ་ཕྱག་དྲུག་མ། དབུ་སྐྲ་སིལ་བུར་བཀྲམ་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ། གཉིས་པས་དགྲ་སྟ། གསུམ་པས་ཁ་ཾ་ག །གཡོན་གྱི་དང་པོས་དྲིལ་བུ། གཉིས་པས་ཐོད་པ། གསུམ་པས་རལ་གྲི་འཛིན་པ། སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་

p. 821

གཞད་པ། ཁྲོ་བ་དང་སྒེག་པའི་ཚུལ་ཅན། རིགས་ལྔའི་དབུ་བརྒྱན་འཛིན་ཅིང་ན་བཟའ་དམར་པོས་ཀླུབས་ཏེ་སེམས་དཔའི་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་པའོ། །མཆན། དེ་ནས་ནམ་མཁར་ལྟས་པས་གཟུགས་མཐོང་བ་དེའི་ཚེ་བརྟག་པར་བྱ་སྟེ། ལུས་ཀྱི་མགོ་བོ་མི་སྣང་ན། །དེ་ཚེ་ཟླ་བ་བཞི་ན་འཆི། །ཚེ་གཟུགས་སྤྱི་གཙུགས་གྱུར་པ་ན། །དེ་ཚེ་ཟླ་བ་གཅིག་ན་འཆི། །གཟུགས་ལ་ཡན་ལག་མ་ཚང་ན། །གཏོར་མ་བཞི་ཡིས་ཕྱོགས་བཞིར་མཆོད། །ཚེ་གཟུགས་དམར་པོར་གྱུར་པའི་ཚེ། །མྱུར་དུ་འཆི་བའི་ལྟས་སུ་བཤད། །དེ་ཡང་ཚེ་གཟུགས་ཟླུམ་པོར་འདུག་ན་ཟླ་བ་གཉིས་ནས་འཆི་བས་བསླུ་ཐབས་བྱའོ། །དེ་ནས་ཡང་ཟླ་གཅིག་ན་ཚེ་གཟུགས་བརྟགས་ནས་སྤྱི་ཚུགས་སུ་འདུག་ན་མ་བཟློག་པ་ཡིན་པས་ཟླ་བ་གཅིག་ན་འཆི། ལེགས་པར་འདུག་ན་བཟློག་པའི་རྟགས་ཡིན་ནོ། །གསུམ་པ་གསང་བའི་འཆི་ལྟས་ནི། རྗེ་བཙུན་ནཱ་རོ་པ་ཆེན་པོས། གདན་བཞིའི་རྒྱུད་ཀྱི་སྙིང་པོ་ཕྱུང་བ་ལས། སྔ་དྲོ་རོ་ཧི་ཏ་དུས་ན། །དེ་ལ་མཚན་མ་

p. 822

བརྟག་པར་བྱ། །སྣ་ཡི་མ་སི་ཀ་ཆད་ན། །ཉི་མ་བདུན་གྱིས་གདོན་མི་ཟ། །མིག་གི་ཨམྤ་ར་ཆད་ན། །ཏྲོ་ཏ་དེ་བཞིན་ཉི་མ་ལྔ། །འགྲམ་པའི་བར་ཤད་ཆད་གྱུར་ན། །ཞག་གཅིག་ལས་ནི་མི་འཚོ འོ། །རྣ་བའི་ཨུ་ཏ་རྣམ་ཆད་ན། །ཆུ་ཚོད་ལྔ་ལས་མི་ཐུབ་བོ། །འདི་ལ་ལྕེ་ནི་ཐིག་ནག་ན། །ཞག་ནི་གཉིས་ནས་འཆི་བའོ། །སྟེ ང་འོག་སོ་ནི་འཐམས་གྱུར་ན། །ཞག་གསུམ་གྱིས་ནི་འཆི་བའོ། །མགྲིན་པ་བློ་ཡི་ཕྱི་རོལ་རྩ། །ཟླ་བ་ཕྱེད་ལས་མི་ཐུབ་བོ། །བྲང་གི་ལྷེང་སྣ་ཞོམ་གྱུར་ན། །ཟླ་ཕྱེད་སྨན་པས་གསོ་སྤྱད་ཐུབ། །སེན་མོའ་ཁྲག་ནི་མེད་པ་ན། །ཉི་མ་དྲུག་ལས་མི་ཐུབ་བོ། །ཅེས་འབྱུང་ལ། འདི་རྣམས་མ་བསླུས་ན་ངེས་པར་བཤད་ཅིང་། བསླུས་ན་བཟློག་པ་དང་མི་ཟློག་པ་གཉིས་ལས། འདི་རྣམས་བཟློག་པའི་འཆི་ལྟས་ཡིན་ལ། ཡང་ཕྱི་ནང་གསང་གསུམ་གྱི་འཆི་ལྟས་གང་རུང་གསུམ་དུས་གཅིག་ཏུ་བྱུང་ན་ངེས་པ་དང་། ཡན་གར་བ་བྱུང་ཀྱང་ངེས་མེད་དུ་འགའ་ཞིག་འདོད་དོ། །མཆན། ཕྱི་ནང་གསང་བའི་འཆི་ལྟས་བརྟག་ཚུལ་འདི་ནི་གདན་བཞིའི་རྒྱུད་ཀྱི་མན་ངག་འཚུར་

p. 823

དབང་ངེ་ལས་བརྒྱུད་པ་ལྟར་མདོར་བསྡུས་ཏེ་བཀོད་ལ། རླུང་གི་འཆི་ལྟས་སོགས་ཞིབ་པར་ནི་རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕོ་བ་རླུང་སེམས་དབྱེར་མེད་ཀྱི་སྐབས་སུ་རྒྱས་པར་བསྟན་པ་དེར་ལྟོས་ཤིག །གཉིས་པ་ལ། ཐོག་མར་ཕྱིའི་འཆི་ལྟས་བསླུ་བ་ནི། འཆི་རྐྱེན་ཚེ་བསོད་ལས་གསུམ་རྐྱང་ཟད་དང་། གཉིས་ཟད་དང་། ཐམས་ཅད་ཟད་ནས་འཆི་བར་བཤད་པ་ལས། དང་པོའི་གཉེན་པོར་གཙུག་ཏོར་རྣམ་རྒྱལ། ཚེ་དབང་ཞུ་བ་སོགས་ཚེ་སྲིང་བའི་ཐབས་བྱའོ། །གཉིས་པའི་གཉེན་པོར་ཚེ་སྐྱབ་པ་དང་སྲོག་བསླུ་བ་སོགས་བྱའོ། །གསུམ་པའི་གཉེན་པོ་གཏོར་མ། སཙྪ། དཀོན་མཆོག་མཆོད་པ། རྟེན་གསོ་བ། སྦྱིན་སྟོང་། རང་གཞན་ཚུལ་ཁྲིམས་ལ་འགོད་པ་སོགས་བྱས་པས་བཟློག་པར་གསུངས་ལ། དེ་ནས་ནང་གི་འཆི་ལྟས་བསླུ་བ་ནི། ལྷའི་རྣལ་འབྱོར་དང་ལྡན་པས་རླུང་རྡོར་བཟླས་དང་བུམ་ཅན་སྔོན་དུ་འགྲོ་བས། ནམ་ལངས་ནས་ལག་པའི་བ་སྤུ་མཐོང་བ་ཙམ་གྱི་ཚེ། ནམ་མཁའ་

p. 824

སྔོ་སང་ངེ་བ་མཐོང་བའི་སར་སྡད་ལ། ནམ་མཁའ་ལ་ཁ་གཏད་པས་སྟོང་གསུམ་གྱི་ནམ་མཁའ་ཐམས་ཅད་འོད་སྔོན་པོའ་རྣམ་པར་རང་གི་ཁ་ན་མར་སོང་བར་བསམས་ལ། རླུང་ཁ་ན་སྒྲ་མེད་དུ་བགང་། ལུས་ཐམས་ཅད་གང་བ་དང་མཆིལ་མ་མིད་ལ་ཨོལ་གོང་ཀོས་ཀོས་མནན་ནས་རླུང་ཐུབ་ཚད་བཟུང་། དེ་ཡང་ཡང་བྱས་པས་སྒྲེགས་པ་བྱུང་ན་འཆི་བ་བསླུ་བ་ཡིན་ནོ། །གསང་བའི་འཆི་ལྟས་བསླུ་བ་ཡང་། རྗེ་ནཱ་རོས། འཆི་ལྟས་བརྒྱད་པོ་བསླུ་བ་ནི། །སྣ་ཡི་མ་སི་ཀ་ཆད་ན། །ཡེ་ཤེས་མཁའ་འགྲོས་བསྲུང་བར་བྱ། །མིག་གི་ཨམྤ་ར་ཆད་ན། །རྡོ་རྗེ་མ་ཡིས་བསྲུང་བྱའོ། །འགྲམ་པའི་བར་ཤ་ཆད་པ་ན། །དྲག་མོའ་ས་བོན་བཟླ་བར་བྱ། །རྣ་བའི་ཨུ་ཏ་ཆད་པ་ན། །རོ་ལངས་མ་ཡི་ས་བོན་བཟླ། །ལྕེ་ཡི་ཐིག་ནག་འདི་ལ་ནི། །གདོལ་པ་མོ་ཡི་ས་བོན་བཟླ། །མགྲིན་པ་བློ་ཡི་ཕྱི་རོལ་རྩ། །སྟག་མོའ་ས་བོན་བཟླ་བར་བྱ། །བྲང་གི་ལྷེང་སྣ་ཞོམ་གྱུར་ན། །ལྕེ་སྤྱང་ས་བོན་བརྟག་པར་བཟླ། །སེན་མོ་ཁྲག་ནི་མེད་པ་ལ། །འུག་

p. 825

པའི་ས་བོན་བཟླས་པའོ། །འཆི་བ་རྟག་ཏུ་བསླུ་བའོ། །ཅེས་གསུངས་ལ། ཁྱད་པར་གྱི་འཆི་བསླུ་མཆོག་ནི། དཔལ་དབྱངས་ཅན་བཟང་པོའ་ཞབས་ཀྱིས། ཡིད་ཆེས་མི་འགྱུར་བའི་བླ་མ་མཆོག་ལ་དད་པའི་གདུང་ཤུགས་ཀྱིས་གསོལ་བ་འདེབས་པ་ཉིད་ཡིན་པས་གསོལ་བ་ལེགས་པར་ཐོབ་ཅིག །ཅེས་བཀའ་སྩལ་བ་ལྟར་བྱས་ན་འཆི་བ་ཟློག་པའི་ཐབས་བླ་ན་མེད་པར་འགྱུར་རོ། །གཉིིས་པ་ལག་ཏུ་ཇི་ལྟར་ལེན་པ་ལ། སྦྱངས་ཏེ་འཕོ་བ། ལུས་བཅོས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ་གསུམ་གྱི་དང་པོ་ནི། རྗེ་བཙུན་ཏཻ་ལོ་པས། གོང་དུ་འཕོ་ན་སྟོང་ར་ལྷ། །ཡཾ་སྤྲོད་ཧིཀ་དང་ཧཾ་དང་ཧཱུྃ། །ལྷ་དང་བླ་མའི་ཐུགས་དཀར་འཕང་། །དེས་ནི་འདོད་པའི་གནས་སུ་འཕོ། །ཅེས་གསུངས་པ་འདི་ལ་སྦྱང་བ་དང་། ལས་ལ་སྦྱར་བ་གཉིས་ཀྱི་དང་པོ་ནི། བདེ་བའི་སྟན་ལ་འདུག་ནས་ནི། །ལག་གཉིས་བརླ་ཡི་སྟེང་དུ་བཞག །མིག་ནི་སྣ་རྩེར་ལྟས་ནས་ཀྱང་། །བྲང་གི་ཐང་ཀ་ཡངས་པར་བྱ། །རྒལ་ཚིགས་དོང་

p. 826

རྩེ་བརྩེགས་པ་བཞིན་སྲང་ཞིང་། དཔུང་པ་བརྒྱང་བ་སྟེ། ལུས་གནད་འདིའམ་ཡང་ན་ལས་སྦྱོར་གྱི་སྐབས་སུ་བཤད་པ་ཉིད་བྱའོ། །མཆན། ཅེས་རྗེ་ནཱ་རོས་གདན་བཞིའི་རྒྱུད་ཀྱི་སྙིང་པོ་ཕྱུང་བ་ལས་གསུངས་པ་ལྟར་ལུས་གནད་བཅས་ལ། རང་ཉིད་ཧེ་རུ་ཀ་རྫོགས་པར་བསྐྱེད་པ་སྔར་སྟོང་རའི་སྐབས་སུ་སྨོས་པ་ལྟར་གསལ་བའི། ཡང་ན་ཡེ་ཤེས་མཁའ་འགྲོར་བསྒོམ་པ་ཉིད་གདན་བཞི་ཐུན་མོང་མིན་པའི་ལུགས་ཏེ་གོང་དུ་བཤད་པ་ལྟར་བསྒོམ་མོ། །མཆན། ཁ་དང་ཆུ་ལམ་དུ་ཡི་གེ་སུྂ་དཀར་པོ་རེ་རེ། བཤང་ལམ་དུ་ཀྵུྂ་དམར་པོ། སྣ་བུག་གཉིས་དང་རྣ་བའི་བུག་པ་གཉིས་སུ་ཡུྂ་ལྗང་གུ་རེ་རེ། མིག་གཉིས་དང་སྨིན་མཚམས་སུ་ཧཱུྃ་ནག་པོ་རེ་རེ། མགྲིན་པར་སམ རཡུཾ། སྙིང་ཁར་ཧམརཡུཾ། ལྟེ་བར་ཀྵམརཡུཾརྣམས་ཀྱིས་སྒོ་དགུའི་བུ་ག་དགགས་པར་བསམ། དེ་ནས་ལུས་ཀྱི་དབུས་དྲང་པོ་ནས་རྩ་དབུ་མ་སྔོན་པོ་ཕྲ་སྦོམ་གྲོ་སོག་ཙམ། མར་སྣ་ལྟེ་འོག་ཕུགས་རྡུགས། ཡར་སྣ་སྤྱི་བོའི་ཚངས་བུག་ཏུ་ཟངས་དུང་ཁ་ཕྱེ་བ་ལྟར་བུག་པ་ཟངས་ཐལ་དུ་ཡོད་པ། དེའི་གཡས་གཡོན་དུ་རོ་

p. 827

མ་དམར་པོ་དང་རྐྱང་མ་དཀར་པོ་གཉིས་གྲོ་སོག་འབྲིང་པོ་ཙམ། མར་སྣ་དབུ་མའི་ནང་དུ་ཆུད་པ། ཡར་སྣ་གཉིས་སྣ་བུག་གི་ནང་དུ་གནས་པར་བསྒོམ། དབུ་མའི་ཡར་སྣེ་ཟངས་དུང་ཁ་ཕྱེ་བ་ལྟ་བུའི་སྟོང་ཆའི་ཐད་སོར་པད་མ་ཉི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་དུ་བསྐྱེད་པ་སྔོན་འགྲོའི་སྐབས་ལྟར་གསལ་བཏབ་ལ། ཕྱི་ནང་གསང་བའི་མཆོད་པ་དང་བསྟོད་པ་བྱས་ཏེ། ཉེས་ལྟུང་བཤགས་པ་དང་རིགས་ལྔའི་སྡོམ་བཟུང་བྱ། དབང་བཞི་རྫོགས་པར་བླངས་ནས་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། བདག་གི་འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུར་འཆར་བར་བྱིན་གྱིས་བརླབ་དུ་གསོལ། དེ་འཆར་བའི་ཆེད་དུ་མཁའ་སྤྱོད་ཀྱི་གནས་སུ་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བའི་ལུས་ཁྱད་པར་ཅན་དུ་སྐྱེ་བར་བྱིན་གྱིས་རླབ་དུ་གསོལ། དེར་སྐྱེས་ནས་མཁའ་ཁྱབ་ཀྱི་སེམས་ཅན་གསང་སྔགས་ཀྱི་ཐེག་པ་ཆེན་པོར་བདག་ཁོ་ནས་འཇོག་ནུས་པར་བྱིན་གྱིས་

p. 828

བརླབ་དུ་གསོལ། ཅེས་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་རྩ་གསུམ་འདུས་མདོར་པདྨ་འདབ་བཞིའི་ལྟེ་བར་སེམས་ཀྱི་རྒྱལ་པོ་ཨཿསྔོན་པོ་ཅིག་ཏུ་ཡོད་པའི་ཕྱོགས་ཀྱི་འདབ་མ་བཞིར་ཡུྂ་བཞི་ལས་རླུང་ཁ་དོག་སྔོན་པོ་འུར་སྒྲ་དང་བཅས་བྱུང་བས་ཨཿདེ་བསྐུལ་ཞིང་འདེག་པར་བསྒོམས་ལ། རླུང་རོ་འཇམ་པོས་བསེངས་ལ་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་ནས་བཟུང་སྟེ། སྟེང་རླུང་མནན། འོག་རླུང་དྲངས་ལ་བུམ་ཅན་གྱི་སྦྱོར་བ་བྱས་པས་ཨཿདེ་རླུང་རྣམས་ཀྱིས་བསྐུལ་བས་རབ་ཏུ་གཡོ་བར་བལྟས་ལ་ཧིཀ་བདུན་བརྗོད་པས་ཨཿདེ་ལྟེ་བར་འཕར་བ་ལྟེ་བའི་བུམ་ཅན་གྱིས་དེར་བཟུང་ལ། ཧིཀ་བདུན་བརྗོད་པས་དེར་བཟུང་མ་ནུས་པར་སྙིང་གར་འཕང་། དེར་སྙིང་གའི་བུམ་ཅན་གྱིས་བཟུང་ལ་ཧིཀ་བདུན་བརྗོད་པས། དེས་ཀྱང་བཟུང་མ་ནུས་པར་རླུང་སེམས་ཀྱི་ངོ་བོའ་ཨཿདེ་སྤྱི་བོའ་བླ་མའི་ཞབས་ལ་རེག་རེག་ཏུ་བྱས་ནས་བུམ་ཅན་སྙིང་ག་ཡན་དུ་མི་བཟུང་ཞིང་། རླུང་གཞིལ་རན་པ་ན་ཀ་ཧི་ཉེར་

p. 829

ཅིག་བརྗོད་པས་རླུང་སེམས་ཀྱི་ངོ་བོའ་ཨཿདེ་ལྟེ་འོག་ཏུ་ཕབ་ལ། སླར་ཡང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་སེམས་བཞག་ཅིང་། རླུང་ལྷག་མ་མདའ་ལྟར་ཕྱིར་བསེང་ངོ་། །དེ་ལྟར་ཡང་གདན་བཞི་ལས། རྔུབ་པ་སྔོན་དུ་བརྩམས་ནས་ནི། །ཐམས་ཅད་སྒོ་ནི་དགག་པར་བྱ། །ཞེས་དང་། ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་གནས་སུ་དྲངས་ནས་སུ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ། །ཚིགས་དགུ་གོང་མའི་མཐའ་རུ་ནི། །ཡར་ལྡོག་མར་ལྡོག་ས་བོན་གྱིས། །སྦྱང་བའི་ཡི་གེ་ཕྱེ་དང་གཉིས། །ང་རོ་དྲག་ཏུ་བརྗོད་ནས་ནི། །ཅེས་གསུངས་ལ། ཧིཀ་ཅེས་པ་སྐྱིགས་བུའི་སྐད་དོད་དེ། འཕོ་བའི་སྐབས་སུ་བརྗོད་དགོས་པའི་རྒྱུ་མཚན། རང་ཉིད་ནམ་འདོད་པའི་ཚེ་སྲོག་བཙན་ཐབས་སུ་འགོག་ནས་ཚེའི་དུས་བྱེད་པ་འབྱུང་བའི་གནད་ལྕེ་ཆུང་དུ་སྲོག་དབྱུག་གི་རླུང་བཅུག་པས་འགྲུབ་པར་བཤད་དེ། དེའི་ཕྱིར་གནད་འདི་ལ་སྦྱོར་བའི་ཚེ་ཧིཀ་བརྗོད་དགོས་པ་ཡིན་གྱི། སྲོག་དབྱུག་གི་རླུང་སྤྱི་བོ་ནས་འཕོ་བའི་ཐབས་སུ་ཧིཀ་བརྗོད་དགོས་པ་ནི་མ་ཡིན་ལ། སྤྱིར་བདུད་བྲལ་ནས་བརྒྱུད་

p. 830

པའི་ལྕེ་ཆུང་དུ་སྲོག་དབྱུག་གི་རླུང་ཆུད་ན་སྐད་ཅིག་གིས་འཆི་བ་སྟེ། འཆི་དུས་ཀྱི་སྐྱིགས་བུ་འབྱུང་བའང་འདིའི་རྒྱུ་མཚན་ལས་ཡིན་པར་བཤད་དོ། །མཆན། འཕོ་བ་སྦྱང་བའི་དུས་སུ་ནི་ཧིཀ་ཉེར་གཅིག་ལས་མང་བ་བརྗོད་པར་མི་བྱ་སྟེ། གལ་ཏེ་ཐལ་ན་དུས་མིན་དུ་འཕོས་པའི་ཉེན་ཡོད་པས། འདི་ལ་དགོངས་ནས་རྗེ་ནཱ་རོས། ཉི་ཤུ་རྩ་གཅིག་གནས་ནས་ནི། །གོང་ནས་གོང་དུ་མི་བཏང་ངོ་། །ཅེས་གསུངས་ཤིང་ལས་སྦྱོར་གྱི་ཚེ་ནི་ངེས་པ་མེད་དོ། །ཕྱིར་དབབ་པའི་ཚེ་ཀ་ཧི་འདི་དཔེ་རྙིང་པ་དག་ལ་ཀ་ཧིཀ་ཅེས་འདུག་ཀྱང་། རྗེ་ནཱ་རོས། རྩ་བར་ཕྱེད་ནི་བཟླས་པར་བྱ། །ཞེས་གསུངས་པ་དང་བསྟུན་ན་ཀ་ཧི་ཡིན་པར་མངོན་ཏེ། སྦྱང་བའི་ཡི་གེ་ཕྱེད་དང་གཉིས་ཀྱི་ཕྱེད་པ་ཀ་སྲོག་མེད་ཡིན་པའི་ཕྱིར་དང་། འདིར་ཕྱེད་པ་དེ་ཉིད་རྩ་བར་འདོན་པར་བཤད་པའི་ཕྱིར་རོ། །མཆན། བརྗོད་དགོས་པ་ཡང་། རྗེ་ནཱ་རོས། ལྡོག་པར་བྱ་བའི་རྣལ་འབྱོར་པས། །རྩ་བར་ཕྱེད་ནི་བཟླས་པར་བྱ། །ཅེས་གསུངས་སོ། །དེ་ལྟར་ཡང་ཡང་བྱས་པས་དམིགས་རླུང་མ་སྦྱར་ཀྱང་འདིའི་དམིགས་པ་ལ་སེམས་

p. 831

གཏད་པ་ཙམ་གྱིས་ལུས་ལ་དྲོད་སྐྱེ། ཁ་སྐམས། ལུས་ཀྱི་དབུས་ན་ཟ་བྲབ་བྱེད། ཤེས་པ་སོ་མི་ཐུབ། སྤྱི་བོ་ཟ་སྐྲངས་ཆུ་སེར་ཕྲུམ་པ་བྱུང་ན་བྱང་བའི་ཚད་དུ་འཇོག་ལ། དེ་ལྟར་སྦྱངས་པ་དེ་ལོང་རབ་ལོ་རེ་ཙམ་ལོན་ཙ་ན་འཆི་བའི་དུས་སུ་འཕོས་པས་ཆོག་ཅེས་རྗེ་རྔོག་པ་ཞེ་སྡང་རྡོ་རྗེ་གསུང་ངོ་། །གཉིས་པ་ལས་ལ་སྦྱར་བ་ནི། རྣལ་འབྱོར་པ་འཆི་བའི་མཚན་མ་རྣམས་བྱུང་ཞིང་བསླུ་བར་མི་ནུས་པའི་ངེས་པ་སྙེད་པ་ན་འཕོ་བའི་སྦྱོར་བ་བྱ་སྟེ། གདན་བཞི་ལས། འཆི་བའི་མཚན་མ་མཐོང་བ་ཡིས། །འཆི་བར་འགྱུར་བའི་དུས་བྱུང་ན། །རིམས་ལ་སོགས་པས་མ་གོས་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་ནོ། །ཅེས་གསུངསས་པས་རིམས་ལ་སོགས་པའི་གནད་བཅོད་ཀྱིས་མ་ཟིན་པ། ཐུན་མོང་དང་ཐུན་མོང་མིན་པའི་སྡོམ་པ་རྣམས་ཀྱི་ཉམས་ཆགས་ལ་ཕྱིར་བཅོས་པ་དང་དཀྱིལ་འཁོར་དུ་འཇུག་པས་དམ་ཚིག་གསོ་བ་ལ་སོགས་པ་བྱས་ནས་ཆགས་ཞེན་སྐྱེ་བའི་དངོས་པོ་ཐམས་ཅད་བླ་མ་དང་དཀོན་

p. 832

མཆོག་ལ་འབུལ། དམ་ལྡན་གྱི་གྲོགས་ལ་རབ་ཏུ་ཚོགས་འཁོར། ཐ་ན་དཔའ་བོ་དང་དཔའ་མོའི་སྟོན་མོ་བྱས་ནས་དམིགས་པ་སྔ་མ་ལྟར་ལེགས་པར་སྦྱངས་ལ་འཆི་བའི་དུས་ལ་བབ་པ་ན་གནས་ཁང་ཡིད་དང་མཐུན་པར་ཡི་དམ་གྱི་སྐུ་བྲིས་མ འམ་འབུར་མ་མཚན་ཉིད་དང་ལྡན་པ་བཀྲམ། མེ་ཏོག་ལ་སོགས་པའི་མཆོད་པ་དང་། གཏོར་མ་ཅི་འབྱོར་བ་བཤམས་ལ། སྟན་བདེ་བ་ལ་རྐང་པ་རྡོར་སྐྱིལ། སྒལ་པ་བསྲང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱས་ལ། རང་ལྷར་བསྒོམ་པ། སྒོ་དགག་པ། སྤྱི་བོར་བླ་མ་བསྒོམ་པ་སོགས་དམིགས་པ་སྔར་བཞིན་ལས། ཁྱད་པར་རྐང་མཐིལ་གཉིས། དཀུ་གཡས་གཡོན། མཆན་ཁུང་གཉིས་རྣམས་སུ་ཡུྂ་རེ་རེ་དང་། ལྟེ་བའི་པད་འདབ་ཀྱི་ཡུྂ་བཞི་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་མཆོག་མ་གཉིས་ལ་བ་དན་དང་དབུས་སུ་ཡུྂ་གིས་མཚན་པ་འུར་སྒྲ་དང་བཅས་པས་རླུང་སེམས་ཀྱི་ངོ་བོའ་ཨཿདེ་བཏེག་བཏེག་འདུག་པར་བསམས་སྟེ། ཏིང་ངེ་འཛིན་གྱིས་བླ་མ་ཡི་

p. 833

དམ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་སྤྱན་དྲངས་ལ་མཆོད་པ་དང་གཏོར་མ་ཕུལ་ལ་སྔར་ལྟར་གསོལ་བ་བཏབ་སྟེ། བུམ་ཅན་དང་བསྟུན་ནས་ཧི ཀ་བདུན་བརྗོད་པས་རླུང་རྣམས་དྲག་པོར་གཡོས་པས་རླུང་གི་ངོ་བོའི་ཨཿབཏེག་སྟེ་ལྟེ་བར་ཕྱིན་པ་དང་ཧི ཀ་བདུན་བརྗོད་པས་ལྟེ་བའི་བུམ་ཅན་གྱིས་བཟུང་མ་ནུས་པར་སྙིང་གར་འཕགས་པ་ན་ཧི ཀ་བདུན་བརྗོད་པས་སྙིང་གའི་བུམ་ཅན་གྱིས་བཟུང་མ་ནུས་པར་ཨཿདེ་སྤར་གྱི་འཕར་ནས་ཚངས་བུག་རྒྱ་མཐོངས་ཕྱེ་བ་ལྟ་བུའི་སྟོང་ཆར་ཡེ་རེ་ཡོད་པ་ན། ཧིཀ་དྲག་པོ་གཅིག་བརྗོད་པས་ཨཿ དེ་ཚངས་བུག་ནས་རྒྱངས་ཀྱིས་ཐོན་ཏེ། བླ་མ་རྡོ་རྗེ་འཛིན་པའི་ཐུགས་ཀར་ཐིམ་པར་བསམས་ལ། དཀྱུས་ཀྱི་དམིགས་པ་ནི། བླ་མ་རྔོག་ཞེ་སྡང་རྡོ་རྗེའི་དགོངས་པ་ཡིན་ལ། མཚུར་སྟོན་གྱི་ལུགས་ལྟར་ན། གཞན་སྔ་མ་ལྟར་ལ། སྙིང་གར་ཧཱུྃ་ཡུྂ་བཞིས་བསྐོར་བར་བསྒོམས་ལ། ལྟེ་བའི་ཨཿཧིཀ་བདུན་གྱིས་དྲངས་ཏེ་སྙིང་གའི་ཧཱུྃ་ལ་བསྟིམ། ཧཱུྃ་དེ་ཧིཀ་བདུན་གྱིས་སྤྱི་བོར་བཏོན་ལ། སླར་ཧིཀ་གཅིག་གིས་

p. 834

བླ་མ་དང་ཡི་དམ་གང་མོས་ཀྱི་ཐུགས་ཀར་འཕོ་བ་ནི་ཁྱད་པར་རོ། །མཆན། སྤྱི་བོའི་བླ་མ་ལ་ཤེས་པ་ལྷན་གྱིས་གཏད་ལ་བླ་མ་དང་གཅིག་ཏུ་བསྲེ་བར་བྱེད་པ་ལ་ནི་སྤྲུལ་སྐུ་བླ་མའི་འཕོ་བ་ཞེས་བཤད་ལ། ཡང་ལོངས་སྐུ་ཡི་དམ་གྱི་འཕོ་བ་བྱེད་པར་འདོད་ན། གཞན་ཐམས་ཅད་སྔ་མ་ལྟར་ལ། ཚངས་བུག་གི་སྟོང་ཆར་པད་མ་ཉི་མ་བདུད་བཞིའི་གདན་ལ་དཔལ་དགྱེས་པ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གསལ་གདབ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཞལ་ཕྱག་ཡོངས་སུ་རྫོགས་པ་མཚོན་གང་བ་ཅིག་གི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ཡིག་འོད་དུ་འབར་བ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དགུག་བྱེད་ཀྱི་ངོ་བོར་བསྒོམས་ལ། སྔར་ལྟར་ཧིཀ་ཉེར་གཉིས་ཀྱིས་རླུང་སེམས་ཀྱི་ངོ་བོའ་ཨཿདེ་ཡི་དམ་གྱི་ཐུགས་ཀར་བསྟིམ་ལ། དེར་ཤེས་པ་གཏད་ནས་ཡི་དམ་དང་གཅིག་ཏུ་བསྲེ་བའོ། །ཡང་རླུང་སེམས་ཀྱི་ངོ་བོའ་ཨཿདེ་མི་དམིགས་པར་འོད་གསལ་གྱི་ངང་དུ་ལ་ཟླ་བར་བྱེད་པ་

p. 835

ལ་ནི་ཆོས་སྐུ་འོད་གསལ་གྱི་འཕོ་བ་ཞེས་ཐ་སྙད་མཛད་དོ། །ཧིཀ་ཉེར་གཉིས་ཀྱིས་འཕོ་བར་མ་ནུས་ན་ཉེར་ལྔ་ཚུན་སྐྱར་བས་ངེས་པར་འཕོའོ། །ཞེས་བླ་མ་སྔོག་པ་གསུང་ངོ་། །མཆན། ཡང་སྟོང་པ་ཉིད་ཀྱི་ངང་ལས་ཨཿདེ་ཉིད་རང་སེམས་རྣམ་དག་མཁའ་སྤྱོད་ཀྱི་གནས་སུ་རང་སྣང་དག་པ་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བའི་ལུས་སུ་གྲུབ་བོ་སྙམ་དུ་བསྒོམ་པ་དང་། ཁམས་ཕྲ་རགས་དང་རྟོག་པ་ཐིམ་པ་རྣམས་སྦྱར་ཏེ་དྲན་ཤེས་ཀྱིས་ངོ་ཤེས་པར་བྱས་ནས་འཆི་སེམས་འོད་གསལ་དུ་དག་རྗེས་བར་སྲིད་དུ་ལངས་པ་ན་རིག་འཛིན་གྱི་བར་སྲིད་འགྲུབ་ངེས་པ་ཡིན་ནོ། །གཉིས་པ་ལུས་བཅོས་ཏེ་འཕོ་བ་ནི། རྣལ་འབྱོར་པ་ངེས་པར་འཆི་བའི་དུས་སུ་ཕྱིན་ངེས་ན། སྔོན་དུ་ཚོགས་བསག་དང་འཆི་བསླུ་བྱ། རླུང་གཡས་ནས་མང་བར་རྒྱུ་ན་ལག་པ་གཡས་པའི་སྲིན་ལག་གིས་བཀག་གོ། །དེ་རྣམས་ཀྱིས་བསླུ་བར་མ་ནུས་ན་ཕྱག་ཆེན་དུ་འཕོ་བ་འདི་བྱ་བར་གསུངས་ཏེ། དེ་ཡང་འཆི་བའི་དུས་ཀྱི་ཚེ་ཆོས་ཐམས་ཅད་སྒྱུ་མ་

p. 836

དང་རྨི་ལམ་ཙམ་དུ་ཤེས་པར་བྱས་ལ། མགོ་བྱང་དུ་སྟན་ནས་སེང་གེའི་ཉལ་སྟབས་ཀྱིས་འདུག་ལ་རང་ཡི་དམ་དུ་བསྒོམ། མདུན་དུ་ཡི་དམ་གྱི་བྲིས་སྐུ་བཀྲམ། དེ་ནས་རང་གི་མགྲིན་པར་ༀ། སྙིང་གར་ཧཱུྃ། ལྟེ་བར་ཨཱཿབསམས་ལ། ལྟེ་བའི་ཨཱཿསྙིང་གའི་ཧཱུྃ་ལ་ཐིམ། སྙིང་གའི་ཧཱུྃ་མགྲིན་པའི་ༀ་ལ་ཐིམ། མགྲིན་པའི་ༀ་སྣ་བུག་གཡོན་པ་ནས་ཡི་དམ་གྱི་ཐུགས་ཀར་ཐིམ་པར་བསམ་མོ། །གསུམ་པ་བཙན་ཐབས་སུ་འཕོ་བ་ནི། རང་གིས་སྡིག་པ་མི་བཟད་པ་བྱས་ཏེ་རྒྱལ་པོའ་ཆད་པ་ལ་སོགས་པས་གློ་བུར་དུ་འཆི་ངེས་པ་བྱུང་ནས་འཕོ་བ་སྦྱང་བ་དང་སྡིག་པ་བཤགས་པའི་ལོང་མ་བྱུང་ན་སྦྱོར་བ་འདི་བྱ་བར་གསུངས་ཏེ། དེ་ཡང་དང་པོ་ལུས་ཀྱི་འཁྲུལ་འཁོར་བཅའ་བ་ནི། རང་གི་གཡས་གཡོན་དུ་རྩིག་པ་སྤངས་སུ་ཁྲུ་གང་པ་རེ་བྱས་ལ། དེའི་ཁར་ཤིང་ལག་ངར་ཙམ་ཁྲུ་གང་པ་ཞིག་བཀལ་བ་ལ་རང་གི་རྐེད་པ་གཏད་ནས་གན་ཀྱལ་དུ་ཉལ་ཏེ། ལག་པ་གཉིས་ཀྱི་སོར་མོ་རྣམས་ལྟག་ཁུང་དུ་བསྣོལ། རྐང་མཐིལ་

p. 837

གཉིས་ཀྱིས་བཤང་བའི་བུག་དགག་གོ། །དེ་ནས་སེམས་ཀྱི་འཁྲུལ་འཁོར་བཅའ་བ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཧེ་བཛྲ་གྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསམ་པར་བྱ་ཞིང་། སྟེང་གི་ནམ་མཁར་རང་གི་ཡི་དམ་སེམས་དཔའ་སུམ་བརྩེགས་སུ་བསྒོམ། རང་ཉིད་ཡི་དམ་གྱི་སྐུ་སྒྱུ་མ་ལྟ་བུར་བསྒོམས་པའི་ལྟེ་བར་ཨཿ སྙིང་གར་ཧཱུྃ་ཡུྂ་བཞིས་བསྐོར་བ་འདེག་ཅིང་འཕར་བ། མགྲིན་པར་ༀ་རྣམས་གསལ་གདབ་བོ། །དེ་ནས་ངག་གི་འཁྲུལ་འཁོར་ཧིཀ་བདུན་སོགས་ཅི་རིགས་སུ་བརྗོད་པས་ལྟེ་བའི་ཨཿདེ་སྙིང་གའི་ཧཱུྃ་ལ་ཐིམ། ཡང་ཧི ཀ་ཅི་རིགས་བརྗོད་པས་སྙིང་གའི་ཧཱུྃ་ཡུྂ་བཞིས་ནམ་མཁར་འཕངས་ནས་ཡི་དམ་གྱི་ཐུགས་ཀར་ཐིམ་པར་བསམས་ལ་ཤེས་པ་དྲག་ཏུ་གཏད་དོ། །དེ་ལྟར་ལུས་ངག་ཡིད་གསུམ་གྱི་འཁྲུལ་འཁོར་བཅས་ནས་འཕོ་བའི་དུས་སྟེང་རླུང་མནན། འོག་རླུང་ཡར་ཐེན་ནས་བུམ་པ་ཅན་བྱ། རླུང་མི་ཐུབ་པ་སྙམ་

p. 838

བྱེད་ན། རླུང་ཕར་འཕེན་པ་དང་ཨཿཡར་འཕང་བ་དང་ཧི ཀ་བརྗོད་པ་གསུམ་དུས་མཉམ་དུ་བྱ་བར་གསུངས་སོ། །སྦྱོར་བ་འདི་སྡིག་ཤིན་ཏུ་ཆེ་བ་མིན་པ་རང་གར་མི་བྱ་བར་བསྟན་ཏེ། བཀའ་དཔེ་ལས། རྗེ་ནཱ་རོ་པཎ་ཆེན་གྱི་བཙན་ཐབས་སུ་འཕོ་བའི་མན་ངག །བཙན་ཐབས་སུ་འཕོ་བ་རྣམས་ལ་འདི་གནད་ཆེ་གསུངས་སོ། །ཚད་ཀྱང་མི་ཉན་གསུངས་སོ། །རང་ལྕེབ་དུ་འགྲོ་བ་ཡིན་གསུང་ངོ་། །ཅེས་དང་། དཔལ་རང་བྱུང་གིས། བཙན་ཐབས་ཀྱི་འཕོ་བ་ནི་བཤད་པ་ཙམ་ཡིན་པས་ལག་ལེན་དུ་མི་བྱའོ། །ཅེས་གསུངས་སོ། །གཉིས་པ་རྟེན་ཅན་དུ་འཕོ་བ་གྲོང་དུ་འཇུག་པ་ནི། རང་ལུས་རྒས་ཏེ་རང་གཞན་གྱི་དོན་མི་ནུས་ན། རིགས་དང་ན་ཚོད་ཁྱད་པར་ཅན་གཞན་དག་གི་ལུས་ལ་སྤོ་བའི་ཐབས་ཏེ། དེ་ཡང་ཀརྨ་པ་རང་བྱུང་རྒྱལ་བ་ཆེན་པོས། རྟེན་ཅན་དུ་འཕོ་བ་ནི་ད་ལྟར་རླུང་ལ་དབང་ཐོབ་པ་དང་སྣང་སྲིད་སྒྱུ་མར་འབྱོངས་ན་འབྱུང་སྟེ། ཞེས་གསུངས་པའི་རླུང་ལ་དབང་ཐོབ་པའི་ཚད་ཀྱང་སྔར་འཕོ་བའི་གོ་

p. 839

བྱར་བསྟན་པ་ཉིད་འདིར་ཡང་ཤེས་དགོས་ཏེ། རྗེ་བཙུན་མར་པས། དང་པོ་སྦྱངས་ཏེ་འཕོ་བ་ལྟར་རླུང་ལ་སྦྱངས་པས་དེ་ནས་རླུང་ལ་བློ་སྦྱང་བས་མི་དཀའ་གསུང་། ཅེས་དང་། བུ་སྟོན་རིན་པོ་ཆེས་མཆོག་ཅེས་པ་སྐད་དོད་པ་ར་ཅེས་པ་མཆོག་གམ་གཞན་ལ་འཇུག །མཆན། ལ་གཞན་དང་ཅིག་པས་གཞན་གྱི་གྲོང་ཁྱེར་ཏེ་ལུས་གཞན་ནམ་མཁའ་སྤྱོད་དུ་འགྲོ་བའི་དོན་ཡིན་ལ། ཅེས་གསུངས་པ་གོང་དུ་བསྟན་པས་ཀྱང་ཤེས་ནུས་ལ། སྣང་སྲིད་སྒྱུ་མར་འབྱོངས་པ་ཡང་སྒྱུ་ལུས་དང་རྨི་ལམ་གྱི་རྣལ་འབྱོར་ལ་གོམས་པས་སྣང་སྲིད་སྒྱུ་མར་རྟོགས་ནས། བློ་གཞན་མ་ཡིན་པར་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་བློ་ཁོར་ཡུག་ཏུ་ཡོད་པ་ཞིག་དགོས་པར་བླ་མ་རྔོག་གཞུང་པས་བཤད་དོ། །སྦྱངས་པ་དེ་ཙམ་སྔོན་དུ་སོང་བའི་རྣལ་འབྱོར་པས་གྲོང་དུ་འཇུག་པ་ཇི་ལྟར་བྱ་བའི་ཚུལ་ནི། དཔལ་ཏཻ་ལོ་པས། དེ་ལས་རྣལ་འབྱོར་འཕོ་བའི་ཚེ། །གྲོང་འཇུག་ལྷ་དང་ས་བོན་གྱིས། །འགྲོ་འོང་རིང་དང་ཐུང་བ་དང་། །ལྷ་ལ་བསླབ་

p. 840

ཅིང་འཕར་བའི་དུས། །གང་འདོད་གྲོང་དུ་འཇུག་པར་བྱ། །ཅེས་གསུངས་པ་འདི་ལ་སྦྱང་བ་དང་། སད་པ་དང་། ལས་ལ་སྦྱར་བ་གསུམ་གྱི་དང་པོ་ནི། བཀའ་དཔེ་རྩ་བའི་སྡོམ་ལས། དེ་ལ་གྲོང་དུ་འཇུག་པ་ནི། །མདུན་དུ་དམིགས་པ་གསལ་བྱས་ལ། །དབུགས་དང་སེམས་ནི་མ་ཡེངས་པར། །གཏད་ནས་ཤེས་པ་ཇེ་གསལ་འགྱུར། །ཅེས་གསུངས་པས་དབེན་པའི་གནས་སུ་མཚམས་དྲག་བསྡམས་བྱས་ལ། མདུན་ངོས་སུ་ཇི་ཙམ་འོས་པའི་མཎྜལ་རྩི་ནག་པོས་བྱུགས་ཤིང་མེ་ཏོག་པུཎྜ་རི་ཀ་བདལ་བའི་ཁར། ཐོད་པ་མཚན་ལྡན་གྱི་ཚལ་བུ་བསྲུབས་མེད་པ་སོར་ལྔ་པ འམ་གཡམ་ལེབ་ལག་མཐིལ་ཙམ་རྩི་ནག་པོས་བྱུགས་པའི་དཀྱིལ་དུ་རྡོ་རྒྱུས་ཀྱིས་ཧཱུྃ་དཀར་པོ་གསལ་བ་ཅིག་བྲིས་པ་དར་ཟབ་ཀྱིས་གཡོགས་ལ་ཧཱུྃ་རང་ངོས་སུ་ལྟ་བར་བྱས་ལ་བཞག་གོ། །དེ་ནས་རང་ཉིད་ཡི་དམ་དུ་གསལ་བཏབ་པའི་སྙིང་གར་ཉི་གདན་ལ་ཧཱུྃ་ཡིག་འོད་ཟེར་དང་བཅས་པ་བསྒོམ། དེ་ལ་རང་གི་ཤེས་པ་ཐམས་ཅད་

p. 841

བསྡུས་ཏེ་དབུགས་ཕྱིར་འགྲོ་བ་དང་ལྷན་ཅིག་ཤེས་པའི་ངོ་བོའི་ཧཱུྃ་དེ་ཡང་རླུང་དང་འགྲོགས་ནས་སོང་བས་ཐོད་པ འམ་གཡམ་ལེབ་ཀྱི་ཧཱུྃ་ལ་ཐིམ་པར་བསམས་ལ་དེར་ཤེས་པ་གཏད་ནས་ཡུན་རིང་དུ་རླུང་ཐུབ་ཚད་ཅིག་བཟུང་ལ། རང་གི་ལུས་ལ་ཞེན་པ་སྤང་། སེམས་ཐོད་པའི་ཧཱུྃ་ལ་ཆགས་པར་ཡང་དང་ཡང་དུ་བཟུང་བར་བྱ་སྟེ། རྗེ་མར་པས། རང་རིག་ལྷག་པའི་ལྷ་གང་ཡིན་པའི་ས་བོན་གྱི་ཡི་གེ་ལ་དབུགས་དང་ཤེས་པ་མཐོན་པོར་གཏད། དམིགས་པ་མ་ཟིན་དུ་མི་འཇུག །གཞན་ལུས་ལ་སྤོས་ཤིང་རིག་པ་རྟ་སྐྱོན་པ་ཕ་རོལ་དུ་འཕང་། ཅེས་གསུངས་སོ། །དེ་ལྟར་ཡང་ཡང་སྦྱངས་པས་ཐོད་པ་དྲོ་བ འམ་འགུལ་ཞིང་འཕར་བ་དང་། སེམས་ཀྱང་དེ་ལ་ཡོད་པ་སྙམ་བྱེད་ཅིང་། རང་གི་ལུས་ཀྱི་སྣང་བ་དེ་མི་གསལ་བར་འདུག་ན་ཟིན་པའི་རྟགས་ཡིན་པར་བཤད་དོ། །སད་པ་ནི། སྦྲང་བུ འམ་བྱིའུའི་རོ་ལ་སྔར་བཞིན་དམིགས། རླུང་སྦྱར་ནས་སྒོམས་པས་མགུལ་བ་དང་འགྲོ་འདུག་ནུས་པ་བྱུང་ན་

p. 842

ཤེས་པ་དང་རླུང་ཚུར་བསྡུ་བའོ། །དེ་ཡང་རྗེ་མར་པས། དབུགས་དང་སེམས་ནི་མ་ཡེངས་པར་སྲོགས་ཆགས་ཀྱི་རོ་ལ་ཤེས་པ་གཏད་ནས་ཉམས་སད་པར་བྱའོ། །ཅེས་གསུངས་སོ། །ལས་ལ་སྦྱར་བ་ནི། དཀའ་དཔེ་ལས། དེ་ལ་ཡུན་དུ་གོམས་བྱས་ནས། །རང་གི་ཕུང་པོ་དོར་བྱས་ཏེ། །བསོད་ནམས་ཅན་གྱི་ལུས་བླངས་ནས། །སེམས་ཅན་དོན་ནི་མ་ལུས་བྱ། །ཅེས་གསུངས་པས་དང་པོ་ཐོད་པ་ལ་བསླབ་པ་དང་། དེ་ནས་སྦྲང་བུའི་རོ་ལ་རྩོལ་བ་དང་། དེ་ནས་བྱིའུ་ལ་སོགས་པའི་རོ་ལ་ཉམས་སད་པས་རྟགས་བྱུང་བ་དང་། ལུས་འདི་རྒས་པའམ་ནད་མང་བ་སོགས་ཀྱིས་རང་གཞན་ཐར་པ་སྒྲུབ་པའི་རྟེན་དང་གྲོགས་སུ་མི་རུང་ན་གྲོང་གཞན་ལ་འཇུག་པར་བྱ་སྟེ། དེ་ཡང་སྐྱེས་བུ་དར་ལ་བབ་པ། ལོ་ཉི་ཤུ་ལས་མི་རྒན་པ། རྒྱལ་པོ་སོགས་བསོད་ནམས་ཅན་གྱི་ལུས་ཡིན་ན་བཟང་། དེ་ལྟ་བུ་མིན་ཀྱང་ཞ་ལོང་འོན་ལྐུགས་སྒུར་འཐེང་འཛེ་ཅན་རིམས་ཀྱིས་ཤི་བ་སོགས་སྐྱོན་ཅན་མ་ཡིན་པ། ཤི་ནས་ཞག་གསུམ་ལས་

p. 843

མ་ལོན་པ་རུལ་སུམས་མེད་པའི་རོ་གསར་པ་བླངས་ལ། དབེན་པར་མཚམས་བཅད་ལ་ཇི་ཙམ་འོས་པའི་མཎྜལ་བདུད་རྩི་ལྔས་བྱུགས་པར་ཆོས་འབྱུང་གི་དབུས་སུ་པདྨ་འདབ་མ་ལྔ་པའི་ལྟེ་བར་ཨ། འདབ་མ་ལྔར་རིགས་ལྔའི་ས་བོན་བྲིས་པའི་སྟེང་དུ་རོ་དེ་ཙན་དན་དང་ག་བུར་དང་གླ་རྩི་སོགས་སྤོས་བཟང་པོ་དང་སྦྱར་བའི་ཆུས་བཀྲུས་ལ་བདུད་རྩི་ལྔས་བྱུགས་ཏེ་གོས་དང་བརྒྱན་བཟང་པོས་སྤྲས་ཏེ་བཞག །སྨྱུག་མ་སོར་བརྒྱད་པའི་རྩེ་མོ་གཅིག་གྲི་སོ་ཁ་འཇམ་པོར་བདར། རྩེ་མོ་གཅིག་གི་ངོས་ལ་སྤྲ་ཚིལ་གྱི་སྐྱོར་ཁ་བཅོས་པར་ཤུཀྲ་རང་ལས་བྱུང་བ་བླུག །གྲི་སོ་ཁ་རོའ་སྣ་བུག་གཡོན་པར་བཅུག་ནས་ཕུས་བཏབ་པས་ཀླད་པའི་དཀྱིལ་དུ་སོང་བར་བསམ་མོ། །དེ་ནས་མཎྜལ་གྱི་སྟེང་དུ་རང་དང་རོའ་སྣ་བུག་གཡས་གཡོན་སྤྲད་ལ། རོ་དེ་ཡི་དམ་གྱི་ལྷ་དམ་ཚིག་པ་ཐུགས་ཀར་ཧཱུྃ་དང་བཅས་པར་བསྐྱེད། རང་ཡེ་ཤེས་སེམས་དཔར་བསྒོམས་ལ་རང་གི་སྙིང་གའི་ཧཱུྃ་རླུང་སེམས་ཀྱི་ངོ་བོ་དེ་ཉིད་

p. 844

ལ་ཤེས་པ་གཏད་དེ་བུམ་ཅན་དྲག་པོར་བཟུང་ནས། སྣ་བུག་གཡོན་པ་ནས་རླུང་ཕྱིར་གཏོང་བ་དང་དུས་གཅིག་རླུང་སེམས་ཀྱི་ངོ་བོའ་ཧཱུྃ་དེ་རླུང་དང་འགྲོགས་ནས་སྣ་བུག་གཡོན་པ་ནས་ཐོན། རོའི་སྣ་བུག་གཡས་པ་ནས་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པའི་མོད་ལ་རོའ་སྤྱི་གཙུག་ཏུ་ཧཾ་ལས་ཐིག་ལེ་སྐྱ་ནར་གྱིས་བྱུང་བར་བསྒོམས་ལ། རླུང་ཕྱིར་མི་བཟུང་ཞིང་ཕུང་པོ་རྙིང་པ་ལ་མི་བསམས་པར་རླུང་དང་ཤེས་པ་དྲག་པོར་རོའ་སྙིང་གར་ཧྲིལ་གྱིས་གཏད་པས་རོའ་ཧཱུྃ་ལ་ཤེས་པ་ཆགས་ནས་རོའ་ཧཱུྃ་དེ་གསལ་ཞིང་རང་གི་ཧཱུྃ་མི་གསལ་བའི་ཉམས་བྱུང་བ་ན་ནན་ཏན་ཆེར་བྱས་པས། ཕུང་པོ་འདི་དོར་ནས་རྣམ་ཤེས་ལུས་གསར་པ་དེར་འཕོས་པས་རོ་དེ་ལ་དྲོད་འབྱུང་ཞིང་མགུལ་བ་དང་། མཐར་ལངས་ནས་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཏེ། འདིར་རྗེ་རྔོག་པས། དེ་ཡང་གཉིས་ཏེ། གཞན་སྣང་གི་རང་སྣང་དང་། གཞན་སྣང་གི་གཞན་སྣང་ངོ་། །དེ་ལ་དང་པོ་ནི། རང་གི་སེམས་རོ་ལ་ཞུགས་པར་ཤེས་པའོ། །གཉིས་པ་ནི། རང་གི་ཤེས་པ་དེ་ནན་ཏན་དུ་

p. 845

བྱས་ཏེ་རོ་ལ་བཙུད་པས་རོ་དེ་ཡང་ལངས་ཏེ་གཞན་གྱིས་ཀྱང་འཕོས་པར་ཤེས་པའོ། །ཅེས་གསུངས་སོ། །མཆན། དེའི་ཚེ་རང་གི་ལུས་རྙིང་པ་ལ་བསྲེག་བླུག་སོགས་བྱས་ལ་མི་སྣང་བར་བྱའོ། །སྐབས་འདིར་རྗེ་བཙུན་ཆོས་རྗེས་འདི་ལྟར་གསུངས་ཏེ། དེ་ནས་གཞོན་པ་དེའི་མིག་གི་ཡུལ་དུ་གཟུགས་མཛེས་པ་བསྟན། རྣ་བའི་ཡུལ་དུ་སྒྲ་སྙན་པ་སྒྲོག །སྣའི་ཡུལ་དུ་སྤོས་ལ་སོགས་པའི་དྲི་བཟང་བདུག །ལྕེའི་ཡུལ་དུ་བུར་ཆང་ལ་སོགས་པའི་རོ་བཅུད་བླུག །ལུས་ཀྱི་ཡུལ་དུ་གོས་འཇམ་པོ་བཀོན་ཞིང་ཤ་དྲོད་ལ་བཅར། ཡིད་ཀྱི་ཡུལ་དུ་སྔར་གང་ཤེས་ཀྱི་ཆོས་ཐམས་ཅད་ལན་ཅིག་བཤད་པ་ཙམ་གྱིས་ཤེས་ཏེ། དེས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་འབྱུང་བར་བཞེད་དོ། །མཆན། དེ་ལྟར་གཞོན་ནུའི་རོ་ལ་ཤེས་པ་བཅུག་ནས་ལུས་བརྗེ་ཞིང་བསྒོམ་པ་ནི་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་མན་ངག་ཡིན་ཏེ། འདི་ལ་དགོངས་ནས་རྗེ་མར་པས། འགྲོ་བ་སེམས་ཅན་གྱི་དོན་དུ་ལུས་ཡང་དང་ཡང་དུ་བརྗེས་ལ་སེམས་ཅན་གྱི་དོན་འབའ་ཞིག་བྱ་བར་གསུངས་པ་ཡིན། དེས་ན་གྲོང་དུ་འཇུག་པ་ནི་སྟོབས་ཤིན་ཏུ་

p. 846

ཆེ་བ་ཡིན་ནོ། །ཅེས་གསུངས་སོ། །དེ་ལྟར་བར་དོ་ཐ་མར་མངལ་གྱི་སྒོ་དགག་ཅིང་བདམ་པ་དང་། སྔགས་སྤྱོད་པའི་བརྟེན་ལ་འཕོ་བ་དང་། གྲོང་དུ་འཇུག་པའི་ཚུལ་འདི་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོར་ཡང་། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་བར་དུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་པ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར། །སྔོན་གྱི་གོམས་པ་དེ་ཡིད་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པར་འགྱུར། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་འགྲོ་གང་དུ་སླར་ཡང་སྐྱེ་བ་ལྡན་པ་མིན། །ཞེས་དང་། དེའི་འགྲེལ་པར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཅི་སྟེ་གང་གི་ཚེ་ལམ་དུ་ཞུགས་པར་གྱུར་པ་རྣལ་འབྱོར་མ་ཐོབ་པར་གྱུར་པ་དེའི་ཚེ། དེའི་འཛིན་པ་སྟེ་བག་ཆགས་ཀྱི་སྟོབས་ཀྱིས་སླར་ཡང་མིའི་སྐྱེ་བ་གཞན་ལ་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་ཏེ། སྐྱེ་བ་བདུན་

p. 847

གྱི་མཐར་ཐུག་པ་ལ་བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་པས་ཀྱང་ངོ་། །ཅེས་གསུངས་སོ། །དེས་ན་གཞི་དུས་ཀྱི་གཉིད་སྟུག །འཆི་སྲིད། བཞི་པའི་མཐར་ཐུག་རྣམས་སུ་རླུང་ལས་དངས་མ་དབང་ཆེ་བས་ལམ་དུས་སུ་གཏུམ་མོ། འོད་གསལ། སེམས་དབེན། རྗེས་དྲན་རྣམས་ཀྱིས་སྦྱངས་པས་འབྲས་བུ་ཆོས་ཀྱི་སྐུ་དང་། གཞི་དུས་བར་སྲིད་དང་རྨི་ལམ་དུ་རླུང་དབང་ཆེ་བས། དེ་ལམ་དུས་སུ་སྒྱུ་ལུས། རྨི་ལམ། ངག་དབེན་སྲོག་རྩོལ་གྱིས་སྦྱངས་པས་འབྲས་བུ་ལོངས་སྐུ་དང་། གཞི་དུས་སྐྱེ་སྲིད་མངལ་འཛིན་དང་། སད་དུས་རྣམས་སུ་རྩ་དབང་ཆེ་བས། དེ་ལམ་དུས་སུ་ལུས་དབེན་ཡེ་ཤེས་ཀྱི་སྐུ་དང་སོར་བསྡུད་ཟུང་འཇུག་གི་རིམ་པས་སྦྱངས་པས་འབྲས་བུ་སྤྲུལ་སྐུར་འཚང་རྒྱ་བ་སྟེ། གཞིའི་སྐུ་གསུམ། ལམ་གྱི་སྐུ་གསུམ། འབྲས་བུའི་སྐུ་གསུམ་དབྱེར་མེད་དུ་བསྲེ་འཕོ་གནད་གཅིག་པའི་གདམས་པ་ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་བའི་ཐབས་འདི་ནི་རྡོ་རྗེ་

p. 848

འཆང་དངོས་མ་ཧཱ་པ ཎྜི་ཏ་ནཱ་རོ་ཞབས་ཀྱི་མན་ངག་སྟེ། དེ་ཡང་རྫོགས་པའི་སངས་རྒྱས་མར་མི་དགས་གསུམ་གྱི་དོན་བརྒྱུད་འཁྲུལ་པ་མེད་པ་འགྲོ་བའི་མགོན་པོ་དུས་གསུམ་མཁྱེན་པའི་བཀའ་བརྒྱུད་འགྲན་ཟླ་དང་བྲལ་བ་འདི་ཉིད་ཁོ་ན་ལས་འབྱུང་བ་ཡིན་ནོ། །འདིར་སྨྲས་པ། བདག་ནི་སྙིགས་མའི་དུས་སུ་སྐྱེས་གྱུར་ཀྱང་། །འཁྲུལ་མེད་ཀཾ་ཚང་བརྒྱུད་པའི་ནང་དུ་ཚུད། །རྡོ་རྗེའི་སློབ་དཔོན་ཆེ་ཞབས་དཀོན་མཆོག་འབངས། །གང་གིས་དགྱེས་མཛད་སྡོམ་པའི་དཀྱིལ་འཁོར་དུ། །སྨིན་པར་མཛད་ནས་རྩ་བཤད་ཕྱི་མའི་རྒྱུད། །བརྡའ་དོན་དགྲོལ་བའི་བཀའ་དྲིན་ཐོབ་པ་ལས། །རིམ་གཉིས་འཆད་ལ་ཐེ་ཚོམ་བྲལ་བའི་ཕྱིར། །ཇི་ལྟར་བཤད་ཀྱང་རྒྱལ་བའི་དགོངས་པར་འབབ། །ཨ་ཧོ་ངོ་མཚར་འདི་ནི་ཅི་ལས་བྱུང་། །ཞྭ་ནག་ཅོད་པན་འཛིན་པའི་ཀརྨ་པ། །རྡོ་རྗེ་དགའ་བའི་དབྱངས་ཀྱི་བྱིན་རླབས་དང་། །བླ་མ་སྤྲུལ་སྐུའི་ནུས་པ་ཤིན་ཏུ་མཚར། །ཅེས་སོ། །གསུམ་པ་ནི། འགྲོ་བའི་མགོན་པོ་དུས་གསུམ་མཁྱེན་

p. 849

པའི་ཉམས་དབྱངས་ལས། ཞིང་པས་སོ་ནམ་བྱས་པ་ལ། །སྟོན་ཐོག་མི་འབྱུང་ག་ལ་སྲིད། །གལ་ཏེ་སྟོན་ཐོག་མ་བྱུང་ན། །སོ་ནམ་བྱས་པ་དོན་གོ་སྟོར། །བྱ་བཏང་ཚུལ་བཞིན་བསྒོམས་པ་ལ། །བསྒོམས་ཉམས་མི་འབྱུང་ག་ལ་སྲིད། །གལ་ཏེ་སྒོམས་ཉམས་མ་བྱུང་ན། །བསྒོམ་སྒྲུབ་བྱས་པ་དོན་གོ་སྟོར། །ཅེས་གསུངས་པས་དཔལ་ནཱ་རོ་པ་ཆེན་པོ་ནས་བརྒྱུད་པ། དགྱེས་པ་རྡོ་རྗེའི་མན་ངག་གཏུམ་མོ་ཨ་ཐུང་གི་གདམས་ངག་མ་ཧཱ་མུ་དྲ་ཐུགས་ཀྱི་ཉིང་ཁུ་གཙོ་བོར་བྱས་པའི་ལམ་གྱི་ཆ་ལག ། སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་གྲོང་འཇུག་དང་བཅས་པ་ལེགས་པར་བསྒོམ་པའི་རྣལ་འབྱོར་པ་ཆེན་པོ་ལ་ལུས་སེམས་ཀྱི་འཁྲུལ་འཁོར་འཇིག་པ་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ངོར་ཉམས་སུ་མྱོང་བའི་རིམ་པ་ཅི་ལྟར་འབྱུང་བའི་ཚུལ་རྒྱལ་བ་ཐམས་ཅད་མཁྱེན་པ་དཔལ་དབྱངས་ཅན་བཟང་པོའི་གསུངས་རབ་ལས་འབྱུང་བ་བཞིན་བརྗོད་པར་བྱ་སྟེ། དེ་ཡང་མ་དག་པའི་ལུས་ཀྱི་གསང་གནས་

p. 850

རྡོ་རྗེའི་འཁོར་ལོར་ཕྲག་དོག་གི་ས་བོན་ཁཾ་ལྗང་གུ། ལྟེ་བ་སྤྲུལ་པའི་འཁོར་ལོར་ང་རྒྱལ་གྱི་ས་བོན་ཏྲཾ་སེར་པོ། སྙིང་ག་ཆོས་ཀྱི་འཁོར་ལོར་ཞེ་སྡང་གི་ས་བོན་ཧཱུྃ་སྔོན་པོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་འདོད་ཆགས་ཀྱི་ས་བོན་ཧྲཱི ཿདམར་པོ ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་གཏི་མུག་གི་ས་བོན་ༀ་དཀར་པོ་སྟེ་འདི་རྣམས་ལམ་དུས་སུ་གཏུམ་མོ་ཡེ་ཤེས་ཀྱི་མེ་དྲག་པོར་སྦར་བས་བསྲེགས་པས་ཚོགས་ལམ་གྱི་སྐབས་སུ་ལས་སྒྲིབ་ཀྱི་རྒྱུ་འབྲས་ཐམས་ཅད་སློང་སྟེ། འདི་སློང་ཚུལ་ནི། རྒྱུད་ལ་བག་ཆགས་ཡོད་པ་དེའི་རྒྱུན་དར་དྲག་ཅིང་རྒྱུན་རིང་བ་རྒྱུ་མཐུན་གྱི་འབྲས་བུ་མ་འོངས་པར་འབྱུང་རྒྱུ་དེ། ད་ལྟ་དར་དྲག་ཏུ་སྨིན་པའི་སྒོ་ནས་ནུས་པ་ཟད་པ་སྟེ། བུལོན་གྱི་རྒྱུན་བཙུགས་པའི་རྩ་བ་སླངས་པ་བཞིན་ཡིན་པར་བཤད་དོ། །མཆན། དེ་ཡང་རྒྱུ་ལྷོངས་པ་ནི་ཐོག་མེད་ནས་བསགས་པའི་ཉོན་མོངས་པ་དང་། དེས་ཀུན་ནས་བླང་བའི་ལས་ཀྱི་བག་ཆགས་རྣམས་སློང་བ་ཡིན་ལ། འདི་ལྷོངས་པའི་རྟགས་ནི། འཁོར་ལོ་ལྔ་མཁའ་མེ་ཆུ་ས་རླུང་གི་ཁམས་སུ་དུག་ལྔའི་རྩར་རླུང་

p. 851

སེམས་ལྷོངས་པས་དུག་ལྔ་གཞན་ལས་ཆེ་བར་ལྷོངས་ཤིང་། དེ་དག་གིས་ཀུན་ནས་སློང་བའི་མི་དགེ་བ་སྤྱོད་སྙིང་འདོད་པ་སྟེ། ཚོགས་པ་དང་ཡན་གར་བ་ཅི་རིགས་སུ་འབྱུང་བར་བཤད་དོ། །མཆན། འབྲས་བུ་ལྷོངས་པ་ནི་གདོན་བགེགས་དགྲ་སོགས་འབྱུང་བ་དང་འབྱུང་གྱུར་གྱི་གནོད་པ་མི་བཟད་པའི་སྡུག་བསྔལ་སེམས་ཐོག་ཏུ་མྱོང་དགོས་པ་སྟེ། དཔེར་ན་ཡུལ་འཕོ་བ་ན་བུ་ལོན་པ་ལྡང་བ་ལྟར་ཉོན་སྒྲིབ་ཟད་དུ་ཉེ་ཞིང་། སྲིད་པར་སྐྱེ་བའི་རྣམ་སྨིན་གྱི་སྒྲིབ་པ་གཏན་མི་འབྱུང་བ་ལ་སྔར་བྱས་ཀྱི་ལས་ངན་གྱི་འབྲས་བུ་རྣམ་སྨིན་ངེས་ལ། གནས་སྐབས་མ་ངེས་པའི་ལས་ཐམས་ཅད་རྡོ་རྗེའི་ལམ་ཟབ་མོ་བསྒོམས་པའི་དགེ་བའི་མཐུས་མཐོང་བའི་ཆོས་ལ་ཉམས་ཀྱི་སྣང་བ་རྨི་ལམ་ཙམ་དུ་ཉམས་སུ་མྱོང་བར་བྱེད་ནུས་ལ། དེ་ཉིད་སླར་ཡང་རྡོ་རྗེའི་རྣལ་འབྱོར་གྱིས་དུག་ནད་དྲག་པོར་ལྷོངས་པ་བདུད་རྩིར་བསྒྱུར་བ་ལྟར་བྱ་བ་ནི། རྒྱུ་ལྷོངས་པ་ཉོན་མོངས་པའི་གེགས་རྣམས་མོས་གུས། ཚོགས་འཁོར། མཆོད་སྦྱིན། བྱང་ཆུབ་ཀྱི་

p. 852

སེམས་དང་བསྲེ་བས་བསལ་ཞིང་། འབྲས་བུ་ལྷོངས་པ་སྡུག་བསྔལ་གྱི་གེགས་རྣམས་མོས་གུས་དང་རླུང་བྱང་ཆུབ་ཀྱི་སེམས་དང་བསྲེ་བའི་གནད་ཀྱིས་སྡུག་བསྔལ་ལས་གྲོལ་ཞིང་བར་ཆད་དངོས་གྲུབ་དུ་བསྒྱུར་བ་དང་། གཟུགས་སྐུའི་རྒྱུ་ཚོགས་གྲངས་མེད་པར་བསོག་པ་སྟེ། དྲག་པོ་ལ་དོར་གྱི་དུས་འདོད་ཆགས་སོགས་དྲག་པོ་ནམ་སྐྱེས་པ་ན། ཁོའ་ས་བོན་དང་བཅས་པ་འགག་པའི་དུས་ཡིན་ཏེ། རྒྱལ་པོས་ཁྲིམས་དྲག་ཏུ་བཙན་པར་བཅས་པ་ལ་འབངས་ཀྱི་ཕྲུ་གུས་ནམ་འགལ་བའི་ཚེ། འབངས་ཀྱི་ཕྲུ་གུ་ཕ་མ་རིགས་བརྒྱུད་དང་བཅས་པ་བརླག་པ་བཞིན། དུས་དེར་ཀུན་ནས་ཉོན་མོངས་པ་དེ་དག་རྣམ་པར་བྱང་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། །ཅེས་སྙིང་པོ་གསང་དོན་དུ་གསུངས་སོ། །མཆན། འདི་ལ་ཉོན་མོངས་རྣམ་རྟོག་སློང་བའི་ཚོགས་ལམ་དང་པོ་ཞེས་བཤད་དོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་དང་། སེམས་འཛིན་དང་། གཏུམ་མོ་སོགས་བསྒོམས་པའི་སྟོབས་ཀྱིས་ཀུན་གཞི་ལ་ཡོད་པའི་ལས་ཉོན་གྱི་བག་ཆགས་སློང་བ་ལྟར། ལུས་ལ་ཡོད་པའི་སྐྱེ་རྒ་ན་འཆི་དྲག་

p. 853

པོའི་ཚོར་བ་རྣམས་ཀྱང་སྣོད་འཁྲུད་པ་ན་དྲི་མ་ལྡང་བ་བཞིན་འབྱུང་སྟེ། དེ་ཡང་ཉམས་ལེན་གྱི་སྐབས་ཀྱི་སློང་ཐམས་ཅད་ཚེ་རབས་སྔ་མའི་ལས་མྱོང་འགྱུར་གྱི་གཞི་གང་ཡོད་ཀྱི་སྟེང་དུ་སྨིན་པས། གཞི་མེད་བཀུར་འདེབས་དང་། ནད་གདོན་སོགས་མྱོང་ངེས་ཀྱི་ལས་འབྲས་ཐམས་ཅད་སློང་ནས་ཡིད་དུ་མི་འོང་བ་སྣ་ཚོགས་འབྱུང་བ་ན་ཐ་མལ་གྱི་དཔྱད་མི་བྱེད་པར་སྤྲོ་དགའ་བསྐྱེད་དེ་རྣལ་འབྱོར་མའི་བྱིན་རླབས་ཀྱིས་མི་འདོད་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་བཞུ་ནས། སྒོ་གསུམ་བདེ་ཆེན་དུ་མྱོང་བས་སྒྲིབ་བྲལ་མེ་ཤེལ་དྲི་མ་མེད་པ་ལྟར་བཞག་པས་དེ་ཉིད་དངོས་གྲུབ་དུ་གྱུར་ནས་ལྷ་མི་ཀུན་གྱིས་མཆོད་པར་འགྱུར་བ་སྟེ། ནད་གདོན་སློང་བའི་ཚོགས་ལམ་གཉིས་པའོ། །དེ་ནས་ཚོགས་ལམ་གསུམ་པའི་དུས་སུ་ཐོག་མེད་ནས་རིགས་དྲུག་གི་འཁོར་བར་འཁོར་བའི་སེམས་ཅན་སེམས་ལ་ཅི་ལྟར་ཡོད་པ་ལུས་ལ་བསྟེན་པའང་། བརྒྱུད་པ་རིན་པོ་ཆེ་འདི་ཉིད་ཀྱི་བཞེད་པས་རྐང་མཐིལ་དུ་དམྱལ་

p. 854

བའི་ས་བོན་དུ། ལྟེ་བར་ཡི་དགས་ཀྱི་ས་བོན་པྲེ། འདོམས་བར་དུ་དུད་འགྲོའི་ས་བོན་ཏྲི། སྙིང་གར་མིའི་ས་བོན་ནྲྀ། མགྲིན་པར་ལྷ་མིན་གྱི་ས་བོན་སུ། སྨིན་མཚམས་སུ་ལྷའི་ས་བོན་ཨ་ཡོད་པ་དེ་རྣམས་སུ་རླུང་སེམས་སློང་བ་ན། འཁོར་བ་ཐོག་མེད་ནས་དགེ་མི་དགེའི་ལས་ཅི་ཙམ་བསགས་པའི་རིགས་དྲུག་ཏུ་སྐྱེ་བ་ལེན་དགོས་དེ་སྙེད་ཀྱི་གནས་སྦྱོང་དབང་རྣོན་ལ་མངོན་སུམ་ཤིན་ཏུ་གསལ་བ། འབྲིང་ལ་ཡིད་སྣང་དུ་ཅུང་གསལ་བ། ཐ་མ་ལ་རྨི་ལམ་ལྟ་བུར་ཉམས་མི་གསལ་བ་སྟེ། མདོར་ན་ཤེས་བྱ་ལ་སྲིད་ཚད་ཀྱི་སེམས་ཅན་གྱི་སྐྱེ་འཆི་སྣ་ཚོགས་སུ་མྱོང་བའི་ཚེ། དེ་ཐམས་ཅད་གཏུམ་མོའི་མེས་བསྲེགས། བྱང་ཆུབ་སེམས་ཀྱི་ཆུས་བརྡལ་ནས་རིགས་དྲུག་གི་གྲོང་ཁྱེར་དུ་འགྲོ་བའི་སྐྱེ་རྒྱུན་སྟོངས་པར་བྱེད་པ་ཡིན་ལ། ལྷག་པར་སྐབས་འདིར་འཇིག་རྟེན་གྱི་ལྷ་ཆེན་པོ་མངོན་ཤེས་དང་ལྡན་པ་རྣམས་འཁོར་འདས་ཀྱི་ལ་ཤན་འབྱེད་པའི་རྣལ་འབྱོར་པ་ལ་གང་ཟག་འདི་ཡོན་ཏན་རྫོགས་ན་ངེད་ཅག་བྲན་དུ་

p. 855

བཀོལ་ཞེས་བར་ཆད་འཁོར་ལོངས་སྤྱོད་ལ་སྦྱོར་བ་འདོད་ཡོན་གྱིས་བསླུ་བ་ལྷའི་བུའི་བདུད་ཀྱི་བར་ཆད་ཚེ་འདི་པར་ཤོར་བ་དང་། སྲོག་དང་ཕྲལ་བའི་འཇིགས་པ་སྟོན་པ་ལྟ་བུའོ། །མཆན། སྣ་ཚོགས་པ་བྱེད་པ་ཡང་རླུང་སེམས་ཀྱི་འདུས་ཚུལ་དང་། ལམ་སློང་ཡིན་པས་འདིར་བར་ཆད་དངོས་གྲུབ་དུ་མ་ཁུགས་པར། གྲུབ་པའི་མཚན་མ་ཅུང་ཟད་ཙམ་གྱིས་ང་རྒྱལ་ཏེ་མཆོག་མ་ཐོབ་པར་ཚེའི་དུས་བྱེད་པ འམ། ཆོས་བརྒྱད་དུ་ཤོར་ན་མི་རུང་བས་སྐབས་འདིར་རྗེ་ནཱ་རོ་པ་ཆེན་པོའ་མན་ངག་བསྲེ་བ་དྲུག་སྐོར་གྱི་ཉམས་ལེན་མཆོག་གི་བརྒྱུད་པ་བར་མ་ཆད་དུ་བྱུང་བའི་ཞལ་ལས་ཟབ་རྒྱས་འོངས་པ་རྣམས་དྲན་པར་བྱ་དགོས་སོ། །དེ་དག་ནི་ཁམས་གསུམ་གྱི་སྐྱེ་རྒྱུན་སློང་ཞིང་གཅོད་པའི་ཚོགས་ལམ་གསུམ་པའོ། །སྐྱོན་གེགས་ཀྱི་འཕྲང་དེ་རྣམས་སོལ་བ་ན་སྟོང་ཉིད་འོད་གསལ་བའི་ཉམས་འཆར་བ་ནི། འབྱུང་བ་ལྔ་དང་། བདུད་རྩི་ལྔ་དང་། དྲི་མ་ཆེ་ཆུང་ཁམས་དཀར་དམར། ཤ་ཆེན་ཏེ་ལྔའོ། །མཆན། དེ་རྣམས་ཀྱི་ངོ་བོའ་རླུང་རྣམས་སྤྲོས་

p. 856

མེད་ཡེ་ཤེས་སུ་ཟིན་པས། དུ་བ། མིག་སྒྱུ། མེ་ཁྱེར། མར་མེ། མཁའ་སྣང་རྣམས་འབྱུང་ལ། དེ་བདེ་ཆེན་གྱི་ཡེ་ཤེས་སུ་ཟིན་ན་དེ་འདྲ་རེ་རེ་ཞིང་། ཡུལ་ཅན་བདེ་ཆེན་སྐྱེས་ནས་ཡུལ་གཡོ་འབར་ཐིམ་གསུམ་གྱི་བདག་ཉིད་དུ་ཡལ་ལོ། །སྙིང་པོ་གསང་དོན་ལས། གཡོ་བ་ནི་འདུས་བྱས་ཞིག་པའི་ཉམས་ཞེས་སོ། །འབར་བ་ནི་འདུས་མ་བྱས་རང་གནས་སུ་ལོག་པའི་ཉམས་ཞེས་སོ། །ཐིམ་པ་ནི་འཁྲུལ་ཤེས་གནས་མ་སྙེད་པར་འཆི་བའི་ཉམས་ཞེས་བྱའོ། །ཅེས་གསུངས་སོ། །མཆན། གཞན་ཡང་བཤང་ལམ་གྱི་རྩ་མདུད་གྲུ་བཞིར་ས་རླུང་ཟིན་པས་ཁམས་གསུམ་མེར་འབར་བའི་སྣང་བ་དང་། རྡོ་རྗེ་ནོར་བུའི་མགྲིན་པར་རྩ་མདུད་གཞུ་བརྡུངས་པ་ལྟ་བུ་ཡོད་པར་རླུང་གི་རླུང་ཟིན་པས་སྣང་བ་ཟླ་བ་ཤར་བ་ལྟ་བུ་དང་། རོ་མའི་རྩ་མདུད་བུམ་པ་ལྟ་བུར་མེ་རླུང་ཟིན་པས་ཟངས་ཁོག་མེ་ལ་བཞག་པ་ལྟ་བུའི་སྣང་བ་དང་། རྐྱང་མའི་རྩ་མདུད་ཟུར་གསུམ་དུ་ཆུ་རླུང་ཟིན་པས་ཡིད་ཤེས་དབང་དུ་མི་འདུས་པར་ཕྱད་ཕྱོད་དུ་འགྲོ་བ་དང་། སྲོག་དབྱུག་གི་སྣེར་མཁའ་

p. 857

རླུང་ཟིན་པས་མཐིང་ཁ་དང་། གཡང་སར་ལྷུང་བ་དང་། ལྕེ་སྤྱང་དང་དུག་སྦྲུལ་གྱི་ཁར་ཆུད་པ་དང་། གློག་གི་ཞགས་པ་ལྟ་བུའི་སྣང་བ་དང་། ལྟེ་དབུས་སྲོག་དབྱུག་གི་རྩ་འདུད་ཕྲ་མོ་ཅུང་ཟད་འཁྱིལ་བ་ལྟ་བུར་མཁའ་རླུང་ཟིན་པས་ཁ་དོག་སྣ་ཚོགས་པའི་གོང་བུ་མཐོང་སྟེ། འདི་ལྟ་བུ་འབྱུང་བ་ཡང་། སྙིང་པོ་གསང་དོན་ལས། འཁོར་བའི་ས་པས་བསྡུས་པའི་རླུང་སེམས་ཀྱི་ཚོགས་དེ་དག་རང་གི་འདུས་བྱས་གནས་པའི་རྒྱུན་དང་། ཡེ་ཤེས་སྐྱེ་བ་ཕྲད་པའི་ཚེ་མར་མེ་འཆི་ཀར་གསལ་བ་བཞིན་སྤང་བྱ་རང་གི་ཡོན་ཏན་ནམ་ནུས་པ་རྫོགས་པར་སྟོན་ནས་འགག་པ་སྟེ། མེ་ཏོག་གི་ཁ་དོག་ལྟར་མྱུར་དུ་མི་གནས་པའོ། །ཞེས་གསུངས་ལ། གཞན་ཡང་འབྱུང་བ་ལྔ་དང་ཟླ་ཉི་སྒྲ་གཅན་གྱི་རླུང་རྣམས་བརྟན་པས། ལུས་ལ་སའི་ཡོན་ཏན་འཁྲེགས་ཟུངས་ཐུབ། ཆུའི་སྣུམ། མཚར་མཛེས། མེའི་དྲོད་ཆེ། ཟོ་མདོག་བདེ། རླུང་གི་མགྱོགས། ནམ་མཁའི་ཐོགས་པ་མེད། ཉི་མའི་ཡོན་ཏན་གྲིབ་མ་མེད་ཅིང་གཞན་

p. 858

གྱིས་མི་མཐོང་། སྒྲ་གཅན་གྱི་ཡོན་ཏན་ཡུལ་སྣང་བདེ་བར་འཆར་བའོ། །མཐར་ཐུག་གི་ཡོན་ཏན་བརྒྱད། དབང་ཕྱུག་གི་ཡོན་ཏན་ལ་ངོས་འཛིན་ཞིང་། གནས་སྐབས་ཀྱི་ཡོན་ཏན་ལ་ངོས་འཛིན་ལུགས་མང་ཡང་། བསྲེ་བའི་བསྐོར་འདིར་འབྱུང་བ་ལྔ་ཟླ་ཉི་སྒྲ་གཅན་ཏེ་བརྒྱད་པོ་འདི་རྣམས་སྟོབས་སུ་སོང་བའི་ཆ་ལ་བྱེད་པར་རྒྱལ་བ་ཐམས་ཅད་མཁྱེན་པ་བཞེད་དོ། །མཆན། གཞན་ཡང་བསྐལ་དོན་དུ་མ་མངོན་དུ་འགྱུར། གཉིད་ཆུང་ཞིང་གཉིད་ཀྱིས་བསླད་པའི་རྟོག་པ་ལ་མ་འོངས་པའི་འབྱུང་རྒྱུ་རྣམས་གསལ་བར་སྣང་བ་དང་། ཕྱིས་སད་ནས་མངོན་སུམ་དུ་གྱུར་པ་ན་རྨི་ལམ་གྱི་ཡུལ་དེ་དྲན་པ་དང་། གཞན་ཡང་དངོས་པོ་ཐམས་ཅད་མགུགས་པ་དང་བསྐྲད་ནུས་པའི་ཐབས་ཤེས་པ་དང་། དེ་ལྟར་ནུས་སྙམ་པ་དང་། ཞིང་ཐམས་ཅད་ལ་ཐོགས་མེད་དུ་འགྲོ་བ་དང་དེའི་སྣང་བ་འཆར་བ་སོགས་ཅི་བྱུང་ཡང་རྡོ་རྗེའི་སློབ་དཔོན་དང་སློབ་མ་མཚན་ལྡན་མིན་པ་ལ་གསང་བར་བྱ་བ་གཅེས་པར་བཤད་ལ། གཞན་ཡང་འཇིག་རྟེན་སྐྱོང་བ་རྣམས་རྣལ་འབྱོར་པའི་རྒྱུད་ལ་འཕྲིན་ལས་སྒྲུབ་ཕྱིར་དུ་

p. 859

རང་དབང་མེད་པར་འོང་ལ། དེའི་ཚེ་མངོན་སྤྱོད་ཀྱི་འཕྲིན་ལས་སོགས་བཅོལ་ན་དེ་རྣམས་དབང་དུ་མི་འདུ་ཞིང་འབངས་རྗེ་ལ་འཁུ་བ་ལྟར་བྱེད་པའི་ཉེན་ཡོད་པས། མི་མ་ཡིན་དེ་དག་ལ་འཇིག་རྟེན་གྱི་དངོས་གྲུབ་མི་ལེན་པར་འཇིག་རྟེན་ལས་འདས་པའི་ལམ་ལ་བཀོད་དགོས་པར་གསུངས་སོ། །མཆན། གནས་སྐབས་འདི་དག་ན་བདེ་བའི་སློང་། དད་པ། མོས་གུས། སྙིང་རྗེ། ཞེན་ལོག་དང་། སྡུག་བསྔལ་གྱི་སློང་སྲོག་རླུང་ཤིག་ནད་སྨྱོ་འབོག་དང་། ལུང་མ་བསྟན་གྱི་སློང་ཕན་གནོད་མེད་པ་དུ་མ་ཞིག་འབྱུང་བར་གསུངས་ཏེ། མདོར་ན་ལུས་ངག་ཡིད་གསུམ་ལ་མི་འཆར་བ་དང་། མི་འབྱུང་བ་དང་། མི་བྱེད་པ་གཅིག་ཀྱང་མེད་པས་འདི་སྐབས་ཀྱི་དྲན་ཚད་འཆད་རྩོམ་སོགས་བསྟན་བཅོས་སུ་བྱས་པ་ན་འཁྲུལ་པ་ཆེན་པོར་འགྱུར་བས་སློང་བྱུང་དུས་ཉེས་པའི་ཆ་གང་དྲན་རྗེས་ནས་ཀྱང་མི་སྐྱོང་བ་གལ་ཆེའོ། །ཞེས་སྙིང་པོ་གསང་དོན་དུ་གསུངས་སོ། །གཞན་ཡང་ཡིད་ཤེས་ཀྱི་རྟོག་པ་གཉིད་ཀྱིས་བསླད་པ་ན་ཡང་དབང་ཤེས་གསལ་བས་ཡུལ་རིང་པོ་

p. 860

དང་རྒྱ་ཆེན་པོ་མཐོང་བ་དང་། ཡིད་ཤེས་དེ་ལ་གསལ་སྣང་ཆེར་སོང་བས་གཟུགས་སོགས་ལྔ་ཆར་ཤེས་པ་དང་། སྐྱ་འོལ་ལེ་བ་དང་། གངས་རི་དང་ཉི་འོད་འདྲེས་པ་ལྟ་བུ་དང་། མར་མེ་ཤར་བ་ལྟ་བུ་དང་། མེ་ལོང་དང་ཆུའི་འོད་འདྲེས་པ་ལྟ་བུ་སོགས་བརྗོད་ཀྱིས་མི་ལང་བ་འབྱུང་ཞིང་། གསལ་བ་ཆེར་ཐོབ་པ་ལ་ཡུལ་ཡུལ་ཅན་གང་ཡང་མེད་པར་ཤེས་པ་ཉིད་ནམ་མཁའ་དངས་པ་ལ་ཉི་མ་ཤར་བའི་འོད་ཀྱིས་ཚུར་ལ་ཅུང་ཟད་སླེབ་ཅིང་། ཟླ་བའི་འོད་ཅུང་ཟད་ལུས་པ་ལྟ་བུ་སྟེ་ཉེར་ཐོབ་ཀྱི་ཤེས་པ་སྣང་འཆེད་ཆ་མཉམ་གྱིས་གསལ་བར་བྱས་པ་ཡིན་པར་བཤད་དོ། །དེ་ནས་མི་རྟོག་པ་སྣང་བ་མེད་པའི་ཉམས་ལ། རླུང་དབུར་ཞུགས་ཀྱི་མི་རྟོག་པ་ནི་མི་ནག་དང་རླུང་ཚུབ་དང་ཐིབ་ཀྱིས་གཏིབས་པ་སོགས་ཀྱིས་རྟོག་མེད་དུ་འགྲོ་བ་སྟེ། འདི་རྣལ་འབྱོར་པ་མ་ཡིན་པ་ལའང་འབྱུང་སྟེ། དིང་སང་འཇིག་རྟེན་པ་རྣམས་ཀྱི་གྲིབ་གནོན་གྱིས་ནོན་པ་ཞེས་ཟེར་ཞིང་། ཕལ་པ་རྣམས་ལ་ནད་གདོན་གྱིས་བསྐྱེད་པའང་ཡོད་དོ། །མཆན། དེར་ཡེ་ཤེས་ཀྱིས་

p. 861

ཟིན་ན་ཡུལ་སྣང་འགགས་པའི་ཡེ་ཤེས་འཆར་བའོ། །ཡང་འདར་ཡེད་པ་དང་འདུག་ས་ནས་འཕར་བ་སྟེ་གནད་བཅིངས་པས་དྲན་པ་ཉམས་པ་སྟེ། དེའི་དུས་ཡུལ་སྣང་འགགས་པས་ཤེས་པ་མར་མེ་ལྟར་རང་གསལ་གྱི་རིག་པ་ལ་གནས་པ་ནི་རྩ་འདབ་གྲོལ་བའི་མི་རྟོག་པ་སྟེ་རྣལ་འབྱོར་མེད་ན་རླུང་ལ་དོར་ནས་ཚེའི་དུས་བྱེད་པའི་ཉེན་ཀྱང་ཡོད་དོ། །ཡང་བསྒོམས་པའི་སྟོབས་ཀྱིས་སེམས་ཅུང་ཟད་ཟིན་ནས་རིག་འཛིན་གྱི་རྣམ་ཤེས་བསྡུས་པས་ལུས་ནམ་མཁར་སོང་སྙམ་ཞིང་ལུས་སེམས་བྲལ་བ་འདྲ་བས་ད་ནི་སེམས་ཀྱང་ནམ་མཁའ་ལྟར་མཐའ་ཡས་འགྲོ་བར་འདུག་སྙམ་ནས་རྟོག་མེད་དུ་འགྲོ་བ་ནི་གཟུགས་མེད་སྐྱེ་མཆེད་ཀྱི་མི་རྟོག་པ་སྟེ། འདི་ལའང་མཚན་འཛིན་ཕྲལ་ནས་རྟོག་མེད་དུ་བཞག་གོ། །གཉིད་སྟུག་མྱོས་པའི་མི་རྟོག་པ་ནི་བཞི་པའི་སེམས་བྱུང་གཉིད་ལས་མ་གཏོགས་རྒྱུ་བ་གཞན་མེད་པ་སྟེ། འདི་ལ་རྣལ་འབྱོར་ཤེས་པས་གཉིད་སྟུག་དེའི་ངང་དུ་ཡེ་ཤེས་འོད་གསལ་རྟོག་མེད་

p. 862

ཕབ་ནས་གཉིད་སྟུག་གི་དྲི་མ་སྦྱངས་ནས་མཉམ་པར་བཞག་པས་ཚོགས་དྲུག་གི་ཤེས་པ་གང་ཡང་མི་ལྡང་ཞིང་། གཉིད་སྟུག་གི་གནས་སྐབས་ལས་ནི་གྲོལ་བ་དེའི་ཚེ་གཉུག་མའི་ཡེ་ཤེས་སྐྱེ་བར་གསུངས་སོ། །ཡང་ཉེར་ཐོབ་བཞི་པ་འོད་གསལ་དུ་ཤར་བའི་མི་རྟོག་ཡེ་ཤེས་སད་དུས་སུ་ཕབ་ནས་རྟོག་བཅས་དང་རྟོག་མེད་ལུང་མ་བསྟན་གྱི་ཤེས་པ་འགོགས་པར་ནུས་པ་ནི་ཡེ་ཤེས་ཕྱག་ཆེན་གྱི་མི་རྟོག་པ་ཞེས་བྱ་སྟེ། དེ་ལྟར་མི་རྟོག་པའི་ཉམས་ལ་ལྔར་དབྱེ་བ་ནི། རྗེ་བཙུན་བཀྲ་ཤིས་ཚེ་རིངས་ཀྱི་ཆོ་འཕྲུལ་གསུམ་གྱི་བཤད་པར། རླུ་དབུར་ཞུགས་ཀྱི་མི་རྟོག་པ། རྩ་འདབ་གྲོལ་བའི་མི་རྟོག་པ། གཟུགས་མེད་སྐྱེ་མཆེད་ཀྱི་མི་རྟོག་པ། གཉིད་སྟུག་མྱོས་པའི་མི་རྟོག་པ། ཡེ་ཤེས་ཕྱག་ཆེན་གྱི་མི་རྟོག་པའོ། །ཅེས་གསུངས་སོ། །བདེ་བ་ཆགས་པ་དང་བྲལ་བའི་ཉམས་ལ་རྗེ་བཙུན་དབྱངས་ཅན་བཟང་པོའ་ཞབས་ཀྱིས། ཚོར་བ་བདེ་བ། བསམ་གཏན་གྱི་བདེ་བ། རང་བཞིན་གྱི་བདེ་བ་གསུམ་དུ་གསུངས་

p. 863

པའི་དང་པོ་ནི་འདོད་པས་བསྡུས་པའི་རྒྱུ་སྙོམ་འཇུག་གི་བསམ་གཏན་གྱི་བདེ་བའོ། །གཉིས་པ་ནི། ཁམས་གོང་གི་འབྲས་བུ་སྐྱེ་བའི་བསམ་གཏན་གྱི་བདེ་བའོ། །གསུམ་པ་ནི། ལུས་སེམས་ལ་མ་ལྟོས་པར་ཏིང་ངེ་འཛིན་ལས་སྐྱེས་པའི་ཡེ་ཤེས་ཀྱི་རོས་ཚིམ་པའོ། །སྟོང་ཉམས་ལ་ཡང་ཤེས་རབ་ཀྱི་ཨར་རླུང་སེམས་ཐིམ་པས་མཐོང་ཡུལ་འགག་པའི་སྟོང་པ་སྟེ། དུ་སོགས་ལྷག་མཐོང་གི་སྟོང་པ་དང་། སྙིང་པོའ་ཨར་ཐིམ་པས་གཟུང་འཛིན་གྲོལ་བའི་སྟོང་པ་དང་། འགོག་སྙོམས་ཀྱི་རྩར་ཐིམ་པའི་སྟོང་པ་དང་། ཕྱི་དབྱིབས་ཀྱི་ཨར་ཐིམ་པ་བདེ་བ་རྒྱས་པའི་སྟོང་པ་སྟེ་བཞིར་གསུངས་ལ། འདི་དག་ནི་ཟག་བཅས་ཀྱི་བདེ་གསལ་མི་ཏོག་སྟོང་པ་དང་བཅས་པ་ལམ་དུ་སློང་བའི་ཚོགས་ལམ་བཞི་པའོ། །འདིར་གསང་སྔགས་བླ་ན་མེད་པའི་ལམ་གྱི་འགྲོས་ལ་ཚོགས་ལམ་ཆེན་པོར་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་པྲ་ཕབ་པ་ལྟ་བུའི་གཟུགས་དང་། དེ་ལས་སྐྱེས་པ་མཆོག་མི་འགྱུར་གྱི་བདེ་བ་

p. 864

སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་བཞི་བཞི་མི་འཛག་པར་འཛིན་པའི་སོར་བསམ་གྱི་ཡན་ལག་རྫོགས་དགོས་པར་བསྟན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། རྣམ་པ་ཀུན་ལྡན་རྣམ་པ་མེད་། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཅེས་གསུངས་པས་སོ། །ད་ནི་སྦྱོར་བའི་ལམ་ཡང་གསང་སྔགས་ཀྱི་ལུགས་ལ་ལོ་དང་ཟླ་བ་ཙམ་གྱིས་བགྲོད་པར་བསྟན་ཏེ། དེ་ཡང་སྦྱོར་ལམ་དང་པོའ་སྐབས་སུ་གྲུབ་ཆེན་ཀརྨ་པས། དབྱར་ཁའི་སྤང་ལ་ཅི་ཡང་སྐྱེ། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །འཁོར་ལོ་ལྔ་ཡི་ཕོ་བྲང་དུ། །རིགས་ལྔའི་ཚོགས་ལ་བྱང་ཆུབ་སེམས། །བདེ་ཆེན་དང་མས་ས་ལམ་བགྲོད། །ཅེས་གསུངས་པས་དག་པའི་ལུས་ཀྱི་གསལ་སྣང་ཡེ་ཤེས་ཀྱིས་ཟིན་པ་ན་འཁོར་ལོ་སྔར་དེ་བཞིན་གཤེགས་པ་རིགས་ལྔའི་ཞིང་ཁམས་དངོས་སམ་ཉམས་སྣང་དུ་མཐོང་སྟེ། དེ་དག་ལ་འབར་བསྲེག་གི་སྦྱོར་བས་ཡེ་ཤེས་ལྔའི་ངོ་བོ་བྱང་ཆུབ་ཀྱི་

p. 865

སེམས་སུ་ཞུ་བ་ཤ་ལྔ་དང་བདུད་རྩི་ལྔར་གྱུར་པས་མཆོད་པ་དང་། དེ་མཆོད་པས་སངས་རྒྱས་དེ་དག་གི་ཐུགས་རྒྱུད་ལ་སེམས་ཅན་གྱི་ཁམས་སྦྱོང་བའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་འཁྲུངས་ནས་དེའི་འཕྲིན་ལས་མཛད་ཅིང་། དེ་ལྟ་བུའི་སྒོ་ནས་ཚོགས་གཉིས་བསགས་པས་ཡེ་ཤེས་སྐྱེ་བ་སྟེ། འཁོར་ལོ་ལྔར་རླུང་སེམས་འདུས་པ་ལམ་དུ་སློང་བའི་སྦྱོར་ལམ་དང་པོའོ། །དེ་ནས་རྩ་དག་པ་ཐོག་མར་དགེ་བའི་ལུས་ཀྱི་བ་སྤུའི་རྩར་རླུང་སེམས་ལྷོངས་ན་སངས་རྒྱས་སྤྲུལ་སྐུའི་ཞིང་ཁམས་མཐོང་བ་དང་། ཡུལ་ཉེར་བཞིའི་རྩར་ལྷོངས་ན་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཚོགས་འཁོར་བྱེད་པ་དང་དབང་བསྐུར་བའི་སྣང་བ་དང་། བྱང་སེམས་དང་ཉན་རང་གི་རྩར་ལྷོངས་པས་དེ་རྣམས་མཐོང་ཞིང་དེ་དག་གི་རྟོགས་རིས་བརྒྱུད་ལ་རྫོགས་པ་དང་། སྒལ་ཚིགས་དང་ཡན་ལག་ཉིང་ལག་རྣམས་ཀྱི་རྩར་ལྷོངས་པས་ཆོས་སྐྱོང་གི་ཚོགས་ཀྱི་སྲོག་སྙིང་ལོན་ཅིང་། ལྷག་པར་གསང་གནས་སུ་རླུང་

p. 866

སེམས་ལྷོངས་པས་མ་མོའ་ཚོགས་དྲག་མོ་བརྒྱད་དབང་དུ་འདུས་པས་མཁའ་ལྡིང་བཞོན་པར་ནུས་ཤིང་ཀླུ་ཟ་བ་དང་ཁྱབ་འཇུག་དང་དབང་ཕྱུག་གི་སྟོབས་ཀྱང་གཞོམ་ནུས་པ་འབྱུང་བར་བཤད་ལ། སྐབས་འདིར་ནང་གི་རྒྱ་མཚོ་བདུན་དངས་མས་ཁྱབ་པས་རྒྱ་མཚོ་ཧུབ་ཀྱིས་འདེབས་པ། ནང་གི་རི་བདུན་ལྕགས་རི་དང་བཅས་པ་དངས་མས་ཁྱབ་པས་རི་རབ་ཚོག་པོར་འཕེན་པ། དབུ་མའི་མར་སྣེ་དང་ཡར་སྣེར་དཀར་དམར་འབེབས་པའི་མགོ་བརྩམས་པ་ན་ཉི་ཟླ་ལག་གིས་འཛིན་པ་སོགས་ཀྱི་ནུས་པ་སྟོན་ཐུབ་པ་འབྱུང་ལ། འདི་ལྟ་བུའི་སྐབས་སུ་རྗེ་མི་ལས། བར་ཆད་བདུད་ཀྱི་རྫུ་འཕྲུལ་དང་། །རླུང་སེམས་འདུས་པའི་རྫུ་འཕྲུལ་དང་། །སྒྲིབ་པ་སེལ་བའི་རྫུ་འཕྲུལ་གསུམ། །འདྲ་འདྲ་འདྲ་སྟེ་ནོར་ཉེན་ཆེ། །ཅེས་གསུངས་པས་འདིར་རང་གི་ནུས་པ་ལ་རློམ་སེམས་ཞུགས་ཤིང་བསྲེ་བའི་གནད་ཀྱིས་མ་ཟིན་ན། རིགས་སྔགས་འཆང་གི་གདོན་དུ་འགྱུར་ཉེན་ཡོད་པས་སྐབས་འདིར་འཁོར་ལོ་ལྔར་མི་བཟད་

p. 867

རྒྱན་གྱི་འཁོར་ལོ་ལྔ་ཐོབ་པའི་ཕྱིར་ཧེ་རུ་ཀ་ཡབ་ཡུམ་བཅུར་བསྲེ་བ་དང་། སྨན་བླ་སོགས་སངས་རྒྱས་སྤྲུལ་སྐུའི་ཞིང་ཁམས་སུ་བསྲེ་བ་སོགས་གྲུབ་ཆེན་ཀརྨ་པས་ཟབ་ཆོས་རྒྱ་མཚོ་མཐའ་ཡས་སུ་གསུངས་པ་ལྟར་ཉམས་སུ་བླངས་པས་དག་མ་དག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐམས་ཅད་ཀྱི་ལ་ཤན་སོ་སོར་སྐབས་འདིར་ཕྱེ་ནས་ཐབས་ཀྱིས་མ་ཟིན་ན་འཁོར་བ་དང་། ཟིན་ན་མྱང་འདས་སུ་བྱེད་པ་ནི་རྗེ་བཙུན་ནཱ་རོ་པ་ཆེན་པོ་བརྒྱུད་པ་དང་བཅས་པའི་ལུགས་ཏེ། འདིའི་དོན། སེམས་ཉིད་གཅིག་འཆིང་གྲོལ་གྱི་རྒྱུར་བྱས་ནས། ཐབས་ཀྱིས་ཟིན་མ་ཟིན་ལ་འཁོར་འདས་འབྱུང་བར་བསྟན་པ་མ་ཡིན་ལ། སྒྲིབ་སོགས་སྤང་བྱ་གཉེན་པོའི་ཐབས་ཀྱིས་ཟིན་ནས་སྤང་བར་བྱས་པ་མྱང་འདས་དང་། དེ་མ་བྱས་པ་འཁོར་བར་འཇོག་པའི་དོན་ཡིན་ནོ། །མཆན། གསེར་དང་གསེར་མིན་འབྱེད་པ་ལ་མེ་དགོས་པ་ལྟར་གསང་སྔགས་ཀྱི་ཡེ་ཤེས་མེ་དང་འདྲ་བར་གསུངས་སོ། །དེ་ལྟར་རྩ་གནས་གྲངས་མེད་པར་རླུང་སེམས་ཟིན་པའི་ལམ་

p. 868

ལྷོངས་ཏེ་སྦྱོར་ལམ་གཉིས་པའོ། །དེ་ནས་མཐོང་སྤང་གི་གཙོ་བོ་ཕྱི་ནང་གི་ལྟ་བ་ཀུན་བརྟགས་ཉིད་སྤང་བའི་ཕྱིར་མཆོག་གི་གཏུམ་མོ་དང་བླ་མའི་གཏུམ་མོ་བསྒོམས་པས་སྣང་སྲིད་ཐམས་ཅད་ཤིང་བལ་གྱི་འབོལ་ལྟར་བྱམས་པའི་སེམས་བདེ་བ་དང་། མུན་པར་ཟླ་བ་ཤར་བ་ལྟ་བུ་སྙིང་རྗེ་ཆེན་པོ་གསལ་བ་དང་། ཡུལ་གང་ཡང་མ་མཐོང་བ་ནམ་མཁའི་དཀྱིལ་འཁོར་ལྟར་མཐའ་དབུས་མེད་པའི་དགའ་བ་དང་། མི་གཡོ་བ་རྒྱ་མཚོ་ལྟ་བུའི་བཏང་སྙོམས་ཏེ། མི་རྟོག་པ་ལ་རང་དབང་ཅུང་ཟད་ཐོབ་པས་སངས་རྒྱས་ལའང་འདིའི་ཐད་དུ་ཞུ་མི་དགོས་སྙམ་པ་ཆོག་ཤེས་ཀྱི་བདུད་དང་། བར་སྐབས་སུ་མཚན་མའི་རྟོག་པ་དང་། ཡེ་ཤེས་སྤྲིན་བར་གྱི་ཉི་མ་ཙམ་རེས་འཇོག་ཏུ་འཆར་བར་ཀུན་མཁྱེན་རྒྱལ་བ་མི་བསྐྱོད་རྡོ་རྗེས་སྙིང་པོ་གསང་དོན་དུ་གསུངས་ཏེ། ཟག་མེད་ཀྱི་བདེ་གསལ་མི་རྟོག་པ་སློང་བས་བདེན་པ་དང་པོར་མཚམས་སྦྱོར་བའི་སྦྱོར་ལམ་གསུམ་པའོ། །དེ་ནས་མཆོག་གི་གཏུམ་མོ་ཀླུང་དུ་ཕེབས་པ་

p. 869

ན། རླུང་སེམས་མཁའ་མེ་ཆུ་ས་རླུང་གི་ཁམས་རྣམས་དང་ཆ་མཐུན་དུ་རླུང་འདྲེས་ཞིང་མེ་ འབར་བ་དང་། ཆུ་རྒྱས་ཤིང་ ས་རེངས་པ་དང་། ནམ་མཁའ་འདུས་པར་གྱུར་པས་ནམ་མཁར་འཕུར་ནུས་ཤིང་། འཕུར་བ་སྙམ་པ་དང་། ལུས་ལ་མེ་འབར་བ་དང་། རྣལ་འབྱོར་པ་གང་དུ་སྡོད་སར་དགུན་མི་འབྱུང་ཞིང་ལོ་ཏོག་བསྐྱེད་ནུས་པ་དང་། ལུས་ལས་ཆུ་རྒྱུན་འབབ་ཅིང་ཆུ་ལ་མི་བྱིང་བ་དང་། ས་གཞི་ཐམས་ཅད་འབྱུང་བ་གཞན་དུ་བསྒྱུར་ནུས་ཤིང་། རི་བོ་ལག་གིས་འཛིན་ནུས་པ་དང་། སངས་རྒྱས་ཀྱི་ཞིང་དུ་མའི་བཀོད་པ་གཞན་ལ་སྟོན་ནུས་ཤིང་ལྷ་ཀླུ་ཆོས་ཉན་པར་མགུགས་ནུས་པ་དང་། མ་བསླབས་པར་ཡང་ཆོས་མི་ཤེས་པ་མེད་པ་འབྱུང་སྟེ། འདིའི་སྐབས་སུ་རྗེ་སྒོམ་ཚུལ་གྱིས། སྟོན་སྒོམ་ཚིག་ལ་འབྱམས་ས་ཡིན། །ཅེས་གསུངས་སོ། །གཞན་ཡང་སམ་སེའུར་རླུང་སེམས་འདུས་པས་ཚེ་འདིའི་ཕྱི་དོན་གང་ཟག་མཆོག་དམན་ལྟ་གྲུབ་སོགས་བདེན་རྫུན་ངེས་པ་ཅན་མ་ཡིན་པའི་ལུང་བསྟན་བར་

p. 870

མ་ཆད་འབྱུང་བ་དང་། ཕལ་ཆེར་རྫུན་པ་མང་ཞིང་། རྣལ་འབྱོར་ཕ་ལ་མོ་སྐད་དམ། པི་ཝང་ངམ། དྲིལ་བུའི་སྒྲ་ལྟར་སྟོན་པ་ཤས་ཆེ་ཞིང་། འདི་མང་ན་ཚེ་དང་ལོངས་སྤྱོད་ལ་གནོད་པས་ནུས་པ་ཆུང་བ་རྣམས་གེགས་བསལ་བར་བྱ་ཞིང་། ནུས་པ་ཆེ་བ་རྣམས་ལ་ནི་སྟོབས་སུ་འགྲོ་བས་གེགས་བསལ་མི་དགོས་པར་བཤད་དོ། །མཆན། ལྟེ་འོག་གཡོན་ཕྱོགས་སུ་ཕོ་མོའ་དབང་པོ་རྒྱས་བྱེད་ཀྱི་རྩ་མེ་ཏོག་དོང་ཀ་ལྟ་བུ་ཡོད་པར་རླུང་སེམས་འདུས་པས་དྲན་པས་ཟིན་ཀྱང་། ངག་ནས་ཆོས་དང་ཆོས་མིན་སྣ་ཚོགས་སུ་འབྱུང་ཞིང་། གཞན་དོན་དུ་ལུས་གཏོང་བ་ལའང་འཕངས་པ་མེད་པ་དང་། སྐྱོན་ཡོན་ཤེས་བཞིན་དུ་མི་དགེ་བ་ཡོད་ཚད་ལག་ལེན་དུ་བྱེད་སྙིང་འདོད་པ་ཞིག་འོང་སྟེ། ཉམས་འདི་ཡེ་ཤེས་སུ་སློངས་ན་ས་ལམ་ཤིན་ཏུ་བཟླུམས་ཕུལ་ཆེ་བར་གསུངས་ཏེ། རྗེ་དུས་གསུམ་མཁྱེན་པས། སྦྱོར་ལམ་བཞི་པའི་གེགས་ཚན་པོ་ཆེ་དེ་སྐད་ཅིག་གིས་ཡེ་ཤེས་སུ་ཆོད་པས། བླ་མ་གཡུ་བྲག་པ་སྤག་ཆེན་གྱི་མདའ་འཕངས་པ་ལྟར་ས་བརྒྱད་པར་ཐལ་ཨ། ཅེས་གསུངས་པ་

p. 871

ལྟ་བུ་སྟེ་འབྱུང་ལྔའི་རླུང་ཟག་མེད་ཡེ་ཤེས་ཀྱི་རླུང་དུ་ཟིན་པས་ཉམས་མཐོ་དམན་སྣ་ཚོགས་འབྱུང་བའི་སྦྱོར་ལམ་བཞི་པའོ། །སྤྱིར་ཉམས་ཀྱི་སྐྱོང་ཚུལ་ལ། ཉམས་ཐམས་ཅད་བྱུང་རྒྱལ་དུ་སྐྱོང་བ་ཡིན་ཡང་། མི་སྐྱོང་བའི་དུས་བཞི་སྟེ། རླུང་རེངས་ན་འབྱུང་བ་ལུས་འཁྲུགས་སུ་འགྲོ་བས་མི་སྐྱོང་། སྒོམ་སྟོར་ན་སོ་སྐྱེ་དང་ཁྱད་མེད་དུ་འགྲོ་བས་མི་སྐྱོང་། གནས་སྦྱོངས་འབྱམས་ན་ངན་སོང་དུ་འགྲོ་བས་མི་སྐྱོང་། བདུད་རྩི་ལྔ་དང་འབྱུང་བཞིའི་ཁམས་དགུའི་ཏིང་ངེ་འཛིན་རྟུགས་ན་ཡོན་ཏན་གོང་ནས་གོང་དུ་མི་སྐྱེ་བས་མི་སྐྱོང་། ཞེས་འབྱུང་ཡང་། བརྒྱུད་པ་རིན་པོ་ཆེ་འདིའི་ལུགས་ལ་མོས་གུས་ཚད་མར་གྱུར་པ་ཞིག་སྐྱེས་ཕྱིན་ཆད། ཉམས་སྐྱོན་ཅན་ཐམས་ཅད་སྐྱོན་མེད་དུ་གྲོལ་བས། སྐྱོན་ཅན་ཉིད་དྲག་པོ་ལ་དོར་བོགས་ཆེ་བར་བཞེད་དོ། །མཆན། དེ་ནས་ཟད་པར་དང་ཟིལ་གནོན་སྤྲུལ་བསྒྱུར་ནུས་པས། སྨྲས་ཚད་ལ་འགྲོ་བ་ཐམས་ཅད་ཉན་ཅིང་། དགའ་བཞིའི་ཕོ་བྲང་དུ་བྱང་ཆུབ་ཀྱི་སེམས་ཅུང་ཟད་བརྟན་པས་སློབ་མ་ཡང་ཚེ་འདི་བློས་ཐེངས་ཤིང་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་པ་པདྨའི་མཚོ་ལ་ངང་པ་འདུ་

p. 872

བ་བཞིན་འབྱུང་བའི་དུས་དེར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནས་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་པ་མཚན་ལྡན་དམ་པའི་བྱིན་རླབས་ཀྱིས་མ་ཟིན་པར་རློམ་པ་སྐྱེས་ནས་དུས་ལ་མ་བབ་པར་གཞན་དོན་སོགས་ལ་ཞུགས་ན། རང་གཞན་གཉིས་ཀའི་དོན་མི་འགྲུབ་སྟེ། གྲུབ་ཆེན་ཀརྨ་པས། སྦྱོར་ལམ་ལྔ་པའི་དུས་སུ་ནི། །མེ་ཏོག་འབྲས་བུ་ནོར་ཉེན་ཡོད། །ནོར་ན་མི་ཕུང་རང་ཉིད་རླག །ཅེས་གསུངས་ལ། འདིའི་སྐབས་སུ་བདེ་ཆེན་དང་སྟོང་ཆེན་རེས་འཇོག་ཏུ་འབྱུངས་ལ། རེས་སྟོང་ཆེན་སྤྲོས་བྲལ་གྱི་བདེན་པ་མཐོང་ལ་ཁད་དུ་བདེ་ཆེན་ལ་མྱོང་ཞེན་གྱི་མཚན་འཛིན་ཕྲའུ་རེ་ཚུད་པས་ཡང་སྤྲོས་བྲལ་དུ་མི་འགྲོ་བ་འབྱུང་སྟེ། དེའི་ཚེ་རྗེ་སྒམ་པོ་པས། མོས་གུས་བརྩོན་འགྲུས་ཀྱི་ངོ་བོར་སྐྱེས་པ། ཞེས་གསུངས་པ་དེ་སྐབས་འདིར་ལྷག་པར་ཉམས་སུ་ལེན་དགོས་པར་གསུངས་ཏེ། བདེ་བ་དང་སྟོང་པ། ཟག་བཅས་དང་ཟག་མེད་འདྲེས་མའི་སྦྱོར་ལམ་ལྔ་པའོ། །སྤྱིར་གསང་སྔགས་བླ་ན་མེད་པའི་

p. 873

ལམ་གྱི་འགྲོས་ལ་སྦྱོར་ལམ་ནས་སྲོག་རྩོལ་གྲུབ་པར་བྱས་ནས་མཐོང་ལམ་དུ་འཛིན་པའི་ཡན་ལག་རྫོགས་དགོས་པའི་ཕྱིར། སྲོག་རྩོལ་གྱིས་རླུང་དབུ་མར་བཅིངས་པ་ལ་བརྟེན་ནས་འཛིན་པའི་ཡན་ལག་གིས་སྲོག་ཐིག་ལེར་བཅུག་པས་རྡོ་རྗེ་སླང་བའི་བདེ་བ་སྐྱེས་པས་དགའ་བ་བཅུ་དྲུག་སྐྱེ་བར་འགྱུར་ཏེ། དབང་མདོར་བསྟན་ལས། གཙུག་ཏོར་སྟེང་གི་པདྨ་ལས། །ཤུ་ཀྲ་བྱུང་ན་དགའ་བ་ཡིན། །མགྲིན་པ་སྙིང་ག་མཆོག་དགའ་བ། །དེ་ནས་ཁྱད་པར་དགའ་བར་འགྱུར། །སྣ་ཚོགས་དགའ་བ་ལྟེ་བ་ལ། །གལ་ཏེ་གསང་བའི་པདྨར་སོང་། །གསང་གནས་རྡོ་རྗེ་ནུར་བུའི་བར། །ལྷན་ཅིག་སྐྱེས་དགའ་མི་འཕོ་བ། །རབ་ཏུ་མི་གནས་མྱ་ངན་འདས། །ཆེན་པོ་མི་འགྱུར་མངའ་བདག་གོ། །ཅེས་གསུངས་སོ། །དེ་ཡང་སྦྱོར་ལམ་གྱི་སྐབས་སུ་བསྐྱེད་རྫོགས་ལ་བསྟན་པ་ཐོབ་ནས་མཆོག་གི་སྤྲུལ་སྐུ་མཐོང་བ་ལ་སོགས་པ་དྲོད་ཆུང་ངུའོ། །དེ་ནས་བཟུང་སྟེ་ཡས་བབས་ཀྱི་དགའ་བཞི་གསང་གནས་སུ་

p. 874

རྫོགས། དྷཱུ་ཏིར་རླུང་སེམས་འདུས། དྷཱུ་ཏིའི་སྣ་རྩེ་ནས་བདེ་སྟོང་ལྷན་སྐྱེས་ཀྱི་རྟོག་པ་སྐྱེས་པ་དྲོད་འབྲིང་པོའོ། །དེ་ནས་ཡས་བབས་ཀྱི་དགའ་བ་བཅུ་དྲུག་གི་ཐ་མ་ལྷན་སྐྱེས་ནི་མས་བརྟན་གྱི་དགའ་བ་ཡིན་ལ། དགའ་བའི་མཆོག་དགའ། དགའ་བའི་དགའ་བྲལ་གྱི་དགའ་བ་གསུམ་མ་རྫོགས་པར་ཡེ་རླུང་མ་གྲུབ། རླུང་སྟོང་བརྒྱད་བརྒྱ་པ་ཅིག་མ་འགགས་པ་འགག་པ་ལ་མངོན་པར་ཕྱོགས་པ་མས་བརྟན་གྱི་མགོ་བརྩམས་པ་ཉིད་དྲོད་ཆེན་པོ་སྟེ་འཇིག་རྟེན་པའི་ལམ་མོ། །དེ་ནས་སྔར་མ་མཐོང་བའི་ཟག་མེད་ཀྱི་བདེན་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་། མཆོག་མི་འགྱུར་གྱི་བདེ་བ་རོ་གཅིག་པར་མཐོང་བ་ནི་མཐོང་བའི་ལམ་ས་རབ་ཏུ་དགའ་བ་སྟེ་འདི་ཉིད་མངོན་དུ་བྱེད་ཚུལ་ལ། གྲུབ་ཆེན་ཀརྨ་པས། མཐོང་ལམ་དང་པོ་དང་གཉིས་པ་དང་གསུམ་པ་ཞེས་དབྱེ་བར་མཛད་པའི་དང་པོ་ནི། རྒྱུའི་ཐེག་པར་བདེན་བཞིའི་གནས་ལུགས་བདག་གཉིས་ཀྱིས་སྟོང་པའི་སྟོང་ཉིད་དོན་དམ་པའི་བདེན་པ་མངོན་

p. 875

སུམ་དུ་བྱས་པ་ཙམ་ལ་འཇོག་ཅིང་། གཉིས་པ་ནི། གསང་སྔགས་བླ་མེད་སྤྱི་ནས་བདག་གཉིས་ཀྱིས་སྟོང་པའི་དོན་དམ་བདེན་པ་སྟོང་ཉིད་ལུང་མ་བསྟན་ཙམ་མིན་པར་བདེ་ཆེན་གྱི་མྱོང་བ་ཕྱག་རྒྱ་དང་སྔགས་ཀྱི་ནུས་པས་བསྐྱེད་པ་ལ་འཇོག་ཅིང་། གསུམ་པ་ནི། དགས་པོ་བཀའ་བརྒྱུད་ཀྱི་བཞེད་པ་ཐུན་མོང་མིན་པ་སྟེ། ཐ་མལ་གྱི་ཤེས་པ་ཞེས་བྱ་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཀྱུ་རུར་རློན་པ་ལག་མཐིལ་དུ་བཞག་པ་ལྟ་བུ་དེ་མངོན་དུ་བྱས་པ་ན། ས་དང་པོའ་བདེན་པ་མཐོང་བར་འཇོག་པ་ཡིན་ཏེ། བདེན་པ་འདི་ཉིད་མཐོང་བའི་རྣལ་འབྱོར་པ་ལ་ཡོན་ཏན་ཅི་ལྟ་བུ་འབྱུང་བ་ནི། གྲུབ་ཆེན་པཀྴིས། ས་ནི་དང་པོ་ཐོབ་པ་ན། །ལུས་ཀྱིས་སངས་རྒྱས་བྱ་བ་བྱེད། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་སྟོན། །ངག་ལ་ལོངས་སྤྱོད་རྫོགས་པ་གསལ། །བདེར་གཤེགས་བཀའ་ལ་རང་དབང་ཐོབ། །སེམས་ལ་ཆོས་སྐུའི་རེ་བ་གྲུབ། །ཏིང་འཛིན་དུ་མའི་རོལ་རྩེད་མཛད། །ཅེས་གསུངས་སོ། །མཆན། དེ་ཡང་རྗེ་བཙུན་དབྱངས་ཅན་བཟང་པོའ་ཞབས་ཀྱིས། ཕར་ཕྱིན་

p. 876

ཐེག་པའི་ལུགས་ཀྱི་ས་དང་པོ་དང་། གསང་སྔགས་བླ་མེད་སྤྱི་པས་འདོད་པའི་ས་དང་པོ་དང་། བཀའ་བརྒྱུད་དགས་པོ་ལྷ་རྗེའི་བཞེད་པའི་ས་དང་པོ་གསུམ་ནི་གླང་ཆེན་རི་མོར་བྲིས་པ་དང་། ཕྲུ་གུ་མངལ་དུ་ཡོད་པ་དང་། གླང་ཆེན་ཐལ་ཀར་དངོས་སུ་སྟོན་པ་དང་འདྲ་བ་གསུམ་ཡིན་པས། དགས་སྐོར་བའི་མཐོང་ལམ་ཐོབ་པ་དེ་ནི་མདོ་སྔགས་གཉིས་སོ་སོའ་འདོད་པའི་བདེན་པ་མཐོང་བ་ལས་ཁྱད་ཞུགས་པས་མཐོང་ལམ་འདི་ཐོབ་པའི་རྣལ་འབྱོར་པས། མདོ་སྔགས་གཉིས་སོ་སོའ་བདེན་པ་མཐོང་བའི་རྣལ་འབྱོར་པ་མཐུ་དང་རྫུ་འཕྲུལ་གྱིས་ཟིལ་ཀྱིས་གནོན་ནུས་པ་ཡིན་ནོ། །ཅེས་གསུངས་ལ། སྐབས་འདིར་མངའ་བདག་མཻ་ཏྲི་པ་ཆེན་པོའ་བཞེད་པས། སྟོང་ཉིད་རྟོགས་པའི་ལྟ་བའི་ངང་ནས། བདེ་ཆེན་གྱི་སྐུར་རྗེས་སྤྱོད་དུ་བཞེངས་པའི་ཡན་ལག་ཏུ། རི་དགས་དང་། སེང་གེ་དང་། རླུང་དང་། ནམ་མཁའ་དང་། སྨྱོན་པ་ལྟ་བུ་སྟེ་སྡིག་ཏོས་དབེན་པ་དང་། སྤང་བྱ་ལ་མི་སྐྲག་པ་དང་། གཉེན་པོ་ལ་

p. 877

མི་ཞེན་པ་དང་། སྤང་གཉེན་ལ་མཚན་མར་མི་འཛིན་པ་དང་། སྤང་གཉེན་ལ་རེ་དོགས་དང་བྲལ་བའི་ཉམས་རྣམ་པ་ལྔ་འབྱུང་བར་བཤད་དོ། །ད་ནི་སྒོམ་པའི་ལམ་ནས་བཟུང་སྟེ་རྒྱུན་མཐའི་བར་གྱིི་ས་ལམ་བགྲོད་པའི་ཚུལ་སྤྱིར་གསང་སྔགས་བླ་ན་མེད་པའི་ལམ་གྱི་འགྲོས་ལ། སྒོམ་ལམ་དུ་རྗེས་དྲན་གྱི་ཡན་ལག་རྫོགས་པར་བྱས་ནས། མི་སློབ་པའི་ལམ་དུ་ཏིང་ངེ་འཛིན་གྱི་ཡན་ལག་མཐར་ཕྱིན་པ་ཡིན་སྟེ། དེ་ཡང་རྗེས་དྲན་གཏུམ་མོའ་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕུང་ཁམས་སྐྱེ་མཆེད་རྣམས་བསྲེགས་ནས་གཡས་གཡོན་གྱི་རླུང་བཅུ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཞུགས་ཏེ། གཏུམ་མོ་ཡེ་ཤེས་ཀྱི་འོད་ཀྱིས་ཟླ་བ་ཞུ་བ་ཐིག་ལེའི་གཟུགས་ཀྱིས་མགྲིན་པ་ནས་རྡོ་རྗེ་ནོར་བུའི་མཐར་དགའ་བཞིའི་རང་བཞིན་ཆ་བཅུ་དྲུག་རྫོགས་པ་བསྒོམས་པའི་སྟོབས་ཀྱིས་བདེ་བ་སྟེར་བར་བྱེད་པ་འཛག་མེད་ཀྱི་བདེ་བ་སྟེ། དེ་ལྟར་དབང་གི་སྒྲུབ་པ་རྣལ་འབྱོར་ཡན་ལག་དྲུག་གི་སོར་བསམ་གྱིས་བྱང་སེམས་

p. 878

གཙུག་ཏོར་ནས་དཔྲལ་བར་བརྟན། སྲོག་འཛིན་གྱིས་ལྟེ་བར་བརྟན། རྗེས་དྲན་གྱིས་གསང་བར་བརྟན། ཏིང་ངེ་འཛིན་གྱིས་ནོར་བུའི་རྩེ་མོར་བརྟན་པས་དོན་གྱི་དབང་བཞི་པ་ཐོབ་པ་སྟེ། དེའི་དོན་ལམ་གྱིས་བསྒོམས་པའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་དཀར་ཆ་ནོར་བུའི་རྩེ་མོ་ནས་གསང་བའི་བར་དུ་ཚེས་ལྔ་དང་། སྙིང་གའི་བར་དུ་བཅུ་དང་། དཔྲལ་བའི་བར་དུ་བཅོ་ལྔ་དང་། གཙུག་ཏོར་དུ་དཀར་ཕྱོགས་ཀྱི་ཆ་བཅུ་དྲུག་ཡོངས་སུ་རྫོགས་ཤིང་། བྱང་ཆུབ་ཀྱི་སེམས་དམར་ཆ་སྤྱི་བོ་ནས་དཔྲལ་བའི་བར་དུ་ནག་ཕྱོགས་ཀྱི་ཚེས་ལྔ་དང་། སྙིང་ཁར་བཅུ་དང་། གསང་བར་བཅོ་ལྔ་དང་། ནོར་བུའི་རྩེ་མོར་ནག་ཕྱོགས་ཀྱི་ཆ་བཅུ་དྲུག་ཡོངས་སུ་རྫོགས་པས་ཁམས་ཐམས་ཅད་སྒྲིབ་བྲལ་དུ་གྱུར་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དབང་མདོར་བསྟན་ལས། མཛོད་སྤུར་ཆུ་སྐྱེས་སངས་རྒྱས་ཀུན། །ཟླ་བའི་བདུད་རྩི་ཉ་ཡིན་ནོ། །ཉི་རྡུལ་གནམ་སྟོང་གསང་བ་ལ། །གཙུག་

p. 879

ཏོར་ནོར་བུ་དེ་གཉིས་ཆར། །སྟོན་པའི་རྡོ་རྗེའི་ཚིག་འདི་ནི། །ལུས་ཅན་རྣམས་ལ་ཕྱིན་ཅི་ལོག །མི་གནས་མྱ་ངན་འདས་པ་ཡིན། །ཁམས་རྣམས་ཕྱིན་ཅི་ལོག་ཏུ་འགྱུར། །ཅེས་གསུངས་ལ། ཁྱད་པར་དུ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་དགོངས་པ་རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཇི་ལྟར་བཀྲལ་བའི་ས་དང་ལམ་གྱི་རྣམ་བཞག་ནི། དངས་མ་ཡས་བྱོན་སྤྱི་བོ། སྤྱི་གཙུག །རྣ་གཡས། ལྟག་པ་བཞི་སྟེ། ནང་གི་གནས་རྣམས་སུ་དངས་མ་བརྟན། རླུང་སྟོང་བརྒྱད་བརྒྱ་པ་ཅིག་འགགས། རྣ་གཡོན། སྨིན་དབུས། མིག་གཉིས། ཕྲག་པ་སྟེ། ནང་གི་ཉེ་བའི་གནས་རྣམས་སུ་རླུང་སྟོང་བརྒྱད་བརྒྱ་པ་ཅིག་འགགས། གསང་གནས་ཀྱི་འཁོར་ལོ་སྒྲིབ་པ་དང་བྲལ་བས། ས་དང་པོ་དང་གཉིས་པའི་རྟོགས་པ་འཆར། ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བདུན། གཉིས་པ་ལ་སྟོང་ཕྲག་བདུན་མངོན་དུ་བྱེད་ཅིང་། ཕྱི་རོལ་གྱི་གནས་དང་ཉེ་གནས་ཀྱི་དཔའ་བོ་དང་དཔའ་མོ་འདུའོ། །དེ་བཞིན་

p. 880

འཆན་ཁུང་། ནུ་མ་གཉིས། ལྟེ་བ། སྣ་རྩེ་གཉིས་ཏེ། ནང་གི་ཞིང་དང་ཉེ་བའི་ཞིང་དུ་དངས་མ་བརྟན། རླུང་སྟོང་བརྒྱད་བརྒྱ་པ་གཉིས་འགགས། ལྟེ་བའི་འཁོར་ལོ་སྒྲིབ་བྲལ་དུ་དག །ས་གསུམ་པ་དང་ས་བཞི་པའི་རྟོགས་པ་རྒྱུད་ལ་འཆར། ཕྱི་རོལ་གྱི་ཞིང་དང་ཉེ་བའི་ཞིང་གི་དཔའ་བོ་དང་མཁའ་འགྲོ་དབང་དུ་འདུ། གསུམ་པ་ལ་ཡོན་ཏན་ཁྲི་ཕྲག་བདུན། བཞི་པ་ལ་ཡོན་ཏན་འབུམ་ཕྲག་བདུན་མངོན་དུ་བྱེད་དོ། །ཡང་ཁ་དང་། མགྲིན་པ་དང་། སྙིང་ག་དང་། འདོམས་བར་སྟེ། ནང་གི་ཚན་དྷོ་ཧ་དང་། ཉེ་བའི་ཚན་དྷོ་ཧར་དངས་མ་བརྟན་པས་རླུང་སྟོང་བརྒྱད་བརྒྱ་པ་གཉིས་འགགས། སྙིག་གའི་འཁོར་ལོའ་ཕྱི་སྐོར་སྒྲིབ་བྲལ་དུ་དག །ས་ལྔ་པ་དང་དྲུག་པའི་རྟོགས་པ་འཆར། ཕྱི་རོལ་གྱི་ཚན་དྷོ་ཧ་དང་ཉེ་བའི་ཚན་དྷོ་ཧའི་དཔའ་བོ་མཁའ་འགྲོ་དབང་དུ་འདུ། ས་ལྔ་པ་ལ་ཡོན་ཏན་ས་ཡ་ཕྲག་གཉིས། དྲུག་པ་ལ་བྱེ་བ་ཕྲག་བདུན་མངོན་དུ་བྱེད་དོ། །མཚན་མ་དང་། བཤང་ལམ་དང་། བརླ་དང་། བྱིན་པ་སྟེ། ནང་གི་

p. 881

འདུ་བ་དང་ཉེ་བའི་འདུ་བ་གཉིས་སུ་དངས་མ་བརྟན། རླུང་སྟོང་བརྒྱད་བརྒྱ་པ་གཉིས་འགགས། མགྲིན་པའི་འཁོར་ལོ་སྒྲིབ་བྲལ་དུ་དག །ས་བདུན་པ་དང་བརྒྱད་པའི་རྟོགས་པ་རྒྱུད་ལ་སྐྱེ། ཕྱི་རོལ་གྱི་འདུ་བ་དང་ཉེ་བའི་འདུ་བའི་དཔའ་བོ་དང་མཁའ་འགྲོ་དབང་དུ་འདུ། ས་བདུན་པ་ལ་ཡོན་ཏན་དུང་ཕྱུར་ཕྲག་བདུན། བརྒྱད་པ་ལ་དུང་ཕྱུར་ཆེན་པོ་ཕྲག་བདུན་མངོན་དུ་བྱེད་དོ། །སོར་མོ་དང་བོ ལ་གོང་། མཐེ་བོང་དང་པུས་མོ་ནི། ནང་གི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་སྟེ། དེར་དངས་མ་བརྟན་པས་རླུང་སྟོང་བརྒྱད་བརྒྱ་བ་གཉིས་འགགས། དཔྲལ་བའི་འཁོར་ལོ་སྒྲིབ་བྲལ་དུ་དག །ས་དགུ་པ་དང་བཅུ་པའི་རྟོག་པ་རྒྱུད་ལ་སྐྱེ། ཕྱི་རོལ་གྱི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་དཔའ་བོ་དང་མཁའ་འགྲོ་དབང་དུ་འདུ། ས་དགུ་པ་ལ་ཡོན་ཏན་དེད་འདྲེན་ཕྲག་བདུན། ས་བཅུ་པ་ལ་དེད་འདྲེན་ཆེན་པོ་ཕྲག་བདུན་མངོན་དུ་བྱེད་དོ། །སྙིང་གའི་མཚམས་ཀྱི་རྩ་འདབ་བཞི་དང་ཕྱོགས་ཀྱི་རྩ་འདབ་བཞི་ནི་

p. 882

ནང་གི་ས་གཉིས་སྟེ་དེ་དང་དེར་དངས་མ་བརྟན་པས་རླུང་སྟོང་བརྒྱད་བརྒྱ་པ་གཉིས་འགགས། གཙུག་ཏོར་གྱི་འཁོར་ལོ་སྒྲིབ་བྲལ་དུ་དག །ས་བཅུ་གཅིག་དཔེ་མེད་པའི་ས་དང་། བཅུ་གཉིས་པ་ཡེ་ཤེས་ལྡན་པའི་ས འམ་མ་ཆགས་པདྨའི་སའི་རྟོགས་པ་རྒྱུད་ལ་སྐྱེ། ཕྱིའི་དཔའ་བོ་མཁའ་འགྲོ་ས་བཅུ་གཉིས་པ་མན་ཆད་དབང་དུ་འདུ། ས་བཅུ་གཅིག་པ་ལ་ཡོན་ཏན་རབ་བཀྲམ་ཕྲག་བདུན། བཅུ་གཉིས་པ་ལ་རབ་བཀྲམ་ཆེན་པོ་ཕྲག་བདུན་མངོན་དུ་བྱེད་དོ། །ས་དེ་དག་ཏུ་ཡན་ལག་བཅུ་གཉིས་ཀྱི་སྲིད་རྩ་བཏོན་པས་ས་བཅུ་གཉིས་མངོན་དུ་འགྱུར། དེ་ནས་རླུང་སེམས་ཐིག་ལེ་ཕྲ་ཞིང་ཕྲ་བའི་བག་ཆགས་དང་བཅས་པ་དག་ནས་ས་བཅུ་གསུམ་པ་ལ་རྡོ་རྗེ་འཛིན་པའི་ས་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་དོ། །རྗེ་ནཱ་རོ་པའི་སློབ་མ་བླ་མ་བལ་པོ་པཎྜི་པས་ནི། རྫོགས་པའི་རིམ་པར། རྩ་རླུང་བྱང་ཆུབ་ཀྱི་སེམས་གསུམ་ལ་རྩའི་དབང་དུ་བྱས་ན། རྡོ་རྗེའི་ལུས་འདི་ལ་གནས་དང་ཉེ་བའི་གནས་དང་། ཞིང་དང་ཉེ་བའི་ཞིང་དང་། ཚནྡྷོ་དང་ཉེ་

p. 883

བའི་ཚནྡྷོ་དང་། འདུ་བ་དང་ཉེ་བའི་འདུ་བ་དང་། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཏེ། ལུས་ཀྱི་གནས་ཆེན་པོ་བཅུ་གཉིས་པོ་རྣམས་སུ་རྩའི་མདུད་པར་གཏུམ་མོའ་མེ་འབར་ནས་ཐིག་ལེ་ཁ་འབུས་པས། རྩ་མདུད་གྲོལ་བའི་རིམ་པས་ས་བཅུ་གཉིས་བགྲོད་པའི་དོན་དང་། རླུང་གི་དབང་དུ་བྱས་ནས་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ། དེའི་སྟེང་དུ་སྲོག་རྩོལ་གྱི་རླུང་གཉིས་པོ་དེ་རྩ་ཀུནྡར་མར་ཐིམ་པས་མི་རྟོག་པའི་ཡེ་ཤེས་འཆར་བའི་དོན་དང་། བྱང་ཆུབ་ཀྱི་སེམས་ཀྱི་དབང་དུ་བྱས་ནས་ལྟེ་བར་སྐུའི་རྟེན་བྱེད་པའི་ཐིག་ལེ་གསུམ་དང་། སྙིང་ག་ན་ཐུགས་ཀྱི་རྟེན་བྱེད་པའི་ཐིག་ལེ་གསུམ་དང་། མགྲིན་པར་གསུང་གི་རྟེན་བྱེད་པའི་ཐིག་ལེ་གསུམ་དང་། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་བདེ་བ་ཆེན་པོའ་རྟེན་བྱེད་པའི་ཐིག་ལེ་གསུམ་དང་། བཅུ་གཉིས་པོ་དེ་ལས་བདེ་བར་དོན་དམ་པ་བསྐྱེད་པར་བྱེད་པ་སྟེ། དེ་ཡང་རྩ་སྐུ་རྡོ་རྗེ་སྐྱེ་མེད་དུ་དག །རླུང་གསུང་རྡོ་རྗེ་བརྗོད་མེད་དུ་དག །ཐིག་ལེ་ཐུགས་རྡོ་རྗེ་རྟོག་མེད་དུ་དག །དེ་ལྟར་རྡོ་རྗེ་གསུམ་པོ་རོ་ཅིག་པ་ལ་ཟུང་འཇུག་ཆེན་པོ་ཡེ་ཤེས་ཀྱི་རྡོ་རྗེར་དག་པས་ན། རྡོ་རྗེ་འཛིན་པར་རང་ཉིད་འགྱུར། །ཞེས་བཞེད་པར་རྗེ་མར་

p. 884

པ་གསུང་ངོ་། །མཆན། ད་ནི་ས་ལམ་གྱི་གནས་སྐབས་དེ་རྣམས་སུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཇི་ལྟར་མངོན་དུ་འགྱུར་བའི་ཚུལ་གསང་བ་བླ་ན་མེད་པའི་ཐེག་པ་ཐུན་མོང་མ་ཡིན་པའི་ལུགས་ལྟར་བརྗོད་པར་བྱ་སྟེ། དེ་ཡང་དང་པོར་འབྱུང་བཞིའི་རླུང་ཟིན་པ་ནི་ལུས་དྲན་པ་ཉེ་བར་བཞག་པའོ། །རླུང་དབུ་མར་ཚུད་པས་ཚོར་བ་བདེ་བ་སྐྱེས་པ་ནི་ཚོར་བ་དྲན་པ་ཉེ་བར་བཞག་པའོ། །དེས་སེམས་མི་རྟོག་པར་གྱུར་པ་ནི་སེམས་དྲན་པ་ཉེ་བར་བཞག་པའོ། །ཡིད་ལ་མི་བྱེད་པའི་རྟོགས་པ་སྐྱེས་པ་ནི་ཆོས་དྲན་པ་ཉེ་བར་བཞག་པ་སྟེ་དྲན་པ་ཉེ་བར་བཞག་པ་བཞིའོ། །ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་སྤང་བའི་ཕྱིར་བརྩོན་འགྲུས་བརྩོམ་པ་གཉིས་དང་། ཡེ་ཤེས་ཀྱི་རླུང་མ་སྐྱེས་པ་བསྐྱེད། སྐྱེས་པ་འཕེལ་བའི་ཕྱིར་བརྩོན་འགྲུས་བརྩོམ་པ་གཉིས་ཏེ་ཡང་དག་པར་སྤོང་བ་བཞིའོ། །འབྱུང་བཞིའི་རླུང་དངས་མའི་བདུད་རྩིས་རང་དབང་ཅན་དུ་སོང་བ་ལ་བརྟེན་ནས།

p. 885

རྟོགས་པ་གོང་ནས་གོང་དུ་མྱུར་བར་འདྲེན་པའི་རྒྱུར་འགྱུར་བ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདི་ཡན་ཆད་ཚོགས་ལམ་གྱི་སྐབས་སོ། །དེ་ནས་ཡེ་ཤེས་ཀྱི་རླུང་ལྔ་ལ་ཅུང་ཟད་དབང་དུ་གྱུར་པ་ནི་དབང་པོ་ལྔའོ། །ཡེ་ཤེས་ཀྱི་རླུང་གིས་ལས་རླུང་ལྔ་འཇོམས་པ་ལ་སྟོབས་སུ་གྱུར་པ་ནི་སྟོབས་ལྔ་སྟེ་སྦྱོར་བའི་ལམ་གྱི་དུས་སུའོ། །དེ་ནས་ཡུལ་ཉེར་བཞིའི་རླུང་རྣམས་ལས། རླུང་དགུ་བརྒྱ་པ་གཉིས་སྒྲིབ་བྲལ་དུ་དག་པས་ས་དང་པོའ་རྟོགས་པ་སྐྱེས་པ་ནི་མཐོང་བའི་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ཡུལ་ལྷག་མ་རྣམས་ཀྱི་རླུང་རྣམས་ཟག་མེད་སྒྲིབ་བྲལ་དུ་དག །ས་ལྷག་མ་བཅུ་གཅིག་གི་རྟོག་པ་སྐྱེས་པ་ནི་སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་མངོན་དུ་བྱེད་པ་ཡིན་ཅིང་། ས་བཅུ་གསུམ་པ་ནི་མི་སློབ་པའི་ལམ་སྟེ། དགོངས་པ་ལུང་སྟོན་ལས། སངས་རྒྱས་རྣམས་ཀྱིས་གང་བསྟན་པ། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་གསུངས་སོ། །གཞན་ཡང་རྣལ་འབྱོར་བླ་ན་མེད་པ་ཐུན་མོང་

p. 886

མིན་པའི་ས་བཅུ་གཉིས་ཀྱི་མིང་དོན་ནི། རྡོ་རྗེ་སྙིང་པོ་བརྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའ་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེ་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བརྟགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་ཏུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་བྱ། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་

p. 887

གསལ་བ། །བཅུ་གཉིས་སོ་སོའ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་གསུངས་ལ། ས་བཅུ་གཉིས་པོ་ཕར་ཕྱིན་བཅུ་གཉིས་དང་སྦྱར་བ་ན། རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཁ་བསྐོང་དུ་བྱེད་པར་བཤད་དོ། །ཡང་ཡེ་ཤེས་ཐིག་ལེ་ལས་ནི། མོས་སྤྱོད་ས་དང་པོ་དང་། དེ་ནས་བྱང་ཆུབ་སེམས་དཔའི་ས་བཅུ་གཅིག །སངས་རྒྱས་ཀྱི་ས་དང་བཅུ་གཉིས། སངས་རྒྱས་ཀྱི་སྐུ་གསུམ་པོ་ས་རེ་རེར་བཞག་ནས་ཟླ་བའི་ཆ་བཅོ་ལྔ་དག་པའི་ས་བཅོ་ལྔར་ཡང་གསུངས་སོ། །འདིར་སྨྲས་པ། འཁྲུལ་མེད་ཀཾ་ཚང་བརྒྱུད་པའི་མན་ངག་ལ། །ལེགས་པར་གཏུགས་ནས་རྣམ་འབྱོར་བླ་མེད་ཀྱི། །ཐབས་ཤེས་ཚང་བའི་ལམ་བཟང་ཇི་སྙེད་པ། །ཟུང་འཇུག་མཆོག་སྐུ་སྒྲུབ་སླད་འདིར་བཤད་དོ། །ཅེས་སོ། །གསུམ་པ་འབྲས་བུ་སྐྱེ་བའི་རིམ་པ་ལ། ཐུན་མོང་གི་དངོས་གྲུབ་བཤད་པ་དང་། མཆོག་གི་དངོས་གྲུབ་བཤད་པ་གཉིས་ཀྱི་དང་པོ་ནི།

p. 888

འཇིག་རྟེན་པའི་ལམ་དུ་འཐོབ་སྟེ། འཇིག་རྟེན་པའི་ལམ་དུ་རླུང་དབུ་མར་འགགས་བྱ་བ་དང་། དབུ་མར་ཐིག་ལེ་ཆུད་བྱ་བ་དང་། འཁོར་ལོའ་གནས་སུ་བྱང་སེམས་བརྟན་བྱ་བ་རྣམས། འཁོར་ལོ་དང་དབུ་མ་ཡང་དབུ་མ་དངོས་དང་འཁོར་ལོའ་དབུས་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། དབུ་མ་དང་འཁོར་ལོ་དེ་རྣམས་ཀྱི་ཕྱི་རོལ་དུ་ཡོད་པའི་རྩ་འདབ་ཀྱི་དབང་དུ་བྱས་པར་ཟད་དེ། འཁོར་ལོའ་མཐར་ནད་བསྐྱེད་པའི་འཁོར་ལོ་ཡོད་པར་དཔལ་རང་བྱུང་གིས་གསུངས་ཤིང་། དུས་འཁོར་ལས་ཀྱང་། ལྟེ་བའི་རྩའི་ཁྱིམ་བཅུ་གཉིས་ཀྱི་ཕྱི་རོལ་ཡོངས་སུ་བསྐོར་བའི་བཞི་པ་ལ་རྩ་འདབ་བཅུ་དྲུག་པ་ཅིག་དང་། དཔྲལ་བའི་རྩ་འདབ་བཅུ་དྲུག་གི་ཕྱི་རོལ་དུ་རྩ་འདབ་ཉེར་བཞི་པ་ཅིག་དང་། མགྲིན་པའི་རྩ་འདབ་སོ་གཉིས་ཀྱི་ཕྱི་རོལ་དུ་རྩ་འདབ་བཞི་བཅུ་རྩ་བརྒྱད་པ་ཅིག་རྣམས་ཡོད་པར་བཤད་ལ། ཐིག་ལེའང་སྤྱི་བོ་དང་ལྟེ་བའི་དཀར་དམར་གྱི་བྱང་སེམས་གོ་ཆོད་པོ་མ་ཡིན་པར་སྤྱིར་དཀར་དམར་གྱི་ཆ་ཙམ་བརྟན་པ་ལ་འཆད་དོ། །མཆན། དེ་ཡང་དངོས་གྲུབ་ཀྱི་རྟགས་ནི་འབྱུང་ལྔའི་རླུང་དབུ་མར་འགགས་པའི་མཚན་མ་རིམ་པ་བཞིན་མཛའ་བཤེས་ལ་སོགས་པའི་སྣང་བ་དུ་

p. 889

བ་ལྟར་བདེ ན་མེད་དུ་བུན་ནེ་སྣང་ཞིང་། མིག་སྒྱུ་ལྟར་སྙིང་པོ་མེད་པར་ཤེས་པ་དང་། རི་དང་ར་བ་སོགས་མེ་ཁྱེར་ལྟར་སྔོ་དམར་ཁྱུག་ཁྱུག་འགྲོ་བ་དང་། ཟླ་བའི་ཟེར་རམ་མར་མེ་འབར་བ་ལྟ་བུ་མདུན་དུ་སྣང་བ་དང་། དགྲ་གཉེན་དུ་སྣང་བའི་ཤེས་པ་ཕྱོགས་མེད་དུ་གྲོལ་བ་རྣམས་སོ། །ཡང་དབུ་མར་ཐིག་ལེ་བརྟན་པའི་རྟགས་ལ། དང་པོ་བྱང་སེམས་གསང་གནས་ནས་ལྟེ་བའི་བར་བརྟན་པས་རང་གི་སྒོ་གསུམ་བདེ་སྟོང་དུ་འཆར། དེ་ནས་སྙིང་ཁའི་བར་བརྟན་པས་འཁོར་བའི་ཆོས་ཐམས་ཅད་བདེ་སྟོང་དུ་འཆར། མགྲིན་པའི་བར་བརྟན་པས་ཞི་བ་ཕྱོགས་ཅིག་པའི་མྱང་འདས་ཀྱི་ཆོས་ཐམས་ཅད་བདེ་སྟོང་དུ་འཆར། སྤྱི་བོའ་བར་བརྟན་པས་མི་གནས་པའི་མྱང་འདས་ཀྱི་ཆོས་ཐམས་ཅད་བདེ་སྟོང་དུ་འཆར་རོ། །དེ་ནས་བརྗོད་པའི་ས་བོན་དུ་རླུང་སེམས་འདུས་ཤིང་བརྟན་པས་གདངས་སྙན་ཅིང་ཚིག་བཅད་བརྩོམ་པ་སོགས་ཐོག་མེད་དུ་འབྱུང་བའོ། །རོ་རྐྱང་གི་རླུང་དབུ་མར་ཆུད་པས་གཟུང་འཛིན་

p. 890

གྱི་རྟོག་པ་རགས་པ་ནུབ་ནས་བདེ་སྟོང་གི་ཏིང་ངེ་འཛིན་འབྱུང་བ་ཡིན་ལ། ཐུན་མོང་གི་དངོས་གྲུབ་དངོས་ནི། འཕྲིན་ལས་བཞི་ཇི་ལྟར་འདོད་པ་བཞིན་སྒྲུབ་ནུས་པ་དང་། ནད་གདོན་སོགས་ཞི་བ་དང་། ཚེ་བསོད་སོགས་རྒྱས་པ་དང་། རྒྱལ་པོ་སོགས་དབང་དུ་བྱ་བ་དང་གསུམ། གསད་པ་དང་། སྐྲད་པ་དང་། དབྱེ་བ་དང་། རེངས་པར་བྱེད་པ་བཞི་ལ་མངོན་སྤྱོད་ཀྱི་ལས་ཞེས་གཅིག་ཏུ་རྩིས་པས་འཕྲིན་ལས་བཞིའོ། །མཆན། ལྷག་པར་ལུས་ངག་ཡིད་གསུམ་གྱིས་གཞན་དོན་ནུས་པ་འབྱུང་བ་ནི། སྙིང་པོ་གསང་དོན་ལས། ལུས་ཀྱིས་གཞན་དོན་ནུས་པ་ནི། ལུས་རེག་པ་ཙམ་གྱིས་ནད་གདོན་སོགས་ཞི་བར་ནུས། ངག་གིས་གཞན་དོན་ནུས་པ་ནི། ནད་གདོན་ལ་སོགས་པ་ཞི་བར་གྱུར་ཅིག་ཅེས་བརྗོད་པ་ཙམ་གྱིས་ནད་གདོན་ལ་སོགས་པ་ཞི་བར་ནུས། སེམས་ཀྱིས་གཞན་དོན་ནུས་པ་ནི། དང་པོ་རྨི་ལམ་གསལ་པོ་འབྱུང་། དེ་ནས་མི་མ་ཡིན་ལ་སོགས་པ་དངོས་སུ་མཐོང་། དེ་ནས་སེམས་ཀྱི་གསལ་སྣང་ལ་རང་གཞན་གྱི་ཕན་གནོད་གང་ཡང་ཤེས།

p. 891

མངོན་པར་ཤེས་པ་རིམ་གྱིས་འབྱུང་སྟེ། དམིགས་པ་གཏད་པ་ཙམ་གྱིས་ནད་གདོན་ལ་སོགས་པ་སེལ་བར་ནུས་སོ། །ཅེས་འབྱུང་ལ། ཁྱད་པར་དུ། མིག་སྨན་དང་ནི་རྐང་བྱུག་དང་། །རལ་གྲི་ས་འོག་སྒྲུབ་པ་དང་། །རིལ་བུ་མཁའ་ལ་སྤྱོད་པ་དང་། །མི་སྣང་བ་དང་བཅུད་ཀྱིས་ལེན། །རིག་འཛིན་འཁོར་ལོས་བསྒྱུར་བ་དང་། །བུ་མོ་དམ་པ་མགུགས་པ་ཉིད། །བདག་ཉིད་མཉེས་པ་སྒྲུབ་པ་པོས། །དངོས་གྲུབ་རྡོ་རྗེ་རྣམས་ཐོབ་བོ། །ཅེས་གུར་ལས་གསུངས་པ་ལྟར་གྲུབ་ཆེན་བརྒྱད་བདེ་བླག་ཏུ་གྲུབ་པ་དང་། ཡང་གྲུབ་ཆེན་བརྒྱད་ངོས་འཛིན་ཚུལ་ལ། མིག་སྨན། རྐང་མགྱོགས། རལ་གྲི། ས་འོག་བཞི། དེ་ནས་རིལ་བུ་དང་མི་སྣང་བ་གཅིག་ཏུ་བྱས་པས་ལྔ། བཅུད་ལེན་ལ་ཚེ་ཉི་ཟླ་ལྟར་གནས་པ་ཚེའི་བཅུད་ལེན། ལུས་ལོ་བཅུ་དྲུག་ལོན་པ་འདྲ་བ་ལུས་ཀྱི་བཅུད་ལེན། ལྕགས་ཟངས་སོགས་གསེར་དུ་བསྒྱུར་བ་ལོངས་སྤྱོད་ཀྱི་བཅུད་ལེན་གསུམ་དུ་ཕྱེ་བས་བརྒྱད་དུ་རྩི་ཞིང་། ཡང་རོ་ལངས་དང་། གནོད་སྦྱིན་མོ་གྲུབ་པས་ཀྱང་གྲུབ་ཆེན་བརྒྱད་ལས་གང་རུང་ཞིག་སྟེར་ནུས་པས། གནོད་

p. 892

སྦྱིན་མོ་ལ་གྲུབ་ཆེན་གྱི་སྤྱི་སྒྲུབ་ཞེས་བཤད། གོང་གི། བུ་མོ་དམ་པ་མགུགས་པ་ཉིད། །ཅེས་པའང་གནོད་སྦྱིན་མོ་མགུགས་པ་ཉིད་དོ། །མཆན། གཞན་ཡང་ཉི་མ་སྟོད་ལ་གནོན་པ་དང་ཆུ་བོ་གྱེན་ལ་ཟློག་པར་ནུས། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ཐམས་ཅད་རིང་ནས་འདུ་ཞིང་བྱིན་གྱིས་རློབ། ནད་གདོན་གྱིས་མི་ཚུགས། ཞིང་སྐྱོང་བརྒྱད་ལ་སོགས་པ་བྲན་དུ་འཁོལ། གཅན་ཟན་དང་དུག་སྦྲུལ་སོགས་ཀྱིས་མི་གནོད་པར་བཞིན་དུལ་བས་འཁོར། འདོད་ན་རང་ལུས་མི་སྣང་བར་བྱེད་ཅིང་། འདོད་ན་དུ་མར་སྤྲུལ་བར་ནུས། ལུས་ཡི་དམ་གྱི་ལྷར་བསྒྱུར་བ་དང་། སྤྲུལ་པའི་སྐུ་ལས་ཆོས་ཉན་ཅིང་ལུང་བསྟན་འཐོབ། ཁམས་ཀྱི་ཟས་ལ་མ་བརྟེན་པར་ཡང་ལུས་མདངས་དང་ལྡན། ལུས་ལ་དྲི་མ་མི་ཆགས། སྐྲ་དཀར་དང་གཉེར་མ་མེད། ལྷའི་གཟུགས་ལྟར་མཛེས། ནམ་མཁའ་ལྟར་འཆི་བ་མེད་པ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་འཇིག་རྟེན་པའི་འམ་ཐུན་མོང་གི་དངོས་གྲུབ་རྣམས་དབང་དུ་འདུས་ནས་བོགས་མ་ཐོན་ན་འཁོར་བའི་ཆོས་

p. 893

ལས་མི་འདའ་ཡང་། དེས་རྒྱུ་བྱས་ནས་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་ནི་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་འདིར་བསྒྲུབ་བྱ་ཉིད་ཡིན་པར་གསུངས་སོ། །གཉིས་པ་མཆོག་གི་དངོས་གྲུབ་བཤད་པ་ལ། དངོས་གྲུབ་གྱི་རྟགས་དང་། དངོས་གྲུབ་དངོས་སོ། །དང་པོ་ནི། ཁམས་དྲུག་ལྡན་པ་སྔགས་ཀྱི་སྒོ་ནས་འཚང་རྒྱ་བའི་ལུས་ཐུན་མོང་མིན་པའི་རྩ་རླུང་ཐིག་ལེའི་རྒྱུ་ཚུལ་དང་། གེགས་དང་ཡོན་ཏན་ཅི་ལྟར་འཆར་བ་མངོན་སུམ་དུ་ཤེས་པ་དང་། གཞན་ཡང་གཤིན་རྗེའི་ག ཤེད་དང་ཀུ་རུ་ཀུལ་ལེའི་རྒྱུད་ལས། རྨི་ལམ་དུ་མི་མང་པོས་རྒྱལ་པོར་བསྐོས་པ་དང་། མི་ནག་དང་དུད་འགྲོ་ནག་པོ་གསད་པ་སོགས་བྱུང་ན་སྡིག་པ་དག་པའི་རྟགས་སུ་གསུངས་ཤིང་། གཞན་ཡང་ས་དང་དངོས་གྲུབ་ཐོབ་པ་དང་། བདུད་ལས་རྒྱལ་བ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་སྐྱེས་པ་ལ་སོགས་པའི་རྟགས་ཀྱི་རྨི་ལམ་མདོ་རྒྱུད་དུ་མ་ལས་གསུངས་སོ། །མཆན། དེ་ཡང་དང་པོར་འཇིག་རྟེན་པའི་ལམ་དུ་ལུས་ལ་སྡུག་བསྔལ་གྱི་ཚོར་བ་རང་

p. 894

རྒྱུད་པ་ཡོད་པས་སྐྱེ་རྒ་ན་འཆི་སོགས་ཀྱིས་ཏིང་ངེ་འཛིན་ལ་བར་ཆད་བྱེད་ཀྱང་། སྔགས་ཀྱི་བདེན་པ་མཐོང་བའི་ལུས་བརྟེན་རྡོ་རྗེའི་ས་བོན་ལས་སྐུ་བཞིའི་མྱུ་གུ་འཁྲུངས་པའི་དུས་སུ་དེ་ལྟ་བུའི་བར་ཆད་ཀྱི་ཡུལ་ལས་འདས་ཤིང་། རིག་པ་འཛིན་པའི་སྔགས་དང་ཏིང་ངེ་འཛིན་དང་སྤྲུལ་པའི་རྫུ་འཕྲུལ་གྱིས་སྐད་ཅིག་ལ་དག་མ་དག་གི་འཇིག་རྟེན་རྣམས་སུ་སྐྱེ་བ་དང་འཆི་འཕོ་བ་གྲངས་མེད་སྟོན་པར་ནུས། ཡང་འཇིག་རྟེན་པའི་མཉམ་བཞག་ཏུ་ཆོས་ཐམས་ཅད་སྟོང་པར་སོང་བས་འབྱུང་བཞིའི་གནོད་པས་མི་ཚུག་སྙམ་པ་འོང་ཡང་། ཡུལ་ཐོག་ན་ད་དུང་ཆགས་ཐོགས་དང་བཅས་པར་འགྲོ། རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་ཤར་ཡང་གོམས་པ་མི་བརྟན་པ་འབྱུང་ལ། འདས་ལམ་དུ་གང་སྣང་ལྷ་དང་ཡེ་ཤེས་སུ་ཤར། དེའི་ཕྱིར་ཡེ་ཤེས་ཀྱི་རྩ་རླུང་དང་ཧེ་རུ་ཀ་ཡབ་ཡུམ་གྱི་ངོ་བོའི་བྱང་སེམས་དཀར་དམར་གོང་ནས་གོང་དུ་རྩལ་སྦྱོང་བར་བྱེད་པས། དེའི་ཆེད་དུ་སྐད་ཅིག་ལ་སྤྲུལ་པ་དུ་མ་སྤྲོ་ཞིང་ཏིང་ངེ་འཛིན་དུ་མ་

p. 895

ལ་སྙོམས་པར་འཇུག་ནུས་པར་གསུངས་སོ། །གཉིས་པ་དངོས་གྲུབ་དངོས་ནི། སྙིང་པོ་གསང་དོན་ལས། ཟུང་འཇུག་གི་སྐུ་བརྙེས། དུས་གསུམ་མཁྱེན་པའི་ཡེ་ཤེས་ཐོབ། འཁོར་འདས་བདེ་ཆེན་མཉམ་ཉིད་དུ་རོལ་ནས་རྟེན་འབྲེལ་ཟབ་མོའ་སྣང་བ་མ་འགགས་པ་ལ ས་ཡེ་ཤེས་ཀྱི་སྐུའི་སྒོ་དགུ་བྱེ་བས་འབད་རྩོལ་གྱི་དྲི་མ་ཐམས་ཅད་རིམ་གྱིས་དག །གསུང་གི་སྒོ་བཞི་ཐིམ་པས་སྙིང་ག་ནས་འབྱུང་བཞིའི་རླུང་ཡེ་ཤེས་སུ་ཐིམ། ཐུགས་ཀྱི་སྒོ་གཉིས་བྱེ་བས་རྣམ་སྨིན་གྱི་སྲོག་དབྱུག་གསང་གནས་ནས་གཙུག་ཏོར་གྱི་བར་དག །ཡེ་ཤེས་ཀྱི་དྷཱུ་ཏི་གཙུག་ཏོར་ནས་གསང་བའི་བར་མངོན་དུ་བྱེད་པ་ཡིན་ནོ། །དེས་ན་ཡེ་ཤེས་ཀྱི་སྐུ། གཞོམ་མེད་ཀྱི་དབྱངས། རྟོག་མེད་ཀྱི་ཐུགས། ཟད་དུ་མེད་པའི་ཡོན་ཏན། འབད་མེད་ཀྱི་འཕྲིན་ལས་གྲུབ་པས་མཆོག་གི་དངོས་གྲུབ་མཚན་ཉིད་པ་ཐོབ་པ་ཡིན་ནོ། །ཅེས་གསུངས་ལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འདི་ཉིད་ཐོབ་པའི་ཚེ་ན། མཆོད་པ་དང་རིམ་གྲོ་ལ་སོགས་པ་ཇི་

p. 896

ལྟར་འབྱུང་བ་ནི། སམྦུ་ཊ་ལས། དེ་ནས་གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ས་འདི་དག་དགའ་ཞིང་མགུ་ལ་རངས་པས། ས་རྣམ་པ་དྲུག་ཏུ་གཡོས་ནས་བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་གྲག་པ་དང་། ཕྱོགས་བཅུར་བསྐལ་པའི་མེ་ལྟ་བུའི་སྐར་མདའ་ལྟུང་བ་དང་། རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་དང་། ཐམས་ཅད་དུ་གནམ་རྡོ་ལྷུང་བ་དང་། དེ་ཉིད་བསྐལ་པའི་མེའི་གཟུགས་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་འབར་བ་དང་། ཕྱག་རྒྱའི་སྐྱེས་གནས་ཀྱི་སྙིང་པོར་ཁམས་གསུམ་ཐམས་ཅད་སྣང་བ་དང་། ཚངས་པ་དང་། ཁྱབ་འཇུག་དང་། ཆུ་བདག་དང་། བརྒྱ་བྱིན་དང་། དྲག་པོ་དང་། མེ་དང་། སྟོབས་བཟང་པོ་དང་། ཉི་མ་དང་། ཟླ་བ་དང་། གནོད་སྦྱིན་དང་། གྲུབ་པ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་དང་། ལྷའི་མཆོག་དང་། རིག་པ་འཛིན་པ་དང་། ཆུས་བྱུང་ལ་སོགས་པ་གང་ཞིག །གཞན་ཡང་སུམ་ཅུ་རྩ་གསུམ་དུ་གནས་པའི་ལྷ་རྣམས་དེར་འོངས་ནས་ཡང་དག་པར་དགའ་བས་མེ་ཏོག་གིས་མཆོད་པར་བྱེད། ཞེས་པ་ནས། གཞན་ཡང་། ཁྱོད་ལ་རྒྱས་པར་བཤད་པའི་ཚུལ་གྱིས་ཅི་ཞིག་དགོས་ཏེ། གྲུབ་པར་བྱ་བའི་བསོད་ནམས་ཀྱིས་ཁམས་གསུམ་དུ་

p. 897

སྐྱེས་པའི་མཆོད་པ་དེ་རྣམས་ཀྱིས་མཆོད་པར་བྱེད་དོ། །ཞེས་པའི་བར་གྱིས་རྒྱ་ཆེར་གསུངས་སོ། །མཆན། མདོར་ན་གསང་སྔགས་བླ་ན་མེད་པའི་ལུགས་ཀྱི་སངས་རྒྱས་དཔལ་རིགས་དྲུག་པའི་རྡོ་རྗེ་འཆང་སྐལ་བ་ཕུལ་དུ་དབྱུང་དུ་མེད་པ་ནི་ཐིག་སྟོང་ཡིག་དྲུག་གི་དབུས་ཀྱི་ཨེ་དང་། སྟོང་ཆེན་ཡིག་ལྔའི་ཝཾ་ཡིག་དབྱེར་མེད་པའི་ཕུན་ཚོགས་ལྔ་ལྡན་བྷ་གའི་གོ་འཕང་མངོན་དུ་བྱས་པ་ལ་འཇོག་སྟེ། དེའི་ཕྱིར་སམྤུ་ཊ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་པ་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དེ་ནི་བྷ་གར་བཤད། །ཅེས་སོ། །དེ་ལྟར་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་ལུས་བརྟེན་ལ་ཐིག་ལེ་སྒྲིབ་བྲལ་དུ་སོང་བས་རྣམ་ཀུན་མཆོག་ལྡན་གྱི་ལུས་མེ་ལོང་གི་ངོས་ལྟར་དངས་ཏེ། དཔེར་ན་ཁར་གོང་སོགས་རྫས་ཀྱི་ནུས་པས་བཞུ་ཤེལ་དུ་བསྒྱུར་བའི་ཚེ། བཞུ་བཏུལ་མང་དུ་བྱས་པས་རིམ་གྱིས་དངས་ནས་མཐར་ཤེལ་དུ་འགྱུར་བ་ལྟར། མས་བརྟན་གྱི་དགའ་བའི་

p. 898

ཤུགས་ཀྱིས་རྩ་རླུང་ཐིག་ལེ་རྣམས་རིམ་གྱིས་དངས་ནས་གཙུག་ཏོར་དུ་རྫོགས་པ་ན་བྱང་སེམས་འབབ་པའི་རྩ་སོ་གཉིས་མཚན་སོ་གཉིས་དང་། རང་བཞིན་བརྒྱད་ཅུའི་རྟོག་པ་དག་པས་དཔེ་བྱད་བརྒྱད་ཅུ་སྟེ། རྣམ་སྨིན་རགས་པའི་ལུས་རྣམ་ཀུན་མཆོག་ལྡན་གྱི་མཆོག་གི་སྤྲུལ་སྐུར་འགྱུར་ལ། ཁྱད་པར་སྔགས་ལུགས་ཀྱི་མཆོག་གི་སྤྲུལ་སྐུ་ཆེན་པོ་ལ། བསྒེག་པ། དཔའ་བ། མི་སྡུག་པ་གསུམ་སྐུའི་གར་དང་། རྒོད་པ། དྲག་ཤུལ། འཇིགས་རུང་གསུམ་གསུང་གི་གར་དང་། སྙིང་རྗེ། རྔམ་པ། ཞི་བ་གསུམ་ཐུགས་ཀྱི་གར་སྟེ་དགུ་དང་ལྡན་པའོ། །དེ་ནི་རྩ་གཙོ་བོར་སྟོན་པ་སྐུ་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པ་ཡིན་ལ། དེ་དང་དུས་མཚུངས་སུ་སྟོང་བཞི་མཐར་ཐུག་འོད་གསལ་ཆོས་སྐུར་བསྡུས་པ་ལས་གཞེངས་པའི་རླུང་སེམས་དབྱེར་མེད་པའི་ངོ་བོའི་རླུང་འོད་ཟེར་ལྔ་པ་ཉིད་ཀྱིས་ཕྲ་བའི་ལུས་ལོངས་སྐུར་འཚང་རྒྱ་བ་ནི་ཕྱི་ནང་དུས་མཚུངས་པ་སྟེ། རླུང་གཙོ་བོར་སྟོན་པ་གསུང་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པ་ཡིན་

p. 899

ལ། གསུང་རྡོ་རྗེ་གོ་ཆོད་པོ་ནི་ལོངས་སྤྱོད་རྫོགས་སྐུ་དཔེ་བྱད་བརྒྱད་ཅུའི་སྟེ། འདི་ཉིད་ལ་འཇོག་དགོས་པ་ཡང་། རགས་པའི་རླུང་བཅུས་འཁོར་བའི་ཀུན་རྟོག་བརྗོད་པ་ཐམས་ཅད་བསྐྱེད་ལ། དེ་སྣང་གསུམ་གྱི་མཐར་སྟོང་པ་འོད་གསལ་བས་བསྡུས་ནས་གཞེངས་པའི་སྐབས་སུ་ཡེ་ཤེས་ལྔའི་ངོ་བོའ་རླུང་དུ་གྱུར་པ་ལས་ལོངས་སྐུ་སྒྲུབ་པའི་ཕྱིར་ཆོས་ཀྱི་འཁོར་ལོ་གདུལ་བྱའི་བློ་དང་མཚམ་པར་འབྱུང་བའི་བདག་རྐྱེན་སོར་རྟོག་ཡེ་ཤེས་དུའང་བརྗོད་ལ། སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པའི་སྐུ་དང་གསུང་ཐ་མི་དད་པས་རིགས་ལྔར་བསྡུ་བ་ན། བཅོམ་ལྡན་འདས་འོད་དཔག་མེད་དུའང་འཇོག་ཞེས་གྲུབ་པའི་ཞལ་ལུང་དྲི་མ་མེད་པའོ། །མཆན། གཞན་ཡང་སྔགས་བླ་མེད་ནས་བཤད་པའི་བདེ་བ་ཆེན་པོའ་སྐུ་ལ་ཁ་སྦྱོར་ཡན་ལག་བདུན་དུ་རྣམ་པར་བཞག་སྟེ། དེ་ཡང་རྒྱལ་བ་དབྱངས་ཅན་བཞད་པའི་ཞབས་ཀྱིས། འོག་མིན་གྱི་གནས་སུ་ས་བཅུ་གཉིས་པ་རྣམས་ལ་ཟབ་རྒྱས་ཀྱི་ཆོས་འཆད་པ་ལོངས་སྤྱོད་པའི་ཡན་ལག །མཚན་དཔེས་བརྒྱན་པའི་ཡེ་ཤེས་ཀྱི་སྐུ་བཙུན་མོ་དང་ཞལ་སྦྱོར་བ་ཁ་སྦྱོར་གྱི་ཡན་ལག །

p. 900

ཟག་པ་མེད་པའི་བདེ་བས་རྒྱུད་གང་བ་བདེ་ཆེན་གྱི་ཡན་ལག །དེ་གསུམ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐུགས་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ལ་ཁྱབ་པ་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག །མཛད་པ་འཕྲིན་ལས་རྒྱུན་མི་འཆད་པར་ལྷུན་དུ་གྲུབ་པ་ནི་རྒྱུན་མི་འཆད་པའི་ཡན་ལག །ཞི་མཐར་མ་ལྷུང་བའི་མྱང་འདས་ཆེན་པོ་ནི་འགོག་པ་མེད་པའི་ཡན་ལག་སྟེ་སྤྲུལ་པའི་སྐུའོ། །དེ་ཐམས་ཅད་ཀྱང་སྟོང་པ་དང་སྙིང་རྗེར་རོ་གཅིག་པ་སྤྲོས་པ་དང་བྲལ་བ་ནི་ར ང་བཞིན་མེད་པའི་ཡན་ལག་སྟེ་ཆོས་སྐུའོ། །ཅེས་གསུངས་ལ། ཡང་དབང་ཕྱུག་གི་ཡོན་ཏན་བརྒྱད་ནི། ཇི་སྐད་དུ། ཕྲ་ཞིང་ཡང་ལ་ཕྲ་བར་ནུས་པ་དང་། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་བསྡུད། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཅེས་གསུངས་ཏེ། དེ་ཡང་ཕྲ་ཞིང་ཡང་ལ་ཕྲ་བར་ནུས་པ་གསུམ་ཐུགས་ཀྱི་དབང་ཕྱུག་སྟེ། ཕྲ་བའི་དོན་རོ་རྐྱང་གི་རླུང་དྷཱུ་ཏིར་ཞུགས་པས་ཆོས་ཐམས་ཅད་

p. 901

རྩ་དབུ་མར་མཐོང་བའོ། །ཡང་བའི་དོན་ཡེ་རླུང་དབུ་མར་བརྟན་པས་འཁོར་འདས་ཀྱི་ཡུལ་ཐམས་ཅད་ལ་བདེ་ཆེན་གྱིས་ལོངས་སྤྱོད་པར་ནུས་པའོ། །ཕྲ་བར་ནུས་པའི་དོན་ནི་དབུ་མར་རླུང་སེམས་སྒྲིབ་བྲལ་དུ་ཐིམ་པས་བདག་གཞན་ཐམས་ཅད་སྟོང་པར་རོ་གཅིག་ཏུ་གྲོལ་བའོ། །སྤྱོད་པར་ནུས་པ་དང་། བདག་ཉིད་ཆེན་པོ་དང་། དགའ་མགུར་བྱེད་པ་གསུམ་ནི་སྐུའི་དབང་ཕྱུག་སྟེ། སྤྱོད་པར་ནུས་པ་ནི་སྤྱན་མ་སོགས་ཡུམ་དང་། གཟུགས་རྡོ་རྗེ་མ་སོགས་ལ་ལོངས་སྤྱོད་ནུས་པའོ། །བདག་ཉིད་ཆེན་པོ་ནི་ཐིག་རླུང་སེམས་གསུམ་སྒྲིབ་བྲལ་དུ་སོང་བས་མཚན་དཔེས་བརྒྱན་པའི་སྐུར་སྣང་བའོ། །དགའ་མགུར་བྱེད་པ་ནི་རྩ་ཐིག་རླུང་གསུམ་ལ་དབང་ཐོབ་པས་དབང་ཕྱུག་ལ་སོགས་པ་གང་འདུལ་དུ་སྟོན་པའོ། །ཐམས་ཅད་དབང་དུ་བསྡུད་པ་དང་། ཅི་འདོད་བྱེད་པ་གཉིས་ནི་གསུང་གི་དབང་ཕྱུག་སྟེ། དང་པོའི་དོན་ནི་བརྗོད་པའི་ས་བོན་ཐམས་ཅད་དག་ནས་ཇི་སྐད་སྨྲས་པ་ཐམས་ཅད་ཀྱིས་གོ་ཞིང་ཉན་

p. 902

ནས་འགྲོ་བའི་དོན་བྱེད་པའོ། །གཉིས་པའི་དོན་ནི་རྩ་ཐིག་རླུང་གསུམ་བརྗོད་པའི་ས་བོན་བཞི་བཅོམ་རིམ་ནས་དེའི་སྟོབས་ཀྱིས་བདུད་ཀྱི་གནས་སུ་གནམ་རྡོ་ལྷུང་བ་སོགས་འབྱུང་བས་བདུད་འདུལ་བའོ། །དུས་འཁོར་ལས་ནི། བདུད་འདོད་ལྷ་ཞེས་སོགས་ནི་དྲང་བའི་དོན་ཡིན་པར་བཤད་ནས། ངེས་པའི་དོན་དུ་འདི་ལྟར་གསུངས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་སེམས་དང་མ་རིག་པའི་བདག་ཉིད་ནི་བདུད་བཞི་སྟེ། དེ་རྣམས་ལས་ལུས་ཀྱི་སྒྲིབ་པ་ནི་ཕུང་པོའ་བདུད་དོ། །ངག་ནི་ཉོན་མོངས་པའི་བདུད་དོ། །སེམས་ནི་འཆི་བདག་གི་བདུད་དོ། །ཕྱི་རོལ་གྱི་མ་རིག་པའི་འཇུག་པ་ནི་ལྷ་བུའི་བདུད་དེ། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པ། ཡོངས་སུ་མ་བརྟགས་པ། བྱིས་པའི་བློ་ཅན། འཁོར་བའི་ལོངས་སྤྱོད་མངོན་པར་འདོད་པ་རྣམས་ཀྱི་ཕྱི་རོལ་གྱི་མ་རིག་པའི་འཇུག་པ་འདི་ནི་ལྷའི་བུའི་བདུད་ཀྱི་ཚིག་གི་འགྱུར་རོ། །ཞེས་གསུངས་པས་སྟོང་པ་ཉིད། མཚན་མ་མེད་པ། སྨོན་པ་མེད་པ། མངོན་པར་འདུ་བྱ་བ་མེད་པ་སྟེ་རྣམ་ཐར་བཞིའི་ངོ་བོའ་སྟོང་ཉིད་དང་། ཚད་མེད་བཞིའི་ངོ་བོའ་བདེ་ཆེན་གྱི་ཐིག་ལེ་བཞི་མི་འགྱུར་

p. 903

བར་འཛིན་པ་ནི་བདུད་དེ་དག་གི་གཉེན་པོ་སྟེ། དེའི་ཕྱིར་དུས་འཁོར་དང་བདེ་མཆོག་ཞལ་གྱི་དག་པ་དང་། དགྱེས་རྡོར་གྱི་ཞབས་བཞིའི་དག་པས་བདུད་བཞི་འདུལ་བའོ། །མཆན། དེ་ལྟ་བུའི་དུས་ན་ཕྱག་རྒྱ་ལྔ་དང་ཧེ་རུ་ཀ་བཅུ་གཅིག་གི་དབང་ཕྱུག་དུ་ཡང་འགྱུར་བ་ཡིན་ཏེ། རིགས་ཀྱི་བདག་པོ་དཔལ་དབྱངས་ཅན་བཟང་པོའ་ཞབས་ཀྱིས། ལྷན་སྐྱེས་རྣམ་རྟོག་ལ་ཕར་མི་རེག་པས་བྲམ་ཟེ་མོ། རྣམ་རྟོག་ལྷན་སྐྱེས་ལ་ཚུར་མི་རེག་པས་གཡུང་མོ། དེས་བདག་ཉིད་ཀྱི་རྒྱུད་བདེ་ཆེན་དུ་བསྒྱུར་བས་གར་མ། གཞན་རྒྱུད་ཐམས་ཅད་ཀྱང་བདེ་ཆེན་དུ་བསྒྱུར་བས་ཚོས་མ། མཚན་མ་དང་རྣམ་རྟོག་གསོད་པ་ལ་དྲག་པས་གཏུམ་མོའ་དབང་ཕྱུག་གོ། །ཅེས་དང་། ཚོགས་དྲུག་གི་ཡུལ་ཐམས་ཅད་བདེ་སྟོང་ལྷན་སྐྱེས་སུ་འཆར་བའི་ཆོས་དབྱིངས་ཀྱི་ཧེ་རུ་ཀ་གྲུབ། དེ་དང་ལྡན་པའི་བདག་དམ་ཚིག་གི་ཧེ་རུ་ཀ། དེ་ལ་ཡེ་ཤེས་པ་སྤྱན་འདྲེན་ཞིང་བདེ་སྟོང་དུ་འཆར་བ་ཡེ་ཤེས་ཀྱི་ཧེ་རུ་ཀ། དེ་ཙ་ན་ལུགས་མ་སོགས་གཟུགས་བརྙན་ཐམས་ཅད་ཀྱང་

p. 904

བདེ་སྟོང་དུ་བྱིན་གྱིས་རློབ་པས་བཏགས་པ་བརྡའི་ཧེ་རུ་ཀ། སྔགས་དོན་འགྱུར་བ་མེད་པའི་བརྗོད་པ་མིང་གི་ཧེ་རུ་ཀ། དེ་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པའི་རྣམ་ཐར་སྒོ་གསུམ་གྱི་ཧེ་རུ་ཀ་སྟེ་ཧེ་རུ་ཀ་བཅུ་གཅིག་གི་བདག་ཉིད་དོ། །ཞེས་གསུངས་སོ། །དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་དྲུག་གི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡེ་ཤེས་ཀྱི་ཁམས་དྲུག་པའི་ཡེ་ཤེས་ལྔའི་ངོ་བོ་ཅན་གྱི་སྐུ་ལྔར་རྣམ་པར་བཞག་པ་ལས་བརྩམས་ཏེ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རྣམ་བཞག་རྒྱས་པར་སྤྲོར་ཡོད་ཀྱང་། མདོར་ན་སེམས་ཅན་ཐམས་ཅད་འཁོར་བའི་རྩ་བ་བཞི་པའི་སེམས་ཉིད་རགས་པ་དང་ཕྲ་བ་དང་། ཤིན་ཏུ་ཕྲ་བའི་གནས་སྐབས་བཞི་པ་སྒྲིབ་པ་ཅན་གྱི་འཁོར་བའི་རྩ་བ་ཆེས་ཕྲ་བ་ཉན་ཐོས་ཀྱི་ཐེག་པ་ནས་ལམ་གཞན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་བར་གྱིས་མ་སྤངས་པའི་ཆ་ཤས་བཅུ་དྲུག་གི་སྒྲིབ་པ་ཆེས་ཕྲ་བ་བཞི་ཚན་བཞི་སྤངས་པས་ཁྱད་པར་དུ་བྱས་པས་སྐུ་བཞིར་

p. 905

རྣམ་པར་བཞག་པ་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཁྱབ་བདག་ཉི་མ་ལྟ་བུའི་སྐུ། །པདྨའི་འདབ་མ་རྒྱས་པའི་སྤྱན། །དེ་ཉིད་བཅུ་དྲུག་དབྱེ་བ་ལས། །སྐུ་བཞིའི་བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་སེང་གེའི་གདན་བཞུགས་པ། །ལྷ་དང་ལྷ་མིན་གྱིས་བསྟོད་སྔོན། །ཟླ་བཟང་གིས་གསོལ་དེ་ལ་འདུད། །ཅེས་གསུངས་སོ། །དེ་ཡང་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཚོགས་གཅིག་ལ་ངོ་བོ་ཉིད་སྐུ་དང་། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། སྐུ་གསུམ་དང་། ཡེ་ཤེས་བཞི་དང་། ཆོས་དང་། དབྱིབས་དང་། སྔགས་དང་། ཆོས་ཉིད་ཀྱི་རྣལ་འབྱོར་བཞི་དང་། ཧེ་རུ་ཀ་ཕྱག་གཉིས་པ་དང་། བཞི་པ་དང་། དྲུག་པ་དང་། བཅུ་དྲུག་པའི་ཧེ་རུ་ཀ་བཞི་དང་། རྡོ་རྗེ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་སྟེ་དེ་ཐམས་ཅད་ཀྱང་སྐུ་བཞི་དངོས་ཆོས་ཀྱི་ངོ་བོར་ནི་གཅིག་པ་ཉིད་ཡིན་

p. 906

ཏེ། འགྲེལ་ཆེན་ལས། དག་དང་ཡེ་ཤེས་གཅིག་སྦྱོར་རྒྱལ་བ་མཆོག་གི་འདུས་པ་ཐུགས་དང་ཆོས་ནི་གཅིག་ཏུ་སྦྱོར། །གསུང་དང་ལོངས་སྤྱོད་རྫོགས་པ་གཅིག་སྦྱོར་སྲིད་གསུམ་གྱིས་མཆོད་སྐུ་དང་སྤྲུལ་པ་སྦྱོར་བ་སྟེ། །ཤེས་དང་ཤེས་བྱ་གཉིས་མེད་སྲིད་བྲལ་སྲིད་གནས་འདི་ནི་རྡོ་རྗེ་སེམས་དཔའ་རྣམ་པ་བཞི། །རྡོ་རྗེའི་རྣལ་འབྱོར་ཐབས་དང་ཤེས་རབ་བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་དེ་ལ་འདུད། །ཅེས་གསུངས་ཤིང་། སྐུ་བཞི་པོ་འདི་ཉིད་ལ་བྱང་ཆུབ་པ་བཞིར་ཡང་རྣམ་པར་བཞག་པ་མཛད་དེ། འགྲེལ་ཆེན་ལས། མངོན་པར་རྫོགས་པ་བྱང་ཆུབ་པ་བཞི་དང་། རྡོ་རྗེ་བཞིས་ཡོངས་སུ་དག་པ་ཞེས་པ་ནི་སྐད་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། འདི་རྣམས་ཀྱི་ཡོངས་སུ་དག་པ་ནི་མངལ་སྐྱེས་བསྐྱེད་པའི་རིམ་པ་དང་།

p. 907

དུ་བ་ལ་སོགས་པ་གཟུགས་རྫོགས་པ་རྫོགས་པའི་རིམ་པས་སོ། །དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་བཞིས་ཡོངས་སུ་དག་པའོ། །ཞེས་གསུངས་པས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག་པར་རྫོགས་པའི་སྐད་ཅིག་གིས་བྱང་ཆུབ་པ་དང་། མེ་ལོང་ལ་སོགས་ཡེ་ཤེས་ལྔས་བྱང་ཆུབ་པ་དང་། སྲོག་བཅུ་དང་དེའི་རྟེན་གྱི་རྩ་བཅུ་དག་པས་རྣམ་པ་ཉི་ཤུས་བྱང་ཆུབ་པ་དང་། པྲ་ཕབ་ཀྱི་སྣང་བ་ལྟ་བུ་རྟེན་དང་བརྟེན་པའི་སྒྱུ་འཕྲུལ་དྲ་བའི་བྱང་ཆུབ་བརྙེས་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་རིགས་དྲུག་དང་། བདེན་པ་བཅུ་གཉིས་དང་། དེ་ཉིད་བཅུ་དྲུག་དང་། སྟོང་ཉིད་བཅུ་དྲུག་དང་། སྙིང་རྗེ་བཅུ་དྲུག་ལ་སོགས་པའང་སྐུ་བཞི་པོ་དེ་ཉིད་ཀྱི་ཁྱད་པར་གྱི་ཆོས་སུ་གསུངས་སོ། །འོ་ན་དེ་ལྟ་བུའི་གོ་འཕང་ཕུལ་དུ་དབྱུང་དུ་མེད་པའི་སངས་རྒྱས་ཐོབ་པ་ན། དེའི་རྡོ་རྗེ་གསུམ་གྱི་བྱ་བྱེད་ཇི་ལྟ་བུ་ཞེ་ན། སྐུ་རྡོ་རྗེ་ཐོགས་རེག་གི་རྡུལ་ཕྲ་རབ་དང་བྲལ་ཞིང་། ཐོགས་རེག་དང་བྲལ་བཞིན་དུ་ཐོགས་རེག་གི་གོ་

p. 908

ཐམས་ཅད་པར་ཐོགས་པ་མེད་པར་མཚན་དཔེ་འབར་བ་དང་། དག་མ་དག་གི་འཇིག་རྟེན་གསུམ་ནི་སྒྲིབ་པ་མེད་པར་དངས་ཤིང་གསལ་ལ། ཡུལ་དུ་བྱེད་པ་རྨི་ལམ་ལྟར་སྣང་མྱོང་ལྟར་མ་གྲུབ་བཞིན་བྱ་བྱེད་མི་འགལ་ལ། གསུང་ནི་མཁའ་དང་མཉམ་པ་འགྲོ་བ་མཐའ་དག་གི་སྐད་དང་མཉམ་པར་སྨྲ་ཞིང་། སྨྲས་པས་གདུལ་བྱ་མཐའ་དག་གི་སྙིང་གི་མུན་པ་སེལ་བ་ལ་འཇུག་པ་དང་། ཐུགས་ནི་འཇིག་རྟེན་ལས་འདས་པའི་བདེ་བས་སྐད་ཅིག་ཀྱང་འབྲལ་བ་མེད་པར་གནས་པ་ལས་མི་ཉམས་པ་སྟེ། དུས་འཁོར་ལས། ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མིན་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིག་གཡོ་མེད་ཐམས་ཅད་དུས་སུ་ལྷན་ཅིག་

p. 909

སྐྱེས་པས་འཁྱུད་པའོ། །ཞེས་གསུངས་ལ། འདི་དང་རྗེས་སུ་མཐུན་པར་རིག་མའི་སྐྱེས་བུ་སྟེ། ཕྱག་རྒྱ་ཆེན་པོ་སྐུ་གསུམ་སྐུ་བཞི་ཡེ་ཤེས་རང་ལ་རྫོགས་ཤིང་མངོན་དུ་གྱུར་པ་ན་སྤངས་རྟོགས་ཀྱི་ཡོན་ཏན་རང་དང་གཞན་དོན་ཇི་ལྟར་འབྱུང་བའང་། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་ལས། རིག་མའི་སྐྱེས་བུ་གྲུབ་པ་ན། །གང་དུ་འཆི་ཞིང་གང་དུ་གནས། །བདག་ལ་ཐེ་ཚོམ་འདི་དག་ནི། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རིག་མའི་སྐྱེས་བུ་གྲུབ་པ་ནི། གང་དུ་ཡང་མི་འགྲོ། གང་དུ་ཡང་མི་གནས། ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བ། གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཐམས་ཅད་དུ་སོན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་པ། ཐམས་ཅད་ཀྱི་དོན་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པ། ཐམས་ཅད་དང་ལྡན་པ། ཞི་

p. 910

བ། མཉམ་པ་མེད་པ། རྟག་ཏུ་འཆར་བར་མཛད་པ། མགོན་པོ། སྐྱོབ་པ། ཀུན་ཏུ་རྟོག་པ་སྤངས་པ། དབྱིབས་དང་ཁ་དོག་དང་བྲལ་བ། རྒྱལ་བའི་ཡང་སྤྱོད་ཡུལ་མ་ཡིན་པ། ཕྱེད་པར་དཀའ་བའི་ཕྱིར་རྡོ་རྗེ། ཉོན་མོངས་པའི་ཉེ་བར་གདུང་བ་ལས་གྲོལ་བའི་ཕྱིར་ཟླ་བ། དོགས་པ་མེད་པའི་ཕྱིར་སེང་གེ། གཏིང་དཔག་པར་དཀའ་བའི་ཕྱིར་ཆུའི་ཕུང་པོའོ། །དེ་ལྟར་དཔེ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དཔེར་བྱ་བའོ། །དེ་ཉིད་གཅིག་པུས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཀྱང་བལྟམས་པ་སྟོན་པ་དང་། ཁབ་ནས་མངོན་པར་འབྱུང་བ་དང་། གཞོན་ནུའི་རོལ་རྩེད་མཛད་པ་དང་། རབ་ཏུ་བྱུང་བ་དང་། རྡོ་རྗེ་གདན་གྱི་ས་མནན་པ་དང་། བདུད་བཏུལ་བ་མཉམ་པ་མེད་པ་དང་། སངས་རྒྱས་པ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྟན་པ་དང་། ལྷ་ལས་བབས་པ་ཉམས་དགའ་བ་དང་། ཤིན་ཏུ་སྣ་ཚོགས་པའི་ཆོ་འཕྲུལ་དང་། གླང་པོ་ཆེ་ནོར་སྐྱོང་འདུལ་བ་དང་།

p. 911

སྐལ་བ་དང་ལྡན་པའི་སྐྱེ་བ་དག་པར་བཞུགས་པ་དང་། ཕས་ཀྱི་རྒོལ་བ་ཚར་བཅད་པ་དང་། ལྷུང་བཟེད་ཀྱི་བསོད་སྙོམས་ལ་ཁ་ན་མ་ཐོ་བ་མེད་པ་དང་། འཇིག་རྟེན་གསུམ་གྱི་འཁོར་འདུལ་བ་དང་། བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཉིད་དང་། ཡོངས་སུ་མྱ་ངན་ལས་འདས་པ་དང་། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྟེ། དེ་ལྟར་རིགས་ཀྱི་བུ་འདི་ལྟར་ཁྱད་པར་དུ་མ་རྨི་ལམ་ལྟ་བུར་སངས་རྒྱས་ཀྱི་རོལ་པ་མཆོག་ཏུ་སྟོན་པར་མཛད་དེ། གང་ཞིག་གྲུབ་པ་སྒྱུ་མའི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་དོ། །ཞེས་གསུངས་སོ། །དེ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་རིས་མེད་པའི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའམ་རྡོ་རྗེ་འཆང་ཞེས་གྲགས་པ་དེ་ཉིད་བཞུགས་པའི་ཞིང་ཁམས་དང་གནས་ནི། སྒྲིབ་པ་མེད་པ་གཤེགས་བཞུད་མཐའ་དག་གིས་དབེན་ཀྱང་གཤེགས་བཞུད་འགྲོ་འོང་ལ་སྒྲིབ་ཐོགས་དང་བྲལ་བ། སྒྲིབ་བཅས་ལས་ཀྱི་གནས་ལས་གྲོལ་ཀྱང་འཁོར་བ་

p. 912

དང་ལས་ཀྱི་གནས་ཐམས་ཅད་ཕལ་པའི་བཅུད་གྲུབ་པའི་བཅུད་དུ་བྱས་པ་ལྟ་བུའི་རོ་མཉམ་གྱི་གནས་ལ་སྒྲིབ་བྲལ་གྱི་སྲིད་གསུམ་བསྐྱེད་པར་མཛད་པའི་བཅོམ་ལྡན་འདས་ཀྱིས། དག་པའི་རྡུལ་ཕྲ་རབ་རེ་རེའི་རྩེར་ཡང་རང་རང་གི་ཐེག་པར་ཞུགས་པའི་རྒྱལ་བ་སྲས་བཅས་སློབ་པ་དང་མི་སློབ་པའི་སའི་བདག་ཉིད་ཀྱི་གནས་ལ་བཞུགས་པའི་གནས་འཁོར་དང་ཐབས་གཅིག་པར་སེམས་ཅན་རྣམས་ཀྱི་ཚོགས་གཉིས་མ་རྫོགས་པ་ཇི་སྲིད་དུ་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱི་མཐའ་དང་མཉམ་པའི་དག་པ་དང་མ་དག་པའི་ཞིང་ཁམས་ཐམས་ཅད་སངས་རྒྱས་འདིའི་ཞིང་དུ་གསུངས་ཏེ། དུས་འཁོར་ལས། སངས་རྒྱས་ཞིང་ནི་མ་ལུས་ལས་ཅན་མིན་པར་སྲིད་གསུམ་བསྐྱེད་པར་རྣམ་པར་གཟིགས་ནས་ནི། །གཉིས་ཀ་རོ་མཉམ་དག་པའི་རྡུལ་ལ་སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ། །སོ་སོ་རེ་རེ་རོ་ཡི་རྡུལ་ལ་གཉིས་ཀའི་རིགས་ཀྱི་དབང་གིས་རྡོ་རྗེའི་སྲས་པོ་རྣམས་ཀྱིས་

p. 913

བསྐོར། །ས་ལ་སོགས་པའི་རྡུལ་ལ་མ་ལུས་རིགས་ལ་གནས་པ་མཐའ་ཡས་མི་གཡོ་ལ་སོགས་རབ་ཞུགས་རྣམས། །དེ་དག་རྣམས་དང་ཐབས་གཅིག་རྡོ་རྗེ་སེམས་དཔའ་ཆགས་པའི་དུས་ཀྱི་བར་དུ་མཁའ་ལ་རྣམ་པར་བཞུགས། །ཞེས་གསུངས་སོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །ཧེ་རུ་ཀ་དཔལ་མ་དྲོས་ཐུགས་རྗེའི་ཡིད་བཞིན་མཚོ། །གང་ལས་གསུངས་རབ་ཆུ་བོ་བཀའ་བབས་བཞིར་འོངས་པ། །དེ་ཡིས་ས་ལ་གྲུབ་པའི་པད་ཚལ་ཅི་ཡང་བསྐྱེད། །རྒྱལ་བའི་བསྟན་རིམ་མཐར་ཐུག་རྡོ་རྗེ་ཐེག་པ་ཡི། །བརྗོད་དོན་ཨེ་ཝཾ་རོ་མཉམ་ནོར་བུས་གང་གྱུར་པའི། །རྒྱུད་རྒྱལ་རིན་ཆེན་འབྱུང་གནས་ལས་ཕྱུང་རིན་ཆེན་མཆོག །དཔའ་བོའ་དབང་ཕྱུག་ནཱ་རོའ་གདམས་པ་བཻ་ཌཱུ། །བདག་གིས་རྣམ་བཤད་རྒྱལ་མཚན་རྩེར་བཀོད་དག་པ་ཡི། །རྡོ་རྗེ་རྣམ་གསུམ་གྲུབ་པའི་འབྲས་བུ་འདོད་རྣམས་ལ། །ཟུང་འཇུག་མཆོག་སྐུ་ཐོབ་སླད་དམ་ཆོས་རིན་ཆེན་ཆར། །འགྲོ་བ་སྐལ་ལྡན་

p. 914

རྣམས་ལ་ཕབ་ཀྱི་ཚིམ་པར་གྱིས། །སེང་གེའི་ཁྲིར་བཞུགས་ཐུབ་དབང་ཞལ་གྱི་ཆུ་སྐྱེས་ལས། །མངོན་པར་བྱུང་བ་ཟབ་མོ་བསྐྱེད་དང་རྫོགས་པ་ཡི། །རིམ་པ་སྒྲིབ་གསུམ་དག་བྱེད་རྡོ་རྗེ་གངྒཱའི་རྒྱུན། །མཐའ་དྲུག་ཞི་བའི་སྐྲ་ཚོགས་ཕྱག་རྒྱས་དམ་བཅིངས་པ། །གྲུབ་པའི་གསང་ཚིག་ངག་གིས་ལེགས་པར་བཀྲོལ་བྱས་ཏེ། །བདག་གི་བསོད་ནམས་ཛཱ་ཧུའི་སྙིམ་པ་སྐྱེངས་པས་འཐུངས། །སླར་ཡང་བསྐལ་བཟང་བྷ་གོ་ར་ཐའི་བསྟན་པ་ལས། །ས་སྟེང་སྡིག་པ་ཞི་སླད་རྣམ་བཤད་འདི་སྤྲོས་སོ། །འདི་ནི་བླུན་པོ་ལོག་བློར་འཕྱན་པ་ཡི། །ང་རྒྱལ་རང་གའི་འཇུག་པས་མ་ཡིན་པར། །ཧེ་རུ་ཀ་དཔལ་མངའ་བདག་ལོ་ཙཱ་ཆེ། །གྲུབ་པའི་གཙུག་ཏོར་ཉ་བའི་འོད་དཀར་གྱིས། །བོད་ཡུལ་སྣང་བར་མཛད་པའི་བཀའ་དྲིན་ལས། །མཁའ་འགྲོའི་དབང་ཕྱུག་རྗེ་བཙུན་ཐོས་པ་དགའ། །བདེ་ཆེན་ཐིག་ལེ་གཟིགས་པའི་ངོ་མཚར་ལ། །དགྱེས་པར་རོལ་བའི་བཞད་སྒྲ་ཅི་ཡང་གདའ། །རྫོགས་པའི་སངས་རྒྱས་སྒམ་པོ་པ་དེ་ཡང་། །

p. 915

དངོས་ཀུན་ཕྱག་རྒྱ་ཆེན་པོར་བྱིན་བརླབས་ནས། །བདེ་ཆེན་རྟག་པ་ཞུ་བའི་གཟུགས་བརྙན་གྱིས། །ཟུང་འཇུག་ལམ་དུ་གཤེགས་སོ་སྐལ་བ་བཟང་། །ཕྱོགས་བཅུའི་ཞིང་དུ་ཇི་སྙེད་རྒྱལ་བ་དང་། །དབྱེར་མེད་ཆུ་ཟླའི་སྐུ་ཡི་རང་བཞིན་ལས། །ད བྱངས་གསལ་འགྱུར་མེད་སྐྱེ་བའི་འཕྲེང་བ་ཅན། །དུས་གསུམ་མཁྱེན་ཞེས་ཞྭ་ནག་ཅོད་པན་འཛིན། །དྲང་སྲོང་ཆེན་པོ་སྦྱངས་ཡོན་མཐར་ཕྱིན་པ། །དེ་སློབ་ཉིང་སློབ་བརྒྱུད་པར་བཅས་པ་ཡི། །འཁྲུལ་མེད་མན་ངག་ཐོབ་པ་ཁོ་ནས་འདིར། །རྫོགས་རིམ་ཟབ་མོའ་རྒྱས་འགྲེལ་འདི་བརྩམས་སོ། །གལ་ཏེ་བདག་བློ་རྨོངས་པའི་བབ་ཅོལ་གྱིས། །ཚིག་དོན་ལོག་པའི་འཁྲུལ་པ་མཆིས་པའམ། །གསང་བ་སྤེལ་བས་ནོངས་པར་གྱུར་སྲིད་ན། །བདེ་གཤེགས་བརྩེ་ཆེན་བདོ་བའི་འཕྲིན་ལས་དང་། །རྣལ་འབྱོར་མ་དཔལ་སྟོང་པའི་ཡེ་ཤེས་སུ། །ཆོས་ཀུན་ཐིམ་པའི་རོ་མཉམ་ཆེན་པོ་ཡིས། །ནོངས་པའི་ཚོགས་རྣམས་ནོངས་པར་བཟུང་ནས་ཀྱང་། །ཐུགས་རྗེས་ཚངས་

p. 916

པའི་འབྲས་བུ་ཅིས་མི་སྩོལ། །ཚུལ་འདིར་འབད་ལས་དགེ་བ་ཅུང་ཟད་སྐྱེས་གྱུར་པ། །དེ་ཡིས་ཆོས་ཀྱི་གཏམ་འདི་ཉི་མའི་འོད་བཞིན་དུ། །འགྲོ་བའི་རྨོངས་པ་འཕྲོག་སླད་ཕྱོགས་རྣམས་ཀུན་ཏུ་ཡང་། །ཐར་པའི་ལམ་མཆོག་རབ་ཏུ་གསལ་བར་བྱེད་གྱུར་ཅིག །ཇི་སྲིད་ནོར་གྱི་བློ་གྲོས་མ་འདི་ལྷུན་པོའ་ནུ་མ་མངོན་མཐོ་ཞིང་། །ཆུ་གཏེར་འོག་པགས་གཡོ་བའི་འཕྲུལ་གྱིས་སྐྱེ་དགུའི་བདེ་ལེགས་འཛིན་བྱེད་པ། །དེ་སྲིད་བདག་གི་ཆོས་ཀྱི་གཏམ་འདི་འཇིག་རྟེན་དུ་ནི་གནས་གྱུར་ཏེ། །སྐྱེ་བོ་བྱང་ཆུབ་ལ་ཞུགས་རྣམས་ཀྱི་གླིང་དང་གནས་སུ་འགྱུར་བར་ཤོག །ཇི་སྲིད་སངས་རྒྱས་འཇིག་རྟེན་འདྲེན་པ་ཉིད་མཛད་ཅིང་། །ཞི་བའི་ཆོས་ནི་སེམས་ཅན་ཚོགས་ཡོངས་སྒྲོལ་བ་དང་། །འཕགས་མཆོག་དགེ་འདུན་འགྲོ་བས་ཕྱག་བྱར་འོས་གྱུར་པ། །དེ་སྲིད་ཆོས་ཀྱི་གཏམ་འདིའང་འགྲོ་བས་མཆོད་བྱར་ཤོག །གཞན་ཡང་སེམས་ཅན་མ་ལུས་རྡོ་རྗེའི་ཐེག་མཆོག་ཏུ། །ལེགས་པར་ཞུགས་ནས་ཨ་ཝ་དྷཱུ་ཏིའི་ལམ་བསྒྲུབས་ཏེ། །ཟུང་འཇུག་

p. 917

མ་ནིང་བླ་མེད་བདེ་བ་ཆེན་པོའ་ས། །བཅོམ་ལྡན་རྡོ་རྗེ་སེམས་དཔའི་གོ་འཕང་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་སྐད་གཉིས་སྨྲ་བ་ཆེན་པོ་སྐྱོགས་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱི་སྐྱེ་བ། བརྡའ་སྤྲོད་པ་ལ་སོགས་པ་རིག་པའི་གནས་རྣམས་ལེགས་པར་ཤེས་ཤིང་ཟབ་མོའ་ལམ་ལ་བཟློག་ཏུ་མེད་པའི་མོས་པ་ཅན་ཀརྨ་ལྀ་ཀཱ་ར་ཞེས་པས། ལྷག་པའི་བསམ་པ་རྣམ་པར་དག་པས་བསྐུལ་ཞིང་ཡི་གེ་པ་བགྱིས་པའི་ངོར། དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་སློབ་དཔོན་ཆེན་པོ་རྒྱལ་བ་ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱི་སྐུ་ཅན་དཀོན་མཆོག་འབངས་ཀྱི་བཀའ་དྲིན་ལས། རྣལ་འབྱོར་བླ་ན་མེད་པའི་བསྐྱེད་རྫོགས་ཀྱི་རིམ་པ་མཉམ་མེད་དྭགས་སྐོར་བའི་ལུགས་བཞིན་ཕྱོགས་ཙམ་རྟོགས་པའི་དགེ་སློང་རྡོ་རྗེ་འཛིན་པ་གྲགས་པ་དོན་གྲུབ་ངག་གི་དབང་ཕྱུག་རྡོ་རྗེ་སྙིང་པོ་དགའ་བའི་འཕྲེང་བ་ཞེས་བགྱི་བས་རང་ལོ་ཉེར་ལྔ་པ་ལ། རི་བོ་ཆེན་པོ་ཤཱནྟིའི་ཉེ་ལོགས་ཀརྨ་བཤད་སྒྲུབ་གླིང་གི་དགེ་

p. 918

འདུན་གྱི་སྡེ་ལ་སོགས་པར་སྦྱར་བའི་དགེ་བས་འགྲོ་བ་ཐམས་ཅད་ཀྱིས་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་གོ་འཕང་འགྲུབ་པར་གྱུར་ཅིག །དེ་ལྟར་གྲུབ་པའི་རྟོག་པ་རྨད་དུ་བྱུང་བ་ངོ་མཚར་དང་བཅས་པ་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་ནཱ་རོ་ཆོས་དྲུག་གི་རྣམ་པར་བཤད་པ་བླ་ན་མེད་པའི་རྒྱུད་སྡེ་མཐའ་དག་གི་ངེས་པའི་དོན་གྱི་སྙིང་པོ་གསལ་བར་བྱེད་པ་དྭགས་བརྒྱུད་གྲུབ་པའི་མཛེས་རྒྱན་ཞེས་བྱ་བ། གསང་བ་ལས་ཆེས་གསང་བ་འདི་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ལྕམ་དྲལ་དང་། དཔལ་ལྷ་མོ་དུད་སོལ་མ་འཁོར་དང་བཅས་པས་བདག་ཏུ་ཟུང་ལ། སྐལ་བ་དང་མི་ལྡན་པ་རྣམས་ཀྱི་ལག་ཏུ་མ་བཏང་ཞིག །གཅིག་ཞུས།

Pecha page