← Search

མཚུར་ཕུ་དྲུང་པ་ཤྲི་རྒྱལ་ཚབ་གསུང་འབུམ། །

རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ། རྒྱལ་ཚབ་ལྔ་པ་གྲགས་པ་ཆོས་དབྱངས། རྒྱལ་ཚབ་དྲུག་པ་ནོར་བུ་བཟང་པོ། རྒྱལ་ཚབ་བརྒྱད་པ་ཆོས་དཔལ་བཟང་པོ། རྒྱལ་ཚབ་དགུ་པ་གྲགས་པ་ཡེ་ཤེས། རྒྱལ་ཚབ་བཅུ་པ་བསྟན་པའི་ཉི་མ། རྒྱལ་ཚབ་བཅུ་གཅིག་པ་གྲགས་པ་རྒྱ་མཚོ།

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལས་བྱུང་བའི་ཆོ་ག་སློབ་དཔོན་བོ་དྷི་སཏཱས་མཛད་པ་ལག་ལེན་ལྷན་ཐབས་ཀྱིས་བརྒྱན་པ།

p. 1

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལས་བྱུང་བའི་ཆོ་ག་སློབ་དཔོན་བོ་དྷི་སཏཱས་མཛད་པ་ལག་ལེན་ལྷན་ཐབས་ཀྱིས་བརྒྱན་པ་བཞུགས་སོ།

p. 2

དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །ཆོ་ག་བྱེད་པར་འདོད་པས་ལུས་ལེགས་པར་བཀྲུས་ལ་གོས་བཟང་པོ་དྲ་ིམ་མེད་པ་བགོ་ཞིང་ཁ་ཟས་གཙང་མ་བཟའ་བར་བྱ། སེམས་ཉོན་མོངས་པ་ལ་སོགས་པའི་དྲི་མ་མེད་པར་བྱས་ཏེ། དཀོན་མཆོག་གི་ཡོན་ཏན་དང་མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་ཤིང་དད་པ་དང་གུས་པ་བསྐྱེད། ཚད་མེད་པ་བཞི་སྒོམ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང། དུས་བཟང་པོ་ཚེས་བརྒྱད་ལྟ་བུ་ལ་བརྩམ། གནས་ཡིད་དུ་འོང་བ་གཙང་མར་བྱས་ལ་གདུགས་དང་རྒྱལ་མཚན་མང་པོས་ལེགས་པར་བརྒྱན་པའི་ནང་དུ་

p. 3

སྤོོས་ཀྱིས་བྱུགས་པའི་མཎྜལ་ཆེན་པོ་ངོས་རེ་ལ་ཁྲུ་དོ་རེའམ་ལས་ཁྲུ་རེའམ་ལས་མི་ཆུང་བར་བྱས་ལ། དེར་དཀྱིལ་འཁོར་སྤྱི་ཐིག་ལྟར་བཏབ་སྟེ་འོག་གི་གནས་བྱིན་རླབས་དང་མཐུན་པར་གཞལ་ཡས་ཁང་གི་གདན་པདྨ་དང་། དེའི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྩིག་པ་རིམ་ལྔ་རྟ་བབས་བཞི་འདོད་སྣམ་ཕ་གུར་ཤར་བུ་མདའ་ཡབ་དྲ་བ་དྲ་ཕྱེད་སོགས་སྤྱི་འགྲོ་བཞིན་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་འདབ་མ་རྣམས་ལ་བདེ་གཤེགས་བརྒྱད་ཆོས་པུ་སྟི་དང་བཅས་པའི་གདན་སེང་གེའི་ཁྲི་བརྒྱད། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདན་སྣ་ཚོགས་པད་ཟླ་ཕྱོགས་བཞིར་གསུམ་གསུམ་དང་མཚམས་བཞིར་རེ་རེ་སྟེ་བཅུ་དྲུག །ལྷ་སྣམ་གསུམ་པ་ལ་གཡས་གྲལ་དུ་གཞུང་གི་

p. 4

དངོས་བསྟན་ལ་ཚངས་པ་བརྒྱ་བྱིན་གཉིས་ལས་མི་གསལ་ཡང་དེའི་ཤུགས་དང་སོགས་ཁོངས་ནས་ཐོན་པའི་དབང་དུ་མཛད་དེ་བླ་མ་གོང་མ་དག་གི་ལྷན་ཐབས་ལས་འབྱུང་བ་ཕྱོགས་སྐྱོང་བཅུའི་གདན་སྣ་ཚོགས་པད་ཟླ་བཅུ། གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ཀྱི་གདན་སྣ་ཚོགས་པད་ཟླ་བཅུ་གཉིས། སྒོ་བཞིར་རྒྱལ་ཆེན་བཞིའི་གདན་སྣ་ཚོགས་པད་ཟླ་རེ་རེ་རྣམས་བྲིས་པའི་ཕྱི་རོལ་གྱི་ཁོར་ཡུག་རྡོ་ར་མེ་རིའི་དོད་དུ་འོད་ཕྲེང་གིས་བསྐོར་བ་ནས་ཆ་ཆེན་གསུམ་ཙམ་གཞལ་བར་རིན་པོ་ཆེ་སྣ་ཚོགས་ཀྱི་ཕ་གུའི་རྩིག་པ་གྲུ་བཞི་ཕྱོགས་བཞིར་སྒོ་བཞི་དོད་པ་བྱས་པའི་ནང་གི་ཁོངས་རྣམས་ཀྱང་ཚོན་ཕྱེ་མའམ་མེ་ཏོག་གི་དགྲམ་པར་བྱས་ལ། དེའི་ཕྱོགས་མཚམས་རྣམས་སུ་རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ་དང་རྫིང་བུ་ཆུ་བྱ་དང་མེ་ཏོག་གིས་བརྒྱན་པ་སྤེལ་མར་ཇི་ཙམ་འོས་ཤིང་མཛེས་པ་ཡང་བྲི་བར་བྱའོ། །དེ་ནས་འབྱོར་ན་ནང་གི་གདན་རྣམས་ཀྱི་སྟེང་དུ་འོག་ནས་འབྱུང་བའི་གོ་རིམ་བཞིན་སོ་སོའི་སྐུ་ལུགས་སྐུའམ། རས་བྲིས་སམ། འཇིམ་པ་ལ་བྱས་པ་ཡང་རུང་སྟེ་རིང་བསྲེལ་དང་བཅས་པ་བཞུགས་པར་བྱ་ལ། མ་འབྱོར་ན་དཀྱིལ་འཁོར་སྤྱིའི་རིགས་པས་འཁོར་འཇིག་རྟེན་པ་དང་

p. 5

འཇིག་རྟེན་ལས་འདས་པའི་གདན་ཡང་བཤམས་པ་ཀུན་ལ་སོ་སོའི་སྐུ་མདོག་དང་མཐུན་པའི་ལྷ་མཚན་འགོད་ཅིང་། མཆོད་པ་ཅི་འབྱོར་པ་ཡང་བཤམ་སྟེ། སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་དང་། ཚོན་སྣ་ལྔ་པའི་བ་དན་བདུན་བདུན་བཞག །གཞན་ཡང་སྤོས་དང་། མེ་ཏོག་དང་། དྲི་དང་། ལྷ་བཤོས་དང་། རོལ་མོའི་བྱེ་བྲག་དང་། རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་ཀྱི་རྫས་བརྒྱད་དང་། གོང་དུ་ལྷ་ལ་ཁྲུས་གསོལ་དང་། བཟླས་པའི་རྗེས་སུ་ཁྲུས་བྱ་བའི་ཡོ་བྱད་དྲི་བཟང་གི་ཆུས་གང་བའི་བུམ་པ་ལ་སོགས་པ་སྟ་གོན་བྱའོ། །གལ་ཏེ་དཀྱིལ་འཁོར་སོགས་འདི་ཀའི་དངོས་བསྟན་བཞིན་མ་གྲུབ་ན། མདོ་ཆོག་ཆུང་བར། མཎྜལ་མེ་ཏོག་གི་ཚོམ་བུ་ལྷའི་གྲངས་དང་མཉམ་པ་བཀོད། སྐུ་གསུང་ཐུགས་ཀྱི་རྟེན་ཅི་རིགས་པ་བཞུགས། མཆོད་པ་ཅི་འབྱོར་པ་ཡང་བཤམ་སྟེ། ནུས་པ་མ་བསྲིས་པར་བཤམ། ཞེས་འབྱུང་བ་ལྟར་བྱ། མདོ་སྡེ་འདི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་ཡང་ཅི་ནུས་ཀྱིས་བཀླག གཟུངས་ཀྱི་ཆོ་ག་འདི་ཞག་བདུན་ནམ། ཉི་ཤུ་རྩ་གཅིག་གམ། སུམ་ཅུ་རྩ་ལྔའམ། བཞི་བཅུ་རྩ་དགུ་སྙེད་དུ་བཀླག་པར་བྱའོ། །དེ་ལྟར་མཆོད་

p. 6

པ་བཤམས་པ་དང་། དགེ་འདུན་འཚོགས་ནས་སྟན་བདེ་བ་ལ་འདུག་ནས། ཆོ་ག་དངོས་ལ་དང་པོར། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། གང་ཞིག་རྟེན་ནས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པ་བདག་དོན་དྲན་བཞིན་དུ་བརྗོད་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་ནུས་སུ་སྒོམ། དེ་ལས་ལངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་

p. 7

གནས་པར་གྱུར་ཅིག །ཅེས་ཚད་མེད་པ་བཞི་སྒོམ་ཞིང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལན་གསུམ་གྱིས་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱ། དེ་ལྟར་རང་གི་ནུས་པ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པས་དེ་ལྟར་བྱིན་གྱིས་བརླབས་པར་ཡང་བསམ། དེ་ནས་གནས་བྱིན་གྱིས་བརླབ་པར་བྱ་སྟེ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལས་འབྱུང་བའི་ཆོ་ག་བཞིན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་འཕགས་པ་དམ་པའི་

p. 8

ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་སྦྱར་བ་འདི་རྣམས་ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྦྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པའི་ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུའི་བརྩིགས་པ། གསེར་དང་། དངུལ་དང་། མུ་ཏིག་གི་བྱེ་མ་གྲམ་བུར་བདལ་བ། ཨུད་པ་ལ་དང་། ཀུ་མུ་ད་དང་། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང་། ཆུ་བྱ་སྣ་ཚོགས་སྐད་སྙན་པ་སྒྲོགས་པ། དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་

p. 9

ལྡན་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ་ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་ཕྲེང་དང་། རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་སྦྲེངས་པས་ལེགས་པར་བརྒྱན་པའི་ས་གཞི་ལ། གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པ་ོརབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་

p. 10

གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་ཉིད་དང་སྨོན་པ་མེད་པ་ནས་འཇུག་པ་རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་བའི་དབུས་སུ་

p. 11

པདྨའི་གདན་རིན་པོ་ཆེའི་སེང་གེའི་ཁྲིིའི་སྟན་ལ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་སྒྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་བཞུགས་གནས་འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང་། མངའ་ཐང་དང་

p. 12

འཚམ་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་དུ་ཡང་ཆ་རིགས་དང་འཚམས་པར་ཡང་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་ན་བཟའ་དང་རྒྱན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་གོང་གི། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཞེས་པ་ནས། གྱུར་ཅིག །གི་བར་ལན་གསུམ་དུ་བཟླས། དེ་ནས་ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་

p. 13

དུ་གྱུར་ཅིག །ཅེས་ཀྱང་ལན་གསུམ་དུ་བཟླས། མཆོད་པའི་ཚོགས་བྱིན་གྱིས་བརླབས་པའི་འོག་ཏུ་འཕགས་པ་སྤྱན་དྲངས་ཏེ། པུས་མོ་བཙུགས་ཏེ་མེ་ཏོག་བླངས་ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱ ངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱིི་རྒྱལ་པོ་དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

p. 14

དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་སླད་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཟང་ཞིང་རླབས་ཆེ་བ། མཐུ་དང་བྱིན་གྱི་རླབས་དཔག་ཏུ་མ་མཆིས་པ་མངའ་བ་ལ་བརྟེན་ཏེ། ཆེ་གེ་མོ་ཞེས་སྤྱི་ཙམ་གྱི་ཚིག་ཏུ་གསུངས་པ་འདིའི་མལ་དུ་རང་གཞན་གང་གི་དོན་དུ་ཆོ་ག་བྱེད་པ་དེ་ཉིད་ཀྱི་མིང་འཇུག་དགོས་པ་ལས། སྐབས་དོན་སྦྱིན་བདག་ལྟ་བུ་སོ་སོའི་མིང་སྤེལ་བ་སོགས་

p. 15

འོག་མ་ཀུན་ལའང་ཤེས་པར་བྱས་ལ། ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་གིས་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ཡང་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་སྔོན་གྱིི་སྨོན་ལམ་ཁྱད་པར་ཅན་ལས་གླེང་ཏེ། བདག་ཅག་མངའ་རིས་ཀྱི་གདུལ་བྱ་རྣམས་ཕྱག་མཚན་དུ་བཞེས་པའི་ནང་དུ་གཏོགས་ཏེ་བཀའ་དྲིན་ཐོབ་པའི་འཕྲོ་མཆིས་པ་ཙམ་ལ་བརྟེན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་

p. 16

དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅ་ིགནང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། རྒྱལ་བའི་སྲས་པོ་སྐྱབས་གྲོལ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་བཀའ་སྩལ་པའི་ཚེ་གདན་འཛོམ་པར་འདུས་ཏེ། མདོའི་དོན་བྱིན་གྱིས་བརླབས་ཤིང་དེ་བཞིན་གཤེགས་པའི་བཀའ་སྒྲུབ་པར་ཐུགས་བསྐྱེད་པ་དེ་དག་ཀྱང་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། སྔོན་གྱི་དེ་བཞིན་

p. 17

གཤེགས་པ་གདན་འཛོམ་པ་ཆེན་པོས་བཀས་གཏད་ཅིང་སོ་སོ་ནས་ཀྱང་ལྷའི་ཚིག་བདེན་པས་མདོངས་གསོལ་དུ་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་སྐྱོང་བར་མཛད་ཅིང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འདི་ཡང་ལྷག་པར་ཕྱག་མཚན་དུ་བཞེས་པ། ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་སྲས་ལ་སོགས་པ་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ཀྱང་ཆེ་གེ་མོ། ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་

p. 18

པར་རྒྱས་པའི་མདོ་སྡེ་འཆང་བ་དང་མཆོད་པ་ལ་སོགས་པའི་སེམས་ཅན་དེ་དག་ཕྱག་མཚན་དུ་བཞེས་ཤིང་བསྲུང་བར་ཞལ་གྱིས་བཞེས་པ། གནོད་སྦྱིིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཐམས་ཅད་ལ་ཡང་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེང་ཏེ་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་

p. 19

གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། སྐབས་འདིར་སྤྱན་དྲང་བའི་ཚིགས་བཅད་ཆོས་སྤྱོད་རབ་གསལ་ལས་འབྱུང་བ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་མཛད། །ཁྱོད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་བཞིན་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་སྒྲོལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་

p. 20

གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་བྱོན་ཚུར་བྱོན་ཞི་དག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་པའི་བར་བཀླག །སྤྱན་དྲངས་པའི་རྗེས་ལ་སོ་སོའི་ཞིང་ཁམས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས་པ་ནི། བླ་མ་གོང་མ་དག་གི་མཆོད་ཕྲེང་དང་ལྷན་ཐབས་སོགས་སུ་མངོན་རྟོགས་འདྲ་མིན་འགའ་ཞིག་མཐོང་བ་ལས། ཇོ་བོས་ཡེར་པར་སྨན་བླའི་ལྷ་ཚོགས་ཞལ་གཟིགས་པའི་ཞིང་བཀོད་དང་བསྟུན་ཏེ། སེང་གེའི་ཁྲི་དབུས་མ་ལ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་སྐུ་མདོག་

p. 21

མཐིང་ག་ཨུཏྤལ་སྔོན་པོ་ལྟ་བུ་ཕྱག་གཡས་མཆོག་སྦྱིན་གྱིས་ཨ་རུ་ར་དང་གཡོན་མཉམ་གཞག་གིས་བདུད་རྩི་སྨན་གྱི་ལྷུང་བཟེད་བསྣམས་པ། ཕྱོགས་མཚམས་བརྒྱད་ཀྱི་སེང་གེའི་ཁྲི་རྣམས་ལ། ཤར་ལྷོ་ནས་གཡས་སྐོར་དུ་རིམ་པ་བཞིན། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་སྐུ་མདོག་སེར་པོ་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག །དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་སེར་པོ་ཕྱག་གཉིས་ཆོས་འཆད། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དམར་སེར་ཕྱག་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག །དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དཀར་པོ་ཕྱག་གཉིས་ཆོས་འཆད། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དམར་པོ་ཕྱག་གཉིས་མཉམ་གཞག །དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་

p. 22

བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དམར་སེར་ཕྱག་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སེར་པོ་ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ་དེ་ཐམས་ཅད་ཀྱང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་ན་བཟའ་ཆོས་གོས་གསུམ་གྱིས་བཀླུབས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའི་ཆོས་པུསྟི་ཡང་བཞུགས། བར་ཀྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླེང་གཞི་ལས་འབྱུང་བའམ། ཡང་ན་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བཞུགས་པའི་གདན་བཤམས་པར། མེ་མཚམས་ནས་དབང་ལྡན་གྱི་བར་གཡས་སྐོར་དུ་རིམ་པ་བཞིན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དཀར་པོ་ཕྱག་གཡས་པད་དཀར་འཛིན་ཅིང་གཡོན་དཀུར་བརྟེན་པ། ཉི་མ་ལྟར་སྣང་བྱེད་སེར་པོ་ཨུཏྤ་ལའི་སྟེང་ན་ཉི་མས་མཚན་པའི་པུ་སྟི་དང་། ཟླ་བ་ལྟར་སྣང་བྱེད་དཀར་པོ་ཟླ་བས་

p. 23

མཚན་པའི་པུ་སྟི་པདྨའི་སྟེང་དུ་འཛིན་པ། བློ་གྲོས་ཆེན་པོ་སེར་པོ་པད་དཀར་གཡས་ངོས་སུ་འཛིན་པ་རྣམས་ཕྱག་གཡོན་དཀུར་བརྟེན་པ། སྤོབས་པ་བརྩེགས་པ་དང་། རྣམ་པར་གནོན་པ་དོན་ཡོད་གཉིས་དཀར་པོ་ཕྱག་གཡས་རལ་གྲི་དང་གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། ལྟ་ན་སྡུག་དཀར་པོ་ཕྱག་གཉིས་ཆོས་འཆད་ཀྱིས་ཨུཏྤ་ལ་པུ་སྟིས་མཚན་པ་གཡོན་ངོས་སུ་འཛིན་པ། མུན་པ་མུན་ནག་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དཀར་པོ་ཕྱག་གཡས་རིན་པོ་ཆེའི་དབྱུག་པ་འཛིན་ཅིང་གཡོན་ཁུ་ཚུར་དཀུར་བརྟེན་པ། བསམ་པ་ལེགས་པར་རྣམ་པར་སེམས་པ་དཀར་པོ་ཕྱག་གཉིས་ཀྱིས་ཐུགས་ཀར་བུམ་པ་འཛིན་པ། ལྷུན་པོ་བརྩེགས་དཀར་པོ་ཕྱག་གཉིས་ཆོས་འཆད་ཀྱིས་གཡས་ངོས་སུ་པདྨ་དཀར་པོ་འཛིན་པ། སང་སང་པོའི་དབྱངས་སྔོན་པོ་ཕྱག་གཉིས་ཆོས་འཆད་ཀྱིས་གཡས་ངོས་སུ་རྡོ་རྗེ་དང་རིན་པོ་ཆེས་མཚན་པའི་ཨུཏྤ་ལ་སྔོན་པོ་འཛིན་པ། ལྷུན་པོ་ཆེན་པོ་རྩེ་འཛིན་རྒྱལ་པོ་

p. 24

དམར་པོ་ཕྱག་གཉིས་ཆོས་འཆད་ཀྱིས་གཡོན་ངོས་སུ་རིན་པོ་ཆེའི་སྙེ་མ་འཛིན་པ། བྱམས་པ་དམར་སེར་ཕྱག་གཉིས་ཆོས་འཆད་ཀྱིས་གཡས་ངོས་སུ་བུམ་པས་མཚན་པའི་ཀླུ་ཤིང་གི་ཡལ་ག་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་། དེའི་མདུན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་སེར་པོ་ཕྱག་གཉིས་ཆོས་འཆད་ཀྱིས་ཨུཏྤ་ལའི་སྟེང་དུ་རལ་གྲི་དང་པུསྟི་གཡས་གཡོན་དུ་འཛིན་པ་དང་། སྐྱབས་གྲོལ་དཀར་པོ་རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན་པ་དང་། ཕྱག་ན་རྡོ་རྗེ་ལྗང་གུ་ཕྱག་གཡས་རྡོ་རྗེ་དང་གཡོན་ཕྲེང་བ་འཛིན་པ་གསུམ་གདན་འཛོམ་པ་ལ་སྔོན་གྱི་ཐུགས་དམ་བསྐུལ་ཞིང་ཕྲིན་ལས་མཛད་ཅིང་བཞུགས་པ་དེ་ཐམས་ཅད་ཀྱང་ལྷའི་ལུས་ལ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསམ། གསུམ་པ་ལ་གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱི་གདན་བཤམས་པར་མདུན་ནས་རིམ་པ་བཞིན་

p. 25

གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་སེར་པོ་རྡོ་རྗེ། རྡོ་རྗེ་དམར་སྨུག་རལ་གྲི། རྒྱན་འཛིན་སྔོན་པོ་དབྱུག་ཐོ། གཟའ་འཛིན་དམར་པོ་རྩེ་གསུམ། རླུང་དམར་སྨུག་རལ་གྲི། གནས་བཅས་སེར་པོ་དབྱུག་ཐོ། དབང་འཛིན་དམར་པོ་འཁོར་ལོ། བཏུང་འཛིན་སེར་པོ་ཞགས་པ། སྨྲ་འཛིན་དང་བསམ་འཛིན་གཡོ་བ་འཛིན་གསུམ་སེར་པོ། རྫོགས་བྱེད་དམར་པོ་རྣམས་དབྱུག་ཐོ་སྟེ་ཐམས་ཅད་ཀྱང་གཡས་རང་རང་གི་ཕྱག་མཚན་དང་གཡོན་ནེའུ་ལེ་འཛིན་པ་འཁོར་གནོད་སྦྱིན་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་དང་། གཡས་གྲལ་དུ་ཚངས་པ་དང་བརྒྱ་བྱིན་གྱི་གདན་བཤམས་པ་སོགས་ལ། མདུན་ནས་རིམ་པ་བཞིན། ཚངས་པ་སེར་པོ་གདོང་བཞི་པ་འཁོར་ལོ་དང་བུམ་པ་འཛིན་ཅིང་ངང་པ་ལ་གནས་པ། བརྒྱ་བྱིན་སེར་པོ་མིག་སྟོང་པ་རྡོ་རྗེ་འཛིན་ཅིང་གླང་པོ་ཆེ་ལ་གནས་པ། མེ་ལྷ་དམར་པོ་དྲང་སྲོང་གི་ཆ་བྱད་གུནྡྷེ་འཛིན་ཅིང་ར་སྐྱེས་དམར་པོ་ལ་གནས་པ། གཤིན་རྗེ་སྔོན་པོ་

p. 26

དབྱུག་ཐོ་འཛིན་ཅིང་མ་ཧེ་ལ་གནས་པ། སྲིན་པོ་དམར་ནག་རལ་གྲི་འཛིན་ཅིང་སྐྱེས་བུ་གྱད་ལ་གནས་པ། ཆུ་ལྷ་དཀར་པོ་སྦྲུལ་ཞགས་འཛིན་ཅིང་ཆུ་སྲིན་ལ་གནས་པ། རླུང་ལྷ་དུད་ཁ་བ་དན་འཛིན་ཅིང་ཤ་བ་ལ་གནས་པ། གནོད་སྦྱིན་སེར་པོ་བེ་ཅོན་འཛིན་ཅིང་རྟ་ལ་གནས་པ། དབང་ལྡན་སྔོ་སྐྱ་རྩེ་གསུམ་འཛིན་ཅིང་ཁྱུ་མཆོག་ལ་གནས་པ། ས་ལྷ་སེར་མོ་བུམ་པ་འཛིན་ཅིང་ཕག་ལ་གནས་པ། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝང་འཛིན་པ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་མིག་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་དུ་རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་དེ་ཐམས་ཅད་ཀྱང་ལྷའི་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་སོ་སོའི་འཁོར་དུ་མ་དང་བཅས་ཏེ་རང་རང་གིས་དམ་བཅས་པ་བཞིན་བསྒྲུབ་ཅིང་བཞུགས་པར་བསམ། མཆོད་པ་དང་དཀྱིལ་འཁོར་སྔར་བདེན་པ་བདར་བའི་ཚུལ་དང་འདྲ་བར་མོས་པར་བྱའོ། །དེ་ལྟར་བསམས་པའི་

p. 27

རྗེས་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་རྒྱལ་བ་མཆོག་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་

p. 28

མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལ་བརྒྱན་པར་བགྱི། །ལྷག་བསམ་དག་པའི་ན་བཟའ་འདི་ཕུལ་བས། །ལུས་ལ་ངུར་སྨྲིག་གོས་གྱོན་སེམས་ལ་ནི། །ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་གྱོན་ནས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །ཞེས་བྱོན་ལེགས་དང་གདན་འབུལ། ཁྲུས་གསོལ། གོས་ཟུང་དབུལ་བ་རྣམས་སྔོན་དུ་འགྲོ་བས་སྤྱིར་ཕྱག་འཚལ་ཞིང་མཆོད་དེ། མཆོད་ཡོན་ལ་སོགས་པ་ཅི་འབྱོར་བས་སོ། །དེ་ལ་དང་པོར་ཕྱག་འཚལ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞབས་འབྲིང་བ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་

p. 29

སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཚོགས་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་བྱང་ཆུབ་

p. 30

སེམས་དཔའི་འཁོར་དུ་མས་ཀུན་ནས་བསྐོར་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་འཁོར་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་འཁོར་བྱང་ཆུབ་སེམས་དཔའ་ཉི་མ་ལྟར་རྣམ་པར་སྣང་བྱེད་དང་ཟླ་བ་ལྟར་རྣམ་པར་སྣང་བྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་

p. 31

མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་ནས་མཆོད་པ་ལ་སོགས་པ་བྱས་ཏེ་ཐུགས་དམ་བསྐུལ་བ། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང་རིག་

p. 32

པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ། འབུལ་ལོ་མཆོད་དོ། དམིགས་ཡུལ་སྐབས་ཐོབ་གང་ཡིན་གྱི་མིང་འདི་ཞེས་བྱ་བ་དང་། བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས་བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་

p. 33

གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱི་ཐབས་མཁས་པ་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་རླབས་པོ་ཆེ་ཇི་ལྟར་བཏབ་ཅིང་བྱིན་གྱིས་བརླབས་པ་དང་། དོན་དེ་ཉིད་ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་ཇི་ལྟར་བཀའ་སྩལ་ཞིང་བྱིན་གྱིས་

p. 34

བརླབས་པ་དང་། འཕགས་པ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་དེ་དག་གི་བཀའ་ལུང་ཡང་དག་པར་སྒྲུབ་པ་དང་སོ་སོའི་དགོངས་སྤྱོད་རྒྱ་ཆེན་པོ་རྫོགས་པར་བསྐང་བའི་སླད་དུ་མདོ་སྡེའི་དོན་སྒྲུབ་པའི་ཕྲིན་ལས་མཛད་པས་འཕགས་པའི་བཀའ་རྟག་པས་ཞལ་གྱིས་བཞེས་ཤིང་ཇི་ལྟར་བྱིན་གྱིས་བརླབས་པ་དང་། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་ཏེ་དམ་པའི་ཆོས་སྐྱོང་བའི་དགེ་བསྙེན་ཆེན་པོ་ཐམས་ཅད་གདན་འཛོམ་པའི་སྤྱན་སྔར་མདོ་སྡེ་དང་མདོ་སྡེ་འཛིན་པའི་སེམས་ཅན་བསྲུང་བ་དང་བསྐྱབ་པར་ཇི་ལྟར་ཞལ་གྱིས་བཞེས་པ་ལ་སོགས་པ་སྔོན་འཕགས་པ་རྣམས་ཀྱིས་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པའི་མདོ་སྡེ་ལས་འབྱུང་བ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་

p. 35

དེ་རྣམས་གདན་འཛོམ་པ་མཛད་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས། འབྱོར་པའི་སྟོབས་ཅི་མཆིས་པས་མཆོད་པའི་ཚོགས་སྦྱར་ནས་གདན་འཛོམ་པའི་སྤྱན་སྔར་མཚན་ནས་བརྗོད་དེ་མཆོད་པ་འབུལ། བཀའ་དྲིན་ནོད་ཅིང་མཆིས་ན་གདན་འཛོམ་པས་སྔོན་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ་བཞིན་དུ། མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་མཛད་ཅིང་ཕན་ཡོན་ཇི་སྐད་འབྱུང་བའི་བཀའ་དྲིན་ཐམས་ཅད་ཆེ་གེ་མོའི་མལ་དུ་དམིགས་ཡུལ་སྐབས་ཐོབ་གང་ཡིན་གྱི་མིང་བཅུག་པ། ལ་སོགས་པ་བདག་ཅག་གིས་འཕྲལ་དུ་ཐོབ་པར་སྩལ་བར་ཅི་གནང་། དེའི་འོག་ཏུ་འཕགས་པ་རྣམས་ལ་རེ་རེ་ནས་མཆོད་པ་འབུལ་ཞིང་སྨོན་ལམ་གདབ་པར་བགྱིའོ། །དེ་ལ་དང་པོར་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ནས་བརྗོད་དེ་མཆོད་ནས་སྨོན་ལམ་དུ་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་

p. 36

ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་གི་འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་ཞེས་པ་ནས། འཚལ་ལོ་ཞེས་པའི་བར་བརྗོད་པས་མཆོད་པ་དབུལ་ཏེ་འོག་མ་རྣམས་ལའང་དེ་ལྟར་དུ་ཤེས་པར་བྱས་ལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་མཚན་ལེགས་པར་འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ། འབུལ་

p. 37

ལོ་མཆོད་དོ། །ཆེ་གེ་ཞེས་བྱ་བ་དང་། བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིག་པའི་ལས་ནི་བགྱིས་བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ།། །། ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་

p. 38

མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ་རིམས་དང་གཤེད་བྱེད་དང་བྱད་དང་རོ་ལངས་དང་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་དང་ནད་ཐམས་ཅད་མེད་པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་འོན་པ་དང་སྨྱོན་པ་དང་ཤ་བཀྲ་དང་ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། མཚམས་མེད་

p. 39

པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་པ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་བའི་ལྷའི་བདེ་བ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ་ཟས་དང་སྐོམ་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་ཕྲེང་བ་དང་ཡོ་བྱད་མི་བདོག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་ཕྲེང་བ་དང་ཡོ་བྱད་འཕེལ་བར་གྱུར་

p. 40

ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཅིང་བ་དང་རྡེག་པ་དང་གོ་རར་གཞུག་པ་དང་མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་རྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པའི་ནང་དུ་ཆུད་དེ་སྲོག་ལ་བབ་ཅིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །འཇིགས་པ་མེད་པ་དང་ཞི་བའི་གནས་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་རྩོད་ཅིང་འགྱེད་པར་

p. 41

འགྱུར་ཏེ་འཁྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་པ་གྲུར་ཞུགས་པ་གླིང་མེད་པར་ཕྱིན་པ་སྲོག་འདོད་པ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག །འཇིགས་པ་མེད་པར་རྒལ་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་

p. 42

པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །དེ་ནས་རིམ་པ་ཇི་ལྟ་བ་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་འབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། བཅོམ་ལྡན་འདས་རིན་པོ་ཆེ་དང་ཟླ་

p. 43

བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་ཀྱི་ལས་ཀྱི་མཐའ་དང་ཚོང་ལ་དགའ་སྟེ་གཡེང་བ་སྣ་ཚོགས་མང་བས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་བྱ྄྄ང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ་འཁོར་བ་ན་འཁྱམ་ཞིང་སོ་སོར་འཁོར་བའི་སྡུག་བསྔལ་རྣམས་མྱོང་བ་དང་རྒ་བ་དང་ན་བ་དང་རྒུད་པ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་སྣ་ཚོགས་སོ་སོར་མྱོང་བ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་བཟའ་བ་དང་བགོ་བ་དང་བཏུང་བ་དང་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་དང་ནོར་དང་འབྲུ་དང་དབྱིག་དང་གསེར་རྣམས་འབྱུང་ཞིང་འབྱོར་བ་ཕུན་སུམ་ཚོགས་པར་གྱུར་ཅིག །དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་གྱུར་ཅིག །བྱང་

p. 44

ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ངན་སོང་གསུམ་དང་སེམས་ཅན་དམྱལ་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་ཐམས་ཅད་ཀྱི་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །སྐྱེ་བ་དེ་ཡང་ཐ་མར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བུད་མེད་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང་སེམས་ཅན་གང་དག་བཙའ་བའི་དུས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །སྐྱེ་བ་དེ་ཡང་ཐ་མར་གྱུར་ཅིག །

p. 45

བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འཆི་བ་དང་དགྲ་དང་དགོན་པའི་གནོད་པས་གཙེས་པ་དང་ཕན་ཚུན་ཕ་མ་དང་སྲིང་མོ་དང་མཛའ་བཤེས་དང་ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་བ་དང་མྱ་ངན་གྱི་ཟུག་རྔུས་ལུས་ལ་ཟུག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང་དགྲ་དང་དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །མྱ་ངན་དང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་ན་རྣམ་པར་རྒྱུ་བ། ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ། སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པས་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་ལས་ཐར་བར་གྱུར་ཅིག །མཆོད་པ་

p. 46

དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ་དགེ་བའི་ཆོས་རྣམས་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་དང་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་དྲན་པ་དང་སྟོབས་དང་གཟུངས་ཀྱི་སྒོ་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་དུ་གྱུར་ཅིག །ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་

p. 47

པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདའ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བསྐལ་པ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བས་འཁྲུགས་པར་གྱུར་ཏེ་ངུ་ཞིང་མྱ་ངན་བྱེད་ལ་སྔོན་གྱི་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་མྱོང་ཞིང་སྐྱབས་མེད་མགོན་མེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དང་མྱ་ངན་དང་བྲལ་བར་གྱུར་ཅིག །བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་

p. 48

ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་བ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་གསེར་

p. 49

བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྲོག་གཅོད་པ། མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ། སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པའི་ལས་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང་ཆུ་དང་དུག་དང་མཚོན་དང་མེ་དང་ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་དེ་དག་ཡོངས་སུ་བྱང་སྟེ་ཚེ་རིང་བར་གྱུར་ཅིག །ནད་མེད་པར་གྱུར་ཅིག །དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་པའི་ལས་སྣ་ཚོགས་བྱས་ཏེ་གཞན་གྱི་རྫས་བརྐུས་ཕྲོགས་པས་དབུལ་པོར་སྐྱེས་ཏེ་སྒྲེན་མོ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་འཕྲལ་དུ་སྡིག་པ་ཐམས་ཅད་བྱང་སྟེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་

p. 50

ཚང་བ་མེད་པ་ཐོབ་པར་གྱུར་ཅིག་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཅིག་ལ་གཅིག་གནོད་སེམས་དང་ལྡན་ཞིང་ཕན་ཚུན་སྲོག་གཅོད་པར་བྱེད་པ་དང་འཐབ་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་ཏེ་ཚུལ་ཁྲིམས་འཆལ་པར་གྱུར་ནས་སྡིག་པ་ཀུན་ཏུ་སྤྱོད་ཅིང་བསླབ་པ་དྲལ་ལ་དད་པས་བྱིན་པ་ལོངས་སྤྱོད་པས་ངན་སོང་གསུམ་དུ་ལྟུང་ཞིང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་འཕྲལ་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཚུལ་ཁྲིམས་ཡང་དག་པར་འཛིན་ཅིང་ལུས་དང་ངག་དང་ཡིད་སྡོམ་པ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་

p. 51

འབྲལ་བར་གྱུར་ཅིག །ཏདྱ་ཐཱ། སིདྡྷེ་སིདྡྷེ། སུ་སིདྡྷེ། མོ་ཙ་ནི། མོཀྵ་ཎི། མུཀྟེ། བི་མུཀ་ཏེ། ཨ་མ་ལེ། བི་མ་ལེ། མཱྃ་ག་ལྱེ། ཧི་རཎྱ་གརྦྷེ། རཏྣ་གརྦྷེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མ་ཨརྠ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨདྦྷུ་ཏེ། ཨ་ཏྱདྦྷུ་ཏེ། བཱིཏ་བྷ་ཡེ། སུ་བརྞྞེ། བྲཧྨ་གྷོཥེ། བྲཧྨཱ་དྷྱུ་ཥི་ཏེ། སརྦ་ཨརྠཐེ་ཥུ་ཨ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུ་ཥྵ་ཥྛི་བྷཱུ་ཏ་ཀོ་ཊི་བྷཱ་ཥི་ཏེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། འཆི་བ་དང་དགྲ་དང་དགོན་པས་གནོད་པར་གྱུར་པ། ཚེ་བསྐལ་པར་ཐུབ་པའི་སེམས་ཅན་དམྱལ་བར་གཞོལ་བའི་སེམས་ཅན་རྣམས་གཟིགས་ནས་དེ་དག་གི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་

p. 52

ཕྱིར་གཟུངས་སྔགས་ཀྱི་གཞི་གསུངས་པ་འདི་བཟླས་པའི་བྱིན་གྱི་རླབས་ཀྱིས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ཅིག །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཆི་བའི་ཚེ་ཡང་བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པས་དགོངས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་གསེར་བཟང་དྲི་མིད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་

p. 53

ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་པ་དང་ཕྱག་འཚལ་ཞིང་། མཆོད་པ་ལ་སོགས་པའི་མཐུས། །དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་མང་བ་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་ཀྱི་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་མང་བ་དེ་དག་རབ་ཏུ་ཞི་བར་གྱུར་ཅིག །

p. 54

སུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིག །ཚེ་རིང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་མུན་པ་མུན་ནག་ཆེན་པོ་ཅན་དུ་སྐྱེ་བར་འགྱུར་བའམ་སྐྱེས་པ་དེ་དག་ལ་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་གྱི་སྣང་བ་བྱུང་བས་རེག་ཅིང་མཐོང་བར་གྱུར་ཏེ་དེ་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །སྡུག་བསྔལ་གྱི་ཚོར་བ་མྱོང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་སྡིག་པ་མི་དགེ་པ་བགྱིས་ཏེ་གཞན་གྱི་རྫས་ཕྲོགས་པས་དབུལ་པོ་དམན་པའི་ཁྱིམ་དུ་སྐྱེས་ནས་གོས་དང་བཟའ་བ་དང་བཏུང་བ་དང་མལ་ཆ་དང་རྒྱན་མི་བདོག་པ་དང་།

p. 55

གྲང་བ་དང་ཚ་བའི་སྡུག་བསྔལ་མྱོང་བ་དང་བཀྲེས་པ་དང་སྐོམ་པས་ལུས་གཟིར་ཞིང་མདོག་ངན་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བགོ་བ་དང་བཟའ་བ་དང་བཏུང་བ་དང་མལ་ཆ་ཐམས་ཅད་ལ་ལོངས་སྤྱོད་པར་གྱུར་ཅིག །ལུས་ལ་ལྷའི་ལུས་ཀྱི་ཁ་དོག་གིས་བརྒྱན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་ཏེ་ནད་ཀྱི་སྔུག་བསྔལ་སྣ་ཚོགས་མྱོང་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་པ་ཐམས་ཅད་རབ་ཏུ་ཞི་ཞིང་བྱམས་པ་ལ་གནས་པར་གྱུར་ཅིག །ནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོངས་སུ་ཐར་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་

p. 56

གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་མྱ་ངན་མེད་མཆོག་དཔལ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་སྐད་ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་

p. 57

དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དུ་སྐྱེས་པས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་དད་པ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག་ལས་ཀྱི་སྒྲིབ་པ་དེ་ཟད་པར་གྱུར་ནས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཅིག །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང་། ཆོས་ཀྱི་སྒྲ་མི་གྲག་པ། དགེ་འདུན་གྱི་སྒྲ་མི་གྲག་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ་མི་དགེ་བའི་བཤེས་གཉེན་གྱི་རྒྱུས་སྡིག་པའི་ལས་བྱེད་པ་དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་གསུམ་དུ་ལྷུང་ཞིང་དགེ་བའི་ཆོས་རྣམས་ལས་ཉམས་པར་གྱུར་པ་དེ་དག་ལ་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་རྣ་

p. 58

ལམ་དུ་གྲག་པར་གྱུར་ཅིག །ཆོས་ཀྱི་སྤྲིན་དང་རྒྱ་མཚོའི་སྒྲ་འབྱུང་བར་གྱུར་ཅིག །དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུར་ཏེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གོས་དང་རྒྱན་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་སྡིག་པའི་ལས་བྱེད་པ་དེ་དག་གོས་དང་རྒྱན་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་ལོངས་སྤྱོད་རྣམས་བསམས་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སུ་ཡང་ཅི་དང་ཡང་མི་ལྡན་པ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཕན་ཚུན་འཐབ་མོ་འཐབ་པ་དང་རྩོད་པ་དང་འགྱེད་པར་གྱུར་ཏེ་གཅིག་ལ་གཅིག་གནོད་པར་བྱ་བ་དང་

p. 59

གསད་པར་བྱ་བའི་ཕྱིར་བརྟུལ་བ་མཚོན་དང་མདའ་དང་དབྱུག་པ་དག་གིས་བསྣུན་ཏེ་སྡུག་བསྔལ་བར་གྱུར་པ་དེ་དག་མདའ་དང་མཚོན་དང་དབྱུག་པ་ལ་སོགས་པ་ལས་སླར་ལོག་པར་གྱུར་ཅིག །ཕྱིར་ཕྱོགས་པར་གྱུར་ཅིག །དགྲ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །སུའི་སྲོག་གི་དབང་པོ་ཡང་འགག་པར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་

p. 60

སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་དང་ས་བོན་འདེབས་པ་དང་

p. 61

ཚོང་བྱེད་པ་དང་འཐབ་མོ་དང་རྩོད་པ་ལ་སོགས་པ་སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་བསམས་མ་ཐག་ཏུ་འཚོག་ཆས་ཐམས་ཅད་འབྱོར་པར་གྱུར་ཅིག །གནོད་སེམས་མེད་པར་གྱུར་ཅིག །རྟག་ཏུ་དགེ་བའི་ཆོས་བྱེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཅིག །སེམས་ཅན་གང་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཞན་གྱི་དབང་དུ་སོང་སྟེ་ཆད་པས་བཅད་པ་དང་བཅིང་བ་དང་རྡེག་པ་དང་གོ་རར་གཞུག་པ་དང་བསད་པའི་འོས་སུ་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་རྡེག་པ་ལ་སོགས་པ་ལས་ཐར་བར་གྱུར་ཅིག །བླ་ན་མེད་པའི་རང་དབང་ཕུན་སུ མ་ཚོགས་པ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་

p. 62

པ་སེམས་ཅན་གང་དག་ཚེ་ཐུང་བར་འགྱུར་བའི་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ཀྱི་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་བས་ནམ་ཡང་འགའ་ཡང་འཆི་བར་མ་གྱུར་ཅིག །འཆི་གར་ཡང་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་མཚན་རྣ་ལམ་དུ་གྲག་ཅིང་རྗེས་སུ་དྲན་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་

p. 63

མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་སྐད་ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ་ཡིད་ལ་དྲན་ཞིང་ལན་བདུན་བརྗོོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་

p. 64

དང་མཐུན་པར་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་བཅུས་ལེགས་པར་བརྒྱན་པར་གྱུར་ཏེ་བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག །ལུས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ། དཔག་གིས་མི་ལང་བ་དག་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་ཅིག །ལུས་ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻ་ཅི་འདྲ་བར་དེ་འདྲ་བ་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་དྲི་མ་མེད་ལ་འོད་གསལ་བ་དང་ཁོ་ལག་ཡངས་ཤིང་ཆེ་བ་དང་དཔལ་དང་གཟི་བརྗིད་འབར་བ་དང་ལེགས་པར་གནས་པ་དང་ཉི་མ་དང་ཟླ་བ་བས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཏེ་སེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་དག་དང་གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་

p. 65

ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་ཞིང་ལས་རྣམས་ཀྱང་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་བདག་ཅག་ལ་སོགས་པ་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཏེ་སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ལ་ཞུགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྡོམ་པ་གསུམ་གྱིས་བསྡམས་པ་དང་ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ་ངན་འགྲོར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་

p. 66

ལུས་ངན་པ་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་བེམས་པོ་དང་ཡན་ལག་སྐྱོན་ཅན་དང་རྒུར་པོ་དང་ཤ་བཀྲ་ཅན་དང་ཞར་བ་དང་ལོང་བ་དང་འོན་པ་དང་སྨྱོན་པ་དང་ལུས་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟིར་བ། སྐྱབས་མེད་པ། མགོན་མེད་པ། འཚོག་ཆས་དང་སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ། སྡུག་བསྔལ་བ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པ་དང་ཡོ་བྱད་ཕུན་སུམ་ཚོགས་པ་ལ་གནས་པར་གྱུར་ཅིག །བུད་མེད་གང་དག་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་པར་གྱུར་པ། བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ། བུད་མེད་ཀྱི་སྐྱེ་གནས་ལས་ཐར་བར་འདོད་པ་དེ་དག་ཐམས་ཅད་བུད་མེད་ཀྱི་

p. 67

དངོས་པོ་ལས་ལོག་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྟ་བ་ཐ་དད་པ་མི་མཐུན་པ་ཟིང་ཟིང་བས་མི་མཐུན་པ་དག་སྤངས་ཏེ་ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་གང་དག་བཅིང་བ་དང་རྡེག་པ་དང་གོ་རར་གཞུག་པ་དང་གསད་པར་འོས་པ། རྒྱུ་དུ་མས་ཀུན་ཏུ་གཙེས་པ། ང་རྒྱལ་དང་བྲལ་བ། ལུས་དང་ངག་དང་སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཀྲེས་པ་དང་སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་ཚོལ་བ་ལ་རབ་ཏུ་བརྩོན་

p. 68

པ། སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ཏེ་ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་་་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་པ་དབུལ་བ། སྡུག་བསྔལ་བ། གྲང་བ་དང་ཚ་བ་དང་སྦྲང་བུ་དང་ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་བདག་གིས་གོས་ཡོངས་སུ་སྤྱད་པར་འོས་པ། ཚོན་སྣ་ཚོགས་སུ་ཁ་བསྒྱུར་བ་དག་དང་རིན་པོ་ཆེའི་རྒྱན་དང་སྤུད་པ་དང་ཕྲེང་བ་དང་བྱུག་པ་དང་རོལ་མོའི་སྒྲ་དང་སིལ་སྙན་དང་ཕེག་རྡོབ་པ་རྣམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པའི་གདུང་བས་མི་རྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་

p. 69

རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ་སྟོན་པ་བླ་ན་མེད་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་

p. 70

མཐུས། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བྱིན་གྱིས་བརླབས་ཤིང་དཔལ་གྱི་མགུར་ནས་འདི་སྐད་དུ་འཇམ་དཔལ་དེ་ལྟ་བས་ན་ཡོན་ཏན་ཐམས་ཅད་དོན་དུ་གཉེར་བ་རྣམས་ཀྱིས་ཉོན་མོངས་པ་དང་མ་འདྲེས་པར་དེ་བཞིན་གཤེགས་པ་བདུན་གྱི་མཚན་གཟུང་བར་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡིད་ལ་བྱ། གུས་པས་དད་པར་བྱ། སྐུ་གཟུགས་ཀྱང་བྱ། མེ་ཏོག་དང་བདུག་པ་དང་མར་མེ་དང་བྱུག་པ་དང་ཞལ་ཟས་དང་རོལ་མོའི་སྒྲ་ལ་སོགས་པས་མཆོད་པར་བྱ། ཡན་ལག་བརྒྱད་དང་ལྡན་

p. 71

པའི་བསྙེན་གནས་ལ་ཉེ་བར་གནས་པར་བྱ། ཉིན་བདུན་གཙང་མར་བྱས་ཏེ་ས་ཕྱོགས་གཙང་མར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་གདབ་པར་བྱ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་སུ་བྱ་ཞེས་བྱ་བ་ལ་སོགས་པ་དང་གཞན་ཡང་། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི། ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མཱདྷྱ་དྷི་ཥྛི་ཏེ། ཨ་ཏི་མ་ཏེ། པཱ་ལེ། པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཱྃ་ནཱ་ཤ་ཡ། མ་མ་བུ་དྷེ། བུདྡྷོཏྟ་མེ། ཨུ་མེ། ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ། ་་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཌྱུ་ནི་པཱ་ར་ཎི། བུདྡྷེ་སུ་བུདྡྷེ་བུདྡྷ་ཨ་བྷིཥྛ་ན། རཀྵནྟུ་མེ། སརྦ་དེ་བཱ། ས་མེ་ཨ་ས་མེ་ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ། བོ་དྷི་སཏྭཱ་ནཱཾ། ཤ་མེ་ཤ་མེ། བྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱཱ་དྷ་ཡཿཔཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་ཡ་བཻ་ཌཱུཪྻ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། བཻ་ཌཱུཪྻའི་འོད་ཅེས་བྱ་བའི་གཟུངས་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་

p. 72

གང་ལ་ལ་ཞིག་གིས་འདི་འཆང་ངམ་ཀློག་གམ་མཆོད་དམ་ལན་སྟོང་རྩ་བརྒྱད་དུ་བཏོན་ན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་པར་འགྱུར། རྡོ་རྗེ་འཛིན་ཐམས་ཅད་ཀྱིས་ཡང་དག་པར་བསྲུང་བར་འགྱུར། ལྷ་ཐམས་ཅད་དང་བརྒྱ་བྱིན་དང་ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དག་གིས་ཀྱང་ཡོངས་སུ་སྐྱོང་བར་འགྱུར། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང་དགྲ་དང་དགོན་པའི་གནོད་པ་དང་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་འགྲོ་བར་མི་འགྱུར། ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དེ་དག་

p. 73

ཐམས་ཅད་ཆེ་གེ་མོའི་མལ་དུ་དམིགས་ཡུལ་གང་ཡིན་གྱི་མིང་བཅུག་པ་ལ་སོགས་པའི་དོན་དུ་མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་དེ་བཞིན་གཤེགས་པ་བདུན་དང་སྟོན་པ་བདེ་བར་གཤེགས་པ་རྣམས་གདན་འཛོམ་པའི་སྤྱན་སྔར་མཆོད་ཅིང་སྨོན་ལམ་གསོལ་བ་དང་གཟུངས་སྔགས་བཟླས་པས་ཅི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་སྩལ་པ་བཞིན་དུ་བྱིན་གྱིས་བརླབ་ཅིང་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་མཛད་ཅིང་སྩལ་བར་ཅི་གནང་། །མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་པ་དབུལ། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པ། འགྱུར་པ་མི་མངའ་བ་དེས་བདག་ཅག་ལ་བདེན་པ་མངོན་སུམ་དུ་བསྟན་པར་ཅི་གནང་། བྱང་ཆུབ་

p. 74

སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ། སྐུ་ཡོན་ཏན་དྲི་མ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པའི་ཞབས་རྟེན་གྱི་པདྨ་ལ་ལྷ་དང་མི་དང་ལྷ་མ་ཡིན་དང་ཀླུ་དང་རིག་སྔགས་འཆང་རྣམས་ཀྱི་ཐོར་ཚུགས་དང་ཅོད་པན་གྱིས་གཏུགས་པ། ངན་སོང་གི་འགྲོ་བ་སྣ་ཚོགས་འཇོམས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་བ་དབུལ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དུས་ངན་པའི་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་གྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ལྟ་བ་ངན་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ལམ་དང་ས་དམན་པར་འོག་ནས་འོག་ཏུ་ལྟུང་བར་འགྱུར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ་གང་ཐོས་པ་ཙམ་གྱིས་ཅི་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་

p. 75

ཕྱིར་མི་ལྡོག་པར་འགྱུར་བ་དང་སྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་དག་པར་འགྱུར་བ་དང་བདུད་སྡིག་ཅན་གྱིས་མི་རྫི་བར་འགྱུར་བ་དང་གནོད་པ་དང་མི་བདེ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ་དང་འདོད་དགུའི་རེ་བ་རྫོགས་ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བའི་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་དམིགས་ཀྱིས་ཞུ་བ་མཛད་ཅིང་གདན་འཛོམ་པའི་དབུས་སུ་འདི་སྐད་ཅེས་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། གང་དག་མདོ་སྡེ་འདི་འཆང་བ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་ཡི་གེར་འདྲི་བ་དང་འདྲིར་སྩོལ་བ་དང་གླེགས་བམ་དུ་བྲིས་ཏེ་མེ་ཏོག་དང་བདུག་པ་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་གདུགས་དང་རྒྱལ་མཚན་རྣམས་ཀྱིས་བཀུར་བསྟིར་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་བདག་

p. 76

གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་རྣམ་པ་སྣ་ཚོགས་སུ་བསྒྲག་པར་བགྱིའོ། །ཐ་ན་རྨི་ལམ་དུ་ཡང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲུབ་པར་བགྱིའོ། །ཚོན་སྣ་ལྔ་པའི་རས་ཀྱིས་དཀྲིས་ཏེ་ཕྱོགས་གཙང་མར་བཞག་ན་གང་ན་མདོ་སྡེ་འདི་གནས་པ་དེར་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་ཡང་མཆིས་པར་འགྱུར། མདོ་སྡེ་འཛིན་པ་དེ་དག་དུས་མ་ལགས་པར་འཆི་བར་མི་འགྱུར། སུས་ཀྱང་མདངས་འཕྲོག་པར་མི་ནུས་ཏེ་ཕྲོགས་ན་ཡང་སླར་འཕྲོགས་པར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་གསུངས་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་གླེངས་ཏེ་བསྐུལ་བ་དང་མདོ་སྡེའི་ཆོ་ག་རྫོགས་པར་བསྐང་

p. 77

བའི་ཕྲིན་ལས་མཛད་དེ་མདོ་སྡེ་འདི་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་བར་ཅི་གནང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྐྱབས་གྲོལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་བ་དབུལ། བཅོམ་ལྡན་འདས་འཕགས་པ་སྐྱབས་གྲོལ་དུས་ངན་པའི་སེམས་ཅན་ཕོངས་ཤིང་སྡུག་བསྔལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ་སྟོན་པ་བཅོམ་ལྡན་འདས་གདན་འཛོམ་པའི་སྤྱན་སྔར་འདི་སྐད་དུ་བཙུན་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་བྲོ་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ་ཡུན་རིང་པོར་བྲོ་ནད་ཀྱིས་ལུས་ཀྱི་ཤ་བས་ཤིང་བཀྲེས་པ་དང་སྐོམ་པས་གྲེ་བ་དང་མཆུ་ནི་སྐམས། འགུམ་པ་ལ་ནི་མངོན་དུ་ཕྱོགས། མཛའ་བཤེས་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ངུ་

p. 78

བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་། གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ་དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་པ་གང་ལགས་པ་དེས་དགེ་བའམ་མི་དགེ་བ་བགྱིས་པ་དེ་དག་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ་ལ། གང་དག་ནད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པ་བགྱིད་ན་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཚལ་བའི་གནས་དེར་མཆིས་ཏེ་ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉིི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་

p. 79

གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱི་མངོན་སུམ་དུ་གྱུར་ཏེ་སྲོག་གི་སླད་དུ་ཡང་སྡིག་པའི་ལས་མི་བགྱིད་དོ། །མཆོད་པའི་སྦྱོར་བ་ནི་བཙུན་པ་ཀུན་དགའ་བོ་གང་དག་ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་གིས་ནད་པ་དེའི་དོན་དུ་ཉིན་བདུན་མཚན་བདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྡོམ་པ་བླང་བར་བྱ། དགེ་སློང་གི་དགེ་འདུན་ལ་ཟས་དང་སྐོམ་རྣམས་དང་ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་རིམ་གྲོ་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཡིད་ལ་བྱ། མདོ་སྡེེ་འདི་ཡང་ལན་བཞི་བཅུ་རྩ་དགུར་གདོན་པར་བྱའོ། །ཞག་བཞི་བཅུ་རྩ་དགུར་མར་མེ་ཕུལ་བར་བྱའོ། །སྐུ་གཟུགས་བདུན་བྱའོ། །སྐུ་གཟུགས་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་བཞག །མར་མེ་རེ་རེའི་ཚད་

p. 80

ཀྱང་ཤིང་རྟའི་འཕང་ལོ་ཙམ་དུ་བྱས་ཏེ་ཅི་ནས་ཀྱང་ཞག་བཞི་བཅུ་རྩ་དགུར་མར་མེ་མི་ཟད་པར་བྱའོ། །ཚོན་སྣ་ལྔ་པའི་བ་དན་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ། །བཙུན་པ་ཀུན་དགའ་བོ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནད་ཀྱི་གནོད་པ་དང་རང་ངམ་ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པའམ་རྒྱུ་སྐར་རམ་གཟའ་ཟླ་བའམ་གཟའ་ཉི་མའི་གནོད་པའམ་དུས་མ་ཡིན་པའི་རླུང་ངམ་ཆར་རམ་ཐན་པའི་གནོད་པ་ཡང་རུང་གནོད་པ་དང་ནད་འགོ་བའམ་འཁྲུག་པ་ཞིག་ཉེ་བར་གནས་པར་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་བཏང་བར་བྱ་ཞིང་གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་དེ་ལྟ་བུའི་མཆོད་པ་བྱས་ན། རྒྱལ་པོ་དེའི་དགེ་བའི་རྩ་བ་དང་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་

p. 81

གྱིས་ཡུལ་བདེ་བ་དང་ལོ་ལེགས་པ་དང་ཆར་ཆུ་དུས་སུ་ལྡང་ཞིང་ལོ་ཏོག་འགྲུབ་པར་འགྱུར། ཡུལ་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་ནད་མེད་པ་དང་བདེ་བ་དང་མཆོག་ཏུ་དགའ་བ་མང་བར་འགྱུར། ཡུལ་དེར་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་མ་རུངས་པས་སེམས་ཅན་རྣམས་ལ་འཚེ་བར་མི་འགྱུར། ལྟས་ངན་པ་ཐམས་ཅད་མཐོང་བར་མི་འགྱུར། རྒྱལ་པོ་དེའི་ཚེ་དང་མདོག་དང་སྟོབས་དང་དབང་ཕྱུག་རྣམས་མངོན་པར་འཕེལ་བར་འགྱུར་རོ་ཞེས་བགྱི་བ་ལ་སོགས་པ་བཀའ་སྩལ་པ་གསུངས་ཤིང་འཕགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་དེ་བཞིན་གཤེགས་པ་གདན་འཛོམ་པ་ལ་ཐུགས་དམ་ལས་གླེངས་ཏེ་བསྐུལ་བ་དང་མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ། མདོ་སྡེ་འདི་ལས་ཕན་ཡོན་ཇི་སྐད་བཀའ་

p. 82

སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་བར་ཅི་གནང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ཀུ་བེ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་གོང་བཞིན་མཆོད་པ་ཅི་འབྱོར་པ་དབུལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ཀུ་བེ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཆེན་པོ་རྣམས་ཀྱིས་ཇི་ལྟར་སྔོན་གདན་འཛོམ་པ་ཆེན་པོའི་སྤྱན་སྔར་ལྷའི་ཚིག་བདེན་པས་མདངས་གསོལ་དུ་གསུང་

p. 83

གཅིག་ཁོ་ནར་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཐོས། དེ་བཞིན་གཤེགས་པ་རྣམས་ཀྱང་མངོན་དུ་མཐོང་སྟེ་མཆོད་པ་བགྱིས་སོ། །ཡང་བཅོམ་ལྡན་འདས་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དང་གཟུངས་ཀྱི་ཚིག་འདི་དག་སྤྱོད་པ་དེར་བདག་ཅག་གཡོག་དང་བཅས་ཏེ་མཆི་བར་བགྱིའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་འཆང་བ་དང་ཀློག་པ་དང་མཆོད་པར་བགྱིད་པ་དང་ཡི་གེར་འདྲི་བ་དང་ཡི་གེར་འདྲིར་སྩོལ་བ་དེར་བདག་ཅག་མཐུན་པར་ལྷན་ཅིག་ཏུ་མཆིས་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འམ་རྒྱལ་པོའམ་རྒྱལ་པོའི་བློན་པོ་མདོ་སྡེའི་དབང་པོ་འཛིན་པ་དང་འདྲི་བ་དེ་ལ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བསྲུང་བར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་ཕྱོགས་ཀྱང་ཡོངས་སུ་བསྐྱང་བར་བགྱིའོ། །འཆི་བ་དང་དགྲ་དང་དགོན་པའི་གནོད་པ་དང་ནད་ཐམས་ཅད་

p. 84

རབ་ཏུ་ཞི་བར་བགྱིའོ། །བདག་ཅག་ནི་དེ་བཞིན་གཤེགས་པ་དང་སེམས་ཅན་ཐམས་ཅད་ལ་བྱམས་པ། བྱས་པ་གཟོ་བ་ལགས་ཏེ་དུས་མ་ལགས་པར་གུམ་པ་ཐམས་ཅད་བཟློག་པར་བགྱིའོ། །འཐབ་པ་དང་འཐབ་མོ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཇི་ལྟར་བསམས་པ་ཡིད་བཞིན་དུ་འགྲུབ་པ་དང་སེམས་དང་ལུས་བདེ་ཞིང་ལོངས་སྤྱོད་དང་དབང་ཕྱུག་དང་ནོར་དང་འབྲུ་རྣམས་འཕེལ་བར་བགྱིའོ། །ཐམས་ཅད་དུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་རང་རང་གིས་བྲོ་བོར་བ་དང་དམ་བཅས་པ་འདི་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་རྗེས་སུ་དྲན་པར་བགྱིའོ། །ཏདྱ་ཐཱ། ཨ་གྷུ། མ་གྷུ། ཏ་ར་གྷུ། མ་མ་གྷུ། གྷུ་རེ། ཧཱ་ཧཱུ་ཧེ། མྲ་མྲ་མྲ་མྲ། ཛུ་ཛུ་རི། ཛུ་རི་སྭཱ་ཧཱ། གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་རྣམས་དང་གཟུངས་ཀྱི་ཚིག་འདི་དག་འཆང་བ་དང་ཀློག་པ་དང་ཡི་གེར་འདྲི་བ་དང་ཡི་གེ་འདྲིར་སྩོལ་བ་དང་རབ་ཏུ་གུས་པས་མཆོད་པར་བགྱིད་པ་དེ་དག་

p. 85

ངན་སོང་གསུམ་དུ་མི་མཆི་བར་རིག་པར་བགྱི་སྟེ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་སླར་མི་ལྡོག་པར་འགྱུར། ཇི་ལྟར་འཚལ་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར། །དེ་བཞིན་གཤེགས་པ་མཐོང་བར་འགྱུར། ཚེ་རབས་དྲན་པར་འགྱུར། ཏིང་ངེ་འཛིན་དང་གཟུངས་ཀྱང་ཐོབ་པར་འགྱུར་རོ་ཞེས་གསུངས་ཤིང་ཞལ་གྱིས་བཞེས་པ་དང་དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གང་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གི་དོན་དུ་བདག་གིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་སྩལ་བར་བགྱི། དགོངས་སུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དེ་དག་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་ཐམས་ཅད་ལ་ཕྱག་འཚལ་ལོ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། བཛྲ་པཱ་ཤ་དྷཱ་ར་ཎཱི། ས་མ་ས་མ། ས་མན་ཏ། ཨ་པྲ་ཏི་ཧཏ་བཛྲེ། ཤ་མ་ཤ་མ། པྲ་ཤ་མནྟུ། སརྦ་བྱཱ་དྷ་ཡཿ ཀུ་རུ་ཀུ་རུ་སརྦ་ཀརྨཱ་ཎི། ས་

p. 86

མ་ཡ་མ་ནུ་སྨ་ར། བྷ་ག་བཱན་བཛྲ་པཱ་ཎི། སརྦ་ཨཱ་ཤཱ་མ་མེ་པ་རི་པཱུ་ར་ཡ་སྭཱ་ཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་འདི་དག་གི་མཚན་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་ཀློག་པ་དེའི་རེ་བ་ཐམས་ཅད་བདག་གིས་ཡོངས་སུ་བསྐང་བར་བགྱིའོ། །དོན་ཐམས་ཅད་ཡོངས་སུ་བསྒྲུབ་པར་བགྱིའོ། །གལ་ཏེ་དེས་བདག་མཐོང་བར་འཚལ་ན་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲིར་སྩལ་བར་བགྱི། དེ་བཞིན་གཤེགས་པ་འདི་དག་གི་སྐུ་གཟུགས་བདུན་ཡང་བགྱི། རྡོ་རྗེ་འཛིན་ཡང་སྐུ་གདུང་དང་བཅས་པར་བགྱི། དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཇི་སྐད་གོང་དུ་སྨོས་པ་བཞིན་དུ་སྤོས་དང་བདུག་པ་དང་མར་མེ་དང་ཕྲེང་བ་དང་རྒྱན་དང་རོལ་མོའི་སྒྲ་དང་སིལ་སྙན་དང་ཕེག་རྡོབ་པ་རྣམས་ཀྱིས་མཆོད་དེ་བསྐོར་བར་བགྱི། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་གདོན་པར་བགྱི། སེམས་ཅན་ཐམས་ཅད་ལ་ཡང་ཕན་པའི་སེམས་དང་བྱམས་

p. 87

པའི་སེམས་སུ་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་ཏེ་ལན་གསུམ་ཁྲུས་བགྱི་ཞིང་གོས་ལན་གསུམ་བརྗེ་བར་བགྱི། ཚེས་བརྒྱད་ནས་བརྩམས་ཏེ་ཟླ་བ་ཕྱི་མ་བཅོ་ལྔ་ཉའི་བར་དུ་ཉིན་གཅིག་བཞིན་རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ན་དེ་ལ་བདག་གིས་རྨི་ལམ་དུ་མཐོང་བ་སྩལ་བར་བགྱི། འབེལ་བའི་བཀའ་མཆིད་ཀྱང་བགྱི། རེ་བ་ཐམས་ཅད་ཀྱང་་་་ཡོངས་སུ་བསྐང་བར་བགྱིའོ་ཞེས་བྱ་བ་ལ་སོགས་པ་འཕགས་པའི་བཀའ་མི་འགྱུར་བ་ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་གདན་འཛོམ་པས་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ལྷག་པར་ཡང་དེ་བཞིན་གཤེགས་

p. 88

པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང་། སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་པ་དང་བདུད་ཀྱི་ཕྱོགས་སུ་་་་གྱུར་པ་ཐམས་ཅད་དང་ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་བ་དང་ཐན་པ་དང་སད་དང་སེར་བ་ལ་སོགས་པས་ལོ་ཐོག་མ་རུངས་པར་བགྱིད་པ་དང་གནོད་པ་དང་མཚན་མ་ངན་པ་དང་བཀྲ་མི་ཤིས་པ་མང་པོ་སྟོན་ཞིང་སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་རིགས་ཐ་དད་པ་མང་པོ་ཡུལ་ཕྱོགས་འདི་ན་རྒྱུ་ཞིང་གནས་པ་ཅི་མཆིས་པ་ཐམས་ཅད་དང་ཆེ་གེ་མོའི་མལ་དུ་དམིགས་ཡུལ་གང་ཡིན་གྱི་མིང་བཅུག་པ། ལ་སྔོན་གྱི་ལས་ཀྱིས་བདས་པའམ་འཕྲལ་གྱི་རྐྱེན་ལས་བྱུང་བའམ་ཡུལ་ཕྱོགས་དང་ཕ་ཚན་དང་རིགས་རྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ་ཆེ་གེ་མོའི་མལ་དུ་དམིགས་ཡུལ་གང་ཡིན་གྱི་མིང་བཅུག་པའི། ལུས་དང་སྲོག་དང་ཆབ་སྲིད་དང་དབང་ཕྱུག་དང་འཁོར་དང་ཡོ་

p. 89

བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་ནས་གནོད་པ་བགྱིད་པའི་གདོན་བགེགས་རིགས་ཅི་་་་མཆིས་པ་ཐམས་ཅད་གང་ལ་གང་འཚམ་པའི་ཐབས་ཀྱིས་གདུལ་ཞིང་མཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ་ཞི་བ་དང་དགེ་བ་དང་བྱམས་པའི་བསམ་པ་ཅན་དུ་འགྱུར་ཞིང་སྔོན་ཆད་བཀྲ་མི་ཤིས་པ་དང་གནོད་པའི་སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླན་ཆད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་ཕྲིན་ལས་མཛད་པར་ཅི་གནང་། མཐུ་དཔལ་དང་ལྡན་པའི་དགེ་བསྙེན་བཅུ་གཉིས་ལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་

p. 90

སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་ལ་ཕྱག་འཚལ་ལོ། ། ་མཆོད་དོ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སྐབས་འདིར་གོང་བཞིན་མཆོད་པ་དབུལ། མཐུ་དཔལ་

p. 91

དང་ལྡན་པའི་དགེ་བསྙེན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་རེ་རེ་ལ་ཡང་གཡོག་འཁོར་གནོད་སྦྱིན་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་དགོངས་སུ་གསོལ། ཇི་ལྟར་སྔོན་གདན་འཛོམ་པའི་སྤྱན་སྔར་ལྷའི་ངག་བདེན་པས་གསུང་གཅིག་ཏུ་འདི་སྐད་དུ་སངས་རྒྱས་ཀྱི་མཐུས། བདག་ཅག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ་བདག་ཅག་ལ་ཡང་ངན་འགྲོར་འགྲོ་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེས་ན་བདག་ཅག་ལྷན་ཅིག་ཏུ་མཐུན་པར་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་་་་ཅན་ཐམས་ཅད་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་སྤྲོ་བར་བགྱིའོ། །བྱེ་བྲག་ཏུ་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་དགོན་པའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང་གང་ན་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེའི་མཚན་འཆང་པ་དང་

p. 92

མཆོད་པ་དང་རིམ་གྲོ་བྱེད་པའི་སེམས་ཅན་དེ་དག་ལ་བདག་ཅག་གིས་སྲུང་བར་བགྱིའོ། །ཡོངས་སུ་སྐྱབ་པར་བགྱི། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ་ཞེས་ཞལ་གྱིས་བཞེས་ཏེ་ཐུགས་དམ་དུ་བཞེས་ཤིང་བཅོམ་ལྡན་འདས་ཀྱིས་ཀྱང་གང་གི་ཕྱིར་ཁྱེད་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་་་་སོ་ཞེས་རྗེས་སུ་གནང་བ་སྟོན་པ་དེ་བཞིན་དུ་དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་དུལ་ཞིང་ཞི་བའི་འཁོར་དང་ལྡན་པར་བྱམས་པ་དང་ཐུགས་བརྩེ་བས་མཆོད་པ་བཞེས་ཤིང་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་ཕྲིན་ལས་མཛད་དེ་མདོ་སྡེ་འདི་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་

p. 93

གྱིས་བརླབ་པར་ཅི་གནང་། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང་སྒོ་ཐམས་ཅད་ནས་ཆོས་སྤྱོད་པ་རྣམས་ལ་བར་ཆད་དང་བགེགས་སུ་གྱུར་པ་དང་བདུད་ཀྱི་ཕྱོགས་སུ་གྱུར་པ་ཐམས་་་་ཅད་དང་ཡུལ་ཕྱོགས་སུ་མི་ནད་དང་ཕྱུགས་ནད་གཏོང་བ་དང་ཐན་པ་དང་སད་དང་སེར་བ་ལ་སོགས་པས་ལོ་ཐོག་མ་རུངས་པར་བགྱིད་པ་དང་གནོད་པ་དང་མཚན་མ་ངན་པ་དང་བཀྲ་མི་ཤིས་པ་མང་པོ་སྟོན་ཅིང་སེམས་ཅན་ལ་སྡང་བར་སེམས་པའི་གདོན་བགེགས་རིགས་ཐ་དད་པ་མང་པོ་ཡུལ་ཁམས་དང་། ཡུལ་ཕྱོགས་འདིར་རྒྱུ་བ་མཆིས་སུ་འཚལ་བ་དང་། ཆེ་གེ་མོའི་མལ་དུ་དམིགས་ཡུལ་གང་ཡིན་གྱི་མིང་བཅུག་པ། ལ་སྔོན་གྱི་ལས་ཀྱིས་བདས་པའམ་འཕྲལ་གྱི་རྐྱེན་ལས་གྱུར་པའམ་ཡུལ་ཕྱོགས་དང་ཕ་ཚན་དང་རིགས་རྒྱུད་ཀྱི་སྲི་ཅན་དུ་གྱུར་པ་ཡང་རུང་སྟེ། ཆེ་གེ་མོའི་མལ་དུ་དམིགས་ཡུལ་གང་ཡིན་

p. 94

གྱི་མིང་བཅུག་པའི། ལུས་དང་སྲོག་དང་ཆབ་སྲིད་དང་དབང་ཕྱུག་དང་འཁོར་དང་ཡོ་བྱད་ལ་སོགས་པ་གང་ཡང་རུང་བ་ལ་ཅི་ཡང་རུང་བའི་སྒོ་་་་ནས་གནོད་པ་བགྱིད་པའི་གདོན་བགེགས་རིགས་ཅི་མཆིས་པ་ཐམས་ཅད་གང་ལ་གང་འཚམ་པའི་ཐབས་ཀྱིས་གདུལ་ཞིང་མཁོན་དང་གནོད་པའི་བསམ་པ་འདོར་དུ་སྩལ་ཏེ་ཞི་བ་དང་དགེ་བ་དང་བྱམས་པའི་བསམ་པ་ཅན་དུ་བགྱི་ཞིང་སྔོན་ཆད་བཀྲ་མི་ཤིས་པ་དང་གནོད་པའི་སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླན་ཆད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་ཕྲིན་ལས་མཛད་པར་ཅི་གནང་། རེ་རེ་ནས་མཆོད་པ་དབུལ་ཞིང་སྨོན་ལམ་གདབ་པ་རྫོགས་པའི་སྐབས་འདིར་སྣར་ཐང་པ་མཆིམས་ཆེན་པོའི་གསུང་རྒྱུན་གྱི་ལྷན་ཐབས་གཟུངས་ཆོག་གི་སྐབས་ནས་འབྱུང་བ་དང་ཕྱོགས་མཐུན་པར། བདེ་བར་གཤེགས་པ་བརྒྱད་དང་ཕྱག་རྡོར་ཚངས་སོགས་རྒྱལ་ཆེན་དང་བཅས་པ་

p. 95

རྣམས་ཀྱི་ཐུགས་ཀར་པད་ཟླའི་སྟེང་དུ་སོ་སོའི་གཟུངས་སྔགས་བཟླ་བའི་རིམ་པ་བཞིན་བཀོད་པ་ལས་འོད་ཟེར་འཕྲོས་པ་བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་ཤིང་། རང་ངམ་གཞན་དག་བུམ་ཆུས་ཁྲུས་བྱ་བར་སྤྲོ་ན། འོད་དེས་བུམ་པའི་ཆུ་ཡང་བྱིན་གྱིས་བརླབས་པར་གྱུར་པར་བསམས་ཏེ་གཟུངས་སྔགས། ཏདྱ་ཐཱ། སིདྡྷེ་སིདྡྷེ། སོགས་གསེར་བཟང་གི་དང་། ཏདྱ་ཐཱ། གྷུ་མི་གྷུ་མེ། སོགས་བདེ་གཤེགས་བདུན་ཐུན་མོང་གི་བཻ་ཌཱུཪྻའི་དང་། ཏཌྱ་ཐཱ། ཨ་གྷུ། མ་གྷུ། སོགས་ཆོས་སྐྱོང་སྤྱིིའི་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དེ་དག་ལ་ཕྱག་འཚལ་ལོ། །སོགས་ཕྱག་རྡོར་གྱི་གཟུངས་སྔགས་རྣམས་བཟླ་བ་ལས། གཙོ་བོར་བཻ་ཌཱུཪྻའི་གཟུངས་བཟླ་བ་ཡིན་པས་ལོངས་སྐབས་དང་བསྟུན་ཏེ་དེ་ཉིད་བདུན་་་་ཏདྱ་ཐཱ། སིདྡྷེ་སིདྡྷེ། སུ་སིདྡྷེ། མོ་ཙ་ནི། མོ་ཀྵ་ཎི། མུཀྟེ། བི་མུཀྟེ། ཨ་མ་ལེ། བི་མ་ལེ། མཱ་ྃག་ལྱེ། ཧི་ར་ཎྱ་གརྦྷེ། རཏྣ་གརྦྷེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མ་ཨ་རྠ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨདྦྷུ་ཏེ། ཨ་

p. 96

དྱདྦྷུ་ཏེ། བཱི་ཏ་བྷ་ཡེ། སུ་བརྞྞེ། བྲཧྨ་གྷོ་ཥེ། བྲཧྨཱ་དྷྱུ་ཥི་ཏེ། སརྦ་ཨརྠེཐ་ཥུ་ཨ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུ་ཥྵ་ཥྛི་བྷཱུ་ཏ་ཀོ་ཊི་བྷཱ་ཥི་ཏེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ། ༈ ཏདྱ་ཐཱ། གྷུ་མི་གྷུ་མེ། ཨི་མི། ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མཱ་དྷྱ་དྷི་ཥྛི་ཏེ། ཨ་ཏི་མ་ཏེ། པཱ་ལེ། པཱ་པྃ་ཤོ་དྷ་ནི། སརྦ་པཱ་པྃ་ནཱ་ཤ་ཡ། མ་མ་བུ་དྷེ། བུདྡྷོ་ཏྟ་མེ། ཨུ་མེ། ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ། ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི་བཱ་ར་ཎི། བུདྡྷེ་སུ་་་་བུདྡྷེ་བུདྡྷཱ་དྷིཥྛཱ་ན། རཀྵནྟུ་མེ། སརྦ་དེ་བཱ། ས་མེ་ཨ་ས་མེ་ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ། བོ་དྷི་སཏྭཱ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱཱ་དྷ་ཡཿ པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་ཡ་བཻ་ཌཱུཪྱ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ༈ ཏདྱ་ཐཱ། ཨ་གྷུ། མ་གྷུ། ཏ་ར་གྷུ། མ་མ་གྷུ། གྷུ་རེ། ཧཱ་ཧཱུ་ཧེ། མྲ་མྲ་མྲ་མྲ། ཛུ་ཛུ་རི། ཛུ་རི་སྭཱ་ཧཱ། ༈ ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དེ་དག་ལ་ཕྱག་འཚལ་ལོ། །

p. 97

རྡོ་རྗེ་འཛིན་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། བཛྲ་པཱ་ཤ་དྷཱ་ར་ཎཱི། ས་མ་ས་མ། ས་མནྟ། ཨ་པྲ་ཏི་ཧ་ཏ་བཛྲེ། ཤ་མ་ཤ་མ། པྲ་ཤ་མནྟུ། སརྦ་བྱཱ་དྷ་ཡཿ ཀུ་རུ་ཀུ་རུ་སརྦ་ཀརྨཱ་ཎི། ས་མ་ཡ་མ་ནུ་སྨ་ར། བྷ་ག་བཱ་ན་བཛྲ་པཱ་ཎི། སརྦ་ཨཱ་ཤཱ་མ་མེ་པ་རི་པཱུ་ར་ཡ་སྭཱ་ཧཱ། ་བཟླ་ན་གཞན་རྣམས་གསུམ་རེ། ཉེར་གཅིག་བཟླ་ན་གཞན་རྣམས་བདུན་རེ། བརྒྱ་རྩ་བཟླ་ན་གཞན་རྣམས་ཉེར་གཅིག་རེ་བཟླས་ལ་ཁྲུས་བྱ། དེ་ནས་འཕགས་པ་གདན་འཛོམ་པའི་སྤྱན་སྔར། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་

p. 98

བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་་་་དྲན་དང་དཔལ་གྱུར་བ། །མཚན་གྱི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་པའི་མཁྱེན་པ་འཕགས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་བ། །སྒྲ་དབྱངས་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་་་་པའི་སྐུ་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །

p. 99

རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །ཆོས་བློ་མངོན་པར་མཁྱེན་ལ་ཕྱག་འཚལ་ལོ། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག །བཻ་ཌཱུཪྻ་ལྟར་དྭངས་པའི་སྐུ་མངའ་ཞིང་། །སྐུ་ཡི་འོད་ཀྱིས་འགྲོ་བ་སྒྲོལ་མཛད་པ། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་་་་བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ལྷ་མིའི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ལ་སྐྱབས་མཛད་པ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་འཇིག་རྟེན་གསུམ་གྱི་སྨན་པ་སྟེ། །འདོད་

p. 100

ཆགས་ཞེ་སྡང་གཏི་མུག་རྩད་ནས་གཅོད། །སེམས་ཅན་ཐམས་ཅད་བདེ་ལ་རབ་ཏུ་འགོད། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྤྱན་གྱིས་འགྲོ་བ་ཀུན་ལ་གཟིགས། །ཐུགས་རྗེའི་སྤྱན་གྱིས་འགྲོ་བ་ཀུན་ལ་ཁྱབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །རླུང་དང་་་་མཁྲིས་པ་བད་ཀན་འདུས་པ་སོགས། །འབྱུང་བ་ཆེན་པོ་འཁྲུགས་པར་གྱུར་པ་ལ། །ནད་ཀྱི་གཉེན་པོ་ཕྱག་གཡས་ཨ་རུ་ར། །སྨན་པའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་མདོག་མཐིང་ག་ཨུཏྤལ་སྔོན་པོ་འདྲ། །ཕྱག་གཡོན་བདུད་རྩི་སྨན་གྱི་ལྷུང་བཟེད་བསྣམས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཉེས་པ་རྒྱ་མཚོ་དག་ནི་གཞིར་སྤངས་ནས། །ཡོན་ཏན་རྒྱ་མཚོ་དག་གི་ཕ་རོལ་སོན། །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །སྨོན་ལམ་རྒྱ་ཆེན་ཡོངས་སུ་དག་གྱུར་པས། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་

p. 101

མཛད། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་་་་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འགྲོ་དྲུག་འཇིགས་པ་བརྒྱད་ལས་སྐྱོབ་མཛད་ཅིང་། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །མྱ་ངན་འདས་སར་ཕྱིན་པའི་དེད་དཔོན་མཆོག །སེམས་དཔའ་སྐྱབས་གྲོལ་མཛད་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་་་་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་

p. 102

བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཚངས་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི། །རང་རང་སྡེར་བཅས་མཐུ་དང་དཔལ་ལྡན་པ། །སྟོན་པའི་དམ་ཆོས་སྐྱོང་བར་མཛད་པ་ཡི། །ལྷ་ཡི་དགེ་བསྙེན་རྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་བསྟན་པ་བསྲུང་བའི་དགེ་བསྙེན་མཆོག །འཇིགས་པའི་གཟུགས་དང་རྔམ་པའི་ཆ་ལུགས་ཅན། །བདུན་འབུམ་འཁོར་གྱིས་བསྐོར་བའི་བཅུ་གཉིས་པོ། །གནོད་སྦྱིན་སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་ནས། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་སོགས་ནས། གསོལ་བར་འཚལ་ལོ་ཞེས་་་་པའི་བར་བརྗོད་ཅིང་མཆོད་པ་ཅི་འབྱོར་པ་དབུལ། །དེ་ནས་དགེ་བའི་རྩ་བ་བསྔོོ་ཞིང་སྨོན་ལམ་གདབ་པ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་ལས་བྱུང་བ་བཞིན་དུ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

p. 103

སངས་རྒྱས་བདུན་དང་སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བ་ཅས་པ་སྤྱན་དྲངས་ནས་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་མཆོད་ཅིང་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཏབ་པ་དང་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང་བསྐུལ་ཞིང་གསོལ་བ་བཏབ་པ་ལ་སོགས་པའི་བསོད་ནམས་ཅི་མཆིས་པའི་སྟོབས་དང་དེ་དག་གི་མཐུ་དཔལ་་་་དང་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས། དམིགས་ཡུལ་གང་ཡིན་གྱི་མིང་བཅུག་པས། ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཅི་མངའ་བ་ཐམས་ཅད་བྱང་བར་གྱུར་ཅིག །སྐུ་ལ་བསྙུན་མི་མངའ་ཞིང་སྐུ་ཚེ་རིང་བ་དང་དབུ་རྨོག་བཙན་པ་དང་ཆབ་སྲིད་འཇམ་དར་ཆེ་བ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །མཐར་ཡང་ཚོགས་གཉིས་ཡོངས་སུ་རྫོགས་ནས་གཡུང་དྲུང་གི་

p. 104

སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག །ཆབ་འོག་ཏུ་གཏོགས་པའི་འབངས་ཐམས་ཅད་ཀྱང་ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག ། ་་་ཡུལ་ཁམས་ཐམས་ཅད་དུ་ཡང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་པ་དང་དགྲའི་གནོད་པ་དང་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བ་དང་ཆར་ཆུ་དུས་སུ་བབ་སྟེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང་བདེ་སྐྱིད་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐམས་ཅད་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་དེ་དག་ཏུ་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་ཞལ་མཐོང་སྟེ་གདམས་ངག་ཐོབ་ནས་ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་གྱུར་ཅིག །ཁྱད་པར་དུ་ཡང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་གྱུར་ཅིག །དེ་ནས་བཟོད་པར་གསོལ་ཞིང་

p. 105

གཤེགས་སུ་གསོལ་ལོ། །དེ་ལ་དང་པོ་བཟོད་པར་གསོལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་་་་འཁོར་དང་བཅས་པ་དང་སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར་སྐབས་དོན་གང་ཡིན་གྱི་མིང་བཅུག་པ་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང་མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང་གཙང་སྦྲ་མ་ཕྱེད་པ་དང་མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པ་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་

p. 106

སྒྲིབ་པར་མི་་་་འགྱུར་པར་བྱིན་གྱིས་བརླབ་པར་ཅི་གནང་། དེ་ནས་གཤེགས་སུ་གསོལ་བ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་བྱོན་པར་མཛོད། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལགས་ཀྱིས་སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ་ལོ། །ཞེས་པའི་རྗེས་སུ་བཟང་སྤྱོད་ཚར་རེ་འདོན་པ་ལག་ལེན་ཡིན་ཅིང་། དེ་ནས་ཉིན་ཆོག་ཚར་གཅིག་ཡིན་ན་དཀྱིལ་འཁོར་དང་མཆོད་པ་རྣམས་བསྡུ། ཉེར་རེ་ལ་ཡང་ཆོ་ག་ཚར་གཉིས་གསུམ་སོགས་བྱེད་པའམ། སྒྲུབ་མཆོད་ཞག་སྦྲེལ་ཡིན་ན་མ་གྲོལ་གྱི་བར་དཀྱིལ་འཁོར་མི་བསྡུ་བར་མཆོད་པ་རྣམས་བརྗེ་བའམ། ཐ་ནའང་ཞལ་གསོ་བ་རེ་བྱ་ཞིང་། ཉིན་རེ་ཆོ་ག་ཚར་གཉིས་གསུམ་བྱེད་པའི་སྔ་མ་རྣམས་ལ་བཟོད་གསོལ་ཡན་ཆད་ལས་་་་གཤེགས་གསོལ་མི་དགོས་པའང་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་

p. 107

སྡེ་ལས་བྱུང་བའི་ཆོ་ག་སློབ་དཔོན་བོ་དྷི་སཏྭས་མཛད་པ་རྫོགས་སོ།། །།འདི་ལ་བླ་མ་གོང་མ་དག་གི་མཆོད་ཕྲེང་ལྷན་ཐབས་འགའ་ཞིག་སྣང་བ་ལས། གཞུང་གི་ཐོབ་ཚོད་ཀྱི་ཆོག་བསྒྲིགས་དང་སྒོམ་དོན་འདོན་བྱ་ཞལ་འཕངས་ཀྱི་ལག་ལེན་ལྷན་ཐབས་སུ་སྦྱར་བར་འོས་པ་དག་ཉུང་ངུར་བསྡུས་ཏེ་ཆོ་གའི་རིམ་པ་འདི་ཡིད་དམ་དུ་བགྱིད་པའི་བཙུན་པ་གྲགས་པ་དོན་གྲུབ་ཀྱིས། དགེ་འདུན་བཤད་སྒྲུབ་གླིང་པ་དཔོན་སློབ་ཀྱིས་རིང་མོ་ནས་བསྐུལ་བ་དང་། དད་འབྱོར་ལྡན་པ་སྡེ་པ་ཀརྨ་ཕྲིན་ལས་རྣམ་རྒྱལ་གྱིས་རང་གི་རིམ་གྲོ་སྒྲིབ་སྦྱོང་གི་སླད་དུ་ཉེ་བར་བསྐུལ་བའི་མོས་པ་བསྐང་ཕྱིར་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དག་གིས་རིམ་པར་་་་བཞེངས་པའི་གཙུག་ལག་ཁང་དམ་པ་དང་ཉེ་བ་ལྷ་ལུང་ཀླུ་སྡིངས་སུ་འདུག་པའི་ཚེ་མཆན་བུར་བཏབ་པ་ལས། སླར་དཀྱུས་མཚན་བསྲེས་ཏེ་ཡི་གེར་བཀོད་པ་ལ་འཁྲུལ་ཞིང་ནོངས་པ་མཆིས་ན་བདེར་གཤེགས་འཁོར་དང་བཅས་པ་རྣམས་ཀྱི་སྤྱན་སྔར་འཆགས་ཤིང་དགེ་བའི་ཚོགས་གང་ཞིག་ཐོབ་པ་དེས་སྐྱེ་དགུ་ཐམས་ཅད་ལ་དགེ་བའི་ཕྱིར་དམ་པའི་ཆོས་ཀྱི་ཚུལ་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཤུ་བྷ་མངྒ་ལཾ།། །།

མཚུངས་མེད་རྡོ་རྗེའི་དབྱངས་ཅན་ཚེ་དཔག་མེད་དུ་སྒྲུབ་པ་རྫུན་སྤོང་བ་ལྷན་ཐབས་ཀྱིས་བརྒྱན་པ།

p. 108
p. 109

མཚུངས་མེད་རྡོ་རྗེའི་དབྱངས་ཅན་ཚེ་དཔག་མེད་དུ་སྒྲུབ་པ་རྫུན་སྤོང་བ་ལྷན་ཐབས་ཀྱིས་བརྒྱན་པ་བཞུགས་སོ། །

p. 110

བཅོམ་ལྡན་བདུད་བཞིས་མི་བསྐྱོད་རྡོ་རྗེའི་སྐུ་གང་དང༌། །གཞོམ་མེད་རྡོ་རྗེ་ནཱ་དའི་དབྱངས་ཅན་སྒྲིབ་བྲལ་གསུང༌། །ལྷན་སྐྱེས་ཡེ་ཤེས་རྡོ་རྗེ་དགའ་བའི་ཐུགས་མངའ་བ། །རྡོ་རྗེ་སློབ་དཔོན་རྒྱལ་བ་ཚེ་དཔག་མེད་ཞབས་འདུད། །དེ་ནས་དེའི་དངོས་གྲུབ་བསྒྲུབ་པའི་རིམ། །རྗེ་བཙུན་ཚངས་པ་མཆོག་གི་ཀུན་དགའི་སྐྱེས། །འཆི་མེད་བདུད་རྩིའི་ཟིལ་མངར་འདི་ཁོ་ན། །བརྒྱུད་པའི་ཞལ་གྱི་པདྨ་ལས་བྱུང་ཡིན། །འདིར་མཚུངས་མེད་རྡོ་རྗེའི་དབྱངས་ཅན་ཚེ་དཔག་མེད་དུ་སྒྲུབ་པ་རྫུན་སྤོང་བ་ཞེས་བྱ་བའི་མན་ངག་རིགས་ཀྱི་བདག་པོ་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་ཞལ་མངའ་ནས་རྗེས་སུ་

p. 111

གདམས་པར་མཛད་པ་དེ་ཉིད་ལག་ལེན་མཐོང་བ་བརྒྱུད་པའི་ལྷན་ཐབས་ཀྱིས་བརྒྱན་ཏེ་བཤད་པ་ལ། བྱུང་བ་བརྗོད་པ་དང་གདམས་པ་དངོས་སོ། །དང་པོ་ནི། རྗེའི་གསུང་ལས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འདིའི་ལོ་རྒྱུས་ནི། རྒྱལ་བའི་སྲས་པོ་ཀརྨ་པ་རང་བྱུང་རྡོ་རྗེས་ཐུགས་གཉིས་མེད་ཀྱི་ཡེ་ཤེས་ལ་མཉམ་པར་བཞག་པ་ན། ཉིད་རྒྱལ་བ་རྒྱ་མཚོའི་བདག་ཉིད་ལས་གཞན་དུ་མ་ཡིན་པར་མངོན་དུ་གྱུར་ནས། སྒྲུབ་ཐབས་འདི་མཛད་ལ། དུས་ཕྱིས་ཁོ་བོས་བསྒྲུབས་པས་རྨི་ལམ་དུ་འདི་ཙནྡྲ་གོ་མིའི་ཟླ་བ་ཡིན་ཟེར་བ་ཞིག་ནམ་མཁའ་ལ་འཆར་འདུག་པ་ལ། འོད་ཟེར་ཉི་མ་ལས་

p. 112

དམར་བ་ཞིག་གིས་གསལ་སྣང་ཁྱབ་བཞིན་པར་འདུག་པའི་འོད་ལྕེ་ལ་ཕོག་པ་ན། ཏིག་ཏའི་རོ་འདྲ་བ་ཞིག་བྲོ་ཞིང་འདུག །དེར་ཨ་ཙ་ར་མོ་འདྲ་བ་གཅིག་གིས་ཟླ་བ་འདི་ཁྱོད་ཀྱིས་སྤོས་གྱིས་དང༌། མདོ་སྡེ་ཕལ་ཆེན་ནས་བཤད་པའི་ཀུན་བཟང་གི་སྤོས་གཏུབ་ཟེར་བ་སོགས་ཡ་མཚན་དཔག་མེད་བྱུང་བ་ཡིན་ཞེས་དང༌། འདི་ལ་བཅོམ་ལྡན་འདས་ཚེ་དཔག་མེད་དངོས་དང༌། སྐུ་མདོག་དམར་བས་ནི་རཱ་ག་ཆགས་པ་དང༌། དམར་པོ་དང་ཚོས་པ་རྣམས་ལ་འཇུག་པས་པདྨ་གར་དབང་གི་རང་བཞིན་ཡིན་པས་པདྨ་འབྱུང་གནས་དང༌། ཕྱག་མཚན་གྲི་གུག་དང་ཐོད་པས་རྡོ་རྗེ་རྣལ་འབྱོར་མ་དང༌། གཡས་ཞལ་དཀར་བ་དང་པདྨའི་ཕྲེང་བ་འཛིན་པས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང༌། གཡོན་ཞལ་ནག་པོ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་སྟེ་སྐུ་ཡོངས་སུ་རྫོགས་པ་ནི་ཀརྨ་པ་ཞིག་གོ །ཅེས་བཀའ་བསྩལ་ཏེ། དེས་ན་བྱིན་བརླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་གྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་ཆོས་

p. 113

སྐྱོང་གསུམ་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ངོ་བོར་སྒྲུབ་པ་འདི་ལ་སྔ་རབས་པ་རྣམས་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཅེས་ཀྱང་ཟེར་རོ། །གཉིས་པ་ལ། བསྐྱེད་རིམ་དང་འབྲེལ་བ་ངག་བཟླས་དབང་བཞིའི་དམིགས་པ་ལ་བརྟེན་པའི་ཚེ་སྒྲུབ། རྫོགས་རིམ་དང་འབྲེལ་བ་ཡིད་བུམ་ཅན་ལ་རྟེན་པའི་ཚེ་སྒྲུབ། ལྷན་ཐབས་སློབ་མ་རྗེས་འཛིན་གྱི་ཆོ་ག་དང་གསུམ་གྱི་དང་པོ་ལ། བསྙེན་པ་དང་སྒྲུབ་པ་གཉིས་ལས་དང་པོ་བསྙེན་པ་ལ་སྦྱོར་བ་དངོས་གཞི་གཉིས་ཀྱི་དང་པོ་ནི། རྗེའི་གསུང་ལས། འདི་ལ་དང་པོར་བླ་མ་ལ་ལུག་ཤ་ཁོག་པ་མགོ་ཅན། གཡུ་དྲུག་དཀར་ཞིག་དབུལ། དེ་ནས་སྒྲུབ་ཐབས་འདི་བླ་མས་སྒྲུབ་པ་ལུང་སྦྱིན་ཚུལ་དུ་འབོགས་ནས། དེ་སྒྲུབ་པ་པོ། དབེན་པར་རང་ཉིད་གཅིག་པུར་བྱ། །ངག་བཅད་ཡོ་བྱད་སྤོས་ཀྱིས་བྱུག །སྒྲུབ་ལ་ཞུགས་ནས་ཕྱག་དར་དང༌། །སྟན་སྤྲུག་བྱི་དོར་ལས་མི་བྱེད། །ཤར་ཕྱོགས་ཁ་ལྟས་གདན་འོག་ཏུ། །ནས་སམ་འབྲས་ཀྱི་གཡུང་དྲུང་བྱ། །སྐུ་གཟུགས་དང་མཆོད་པ་བཤམས། དབུས་སུ་ནོར་བུའམ། མ་བྱུང་ཡང་རིན་ཆེན་གྱི་སྣོད་དུ་ཕྱེ་མས་བཅོས་པའི་བུམ་གཟུགས་མཛེས་པ་རིལ་བུས་བཀང་སྟེ། རིལ་བུ་ལུད་པ་ལྟར་

p. 114

བྱས་པས་བསྐོར་རོ། །འདི་ཉིད་བདུད་རྩི་བུམ་པ་ཡིན་པས་གཅིག་ཏུ་གལ་ཆེའོ། །ཐོད་པ་དུམ་བུ་གསུམ་པར་མྱོས་བྱེད་བཟང་པོ་ལ་དམ་རྫས་བཏབ། ཅེས་བཀའ་བསྩལ་ཏོ། །གཉིས་པ་དངོས་གཞི་ནི། རྗེའི་གསུང་ལས། སྐྱབས་སེམས་སྔོན་སོང་སྟོང་པར་སྦྱངས། །ཞེས་སོགས་གསུངས་པ་ལ། སྐྱབས་སེམས་ནི། དཔལ་རང་བྱུང་གི་ཞལ་སྔ་ནས་སྣ་ཚོགས་བེའུ་བུམ་དུ། མདོ་སྔགས་ཀྱི་དགེ་སྦྱོར་གང་བྱེད་ཀྱང་ཐོག་མའི་སྐྱབས་སེམས་འདིས་ཆོག་གསུང་བ་ལྟར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་འཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴

p. 115

དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣས་ལ༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་འཆིའོ། །ལན་གསུམ་སོགས་ཀྱིས་སྐྱབས་འགྲོ་དང༌། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བཅོམ་ལྡན་རྡོ་རྗེ་འཛིན་དབང་པོ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་གི་སེམས་བསྐྱེད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བསོད་ནམས་ཡེ་ཤེས་བྱང་ཆུབ་ལམ། །ཐབས་དང་ཤེས་རབ་གོམ་པས་བགྲོད། །དེ་བཞིན་བདག་གིས་ལམ་བགྲོད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཐམས་ཅད་མཁྱེན་པར་སངས་རྒྱས་ནས། །མཁའ་མཉམ་སེམས་ཅན་དོན་མཛད་ལྟར། །དེ་བཞིན་བདག་གི་དོན་བགྱིའོ། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་

p. 116

རྣམས་གྲོལ་བ་དང༌། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །འགྲོ་ཀུན་མྱ་ངན་འདའ་བ་དང༌། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཅེས་སེམས་བསྐྱེད་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ་ཧཾ། ཆོས་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཞེས་པའི་སྒྲས་ཧཱུྃ་སྔོ་དམར་གྱིས་ཕྱོགས་ཁྱབ་པས་སྔོན་པོ་ལས་རྡོ་རྗེའི་དྲ་གུར། དམར་པོ་ལས་མེ་ལྕེའི་འཕྲེང་བའོ། །དེ་ནས་བྷྲ྄ུཾ་གྱི་སྒྲས་གཞལ་ཡས་ཁང་ཚད་ལྡན་ཞིག་སྒོམས། དེའི་དབུས་སུ་རྨ་བྱའི་ཁྲིར་པདྨ་དང་ཟླ་བའི་སྟེང་དུ་རང་གི་རྣམ་ཤེས་དག་པ་ཧྲཱིཿ རྣམ་བཅད་དང་བཅས་པ་འོད་འབར་བ། སྟན་ལ་ཁབ་བཙུགས་པ་ལྟ་བུ་ཡོངས་སུ་གྱུར་པ་ལས། ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག །རྩ་ཞལ་དམར་པོ་ཆགས་པའི་ཉམས་ཅན། གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་ནག་པོ་ཁྲོས་པ། ཞི་ཞལ་གཉིས་སྤྱན་གཉིས་གཉིས་དང་ལྡན་པ། ཁྲོ་ཞལ་སྤྱན་གསུམ་དང་ལྡན་པའོ། །དབུ་སྐྲ་ནག་ལ་སྣུམ་པ་ཐོར་ཚུགས་མཛད་

p. 117

ཅིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱི་སྟོད་གཡོགས་སྨད་གཡོགས་ལྡན་པ། ཕྱག་དང་པོ་གཉིས་དཔག་བསམ་གྱིས་བརྒྱན་པའི་བུམ་པ་འཛིན་པ། བར་པ་གཉིས་གྲི་གུག་དང་ཐོད་པ་བདུད་རྩིས་གང་བ། ཐ་མ་གཉིས་པདྨ་དམར་པོའི་ཕྲེང་བ་དང་དེའི་སྡོང་བུ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེ་འབར་བའོ། །དེ་ལྟར་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་ཐོན་ཞལ་ནས་བྱུང་བའི་སྔགས་ལས་འོད་དམར་པོ་འཕྲོས། རྟག་པ་དམ་པའི་བྱིན་རླབས་ཐམས་ཅད་བསྡུས། སྔགས་ཕྲེང་ལ་ཐིམ། སླར་རང་གི་ཞལ་ནས་ཞུགས་ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསྒོམས་ཏེ་འོག་ནས་འབྱུང་བའི་བསྙེན་སྔགས། ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་རཱ་གཱཀྵོ་བྷྱཿ བཛྲ། སོགས་ཀྱི་བཟླས་པ་བྱ། དེ་ནས། མདུན་གྱི་ཟན་གྱི་བུམ་པ་ཀ་པཱ་ལ་རྣམས་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཞེས་པའི་སྒྲས་ཧཱུྃ་སྔོ་དམར་གྱིས་ཕྱོགས་ཁྱབ་པ་སོགས་ནས། མཚན་དཔེ་འབར་བའི་བར་བདག་བསྐྱེད་ལྟར་སྒྲུབ་ནས། སླར་རང་གི་

p. 118

ཐུགས་ཀ་ནས་སྔགས་འཕྲེང་བྱུང༌། ཁ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་ནས་བཞུགས། ཐུགས་ཀར་འཁོར་བ་ལ་དམིགས་པ་གཏད་ནས། ཨོཾ་ཨཱཿ ཧཱུཾ་བཛྲ་གུ་རུ་པདྨ་རཱ་གཱཀྵོ་བྷྱཿབཛྲ་ས་མ་ཛཿ བཛྲ་ཨ་ཡུ་ཥེ་ཧཱུྃ་བྷྲུཾ་ནྲྀ་ཛཿ ཚེ་བསོད་རྒྱས་དབང་དུ་གྱུར་ཅིག །སིདྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླའོ། །ཐུན་ལས་ལྡང་བར་འདོད་ན་འབུལ་གཏོར་ཟུར་དུ་བྱ་ལ་བསྙེན་སྔགས། ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་སོགས་ཀྱི་མཐར། བ་ལིཾ་ཏ་ཁཱ་ཧི་བཏགས་པས་འབུལ། འདི་ཡི་མཆོད་པ་ནི་རྣམ་ལྔ་དང་གསང་བའི་མཆོད་པའོ། །ཞེས་གསུངས་པས། ཨོཾ་བཛྲ་པུཥྤེ་ཨཿ ཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བ་ལ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝིདྱ། མ་ཏངྒི་རྣམས་ཀྱིས་མཆོད། བསྟོད་པ་ནི། བཅོམ་ལྡན་པདྨ་ཚེ་དཔག་མེད། །རང་བྱུང་རོལ་པའི་རྡོ་རྗེ་སྟེ། །དཔའ་བོ་རྣལ་འབྱོར་མར་བཅས་རོལ། །རྡོ་རྗེ་དབྱངས་ཅན་བཟང་པོར་བསྟོད། །ཅེས་པས་བསྟོད་ནས་འདོད་དོན་གསོལ་བ་གདབ། དེ་ནས་མདུན་བསྐྱེད་རང་ལ་ཆུ་ལ་ལན་ཚྭ་ལྟར་ཐིམ་པར་བསམ་ལ་ཚེ་དཔག་མེད་ཀྱི་ང་རྒྱལ་གྱིས་སྤྱོད་ལམ་བྱ། འདིའི་བསྙེན་པ་ནི་ཞག་

p. 119

བདུན་སྔོན་འགྲོར་བྱའོ། །གཉིས་པ་བསྒྲུབ་པ་ནི། རྗེའི་གསུང་ལས། ད་ནི་སྒྲུབ་པ་དངོས་ལ་ཞེས་སོགས་བཀའ་བསྩལ་ཏེ། དེ་ཡང་ཐུན་མགོར་བདག་མདུན་སོ་སོའི་བསྐྱེད་ཆོག་བཟླས་པ་དང་བཅས་པའི་བར་གོང་ལྟར་བྱས་ལ། མདུན་བསྐྱེད་མི་བསྡུ་བར་དེ་ལས་བདག་ཉིད་ཀྱིས་དབང་བཞི་བླང་བ་ནི། མདུན་བསྐྱེད་ཀྱི་བུམ་པ་དང་བདུད་རྩི་ལྷག་པའི་ལྷ་ཡབ་ཡུམ་དུ་གསལ་བ་དེ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱས་ནས། རང་གི་སྤྱི་བོར་བཞུགས་སུ་གསོལ་ཏེ་ཡབ་ཡུམ་གྱི་སྤྱི་གཙུག་ནས་བདུད་རྩི་དང་འདྲེས་པའི་འོད་ཟེར་དཀར་པོ་བྱུང༌། རང་གི་སྤྱི་བོར་ཐིམ། སྨིན་མཚམས་ཡན་གང༌། དེ་བཞིན་དུ་མགྲིན་སྙིང་ལྟེ་བ་རྣམས་སུ་བདུད་རྩི་དང་འོད་ཟེར་འདྲེས་པ་དམར་སྔོན་སེར་པོ་རྣམས་བྱུང་ནས་རང་གི་ལུས་ཀྱི་གནས་རྐང་མཐིལ་ཡན་གྱི་བར་གང་བས་ལུས་དག་པ་སྐུ་རྡོ་རྗེ་ལ་མཉམ་པར་བཞག་བཞིན། ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་རཱ་གཱཀྵོ་བྷྱ་བཛྲ་སོགས་ཀྱི་བཟླས་པ་བྱེད་པ་བུམ་དབང་

p. 120

ངོ༌། །ཡང་རང་ལུས་ལྷག་པའི་ལྷ་སྟོང་ར་དང་ལྡན་པ་རྩ་གསུམ་སྟེང་འོག་ཏུ་ལྡན་པ། འཁོར་ལོ་འཁོར་ཕྲན་དང་བཅས་པ། མདོར་ན་བ་སྤུའི་བར་ཉི་འོད་ལྟར་གསལ་དྭངས་སུ་བསྒོམ། དེ་ནས་གོང་བཞིན་སྤྱི་བོར་ཚེ་དཔག་མེད་བསྐྱེད་པའི་སྦྱོར་མཚམས་ནས་བདུད་རྩི་དང་འོད་ཟེར་འདྲེས་པ་བྱུང༌། དེ་ལ་རྟག་པ་དམ་པའི་བྱིན་རླབས་བསྡུས་ནས་རང་གི་ཚངས་བུག་ནས་ཞུགས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ་རྐང་མཐིལ་གྱི་བར་གང་བས་ངག་དག་པ་གསུང་རྡོ་རྗེ་ལ་མཉམ་པར་བཞག་བཞིན། ཨོཾ་ཨཱཿ གུ་རུ་པདྨ་རཱ་གཱཀྵོ་བྷྱ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བཟླས་པ་ནི་གསང་དབང་ངོ༌། །དེ་ནས་སྤྱི་བོའི་ལྷ་ལྷག་པའི་ལྷས་རང་ལ་ཡུམ་གནང་བར་མོས་ལ། བདེ་བ་ཆེན་པོའི་རྗེས་ཆགས་བྱས་པ་ལ་རྟེན་འཁོར་ལོའི་དབུས་ཀྱི་བདེ་བ་ཆེན་པོ་རྣམས་ཞུ། ཡུམ་གྱི་མཁར་བབས་པས་བདེ་ཆེན་གཡོ་མེད་དུ་བྱས་པས་སེམས་དག་པ་ཐུགས་རྡོ་རྗེར་མཉམ་པར་བཞག་བཞིན། ཨོཾ་ཨཱཿ ཧཱུཾ་བཛྲ་གུ་རུ་པདྨ་རཱ་གཱཀྵོ་བྷྱ་བཛྲ་

p. 121

སོགས་ཀྱི་བཟླས་པ་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་རང་ཉིད་ལྷར་གསལ་བས། །སྐྱེ་མེད་འཆི་བ་བྲལ་བ་ལ། །སྤྲོས་ན་སྤྲོས་མེད་གཟི་བརྗིད་ཅན། །བསྡུས་ན་བདག་དང་གཞན་མ་དམིགས། །གཉིས་སྤངས་དབྱེར་མེད་ལུག་གུ་རྒྱུད། །རྟེན་ཅིང་མི་འགྱུར་ཆོས་ཀྱི་དབྱིངས། །ཞེས་བརྗོད་པས་རང་ལུས་འོད་དུ་ཞུ། གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལུས་ཚད་དང་ལྡན་པ་གཅིག་ཏུ་གྱུར། དེའི་ལྟེ་བར་ཧྲཱིཿ དམར་པོ་བསྒོམ་ཞིང་དེ་ཡི་མཐར་རང་གི་མིང་རྒྱ་སྐྱེགས་ཀྱིས་བྲིས་པ་ལྟར་བསམས་ནས་མཉམ་པར་བཞག་པས་སྒོ་གསུམ་དག །སྐུ་གསུམ་མངོན་དུ་བྱས་པ་ལ་མཉམ་པར་བཞག་སྟེ། ཨོཾ་ཨཱཿ ཧཱུཾ་བཛྲ་གུ་རུ་པདྨ་རཱ་གཱཀྵོ་བྷྱ་བཛྲ་སོགས་ཀྱི་བཟླས་པ་བྱ་བ་ནི་དབང་བཞི་པའོ། །དེ་ནས་བདག་མདུན་ལ་གཏོར་མ་མཆོད་བསྟོད་གསོལ་གདབ་རྣམས་བསྙེན་པའི་སྐབས་བཞིན་བྱ་ཞིང་འཚམས་མི་གྲོལ་ན་མདུན་བསྐྱེད་མི་བསྡུ་བར་ཉིན་རེ་བཞིན་གསལ་བཏབ་ནས་བཟླས་པ་བྱེད་ཅིང་དབང་ལེན་པ་ཡིན་ལ། འཚམས་གྲོལ། འདོད་

p. 122

གསོལ་རྗེས་ཀྱི་མཆོད་བསྟོད་ཀྱི་མཐར་ཐུན་བསྡུ་བ་བསྔོ་བ་སྨོན་ལམ་རྣམས་ཀྱང་བསྙེན་པའི་སྐབས་སུ་གསུངས་པ་ལྟར་བྱའོ། །འདི་ལ་དབང་བསྐུར་ལེན་དུས་ཡབ་ཡུམ་ཞལ་སྦྱོར་མཛད་པ་ནི་སྐུ་དངོས་རྣལ་འབྱོར་མའི་རང་བཞིན་དུ་བཞུགས་པ་དེ། སླར་གསལ་གདབ་པ་སྟེ། འོ་མ་ལས་མར་འབྱུང་བ་ལྟ་བུའོ། །ཞེས་བཀའ་བསྩལ་ཏོ། །གཉིས་པ་རྫོགས་རིམ་དང་འབྲེལ་བ་ཡིད་བཟླས་བུམ་ཅན་ལ་བརྟེན་པའི་ཚེ་བསྒྲུབ། གོང་གི་བསྐྱེད་རིམ་དང་འབྲེལ་བའི་བསྙེན་བསྒྲུབ་ཀྱི་ཆོ་ག་རྫོགས་མ་ཐག་པར་རམ། དེ་ལས་དུས་གཞན་པར་ཡང་ཉམས་སུ་བླང་དུ་རུང་བ་ནི། རྗེའི་གསུངས་ལས། ཚེ་བསྒྲུབ་ཡིག་གཞུག་གི་མན་ངག་སངས་རྒྱས་གཉན་པ་ལ་ཕྱག་འཚལ་ཏེ་བརྗོད་པར་བྱའོ། །སྐྱབས་སེམས་ལ་སོགས་སྔོན་དུ་སོང་ནས། རང་བཅོམ་ལྡན་འདས་རྩ་གསུམ་དྲིལ་བསྒྲུབ་ཏུ་གསལ་གདབ། རླུང་རོ་ལན་གསུམ་དག་པར་བུས་ནས། ལྟེ་བར་རྡོ་རྗེ་ཟླ་བའི་ཁ་ཆོད་ཅན་གྱི་ཀ་པཱ་ལ་འཆི་མེད་བདུད་རྩིས་གང་བ། རྡོ་རྗེའི་ཁོང་གསེང་ནས་ཡར་རྩ་དབུ་མ་མཚན་ཉིད་བཞི་ལྡན་དུ་བསྒོམ། དེ་ནས་རླུང་རྔུབ་པ་ནས། ཨོཾ་བཛྲ་

p. 123

ཨཀྵོ་བྷྱ་ཧཱུཾ་ཞེས་པ་དེ་རླུང་གི་སྒྲ་གཟུགས་ཀྱིས་དྲངས་ནས་དབུ་མ་ནས་མར་བབས། རྡོ་རྗེའི་ཁ་ཆོད་ཅན་གྱི་ཀ་པཱ་ལའི་ནང་དུ་སོང་བས་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པར་བསྒོམས་ཏེ་རླུང་དགང་ནས། ཀ་པཱ་ལའི་ནང་གི་བདུད་རྩི་ཁོལ། རྩ་དབུ་མ་ནས་བརྒྱུད། ལུས་ཐམས་ཅད་བདུད་རྩིས་ཁེངས། འཆི་བ་དང་བྲལ་བར་བསམས་ཤིང༌། ཡང་རླུང་མ་ནོན་ན་ཕྱི་ནང་དུ་གཞིལ་ཞིང་དྲག་ཏུ་མནན། རྩ་སྔགས། ཨོཾ་ཨཱཿ ཧཱུཾ་བཛྲ་གུ་རུ་པདྨ་རཱ་གཱ་ཀྵོ་བྷྱ་བཛྲ་སོགས་ཡིད་བཟླས་བྱ། དེ་ནས་རླུང་རང་བབས་སུ་དབྱུང༌། དེ་ཐུན་རེ་ཡིན་ཞིང་འདི་གོང་ནས་གོང་དུ་བརྩེག །དགེ་བ་བྱང་ཆུབ་ཏུ་བསྔོ། དེ་ལྟར་བསྐྱེད་རྫོགས་གཉིས་ཀྱིས་མཚུངས་མེད་རྡོ་རྗེའི་དབྱངས་ཅན་ཚེ་དཔག་མེད་དུ་སྒྲུབ་པ་འདི། གྲུབ་པའི་རྟགས་སུ་དངོས་ཉམས་རྨི་ལམ་དུ་རྗེ་མི་བསྐྱོད་རྡོ་རྗེ་ཞལ་འཛུམ་པར་སྟོན་པ་གུར་གུམ་གྱི་ཚལ་དུ་ཕྱིན་པ། སྒྲ་སྙན་པ་ཐོས་པ། སྣང་བ་ལ་བདེན་རྫུན་ཆུང་བ།

p. 124

འཁོར་བ་སྡུག་བསྔལ་དུ་ཤེས་པ། མོས་གུས་རྣལ་མ་སྐྱེས་པ་རྣམས་བྱུང་ན་གྲུབ་པའི་རྟགས་ཡིན། དེ་ལས་བཟློག་ན་བར་ཆད་ཡིན་ནོ། །ཞེས་གསུང་པས། གསུམ་པ་ལྷན་ཐབས་སློབ་མ་རྗེས་འཛིན་གྱི་ཆོ་ག་ནི། རྗེའི་གསུང་ལས། འདི་ལ་གཏོར་མ་འགོར་འཇོག་ཅིང་བདུད་རྩི་མྱང་ནས་དམིགས་པ་སྤོད་ཅིང་དབང་བསྐུར་བའི་སྲོལ་སྔར་མེད་ཅིང༌། དུས་ཕྱིས་བྱེད་པ་ནི་འཇིག་རྟེན་པ་རྣམས་ཀྱི་སེམས་སྲུང་བའི་ཕྱིར་བྱས་པ་ཡིན་ཅིང་བྱིན་རླབས་མི་འབྱུང་བ་ཡང་མིན་ནོ། །ཞེས་གསུངས་པས་སྔོན་གྱི་ལག་ལེན་བཞིན་བླ་མས་སྒྲུབ་པ་ལུང་སྦྱིན་གྱི་ཚུལ་དུ་ཕོག་པས་ཀྱང་རུང་མོད་ཀྱི། ཕྱིས་རྗེ་དེ་ཉིད་ཀྱིས་གདུལ་བར་བྱ་བ་མོས་པ་ཐ་དད་པ་དག་གི་བློ་དང་འཚམ་པར་གཏོར་མ་འགོར་འཇོག་ཅིང་བདུད་རྩི་མྱོང་བ་དང་དམིགས་པ་སྤོད་ནས་དབང་བསྐུར་བའི་ཕྱག་བཞེས་མཛད་པ་ནི། ཡིད་དང་མཐུན་པའི་གནས་གང་ཡང་རུང་བར་སྟེགས་ཀྱི་ཁར་འབྲས་དཀར་ཀྱི་གཡུང་དྲུང་རིས་བྱས་པའི་སྟེང་དུ་ཟན་གྱི་བུམ་གཟུགས་རིལ་བུས་བསྐོར་བ་དང༌། དེའི་གཡོན་དུ་བདུད་རྩིའི་ཀ་པཱ་ལ་བཤམ། བརྒྱ་རྩ་ལྟ་བུ་བྱེད་ན་བུམ་པའི་གཡས་སུ་ཚེ་རིལ་ཆུང་ངུ་གྲངས་མང་པོས་བཀང་བའི་སྣོད་གཞན་ཡང་

p. 125

བཞག །མཐའ་མཆོད་པས་བསྐོར། འབུལ་གཏོར་ཡང་བཤམ་མོ། །དེ་ནས་བླ་མས་བདག་མདུན་གྱི་བསྐྱེད་ཆོག་བཟླས་པ་དང་བཅས་པ་རྣམས་བསྙེན་པའི་སྐབས་བཞིན་བྱས་ལ་མདུན་བསྐྱེད་མི་བསྡུ་བར་སྒྲུབ་པའི་སྐབས་སུ་གསུངས་པ་ལྟར་དབང་བཞི་ཚར་གཅིག །བདག་འཇུག་གི་ཚུལ་དུ་བླངས་ནས་གཏོར་མ་དང་མཆོད་བསྟོད་གཞུང་བཞིན་བྱའོ། །དེ་ལྟར་གོང་དུ་ཇི་སྐད་བཤད་པའི་ཡོན་དང་མཎྜལ་ཕུལ་ཏེ་མདུན་དུ་འདུག་པའི་སློབ་མ་ལ་བླ་མས་འདི་སྐད་ཅེས། ཁྱེད་རང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མཚུངས་མེད་རྡོ་རྗེའི་དབྱངས་ཅན་ཚེ་དཔག་མེད་དུ་སྒྲུབ་པའི་བཀའ་དབང་ཟབ་མོ་ཞུ་སྙམ་པའི་སེམས་བསྐྱེད་དང་ལྡན་པའི་ངང་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བདག་དང་སེམས་ཅན་ཐམས་ཅད་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བྱ་སྙམ་པས་འདི་ཡི་ལད་མོ་མཛོད། ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་བདག་

p. 126

སྐྱབས་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ཡང་བདག་སྐྱབས་མཆི། །ལན་གསུམ་གྱིས་སྐྱབས་འགྲོ་དང༌། དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རང་གི་ཕ་མ་དྲིན་ཅན་དུ་གྱུར་པ་ཤ་སྟག་ཡིན་པས་དེ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་བདེ་བ་ལ་འགོད་པའི་དོན་དུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་ཐུགས་ཇི་ལྟར་བསྐྱེད་པ་བཞིན་དུ་བདག་གིས་ཀྱང་བསྐྱེད་སྙམ་པས་ཡང་འདི་ཡི་ལད་མོ་མཛོད། ལུས་ཅན་རྣམས་ཀྱི་བྱང་ཆུབ་ཕྱིར། །ཡང་དག་བྱང་ཆུབ་སེམས་བསྐྱེད་ནས། །སེམས་ཅན་ཀུན་ལ་སྨན་འགྱུར་ཕྱིར། །བཟང་པོའི་སྤྱད་པ་སྤྱོད་པར་བགྱི། །ལན་གསུམ་གྱིས་སེམས་བསྐྱེད་ཕོག་ལ། ད་ཁྱེད་རང་རྣམས་དབང་གི་རྟེན་དུ་བསྒྲུབ་པའི་ཕྱིར་དམིགས་པ་འདི་བཞིན་མཛོད་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿ སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་ཧཾ།

p. 127

སློབ་མ་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཞེས་པའི་སྒྲས་ཧཱུྃ་སྔོ་དམར་གྱིས་ཕྱོགས་ཁྱབ་པ་སོགས་ནས། མཚན་དཔེ་འབར་བའོ། །ཡི་དམ་བདག་བསྐྱེད་ཀྱི་སྐབས་བཞིན་བླ་མས་དཔོད་ནས་སློབ་མ་ལྷར་སྒོམ་དུ་གཞུག །དེ་ལྟར་ཁྱེད་རང་དབང་ལེན་པ་པོ་བཅོམ་ལྡན་འདས་ཚེ་དཔག་མེད་དུ་བསྒོམས་ནས། ད་གང་ལ་དབང་བླང་བའི་ཡུལ་གྱི་བཅོམ་ལྡན་འདས་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་པ་ནི། མདུན་གྱི་བུམ་པ་དང་བདུད་རྩི་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཞེས་པའི་སྒྲས་ཧཱུྃ་སྔོ་དམར་སོགས་ནས་མཚན་དཔེ་འབར་བའི་བར་གོང་བཞིན་ལ། དེའི་པང་དུ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོ་ཕུན་སུམ་ཚོགས་པ། གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འཁྱུད་ཅིང༌། པདྨའི་སྐྱིལ་ཀྲུང་གིས་མཆོག་ཏུ་བདེ་བ་ཆེན་པོ་སྙོམ་པར་ཞུགས་པ་ཞིག་ཏུ་སྒོམས། དེ་ཡན་གྱིས་སྦྱོར་བའི་ཆོ་ག་རྣམས་སོང་ནས་དབང་གི་དངོས་གཞི་ལ་དང་པོ་བུམ་དབང་གི་དོན་དུ་

p. 128

མདུན་བསྐྱེད་ཀྱི་བུམ་པ་དང་བདུད་རྩི་ལྷག་པའི་ལྷ་ཡབ་ཡུམ་དུ་གསལ་བ་དེ་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་བྱས་ནས། ཁྱེད་རང་གི་སྤྱི་བོར་བཞུགས་སུ་གསོལ་ཏེ། ཡབ་ཡུམ་གྱི་སྤྱི་གཙུག་ནས་བདུད་རྩི་དང་འདྲེས་པའི་འོད་ཟེར་དཀར་པོ་བྱུང༌། ཁྱེད་རང་གི་སྤྱི་བོར་ཐིམ། སྨིན་མཚམས་ཡན་གང༌། དེ་བཞིན་དུ་མགྲིན་སྙིང་ལྟེ་བ་རྣམས་སུ་བདུད་རྩི་དང་འདྲེས་པ་དམར་སྔོ་སེར་པོ་རྣམས་བྱུང༌། ཁྱེད་རང་གི་ལུས་ཀྱི་གནས་རྐང་མཐིལ་ཡན་གྱི་བར་གང་བས་ལུས་དག་པ་སྐུ་རྡོ་རྗེ་ལ་མཉམ་པར་ཞོག་ཅིག །བྱས་ལ་ཚེ་བུམ་སློབ་མའི་མགོར་བཞག་ནས། ཨོཾ་ཨཱ་གུ་རུ་པདྨ་རཱ་གཱཀྵོ་བྷྱ་བཛྲ་ཀཱ་ཡ་ཝ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ལན་ཅི་རིགས་སུ་བརྗོད་པ་བུམ་དབང་ངོ་། །དེ་ནས་གསང་དབང་གི་དོན་དུ་ཁྱེད་རང་རྣམས་ལྷག་པའི་ལྷ་སྟོང་ར་དང་ལྡན་པ། རྩ་གསུམ་སྟེང་འོག་ཏུ་ལྡན་པ་འཁོར་ལོ་འཁོར་ཕྲན་དང་བཅས་པ། མདོར་ན་བ་སྤུའི་བར་ཉི་འོད་ལྟར་གསལ་མདངས་སུ་སྒོམས། སྤྱི་བོའི་ཚེ་དཔག་མེད་ཡབ་ཡུབ་གྱི་

p. 129

སྦྱོར་མཚམས་ནས་བདུད་རྩི་དང་འོད་ཟེར་འདྲེས་པ་བྱུང༌། དེ་ལ་རྟག་པ་དམ་པའི་བྱིན་རླབས་བསྡུས་ནས་ཁྱེད་རང་གི་ཚངས་བུག་ནས་ཞུགས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ་རྐང་མཐིལ་གྱི་བར་གང༌། ངག་དག་པ་གསུང་རྡོ་རྗེ་ལ་མཉམ་པར་ཞོག་ཅིག །ཅེས་དང༌། ཨོཾ་ཨཱཿ གུ་རུ་པདྨ་རཱ་གཱཀྵོ་བྷྱ་སོགས་བརྗོད་ནས་བདུད་རྩི་སྦྱིན། ད་བཅོམ་ལྡན་འདས་ཀྱི་སྙིང་པོ་འདི་ཡི་རྗེས་ཟློས་མཛོད་ཅིག །བྱས་ལ་སློབ་མས། ཨོཾ་ཨཱཿ ཧཱུཾ་བཛྲ་གུ་རུ་པདྨ་རཱ་གཱཀྵོ་བྷྱ་བཛྲ་ས་མཱ་ཛཿ སོགས་ལན་གསུམ་རྗེས་ཟློས་བྱར་བཅུག་ནས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ཀྱང་ལན་གསུམ་བརྗོད་དུ་གཞུག །དེ་ནས་བླ་མས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་མེ་ཏོག་འཐོར་ཏེ་གསང་དབང་ངོ༌། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། སྤྱི་བོའི་ལྷག་པའི་ལྷས་ཁྱེད་རང་རྣམས་ལ་ཡུམ་གནང་བར་མོས་ལ་བདེ་བ་ཆེན་པོའི་རྗེས་ཆགས་

p. 130

བྱས་པ་ལ་བརྟེན། འཁོར་ལོའི་དབུས་ཀྱི་བདེ་བ་ཆེན་པོ་རྣམས་ཞུ། ཡུམ་གྱི་མཁར་བབས་པས་བདེ་ཆེན་གཡོ་མེད་དུ་བྱས་པས་སེམས་དག་པ་ཐུགས་རྡོ་རྗེ་ལ་མཉམ་པར་ཞོག་ཅིག །ཅེས་དང༌། ཨོཾ་ཨཱཿ ཧཱུཾ་བཛྲ་གུ་རུ་པདྨ་རཱ་གཱཀྵོ་བྷྱ། སོགས་བརྗོད་ཅིང་ཚེ་རིལ་བྱིན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་བཞི་པའི་དོན་དུ་ཁྱེད་རང་ལྷར་གསལ་བས་འདིའི་རྗེས་ཟློས་མཛོད། སྐྱེ་མེད་འཆི་བ་བྲལ་བ་ལ། །སྤྲོས་ན་སྤྲོས་མེད་གཟི་བརྗིད་ཅན། །བསྡུས་ན་བདག་དང་གཞན་མ་དམིགས། །གཉིས་སྤངས་དབྱེར་མེད་ལུ་གུ་བརྒྱུད། །བརྟེན་ཅིང་མི་འགྱུར་ཆོས་ཀྱི་དབྱིངས། །ཞེས་བརྗོད་པས་ཁྱེད་རང་གི་ལུས་འོད་དུ་ཞུ། གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལུས་ཚད་དང་ལྡན་པ་ཞིག་ཏུ་གྱུར། དེའི་ལྟེ་བར་ཧྲཱིཿ དམར་པོ་སྒོམ་ཞིང༌། དེའི་མཐར་རང་གི་མིང་རྒྱ་སྐྱེགས་ཀྱིས་བྲིས་པ་ལྟར་བསམས་ནས་མཉམ་པར་བཞག་པས་སྒོ་གསུམ་དག །སྐུ་གསུམ་མངོན་དུ་བྱས་པའི་མོས་པ་གྱིས་ཤིག །ཅེས་བརྗོད་དེ་དབང་བཞི་པའོ། །དེ་ནས་བླ་མས། འཇིག་

p. 131

རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་དང༌། ཉིན་མོ་བདེ་ལེགས་སོགས་དང༌། ལོ་བརྒྱ་ཐུབ་ཅིང༌སོགས་བརྗོད་ཅིང་མེ་ཏོག་གཏོར་ནས་ཤིས་པ་བརྗོད། སློབ་མས་ཀྱང་བཀའ་དྲིན་བཏང་རག་གི་མཎྜལ་ཕུལ་ལོ། །ཡང་ཚེ་དབང་བརྒྱ་རྩ་ལྟ་བུ་བྱེད་ན་སྐྱབས་སེམས་འབོགས་ཤིང་སློབ་མ་རྣམས་དང་བུམ་ཐོད་ལྷར་གསལ་གདབ་པ་རྣམས་ཚར་དང་པོ་ལ་བྱས་པ་དེ་ཀས་ཆོག་པར་བྱས་ནས་གཉིས་པ་ཡིན་ན་འདི་སྐད་ཅེས། ཡང་ལན་གཉིས་པའི་དོན་དུ་ཁྱེད་རང་སྐད་ཅིག་གིས་ཚེ་དཔག་མེད་དུ་གསལ་བའི་མདུན་གྱི་བུམ་པ་དང་བདུད་རྩི་ལྷག་པའི་ལྷ་ཡབ་ཡུམ་དུ་གསལ་བ་དེ། སོགས་ནས། སྐུ་གསུམ་མངོན་དུ་བྱས་པའི་མོས་པ་གྱིས་ཤིག །གི་བར་གོང་གི་དངོས་གཞི་ཉིད་ཆོས་ཐུན་རེ་ལ་ཅི་ཙམ་ཚར་ལོང་སྐབས་དང་བསྟུན་པར་བསྐུར། གསུམ་པ་ཕྱི་མའང་། ཡང་ལན་གསུམ་པའི་དོན་དུ་ཞེས་པ་ལྟ་བུ་གྲངས་གང་ཡིན་འདོན་པ་བསྒྱུར། དེའི་ཚེ་གསང་དབང་གི་སྔགས་རྗེས་ཟློས་ཀྱང་ཚར་སྔ་མ་རྣམས་ལ་ལན་རེས་ཆོག་ཅིང་འཕྲོ་འཇོག་ཙ་ན་སྔགས་ལན་གསུམ་དང༌། བཅོམ་ལྡན་བདག་གིས་སོགས་བྱས་ལ་དབང་

p. 132

བཞི་པའི་མཐར་ཤིས་བརྗོད་ཀྱང་བྱའོ། །ཡང་སང་ཉིན་བླ་མས་བདག་མདུན་བསྒྲུབ་ཅིང་བདག་མཇུག་བླང་བ་སྔོན་དུ་འགྲོ་བས་ཚར་དང་པོ་ལ་སྐྱབས་སེམས་དང༌། སློབ་མ་བུམ་ཐོད་ལྷར་གསལ་གདབ་པ་སོགས་དཀྱུས་བཞིན་བྱས་ལ། གཉིས་པ་ཕྱིན་དབང་གི་དངོས་གཞི་བསྐྱར་བ་སོགས་ཉིན་རེ་བཞིན་རིགས་འགྲེ་ཡིན་ནོ། །དེ་ལྟར་སློབ་མ་ལ་དབང་བསྐུར་ཚར་ནས་རྗེས་ཀྱི་ཆོ་ག་ནི། མདུན་བསྐྱེད་ལ་མཆོད་པ་དང་བསྟོད་པ་སྔར་གསུངས་པ་བཞིན་བྱས་ལ་འདོད་དོན་གསོལ་ནས། མདུན་བསྐྱེད་ཀྱི་བཅོམ་ལྡན་ཡབ་ཡུམ་ཆུ་ལ་ལན་ཚྭ་བཏབ་པ་ལྟར་བདག་ཉིད་ལ་ཐིམ་པར་བསམ་ཞིང༌། རང་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་ལྷག་པར་མོས་པས། བསོད་ནམས་བསྔོ་བ་དང་ཤིས་པ་བརྗོད་པ་སོགས་བྱས་ནས་སྤྱོད་ལམ་ལ་འཇུག་པར་བྱའོ། །མདུན་བསྐྱེད་ཀྱི་རྟེན་བུམ་པ་དང་བདུད་རྩི་དངོས་གྲུབ་ཏུ་རོལ་བར་བྱའོ། །ཡང་བརྒྱ་རྩ་ལྟ་བུ་ཡིན་ན་མ་གྲོལ་བར་དེ་ཀར་བཞུགས་པའམ། དབེན་པར་བསྡུ་བ་གནས་ཡུལ་དང་བསྟུན་ཞིང་མཆོད་པ་དང་འབུལ་གཏོར་ཉིན་རེ་བཞིན་གསར་པ་རེ་བཤམ་མོ། །འདི་ལ་བར་སྐབས་སུ་ཡིག་ཆའི་

p. 133

བསྲེ་སླད་མང་དུ་བྱུང་བ་རྣམས་འཁྲུལ་བཅས་སུ་གཟིགས་ཏེ། སྔོན་གྱི་ཡིག་ཆ་འཁྲུལ་མེད་ཁུངས་བཙུན་དང་མཐུན་པར་རྗེ་ཉིད་ཀྱིས་དག་པར་མཛད་ནས་སྒྲུབ་པའི་ཐབས་འདི་བསྟན་པ་ཡང༌། ཇི་སྐད་དུ་སློབ་དཔོན་དབྱངས་ཅན་བཟང་པོས་སློབ་མ་རྣམས་ལ་ཉེ་བར་གདམས་པའི་དགེ་བ་འདིས། སེམས་ཅན་ཐམས་ཅད་རྟག་པ་དམ་པའི་གོ་འཕང་ལ་གནས་པར་གྱུར་ཅིག །ཅེས་བསྩལ་ཏོ། །རྗེ་བཙུན་མཆོག་གི་བཀའ་བཞིན་བཅོམ་ལྡན་འདས། །རྡོ་རྗེ་དབྱངས་ཅན་ཚེ་དཔག་མེད་སྒྲུབ་ཐབས། །ཕྱག་བཞེས་མཐོང་བ་བརྒྱུད་པའི་ལྷན་ཐབས་ཀྱིས། །ཅུང་ཟད་བརྒྱན་ཏེ་འདིར་བཀོད་ལས་བྱུང་བའི། །བསོད་ནམས་གང་དེས་རྒྱལ་བའི་ཞབས་བརྟན་ཅིང༌། །བདག་སོགས་རྡོ་རྗེའི་ཚེ་ལ་དབང་ཐོབ་སྟེ། །སངས་རྒྱས་ཀུན་བདག་བླ་མ་དབྱངས་ཅན་བཟང༌། །ཚེ་དང་ཡེ་ཤེས་དཔག་མེད་འགྲུབ་འགྱུར་ཅིག །ཅེས་བྱ་བ་འདི་ནི་རྒྱལ་བ་མཆོག་དེ་ཉིད་ཀྱི་སྤྲུལ་པའི་སྐུ་རྗེ་བཙུན་དབང་ཕྱུག་རྡོ་རྗེའི་བཀའ་རྗེས་སུ་གནང་བ་བཞིན་རིགས་ཀྱི་བདག་པོ་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཉིད་ལ་སྒྲུབ་པའི་

p. 134

ཐབས་ཟབ་མོ་འདིའི་བཀའ་དྲིན་ཐོབ་ཅིང༌། ཕྱིས་མཁན་པོ་ཐམས་ཅད་མཁྱེན་པ་རྒྱལ་བ་དཀོན་མཆོག་འབངས་ཀྱི་ཞལ་སྔ་ནས་ཕྱག་བཞེས་སུ་མཛད་པ་ལ་ལན་གཅིག་ཙམ་མིན་པར་མཐོང་ཞིང་ནོད་པ་རྒྱུ་མཚན་དུ་བྱས་ཏེ། རྗེ་དམ་པ་དེ་དག་གིས་ཕྱག་བཞེས་སུ་མཛད་པ་ཇི་ལྟ་བར་ཤཱཀྱའི་དགེ་སློང་གྲགས་པ་དོན་གྲུབ་ཀྱིས་དཔལ་མཚུར་ཕུའི་གཙུག་ལག་ཁང་ཆེན་མོར་གཡར་ཁྲལ་དུ་འཚལ་བ་སྐྱེ་དགུ་ཐམས་ཅད་ལ་དགེ་བར་གྱུར་ཅིག །མངྒ་ལཾ།། །།བཅོམ་ལྡན་འཆི་མེད་མཆོག་སྦྱིན་ཚེ་དཔག་མེད། །རྡོ་རྗེའི་སྐུ་བརྙེས་གུ་རུ་པདྨ་འབྱུང༌། །རྒྱལ་བ་ཀུན་དངོས་རང་བྱུང་རྡོ་རྗེ་ནི། །སླར་ཡང་བསམ་བཞིན་སྤྲུལ་སྐུ་དབྱངས་ཅན་བཟང༌། །དེ་ཡིས་རྗེས་བཟུང་གྲགས་པ་དོན་གྲུབ་སོགས། །བྱིན་རླབས་རྩ་བ་བླ་མ་བརྒྱུད་པར་བཅས། །ཀུན་ལ་དད་ཅིང་གུས་པས་གསོལ་བ་འདེབས། །བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ལ། །འཆི་མེད་ཚེ་དང་ཡེ་ཤེས་བསྩལ་དུ་གསོལ། །འཕགས་མཆོག་ཐུགས་རྗེ་ཆེ་མངའ་སྤྱན་རས་གཟིགས། །རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དཔལ་ཏེ། །དངོས་

p. 135

གྲུབ་རྩ་བ་ཡི་དམ་ལྷ་ཚོགས་དང༌། །དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་སོགས། །འཕྲིན་ལས་རྩ་བ་ཆོས་སྐྱོང་སྲུང་མའི་ཚོགས། །ཀུན་ལ་དད་ཅིང་གུས་པས་གསོལ་བ་འདེབས། །བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ལ། །འཆི་མེད་ཚེ་དང་ཡེ་ཤེས་བསྩལ་ཏུ་གསོལ། །ཅེས་པའང་དགེ་སློང་གྲགས་པ་དོན་གྲུབ་ཀྱིས་སོ། །

རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་ཕག་མོ་ལྷ་ལྔའི་མངོན་དཀྱིལ་ཚིགས་བཅད་དུ་བསྒྲིགས་པ།

p. 136
p. 137

རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་ཕག་མོ་ལྷ་ལྔའི་མངོན་དཀྱིལ་ཚིགས་བཅད་དུ་བསྒྲིགས་པ་བཞུགས་སོ། །

p. 138

ཤེས་རབ་ཕ་རོལ་ཕྱིན་པའི་ཡེ་ཤེས་ཆེ། །བདེ་ཆེན་མཆོག་གི་སྡོམས་པས་རྟག་འཁྱུད་པ། །རྨོངས་པ་མཐར་མཛད་ས་རློག་བྱེད་པའི་ཞལ། །ཕེཾ་སྒྲ་སྒྲོགས་པའི་ལྷ་མོས་བདག་སྐྱོངས་ཤིག །འདི་ལྟར་བླ་མ་རྗེ་བཙུན་ནཱ་རོ་པའི་ལུགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་མའི་སྒྲུབ་པ་ཉམས་སུ་ལེན་པར་འདོད་པའི་སྔགས་པས། དང་པོ་བླ་མ་ལས་འདི་ཉིད་ཀྱི་དབང་བསྐུར་བ་ནོད་དེ། དུར་ཁྲོད་ལ་སོགས་པའམ། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་མཆོད་པ་དང་གཏོར་མ་ལ་སོགས་པ་ལེགས་པར་བཤམས་ནས། བདག་ཉིད་བདེ་བའི་སྟན་ལ་ལུས་བསམ་གཏན་གྱི་ཆོས་དང་ལྡན་པས་འདུག་སྟེ། ཐོག་མར་བདུད་རྩི་བྱིན་གྱིས་བརླབས་ནས། སྔོན་འགྲོ་གཏོར་མ་བཏང་། འདི་ལྟར་ལྷ་

p. 139

མོ་ཡ་མཚན་ཅན་སོགས་ཀྱིས་སྲུང་འཁོར་བསྒོམ་ནས། མཆོད་རྫས་རྣམས་ལས་སྔགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པའི་སྤྲིན་གྱི་ཕུང་པོ་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་གང་བ། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་བྱེད་པའི་རང་བཞིན་ཅན་དུ་གྱུར། པར་བསམ་ལ། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་

p. 140

བཛྲ་ཨཱརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ཐོག་མཐའ་འདྲ་བ་ལ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང༌། བྱེ་བྲག་ཏུ། བདག་དང་མཁའ་མཉམ་སེམས་ཅན་ཀུན། །བླ་མ་རྫོགས་པའི་སངས་རྒྱས་དང༌། །ཆོས་དང་འཕགས་པའི་ཚོགས་རྣམས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །མར་གྱུར་འགྲོ་རྣམས་འཁོར་བ་ལས་སྒྲོལ་ཕྱིར། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བསྒྲུབས་ཏེ། །སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི། །གོ་འཕང་མཆོག་ལ་བདག་གིས་འགོད་པར་བགྱིའོ། །ཞེས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་ནས། སྐད་ཅིག་དཔལ་ལྡན་ལྷན་ཅིག་སྐྱེས་མར་གསལ། །ལྟེ་བའི་བྃ་ལས་འོད་ཟེར་དམར་པོ་འཕྲོས། །ལུས་ཀྱི་ནང་གང་རང་གི་སྡིག་སྒྲིབ་སྦྱངས། །འོད་འཕྲོས་ནུབ་ཕྱོགས་ཨཽ་ཌཱི་ཡ་ན་ནས། །རྗེ་བཙུན་རྣལ་འབྱོར་མ་ལ་རིགས་བཞི་ཡི། །མཁའ་འགྲོ་བླ་མ་བྱང་སེམས་དཔག་མེད་ཀྱིས། །ཡོངས་བསྐོར་བླ་མ་རྣམ་པར་སྣང་

p. 141

མཛད་ཀྱིས། །གཙོ་མོར་དབུ་བརྒྱན་མདུན་གྱི་ནམ་མཁར་ནི། །འཁོར་བཅས་སྤྱན་དྲངས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པ་ལ་ཕྱག་འཚལ་བར་བསམས་ནས། ན་མོ་གུ་རུ་བྷྱཿ ཤྲཱི་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ན་མཿ གང་གི་དྲིན་གྱི་བདེ་ཆེན་ཉིད། །སོགས་དང༌། སངས་རྒྱས་ཀུན་གྱི་རང་བཞིན། །སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཀྱིས་ཕྱག་འཚལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལ། པཱ་དྱཾ། ནས། ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་རྒྱུན་བཤགས་ལན་གསུམ་བྱ། ཚོགས་ཞིང་ལྷ་ཚོགས་རང་ལ་ཐིམ་པར་བསམས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམས་ནས། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བཟུང༌། རང་གི་སྙིང་གར་པདྨའི་སྟེང༌། །བྃ་ལས་འོད་

p. 142

ཟེར་ཕྱོགས་བཅུར་འཕྲོས། །སེམས་ཅན་ཐམས་ཅད་རྣལ་འབྱོར་མར། །གྱུར་ནས་འོད་ཟེར་བྃ་ལ་ཐིམ། །རང་ལུས་འོད་ཕུང་ཡི་གེ་བྃ། །བྃ་ཡང་འོད་དུ་ཞུ་བ་ལས། །རང་ཉིད་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །བརྒྱད་གཉིས་ལོ་ཡི་ལང་ཚོ་ཅན། །གཅེར་མོ་སྐྲ་གྲོལ་སྤྱན་གསུམ་མངའ། །ཁྲོ་གཉེར་དང་ལྡན་མཆེ་བ་གཙིགས། །ཕྱག་གཡས་རྡོ་རྗེས་མཚན་པ་ཡིས། །གྲི་ཁུག་ཕྱར་ཞིང་ཁ་ཊྭཱྃ་ག །གྲུ་མོར་བསྟེན་པའི་ཕྱག་གཡོན་པས། །ཁྲག་བཀང་ཐོད་པ་ཐུགས་ཀར་འཛིན། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང༌། །གདུ་བུ་སྐ་རགས་རྣམས་ཀྱིས་བརྒྱན། །ཐོད་སྐམ་ལྔ་ཡི་དབུ་བརྒྱན་དང༌། །མགོ་རློན་ང་གཅིག་དོ་ཤལ་འཕྱང༌། །དར་དཔྱངས་དག་གིས་རབ་ཏུ་མཛེས། །པདྨ་ཉི་རོའི་གདན་སྟེང་དུ། །གཡོན་བརྐྱངས་སྐྱིལ་ཀྲུང་ཕྱེད་པ་ཡི། །གར་གྱིས་བཞུགས་ཤིང་ཡེ་ཤེས་ཀྱི། །འོད་མེའི་གཟི་བརྗིད་འབར་བའོ། །ཕྱོགས་ཀྱི་པདྨ་འདབ་བཞི་ལ། །ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོ། །ལྷོ་རུ་རིན་

p. 143

ཆེན་མཁའ་འགྲོ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང༌། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །རྒྱན་དང་ཆ་ལུགས་ཕྱག་མཚན་རྣམས། །གཙོ་མོ་དང་མཚུངས་གཙོ་འཁོར་ཀུན། །དམ་ཡེ་གདོད་ནས་དབྱེ་བ་མེད། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་དང༌། །འགྱུར་མེད་བདེ་བའི་བདག་ཉིད་གྱུར། །ཞེས་ལྷ་སྐུ་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པ་ལ་ཡུན་རིང་དུ་མཉམ་པར་བཞག་གོ །དེ་ནས་རྗོགས་པའི་རིམ་པ་བསྒོམ་པ་ནི། རང་གི་ལྟེ་བའི་དབུས་ཉིད་དུ། །ཆོས་འབྱུང་གྲུ་གསུམ་ཁ་དོག་དམར། །དེ་དབུས་པདྨ་འདབ་བཞི་ཡི། །ལྟེ་བར་བྃ་དང་འདབ་བཞི་ལ། །ཧ་རི་ནི་སས་མཚན་པ་ཡི། །ཆོས་ཀྱི་འབྱུང་གནས་གཡོན་ཕྱོགས་སུ། །བར་མེད་དྲག་ཏུ་འཁོར་བར་གྱུར། །ཞེས་གསལ་བར་བསྒོམས་ལ་རླུང་ཁ་སྦྱོར་དུ་ཐུབ་ཚད་མནན་པས་དྲོད་དང་བདེ་བ་མི་རྟོགས་པའི་ཡེ་ཤེས་སྐྱེས་སྟེ། དེའི་ཚེ་སེམས་མ་བཅོས་པར་རྟོག་མེད་ཀྱི་ངང་ལ་ཇི་ལྟར་གནས་ཀྱི་བར་བཞག་གོ །བསྒོམས་

p. 144

པས་ངལ་བ་འགྱུར་ན་བཟླས་པ་བྱ་བ་ནི། བདག་ཉིད་སྒྱུ་མ་ལྟ་བུའི་རྣལ་འབྱོར་མར། །གསལ་བའི་སྙིང་གར་པད་ཉིའི་སྟེང་དུ་བྃ། །བཻ་རོ་ཙ་ནཱིའི་སྔགས་ཀྱིས་གཡོན་བསྐོར་དུ། །འཁོར་བ་ལས་འཕྲོས་འོད་ཟེར་ཁ་དོག་ལྔས། །རང་གི་སྡིག་སྒྲིབ་དག་བྱས་སྣོད་བཅུད་ཀུན། །དཀྱིལ་འཁོར་པར་སྦྱངས་རྡོ་རྗེ་རྣལ་འབྱོར་མའི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་བསྡུས། །ཞེས་བསྒོམ་ཞིང་རྒྱས་པར་སྤྲོ་ན། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡཻ། བཛྲ་ཝཱ་རྞ་ནཱི་ཡཻ། བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་རྩ་སྔགས་ཉིད་གཙོ་བོར་ཅི་མང་བཟླས་ཏེ། དེ་ནས། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང༌། ཨོཾ་བཛྲ་ཝཱ་ར་ཧཱི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཡོ་གི་ནཱི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྟེ་ཕྱི་ནང་གསང་གསུམ་གྱི་སྙིང་པོའང་ཅི་ནུས་བཟླའོ། །མཆན། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་སྟེ་གྲངས་ཀྱི་བསྙེན་པ་ནི་བྱེ་བ་གཅིག་གོ །དེ་ནས་མཐུན་མཚམས་སུ་གཏོར་མ་བཏང་བ་ནི། ཐོད་པའམ་རིན་པོ་ཆེའི་སྣོད་དུ། འབྲས་ཆན་དང༌། ཤ་དང༌། ཁུར་བ་ལ་སོགས་བཟའ་

p. 145

བཏུང་སྣ་ཚོགས་པའི་གཏོར་མ་བཟང་པོ་བཤམས་པར་དམིགས་ཏེ། འདི་ཚོགས་སྤྱན་འདྲེན་ཚར་ནས་འདོན། མཆན། མདུན་དུ་ཐོད་སྒྱེད་གསུམ་གྱི་ཁར། །ཐོད་པ་གཏོར་རྫས་ཤ་ལྔ་དང༌། །བདུད་རྩི་ལྔ་ཡི་རང་བཞིན་སྟེང༌། །ཡི་གེ་གསུམ་པོ་རིམ་བཞིན་གནས། །དེ་རྣམས་ལས་བབས་ཡེ་ཤེས་ཀྱི། །བདུད་རྩིས་གཏོར་སྣོད་གང་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། འབྲུ་གསུམ་འོད་ཞུ་གཏོར་མ་ལ། །ཐིམ་པས་རོ་བརྒྱ་ལྡན་པར་གྱུར། །རང་སྙིང་ས་བོན་འོད་ཟེར་གྱིས། །ཨོ་རྒྱན་གནས་ནས་རྣལ་འབྱོར་མ། །འཁོར་དང་བཅས་པ་སྤྱན་དྲངས་ཏེ། །གཏོར་མའི་མཐའ་མར་རབ་བཞུགས་པའི། །ལྗགས་རྩེ་འོད་ཟེར་སྦུ་གུ་ཡིས། །གཏོར་མ་དྲངས་ཏེ་གསོལ་བར་གྱུར། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨི་དམ་བ་ལིདྟཾ་ཁ་ཁ་ཁཱ་ཧཱི་ཁཱ་ཧཱི། ཞེས་པ་བདུན་གྱིས་གཏོར་མ་ཕུལ་ནས་མཉེས་པར་བསམ་ལ། ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ནི་ཕྱག་འཚལ་ལོ། །འཕགས་མ་འཇིག་རྟེན་གསུམ་ཡུམ་གཞན་གྱིས་མི་ཐུབ་རིག་

p. 146

པའི་དབང་ཕྱུག་མ། །འབྱུང་པོ་ཐམས་ཅད་འཇིགས་མཛད་ཀུན་ཏུ་འབེབས་མ་རྡོ་རྗེ་ཆེན་མོ་ཉིད། །རྡོ་རྗེ་གདན་མ་མི་ཕམ་གཞན་གྱིས་མི་ཐུབ་དབང་མཛད་གཡོ་བའི་སྤྱན། །དུག་ཀྱང་སྐེམ་པར་མཛད་མ་འཇིགས་སུ་རུང་པའི་ཁྲོ་མོ་གཙིག་བྱེད་མ། །སྐྲག་བྱེད་གསོད་བྱེད་རབ་ཏུ་འབྱེད་པར་བྱེད་ཅིང་ཕ་རོལ་ལས་རྒྱལ་མ། །རྣམ་པར་རྒྱལ་མ་རྨུགས་པར་བྱེད་ཅིང་རེངས་དང་རྨོངས་པར་མཛད་པ་མོ། །རྡོ་རྗེ་ཕག་མོ་རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཅེས་པས་བསྟོད། དེ་ནས་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་བཟོད་གསོལ་བྱ། དགེ་བ་སེམས་ཅན་གྱི་དོན་དུ་བསྔོས་ཏེ། གཏོར་མ་གཙང་སར་བསྐྱལ་ནས་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་སྤྱོད་ལམ་ལ་འཇུག་པར་བྱའོ། །བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆན། རིམ་པ་དེ་ལྟ་བུ་ཉིད་ཀྱིས་གྲངས་དང་མཚན་མའི་བསྙེན་པ་ཐོན་པའི་རྣལ་འབྱོར་པས། སྐལ་པ་དང་ལྡན་པ་གཞན་ལ་བྱིན་རླབས་ཀྱི་དབང་བསྐུར་བྱེད་པར་འདོད་ན། སྔོན་དུ་ལྷའི་རྣལ་འབྱོར་དང་ལྡན་པས། བཻ་རོ་ཙ་ནཱི་ལ། ཧ་རི་ནི་ས་བཏགས་

p. 147

པ་ཞག་གསུམ་མམ། བདུན་དུ་བཟླས་པས་བསྙེན་པ་ཁ་གསོས་ནས། གནས་ཁང་ཕྱག་བརྡར་བྱས་ལ། བླ་བྲེ་དང་ཡོལ་བས་བརྒྱན། ས་གཞི་དྲི་དང་ཆང་གིས་བྱུག །དེར་ཆོས་འབྱུང་དམར་པོའི་དབུས་སུ་པདྨ་འདབ་བཞི་པའི་ལྟེ་བར་བྃ་དང༌། འདབ་མ་བཞི་ལ་ཧ་རི་ནཱི་ས་བྲི། མཐར་རེ་ཁཱ་དཀར་པོས་བསྐོར། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ་མགུལ་ཆིངས་ཅན་དྲིའི་ཆུས་བཀང་བ་བཞག །དེའི་སྟེང་དུ་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་བཞག་ལ་དར་དམར་གྱི་ཁ་ཁེབས་བྱ། མེ་ལོང་ལ་སིནྡྷུ་ར་བྱུགས་ནས་དེ་ལ་ཆོས་འབྱུང་རྐྱང་པའི་དབུས་སུ་བྃ་ལ་བཻ་རོ་ཙ་ནཱིས་སྔགས། གཡོན་བསྐོར་དུ་བྲིས་ཏེ་སྔགས་མགོ་རང་ལ་བསྟན་ནས་ཐོད་པའི་ཁར་བཞག །ཤ་སྣ་ཚོགས་པའི་གཏོར་མ་ལྔ་བཅས་ལ་དཀྱིལ་འཁོར་གྱི་པད་འདབ་བཞིའི་སྟེང་དུ་རེ་རེ་བཞག གཅིག་གང་བདེར་བཞག དེའི་མཐར་མར་མེ་ལྔ། སྤོས་རེང་ལྔ། ལྷ་བཤོས་ལྔ་རྣམས་ཀྱིས་བསྐོར། གཞན་ཡང་མེ་ཏོག་ཉིད་ལ་སོགས་པའི་མཆོད་པ་ཅི་འབྱོར་པ་དང༌། ཚོགས་ཀྱི་ཡོ་བྱད་ལག་མཆོད་ཀྱི་བདུད་རྩི་དང་བཅས་པ་ལེགས་པར་བཤམས་ཏེ། སྔར་སྨྲོས་པའི་བདག་བསྐྱེད་བཟླས་པའི་བར་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་

p. 148

དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། དཀྱིལ་འཁོར་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་ཆོས་འབྱུང་དང༌། །མེ་ལོང་གི་དབུས་ཡི་གེ་བྃ། །དམར་པོ་ལས་འཕྲོས་འོད་ཟེར་གྱིས། །སེམས་ཅན་ཁམས་སྦྱངས་སངས་རྒྱས་མཆོད། །འོད་ཟེར་ཚུར་འདུས་བྃ་ལ་ཐིམ། །བྃ་དེ་ཡོངས་སུ་གྱུར་པ་ལས། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཞེས་པ་ནས། རྒྱན་དང་ཆ་ལུགས་ཕྱག་མཚན་རྣམས། །ཞེས་པའི་བར་བདག་བསྐྱེད་ལྟར་ལ། གཙོ་མོ་ཉིད་དང་མཚུངས་པའོ། །ཞེས་ཁྱད་པར་དུ་བསྟོན་ནས། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི། །ཐུགས་ཀའི་འོད་ཀྱིས་ཨོ་རྒྱན་ནས། །རང་འདྲའི་ཡེ་ཤེས་སེམས་དཔའ་ནི། །སྤྱན་དྲངས་མདུན་གྱི་དཀྱིལ་འཁོར་པར། །ཛཿཧཱུྃ་བཾ་ཧོཿས་གཉིས་མེད་གྱུར། །དེ་ལྟར་བཞུགས་པའི་རྗེ་བཙུན་མ། །འཁོར་དང་བཅས་པ་ཐམས་ཅད་ལ། །བདེ་ཆེན་དམ་པའི་མཆོད་པ་ནི། །ནམ་མཁའ་གང་བར་སྤྲོས་ཏེ་འབུལ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཤྲཱི་བཛྲ་ཡོ་གི་ནཱི་བཛྲ་པུཥྦེ་

p. 149

ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་ཏུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ་རྣམས་སྦྱར་བས་ལྷ་རྫས་ཀྱི་མཆོད་པ་ལྔ་དང༌། སྙིང་པོའི་མཐར། ཨོཾ་ཨཱཿཧཱུྃ། བཏག་ལ་བདུད་རྩིའི་མཆོད་པ་རྣམས་ཀྱིས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་ལ། སྔར་སྨོས་པའི་རྐང་པ་བརྒྱད་པས་བསྟོད་ནས། མེ་ལོང་དང་ནི་རྡུལ་ཚོན་གྱི། །དཀྱིལ་འཁོར་གཙོ་མོའི་ཐུགས་ཀར་བྃ། །ལས་འཕྲོས་འོད་ཀྱིས་ཨཽ་རྒྱན་ནས། །མཁའ་འགྲོ་རྣམས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ཏེ། །མེ་ལོང་དབུས་བཞུགས་རྗེ་བཙུན་མའི། །ཐུགས་ཀའི་བྃ་ལ་ཐིམ་པའི་མོད། །དེ་ལས་བདུད་རྩིའི་རྒྱུན་བབས་པས། །ཐོད་པ་རབ་ཏུ་གང་བར་གྱུར། །ཁོལ་ཞིང་ལུད་པས་བདུད་རྩིའི་རྒྱུན། །བུམ་པར་རབ་ཞུགས་བུམ་པ་ཡང༌། །ཡེ་ཤེས་བདུད་རྩིས་གང་བར་གྱུར། །ཞེས་བསྒོམ་ཅིང་བཻ་རོ་ཙ་ནཱིའི་བཟླས་པ་བྱའོ། །དེ་ནས་ལག་མཆོད་ནི། མདུན་ཏུ་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་བཞག་ལ། ལག་གཡོན་མཐིལ་དང་མདུན་གྱི་ཆང་ནང་དུ། །ཆོས་འབྱུང་དབུས་དང་པདྨ་འདབ་བཞིའི་སྟེང༌། །བྃ་དང་

p. 150

ཕྱོགས་བཞིར་ཧ་རི་ནི་ས་ལས། །འོད་འཕྲོས་སེམས་ཅན་ཐམས་ཅད་རྣལ་འབྱོར་མར། །བྱས་པས་འོད་ཟེར་ཚུར་འདུས་ས་བོན་ལས། །ཐིམ་པས་རྣལ་འབྱོར་མ་དཔལ་ལྷ་སྔགས་གྱུར། །དེ་དག་ལ། ཨོཾ་ཤྲཱི་བཛྲ་ཡོ་གི་ནི་ས་པ་རི་ཝཱ་རི་པུཥྦེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེ་དྱ། ཤབྡ་ཞེས་པ་རྣམས་ཀྱིས་མཆོད་ལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཀྱིས་བསྟོད་ལ། ལག་པར་བཞུགས་པའི་ལྷ་རྣམས་ཡེ་ཤེས་ལྔའི། །ངོ་བོར་ཞུ་བ་ཐོད་པའི་ལྷ་ཚོགས་ལ། །ཐིམ་པས་ཀུན་ཀྱང་ཡེ་ཤེས་བདུད་རྩིར་ཞུ། །ཐོད་པའི་ཆང་དང་རོ་གཅིག་ཉིད་དུ་གྱུར། །ཨོཾ་ཨཱཿཧཱུྃ། དེ་ནས་སྙིང་པོ་བཟླ་ཞིང་ཐོད་པའི་བདུད་རྩི་མཐེབ་སྲིན་གྱིས་གནས་ཁང་ལ་གཏོར་ལ། བགེགས་རྣམས་ཚར་བཅད་མཁའ་འགྲོ་མའི། །དྲྭ་གུར་སྲུང་བའི་འཁོར་ལོར་གྱུར། །སྙིང་པོ་བཟླ་ཞིང་རང་ལ་གཏོར། བ་སྤུའི་བུ་ག་ཐམས་ཅད་ཀྱང༌། །མཁའ་འགྲོའི་ཚོགས་ཀྱིས་གཏམས་པར་གྱུར། །སྙིང་པོ་བཟླ་ཞིང་ཚོགས་རྫས་ལ་གཏོར་ལ། དམ་ཚིག་རྫས་རྣམས་ཡེ་ཤེས་ཀྱི། །བདུད་རྩི་རོ་བརྒྱ་ལྡན་

p. 151

པར་གྱུར། །ཅེས་བརྗོད། དེ་ནས་རང་གི་ལྕེ་ཐོག་ཏུ་ཐིགས་པ་གཅིག་བཞག་ལ། ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་མྱང༌། དེ་ནས་གོང་བཞིན་གཏོར་མ་བཏང་སྟེ། དཀྱིལ་འཁོར་ཡོལ་བས་བསྐོར་ལ། སློབ་མ་རྣམས་ཁྲུས་བྱས། མདུན་དུ་འཁོད་པ་ལ་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་ཀྱི་ཆོས་བཤད། སྐྱབས་སེམས་འབོག་པའམ། ཡང་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་གོང་གི་རྒྱུན་བཤགས་ལན་གསུམ་བྱར་གཞུག །དེ་ནས་ཡོལ་བ་བསལ་ཏེ། སློབ་མ་རྣམས། ཨོཾ་ན་མ་ཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ཞེས་བླ་མ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་བྱེད་དུ་བཅུག་ལ། བདུད་རྩི་ལྔས་བྱུགས་པའི་མཎྜལ་ལ་རེ་ཁཱ་དཀར་པོས་བསྐོར་བའི་ཆོས་འབྱུང་པདྨ་དང་བཅས་པ་བྲིས་པའི་ཁར་ནས་ཀྱི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་སློབ་མ་རྣམས་འདུག་ཏུ་བཅུག་ནས། བླ་མ་དང་ནི་རྡོ་རྗེ་རྣལ་འབྱོར་མ། །ཐུགས་རྗེས་བདག་ལ་དགོངས་པར་མཛོད་ཅིག་བདག །རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བགྱི་ལ། །རྗེ་བཙུན་མའི་སྐུ་གསུང་ཐུགས་མཆོག་གི །བྱིན་རླབས་དམ་པས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་

p. 152

ལན་གསུམ་འདེབས་སུ་བཅུག་ནས། སློབ་མ་དག་ཙོག་པུར་རྐང་པ་གཡས་པས་གཡོན་པ་མནན། རྐང་མཐིལ་ཅུང་ཟད་བཏེགས། སྤྱི་བོར་ཆོས་འབྱུང་གི་ཕྱག་རྒྱ་བྱེད་བཅུག་ནས་འདི་ལྟར་བསྒོམ་དུ་གཞུག་སྟེ། སློབ་མ་མི་དམིགས་ངང་ལས་རྗེ་བཙུན་མ། །དམར་མོ་གྲི་ཐོད་འཛིན་པ་ཕྱག་རྒྱ་ལྔས། །བརྒྱན་ཅིང་ཕྱེད་ཀྲུང་གར་སྟབས་ཀྱིས་བཞུགས་པའི། །ལྟེ་དབུས་ཆོས་འབྱུང་དམར་པོ་ལ་གནས་པའི། །པདྨའི་ལྟེ་བར་བྃ་དང་འདབ་བཞི་ལ། །ཧ་རི་ནི་སས་མཚན་པ་གཡོན་ཕྱོགས་སུ། །དྲག་ཏུ་འཁོར་བ་མེ་འོད་དང་མཚུངས་པའོ། །ཞེས་དེ་ལ་སེམས་འཛིན་ཏུ་བཅུག་ནས། གུ་གུལ་དང་ཚིལ་ཆེན་གྱི་སྤོས་བསྲེག་ཅིང་བླ་མས་ཀྱང་དེ་བཞིན་ཏུ་བསྒོམས་ཤིང་ཌ་མ་རུ་དང་དྲིལ་བུ་འཁྲོལ་བཞིན་པས། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝཱ་ར་ཧཱི་ཨཱ་ཝེ་ཤ་ཡ་ཨཱ་ཨཱཿ ཞེས་པའི་སྔགས་བྱིན་རླབས་མ་ཕབས་བར་དྲག་ཏུ་བརྗོད་པས་སྐུ་བབ་ན་ལུས་འཕར། གསུང་བབ་ན་སཾ་སྐྲྀ་ཏའི་སྐད་སྨྲ། ཐུགས་བབ་ན་མི་རྟོག་པ་སྐྱེའོ། །དེ་ལྟར་སྦྱོར་བའི་ཆོ་ག་རྣམས་སོང་ནས། དབང་གི་དངོས་གཞི་ལས། དང་པོ་བུམ་དབང་ནི། བླ་མ་

p. 153

དང་ནི་དཀྱིལ་འཁོར་ལྷའི། །ཐུགས་ཀ་ནས་བྱོན་རྣལ་འབྱོར་མ། །བུམ་པ་འཛིན་པའི་ཚོགས་རྣམས་ཀྱིས། །བདུད་རྩིས་སྤྱི་བོ་ནས་དབང་བསྐུར། །ཞེས་དཔོན་སློབ་ཐམས་ཅད་ཀྱིས་བསྒོམ་ཞིང༌། བླ་མས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་པ་སྤྱི་བོར་བཞག །བུམ་ཆུས་ཁྲུས་བྱས། ཅུང་ཟད་འཐུང་དུའང་གཞུག །གཉིས་པ་གསང་དབང་ནི། སྙིང་པོ་བརྗོད་ཅིང་སྙིང་གར་སིནྡྷུ་རའི་མཎྜལ་གཏུགས། གནས་གསུམ་དུ་སིནྡྷུ་རའི་ཐིག་ལེ་བྱས་ལ། སྙིང་གར་སངས་རྒྱས་ཐམས་ཅད་ཀྱི། །བྱང་སེམས་ངོ་བོ་རྣལ་འབྱོར་མའི། །རང་བཞིན་གྲི་གུག་གསལ་བར་གྱུར། །ཅེས་བསྒོམ་མོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སྙིང་པོ་བརྗོད་ཅིང་ཐོད་པའི་བདུད་རྩི་བླུད་ནས་རོ་མྱང་དུ་གཞུག་གོ །བཞི་པ་ནི། སློབ་མ་བདེ་སྟོང་གི་དོན་ལ་སེམས་འཛིན་དུ་བཅུག་ལ། བླ་མས་བརྡའ་སྤྲད་པ་ནི། བུམ་ཆུས་ཁྲུས་བྱས་བུམ་དབང་སྟེ། །གྲི་གུག་སྒོམ་ཞིང་སིནྡྷུ་རའི། །ཐིག་ལེ་བྱས་པ་གསང་བའི་དབང༌། །བདུད་རྩི་རོ་

p. 154

མཆོག་བདེ་ཆེན་དུ། །མྱང་བ་ཤེས་རབ་ཡེ་ཤེས་དབང༌། །དེ་གསུམ་ངོ་བོ་དབྱེར་མེད་པ། །བདེ་སྟོང་ལྷན་སྐྱེས་ཕྱག་རྒྱ་ཆེ། །རྟོགས་པ་བཞི་པའི་དབང་ཡིན་ནོ། །ཞེས་ངོ་སྤྲད་དོ། །དེ་ནས་ཚོགས་ཀྱི་ཕུད་ཇི་ཙམ་འོས་པ་དཀྱིལ་འཁོར་གྱི་དྲུང་དུ་བཏེགས་ལ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་ཞེས་སོགས་ལན་གསུམ་བརྗོད་པས་ཚོགས་མཆོད་འབུལ། དེ་ནས་ཚོགས་ལ་རོལ་བ་ན་སྟབ་པོས། ཚོགས་བྱིན་རླབ་དང་སྤྱན་འདྲེན་སོགས་ཕག་མོ་ནང་བཞིན་བྱ། མདུན་དུ་ཐོད་སྒྱེད་སོགས་གོང་ལྟར་གྱི་གཏོར་མ་འབུལ། མཆན། བསྟེན་པར་བྱ་བའི་རྫས་འདི་ནི། །མི་རྟོག་རྣལ་འབྱོར་པས་བླང་བྱ། །ལེན་པ་པོས། བདེ་ཆེན་སྦྱོར་བའི་དམ་ཚིག་འདི། །རྟག་ཏུ་བདག་གིས་སྤྱད་པར་བྱ། །དེ་ནས་འདོད་ཡོན་གྱིས་དགའ་མགུར་གྱུར་ཏེ། ཚོགས་གཉིས་ཀྱི་འཁོར་ལོའི་མཆོད་པའི་དགའ་མགུར་བརྩོན་པ་ལ་རབ་ཏུ་དགའ་བའི་རོལ་གར་བྱ་བ་ནི། ཨ་ཧོཿ གང་སྔོན་རྣལ་འབྱོར་མི་ལ་བདེ་བ་དང༌། །ཚེ་རིང་ལྷ་མོའི་དགའ་ཆེན་མྱོས་པ་ཡི། །རེག་པ་འབར་བས་མཆེད་ལྕམ་

p. 155

འདུས་པ་རྣམས། །རྟག་ཏུ་རྡོ་རྗེའི་ཨཱར་ལླིར་གྱུར་ཅིག །ཅེས་བརྗོད། དེ་ནས་ཚོགས་ཀྱི་འཁོར་ལོའི་བྱ་བ་གྲུབ་པ་ན། ཚོགས་གཉིས་ཀྱི་རྫས་དེ་ཉིད་དཔལ་ལྡན་སྡོམ་པ་ཡབ་ཡུམ་སྟེ་བཞད་པ་རྡོ་རྗེ་ཡུམ་བཅས་ལ་མཆོད་པ་ནི། ཧོཿ སྡོམ་པའི་བདག་ཉིད་རྣལ་འབྱོར་མི་ལ་རས། །རྣལ་འབྱོར་མ་མཆོག་ཚེ་རིང་མཆེད་ལྔར་བཅས། །ཟག་མེད་མཆོད་ཆེན་རོ་ཡིས་ཚིམས་མཛོད་ལ། །རྗེས་སུ་ཆགས་པའི་བདེ་བ་སྩལ་དུ་གསོལ། །ཞེས་མཆོད་དེ། ལྷག་མ་རྣམས་སྣོད་གཙང་མར་བསྡུས་ལ་སློབ་དཔོན་གྱིས་ཁ་བཤལ་བའི་ཆང་གིས་བྲན་ལ། ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། ཨོཾ་ཨུཙྪིཥྟ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། གསུམ་གྱིས་མཁའ་འགྲོ་དང་འབྱུང་པོ་ལྷག་མ་ཟ་བ་རྣམས་ལ་བསྔོས་ཏེ་སྒོར་དོར། ལྷག་མའི་ཚིག་དོན་ལྡན་ཞབས་ཀྱི་མཛད་པ་ལྟར་བྱ། མཆན། དཀྱིལ་འཁོར་བ་ལ་གཏང་རག་གི་མཆོད་ན། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ཤྲཱི་བཛྲ་ཡོ་གི་ནཱི་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝིདྱ། ཤབྡ། པཉྩ་ཨ་མྲྀ་ཏ། མཱ་ཏདྒི། རྣམས་སྦྱར་བས་དབུལ། རྐང་བརྒྱད་ཀྱིས་

p. 156

བསྟོད། བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་འཁོར་དང་བཅས་པ་རྣམས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ཀྱིས་མཐར་ཡིག་བརྒྱ་བརྗོད་ལ་བཟོད་གསོལ་བྱ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ནས། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་ཨཽ་རྒྱན་དུ་གཤེགས་སུ་གསོལ། ཨོཾ་ཨཱཿཧཱུྃ། དམ་ཚིག་པ་རང་ལ་བསྡུས་ཏེ་དགེ་བ་བྱང་ཆུབ་ཆེན་པོར་བསྔོས་ལ་ཤིས་བརྗོད་བྱས་ཏེ་དཀྱིལ་འཁོར་བསྡུའོ། །དེ་ལྟར་ཆོས་ཀྱི་རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས། ནཱ་རོ་ལུགས་ཀྱི་ཕག་མོ་ལྷ་ལྔའི་མངོན་དཀྱིལ་ཉམས་སུ་ལེན་ཚུལ་ཚིགས་བཅད་དུ་བསྒྲིགས་པ་འདི་ནི་བརྒྱུད་པ་རིན་པོ་ཆེ་འདི་

p. 157

ཉིད་ཀྱི་ཆོས་ཚུལ་ངེས་པ་དོན་གྱི་ནོར་ལ་ཡི་དམ་དུ་མཛད་པ་ནང་སོ་ཀརྨ་སྲིད་བྲལ་བའི་ཐུགས་དམ་ཉམས་བཞེས་སུ་ཤཱཀྱའི་བཙུན་པ་གྲགས་པ་དོན་གྲུབ་ཀྱིས་ཐུན་མཚམས་གསུམ་དུ་ཡི་གེར་བགྱིས་པའི་དགེ་བས་སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །

རབ་ཏུ་གནས་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་མཆན་བུས་བཀྲོལ་བ།

p. 158
p. 159

རབ་ཏུ་གནས་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་མཆན་བུས་བཀྲོལ་བ་བཞུགས་སོ། །

p. 160

ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་རྨད་དུ་བྱུང་བ་ཡི། །རྒྱལ་དང་བླ་མ་རྣམས་ལ་གུས་བཏུད་ནས། །རབ་ཏུ་གནས་པའི་ཆོ་གའི་སྙིང་པོ་འདི། །འཐོར་བ་བསྡུས་ཏེ་གཞན་གྱི་དོན་དུ་བྲི། །རབ་ཏུ་གནས་པ་བུམ་པ་གཉིས་ལ་བརྟེན་པ་འདི་ལ་དོན་གསུམ་སྟེ། གང་གིས་བྱེད་པའི་སློབ་དཔོན་གྱི་མཚན་ཉིད། གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན། ཇི་ལྟར་དུ་བྱ་བའི་ཆོ་གའི་རིམ་པའོ། །དང་པོ་ནི། འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་རབ་ཏུ་གནས་པའི་གཞུང་ལས། སློབ་དཔོན་མཚན་ཉིད་དྲོད་དང་ལྡན། །ནུས་ལྡན་ཆོ་གའི་རིམ་པ་མཁས། །ཞེས་པས་རྡོ་རྗེ་སློབ་དཔོན་མཚན་ཉིད་ལྡན་པ། ཐ་མ་ཡང་བསྐྱེད་རིམ་ལ་བརྟན་པ་

p. 161

ཐོབ་པ་ཞིག་གིས་བྱ་བར་གསུངས་སོ། །གཉིས་པ་གང་རབ་ཏུ་གནས་པར་བྱ་བའི་རྟེན་ནི། རིས་སུ་བྲིས་པ་དང་། ལུགས་སུ་བླུག་པ་དང་། རྡོ་ཤིང་འཇིམ་པ་ལས་བྱས་པ་རྣམས་ཏེ། སྤྱི་སྡོམ་ལ། བིལྦ་ཁང་བུ་རྒྱལ་མཚན་མཆོད་རྟེན་བརྒྱད། །རིགས་ལྔ་ལ་སོགས་ལོངས་སྤྱོད་རྫོགས་པའི་རྟེན། །བཅུ་གཉིས་མཛད་ཚུལ་མཆོག་གི་སྤྲུལ་པ་དང་། །གླེགས་བམ་རྡོ་རྗེ་དྲིལ་བུ་ལ་སོགས་པའོ། །དེ་ལྟ་བུའི་རྟེན་བཞེངས་པའི་བྱ་བའི་རིམ་པ་ཡང་། ལྷ་ཁང་དང་མཆོད་རྟེན་ལྟ་བུ་གསར་དུ་བྱེད་ན། སའི་ཆོ་ག་དང་། བྱིན་གྱིས་བརླབ་པའི་རིམ་པ་བྱའོ། །ཐང་ག་ལ་རས་གཞི་དང་། རྟེན་གཞན་གྱི་རྒྱུ་ལ་སོགས་པ་བྱིན་གྱིས་བརླབ་པ་གྲུབ་ནའང་བཟང་ངོ་། །མདོར་ན་རྟེན་གྱི་བྱ་བ་ཐམས་ཅད་གྲུབ་ནས། ནང་རྫོངས་བཏུབ་པ་རྣམས་ལ་དྲི་བཟང་

p. 162

པོའི་ལྡེ་གུས་བྱུགས་ལ། གཟུངས་རིང་སྲེལ་ལ་སོགས་པའི་རྟེན་རྣམས་ཆོ་ག་ཅི་རིགས་པ་སྔོན་དུ་འགྲོ་བས་གོ་རིམ་མ་ལོག་པར་གཞུག་སྟེ་ཞབས་བསྡམ་མོ། །ཐང་ག་ལ་སོགས་པ་རྣམས་ལ་ནི། གཟུངས་ཅི་རིགས་པ་བྲིས་ཏེ། དེ་ལྟར་རྟེན་ལེགས་པར་གྲུབ་ནས། གསུམ་པ་ཆོ་གའི་རིམ་པ་ལ་གསུམ་སྟེ། གནས་དང་། དུས་དང་། བྱ་བའི་རིམ་པའོ། །དང་པོ་མཆོད་རྟེན་ལ་སོགས་པ་གང་དུ་བྱས་པའི་གནས་དེ་ཉིད་དམ། གཞན་དག་ལ་ནི་དབེན་ཞིང་བཀྲ་ཤིས་པའི་གནས་གང་ཡང་རུང་བར་བྱའོ། །གཉིས་པ་དུས་ནི། ཟླ་བ་དང་། གཟའ་དང་རྒྱུ་སྐར་བཟང་པོའི་ཚེས་ལ་བྱའོ། །གསུམ་པ་བྱ་བའི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་སྔོན་འགྲོ་ལ་དྲུག་སྟེ། ཡོ་བྱད་སྟ་གོན་ལ་གནས་ནས་ལེགས་པར་བཤམ་པ་དང་། བདག་བསྐྱེད་པ་དང་། བུམ་པ་སྟ་གོན་དང་། རྟེན་སྟ་གོན་དང་། ཡེ་ཤེས་པ་སྤྱན་དྲངས་ཤིང་སྙན་གསན་དབབ་པ་དང་། རྟེན་དགབ་པའོ། །དང་པོ་ནི། ཡོ་བྱད་རྣམས་ཚོགས་པར་བྱས་ནས། བཤམ་པ་ནི། སྔར་སྦྱང་བ་མ་བྱས་པའི་ས་ཡིན་ན། ས་ཆོག་བྱ་བའོ། །དེ་ནས་མདོ་ལུགས་རྐྱང་པའི་ལུགས་ཀྱིས། བུམ་གདན་པདྨ་འདབ་བརྒྱད་བྲིས་པའམ། དེ་མ་གྲུབ་ན་

p. 163

ནས་ཀྱི་ཚོམ་བུ་བྱའོ། །དབུས་སུ་ལྷ་ལ་མཆོད་པའི་དོན་དུ། གླིང་བཞི་རི་རབ་བཀྲ་ཤིས་ཀྱི་རྟགས་བརྒྱད་དང་བཅས་པ་བྲིའོ། །རྟེན་དངོས་སུ་བཀྲུར་ཡོད་པ་ཡིན་ན། ཁྲུས་སྟེགས་གྲུ་བཞི་བཀྲ་ཤིས་ཀྱི་རྟགས་ཀྱིས་བརྒྱན་པ་རྩིག་པའམ་བྲིའོ། །བུམ་པ་མཚན་ཉིད་དང་ལྡན་པ་གཉིས་གུ་གུལ་གྱིས་བདུག་ཅིང་སུམྦྷ་ནིས་བསངས་ལ། ལྷ་ཡིན་ན་དཀར་པོས་བྱུག་ཅིང་། དར་རམ་རས་ཀྱི་མགུལ་བཅིངས། བལ་བུའམ་ཤུག་པས་ཁ་བརྒྱན། ནང་ཆུ་གཙང་མས་བཀང་། སྨན་ལྔ། འབྲུ་ལྔ། དྲི་ལྔ། སྙིང་པོ་ལྔ། རིན་པོ་ཆེ་ལྔ་ལ་སོགས་པའི་བུམ་རྫས་རྣམས་གཞུག །ལས་བུམ་དུ་དྲི་མ་ཁྲུས་ཀྱང་བསྡུ་བ་ཡིན་ནོ། །སྡེར་གཙང་མར་འབྲུ་བཟང་པོ་བླུག་པ་དང་། དྲིའི་ཆུ་དང་། མེ་ལོང་དང་། ཁྲུས་སྡེར་དང་། འདག་ཆལ་དང་། ན་བཟའ་ལ་སོགས་པ་རྣམས་དང་། མཆོད་པ་དང་གཏོར་མ་ཅི་འབྱོར་བ་བཤམ། ཁྱད་པར་དུ་ཆོས་སྐྱོང་གི་གཏོར་མ་ཆེ་བ་གཅིག་ལོགས་སུ་བཤམས་ཏེ། རབ་གནས་མ་ཐོན་བར་དུ་གཏར་བཟུང་། དེ་ལྟར་ལེགས་པར་བཤམ་མོ། །གཉིས་པ་བདག་བསྐྱེད་པ་ནི། དཔོན་སློབ་ཐམས་ཅད་ཀྱིས་གསོ་སྦྱོང་བླང་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས། ༼རབ་ཏུ་གནས་པ་གང་དུ་བྱ་བའི་

p. 164

གནས་ཁང་དེ་ཉིད་ཀྱི་གུང་དུ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གཟུགས་རབ་གནས་དང་ལྡན་པ། དཔོན་སློབ་ཐམས་ཅད་ལངས་ཏེ་འདུད་པ་དང་བཅས་པས་ཐལ་མོ་སྦྱར་ཏེ། ཁྲི་དང་ན་བཟའ་མཆོད་པའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་བཞུགས་སུ་གསོལ་བའི་སྤྱན་སྔར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །མཐའ་ཡས་འཇིག་རྟེན་ཁམས་རྣམས་ན། །ཇི་སྙེད་རྒྱལ་བ་སྲས་བཅས་ལ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །ཀུན་ནས་དྭངས་བས་ཕྱག་བགྱིའོ། །ཞེས་པ་སློབ་དཔོན་ཀུ་མུ་ད་ཨ་ཀ་རས་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་སུ་གསུངས་པའི་ཕྱག་འཚལ་བའི་ཚིག་འདི་བརྗོད་པའི་མཐར་ཕྱག་གསུམ་བྱས་ལ། རྟེན་གྱི་སྤྱན་སྔར་ཐལ་མོ་སྦྱར་བས་ཙོག་ཙོག་པུར་འདུག་ནས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་པ་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་འཕགས་པ་བཟང་པོར་སྤྱོད་པའི་སྨོན་ལམ་ལས་འབྱུང་བའི་

p. 165

ཡན་ལག་བདུན་པ་ཚར་གཅིག་བརྗོད་པའི་རྗེས་ལ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སྡིག་པ་ཐམས་ཅད་བཤགས་བགྱིད་ཅིང་། །བསོད་ནམས་ལ་ཡང་རྗེ་ཡི་རང་། །འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད། །བསྙེན་པ་ལ་ནི་སྤྱད་པར་བགྱིའོ། །བཅོམ་ལྡན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་བཟུང་ཇི་སྲིད་ནས། །ཉི་མའི་འོད་ནི་མ་ཤར་བར། །སྲོག་ཆགས་བསོད་དང་གཞན་ནོར་འཕྲོག །མི་ཚངས་སྤྱོད་དང་བདེན་མིན་སྨྲ། །མྱོས་པ་བསྐྱེད་དང་གཞོན་པ་དང་། །དུས་ནི་མ་ཡིན་པ་ཡི་ཟས། །འཕྲེང་བ་ཁ་དོག་གླུ་དང་གར། །ཁྲི་སྟན་མཐོན་པོ་ལ་སོགས་པ། །ཐམས་ཅད་བདག་གིས་སྤང་བགྱིད་ཅིང་། །འཕགས་པའི་ཡོན་ཏན་བརྒྱད་སྤྱད་དང་། །གསོ་སྦྱོང་ཁྲིམས་སྡོམ་ཡི་དམ་འདི། །སེམས་ཀྱི་རྒྱན། སེམས་ཀྱི་ཡོ་བྱད། རྣལ་འབྱོར་གྱི་

p. 166

ཚོགས། མཆོག་ཏུ་དོན་དམ་པ་ཡི་སངས་རྒྱས་ཉིད། །ཐོབ་པ་ལ་ནི་འོད་འདིས་རེག་གྱུར་ཅིག །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ལ། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོངས་སྤྱད་ནས་ནི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ཁ་ཆེའི་པཎྜི་ཏཱ་ཤཱཀྱ་ཤྲི་བྷ་དྲའི་ཞལ་སྔ་ནས་ཀྱི་དོན་ཞགས་ཀྱི་སྒྲུབ་ཐབས་མདོར་བསྡུས་པའི་ཆ་ལག་གསོ་སྦྱོང་བླང་བར་གསུངས་པའི་ཚིག་འདི་ལན་གསུམ་བརྗོད་པས་ཡན་ལག་བརྒྱད་པའི་གསོ་སྦྱོང་བླང་བ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །མཆན། བདག་ཡི་དམ་གང་བྱེད་ཀྱི་བསྐྱེད་རིམ་བསྡུས་པ་ཞིག་བསྒོམས་ལ། བཟླས་པ་ཅུང་ཟད་ཅིག་བྱའོ། །༼འདིར་རང་ཉིད་གང་ལ་མོས་ཤིང་རྒྱུན་དུ་རྣལ་འབྱོར་དུ་བྱེད་པའི་ཡི་དམ་གྱི་ལྷ་གང་ཡང་རུང་བ་ཞིག་གི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་པ་ཉིད་ཀྱིས་ཆོག་པ་ལས། ཡི་དམ་གྱི་ལྷ་འདི་ཁོ་ནའི་བདག་བསྐྱེད་ངེས་པར་བྱ་དགོས་སོ་ཞེས་པ་ནི་མེད་མོད་ཀྱང་། ཟིན་ཐུན་གྱི་ཚེ་ལག་ལེན་དུ་བསྒྲིག་པ་ལྟར། ཇོ་བོ་ཆེན་པོ་ཨ་ཏི་ཤའི་ཞབས་ཀྱིས་འཕན་ཡུལ་དུ་རྒྱལ་

p. 167

པོ་གདུག་པ་ཅན་བཏུལ་བའི་ཚེ་མཛད་པའི་འཕགས་པ་རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་བསྐྱེད་རིམ་བསྒོམ་པར་སྤྲོ་ན། ༼རྗེ་དུས་མཁྱེན་གྱི་ཐུགས་དམ་ལྔ་ཚན་ལྔར་གྲགས་པའི་ནང་གི་རྟ་མགྲིན་ལྷ་ལྔའང་འདི་ཉིད་ཡིན་ནོ། །མཆན་གྱི་མཆན།༽ དེའི་ཉམས་ལེན་གྱི་རིམ་པ་ཇོ་བོ་ཉིད་ཀྱི་གཞུང་ལས། སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ་ལས། དང་པོ་བསམ་སྦྱོར་ཅི་ལྟ་བུས་གནས་གང་དུ་གང་ཟག་གང་གིས་འཕགས་པ་རྟ་མགྲིན་བསྒྲུབ་པའི་མཚན་ཉིད་བསྟན་པ་ནི། ཇི་སྐད་དུ། རྒྱ་གར་སྐད་དུ། ཤྲཱི་ན་ཡ་གྲྀ་ཝ་ས་དྷ་ན། བོད་སྐད་དུ། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་ཞལ་བཅུ་གཅིག །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དོན་མེད་བདག་ལ་གནོད་པའི་བྱ་བ་རྣམ་སྤངས་ཏེ། །རི་བཞིན་བརྟན་པས་རྣམ་དབེན་ས་ཕྱོགས་སོང་ནས་ནི། །གནས་དེར་བསམ་གཏན་ཁང་པ་ཤིན་ཏུ་ཡིད་འཐད་པར། །འོག་གི་ས་གཞི་ཤིན་ཏུ་འཐས་པ་ཁོ་ན་ལ། །ས་ལ་མ་ལྷུང་གཅི་བ་དྲི་བཟང་རྣམས་དང་ནི། །བསྲེས་པས་ལེགས་

p. 168

བྱུགས་གཟུགས་བརྙན་འཆར་བ་ལྟ་བུར་བྱ། །དྲི་ཞིམ་མེ་ཏོག་དག་གིས་གཏོར་ལ་རྒྱན་རྣམས་བྲེ། །དཀྱིལ་འཁོར་དག་ཏུ་ཞུགས་ཤིང་དམ་ཚིག་ལ་གནས་པའམ། །སོ་སོ་ཐར་ལ་གནས་པའམ་བྱང་ཆུབ་སེམས་བསྐྱེད་པས། །ཞེས་འབྱུང་བ་འདིར་དྲངས་པ་ནི། གང་དག་དཔལ་རྟ་མགྲིན་གྱི་བསྒྲུབ་པ་ཡི་དམ་དུ་བྱ་བར་འདོད་པ་དག་དགོས་གལ་དུ་སྨོས་པའི་ཕྱིར་སྨོས་ལ། རབ་གནས་ཀྱི་སྐབས་འདིར་ནི། གང་གིས་གང་དུ་ཇི་ལྟར་བྱ་བའི་རིམ་པ་དང་བཅའ་གཞི་དཔལ་རང་བྱུང་གི་ཞལ་སྔ་ནས་ཀྱིས་དཀྱུས་སུ་འགོད་པར་མཛད་པ་ཉིད་ཀྱི་ཁོངས་སུ་འདུ་བས། སློབ་དཔོན་གྱི་མདུན་དུ། མཆོད་ཡོན་དང་བཅས་པའི་ཉེར་སྤྱད་ལྔ། ཤ་ཆང་སྒོག་གཙོང་སྤངས་པའི་གཏོར་མ་བཟང་པོ་བཤམས་པ་ཙམ་གྱིས་ཆོག་ལ། སྦྱོར་བའི་ཆོས་གཉིས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། ཇོ་བོའི་གཞུང་ལས། བདེ་བའི་སྟན་ལ་གནས་ནས་བདུན་པོ་དག་པར་བྱ། །དེ་རྗེས་ཚད་མེད་བཞི་ཡིས་བདག་བློ་ལེགས་པར་སྦྱང་། །ཞེས་འབྱུང་བས་དཔོན་སློབ་རྣམས་གསོ་སྦྱོང་བླངས་ཚར་བ་དང་རྟེན་ལ་ཕྱག་གསུམ་བྱས་ཏེ་རང་རང་གི་སྟན་ལ་འདུག་ནས། འདི་ལྟར་འདོན་བསྒོམ་དུ་བྱ་སྟེ། སྐད་ཅིག་གིས་རང་ཉིད་དཔལ་རྟ་མགྲིན་

p. 169

དུ་གསལ་བའི་པདྨ་དང་ཟླ་ཉི་ལ་གནས་པའི་ཐུགས་ཁར་ཧཱུྃ་དམར་པོ་དེ་ལས་འོད་འཕྲོས་པས་འོག་མིན་ནས་བླ་མ་དང་དཔལ་རྟ་མགྲིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས། དེ་རྣམས་ལ་ཕྱག་འཚལ་བར་མོས་པས་ཐལ་མོ་སྦྱར་ཏེ། གང་གིས་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཧཱུྃ། སྐུ་མདོག་ཆགས་མེད་ནུབ་ཀའི་དམར་ཐག་འདྲ། །འབར་བའི་དབུ་ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་སྦུབ་གནོན་པའི་ལྷ། །པདྨ་རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་ལ། སྙིང་གའི་ཧཱུྃ་ལས་མཆོད་པའི་ལྷ་མོ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ། །ཞལ་ཟས་མར་བཅས་རང་རང་མཆོད་པའི་རྫས། །འཛིན་པ་དཔག་མེད་སྤྲོས་ཏེ་མཆོད་པར་བགྱི། །ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། དྷཱུ་པེ། ཨཱ་ལེ་ཀེ །གནྡྷེ། ནཻ་ཝི་

p. 170

དྱ། ཞེས་པ་རྣམས་ཀྱིས་ཉེར་སྤྱད་ལྔ་འཛིན་པའི་ལྷ་མོ་སྙིང་གའི་ས་བོན་ལས་སྤྲོ་བའི་ཚུལ་གྱིས་མཆོད་ནས། དགེ་སློང་མ་དཔལ་མོའི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས་གཞན་ལས་འབྱུང་བའི་ཚིགས་སུ་བཅད་པ་འདིས་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པར་གང་གྱུར་པ། །སྐྲག་ནས་རྨི་འདྲར་འཆགས་བགྱིད་ཅིང་། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་བཞུགས་གསོལ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང་། །དམ་པའི་སྐྱབས་གསུམ་ལ་སྐྱབས་མཆི། །ཇོ་བོའི་གཞུང་ཉིད་དུ། ཚོགས་རྟེན་གཤེགས་བསྡུ་གང་གིའང་ཚིག་གསལ་མ་བྱུང་ཡང་། དུས་མཁྱེན་བཀའ་འབུམ་གྱི་མངོན་རྟོགས་སུ་བརྡ་གཤེགས་ཞེས་འབྱུང་བས། བཛྲཿམུཿ ཚོགས་རྟེན་རྣམས་རང་བཞིན་གྱི་གནས་སུ་གཤེགས། དེ་ནས་སེམས་ཅན་ཐམས་ཅད་ལ་

p. 171

དམིགས་པའི་བྱམས་སོགས་ཚད་མེད་བཞི་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིངས་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །དེ་ལྟར་བསོད་ནམས་ཀྱི་ཚོགས་བསྐྱེད་ནས། སྦྱོར་བའི་ཆོས་གསུམ་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། ཇོ་བོའི་གཞུང་ལས། ཤཱུ་ནྱ་ཏཱ་ཡི་སྔགས་ཀྱིས་སྟོང་པ་ཉིད་དུ་བསྒོམ། ཞེས་འབྱུང་བས། ༀ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་དེ། དེའི་དོན་ལ་ཅུང་ཟད་མཉམ་པར་འཇོག་པ་ནི། གཟུང་བའི་ཡུལ་མེད་པས་དེ་འཛིན་པའི་སེམས་ཀྱང་མེད་དོ། །ཞེས་སྣོད་བཅུད་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་སྤྲོས་པ་དང་བྲལ་བ་སྟོན་ཀའི་དུས་ཀྱི་ཉི་མ་ཕྱེད་ཀྱི་ནམ་མཁའ་སྤྲིན་ལ་སོགས་པའི་སྒྲིབ་གཡོག་དང་བྲལ་བ་ལྟ་བུའི་དོན་ལ་སེམས་བཞག་པར་བྱའོ། །གཉིས་པ་དངོས་གཞི་ལ། བསྐྱེད་རིམ་བསྒོམས་པ་དང་། བཟླས་པ་བྱ་བ་གཉིས་ཀྱི་དང་པོ་ལ།

p. 172

ཆོ་གའི་ཡན་ལག་བཞི་ལས་དང་པོ་དམ་ཚིག་པ་བསྐྱེད་པ་ལ་རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་པ་གཉིས་ཀྱི་དང་པོ་ནི། ཇོ་བོའི་གཞུང་ལས། བདག་ཉིད་རྣམ་ཤེས་ངོ་བོ་ཡི་གེ་པཾ་དུ་བལྟ། །པཾ་དེ་ཡོངས་སུ་གྱུར་པས་པདྨ་འདབ་མ་བརྒྱད། །པདྨའི་ལྟེ་བར་ཨཱཿལས་ཟླ་བའི་དཀྱིལ་འཁོར་རོ། །དེ་སྟེང་མ་ལས་ཉི་མ་དེ་སྟེང་ཧཱུྃ་བསམ་བྱ། །དེ་ལས་རྡོ་རྗེ་ལྟེ་བར་ཧཱུྃ་གིས་མཚན་པ་བསམ། །དེ་ལས་འོད་འཕྲོས་ས་གཞི་ར་གུར་གྱུར། །རྡོ་རྗེ་ཧཱུྃ་བཅས་དེ་ལས་གཞལ་ཡས་ཁང་པ་བསྐྱེད། །ཅེས་དང་། གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ཡང་། གཞུང་ལས། དེ་ནས་རྡོ་རྗེ་ཧཱུྃ་དང་བཅས་པ་ལས། །བདག་ཉིད་ཁྲོ་བོ་རྟ་མགྲིན་སྐུར་གྱུར་ཏེ། །དམར་པོ་ཞལ་གསུམ་ཕྱག་བཞི་ཞབས་བཞི་པ། །དབུས་དམར་གཡས་སྔོ་གཡོན་དཀར་བ། །དབུས་མའི་གཙུག་ན་རྟ་མགོ་ལྗང་། །གྱེན་དུ་ཁ་བལྟས་རྟ་སྐད་འབྱིན། །གཡས་དང་གཡོན་གྱི་དང་པོ་ནི། །རྡོ་རྗེ་དང་ནི་པདྨ་བསྣམས། །ཐ་མ་གཉིས་ཀྱིས་མདའ་གཞུ་འགེངས། །རིགས་ལྔའི་བདག་ཉིད་དབུ་ལའོ། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །ཐོད་པའི་ཕྲེང་བས་རབ་ཏུ་བརྒྱན། །ཡན་ལག་བརྒྱད་ལ་སྦྲུལ་གྱིས་བརྒྱན། །སྐུ་སྨད་སྟག་གི་པགས་པས་གཡོགས། །ཞབས་

p. 173

བཞི་ཡིས་ནི་འཇིག་རྟེན་གྱི། །ལྷ་ཆེན་བཞི་ནི་རབ་ཏུ་མནན། །མེ་དཔུང་འབར་བའི་སྐྱིལ་ན་བཞུགས། །དཀྱིལ་འཁོར་གྱི་ནི་ཕྱོགས་བཞི་ན། །ཤར་དུ་རྡོ་རྗེ་ལས་བྱེད་མ། །ཞལ་གཅིག་ཕྱག་གཉིས་སྔོན་པོ་བསྒོམ། །ལྷོ་རུ་གཤིན་རྗེའི་ལས་བྱེད་མ། །ཞལ་གཅིག་ཕྱག་གཉིས་ནག་མོར་བསྒོམ། །ནུབ་ཏུ་ཀླུ་ཡི་ལས་བྱེད་མ། །ཞལ་གཅིག་ཕྱག་གཉིས་དཀར་མོར་བསྒོམ། །བྱང་དུ་གནོད་སྦྱིན་ལས་བྱེད་མ། །ཞལ་གཅིག་ཕྱག་གཉིས་༼དེའི་གཅིག་ན་ལྗང་གུར་བསྒོམ་ཟེར་བའང་འདུག །མཆན་གྱི་མཆན།༽ སེར་མོར་བསྒོམ། གཡས་པ་ཀུན་ན་གྲི་གུག་སྟེ། །གཡོན་པ་ཀུན་ན་ཐོད་ཁྲག་བསྣམས། །ཞེས་གསུངས་པས། འདི་ལྟར་འདོན་བསྒོམ་དུ་བྱ་སྟེ། སྟོང་པའི་ངང་ལས་རང་གི་རྣམ་པར་ཤེས་པའི་ངོ་བོ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བ། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་པོ་ལས་འོད་འཕྲོས། འདུས་པ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར་དང་བླ་བྲེས་ཡེ་ཤེས་ཀྱི་

p. 174

མེ་འབར་བ་དང་བཅས་པའི་བསྲུང་འཁོར་གྱི་དབུས་སུ་རྡོ་རྗེ་ཧཱུྃ་དང་བཅས་པ་ཞུ་བ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཧཱུྃ་དམར་པོ་ལས་བྱུང་བའི་རྡོ་རྗེ་དམར་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ། དམར་སྔོ་དཀར་བའི་ཞལ་གསུམ་དང་། རྩ་ཞལ་གྱི་དབུའི་གཙུག་ན་རྟའི་ཞལ་ལྗང་ཁུ་གྱེན་དུ་ཕྱོགས་བཞིན་པས་རྟ་སྐད་དྲག་པོ་འབྱིན་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་ཁྲོ་གཉེར་བསྡུས་པ། མཆེ་བ་རྣོན་པོ་གཙིགས་པའི་ཞལ་ཅན། དབུ་སྐྲ་སྨིན་མ་དང་སྨ་ར་ཁམ་ནག་གྱེན་དུ་བརྫེས་པ། ཐོད་སྐམ་གྱི་ཕྲེང་བའི་དབུ་བརྒྱན་དང་། དེ་བཞིན་གཤེགས་པ་རིགས་ལྔའི་ཅོད་པཎ་ཅན། ཕྱག་བཞིའི་གཡས་དང་པོས་རྡོ་རྗེ་བརྩེ་ལྔ་པ་འཕྱར་ཞིང་། གཡོན་དང་པོས་

p. 175

པདྨ་དམར་པོའི་ཡུ་བ་ནས་འཛིན་པ། འོག་མ་གཉིས་ཀྱིས་མདའ་གཞུ་འགེངས་པ། སྦྲུལ་བརྒྱད་ཀྱིས་སྐྲ་ཆིངས་དང་རྣ་ཆ། མགུལ་རྒྱན་དང་དཔུང་རྒྱན། ཕྱག་གདུབ་དང་སྐ་རགས། ཞབས་ཀྱི་གདུ་བུ་དང་སེ་རལ་བྱས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་བཞིའི་གཡས་གཉིས་བསྐུམ་ཞིང་གཡོན་གཉིས་བརྐྱང་བས་པདྨ་དང་ཟླ་ཉིའི་གདན་ལ་འཇིག་རྟེན་གྱི་ལྷ་ཆེན་པོ་བཞི་མནན་ནས་མེ་དཔུང་འབར་བའི་དཀྱིལ་ན་བཞུགས་པ་དེའི་ཤར་དུ་རྡོ་རྗེ་ལས་བྱེད་མ་སྔོན་མོ། ལྷོར་གཤིན་རྗེ་ལས་བྱེད་མ་ནག་མོ། ནུབ་ཏུ་ཀླུའི་ལས་བྱེད་མ་དཀར་མོ། བྱང་དུ་གནོད་སྦྱིན་གྱི་ལས་བྱེད་མ་སེར་མོ། །བཞི་ཀའང་ཞལ་གཅིག་༼རྗེ་བླ་མའི་གསུང་ལས་བཀའ་གདམས་པ་ཁ་ཅིག་བཞི་ག་ཁྱི་གདོང་དུ་འདོད་པའང་ཡོད་ཅེས་གསུང་ངོ་། །༽ཕྱག་གཉིས་མ་གཅེར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་མགྲིན་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ༀ་ཨཱཿཧཱུྃ་གི་ཡི་གེ་དཀར་དམར་གནག་པའི་

p. 176

ཁ་དོག་ཅན། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཉིད་ཀྱིས་མཚན་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀྵ་ཡ་ཝཉྩིརྟ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅ཧཾ། སྐབས་འདིར་སྐུ་གསུང་ཐུགས་བྱིན་བརླབ་ཀྱི་ཡི་གེ་འགོད་པ་འདི་ཉིད་ཀྱི་གཞུང་གི་ཚིག་ཟིན་ལ་མ་བྱུང་ཡང་། ཇོ་བོས་རྟ་མགྲིན་འཕགས་ལུགས་ཀྱི་སྒྲུབ་ཐབས་སུ་གསུངས་པའི་རིག་པ་འདིར་དྲངས་ཏེ། འདི་ཉིད་ཀྱི་གཏོར་ཆོག་རྗེ་དོན་ལྡན་ཞབས་ཀྱིས་མཛད་པ་དང་། བསྙེན་པའི་སྒྲུབ་ཐབས་སྤྱན་སྔ་རིན་པོ་ཆེས་མཛད་པ་གཉིས་སུ་གསུངས་པ་ལྟར་བཀོད་ཅིང་། སྔགས་ཀྱི་ང་རྒྱལ་འཛིན་པ་རྗེ་བླ་མའི་ཕྱག་བཞེས་སུ་འདུག་པ་ཉིད་དཔང་དུ་བགྱིས་ལ། ༼འདི་ཡང་རང་གར་རིགས་འགྲེ་སྦྱར་བར་མཛད་པ་ལྟ་བུ་ནི་མིན་ཏེ། ཇོ་བོ་ཉིད་ཀྱི་སྒྲུབ་ཐབས་སྤྱིའི་མན་ངག་གསལ་པོར་བྱེད་པ་ཞེས་པའི་བསྟན་བཅོས་སུ། གནས་གསུམ་བྱིན་བརླབ་ཀྱི་མཐར་སྔགས་ཀྱི་ང་རྒྱལ་འཛིན་པར་བཤད་པ་ཉིད་ཁུངས་སུ་མཛད་པར་སྣང་ངོ་། །༽ཡང་ན་དུས་མཁྱེན་བཀའ་འབུམ་གྱི་རིགས་གཏད་ཀྱི་ཆོ་གར་དཀྱིལ་འཁོར་བསྒྲུབ་པའི་སྐབས་སུ་ཡེ་ཤེས་པ་བསྟིམ། ཀ་ཝ་ཙི་བརླབ། ཅེས་འབྱུང་བས་འདིར་ཡང་ཡེ་ཤེས་པ་དགུག་གཞུག་ཚར་བའི་

p. 177

རྗེས་སུ་སྐུ་གསུང་ཐུགས་བྱིན་བརླབ་ཀྱི་ཡི་གེ་དགོད་པ་དང་། སྔགས་ཀྱི་ང་རྒྱལ་འཛིན་པ་བྱས་ཀྱང་རུང་ངོ་། །གཉིས་པ་ཡེ་ཤེས་པ་གཞུག་པ་ནི། ཇོ་བོའི་གཞུང་ལས། དཀྱིལ་འཁོར་འཁོར་ལོ་རྫོགས་ནས་ནི། །ཡེ་ཤེས་སེམས་དཔའ་བཀུག་ལ་གཞུག །འཁོར་གྱི་ལས་བྱེད་རྣམས་ལ་ཡང་། །ཕྱོགས་ཕྱོགས་གནས་ནས་བཀུག་ལ་གཞུག །ཅེས་འབྱུང་བས། འདི་ལྟར་འདོན་སྒོམ་དུ་བྱ་སྟེ། གཙོ་བོའི་ཐུགས་ཀར་པདྨ་དང་ཟླ་ཉིའི་སྟེང་དུ་ཧཱུྃ་དམར་པོ། དེའི་འོད་ཟེར་གྱིས་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་འཁོར་བཅས་སྤྱན་དྲངས་བཛྲ་ས་མ་ཛཿ ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝི་དྱ། ཞེས་བརྗོད་པས། ཉེར་སྤྱད་ལྔ་འཛིན་པའི་ལྷ་མོ་སྙིང་གའི་ས་བོན་ལས་སྤྲོ་བའི་ཚུལ་གྱིས་ཡེ་ཤེས་པ་ལ་མཆོད་པར་བྱའོ། །ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་དགུག་གཞུག་བཅིངས་ཏེ་མཉེས་པས་གཉིས་སུ་མེད་པར་གྱུར། ཞེས་སྨོས་པའི་དོན་ནི་འདི་ཡིན་ཏེ། ཛཿཞེས་བརྗོད་པས་མདུན་གྱི་ཡེ་ཤེས་པ་རང་གི་མགོ་ཐོག་ཏུ་དགུག་པ་དང་། ཧཱུྃ་ཞེས་པས་བདག་ཉིད་ལ་གཞུག་ཅིང་། བཾ་

p. 178

ཞེས་བརྗོད་པས་བརྟན་པར་བྱས་ལ། ཧོཿཞེས་པས་མཉེས་པར་བྱས་ཏེ། དམ་ཡེ་ཐ་མི་དད་པར་གྱུར་པ་ཉིད་དུ་བསྒོམ་པ་ཡིན་ནོ། །གསུམ་པ་དབང་བསྐུར་བ་དང་། བཞི་པ་རྒྱས་གདབ་པ་ནི། གཞུང་འདི་དང་དུས་མཁྱེན་བཀའ་འབུམ་གྱི་མངོན་རྟོགས་ཀྱི་ཚིག་ཟིན་ལ་མི་གསལ་ཡང་། རིགས་གཏད་ཀྱི་ཆོ་གར་མདུན་བསྐྱེད་ཀྱི་སྐབས་སུ། དབང་བསྐུར་རིགས་བདག་གིས་རྒྱས་གདབ་ཅེས་འབྱུང་བ་དང་། ཇོ་བོས་སྒྲུབ་ཐབས་སྤྱིའི་མན་ངག་གསལ་པོར་བྱེད་པ་དང་། རྟ་མགྲིན་འཕགས་ལུགས་ཀྱི་སྒྲུབ་ཐབས་གཉིས་ཀར་དབང་བསྐུར་རྒྱས་གདབ་གསུངས་པ་ཁུངས་སུ་མཛད་ནས། འདིར་ཁ་བསྐང་བའི་ཚུལ་གྱིས་བསྙེན་པའི་བསྒྲུབ་ཐབས་སྤྱན་སྔ་རིན་པོ་ཆེས་མཛད་པར་དབང་བསྐུར་རྒྱས་གདབ་བྱུང་བ་ཚིག་སྣ་འགའ་ཞིག་བསྲིངས་ཏེ་ཇོ་བོའི་བཞེད་པ་དང་མཐུན་པར་བརྗོད་ན། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དེ་རྣམས་ལ་མཆོད་པའི་བློས། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། སོགས། ནཻ་ཝི་དྱའི་བར་ཉེར་སྤྱད་ལྔ་གོང་ལྟར་དབུལ། ༀ་ཨཱཿབྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། སངས་རྒྱས་དེ་རྣམས་ཀྱི་སྐུ་ལས་བྱུང་

p. 179

བའི་ལྷ་མོ་སྤྱན་མ་དང་། མ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རིན་པོ་ཆེའི་བུམ་པ་ཕྱག་ཏུ་ཐོག་པ་རྣམས་ཀྱིས། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ཞེས་གསུང་བཞིན། བུམ་པའི་ཆུས་དབང་བསྐུར་བས། ལུས་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་སྣང་བ་མཐའ་ཡས། རྡོ་རྗེ་ལས་བྱེད་མ་ལ་མི་བསྐྱོད་པ། གཤིན་རྗེའི་ལས་བྱེད་མ་ལ་རིན་ཆེན་འབྱུང་ལྡན། ཀླུའི་ལས་བྱེད་མ་ལ་རྣམ་པར་སྣང་མཛད། གནོད་སྦྱིན་གྱི་ལས་བྱེད་མ་ལ་དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་བརྒྱན་པར་གྱུར། ཞེས་འདོན་བསྒོམ་དུ་བྱའོ། །དེ་ནས། སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས། བདག་དཀྱིལ་འཁོར་པར་གསལ་བ་ལ་མཆོད་པར་གྱུར། ཞེས་མོས་པ་བྱས་ལ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་

p. 180

ཡེ་ཨཱཿཧཱུྃ། སྔགས་ཀྱི་ཐོག་མཐའ་དག་འདྲ་བ་ལ། པཱུཥྤེ། དྷཱུ་པེ། ཨཱཿལོ་ཀེ །གྷནྡྷེ། ནཻ་ཝི་དྱ། ཤཔྟ་ཅེས་བཅུག་སྟེ། མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱད་ལྔ་རོལ་མོ་དང་བཅས་པས་མཆོད་ལ། སླར་ཡང་མཆོད་པའི་ལྷ་མོ་དེ་དག་ཉིད་ཀྱིས་བསྟོད་པར་མོས་ཏེ། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་ཞལ་བཅུ་གཅིག །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམས་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །དབང་ཆེན་སྐུ་འདུས་དབང་གི་རྒྱལ་པོ་སྟེ། །དབང་གི་མདོག་དམར་བསྐལ་པའི་མེ་འདྲ་བ། །དབང་ཆེན་རྔམས་བརྗིད་ཉི་མ་འབུམ་གྱི་གཟི། །དབང་མཛད་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པའི་ངང་ལས་མ་གཡོས་ཀྱང་། །ལས་ངན་གདུག་པའི་སེམས་ཅན་སྒྲོལ་མཛད་པ། །འཇིགས་

p. 181

གཟུགས་གཏུམ་ཁྲོ་དུས་མཐའི་མེ་ལྟར་འབར། །བརྔམ་བརྗིད་འགྱིང་བའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་བྱའོ། །སྐབས་འདིར་མཆོད་བསྟོད་གཞུང་འདི་ཉིད་ཀྱི་ཚིག་ཟིན་དུ་མི་གསལ་ཡང་། ཇོ་བོས་སྒྲུབ་ཐབས་སྤྱིའི་མན་ངག་གསལ་པོར་བྱེད་པར། མཆོད་པ་དང་བསྟོད་པ་སྔོན་དུ་འགྲོ་བས། འཇིག་རྟེན་མངོན་སུམ་དང་འདྲ་བར་སྣང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །ཞེས་འབྱུང་བ་ཁུངས་སུ་མཛད་ནས། བསྙེན་པའི་སྒྲུབ་ཐབས་སྤྱན་སྔ་རིན་པོ་ཆེས་མཛད་པ་ལས། སྐབས་འདིར་མཆོད་བསྟོད་བྱ་བར་གསུངས་པ་ལྟར་བཀོད་ལ། བསྟོད་པའི་ཤོ་ལོ་ཀ་དང་པོ་འདི་ཉིད་ཀྱི་མཆོད་བརྗོད་དུ་མཛད་པ་འདིར་དྲངས་ཤིང་། ཤོ་ལོ་ཀ་ལྷག་མ་གསུམ་པོའི་མཛད་པ་པོ་མ་ངེས་ཀྱང་བརྒྱུད་པའི་ཕྱག་བཞེས་ཀྱི་ཡི་གེ་ལས་བྱུང་བ་བཞིན་བཀོད་དོ། །རིམ་པ་དེ་ལྟ་བུའི་སྦྱོར་བས། བདག་ཉིད་བཅོམ་ལྡན་འདས་རྟ་མགྲིན་གྱི་སྐུར་མོས་པ་རྒྱུན་མི་ཆད་པས་བསྒོམ་པར་བྱ་སྟེ། ཇི་སྲིད་ཏིང་ངེ་འཛིན་བརྟན་པོར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །གཉིས་པ་བཟླས་པ་བྱ་བ་ནི། ཇོ་བོའི་གཞུང་ལས། ལྷ་ཡི་འཁོར་ལོ་བསྒོམས་བྱས་ལ། །ལས་རྣམས་འདོད་ན་བཟླས་པ་བྱ། །ༀ་ཧ་ཧཱ་ཧི་ཧཱི་

p. 182

ཧྲིཾ་ཧྲཱིཾ་ཧྲི་ཧྲཱི་ཧཱུྃ་ཧཱུྃ་ཕཊ་ཕཊ། བསྙེན་པའི་གྲངས་བཞིན་བཟླས་ནས་ནི། །ལས་བྱེད་རྣམས་ཀྱི་མཚན་སྔགས་བཟླས། །བཛྲ་ཤྭ་ན་ས་མ་ཡ། །ཡ་མ་ཤྭ་ན་ས་མ་ཡ། །ནཱ་ག་ཤྭ་ན་ས་མ་ཡ། །ཁ་རག་ཤྭ་ན་ས་མ་ཡ། །གཙོ་འཁོར་ལས་ལ་སྦྱར་བའི་སྔགས། །རྒྱལ་འགོང་རྒྱལ་ཚེ་ལ་མ་ཤ་དོམ། རོ་ལ་ཁྲག་འཐུང་། སྙིང་ཁྲག་བཛྲ་ས་དྷུ་ས་མ་ཡ་ཛཿ བཛྲ་ཛི་ཏྲིཀྟོ་འབྱུང་པོ་མ་ར་ཡ། སྙིང་ཁྲག་ཛཿཧཱུྃ་བཾ་ཧོཿ བཛྲ་ཨངྐུ་ཤ་ཛཿ འབྱུང་པོ་ཚེ་ལ་མ་ཤ་དོམ། རོ་ལ་ཁྲག་འཐུང་། སྙིང་ཁྲག་འཐུང་། སྙིང་ཁྲག་འབྱུང་པོ་འབྱུང་མོ་པྲ་ཏི་པྲེ་མོའི་ཚེ་ལ་མ་ཤ་དོམ། རོ་ལ་ཁྲག་འཐུང་། སྙིང་ཁྲག་མ་ལཱ་མ་ལཱ། ཡེས་ཡེས། བྷྱོཿབྷྱོཿ ཀྲོཾ་ཀྲོཾ་སྭཱ་ཧཱ། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧཱུ་ལུ་ཧཱུ་ལུ་ཧཱུྃ་ཕཊཿ ༀ་ཌ་ཀི་ཙ་ཏི་བི་ཙ་ཏི། ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། པུ་རུ་ཏེ་པུ་རུ་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་དང་སྙིང་པོ་དང་། །ཉེ་བའི་སྙིང་པོ་ལས་ཀྱི་སྔགས། །ཇི་ལྟ་པ་ཡི་རིམ་པ་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་འབྱུང་བའི་དོན་ཉམས་སུ་བླང་ཚུལ། དུས་མཁྱེན་བཀའ་འབུམ་གྱི་མངོན་དཀྱིལ་དང་། རྗེ་དོན་ལྡན་ཞབས་

p. 183

ཀྱི་གཏོར་ཆོག་ལས་འབྱུང་བ་དག་དགོངས་པ་བསྟུན་ཏེ་བརྗོད་དོན་གང་གི་ཚེ་སྐུ་བསྒོམས་པས་དུབ་པར་གྱུར་པ་དེའི་ཚེ། ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ལས་མེའི་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོ་བའོ། །ཞེས་དམིགས་ལ། ༀ་ཧ་ཧཱ་ཧི་ཧཱི་ཧྲིཾ་ཧྲཱིཾ་ཧྲི་ཧྲཱི་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་ནི་དཔལ་རྟ་མགྲིན་གྱི་སྙིང་པོ་སྟེ། ལྷ་གཞན་ལ་བསྙེན་པ་ཐེམ་ན་འབུམ། མ་ཐེམ་ན་བྱེ་བ་བཟླ་སྟེ། གྲངས་བསྙེན་གྱི་ཚད་ཡིན་ལ། རབ་གནས་ཀྱི་སྐབས་འདི་ནི། སློབ་དཔོན་སྔོན་དུ་བསྙེན་པ་སོང་བས་ལོང་སྐབས་དང་བསྟུན་ཏེ་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་ཙམ་འོས་པ་བཟླའོ། །དེ་ནས། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཉེ་སྙིང་ཡང་ཅི་རིགས་སུ་བཟླའོ། །འཁོར་རྣམས་ཀྱི་སྔགས་གཙོ་བོའི་ཉེ་སྙིང་གི་མཇུག་ཏུ་རང་རང་གི་མཚན་སྔགས་རྣམས་སྦྲེལ་ཏེ་བཏགས་ནས་བཟླ་བར་གསུངས་པས། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བཛྲ་ཤྭ་ན་ས་མ་ཡ། ཡ་མ་ཤྭ་ན་ས་མ་ཡ། ནཱ་ག་ཤྭ་ན་ས་མ་ཡ། ཁ་རག་ཤྭ་ན་ས་མ་ཡ། ཞེས་སྙིང་པོ་ཅི་ཙམ་བཟླས་པའི་བཅུ་ཆ་རེ་བཟླའོ། །བསྙེན་པའི་དུས་དང་རབ་གནས་ཀྱི་སྐབས་འདིར་བཟླ་བར་བྱ་

p. 184

བའི་སྔགས་ནི་འདི་རྣམས་ཉིད་ཡིན་ལ། ཡང་སྐབས་གཞན་དུ་གྲངས་བསྙེན་སོང་བའི་སྔགས་པས། ལས་ལ་སྦྱར་བར་འདོད་ན། རྒྱལ་པོའི་གནོད་པ་གཞོམ་པའི་ཕྱིར་ལྷའི་རྣལ་འབྱོར་དང་ལྡན་པས། ཉེ་སྙིང་གི་གཤམ་དུ། རྒྱལ་འགོང་རྒྱལ་ཚེ་ལ་མ་ཤ་དོམ། ཞེས་པ་ནས། ཀྲོཾ་ཀྲོཾ་སྭཱ་ཧཱ། ཞེས་པའི་བར་གཞུང་དུ་འབྱུང་བ་ལྟར་བཏགས་ལ་བཟླ། ཀླུའི་གནོད་པ་ཞི་བར་འདོད་ན། ༀ་བཛྲ་ཀྲོ་དྷ་ཞེས་སོགས་ནས་པུ་རུ་ཏེ་ཧཱུྃ་ཕཊ་སྭཱ་ཧཱའི་བར་བཏགས་ཏེ་བཟླའོ། །གསུམ་པ་རྗེས་ལ། རྣལ་འབྱོར་ལས་ལྡང་བ་དང་། ཐུན་མཚམས་སུ་གཏོང་མ་བཏང་བ་གཉིས་ཀྱི་དང་པོ་ནི། འདི་ཉིད་ཀྱི་གཞུང་དང་དུས་མཁྱེན་བཀའ་འབུམ་གྱི་མངོན་རྟོགས་སུ་སྣོད་བཅུད་བསྡུ་བ་སོགས་ཚིག་ཟིན་ལ་མ་བྱུང་ཞིང་། རབ་གནས་ཀྱི་སྐབས་འདིར། དཔལ་རང་བྱུང་གིས་ཀྱང་བདག་བསྐྱེད་ཀྱི་སྐབས་མཐར་སྣོད་བཅུད་བསྡུ་བ་སོགས་བྱ་བར་མ་བཤད་པས། བདག་བསྐྱེད་ཀྱི་བཟླས་པ་ཚར་མ་ཐག་སྣོད་བཅུད་བསྡུ་བ་སོགས་མི་དགོས་པར་བུམ་པ་སྟ་གོན་ལ་འཇུག་པ་ཡིན་ལ། ཡང་རང་ཉིད་བསྙེན་པ་བྱེད་པ་སོགས་སྐབས་གཞན་དུ། ཇོ་བོས་རྟ་མགྲིན་འཕགས་ལུགས་ཀྱི་སྒྲུབ་ཐབས་དང་། སྒྲུབ་ཐབས་སྤྱིའི་མན་ངག་

p. 185

གསལ་པོར་བྱེད་པ་གཉིས་སུ་གསུངས་པ་ལྟར། སྤྱན་སྔ་རིན་པོ་ཆེས་བསྙེན་པའི་སྒྲུབ་ཐབས་སུ་སྣོད་བཅུད་བསྡུ་བའི་རྫོགས་རིམ་གསུངས་པའི་ཚིག་སྣ་འགའ་ཞིག་བསྲིངས་ཏེ་ཉམས་སུ་བླང་ཚུལ་ཇོ་བོའི་བཞེད་པ་དང་མཐུན་པར་བརྗོད་ན། བཟླས་པའི་མཐར། རང་གི་སྙིང་གའི་ཧཱུྃ་དམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ལ་ཕོག་པས། ཐམས་ཅད་འོད་དུ་ཞུ་སྟེ་རྟ་མགྲིན་གྱི་ངོ་བོར་གྱུར། སླར་འོད་དེ་དག་ཚུར་འདུས་ཏེ་བདག་ཉིད་དཀྱིལ་འཁོར་པར་གསལ་བ་ལ་ཕོག་པས། བསྲུང་འཁོར་གཞལ་ཡས་ཁང་དང་བཅས་པ་འཁོར་བཞི་ལ་ཐིམ། འཁོར་རྣམས་ཀྱང་གཙོ་བོ་ལ་ཐིམ་ཞིང་བདག་ཉིད་ཀྱང་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ཞབས་ཀྱུ། ཁོག་པ། ཟླ་ཚེས། ཐིག་ལེ་ནཱ་དའི་བར་བསྡུས་ཏེ་གསལ་ལ་མི་རྟོག་པའི་ངང་ལ་མཉམ་པར་བཞག་གོ །སླར་ཡང་སྟོང་པ་ཉིད་འོད་གསལ་བའི་རྣལ་འབྱོར་དེ་ལས་གཡོ་བ་མེད་བཞིན་དུ་སྙིང་རྗེ་ཆེན་པོའི་དབང་གིས་ནཱ་ད་ལས་ཐིག་ལེ་སོགས་རིམ་གྱིས་

p. 186

རྫོགས་པའི་ཧཱུྃ་དམར་པོ་ལས་བྱུང་བའི་རྟ་མགྲིན་གྱི་སྐུ་སྐད་ཅིག་གིས་ལངས་ཏེ། ཆོ་ག་ཉམས་པ་བསྐང་བའི་ཕྱིར། རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་ཏེ། ཡེ་ཤེས་སེམས་དཔའ་བདག་གི་ལུས་ལས་ཕྱུང་སྟེ་མདུན་དུ་བཞུགས་པར་མོས་པ་ལ་སྔར་བཞིན་དུ་མཆོད་པ་དང་བསྟོད་པ་བྱས་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ནས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སླར་ཡང་འདོན་པར་མཛད་དུ་གསོལ། །ཞེས་བཅོམ་ལྡན་འདས་ལ་སླར་ཡང་བྱོན་པར་ཞུས་ཏེ། ཛཿཛཿཞེས་ལན་གསུམ་བརྗོད་པས་གཤེགས་སུ་གསོལ་ལོ། །དེ་ནས་རང་རྟ་མགྲིན་དམ་ཚིག་པའི་ང་རྒྱལ་གྱིས་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཏེ། གནས་གསུམ་དུ་ཟླ་བ་ལ་གནས་པའི་ༀ་ཨཱཿཧཱུྃ་གི་ཡི་གེ་བསྒོམས་པས་བསྲུང་བ་བྱས་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །གཉིས་པ་ཐུན་མཚམས་སུ་གཏོར་མ་བཏང་བ་ནི། ཇོ་བོའི་གཞུང་ལས། ཉ་ཤ་སྒོག་གཙོང་སྤངས་པ་ཡི། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ། །ལྔའམ་ཡང་ན་གཉིས་གཉིས་བཏང་། །ཇི་

p. 187

ལྟར་འདོད་པའི་དོན་གསོལ་གདབ། །ཅེས་དང་། དུས་མཁྱེན་བཀའ་འབུམ་གྱི་མངོན་རྟོགས་སུ་གཏོར་མ་འབྱུང་གཏོར་གྱིས་བཏང་། ཞེས་འབྱུང་བས་ཤ་ཆང་སྒོག་གཙོང་སྤངས་པའི་གཏོར་མ་ཕུན་སུམ་ཚོགས་པ་དམིགས་ཏེ། གཏོར་མའི་སྟེང་དུ་ཨཱཿལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་དམར་པོ། དེ་ལས་འོད་ཟེར་དཀར་པོ་འཕྲོས་པས་གཏོར་མ་ལ་ཐིམ་པས། གཏོར་མ་ལྷ་རྫས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་གཏོར་མ་བྱིན་གྱིས་བརླབས་ལ། མགྲོན་སྤྱན་དྲང་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འཕྲོས་པའི་འོད་སེམས་ཅན་ཐམས་ཅད་ལ་ཕོག་པས་འཕགས་པ་རྟ་མགྲིན་གྱི་ལྷ་ཚོགས་སུ་གྱུར་པ་འོད་ཟེར་གྱིས་བཀུག་སྟེ། གཏོར་མའི་སྟེང་དུ་སྤྱན་དྲངས་པ་རྣམས་ཀྱིས་གཏོར་མ་གསོལ་བས་དགྱེས་ཤིང་ཚིམ་པར་གྱུར། ཞེས་འདོན་སྒོམ་བྱས་ལ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤན་ཏྭཏཱ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་དང་། ནཱ་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་

p. 188

བ་ལྱཱ་དཱི་སྭཱ་ཧཱ། ཞེས་གསུམ་གྱིས་གཏོར་མ་ཕུལ་ལ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་སོགས། ཤཔྟའི་བར་གྱིས་མཆོད་ནས། ཧཱུྃ། སྐུ་མདོག་ཆགས་མེད་ནུབ་ཀའི་དམར་ཐག་འདྲ། །འབར་བའི་དབུ་ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་སྦུབ་གནོན་པའི་ལྷ། །པདྨ་རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཁྲོ་བོའི་རྒྱལ་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་

p. 189

ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འདོད་དོན་གསོལ་ཏེ་སེ་གོལ་གྱི་སྒྲ་དང་། བཛྲཿམུཿ ཞེས་པས་མགྲོན་རྣམས་གཤེགས་སུ་གསོལ་ལོ། །འདི་ནི་དུས་མཁྱེན་བཀའ་འབུམ་དུ། གཏོར་མ་འབྱུང་གཏོར་གྱིས་གཏོང་བར་གསུངས་པ་ལྟར་སྒྲུབ་ཐབས་སྤྱིའི་མན་ངག་གསལ་པོར་བྱེད་པ་ལས་འབྱུང་བ་ལྟར་བཀོད་པ་སྟེ། གཏོར་ཆོག་བསྡུས་པ་ཡིན་ལ། གཞུང་གི་དགོངས་པས་རྒྱས་པར་ན། འདས་མ་འདས་ཀྱི་གཏོར་མ་སོ་སོར་བྱ་བ་སོགས་ཇོ་བོ་ཉིད་ཀྱིས་རྟ་མགྲིན་འཕགས་ལུགས་ཀྱི་བསྒྲུབ་ཐབས་སུ་གསུངས་པ་ལྟར་བྱ་བའང་རིགས་པ་ཡིན་ནོ། །ཐུན་མཚམས་སུ་གཏོར་མ་གཏོང་བ་བདག་བསྐྱེད་ཀྱི་ཆ་ལག་ཡིན་པའི་ཕྱིར། གཞུང་གི་གོ་རིམ་སོར་བཞག་སྟེ་འདིར་སྨོས་ལ། རབ་གནས་ཀྱི་ཚེ་ནི་མངའ་དབུལ་གྲུབ་ནས། ཆོས་སྐྱོང་གི་གཏོར་ཆོག་མ་ཚུགས་པའི་བར་དེར་གཏོར་ཆོག་འདི་བླངས་ཏེ་བྱ་བ་ཡིན་ལ་དེའི་ཚེ་གཏོར་མགྲོན་གཤེགས་གསོལ་མ་བྱས་ཀྱང་རུང་ངོ་། །དེ་ལྟར་ཇོ་བོ་ཉིད་ཀྱི་དཔལ་རྟ་མགྲིན་གྱི་བསྒྲུབ་པའི་ཐབས་ཀྱི་ཡི་གེ་ཟབ་མོ་མཛད་པའི་འབད་པ་མཐར་ཕྱིན་ཏེ། དེ་ཉིད་ཀྱི་བསོད་ནམས་ཡོངས་སུ་

p. 190

བསྔོ་བ་གསུངས་པ། བདག་གིས་བསྒྲུབ་ཐབས་འདི་བྱས་པས། ཁམས་གསུམ་གནས་པའི་སེམས་ཅན་ཀུན། །རིམ་གྱིས་སྒྲིབ་པ་གཉིས་སྤངས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །དཔལ་རྟ་མགྲིན་གྱི་བསྒྲུབ་ཐབས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པ་འཕགས་པ་རྟ་མགྲིན་ལྷ་ལྔའི་བསྒྲུབ་ཐབས་གཞུང་དང་སྦྱར་ཏེ། ཉམས་ལེན་གོ་གསལ་དུ་བསྒྲིགས་པ་འདིའམ། ཡང་ན་བདག་ཉིད་ཡི་དམ་གྱི་ལྷ་གང་ལ་མོས་ཤིང་རྣལ་འབྱོར་དུ་བྱེད་པ་ཞིག་གིས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱའོ། །མཆན། གསུམ་པ་བུམ་པ་སྟ་གོན་ནི། ༼ༀ་སྭ་བྷ་ཝ་ཤུདྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྷོ྅ཧཾ།༽ སྭ་བྷཱ་ཝས་བུམ་པའི་ཉེས་སྐྱོན་རྣམས་སྦྱངས་ནས། རྣམ་རྒྱལ་བུམ་པ་མི་དམིགས་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུྃ་ལས་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་རིན་པོ་ཆེའི་ཁྲི་དང་། པཾ་ལས་པདྨའི་སྟེང་དུ། ༼ༀ་ན་མོ་བུདྷ་ཡ། ན་མོ་དྷརྨ་ཡ། ན་མཿསཾ་གྷ་ཡ། ༀ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ།

p. 191

ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་པའི་སྔགས། མཆན། རྟེན་འབྲེལ་ཡོངས་སུ་གྱུར་པ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་པ་ལས། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་མདོག་གསེར་གཙོ་མ་ལྟ་བུ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། དེའི་ཐུགས་ཁར་ཟླ་བའི་སྟེང་དུ་རྟེན་འབྲེལ་སྙིང་པོ་༼ཡི་སྔགས་ཕྲེང་༽འོད་དང་བཅས་པ་བསྒོམ་ཞིང་། དེ་ལས་འོད་༼ཀྱིས་སྦྱངས་ཏེ་༽འཕྲོས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་༼ཏེ་བུམ་པའི་ལྷ་ལ་ཐིམ་པར་གྱུར།༽ལ་བསྟིམ་ཞིང་མཆོད་ཅིང་བསྟོད་དེ། ༼འདི་ལ་གཉིས། མཆོད་པ་དང་བསྟོད་པའོ། །དང་པོ་ནི། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་མཆོད་པ་རྣམས་བསངས། ༀ་སྭ་བྷ་ཝ་ཤུདྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྷོ྅ཧཾ། གིས་སྦྱངས་ཏེ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་

p. 192

ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པ། བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལས་ཀྱང་ཆེས་ཆེར་ལྷག་པ། མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ནམ་མཁའི་མཐའ་ཀླས་པའི་བར་རྒྱས་པར་འགེངས་ཤིང་། འཕགས་པ་རྣམས་མཉེས་པར་བྱེད་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བ་ལ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝི་དྱ། ཤཔྟ། ཅེས་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་བུམ་པའི་བཅོམ་ལྡན་འདས་ལ་དབུལ་བ་ནི། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །

p. 193

ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། སྔགས་ཀྱི་ཐོག་མཐའ་སྦྱོར་ཚུལ་ཕྱི་མ་རྣམས་ལའང་ཤེས་པར་བྱས་ཏེ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་གྱུར་པའི། །ལྷ་རྫས་དབྱིབས་ལེགས་མེ་ཏོག་དམ་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ཏེ། །གཞལ་ཡས་ཁང་དུ་སྤྲིན་བཞིན་བཏིབས་གྱུར་ཅིག །པུཥྤེ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབ་ནས། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡང་བས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །དྷཱུ་པེ། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་ཀུན་གསལ་གྱུར་ཅིག །ཨཱ་ལོ་ཀེ །སྟོང་གསུམ་ཀུན་ཏུ་དྲི་དང་ངད་ལྡང་བའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་

p. 194

ཚོགས་རྣམས་དག་གྱུར་ཅིག །གྷནྡྷེ། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་བཤམས་ཏེ་འབུལ་ལགས་ན། །བསོད་ནམས་ཞིང་གྱུར་རྣམས་ཀྱིས་བཞེས་སུ་གསོལ། །ནཻ་ཝི་དྱ། དྲིལ་ཆེན་སིལ་སྙན་རྣམ་དཀྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་གུས་མཆོད་འབུལ། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཤཔྟ། མཆོད་པའི་ཚིགས་བཅད་འདི་རྣམས་བཀའ་གདམས་ཀྱི་དགེ་བཤེས་གོང་མ་དག་གིས་བསྒྲིགས་པ་ཡིན་ཞེས་འཇམ་དབྱངས་ཆེན་པོས་གསུང་ལ། མཆོད་པ་བྱིན་བརླབས་ནི། འདི་ཉིད་ཀྱི་ལྷན་ཐབས་རྗེ་ཕྲིན་ལས་པས་མཛད་པ་ལས་དྲངས་སོ། །གཉིས་པ་ནི། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །

p. 195

གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་དང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་མདོ་སྡེ་ལས་འབྱུང་བའི་ཚིགས་སུ་བཅད་པ་འདི་དག་གིས་བུམ་པའི་བཅོམ་ལྡན་འདས་ལ་བསྟོད་པ་བྱའོ། །མཆན། བཟླས་པ་བྱ་བ་ནི། བུམ་པའི་ཁ་རྒྱན་གྱི་གསེབ་ནང་དུང་ཆོས་འོ་མས་བཀང་བ་བཞག་ཅིང་། གཟུངས་ཐག་བཟུང་ལ། སྔགས་ཀྱི་འོད་ཟེར་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཐིམ་ནས་རྟེན་འབྲེལ་ལས་འོད་ཟེར་དཀར་པོ་བབས་པས་བུམ་པ་གང་བར་༼གྱུར་༽བསྒོམས་ལ། རྟེན་འབྲེལ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླའོ། །དེ་ནས་སྤྲོས་པ་ལ་དགའ་ན། བཅོམ་ལྡན་འདས་འོད་དུ་ཞུ་བ་ལས་རིགས་ལྔ་བསྐྱེད་ལ་བཟླས་པ་བྱའོ། །དེ་ནས་ལས་བུམ་བསངས་ལ། ༼ༀ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ། ལས་བུམ་མི་

p. 196

དམིགས་པ་ལས་༽རིན་པོ་ཆེའི་བུམ་པར་པདྨ་དང་། ཉི་མའི་སྟེང་དུ་ཧཱུྃ་ལས་བདུད་བརྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན། གཡས་རྡོ་རྗེའི་དབྱུག་པ་དང་། གཡོན་སྡིག་མཛུབ་ཅན། ཁྲོ་བོའི་ཆས་དང་ལྡན་པ༼འི་སྤྱི་བོར་ༀ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཁར་ཧཱུྃ་སྔོན་པོས་མཚན་པ། མཆན། ཞིག་བསྐྱེད་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཏེ། ༼དེའི་༽ཐུགས་ཁར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ༼ར་གྱུར་༽ལ་དམིགས་ནས། ༀ་བཛྲ་ཨ་མྲ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་པ་བྱའོ། །ཡང་ན་རྡོ་རྗེ་གནོད་སྦྱིན་བསྐྱེད་ལ། ༀ་བཛྲ་ཡཀྴ་ཧཱུྃ་ལ་བཟླས་པ་བྱའོ། །སྤྲོས་པ་ལ་དགའ་ན། དོན་ཡོད་གྲུབ་པ་དང་གསུམ་བསྐྱེད་པའི་ཕྱག་ལེན་ཡང་ཡོད་དོ། །མེ་ཏོག་གི་བསྙེན་པ་ནི། འབྲུ་རྣམས་རྟེན་འབྲེལ་གྱི་ཡིག་འབྲུའི་རང་བཞིན་དུ་༼གྱུར་༽བསམ་ལ། ༼ༀ་ན་མོ་བུདྷ་ཡ། ལ་སོགས་པ་སྔོན་དུ་འགྲོ་བའི་ཡེ་དྷརྨ་༽བཟླའོ། །དྲི་བཟང་ལ་ༀ་ཨཱཿཧཱུྃ་བཟླས། བཞི་པ་རྟེན་སྟ་གོན་ལ་བཞི་ལས། དང་པོ་བགེགས་སྦྱང་བ་ལ་གསུམ་ལས། ཞི་བས་སྦྱང་བ་ནི། ཏིང་ལོ་དང་བཅས་པའི་གཏོར་མ་གཅིག་བགེགས་ལ་

p. 197

བསྔོས་ལ་རྟེན་ལ་ལན་གསུམ་བསྐོར་ཞིང་། ༀ་སརྦ་བིགྷྣ་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་བརྗོད་དེ་ཕྱིར་བཏང་ངོ་། །གཉིས་པ་ཞི་དྲག་གཉིས་ཀས་སྦྱང་བ་ནི། གུ་གུལ་གྱི་དུད་པས་བདུག །ཏིང་ལོ་དང་ཆང་བུ་སྔར་བཞིན་བསྔོ་ཞིང་། སུམྦྷ་ནིས་བསྐོར་རོ། །༼ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྣ་གྲྀཧྣ་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀ་ཧ་ན་པ་ཡ་གྲྀ་ཧ་ན་པ་ཡ་ཧཱུྃ་ཧཱུྃ་ཕཊ། ༀ་ཨ་ན་ཡ་ཧོཿབྷ་ག་ཝཱན་བི་དྱཱ་རཱ་ཛཱ་ཡ་ཧཱུྃ་ཧཱུྃ་ཕཊ།༽ གསུམ་པ་དྲག་པོས་སྦྱང་བ་ནི། གུ་གུལ་གྱིས་བདུག །ཁྲོ་བོའི་སྔགས་དང་། ཡུངས་དཀར་གྱིས་བྲབ་ཅིང་། ཁྲོ་བོ་དང་མེ་དང་མཚོན་ཆས་རྟེན་ལ་གལ་ཏེ་བགེགས་ཞུགས་པ་ཡོད་ན་བསྐྲད་པར་སེམས་ཤིང་། ༼རང་གི་ཐུགས་ཀ་ནས་ཁྲོ་བོ་དང་མེ་དང་མཚོན་ཆའི་ཚོགས་འཕྲོས་པས། བགེགས་ཀྱི་རིགས་གང་དག་རྟེན་ལ་ཞུགས་པར་གྱུར་པ་དེ་ཐམས་ཅད་བསྐྲད་པར་གྱུར། ཞེས་རྟེན་ལ་ཡུངས་དཀར་གྱིས་བྲབ་ཅིང་། བདག་བསྐྱེད་གང་ལ་བྱས་པའི་ཡི་དམ་གྱི་སྙིང་པོ་དང་། ༼སྔར་སྨོས་པའི་རྟ་མགྲིན་གྱི་བདག་བསྐྱེད་

p. 198

བྱས་པ་ཡིན་ན་འདིར་ཡང་། ༀ་ཧ་ཧཱ་ཧི་ཧཱི་སོགས་སྙིང་པོ་བཟླའོ། །མཆན་གྱི་མཆན།༽ ལས་བུམ་དུ་སྨོས་པའི་འཁྱིལ་བའི་སྔགས་དང་། སུམྦྷ་ནི་བརྗོད་དོ། །མཆན། བསྲུང་བའི་འཁོར་ལོ་བསྒོམ་མོ། །༼འདིར་བདག་བསྐྱེད་གང་ལ་བྱས་པའི་ཆོ་ག་དེ་ཉིད་ཀྱི་བསྲུང་འཁོར་སྐབས་འདིར་བླངས་ཏེ་བསྒོམ་པ་ཡིན་ཏེ། དཔེར་ན་སྔར་སྨོས་པའི་རྟ་མགྲིན་གྱི་བདག་བསྐྱེད་བྱས་པའི་ཚེ། འདིར་ཡང་བསྲུང་འཁོར་འདི་ལྟར་འདོན་བསྒོམ་དུ་བྱ་སྟེ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བ། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དམར་པོ་ལས་འོད་འཕྲོས། འདུས་པ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར་དང་བླ་བྲེས། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་བསྲུང་འཁོར་བདུད་བཞིས་མི་ཤིགས་པ་ཀུན་ནས་བརྟན་པར་གྱུར། ཞེས་པ་ལྟ་བུ་སྟེ། འདིའི་རིགས་པས་གཞན་དག་ཀྱང་དམིགས་པར་བྱའོ། །མཆན།༽གཉིས་

p. 199

པ་སྡིག་པ་སྦྱང་བ་ནི། བདག་གི་མདུན་དུ་ཏིལ། གཡས་སུ་མེ། གཡོན་དུ་ཆུ་བཞག་ལ། ཐམས་ཅད་སྒོམ་དུ་བཞུགས་ཏེ། སྙིང་གར་ཀཾ་ལས་སྡིག་སྒྲིབ་ཀྱི་ངོ་བོ་སྡིག་པའི་གཟུགས་སུ་གྱུར་པ། ལྟེ་བ་ལ་ཧཱུྃ་ལས་རྡོ་རྗེ་གནོད་སྦྱིན་དུ་གྱུར་པས། སྣ་སྒོའི་ལམ་ནས་དེད་ཅིང་ཏིལ་ལ་ཐིམ་པར་༼གྱུར་༽བསམ་ཞིང་། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་མེར་བསྲེག་ཆུར་བླུག་སྟེ་ཕྱི་སྒོར་དོར། གསུམ་པ་བཀྲུ་ཞིང་ཕྱི་བ་ནི། རྟེན་དངོས་སུ་བཀྲུ་རུང་བ་རྣམས་དངོས་སུ་བཀྲུ། མི་རུང་བ་མེ་ལོང་ལ་གཟུགས་བརྙན་འཆར་བ་བྱས་ལ། བཀྲུ་བ་ནི། ལས་བུམ་བླངས་ནས། ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡི། །བྱིན་རླབས་ཡེ་ཤེས་ཆུ་ཡི་ཁྲུས། །རྒྱལ་བའི་སྐུ་ལ་ཁྲུས་གསོལ་བས། །དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ༀ་ཨ་མྲྀ་ཏ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ། ཞེས་བཀྲུའོ། །༼འདིར་འོག་ནས་འབྱུང་བའི་ཚིགས་བཅད་དང་སྔགས་ཀྱིས་སྐུ་ཕྱི། མཆན། དེ་ནས་དྲི་མ་ཁྲུས་ལེགས་སུ་ཡོད་ན་དེ་དག་གིས་བཀྲུ། མེད་ན་དེ་ཉིད་ཀྱིས་བཀྲུ་ཞིང་། འདི་ནི་ཁྲུས་

p. 200

མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཁྲུས་ཡིན་ཏེ། །ཅི་འདོད་དངོས་གྲུབ་བསྩལ་ཏུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཱཀ་ཙིཏྟ་བི་ཤྭ་དྷ་ནི་ཧཱུྃ། ཞེས་བཀྲུ། ༼འདིར་ཡང་སྐུ་ཕྱི་བ་ལན་ཅིག་བྱའོ། །མཆན། དེ་བཞིན་དུ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །ན་མཱཿསརྦ་ཏ་ཐཱ་ག་ཏ་མཱ་ལ་སྣ་ན། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ༼འདིའི་ཚིག་རྣམས་ཀྱི་མཇུག་དང་། སྔགས་ཀྱི་ཐོག་མཐའ་གཉིས་འོག་མ་ལྔ་ལའང་རིགས་འགྲེ་ཡིན་ནོ། །མཆན། འདི་ནི་ཚུལ་ཁྲིམས༴ ཁྲིམས་འཆལ་དྲི༴ ཚུལ་ཁྲིམས་དྲི་ཡིས༴ ཁྲུས་ལེགས༴ ན་མཱཿསརྦ་ཏ་ཐཱ་ག་ཏ་སྣ་ན༴ འདི་ནི་བཟོད་པའི༴ ཁོང་ཁྲོའི༴ བཟོད་པ་དྲི་ཡིས༴ ཁྲུས་ལེགས༴ བྲ་ཧི་སྣ་ན༴ འདི་ནི་བརྩོན་འགྲུས༴ ལེ་ལོའི༴ བརྩོན་འགྲུས་དྲི་ཡིས༴ ཁྲུས་ལེགས༴ ལཛྫ་སྣ་ན༴ འདི་ནི་བསམ་གཏན༴ རྣམ་གཡེང་༴ བསམ་གཏན་དྲི་ཡིས༴

p. 201

ཁྲུས་ལེགས༴ ཤ་ད་སྣ་ན༴ འདི་ནི་ཤེས་རབ༴ ཤེས་འཆལ༴ ཤེས་རབ་དྲི་ཡིས༴ ཁྲུས་ལེགས༴ མ་ཎི་སྣ་ན༴ ཞེས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཁྲུས་བྱའོ། །༼འདིར་ཡང་སྐུ་ཕྱི་ལན་ཅིག་བྱེད་པ་དཀྱུས་ཉིད་བཞིན་ནོ། །མཆན། དེ་དག་གི་བར་བར་དུ་དར་རམ་རས་དཀར་པོ་ལ་དྲི་བཟང་པོས་བསྒོས་པས་སྐུ་ཕྱི་ཞིང་། ངག་ཏུ། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ། །རས་དཀར་སྨན་དང་ལྡན་པས་སྐུ་ཕྱིས་པས། །མི་ཤེས་སྒྲིབ་པ་མ་ལུས་ཀུན་བསལ་ནས། །ཉེས་པའི་ཚོགས་རྣམས་མ་ལུས་དག་གྱུར་ཅིག །ཀཱ་ཡ་བི་ཤྭ་དྷ་ནི། ཞེས་བརྗོད་ལ་སྐུ་ཕྱིའོ། །གཞན་ཡང་སྤྲོས་པ་ལ་དགའ་ན། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །༼འདི་སྤྱོད་འཇུག་གི་ཚིག་སྟེ། འགྱུར་ལ་ལར། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །ཞེས་ཀྱང་ཟེར་ཏེ་དོན་འདྲ།༽ རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་གང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཞེས་བྱ་བ་ལ་སོགས་པ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་ཤེས་ཀྱིས་ཁྲུས་གསོལ་ལོ། །༼རྒྱས་པར་

p. 202

ན། གང་ལ་སེར་སྣ་རྣམས་ཆགས་པ། །ཞེས་སོགས་སམ། འབྲིང་དུ་ན། སྟོན་མཆོག་དམ་པ་སོགས་ཀྱིས་བྱ་ཞིང་། བསྡུ་ན། ཟིན་ཐུན་གྱི་ཚེ་བསྒྲིག་པ་ལྟར། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བདེ་ལེགས་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཀ་ཙིཏྟ་བི་ཤྭ་དྷ་ནི་ཧཱུྃ། ཞེས་བཀྲུ་ཞིང་། རྒྱལ་དང་རྒྱལ་བའི་སྲས། ཞེས་སོགས་ནས། ཀཱ་ཡ་བི་ཤྭ་དྷ་ནི། ཞེས་སྐུ་ཕྱིའོ། །མཆན། བཞི་པ་རྟེན་བསྐྱེད་པ་ནི། རྟེན་རྣམས་སྭ་བྷ་ཝས་སྦྱངས་ལ། ༼ༀ་སྭ་བྷཱ་ཝ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྷོ྅ཧཾ། རྟེན་རྣམས་མི་དམིགས་པ། མཆན། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། ལྷ་ངོ་ཤེས་པ་རྣམས་དེ་ཉིད་ཀྱི་སྐུར་བསྐྱེད་ཆོག་གིས་བསྐྱེད་དོ། །ཡང་ན། མདོ་ལུགས་ཀྱི་ཐམས་ཅད་རྟེན་འབྲེལ་ལས་བཅོམ་ལྡན་འདས་ཀྱི་སྐུར་བསྐྱེད་ལ། ༼ༀ་ན་མོ་བུདྷཱ་ཡ། ན་མོ་དྷཱརྨཱ་ཡ། ན་མ་སངྒྷཱ་ཡ། ༀ་ཡེ་དྷཱརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་ད་ཏ྄། ཏེ་ཥཱཉྩ་ཡོ་

p. 203

ནི་རོ་དྷ་ཨེ་ཝཾ་ཝ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཡིག་འབྲུ་རྣམས་ཡོངས་སུ་གྱུར་པ་ལས། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གཙོ་མ་ལྟ་བུ། སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་། འོད་འདོམ་གང་པ་དང་འོད་ཟེར་མཐའ་ཡས་པ་མངའ་བ། སྐུ་ལ་ངུར་སྨྲིག་གི་ན་བཟའ་ཆོས་གོས་གསུམ་མནབས་ཤིང་། ས་མནོན་དང་མཉམ་བཞག་གི་ཕྱག་རྒྱ་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཞེས་རྟེན་རྣམས་བཅོམ་ལྡན་འདས་ཀྱི་སྐུར་བསྐྱེད་དོ། །མཆན། སླར་བསྒྱུར་ཀྱང་རུང་ངོ་ཞེས་གསུངས་སོ། །གཞན་ཡང་མཆོད་རྟེན་དང་ལྷ་ཁང་། སྐུའི་རིགས་ཀྱི་ལྷ་རྣམས་བྷྲུྃ་ལས་རྣམ་པར་སྣང་མཛད་དུ་བསྐྱེད། པོ་ཏི་དང་གསུང་གི་རིགས་ཐམས་ཅད་ཨ་ལས་འོད་དཔག་མེད། རྡོ་རྗེ་དང་ཐུགས་ཀྱི་རིགས་ཀྱི་ལྷ་ཐམས་ཅད་སྐུ་ལས་མི་བསྐྱོད་པ། ནོར་ལྷ་ལ་སོགས་ཡོན་

p. 204

ཏན་གྱི་རིགས་ཀྱི་ལྷ་ཐམས་ཅད། ཛིཾ་ལས་རིན་ཆེན་འབྱུང་ལྡན། མ་མགོན་ལ་སོགས་པ་འཕྲིན་ལས་ཀྱི་རིགས་ཀྱི་ལྷ་ཐམས་ཅད་ཁཾ་ལས་དོན་ཡོད་གྲུབ་པར་བསྐྱེད་ཀྱང་རུང་ངོ་། །དེ་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུྃ་གིས་བྱིན་གྱིས་བརླབ་བོ། །དེ་རྣམས་ནི་རྟེན་སྟ་གོན་ནོ། །ལྔ་པ་ཡེ་ཤེས་པ་སྤྱན་དྲང་ཞིང་སྙན་གསན་དབབ་པ་ལ་གསུམ་སྟེ། སྤྱན་དྲང་བ་དང་། བཞུགས་སུ་གསོལ་ཞིང་རྒྱས་གདབ་པ་དང་། མཆོད་བསྟོད་བྱ་བའོ། །དང་པོ་ནི། རོལ་མོ་བསྒྲག་ཅིང་དབྱངས་དང་བཅས་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུ། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་བཞིས་འཛམ་བུའི་གླིང་གཟིགས་ཤིང་། །གླང་ཆེན་ཐལ་དཀར་ལྟར་གཤེགས་ལྷུམས་བཞུགས་བཞིན། །༼དཔེ་ལ་

p. 205

ལར། གླང་ཆེན་ཐལ་དཀར་ལྟར་གཤེགས་ལྷུམས་བཞུགས་ལྟར། །ཟེར་ཡང་དཀྱུས་ཉིད་དག་པ་འདྲ། མཆན། རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གི་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ལ་ལག་པ་བསྣོལ་ཞིང་སེ་གོལ་བརྡབ་བོ། །དེ་ནས་བཞུགས་སུ་གསོལ་བ་ནི། བཅོམ་ལྡན་ཁྱེད་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་གདན་འབུལ། དེ་ནས་ཕྱིའི་མཆོད་པ་མེ་ཏོག་ལ་སོགས་པ་ཇི་ལྟར་ཤེས་པ་རྣམས་ཀྱིས་སྐབས་དང་སྦྱར་ལ་རྒྱས་བསྡུས་ཅི་རིགས་པར་

p. 206

མཆོད་པ་བྱའོ། །༼སྔར་བུམ་པ་སྟ་གོན་དུ་སྨོས་པའི་མཆོད་པ་བྱིན་རླབས་ཀྱིས་མཆོད་པ་བཟང་དགུ་གསར་དུ་འདུས་བྱས་པ་རྣམས་བྱིན་གྱིས་བརླབ་ཏེ། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །ཞེས་སོགས་ཀྱིས་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱད་ལྔ་རོལ་མོ་དང་བཅས་པ་ཕུལ་བའི་རྗེས་ལ། ཡོ་ག་ལས་བྱུང་བའི་འདོད་ཡོན་ལྔ་འབུལ་བ་ནི། ཁ་དོག་དབྱིབས་ལེགས་ཡིད་འོངས་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་དངོས་གྲུབ་བསྩལ་ཏུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཚིག་རྐང་ཕྱི་མ་གཉིས་དང་སྔགས་ཀྱི་ཐོག་མཐའ་རིགས་འགྲེ་སྦྱར་ལ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས༴ བཞེས་ཤིག༴ ཤཔྟ། ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས༴ བཞེས་ཤིག༴ གནྡྷེ། ཕྱོགས་དུས་ཀུན་ན་རོ་དང་

p. 207

བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས༴ བཞེས་ཤིག༴ ར་ས། ཕྱོགས་དུས་ཀུན་ན་འཇམ་གཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས༴ བཞེས་ཤིག༴ པརྴེ། མཆན། བསྟོད་པ་ནི། རྗེས་དྲན་དང་བརྩེ་བ་མ་ལ་སོགས་པས་བསྟོད། ༼འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་དག་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་རབ་ཏུ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ།

p. 208

མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་ལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་

p. 209

པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །ཞེས་དང་། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་དང་། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེ་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་

p. 210

རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟགས་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱི་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱེད་ལ་ཕྱག་འཚལ་ལོ། །ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱེད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་བསླུ་བའི། །བདུད་འཇོམས་ཁྱེད་ལ་ཕྱག་འཚལ་ལོ། །རང་གཞན་དོན་དུ་ཡེ་ཤེས་དང་། །སྤང་དང་ངེས་འབྱུང་གེགས་མཛད་

p. 211

པ། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་ན་བག་རྐྱང་བསྲུང་། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང་། །གནས་པ་ཀུན་ལ་བརྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་བ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱལ་འཚལ་ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱིས། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །

p. 212

གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །མཆན། དེ་ནས་སྙན་གསན་དབབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་སྲས་དང་བཅས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་དགོངས་སུ་གསོལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་དོན་དུ་རབ་ཏུ་གནས་པ་བགྱིད་པར་འཚལ་ན། འདུས་པ་ཐམས་ཅད་བྱིན་གྱིས་བརླབ་པ་དང་། ནངས་པར་༼ཆོ་ག་བསྡུས་པ་ཉིན་གཅིག་ལ་ཚར་བར་བྱེད་པའི་ཚེ། ད་ལྟ་ཞེས་འདོན། མཆན། རྟེན་འདི་དག་ལ་འབྱོན་པར་མཛད་དུ་གསོལ། ཞེས་ལན་གསུམ་དུ་བྱའོ། །དྲུག་པ་རྟེན་དགབ་པ་ནི། ཐོག་མར། རྟེན་རྣམས་ཀྱི་སྤྱི་བོར་འཁོར་ལོའི་ལྟེ་བར་ༀ། མགྲིན་པར་པདྨའི་ལྟེ་བར་ཨཱཿ སྙིང་ཁར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་

p. 213

༼གིས་མཚན་པས་རྒྱས་བཏབ་པར་གྱུར། མཆན། བསམས་ཏེ། དར་སེར་པོའི་གདོང་གཡོག་གསོལ་ཏེ། ༀ་བཛྲ་ཝསྟྲ་ཧཱུྃ། ཞེས་སོ། །དེའི་དོན་ནི་རྒྱལ་བུ་རྒྱལ་སར་མ་བཏོན་པ་དང་འདྲ་སྟེ། ཡེ་ཤེས་པ་མ་བཅུག་གི་བར་མཆོད་པ་མི་དབང་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བསྟན་པ་རྣམས་སྔོན་འགྲོའོ། །སྤྱི་དོན་གཉིས་པ་དངོས་གཞི་ལ་གསུམ་སྟེ། ཆོ་གའི་སྔོན་དུ་བྱ་བ་དང་། དངོས་གཞི་ཉིད་དང་། མངའ་དབུལ་བའོ། །དང་པོ་ནི། ཆོ་ག་རྒྱས་པར་བྱེད་ན། ཕྱི་ནངས་ཐོ་རངས་ཀྱི་དུས་སུ། ཡང་སྔར་བསྟན་པ་བཞིན་ཡན་ལག་བདུན་པ་བྱ། བདག་བསྐྱེད་གསལ་གདབ། བུམ་པ་ལ་སོགས་པའི་མདུན་བསྐྱེད་ཀྱང་གསལ་གདབ། མཆོད་བསྟོད་ཅུང་ཟད་བྱ། བུམ་པ་མ་བཟླས་ཀྱང་རུང་། སྤྲོས་པ་ལ་དགའ་ན། རྟེན་སྦྱང་བ་དང་བཀྲུ་ཞིང་ཕྱི་མ་རྣམས་ཀྱང་སྟ་གོན་གྱི་སྐབས་བཞིན་བྱ། དེ་ནས་རྟེན་སྔར་བསྐྱེད་པ་རྣམས་གསལ་བཏབ་ཡེ་ཤེས་པ་སྤྱན་དྲངས། བཞུགས་སུ་གསོལ། མཆོད་པ་དང་བསྟོད་པ་སྟ་གོན་དུ་བཤད་པ་ལྟར་ཅི་རིགས་སུ་བྱའོ། །དེ་ནས་མེ་ཏོག་རྣམས་ལ་བསྙེན་པ་ཅི་རིགས་སུ་བྱས་ནས་བསྡུའོ། །དངོས་གཞི་ཉིད་ལ་དྲུག་ལས། གསོལ་བ་གདབ་པ་དང་། ཡེ་ཤེས་

p. 214

པ་གཞུག་ཅིང་མེ་ཏོག་དོར་བ་དང་། དབང་བསྐུར་བ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། སྤྱན་དབྱེ་བ་དང་། བརྟན་པར་བྱ་བའོ། །དང་པོ་ནི། འདི་ལྟར་བཅོམ་ལྡན་འདས། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདག །རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། འགྲོ་བ་ལྷ་དང་བཅས་པ་ལ་ཕན་པ་དང་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་འབྱོན་པར་

p. 215

མཛད་དུ་གསོལ། ཞེས་གསོལ་བ་གདབ་ཅིང་། ལན་གསུམ་པ་ལ། བྱོན་ནས་ཀྱང་བརྟན་པར་བཞུགས་སུ་གསོལ། ཞེས་བརྗོད་ལ། གཉིས་པ་ཡེ་ཤེས་པ་གཞུག་ཅིང་མེ་ཏོག་དོར་བ་ནི། ༀ་ན་མོ་བུདྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷཱ་ཡ། ༀ་ཡེ་དྷརྨཱཿཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏྟ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་། མེ་ཏོག་གི་ཆར་དབབ་ཅིང་རོལ་མོ་དང་བཀྲ་ཤིས་ཀྱི་སྒྲ་བསྒྲགས་ཏེ་ ༼ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པའི། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་

p. 216

ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །མཆན། ཏིང་ངེ་འཛིན་ནི། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ནས་འབྲུ་དང་ཐ་དད་མེད་པར་བྱོན་ནས། རྟེན་སོ་སོ་ལ་ཐིམ་༼པས་གཉིས་སུ་མེད་པར་གྱུར། མཆན། པར་བསམས་ཏེ། གཉིས་སུ་མེད་པར་བྱའོ། །དེ་ནས་དབང་བསྐུར་བ་ནི། རྣམ་རྒྱལ་བུམ་པ་ལག་ཏུ་ཐོགས་ཏེ། བཅོམ་ལྡན་འདས་དང་བདག་ཡི་དམ་དུ་བསྐྱེད་པ༼གསལ་བ༽འི་ཐུགས་ཁ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། ༼དེ་རྣམས་ཀྱིས་༽རིན་པོ་ཆེའི་བུམ་པ་ཕྱག་ན་བསྣམས་ནས་བྱོན་ཅིང་དབང་བསྐུར་བར་བསྒོམས་ཏེ། རོལ་མོ་བསྒྲག་ཅིང་དབྱངས་དང་བཅས་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་ན་

p. 217

མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར། བཞི་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། དྲིའི་ཆུས་ལྷ་རྣམས་ཀྱི་གནས་གསུམ་དུ་རེག་ལ། ༀ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབ་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་༼གྱུར་༽པར་བྱའོ། །རེག་ཏུ་མི་རུང་བ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་འཆར་དུ་བཅུག་ལ་བྱའོ། །ལྔ་པ་སྤྱན་དབྱེ་བ་ནི། གསེར་གྱི་ཐུར་མང་གིས་སྤྱན་ལ་བྱུག་ཅིང་། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་བཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ༀ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ལ་སྤྱན་དབྱེའོ། །བརྟན་པར་བྱ་བ་ནི། རྡོ་རྗེས་རྟེན་ལ་རེག་ཅིང་། ངག་ཏུ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་

p. 218

གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་རྟེན་འདི་ལ་༼རྟེན་མང་པོ་ལ་རབ་གནས་ཕྱོགས་སུ་བྱེད་ན། རྟེན་འདི་ཞེས་པའི་ཚིག་གོང་འོག་གཉིས་པོ་ལ་རྣམས་ཞེས་མང་ཚིག་སྦྱར་རོ། །མཆན། ཇི་སྲིད་འབྱུང་བ་ཆེན་པོ་བཞིའི་གནོད་པས་ཞིག་པར་མ་གྱུར་གྱི་བར་དུ། སེམས་ཅན་གྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྟེན་འདི་ལ་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྠ་བཛྲེ་སྭཱ་ཧཱ། ཞེས་བརྟན་པར་བྱའོ། །༼དེ་ནས་བཅོམ་ལྡན་ཐུབ་པའི་དབང་པོ་འོད་དུ་ཞུ་བ་ལས་བྱུང་བའི་རྟེན་རྣམས་སླར་ཡང་། སྐུ་གཟུགས་དང་། གླེགས་བམ་དང་། མཆོད་རྟེན་ལ་སོགས་པ་སོ་སོའི་རྣམ་པར་གྱུར། ཞེས་སྔར་སྟ་གོན་གྱི་ཚེ་རྟེན་རྣམས་བཅོམ་ལྡན་འདས་སུ་བསྐྱེད་པ། སླར་རྟེན་གང་ཡིན་པ་དེ་ཉིད་ཀྱི་རྣམ་པར་གྱུར་པར་བསྒོམ་མོ། །མཆན། གསུམ་པ་མངའ་དབུལ་བ་ལ་གཉིས། སྤྱིར་མངའ་དབུལ་བ་དང་། བྱེ་བྲག་ཏུ་མངའ་དབུལ་བའོ། །དང་པོ་ལ་མཆོད་བསྟོད་གཉིས་ལས། མཆོད་པ་ནི། ༼རྟེན་གྱི་སྤྱན་སྔར་མེ་ཏོག་ལ་སོགས་པའི་མཆོད་

p. 219

པ་གཙང་ཞིང་བཟང་བ་བཤམས་ལ། བུམ་པ་སྟ་གོན་དུ་སྨོས་པ་ལྟར་བྱིན་རླབས་བྱས་ཏེ། མཆན། ཕྱིའི་མེ་ཏོག་ལ་སོགས་པ་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་ལ་སོགས་པ་རྣམས་གང་ཤེས་འབུལ། བསྡུས་པ་བྱེད་ན། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་ཧཱུྃ། དེ་བཞིན་དུ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། སྒྲ་སྙན་ཇི་སྙེད་ཡོད་པ་དང་། སོགས་ཀྱི་མཐར། པུཥྤེ། དྷཱུ་པེ། དཱི་པེ། གྷནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏིཙྪ་ཧཱུྃ། ཞེས་པ་ལ་སོགས་པས་མཆོད་ལ། ༼དེ་ལྟར་མཆོད་ཡོན་དང་ཉེར་རོལ་ཕུལ་ནས། གསེར་གྱི་འཁོར་ལོ་ནོར་བུ་རིན་པོ་ཆེ། །བཙུན་མོ་ཁྱིམ་བདག་གླང་པོ་རྟ་མཆོག་དང་། །གཡུལ་ལས་རྒྱལ་བྱེད་དམག་དཔོན་རིན་ཆེན་ཏེ། །རྒྱལ་སྲིད་རིན་ཆེན་བདུན་རྣམས་དབུལ་བར་བགྱི། །ན་མཿསརྦ་ཏ་ཐཱ་ག་ཏ་སཔྟ་རཏྣ་པྲ་ཏིཙྪ་ཧཱུྃ། ཞེས་རིན་ཆེན་བདུན་དང་། རིན་ཆེན་གདུགས་དང་

p. 220

གསེར་ཉ་པདྨ་དང་། །བུམ་པ་དཔལ་བེ་རྒྱལ་མཚན་འཁོར་ལོ་སྟེ། །ལྷ་ཡི་དགའ་ཚལ་མཛེས་པར་བྱེད་པ་ཡི། །བཀྲ་ཤིས་རྟགས་བརྒྱད་རྣམས་ནི་དབུལ་བར་བགྱི། །ན་མཿསརྦ་ཏ་ཐཱ་ག་ཏ་ཨཱཥྚ་ཧེ་ཏུ་མངྒ་ལ་པྲ་ཏཱིཙྪ་ཧཱུྃ། ཞེས་བཀྲ་ཤིས་རྟགས་བརྒྱད་ཕུལ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་མཛད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་འཆར། །རྒྱུན་མི་འཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་ཀྱང་བརྗོད་དོ། །མཆན། བསྟོད་པ་ནི།

p. 221

དཀོན་མཆོག་རྗེས་དྲན་དང་། སྔར་བརྗོད་པ་དང་གཞན་ཡང་ཅི་རིགས་པ་བྱའོ། །༼དང་པོར་སངས་རྒྱས་རྗེས་སུ་དྲན་པ་སྔར་སྨོས་པ་བཞིན་བརྗོད་པའི་རྗེས་ལ། ཆོས་དང་དགེ་འདུན་རྗེས་སུ་དྲན་པ་ནི། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱི་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ་ཉེ་བར་བསྟོད་པ་འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། བརྟེན་པ་ཡོད་པ་རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། མཐུན་པར་ཞུགས་པ། དྲང་པོར་

p. 222

བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་པ་རྣམས་དང་། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཞེས་སོགས་ཀྱིས་ཀྱང་བསྟོད་ཅིང་། གཞན་ཡང་། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་དང་། །ཀུན་གྱི་བྱེད་པ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་

p. 223

ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །གྲགས་ཆེན་ཤེས་རབ་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་པ། །སྲིད་པའི་མྱ་ངན་བརྒལ་བ་པོ། །བསྐལ་བཟང་སངས་རྒྱས་སྟོང་ལ་སོགས། །སྲས་དང་བཅས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །མཆན། བྱེ་བྲག་ཏུ་མངའ་དབུལ་བ་ལ་གསུམ་སྟེ། སྐུ་གཟུགས་དང་། མཆོད་རྟེན་དང་། གླེགས་བམ་མོ། །དང་པོ་ལ་ཡང་། ཐུན་མོང་དུ། སྙན་དང་ཤང་དང་ཞལ་དབྱེའི་ཕྱིར། །སྒྲ་དྲི་རོ་དང་ཚེམས་ཤིང་དབུལ། །ཁྱད་པར་མཆོག་གི་སྤྲུལ་པ་ལ། །ཆོས་གོས་ལྷུང་བཟེད་འབྲེག་བཅད་འབུལ། །ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ལ། །དབུ་བརྒྱན་སོ་མང་

p. 224

འཕྲེང་བརྒྱན་དང་། །འཁོ་བའི་ཡོ་བྱད་རྣམས་དབུལ་ལོ། །གླིང་བཞི་རིན་ཆེན་སྣ་བདུན་དང་། །བཀྲ་ཤིས་རྟགས་དང་སེང་གེའི་ཁྲི། །ཐམས་ཅད་ཀུན་ལ་འབུལ་བྱའོ། །ཉེ་རིང་མི་མངའ་ཀུན་ཏུ་གསལ། །ཐུབ་པའི་སྒྲ་འཛིན་རབ་དག་ཀྱང་། །དག་བྱེད་བདག་གིས་འབུལ་ལགས་ན། །འགྲོ་རྣམས་རྟག་ཏུ་ཆོས་ཐོས་ཤོག །ༀ་བཛྲ་ཀརྞ་ཤོ་དྷ་ཡ་ཨཱཿཧཱུྃ། ཟག་བཅས་ཕུང་པོའི་དྲི་སྤངས་ཀྱང་། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །མོས་པས་འཛིན་དཔྱད་འདི་ཕུལ་བས། །འགྲོ་རྣམས་ཚུལ་ཁྲིམས་དྲི་ཐོབ་ཤོག །ༀ་བཛྲ་རོ་མ་དྷ་རི་ཎ་ཨཱཿཧཱུྃ། རོ་མཆོག་བརྒྱ་ལྡན་ཞལ་ཟས་མཆོག །དད་པས་རྒྱལ་ལ་ཕུལ་བ་ཡིས། །ཆོས་ཀྱི་རོ་ནི་དགའ་བ་ཡིས། །འགྲོ་བ་ཐམས་ཅད་ཚིམ་གྱུར་ཤོག །ༀ་དི་བྱ་མུ་ཁ་ཡེ་ཨཱཿཧཱུྃ། རིན་ཆེན་ཀ་ར་བི་ར་ཡི། །ཚེམས་ཤིང་དད་པས་ཕུལ་བ་ཡིས། །རྒྱལ་བའི་གསུང་གི་དོན་རྟོགས་ཤིང་། །འགྲོ་རྣམས་སྐད་དུ་ཆོས་སྟོན་ཤོག །ༀ་བཛྲ་དནྟ་ཤོ་དྷ་ནི་ཨཱཿཧཱུྃ། ཞེས་དབུལ་ལོ། །རབ་ཏུ་བྱུང་བའི་ཆ་ལུགས་ལ་དབུལ་བ་རྣམས་ནི། ཆོས་གོས་ཐོགས་

p. 225

ལ། ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར། །དེ་བཞིན་འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །ཐར་པའི་རྒྱལ་མཚན་ངུར་སྨྲིག་གསོལ་བར་བགྱི། །ༀ་བྷི་བྱ་བི་སི་པྲ་མ་ཎ་ཡེ་ཨཱཿཧཱུྃ། དེ་ནས་ལྷུང་བཟེད་ཐོགས་ལ། ཇི་ལྟར་རྒྱལ་པོ་ཆེན་པོ་བཞི་པོ་ཡིས། །དེ་བཞིན་གཤེགས་ལ་ལྷུང་བཟེད་ཕུལ་བ་ལྟར། །དེ་བཞིན་འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཡོན་ཏན་སྣོད་དུ་གྱུར་པ་དབུལ་བར་བགྱི། །ༀ་བུ་ག་ས་པ་རི་ཀ་ཏི་ཡེ་ཨཱཿཧཱུྃ། དེ་ནས་སྤུ་གྲི་ཐོགས་ལ། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་སྒྲུབ་ཅིང་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འདྲེག་དཔྱད་འདི་ཕུལ་བས། །འགྲོ་རྣམས་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ༀ་བཛྲ་ཀ་ཙེརྨུ་ལ་ཨཱཿཧཱུྃ་སྭཱ་ཧཱ། ཡང་འདྲེག་དཔྱད་ཀྱི་ཐུན་མོང་དུ་སེན་མོ་བྲེགས་པའི་ཚུལ་བྱ་ཞིང་། ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང་། །བདག་ཅག་དད་པས་ཕྱག་དང་ཞབས་རྣམས་ཀྱི། །སེན་མོའི་འདྲེག་དཔྱད་

p. 226

ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་དཔེ་བྱད་བཟང་པོ་ཐོབ་པར་ཤོག །ༀ་བཛྲ་ན་ཁ་ཙྪེ་ད་ན་ཨཱཿཧཱུྃ་སྭཱ་ཧཱ། ལོངས་སྤྱོད་རྫོགས་པའི་སྐུ་ལ། དབུ་རྒྱན་ཐོགས་ལ། བདེ་གཤེགས་སྐུ་ལ་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་ལགས་ཀྱང་། །རིན་ཆེན་དབུ་རྒྱན་དར་དཔྱངས་ལ་སོགས་པ། །རྒྱན་གྱི་ཁྱད་པར་དམ་པ་མཆོད་པར་འབུལ། །ༀ་རཏྣ་ཨཱ་ལཾ་ཀཱ་ར་ཨཱཿཧཱུྃ། དེ་ནས་དུང་གི་སོ་མངས་ཀྱིས་དབུ་སྐྲ་བཤད་པའི་ཚུལ་བྱས་ལ། དབུ་སྐྲ་ལྕང་ལོ་མཐོན་མཐིང་གཡས་འཁྱིལ་བ། །རིན་ཆེན་འབར་བས་བརྒྱན་པ་རབ་ཏུ་མཛེས། །ལྷ་མི་ཀུན་གྱི་ལྟ་བས་མི་ངོམས་ཏེ། །བསོད་ནམས་ཐོབ་ཕྱིར་རྒྱལ་བའི་དབུ་སྐྲ་བཤད། །ༀ་ཀ་ར་མི་ཏ་ར་ལམ་ཨཱཿཧཱུྃ། དེ་ནས་ཕྲེང་རྒྱན་ལ་སོགས་པ་ཐོགས་ནས། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ༀ་བཛྲ་ཨཱཿལཾ་ཀཱ་ར་བྷུ་ཥ་

p. 227

ཎ་ཨཱཿཧཱུྃ། དེ་ནས་ཕྲན་ཚེགས་རྣམས་འབུལ་བ་ནི། འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རིགས་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེན་བཞེངས་པ་ལ། །མཁོ་བའི་ཡོ་བྱད་རྣམས་ནི་དབུལ་བར་བགྱི། །ༀ་ཨཱཿབ་ཡུ་ཡུ་ག་ས་མ་ར་ཀཱ་ར་ཝེ་ཨཱཿཧཱུྃ། ཡང་དེ་དག་ལ་ཐུན་མོང་དུ་འབུལ་བ་བཞི་ལས། དང་པོ་གླིང་བཞི་རི་རབ་དང་བཅས་པའི་རི་མོ་འབུལ་བ་བྱ་སྟེ། ས་གཞི་སྤོས་ཀྱིས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ༀ་བཛྲ་རེ་ཁཱ་ཨཱཿཧཱུྃ། དེ་ནས་རིན་ཆེན་སྣ་བདུན་དབུལ་བ་ནི། རྒྱས་པར་གཞན་དུ་བཤད་པ་ལྟར་བྱ་བའམ། བསྡུས་པ་བྱེད་ན། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨ་སཔྟ་མ་ཧཱ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་བཀྲ་ཤིས་ཀྱི་

p. 228

རྟགས་བརྒྱད་ལ་སོགས་པ་དབུལ་བ་ནི། ཐེག་མཆོག་བླ་བྲེ་གདུགས་དང་བ་དན་དང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་སྟེང་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །ཇི་ལྟར་མི་དབང་འཁོར་ལོས་བསྒྱུར་བ་ལ། །རིན་ཆེན་སྣ་བདུན་ཚོགས་དང་ལྡན་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །རིན་ཆེན་སྣ་བདུན་ཚོགས་རྣམས་དབུལ་བར་བགྱི། །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བསྟེན་ནས། །བིལྦ་སྟར་ཁ་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །དེ་ནས་འདོད་ཡོན་ལྔ་དབུལ་བ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་

p. 229

ལོངས་སྤྱོད་རྣམས། །བདག་གི་དད་པས་དབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་བཛྲ་དི་བྱ་ཨནྣ་ཡེ་ས་མཱ་དྷི་དྷྱ་ན་སི་ནཱི་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བའི་པཱུ་ཙ་ལྔ་ཡང་བྱའོ། །༼ལྷན་ཐབས་གསར་མ་ན། ༀ་བཛྲ་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཟེར་བ་འདུག་པའང་རྣམ་གྲངས་སོ། །༽དེ་ནས་སེང་གེའི་ཁྲི་དབུལ་བ་ནི། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་རྒྱལ་བ་རྣམས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ༀ་བཛྲ་སིངྷ་ཨཱ་པ་ན་ཨཱཿཧཱུྃ། དེ་རྣམས་ནི་སྐུ་གཟུགས་ལ་མངའ་དབུལ་བའོ། །གཉིས་པ་མཆོད་རྟེན་ལ་མངའ་དབུལ་བ་ནི། རྡོ་རྗེའི་སྲོག་ཤིང་དང་། རྒྱན་གྱི་མིང་ཅི་ལྟར་བྱུང་བ་ལ་རེག་ཅིང་། བྱང་ཆུབ་ཤིང་མཆོག་ཆོས་འཁོར་བདུགས་ཀྱིས་བརྒྱན། །ཅོད་པཎ་ཆུ་སྲིན་རྒྱལ་མཚན་འཕྲེང་བ་དང་། །རིན་ཆེན་རྒྱན་མཆོག་ཡིད་འོང་མཛེས་པ་འདི། །བསོད་ནམས་ཕུན་སུམ་ཚོགས་ཕྱིར་ཕུལ་བ་ཡིས། །འགྲོ་རྣམས་བསོད་ནམས་ཡེ་ཤེས་ཚོགས་

p. 230

རྫོགས་ཤོག །ༀ་བཛྲ་པཱུ་ཀཱི་ན་ཨཱཿཧཱུྃ། གསུམ་པ་གླེགས་བམ་མངའ་དབུལ་བ་ལ་གསུམ་ལས། དང་པོ་ན་བཟའ་དབུལ་བ་ནི། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། གཉིས་པ་གླེགས་ཤིང་དབུལ་བ་ནི། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་བ། །༼དཔེ་གཅིག་ན་ལ་ཟེར།༽ ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་རྟོགས་པར་ཤོག །ༀ་བཛྲ་པྲཛྙ་ཨུ་པ་ཡ་ཨཱཿཧཱུྃ། གསུམ་པ་གླེགས་ཐག་དབུལ་བ་ནི། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོར་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ༀ་བཛྲ་པུསྟ་ཀ་བནྡྷ་ཨཱཿཧཱུྃ་སྭཱ་ཧཱ། དེ་དག་ནི་གླེགས་བམ་ལ་མངའ་དབུལ་བ་གསུམ་པའོ། །དེ་ནས་བཙའ་རུའི་བཟའ་བས། དེ་

p. 231

བཞིན་གཤེགས་པའི་དཀྱིལ་འཁོར་མཉེས་པར་བྱ་བ་ནི། སྣོད་བཟང་པོའི་ནང་དུ་ལྷ་བཤོས་ཆེན་པོ་རྒྱན་སྣ་ཚོགས་པས་བརྒྱན་པ་བཞག་ལ། དེའི་མཐའ་ན་ཕར་བཟའ་བ་དང་བཏུང་བ་སྣ་ཚོགས་པ་བཤམས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུདྒ་ཏེ་ས་ཕ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབ་ལ། ཞལ་ཟས་རོ་བརྒྱ་ལྡན་པ་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ༀ་བཛྲ་དི་བྱ་ཨནྣེ་ས་མཱ་དྷི་དྷྱ་ན་པྲ་ཎ་ནེ་སྭཱ་ཧཱ། ༼མངའ་དབུལ་གྱི་སྔགས་རྣམས་ཀྱི་མཐའ་བརྟེན་དཀྱུས་ཉིད་ན་སྭཱ་ཧཱ་ཡོད་མེད་འདྲེས་མར་བྱུང་བ། ཟིན་ཐུན་གྱི་ཚེ་འདོན་པ་འགྲིག་བདེ་བའི་ཕྱིར། སྭཱ་ཧཱ་དོར་ཏེ་ཨཱཿཧཱུྃ་ཞེས་པ་ཁོ་ན་ཞེས་གཅིག་ཏུ་བསྒྲིགས་ཀྱང་། སླར་ཕྱི་མོ་ཁུངས་ཐུབ་ལ་བཏུགས་ཏེ་བརྟག་པར་བྱའོ། །མཆན། ཞེས་པས་དབུལ་བར་བྱའོ། །༼བདག་བསྐྱེད་ཀྱི་གཏོར་མ་འདིར་བྱ། མཆན། གསུམ་པ་རྗེས་ཀྱི་ཆོ་ག་ལ་ལྔ་ལས། ཆོས་སྐྱོང་བསྒོ་བ། མཆོད་ཅིང་བཟོད་པར་གསོལ་བ། ཡོན་བདག་བསྒོ་

p. 232

བ། ཤིས་པ་བརྗོད་པ། དགའ་སྟོན་བྱ་ཞིང་བསོད་ནམས་བསྔོ་བའོ། །དང་པོ་ནི། ཆོས་སྐྱོང་བའི་སྲུང་མ་སྤྱི་ལ་གཏོར་མ་བཏང་། ཁྱད་པར་དུ་ནག་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་སོགས་པ་ལ་གཏོར་མ་བཏང་སྟེ། ཆོས་སྐྱོང་བའི་བསྲུང་མ་ཁྱེད་རྣམས་ཀྱིས་ཡོན་བདག་བགྱིས་ལ། ཕྱི་མའི་མུ་མཐར་ཐུག་གི་བར་དུ་སྲུངས་ཤིག །ཅེས་བརྗོད་དོ། །གཉིས་པ་ནི། ༼ས་བཅད་དུ་མཆོད་ཅིང་ཞེས་འབྱུང་བས། རྗེས་ཆོག་གི་མཆོད་པ་བཟང་པོ་བཤམས་ཏེ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་

p. 233

པར་བགྱི། །ཞེས་མཆོད་པ་བྱས་ཏེ། མཆན། ཡི་གེ་བརྒྱ་པ་བརྗོད་ཅིང་། ༼ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་ཏྲ་ངྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ མཆན། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་ཀྱིས། །གང་དག་ཆོ་གའི་བྱ་བ་ལ། །འགལ་ཞིང་འཁྲུལ་པ་གང་མཆིས་དང་། །མ་ཚང་བ་དང་ལྷག་པ་རྣམས། །ནོངས་པར་གྱུར་པ་གང་ལགས་ཏེ། །ཀུན་ཏུ་བཟོད་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །གསུམ་པ་ཡོན་བདག་བསྒོ་བ་ནི། སྦྱིན་བདག་བོས་ལ། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་དེ་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །ཅི་བདེ་བར་ནི་མཆོད་པར་གྱིས། །ཞེས་བརྗོད་ལ། ཁྱོད་ཀྱིས་ང་ལ་གསོལ་བ་

p. 234

བཏབ་པའི་རབ་ཏུ་གནས་པ་ལེགས་པར་ཚར་བར་བྱས་ཀྱི། ཁྱོད་ཀྱིས་རྟེན་འདི་ལ་༼རྟེན་མང་པོ་ལ་རབ་གནས་ཕྱོགས་གཅིག་ཏུ་བྱེད་ན། འདི་ཡང་རྣམས་ཞེས་མང་ཚིག་གཞུག་གོ། །མཆན། ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་བའི་མཆོད་པ་རྒྱུན་མ་ཆད་པར་གྱིས་ཤིག །ཅེས་བསྒོའོ། །བཞི་པ་བཀྲ་ཤིས་བྱ་བ་ནི། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །དུར་ཝས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའ་ཚེ་ནི་

p. 235

རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག །བིལ་ཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ནི་གྲུབ་པར་ཤོག །དུང་ནི་ཆོས་ཀྱི་སྒྲ་ཆེན་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཅིང་། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག །ཡུངས་དཀར་རྡོ་རྗེའི་རིགས་ནི་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །ལྔ་པ་དགའ་སྟོན་བྱ་ཞིང་བསོད་ནམས་བསྔོ་བ་ནི། དགའ་སྟོན་གྱི་

p. 236

མཆོད་པ་དང་། དགེ་འདུན་ལ་དགའ་སྟོན་དང་། རབ་ཏུ་གནས་པའི་སློབ་དཔོན་ལ་ཅི་འབྱོར་བའི་འབུལ་བ་བྱས་ལ། སླར་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་། ༼སྟོང་ཆེན་རབ་འཇོམས་ལས་གསུངས་པའི་དཀོན་མཆོག་གསུམ་གྱི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་ནི། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །རྐང་པ་ཕྱེད་དང་གསུམ་པོ་རིགས་འགྲེ་སྦྱར་ཏེ། ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ༴ ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ལ་ཕྱག་འཚལ༴ ཞེས་དང་། རིན་པོ་ཆེ་ཀརྨ་པས་མཛད་པའི་བླ་མ་བརྒྱུད་པའི་བཀྲ་ཤིས་བཀའ་རྒྱ་མར་གྲགས་པ་ནི། དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །དཔའ་བོ་དགྱེས་མཛད་བདུད་དཔུངས་འཇོམས། །སྒེག་པའི་ཉམས་ལྡན་ཅོད་པཎ་ཅན། །རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག །བཀའ་གཞི་བརྒྱུད་པས་བྱིན་རླབས་ཤིང་། །དག་

p. 237

སྣང་རྡོ་རྗེ་འཆང་དང་མཇལ། །འཁོར་ལོ་བདེ་མཆོག་རྣལ་འབྱོར་པ། །ཏཻ་ལོ་པ་ཡི༴ གནས་ལྔ་མཐར་ཕྱིན་པཎྜི་ཏ། །ཕག་མོས་ལུང་བསྟན་རྗེ་དང་མཇལ། །བཅུ་གཉིས་དཀའ་སྤྱད་དངོས་གྲུབ་བརྙེས། །ནཱ་རོ༴ ཟབ་མོ་སྔགས་ཀྱི་ཆར་རྒྱུན་འབེབས། །འཇམ་དབྱངས་སྤྲུལ་པས་འགྲོ་བ་འདྲེན། །སྐྱེས་མཆོག་འཕོ་བ་གྲོང་འཇུག་མཛད། །ལྷོ་བྲག༴ སྙན་བརྒྱུད་བདུད་རྩིའི་བཅུད་འཐུང་ཞིང་། །རི་དྭགས་རྒྱལ་པོ་སེང་གེ་ལྟར། །གངས་དཀར་རྩེ་ལ་འགྲན་ཟླ་མེད། །མི་ལ་མཆོག་གི༴ གསེར་མདོག་ཅན་གྱིས་ལུང་བསྟན་ཅིང་། །རྒྱལ་སྲས་མཆོག་ཏུ་དབང་བསྐུར་བ། །སྙིང་པོ་དོན་གྱི་རྗེ་བཙུན་མཆོག །སྒམ་པོ་པ་ཡི༴ སྦྱངས་རྟོགས་དཔག་ཏུ་མེད་པ་ཡིས། །རླུང་སེམས་དབང་ཐོབ་རྫུ་འཕྲུལ་ཅན། །དགོངས་པ་རྒྱལ་བ་རྣམས་དང་མཉམ། །དུས་གསུམ་མཁྱེན་པའི༴ རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན། །རྒྱལ་བས་གསུངས་པའི་མདོ་རྒྱུད་ལ། །མཁྱེན་པ་གཉིས་ལྡན་ཆོས་ཀྱི་རྗེ། །རས་ཆེན་པ་ཡི༴

p. 238

གནས་ལུགས་རྒྱ་མཚོ་ལྷུན་གྱིས་གྲུབ། །དངོས་གྲུབ་རྣམ་གཉིས་རིན་ཆེན་གཏེར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །རྒྱལ་སྲས་མཆོག་གི༴ དག་པ་ལྷ་ཡི་ལུང་བསྟན་ཅིང་། །རྩོད་ལྡན་བསྟན་པའི་སྙིགས་མ་ལ། །འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །ཀརྨ་པ་ཡི༴ ༼གསུང་འབུམ་ཉིད་ན་རིན་པོ་ཆེ་ཡི་ཟེར།༽ བཀྲ་ཤིས་བྱིན་རླབས་དཔག་མེད་ཀྱིས། །དངོས་གྲུབ་སྟེར་མཛད་བཀའ་བརྒྱུད་རྣམས། །མཁའ་ལ་ཁྲི་གདུགས་ཤར་བ་ལྟར། །ཕྱོགས་རིས་མེད་པའི༴ ཅེས་དང་། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པའི་ཤིས་པ་བྱའོ། །མཆན། དེའི་འོག་ཏུ། དཀོན་མཆོག་རིན་ཆེན་གསུམ་ལ་

p. 239

ཕྱག་འཚལ་ལོ། །ཞེས་པའམ་བསྔོ་བ་གང་རུང་བྱའོ། །༼དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཅེས་དང་། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས། ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག །ཞེས་པའི་མཐར་ཐུག་པ་འཕགས་པ་བཟང་པོར་སྤྱོད་པ་སྨོན་ལམ་གྱི་རྒྱལ་པོ་གདོན་པ་ལག་ལེན་ལ་ཡོད་དོ། །མཆན། དེ་དག་ནི་རབ་ཏུ་གནས་པ་བུམ་པ་གཉིས་ལ་བརྟེན་པ་མདོ་དང་མཐུན་པའི་ཆོ་ག་རྒྱས་པའོ། །དེ་བས་བསྡུས་པ་བྱེད་པར་འདོད་ན། སྔོན་འགྲོ་སྙན་གསན་དབབ་པ་ཡན་ཆད་བྱས་ལ། རྟེན་འགབ་པ་དང་ཆོ་གའི་སྔོན་དུ་བྱ་བ་རྣམས་བཞག་ལ། དངོས་གཞི་དྲུག་པོ་བྱ་ཞིང་། མཆོད་བསྟོད་ཀྱིས་མངའ་དབུལ་བ་ཙམ་བྱས་ཏེ། གཏོར་མ་བཏང་ཞིང་ཆོས་སྐྱོང་བསྒོ་བ་དང་བཀྲ་ཤིས་བརྗོད་པར་བྱའོ། །གཞན་རྣམས་ནི་མི་དགོས་སོ། །བཀའ་གདམས་པའི་ལུགས་ཀྱི་ཤིན་ཏུ་བསྡུས་

p. 240

པ་བྱེད་ན། སེམས་བསྐྱེད་བདག་ཉིད་ཡི་དམ་དུ་བསྒོམ། སྭ་བྷཱ་ཝའི་སྔགས་ཀྱིས་རྟེན་སྦྱངས་ལ། རྟེན་རྣམས་ཐུབ་པའི་དབང་པོར་བསྐྱེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ། རྟེན་འདི་རྣམས་ལ་འབྱོན་པར་མཛད་དུ་གསོལ། ཞེས་པའི་གསོལ་བ་བཏབ་ལ། ཡེ་དྷརྨ་བརྗོད་ཅིང་མེ་ཏོག་གཏོར་ཏེ། ཕྱོགས་བཅུའི་སངས་རྒྱས་རྣམས་གཞུགས། སླར་རྟེན་སོ་སོའི་རྣམ་པར་བསྒྱུར་ལ། མཆོད་བསྟོད་ཀྱི་མངའ་དབུལ་ཙམ་བྱས་ལ། བཀྲ་ཤིས་བརྗོད་དོ། །ཤིན་ཏུ་བསྡུས་པའོ། །ད་ནི་སྔགས་ཀྱི་ལུགས་ཀྱི་རབ་ཏུ་གནས་པ་བརྗོད་པར་བྱ་སྟེ། སྟ་གོན་གྱི་སྐབས་སུ། བཅའ་གཞི་གཞན་སྔ་མ་དང་མཚུངས་པ་ལས། ལྷ་གང་བྱེད་པའི་དཀྱིལ་འཁོར་བཞེང་བ་ནི་ཁྱད་པར་རོ། །གལ་ཏེ་དབང་བསྐུར་བྱེད་ན། དབང་གི་སྟ་གོན་རྣམས་ཚོགས་པར་བྱའོ། །འདི་ལ་དྲི་མ་ཁྲུས་ཀྱི་བུམ་པ་དང་གསུམ་དགོས་སོ། །དཀྱིལ་འཁོར་གྱི་ལྷ་དང་བུམ་པ་སྟ་གོན་དུ་གནས་པ་ཐོན་ནས་སྦྱིན་སྲེག་ཅིག་ཀྱང་བྱའོ། །དེ་ནས་དབང་བསྐུར་བ་ཡིན་ན། སློབ་མ་སྟ་གོན་དུ་གནས་པ་བྱའོ། །དེའི་འོག་ཏུ་རྟེན་སྟ་གོན་བྱ་སྟེ། གཞན་སྔ་མ་དང་མཚུངས་པ་ལས། རྟེན་བསྐྱེད་པའི་སྐབས་སུ་ཡི་དམ་གང་བྱེད་དེར་བསྐྱེད་དོ། །ཡེ་ཤེས་པ་དགུག་ཅིང་

p. 241

མཆོད་བསྟོད་ལ་སོགས་པའང་བྱས་ལ། སྔོན་དུ་ལྷ་ལ་དབང་བསྐུར། དེའི་འོག་ཏུ་མི་ལ་བསྐུར་བར་བྱའོ། །མི་ལ་དབང་བསྐུར་མི་བྱེད་ན། དངོས་གཞི་དྲུག་པོ་གཞན་མདོ་ལུགས་དང་མཐུན་པ་ལ། དབང་བསྐུར་བ་ནི་སོ་སོའི་ཆོ་ག་དང་མཐུན་པར་བྱའོ། །རྗེས་ཀྱི་ཆོ་ག་ནི་མཐུན་ནོ། །སྟ་གོན་ཐོན་པ་དང་རྗེས་ཚོགས་ཀྱི་ཆོ་ག་བྱའོ། །འདི་ནི་སྔགས་ཀྱི་ལུགས་ཏེ། ལྷ་གང་ལ་སྦྱར་ཡང་ཉན་ནོ། །དེ་ཉིད་དོན་དུ་ལྷ་དང་རབ་ཏུ་གནས་པ་མེད། །ཀུན་རྫོབ་ཙམ་དུ་ལྷ་ཡི་རྣམ་པ་རབ་ཏུ་བསྟན། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་སུ། །བྱ་བའི་རིམ་པ་རྒྱ་ཆེན་དཔག་མེད་ནས་གསུངས་སོ། །མདོ་ལུགས་ཞེས་བྱ་གངས་ཅན་ཁྲོད་དུ་གྲགས་པ་ནི། །ཕལ་གྱིས་ཤེས་མིན་ཕ་རོལ་ཕྱིན་པའི་གཞུང་གྲགས་པ། །དཱི་པམ་ཀ་རའི་ཞལ་གྱི་གདམས་ངག་ཇི་བཞིན་དུ། །སྐྱོན་རྣམས་སྤངས་ཏེ་འཇུག་པ་ཤིན་ཏུ་བདེ་བ་རུ། །གཞན་ལ་ཕན་འདོད་ལྷག་པའི་བསམ་པས་སྦྱར་བ་ཡིན། །རབ་ཏུ་གནས་པའི་རྒྱུད་དང་། སློབ་དཔོན་རིན་ཆེན་བཟང་པོའི་བསྡུས་དོན་དང་། ཤཱཀྱ་ཤྲི་བྷ་དྲའི་རབ་ཏུ་གནས་པའི་ཆོ་ག་རྣམས་དང་མི་འགལ་བར། དགེ་བའི་བཤེས་གཉེན་ཀྲ་ར་བ་དང་། བྱ་ཡུལ་བ་དང་། ཞང་ཤ་ར་བ་ལ་སོགས་པའི་མན་ངག་

p. 242

འཐོར་བ་རྣམས་བསྡུས་ཏེ་རྗེ་དུས་གསུམ་མཁྱེན་པའི་དགོངས་པ་བཞིན་དུ་རང་བྱུང་རྡོ་རྗེས་སྤྲེའུའི་ལོ་ལ་སྦྱར་བའོ། །༼འདིའི་སྔོན་དང་། བར་མཐར་མཆོད་པ་སོགས་བཀོད་པ་ཇི་ལྟར་བཤམས་པའི་གོ་རིམ་དང་། ཡེ་ཤེས་པ་སྤྱན་འདྲེན་སོགས་འགྲེང་སྟེ་བྱ་དགོས་པའི་རིགས་དང་། མཆོད་འབུལ་གྱི་ཚེ་པདྨའི་གར་སྔོན་དུ་འགྲོ་བས་སོ་སོའི་ཕྱག་རྒྱ་བྱ་བ་དང་། སྐུ་གསུང་ཐུགས་ཀྱི་རྟེན་གང་ལ་རབ་ཏུ་གནས་པ་བྱེད་པའི་མངའ་དབུལ་སྤྱི་དང་བྱེ་བྲག་སྦྱོར་ཚུལ་ལ་སོགས་པ་ནི་ལག་ལེན་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ། །ཞེས་པ་འདི་ནི་རྒྱལ་བ་འཇིག་རྟེན་དབང་པོའི་ཞལ་སྔ་ནས་ཀྱིས་བསྟན་པ་དང་འགྲོ་བ་མཐའ་དག་གི་ཕན་བདེ་རྒྱུན་མི་ཆད་པའི་རྩ་ལག་ཏུ་དགོངས་ཏེ། འོག་མིན་གྱི་གནས་གཉིས་པ་གདན་ས་ཆེན་པོ་མཚུར་ཕུའི་གཙུག་ལག་ཁང་གོང་མར་རྒྱལ་བ་རིགས་དྲུག་པ་རྡོ་རྗེ་འཆང་གི་སྐུ་བརྙན་དངུལ་ལས་གྲུབ་པ་ངོ་མཚར་ཅན་དང་། ཐུབ་པ་ཆེན་པོ་འཛམ་གླིང་རྒྱན་གྱི་སྒོ་ཁང་མཛེས་པར་བྱེད་པའི་རྒྱལ་པོ་ཆེན་པོ་བཞིའི་སྐུ་གཟུགས་བཞེངས་སུ་གསོལ་བར་མཛད་པ། ལེགས་པར་མཐར་ཕྱིན་ཏེ་ལྕགས་མོ་སྦྲུལ་གྱི་ལོ་ཆུ་སྟོད་ཀྱི་ཟླ་བའི་དཀར་པོའི་ཕྱོགས་ལ་རབ་ཏུ་གནས་པ་གྱིས་ཤིག །ཅེས་

p. 243

བཀའི་ཅོད་པཎ་སྤྱི་བོར་བཅིངས་པ་ཡི་དམ་དུ་བགྱིས་ཏེ། དཔལ་རང་བྱུང་ཞབས་ཀྱི་གཞུང་ཇི་ལྟ་བ་ལ་རང་བཟོ་དང་སྒྲོས་འཁྱམ་གྱིས་མ་བསླད་པར། ཞལ་འཕངས་རྣམས་རྒྱ་བོད་ཀྱི་གཞུང་ཁུངས་ཐུབ་དག་ལས་ཁ་བསྐང་བའི་ཚུལ་གྱིས་ཚང་བར་བྱས། གཞུང་གི་ཚིག་ཟུར་བརླིང་བ་རྣམས་དོན་མི་གོལ་བར་ཅུང་ཟད་ངག་ཏུ་འདོན་བདེ་བར་བྱས་ཏེ། བཀའ་གདམས་རིན་པོ་ཆེའི་ཕྱག་བཞེས་བཞིན་དུ་མདོ་དང་མཐུན་པའི་རབ་གནས་ཀྱི་ཆོ་ག་རྒྱས་པ་ལག་ཏུ་བླང་བའི་ཚུལ། ཆོ་ག་བ་རྣམས་ལ་ཟིན་ཐུན་དུ་བགྱིས་པ་ལས། སླར་ཡང་རྒྱལ་བ་འཇིག་རྟེན་དབང་པོ་ཉིད་ཀྱིས་ཆོ་གའི་རིམ་པ་དེ་ཉིད་ཡི་གེར་གྱིས་ཤིག་པའི་བཀའ་ནོད་པ་སྤྱི་བོར་བླངས་ནས། སུག་བྲིས་ཀྱི་གྲོགས་དན་ཀརྨ་ལྀ་ཀཱ་རས་བགྱིས་ཏེ། དཔལ་རང་བྱུང་ཞབས་ཀྱི་ཆོ་གའི་གཞུང་ཉིད་ལ་མཆན་བུར་བཏབ་ཅིང་། དཀྱུས་མཆན་གཉིས་ཀའི་ས་བཅད་དང་སྤྱི་སྡོམས་ཚོས་དང་། ངག་འདོན་རྣམས་སེར་གྱིས་ཕྱེས་ཏེ་གོ་གསལ་དུ་བྱས་པ། དགེ་སློང་ལྟར་སྣང་བ་གྲགས་པ་དོན་གྲུབ་ཀྱིས་སོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་རྒྱུན་མི་ཆད་པར་འབྱུང་བར་གྱུར་ཅིག །མཆན། ༼འདིའི་བརྒྱུད་པ་ནི། བྱམས་པ། ཐོགས་

p. 244

མེད། དབྱིག་གཉེན། རྣམ་གྲོལ་སྡེ། ར་ལ་པ་ཏྲ། གསེར་གླིང་པ། ཇོ་བོ་རྗེ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། ཀྲ་ར་བ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན། སྤོམ་བྲག་པ། ཀརྨ་པ། གཉན་རས། རིན་པོ་ཆེ་རང་བྱུང་རྡོ་རྗེའོ། །འདི་ཕྱིན་ཆད་རང་བྱུང་བཀའ་འབུམ་གྱི་ལུང་གི་རྒྱུད་པ་གཞིར་བྱས་ཏེ་རྒྱལ་བ་ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱི་ཞལ་སྔ་ནས་བདག་ལ་བཀའ་དྲིན་དུ་བསྩལ་བ་ཡིན་ནོ། །མཆན། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་གདུགས་བཟང་རབ་འབར་བ། །ཐོགས་ནས་རྒྱལ་བའི་དབུ་ལ་མཆོད་པ་ལྟར། །དབུ་ལ་གདུགས་ཀྱི་བཀྲ་ཤིས་ཐོབ་པར་ཤོག །བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་ལྷ་མོ་རབ་འབར་བ། །ཐོགས་ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར། །སྤྱན་ལ་ཉ་ཡི༴ བཀྲ་ཤིས་གང་ཞིག༴ ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །ཐོགས་ནས་རྒྱལ་བའི་ལྗགས་ལ༴ ལྗགས་ལ་པདྨའི་བཀྲ་ཤིས༴ བཀྲ་ཤིས་གང་ཞིག༴ ཕྱག་ན་གསེར་གྱི་བུམ་པ་རབ་མཛེས་པ། །ཐོགས་ནས་རྒྱལ་བའི་མགུལ་ལ་མཆོད་པ་ལྟར། །མགུལ་ལ་བུམ་པའི༴ བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་རྒྱ་མཚན་རབ་མཛེས་པ། །ཐོགས་ནས་རྒྱལ་བའི་སྐུ་ལ་མཆོད་

p. 245

པ་ལྟར། །སྐུ་ལ་རྒྱ་མཚན༴ བཀྲ་ཤིས་གང་ཞིག༴ ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོག་མཛད་པ། །ཐོགས་ནས་རྒྱལ་བའི་གསུང་ལ་མཆོད་པ་ལྟར། །གསུང་ལ་དུང་གི༴ བཀྲ་ཤིས་གང་༴ ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །ཐོགས་ནས་རྒྱལ་བའི་ཞབས་ལ་མཆོད་པ་ལྟར། །ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་ཤོག །བཀྲ་ཤིས་གང་ཞིག༴ ཕྱག་ན་དཔལ་གྱི་བེའུ་རབ་འབར་བ། །ཐོགས་ནས་རྒྱལ་བའི་ཐུགས་ལ༴ ཐུགས་ལ་དཔལ་བེའི་བཀྲ་ཤིས་ཐོབ་པར་ཤོག །སརྦ་ཛ་གྟཾ།། །།

རྟེན་རབ་ཏུ་གནས་པའི་ཆོ་ག

p. 246
p. 247

རྟེན་རབ་ཏུ་གནས་པའི་ཆོ་ག་བཞུགས་སོ། །

p. 248

རྒྱལ་རྣམས་ཐབས་མཁས་ཐུགས་རྗེ་ཡིས། །སྐུ་གཟུགས་ལ་སོགས་ཇི་སྙེད་པའང་། །ཡེ་ཤེས་རབ་ཏུ་གནས་གྱུར་པས། །འགྲོ་བའི་མཆོད་རྟེན་འགྱུར་ལ་འདུད། །གང་ཞིག་བཀའ་གདམས་རིན་པོ་ཆེའི་ཕྱག་བཞེས་མདོ་ལུགས་ཀྱིས་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པའི་ཆོ་ག །ཤིན་ཏུ་བསྡུས་པར་བྱ་བར་འདོད་པས། གནས་ཁང་ལེགས་པར་བརྒྱན་ཅིང་གཙང་བར་གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་རྣམས་ཇི་ལྟར་འོས་པའི་སྟེགས་ལ་ཉེར་སྤྱད་ལ་སོགས་པའི་མཆོད་པ་བཟང་པོ་དང་བཅས་ཏེ་བཞུགས། རང་སྟན་བདེ་བ་ལ་རྟེན་ལ་མངོན་དུ་ཕྱོགས་པས་འདུག་པས། ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་བདག་སྐྱབས་མཆི། །དམ་པའི་ཆོས་

p. 249

ལ་བདག་སྐྱབས་མཆི། །དགེ་འདུན་ལ་ནི་བདག་སྐྱབས་མཆི། །ལུས་ཅན་རྣམས་ཀྱི་བྱང་ཆུབ་ཕྱིར། །ཡང་དག་བྱང་ཆུབ་སེམས་བསྐྱེད་ནས། །སེམས་ཅན་ཀུན་ལ་སྨན་འགྱུར་ཕྱིར། །བཟང་པོའི་སྤྱོད་པ་སྤྱད་པར་བགྱི། །ཞེས་ལན་གསུམ་གྱི་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་འགྲོ་བས། ཡི་དམ་གང་རུང་གི་བདག་བསྐྱེད་བཟླས་པ་དང་བཅས་པ་མདོར་བསྡུས་ཏེ་བྱ། དེ་ནས་རྟེན་རྣམས། ཨོཾ་སྭ་བྷཱ་ཝ་སོགས་ཀྱི་སྦྱངས་ནས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། ཨོཾ་ན་མོ་བུདྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷཱ་ཡ། ཨོཾ་ཡེ་དྷརྨཱ་སོགས། ཞེས་པའི་སྔགས་ཀྱི་ཡིག་འབྲུ་རྣམས་

p. 250

ཡོངས་སུ་གྱུར་པ་ལས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་འོད་འདོམ་གང་བ་དང་འོད་ཟེར་མཐའ་ཡས་པ་མངའ་བ། སྐུ་ལ་ངུར་སྨྲིག་གི་ན་བཟའ་ཆོས་གོས་གསུམ་མནབས་ཤིང་ས་གནོན་དང་མཉམ་བཞག་གི་ཕྱག་རྒྱ་ཅན། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། ཅེས་རྟེན་རྣམས་ཐུབ་པའི་དབང་པོར་བསྐྱེད་ཅིང་སྐུ་གསུང་ཐུགས་བྱིན་གྱིས་རླབས། དེ་ནས་མེ་ཏོག་ཐོགས་ལ་འགྲེང་སྟེ་ཐལ་མོ་སྦྱར་ལ། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་

p. 251

སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདག །རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་འགྲོ་བ་ལྷ་དང་བཅས་པ་ལ་ཕན་པ་དང་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་འབྱོན་པར་མཛད་དུ་གསོལ། ཞེས་མེ་ཏོག་རེ་འཐོར་ཞིང་ལན་གསུམ་བརྗོད་པའི་ཐ་མ་ལ། བྱོན་ནས་ཀྱང་བརྟན་པར་བཞུགས་སུ་གསོལ། ཞེས་ཀྱང་བརྗོད་པ་ལ་གསོལ་བ་གདབ། དེ་ནས་རྟེན་རྣམས་ལ་མེ་ཏོག་འཐོར་ཞིང་། ཨོཾ་ན་མོ་བུདྷཱ་ཡ། སོགས་གོང་དུ་སྨོས་པའི་ཡེ་དྷར་གསུམ་བདུན་ཉེར་གཅིག་ལོངས་སྐབས་དང་སྦྱར་བ་བརྗོད་པའི་རྗེས་སུ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ནས་འབྲུ་དང་ཐ་དད་མེད་པར་བྱོན་ནས་རྟེན་སོ་སོ་ལ་ཐིམ་པས་གཉིས་སུ་མེད་པར་

p. 252

གྱུར། ཅེས་བརྗོད་ཅིང་དེ་ལྟར་དུ་གྱུར་པར་ཡང་བསམ། དེ་ནས། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འོད་དུ་ཞུ་བ་ལས་སྐུ་གསུང་ཐུགས་ཀྱི་རྟེན་གང་ཡིན་པ་དེ་ཉིད་ཀྱི་རྣམ་པར་གྱུར་པས་བསམ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་སྟོབས་དང་། བདག་གི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་དང་རིགས་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག །ཅེས་པའི་མཐར། ན་མ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་ལན་བརྒྱད་དུ་བརྗོད་པས་མཆོད་པ་རྣམས་བྱིན་གྱིས་རླབས་པ་ན། འཇིག་རྟེན་ཁམས་ནི་སོགས་ཉེར་སྤྱོད་ལྔ་སྔགས་དང་བཅས་པས་ཕུལ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་སོགས་དཀོན་མཆོག་རྗེས་དྲན་དང་སེམས་བརྩེ་མ་ལྟ་བུ་མངའ་དབུལ་བ་

p. 253

ཙམ་བྱས་ལ། ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ། །སོགས་དང་། སྟོན་མཆོག་དམ་པ་སོགས་ལྟ་བུའི་བཀྲ་ཤིས་རྒྱས་བསྡུས་ལོངས་སྐབས་དང་སྦྱར་ཏེ་བརྗོད་དོ། །འདི་ནི་མདོའི་ལུགས་ཏེ། འདི་ལ་ཚོགས་འཁོར་མ་གསུངས་པས། རང་བཟོས་ཆོ་ག་གཞན་གྱི་རྒྱས་འགེབས་སྦྱར་བར་མི་བྱའོ། །ཞེས་པ་བླ་མ་འཇའ་མོའི་སྐུ་སྐྱེ་དཔོན་སློབ་ཀྱིས་དོན་དུ་གཉེར་བ་ལྟར་རྗེ་རང་བྱུང་པས་རབ་ཏུ་གནས་པའི་ཆོ་ག་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་བཀའ་གདམས་རིན་པོ་ཆེའི་ཆོས་ཚུལ་ལ་གྲགས་པའི་མདོ་ལུགས་ཀྱི་རབ་གནས་ཤིན་ཏུ་བསྡུ་བའི་རྣམ་གཞག་ཇི་ལྟར་གསུངས་པ་བཞིན་གྱི་ལག་ལེན་གོ་གསལ་དུ་བསྒྲིགས་པ་བཙུན་པ་གྲགས་པ་དོན་གྲུབ་ཀྱིས་ཐོབ་རྒྱལ་བཀྲ་ཤིས་ཁྲི་བརྟན་གྱི་ཆོས་གྲྭར་ཡི་གེར་བགྱིས་པ་འདི་ཡང་བསྟན་པ་དང་སེམས་ཅན་ལ་ཕན་པ་དང་བདེ་བ་རྒྱ་ཆེན་པོ་རྒྱུན་མི་ཆད་པ་འབྱུང་བའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།

ཕྱག་དང་སྐོར་བའི་ལག་ལེན།

p. 254
p. 255

ཕྱག་དང་སྐོར་བའི་ལག་ལེན་བཞུགས་སོ། །

p. 256

གང་ལ་དམིགས་པའི་སྦྱིན་སོགས་བསོད་ནམས་ཀྱི། །བགྱི་བ་ཆུང་ངུའང་འབྲས་བུ་ཆེར་འབྱུང་བའི། །ཞིང་མཆོག་སངས་རྒྱས་ཆོས་དང་དགེ་འདུན་དང་། །ཕ་མ་མཁན་པོ་སློབ་དཔོན་ལ་ཕྱག་འཚལ། །རང་གི་དལ་བ་ཐོབ་པ་འབྲས་ཅན་ཕྱིར། །དེ་ལྟའི་ཞིང་མཆོག་རྙེད་དཀར་རྙེད་པ་ལ། །བརྟེན་པའི་བསོད་ནམས་བགྱི་བ་མི་དམན་པས། །འདི་དང་གཏན་གྱི་བདེ་བ་ཅིས་མི་སྒྲུབ། །དེ་ལ་ལུས་ཀྱི་ལེགས་སྤྱད་ཁྱད་པར་ཅན། །ཕྱག་དང་བསྐོར་བ་བྱེད་པའི་ལག་ལེན་ནི། །གང་ལ་བྱ་དང་གང་གིས་བྱེད་པ་དང་། །ཇི་ལྟར་བྱ་བའི་བསམ་སྦྱོར་དག་དང་གསུམ། །དང་པོ་ཕྱག་འཚལ་བ་ཡི་ཡུལ་བཤད་པ། །འཕགས་པ་

p. 257

བཟང་པོ་སྤྱོད་པའི་སྨོན་ལམ་ལས། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །ཞེས་གསུངས་གང་གིས་ཇི་ལྟར་འཚལ་བ་ཡང་། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་པས་མདོར་བསྟན་དེ་དག་རྒྱས་བཤད་པ། །དང་པོར་གང་ལ་འཚལ་ཡུལ་དམིགས་པ་ནི། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞེས་གསུངས་དེ་ཉིད་ཇི་ལྟར་དམིགས་པའི་ཚུལ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །

p. 258

དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཅེས་གསུངས་འདི་ཡིས་འོག་ནས་འཆད་པ་ཡི། །སྦྱོར་བ་ཡིད་ཀྱི་ཕྱག་ཀྱང་བསྟན་པ་ཡིན། །དེ་ལྟར་སངས་རྒྱས་ཕྱག་ཡུལ་དུ་བཤད་པས། །ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་བསྡུས་ཏེ། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་ཞེས་ལྟར། །སངས་རྒྱས་བཞུགས་པར་ཆོས་དང་དགེ་འདུན་ནི། །ངང་གིས་བཞུགས་པ་ཆོས་ཉིད་ཡིན་པའི་ཕྱིར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་དགེ་འདུན་དང་། །ཆོས་ཀྱང་ལུང་དང་རྟོགས་པའི་ཚུལ་གྱིས་བཞུགས། །དེ་བཞིན་ལྟ་སྤྱོད་བྱིན་རླབས་བརྒྱུད་པ་ཡི། །བླ་མ་རྣམས་ཀྱང་སྤྲིན་འཁྲིགས་ལྟ་བུར་བསམ། །སྤྱིར་བཏང་དེ་ཡི་གཙོ་བོ་དམིགས་གསལ་ནི། །རང་གི་བླ་མ་དགེ་བའི་བཤེས་གཉེན་དང་། །བཀའ་དྲིན་མཉམ་མེད་སྟོན་པ་ཤཱཀྱ་ཐུབ། །དབྱེར་མེད་པའམ་སྤྱན་རས་གཟིགས་དབང་སོགས། །གང་ལ་གཙོ་བོར་བྱེད་པའི་ཡི་དམ་དང་། །བླ་མ་དབྱེར་མེད་ལྷམ་མེར་བཞུགས་པ་ཡིན། །དེ་བཞིན་སྨན་བླ་

p. 259

འདོན་ཚེ་བདེ་གཤེགས་བརྒྱད། །འཁོར་བཅས་དང་ནི་ལྟུང་བཤགས་འདོན་པའི་ཚེ། །དེ་བཞིན་གཤེགས་པ་སུམ་ཅུ་རྩ་ལྔ་དང་། །གནས་བརྟན་ཕྱག་མཆོད་ཚེ་ན་བཅོམ་ལྡན་འདས། །ཉན་ཐོས་ཆེན་པོ་བཅུ་དྲུག་དང་བཅས་པ། །གཙོ་བོར་སྒོམ་སོགས་གང་ལ་གཙོར་བྱེད་པའི། །ཡི་དམ་གཞན་གྱི་ཕྱག་མཆོད་ཚེ་ནའང་འདྲེ། །དེ་ལྟར་ཕྱག་ཡུལ་ཡིད་ཀྱི་མངོན་སུམ་དུ། །དམིགས་པ་ཇི་བཞིན་མིག་གི་མངོན་སུམ་པ། །སྐུ་གཟུགས་དང་ནི་མཆོད་རྟེན་གླེགས་བམ་ལ། །ཕྱག་འཚལ་ཚེ་ནའང་དེ་དག་རྡོ་ཤིང་དང་། །འཇིམ་པ་རིན་ཆེན་སོགས་ལས་གྲུབ་པ་ཡི། །གཟུགས་བརྙན་ཡིན་སྙམ་ནམ་ཡང་མི་སེམས་པར། །མཆོད་རྟེན་རྣམས་ལ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་སྐུ་དངོས་དང་སྐུ་གཟུགས་གླེག་བམ་ལ། །སངས་རྒྱས་བྱང་སེམས་གང་ཡིན་དེ་ཉིད་ཀྱི། །སྐུ་དང་གསུང་དངོས་ཡིན་པའི་མོས་པ་བསྐྱེད། །བླ་མར་ཕྱག་འཚལ་ཚེ་ན་དེ་ཉིད་ལ། །བཀའ་དྲིན་གཞལ་དུ་མེད་པའི་མོས་གུས་དང་། །སྐུ་གསུང་ཐུགས་ནི་རིམ་པ་ཇི་

p. 260

བཞིན་དུ། །དགེ་འདུན་དམ་ཆོས་སངས་རྒྱས་ཉིད་དུ་བལྟ། །དེ་བཞིན་འཕགས་སྐྱེའི་དགེ་འདུན་ཀུན་ལ་ཡང་། །འཕགས་པའི་མོས་པ་བསྐྱེད་དེ་གུས་ཕྱག་འཚལ། །དེ་བཞིན་བསྐོར་བའི་ཡུལ་ཀྱང་དེ་དག་ཉིད། །ཕྱག་འཚལ་ཚེ་ན་མདུན་དུ་སྒོམ་པ་བཞིན། །བསྐོར་བ་བྱེད་ཚེ་རང་གི་གཡས་ཕྱོགས་སུ། །སྐུ་གཟུགས་ལ་སོགས་ཡོད་ན་དེ་ཉིད་དང་། །དབྱེར་མེད་ཚུལ་ལམ་མེད་ན་བྱང་ཆེན་གྱི། །མཆོད་རྟེན་དབུས་སུ་རྩ་བའི་བླ་མ་དང་། །སྟོན་པའམ་ཡི་དམ་དབྱེར་མེད་བཞུགས་པ་ལ། །གོང་སྨོས་དཀོན་མཆོག་རྣམས་ཀྱི་བསྐོར་བར་སྒོམས། །འདི་ལྟའི་དམིགས་པར་རྟག་ཏུ་སེམས་གནས་བཞིན། །དེ་ལ་བསྐོར་བ་བྱེད་པའི་བློས་ཕྱིན་ན། །འགྲོ་འདུག་ཕལ་པའང་བསྐོར་བར་འགྱུར་རོ་ཞེས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་མི་ལ་དང་། །རྩོད་མེད་གཉན་གྱི་གྲུབ་ཐོབ་ཚེམ་བུ་པས། །འགྲོ་འདུག་བསྐོར་བར་ཤེས་པའི་མན་ངག་གསུངས། །གཉིས་པ་གང་གིས་ཕྱག་བསྐོར་བྱེད་པ་པོ། །བདག་དང་བདག་གིས་བསྡུས་པའི་སྒོ་གསུམ་སྟེ། །གསུམ་པ་

p. 261

དེ་ཡིས་ཇི་ལྟར་བྱ་བའི་ཚུལ། །དང་པོ་ཕྱག་འཚལ་བཤད་དེ་དེ་ཡང་ནི། །ལུས་ངག་ཡིད་ཀྱི་དབྱེ་བས་རྣམ་པ་གསུམ། །དང་པོ་ལུས་རབ་དང་བའི་ཕྱག་བྱ་བ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་གསུངས་པའི་དོན། །མོས་པས་རང་ལུས་ཞིང་རྡུལ་སྙེད་སྤྲུལ་ཏེ། །ཀུན་ཀྱང་རྐང་པ་ལེགས་གཤིབས་རྐེད་པ་སྲངས། །མགྲིན་པ་ཧ་ཅང་འགྱེད་མེད་དུད་མིན་ཅིང་། །བླ་གོས་ཟླུམ་ཁྱེར་ལག་གཉིས་ཐལ་མོ་ནི། །སྦུབ་སོར་སྦྱར་བ་སྙིང་གའི་སྨིན་མཚམས་སུ། །བཏུད་པའི་གུས་པའི་སྤྱི་བོར་བཏུད་པ་ཡི། །གུས་པ་ཆེན་པོ་བྱས་ནས་དཔྲལ་བ་དང་། །ལག་མཐིལ་གཉིས་དང་པུས་མོའི་ལྷ་ང་གཉིས། །ལེགས་མོར་ས་ལ་ཕབ་པའི་ཕྱག་བྱའོ། །དེ་ཚེ་ངག་རབ་དང་བའི་ཕྱག་ཞེས་པ། །ཕྱག་ཡུལ་རྣམས་ཀྱི་ཡོན་ཏན་དྲན་བཞིན་དུ། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་

p. 262

བདག་གིས་བསྟོད། །ཞེས་གསུངས་བཞིན་དུ་དག་གསལ་བག་ཡོད་པའི། །ངག་གིས་བླ་མ་རྒྱལ་བ་དམ་ཆོས་དང་། །རྒྱལ་སྲས་རྣམས་ཀྱི་བསྟོད་ཚིག་འདོན་པ་ཡིན། །དེ་མཚུངས་ཡིད་ཀྱི་ཕྱག་ཀྱང་རྡུལ་གཅིག་གི །སྟེང་ན་རྡུལ་སྙེད་བཞུགས་པའི་རྒྱལ་བ་སོགས། །ཡིད་ཀྱི་མངོན་སུམ་བྱས་ཏེ་གང་གི་མཚན། །བརྗོད་པ་དེ་ཡི་ཞབས་ཀྱི་པདྨ་ལ། །ཁྱོད་ལས་སྐྱབས་གཞན་མེད་པའི་མོས་གུས་ཀྱིས། །རང་གི་སྤྱི་བོའི་གཙུག་གིས་བཏུད་པར་མོས། །དེ་བཞིན་བསྐོར་བ་བྱ་བའི་ཚུལ་ཡང་ནི། །ལྷ་སར་ཇོ་བོས་དགེ་བཤེས་གསང་ཕུ་བར། །ལུས་བཞིན་ངག་དང་ཡིད་ཀྱི་ལས་ཀྱང་ནི། །བསྐོར་བ་ཞེས་གསུངས་དང་པོ་སྐུ་གཟུགས་དང་། །མཆོད་རྟེན་སོགས་ལ་ལུས་ཀྱི་བསྐོར་བ་ནི། །རྒྱུག་འཕྱོང་འཕྱར་གཡེང་རྒོད་བག་ལ་སོགས་པའི། །བག་མེད་སྤངས་ཏེ་ཆོས་གོས་བཟླུམ་པོར་བགོས། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་བ་ལ། །སེམས་འཁྲུལ་མེད་པའི་ཚུལ་གྱིས་བྱེད་པ་ཡིན། །དེ་དང་ལྷན་ཅིག་མདོ་དང་བསྟན་བཅོས་ཀྱི། །གཞུང་འདོན་

p. 263

པའམ་རྒྱལ་བའི་བསྟོད་དབྱངས་བསྒྲག །སྙིང་པོ་བགྲང་སོགས་ངག་གི་བསྐོར་བ་སྟེ། །ཁྱད་པར་བསྐོར་བ་གཅིག་བྱས་འབུམ་འགྱུར་དུ། །འགྱུར་བའི་གཟུགས་སྔགས་ཟབ་མོ་འདི་འདོན་པ། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྨྱཀྶཾ་བུདྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣེ་བི་ཛ་ཡ་སྭཱ་ཧཱ། དེ་ཚེ་གང་ལ་བསྐོར་བ་བྱེད་པའི་ཡུལ། །མཆོད་རྟེན་ལ་སོགས་དཀོན་མཆོག་དངོས་ཉིད་དུ། །མོས་པའི་དད་པ་ལྡན་པས་བསྐོར་བ་ཡི། །ཕན་ཡོན་རྒྱུ་འབྲས་ཤེས་པའི་ཤེས་རབ་བཾ། །གང་སྔོན་དགེ་བཤེས་སྟོན་པས་ར་སྒྲེང་དུ། །བསྐོར་བ་མཛད་ཚེ་བཤེས་པའི་སྤྲིང་ཡིག་ལས། །འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་པའི་དོན་ལ་སེམས་བཞིན་འཇིག་རྟེན་གྱི། །ཆོས་བརྒྱད་མགོ་སྙོམས་མཛད་པ་ཇི་བཞིན་དུ། །མདོ་དང་བསྟན་བཅོས་འདོན་པའི་

p. 264

ཚིག་དོན་ལ། །སེམས་བཞིན་འདུས་བྱས་མི་རྟག་སྒོམ་པ་ནས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་དང་ནི། །བདག་མེད་གཉིས་དང་ཐུན་མཚམས་ལྷ་ཡི་སྐུ། །སྒྱུ་མ་ལྟ་བུར་སྒོམ་སོགས་དབང་པོ་དང་། །འཚམས་པའི་དམིགས་པའི་དགེ་བ་གང་རུང་ལ། །རྩེ་གཅིག་སེམས་པ་ཡིད་ཀྱི་བསྐོར་བ་འགྱུར། །དེ་ལྟར་ཕྱག་དང་བསྐོར་བ་བྱེད་པ་ཡི། །ཐོག་མཐའ་བར་གྱི་བསམ་པའི་ཀུན་སློང་ཡང་། །ཚེ་འདིའི་སྙན་འདོད་གྲགས་འདོད་བཟང་འདོད་དང་། །སྙེད་འདོད་མཛེས་ཆོས་སོགས་མིན་ཕྱི་མའི་དོན། །དེ་ཡང་ལྷ་མིའི་བདེ་བ་ཙམ་ཉིད་ཀྱིས། །ཆོག་པར་འཛིན་དང་རང་ཉིད་འཁོར་བ་ལས། །ཆིག་ཐར་འདོད་པ་རང་དོན་ཡིད་བྱེད་ཀྱི། །རྟོག་པའི་དྲི་མས་ནམ་ཡང་མ་སྦགས་པར། །ཕ་མས་ཐོག་དྲངས་སྡུག་བསྔལ་མཐའ་མེད་ཀྱི། །མཁའ་མཉམ་སེམས་ཅན་རང་གི་མར་གྱུར་ཀུན། །བདག་གིས་བདེར་འགོད་སྡུག་བསྔལ་ཀུན་ནས་བསྒྲལ། །དེ་ཆེད་བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །ཕྱག་དང་བསྐོར་བ་བྱས་པའི་བསོད་ནམས་འདིས། །མ་རྒན་

p. 265

འགྲོ་བའི་ལུས་ངག་ཡིད་ཀྱི་སྡིག །མ་ལུས་བྱང་ཞིང་དག་ནས་རྫོགས་སངས་ཀྱི། །སྐུ་གསུང་ཐུགས་མཆོག་མྱུར་དུ་ཐོབ་པར་ཤོག །སྙམ་པའི་དྲན་ཤེས་ཐོག་མའི་སེམས་བསྐྱེད་དང་། །རྗེས་ཀྱི་བསྔོ་བར་འདོན་སྒོམ་སྦྲག་པའམ། །ཐོག་མའི་སེམས་བསྐྱེད་ཇོ་བོ་ཆེན་པོའི་གསུང་། །སངས་རྒྱས་ཆོས་ཚོགས་མ་ཉིད་བྱས་ཀྱང་ལེགས། །དོན་དམ་པར་ན་ཕྱག་བྱ་ཕྱག་བྱེད་དང་། །ཕྱག་གི་ངོ་བོ་མི་དམིགས་དེ་བཞིན་དུ། །བསྐོར་བྱ་བསྐོར་བྱེད་བསྐོར་བའི་ངོ་བོ་ཡང་། །མི་དམིགས་འཁོར་གསུམ་ཡོངས་སུ་དག་པར་བསམ། །དེ་ལྟར་ཞིང་བསམ་སྦྱོར་བ་རྣམ་དག་གི །ཕྱག་དང་བསྐོར་བ་བྱས་པའི་ཕན་ཡོན་ནི། །སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། །འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་བཤེས་སྤྲིང་དུ། །དགེ་བ་ཆེན་པོའི་རྣམ་བཞག་ལྔ་གསུངས་པ། །ཀུན་ཀྱང་འདི་ལ་ཚང་བས་རྒྱུ་དེའི་འབྲས། །གནས་སྐབས་མངོན་མཐོའི་བདེ་བ་དཔག་མེད་དང་། །མཐར་ཐུག་ངེས་ལེགས་བྱང་ཆུབ་གསུམ་གྱི་ས། །རང་གི་མོས་པ་ཇི་བཞིན་ཐོབ་པར་

p. 266

འགྱུར། །བྱེ་བྲག་ཕྱག་གི་ཕན་ཡོན་མདོ་སྡེ་དང་། །འདུལ་བར་དགེ་སློང་གང་དག་བདེ་གཤེགས་ཀྱི། །དབུ་སྐྲ་སེན་ཆ་རིང་བསྲེལ་བཞུགས་པ་ཡི། །མཆོད་རྟེན་ལ་ནི་གུས་པས་ཕྱག་བྱེད་པ། །དེ་ཡིས་ཡན་ལག་པདྨ་ལྔས་ནོན་པའི། །གསེར་གྱི་ས་གཞིར་ཐུག་པའི་རྡུལ་གྲངས་ཀྱི། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་པར་གསུངས། །བསྐོར་བའི་ཕན་ཡོན་དགེ་བཤེས་གསང་ཕུ་བར། །ཇོ་བོས་གསུངས་པ་གང་ཞིག་འདུས་བྱས་ཀྱི། །དགེ་བ་གཅིག་ལ་ཕན་ཡོན་བསྐོར་བ་ལས། །ཆེ་བ་མེད་པས་ངེད་ཀྱི་རྒྱ་གར་ན། །གྲོང་ཁྱེར་ཆེན་པོར་བསྐོར་བ་བྱས་པ་ཡིས། །དངོས་གྲུབ་ཐོབ་པ་མང་པོ་ཡོད་ཅེས་དང་། །གཙུག་ཏོར་དྲི་མེད་ཆོ་གར་དེ་ཉིད་ཀྱི། །གཟུངས་ཉིད་སྙིང་པོར་བྱས་པའི་མཆོད་རྟེན་ལ། །བསྐོར་བ་བྱེད་པ་འཆི་བ་བསླུ་བ་དང་། །སྡིག་པ་སྦྱོང་བའི་ཐབས་ཀྱི་མཆོག་ཏུ་བཤད། །མདོར་ན་རྫོགས་པའི་སངས་རྒྱས་ལ་བརྟེན་པའི། །བསོད་ནམས་དེ་ནི་མངོན་མཐོའི་བདེ་བ་ཙམ། །ཕྱུང་ནས་ཟད་མིན་བྱང་ཆུབ་མཆོག་གི་ནི། །འབྲས་བུ་

p. 267

འབྱིན་ཅེས་ཡུལ་འཁོར་སྐྱོང་གི་མདོར། །དེ་བཞིན་གཤེགས་ལ་བསྟོད་པའི་ཚིག་བཅད་ལས། །བསོད་ནམས་གཏེར་ཁྱོད་བསོད་ནམས་དོན་གཉེར་བས། །བསོད་ནམས་བགྱི་བ་རྟག་ཏུ་མི་བས་ཏེ། །བྱང་ཆུབ་དམ་པ་མ་ཐོབ་བར་དུ་ནི། །བསྐལ་པ་བྱེ་བ་མང་པོར་བས་མི་འགྱུར། །ཅེས་དང་གཞན་ཡང་མདོ་སྡེ་མང་པོ་ནས། །གང་གིས་སངས་རྒྱས་ལ་དམིགས་ཕྱག་གཅིག་གི །བསྐོར་བ་གཅིག་བྱས་ནམ་མཁར་མེ་ཏོག་ནི། །གཅིག་གཅིག་འཕངས་པའི་བསོད་ནམས་ཕུང་པོ་ཡང་། །དཔག་ཏུ་མེད་ཕྱིར་གཞན་གྱིས་མི་ཤེས་ཏེ། །སངས་རྒྱས་ཀྱིས་མཁྱེན་བྱང་ཆུབ་མཐས་གཏུགས་གསུངས། །དེ་བཞིན་དྲང་སྲོང་ཆེན་པོ་ཤར་བ་པས། །ཡུལ་གྱི་ཁྱད་པར་རྫོགས་པའི་སངས་རྒྱས་ལ། །དམིགས་པའི་དགེ་རྩ་ཚེ་འདིའི་བསམ་པ་ཡིས། །བསྐྱེད་པའང་ཀུན་མཁྱེན་རྒྱུ་རུ་འགྱུར་གསུངས་ན། །བྱང་ཆུབ་སེམས་ཀྱིས་ཀུན་བླངས་སྨོས་ཅི་དགོས། །དེ་བཞིན་ཆོས་དང་དགེ་འདུན་དཀོན་མཆོག་ལ། །བརྟེན་པའི་བསོད་ནམས་ཕུང་

p. 268

པོའང་དཔག་མེད་དེ། །རྒྱལ་བའི་ཡུམ་ལས་གང་གིས་བདེ་གཤེགས་ཀྱི། །སྐུ་གསུང་རིང་བསྲེལ་མཆོད་པའི་བསོད་ནམས་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་ལ་མཆོད་པ་ཡི། །བསོད་ནམས་དེ་ཡི་ཆར་ཡང་མི་ཕོད་ཅེས། །གསུངས་ཤིང་སྟོང་ཆེན་རབ་ཏུ་འཇོམས་པའི་མདོར། །གང་ཟག་ཆེན་པོ་བརྒྱད་པོ་རབ་མངགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཞེས་གསུངས། །གང་ལ་བྱིན་ན་འབྲས་བུ་ཆེར་འབྱུང་སྟེ། །ཞིང་རབ་བཤིན་ལ་ས་བོན་བཏབ་པ་བཞིན། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །དཀོན་མཆོག་གསུམ་དེའི་རྩ་བ་བླ་མ་ལ། །ཕྱག་མཆོད་སོགས་ཀྱི་བསོད་ནམས་ཆེས་ཆེ་བའང་། །རྒྱུད་ལས་དུས་གསུམ་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུའི་ཁུང་བུ་མཆོག་ཅེས་བཤད། །དེས་ན་སངས་རྒྱས་དམ་ཆོས་དགེ་འདུན་དང་། །མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་ནི། །འགྲོ་བ་ཀུན་གྱི་སྡུག་བསྔལ་སེལ་བའི་སྐྱབས། །བསླུ་མེད་དངོས་སམ་བརྒྱུད་

p. 269

པས་མཐོང་གྲོལ་དང་། །ཐོས་གྲོལ་དྲན་གྲོལ་རེག་གྲོལ་ཆེན་པོ་སྟེ། །འཕགས་པ་ཡུལ་འཁོར་སྲུང་གི་ཞུས་པའི་མདོར། །འགྲོ་བའི་སྡུག་བསྔལ་རྣམ་མང་སེལ་མཛད་པ། །མཉམ་མེད་ཁྱོད་ལ་མཆོད་དང་མཐོང་བ་དང་། །ཐོས་པའང་འདི་ལྟར་འབྲས་བུ་མཆིས་ལགས་ཏེ། །གནས་མཆོག་རྒ་ཤི་མེད་པ་ཐོབ་པར་འགྱུར། །ཅེས་གསུངས་འབྲེལ་ཚད་དོན་ལྡན་ཉིད་དུ་ངེས། །ཅེས་པ་འདི་ནི་ཀརྨ་དཔལ་འབྱོར་ཞེས། །ཕྱི་བཞིན་གནས་པའི་དགེ་སློང་མོས་ལྡན་གྱིས། །བསྐུལ་བའི་ངོར་བྱས་གྲགས་པ་དོན་གྲུབ་ཀྱིས། །བྲིས་པའི་དགེ་བས་ཕ་མ་མཁན་པོ་དང་། །སློབ་དཔོན་སྔོན་དུ་འགྲོ་བའི་སེམས་ཅན་གྱི། །ཕུང་པོ་ཚེ་འདིས་བྱང་ཆུབ་མཆོག་ཐོབ་ཤོག །ཚུལ་འདིར་གཅིག་ཏུ་ཅེས་པའི་མན་ངག་གཅིག །ཇོ་བོ་ཆེན་པོས་བླ་མ་གསེར་གླིང་པར། །ཕུལ་བ་བདེན་པ་གཉིས་ཀྱི་བསྟན་བཅོས་ལས། །ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པ་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་

p. 270

པ་དང་དུ་བླང་བར་བྱ། །ཞེས་གསུངས་སང་ཉིན་འཆི་འམ་མི་ཤེས་ཀྱི། །དེ་རིང་ཉིད་ནས་བསྟུན་ཏེ་བྱ་བའི་རིགས། །ཨི་ཏི་ཤུ་བྷཾ།། །།

རྒྱལ་ཚབ་དམ་པ་རིམ་པར་བྱོན་པའི་གསོལ་འདེབས།

p. 271

རྒྱལ་ཚབ་དམ་པ་རིམ་པར་བྱོན་པའི་གསོལ་འདེབས་ནི། ཚངས་སྤྱོད་དཔལ་དང་ལྡན་པ་རྒྱལ་བའི་སྲས། །ཞིང་འདིར་བཤེས་གཉེན་སྟོན་པར་གྲགས་པ་ལས། །སླར་ཡང་ཐེག་མཆོག་དམ་པའི་ཆོས་ཀྱི་དབྱངས། །འདོམས་མཛད་སྙིང་རྗེའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་བའི་དོན་དུ་ཕན་བདེ་སྒྲུབ་པ་ལ། །ལས་འབྲས་བསླུ་བ་མེད་པའི་བླང་དོར་སྟོན། །སྡུག་བསྔལ་མེ་རབ་ཞི་བའི་པདྨོའི་མཚོར། །ཁྱུ་མཆོག་ལམ་སྟོན་མཁན་ལ་ཕྱག་འཚལ་ལོ། །ལོངས་སྐུའི་ཞིང་དུ་བྱང་ཆུབ་སེམས་དཔའ་ཆེ། །ཀུན་ཏུ་བཟང་པོའི་རྣམ་པར་རོལ་པའི་དཔལ། །ཐུབ་པའི་འཁོར་དུ་འཕགས་པ་ཀུན་དགའ་བོ། །སྤྲུལ་པས་ཞིང་

p. 272

ཁམས་ཁྱབ་ལ་ཕྱག་འཚལ་ལོ། །ཁྱད་པར་ལྷ་ལྡན་ལྗོངས་འདིར་མི་ཡི་ལྷ། །སྲོང་བཙན་དུས་སུ་ཆོས་བློན་ཆེན་པོ་མགར། །རིག་འཛིན་པདྨའི་དྲུང་དུ་སྔགས་འཆང་ཆེ། །མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་ཕྱག་འཚལ། །གྲུབ་ཆེན་མི་ལའི་ཐུགས་སྲས་ཞི་བ་འོད། །འཇའ་ལུས་རྡོ་རྗེའི་སྐུར་གྱུར་སླར་ཡང་ནི། །བསམ་བཞིན་དྲུག་པ་སེང་གེ་ཀརྨ་པའི། །རྒྱལ་ཚབ་རིམ་པར་བྱོན་ལ་གུས་ཕྱག་འཚལ། །དེ་ལྟར་ཕྱག་འཚལ་དད་ཅིང་ཡི་རང་དགེས། །འཁོར་བ་དོང་སྤྲུག་ཚེ་འདིར་བློས་བཏང་གི །བསམ་སྦྱོར་གདུང་ཤུགས་སངས་རྒྱས་མཉན་པ་ལྟར། །མ་རྒན་དོན་དུ་རྡོ་རྗེ་འཆང་ཐོག་ཤོག །ཤཱཀྱའི་བཙུན་པ་གྲགས་པ་མཆོག་དབྱངས་ཀྱིས་སོ། །

རྗེ་བཙུན་མ་སྒྲོལ་མའི་ཟློག་པའི་ཆོ་ག་ཤིན་ཏུ་ཟབ་པ་ནག་པོ་འགྲོ་ཤེས་སུ་བཀོད་པ།

p. 273

རྗེ་བཙུན་མ་སྒྲོལ་མའི་ཟློག་པའི་ཆོ་ག་ཤིན་ཏུ་ཟབ་པ་ནག་པོ་འགྲོ་ཤེས་སུ་བཀོད་པ་བཞུགས།

p. 274

བླ་མ་དང་རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་དབྱེར་མེད་འཕགས་མའི་ཞབས། །བྱང་ཆུབ་བར་དུ་སྤྱི་བོས་བསྟེན་བྱའི་ཕྱིར། །དེ་ཉིད་སྒྲུབ་མཆོད་གསོལ་འདེབས་བཟློག་པ་ཡི། །ཆོ་ག་ངག་འདོན་འདི་བཞིན་བརྗོད་པ་ཡང་། །འཕགས་མཆོག་ཀླུ་སྒྲུབ་ཇོ་བོ་ཨ་ཏི་ཤ། །རྒྱལ་བའི་འབྱུང་གནས་ལ་སོགས་བླ་བརྒྱུད་ཀྱིས། །ལེགས་པར་གསུངས་པའི་ཚོགས་རྣམས་ཕྱག་བཞེས་སུ། །མཐོང་བརྒྱུད་ལྕགས་གླིང་རོལ་པའི་རྡོ་རྗེ་ཡི། །བློ་གྲོས་མཚོ་ལས་ལེགས་འོང་འདིར་བཀོད་བྱ། །གདམས་པ་འདི་གཞན་གྱི་བྱད་ཁ་ཡོད་པའམ། ལྷ་འདྲེ་དྲག་པོ་དང་འགྲས་པའམ། རང་གཞན་གྱིས་ཟློག་པ་བྱེད་པའམ། ལོ་

p. 275

དང་ཟླ་བ་ཞག་དང་ཟ་མ། གཟའ་དང་སྐར་མ་ངན་པ་ཐུབ་པའི་ངན་ནོ་ཅིག་དང་། རིམ་པ་བྱེད་པ་དང་། གོད་ཁ་མང་དུ་བྱུང་བ་དང་། དོ་གལ་ཅན་སྒྲུབ་པ་ལ་སོགས་པ་དགོས་སོ། །གཞན་ཡང་ལྟས་ངན་པ་ཡོད་པ་དང་། དྲག་སྔགས་བགྲང་དང་། སྒྲིབ་ཤིང་ལའང་ཕན། མདོར་ན་ཉེས་པ་ཐམས་ཅད་སྒྲིབ། ལེགས་པ་ཐམས་ཅད་འབྱུང་བའི་ཐབས་སོ། །དེ་དག་ནི་ཕན་ཡོན་བསྟན་པའོ། །འདི་མཛད་པ་པོ་ནི་སློབ་དཔོན་ཨཱརྱ་ཀླུའོ། །ལོ་རྒྱུས་ནི། ༈ སྔོན་རྒྱ་གར་ཤར་ཕྱོགས་སུ་རྒྱལ་པོ་གཅིག་གིས་མུ་སྟེགས་སྐད་ཆེན་གྱི་བུ་བསད་པས། ཁོས་རྒྱལ་པོ་འཁོར་དང་བཅས་པ་ལ་ཀླུ་ཡོད་པའི་ཆུ་མིག་ཏུ་བཏད་བཅུག་ནས། སང་སླབ་དེ་རྒྱལ་པོའི་ཕོ་བྲང་དུ་སྦྲུལ་ཆེན་པོ་གཅིག་བྱུང་སྟེ། ཧ་ཧ་ཞེས་བརྗོད་པས་རྒྱལ་པོ་འཁོར་དང་བཅས་པ་

p. 276

དབུགས་ཐུམ་ཐུམ་བྱུང་བ་ལ་ནང་པའི་པཎྚི་ཏ་མཆོད་གནས་ལ་ཡོད་པས། འདིའི་ཆོ་ག་བྱས་པས་སྦྲུལ་ལོག་སྟེ། ལིང་ག་ཆུ་མིག་ནས་བཏོན་ཏེ་རྒྱལ་པོ་ཅན་དུ་བསྐྱལ་ཏེ། སླར་ལོག་སྟེ་མུ་སྟེགས་ཀྱི་རྩེ་ཆུང་ལ་འཇིབས་ཏེ་བསད་དོ། ༈ །ཡང་ཟ་ཧོར་གྱི་ཡུལ་དུ་རྒྱལ་པོ་ཤྲཱི་ག་ར་ཞེས་པས་ལྷ་ཀླུ་གཉན་ཡང་ངོ་མ་སྲུངས་པར་མི་དགེ་བའི་སྤྱོད་པ་བྱས། ལས་དགེ་སྡིག་ལ་མ་གཙིས། བརྟུལ་ཞུགས་ཀྱི་སྤྱོད་པ་མང་དུ་བྱས་པས་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་བབས་ནས་ཅི་བྱར་མ་གཏུབས་པ་ལ། གུ་རུ་མཐར་བྱེད་ཀྱི་ཆོ་ག་འདི་བྱས་པས། ལྷ་སྲིན་སྡེ་བརྒྱད་བྲན་དུ་གྱུར་ནས། མི་རབས་རྒྱས་པ་དང་བང་མཛོད་གང་བའོ། ༈ །ཡང་རྔོན་པ་ཞིག་གིས་མགོན་པོ་ཡོད་པའི་ལྷ་ཁང་ན་གཡུའི་གའུ་ཡོད་པ་བརྐུས་ནས་ལྷ་གཉེར་བ་ལ་དོགས་ཏེ་མནའ་བསྒགས་པས། རྔོན་པའི་ཁང་པའི་སྒོ་སར་པ་སྲོས་པ་དང་མོན་པ་གསུམ་སྒོ་དྲུང་དུ་བྱུང་ནས། གའུ་སྐྱོལ་ཟེར་ནས་ལོག་སོང་ངོ་། །ནང་པར་གུ་རུ་མཐར་བྱེད་ལ་གསོལ་རེ་སྐྱབས་རྔོན་པས་མི་བྱེད་པར་དམ་བཅས། རཏྣ་གསུམ་བསྐྱལ་དེའི་སང་ནུབ་ཆོ་ག་འདི་བྱེད་ཀྱི་ཡོད་པས་གཡག་ནག་པོ་རི་རབ་ཙམ་གཉིས་ལ་མེ་འབར་བར་བྱུང་ནས། སྒོ་རྩ་ནས་རྔ་མ་ཚུབ་བྱས་ནས་ལོག་སོང་སྐད་

p. 277

དོ། ༈ །ཡང་དབུས་ཀྱི་གྲོང་ཁྱེར་གཅིག་ཏུ་ནད་རིམས་མེ་འབར་བ་འདྲ་བ་བྱུང་བས། མི་ཕྱེད་ཙམ་ཤི་བ་ལ་སློབ་དཔོན་མཐར་བྱེད་ཀྱིས་ཆོ་ག་འདི་བྱས་པས་ནད་ཞིའོ། ༈ །ཡང་འབངས་ཞིག་གིས་དན་རིག་ལྷ་ཁང་ནས་སྟག་སྒྲོམ་བརྐུས་པས། ཕྱི་ལ་དཀར་པོ་བདག་འབྲངས་ནས་ཁང་པ་འཚིག་ཅིང་གོད་ཁ་དང་སྲིས་མི་རྨི་བ་དང་། མི་རྣམས་སྨྱོ་འབོག་ལང་། དེ་ལ་པཎྚི་དྷརྨ་ཤྲཱིས་ཆོ་ག་འདི་མཛད་པས། དཀར་པོ་བདག་ནོར་ལྷར་མཆིས་རེ་ཕུན་སུམ་ཚོགས་པ་ལྟ་བུའོ། ༈ །ཡང་སློབ་དཔོན་ནཱ་གརྫུ་ནས། རྒྱལ་པོ་སྡིག་པ་སྤྱོད་པ་གཅིག་གིས་སྐུ་གསུང་ཐུགས་ཀྱི་རྟེན་བསྲེགས་ནས་བསྟན་པ་བསྣུབས། སེམས་ཅན་ཐམས་ཅད་བརླག་པར་བྱས་པ་ལ། སྙིང་རྗེ་ནས་ཆོ་ག་འདི་མཛད་པས་རྒྱལ་པོ་དབང་གྱུར་ནས་ཁྲིམས་ལ་མནོས་སོ། ༈ །ཡང་སེར་སྐྱའི་ལྷོ་ཕྱོགས་སུ་རྒྱལ་པོ་ཛ་ཧནྟ་ཤྲཱིས་སྤྱོད་པ་ངན་པ་བྱས་པས་སེར་བ་ཆེན་པོ་བབས་མུ་གེ་ཆེན་པོ་བྱུང་། ཆར་མ་བབས་ནད་མང་པོ་ལངས། དམག་དཔོན་མང་པོ་འཁྲུགས་པ་ལས་སློབ་དཔོན་གྱིས་ཆོ་ག་འདི་མཛད་པས་ཡུལ་ཕྱོགས་བདེ་ལེགས་སུ་གྱུར་པའོ། ༈ །ཡང་དགེ་སློང་ཁྲིམས་ཉམས་པ་གཅིག་དང་། རྒྱལ་རིགས་

p. 278

མཚམས་མེད་བྱས་པ་གཅིག་དང་། སྒྱུ་མ་མཁན་གཅིག་དང་གསུམ་འགྱོད་ནས་སློབ་དཔོན་ཀླུ་སྒྲུབ་ལ་ཆོ་ག་འདི་ཞུས་པས་སྡིག་པ་དག་སྟེ་ཚེ་འཕོས་ནས་པོ་ཏ་ལར་སྐྱེས་སོ། ༈ །ཡང་སེར་སྐྱའི་སློབ་དཔོན་པའི་བུ་ཞིག་ལ་ནོར་པས། ཛམ་ནག་སྒྲུབ་པས་སློབ་དཔོན་འགྲན་ཟླ་ཞིག་གིས་དེའི་ངག་བཅིངས་པས་ཛམ་ནག་མ་གྲུབ་ཏེ། ཆོ་ག་འདི་བྱས་པས་ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཅིང་། ཁྱིམ་བདག་བརྒྱ་ཕྲག་གི་བདག་པོར་གྱུར། ངག་བཅིངས་པ་ལས་གྲོལ་ནས་ངག་མཐུ་དང་ལྡན་པར་གྱུར་རོ། །དེ་དག་ནི་སྔོན་གྱི་ལོ་རྒྱུས་སོ། །དེ་ནས་རྒྱ་གར་གྱི་སློབ་དཔོན་མང་པོ་ལ་བརྒྱུད་དེ། ཇོ་བོ་ཆེན་པོ་བོད་དུ་བསྟེན་ནས་བྱོན། དེས་དགེ་བཤེས་སྟོན་པ་ལ། དེས་གསང་ཕུ་བ་ལ། དེས་སྣེ་ཟུར་པ་ལ། དེ་ནས་མང་པོ་ལ་བརྒྱུད་དེ་བོད་དུ་དར་བའོ། ༈ །ཡང་བོད་ཀྱི་ལོ་རྒྱུས་ནི། འཕན་ཡུལ་དུ་བནྡྷེ་གཅིག་དང་མི་དཔོན་གཅིག་ཙམ་ནིའི་རི་ལ་འགྲས་ནས། བནྡྷེའི་མཐུ་ལ་ཐུབ་པ་མེད་པ་ལ། མི་དཔོན་གྱིས་ཆོ་ག་འདི་བྱས་པས། དེའི་ནུས་པ་འཁོར་དང་བནྡྷེ་ལ་ལོག་ནས་ཤི་སྐད་དོ། ༈ །ཡང་བསམ་ཡས་ཀྱི་ལྷ་བཙུན་དབང་ཕྱུག་གིས། བསམ་ཡས་པའི་ཟངས་བརྐུས་པས་ཞག་

p. 279

འགའ་ན། རྣལ་འབྱོར་པ་མཁར་ཙམ་གཅིག་སྤྲེའུ་ཞིག་རོལ་དུ་ཁྲིད་ནས་ངའི་ཟངས་ཐོངས་ཟེར་དུ་བྱུང་བ་ལ། ལྷ་བཙུན་གྱིས་ཆོ་ག་འདི་བྱས་པས་བཟློག །ཇོ་བོ་རྗེ་སྐུ་གཤེགས་ཁར་ན་བཟའི་སྲུབས་ནས་བྱུང་ནས་བྱུང་བ་འདི་དགེ་བཤེས་སྟོན་པ་ལ་གནང་བའོ། ༈ །ཡང་ཤངས་བྲེ་ཁ་བ་གཅིག་གིས། འཕན་ཡུལ་གྱི་སློབ་དཔོན་སྟོན་རིན་ལ་ཞུས་སོ། །ཁོང་གིས་མཚན་དང་མི་མང་པོ་ཡོད་པ་ལ། མནའ་ཟོས་ནས་གཞན་རྣམས་ཤི་བ་ལ་ང་གཅིག་པོ་ལས་མེད་བྱས་ནས། ཆོ་ག་འདི་ཞུས་བྱས་པས་ཁོ་མ་ཤི་སྐད་དོ། ༈ །ཡང་ལ་སྟོད་པའི་སྔགས་པ་གཅིག་གིས་དབུས་ཀྱི་མལ་གྲོ་ཟུར་གསུམ་ལ་མནན་གཏད་འཛུད་དུ་ཡོངས་པས། འབྲལ་དུ་མཛེས་ཁྱེར་བ་ལ། བྱ་ཡུལ་བའི་དགེ་བཤེས་གཅིག་ལྷ་ས་བསྐོར་དུ་བྱོན་པ་དང་མཇལ་ནས་ཆོ་ག་འདི་མཛད་པས་གོས་སྐད་དོ། །ཐག་རིང་པོར་འགྲོ་བ་དང་། འཁྲུགས་པ་དང་ནད་རིམས་དང་། ལྟས་ངན་པ་ཐམས་ཅད་ལ་ཕན་པས་ཐེ་ཚོམ་མི་བྱེད་གསུང་ངོ་། །སློབ་དཔོན་འཇམ་དབྱངས། བཅོམ་ལྡན་རལ་གྲི། འདུལ་གྲྭ་བ་གྲངས་པའི་ཕྱག་ནས་བརྒྱུད་པའོ། །ཞེས་ལུགས་གཅིག་བྱུང་ངོ་། ༈ །ན་མོ་གུ་རུ། ཆོ་ག་དངོས་ལ་གཉིས་ལས། དང་པོ་

p. 280

རྫས་བསག་ཅིང་བཤམས་པ་ནི། དུས་བཟང་པོ་ལ། འབྲུ་སྣ་ལྔའི་ཟན་ལ་རིན་པོ་ཆེ་རྡར་ལ། ངར་མི་སུམ་ཅུ། མཛོ་རྟ། བ་ལང་། ར་ལུག བྱ། རི་དྭགས། སྦལ་ལྕོང་། ཉ་སྦྲུལ། ས་ལ་འཛུལ་དགུ། གནམ་ལ་འཕུར་དགུ་ལ་སོགས་པའི་གཟུགས་གྲུབ་ཚད་བྱའོ། །སྤེལ་ཞོལ་དང་དྲིལ་ཟན་གྱི་ངར་མི་མཐོ་གངས་རྟ་ལ་སྐྱོན་པ་ལ་གསེར་གཡུའི་རྒྱན་དང་། གོས་དར་གྱི་ན་བཟའ་གསོལ། དེའི་གཡས་སུ་ནམ་མཁའ་གྲུ་གསུམ། གཡོན་དུ་བྱང་བུ་གསུམ། རྒྱབ་ཏུ་ཕོ་གདོང་མོ་གདོང་གསུམ་མམ་དྲུག །མདུན་དུ་མདའ་དར་གསུམ། ནམ་མཁའ་རྒྱང་བུ་རི་ཆེན་འོ། །དེ་རྣམས་སྣོད་གཅིག་གམ་བཞིར་བསག་གོ །དེའི་རྩ་རུ་སྤེལ་ཞོལ་དང་། འབྲུ་ཡས་སོགས་བཞག །སྤེལ་གྱི་སྟེང་དུ་ཟན་གྱི་བྱ་ར། བཤོས་བུ་རེ། ཆངས་བུ་རེ། མཐེབ་སྐྱུ་རེ་བཞག །གཞན་ཡང་ཆང་ཕུད་ལ་སོགས་པ་སྡེ་བརྒྱད་ཀྱི་འབྲུ་ཡས་སྤྱི་དང་མཐུན་པ་དང་། ཟས་ནོར་གྱི་རིགས་རྣམས་བསག །ངར་མི་རྟ་ལ་སྐྱོན་པ་དེའི་མདུན་གྱི་རྟའི་དཔུན་པ་དང་། མཇིང་པ་རྣམས་ལ་ཟན་གྱི་མི་ཆུང་སུམ་ཅུ་པོ་གཟུགས་སྡུག་མའི་རྩེ་ལ། མདུན་དུ་སྒྲོལ་མའི་ཐང་ཀ་བཀྲམ། མཆོད་པ་སྣ་ཚོགས་པ་བཤམས། གཏོར་མ་གསུམ་བཤམས། གོང་གི་ཡས་ཚོ་ནས་ཀྱི་ཚོམ་བུ་དགུའི་

p. 281

གདན་ལ་བཞག །སྟེང་ནས་དར་དཀར་གྱི་གུར། སྨན་སྣ། དར་སྣ། འབྲུ་སྣ། ཟས་སྣ་ཀུན་གྱིས་བཀང་། དེ་རྣམས་བསོགས་སོ། །དེ་ནས་གནས་ཁང་གང་ཡང་རུང་བར་ཡི་དམ་ཆོས་སྐྱོང་སོགས་ལ་གཏོར་མ་ཆ་གསུམ་ཞེས་པ་ལས། དང་པོ་ཡི་དམ་སྒྲོལ་མའི་གཏོར་མ་ཤ་ཆང་སྒོག་བཙོང་མ་འདྲེས་པ། བདག་བསྐྱེད་གང་གཏོང་གི་ཡི་དམ་གྱི་གཏོར་མ་དང་། མགོན་པོ་དང་གཞན་ཆོས་སྐྱོང་གང་གཏོང་གི་གཏོར་མ་མཁའ་འགྲོ་སྤྱི་གཏོར་དང་བཅས་པ། བར་པ་ལ་དཀར་གཏོར་དང་ཆངས་བུ་ཉེར་གཅིག་ཐ་མ་ལ་དཀར་གཏོར་ཆངས་བུ་གཅིག་ཏིང་ལོ་དང་བཅས་པ་བཤམས། མཎྜལ་ཇི་ཙམ་འོས་པའི་དབུས་སུ་རྗེ་བཙུན་མ་གཙོ་མོ་དང་མཐའ་སྐོར་དུ་སྒྲོལ་མ་ཉེར་གཅིག་གི་ཚོམ་བུ་དང་བཅས་པ། མཐའ་མཆོད་པས་བསྐོར་བ་ཡང་བཤམས། དེ་ནས་ཡི་དམ་གང་རུང་གི་བདག་བསྐྱེད་སོ་སོའི་ཆོ་ག་བཞིན་དུ་བཏང་ལ་བཟླས་པ་ཚར་བ་དང་། སྒྲོལ་མ་ཉེར་གཅིག་གི་མདུན་བསྐྱེད་ནི། ཨོཾ་ཤཱུ་ནྱ་ཏས་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཾ་ལྗང་གུ་ལས་ཨུཏྤལ་ཏཾ་གྱིས་མཚན་པ་ཡོངས་སུ་གྱུར་

p. 282

པ་ལས་དབུས་ཀྱི་ཚོམ་བུ་བཅོམ་ལྡན་འདས་མ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་པའི་ཕྱག་རྒྱས་སེམས་ཅན་རྣམས་ཀྱི་བསམ་པ་རྫོགས་པར་མཛད་པ། གཡོན་པས་རབ་ཏུ་རྒྱས་པའི་ཨུཏྤལ་འཛིན་ཅིང་། མཛེས་པའི་དར་གྱི་ན་བཟའ་ཀླུབས་པ། རྒྱལ་བ་དོན་ཡོད་གྲུབ་པའི་ཅོད་པན་ཅན་གྱི་འཕགས་མ་པད་ཟླའི་གདན་ལ་རོལ་པའི་སྟབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དབུས་སུ་བཞུགས་པ་དང་། མཐའ་སྐོར་གྱི་ཚོམ་བུ་རྣམས་ལས་རིམ་པ་ལྟར་དུ། དང་པོ་རྗེ་བཙུན་མ་འཕགས་མ་མྱུར་ཞིང་དཔའ་བ་བགེགས་དང་འཚེ་བ་རྣམ་པར་འཇོམས་པའི་སྒྲོལ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་མཐིལ་ན་དབང་དུ་སྡུད་པའི་བུམ་པ་དམར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་དུ་བཞུགས་པ། གཉིས་པ་

p. 283

རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ནད་དང་གདོན་བགེགས་འཇོམས་པའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་ཞི་བའི་བུམ་པ་དཀར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། གསུམ་པ་རྗེ་བཙུན་མ་འཕགས་མ་ཚེ་དང་ལོངས་སྤྱོད་འཕེལ་བར་མཛད་པའི་སྒྲོལ་མ་གསེར་མདོག་ཅན་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་རྒྱས་པའི་བུམ་པ་སེར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཞི་པ་རྗེ་བཙུན་མ་འཕགས་མ་ཚེའི་མཆོག་སྩོལ་བར་མཛད་པའི་སྒྲོལ་མ་རྣམ་པར་རྒྱལ་མ་གསེར་མདོག་ཅན་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་ཚེའི་བུམ་པ་སེར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། ལྔ་པ་རྗེ་བཙུན་མ་འཕགས་མ་ཧཱུཾ་སྒྲ་སྒྲོགས་མ་ཤེས་རབ་ཀྱི་

p. 284

ཕྱག་རྒྱས་དབང་དུ་བྱ་ཞིང་འགུགས་པར་མཛད་པའི་སྒྲོལ་མ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་ཡིད་འཕྲོག་པའི་བུམ་པ་དམར་པོ་བསྣམས་པ། གཡོན་ཨཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། དྲུག་པ་རྗེ་བཙུན་མ་འཕགས་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འབྱུང་པོ་འདུལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་འབྱུང་པོ་རོ་ལངས་མྱོས་པར་བྱེད་པའི་བུམ་པ་སྔོན་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བདུན་པ་རྗེ་བཙུན་མ་འཕགས་མ་གཞན་འཇོམས་ཤིང་གཞན་གྱི་རིགས་སྔགས་ཟློག་པར་མཛད་པའི་སྒྲོལ་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་རིགས་སྔགས་བཟློག་པའི་བུམ་པ་ནག་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་

p. 285

བཞུགས་པ། བརྒྱད་པ་རྗེ་བཙུན་མ་འཕགས་མ་བདུད་དགྲ་འཇོམས་པའི་སྒྲོལ་མ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་བདུད་དང་དགྲ་འཇོམས་པའི་བུམ་པ་དམར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། དགུ་པ་རྗེ་བཙུན་མ་འཕགས་མ་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་ཅན་འཇིགས་པ་ཐམས་ཅད་སྲུང་བར་མཛད་པའི་སྒྲོལ་མ་སྐུ་མདོག་དཀར་མོ་འཇིགས་པ་བརྒྱད་ལས་སྲུང་བར་མཛད་མ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་འཇིགས་པ་ཐམས་ཅད་འཇོམས་པའི་བུམ་པ་དཀར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅུ་པ་རྗེ་བཙུན་མ་འཕགས་མ་བདུད་དང་བར་དུ་གཅོད་པ་འདུལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་བདུད་འཇོམས་པའི་

p. 286

བུམ་པ་དམར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅུ་གཅིག་པ་རྗེ་བཙུན་མ་འཕགས་མ་དབུལ་བའི་སྡུག་བསྔལ་སེལ་ཞིང་དངོས་གྲུབ་སྩོལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་གསེར་བཙོ་མ་ལྟར་དམར་སེར་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་དབུལ་བ་སེལ་བའི་བུམ་པ་སེར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅུ་གཉིས་པ་རྗེ་བཙུན་མ་འཕགས་མ་བཀྲ་ཤིས་ཐམས་ཅད་སྦྱིན་པར་མཛད་མ་སྐུ་མདོག་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་བཀྲ་ཤིས་པའི་བུམ་པ་དཀར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅུ་གསུམ་པ་རྗེ་བཙུན་མ་འཕགས་མ་བགེགས་དང་བར་ཆད་འཇོམས་པར་མཛད་པ་མེ་ལྟར་འབར་བའི་སྒྲོལ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས།

p. 287

གཡས་མཆོག་སྦྱིན་གྱི་མཐིལ་ན་བར་ཆད་སྲུང་བའི་བུམ་པ་དམར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅུ་བཞི་པ་རྗེ་བཙུན་མ་འཕགས་མ་བགེགས་རྣམ་པར་འཇོམས་པའི་ཁྲོ་གཉེར་ཅན་གྱི་སྒྲོལ་མ་སྐུ་མདོག་ནག་མོ་ཁྲོ་གཉེར་ཅུང་ཟད་ཡོད་པ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་བགེགས་ལ་བསྣུན་པའི་བུམ་པ་མཐིང་ག་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅོ་ལྔ་པ་རྗེ་བཙུན་མ་འཕགས་མ་སྡིག་པ་དང་སྒྲིབ་པ་སྦྱོང་བར་མཛད་པའི་སྒྲོལ་མ་ཞི་བ་ཆེན་མོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་སྡིག་སྒྲིབ་སྦྱོང་བར་མཛད་པའི་བུམ་པ་དཀར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅུ་དྲུག་པ་རྗེ་བཙུན་མ་འཕགས་མ་ཕ་རོལ་གྱི་རྩོད་པ་ལས་རྒྱལ་ཞིང་བློ་གྲོས་འཕེལ་བར་མཛད་པའི་སྒྲོལ་མ་

p. 288

སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་ཤེས་རབ་འཕེལ་བར་མཛད་པའི་བུམ་པ་དམར་སེར་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅུ་བདུན་པ་རྗེ་བཙུན་མ་འཕགས་མ་བདུད་དང་བར་ཆད་ཞི་ཞིང་འཇིག་རྟེན་གསུམ་གཡོ་བའི་སྒྲོལ་མ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་རིག་སྔགས་གནོན་པའི་བུམ་པ་སེར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅོ་བརྒྱད་པ་རྗེ་བཙུན་མ་འཕགས་མ་ཀླུའི་དུག་ནད་ཐམས་ཅད་རབ་ཏུ་ཞི་ཞིང་སེལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་དུག་ནད་སེལ་བའི་བུམ་པ་དཀར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། བཅུ་དགུ་པ་རྗེ་བཙུན་མ་འཕགས་མ་རྨི་ལམ་ངན་པ་དང་སྡུག་བསྔལ་

p. 289

སེལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་སྡུག་བསྔལ་སེལ་བའི་བུམ་པ་དཀར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། ཉི་ཤུ་པ་རྗེ་བཙུན་མ་འཕགས་མ་རིམས་ནད་ཐམས་ཅད་སེལ་བར་མཛད་པའི་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་རིམས་ནད་སེལ་བའི་བུམ་པ་དམར་པོ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། ཉེར་གཅིག་པ་རྗེ་བཙུན་མ་འཕགས་པ་འཕྲིན་ལས་ཡོངས་རྫོགས་ཀྱི་སྒྲོལ་མ་སྐུ་མདོག་དཀར་མོ་འོད་ཟེར་སྣ་ཚོགས་འཕྲོ་བ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་མཐིལ་ན་དངོས་གྲུབ་སྣ་ཚོགས་འབྱུང་བའི་བུམ་པ་ལྗང་གུ་བསྣམས་པ། གཡོན་ཨུཏྤལ་དང་། གདན་པད་ཟླ་ལ་བརྐྱང་བསྐུམ་གྱིས་བཞུགས་པ། དེ་ལྟར་བཅོམ་ལྡན་འདས་མ་སྒྲོལ་མ་ཉེར་

p. 290

གཅིག་གི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་པུཥྤེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝེདྱ་པྲ་ཏཱིཙྪ་སྭཱ་ཧཱ། ཉེར་སྤྱོད་ལྔ་དང་། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །སོགས་ཀྱིས་བསྟོད། ལག་གཉིས་མཉམ་པའི་ཐལ་མོ་ལས་གུང་མོ་གཉིས་རྩེ་སྦྱར་བའི་ཚིགས་གསུམ་པར་མཛུབ་མོའི་རྩེ་མོ་བཀུག་ལ་བཞག །མཐེ་བོང་གཉིས་གཤིབས་པ་དེ་དང་མཉམ་དུ་བསྒྲེང་། མིང་མེད་ནང་དུ་བཅུ་དྲུག་མཐེའུ་ཆུང་སྦྱར་ཏེ་བརྐྱང་པ་ལུས་ལ་ཁ་བྱེ་བའི་ཕྱག་རྒྱ་བཅིངས་ཏེ། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་མེད་དུ་འདྲེས་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཾ་ཡིག་ལྗང་གུའི་མཐའ་མར་ཡི་གེ་བཅུ་པའི་སྔགས་ཀྱིས་བསྐོར་བས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་འདོད་དགུ་མཐའ་དག་འགྲུབ་པར་གྱུར། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཇི་ལྟར་འོས་པ་ལོང་སྐབས་དང་བསྟུན་ཏེ་བཟླ་ཞིང་། དེ་ནས་མདུན་བསྐྱེད་ཀྱི་མཆོད་པ་བྱིན་གྱིས་རླབས་ནས།

p. 291

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རླབས་ཀྱི་སྟོབས་དང་། བདག་གི་སྨོན་ལམ་དང་། བསོད་ནམས་ཀྱི་སྟོབས་དང་། རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་སྤྲོ་བར་གྱུར་ཅིག །ཅེས་དང་། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཅེས་སྔགས་ལན་བརྒྱད་བཟླས་ཏེ་མཆོད་པ་རྣམས་བྱིན་གྱིས་བརླབས་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །རྒྱལ་བའི་ཡུམ་ལ་མཆོད་པར་བགྱི། །ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། ཚིགས་བཅད་དང་སྔགས་ཀྱི་ཐོག་མཐའ་འདྲ་བ་ལ་མཆོད་ཡོན་གྱི་མལ་དུ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ། ཞེས་དང་། ཨརྒྷཾ་གྱི་

p. 292

མལ་དུ། པུཥྤེ། དྷུཔེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྟ། ཞེས་བཅུག་པ་དང་། ཡིད་འོངས་ཁང་བརྩེགས་ཁྲུས་ཀྱི་རྫིང་། །སྐྱེད་མོས་ཚལ་དང་རིན་ཆེན་བདུན། །ཁྲི་སྟན་འཕན་གདུགས་རྒྱལ་མཚན་སོགས། །ནམ་མཁའི་ཁམས་ཀུན་བཀང་སྟེ་འབུལ། །ཨོཾ་སརྦ་བི་ཤིཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུཾ། ཞེས་པས་མཆོད་ཅིང་། དེ་ལྟར་མཆོད་ཚན་དང་པོ་རྣམས་ལ་རྒྱས་པ་དང་། གཞན་རྣམས་ལ། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ། ཞེས་བརྗོད་ཅིང་། དེ་ནས་ཕྱག་འཚལ་ཞིང་བཅོམ་ལྡན་འདས་མ་གཙོ་འཁོར་གྱི་ཕྱག་གི་འོག་ཏུ་སྦྱིན་བདག་འཁོར་བཅས་ཚུད་པར་བསམས་ལ། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་ཏ་རེ་དཔའ་མོ། །ཏུཏྟ་རེ་ཡིས་འཇིགས་པ་ཀུན་སེལ། །ཏུ་རེས་དོན་རྣམས་ཐམས་ཅད་རབ་སྟེར། །སྭཱ་ཧཱ་ཡི་གེར་བཅས་ལ་རབ་འདུད། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །ཞེས་པ་ནས། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །གི་བར་བརྗོད། དེ་ལྟར་

p. 293

མཆོད་པ་ཚར་རེའི་རྗེས་ལ་བསྟོད་པ་ཚར་རེ་སྦྱར་བའི་མཆོད་བསྟོད་ལན་བདུན་བརྗོད་པའི་རྗེས་མ་རྣམས་ལ། ལྷ་མོ་ལ་གུས་ཡང་དག་ལྡན་པའི། །སོགས་ཀྱི་ཕན་ཡོན་བརྗོད། དེ་ནས་གཏོར་མ་ཆ་གསུམ་གྱི་དང་པོ་སྒྲོལ་མའི་གཏོར་འབུལ་ནི། གཏོར་མའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཏཾ་ལྗང་གུ་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས། སྣོད་ལ་ཐིམ་པས་ཡངས་ཤིང་རྒྱ་ཆེ་བ་དང་། བཅུད་ལ་ཐིམ་པས་ལྷ་རྫས་ཀྱི་གཏོར་མ་བདུད་རྩིར་གྱུར། པར་བསམ་ལ། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་པས་བྱིན་གྱིས་རླབས། མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བས་མཉེས་པར་གྱུར། པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱདྱ་ནུཏྤནྣ་ཏྭཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་བརྗོད་པས་གཏོར་མ་ཕུལ་ནས། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཞེས་པ་ནས། ཀུན་ནས་དང་བས་ཕྱག་བགྱིའོ། །ཨོཾ་སརྦ་ཏ་

p. 294

ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷཱ་ནཱཾ་ཀ་རོ་མི། ཞེས་པས་ཕྱག་འཚལ་ཞིང་། མེ་ཏོག་བདུག་སྤོས་མར་མེ་དྲི། །ཞེས་པ་ནས། འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །གྱི་བར་དང་། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝིདྱ་ཨཱཿཧཱུཾ། ཞེས་ཉེར་སྤྱོད་ལྔ་དང་། ཨོཾ་སརྦ་བི་ཤིཥྛ་པུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུཾ། གིས་འཕན་གདུགས་རྒྱལ་མཚན་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་རྗེས་སུ། ཐོག་མ་མེད་དང་ད་ལྟའི་བར། །ཞེས་པ་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཞེས་པའི་བར་བརྗོད། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོ་མ་ཏཱ་རེ་དཔའ་མོ། །ཞེས་པ་ནས། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཞེས་ཕན་ཡོན་དང་བཅས་པས་བསྟོད་ནས། སྤྲོ་ན། ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ་སོགས་དང་། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །སོགས་བརྗོད་དོ། །དེའི་རྗེས་སུ་མགོན་པོ་མཚལ་མའི་སྨན་རག་གཏོར་གསུམ་ཡན་བཏང་། དེ་ནས་ལྷ་མགྲོན་གཞན་གཏོང་ན་སྐབས་འདིར་བཏང་ལ། གཞི་

p. 295

བདག་གཏོར་མ་སོང་ནས། བསྟོད་པ་བསྐང་བ་ལས་ཀྱི་གཉེར་གཏད་པ་ཡན་བཏང་བའི་རྗེས་སུ། གསོལ་བ་གདབ་པ་ནི། ན་མོ་འཕགས་པ་དཀོན་མཆོག་གསུམ་གྱི་མཐུ་དང་། གསང་སྔགས་དང་། གཟུངས་སྔགས་དང་། རིག་སྔགས་ཀྱི་མཐུ་དང་། ཡི་དམ་གྱི་ལྷ་ཞི་བ་དང་། ཁྲོ་བོ་རྣམས་ཀྱི་མཐུ་དང་། བདག་གིས་མཆོད་སྦྱིན་བགྱིས་པའི་མཐུ་དང་ནུས་པ་ཆེན་པོ་ལ་བརྟེན་ནས། ལྷ་དང་ཀླུ་དང་དྲི་ཟ་དང་། གྲུལ་བུམ་དང་ཤ་ཟ་དང་། སྲུལ་པོ་དང་། རྗེད་བྱེད་དང་། དེ་དག་རྒད་པོ་དང་། དེ་དག་རྒད་མོ་དང་། དེ་དག་བུ་ཕོ་དང་། དེ་དག་བུ་མོ་དང་། འཁོར་ཕོ་དང་། འཁོར་མོ་དང་། སྔགས་པ་དང་། གཞན་ཡང་མ་མོ་དང་། མཁའ་འགྲོ་དང་། ལོག་འདྲེན་དང་། གཤིན་རྗེ་དང་། རྒྱལ་པོ་དང་། འགོང་པོ་དང་། ནམ་མཁའ་ལྡིང་དང་། གཉན་དང་། ས་བདག་དང་། ལྷ་སྲིན་རྣམས་དང་། གནོད་སྦྱིན་དང་། འབྱུང་པོ་ཐམས་ཅད་དང་། བཙན་དང་། བདུད་དང་། ཡི་དྭགས་རྣམས་དང་། དྲང་སྲོང་དང་། རིག་སྔགས་འཆང་རྣམས་

p. 296

དང་། གཟའ་དང་རྒྱུ་སྐར་དང་། ལོ་དང་ཟླ་བ་དང་། ཞག་དང་ཟ་མ་ལ་སོགས་པ་རྣམས་དང་། གདོན་ཆེན་པོ་ཅི་རིགས་པ་ཐམས་ཅད་སྦྱོར་བ་ངན་པ་དང་། གནོད་པའི་ལས་ཅི་བགྱིས་པའི་སྦྱོར་བ་ཞི་བར་གྱུར་ཅིག །ཕྱིན་ཆད་མི་བྱེད་པར་དམ་ཆོས་ཤིག །དེའི་ཕྱིར་སོ་སོའི་འདོད་ཡོན་ཐམས་ཅད་ཀྱང་སྟེར། བདེན་པའི་ཆོས་ཐམས་ཅད་ཀྱང་བཤད་དོ། །རྒྱུ་སྦྱོར་བ་ཡོན་བདག་གི་མི་ནད་དང་ཕྱུགས་ནད་དང་། རྨི་ལམ་ངན་པ་དང་ལྟས་ངན་པ་ཐམས་ཅད་དང་། མོ་དང་པྲ་དང་། མཚན་མ་ངན་པ་ཐམས་ཅད་དང་། བགེགས་དང་ལོག་འདྲེན་དང་། དུས་མ་ཡིན་པར་འཆི་བ་དང་། ནོར་དང་ལོངས་སྤྱོད་མི་འཕེལ་བར་བྱེད་པ་དང་། ལུས་ངག་ཡིད་གསུམ་ལ་གནོད་པར་བྱེད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཞེས་ཚར་གསུམ་བྱས་ལ་འཇུག་ཏུ་རོལ་མོ་བྱའོ། །དེས་གཏོར་མ་ཆ་དང་པོ་སོང་ནས། ཡང་མཆོད་ཚན་དང་པོར་རྒྱས་པ་དང་། གཞན་རྣམས་ལ་བསྡུས་པ་ཕྱག་འཚལ་ཉེར་གཅིག་སོགས་མཆོད་བསྟོད་ལན་བདུན་ཕན་ཡོན་བཅས་པ་གོང་བཞིན་བྱས་པའི་རྗེས་ལ།

p. 297

བར་པ་བགེགས་རིགས་དང་རིགས་དྲུག་ལ་བྱིན་པ་ནི། དཀར་གཏོར་ཆངས་བུ་དང་བཅས་པ་ལ་ཆབ་སྦྲན་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་༴ སམྦྷ་ར་ཧཱུཾ། ཞེས་པ་ཉེར་གཅིག་སེ་གོལ་དང་བཅས་པའི་རྗེས་སུ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། སྦྱིན་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི་བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་ལ་སོགས་པ་བགེགས་ཀྱི་རིགས་སུ་གྱུར་པ་རྣམས་དང་། འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་རྒྱུ་བ་ཐམས་ཅད་དང་། ཡི་དྭགས་ཀྱི་རྒྱལ་པོ་ཁ་ལ་མེ་འབར་མ་ལ་སོགས་ཏེ། ཡི་དྭགས་ཕྱི་ནང་ཟས་སྐོམ་གྱི་སྒྲིབ་པ་ཅན་མེ་ལྕེའི་འཁོར་ལོ་ཅན་མཁའ་ལ་རྒྱུ་བ་ཐམས་ཅད་དང་། བདག་ཅག་

p. 298

དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ལ་ཚེ་རབས་འཁོར་བ་ཐོག་མ་མེད་ནས་ལན་ཆགས་གདོན་བགེགས་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །ལན་ཆགས་དང་བུ་ལོན་བྱང་བར་གྱུར་ཅིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བ་མེད་པར་འགལ་རྐྱེན་བར་ཆད་ཞི་བ་དང་། ཕ་རོལ་གྱི་བྱད་དང་རྦོད་གཏོང་ཐམས་ཅད་བཟློག་པ་དང་དུས་མ་ཡིན་པར་འཆི་བ་ལས་ཐར་བར་མཛད་དུ་གསོལ། ཞེས་གཏོར་མ་སྦྱིན། ན་མོ་འཕགས་པ་དཀོན་མཆོག་གསུམ་གྱི་ཞེས་སོགས་ཀྱང་གོང་བཞིན་བརྗོད། དེ་ནས་ཡང་མཆོད་བསྟོད་ལན་བདུན་ཕན་ཡོན་དང་བཅས་པ་སྔར་བཞིན་གྱི་རྗེས་སུ་གཏོར་མ་གསུམ་པ་གནོད་བྱེད་ལ་སྦྱིན་པ་ནི། དཀར་གཏོར་ཏིང་ལོ་དང་བཅས་པ་ལ་ཆབ་སྦྲན་ལ། ཆ་གསུམ་ནས་འབྱུང་བ་ལྟར། བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སྐུ་མདོག་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་མི་སྡུག་པའི་རྒྱན་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རྩ་

p. 299

བའི་ཕྱག་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལྷག་མའི་གཡས་རྣམས་མཚོན་ཆ་སྣ་ཚོགས་པ། གཡོན་རྣམས་མགོ་ཐོད་ཤས་གང་བ་བསྣམས་པས་མ་རུངས་པའི་རྒྱུ་མ་དྲངས་ཏེ་གསོལ་བ། གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཧཱུཾ་མཛད་ཀྱི་ཕྱག་རྒྱས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་རྣམས་ཀྱི་༴ རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་བདེན་པ་ཆེན་པོའི་མཐུས་བགེགས་ཀྱི་རིགས་གང་ཡིན་པ་ཐམས་ཅད་འདིར་མཆིས་པར་གྱུར་ཅིག །ཊཀྐི་ཧཱུཾ་ཛཿ ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། སརྦ་བིགྷྣན་གྲྀཧྞ་དཾ་ཨརྒྷཾ་སོགས་ཀྱིས་མཆོད། གོང་གི་སྔགས་གསུམ་པོའི་རྗེས་སུ། སརྦ་བིགྷྣཱན་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་

p. 300

ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལྱཱ་དི་སྭཱ་ཧཱ། གསུམ་གྱིས་གཏོར་མ་སྦྱིན། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །ཞེས་པ་ནས། གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །བར་ཆད་ ༼ནད་པ་ཡིན་ན་ནད་དེ་མྱུར་དུ་བརྗོད།༽ མྱུར་དུ་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གི་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །བར་ཆད་རབ་ཏུ་གསོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཨོཾ་སརྦ་བིགྷཱན་གཙྪས་གཤེགས་ཤིང་གཏོར་མ་གཏང་། ཡང་། ན་མོ་འཕགས་པ་དཀོན་མཆོག་གསུམ་གྱི་སོགས་གོང་བཞིན་བརྗོད། དེ་ནས་མགོན་པོའི་བསྙེན་པ་དང་ཐུན་གཏོར་མ་དགུག་གཞུག་བྱ། མ་དག་མ་དང་བྱང་ཕྱོགས་དུར་ཁྲོད་མ་ལྟ་བུ་བསྐུལ་གང་རུང་གཅིག་

p. 301

བཏང་རྗེས། ལམ་སེལ་བཏང་། དེ་ནས་ཡས་གླུད་རྣམས་ལ་ཆབ་དང་བདུད་རྩི་སྦྲན་ལ། སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་ནི། ཁྱབ་བདག་དཔལ་ལྡན་བླ་མར་ཕྱག་འཚལ་ལོ། །འདིར་གཏོར་མ་སོགས་བྱིན་གྱིས་བརླབས་པ་ལ་སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱ་བ་འདི་མེད་ཀ་མད་དུ་གསུངས་པས། དང་པོར་སྦྱངས་ཤིང་དག་པ་ཆེན་པོར་བྱིན་གྱིས་རླབས་པ་ནི། གཏོར་མ་རྣམས་ལ་དམིགས་ཏེ་ཐལ་མོ་ཁོང་སྟོང་དུ་སྦྱར་ནས། སྔགས་འདི་ལན་བདུན་བརྗོད་དེ། ཨོཾ་སྭ་བྷཱ་ཝ་ཤཱུདྡྷོཿ སརྦ་དྷརྨཿ སྭ་བྷཱ་ཝ་ཤཱུདྡྷོ྅་ཧཾ། ཆོས་ཉིད་རྣམ་དག་ཏིང་འཛིན་སྔགས་ཕྱག་རྒྱའི། །བཅོམ་ལྡན་ཤཱཀ་ཐུབ་གནས་གསུམ་འབྲུ་གསུམ་ལ། །ཨ་ཡིག་ལས་བྱུང་གཏོར་མའི་ཉེས་སྐྱོན་སྦྱངས། །དག་པ་ཆེན་པོ་དམ་ཚིག་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ། རང་གི་ལག་མཐིལ་ཟླ་བའི་དཀྱིལ་འཁོར་ལ། །གནས་པའི་ཡིག་གསུམ་ཡེ་ཤེས་བདུད་རྩི་བབས། །དམ་ཚིག་བཅུད་འདྲེས་འབྲུ་གསུམ་ཟླ་འོད་ཞུ། །གཏོར་ཐིམ་ཡེ་ཤེས་བདུད་རྩིར་བྱིན་རླབས་གྱུར། །པར་བསམ་མོ། །གཉིས་པ་སྤེལ་བ་ནི་ལག་པ་ཁོང་སྟོང་དུ་

p. 302

སྦྱར་ལ་སོར་མོ་རྣམས་རྩེ་སྤྲད་པའི་ཚིགས་རྣམས་ཟུར་ཅན་རིན་པོ་ཆེ་ལྟ་བུར་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་༴ ཁཾ་སྭཱ་ཧཱ། ལན་བདུན། ནམ་མཁའ་མཛོད་ཀྱི་ལྷ་སྔགས་ཕྱག་རྒྱ་ཡིས། །རྣམ་སྣང་ཐུགས་ཀར་ཡིག་འབྲུ་ཁམས་སྔོན་གསལ། །འོད་འཕྲོས་མཆོད་རྫས་ཚོགས་རྣམས་གང་མོས་པའི། །འདོད་ཡོན་ལྔས་གང་བསམ་མི་ཁྱབ་པར་གྱུར། །གསུམ་པ་མོས་པས་བསྒྱུར་བ་ནི། ལག་པ་གཉིས་ཐལ་མོ་ཕྱིར་བསྐྱོད་དེ་མཐེ་བོང་གཉིས་བསྣོལ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་༴ ཧཱུཾ་ཕཊ། ལན་བདུན། བདུད་རྩི་ཐབས་སྦྱོར་ལྷ་སྔགས་ཕྱག་རྒྱ་ཡིས། །བདུད་རྩི་འཁྱིལ་བའི་ཐུགས་ནས་ཨ་དམར་འཕྲོས། །དུག་ལྔའི་གསོས་རྣམས་ཡེ་ཤེས་ལྔར་བྱིན་རླབས། །ལོངས་སྤྱོད་རྐྱེན་རྣམས་སོ་སོར་མོས་ཐོབ་གྱུར། །བཞི་པ་སྤྱོད་ལ་དབང་བར་བྱ་བ་ནི། ལག་པ་གཡས་རྡོ་རྗེ་ཁུ་ཚུར་བཅངས་ལ་མཛུབ་མོ་བསྒྲེངས་ཏེ། ན་མཿསརྦ་ཏ་ཐཱ་ག་༴ ཧཱུཾ། ལན་བདུན། རྒྱལ་ཆེན་ཤུགས་ལྡན་འོད་ཀྱི་ལྷ་

p. 303

སྔགས་རྒྱའི། །རིན་འབྱུང་ཐུགས་ནས་བྷྲུཾ་ཡིག་ལྔ་འོད་འཕྲོས། །འཕགས་མཆོད་འགྲོ་བ་རྣམས་ལ་འདོད་དགུའི་ཚོགས། །ཁྱད་པར་ཡི་དྭགས་རེ་བ་སྐོང་གྱུར་ཅིག །ལྔ་པ་ཐོབ་པར་བྱེད་པ་ནི། ལག་པ་གཡས་རྡོ་རྗེ་ཁུ་ཚུར་སྙིང་ཁར་བརྟེན་ལ། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་བྱས་ལ། ཨོཾ་ཛྙཱན་ཨ་ཝ་ལོ་ཀེ་ཏེ། ན་མཿས་མནྟ་སྥ་ར་ཎ་ར་སྨི་བྷ་ཝ་ས་མ་ཡ། མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛ་ལ་ནི་ཧཱུཾ། ལན་བདུན། ཡེ་ཤེས་སྐར་མདའི་ལྷ་སྔགས་ཕྱག་རྒྱ་ཡིས། །དོན་གྲུབ་ཐུགས་ནས་ཧ་ལྗང་འཕྲོས་གྱུར་པས། །གྲངས་མེད་ལུས་སྤྲུལ་སངས་རྒྱས་རྒྱ་མཚོ་མཆོད། །འགྲོ་ཀུན་ལ་སྦྱིན་རྒྱལ་ཕམ་མེད་ཐོབ་གྱུར། །དྲུག་པ་གཞན་དོན་དུ་འགྱུར་བའི་ལས་ལ་བསྐུལ་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་སོར་མོ་རྣམས་ནང་དུ་བསྣོལ། མཐེ་བོང་གཉིས་གཤིབས་ཏེ་རྐྱང་བ་ཕྱོགས་བཅུར་བསྟན་ལ། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་ར། པྲ་ཝ་ན་ཛི་ཏེ་མ་ཧཱ་ས་མ་ཡ་སྭཱ་ཧཱ། ལན་བདུན། དབང་བསྒྱུར་འཁོར་ལོའི་ལྷ་སྔགས་ཕྱག་རྒྱ་ཡིས། །མཐུ་སྟོབས་དབང་ཕྱུག་ཐུགས་ནས་ཛཿདམར་འཕྲོས། །དབང་བསྒྱུར་འཁོར་ལོའི་སྔགས་འདི་མི་གཅིག་པ་མང་དུ་འདུག་ཀྱང་འདིར་རྒྱལ་ཚབ་བཞི་པའི་

p. 304

དགོངས་བཞེད་ལྟར་བཀོད། མགྲོན་བཞི་དམ་ཚིག་དབང་གིས་རང་ལ་འོག །རྟག་པར་སྟོངས་གྲོགས་བདེ་ལེགས་མཛད་གྱུར་ཅིག །དེ་ལྟར་སྔགས་དྲུག་ཕྱག་རྒྱ་དྲུག་ཏིང་ངེ་འཛིན་དྲུག་ལས། ཏིང་འཛིན་ཡིག་འབྲུ་རྣམས་གྲུབ་ཐོབ་སྤར་བུ་བའི་དགོངས་བཞེད་ལྟར་དང་། ཕྱག་རྒྱ་དང་སྔགས་ཞ་ལུ་ལོ་ཙཱ་བ་དང་། རྒྱལ་ཚབ་བཞི་པའི་དགོངས་བཞེད་ལྟར་སྔགས་དྲུག་ཕྱག་དྲུག་ཏིང་ངེ་འཛིན་དྲུག་སྟེ་ཁྱེར་སོ་རྣམ་པ་བཅོ་བརྒྱད་ཀྱི་རིམ་པ་མདོར་བསྡུས་སུ་བཀོད། དེ་ནས་བདག་བསྐྱེད་གང་བྱས་ཀྱི་ཡི་དམ་དེ་ཁ་སླར་ཡང་གསལ་བར་བསྒོམས་ཏེ། ལྷ་འདྲེ་རྣམས་ལ་འདི་སྐད་བརྗོད། ཧཱུཾ༑ དམ་ཆོས་སྐྱོང་བའི་སྲུང་མ་རྣམས། །གནས་འདིར་བཅོལ་བའི་ཕྲིན་ལས་མཛོད། །མཆོད་སྦྱིན་ཆེན་པོ་གླུད་དང་བཅས། །སྣོམས་ལ་གནོད་པ་མ་མཛད་ཅིག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་པོ། །སྔགས་འཆང་བདག་གི་བཀའ་ལ་ཉོན། །གཞན་གྱིས་རྦད་ལ་མ་ཉན་ཅིག །གདོན་བགེགས་ཆེན་པོ་ཐམས་ཅད་ཀྱང་། །

p. 305

བསམ་སྦྱོར་ངན་པ་ཞི་བར་མཛོད། །ཁྱོད་རྣམས་དགྱེས་པའི་གཏོར་མ་དང་། །སྲོག་ཆགས་གཏོར་གླུད་མང་པོ་དང་། །ལྷ་རྫས་ཀླུ་རྫས་འདོད་དགུར་ལྡན། །ཡིད་འོངས་ཁངས་པ་སྤེལ་ཞོལ་དང་། །དར་གྱི་གུར་ཕུབ་འདི་རི་རི། །འབྲུ་སྣ་ཚོགས་པའི་ཁྲི་ལ་བཞུགས། །ངར་གླུད་རྒྱན་ཅན་སྣ་ཚོགས་དང་། །ཡིད་འོང་རྟ་ཕོ་ཚོ་མགྱོགས་ལ། །འབྲུ་ཡི་ངར་མི་ཆེན་པོ་བསྐྱོན། །ལུས་ལ་གསེར་གཡུའི་རྒྱན་ཆ་བཏབ། །རྒྱ་ཆ་ཡིད་འོང་སི་ལི་ལི། །དར་གྱི་གོས་སྐོན་ལྷུབས་སེ་ལྷུབ། །སྨྲ་བ་མཁས་ཤིང་འཛུམ་མདངས་ཅན། །འོག་ན་རྟ་ཕོ་ཞུངས་སེ་ཞུང་། །མགོ་ལ་ཐོད་བཅིངས་པུ་རུ་རུ། །རྩེད་འཕྱོ་སྣ་ཚོགས་བསྒྱུར་ལ་མཁས། །གཡུ་ཡི་ལྷམ་ཆུང་ཟུ་ལུ་ལུ། །གསེར་གྱི་སྐད་བཅིངས་ཁྱུགས་སེ་ཁྱུག །ནམ་རྒྱན་ལྡེམ་པ་སྐུ་ལ་བརྒྱན། །ཕོ་གདོང་མོ་གདོང་མི་སྐད་སྨྲ། །མངའ་རིགས་འདོད་དགུ་ཚང་བ་རྣམས། །ཡོན་བདག་གླུད་དུ་ཁྱོད་ལ་འབུལ། །ཡིད་འོང་གླུད་ནི་མང་པོ་དང་། །ཞལ་ཟས་ཞིམ་དགུ་སྣ་དགུ་དང་། །

p. 306

འཁོར་གསོག་ངར་མི་སུམ་ཅུ་སོ། །སྨན་སྤོས་སྒྲོན་མེ་གསལ་བ་རྣམས། །ཁྱེད་ལ་མཆོད་པ་འབུལ་ལགས་ཀྱི། །སྔགས་པ་ཕུར་པ་སྒྲིལ་བ་དང་། །ཡུངས་དཀར་ཐུན་གྱིས་བྲབ་པ་དང་། །ཟོར་ཁ་སྣ་ཚོགས་འཕེན་པ་དང་། །མནན་གཏད་སྦྱོར་བ་བྱེད་པ་རྣམས། །དེ་དག་ནུས་པ་ཕྱི་ལ་ཟློག །བོན་རུལ་རྔ་ཆེན་བརྡུང་བ་དང་། །སྔོན་དམར་འུར་རྡོ་འཕེན་པ་དང་། །རྩོད་སྡེག་བྱེད་པ་ཕྱིར་ལ་ཟློག །དྲག་སྔགས་ཕྲ་མེན་བྱེད་པ་དང་། །སྡེ་བརྒྱད་དྲག་པོས་བསྐུལ་བ་རྣམས། །དེ་དག་ནུས་པ་ཕྱིར་ལ་ཟློག །ཆོས་སྐྱོང་ལྷ་འདྲེ་ཐམས་ཅད་ཀྱང་། །ལ་ལ་དཀོར་གྱི་ཤཱུལ་དུ་འབྲེང་། །ལ་ལ་མནའ་ཟན་གཤེད་དུ་འོངས། །ལ་ལ་སྔགས་པ་དྲག་པོས་རྦད། །ལ་ལ་བདེན་པའི་རྒྱུ་འབྲས་སྟོན། །ལ་ལ་རིམས་དང་དལ་ཡམས་གཏོང་། །འགའ་ཞིག་སད་སེར་གཏོང་བ་དང་། །ཆར་མི་འབབ་དང་ལོ་ཉེས་གཏོང་། །ལན་ཆགས་བུ་ལོན་འདེད་པ་དང་། །ཉེ་འབྲེལ་གྲོགས་པའི་ཤུལ་འབྲེང་དང་། །མཛེ་ནད་གཏོང་བའི་ཀླུ་རྣམས་

p. 307

དང་། །གནོད་བྱེད་ལན་ཆགས་གདོན་འདྲེ་རྣམས། །ཤ་ཁྲག་སྲོག་དབུགས་ཟ་བ་དང་། །འབྱུང་བའི་ལྷ་དང་ས་བདག་དང་། །ལོ་དང་རྨེ་བ་སྤར་ཁ་བཅས། །ཀུན་ཀྱང་གླུད་ཀྱིས་མཉེས་གྱུར་ཅིག །གནོད་འགལ་ངན་པ་ཞི་བར་བགྱིས། །བུ་ལོན་ལན་ཆགས་ད་འཇལ་ལོ། །བདག་གི་ལོངས་སྤྱོད་འཕེལ་བར་མཛོད། །རྦོད་གཏོང་ནུས་པ་བཟློག་ཏུ་གསོལ། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བྱམས་པའི་སེམས་ཀྱིས་མཆོད་སྦྱིན་བགྱིས། །སྙིང་རྗེའི་སྟོབས་ཀྱིས་དམ་ཆོས་བཤད། །ཁྱེད་ཀྱང་མ་རིག་འཁོར་བར་འཁྱམས། །ད་ནི་བྱམས་སེམས་ལྡན་པར་བགྱིས། །རང་རང་ལུས་ལ་དཔེ་ལོངས་ལ། །སྡིག་སྦྱོང་ཐར་པའི་ལམ་ལ་སྙེགས། །ནད་དང་དལ་ཡམས་བཟློག་ཏུ་གསོལ། །ལོ་དང་ཆར་ཆུ་རྒྱས་པར་མཛོད། །གློ་བུར་བརྒྱ་ཅུ་རྩ་བཞི་ཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་ཟློག །ཕ་ཚན་རྒྱ་འདྲེ་མ་བུའི་བྱུར་འདྲེ་ཟློག །སྡང་བའི་དགྲ་དང་གནོད་པའི་

p. 308

བགེགས། །ཐམས་ཅད་མ་ལུས་ཟློག་ཏུ་གསོལ། །ལོ་ཟླ་ཟ་ཞག་ངན་པ་ཟློག །འཕུང་འདྲེ་ལྟོགས་འདྲེ་ཐམས་ཅད་ཟློག །སྲིས་ལ་བརྐུ་བ་ཐམས་ཅད་ཟློག །བྱིས་པའི་གདོན་རྣམས་ཞི་བར་གྱིས། །ཕྱུགས་ཀྱི་གོད་ཀ་ཞི་བར་གྱིས། །མི་ཁ་ཁ་སྨྲས་མ་གཏང་ཅིག །དགྲ་ཡི་གཡུལ་ངོ་ཞི་བར་གྱིས། །བདག་ཅག་དམག་འཐབ་ལེགས་པར་གྱིས། །མྱོས་ཤིང་འཐིབས་པ་ཞི་བ་དང་། །ཉིན་གཅིག་ཉིན་གཉིས་ཉིན་གསུམ་དང་། །རིམས་ནི་ཐམས་ཅད་ཞི་བར་མཛོད། །ཉམ་ང་ཆགས་ཆེན་བཟློག་ཏུ་གསོལ། །ཡུལ་ཕྱོགས་དགེ་བར་མཛད་དུ་གསོལ། །དམ་ཆོས་རྒྱས་པར་མཛད་དུ་གསོལ། །འཐབ་རྩོད་ཞི་བར་མཛད་དུ་གསོལ། །ལོ་བརྒྱ་འཚོ་དང་སྟོན་བརྒྱ་མཐོང་། །བཀྲ་ཤིས་རི་བོ་བརྟན་པ་དང་། །བསོད་ནམས་ཉི་འོད་འབར་བ་དང་། །མི་ཕྱེད་མི་ཤིགས་དངོས་གྲུབ་སྩོལ། །དེ་ནས་ཡས་གཏོར་རྣམས་ཐེབས་ཕྱོགས་དང་། ཡོན་བདག་གི་གླུད་གཟུགས་ཡོན་བདག་རང་རང་གིས་འདྲེ་ལྔ་གནས་སར་བསྐྱལ། གུ་གུལ་གྱིས་དུད་པ་བཏང་ཞིང་། ཨོཾ་སུམྦྷ་ནི་སོགས་

p. 309

ཀྱིས་བགེགས་བསྐྲད། གསོན་ཅིག་མ་དང་ཉི་མ་ནུབ་ཕྱོགས་ཀྱིས་ཐུན་གཏོར་འབུལ་ལ་བཟློག་པ་བྱ། རྗེས་ཆོག་རྣམས་དཀྱུས་བཞིན་བྱའོ། །ཡང་སྒྲུབ་པ་པོ་རྣམས་ཡས་གཏོར་གཏོང་བར་ཕྱི་འདོན་བྱེད་ན། ཡས་གཏོར་རྣམས་བསྐྱལ་སར་སླེབས་པ་དང་། མདུན་དུ་ཡས་གཏོར་རྣམས་ལ་ཆབ་སྦྲན་ལ། སླར་ཡང་། ཧཱུཾ༑ དམ་ཆོས་སྐྱོང་བའི་སྲུང་མ་རྣམས། །ཞེས་སོགས་ཚར་གཅིག་བརྗོད་རྗེས། གསོན་ཅིག་མ་སོགས་བསྐུལ་གྱིས་ཐུན་གཏོར་ཕུལ། བཟློག་པ་བྱས་ཏེ་སླར་སྒྲུབ་ཁང་དུ་སླེབས་པ་དང་། དངོས་གྲུབ་ལེན་ཆོག་ནས་དཀྱིལ་འཁོར་གཞལ་ཡས་མའི་བར་བྱའོ། །དེ་ནས་མདུན་བསྐྱེད་ཀྱི་སྒྲོལ་མའི་མཆོད་པ་རྣམས་ཁ་གསོས་ཏེ། གོང་ལྟར་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞེས་པ་ནས། ནམ་མཁའི་ཁམས་ཀུན་བཀང་སྟེ་འབུལ། །ཨོཾ་སརྦ་བི་ཤིཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུཾ། ཞེས་པའི་བར་གྱིས་སྔར་བཞིན་མཆོད། ཕྱག་འཚལ་ཉེར་གཅིག་ཕན་ཡོན་དང་བཅས་པས་བསྟོད་ནས། ཡི་གེ་བརྒྱ་པ་བཟོད་གསོལ་བྱ་ཞིང་། བསོད་ནམས་འདི་ཡིས་འགྲོ་བ་ཀུན། །རྗེ་བཙུན་སྒྲོལ་མ་འདྲ་བར་

p. 310

ཤོག །བདག་ཀྱང་ཏིང་འཛིན་འདི་བསྒྲུབས་ནས། །འགྲོ་བའི་དོན་དུ་སངས་རྒྱས་ཤོག །ཅེས་བརྗོད། དེ་ནས་ཚོགས་ཀྱི་འཁོར་ལོ་ཡོད་ན་བྱིན་གྱིས་བརླབས། བདག་བསྐྱེད་ཀྱི་ཡི་དམ་གང་བྱས་ཀྱི་གཏོར་མ་འབུལ། ལྷག་གཏོར་གཏོང་བ་སོགས་ཆོ་ག་རང་རང་གི་གཞུང་ལྟར་བྱས་ནས། རྗེས་ཀྱི་ཆོ་ག་རྣམས་ཀྱང་བརྗོད་ཅིང་། ཡེ་ཤེས་པའི་ལྷ་ཚོགས་རྣམས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་བཞུགས་གསོལ་དང་། དམ་ཚིག་པ་རང་གི་སྙིང་ཁར་བསྡུ། འཇིག་རྟེན་པ་རྣམས། མཆོད་སྦྱིན་གནས་འདིར་སོགས་ཀྱི་རང་གནས་སུ་བཏང་ལ། བཀྲ་ཤིས་བསྔོ་སྨོན་དང་བཅས་པ་བྱའོ། །འདི་བྱིན་རླབས་ཆེ་བ་ཡིན། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྒྲོལ་མའི་གྲུབ་ཐོབ་ཡིན་པས་ཁོང་ན་རེ། ཡེ་ཤེས་ལྷ་དང་འཇིག་རྟེན་པ། །དེ་དག་ནུས་པ་འདི་ཡིས་ཞིག །ཀླུ་རྒྱལ་གཙུག་གི་ནོར་བུ་བཞིན། །དགོས་འདོད་ཐམས་ཅད་འདི་ཡིས་འགྲུབ། །ངན་པ་ཐམས་ཅད་འདི་ཡིས་བཟློག །རྟེན་གསུམ་འོག་ཏུ་མནན་པ་དང་། །སྡེ་བརྒྱད་ངག་ལ་གཏད་པ་ལ། །ཟོར་ཐུན་ཕུར་པ་སྒྲིལ་བ་དང་། །ཡུལ་དུ་ལྟས་ངན་བསྐྱལ་བ་རྣམས། །དེ་དག་ཀུན་གྱི་ནུས་པ་རྣམས། །ཅུང་ཟད་ཙམ་ཡང་འབྱིན་མི་ནུས། །རང་ཉིད་སྒྲུབ་པ་

p. 311

མཆོག་ཏུ་བསྔགས། །ཞེས་གདམས་སོ། །ཇོ་བོ་ཆེན་པོས་འགྲོང་ཁར་ན་བཟའི་སེབ་ནས་གདམས་པ་འདི་སྟོན་ཏེ། དགེ་བཤེས་སྟོན་པ་ལ་གནང་། ཐག་རིང་པོར་འགྲོ་ན་ཆོ་ག་འདི་བྱས་པས་རྐྱེན་ངན་པ་གང་ཡང་མི་འབྱུང་ངོ་། །ཡང་ཡུལ་ཕྱོགས་སུ་འཁྲུགས་པ་ཡོད་ན་དང་། ནད་རིམས་བྱེད་པ་དང་། མི་དགེ་བའི་ལྟས་བྱུང་བ་ལ་ཆོ་ག་འདིས་བཟློག་གོ །རང་ལ་མི་འདོད་ཅི་བྱུང་ཡང་ཐེ་ཚོམ་མི་བྱེད་པར་ཆོ་ག་འདི་གྱིས། རང་ཅི་འདོད་པའི་དོན་དེ་མི་འགྲུབ་མི་སྲིད། འདོད་པའི་དོན་སྒྲུབ་པ་དང་བཟློག་པའི་ཆོ་ག་ལ་འདི་ལས་བྱིན་རླབས་ཆེ་བ་དང་མཐུ་ཆེ་བ་མེད་པས་འདི་ལ་ཤིན་ཏུ་བརྩོན་པར་གྱིས་ཤིག །བོད་དུ་ཐོན་པའི་ཡིག་ཆ་ལ་འདི་ལས་ཟབ་པ་མེད་པར་འདུག་གསུང་ངོ་། །དེ་ལྟར་རྗེ་བཙུན་མ་སྒྲོལ་མའི་སྒོ་ནས་བཟློག་པའི་ཆོ་ག་ནག་པོ་འགྲོ་ཤེས་སུ་བཀོད་པ་ཡིན། རྒྱལ་བའི་རྒྱལ་ཚབ་ལྔ་པའི་ཞལ་སྔ་ནས་རྩལ་པའོ། །མངྒ་ལཾ།། །།

བརྒྱ་བཞིའི་ཆོ་ག་བར་ཆད་ཀུན་སེལ།

p. 312
p. 313

བརྒྱ་བཞིའི་ཆོ་ག་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ། །

p. 314

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་ཡང་བརྒྱ་བཞིའི་ཆོ་ག་འདི་ལ་མདོ་སྔགས་གཉིས་ལས་འདི་ནི་སྔགས་སོ། །དེ་ཡང་། རྫས་བསགས་དཀྱིལ་འཁོར་བྲི་བ་དང་། །སྤྱན་འདྲེན་གདན་འབུལ་མཆོད་བསྟོད་བྱེད། །བཀའ་བསྒོ་རྫོང་བཏབ་གླུད་བསྔོ་བ། །བཟློག་པ་གཤེགས་སུ་གསོལ་བའོ། །ཞེས་དོན་ཚན་བཅུ་བཞིའི་དང་པོ་རྫས་བསགས་པ་ལ། ལྷའི་བདུད་སེལ་བའི་ཆེད་དུ་ཚྭ་ཚྭ་བརྒྱ། ཕུང་པོའི་བདུད་སེལ་བའི་ཆེད་དུ་ཞལ་ཟས་བརྒྱ། ཉོན་མོངས་པའི་བདུད་སེལ་བའི་ཆེད་དུ་མར་མེ་བརྒྱ། འཆི་བདག་གི་བདུད་སེལ་བའི་ཆེད་དུ་ངར་མི་བརྒྱ། ལན་ཆགས་ཀྱི་འགྲོན་མཉེས་པའི་ཆེད་དུ་ཆང་རྗེས་བརྒྱ། རིགས་དྲུག་གི་འགྲོན་མཉེས་

p. 315

པའི་ཆེད་དུ་མཐེབ་སྐྱུ་བརྒྱ། ཆབ་གཏོར་བརྒྱ། བསྟན་སྐྱོང་མཉེས་པའི་ཆེད་དུ་འབྲང་རྒྱས་བཞི། རྒྱལ་ཆེན་བཞི་མཉེས་པའི་ཆེད་དུ་དཀར་གཏོར་བཞི། མདའ་དར་བཞི། གཞན་ཡང་གོང་དུ་བླ་མ་ཡི་དམ་གྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་དང་། ཆ་གསུམ་གཏོར་མ་ཡང་བཤམས། དེ་ནི་རྫས་བསགས་པའོ། །གཉིས་པ་དཀྱིལ་འཁོར་བྲི་བ་ལ། ས་སྟེགས་གྲུ་བཞི་པའི་སྟེང་དུ་དྲི་བཟང་གི་ཆག་ཆག་གདབ་སྤོས་ཀྱི་བྱུགས། ཚངས་ཐིག་བཞིའམ་བརྒྱད་བཏབ། དཀྱིལ་འཁོར་རྟ་བབས་བཞི་པའི་དབུས་སུ་སངས་རྒྱས་ཀྱི་ཕྱག་ཁྲུ་གང་བའི་སྟེང་དུ་མདའ། དེའི་སྟེང་དུ་མཎྜལ་གྱི་ཁར་སངས་རྒྱས་ཀྱི་སྐུ་བཞག །སྟེང་དུ་དར་མཚོན་སྣ་ལྔའི་གདུགས་ཕུག །ཕྱག་མཐིལ་དུ་ཡོན་བདག་གི་གླུད་བཞག །ཕྱག་སོར་བཞི་ལ་བདུད་བཞི་པོའི་ཁ་

p. 316

དོག་དང་ལྡན་པ་བཀོད། དེའི་མཐར་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཚྭ་ཚྭ་བརྒྱ། དེའི་མཐར་མར་མེ། ཞལ་ཟས། ངར་མི། མཐེབ་སྐྱུ། ཆང་རྗེས་རྣམས་གྲུ་རེ་རེའི་ནང་དུ་བཞོག །སྒོ་བཞིར་དཀར་གཏོར་རེ། མདའ་དར་རེ་བཞག་པ་སོགས་ཕྱག་ལེན་མཐོང་བརྒྱུད་བཞིན་བཅའ་གཞི་ལེགས་པར་གྲུབ་ནས། སྒྲུབ་པ་པོ་རྣམས་སྟན་བདེ་བ་ལ་འདུག་སྟེ་སྔོན་འགྲོའི་གཏོར་མ་ནས་ཡི་དམ་གང་ཡིན་གྱི་མངོན་རྟོགས་ཟླས་པའི་བར་བྱ་ལ། དེ་ནས་མདུན་བསྐྱེད་བསྒྲུབ་པ་ནི། ནང་མཆོད་གཏོར་མ་བཏང་། དཀར་གཏོར་ཀྱང་བསྔོ། ལས་གང་ཡིན་གྱི་སྔགས་ཀྱི་བསངས་ལ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་སུམ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་བརྒྱན་རྟ་བབས་དང་བཅས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཚང་བའི་དབུས་སུ་བརྒྱད་སེངྒེས་བཏེག་པའི་རིན་པོ་ཆེའི་ཁྲི་ཁྲི་ཁེབས་དང་བཅས་པའི་སྟེང་དུ་པཾ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ། སྔགས་འཕྲེང་

p. 317

དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡིག་འབྲུ་རྣམས་ལ་ཐིམ་དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་སྟེང་དུ་བདུད་བཞི་བཀུག་པ་དང་། གཡོན་མཉམ་བཞག་མཛད་པའི་སྟེང་དུ་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཞབས་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་པ། ཆོས་གོས་ངུར་སྨྲིག་གསོལ་ཞིང་། དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པ། དེའི་འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། རྒྱལ་པོ་ཆེན་པོ་བཞི་སྒོ་བསྲུང་གི་ཚུལ་དུ་ཡོད་པ་དེ་ལྟར་དམ་ཚིག་སེམས་དཔའི་དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་

p. 318

སྤྱན་དྲངས། སྤྱན་འདྲེན་བཞི་ལས་དང་པོ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིག །སོགས་བརྗོད། བཛྲ་ས་མཱ་ཛཿ སྤོས་དང་རོལ་མོ་བྱ། ཧཱུཾ༑ འདས་དང་མ་བྱོན་ད་ལྟར་ཇི་སྙེད་དུ། །རྡུལ་གཅིག་སྟེང་ན་རྡུལ་རྙེད་བཞུགས་པ་ཡི། །དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་ཀུན། །སེམས་ཅན་དོན་ཕྱིར་ཐུགས་རྗེས་རྩེར་དགོངས་ལ། །བཀྲ་ཤིས་གུར་ཁང་གནས་འདིར་གཤེགས་ནས་ཀྱང་། །མ་ཆགས་པདྨའི་གདན་ལ་བཞུགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། །ཧཱུཾ༑ ས་བཅུ་སྒྲོད་པའི་བྱང་ཆུབ་སེམས་དཔའ་རྣམས། །རིག་འཛིན་ས་ལ་བཞུགས་པའི་སེམས་དཔའ་ཡི། །དུས་གསུམ་བདེ་གཤེགས་སྐུ་ཡི་སྤྲུལ་པ་སྟེ། །མཐུ་སྟོབས་བདག་པོ་ཕྱག་ན་རྡོ་རྗེ་དང་། །ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས། །སེམས་ཅན་དོན་ཕྱིར་ཐུགས་རྗེས་རྩེར་དགོངས་ལ། །བཀྲ་ཤིས་གུར་ཁང་གནས་འདིར་གཤེགས་ནས་ཀྱང་། །མ་ཆགས་པདྨའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་

p. 319

སྟྭཾ། གཙང་ཞིང་གཙང་མར་སྦྱར་བ་ལས་བྱུང་བའི། །ཆུ་གཙང་མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་སྤྲུལ་བརྒྱན་དང་གཏོར་མ་རྣམས། །སངས་རྒྱས་སྤྲུལ་པའི་སྐུ་གདུང་མཆོད་རྟེན་ལ། །གཉིས་སུ་མེད་པའི་ཚུལ་གྱི་འབུལ་ལགས་ན། །མཆོད་པ་ཆེན་པོར་དགོངས་ལ་དགྱེས་པར་བཞེས། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ། པདྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནི་ཝིདྱ། ཤཔྟ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷ་མེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བ་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་

p. 320

དམ་༴ ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་༴ དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །གཞན་ཡང་ཕྱག་འཚལ་སོགས་གང་འོས་བྱ། ཇི་སྙེད་སུ་དག་ཕྱོགས་བཅུ་འཇིག་རྟེན་ན། །སོགས་ཡན་ལག་བདུན་པ་དང་། ཁྲུས་གསོལ་བྱ། ན་བཟའ་འབུལ་བ་སོགས་སྤྲོ་ན་སྐབས་འདིར་བྱ། གཉིས་པ་ཡོན་ཏན་གྱི་འགྲོན་ལ་སྤྱན་འདྲེན་པ་ནི། ཧཱུཾ༑ སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ནས། །ལྷ་ཡི་དབང་པོ་བརྒྱ་བྱིན་འཁོར་དང་བཅས། །འཇིག་རྟེན་མེས་པོ་ཚངས་པ་འཁོར་དང་བཅས། །དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་སོགས། །ལྷ་ཡི་རིགས་སུ་གྱུར་པ་མ་ལུས་དང་། །ཤར་གྱི་ཕྱོགས་ནས་རྒྱལ་པོ་ཡུལ་འཁོར་བསྲུང་། །ལྷ་ཡི་ཕྱོགས་ནས་རྒྱལ་པོ་འཕགས་སྐྱེས་པོ། །ནུབ་ཀྱི་ཕྱོགས་ནས་རྒྱལ་པོ་སྤྱན་མིག་བཟང་། །བྱང་གི་ཕྱོགས་ནས་རྒྱལ་པོ་རྣམ་ཐོས་སྲས། །ཕྱོགས་སྐྱོང་བཅུ་དང་སྲུང་མའི་དམ་ཚིག་ཅན། །ཡོན་ཏན་མགྲོན་དུ་གྱུར་པ་ཅི་མཆིས་པ། །སེམས་ཅན་དོན་ཕྱིར་ཐུགས་རྗེ་རྩེར་དགོངས་ལ། །བཀྲ་ཤིས་གུར་ཁང་གནས་འདིར་

p. 321

གཤེགས་ནས་ཀྱང་། །མ་ཆགས་པདྨའི་གདན་ལ་བཞུགས་སུ་གསོལ། །གསུམ་པ་སྙིང་རྗེའི་འགྲོན་ལ་སྤྱན་འདྲེན་པ་ནི། ཧཱུཾ༑ བདག་ཉིད་ཡི་དམ་རྒྱལ་བའི་ཐུགས་ག་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་ཡི། །འདོད་ཆགས་ལྷ་ཡི་གནས་སུ་སྐྱེས་པ་དང་། །ཕྲག་དོག་ལྷ་མ་ཡིན་དུ་སྐྱེས་པ་དང་། །ང་རྒྱལ་མི་ཡི་གནས་སུ་སྐྱེས་པ་དང་། །གཏི་མུག་དུད་འགྲོའི་གནས་སུ་སྐྱེས་པ་དང་། །སེར་སྣ་ཡི་དྭགས་གནས་སུ་སྐྱེས་པ་དང་། །ཞེ་སྡང་དམྱལ་བའི་གནས་སུ་སྐྱེས་པ་དང་། །སངས་རྒྱས་མཐུ་དང་ཆོས་ཀྱི་བྱིན་རླབས་དང་། །དགེ་འདུན་ཚོགས་མཆོག་བདེན་པའི་བྱིན་རླབས་དང་། །སྨོན་ལམ་དབང་གིས་གནས་འདིར་བཀུག་ནས་ཀྱང་། །འོད་ཞུ་རིགས་དྲུག་ས་བོན་སོ་སོར་ཐིམ། །ཨ་རྣི་སུ་པྲ་ཏི་དུ་ཛཿཛཿ ཧཱུཾ༑ བདག་ཉིད་ཡི་དམ་རྒྱལ་བའི་ཐུགས་ག་ནས། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པ་ཡི། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ། །ཐུགས་རྗེས་བྱིན་རླབས་འོད་ཟེར་

p. 322

ཚུར་དུ་འདུས། །རིགས་དྲུག་ས་བོན་སོ་སོར་ཐིམ་གྱུར་ནས། །འོད་ཞུ་རྒྱལ་བའི་སྲས་སུ་སྐྱེས་ནས་ཀྱང་། །བཀྲ་ཤིས་གུར་ཁང་༴ མ་ཆགས་པདྨའི་༴ བཞི་པ་ལན་ཆགས་འགྲོན་བཀུག་པ་ནི། ཧཱུཾ༑ ང་ནི་བཅོམ་ལྡན་རྒྱལ་བའི་སྐུ། །ང་ནི་དུས་གསུམ་སངས་རྒྱས་གསུང་། །ང་ནི་གསང་བདག་རྡོ་རྗེའི་ཐུགས། །སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་མཆོག །བདག་ཉིད་ཡི་དམ་ཐུགས་ག་ནས། །སྐུ་ལས་འོད་ཟེར་རབ་འཕྲོས་པའི། །ཕྱོགས་བཅུའི་འཇིག་རྟེན་ཁམས་གང་ན། །སྔོན་གྱི་ལན་ཆགས་འབྲེལ་བ་རྣམས། །ལས་ཀྱི་དབང་གི་འདིར་ཁུག་ཅིག །སེམས་མེད་པ་ཡང་འགུག་བྱེད་ན། །སེམས་དང་ལྡན་པ་སྨོས་ཅི་དགོས། །དཀྱིལ་འཁོར་གནས་འདིར་བཞུགས་སུ་གསོལ། །ལྔ་པ་བདུད་བཞིའི་སྤྱན་འདྲེན་པ་ནི། ཆ་གསུམ་གཏོར་མ་གཏོང་། ཆོ་ག་གཞུང་ལས་བྱུང་བ་ལྟར་མཆོད་པ་བྱིན་རླབས་བྱ། སྤྲོ་ན་དཀྱིལ་འཁོར་པ་ལ་མཆོད་བསྟོད་རྒྱས་བསྡུས་གང་རུང་ཕུལ་བ་ལ་ཕྱི་རོལ་པ་ལ་འདི་སྐད། ཧཱུཾ༑ བདུད་བཞི་བདུད་ཀྱི་དམག་ཚོགས་རྣམས། །སྔོན་གྱི་དུས་སུ་འདི་ལྟ་སྟེ། །

p. 323

ལྷ་ཡི་དབང་པོ་བརྒྱ་བྱིན་ལ། །འཆི་བདག་ནག་པོའི་བདུད་ཀྱི་ཟིན། །དེ་ལ་ཐུགས་རྗེས་རྩེར་དགོངས་ཏེ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱི། །བདུད་བཞིའི་གཏོར་ཆོག་འདི་མཛད་པས། །ལྷ་དབང་བརྒྱ་བྱིན་སྙུན་ལས་ཐར། །དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། མཉམ་ཉིད་ཆེན་པོའི་བདེན་པ་ཡི། །བདུད་བཞི་གསལ་ཏེ་ཚེ་བསྲིངས་ལྟར། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །མོ་ངན་རྨི་ལམ་ངན་པ་དང་། །བདུད་བཞིའི་ལྟས་ངན་འཁྲུགས་པའི་ཚེ། །མཆོད་གཏོར་ཡས་དང་རྫས་བསགས་ཏེ། །འབྱུང་བའི་བདུད་བཞི་སྤྱན་འདྲེན་ན། །ཐང་ཅིག་ཡུད་ཙམ་འདིར་བྱོན་གསལ། །དཀྱིལ་འཁོར་གནས་འདིར་བྱོན་ནས་ཀྱང་། །ཕྱག་སོར་བཞི་ཡི་ཁྲི་ལ་བཞུགས། །ལྷ་བདུད་བྱ་བའི་དཀར་པོ་ཁྱོད། །ཤེས་བྱའི་སྒྲིབ་པ་དག་ལས་བྱུང་། །བདུད་དཀར་འབུམ་གྱི་དབུས་ནས་བཞེངས། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །ཕྱག་སོར་བཞི་ཡི་ཁྲི་ལ་བཞུགས། །ཕུང་བདུད་བྱ་བའི་སེར་པོ་ཁྱོད། །རྣམ་སྨིན་

p. 324

སྒྲིབ་པ་༴ བདུད་སོར་འབུམ་༴ ཐང་ཅིག་༴ ཕྱག་སོར་༴ ཉོན་བདུད་བྱ་བའི་དམར་པོ་ཁྱོད། །དུག་ལྔའི་སྒྲིབ་པ་༴ བདུད་དམར་འབུམ་༴ ཐང་ཅིག་༴ ཕྱག་སོར་༴ འཆི་བདུད་བྱ་བའི་ནག་པོ་ཁྱོད། །བག་ཆགས་སྒྲིབ་པ་༴ བདུད་དམག་ཚོགས་ནི་སྐར་ལྟར་འཁྲུགས། །ཐང་ཅིག་༴ ཕྱག་སོར་བཞི་ཡི་ཁྲི་ལ་བཞུགས། །ཨོཾ་ཊ་ཀི་ཏྲི་ཛཿཛཿ དྲུག་པ་བཀའ་བསྒོ་བ་ནི། ཧཱུཾ༑ ཐམས་ཅད་གསོན་ཅིག་ཐམས་ཅད་ཉོན། །དེ་རིང་བདག་དང་ཡོན་བདག་གི །ཚྭ་ཚྭ་བརྒྱ་དང་མར་མེ་བརྒྱ། །སྲིད་ཞིའི་འགྲོན་ལ་འབུལ་བ་ཡི། །འགྲོ་རྣམས་ཚོགས་གཉིས་མྱུར་རྫོགས་ཤོག །དེ་རིང་བདག་དང་༴ ཞལ་ཟས་བརྒྱ་དང་མདོ་ཚར་བརྒྱ། །ཡོན་ཏན་འགྲོན་ལ་འབུལ་བ་ཡི། །མགོན་དང་སྐྱབས་སུ་བྱེད་པར་ཤོག །དེ་རིང་༴ ངར་གླུད་བརྒྱ་དང་ཆང་རྗེས་བརྒྱ། །སྙིང་རྗེའི་འགྲོན་ལ་འབུལ་བ་ཡི། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཞི། །དེ་རིང་༴ མཐེབ་སྐྱུ་བརྒྱ་དང་ཆུ་གཏོར་བརྒྱ། །ལན་ཆགས་འགྲོན་ལ་བསྔོ་བ་ཡི། །སྔོན་གྱི་ལན་ཆགས་བྲལ་བར་

p. 325

ཤོག །སྐུ་གདུང་རྒྱལ་བའི་སྲས་སུ་སྐྱེས། །མར་མེས་མ་རིག་མུན་པ་སེལ། །གཏོར་མས་ལུས་ངག་ཡིད་གསུམ་ཚིམ། །ངར་གླུད་ལས་ཀྱི་སྒྲིབ་པ་དག །ཆང་རྗེས་ལན་ཆགས་མ་ལུས་བྱང་། །མཐེབ་སྐྱུས་བུ་ལོན་སྒྲིབ་པ་དག །མཆོད་པའི་རྟེན་ནི་དཀོན་མཆོག་གསུམ། །བསྔོ་བའི་ཡུལ་ནི་སྙིང་རྗེའི་འགྲོན། །མཆོད་བསྔོ་སོ་སོའི་མཐུ་ནུས་ཀྱི། །ཀུན་ཀྱང་བྱང་ཆུབ་ཐོབ་པར་ཤོག །དེ་རིང་བདག་དང་ཡོན་བདག་ལ། །སྐྱེ་བ་གྲངས་མེད་བག་ཆགས་ལུས་བླངས་ནས། །རང་ལུས་ཆགས་པ་མེད་པར་ལུས་སྐྱིན་དུ། །མ་མོ་ལ་སོགས་རྒྱན་དང་གཏོར་མ་འབུལ། །འཆི་བདག་ལ་སོགས་བདུད་བཞི་འཇོམས་པར་མཛོད། །སངས་རྒྱས་བདེན་པ་ཆོས་ཀྱི་བདེན་པ་དང་། །དགེ་འདུན་ཚོགས་མཆོག་བདེན་པའི་ཐུགས་རྗེ་དང་། །གསང་སྔགས་རིགས་སྔགས་མཐུ་དང་ནུས་པ་ཡིས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཞི་བ་དང་། །ཚེ་འདིའི་བར་ཆད་རྐྱེན་རྣམས་བཟློག་པར་མཛོད། །དགྲ་བགེགས་ཞི་ནས་ཚེ་དང་དཔལ་འབྱོར་

p. 326

རྒྱས། །འདོད་པ་གྲུབ་ཅིང་ཐམས་ཅད་དབང་དུ་བསྡུས། །བདུད་དང་མུ་སྟེགས་ཚར་གཅོད་དྲག་པོའི་ལས། །འཕྲིན་ལས་རྣམ་བཞིའི་ལྷུན་གྱིས་འགྲུབ་པར་མཛོད། །མཐོ་རིས་ལྷ་ཡི་གོ་འཕང་ཐོབ་པ་དང་། །དགེ་བའི་བཤེས་གཉེན་མང་པོའི་ཞལ་མཐོང་ཞིང་། །སྐྱེ་མེད་དམ་ཆོས་བདུད་རྩིའི་རོ་མྱོངས་ནས། །གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་སྤྱོད་ཅིང་། །སེམས་ཅན་དོན་ཕྱིར་ཐར་པ་ཐོབ་པར་ཤོག །ཀྱཻ༑ མཐོ་མཐོ་རྣམས་ནི་མར་ལ་གསོན། །དམའ་དམའ་རྣམས་ནི་ཡར་གསོན་ཅིག །ལྷ་ཡི་བདུད་དང་ཕུང་པོའི་བདུད། །ཉོན་མོངས་བདུད་དང་འཆི་བདག་བདུད། །བདུད་བཞི་བདུད་ཀྱི་དམག་ཚོགས་རྣམས། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་ལ། །འཆི་བདག་ནག་པོའི་བདུད་ཀྱི་ཟིན། །བདུད་བཞི་གསལ་བའི་ཆོ་ག་འདི། །སྔོན་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱིས། །བདུད་བཞི་བཟློག་པའི་ཆེད་དུ་མཛད། །ཆོ་ག་སྣང་གསལ་བརྒྱ་བཞི་འདི། །ལྷ་དབང་བརྒྱ་བྱིན་སྙུན་ལས་ཐར། །ད་ལྟ་བདག་དང་ཡོན་བདག་ལ། །མོ་ངན་

p. 327

ལྟས་ངན་རྨི་ངན་དང་། །འབྱུང་བའི་བདུད་བཞི་གཡོས་པ་དང་། །བརྩི་བ་ངན་པའི་བསྒྱུར་བཅོས་ལ། །བརྒྱ་བཞིའི་ཆོ་གའི་རྫས་བསགས་ཏེ། །འབྱུང་བའི་བདུད་བཞི་སྤྱན་འདྲེན་ན། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །ཕྱག་སོར་བཞི་ཡི་ཁྲི་ལ་བཞུགས། །དངོས་འབྱོར་ཡིད་ལས་བྱུང་བ་ཡིས། །འབྱོར་པ་རབ་འབྲིང་ཐ་མ་གསུམ། །བརྒྱ་བཞིའི་མཆོད་སྦྱིན་གཟུགས་བརྙན་རྣམས། །ཡོན་བདག་ཚེ་སྲོག་གླུད་དུ་འབུལ། །སྔགས་དང་ཕྱག་རྒྱས་བྱིན་རླབས་པས། །བདུད་བཞིའི་ཚོགས་ལ་བསྔོ་བ་ནི། །འབུལ་བའི་ཚུལ་གྱིས་བཞེས་སུ་གསོལ། །དེ་རིང་བདག་དང་ཡོན་བདག་ལ། །གཤིན་རྗེའི་དམག་ཚོགས་བྱུང་བའི་ཚེ། །ཚྭ་ཚྭ་བརྒྱ་དང་མར་མེ་བརྒྱ། །ཞལ་ཟས་བརྒྱ་དང་མདོ་ཚར་བརྒྱ། །ངར་གླུད་བརྒྱ་དང་ཆང་རྗེས་བརྒྱ། །མཐེབ་སྐྱུ་བརྒྱ་དང་ཆབ་གཏོར་བརྒྱ། །གཤིན་རྗེ་རྣམས་ཀྱི་ཕྱག་ཏུ་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །སྐྱེས་པ་བུད་མེད་བྱིས་པ་དང་། །གནས་ཁང་ནོར་གཡོག་འཁོར་

p. 328

དང་བཅས། །གནག་རྟ་རྐང་འགྲོ་བཅས་པའི་གླུད་དུ་འབུལ། །གཤིན་རྗེའི་ཁྲམ་ཁ་འདི་ཡིས་བཟློག །གཤིན་རྗེའི་དམག་ཚོགས་དེ་ཡིས་བསྒྱུར། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡ་མཱ་ར་ཛཿ དུཥྚཾ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། དེ་རིང་བདག་དང་ཡོན་བདག་ལ། །མ་མོའི་གནོད་པ་བྱུང་བའི་ཚེ། །ཚྭ་ཚྭ་བརྒྱ་དང་མར་མེ་བརྒྱ། །ཞལ་ཟས་བརྒྱ་དང་མདོ་ཚར་བརྒྱ། །ངར་གླུད་བརྒྱ་དང་ཆང་རྗེས་བརྒྱ། །མཐེབ་སྐྱུ་བརྒྱ་དང་ཆབ་གཏོར་བརྒྱ། །མ་མོ་རྣམས་ཀྱི་ཕྱག་ཏུ་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ མ་མོའི་ཐུན་ཟོར་ མ་མོའི་དམག་༴ ཨོཾ་མུ་ནི་༴ རཀྨོ་༴ དུཥྚཾ་༴ དེ་རིང་བདག་དང་༴ རྒྱལ་པོའི་ཆད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ རྒྱལ་པོ་རྣམས་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ རྒྱལ་པོའི་གནོད་པ་༴ རྒྱལ་པོའི་༴ ཨོཾ་མུ་ནི་༴ རཱ་ཛཿ དུཥྚཾ་སརྦ་༴ དེ་རིང་བདག་དང་༴ གནོད་སྦྱིན་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐིབ་སྐྱུ་༴ གནོད་སྦྱིན་༴ རྒྱུ་སྦྱོར་༴ སྐྱེས་པ་༴

p. 329

གནས་ཁང་༴ གནག་རྟ་༴ གནོད་སྦྱིན་དལ་ཁ་༴ གནོད་སྦྱིན་དམག་༴ ཨོཾ་མུ་ནི་༴ ཡཀྵ་རཱ་ཛཿ དུཥྚཾ་༴ དེ་རིང་བདག་༴ བདུད་ཀྱི་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ བདུད་དམག་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ བདུད་ཀྱི་ཞག་༴ བདུད་ཀྱི་དམག་༴ ཨོཾ་མུ་ནི་༴ ད་ཤ་དི་ཝ་༴ དུཥྚཾ་༴ དེ་རིང་བདག་༴ ས་བདག་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ ས་བདག་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ ས་བདག་གནོད་པ་༴ ས་བདག་དམག་༴ ཨོཾ་མུ་ནི་༴ ས་བདག་གི་གནོད་པ་ཐམས་ཅད་༴ དུཥྚཾ་༴ དེ་རིང་བདག་༴ ཀླུ་ཡི་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ ཀླུ་རྣམས་ཀུན་གྱི་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ ཀླུ་ཡི་གནོད་པ་༴ ཀླུ་ཡི་དམག་༴ ཨོཾ་མུ་ནི་༴ ནཱ་གཱ་ར་ཛཿ དུཥྚཾ་༴ དེ་རིང་བདག་༴ ཚངས་པའི་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ ཚངས་པ་རྣམས་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ ཚངས་པའི་

p. 330

གནོད་པ་༴ ཚངས་པའི་དམག་༴ ཨོཾ་མུ་ནི་༴ བྲཧྨ་རཱ་ཛཱ། དུཥྚཾ་༴ དེ་རིང་བདག་༴ གཟའ་ཡི་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ དྲང་སྲོང་རྣམས་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ གཟའ་ཡི་གནོད་པ་༴ གཟའ་ཡི་དམག་༴ ཨོཾ་མུ་ནི་༴ ར་ཧཱུ་ལ་༴ དུཥྚཾ་༴ དེ་རིང་བདག་༴ སྲིན་པོའི་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ སྲིན་པོ་རྣམས་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ སྲིན་པོའི་གནོད་པ་༴ སྲིན་པོའི་དམག་༴ ཨོཾ་མུ་ནི་༴ རཀྵ་༴ དུཥྚཾ་༴ དེ་རིང་བདག་༴ ཐེའུ་རང་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ ཐེའུ་རང་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ ཐེའུ་རང་གནོད་པ་༴ ཐེའུ་རང་དམག་༴ ཨོཾ་མུ་ནི་༴ ཤཀླིང་༴ དུཥྚཾ་༴ དེ་རིང་བདག་༴ རྒྱ་གར་ཆོས་དང་རྒྱ་ནག་ཁྲིམས། །སྟག་གཟིག་ནོར་དང་གེ་སེར་དམག །མི་ཡི་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ རྒྱལ་པོ་བཞི་ཡི་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴

p. 331

མི་ཡི་གནོད་པ་༴ མི་ཡི་དམག་༴ ཨོཾ་མུ་ནི་༴ མ་ཧཱ་ར་ཛཿ དུཥྚཾ་༴ དེ་རིང་བདག་༴ ས་ལྷའི་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ ས་ལྷ་རྣམས་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ ས་ལྷའི་གནོད་པ་༴ ས་ལྷའི་དམག་༴ ཨོཾ་མུ་ནི་༴ ས་ལྷའི་འཇིགས་པ་ཐམས་ཅད་༴ དུཥྚཾ་༴ དེ་རིང་བདག་༴ ཆུ་ལྷའི་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ ཆུ་ལྷའི་རྣམས་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ ཆུ་ལྷའི་གནོད་པ་༴ ཆུ་ལྷའི་དམག་༴ ཨོཾ་མུ་ནི་༴ ཆུ་ལྷའི་འཇིགས་པ་༴ དུཥྚཾ་༴ དེ་རིང་བདག་༴ མེ་ལྷའི་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ མེ་ལྷ་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ མེ་ལྷའི་གནོད་པ་༴ མེ་ལྷའི་དམག་༴ ཨོཾ་མུ་ནི་༴ ཨགྣེ་དུཥྚཾ་སརྦ་༴ དེ་རིང་བདག་༴ རླུང་ལྷའི་གནོད་པ་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ རླུང་ལྷའི་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ རྟ་རྐང་༴ རླུང་ལྷའི་གནོད་པ་༴ རླུང་ལྷའི་དམག་༴

p. 332

ཨོཾ་མུ་ནི་༴ རླུང་ལྷའི་འཇིགས་པ་༴ དུཥྚཾ་༴ དེ་རིང་བདག་༴ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀྱི། །བཀའ་ཡི་ཆད་པ་བྱུང་༴ ཚྭ་ཚྭ་༴ ཞལ་ཟས་༴ ངར་གླུད་༴ མཐེབ་སྐྱུ་༴ སྡེ་བརྒྱད་རྣམས་༴ རྒྱུ་སྦྱོར་༴ སྐྱེས་པ་༴ གནས་ཁང་༴ གནག་རྟ་༴ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀྱི་། །ལྟས་ངན་འཇིགས་པ་ད་སྒྱུར་ཅིག །སྡེ་བརྒྱད་དམག་ཚོགས་འདི་ཡི་བསྒྱུར། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། ལྟས་ངན་གྱི་འཇིགས་པ་ཐམས་ཅད་༴ དུཥྚཾ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། བདུན་པ་རྫོང་བཏབ་པ་ནི། མར་མེ་ཞལ་ཟས་ངར་གླུད་ཆང་རྗེས་མཐེབ་སྐྱུ་རྣམས་ཉི་ཤུ་རྩ་ལྔ་རེ་རིམ་གྱི་བཤམས་ལ་སྔགས་དང་། ཨ་མྲྀ་ཏ་སོགས། ཨོཾ་སྭ་བྷཱ་ཝ་སོགས་དང་། སྟོང་པའི་ངང་ལས་ལན་ཆགས་གླུད་ཀྱི་གཏོར་མ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་སོགས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱ་ནུད་པནྣ་ཏོཏྟ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་

p. 333

དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འཇམ་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཀྱཻ༑ ལྷ་དབང་བརྒྱ་བྱིན་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱི། །མཆོག་སྦྱིན་ཕྱག་མཐིལ་གཡས་པ་ཡིས། །ཕྱག་སོར་རྩེ་ལ་ལྷ་བདུད་བཀུག །ཐུགས་བརྩེ་ལས་བྱུང་ཉོན་མོངས་གསལ། །ཤེས་བྱའི་སྒྲིབ་པ་ལས་བྱུང་བའི། །ལྷ་བདུད་གསལ་སྟེ་མདངས་དང་ལྡན། །སྔོན་ཚེ་བདེན་པའི་བྱིན་རླབས་ལྟར། །ད་ལྟ་བདག་དང་ཡོན་བདག་གི །མཆོད་སྦྱིན་གླུད་ཆེན་དམ་པ་འདི། །མཐའ་མ་ཉི་ཤུ་རྩ་ལྔས་བསྐོར། །གནོད་པ་གསལ་ཕྱིར་ཁྱོད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ལྷ་བདུད་དཀར་པོ་མཐུ་སྟོབས་ཅན། །ཅི་ཡང་མེད་པའི་གནས་སུ་དེངས། །ཤེས་བྱའི་སྒྲིབ་པ་ལས་བྱུང་བའི། །ལྷ་བདུད་དཀར་པོ་བྱ་བ་ཁྱོད། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །

p. 334

བར་ཆད་རྐྱེན་རྣམས་བཟློག་པའི་ཕྱིར། །མཆོད་སྦྱིན་རྒྱ་ཆེན་བརྒྱ་བཞི་འདི། །མཐའ་མ་ཉི་ཤུ་རྩ་ལྔས་བསྐོར། །ལྷ་བདུད་དཀར་པོ་ཁྱོད་ལ་འབུལ། །གླུད་སྒོ་འགག་དང་ཡས་སྒོ་ཁྱིལ། །དྲི་མས་ཕོགས་དང་མི་གཙང་བགོས། །ཚོགས་ཆེན་བསགས་པས་དག་པར་བྱེད། །བདུད་ཀྱི་ཚོགས་དུང་འདུས་པའི་ཚོགས། །ཚོགས་ཀྱི་གཙོ་བོ་བདུད་ཆེན་བཞི། །གསང་སྔགས་བརྒྱ་བཞིའི་ཆོ་ག་འདི། །ལྷ་བདུད་དཀར་པོ་རབ་ཏུ་གསལ། ༈ །ནད་ཀྱི་གཙོ་བོ་འདུས་པ་བཞིས། །གཟུགས་ཀྱི་ཕུང་པོ་འཇིགས་པར་བྱེད། །བགེགས་ཀྱི་གཙོ་བོ་བདུད་བཞི་པོའི། །བར་ཆད་རྐྱེན་རྣམས་བཟློག་པའི་ཕྱིར། །དེ་དག་མཆོད་སྦྱིན་རྒྱས་པ་ཡིས། །བརྒྱ་བཞིའི་མཆོད་པ་འདི་བཞེས་ལ། །དེ་རིང་བདག་དང་ཡོན་བདག་རྣམས། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །གནན་པ་ཁྱོག་ལ་བསྡམ་པ་གློད། །རིན་དང་གླུད་དུ་བརྒྱ་བཞི་འབུལ། །རང་རང་གླུད་དུ་གཏོར་མ་ཁྱེར། །བདུད་མི་ལམ་གནོད་གནས་སུ་དེངས། །ཞེས་དྲག་སྔགས་བརྗོད་ལ།

p. 335

བདུད་རྣམས་ཤར་ཕྱོགས་ཀྱི་རྒྱ་མཚོའི་མཐར་བསྐྲད་པར་བསམ་ལ་དམིགས་པ་བརྟན་པར་བྱའོ། །གཏོར་མ་ལམ་མདོར་འདོར་རོ། ༈ །དེ་ལྟར་བཤམས་ལུགས་བྱིན་རླབས་སོགས་གོང་ལྟར་བྱས་ལ། ཀྱཻ༑ ལྷ་དབང་བརྒྱ་བྱིན་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱི། །མཆོག་སྦྱིན་ཕྱག་མཐིལ་གཡས་པ་ཡིས། །ཕྱག་སོར་རྩེ་ལ་ཕུང་བདུད་བཀུག །ཐུགས་བརྩེ་ལས་བྱུང་ཉོན་མོངས་གསལ། །བག་ཆགས་སྒྲིབ་པ་ལས་བྱུང་བའི། །ཕུང་བདུད་གསལ་སྟེ་མདངས་དང་ལྡན། །སྔོན་ཚེ་བདེན་པའི་བྱིན་རླབས་ལྟར། །ད་ལྟ་བདག་དང་ཡོན་བདག་གི །མཆོད་སྦྱིན་གླུད་ཆེན་དམ་པ་འདི། །མཐའ་མ་ཉི་ཤུ་རྩ་ལྔས་བསྐོར། །གནོད་པ་གསལ་ཕྱིར་ཁྱོད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ཕུང་བདུད་སེར་པོ་མཐུ་སྟོབས་ཅན། །ཡོད་མིན་མེད་མིན་གནས་སུ་དེངས། །བག་ཆགས་སྒྲིབ་པ་ལས་བྱུང་བའི། །ཕུང་བདུད་སེར་པོ་བྱ་བ་ཁྱོད། །ལས་སུ་བར་ཆད་རྣམས་སྨིན་བྱེད། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །བར་ཆད་རྐྱེན་

p. 336

རྣམས་བཟློག་པའི་ཕྱིར། །མཆོད་སྦྱིན་རྒྱ་ཆེན་བརྒྱ་བཞི་འདི། །མཐའ་མ་ཉི་ཤུ་རྩ་ལྔས་བསྐོར། །ཕུང་བདུད་སེར་པོ་ཁྱོད་ལ་འབུལ། །གླུད་སྒོ་འགག་དང་ཡས་སྒོ་ཁྱིལ། །དྲི་མས་ཕོག་དང་མི་གཙང་བགོས། །ཚོགས་ཆེན་བསགས་པས་དག་པར་བྱེད། །བདུད་ཀྱི་ཚོགས་དང་འདུས་པའི་ཚོགས། །ཚོགས་ཀྱི་གཙོ་བོ་བདུད་ཆེན་བཞི། །གསང་སྔགས་བརྒྱ་བཞིའི་ཆོ་ག་འདིས། །ཕུང་བདུད་སེར་པོ་རབ་ཏུ་གསལ། །ནད་ཀྱི་གཙོ་བོ་འདུས་པ་སོགས་བརྗོད། ཡས་རྣམས་ལྷོར་བསྐྱལ་ལོ། །ཡང་བཤམས་ལུགས་བྱིན་རླབས་སོགས་གོར་ལྟར་བྱས་ལ། ཀྱཻ༑ ལྷ་དབང་བརྒྱ་བྱིན་དོན་ཆེད་དུ། །བཅོམ་ལྡན་རྒྱལ་བའི་ཤཱཀ་ཐུབ་ཀྱི། །མཆོག་སྦྱིན་ཕྱག་མཐིལ་གཡས་པ་ཡི། །ཕྱག་སོར་རྩེ་ལ་ཉོན་བདུད་བཀུག །ཐུགས་བརྩེ་ལས་བྱུང་ཉོན་མོངས་གསལ། །ཉོན་མོངས་དུག་ལྔ་རྒྱུ་ལས་བྱུང་། །ཉོན་བདུད་གསལ་སྟེ་མདངས་དང་ལྡན། །སྔོན་ཚེ་བདེན་པའི་བྱིན་རླབས་ལྟར། །ད་ལྟར་བདག་དང་ཡོན་བདག་གི །མཆོད་སྦྱིན་གླུད་ཆེན་དམ་པ་འདི། །མཐའ་མ་ཉི་ཤུ་

p. 337

རྩ་ལྔས་བསྐོར། །གནོད་པ་གསལ་ཕྱིར་ཁྱོད་ལ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ཉོན་བདུད་དམར་པོ་མཐུ་སྟོབས་ཅན། །རྣམ་ཤེས་མཐའ་ཡས་གནས་སུ་གདེངས། །ཉོན་མོངས་སྒྲིབ་པ་ལས་བྱུང་བའི། །ཉོན་བདུད་བྱ་བའི་དམར་པོ་ཁྱོད། །དུག་ལྔ་ཉོན་མོངས་ལས་ལ་སྤྱོད། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །བར་ཆད་རྐྱེན་རྣམས་བཟློག་པའི་ཕྱིར། །མཆོད་སྦྱིན་རྒྱ་ཆེན་བརྒྱ་བཞི་འདི། །མཐའ་མ་ཉི་ཤུ་རྩ་ལྔས་བསྐོར། །ཉོན་བདུད་དམར་པོ་ཁྱོད་ལ་འབུལ། །གླུད་སྒོ་འགགས་དང་ཡས་སྒོ་འཁྱིལ། །དྲི་མས་ཕོག་དང་མི་གཙང་བགོས། །ཚོགས་ཆེན་བསགས་པས་དག་པར་བྱེད། །བདུད་ཀྱི་ཚོགས་དང་འདུས་པའི་ཚོགས། །ཚོགས་ཀྱི་གཙོ་བོ་བདུད་ཆེན་བཞི། །གསང་སྔགས་བརྒྱ་བཞིའི་ཆོ་ག་འདིས། །ཉོན་བདུད་དམར་པོ་རབ་ཏུ་གསལ། །ནད་ཀྱི་གཙོ་བོ་སོགས་བརྗོད། ཡས་རྣམས་ནུབ་ཏུ་བསྐྱལ་ལོ། །ཡང་བཤམས་ལུགས་བྱིན་རླབས་སོགས་གོང་ལྟར་བྱས་ལ། ཀྱཻ༑ ལྷ་དབང་བརྒྱ་བྱིན་དོན་ཆེད་དུ། །

p. 338

བཅོམ་ལྡན་རྒྱལ་༴ མཆོག་སྦྱིན་ཕྱག་༴ ཕྱག་སོར་རྩེ་ལ་འཆི་བདུད་བཀུག །ཐུགས་བརྩེ་ལས་༴ ལས་ཀྱི་སྒྲིབ་པ་རྒྱུ་༴ འཆི་བདུད་གསལ་སྟེ་༴ སྔོན་ཚེ་བདེན་པའི་༴ ད་ལྟ་བདག་དང་༴ མཆོད་སྦྱིན་གླུད་ཆེན་༴ མཐའ་མ་ཉི་ཤུ་༴ གནོད་པ་གསལ་ཕྱིར་༴ བདེན་པ་ཆེན་པོ་༴ འཆི་བདག་ནག་པོ་མཐུ་སྟོབས་ཅན། །ནམ་མཁའ་མཐའ་ཡས་གནས་སུ་གདེངས། །ལས་ཀྱི་སྒྲིབ་པ་ལས་བྱུང་བའི། །འཆི་བདུད་བྱ་བའི་ནག་པོ་ཁྱོད། །ལས་སུ་བསད་དང་བཅད་ལ་དགའ། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །བར་ཆད་རྐྱེན་རྣམས་བཟློག་པའི་ཕྱིར། །མཆོད་སྦྱིན་རྒྱ་ཆེན་བརྒྱ་བཞི་འདི། །མཐའ་མ་ཉི་ཤུ་རྩ་ལྔས་བསྐོར། །འཆི་བདུད་ནག་པོ་ཁྱོད་ལ་འབུལ། །གླུད་སྒོ་འགགས་དང་ཡས་སྒོ་འཁྱིལ། །དྲི་མས་ཕོག་དུད་མི་གཙང་ཕོགས། །ཚོགས་ཆེན་བསགས་པས་དག་པར་བྱེད། །བདུད་ཀྱི་ཚོགས་དང་འདུས་པའི་ཚོགས། །ཚོགས་ཀྱི་གཙོ་བོ་བདུད་ཆེན་བཞི། །གསང་སྔགས་བརྒྱ་བཞིའི་ཆོ་ག་འདིས། །འཆི་བདུད་ནག་པོ་རབ་ཏུ་

p. 339

གསལ། །ནད་ཀྱི་གཙོ་བོ་སོགས་གོང་ལྟར་བྱས། ཡས་རྣམས་བྱང་དུ་བསྐྱལ་ལོ། །བརྒྱད་པ་གླུད་བསྔོ་བ་ལ་གཉིས་ལས། དང་པོ་ནི། ཡས་རྣམས་བཤམས་ལུགས་བྱིན་རླབས་སོགས་གོང་བཞིན་བྱས་ལ། ཧཱུཾ༑ ང་ནི་དཔལ་ཆེན་ཧེ་རུ་ཀ །གསོན་ཅིག་ཉོན་ཅིག་ལྷ་འདྲེ་རྣམས། །ཁྱོད་སྣང་ལྷ་འདྲེ་སྙན་གསོན་དང་། །གནོད་པར་གྱུར་པའི་གདོན་བགེགས་ནི། །ལན་ཆགས་བདག་པོ་ཁྱེད་རྣམས་ལ། །ངེད་ཀྱི་རྫོངས་སུ་འབུལ་བ་ནི། །རིན་ཆེན་ངར་མི་ལོ་གྲངས་བྱེད། །མཐིང་གི་སྒྲ་ལ་གཡུ་ཡི་མིག །མུ་ཏིག་ཀླུད་པ་མགྲོན་བུ་སོ། །ལུང་ཐང་མིག་ལ་ཞོ་ཤ་སྙིང་། །བསོ་ཡི་ཤ་ལ་རུས་པ་དུང་། །རྐང་པ་གཡས་པ་ཐབ་ཆེན་ལྕགས། །རྐང་གཡོན་ཤེས་རབ་ཟངས་ལས་བྱས། །སྐེ་རགས་ཚལ་གྱི་ཁ་དོག་བསྒྱུར། །གོས་སྣ་ལྔ་ཡི་འཇའ་ཚོན་བསྒྱུར། །རིན་ཆེན་སྣ་ལྔའི་རྒྱན་ཡང་བཏགས། །གཟི་བརྗིད་འོད་འབར་ལམ་སེ་ལམ། །མི་བས་གླུད་བཟང་ངར་མི་འདི། །ཡོན་ཏན་དུ་མ་ལྡན་པ་ཡིས། །རིན་ཆེན་མཛེས་པའི་གླུད་བཟང་འདི། །ཕྱི་ནི་ཟ་འོག་

p. 340

དར་བས་འཇམ། །ནང་ནི་རིན་ཆེན་སྣ་བདུན་ཏེ། །དེ་ལྟར་མཛེས་པའི་ངར་གླུད་འདི། །ཡོན་ཏན་ཐམས་ཅད་འདི་ལ་ཚང་། །དབང་པོ་སྒོ་ལྔ་འདི་ལ་ཚང་། །འབྱུང་བ་རྣམས་བཞི་༴ །རྣམ་ཤེས་ཚོགས་བརྒྱད་༴ །ཁམས་ཆེན་བཅོ་བརྒྱད་༴ །སྐྱེས་མཆེད་བཅུ་གཉིས་༴ །ཡིད་འོང་མཛེས་པའི་ངར་གླུད་འདི། །བདུད་དང་ལྷ་སྲིན་རྣམས་ལ་འབུལ། །ལན་ཆགས་མ་ལུས་བྱང་བར་ཤོག །ཤ་ཁོན་མ་ལུས་བྲལ་བར་ཤོག །ཡང་ཅིག་གསོན་དང་ལྷ་འདྲེ་རྣམས། །རིན་ཆེན་མཛེས་པའི་ངར་གླུད་འདི། །འགྲོ་ན་དབང་ནི་རླུང་བས་མགྱོགས། །སྨྲ་བའི་སྐད་ནི་ཚངས་དབྱངས་བཞིན། །བཟའ་བའི་ཤ་ནི་རི་བས་ཆེ། །བཏུང་བའི་ཁྲག་ནི་མཚོ་བས་མང་། །གྱོན་པའི་གོས་ཀྱང་འདི་ལ་ཡོད། །སྤྱོད་པའི་ནོར་ཀྱང་འདི་ལ་ཡོད། །འདི་འདྲའི་ངར་གླུད་ཡ་མཚན་ཅན། །བདག་དང་ཡོན་བདག་འཁོར་བཅས་རྣམས། །བཟུང་བ་གཏོང་པའི་གླུད་དུ་འབུལ། །བཅིང་པ་གྲོལ་བའི་གླུད་དུ་འབུལ། །གནས་པ་འདེགས་པའི་གླུད་དུ་འབུལ། །ཤ་ཁྲག་རུས་པའི་

p. 341

གླུད་དུ་འབུལ། །རྩ་རྒྱུས་ལྤགས་པའི་གླུད་དུ་འབུལ། །ལུས་ངག་ཡིད་གསུམ་གླུད་དུ་འབུལ། །འབུལ་བ་ང་ཡི་མ་ནོར་ལ། །བཞེས་པ་ཁྱོད་ཀྱི་མ་འཁྲུལ་ཞིག །ལན་ཆགས་མ་ལུས་བྲལ་བར་ཤོག །ཤ་ཁོན་མ་ལུས་བྱང་བར་ཤོག །བུ་ལོན་མ་ལུས་འཁོར་བར་ཤོག །སྡིག་སྒྲིབ་མ་ལུས་དག་པར་ཤོག །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །གཉིས་པ་གླུད་བསྒྱུར་བ་ནི། ཀྱཻ༑ སྲིད་གསུམ་འདི་ནི་གང་ཡང་རུང་། །གནོད་པར་བྱེད་པའི་གདོན་བགེགས་རྣམས། །ཚུར་ཤོག་རྒྱལ་བའི་བཀའ་ལ་ཉོན། །འབྲུ་ཚོགས་ངར་མི་ཡ་མཚན་ཅན། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་བདག་དང་ཡོན་བདག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཡས་བཏགས་འདི་ལོང་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཡས་བཏགས་འདི་ལོང་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་

p. 342

གཏོང་། །མེ་ལ་གནས་པ་༴ གླུད་དང་ཡས་༴ འཁོར་འདིར་༴ དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་༴ གླུད་དང་༴ འཁོར་འདིར་༴ རུས་པའི་གླུད་འདི་བྲག་ལ་གཏོང་། །བྲག་ལ་གནས་༴ གླུད་དང་༴ འཁོར་འདིར་༴ རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་༴ གླུད་དང་༴ འཁོར་འདིར་༴ ལྤགས་པའི་གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་༴ གླུད་དང་༴ འཁོར་འདིར་༴ སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་༴ གླུད་དང་༴ འཁོར་འདིར་༴ གཞན་གྱི་བྱད་ཁ་ཕུར་ཁ་དང་། །ཟོར་ཁ་གནན་པ་ལ་སོགས་བཟློག །སྐག་དང་སྲི་ངན་ཐམས་ཅད་དང་། །གནོད་བྱེད་མ་ལུས་ཟློག་ཏུ་གསོལ། །ཧཱུཾ༑ ང་ནི་དབང་ཆེན་ཧེ་རུ་ཀ །འཇིག་རྟེན་འདི་འམ་འཇིག་རྟེན་གཞན་དག་ན། །ལྷ་དང་ཀླུ་དང་ལྷ་མ་ཡིན་གྱི་གདོན། །མི་འམ་ཅི་དང་ལྟོ་ཕྱེ་ཆེན་པོའི་གདོན། །མཁའ་ལ་རྒྱུ་དང་བར་སྣང་འཕྱོ་བ་དང་། །ས་ལ་གནས་པའི་འདྲེ་སྲིན་མ་ལུས་དང་། །ས་དང་ཆུ་དང་མེ་དང་རླུང་བདག་དང་། །འབྱུང་བ་བཞི་

p. 343

ལ་གནས་པའི་ལྷ་འདྲེ་དང་། །རི་རླུང་ཤིང་དང་ནགས་ཚལ་འབྲོག་གནས་དང་། །དཔང་དང་བྲག་ཕུག་དག་ལ་གང་གནས་དང་། །ཁང་སྟོང་གྲོང་སྟོང་དག་ལ་གནས་པ་དང་། །ལྷ་ཁང་ཆེན་པོའི་དཀོར་བདག་དམ་སྲི་དང་། །འཛམ་བུ་གླིང་གི་ལྷ་ཀླུ་སྲིན་པོ་དང་། །འདྲེ་སྲིན་གདོན་དང་འབྱུང་པོ་མ་ལུས་ལ། །སྦྱིན་པའི་གླུད་ཆེན་ཟད་མེད་འདི་བསྔོས་པས། །གནོད་པའི་བསམ་སྦྱོར་ངན་པ་སྤངས་ནས་ཀྱང་། །ཞི་བ་བྱམས་པའི་སེམས་ཀྱིས་རབ་གནས་ཏེ། །ཕྱིན་ཆད་བདེན་པ་ཆེན་པོའི་བཀའ་ལ་ཉོན། །འཁོར་འབངས་ཀུན་ལ་གནོད་པ་མ་བྱེད་ཅིག །གལ་ཏེ་བདེན་པའི་བཀའ་ལས་འདའ་བྱེད་ན། །མགོ་བོ་ཚལ་པ་བརྒྱ་རུ་འགས་པར་བྱེད། །ཨོཾ་སུམྦྷ་ནི་སོགས་ཁྲོ་བོ་བཅུའི་དྲག་སྔགས་བརྗོད། དགུ་པ་བཟློག་པ་བྱ་བ་ནི། བྷྱོཿ བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །དེ་རིང་བདག་དང་ཡོན་བདག་གི །ཡས་ཀྱི་བདུད་གཡོས་འདི་ཡི་བཟློག །དེ་རིང་ཡོན་བདག་བུད་མེད་ཀྱི། །མས་ཀྱི་སྲི་ལང་འདི་ཡི་བཟློག །ཕ་མཚན་རྒྱ་འདྲེ་

p. 344

འདི་ཡི་བཟློག །ལོ་སྐག་ཟླ་སྐག་འདི་ཡིས་༴ ཞག་སྐག་གཟའ་སྐག་འདི་ཡིས་༴ རྨི་ལྟས་ངན་པ་༴ མཚན་ལྟས་ངན་པ་༴ ལྟས་ངན་ཐམས་ཅད་༴ བོན་གྱི་བོན་༴ བནྡྷེའི་ཆོས་ཟོར་༴ མུ་སྟེགས་ངན་སྔགས་༴ ཚྭ་ཚྭ་བརྒྱ་དང་མར་མེ་བརྒྱ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །ངར་གླུད་བརྒྱ་དང་ཆུ་གཏོར་བརྒྱ། །ཟ་མ་མོ་ཡི་གླུད་དུ་འབུལ། །མཐེབ་སྐྱུ་བརྒྱ་དང་ཆང་རྗེས་བརྒྱ། །བྱིས་པ་ཆུང་ངུའི་གླུད་དུ་འབུལ། །ཚྭ་ཚྭ་བརྒྱ་ཡི་བྱིན་རླབས་ཀྱི། །བྱད་དང་རྦོད་གཏོང་ངན་པ་ཟློག །སྔོན་ཚེ་རྒྱལ་བ་ཤཱཀ་ཐུབ་ཀྱིས། །ལྷ་དབང་བརྒྱ་བྱིན་དོན་ཆེད་དུ། །མཆོད་སྦྱིན་ཕྱག་རྒྱ་གཡས་པ་རུ། །བརྒྱ་བཞིའི་འགྲོན་ལ་སྦྱིན་པ་ནི། །རྒྱུ་དང་ཡོན་དུ་སྦྱོར་པ་རྣམས། །མཆོག་སྦྱིན་ཕྱག་གི་མཐིལ་དུ་བཞག །ཅེས་པར་མཛད་དེ་དབང་བསྐུར་ནས། །སྒྲིབ་པ་བཞི་ལས་མཐར་བར་མཛད། །ད་ལྟ་སྔགས་འཆང་བདག་ཅག་གིས། །ཡོན་གྱི་བདག་པོའི་གཟུགས་བཞག་སྟེ། །མཐའ་མ་བརྒྱ་བཞིའི་རྫས་ཀྱི་བསྐོར། །བདུད་བཞི་ཕྱག་སོར་རྩེ་ལ་

p. 345

བཀུག །བྱིན་གྱིས་རླབས་ཏེ་བསྔོས་ཏེ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །བྱད་དང་རྦོད་གཏོང་བྱུང་བའི་ཚེ། །བརྒྱ་བཞི་འདི་ཡིས་བཟློག་པར་མཛོད། །ཀླུ་ཡི་གནན་གཏད་འདི་ཡི་ཟློག །གཤིན་རྗེའི་ཁྲམ་ཁ་འདི་ཡི་༴ གཟའ་ཡི་དལ་ཁ་འདི་ཡི་༴ རྒྱལ་པོའི་སྨྱོ་འབོག་༴ བདུད་ཀྱི་བྱོལ་ཁ་འདི་༴ རྒྱལ་པོའི་ཆད་པ་༴ ལོ་ཟླ་ཞག་དུས་ངན་པ་འདི་༴ གཟའ་སྐར་ཉི་མ་ངན་པ་འདི་༴ མ་ཉེས་ཞལ་ལྕེ་ངན་པ་འདི་ཡི་ཟློག །དགྲ་བགེགས་རང་གཤེད་རང་ལ་ཕོབ། །དམ་ཉམས་རང་མཚོན་རང་ལ་རྒྱོབ། །ཅེས་བཟློག་པ་བྱའོ། །གཞན་ཡང་ཟློག་པ་གང་མོས་བྱའོ། །གླུད་རང་གི་ལོ་དགྲ་ཡོད་པའི་ཕྱོགས་སུའམ། ལམ་བཞི་མདོར་བསྐྱལ་ལོ། །བཅུ་པ་གཤེགས་སུ་གསོལ་བ་ནི། །མཆོད་པ་ཁ་གསོས་མཆོད་བསྟོད་རྒྱས་བསྡུས་གང་རུང་སྐབས་དང་བསྟུན། མ་འབྱོར་བ་དང་སོགས་ཡིག་བརྒྱས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད། །སོགས་ཀྱི་ཡེ་ཤེས་པ་གཤེགས། །

p. 346

དམ་ཚིག་པ་རང་ལ་བསྡུས། མཆོད་སྦྱིན་གནས་འདིར་གང་ལྷག་པ། །སོགས་ཀྱི་འཇིག་རྟེན་པ་གཤེགས། དགེ་བ་རྫོགས་བྱང་དུ་བསྔོ། བཀྲ་ཤིས་སྨོན་ལམ་གྱི་མཐའ་རྒྱས་པར་བྱས་ལ། དཀྱིལ་འཁོར་གྱི་རྗེས་མི་མངོན་པར་བྱའོ། །ཞིབ་པར་ཕྱག་ལེན་མཐོང་རྒྱུད་ལས་རྟོགས་པར་བྱའོ། །བརྒྱ་བཞིའི་ཆོ་ག་འདི་རྒྱུད་སྡེ་གཞན་ལ་སྦྱར་མཆོག་རུང་རྣལ་འབྱོར་རྒྱུད་ལ་སྦྱར་བ་ཕྱག་ལེན་ཡིན། བཀྲ་ཤིས་དཔལ་འབར་འཛམ་གླིང་བདེ་བའི་རྒྱན་དུ་བྱོན།

ཟ་བྱེད་རྡོ་རྗེ་མཁའ་འགྲོའི་ཆོ་ག།

p. 347

ཟ་བྱེད་རྡོ་རྗེ་མཁའ་འགྲོའི་ཆོ་ག་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མདུན་དུ་མར་མེ་དང་ཏིལ་ནག་སྡིག་གཟུགས་ལ་སྦྱིན་བདག་གིས་སྣ་བུག་གཡས་ནས་རླུང་ཕྱུང་སྟེ་སྡིག་སྒྲིབ་བསྟིམ་པའི་དམིགས་པ་བྱ་ཞིང་མིང་བྱང་བྲིས་པ་བཞག་ལ། སངས་རྒྱས་ཆོས་ཚོགས་མ་དང༌། མར་མེ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ཆོས་རྣམས་མི་དམིགས་སྟོང་ཉིད་གྱུར། །དེ་ཡི་ངང་ལས་ཞི་བ་ཡི། །ཐབ་ཁུང་དཀར་ཞིང་ཟླུམ་པོ་རྒྱར། །ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པ། །མུ་རན་ཁ་ཁྱེར་སོར་བཞི་བཞིའི། །ཕྱི་རིམ་རྡོ་རྗེ་དཀར་པོ་ཡི། །ཕྲེང་བས་ཡོངས་བསྐོར་དབུས་ཉིད་དུ། །པདྨ་འདབ་བརྒྱད་རྡོ་རྗེ་དང༌། །གྲུ་བཞིར་ཟླ་ཕྱེད་རྡོ་རྗེ་སོགས། །

p. 348

མཚན་ཉིད་ཡོངས་རྫོགས་ལྟེ་བ་ལ། །པད་ཉིར་ཧཱུྃ་ལས་བཅོམ་ལྡན་འདས། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་མཆོག །སྐུ་མདོག་སྔོན་པོ་སྤྱན་གསུམ་པ། །བསྐལ་པའི་མེ་དཔུང་ལྟར་འབར་ཞིང༌། །མཆེ་བ་རབ་གཙིགས་ཕྱག་གཉིས་ཀྱིས། །རྡོ་རྗེ་དྲིལ་བུ་ཐུགས་ཀར་ནི། །བསྣོལ་འཛིན་ཕྱག་རྒྱ་དྲུག་གིས་སྤྲས། །གར་གྱི་ཉམས་དགུ་ལྡན་པ་ཡིས། །འཇིགས་དུས་གདན་ལ་གཡས་རྐྱང་སྟབས། །ཡེ་ཤེས་མེ་འབར་དབུས་ན་བཞུགས། །དེ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ། །ཧཱུྃ་གིས་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་ནམ་མཁར་བཞུགས་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་ལའང་སྦྱར་ཏེ་མཆོད། ཛཿཧཱུྃ་བཾ་ཧོཿདམ་ཚིག་དང༌། ཡེ་ཤེས་སེམས་དཔའ་གཉིས་མེད་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། མི་བསྐྱོད་རྡོ་རྗེས་དབུ་བརྒྱན་གྱུར། །མཐའ་ཡས་འཇིག་རྟེན་ཁམས་རྣམས་ན། །མཆོད་ཡོན་ཇི་སྙེད་ཡོད་པ་ཀུན། །བློ་ཡིས་ཡོངས་སུ་སྤྲུལ་ནས་

p. 349

ནི། །རྡོ་རྗེ་མཁའ་འགྲོར་མཆོད་པ་འབུལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་ཤབྡའི་བར་དུ་སྦྱར་ཏེ་མཆོད། བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་མཆོག་གི་དཀྱིལ་འཁོར་གསུམ། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །གང་གི་ཐུགས་རྗེའི་མེ་དཔུང་འབར་བའི་མཐུས། །ཆགས་སོགས་ཉེས་པའི་བུད་ཤིང་ཀུན་སྲེག་ཤིང༌། །བདེ་ཆེན་ཡེ་ཤེས་སྣང་བ་རྒྱས་མཛད་པ། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདག་སོགས་འགྲོ་ཀུན་སྡིག་སྒྲིབ་ཀུན་དག་ཅིང༌། །ཚེ་དཔལ་ལོངས་སྤྱོད་དགོས་འདོད་མ་ལུས་པ། །ཡིད་བཞིན་མཆོག་རྩོལ་དངོས་གྲུབ་འབྱུང་བ་ཡིས། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ཞེས་བསྟོད། དམིགས་ཡུལ་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་

p. 350

སྒྲིབ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་སྙིང་ཁའི་པཾ་ལས་སྡིག་སྒྲིབ་ཀྱི་ངོ་བོ་ཤ་ཟའི་གཟུགས་སུ་གནས་པ། ལྟེ་བ་ལ་ཧཱུྃ་རྡོ་རྗེ་གནོད་སྦྱིན་དུ་གྱུར་པས་དེད་ཏེ་སྣ་གོའི་ལམ་ནས་ཐོན། མདུན་གྱི་ཏིལ་དང་མིང་ཡིག་ལ་ཐིམ་པ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཕུལ་ཏེ་སྦྱངས་པར་གྱུར། ཞེས་ཏིལ་ལན་དགུ་བསྐོར་ཞིང་འབུལ། མིང་ཡིག་ཀྱང་བསྲེག་དེ་དག་གིས་ཚེ། ཨོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷ་སྨིན་ཀུ་རུ་ཡེ་སྭཱ་ཧཱ། ལན་གསུམ་རྗེས་མ་བྱང་བུ་བསྲེག །དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པ་དང༌། ཁྱད་པར་དམ་ཚིག་ཉམས་པ་ཐམས་ཅད་དག་པ་དང༌། ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་སྦྱང་བར་མཛད་དུ་གསོལ། མཆོད་བསྟོད་གོང་ལྟར། ཞེས་ཡེ་ཤེས་པ་གཤེགས་དམ་ཚིག་པ་བསྡུས། བཛྲ་མུཿ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་

p. 351

རྣམས། །བླ་མེད་བྱང་ཆུབ་ཆེན་པོ་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཅེས་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོའོ། །ཞེས་པ་འདི་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་ཞེ་དྲུག་པ་ལས། སློབ་མ་ཡི་ནི་རྐང་མཐིལ་དུ། །གཞུ་འདྲའི་རླུང་གི་དཀྱིལ་འཁོར་བསམ། །ལྟེ་བར་ཡེ་ཤེས་མེ་འབར་བས། །དེ་ཡི་འོད་ཟེར་སྙིང་གར་འབར། །འབར་བས་ཀུན་ནས་འཁྲིགས་པར་བསམས། །པཾ་ལས་འབྱུང་བའི་མི་སྡུག་གཟུགས། །སྡིག་ནི་རྣ་ཡི་གོ་ནས་བྱུང༌། །དེ་ནས་ཁྲོ་བོའི་གཟུགས་བསྒོམ་པ། །དེ་ནི་ཀུན་ནས་ཟ་བར་བསྒོམ། །ཞེས་གསུང་པ་ལྟར་སྡིག་སྒྲིབ་སྦྱངས་ཕྱིར་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་བསྲེག་གསོན་སྦྱངས་ལ་སྦྱར་བ་འདི་ནི། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་མཚན་གྱི་མདངས་ཙམ་འཛིན་པ་རྒྱལ་ཁམས་ཀྱི་སྙོམས་ལས་པ་གྲགས་པའི་མིང་ཅན་གྱིས་གཞན་ལ་ཕན་ཕྱིར་བཀོད་པའོ། །སརྦ་མངྒ་ལཾ།། །།

ཀརྨ་བཀྲ་ཤིས་ཀྱིས་གཏོར་མ་ལ་བརྟེན་པའི་ཐེ་ཚོམ་ཞུས་པའི་ལན་དུ་བསྩལ་བ།

སྤྱིར་ལུགས་འདི་པའི་གཏོར་མའི་རྣམ་གཞག་ལ། བརྟེན། རྒྱུན། ཐུན་གྱི་གཏོར་མ་གསུམ་དུ་བྱེད་པ་ལས། གོང་དུ་བཤམས་པའི་གཏོར་མ་བཅུ་པོ་ནི། རྒྱུན་གཏོར་གྱི་ཆར་གཏོགས་པས་བདུད་རྩིར་བྱིན་གྱིས་བརླབས་ནས་ལྷ་རང་རང་ལ་མཆོད་པར་འབུལ་བ་ཡིན་གྱི། གཏོར་མ་ཉིད་ལྷར་སྒོམ་པ་མ་ཡིན་ལ། བསྐང་གཏོར་དུ་གྲགས་པ་འདི་དོན་ཀུན་སྒྲུབ་བྱེད་དུ་མདུན་བསྐྱེད་ཀྱི་དམིགས་རྟེན་ལ། རྡུལ་ཚོན། བྲིས་འབུར་གྱི་སྐུ། བརྟེན་གཏོར་གསུམ་གསུངས་པ་ལས། ཕྱི་མའི་དབང་དུ་བྱས་ནས་བསྐང་གཏོར་མདུན་བསྐྱེད་ཀྱི་དམིགས་རྟེན་དུ་བྱེད་པའི་ཚེ། རྒྱུན་གཏོར་སྙིང་ལ་ཟུར་གཏོད་པ་ལྟ་བུ་ཞེས་པ་ལ་བསྙེགས་ནས་གསོལ་ཀའི་གཏོར་མ་ལོགས་སུ་འཆའ་བ་ཡིན་ལ། དེ་ཙམ་མ་གྲུབ་ན་རྒྱུན་གཏོར་ཉིད་ལ་སྐུ་ཙཀ་ལི་བཙུགས་ནས། སྐུ་དེ་མདུན་བསྐྱེད་ཀྱི་དམིགས་རྟེན་དང་། གསོལ་ཀའི་ཚེ་གཏོར་གསོས་འབུལ་བ་ཙམ་བྱས་པས་ཀྱང་འགྲུབ་པས། དེའི་ཚེ་བསྐང་གཏོར་དང་གསོལ་ཀ་ལོགས་སུ་མི་དགོས་པར་བསྐང་གཏོར་རང་གི་ཆོག་ཅིང་། འདི་ལ་རྟེན་གཏོར་གྱི་ཐ་སྙད་ནི་མི་བྱེད་ལ། རྟེན་རྒྱུན་སོ་སོར་བྱེད་པའི་ཚེ། དེང་སང་བསྐང་གཏོར་གྱི་མིང་ཅན་འདི་ལ་བརྟེན་གཏོར་གྱི་བཅའ་ཐབས་ཚུལ་བཞིན་དགོས་ཀྱང་། དེང་སང་གོང་དུ་བཤད་པའི་ལག་ལེན་གཉིས་ཅུང་ཟད་འདྲེས་པར་མངོན་ནོ། །འདི་གཉིས་གང་དུ་བསྒོམ་ཞེས་པ་ལ། བསྐང་གཏོར་ཟེར་བ་འདི་བརྟེན་གཏོར་དུ་བྱས་ནས་མདུན་གྱི་དམིགས་རྟེན་བྱེད་པའི་ཚེ་རྟེན་བརྟེན་པ་ཡོངས་རྫོགས་སུ་བསྐྱེད་དགོས་པས། གཞལ་ཡས་ཁང་གི་ཟུར་གསལ་དགོས་དོན་མེད་ལ། གསོལ་ཀའི་གཏོར་མ་ནི། བྱིན་གྱིས་བརླབས་པའི་གཏོར་མ་མཆོད་རྫས་སུ་འབུལ་བ་ཡིན་ཏེ། དེར། བ་ལིཾ་བཤོས་བུ་ཟུར་གསུམ་དང་། །ཞེས་འབྱུང་ལ། རང་གར་གཏོར་མ་གཞལ་ཡས་ཁང་དུ་བསྒོམ་ཟེར་བ་བྱུང་ན། མདོས་ཀྱི་ཞྭ་དཔེ་ལྷམ་བཀབ་ཡིན་པས་འབྲེལ་ཆེར་ཡོད་པར་མི་སེམས། ཐུན་གཏོར་ཡར་ལ་འབུལ་བ་དང་། ཕྱིར་ལ་འབུལ་བ་ཟེར་བའི་ཐ་སྙད་འདི། ལྷ་ལ་འབུལ་བ་དང་ཟོར་དུ་འཕེན་པ་ལ་ཟེར་བ་ཡིན་ན། དེང་སང་ཐུན་གཏོར་ཟོར་དུ་འཕེན་པར་འདོད་པ་རྣམས་ནང་སྒྲུབ་ཛ་རྡུང་གི་ལས་སྦྱོར་དང་འདྲེས་པ་ཡིན་ལ། ཐུན་གཏོར་ཡིན་ཕྱིན་ཐུན་དྲུག་ཏུ་དགྲ་བོ་དགུག་འདྲེན་བྱས་པའི་གཏོར་མ་དེ་དམིགས་བྱའི་ཤ་ཁྲག་ཏུ་བསམ་ནས་ཆོས་སྐྱོང་ལ་འབུལ་བ་ཁོ་ན་ཡིན་པས་ཁྱབ་ཅིང་། དེའི་ཚེ་ཟློག་པ་བྱེད་པ་ཡང་མི་འགལ་ཏེ། ཟས་བྱིན་ནས་ལས་འཆོལ་བའི་རིག་པས་ཤེས་སོ། །སྨོན་ལམ་དགོས་ཟེར་བ་ལ། སྙིང་རྗེ་དྲག་པོར་ཁྲོས་པའི་བཞིན་རས་ཀྱི། །སྤྲིན་སྔོན་ཁྲོད་ནས་སྒྲིབ་གསུམ་སྲེག་པའི་མེ། །ལྗགས་དམར་གློག་གི་ཞགས་པ་མྱུར་པོ་དེས། །སྲིད་པའི་གླང་པོ་ཀུན་ནས་བཅིངས་བཞིན་དུ། །ཡེ་ཤེས་རྡོ་རྗེ་གནམ་ལྕགས་ཀྱིས་འཇོམས་ཤོག །ཟླ་བ་བཞད་འདྲའི་འོད་ཅན་གྲི་གུག་ནི། །བགེགས་ཚོགས་ཉི་ཟེར་འགོག་པའི་སྣང་བ་མཆོག །སྔོན་མེད་གསལ་བའི་གཟུགས་རྙན་འཆར་གྱུར་ཅིག །བླ་མ་དང་བཅོམ་ལྡན་འདས་མ་ཧཱ་ཀཱ་ལ་དཀོན་མཆོག་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཅིང་རྗེས་སུ་གནང་བར་གསོལ། རབ་འབྱམས་པ་བག་ཡོད་དང་མགོན་ཁང་པ་བན་ཆུང་གི་ངག་སྒྲོས་མི་གཙོ་སྟེ། ཁོང་ཅག་གི་བློ་གྲོས་དེ་ཕྱོགས་སུའང་མ་ཕྱིན་པའི་ཕྱིར། འོལ་ཚོད་ཙམ་དུ་ཟད་ལ། དེ་བས་རྗེ་འགྲོ་མགོན་ཡབ་སྲས། རིན་པོ་ཆེ་ཀརྨ་པ། རྟོགས་ལྡན་མཁའ་སྤྱོད་པ་སོགས་དཔལ་མགོན་པོ་ཉིད་དང་དབྱེར་མ་མཆིས་པའི་བླ་མ་དག་གིས་གསུང་བཞིན་བརྗོད་ན། བརྟེན་གཏོར་བསྐྱེད་ཆོག་གི་ཚེ་གཏོར་སྣོད་ཨ་ཡིག་ལས་བྱུང་བའི་ཐོད་པའི་རླུང་མེ་དཀྱིལ་འཁོར་ལ་གནས་པའི་ནང་དུ་བརྟེན་གཏོར་ཉིད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་གྱུར་པས་གང་བར་བསྒོམ་པའི་སྟེང་དུ་ཁ་ཆོད་ཟླ་བའི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་རྭ་དྲུག་པས་མཚན་པའི་རྣམ་པར་ཡོད་པའི་རྩེ་ལྔ་ལ་ཧེ་རུ་ཀ་རིགས་ལྔ། ཟེའུ་འབྲུ་དང་པདྨ་ལ་བརྒྱུད་པའི་བླ་མ། ཟླ་བ་ལ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས། རྡོ་རྗེའི་ལྟེ་བར་མ་མགོན་འཁོར་བཅས་རྣམས་བསྐྱེད་ཅིང་སྤྱན་འདྲེན་བཞུགས་གསོལ། དམ་བཞག །དབང་བསྐུར་རྒྱས་གདབ། ཕྱག་འཚལ་མཆོད་འབུལ་གྱི་བར་བྱེད་པ་ལ་སྟེང་དུ་བསྐྱེད་ཅིང་སྟིམ་པ་ཟེར། དེའི་འོག་ཏུ་གཏོར་མ་ཉིད་རྒྱུན་གཏོར་ལྟར་བདུད་རྩིར་བྱིན་གྱིས་རླབས་ནས། གཏོར་མ་བདུད་རྩིའི་རྒྱ་མཚོ་ནམ་ཡང་ཟད་མི་ཤེས་པར་གྱུར་པ་དེ་ད་ལྟ་མི་བསྔོ་བར་ནམ་ཞལ་བསྟན་རྩ་ན་འབུལ་བར་ཁས་བླངས་ནས། དེའི་བར་དུ་གཏོར་མ་འདི་ལ་ཞལ་མྱུར་དུ་སྟོན་ཅིག་པ་གསོལ་བ་དང་། ཡང་དེའི་འོག་ཐོད་པའི་ནང་དུ་དགྲ་བོ་དངོས་སུ་དམིགས་པའི་ལུས་གན་རྐྱལ་དུ་ཡོད་པའི་སྙིང་ནང་དུ་འཁོར་ལོ་རྩིབས་དྲུག་པའི་རྩིབས་ཕྱིར་བསྟན་གཡོན་འཁོར་དང་། ལྟེ་བར་སྟེང་འོག་གི་རྒྱ་གྲམ་གྱི་རྭ་དབུས་མ་ཟུག་ཅིང་། ཕྱི་རོལ་ནས་འཁོར་ལོ་རྩིབས་དྲུག་པའི་རྩིབས་ནང་བསྟན་གཡས་སུ་འཁོར་བས་ལུས་གཅོད་ཅིང་གཏུབ་པར་བསྒོམ་པ་ལ་བར་དུ་བསྒྲལ་ཞིང་སྟབ་པ་ཟེར་ལ། འདིར་སྒྲུབ་པ་ལས་སྦྱོར་གྱི་ཚེ་གཏོར་མ་དགྲ་བོའི་ཤ་ཁྲག་ཏུ་བསྒོམ་པ་ཡང་དམིགས་པའི་རྣམ་གྲངས་གཅིག་ཡིན་ནོ། །གཏོར་སྣོད་ཀྱི་ཐོད་པའི་འོག་མེ་རླུང་གི་ནང་དུ་ལས་ཁུང་གྲུ་གསུམ་པར་དམིགས་བྱའི་དགྲ་བགེགས་གང་ཡིན་སྤྱིའུ་ཚུགས་སུ་གནས་པའི་སྤྱི་སྙིང་ལྟེ་བ་རྐང་ཞབས་བཞིར་འཁོར་ལོ་རྩིབས་དྲུག་པ་རེ་གཡོན་འཁོར་དང་། མགྲིན་ལྟེ་རྐང་བར་གསུམ་དུ་རྒྱ་གྲམ་རྩེ་དྲུག་པ་རེ་གཡས་སུ་འཁོར་བ། རྭ་དབུས་མ་འཁོར་ལོའི་ལྟེ་བ་ལ་ཐུག་པ་རྣམས་ཀྱིས་ལུས་དབང་མེད་དུ་གཅོད་ཅིང་ཕྱི་རོལ་ནས་མེ་རླུང་གིས་བསྐོར་བའི་གང་དུ་ཡང་འགྲོ་ས་མེད་པར་བསྒོམ་པ་ལ་འོག་ཏུ་སྟེག་ཅིང་མནན་པ་ཟེར་བ་ཡིན་གྱི། དེ་ལས་གཞན་པའི་དམིགས་པ་གསུམ་པོ་བྱེད་པའི་ཐོད་པ་ཟུར་པ་གཅིག་དགོས་དོན་མེད་པ་གཉིས་ཀར་ལྷ་བསྐྱེད་མི་བསྐྱེད་ཀྱི་དགོས་པ་ཞར་ལ་ཆོད། བརྟེན་གཏོར་ཡོད་ན་མདུན་བསྐྱེད་ཀྱི་དཀྱིལ་འཁོར་པ་དེ་ཀ་ཡིན་པས་ཉིན་རེ་བཞིན་གསལ་བཏབ་ནས། དེ་ལ་རྒྱུན་གཏོར་དང་བསྐང་བ་གསོ་བ་རྣམས་གཞུང་བཞིན་བྱིན་གྱིས་བརླབས་ནས་ཐུགས་དམ་བསྐང་བའི་ཕྱིར་མཆོད་པའི་ཚུལ་དུ་འབུལ་བ་ཡིན་ལ། དེའི་ཚེ་འབྱོར་ན་བསྐང་གསོལ་གྱི་གཏོར་མ་ལོགས་སུ་བཅའ་ཞིང་མ་འབྱོར་ན་བརྟེན་གཏོར་རང་ལ་གཏོར་གསོས་འབུལ་བ་ཙམ་བྱེད་པ་ཡིན། ཐུན་གཏོར་ལ་དགུག་འདྲེན་བྱེད་པ་སྤྱིར་བཏང་བསྟན་པ་སྤྱི་སྒེར་ལ་གནོད་པའི་དགྲ་བོ་སྤྲུལ་པའི་ལས་མཁན་རྣམས་ཀྱིས་བཀུག་ནས་གཏོར་མ་ལ་བཅུག་པར་བསྒོམ་པ་ཡིན་ཀྱང་། ལར་དགྲ་བོ་ཆེ་ཤོས་རང་གི་ཉོན་མོངས་དང་བདག་འཛིན་ཡིན་པས་དེ་ལ་དམིགས་ཀྱང་ཉན། དེ་ནས་གཏོར་མ་དེ་བསྔོ་དུས་དགྲ་བོའི་ཤ་ཁྲག་ཏུ་གྱུར་པ་མདུན་བསྐྱེད་ཀྱི་མ་མགོན་འཁོར་བཅས་ཀྱི་གསོལ་ནས་རྣམ་པར་ཤེས་པ་དཔལ་མ་མགོན་གྱི་ཐུགས་དང་བསྲེས་པས་སྒྲིབ་གསུམ་བག་ཆགས་དང་བཅས་པ་དག་པར་བསམ་པ་ཡིན་ལ། བསྐུལ་རྣམས་བྱེད། ཆོས་སྐྱོང་རྣམས་ལ་རང་གང་འདོད་ཀྱི་ཕྲིན་ལས་འཆོལ་བའི་བསམས་པས་བྱེད་པ་ཡིན། གབ་པ་ལྷ་བཞི་ཟེར་ཡང་དོན་ལ་གསང་ཕྱི་ནོར་བུའི་གཟུགས་ཅན་དེ་ནོར་ལྷ་ཐམས་ཅད་ཀྱི་རྟེན། ལྷ་བཤོས་ཟླུམ་པོ་དེ་དཔལ་མགོན་ཐམས་ཅད་ཀྱི་རྟེན། བཙན་བཤོས་ཟུར་བཞི་པ་དེ་བདུད་བཙན་ཀླུ་གསུམ་ལ་སོགས་པ་འཇིག་རྟེན་པ་ཕོ་རྒྱུད་ཐམས་ཅད་ཀྱི་རྟེན། དྲག་བཤོས་ཟུར་གསུམ་པ་དེ་སྲིད་པ་མོ་རྒྱུད་ཐམས་ཅད་ཀྱི་རྟེན་ཡིན་ལ། དབུས་ཀྱི་རྟེན་གཏོར་ཉིད་ནི་དཔལ་མགོན་པོ་ཡབ་ཡུམ་གྱི་རྟེན་ཡིན་པར་ཤེས་པར་བྱའོ། །འདིར་ནི་འདི་ཡིན་གྱི་རྐང་གྲངས་སྨོས་པ་ཡིན་གྱི། སྒོམ་དོན་ཞིབ་པར་སྔོན་གྱི་ཡི་གེ་ན་གསལ་བས་དེ་དག་ཏུ་རྟོགས་ཤིག །ཅོད་པན་འཆར་ཀའི་འོད་ཟེར་ཅན། །བླ་མ་དཀོན་མཆོག་འབངས་ཀྱི་བཀའི། །སྣང་བས་བདག་བློ་གསལ་བྱས་པས། །ཟབ་མོའི་རང་བཞིན་ཅི་ཡང་རྟོགས། །འོན་ཀྱང་དམུས་ལོང་རྒྱལ་པོའི་དཔལ། །མ་མཐོང་རང་གི་ཉེས་པ་བཞིན། །སྐལ་བ་དམན་འགས་རིང་དོར་ཀྱང་། །སེམས་ཅན་ཡིན་ཕྱིར་བློ་གར་སྤངས། །བློ་མིག་དག་པས་བདག་གིས་ལེགས་སྤྱད་ཆ། །ཕྱོགས་ཙམ་མཐོང་བའི་སེམས་པ་འཇུག་རྣམས་ལ། །དང་པོའི་ཟླ་ཚེས་ཇི་བཞིན་ཡང་དག་ལམ། །ཅུང་ཟད་སྣང་བར་འགྱུར་སྙམ་མོས་པ་ཙམ། །དེ་ཡི་དགེ་བས་བདག་སོགས་འགྲོ་ཀུན་གྱི། །གློ་བུར་དྲི་མའི་སྒོ་གསུམ་ཚར་བཅད་ནས། །རང་བཞིན་རྣམ་དག་བདེ་ཆེན་མཆོག་གི་དབྱིངས། །རྡོ་རྗེ་ནག་པོའི་ངོ་བོར་ཐིམ་གྱུར་ཅིག །ཅེས་པ་དགེ་སློང་གྲགས་པ་དོན་གྲུབ་ཀྱིས་སོ། །མངྒ་ལཾ།། །།

དཔལ་ལྡན་ལྷ་མོའི་མངའ་གསོལ།

p. 352
p. 353

དཔལ་ལྡན་ལྷ་མོའི་མངའ་གསོལ་ནི།

p. 354

བིགྷྣཱན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ། དེའི་སྟེང་དུ་རཾ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པའི་སྒྱེད་བུ་རི་རབ་ཙམ་གསུམ། དེའི་སྟེང་དུ་གཏོར་མའི་སྣོད་འོད་དུ་ཞུ་བ་ལས། ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་ལས་ཤ་ལྔ་བདུད་རྩི་ལྔ། སོ་སོའི་ས་བོན་གྱིས་མཚན་པར་གྱུར། རླུང་གཡོས། མེ་སྦར། མེས་ཐོད་པ་དྲོས། གཏོར་མའི་རྫས་འོད་དུ་ཞུ་བ་ལས་དམ་ཚིག་གི་བདུད་རྩིའི་རྒྱ་མཚོ་ཆེན་པོར་

p. 355

གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། དཔལ་ཧེ་རུ་ཀ་དང་། ཁྲོ་བོ་ཡི་དམ་མ་མོ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་ལ་འདི་སྐད་དོ། །བྷྱོ༑ དཔལ་ཆེན་རྔམ་པའི་དཀྱིལ་འཁོར་དུ། །ཧེ་རུ་ཀ་དཔལ་ཡ་མཱནྟ། །རྡོ་རྗེ་འཛིན་པ་དབང་གི་ལྷ། །འབར་བའི་ཁྲོ་བོ་བཅུ་ལ་སོགས། །སྟོང་གསུམ་སྟོང་གི་འཇིག་རྟེན་ནས། །དཔལ་ཆེན་ཚོགས་བཅས་གཤེགས་སུ་གསོལ། །བྷྱོ༑ དེ་ཡི་བཀའ་ཉན་ཐུགས་སྤྲུལ་ནི། །ལྷ་མོ་ཞལ་གསུམ་ཕྱག་དྲུག་མ། །བོང་བུ་ཆིབས་ཤིང་ལྷ་གནས་འགྲིམ། །

p. 356

ལྷ་མོ་འབུམ་དང་བཅས་པ་ཡང་། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བྱང་ཤར་ཐོད་པའི་སྐུ་མཁར་ནས། །ཐུགས་མཆོག་རང་བྱུང་རྒྱལ་མོ་ནི། །རླུང་ནག་འཚུབས་མའི་ཀློང་དཀྱིལ་དབུས། །དྲེལ་རྟ་ཆིབས་ཤིང་སྟོང་གསུམ་ཉུལ། །བདུད་མོ་བྱེ་བ་འབུམ་གྱིས་བསྐོར། །བསྟན་པ་བསྲུང་ཕྱིར་སྤྱན་འདྲེན་གྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །སྲིན་ཡུལ་ལངྐ་པུ་རི་ན། །ཁྲག་མཚོ་འབར་བའི་གཞལ་ཡས་ནས། །གསུང་སྤྲུལ་སྲིན་མོ་ཟངས་མདོག་མ། །སེང་གེ་ཆིབས་ཤིང་དུར་ཁྲོད་འགྲིམ། །སྲིན་མོ་བྱེ་བའི་ཚོགས་དང་བཅས། །དགྲ་བགེགས་སྒྲོལ་ཕྱིར་སྤྱན་འདྲེན་གྱི། །ཤ་ཟ་ཆེན་མོ་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་ལྷ་མོ་གསུམ། །ཁྱོད་ཀྱི་སྤྲུལ་པས་སྟོང་ཁམས་ཁྱབ། །སྲིད་པ་གསུམ་གྱི་མ་མོ་རྣམས། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །བདུད་མོ་སྲིན་མོའི་ཚོགས་དང་བཅས། །ཁྱོད་ཀྱི་བཀའ་ཉན་ཕོ་ཉ་སྟེ། །སྤྲུལ་པའི་མ་མོ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ལྷ་སྲིན་

p. 357

སྡེ་བརྒྱད་རྗེ་མོ་མཛད། །སྲིན་མོ་ཟ་བྱེད་གདོང་དམར་མ། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ། །མ་མོ་གཏུམ་རྔམས་འཇིགས་བྱེད་སྐུ། །མཁའ་འགྲོའི་དབང་ཕྱུག་ལྷ་མོ་ཆེ། །དྲི་ཟ་མོ་ཡི་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །རི་རབ་བང་རིམ་གནས་པ་ཡི། །མ་མོ་སྐྱོང་མ་འཁོར་བཅས་རྣམས། །བསྟན་པ་སྐྱོང་ཕྱིར་གཤེགས་སུ་གསོལ། །རྡོ་རྗེ་བདུད་སྲིན་མ་མོ་ལ། །གདོང་མོ་བཞི་ཡི་འཁོར་གྱིས་བསྐོར། །ཁྱབ་འཇུག་ཆེན་པོའི་ཡུམ་བརྒྱད་ཀྱང་། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །མ་མོ་ཆེན་མོའི་ཚོགས་བརྒྱད་ཀྱང་། །དུར་ཁྲོད་གནས་བརྒྱད་སྲུང་བྱེད་ཅིང་། །སྲིད་གསུམ་མ་མོ་རྗེ་དཔོན་ཆེ། །དཔལ་ལྡན་གཉན་གྱི་བཀའ་ཉན་མ། །སྤྲིན་ལྟར་འདུ་ཞིང་ད་ཚུར་བྱོན། །སྐར་ལྟར་འཁྲུགས་ཤིང་དམ་ལ་འདུ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བསྟན་པ་བསྲུང་ཕྱིར་གཤེགས་

p. 358

སུ་གསོལ། །བྷྱོ༑ དོན་དམ་བྱང་ཆུབ་སེམས་སུ་གསལ་ན་ཡང་། །བསྟན་པ་བསྲུང་ཕྱིར་ཐུགས་རྗེས་སྐུར་སྤྲུལ་ནས། །ལྷ་མོའི་ཚུལ་གྱིས་སྲིད་གསུམ་དབང་བསྒྱུར་མ། །བྱང་ཆུབ་སེམས་མ་ཁྱོད་ཉིད་མངའ་གསོལ་ལོ། །སྟོང་གསུམ་འཇིག་རྟེན་སྐུ་ཡིས་ཁྱབ་མཛད་ཅིང་། །སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་ལྷ་མོའི་ཚོགས། །ཁམས་གསུམ་ཁྱབ་ཅིང་སྲིད་གསུམ་ལས་ལ་འཇུག །མི་ཕམ་ཁྱབ་འཇུག་ཆེན་མོ་མངའ་གསོལ་ལོ། །ལྷ་མོ་ཀུན་གྱི་གཙོ་མོ་ཆེན་མོ་སྟེ། །ལྷ་མིན་དབང་ཕྱུག་རྣམས་ཀྱི་རྗེ་མོ་མཛད། །ཀླུ་མོ་གནོད་སྦྱིན་མོ་ཡི་དབང་མོ་ཆེ། །སྣ་ཚོགས་སྐུར་སྟོན་ལྷ་མོ་མངའ་གསོལ་ལོ། །དེ་ལྟར་གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་བ་དང་། །བསྟན་པ་དར་ཞིང་ཡུན་རིང་གནས་པ་ཡི། །ཕྲིན་ལས་རྒྱ་ཆེར་འཕེལ་བའི་སྟོང་གྲོགས་མཛོད། །བྷྱོ༑ བྱང་ཤར་ཐོད་པ་འཕྲུལ་གྱི་གཞལ་ཡས་ནས། །ལྷ་མོ་ནག་མོ་མཐུ་དང་རྫུ་འཕྲུལ་ཅན། །དབང་ཕྱུག་སྲིད་པ་གསུམ་གྱི་བདག་མོ་

p. 359

སྟེ། །ཁྱོད་ནི་ཁམས་གསུམ་ཀུན་གྱིས་མཆོད་ཅིང་བཀུར། །ཚངས་པའི་རྒྱལ་པོས་རྨ་བྱའི་རྒྱལ་མཚན་ཕུལ། །ཁྱབ་འཇུག་ཆེན་པོས་ཉི་ཟླ་རྒྱན་དུ་ཕུལ། །བདེ་གཤེགས་རིགས་ལྔས་ཐོད་པའི་དབུ་རྒྱན་ཕུལ། །རྣམ་ཐོས་སྲས་ཀྱིས་སེང་གེའི་སྙན་རྒྱན་ཕུལ། །ནམ་མཁའི་ལྷ་བྲན་སེར་གྱི་དྲིལ་བུ་ཕུལ། །ཀླུ་རྒྱལ་དགའ་བོས་སྦྲུལ་ནག་གདེངས་ཀ་ཕུལ། །འཆི་བདག་ནག་པོས་ཕྱག་གཡས་རལ་གྲི་ཕུལ། །དུར་ཁྲོད་བདག་པོས་བྷནྡྷ་ཁྲག་བཀང་ཕུལ། །བཙན་གྱི་རྒྱལ་པོས་ཤྭ་རྡེལ་དཀར་ནག་ཕུལ། །བདུད་ཀྱི་རྒྱལ་པོས་ཁྲམ་ཤིང་སེར་ནག་ཕུལ། །གནོད་སྦྱིན་རྒྱལ་པོས་ནེའུ་ལེའི་རྐྱལ་པ་ཕུལ། །ལྷ་དབང་བརྒྱ་བྱིན་གླང་ཆེན་ཀོ་རློན་ཕུལ། །མ་མོ་རྣམས་ཀྱིས་ནད་ཀྱི་རྐྱལ་པ་དང་། །རེ་ལྡེའི་ཤམ་བུའི་སྨད་གཡོགས་དམ་པ་ཕུལ། །ཤ་ཟ་རྣམས་ཀྱིས་ཁྲག་ཞག་ཐིག་ལེ་ཕུལ། །མཁའ་འགྲོ་རྣམས་ཀྱིས་རུས་པའི་རྒྱན་ཆ་ཕུལ། །གཤིན་རྗེའི་རྒྱལ་པོས་ཐོད་པའི་ཕྲེང་བ་ཕུལ། །སྲིན་པོའི་རྒྱལ་པོས་ཞབས་ལ་

p. 360

ལྕགས་སྒྲོག་ཕུལ། །སྲིན་པོ་དྷ་ཤས་བོང་བུ་གཱ་དམར་ཕུལ། །སྲིན་ཕྲུགས་རྣམས་ཀྱིས་ཞིང་ཆེན་པགས་པ་ཕུལ། །སྲིན་མོ་རྣམས་ཀྱིས་མཚོན་གྱི་གྲུ་གུ་ཕུལ། །འཁོར་ལོས་བསྒྱུར་རྒྱལ་ལྷ་མིའི་རྒྱལ་སྲིད་ཕུལ། །རྣལ་འབྱོར་བདག་གིས་བ་ལིཾ་གཏོར་མ་ཕུལ། །དེ་ལྟར་རྒྱན་ཕུལ་མཆོད་པའི་ཚོགས་རྣམས་ཀྱིས། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད་འབུལ་ན། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ཚེ་དང་བསོད་ནམས་ལ་སོགས་རྒྱས་པ་དང་། །མཆོག་དང་ཐུན་མོངས་དངོས་གྲུབ་མ་ལུས་སྩོལ། །གྲངས་མེད་བསྐལ་པ་དཔག་མེད་སྔོན་རོལ་ནས། །ལྷ་མོ་ཁྱོད་དང་སྨོན་ལམ་དམ་ཚིག་གིས། །སྔགས་དང་ཕྱག་རྒྱས་ཡུམ་དང་གྲོགས་སུ་བསྒྲུབ། །མཆེད་དང་ལྕམ་དྲལ་ཚུལ་དུ་ཁྱོད་བསྟེན་པས། །ཕྲིན་ལས་རྣམ་བཞི་ཁྱོད་ཀྱིས་བསྒྲུབ་ཏུ་གསོལ། །གཏོར་མ་དང་ཕུད་སྐྱེམས་ནམ་མཁར་འབུལ་ཞིང་། གསོལ་ལོ་མཆོད་དོ། །དཔལ་ལྡན་ལྷ་མོ་ཆེན་མོ་རང་བྱུང་གི་རྒྱལ་མོ། བདུད་ཀྱི་ཡུམ། གཤིན་རྗེའི་ལྕམ། འདོད་པ་

p. 361

ཁམས་གྱི་དབང་ཕྱུག་མ། དུས་བཞིའི་ལྷ་མོ་དབུ་ལ་འཆར་བ། ཕྲ་མེན་བཅུ་དྲུག་སྐུ་ལ་རྫོགས་པ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འགྱེད་པ། རྫུ་འཕྲུལ་གྱི་ཤུགས་ལྡན་མྱུར་མགྱོགས་དྲེའུའི་སྟེང་ན་བཙན་སྐྱིལ་གྱིས་བཞུགས་པ། དྲེགས་པ་ཕོ་མོ་དབང་དུ་སྡུད་པ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ། །མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། འཕགས་མ་རེ་མ་ཏི། སེམས་མ་རེ་མ་ཏི། ལྷ་མོ་རེ་མ་ཏི། ཀླུ་མོ་རེ་མ་ཏི། བདུད་མོ་རེ་མ་ཏི། གནོད་སྦྱིན་རེ་མ་ཏི། དབང་ཕྱུག་རེ་མ་ཏི། དམ་ཅན་རེ་མ་ཏི། གསོལ་ལོ་མཆོད་དོ། །མ་མོ་ཀུན་གྱི་གཙོ་མོ། དཔལ་ལྡན་ལྷ་མོ། སྲིད་པའི་རྒྱལ་མོ། ལྷ་ཡི་སྲས་མོ། དབུགས་ལེན་གྱི་རྒྱལ་མོ། གསོལ་ལོ་མཆོད་དོ། །མ་ལྟར་བྱམས་བྱེད་མ། སྲིང་ལྟར་གདུང་བྱེད་མ། ཆུང་ལྟར་སེམས་བྱེད་མ། གྲོགས་ལྟར་བརྩེ་བྱེད་མ། བྲན་ལྟར་གུས་བྱེད་མ། གསོལ་ལོ་མཆོད་དོ། །གླིང་བཞི་ཁ་འབར་མ། སྐོས་བདག་ལས་མཁན་མ། ལེགས་ཉེས་སྟངས་འཛིན་མ། དམ་ཚིག་གྲོགས་མཛད་

p. 362

མ། དམ་ཉམས་སྲོག་གཅོད་མ། གསོལ་ལོ་མཆོད་དོ། །ཏིང་འཛིན་དྲོད་ཉུལ་མ། ཀླུ་མོ་གློག་འགྱུ་མ། འབར་མ་མེ་ཁྱེར་མ། ལྷ་མིན་གཡུལ་བཟློག་མ། ལྟེ་བར་རྫིང་བཅས་མ། གསོལ་ལོ་མཆོད་དོ། །མགོན་པོ་ནག་མོ་མ། མི་སྲུན་མགོ་ཡག་མ། བྷ་ག་ཧྲི་ཏི་མ། རྫོང་གི་བཀའ་བཟློག་མ། མེ་ཟ་བྲག་གྱོན་མ། གསོལ་ལོ་མཆོད་དོ། །གར་གྱི་དབང་ཕྱུག་མ། དཀར་མོ་སྤྱན་གཅིག་མ། གཙོ་མོ་སྤྱན་གཅིག་མ། བཙུན་མོ་མོ་བཙུན་མ། དམ་ཚིག་གཉེར་གཏད་མ། ལྷ་མོ་ནམ་གྲུ་མ། གསོལ་ལོ་མཆོད་དོ། །སྲིན་མོ་ཟ་བྱེད་མ། མ་མོ་རྔམ་པ་མ། བདུད་མོ་ཁ་འབར་མ། མོན་མོ་ལག་དམར་མ། སྒྲོལ་གིང་མཐུ་ཆེན་མ། གསོལ་ལོ་མཆོད་དོ། །སྲིད་གསུམ་ཟིལ་གནོན་མ། ཁམས་གསུམ་དབང་སྡུད་མ། མཁའ་ལ་དབང་སྒྱུར་མ། ཐར་པའི་ལམ་སྟོན་མ། འགྲོ་བ་ཀུན་བྱམས་མ། གསོལ་ལོ་མཆོད་དོ། །སངས་རྒྱས་དགོངས་མཐུན་མ། གླིང་བཞི་དབང་སྒྱུར་མ། སྐར་ཆེན་མདའ་འཕེན་མ། མ་མོ་ཀུན་ཁྱབ་མ། རླུང་འཚུབས་སྣ་

p. 363

འདྲེན་མ། གསོལ་ལོ་མཆོད་དོ། །རྡོ་རྗེ་བདུད་འདུལ་མ། ཕྱག་རྒྱ་སྐུར་གསལ་མ། བལ་མོ་དུག་མཚོན་མ། ཞོ་མོ་ཁྲག་ནད་མ། ལྷ་མོ་ལྕེ་འབར་མ། ལྷ་མོ་ལྕགས་ཕུར་བདུན་མ། གསོལ་ལོ་མཆོད་དོ། །སྲོག་བདུད་ཆེན་མོ། སྲོག་གཤེད་ཆེན་མོ། སྲོག་གཅོད་ཆེན་མོ། སྲོག་གཟེར་ཆེན་མོ། གསོལ་ལོ་མཆོད་དོ། །བདུད་འདུལ་ཆེན་མོ། དགྲ་ལྷ་ཆེན་མོ། དགྲ་འདུལ་ཆེན་མོ། དགྲ་གཤེད་ཆེན་མོ། དགྲ་ལྷའི་རྒྱལ་མོ། གསོལ་ལོ་མཆོད་དོ། །དམག་དཔོན་ཆེན་མོ། ཁྲིམས་དཔོན་ཆེན་མོ། རུ་དཔོན་ཆེན་མོ། སྒོ་དཔོན་ཆེན་མོ། རྩིས་དཔོན་ཆེན་མོ། གསོལ་ལོ་མཆོད་དོ། །ཚོང་དཔོན་ཆེན་མོ། ཇག་དཔོན་ཆེན་མོ། བིང་དཔོན་ཆེན་མོ། གཞིས་དཔོན་ཆེན་མོ། བྱེས་དཔོན་ཆེན་མོ། ལས་དཔོན་ཆེན་མོ། གསོལ་ལོ་མཆོད་དོ། །གཙོ་མོ་ཆེན་མོ། ལྷ་མོ་ཆེན་མོ། དབང་ཕྱུག་ཆེན་མོ། དབང་བསྒྱུར་ཆེན་མོ། དབང་སྡུད་ཆེན་མོ། གསོལ་ལོ་མཆོད་དོ། །ནག་མོ་ཆེན་མོ། ནམ་གྲུ་ཆེན་མོ། ཁ་

p. 364

འབར་ཆེན་མོ། མགྱོགས་བྱེད་ཆེན་མོ། རྫུ་འཕྲུལ་ཆེན་མོ། གསོལ་ལོ་མཆོད་དོ། །སྟོང་གསུམ་བདག་མོ། ཟ་བྱེད་ཆེན་མོ། འཐུང་བྱེད་ཆེན་མོ། འཇིགས་བྱེད་ཆེན་མོ། གསོད་བྱེད་ཆེན་མོ། གསོལ་ལོ་མཆོད་དོ། །སྒྲོལ་བྱེད་ཆེན་མོ། སྲིན་མོ་ཆེན་མོ། བདུད་མོ་ཆེན་མོ། གནོད་སྦྱིན་ཆེན་མོ། དམ་ཅན་ཆེན་མོ། གསོལ་ལོ་མཆོད་དོ། །ལྷ་མོ་ཀུན་གྱི་བདག་མོ། ནད་ཀྱི་བདག་མོ། ཡམས་ཀྱི་བདག་མོ། རིམས་ཀྱི་བདག་མོ། གསོལ་ལོ་མཆོད་དོ། །རེ་མ་ཏི། རེ་མ་ཛཿ རེ་མ་ཛུ། རེ་མ་ཛི། རེ་མ་མཆེད་བཞི། གསོལ་ལོ་མཆོད་དོ། །ལྷ་མོ་ཙིརྩི་ཀ །བང་རིམ་གསུམ་གྱི་མ་མོ། ཡེ་ཤེས་ཀྱི་མ་མོ། ལས་ཀྱི་མ་མོ། དམ་ཚིག་གི་མ་མོ། སྤྲུལ་པའི་མ་མོ། ཤ་ཟའི་མ་མོ། འཇིག་རྟེན་གྱི་མ་མོ། མ་མོ་བདུན། སྲིང་མོ་བཞི། འབར་མ་དགུ། འབེབས་མ་ལྔ། ཨ་ཕྱི་ཆེན་མོ། དུས་ཀྱི་ལྷ་མོ། དམག་གི་རྒྱལ་མོ་ཆེན་མོ་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། རྡོ་རྗེའི་བརྟན་མ་བཅུ་གཉིས། ལྷ་མོ། ཀླུ་མོ། བདུད་མོ། སྲིན་མོ།

p. 365

གནོད་སྦྱིན་མོ། གྲུལ་བུམ་མོ། དྲི་ཟ་མོ། མ་མོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་ཐམས་ཅད་ལ་གསོལ་ལོ་མཆོད་དོ། །བདུད་རྩི་གཏོར་མ་རཀྟ་ཛ་གད་གསེར་སྐྱེམས་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པས་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། སྤྱིར་དུ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོང་། བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་འཕེལ་ཞིང་རྒྱས་པ་དང་། ལྷག་པར་ཀརྨ་ཀཾ་ཚང་འདི་ཉིད་དར་ཞིང་རྒྱས་ལ། ཡུན་རིང་དུ་གནས་པའི་ཕྲིན་ལས་དུས་ཀུན་ཏུ་བསྒྲུབ་པ་དང་། བདག་ཅག་གི་དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་ཞིང་ཕྲིན་ལས་སྤེལ་བ་དང་། བཞེད་དོན་ཐམས་ཅད་གེགས་མེད་མྱུར་དུ་འགྲུབ་པ་དང་། ཁྱད་པར་སྒྲུབ་པ་པོ་བདག་གིས་བྱིན་པའི་ཟས་ཟོ། བཅོལ་པའི་ལས་གྱིས། བསྒོས་པའི་དོན་སྒྲུབས། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །རྦོད་

p. 366

གཏོར་ཕུར་ཁ་ཟློག །ལོ་ཀག་སྲི་ལངས་ཟློག །མཚན་ལྟས་ངན་པ་ཟློག །སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་དང་ཡོན་བདག་སྲུངས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ཤིང་། བསྲུང་བ་དང་བསྐྱབ་པ་དང་། སྦ་བར་མཛོད། ནད་གདོན་བགེགས་སོགས་མི་མཐུན་པའི་རྐྱེན་ཐམས་ཅད་ཞི་བར་མཛོད། ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛོད། མི་ནོར་ཟས་གསུམ་ལྷ་འདྲེ་མི་གསུམ་དབང་དུ་སྡུས། དགྲ་བགེགས་གནོད་བྱེད་ཐམས་ཅད་ཐལ་བའི་རྡུལ་དུ་བརླག་པ་སོགས་ཇི་ལྟར་བསྒོས་ཤིང་བཅོལ་བའི་ཕྲིན་ལས་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། དེ་ལྟར་དཔལ་ལྡན་ལྷ་མོ་རང་བྱུང་མ་དང་། དུད་སོལ་མ་གཉིས་གཙོར་བྱས། ལྷ་མོའི་རིགས་ཀུན་གྱི་སྤྱན་འདྲེན་མངའ་གསོལ་རྒྱན་འབུལ་ཕུད་མཆོད་ཕྲིན་ལས་བཅོལ་བ་རྣམས། མེ་ལྕེ་འབར་མ་གླིང་བཞིའི་རྒྱུད་སོགས་མ་མོའི་རྒྱུད་རྣམས་ཁུངས་སུ་མཛད་དེ། གྲུབ་ཆེན་ཀརྨ་པ་དང་།

p. 367

རང་བྱུང་ཞབས། རྗེ་བཙུན་དགུ་པ་སོགས་ཀྱིས་མཛད་པའི་སྒྲུབ་སྐོར་རྣམས་དང་། རྒྱ་མཚོ་གསལ་བའི་སྒྲོན་མེ་སོགས་ནས་ཉུང་ངུར་བསྡུས་ཏེ། འདོན་འགྲིགས་སུ་དཔལ་ལྡན་གྲགས་པ་མཆོག་དབྱངས་ཀྱིས་སྦྱར་བའོ། །སྐབས་འདིར་ཀརྨ་པའི་ཆོས་སྐྱོང་འཁོར་ལྔ་རྗེས་འབྲང་བཅས་པ་དང་། གཞན་ཡང་ཆོས་སྐྱོང་ཡེ་ཤེས་པ་དང་། ལས་ལས་གྲུབ་པའི་རིགས་ཀྱི་མཆོད་ཕྲེང་མངའ་གསོལ་སྤྲོ་ན་འདིའི་གོང་འོག་ཏུ་སྐབས་སུ་གང་བབ་ཀྱི་སྦྱོར་རོ། །

རྫིང་བཙན་གྱི་བསང་མཆོད།

p. 368
p. 369

རྫིང་བཙན་གྱི་བསང་མཆོད་ནི། མཆོད་གཏོར་ཡི་གེ་གསུམ་དང་། ཆོས་ཉིད་རྣམ་དག་སྔགས་དང་། འབྲུ་གསུམ་ལ། ཧ་ཧོ་ཧྲཱིཿ བཏགས་པ་རྣམས་ཀྱིས་བསང་སྦྱང་བརླབ་སྤེལ་བྱས་ལ། ཀྱཻ། རང་བྱུང་བདེ་བ་ཆེན་པོ་ལ། །མཚན་མའི་རྟོག་པ་མ་མཆིས་ཀྱང་། །འཛིན་སེམས་ཡུལ་ལ་ཞུགས་པ་ལས། །རྟོག་པའི་དྲ་བ་མཐའ་ཡས་ཤར། །དེ་ལས་སྲིད་པ་ལས་ཀྱི་བཙན། །དྲག་པོ་མཆེད་དང་དགྱེས་སྡེ་མོ། །བློན་པོ་མངགས་གཞུག་བྲན་དང་འབངས། །དྲག་ཤུལ་ཅན་གྱི་དཔུང་ཚོགས་རྣམས། །འདིར་གཤེགས་གདན་བཞུགས་བསང་མཆོད་བཞེས། །ཁྱེད་རྣམས་དགྱེས་སྐོང་མཆོད་པ་ནི། །ཉེར་སྤྱོད་འདོད་ཡོན་དགེ་ལེགས་རྫས། །དཔག་

p. 370

མེད་ཕྱོགས་ཀྱི་འཁོར་ལོ་བསྐང་། །ལྷ་ཀླུ་མི་ཡི་འབྱོར་པའི་ཕུལ། །མ་ལུས་ནམ་མཁའི་མཛོད་དུ་སྤུངས། །མཐུན་རྫས་འབོད་བརྟེན་བསྐང་བ་དང་། །རྦད་བསད་ལས་ཀྱི་སྦྱོར་བ་ཡི། །ཡོ་བྱད་མ་ཚང་མེད་སྤྲུལ་པས། །དགེ་བསྙེན་ཆེན་པོ་མངའ་གསོལ་ལོ། །དམར་པོ་བཙན་རྒྱལ་མངའ་གསོལ་ལོ། །རྡོ་རྗེ་རྫིང་བཙན་མངའ་གསོལ་ལོ། །མཐུ་ཆེན་གྲིབ་བཙན་མངའ་གསོལ་ལོ། །རྫོང་དམར་བཙན་རྒོད་མངའ་གསོལ་ལོ། །དགྱེས་སྡེ་བློན་པོ་མངའ་གསོལ་ལོ། །ཡང་འཁོར་དམག་ཚོགས་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་ངོ་སོ་བསྐྱེད། །དགའ་དང་མགུ་བའི་མདངས་ཕྱུངས་ཤིག །རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །རང་དམ་བཅས་པ་དྲན་གྱིས་ལ། །བསྟན་དང་བསྟན་འཛིན་ཕྲིན་ལས་སྒྲུབས། །བདག་དང་ཡོན་བདག་ཁ་འཛིན་མཛོད། །སྡང་བའི་དགྲ་ལ་དཔའ་རྟགས་ཕྱུངས། །གནོད་པའི་བགེགས་དཔུང་ཕྱིར་ལ་ཟློག །བྱད་ཕུར་རྦོད་གཏོང་རང་གཤེད་ཕོབས། །རྒྱལ་ཁམས་བདེ་ཞིང་དགེ་བཅུར་སྤྱོད། །འབྲུ་ནོར་

p. 371

ལེགས་པའི་འབྱོར་པ་སྤེལ། །ཅི་བསམ་སྒྲུབ་ལ་རེ་བ་སྐོང་། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །ཅེས་གྱེར་ཞིང་གཏོར་མ་གསེར་སྐྱེམས་ནམ་མཁར་འཐོར། བདེ་ཆེན་བརྟན་མའི་གསོལ་མཆོད་ནི། ཀྱཻ། སྨན་བཙུན་བརྟན་མ་ཆེན་མོ་ནི། །སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱི། །མདའ་དར་བུམ་པ་རིན་ཆེན་འཛིན། །ན་བཟའ་དཀར་ཀླུབ་རྒྱན་གྱིས་སྤྲས། །སྨུག་ཆུང་ཡིད་འོང་མཆོག་ལ་ཆིབས། །འདིར་བྱོན་དམ་རྫས་མཆོད་གཏོར་བཞེས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །ཁྱད་པར་གནས་འདིའི་སྲུང་མར་ནི། །རྡོ་རྗེ་བཀའ་ཡི་དམ་བོར་བས། །དུས་ཀུན་སྲུང་སྐྱོབ་བགྱིད་པ་དང་། །འདིར་གནས་ཆོས་བྱེད་སྐྱེས་བུ་རྣམས། །མཐུན་རྐྱེན་སྒྲུབ་ཅིང་འགལ་རྐྱེན་གསོལ། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །བརྟན་མ་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་སོགས་ཀྱིས་ཕྲིན་ལས་བཅོལ། ཞེས་པའང་རྒྱལ་ཚབ་ལྔ་པས་མཛད་པའོ། །

བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཆེན་པོའ་སྒྲུབ་དཀྱིལ་རྣམ་གྲོལ་སྒོ་ཆེན་ཐར་པའི་ལམ་བཟང་གསལ་བར་བྱེད་པའི་སྒྲོན་མ་ངན་འགྲོའི་མུན་འཇོམས།

p. 372
p. 373

བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཆེན་པོའ་སྒྲུབ་དཀྱིལ་རྣམ་གྲོལ་སྒོ་ཆེན་ཐར་པའི་ལམ་བཟང་གསལ་བར་བྱེད་པའི་སྒྲོན་མ་ངན་འགྲོའི་མུན་འཇོམས་ཞེས་བྱ་བ་བཞུགས་སོ། །

p. 374

བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཆེན་པོའི་སྒྲུབ་དཀྱིལ་རྣམ་གྲོལ་སྒོ་ཆེན་ཐར་པའི་ལམ་བཟང་གསལ་བར་བྱེད་པའི་སྒྲོན་མ་ངན་འགྲོའི་མུན་འཇོམས་ཞེས་བྱ་བ། ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞབས་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཀུན་གྱི་འཁོར་ལོས་བསྒྱུར་བ་ཡེ་ཤེས་ཟླ་བ་རབ་བསིལ་འོད་ཚོགས་ཀྱི། །དྲ་བ་རབ་རྒྱས་ངན་འགྲོའི་མེ་ཆེན་ཞི་མཛད་རྣམ་གྲོལ་དཔལ་ཀུན་སྣང་བར་བྱེད། །རྣམ་ཐར་སྒོ་བཞི་ཕྱེ་བ་དཔལ་ལྡན་སངས་རྒྱས་གྲོང་ཁྱེར་གཞལ་མེད་ཁང་པའི་དབུས། །གདོང་ལྔས་བཀུར་བའི་གདན་ཁྲིར་བཞུགས་པ་བཅོམ་ལྡན་འདས་དེའི་ཞབས་དག་སྤྱི་བོས་མཆོད། །ཡེ་ཤེས་གཅིག་ཉིད་དུ་མར་སྣང་བ་ཆུ་ཟླ་བཞིན། །ཆོས་ཁམས་རང་བཞིན་རྣམ་པར་དག་པ་སྲིད་པ་དང་། །ཞི་བ་མཐའ་དག་དཀྱིལ་

p. 375

འཁོར་གཅིག་ཏུ་བསྡུས་པ་གང་། །ངན་སོང་སྦྱོང་མཛད་ལྷ་ཚོགས་མ་ལུས་འདིར་དགོངས་ཤིག །ཐུབ་མཆོག་མ་དྲོས་ལས་འོངས་རྣལ་འབྱོར་རྒྱུད། །ངན་སོང་དྲི་རབ་དག་བྱེད་གངྒཱའི་ཀླུང་། །ཡོངས་ལ་འབེབས་པའི་སྐལ་ལྡན་ཤིང་རྟ་ཆེ། །རྒྱ་བོད་མཁས་གྲུབ་རྒྱ་མཚོ་ལན་བརྒྱར་བསྔགས། །མཁྱེན་བརྩེའི་བློ་གྲོས་འཇིགས་བྲལ་གཟི་འོད་འབར། །མི་ཤེས་འཐུག་པོའ་མུན་ལས་རྒྱལ་བའི་ཉི། །དྲི་མེད་དགོངས་པའི་པད་ཚོགས་ཁ་འབྱེད་པ། །མི་བསྐྱོད་རྡོ་རྗེ་དགའ་བའི་དབྱངས་དེར་འདུད། །གང་གི་གསུང་རབ་རིན་ཆེན་བཻ་ཌཱུ། །མོས་བློའི་རྒྱལ་མཚན་བླ་ན་མངོན་མཐོ་བ། །ཕན་པའི་ལྷག་བསམ་སྤོས་ཆུའི་བྱི་དོར་གྱིས། །རང་གཞན་གཏན་བདེའི་འདོད་དགུ་སྦྱིན་འདིར་སྤྲོ། །འདིར་བཅོམ་ལྡན་འདས་ངན་སོང་ཐམས་ཅད་

p. 376

ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཆེན་པོའ་སྒྲུབ་དཀྱིལ་རྣམ་གྲོལ་སྒོ་ཆེན་ཐར་པའི་ལམ་བཟང་ཉམས་སུ་ལེན་ཚུལ་ལྷན་ཐབས་གོ་གསལ་དུ་བཀྲལ་བ་ལ་གསུམ། བསྙེན་པ་དང་། སྒྲུབ་པ་དང་། གཞན་དོན་ལས་ལ་སྦྱར་བའི་ཚུལ་ལོ། །དང་པོ་ལ། སྦྱོར་བ། དངོས་གཞི། རྗེས་མཐུན་མཚམས་ཀྱི་སྤྱོད་ལམ་དང་གསུམ། དང་པོ་ལ་ཡང་། སྒྲུབ་པ་པོ། གནས། གྲོགས། གོས། ཁྲུས། བཀོད་པ་བཤམས་པ། བགེགས་སྦྱང་། གདན་ལ་འདུག་པ་དང་བརྒྱད་ཀྱི་དང་པོ་ནི། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལས་འདི་ཉིད་ཀྱི་དབང་བསྐུར་ལེགས་པར་ནོད་ཅིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་བ་ལ་བརྩོན་པ། རང་གཞན་གྱི་དོན་སྒྲུབ་པ་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་སོགས་པ་སྟེ། ཀུན་སྙིང་གི་ཁམས་གསུམ་རྣམ་རྒྱལ་འབྱུང་བར། སློབ་དཔོན་གསང་བའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པ། རིག་པའི་སྡོམ་པ་ཡོངས་སུ་བཟུང་བ། གསང་བའི་ཆོ་ག་ཐམས་ཅད་ཀྱི་བྱ་བ་ཤེས་པ། དཔའ་བརྟན་པ། སྤྲོས་པ་ཆེ་བ། མཁས་པ། དུལ་བ། འདུལ་བའི་ཀུན་ཏུ་སྤྱོད་པ་ལ་གནས་པ། དད་པ་དང་ལྡན་པ། ཆོས་ཟབ་མོ་ལ་ལྷག་པར་མོས་པ། སེམས་ཅན་ཐམས་ཅད་

p. 377

ཡོངས་སུ་སྐྱོབ་པའི་བློ་ཅན། ལུས་དང་སྲོག་ལ་ལྟོས་པ་མེད་པས། ཞེས་གསུངས་སོ། །གཉིས་པ་ནི། རྒྱུད་ལས། གཙུག་ལག་ཁང་ངམ་སྐྱེད་མོས་ཚལ། །མཆོད་རྟེན་ལྷ་ཁང་ཀུན་དགའ་སོགས། །ཞེས་པ་ལྟ་བུའོ། །གསུམ་པ་ནི། སློབ་དཔོན་ཀུན་སྙིང་གིས། གྲོགས་དཀྱིལ་འཁོར་མཐོང་བ། དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ། གསང་བའི་ཚུལ་གྱིས་ཆོ་གའི་བྱ་བ་ཤེས་པ། གཙང་ཞིང་གཙང་མར་སྤྱོད་པ། གསང་བའི་ཆོ་གའི་བྱ་བ་ལ་མཁས་པ། སྙིང་སྟོབས་དང་ལྡན་པ། བློ་བརྟན་པ་དང་ལྷན་ཅིག་གམ། གྲོགས་མེད་པར། ཞེས་པ་ལྟར་དང་། བཞི་པ་ནི། རྡོ་རྗེ་རྩེ་མོར། སྡོམ་པ་ལ་ནི་ལེགས་གནས་པའི། །གོས་ནི་དང་པོར་བརྗོད་པ་དང་། །གཉིས་པ་ཆོ་གས་བསྒྲུབས་པ་དང་། །གསུམ་པ་ངོ་ཚ་ཁྲེལ་ཡོད་པ། །གཙང་མའི་གོས་ནི་གསུམ་པོ་དག །ལན་གསུམ་དུ་ནི་བརྗེ་བར་བྱེད། །ཅེས་གོ་སླ་ཞིང་ཆོ་གས་བསྒྲུབ་པ་ནི་གོས་གཙང་མ་ལ་བཤད་དོ། །ལྔ་པ་ཁྲུས་ལ། ཕྱི་ནང་གཉིས་ལས། ཕྱི་ཁྲུས་ནི། རྩེ་མོར། ཡང་ན་ཆོ་གས་ཁྲུས་བྱ་བ། །ཞེས་རྣམ་རྟོག་ཤས་ཆེ་ན་ཁྲུས་ཆོག་རྒྱས་པ་དང་། ཆུང་ན་དོན་གྲུབ་འགྲེལ་པར་གསུངས་པ་ལྟར། ཐོ་རེངས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕྱག་བྱས།

p. 378

ༀ་བཛྲ་ཡཀྵ་ཧཱུྃ། ཞེས་པས་བདག་ཉིད་རྡོ་རྗེ་གནོད་སྦྱིན་དུ་སྤྲུལ། སྔགས་དེ་ཉིད་དྲིའི་ཆུ་ལ་བཟླས་པས་ཁྲུས་བྱ། དབང་ལྡན་ནས་བརྩམས་གཡས་བསྐོར་དུ་སྐྱང་ནུལ་ཡང་བྱའོ། །ༀ་སྭ་བྷཱ་ཝ་ཤུདྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། བརྗོད་དེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་བདག་ཡིན་པར་བསམ་པ་སྟེ་འགྲོ་འདུལ་དུ་གསུངས་པ་བཞིན་བྱའོ། །དྲུག་པ་ནི། རབ་གནས་དེར་སྟེང་དུ་བླ་བྲེ་གདུགས་རྒྱལ་མཚན་བ་དན་ལྡ་ལྡི་སོགས་རྒྱན་དུ་མས་མཛེས་པར་བརྒྱན། དཀོན་མཆོག་གི་རྟེན་དང་མཆོད་རྫས་སྣ་ཚོགས་བཟང་ལ་རྒྱ་ཆེ་བ་ཅི་འབྱོར་པ་བཤམས། བདུན་པ་ནི། སྔར་གྱི་གནོད་སྦྱིན་བཟླས་པའི་ཆུས་སྟན་དང་ཁང་པར་བསང་གཏོར་བྱ། བརྒྱད་པ་ནི། ས་མ་ཡ་སྟྭཾ། ཞེས་གདན་ལ་འདུག། མདུན་དུ་རྡོར་དྲིལ་བཀོད། ཕྱག་རྒྱའི་སྐབསསུ་མཐེ་བོང་སོགས་སོར་མོ་ལྔ་ལ་རིམ་པ་ལྟར། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ཞེས་པའི་མིང་འདོགས་ངེས་པ་བྱའོ། །གཉིས་པ་ཆོ་ག་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཆོ་གའོ། །དང་པོ་ལ་ཡང་། སྔོན་གཏོར། མཆོད་པ་བྱིན་རླབས། སྐྱབས་སེམས། ལྕེ་ལག་བྱིན་རླབས། སྲུང་འཁོར། ཚོགས་བསག །གཟུགས་བརྙན་སྦྱོར་བ། ཡེ་ཤེས་དབབ་ཅིང་

p. 379

བརྟན་པར་བྱ་བ། ཕྱག་རྒྱ་གྲུབ་པ་དང་དགུ་ལས། དང་པོ་སྔོན་འགྲོ་གཏོར་མ་བྱེད་པར་སྤྲོ་ན། མཆོད་པ་དང་བཟའ་བཅའ་སྣ་ཚོགས་ལྡན་པའི་གཏོར་མ་བཤམས། ཆུ་གཙང་བྲན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ཨཿགཉིས་བརྐྱང་སྟེ་ཅུང་ཟད་བཀུག་པ་རྡོ་རྗེ་གནོད་སྦྱིན་གྱི་ལས་རྒྱས། ༀ་བཛྲ་ཡཀྵ་ཧཱུཾ། གཅིག་གམ་གསུམ་གྱིས་བགེགས་དང་མ་དག་པ་བསངས། ནང་བསྡམས་ཁ་གྱེན་དུ་ཕྱེ་ལ་ༀ་གཉིས་རྩེ་སྤྲད་དེ་ཏྲཱཾ་ཧྲཱིཿའི་བར་དུ་སྒྲེང་བ་རྡོ་རྗེ་མེའི་ཕྱག་རྒྱས། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། གཅིག་གམ་གསུམ་གྱིས་ཐ་མལ་གྱི་དངོས་པོ་བསྲེགས་ནས་གཟི་བྱིན་བསྐྱེད། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨྨཱཿ ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་བསྐྱེད་པར་གྱུར། བསྡམས་པ་བསྐོར་ཞིང་འདེབས་ཚུལ་རལ་གྲིའི་རྒྱས། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ དྱ་ནུཏྤནྣ་ཏྭཱ་ཏ་ༀ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གསུམ་གྱིས་

p. 380

བྱིན་གྱིས་བརླབས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་ཀྱི། །གསན་ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ༀ་སརྦ་ལོ་ཀ་པཱ་ལ་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ། གྱིས་གདན་འབུལ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷཻ། ནཻ་ཝི་དྱ། ཤབྡས་མཆོད། རྡོར་ཐལ་ཁ་ཕྱེ་བས། ༀ་དེ་ཝ། ནཱ་ག །ཡཀྵ། རཀྵ་ས། གནྡྷརྦ། ཨ་སུ་ར། ག་རུ་ཌ། ཀིཾ་ན་ར། མ་ཧོ་ར་ག། མ་ནུ་ཥྱ། ཨ་མ་ནུཥྱ། ས་པཱ་རི་ཝཱ་ར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། གསུམ་མམ་བདུན་དང་སེ་གོལ་གཏོག་པས་གཏོར་མ་འབུལ། འབྱུང་པོ་གང་དག་རི་རབ་སྟེང་གནས་

p. 381

དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ལ་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དག་དང་ལྷ་ཡི་གནས་རྣམས་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའ་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོའ་དུར་ཁྲོད་དག་ན་གནས་པ་རྣམས། །

p. 382

རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་བསྔོས་ཏེ་ཕྱི་རོལ་ཏུ་དོར་རོ། །གཉིས་པ་མཆོད་པ་བྱིན་རླབས་ནི། ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་ཛྭ་ལ་སོགས། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་ཡིག་དཔག་ཏུ་མེད་པ་ལས་བྱུང་བའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའ་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ལས་ཀྱང་ཆེས་ཆེར་ལྷག་པ་རབ་འབྱམས་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འགེངས་ཤིང་། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བ་འཕགས་པ་རྣམས་མཉེས་

p. 383

པར་བྱེད་པའི་རང་བཞིན་ཅན་དུ་གྱུར། ཐལ་མོ་ཁོང་སྟོང་སྦྱར་ༀ་གཉིས་དང་ཨ་གཉིས་བཤིབས་ཏེ་སྒྲེང་བ་ནམ་མཁའ་མཛོད་ཀྱི་རྒྱས། ༀ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། མཆོད་ཡོན་སོགས་རང་རང་གི་རྒྱས། ༀ་སརྦ་བིད་ཨརྒྷཾ་ཨཱཿཧཱུཾ། ཐོག་མཐའ་དེ་བཞིན་སྦྱར་ཏེ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ། གསུམ་པ་སྐྱབས་སེམས་ནི། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམ ས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ་སོགས་སྐྱབས་

p. 384

འགྲོ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་ཉམས་སུ་བླང་བར་བྱའོ། །ཞེས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྒོམ་མོ། །བཞི་པ་ལྕེ་ལག་བྱིན་རླབས་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་རྟེན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་དེའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་མདུན་གྱི་འདབ་མ་པཾ་ལས་ལྕེ་པདྨ་འདབ་མ་གཅིག་པའི་སྟེང་དུ། ཨ་ལས་ཟླ་བའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེེ་ལྔ་པ་དེ་ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར། ༀ་བཛྲ་ཛི་ཧྭ། ལག་གཉིས་བཀན་ལ། ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ། ཧཱུཾ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེེ་

p. 385

ལྔ་པ་རེ་རེ། དེ་ཞུ་བ་ལག་པ་ལ་ཐིམ་པས་ལག་པ་གཉིས་རྡོ་རྗེའི་རང་བཞིན། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་གྱུར། ལྔ་པ་སྲུང་འཁོར་ནི། བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སྐུ་མདོག་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ་སྦྲུལ་དང་མི་སྡུག་པའི་རྒྱན་དང་། སྟག་ལྤགས་ཀྱི་ཤམ་ཐམས་ཅན། རྩ་བའི་ཕྱག་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་རྣམས་མཚོན་ཆ་སྣ་ཚོགས། གཡོན་རྣམས་མགོ་ཐོད་ཤས་གང་བ་བསྣམས་པས་མ་རུངས་པའི་རྒྱུ་མ་དྲངས་ཏེ་གསོལ་བ། གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། རྡོ་རྗེ་ནང་བསྡམས་ཀྱི་ༀ་གཉིས་གཤིབས་པས་སྟེང་ནས་བསྣན་པ་ཁྲོ་བོ་ཏེ་རི ནྟི་རིའི་ཕྱག་རྒྱ་བཅས་ཏེ། སྙིང་། དཔྲལ། ལྐོག་མ། སྤྱི་བོ་ཏེ་གནས་བཞིར་རེག་ནས། ༀ་གྲྀཧྞ་བཛྲ་ས་མ་ཡ་ཧཱུཾ་བཾ། བཞི་བརྗོད། རིགས་ལྔའི་དམ་རྒྱ་མགོ་བོའི་གནས་ལྔར་བཞག་ནས། ༀ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩ་མཾ། ཞེས་ལྔ་བརྗོད། སྙིང་། མགྲིན། ལྟག །སྙིང་། ནུ་བར། སྙིང་། མགྲིན།

p. 386

དཔྲལ། རྒྱབ་རྣམས་སུ་ཁུ་ཚུར་གཉིས་སྟེང་འོག་བརྗེ་བ་མདུད་པ་འཆིང་ཚུལ་གྱིས། ༀ་ཊུཾ། ལན་དགུ་བརྗོད། དཔྲལ་བར་ཐལ་མོ་རྩེེ་སྤྲད་པ་བཤམ་བརྡབས་ཏེ་པུས་མོའ་བར་དུ་གཞོལ་བས། ༀ་བཛྲ་ཏུ་ཥྱ་ཧོཿ ཁའི་ཐད་དུ་ལག་ངར་བསྣོལ་བའི་སེ་གོལ་མཉམ་དུ་གཏོག་པ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ རྡོར་དྲིལ་ཐོགས་པས། ཧཱུཾ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོའ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའ་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུསྤྱན ་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས། རྡོར་ཐལ་ཁ་ཕྱེ་བ་པདྨའི་རྒྱས། ༀ་པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་འབུལ། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཐོག་མཐའ་འདྲ་བར། པཱ་དྱཾ། པུཥྤེ། སོགས་ནས།

p. 387

ཤབྡའི་བར་གྱིས་མཆོད། ཧཱུཾ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ༴ །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ༴ །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའ་སྟང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ༴ །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །

p. 388

ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ༴ །ཧཱུཾ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་མཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཧཱུཾ། དཀྱིལ་འཁོར་ཆེན་པོའ་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་སྒྲུབ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །ཞེས་བགེགས་ལ་བཀའ་བསྒོས་ཏེ་བསྐྲད། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཨཿགཉིས་མདུད། ཧཱུཾ་གཉིས་སྒྲེང་སྟེ་ཅུང་ཟད་བཀུག་པ་ཧཱུཾ་མཛད་ཀྱི་རྒྱས། ༀ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲ་ཎཱ་ཎ་ཧཱུཾ་ཕཊ། ཨ་དྷི་ཏིཥྛ་སྭ་མཾ། ཞེས་ལན་གསུམ་གྱིས་གནས་གསུམ་

p. 389

དུ་རེག་པས་བདག་བསྲུང་། གསུམ་གྱིས་གནས་བསྲུང་། གསུམ་གྱིས་རྣལ་འབྱོར་བསྲུང་ངོ་། །རྡོར་དྲིལ་བྱིན་རླབས་སྤྲོ་ན་འོག་སྦྱིན་སྲེག་ཏུ་འབྱུང་བ་བཞིན་འདིར་བྱའོ། །དྲུག་པ་ཚོགས་བསག་པ་ལ་གསུམ། ཚོགས་རྟེན་སྤྲུལ་བ། རང་དོན་དུ་ཚོགས་བསག་པ། དེ་ཉིད་གཞན་དོན་དུ་བྱ་བའོ། །དང་པོ་ཚོགས་རྟེན་སྤྲུལ་བ་ནི། རང་ཉིད་རྡོ་རྗེ་རྒྱུར་གྱུར། དེའི་ཕྱག་རྒྱ་ཁུ་ཚུར་གཉིས་ཀྱི་མགོ་སྤྲད་ཧཱུཾ་ཨཿམདུད་དེ་བཀན་ནས་སྙིང་ཁར་གཡས་སུ་བསྐོར་ལ། ༀ་སརྦ་བིད་མཎྜལ་བཛྲ་ཙཀྲ་ཧཱུཾ། སྲུང་འཁོར་གྱི་ནང་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་གསལ་བར་གྱུར། གཉིས་པ་ནི། ཕྱག་རྒྱ་དེ་ཉིད་ཁར་བཞག་ལ་བལྟ་བཞིན་པས་སྔགས་དེ་བརྒྱ་རྩ་བརྒྱད་བཟླས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྩིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཱཾ་ཀ་རོ་མི། ཞེས་ཡན་ལག་ལྔས་སྤྱི་ཕྱག་འཚལ། སྤྲོ་ན་འོག་ནས་འབྱུང་བའི་སྒོ་བཞིའི་ཕྱག་ཀྱང་བྱ། པུས་བཙུགས་ཐལ་མོ་སྦྱར་ནས། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་

p. 390

དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་ཐུགས་རྗེ་ལྡན་པ་ཡི། །བརྟུལ་ཞུགས་དབང་པོའ་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའ་ཡུལ་བདག་ཉིད། །འབྲས་བུའི་

p. 391

སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པ་འམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐ་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ཞེས་པའི་ཚིགས་བཅད་དང་པོས་རྒྱུན་བཤགས། གཉིས་པས་ཡི་རང་། གསུམ་པ། བཞི་པ། ལྔ་པ་རྣམས་ཀྱིས་སྐྱབས་འགྲོ། དྲུག་པས་སྨོན་སེམས། བདུན་པ་དང་བརྒྱད་པས་འཇུག་སེམས། དགུ་པས་སྔགས་ལམ་དུ་འཇུག་པ་གསལ་བཏབ་

p. 392

པའོ། །དེ་ནས་སྡོམ་པ་བཟུང་བ་ནི། མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་

p. 393

སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་རྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །གསུམ་པ་ནི། དེ་ནས་ལྷ་ཀླུ་ལ་སོགས་པའི་འགྲོ་བ་རྣམས་གློ་བུར་དུ་ལྷགས་ནས་མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱ་དྱཾ། ནས། ཤབྡའི་བར་བཅུག་པ་ཙམ་མམ། སྤྲོས་པ་ལ་དགའ་ན་འོག་གི་ཉེར་ལྔ་པའམ་བཅོ་བརྒྱད་པ་ལྟ་བུ་མཆོད་པ་

p. 394

རྒྱས་བསྡུས་གང་རུང་ཞིག་འབུལ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་སྦྱངས་ནས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །ཅེས་བརྗོད་དེ་འགྲོ་བ་དེ་དག་ངོ་མཚར་སྐྱེས་ཏེ་ཕྱག་འཚལ་ནས་མི་སྣང་བར་གྱུར་ཏོ། །བདུན་པ་གཟུགས་བརྙན་སྦྱོར་བ་ནི། ལག་གཉིས་བཀན་ལ། ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། གཡས་སུ་ཧཱུཾ་སྔོན་པོ། གཡོན་དུ་ཨ་དཀར་པོ་གཉིས་ཀྱི་མཐའ་བསྐོར་དུ། དབྱངས་ཡིག་བཅུ་དྲུག་འོད་ཟེར་འབར་བ་ཀུན་ཏུ་གང་ཞིང་འཕྲོ་བར་གྱུར། སོར་མོ་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་མེ་ལོང་ལྟར་དྭངས་པ་ལ་ཡི་གེ་དང་ལྷ་གཟུགས་བརྙན་ཤར་བའི་ཚུལ་དུ་གནས་པར་བསམས་ལ། གཡས་གཡོན་གྱི་མཐེ་བོང་གཉིས་ལ་ༀ་དཀར་པོ། མཛུབ་མོ་གཉིས་ལ་ཧཱུཾ་སྔོན་པོ། གུང་མོ་གཉིས་ལ་ཏྲཱཾ་སེར་པོ། སྲིན་ལག་གཉིས་ལ་ཧྲཱིཿདམར་པོ། མཐེའུ་ཆུང་གཉིས་ལ་ཨཿལྗང་ཁུ་ལས། གཡས་རྣམས་རྣམ་སྣང་། མི་བསྐྱོད་པ། རིན་འབྱུང་། འོད་དཔག་

p. 395

མེད། དོན་ཡོད་གྲུབ་པ། གཡོན་རྣམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྡོ་རྗེ་ཐུགས་མ། རྡོ་རྗེ་དབང་བསྐུར་མ། རྡོ་རྗེ་མཚོན་ཆ་མ། རྡོ་རྗེ་ཀུན་མ། ཡབ་ཡུམ་ཕན་ཚུན་ཐབས་ཤེས་ཞལ་མངོན་པར་ཕྱོགས་པས་རེག །མཉམ་པའི་ཐལ་མོས། ཨ་ནྱོ྅་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿ རྡོ་རྗེ་ཐལ་མོས། པ་ར་སྤ་ར་ཨ་ནུ་པྲ་བིཥྚཿ སརྦ་དྷརྨཱ་བཛྲ་ཨཉྫ་ལི། ལྷ་ཕན་ཚུན་རོ་གཅིག་པར་གྱུར། རྡོ་རྗེ་བསྡམས་ལ། ཨཱ་ཏྱནྟ་ཨ་ནུ་པྲ་བིཥྚཿ སརྦ་དྷརྨཱཿ བཛྲ་བནྡྷ། བསྡམས་པ་སྙིང་ཁར་སྒྲ་དང་བཅས་པ་ལན་གསུམ་དྲལ་བས། བཛྲ་བནྡྷ་ཏྲཊ། གསུམ་གྱིས་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་འོད་གསལ་བས་བཅད་པར་བསམ་མོ། །བརྒྱད་པ་ནི། བསྡམས་པ་ལས་ལག་མཐིལ་གཉིས་ཐུར་དུ་ཁ་ཕྱེ་བ་དྲི ལ་བུ་ལྟ་བུའི་ནང་ༀ་གཉིས་བཅུག་པ་ལྕེ་ལྟར་བསྐྱོད་པ་འབེབས་པའི་རྒྱས། ༀ་བཛྲ་ཨཱ་བེ་ཤ་ཡ་ཨཿཨཿ ཉེར་གཅིག་བརྗོད། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དང་པོའ་རྡོ་རྗེ་དམར་པོ་འོད་འབར་བ་བདག་གི་སྙིང་ཁར་ཞུགས། ཏིཥྛ་བཛྲ་དྲྀ་དྷོ་མེ་བྷ་ཝ། ཤཱ་ཤྭ་ཏྱོ་མེ་བྷ་ཝ། ཧྲྀ་ད་ཡཾ་

p. 396

མེ། ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ལན་གསུམ་གྱིས་ཕབ་པ་བརྟན་པར་བྱ། དགུ་པ་ནི། རྡོ་རྗེ་ཁུ་ཚུར་གྱི་དམ་རྒྱས། བཛྲ་མུཥྚི། ༀ་བཛྲ་མུཥྚི་བཾ། ཞེས་ཕྱག་རྒྱ་ཐམས་ཅད་དབང་དུ་གྱུར་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གསུམ། དང་སྦྱོར། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་གོ །དང་པོ་དང་སྦྱོར་གྱི་ཏིང་ངེ་འཛིན་ལ། གཞི་ལུས། སྙིང་ཁའི་དཀྱིལ་འཁོར། མཁའ་དཀྱིལ་དགུག་ཅིང་ངན་འགྲོ་སྦྱོང་བ་གསུམ་གྱི་དང་པོ་ནི། བསྡུ་ན་རྩ་བའི་དངོས་བསྟན་ལྟར། སྐད་ཅིག་གིས་བདག་ཉིད་བཅོམ་ལྡན་འདས་ཀུན་རིག་ཏུ་གསལ་བར་གྱུར། ཅེས་སམ། རྒྱས་པར་ན། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ལས་དང་པོའ་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་ཀུན་རིག་དུང་དང་ཀུནྡ་སོགས་ནས། ཉི་མའི་རྒྱབ་ཡོལ་མངའ་བར་གྱུར་གྱི་བར་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་ལྟར་བསྐྱེད་པ་སྟེ། དེ་ལྟར་རྒྱས་བསྡུས་གང་རུང་གཅིག་བརྗོད་པའི་རྗེས་སུ། ཕྱག་འཚལ་བའི་ཐལ་མོ་དཔྲལ་བར་སྦྱར་ནས། ༀ་བྲྀ་ཏ་བྲྀ་

p. 397

ཏ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུཾ་ཕཊ། ཐལ་མོ་ཁོང་སྟོང་སྦྱར་བ་པདྨ་ཁ་འབུས་པའི་ཕྱག་རྒྱ་མགྲིན་པར་བཅས་ལ། ༀ་ཏྲཊ་ཏྲཊ། སོགས། རྡོར་སེམས་ཀྱི་དམ་རྒྱ་སྙིང་ཁར་བཅས་ལ། ༀ་ཚིནྡྷ་ཚིནྡྷ་སོགས། ཐལ་མོ་སྤྱི་བོར་སྦྱར་ལ། ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ་བུདྡྷའི་མལ་དུ། བཛྲ་རཏྣ། པདྨ། ཀརྨ། རྣམས་དང་། ༀ་གྱི་གནས་སུ། ཧཱུཾ་ཏྲཱཾ་ཧྲཱིཿཨཿརྣམས་བཅུག་སྟེ་རིམ་བཞིན་རིགས་བཞིའི་དམ་རྒྱ་དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་རྣམས་སུ་བཞག་གོ། །གཉིས་པ་སྙིང་གའི་དཀྱིལ་འཁོར་ནི། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུ རྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡཱརྷ་ཏེ། སམྱཀྶ ཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་རྩ་བའི་རིག་པ་ཡོངས་སུ་གྱུར་པ་ལས་ཀུན་རིག་གི་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ཐམས་ཅད་ཡོངས་སུ་གསལ་བར་གྱུར། གསུམ་པ་མཁའ་དཀྱིལ་དགུག་པ་ནི། ༀ་བཛྲ་ཨངྐུ་ཤ་ཛཿ་སོགས་སྒོ་བ་བཞིའི་སྔགས་དང་ལས་རྒྱས།

p. 398

ནམ་མཁའི་དཀྱིལ་འཁོར་དང་སྙིང་ཁའི་དཀྱིལ་འཁོར་གཅིག་ཏུ་གྱུར་པའི་གཙོ་བོའ་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ་ལ་རྩ་རིག་གིས་བསྐོར་བའི་ཡི་གེ་རེ་རེ་ལས་འོད་ཟེར་རིམ་པ་ལྔ་ལྔ་མཛོད་སྤུའི་སྒོ་ནས་ཐོན་ཏེ་ཁམས་གསུམ་གྱི་འགྲོ་བ་དང་ཁྱད་པར་ངན་སོང་གི་འགྲོ་བ་སྣང་བར་བྱས། ཁུ་ཚུར་གཉིས་ཀྱི་ཧཱུཾ་གཉིས་བཅིངས་ནས་གྱེན་དུ་དགྲོལ་བ་ལྟུང་བ་སློང་བའི་རྒྱས། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུཾ། ངན་འགྲོ་དང་ཁྱད་པར་ཚེ་འདས་བཀུག་སྟེ་དཀྱིལ་འཁོར་གྱི་ཁྱམས་ལ་བཞག་ནས། དེ་དག་གིས་བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་ལས་བསྐྱབ་ཏུ་གསོལ། བདག་ཅག་རྣམས་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱེད་ལ་ཡང་སྐྱབས་སུ་མཆིའོ་ཞེས་སྐྱབས་སུ་འགྲོ་བར་བྱེད། བསྡམས་པ་ལས་ༀ་ཏྲཱཾ་ཨཿགསུམ་བརྐྱང་སྟེ་སྦྱར་ནས་ཕན་ཚུན་འདྲུད་པ་སྡིག་པ་འཇོམས་པའི་རྒྱས། ༀ་སརྦ་བིད་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུཾ། རྒྱ་དེ་ལན་གསུམ་དྲལ་བས། ༀ་སརྦ་བིད་ཏྲཊ། དེ་ལྟར་སྔགས་དང་ཕྱག་རྒྱས་སྡིག་

p. 399

པ་དྲལ་ཏེ། དེ་དག་ཁམས་གསུམ་གྱི་སྡུག་བསྔལ་ལས་གྲོལ་ནས། ཤར་ཕྱོགས་པ་རྣམས་སྦྱོང་བའི་རྒྱལ་པོ། ལྷོ་ཕྱོགས་པ་རྣམས་རྒྱལ་མཆོག་རིན་ཆེན། ནུབ་ཕྱོགས་པ་རྣམས་ཤཱཀྱ་རིགས་དབང་། བྱང་ཕྱོགས་པ་རྣམས་མེ་ཏོག་ཆེར་རྒྱས་དང་མཐུན་པའི་ལྷའི་སྐུར་གྱུར། ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་པས། དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཁྱམས་སུ་གནས་པ་ལ་དཀྱིལ་འཁོར་གྱི་བདག་པོས་དབང་བསྐུར་བར་གྱུར། ༀ་བུདྡྷ་ཀ་ལ་ཤ་སོགས་ནས་མིང་དབང་ཡན་གྱི་དབང་དྲུག་ཀ་སྔགས་ཙམ་གྱིས་བསྐུར་བས། དེ་དག་བྱང་ཆུབ་སེམས་དཔའ་ཀུན་དང་སྐལ་བ་མཉམ་པར་མཐོང་ནས། དྲིན་ལན་གྱི་ཚུལ་དུ་མཆོད་ཅིང་བསྟོད་པ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་གོང་བཞིན་སྔགས་མཆོད་དང་། སྒེག་སོགས་བརྒྱད་ཀྱིས་མཆོད། ཆོས་དབྱིངས་ཡེ་ཤེས་སོགས་སམ། བསྡུ་ན། རྣམ་པར་སྣང་མཛད་རིགས་བཞི་ཡུམ་དང་བཅས། །སེམས་དཔའ་བཅུ་དྲུག་མཆོད་བརྒྱད་སྒོ་བ་བཞི། །བསྐལ་བཟང་དཔེ་བྲལ་ཉན་རང་ཁྲོ་བོའི་

p. 400

ཚོགས། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་ལ་ཕྱག་འཚལ་བསྟོད། །ཅེས་པ་ལྟ་བུ་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་བྱ། མཐར། ཐུགས་ཀའི་དཀྱིའ་འཁོར་གཞི་ལུས་ལ་ཐིམ་པར་གྱུར། གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ། རྟེན་བསྐྱེད་པ། བརྟེན་པ་བསྐྱེད་པ་གཉིས་ཀྱི་དང་པོ་ནི། ཀུན་རིག་གི་ཕྱག་ཆེན་གྱིས། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་རཾ་བཾ་ལཾ་སུཾ་ལས་རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་དུ། རྡོར་བསྡམས་བརྐྱང་བ་ཁ་སྦུབས་ལ་བཞག །ༀ་བཛྲ་དྲྀ་དྷོ་མེ་བྷ་ཝ་བནྡྷ་རཀྵ་སརྦཾ་སྭཱ་ཧཱ། སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་ཕྱི་ནང་གཉིས་ནི་གྲུ་བཞི་སྒོ་བཞི། དཀར་སྔོ་དམར་ལྗང་སེར་བའི་རྩིག་པ་རིམ་པ་ལྔ་ལྔ་དང་ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱིས་བཏེག་པའི་རིན་པོ་ཆེའི་དྲ་བ་དྲ་ཕྱེད་འཕྱང་བ་ལ་ཤར་བུ་དང་མདའ་ཡབ་ཀྱིས་

p. 401

མཛེས་པ། སྒོ་བཞི་སོ་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཅུ་གཅིག་བཅུ་གཅིག་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་འཁོར་དང་གདུགས་དང་གཡས་གཡོན་དུ་རི་དྭགས་ཕོ་མོ། རྟ་བབས་ཀྱི་སྣམ་བུ་སོ་སོ་དང་གཞལ་ཡས་ཁང་གི་ལོགས་དང་ཟུར་རྣམས་སུ་གདུགས་དང་རྒྱལ་མཚན་དང་འཕན་དང་གོས་དང་མེ་ཏོག་གི་ཕྲེང་བ་དང་ཟླ་བ་རླུང་གིས་བསྐྱོད་པ་དང་རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་ཅིང་འཇིག་རྟེན་པའི་ཁོར་ཡུག་དང་རྡོ་ར་འོད་ཟེར་གྱི་ཕྲེང་བ་དང་བཅས་པས་བསྐོར་བའི་རྩ་བའི་དཀྱིལ་འཁོར་གྱི་ལྟེ་བ་ལེའུ་ཚེ་དགུ་པའི་ཕྱོགས་བཞི་ནས་རྡོ་རྗེ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེས་མཚན་པའི་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་ཟླུམ། དེའི་སྟེང་དུ་གདུང་བཞི་མིག་མང་རིས་སུ་བྲེས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་ནོར་བུའི་ཏོག་གིས་སྤྲས་པ། ཕྱི་ནང་གཉིས་ཀའི་སྟེང་འོག་ཐམས་ཅད་ཤར་སྔོ། ལྷོ་སེར།

p. 402

ནུབ་དམར། བྱང་ལྗང་། དབུས་དཀར་བའི་དབུས་སུ་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པའི་ལྟེ་བ་རེའུ་མིག་དགུ་པའི་དབུས་སུ་སིཾ་ལས་སེང་གེ། ཤར་དུ་གཾ་ལས་གླང་ཆེན། ལྷོར་བཾ་ལས་རྟ་མཆོག །ནུབ་ཏུ་མཾ་ལས་རྨ་བྱ། བྱང་དུ་གཾ་ལས་མཁའ་ལྡིང་གི་ཁྲི། གཉིས་པ་བརྟེན་པ་བསྐྱེད་པ་ལ་གཉིས། མངོན་བྱང་ལྔས་གཙོ་བོ་བསྐྱེད་པ། འཁོར་རྣམས་ས་བོན་སྤྲོ་བསྡུ་ཙམ་གྱིས་བསྐྱེད་པའོ། །དང་པོ་ནི། ལྷ་ཐམས་ཅད་ཀྱི་གནས་སུ་ཧྲཱིཿལས་སྣ་ཚོགས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གདན་དབུས་མའི་སྟེང་དུ་ཨཱ་ལི་གཡོན་བསྐོར་ཞུ་བ་ལས་ཤེས་རབ་ཀྱི་ཟླ་བའི་སྟེང་དུ་ཀཱ་ལི་གཡས་བསྐོར་ཞུ་བ་ལས་ཐབས་ཀྱི་ཟླ་བ། དེ་གཉིས་ཀྱང་འོད་དུ་ཞུ་བ་ལས་ༀ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ཎ་བི་ཤོ ་དྷ་ནེ་སྭཱ་ཧཱ། ཡིག་འབྲུ་དེ་རྣམས་ལས་འདོ་ཟེར་འཕྲོས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད། འོད་ཟེར་ཚུར་འདུས་ཡིག་འབྲུ་ལ་ཐིམ། ཡོངས་སུ་གྱུར་པ་ལས་དང་པོའ་རྡོ་རྗེ་རྩེ་ལྔ་པ། དེ་

p. 403

ལས་རང་ཉིད་བཅོམ་ལྡན་འདས་ཀུན་རིག་དུང་དང་ཀུན་ད་ཟླ་བའི་མདོག་ཅན་ཞལ་བཞི་དཀར་བ་ཞི་བས་གཟིགས་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྣམས་ཤིང་དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་རྒྱན་དང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཉི་མའི་རྒྱབ་ཡོལ་མངའ་བར་གྱུར། གཉིས་པ་ནི། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྩ་རིག་གི་དབུས་སུ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ རྣམས་ལས་འོད་འཕྲོས་འགྲོ་དོན་བྱས་འདུས་པ་ལས་སྦྱོང་བའི་རྒྱལ་པོ་དཀར་དམར་ས་གནོན་མཉམ་གཞག་མཛད་པ། རྒྱལ་མཆོག་རིན་ཆེན་སྔོན་པོ་མཆོག་སྦྱིན་མཉམ་གཞག་མཛད་པ། ཤཱཀྱ་རིགས་དབང་དམར་སེར་མཉམ་གཞག་མཛད་པ། མེ་ཏོག་ཆེར་རྒྱས་ལྗང་ཁུ་སྐྱབས་སྦྱིན་མཉམ་གཞག་མཛད་པ་སྟེ་དེ་བཞིན་གཤེགས་པ་བཞི་ཞི་བའི་གཟིགས་སྟངས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། ༀ་ཤོ་དྷ་ནེ་

p. 404

ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧཱུཾ། དེ་བཞིན་དུ་ཧཱུཾ་གི་གནས་སུ། ཏྲཱཾ་ཧྲཱིཿཨཱཿ རྣམས་སྦྱར། ཐུགས་ཀ་ནས་ཕྱུང་། ཤར་ལ་སོགས་པའི་ཕྱོགས་བཞིར་ཉི་མའི་རྒྱབ་ཡོལ་ལ་བརྟེན་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་འཁོད། དེ་བཞིན་དུ། ཐུགས་ཀའི་ཧཱུཾ་ཏྲཱཾ་ཧྲཱིཿཨཿ རྣམས་ལས་འོད་འཕྲོས། འདུས་པ་ལས་སྤྱན་མ་དཀར་མོ། མཱ་མ་ཀཱི་སྔོན་མོ། གོས་དཀར་མོ་དམར་མོ། སྒྲོལ་མ་ལྗང་གུ་སྟེ་ཡུམ་བཞི་གཡས་འཁོར་ལོ་རྡོ་རྗེ་པདྨ་ཨུཏྤ་ལ་ཐུགས་ཀར་འཛིན་ཅིང་གཡོན་གདན་ལ་བརྟེན་པ་སྒེག་ཅིང་ཆགས་པའི་ཉམས་ཅན་ནུ་འབུར་ཟུང་གིས་མཛེས་པ། ༀ་ཤོ་དྷ་ནི་ཧཱུཾ། དེ་བཞིན་དུ། ཏྲཱཾ་ཧྲཱིཿཨཿ ཐུགས་ཀ་ནས་ཕྱུང་། མེ་ལ་སོགས་པའི་མཚམས་བཞིར་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ཧཱུཾ་ཛཿཧོཿ དྷུ་ཏྲཱཾ་ཾ ་བྷྲཱྀ་ཧཱ་ཧྲཱིཿདྷཱིཿཀྲུཾ་བྷཱ་ཀཾ་རཾ་ཀྵཾ་སཾ་རྣམས་ལས་འོད་འཕྲོས། འདུས་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཆགས་པ་དམར་པོ་

p. 405

མདའ་གཞུ་འགེངས་པ། རྡོ་རྗེ་ལེགས་པ་ལྗང་གུ་ཐུགས་ཀར་སེ་གོལ་གཏོགས་པ། རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན་གཡས་ཉི་མ་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱལ་མཚན་སྔོན་པོ་གཡས་རྒྱལ་མཚན་ཕྲག་པར་འཕྱར་བ། རྡོ་རྗེ་བཞད་པ་དཀར་པོ་གཡས་སོའ་ཕྲེང་བ་ཁ་འགྲམ་གཡས་སུ་འཛིན་ཅིང་། དེ་གསུམ་གྱི་ཕྱག་གཡོན་གདན་ལ་བརྟེན་པ། རྡོ་རྗེ་ཆོས་དཀར་དམར་གཡོན་པདྨ་དཀུར་འཛིན་ཅིང་གཡས་དེའི་ཁ་འབྱེད་པ། རྡོ་རྗེ་རྣོན་པོ་སྔོ་བསངས་གཡས་རལ་གྲི་འཕྱར་ཞིང་གཡོན་པོ་ཏི་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱུ་གསེར་མདོག་གཡས་ཀྱི་གུང་མོའ་རྩེར་འཁོར་ལོ་འཛིན་པ། རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག་ཅན་གཡས་རྡོ་རྗེས་མཚན་པའི་ལྕེ་འཛིན་ཅིང་། དེ་གཉིས་ཀྱི་ཕྱག་གཡོན་གདན་ལ་བརྟེན་པ། རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་

p. 406

པ། རྡོ་རྗེ་སྲུང་བ་སེར་པོ་གོ་ཆ་བསྐོན་པའི་ཚུལ་དུ་འཛིན་པ། རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཕྱག་གཉིས་ཀྱིས་མཆེ་བ་ཞལ་གྱི་གྲ་གཉིས་སུ་འཛིན་པ། རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་གཉིས་ཀྱིས་དཀུ་གཡོན་དུ་རྡོ་རྗེ་འཚིར་བ་སྟེ་སེམས་དཔའ་བཅུ་དྲུག །ༀ་སརྦ་བིད་བཛྲ་སཏྭ་ཧཱུཾ། ཛཿཧོཿདྷུ་ཏྲཱཾ་ཾ་བྷྲཱྀ་ཧཱ་ཧྲཱིཿདྷཱིཿཀྲུཾ་བྷཱ་ཀཾ་རཾ་ཀྵཾ་སཾ། ཐུགས་ཀ་ནས་ཕྱུང་། འཁོར་ལོའ་རྩིབས་བཅུ་དྲུག་ལ་ཤར་ནས་གཡས་བསྐོར་དུ་སེམས་པའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཛཿཧཱུཾ་བཾ་ཧོཿརྣམས་ལས་འོད་འཕྲོས། འདུས་པ་ལས་སྒེག་མོ་དཀར་མོ་རྡོ་རྗེ་གཉིས་དཀུར་འཛིན་པ། ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། གླུ་མ་དཀར་དམར་པི་ཝཾ་འཛིན་པ། གར་མ་སྣ་ཚོགས་མདོག་གར་མཛད་པ། བདུག་སྤོས་མ་དཀར་མོ་སྤོས་སྣོད་འཛིན་པ། མེ་ཏོག་མ་སེར་མོ་གཡོན་མེ་ཏོག་གི་སྣོད་འཛིན་ཅིང་གཡས་ཀྱིས་འཐོར་བ། མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱུག་པ་མ་སྣ་ཚོགས་མདོག་གཡོན་

p. 407

དྲིའི་སྣོད་འཛིན་ཅིང་གཡས་ཀྱིས་མཆོད་པ། རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ་སྟེ་སྒེག་སོགས་བརྒྱད་དང་སྒོ་བ་བཞི། ༀ་བཛྲ་ལཱ་སྱེ་ཧཱུཾ། དེ་བཞིན་དུ། མཱ་ལེ་ཏྲཱཾ། གཱི་ཏཱི་ཧྲཱིཿ ནྲྀ་ཏཱི་ཨཿ དྷཱུ་པེ་ཧཱུཾ། པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨཿ ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུཾ། སྥོ་ཊ་བཾ། ཨཱ་བེ་ཤ་ཡ་ཧོཿ ཐུགས་ཀ་ནས་ཕྱུང་། འཁོར་ལོའ་ཕྱིའི་གྲ་ཕྱི་ནང་དང་སྒོ་བཞིར་མེ་དང་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ༀ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སྔགས་འཕྲེང་དེ་ལས་འོད་འཕྲོས་འདུས་པ་ལས། བྱམས་པ། འཇམ་དཔལ། སྤོས་ཀྱི་གླང་པོ། ཡེ་ཤེས་ཏོག་བཞི་སྔོན་པོ་རྡོར་དྲིལ་འཛིན་པ། བཟང་སྐྱོང་། མཐོང་བ་དོན་ཡོད། བློ་གྲོས་མི་

p. 408

ཟད་པ། སྤོབས་པ་བརྩེགས་པ། བཞི་སེར་པོ་རིན་ཆེན་དྲིལ་བུ་འཛིན་པ། མཐུ་ཆེན་ཐོབ། ངན་སོང་ཀུན་འདྲེན། མྱ་ངན་མུན་འཇོམས། དྲ་བ་ཅན་གྱི་འོད་བཞི་དམར་པོ་པདྨ་དྲིལ་བུ་འཛིན་པ། ཟླ་འོད། བདུད་རྩི་འོད། ནམ་མཁའ་མཛོད། ཀུན་ཏུ་བཟང་པོ་བཞི་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྟེ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །ༀ་སརྦ་སཾ་སྐཱ་རི་སོགས། ཐུགས་ཀ་ནས་ཕྱུང་། ཕྱིའི་དཀྱིལ་འཁོར་གྱི་ལྷ་སྣམ་དང་པོར་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད ། ཐུགས་ཀའི་ༀ་བོ་དྷི་སཏྭ་སརྦ་སཾ་སྐཱ་རི་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུ་ཏེ་སྭཱ་ཧཱ། སྔགས་ཕྲེང་དེ་ལས་འོད་འཕྲོས་འདུས་པ་ལས། ངན་སོང་སྦྱོང་བ། མུན་པ་སེལ་བ། སྡུག་བསྔལ་འཇོམས་པ། སྲིད་མཚོ་སྒྲོལ་བ་བཞི་དཀར་པོ་རྡོ་རྗེ་དཀར་པོ་འཛིན་པ། རིན་ཆེན་མཛོད། དགེ་བའི་བློ་གྲོས། དོན་མཐུན་ཡིད་འོང་། དྲན་སྟོབས་མཆོག་བཞི་སྔོན་པོ་རིན་ཆེན་སྔོན་པོ་འཛིན་པ། དགེ་བའི་འབྱུང་གནས། ལེགས་པའི་

p. 409

ཏོག །ཐམས་ཅད་སྒྲོལ། བདེ་བའི་འབྱུང་གནས་བཞི་དམར་པོ་པདྨ་དམར་པོ་འཛིན་པ། བརྩོན་འགྲུས་མི་ལྡོག་པ། ཡོན་ཏན་མཛོད། ཐེ་ཚོམ་ཡིད་མྱུར། ང་རོ་སྙན་པ་བཞི་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ་སྟེ་དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག །ༀ་བོ་དྷི་སོགས། ཐུགས་ཀ་ནས་ཕྱུང་། ལྷ་སྣམས་གཉིས་པར་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད་པར་གྱུར། ལྷ་སྣམ་གསུམ་པར་ༀ་སརྦ་མུ་ནི་བྷྱཿཔ་རི་ཤུདྡྷེ་ག་ག་ན་ས་མཱ་ནཱཾ་སྭཱ་ཧཱ། བཅུ་དྲུག་ལས། ཤར་ནས་གཡས་བསྐོར་དུ། དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མཽང་གོལ། རབ་འབྱོར། འཆར་ཀ། མ་འགགས་པ། ཀཽཎྜི་ནྱ། ཉེ་བ་འཁོར། རྟ་ཐུལ། བ་ལང་བདག །ཀུན་དགའ་བོ། མིང་ཆེན། ནོར་འཛིན། གང་པོ། འོད་སྲུངས་ཏེ་ཉན་ཐོས་བཅུ་དྲུག་དང་། ལྷ་སྣམ་བཞི་པའི་ཕྱོགས་མཚམས་རྣམས་སུ་ༀ་ན་མོ་བུདྡྷ་བྱ་ཝ་ལོ་ཀི་ཏེ་ཤུདྡྷེ་ག་ག་ན་ས་མ་ཡེ་སྭཱ་ཧཱ། བཅུ་གཉིས་ལས་ཤར་ནས་གཡས་བསྐོར་དུ། གདུང་བ་སེལ་བ། སྣང་

p. 410

བ་བརྩེགས་པ། འཇིགས་པ་མེད་པ། དཔའ་བོ་འདུལ་བ། ཤེས་རབ་མགྱོགས་ཆེན། རི་བོའ་རྒྱལ། སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། དུག་ཆེན་འཇོམས། རྫུ་འཕྲུལ་ཆེར་སྟོན། སེང་གེའི་སྒྲ། ཡིད་མྱུར་བ་སྟེ་རང་རྒྱལ་བཅུ་གཉིས་དབུའི་གཙུག་ཏོར་ཅུང་ཟད་འབུར་བ། ཉན་རང་ཐམས་ཅད་ཀྱང་སྐུ་མདོག་མ་ངེས་ཤིང་ཆོས་གོས་གསུམ་གྱིས་ཀླུབས་པ། ལྷུང་བཟེད་འཁར་གསིལ་པོ་ཏི་འཛིན་ཅིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱི་རོལ་གྱི་སྒོ་བཞིའི་གཡས་གཡོན་དུ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་པད་ཉིའི་གདན་ལ་ༀ་ཏྲཻ་ལོ་ཀྱ་ཀི་ར་ཧཱུཾ་ཕཊ། དེ་བཞིན་དུ། ཏྲཻ་ལོ་ཀྱ་ད་མ་ཀ། ཏྲཻ་ལོཀྱ་ཨནྟ། ཨ་མྲྀ་ཏ། ཀཱ་ལ་དཎྜ། ཀཱ་ཎ་ཧ་ནི། ཧྲཱིཿརྣམས་ལས་ཤར་ནས་གཡས་བསྐོར་དུ། འཇིག་རྟེན་གསུམ་སྣང་རྡོ་རྗེ་འཛིན་པ། འཇིག་རྟེན་གསུམ་འདུལ་དབྱུག་ཏོ་འཛིན་པ་གཉིས་དཀར་པོ། འཇིག་རྟེན་གསུམ་འཇིག་རྩེ་གསུམ་འཛིན་པ། འཇིག་རྟེན་གསུམ་མཐར་བེ་ཅོན་འཛིན་པ་གཉིས་སྔོན་པོ། བདུད་རྩི་འཁྱིལ་པ་སྣ་

p. 411

ཚོགས་རྡོ་རྗེ་འཛིན་པ། དབྱུག་སྔོན་ཅན་རལ་གྲི་འཛིན་པ་གཉིས་དམར་པོ། མི་གཡོ་བ་རལ་གྲི་འཛིན་པ། རྟ་མགྲིན་པདྨ་འཛིན་པ་གཉིས་ལྗང་གུ་སྟེ་ཁྲོ་བོ་བརྒྱད་སྦྲུལ་དང་མི་སྡུག་པའི་རྒྱན་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པར་གྱུར། དེའི་ཕྱི་རོལ་གྱི་མུ་རན་དཀར་པོར་སོ་སོའ་གདན་གྱི་སྟེང་དུ་ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་སོགས་རྩ་རིག་བརྗོད། རེ་རེ་ལས་ཤར་དུ་བརྒྱ་བྱིན་དང་ལྷ་དབང་དམར་སེར། ལྷོར་ཚངས་པ་དང་གཤིན་རྗེ་ནག་པོ། ནུབ་ཏུ་དབང་ཕྱུག་དང་ཆུ་ལྷ་དཀར་པོ། བྱང་དུ་ཁྱབ་འཇུག་དང་གནོད་སྦྱིན་སེར་པོ། མེར་མེ་ལྷ་དམར་པོ། སྲིན་པོར་བདེན་བྲལ་དམར་ནག །རླུང་དུ་རླུང་ལྷ་སྔོན་པོ། དབང་ལྡན་དུ་འབྱུང་པོ་ཐལ་མདོག་རྣམས་རང་རང་གི་འཁོར་དུ་མ་དང་བཅས་པའི་བར་གྱི། ཤར་དུ་པ་སངས་དང་མིག་དམར་ལ་སྨིན་དྲུག་སོགས་བདུན་གྱིས་བསྐོར་བ། ལྷོར་ཕུར་བུ་དང་ཉི་མ་ལ་མཆུ་སོགས་་བདུན་གྱིས་བསྐོར་བ། ནུབ་ཏུ་ཟླ་བ་

p. 412

དང་སྒྲ་གཅན་ལ་ལྷ་མཚམས་སོགས་བདུན་གྱིས་བསྐོར་བ། བྱང་དུ་གཟའ་ལྷག་དང་སྤེན་པ་ལ་མོན་དྲེ་སོགས་བདུན་གྱིས་བསྐོར་བ། སླར་ཡང་ཤར་དུ་རབ་བརྟན་སོགས་ལྟོ་འཕྱེ་རྣམས་དང་། ལྷོར་གཉེའུ་ཐུང་སོགས་འདྲེ་རྣམས་དང་། ནུབ་ཏུ་གསེར་མིག་སོགས་མཁའ་ལྡིང་རྣམས་དང་། བྱང་དུ་རྗེད་བྱེད་སོགས་བགེགས་རྣམས་དང་། གཞན་ཡང་འབྱུང་བ་བཞིའི་ལྷ་དང་། ཁྱིམ་དང་རི་དང་ཀུན་ར་དང་ནགས་ཚལ་དང་དུར་ཁྲོད་དང་གྲོང་ཁྱེར་གྱི་ལྷ་དང་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང་། སྲིང་མོ་བཞི་དང་། རིགས་སྔགས་འཆང་གི་ཚོགས་རྣམས་དང་། ཁོར་ཡུག་གི་སྟོངས་རྣམས་ཀྱི་མེར་དམྱལ་བ་ཆེན་པོ་བརྒྱད། བདེན་བྲལ་དུ་ཡི་དྭགས་ཀྱི་གྲོང་ཁྱེར། རླུང་དུ་བྱོལ་སོང་སྣ་ཚོགས། དབང་ལྡན་དུ་མིའི་འགྲོ་བ་སོགས་ཡོངས་སུ་གསལ་བར་གྱུར། གསུམ་པ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་དང་བསྙེན་པ་བྱ་ཚུལ་ལ་བདུན། ཡེ་ཤེས་པ་གཞུག དབང་བསྐུར། རྒྱས་གདབ། གནས་ཉེར་གཉིས་བྱིན་རླབས། མཆོད་བསྟོད། ཕྲིན་

p. 413

ལས་བཅོལ་བ། བསྙེན་པ་བྱ་བ་རྣམས་ལས། དང་པོ་ནི། ཁུ་ཚུར་གྱི་ཨཿགཉིས་སྦྲེལ་ཧཱུཾ་གཉིས་བརྐྱང་བ་རྩེ་སྤྲད་ཁ་གྱེན་དུ་བསྟན་པ་སྒོ་དབྱེ་བའི་རྒྱས། ༀ་སརྦ་བིདྷྭཱ་རོདྒྷ་ཊཱ་ཡ་ཧཱུཾ། གིས་བདག་བསྐྱེད་དཀྱིལ་འཁོར་གྱི་སྒོ་ནང་ནས་ཕྱེ། ཕྱག་རྒྱ་སྔར་ལྟར་ལ། ༀ་སརྦ་བིད་མཎྜ་ལ་བཛྲ་ཙཀྲ་ཧཱུཾ། བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་གསལ་བར་གྱུར། བདག་ཉིད་གཙོ་བོའ་ང་རྒྱལ་དང་བསྡུ་བའི་རྒྱས། ༀ་སརྦ་བིད་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ འོག་མིན་གྱི་གནས་ནས་རྒྱལ་བ་སྲས་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོའ་རྣམ་པས་མདུན་གྱི་ནམ་མཁར་གཤེགས་པར་གྱུར། ༀ་བཛྲ་ཡཀྵ་ཧཱུཾ། ཞེས་གནོད་སྦྱིན་གྱི་སྔགས་རྒྱས་ཕྱི་འབྲང་གི་བགེགས་བསྐྲད། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་པྲ་ཎ་མེ་ན་བཛྲ་བནྡ་ནཾ་ཀ་རོ་མི། ཞེས་ཡེ་ཤེས་པས་དམ་ཚིག་པ་ལ་ཕྱག་བྱ་བ་དང་། ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །དེ་བཞིན་

p. 414

གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །ཞེས་དམ་ཚིག་པ་ལ་ཆེད་དུ་བརྗོད་ནས། བསྡུ་བ་དང་སྤྲོ་བའི་ཚུལ་གྱིས་དམ་ཚིག་པ་དང་ཡེ་ཤེས་པ་རྣམས་གཅིག་ཏུ་འདྲེས་ཤིང་གཅིག་ཏུ་གྱུར། དཀྱིལ་འཁོར་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པར་བསམས་ལ། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུལ་ཕྲན་ཐམས་ཅད་ཇི་སྙེད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །གཉིས་པ་དབང་བསྐུར་བ་ནི། དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་ནི། འདིར་དྲུང་མཛད་ཀྱི་ཀུན་རིག་ཆེན་མོ་དང་འདི་ཉིད་ཀྱི་རྩ་བའི་དངོས་བསྟན་སོགས་ཕལ་ཆེར་མཐུན་པར་དབུ་རྒྱན་ནས་མིང་དབང་གི་བར་གྱི་སྔགས་རྣམས་བརྗོད་པ་ལས་ཆུ་དབང་མ་བྱུང་ཡང་རྗེ་དཔའ་བོས་དེ་དག་ཡི་གེ་ཆད་པ་ཞིག་ཏུ་ཟད་དེ་ཕྱག་ལེན་ལ་དབང་དྲུག་ཀ་བསྐུར་བ་ཡོད་གསུངས་པ་བཞིན་འདིར་ཡང་། ༀ་བུད་དྷ་ཀཱ་ལ་ཤ། ནས། ༀ་ཀརྨ་ནཱ་མ་སོགས་ཀྱི་མིང་དབང་གི་བར་གྱི་སྔགས་བརྗོད་ལ་བསྐུར་ནས། དབང་ལྷ་

p. 415

རྣམས་ཀྱང་དཀྱིལ་འཁོར་པ་དང་དབྱེར་མེད་དུ་གྱུར། ༀ་བཛྲ་ཨངྐུ་ཤ་ཛཿ སོགས་སྒོ་བཞིའི་སྔགས་དང་ལས་རྒྱ་བཅིང་། གསུམ་པ་རྒྱས་གདབ་པ་ལ། བསྡུས་པར་ན། ༀ་བྲྀ་ཏ་བྲྀ་ཏ་སོགས་རིགས་གསུམ་སྤྱིའི་སྔགས་རྒྱས་བྱིན་གྱིས་རླབས་པའམ། རྒྱས་པར་སྤྲོ་ན་དམ་རྒྱ། ཆོས་རྒྱ། ལས་རྒྱ། ཕྱག་ཆེན་ཏེ་ཕྱག་རྒྱ་བཞིས་རྒྱས་གདབ་པ་ལ། དང་པོ་དམ་རྒྱ་ནི། སྤྱིར་དམ་རྒྱ་ཐམས་ཅད་རྡོ་རྗེ་བསྡམས་པ་གཞིར་བྱས་ལ་ལྷ་རེ་རེ་བཞིན་དུ་རྡོར་བསྡམས་བཅིངས་མིག་ཕྱི་བ་བྱས་དེ་ནས་དམ་རྒྱ་དངོས་བཅའ་བ་བརྟན་པར་བྱ་བ་ལྷ་སོ་སོའ་ང་རྒྱལ་འཛིན་པ་རྣམས་བྱེད་པ་ནི་ཀུན་ལ་མཚུངས་སོ། །དེ་ནས། རང་གི་དབང་པོ་བཤིག་ནས་ནི། །རྡོ་རྗེ་བཅིང་བས་བཟུང་བར་བྱ། །དེ་ཡི་ཕྱག་རྒྱས་གང་རེག་པ། །དེ་མ་ཐག་ཏུ་དེ་དབང་འགྱུར། །རིགས་ལྔ་ལ། ས་མ་ཡ་སྟྭཾ། ཞེས་དང་། ལྷག་མ་རྣམས་ལ། སུ་ར་ཏ་སྟྭཾ། ཞེས་པས་རྡོར་བསྡམས་བཅིངས། དེ་མིག་ཏུ་བསྐོར་ནས། བཛྲ་དྲྀ ཥྚི་མ་ཊ། ཞེས་མིག་ཕྱི། རྡོར་བསྡམས་གན་རྐྱལ་དུ་བཞག །ༀ་གཉིས་ལྟོ་སྦྱར་ལ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སོགས་ཀུན་རིག་གི་སྙིང་པོའ་མཐར། དྲྀ་ཤྱ་ཧོཿ ཛ་ཧཱུཾ་བཾ་

p. 416

ཧོཿ ས་མ་ཡ་སྟྭཾ། གཉིས། ཨ་ཧཾ། གིས་ང་རྒྱལ་བཟུང་། ཀུན་རིག་གི་སྙིང་པོ་ལན་གསུམ་བརྗོད་པས་བརྟན་པར་བྱ་བ་ནི་གཙོ་བོའ་དམ་རྒྱ་དང་། དེ་བཞིན་དུ་ཐོག་མཐའི་སྔགས་དང་ལྷ་རང་རང་གི་འབྱིན་སྔགས་བརྗོད་པ་རིགས་འགྲེ ་སྟེ། རྡོ་རྗེ་བསྡམས་པ་ལས་ༀ་ཏྲཱཾ་ཨཿརྣམས་སོ་སོར་གཤིབས་ཏེ་སྒྲེང་ཞིང་ཧཱུཾ་ཧྲཱིཿགཉིས་སོ་སོར་རྩེ་སྤྲད་དེ་པདྨའི་འདབ་མ་ལྟར་ཟླུམ་པོར་བཀུག་པ་སྦྱོང་རྒྱལ་གྱི་དང་། ཕྱག་རྒྱ་སྔ་མ་དེ་ལས་ཧཱུཾ་ཧྲཱིཿགཉིས་ཚིགས་བར་པ་བཅག་སྟེ་རིན་ཆེན་ལྟར་བྱེད་པ་རྒྱལ་མཆོག་གི་དང་། ཐལ་མོ་ༀ་ཨཱཿསོ་སོར་གཤིབས་ལ་ལྷག་མ་རྣམས་བརྐྱང་སྟེ་ཕྱེ་བ་པདྨ་ལྟར་བྱས་པ་རིགས་དབང་གི་དང་། དེ་ཉིད་ཀྱི་ༀ་ཨཿབཞི་ག་རྩེ་སྦྱར་སྒྲེང་གཞན་རྣམས་སོ་སོར་བརྐྱང་སྟེ་ཅུང་ཟད་གཅུས་སྟབས་ཀྱིས་གཡོན་དུ་བསྒྱུར་བ་ཆེར་རྒྱས་ཀྱི་སྟེ་གཤེགས་པ་བཞི འོ། །བསྡམས་པའི་ཏྲཱཾ་གཉིས་གཤིབས་ཏེ་སྒྲེང་བའི་གློར་ཧཱུཾ་གཉིས་སྦྱར་བ་མིག་ལྟར་བྱས་ཧྲཱིཿཨཿགཉིས་ནང་དུ་བཅུག་པའི་སྟེང་ༀ་གྱིས་མནན་པ་སྤྱན་མའི་དང་། བསྡམས་པའི་ཏྲཱཾ་གཉིས་མཉམ་པར་སྒྲེང་བའི་ངོས་ཧཱུཾ ་གཉིས་རྡོ་རྭ་ལྟར་བཀུག་སྟེ་སྦྱར་བ་རྡོ་རྗེ་རྩེ་གསུམ་པ་ལྟ་བུ་མཱ་མ་ཀཱིའི་དང་། བསྡམས་པའི་ཏྲཱཾ་གཉིས་རྩེ་སྤྲད་དེ་པདྨ་ལྟར་ཟླུམ་པོར་བཀུག་པ་

p. 417

གོས་དཀར་གྱི་དང་། ཐལ་མོ་ལས་ཏྲཱཾ་གཉིས་གཤིབས་པའི་རྒྱབ་ཏུ་ཧཱུཾ་གཉིས་སྦྱར་ཞིང་ༀ་གཉིས་གཤིབས་ཏེ་སྒྲེང་བ་ཨུཏྤ་ལའི་རྣམ་པར་བྱས་པ་སྒྲོལ་མའི་སྟེ་ཡུམ་བཞིའོ། །རྡོར་བསྡམས་ལས་ཧཱུཾ་གཉིས་སྦྱར་ཏེ་བརྐྱང་བ་རྡོར་སེམས་ཀྱི་དང་། བསྡམས་པའི་གཡོན་པའི་ཧཱུཾ་བརྐྱང་བའི་ནང་ཕྱོགས་སུ་གཡས་པའི་ཧཱུཾ་ལྕགས་ཀྱུ་ལྟར་ཅུང་ཟད་བཀུག་པ་རྡོར་རྒྱལ་དང་། བསྡམས་པའི་ཧཱུཾ་གཉིས་བརྐྱང་ལྟོ་སྦྱར་བའི་རྩེ་མོ་བཀྱེད་པ་མདའི་ལྟོང་གི་ཚུལ་ཆགས་པའི་དང་། བསྡམས་པ་ལས་ༀ་གཉིས་སྒྲེང་བའི་རྩེར་ཧཱུཾ་གཉིས་སླར་བཀུག་སྟེ་རྩེ་སྤྲད་དེ་སེ་གོལ་གཏོག་པའི་ཚུལ་རྡོར་ལེགས་དང་། བསྡམས་པའི་ཧཱུཾ་རྩེ་སྦྱར་ཚིགས་བར་པ་གཉིས་བཅག་པ་རིན་པོ་ཆེའི་ཚུལ་རིན་ཆེན་གྱི་དང་། ཕྱག་རྒྱ་དེ་ཉིད་ལས་ཏྲཱཾ་ཧྲཱིཿཨཿརྣམས་བསྣོལ་ཏེ་འོད་ཟེར་ལྟར་བཀྱེད་པ་ཉི་མའི་ཚུལ་གཟི་བརྗིད་ཀྱི་དང་། བསྡམས་པ་སྤྱི་བོར་བསྐོར་བ་རྒྱལ་མཚན་གྱི་དང་། བསྡམས་པ་ཁ་འགྲམ་དུ་བསྐོར་བ་བཞད་པའི་དང་། བསྡམས་པ་ལས་ཧཱུཾ་གཉིས་རྩེ་སྤྲད་པ་ཟླུམ་པོར་བཀུག་སྟེ་པདྨའི་དབྱིབས་སུ་བྱས་པ་ཆོས་ཀྱི་དང་། བསྡམས་པའི་ཧཱུཾ་གཉིས་བརྐྱང་སྟེ་ཚིགས་དང་པོ་གཉིས་བཅག་པ་རལ་གྲིའི་ཚུལ་ོ་བའ་དང་། བསྡམས་པ་ལས་ཧཱུཾ་

p. 418

གཉིས་རྩེ་སྦྱར་ཅུང་ཟད་བཀུག་སྟེ་འཁོར་ལོའ་རྩིབས་འདྲ་བ་རྒྱུའི་དང་། བསྡམས་པ་ལས་ཧཱུཾ་གཉིས་ཅུང་ཟད་ཁ་ཕྱེ་བ་སྨྲ་བའི་དང་། དེ་ལས་ཀྱང་ཅུང་ཟད་ཁ་ཕྱེ་བ་ལས་ཀྱི་དང་། ཤིན་ཏུ་ཁ་ཕྱེ་བ་སྲུང་བའི་དང་། བསྡམས་པ་ལས་ཧཱུཾ་གཉིས་བསྣོལ་ཐབས་སུ་རྩེ་ཅུང་ཟད་བཀུག་སྟེ་འཁྱོག་པོར་བྱས་པ་མཆེ་བའི་ཚུལ་གནོད་སྦྱིན་གྱི་དང་། བསྡམས་པའི་ༀ་གཉིས་ནང་དུ་བཀུག་པའི་སྟེང་ཧཱུཾ་གཉིས་བཀུག་པས་བཀབ་པ་ཁུ་ཚུར་གྱི་སྟེ་སེམས་དཔའ་བཅུ་དྲུག་གོ། །བསྡམས་པའི་ༀ་གཉིས་གཤིབས་ཏེ་བརྐྱང་བ་སྒེག་མོའ་དང་། བསྡམས་པའི་མཐིལ་བཀྱེད་ནས་དཔྲལ་བར་ཕྲེང་བ་འཆིང་ཚུལ་ཕྲེང་བ་མའི་དང་། རྡོར་ཐལ་མགྲིན་པ་ནས་གྱེན་དུ་ཁའི་ཐད་དུ་ཕར་བརྐྱང་དེ་ནས་ཐུར་དུ་འདྲེན་པ་ཚིགས་འབྱིན་ཚུལ་གླུ་མའི་དང་། རྡོར་ཐལ་གཡས་གཡོན་དུ་གར་བྱས་ཏེ་སྤྱི་བོར་བཞག་པ་གར་མའི་དང་། རྡོར་བསྡམས་སོར་རྩེ་རྣམས་ཐུར་བསྟན་སྤོས་ལྡུགས་ཚུལ་སྤོས་མའི་དང་། རྡོར་བསྡམས་སོར་མོའ་རྩེ་གྱེན་བསྟན་མེ་ཏོག་མའི་དང་། བསྡམས་པའི་ༀ་གཉིས་སྒྲེང་སྟེ་གཡོན་དུ་བསྐོར་བ་མར་མེ་མའི་དང་། བསྡམས་པའི་མཐིལ་བཀྱེད་ནས་སྙིང་ཁར་བྱུག་ཚུལ་དྲི་མའི་སྟེ་སྒེག་སོགས་བརྒྱད་དོ། །བསྡམས་པའི་ཧཱུཾ་གཉིས་ཅུང་

p. 419

ཟད་བཀུག་པ་ལྕགས་ཀྱུའི་དང་། བསྡམས་པའི་ཧཱུཾ་གཉིས་རྩེ་སྤྲད་པ་ཞགས་པའི་དང་། བསྡམས་པའི་ༀ་ཧཱུཾ་བཞི་ཨ་ལོང་ལྟར་གཅིག་ནང་དུ་གཅིག་བཅུག་སྟེ་ལུ་གུ་རྒྱུད་དུ་སྦྲེལ་ནས་ལྕགས་སྒྲོག་ལྟར་བཅོས་པ་ལྕགས་སྒྲོག་གི་དང་། བསྡམས་པ་ལས་ༀ་གཉིས་ནང་དུ་བཅུག་ཅུང་ཟད་བསྐྱོད་པ་འབེབས་པའི་སྟེ་སྒོ་བ་བཞིའོ། །གཡོན་ཁུ་ཚུར་གྱི་ༀ་ཧཱུཾ་ལྟོ་སྦྱར་བ་གྱེན་དུ་བསྟན་པའི་སྟེང་དུ་གཡས་པ་དེ་བཞིན་དུ་བྱས་པའི་གཡོན་གྱི་ཨཿནས་རིམ་གྱིས་བཀྲོལ་ཏེ་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི་བསྐལ་བཟང་བཅུ་དྲུག་གོ། །ཐལ་སྦྱར་ལས་ཨཿགཉིས་ནང་དུ་བཅུག་ཧཱུཾ་གཉིས་བཀུག་པའི་ངོས་ལ་ༀ་གཉིས་སྒྲེང་སྟེ་བཅར་བ་དཔེ་བྲལ་བཅུ་དྲུག་གོ། །མཉམ་པའི་ཐལ་མོ་སྙིང་ཁར་སྦྱར་བ་ནི་ཉན་ཐོས་བཅུ་དྲུག་གོ། །གཡོན་ཁུ་ཚུར་ནང་བསྟན་ༀ་ཧཱུཾ་རྩེ་སྦྱར་བ་དང་གཡས་པའི་སོར་མོ་རྣམས་བཀྲམ་ༀ་ཧྲཱིཿསྦྱར་བའི་རྩེ་སྤྲད་པ་རྟེན་འབྲེལ་གྱི་རྒྱ་ནི་རང་རྒྱལ་བཅུ་གཉིས་སོ། །བསྡམས་པ་ལས་ཧཱུཾ་ཨཿགཤིབས་ཏེ་སྒྲེང་ཞིང་ༀ་གཉིས་བརྐྱང་སྟེ་ཧཱུཾ་སོ་སོ་ལ་སྦྱར་བ་འཇིག་རྟེན་གསུམ་སྣང་དང་། རྒྱ་དེ་ཉིད་ཀྱི་ཨཿགཉིས་བསྣོལ་བ་འཇིག་རྟེན་གསུམ་འདུལ་དང་། དེ་ལས་ༀ་གཉིས་ནང་དུ་བཅུག་པ་གསུམ་འཇིག་དང་། དེ་

p. 420

ལས་ཨཿ གཉིས་སྦྱར་ཏེ་སྒྲེང་བ་གསུམ་མཐར་དང་། རྡོར་བསྡམ་ལས་ཧཱུཾ་ཏྲཱཾ་ཧྲཱིཿརྣམས་སོ་སོར་སྒྲེང་ཨཿགཉིས་ནང་དུ་ལུ་གུ་བརྒྱུད་དུ་སྦྲེལ་བ་འཁྱིལ་པ་དང་། བསྡམས་པ་ལས་ཧཱུཾ་ཏྲཱཾ་གཉིས་སྦྱར་ཏེ་སྒྲེང་བ་དབྱུག་སྔོན་དང་། བསྡམས་པ་ལས་ༀ་གཉིས་རྩེ་སྤྲད་དེ་སྒྲེང་བ་མི་གཡོ་བ་དང་། བསྡམས་པ་ལས་ཧཱུཾ་གཉིས་སྒྲེང་ལྷག་མ་བསྣོལ་ཏེ་འོད་ཟེར་ལྟར་གཟིངས་པ་རྟ་མགྲིན་གྱི་སྟེ་ཁྲོ་བོ་བརྒྱད་དོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་རེ་རེས་རྒྱས་བཏབ་པར་གྱུར། གཉིས་པ་ཆོས་རྒྱ་ནི། ཡང་ལྷ་ཐམས་ཅད་ཀྱི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་མདུན་གྱི་འདབ་མ་གཅིག་ལྕེར་གྱུར་པའི་སྟེང་དུ་ཟླ་བའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཆུར་ཉལ་བའི་ལྟེ་བར་ལྷ་སོ་སོའ་སྔགས་རྣམས་གསལ་བར་གྱུར། རྡོ་རྗེ་ཕྲ་མོའ་ཚུལ་གྱིས་ནི། །ཡེ་ཤེས་ཕྱག་རྒྱ་བཅིང་བར་བྱ། །ཕྱག་རྒྱ་འདི་ཡི་ཚུལ་གྱིས་ནི། །ཡེ་ཤེས་ཕྱག་རྒྱ་དབང་དུ་གྱུར། །བཛྲ་ཛི་ཧྭ། ཞེས་པའི་རྗེས་སུ་སོ་སོའ་ཕྱག་ཆེན་ནམ་ལུས་

p. 421

གནད་སོ་སོའ་མཉམ་གཞག་གིས་འབྱིན་སྔགས་རྣམས་ཚར་རེ་བརྗོད་པའོ། །གསུམ་པ་ལས་རྒྱ་ནི། ཡང་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་རེ་རེས་རྒྱས་བཏབ་པར་གྱུར། གར་ལས་བྱུང་བའི་པད་སྐོར་དཀུ་གཡོན་དུ་བསྡུས་ནས། གླུ་དང་གར་དང་རོ་དང་ཟས། །སྤྱོད་ལམ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་བྱས་ན། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །སྟ་ཟུར་གཡོན་དུ་རྡོ་རྗེ་ཁུ་ཚུར་བསྣོལ་ནས་ཁ་སྦྱར་བ་རིམ་གྱིས ་བཀྱེད་དེ་གར་པད་སྔོན་དུ་འགྲོ་བས་ལྷ་རང་རང་གི་སྔགས་མགོ་འདྲེན་གྱི་ༀ་མེད་པ་གླུར་བླངས་ཤིང་རིགས་ལྔ་ལ་རེ་རེའི་མཐའ་དང་གཞན་རྣམས་བཞི་ཚན་རེའི་མཐར་དཀུ་གཡོན་དུ་གཉིས་ཀས་སེ་གོལ་གཏོག་པ་ཀུན་ལ་འགྲེ་སྟེ། གཡོན་ལྟེ་བར་མཉམ་གཞག་གཡས་ཐུགས་ཀར་ཁུ་ཚུར་གྱེན་དུ་བཀན་པ་རྡོ་རྗེ་བསྟོད་དེ་འཛིན་པའི་ཚུལ་གཙོ་བོའ་དང་། པད་བསྐོར་བྱས་ནས་གཡོན་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག་གཡས་ས་གནོན་སྦྱོང་རྒྱལ་དང་། གཡོན་དེ་བཞིན་གཡས་མཆོག་སྦྱིན་རྒྱལ་མཆོག་དང་། ལག་གཉིས་མཉམ་གཞག་གི་རྒྱ་རིགས་དབང་དང་། གཡོན་

p. 422

སྙིང་ཁར་ཁུ་ཚུར་གཡས་སྐྱབས་སྦྱིན་ཆེར་རྒྱས་ཏེ་རིགས་ལྔའོ། །གཡོན་རྣམས་ཐལ་མོས་གདན་ལ་བརྟེན་པ་ཡུམ་བཞི་གར་མཚུངས་ལ། གཡས་ཀྱི་ཏྲཱཾ་ཅུང་ཟད་བཀུག་པའི་ཚིགས་བར་པར་ༀ་གཏད་ལྷག་མ་བརྐྱང་བས་སྙིང་ཁར་འཁོར་ལོ་འཛིན་ཚུལ། གཡས་ཁུ་ཚུར་སྙིང་ཁར་གྱེན་དུ་བཀན་པ་རྡོ་རྗེ་འཛིན་ཚུལ། གཡས་ༀ་ཧཱུཾ་སྦྱར་ལྷག་མ་བརྐྱང་བ་སྙིང་ཁར་བཟུང་། གཡས་ༀ་ཧྲཱིཿསྦྱར་བ་ལྷག་མ་བརྐྱང་བ་ཡུམ་བཞི་དང་། ཁུ་ཚུར་གཉིས་ཀྱི་གཡས་སྙིང་ཁ་དང་གཡོན་དཀུར་བཀན་པ་དང་། གཡོན་ཁུ་ཚུར་མདུན་གཡས་ཁུ་ཚུར་དེའི་མདུན་དུ་བཞག་པ་དང་། ཁུ་ཚུར་གཡོན་འོག་གཡས་སྟེང་དུ་བཞག་པ་བསྐོར་བ་མདའ་འཕེན་པའི་ཚུལ་དང་། ཁུ་ཚུར་གཉིས་སྙིང་ཁར་བཀན་པའི་ༀ་ཧཱུཾ་གིས་སེ་གོལ་གྱི་ཚུལ་དང་། ཁུ་ཚུར་གཉིས་ཁ་སྦྱར་ༀ་ཧཱུཾ་སྤྲད་པ་རྩེ་སྦྱར་བ་དཔྲལ་བར་བཞག་པ་དང་། ཁུ་ཚུར་ཁ་སྦྱར་སྙིང་ཁར་བསྐོར་བ་དང་། གཡོན་ཁུ་ཚུར་གྱི་སྟེང་དུ་གཡས་ཁུ་ཚུར་གྱི་གྲུ་མོ་བཙུགས་པ་ཕྲག་གཡོན་དུ་བརྟེན་པ་དང་། ཁུ་ཚུར་གཉིས་ཁ་འགྲམ་གཉིས་སུ་ཕྱིར་བསྟན་པ་དང་། གཡོན་ཁུ་ཚུར་སྙིང་ཁར་

p. 423

བཀན་པ་གཡས་ཁུ་ཚུར་གྱི་ༀ་ཧཱུཾ་སྦྱར་བས་གཡོན་པའི་ཨཿནས་རིམ་པར་འབྱེད་པ་དང་། ཁུ་ཚུར་གཡོན་སྙིང་ཁར་བཞག་ལ་བཀན་གཡས་ཁུ་ཚུར་སྟེང་དུ་འཕྱར་བ་དང་། ཁུ་ཚུར་གཉིས་མགོ་སྤྲད་ཧཱུཾ་ཨཿམདུད་དེ་བཀན་ནས་སྙིང་ཁར་གཡས་སུ་བསྐོར་བ་དང་། ཁུ་ཚུར་གཉིས་ཁ་ནས་བཀན་ཏེ་དྲང་བ་དང་། ཁུ་ཚུར་གཡོན་སྙིང་ཁར་བཀན་པའི་སྟེང་དུ་གཡས་པའི་ཁུ་ཚུར་སྦུབ། གཡོན་གྱི་ཧཱུཾ་དང་གཡས་པའི་ཨཿནས་རིམ་པར་བཀྲོལ་བའི་པད་བསྐོར་འགྲམ་པ་གཉིས་དང་སྤྱི་བོར་བསྐོར་བ་དང་། ཁུ་ཚུར་གཉིས་གོ་བསྐོན་པའི་ཚུལ་དང་། ཁུ་ཚུར་གཉིས་ལས་ཨཿ གཉིས་བརྐྱང་བ་དང་། དཀུ་གཡོན་དུ་ཁུ་ཚུར་གཡོན་བཀན་པའི་སྟེང་དུ་གཡས་ཁུ་ཚུར་སྦུབ་པ་རྣམས་སེམས་དཔའ་བཅུ་དྲུག་གོ། །ཁུ་ཚུར་གཉིས་དཀུ་གཡས་གཡོན་སོ་སོར་བཞག་པས་ལུས་གཡོན་དུ་འགྱིང་བས་མགོ་ཅུང་ཟད་དུད་པ་དང་། ཁུ་ཚུར་གཉིས་ཀྱིས་མགོ་ལ་ཕྲེང་བ་འཆིང་ཚུལ་དང་། ཁུ་ཚུར་གཉིས་ཁ་ནས་ཚིག་འབྱིན་ཚུལ་དང་། ཐལ་མོ་གཉིས་གཡས་གཡོན་དུ་གར་བསྒྱུར་ཏེ་གྲུ་མོར་རེ་མོས་སུ་རེག་པ་དང་། ཁུ་ཚུར་གཉིས་ཐུར་དུ་ཁ་ཕྱེ་བ་སྤོས་ལྡུགས་པ་དང་། ཁུ་ཚུར་གཉིས་གྱེན་དུ་ཕྱེ་ནས་མེ་ཏོག་འཐོར་ཚུལ་དང་། ཁུ་ཚུར་གཉིས་ༀ་སྒྲེང་བ་དང་། ཁུ་ཚུར་བཀྲོལ་ཏེ་ཐལ་མོར་བྱས་པ་གཤིབས་པས་སྙིང་ཁར་དྲི་བྱུག་པ་རྣམས་སྒེག་སོགས་བརྒྱད་

p. 424

དོ། །གཡོན་ཁུ་ཚུར་ཁ་ཕྱིར་བསྟན་གཡས་ཁུ་ཚུར་ཁ་ནང་བསྟན་པའི་རྒྱབ་སྦྱར་བའི་གཡོན་གྱི་ཨཿདང་གཡས་ཀྱི་ཧཱུཾ་གཉིས་འཁྱུད་པ་དང་། ཁུ་ཚུར་གཉིས་བཀན་པའི་ཧཱུཾ་གཉིས་རྩེ་སྤྲད་དེ་བཀུག་པ་དང་། ཁུ་ཚུར་གྱི་ༀ་ཧཱུཾ་རྩེ་སྤྲད་པ་ལུ་གུ་རྒྱུད་དུ་བཅིང་བ་དང་། ཁུ་ཚུར་གྱི་ཧཱུཾ་གཉིས་འཁྱུད་ལ་གྱེན་དུ་བཀན་ཏེ་བསྐྱོད་པ་རྣམས་སྒོ་བ་བཞིའོ། །བསྐལ་བཟང་རྣམས་ལ་དམ་རྒྱ་ལྟར་དང་། དཔེ་བྲལ་ཉན་རང་རྣམས་ལ་སོ་སོའ་དམ་རྒྱ་ཕན་ཚུན་གཉིས་སུ་ཕྱེ་བ་སྟེ་བཞི་ག་ལ་རང་རང་གི་བསྐྱེད་སྔགས་ༀ་དང་སྭཱ་ཧཱ་མེད་པར་འདོན་ཅིང་སེ་གོལ་བྱའོ། །ཧཱུཾ་མཛད་ཀྱི་རྒྱས་སྔགས་སོ་སོ་ༀ་དང་ཧཱུཾ་ཕཊ་མེད་པ་འདོན་པ་ཁྲོ་བོ་བརྒྱད་རྣམས་སོ། །བཞི་པ་ཕྱག་ཆེན་ནི། ཡང་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ལས་དང་པོའ་རྡོ་རྗེ་རྩེ་ལྔ་པ་རེ་རེས་རྒྱས་བཏབ་པར་གྱུར། རྡོ་རྗེ་སྐུ་དང་གསུང་དང་ཐུགས། །ཇི་ལྟར་གནས་དང་མཐུན་བྱས་ལ། །མཚན་མའི་ཕྱག་རྒྱ་ལྡན་པ་ཡིས། །སེམས་དཔའ་ཆེན་པོར་བདག་ཉིད་བསྒྱུར། །དེ་ནི་ཕྱག་རྒྱ་ཆེན་པོའོ། །ལྷ་དེ་དང་དེའི་སྐུར་བསྒོམ་ཞིང་གར་པད་བསྐོར་སེ་གོལ་མེད་པའི་སྔགས་ལས་རྒྱའི་སྐབས་ཁོ་ན་ལྟར་

p. 425

འདོན་ལ་སྔགས་བཟླ་རིམ་ནས། ཏིང་འཛིན་ཕྱག་རྒྱ། གཡོན་མཉམ་གཞག །གཡས་ས་གནོན། གཡོན་དེ་བཞིན། གཡས་མཆོག་སྦྱིན། མཉམ་གཞག །གཡོན་མཉམ་གཞག །གཡས་སྐྱབས་སྦྱིན་ཏེ་རིགས་ལྔ་དང་། ཡུམ་བཞི་ལས་རྒྱ་ལྟར་དང་། ཁུ་ཚུར་གཡོན་གྱེན་བསྟན་དཀུར་བརྟེན་གཡས་སྙིང་གར་ༀ་ཨཱཿསྦྱར་ལྷག་མ་གསུམ་སྒྲེང་བ་དང་། ཁུ་ཚུར་གྱི་ཧཱུཾ་གཉིས་ལྕགས་ཀྱུ་ལྟར་བྱས་པ་གཡོན་པའི་རྒྱབ་ཏུ་གཡས་བཞག་པ་དང་། ལག་གཉིས་ཁུ་ཚུར་ལས་གཡས་ཀྱི་ཧཱུཾ་སྒྲེང་བ་གཡོན་འོག་གཡས་སྟེང་དུ་བཞག་པ་བསྐོར་ཏེ་མདའ་འཕེན་ཚུལ་དང་། གཡོན་སོར་མོ་བཞི་ཁུ་ཚུར་བསྡམས་པའི་སྟེང་ནས་ༀ་གྱིས་མནན་པ་རིན་པོ་ཆེའི་ཁུ་ཚུར་སྙིང་ཁར་བཞག་སྟེ་གཡས་ༀ་ཧཱུཾ་གིས་སེ་གོལ་གཏོག་པ་དང་། གཡས་ཁུ་ཚུར་ༀ་ཧཱུཾ་སྦྱར་བ་ཁ་ཕྱིར་བསྟན་དཔྲལ་བར་འཇོག་ཅིང་གཡོན་དཀུར་བརྟེན་པ་དང་། གཡས་ཁུ་ཚུར་བཀན་སྙིང་གར་གཡས་སུ་བསྐོར་བ་དང་། གཡས་ཁུ་ཚུར་ཕྲག་པ་གཡོན་དུ་བརྟེན་ཏེ་སྒྲེང་བ་དང་། གཡས་ཁུ་ཚུར་ཁ་ཕྱིར་བསྟན་ཁ་འགྲམ་གཡས་སུ་བཞག་པ། དེ་གསུམ་གའི་གཡོན་གདན་བརྟེན། གཡོན་ཁུ་ཚུར་གྱེན་བསྟན་དཀུར་བརྟེན་གཡས་པའི་ༀ་ཧཱུཾ་གིས་ཁ་འབྱེད་པ་དང་། ཁུ་ཚུར་

p. 426

གཡོན་སྙིང་ཁར་བཞག་གཡས་ཁུ་ཚུར་རལ་གྲི་འཕྱར་ཚུལ་དང་། གཡས་ཁུ་ཚུར་གྱི་ཏྲཱཾ་སྒྲེང་བ་གྱེན་བསྟན་གཡས་སུ་བསྐོར་བ་དང་། གཡས་ཁའི་ཐད་ནས་ལྕེ་དྲང་བའི་ཚུལ། དེ་གཉིས་ཀའི་གཡོན་གདན་བརྟེན། རྡོ་རྗེ་ལས་རྡོར་སེམས་ལྟ་བུ་དང་། སྲུང་བ། གནོད་སྦྱིན། ཁུ་ཚུར། སྒེག་མོ། ཕྲེང་བ་མ་རྣམས་ལས་རྒྱ་ལྟར་དང་། གཡོན་ཁུ་ཚུར་ཕྱིར་བསྟན་སྒྲེང་གཡས་པའི་སོར་མོ་བསྐྱོད་པས་པི་ཝཾ་བརྡུང་ཚུལ་དང་། གར་མ། བདུག་པ་མ། མར་མེ་མ་རྣམས་ལས་རྒྱ་ལྟར་དང་། གཡོན་ཁུ་ཚུར་སྙིང་ཁར་བཀན་པ་ནས་གཡས་ཁུ་ཚུར་གྱི་མེ་ཏོག་བླངས་ཏེ་ཧཱུཾ་ནས་རིམ་པར་བཀྲོལ་བས་འཐོར་ཚུལ་དང་། གཡོན་ཁུ་ཚུར་ཧཱུཾ་སྒྲེང་བ་སྙིང་གར་བཀན་པ་ལས་གཡས་ཀྱི་སོར་མོས་དྲི་བླངས་ཏེ་ཐལ་མོས་བྱུག་ཚུལ་དང་། གཡས་ཁུ་ཚུར་གྱི་ཧཱུཾ་སྒྲེང་བ་གཡོན་ཕྱོགས་སུ་བཞག །དེའི་ཕྱིར་གཡོན་དེ་བཞིན་དུ་བྱ་བ་དང་། ཁུ་ཚུར་གཉིས་ཕྱིར་བསྟན་བསྟོད་དེ་འཛིན་པ་དང་། དེ་ཉིད་པུས་མོའ་སྟེང་དུ་བཞག་པ་དང་། གཡོན་གདན་བརྟེན་གཡས་ཁུ་ཚུར་གྱིས་རྣ་བའི་ཐད་དུ་དྲིལ་བུ་གསིལ་ཚུལ་རྣམས་རྩ་བའི་ལྷ་རྣམས་ཀྱིའོ། །མགྲོན་ཐབས་རྣམས་ལས་རྒྱ་ལྟར་རོ། །འཇིག་རྟེན་པ་རྣམས་ལ་ཐུན་མོང་དུ་རྩ་རིག་བརྗོད་པས་ཐལ་མོ་མཉམ་དུ་

p. 427

བརྐྱང་བའམ་ཡང་ན། ༀ་ཨཱཿསོ་སོར་གཤིབས་ལྷག་མ་རྣམས་པདྨ་ལྟར་ཁ་ཕྱེ་བའོ། །བཞི་པ་གནས་ཉེར་གཉིས་བྱིན་རླབས་ནི། ཁུ་ཚུར་གཉིས་སྦྱར་བའི་ༀ་ཏྲཱཾ་ཨཱཿགསུམ་སོ་སོར་གཤིབས་ཏེ་སྒྲེང་ཧཱུཾ་ཧྲཱིཿ སེམས་སྐྱིལ་དུ་བྱས་པ་རྡོ་རྗེའི་ཕྱག་རྒྱས། སྙིང་ག་མགྲིན་པ་དཔྲལ་བ་དང་། །སྨིན་མཚམས་མཛོད་སྤུ་ཕྲག་པ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་གཉིས་དང་མིག་གཉིས་དང་། །གསང་བའི་གནས་ཏེ་ཉེར་གཉིས་སུ། །རེག་ལ། ༀ་སརྦ་བིད་བཛྲ་ཨ་དྷིཥྛ་ན་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་ཚར་ཉེར་གཉིས་བརྗོད་ལ་མཐར། སྙིང་ག་ལ་སོགས་པའི་གནས་ཉེར་གཉིས་དེ་དག་ཏུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཉལ་ཐབས་རེས་རྒྱས་བཏབ་པར་གྱུར་པར་བསམས་ཏེ་བྱིན་གྱིས་བརླབས། ལྔ་པ་མཆོད་བསྟོད་ནི། ཟླ་བ་ཞུན་མར་འཁྱིལ་བ་དྲི་མེད་སྣོད། །རྨད་བྱུང་སྐྱེ་བ་ལྔ་ལྡན་གཡས་འཁྱིལ་དུང་། །གདུང་སེལ་མཆོད་ཡོན་མཐོ་རིས་གངྒཱའི་ཆབ། །མཁའ་དབྱིངས་རྒྱལ་བའི་ཞིང་ཀུན་བཀང་སྟེ་འབུལ། །ༀ་སརྦ་བིད་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་

p. 428

མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྟོང་གསུམ་སྟོང་གི་ཡན་ལག་བརྒྱད་ལྡན་པའི། །རླབས་ལྡན་མི་གཙང་དྲི་མ་འཁྲུད་བྱེད་ཅིང་། །དག་ཅིང་གཙང་མར་བྱེད་པའི་ཞབས་བསིལ་གྱིས། །མཁའ་དབྱིངས་རྒྱལ་བའི་སོགས་ཚིག་རྐང་ཕྱི་མ་དང་། སྔགས་ཀྱི་ཐོག་མཐའ་ཀུན་ལ་འགྲེ་སྟེ་ཨརྒྷཾ་གྱི་གནས་སུ། པཱ་དྱཾ། འདབ་རྒྱས་གེ་སར་ལོ་མ་ཕང་ཕུང་གཡོ། །སྙིང་པོ་ཟེའུ་འབྲུ་དངར་བའི་ཐིག་ཕྲེང་ཅན། །པདྨའི་མཆོག་དང་མེ་ཏོག་ཇི་སྙེད་ཀུན། །མཁའ་དབྱིངས༴ །པུཥྤེ། སྦྲུལ་གྱི་སྙིང་པོ་ས་མཆོག་སིཧླ། །རྒྱ་སྤོས་ཤིམ་ཤ་པ་དང་ཏུ་རུཥྐ། །རྣམ་པ་མང་པོའི་ལྷ་རྫས་བདུག་པའི་སྤྲིན། །མཁའ༴ །དྷཱུ་པེ། ཉིན་མོར་བྱེད་དང་བསིལ་སྦྱིན་མཚན་མོའ་མགོན། །གདེངས་ཅན་གཙུག་གི་ཡིད་བཞིན་ནོར་བུའི་འོད། །སྟུག་པོའ་མུན་པ་གསལ་བྱེད་སྣང་གསལ་ཚོགས། །མཁའ་དབྱིངས༴ །ཨཱ་ལོ་ཀེ། རང་བྱུང་ལྷན་སྐྱེས་དྲི་ཞིམ་ངད་པར་ལྡན། །བློ་ལྡན་སྐྱེས་བུའི་རྩོལ་བས་རབ་བསྒྲུབས་པ། །དག་བྱེད་རྒྱུན་དང་སྦྱར་བའི་དྲི་ཆབ་ཀྱིས། །མཁའ༴ །གནྡྷེ།

p. 429

མ་རྨོས་འཁྲུངས་པའི་སཱ་ལའི་སྙེ་མ་དང་། །འབྲུ་དང་འབྲས་བུའི་ཁྱད་པར་མཆོག་གི་རོ། །རྣམ་པ་དཔག་ཏུ་མེད་པའི་ཞལ་ཟས་ཀྱིས། །མཁའ་དབྱིངས༴ །ནཻ་ཝི་དྱ། ཆོས་ཉིད་སྟོང་པ་ཤེས་རབ་དྲིལ་བུའི་དབྱངས། །ཡོན་ཏན་བརྗོད་པའི་བསྟོད་དབྱངས་ངག་གི་གླུ། །དྲི་ཟའི་རྒྱུད་སྟོང་སྒྲ་བརྙན་རོལ་མོའ་རིགས། །མཁའ་དབྱིངས༴ །ཤབྡ་སོགས་སྤྱི་འགྲོའི་ཕྱག་རྒྱ་དང་བཅས་འབུལ། གཞན་ཡང་སྒེག་སོགས་བརྒྱད་དང་། སྤྲོ་ན། བཅོམ་ལྡན་སངས་རྒྱས་ཆོས་དང་འཕགས་པའི་ཚོགས། །ཐུགས་རྗེའི་རང་བཞིན་སྐྱབས་མཆོག་དམ་པ་ལ། །སྐྱོན་མེད་ཡོན་ཏན་ཀུན་དང་ལྡན་པ་ཡི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུཾ། དེ་བཞིན་དུ་འཁོར་ལོའ་མལ་དུ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་རྣམས་དང་། ཙཀྲའི་གནས་སུ། མ་ཎི། སྟྲཱི། པུ་རུ་ཥ། ཧསྟི། ཏུ་རཾ་ག་ཨ་ཤྭ། ཁདྒ་སྦྱར་བ་སོ་སོའ་ཕྱག་རྒྱ་དང་བཅས་པས་འབུལ། བསྟོད་པ་ནི། རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར་བས་

p. 430

གཙུག་དགུའི་རྒྱུད་སོགས་རྒྱུད་གསུམ་ལས་བྱུང་བ། མཉམ་མེད་མི་གཡོ་སོགས་ཀྱིས་བསྟོད། དྲུག་པ་འཕྲིན་ལས་བཅོལ་བ་ནི། སླར་ཡང་ལུས་ཀྱིས་ལྷ་སོ་སོའ་ཕྱག་ཆེན་བཅིང་ཞིང་། ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་རང་རང་གི་ས་བོན་ལ་སྔགས་དང་རྩ་རིག་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་དམིགས་ཡུལ་གྱིས་ཐོག་དྲངས་ངན་སོང་གསུམ་སོགས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངང་དུ་བཅོམ་པར་བསམས་ཏེ་ངག་ཏུ། ༀ་ན་མོ་བྷ་ག་ཝ་ཏེ་སོགས་རྩ་རིག་དང་། ༀ་ཤོ་དྷ་ནི་སོགས་ཀུན་རིག་གི་སྙིང་པོ་བརྗོད་པའི་མཐར། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཆེན་པོས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་སེ་གོལ་གཡོན་དུ་གཏོག །དེ་བཞིན་དུ། རྩ་རིག་དང་། གཤེགས་པ་བཞིའི་སྔགས་ཀྱི་མཐར། དེ་བཞིན་གཤེགས་པ་བཞིས་ཀྱང་ངན་སོང་ཐམས་ཅད་སོགས་འགྲེ། རྩ་རིག་དང་ཡུམ་བཞིའི་སྔགས་ཀྱི་མཐར། ལྷ་མོ་བཞིས་ཀྱང་། རྩ་རིག་དང་སེམས་དཔའ་བཅུ་དྲུག་གི་སྔགས། སེམས་

p. 431

དཔའ་བཅུ་དྲུག་གིས་ཀྱང་། རྩ་རིག་དང་སྒེག་སོགས་བརྒྱད་ཀྱི་སྔགས། ཕྱི་ནང་གི་སྒེག་སོགས་བརྒྱད་ཀྱིས་ཀྱང་། རྩ་རིག་དང་སྒོ་བ་བཞིའི་སྔགས། ནང་གི་སྒོ་བ་བཞིས་ཀྱང་། རྩ་རིག་དང་བསྐལ་བཟང་དང་དཔེ་བྲལ་གྱི་སྔགས། བསྐལ་བཟང་དང་དཔེ་བྲལ་གྱི་སེམས་དཔའ་རྣམས་ཀྱིས་ཀྱང་། རྩ་རིག་དང་ཉན་རང་གི་སྔགས ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་། རྩ་རིག་དང་ཁྲོ་བོ་བརྒྱད་ཀྱི་སྔགས། ཁྲོ་བོ་རྣམས་ཀྱིས་ཀྱང་། རྩ་རིག་ལན་གཉིས་བརྗོད། འཇིག་རྟེན་པ་རྣམས་ཀྱིས་ཀྱང་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་སམ། བསྡུ་ན་རྩ་རིག་ཚར་གཅིག་གི་མཐར། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད། དེ་ལྟར་རྒྱས་བསྡུས་གང་ཡིན་ཀྱང་འདྲ་སྟེ། ཞེས་བརྗོད་པས་ལྷ་ཐམས་ཅད་ཀྱི་

p. 432

ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་གསལ་བར་བྱས། དེ་དག་གི་རྒྱུད་ཀྱི་ཉོན་མོ ངས་པ་ལྔ་ཡེ་ཤེས་ལྔའི་ངང་དུ་བཅོམ་སྟེ་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ལས་ཐར་པར་མཛད་དེ་ཤར་ཕྱོགས་པ་རྣམས་སྦྱོང་བའི་རྒྱལ་པོ། སོགས་དང་སྦྱོར་གྱི་སྐབས་བཞིན་དཀྱིལ་འཁོར་དུ་གཞུག་པ་དབང་བསྐུར་བ་ཡན་བྱའོ། །བདུན་པ་བསྙེན་པ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རང་རང་གི་མཚན་མས་མཚན་པའི་རྡོ་རྗེའི་ལྟེ་བར་གཙོ་བོ་ལ་ཧཱུཾ་དང་གཞན་རྣམས་ལ་སོ་སོའ་ས་བོན་གྱི་མཐར་སྔགས་དང་དེའི་མཐར་རྩ་རིག་གིས་བསྐོར་བར་གྱུར་པར་དམིགས་ལ་ལྷ་ཐམས་ཅད་བདག་ཉིད་ཡིན་པར་མོས་ལ། ཞལ་ནས་སྔགས་ཀྱི་སྒྲ་བྱུང་བ་དང་སྔགས་ལས་འོད་ཟེར་འཕྲོས་པས་ངན་སོང་གསུམ་གྱི་སྡུག་བསྔལ་རྒྱུ་འབྲས་ལས་གྲོལ་བར་བྱས་ནས་འཇིག་རྟེན་ཐམས་ཅད་དུ་སྣང་བ་ཆེན་པོས་ཁྱབ་སྟེ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འགྲོ་དོན་མཛད་འོད་ཟེར་ཚུར་འདུས་

p. 433

ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཞུགས་པར་གྱུར་པར་བསམས་ལ། ཕྲེང་བ་ནི་རྡོ་རྗེ་རྩེ་མོར། སངས་རྒྱས་རྣལ་འབྱོར་བོ་དྷི་ཙི། །ཞེས་དང་། བོ་དྷི་ཙི་ཡིས་གྲངས་མེད་དོ། །ཞེས་ཕན་ཡོན་ཁྱད་པར་འཕགས་ཚུལ་གསུངས་པས་བགྲང་ཕྲེང་དེ་ཉིད་སྙིང་ཁར་བཟུང་སྟེ། རྩེ་མོར། ཕྲེང་བ་སངས་རྒྱས་ལ་མཛུབ་བཅས། །གུང་མོ་རྡོ་རྗེའི་རྣལ་འབྱོར་སྐྱེས། །སྲིན་ལག་སྟེང་དུ་རིན་ཆེན་སྐྱེས། །མཐེའུ་ཆུང་གིས་པད་ཁ་བྱེ། །ལས་ཀྱི་ཕྲེང་བ་ལས་བྱེད་པ། །སོར་མོ་ཀུན་གྱིས་བྱ་བར་བཤད། །ཅེས་དེ་བཞིན་གཤེགས་རིགས་ལ་མཛུབ་མོའ་སྟེང་ནས་མཐེ་བོས་འདྲེན་པ་དང་། རྡོར་རིགས་ལ་གུང་མོ། རིན་ཆེན་ལ་སྲིན་ལག །པད་རིགས་ལ་མཐེའུ་ཆུང་། ལས་རིགས་ལ་སོར་མོ་བཞི་གའི་སྟེང་ནས་མཐེ་བོས་འདྲེན་པར་གསུངས་པས་སྐབས་འདིར་སྔ་མ་དང་། བཟླ་ཚུལ་ཡང་རྒྱུད་དེ་ཉིད་དུ། ཇི་ལྟར་ཡིད་ཀྱིས་རྡོ་རྗེའི ་བཟླས། །མཆུ་ཡི་མ་ཡིན་ལྕེས་ཀྱང་མིན། །སོགས་གསུངས་པ་ལྟར་ཡིད་བཟླས་སམ། རྡོ་རྗེའི་ཚིག་གི་བཟླས་པ་བྱ་སྟེ། དང་པོར་རྩ་རིག་དང་དེ་ནས་སོ་སོའ་སྔགས་རྣམས་བཟླའོ། །བསྡུ་ན་རྩ་རིག་ཁོ་ན་བརྗོད་ཀྱང་ཆོག་གོ། །གཤིན་དོན་ལྟ་བུ་ཡིན་ན་རྒྱུད་ལས། དེ་ཡི་མིང་ནས་བརྗོད་ནས་ནི། །ཇི་

p. 434

ལྟར་གསུངས་པའི་སྔགས་བཟླ་ཞིང་། །ཞེས་པ་ལྟར་གཙོ་འཁོར་གྱི་སྔགས་སོ་སོའ་མཐར་སྭཱ་ཧཱ་ཅན་རྣམས་སྭཱ་ཧཱའི་གོང་དུ། ཚེ་ལས་འདས་པ་ཆེ་གེ་མོའ་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་གདགས། གསུམ་པ་རྗེས་ཆོག་ནི། རྒྱས་པར་དང་སྦྱོར་དང་། མདུན་བསྐྱེད་སྐབས་ཀྱི་མཆོད་བསྟོད་ལྟར་རམ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའ་བར་སྤྱི་ལྟར་འགྲེས་ཏེ་མཆོད། བསྡུ་ན། ཆུ་གཉིས་ཉེར་སྤྱོད་རོལ་མོ་སྒེག་སོགས་བརྒྱད་རྣམས་སྔགས་ཙམ་བརྗོད་ནས། རྣམ་པར་སྣང་མཛད་རིགས་བཞི་ཡུམ་དང་བཅས། །སོགས་ཤློ ཀ་གཅིག་གིས་བསྟོད། ༀ་བཛྲ་སཏྭ་སོགས་ཡིག་བརྒྱས་བརྟན་པར་བྱ། དཀྱིལ་འཁོར་སྒྲུབ་མཆོད་ལྟ་བུའི་ཚེ་རྗེས་ཆོག་རྣམས་མཐར་ལྷན་ཅིག་ཏུ་བྱེད་པ་ཡིན་པས་འདི་ནས་བུམ་མདུན་སྒྲུབ་པ་ལ་འཇུག །བསྙེན་སྒྲུབ་བདག་བསྐྱེད་ཁོ་ན་ཡིན་ན་དེ་ནས་དགེ་བ་དང་བཟོད་

p. 435

གསོལ་འོག་ནས་འབྱུང་བ་བཞིན་དང་། དེ་རྗེས་གལ་ཏེ་ཐུན་མཚམས་ཆུང་ངུ་ཡིན་ན། རང་ཉིད་རྡོར་སེམས་ཀྱི་གཟུགས་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གྱུར། ༀ་སརྦ་བིད་བཛྲ་སོགས་ཀྱིས་གནས་ཉེར་གཉིས་བྱིན་གྱིས་བརླབ། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་རྡོ་རྗེ་ཤུགས་ཀྱི་ང་རྒྱལ་གྱིས་ཤར་སྒོ་ནས་བྱུང་སྟེ་ཐུན་མཚམས་ཀྱི་སྤྱོད་པ་བྱ། སླར་ཐུན་གཉིས་པ་གསུམ་པ་ལ་ཁྲུས་ཉེ་རེག་བྱས་ཏེ་གནོད་སྦྱིན་གྱི་སྔགས་རྒྱས་བགེགས་བསལ་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་གཙོ་བོའ་དམ་རྒྱས། ས་མ་ཡ་སྟྭཾ། ཞེས་བརྗོད་ནས་གཙོ་བོའ་ཐུགས་ཀར་ཞུགས། སརྦ་བིད་དང་གཙོ་བོའི་དམ་རྒྱས། སྙིང་དཔྲལ་བ་ལྐོག་མ་སྤྱི་བོ་སྟེ་གནས་བཞི་བྱིན་གྱིས་བརླབས་དབྱེར་མེད་དུ་བྱས་ནས་དངོས་གཞིའི་སྒོམ་བཟླས་བྱའོ། །ཡང་ཐུན་མཚམས་ཆེ་བའི་ལྷ་གཤེགས་བསྡུ་ཡིན་ན་གོང་གི་བཟོད་གསོལ་གྱི་རྗེས་དེ་མ་ཐག་དམ་རྒྱ་བཀྲོལ་བ་རྒྱས་པར་འོག་དཀྱིལ་འཁོར་བསྡུ་བའི་སྐབས་ལྟར་རམ་བསྡུས་པར། ༀ་བཛྲ་མུཿ བརྗོད་དེ་བསྡམས་པའི་ཏྲཱཾ་གཉིས་གཤིབས་ཏེ་བརྐྱང་བ་སེམས་མ་རྡོ་རྗེ་མའི་རྒྱ་སྤྱི་བོར་བཀྲོལ། ཡེ་ཤེས་

p. 436

པ་གཤེགས་དམ་ཚིག་བསྡུ་གཙུག་ཏོར་དགོད་པ་བདག་ཉིད་སྲུང་བ་ཤིས་པ་བརྗོད་པ་རྣམས་ཀྱང་འོག་ནས་འབྱུང་བ་ལྟར་བྱའོ། །གསུམ་པ་ཐུན་མཚམས་ཀྱི་བྱ་བ་ནི། གཙོ་བོའ་ང་རྒྱལ་གྱིས་ཁ་ཟས་དང་ཉལ་བའི་རྣལ་འབྱོར་སོགས་སྤྱོད་ལམ་ཐམས་ཅད་དང་མཆོད་རྟེན་དང་དཀྱིལ་འཁོར་གྱི་ལས་སོགས་དོན་ཡོད་པར་བྱ་ཞིང་ནང་པར་སྔ་བར་སྔོན་བཞིན་ཆོ་གའི་ཚུལ་ལ་འཇུག་གོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་ཞག་རེར་ཐུན་བཞི་སོགས་བྱས་ནས་གྲངས་ནི། རྒྱུད་ལས། འབུམ་ཕྲག་གསུམ་མམ་ཡང་ན་དྲུག །ཅེས་པས། དབང་པོ་རྣོ་འབྲིང་གཉིས་བསྟན་ནས། ཡང་གི་སྒྲས་དབང་རྟུལ་ལ་ས་ཡ། མཚན་མ་ནི། རྒྱུད་ལས། དངོས་གྲུབ་མཚན་མ་བྱུང་བར་དུ། །སྔགས་ནི་འཁྲུལ་པ་མེད་པར་བཟླ། །ཞེས་དངོས་ཉམས་རྨི་ལམ་སྟེ་དབང་པོ་རབ་འབྲིང་ཐ་གསུམ་དང་། དུས་ནི། སྒྲུབ་ཐབས་ལས། དེ་ལྟར་ཏིང་འཛིན་བྱ་བ་ནི། །ལོ་འམ་ཟླ་གཅིག་ཟླ་ཕྱེད་བྱ། །ཞེས་པས་དབང་པོ་རྟུལ་འབྲིང་རབ་ཀྱི་ཁྱད་པར་གསུམ་གསུངས་པ་ལྟར་བཟླས་ནས་གཞན་དོན་བྱ་བའི་ནུས་ལྡན་དུ་གྱུར་པ་ན་དབེན་པར་བརྒྱ་རྩ་བརྒྱད་བཟླས་པས་བསྙེན་པ་ཁ་གསོས་ལ་གཞན་དོན་ལ་འཇུག་པ་ཡིན་ཏེ། རྒྱུད་ལས། དེ་ནས་དབེན་པའི་གནས་

p. 437

སུ་ནི། །བརྒྱ་རྩ་ཉིད་ནི་ཚང་བར་བྱ། །ཞེས་སོ། །གཤིན་དོན་དུ་ནི་མིང་སྤེལ་ཅན་གྱི་སྔགས། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། བརྒྱ་ཕྲག་སྟོང་དུ་ཚང་བ་དང་། །བྱེ་བ་སྙེད་དུ་རབ་བཟླས་ན། །ལྷ་ཡི་གནས་སུ་ངེས་པར་སྐྱེ། །ཞེས་འབུམ་མམ་བྱེ་བའམ་དུང་ཕྱུར་བཟླ་བར་གསུངས་པས་དེ་ལྟར་བྱའོ། །རྩ་བའི་ས་བཅད་གཉིས་པ་དཀྱིལ་འཁོར་སྒྲུབ་པ་ལ་གསུམ། སའི་ཆོ་ག །སྟ་གོན་གྱི་རྣམ་གཞག །དངོས་གཞི འོ། །དང་པོ་ལ་དྲུག །བརྟག་པ། བསླང་བ། སྦྱང་བ། བཟུང་བ། མངོན་རྟོགས་སྒོམ་པ། བགེགས་བསལ་བའོ། །དང་པོ་ནི། སྒྲུབ་ཐབས་ལས་གསུངས་པ་ལྟར་གྱི་ས་དེ་མཉམ་ཞིང་སྣུམ་པའི་མཚན་ཉིད་ཚང་བ་སོགས་རྒྱས་པ་གཞན་དུ་ཤེས་ཤིང་། གཉིས་པ་ནི། སྣང་བ་ཡུལ་གྱི་རྒྱལ་པོ་ལྟ་བུ་མི་ལས་བསླངས་ནས་མི་སྣང་བ་ས་ལྷ་དང་གཉུག་མར་གནས་པའི་འབྱུང་པོ་ལས་བསླང་བ་ནི། དཀྱིལ་འཁོར་བྱེད་པའི་ས་གཞིའི་དབུས་དེར་གཏོར་མ་ཉེར་སྤྱོད་ལྔ་དང་ལྡན་པ་ཆ་གཉིས་བཤམས་ལ། སྔོན་འགྲོ་ལྟར་བྱིན་གྱིས་བརླབས་ནས། དང་པོ་དེ་ས་ལྷར་འབུལ་བ་ནི། རང་གི་སྙིང་ཁའི་འོད་ཟེར་གྱིས་བསྐུལ་བའི་སའི་ལྷ་མོ་སེར་མོ་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཛིན་

p. 438

པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ལུས་ཕྱེད་ཐོན་པ་གསལ་བར་གྱུར། ༀ་པྲྀ་ཐི་ཝི་དེ་ཝཱི ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད། རྡོར་ཐལ་ཁ་ཕྱེ་ལ། ༀ་པྲྀ་ཐི་ཝི་དེ་ཝཱི་ཨི་དཾ་བ་ལྱཱ་དི་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་གསུམ་དང་སེ་གོལ་གྱིས་དབུལ་ལ་དྲིལ་སྟབས་དང་བཅས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་ས་ལྷས་གནང་བ་བྱིན་ཏེ་མི་སྣང་བར་གྱུར། གཏོར་མ་གཉིས་པའང་སྔར་བཞིན་བྱིན་རླབས་བྱས་ནས། ༀ་ཡུལ་བདག་གྲོང་བདག་གནས་བདག་གཉུག་མར་གནས་པ་ས་པཱ་རི་ཝཱ་རེ་བྷྱཿ ཞེས་སྤྱན་དྲངས་རྡོར་ཐལ་ཁ་ཕྱེ་བས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ སོགས་གསུམ་གྱིས་དབུལ། པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ལྔས་མཆོད་དེ། ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་

p. 439

ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིིས་གནས་པར་མཛོད། །ལན་གསུམ་གྱིས་གཙང་སར་འབུལ། གསུམ་པ་ནི། ས་དེ་བརྐོ་རུང་ན་པུས་ནུབ་ཙམ་བརྐོས། གྱོ་མོ་དང་སྐྲ་དང་རུས་པ་སོགས་ཟུག་རྔུ་བསལ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་སྤྱན་གྱི་སྔགས་དང་། ༀ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཅེས་འཁྱིལ་པ་དང་། གནོད་སྦྱིན་བཟླས་པས་ས་དེ་བསངས། ༀ་ཤི་ཁ་རེ་རུ་ཊ་མ་ཊ། ཅེས་བཟླས་པའི་སྤོས་ཆུས་བྲན། གྲུབ་ན་དེར་སྦྱིན་སྲེག་ཀྱང་བྱས་ནས་སྟེགས་བུ་མཉམ་ཞིང་འཐས་པ་ཇི་ཙམ་རན་པ་བྱའོ། །བཞི་པ་ནི། དཀྱིལ་འཁོར་ཁང་པ་དེར་རྒྱན་གྱིས་བརྒྱན། དྲིས་བྱུགས། གནོད་སྦྱིན་བཟླས་པའི་ཐལ་བ་དང་ཡུངས་ཀར་དང་སྤོས་ཆུས་བསངས་གཏོར་བྱ། གཡོན་དྲིལ་བུ་གསིལ་གཡས་རྡོ་རྗེ་དང་བཅས་པའི་ས་གནོན་སྟེགས་བུའི་དབུས་སུ་རེག་ལ། ༀ་བཛྲ་སཏྭ་ཧཱུཾ། ས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར། ཡིག་བརྒྱ་ལན་བདུན་གྱིས་བརྟན་པར་བྱའོ། །ལྔ་པ་ནི། ཉིན་དེ་ལ་དཀར་གསུམ་ཟ། ཁྲུས་བྱ། དྲིས་བྱུག །གོས་དམར་པོ་གསར་པ་བགོ །རྒྱན་ཕྲེང་གདགས། གདོང་དྲི་ཞིམ་པར་

p. 440

བྱས་ལ་སྟེགས་བུའི་དབུས་སུ་འདུག་སྟེ་སྐྱབས་སེམས་ནས་བཟུང་། བྱང་དུ་གཾ་ལས་མཁའ་ལྡིང་གི་ཁྲི། ཞེས་པའི་བར་བརྗོད། དེ་ནས་རྡོར་སེམས་ཀྱི་ཚུལ་སེམས་སྐྱིལ་གྱིས་འདུག་ནས། དེང་དུས་བདག་སྐྱེས་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་རང་ཉིད་སྤྲོ་བ་བསྐྱེད། ༀ་སརྦ་སོགས་སྤྱི་ཕྱག་བྱ། ལག་ཏུ་སྤོས་ཐོགས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདིར་ནི་

p. 441

སྩལ་དུ་གསོལ། །ཞེས་གསུམ་གྱིས་གནང་བ་ཞུས། དང་སྦྱོར་ནས་བཟླས་པའི་བར་གོང་བཞིན་བྱས། ཕྱོགས་ཀྱི་སློབ་མ་དེ་བཞིན་གཤེགས་པ་བཞིའི་ང་རྒྱལ་གྱིས་སློབ་དཔོན་རྣམ་སྣང་དུ་བཞུགས་པ་ལ་མགྲིན་གཅིག་ཏུ་ཉེར་སྤྱོད་དང་སྒེག་སོགས་ཀྱིས་མཆོད། མཚན་བརྒྱས་བསྟོད་ནས། མགོན་པོ་ཁྱོད་ལ་གསོལ་བ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་ཡི། །ཆོ་ག་མཆོག་ནི་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པ་ལ་སློབ་དཔོན་ལངས་ཏེ་ཤར་ཕྱོགས་སུ་བལྟས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གོང་བཞིན་ཕྱག་བྱས། འགྱིང་ཞིང་རྡོ་རྗེ་གསོར་བས། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་བརྟན་བདག་ཡིན། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །ཞེས་ང་རྒྱལ་བསྐྱེད། རྡོ་རྗེ་ཁུ་ཚུར་གྱི་ཧཱུཾ་གཉིས་བཀན་ནས་གྱེན་དུ་འདེག་པས། ༀ་སརྦ་བིད་ཨུཏྟིཥྛ་བཛྲ་

p. 442

ཧཱུཾ་གིས་བདག་བསྐྱེད་ཀྱི་རྟེན་བརྟེན་པ་ནམ་མཁར་བཏེག །ༀ་བཛྲ་སཏྭ་ཨ་དྷི་ཏིཥྛ་ཧཱུཾ། ཞེས་རྡོར་སེམས་ཀྱི་དམ་རྒྱ་གནས་བཞིར་རེག་པས་བྱིན་གྱིས་བརླབས། དྲུག་པ་ལ། བགེགས་བསྐྲད། སྲུང་འཁོར། ཕུར་གདབ་གསུམ་གྱི་དང་པོ་ནི། བདག་ཉིད་ཁམས་གསུམ་རྣམ་རྒྱལ་དུ་གྱུར་པའི་མིག་གཡས་མ་ལས་ཉི་མ། གཡོན་ཊ་ལས་ཟླ་བ། མིག་འབྲས་སུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེར་གྱུར། བཛྲ་དྲྀཥྚི་མ་ཊ། རྐང་མཐིལ་གཉིས་སུ་ཨ་ཨ་ལས་སྣ་ཚོགས་རྡོ་རྗེར་གྱུར། དེ་ནས་ལངས་ཏེ་གོམ་པ་གང་དུ་བོར་བར་རྡོ་རྗེ་འབར་བས་འཁྲིགས་པར་བསམས། རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་རྡོ་རྗེའི་འགྲོས་ཀྱིས་གཡོན་དུ་བསྐོར་ནས། ཧཱུཾ། བརྗོད་ཅིང་འགྱིང་བར་བལྟ་བས་བགེགས་བསྐྲད། དབང་ལྡན་དུ་གནས་ནས། ས་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་འགྲོ་བའི་དོན་དུ་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའི་ལྷ་དང་ལྷ་མ་ཡིན་ལ་སོགས་ཏེ་གང་སུ་ཡང་རུང་བ་གཡོག་འཁོར་དང་བཅས་པ་དེ་དག་ཐམས་ཅད་འདིར་མ་གནས་པ་གཞན་དུ་དེངས་ཤིག །འདི་ལྟར་བཅོམ་ལྡན་འདས་ཀྱི་བཀའ་ཐོས་

p. 443

ནས་མྱུར་དུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་ཀུན་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ༀ་བཛྲ་སཏྭ་ཀྲོ་དྷ་སོགས་དྲག་སྔགས་དང་གུ་གུལ་གྱིས་བདུག ། ཡུངས་ཀར་གྱིས་བྲབ། རོལ་མོ་དྲག་པོས་བསྐྲད་དོ། །གཉིས་པ་ནི། ཧཱུཾ་མཛད་ཀྱི་རྒྱ་དང་བཤད་མ་ཐག་པའི་འཇིག་རྟེན་གསུམ་རྒྱལ་གྱི་སྔགས་ལན་གསུམ་གྱིས་བདག །གསུམ་གྱིས་གནས། གསུམ་གྱིས་རྣལ་འབྱོར་བསྲུང་ངོ་། །གསུམ་པ་ནི། སེང་ལྡེང་གི་ཕུར་བུ་ལྔ་ཙན་དན་དམར་པོས་བྱུགས། སྲད་བུ་དང་མེ་ཏོག་གི་ཕྲེང་བ་དམར་པོ་བཏགས། མེ་ཏོག་གི་སྣོད་དུ་ཕྱོགས་བཞི་དབུས་དང་ལྔར་བཀོད། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་དབང་ལྡན་དུ་ཁྲོ་བོ་མཐའ་ཡས་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་གཉིས་མཉམ་གཞག་ཅན། མེར་རྣམ་རྒྱལ་སྔོན་པོ་ཞལ་བཞི་ཕྱག་བརྒྱད་པའི་དང་པོ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ། གཡས་གསུམ་མདའ་རལ་གྲི་རྡོ་རྗེ། གཡོན་གསུམ་

p. 444

གཞུ་ལྕགས་ཀྱུ་ཞགས་པ་འཛིན་པ། སྲིན་པོར་སྤྲིན་སྒྲ་ནག་པོ་ཞལ་བཞི་ཕྱག་བཞི་གཡས་གཉིས་རལ་གྲི་དང་དགྲ་སྟ། གཡོན་གཉིས་ཞགས་པ་དང་གཏུན་ཤིང་འཛིན་པ། རླུང་དུ་གསུས་པོ་ཆེ་སྔོན་པོ་ཞལ་གསུམ་ཕྱག་དྲུག་གཡས་གསུམ་ན་བེ་ཅོན་རལ་གྲི་མདའ། གཡོན་གསུམ་ཞགས་པ་ཐོ་བ་གཞུ་བསྣམས་པ། དབུས་སུ་རྒྱལ་བ་དམར་པོ་ཞལ་གསུམ་ཕྱག་བརྒྱད་ཀྱི་གཡས་རྡོ་རྗེ་དབྱུག་ཐོ་ལྕགས་ཀྱུ་མདའ། གཡོན་སྡིགས་མཛུབ་ཀྱིས་ནུ་མ་འཛིན་པ་དང་པདྨ་ཞགས་པ་གཞུ་བསྣམས་པ། ཐམས་ཅད་ཀྱང་སྨད་རྡོ་རྗེ་རྩེ་གཅིག་པ་ཕུར་བུའི་དབྱིབས་སུ་གྱུར། ༀ་བཛྲ་ཀཱི་ལ་ཀཱི་ལ་ཡ་སརྦ་བིགྷྣཾ་བནྡྷ་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་བཟླས་ཏེ་རིམ་པར་བླངས་ལ་ཁུ་ཚུར་གཡོན་གྱིས་བཟུང་། སྟེགས་བུའི་ཟུར་བཞི་དབུས་དང་ལྔར་རྡོ་རྗེ་རྩེ་ལྔའི་ཐོ་བས་བརྡུང་ཞིང ། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་བཛྲ་ཀཱི་ལ་ཡ་བཛྲ་དྷཱ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་ལན་ལྔས། བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་དུ་ཕུག་

p. 445

སྟེ་གསེར་གྱི་ས་གཞི་ལ་བཏབ་པས་རྣམ་པར་རྟོག་པ་བཅད་ནས་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་ཏེ་འགྲོ་བ་རྣམས་བགེགས་དང་བྲལ་བར་གྱུར་པར་བསམ་མོ། །གཉིས་པ་ལ། ལྷ། བུམ་པ། སྦྱིན་སྲེག །སློབ་མ་སྟ་གོན་དང་བཞིའི་དང་པོ་ལ། ཐིག་གདབ་པ། དམ་ཚིག་པ་བསྐྱེད་པ། མཁའ་དཀྱིལ་དགུག་པ། བརྟན་པར་བྱ་བ། མཆོད་བསྟོད་དོ། །དང་པོ་ནི། ཐིག་ཆེན་བརྒྱད་བཏབ་ཚངས་ཐིག་གི །གཡས་གཡོན་ཕྱོགས་མཐར་ཕྱེད་ལྔ་བགོ། །དུམ་བུ་དགུ་འབྱུང་ཕྱེད་པ་ནི། །ཚངས་ཐིག་ཕྱོགས་སུ་དེ་ཉིད་བཞག །གཞན་རྣམས་གསུམ་གསུམ་དུ་བགོས་པའི། །གཡས་གཡོན་དུམ་བུ་བཅུ་གསུམ་མོ། །དཀྱིལ་འཁོར་ནང་མའི་སྒོ་སོགས་ཐིག །དུམ་བུ་གསུམ་པ་དེ་ལ་གདབ། །རྟ་བབས་ཕྱི་རོལ་ལྟ་བུའོ། །དུམ་བུ་བཞི་པ་ལྔ་པ་གཉིས། །ཕྱེད་བགོས་ལྷ་སྣམ་རིམ་པ་བཞིན། །དྲུག་བདུན་ཕྱི་ཡི་དཀྱིལ་འཁོར་པ། །དྲུག་པ་དབུས་དོར་མཐའ་གཉིས་གདབ། །བདུན་པ་ཕྱེད་གདབ་ཕྱི་ཕྱེད་གདབ། །རྩིག་པ་འདོད་སྣམ་ཕ་གུ་དང་། །དྲ་ཕྱེད་ཤར་བུ་མདའ་ཡབ་བོ། །ཚངས་པའི་གཡས་གཡོན་ཆ་གཉིས་རེ། །དཔངས་སུ་ཆ་བཞི་སྒོ་ཁྱུད་ཐིག །དེའི་རྩེར་གཉིས་བསྐྱེད་དཔངས་

p. 446

སུའང་གཉིས། །ལྡན་པའི་འགྲེང་ཐིག་སྒོ་ལོགས་སོ། །དེ་ཉིད་ཕན་ཚུན་རྩེ་སྦྲེལ་བ། །ཡ་ཕུག་རྩིག་པའི་ནང་ཐིག་ཡིན། །རྩིག་པའི་ཚད་ཀྱིས་དེ་བཞིན་དུ། །ཕྱི་ཐིག་བར་མེད་ཀུན་ཏུ་འཁོར། །སྒོ་ལོགས་ཕྱི་རུ་ཆ་ཕྲན་རེའི། །ཞེང་དང་དཔངས་ལྔའི་འགྲེང་ཐིག་གསུམ། །དང་པོ་ཡ་ཕུབ་རྩིག་རྒྱུན་བཞིན། །འཁོར་བ་སྒོ་ཡི་མུན་སྣམ་སྟེ། །ལྷག་གཉིས་ཀ་བ་ཀ་རྒྱན་ནོ། །བརྒྱད་པ་དགུ་པ་བཅུ་པ་གསུམ། །རྟ་བབས་ཞེང་དུ་ཆ་ཆེན་བཞིའི། །ཐ་མ་གཉིས་པོ་བཞི་རུ་བགོ། །ནང་མ་ཕྱེད་བགོས་ཕྱེད་བགོ་སྟེ། །སྟེང་འོག་བཞིར་བགོས་དབུས་དཀྱིལ་ནས། །ཆ་ཆུང་གཅིག་བཅད་བཅུ་གཅིག་པོ། །གསེར་དང་ཤར་བུ་རིན་ཆེན་རྨིག །མུན་པ་ཝ་རན་མུན་པ་དང་། །ཤར་བུ་རིན་ཆེན་རྨིག་མདའ་ཡབ། །མས་ནས་གཡས་གཡོན་ཆ་ཆུང་ནི། །བརྒྱད་དང་དགུ་གསུམ་བདུན་བརྒྱད་དང་། །དྲུག་དང་བདུན་ཚན་གསུམ་དང་ལྔའོ། །མུན་གཉིས་ནང་མཐར་སླར་ཡང་ནི། །ཆ་ཕྲན་རེ་གདབ་ཀ་ཐུང་བྱ། །བཞི་སྟེང་ཚངས་ནས་བཞི་སྐོར་ལ། །གཉིས་སྟེང་བཞི་ནས་གཉིས་གཉིས་བསྐོར། །ཆ་ཕྱེད་ནང་བསྐོར་གླང་གུར་རོ། །བཅུ་གཅིག་དབུས་རྭ་སྨད་སྒོ་ཚད། །རྩེ་མོ་ཆ་གཉིས་ཕྱི་ནང་ནས། །ཆ་རེ་བཅད་པ་པདྨ་དང་། །འཁོར་ལོ་གདུགས་ཀྱི་ས་རུ་

p. 447

འགྱུར། །གཡས་གཡོན་རི་དྭགས་ཕོ་མོ་བྲི། །དྲུག་འོག་ཚངས་ནས་ཆ་གཉིས་ནས། །ཀ་རྒྱན་རྩེར་བཟུང་བསྐོར་བ་དང་། །སླར་ཡང་ལོགས་སུ་གཉིས་དོར་བར། །ཚད་དེས་བསྐོར་བ་རྡོ་རྗེའི་རྭ། །བཅུ་གཉིས་འཇིག་རྟེན་ཁོར་ཡུག་སྟེ། །བཅུ་གསུམ་བཞིར་བགོས་རྡོ་ར་ལ། །ཆ་གཅིག་འོད་འཕྲེང་ཆ་གསུམ་མོ། །དབུས་ནས་བརྒྱད་གཅིག་གཉིས་བཞི་གཅིག །བསྐོར་བ་གདུང་ཟླུམ་ལྟེ་བ་དང་། །རྩིབས་དང་མུ་ཁྱུད་དེ་ཡི་དབུས། །ཚངས་ལས་ཆ་བྲན་གཉིས་རེའི་མཐར། །ཆ་ཆུང་རེ་གདབ་རེའུ་མིག་དགུ། །ཚངས་ཟུར་བར་དུ་གཅུས་ཐིག་གིས། །བཅུ་དྲུག་རྩིབས་ཀྱི་ས་དབྱེའོ། །དེ་ལྟར་བཏབ་ནས། གཉིས་པ་ནི། གནོད་སྦྱིན་བཟླས་པའི་དྲི་བཟང་གི་ཆུས་གཙོ་བོ་ལྔའི་གནས་སུ་གྲུ་བཞི་དང་། གཞན་རྣམས་སུ་ཟླུམ་པོ་བྲི། དེའི་སྟེང་དུ་ལྷ་རང་རང་གི་སྔགས་བཟླ་བཞིན་མེ་ཏོག་གི་ཚོམ་བུ་དགོད། མཐའ་མཆོད་པས་བསྐོར། མདུན་བསྐྱེད་ལྟར་ལྷ་བསྐྱེད་པའམ། མ་བསྐྱེད་པར་སྤྱན་དྲངས་ཀྱང་རུང་། གསུམ་པ་ནི། སྒོ་བ་བཞིའི་སྔགས་རྒྱས་སྔར་བཏེག་པའི་ནམ་མཁའི་ལྷ་ཐིག་ལེར་དགུག་གཞུག་བྱ། བཞི་པ་ནི། གཙོ་བོ་ནས་བཟུང་ལྷ་རང་རང་གི་སྙིང་པོ་བརྗོད་པའམ། བསྡུ་ན་ཡིག་བརྒྱ་བརྗོད་དེ་བརྟན་པར་

p. 448

བྱའོ། །ལྔ་པ་ནི། མཆོད་པ་བྱིན་གྱིས་བརླབས། མདུན་བསྐྱེད་བཞིན་མཆོད་བསྟོད་རྒྱས་པའམ། དེ་ལས་བསྡུས་ཏེ་ཇི་ལྟར་ནུས་པ་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། རྒྱས་པར་རྩ་བའི་ལྷ་གྲངས་དང་མཉམ་པའམ་ལྔ་ལ་སོགས་པ་དཀྱིལ་ཆོག་ཆེན་མོ་དང་ཊཱི་ཀ་སོགས་སུ་གསལ་བ་ལྟར་ཡིན་ནའང་འདིར་རྣམ་རྒྱལ་དང་ལས་བུམ་མཚན་ཉིད་དང་ལྡན་པ་གཉིས་བཀྲུ་ཞིང་ཙན་དན་དཀར་པོ་དང་འབྲས་ཀྱི་ཕྱེ་མས་དཀར་པོར་བྱུགས། གུ་གུལ་གྱིས་བདུགས། གནོད་སྦྱིན་གྱི་སྔགས་རྒྱས་བགེགས་བསྐྲད། དྲི་བཟང་གི་ཆུ་དང་མེ་ཏོག་དཀར་པོས་དགང་། རིན་པོ་ཆེ། སྨན། འབྲུ། དྲི། སྙིང་པོ།སྟེ་ལྔ་ཚན་ལྔ་རྣམས་ནང་དུ་གཞུག །མགྲིན་པར་རས་དཀར་ཕུན་ཚར་མ་ཉམས་པ་ཉིས་རིམ་དུ་དཀྲིས་ཤིང་རིགས་ལྔ་མཚོན་པའི་པྲོག ་ལྔ་དང་ལྡན་པ་སྲུང་བ་བཟླས་པའི་སྐུད་པས་བཅིངས། ཡལ་ག་དང་འདབ་མར་ལྡན་པའི་ལྗོན་ཤིང་གིས་ཁ་བརྒྱན། རྣམ་རྒྱལ་ལ་གཙོ་བོའ་མཚན་མ་རྡོ་རྗེ་ཙམ་དང་། ལས་བུམ་ལ་རྩ་བར་རྡོ་རྗེས་མཚན་པའི་མཆེ་བའི་བུམ་ཚན་བྲི། སྟེགས་ཀྱི་ཁར་ཀུ་ཤ་གསར་པའི་གདན་ལ་བཞག །རྣམ་རྒྱལ་གྱི་ཁ་རྒྱན་གསེབ་ཏུ་མཆོད་ཡོན་གྱིས་བཀང་བའི་དུང་ཆོས་ཀྱི་སྟེང་དུ་གཟུངས་ཟག་རྡོ་རྗེ་རྩེ་ལྔ་

p. 449

པ་མེ་ཏོག་གི་ཕྲེང་བ་བཏགས་པ་བཀོད་ལ། ༀ་བཛྲ་ཡཀྵས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་དབུས་སུ་ཡཾ་རཾ་ཝཾ་ལཾ་སུཾ་ལས་རླུང་མེ་ཆུ་ས། ཞེས་སོགས་ནས། རིག་སྔགས་འཆང་གི་ཚོགས་རྣམས་ཡོངས་སུ་གསལ་བར་གྱུར། ཅེས་པའི་བར་འོག་མདུན་བསྐྱེད་ལྟར་བསྐྱེད། འདིར་དྲུང་མཛད་ཀྱི་ཆོ་ག་ཆེན་པོ་སོགས་ཕལ་ཆེར་མཐུན་པར་རྩ་བའི་ལྷ་སོ་བདུན་ལས་བསྐྱེད་པར་མ་གསུངས་ཤིང་། ཀར་ཊཱི ཀ་དང་འདི་ཉིད་ཀྱི་རྩ་བའི་དངོས་བསྟན་གཉིས་སུ་འདོན་བྱ་མདུན་བསྐྱེད་ལ་ཞལ་འཕངས་པ་ཙམ་ལས་ལྷ་གྲངས་དངོས་སུ་མི་གསལ་ཡང་ཡོངས་གྲགས་སོ་བདུན་གྱི་དབང་གིས་གོ་སླར་མཛད་པ་འདྲ་ཡང་། དེང་སང་ལག་ལེན་བྱེད་མི་རྣམས་ཀྱིས་རྩ་མགྲོན་ཁོར་ཡུག་གི་ལྷ་ཡོངས་རྫོགས་བསྐྱེད་པའི་ལུགས་ཤིག་འདུག་ཀྱང་། འདོན་བྱ་མདུན་བསྐྱེད་སོར་བཞག་ལས་གཞལ་ཡས་ཁང་གི་ཚིག་རིས་སོགས་ལ་བསྒྱུར་ཁ་མེད་པས་སྐབས་དོན་མ་ཕྱེད་པའི་འབྲེལ་མི་ཆགས་པ་ཞིག་སྣང་ནའང་། འདིར་གསར་དུ་ཚིག་གི་ཁྱད་པར་སྟོན་ཀྱང་བློ་གྲོས་དམན་པ་རྣམས་འཇུག་

p. 450

དཀའ་བས། མདུན་བསྐྱེད་ཀྱི་འདོན་བྱ་སོར་གནས་བླངས་ཏེ་བྱ་སླ་བའི་ཕྱིར་རྟེན་བརྟེན་པ་རྩ་མགྲོན་ཡོངས་རྫོགས་ཀྱི་ལྷ་བསྐྱེད་པ་སྤྱན་ལྔ་ཐམས་ཅད་མཁྱེན་པའི་བཞེད་པ་བཞིན་བྱས་སོ། །དེ་ནས་མཆོད་བསྟོད། དྲ་གུར་བཅིང་བ། སྒོ་བཅད་པ། གོ་བསྐོན་པ། སྒོ་བཞིའི་ཕྱག་རྣམས་འདིར་མི་བྱེད་པ་ཙམ་མ་གཏོགས། སྒོ་དབྱེ་ནས། ཡེ་ཤེས་པ་སྤྱན་འདྲེན། མཆོད་ཡོན། ཁྲུས། གདན་འབུལ། ཡེ་ཤེས་པ་གཞུག་པ། ཕྱི་འབྲང་གི་བགེགས་བསྐྲད་ཡན་མདུན་བསྐྱེད་ལྟར་བྱ་ཞིང་། འོན་ཀྱང་བསྡུ་ན། སྤྱན་འདྲེན། མཆོད་ཡོན། ཁྲུས། གདན་འབུལ་བཞིའི་ཚིགས་བཅད་དོར་ཏེ་ལྷུག་པ་དང་སྔགས་ཙམ་བརྗོད་པས་གྲུབ་ཅིང་། དེ་ནས་དབང་བསྐུར་བ་ཡང་མདུན་བསྐྱེད་ལྟར་ལ། དབང་ལྷ་རྣམས་ཀྱང་བུམ་པའི་ལྷ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད། སྒོ་བ་བཞིའི་སྔགས་རྒྱས་དབང་ལྷ་བསྟིམ། རྒྱས་གདབ་རྒྱས་བསྡུས་གང་རིགས་དང་གནས་ཉེར་གཉིས་བྱིན་རླབས་སྔར་བཞིན་བྱ། མཆོད་བསྟོད་ནི། མཆོད་པ་བྱིན་གྱིས་བརླབས་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །ལྷ་རྫས་བཟང་པོའ་མཆོད་ཡོན་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་

p. 451

སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་མཆོད་ཡོན་དང་། ཨརྒྷཾ་གྱི་གནས་སུ། ཞབས་བསིལ། པཱ་དྱཾ། མེ་ཏོག །པུཥྤེ། བདུག་སྤོས། དྷཱུ་པེ། མར་མེ། ཨཱ་ལོ་ཀེ། དྲི་ཆབ། གནྡྷེ། ཞལ་ཟས། ནཻ་ཝི་དྱ། རོལ་མོ། ཤབྡ། ཞེས་བསྒྱུར་ཏེ་མཆོད་པ་དང་སྒེག་སོགས་ཀྱིས་ཀྱང་མཆོད། མཚན་བརྒྱ་ལྟ་བུ་བསྟོད་པ་གང་རིགས་ཀྱིས་བསྟོད་ནས། འཕྲིན་ལས་བཅོལ་བ་རྒྱས་བསྡུས་གང་བྱེད་ཀྱང་། རྒྱུ་དང་འབྲས་བུའི་ངན་སོང་ལས་ཐར་པར་མཛད་དོ། །ཡན་བརྗོད། བུམ་བཟླས་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུསོགས་མདུན་བསྐྱེད་ཀྱི་སྐབས་ལྟར་བརྗོད། རྡོ་རྗེས་བུམ་པ་ལ་རེག་པའམ། རྡོར་བསྡམས་ལས་ཏྲཱཾ་གཉིས་བརྐྱང་བ་རྡོ་རྗེ་འཛིན་མའི་རྒྱས་གཟུངས་ཐག་བཟུང་སྟེ་རྩ་རིག་དང་གཙོ་འཁོར་གྱི་བཟླས་པ་གོང་བཞིན་བྱ། སླར་ཡང་། དྲི་མེད་བུམ་པའི་ལྷ་ཚོགས་ལ། །དྲི་མ་མེད་པའི་མཆོད་ཡོན་འདི། །དྲི་མེད་སེམས་ཀྱིས་འབུལ་ལགས་ན། །དྲི་མེད་ཐུགས་ཀྱིས་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་

p. 452

ཏཱིཙྪ་པཱུ་ཛ་མེ་གྷ་སོགས་དང་། ཞབས་བསིལ་ནས་རོལ་མོའ་བར་བྱ། སྤྲོ་ན་འདོད་ཡོན་ལྔས་ཀྱང་མཆོད། བསྟོད་པ་རྒྱས་པའམ། བསྡུ་ན། ཆོས་སྐུ་ནམ་མཁའ་བཞིན་དུསོགས་དང་། བསྟོད་པར་འོས་པ་སོགས་ཤློ་ཀས་བསྟོད་ནས། མཐར། ༀ་བཛྲ་སཏྭ་ཧཱུཾ། ཞེས་མཆོད་ཡོན་གྱི་ཕྱག་རྒྱས་དུང་གི་མཆོད་ཡོན་བུམ་པར་ཕུལ་ལ། ལྷ་རྣམས་བྱང་སེམས་ཀྱི་ངོ་བོ་རྡོ་རྗེའི་ཆུར་རོ་གཅིག་པར་གྱུར། ཅེས་བརྗོད། ལས་བུམ་བསངས་སྦྱང་གོང་ལྟར་བྱས་ནས། སྟོང་པའི་ངང་ལས། ལས་བུམ་གྱི་ནང་དུ་ཧྲཱིཿ དང་ཨ་ལས་པད་ཟླའི་སྟེང་དུ་ཁྲོ་བོའ་རྡོ་རྗེས ་རྩ་བར་མཚན་པའི་མཆེ་བ་ལས། རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་མཆེ་བ་གཙིགས་པ། ཕྱག་གཉིས་ཀྱིས་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཟླ་བའི་རྒྱབ་ཡོལ་མངའ་བར་གྱུར། བསྡུ་བའི་རྒྱས། ༀ་བཛྲ་ས་མཱ་ཛཿ ཞེས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཞེས་སྒོ་བ་བཞིའི་རྒྱས་དགུག་གཞུག་བཅིང་མཉེས། ༀ་བྲྀ་ཏ་སོགས་ཀྱིས་གནས་གསུམ་བྱིན་གྱིས་

p. 453

བརླབས། ༀ་བུདྡྷ་ཨ་བྷི་སོགས་ཅོད་པན་གྱི་དབང་བསྐུར། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །ཞེས་བསྟོད། གནོད་སྦྱིན་གྱི་དམ་རྒྱས་གཟུངས་ཐག་བཟུང་། ༀ་བཛྲ་ཡཀྵ་ཧཱུཾ། བརྒྱ་རྩ་བརྒྱད་སོགས་བཟླ། སླར་ཡང་། པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད་ལ། རྡོ་རྗེ་གནོད་སྦྱིན་གྱིས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད། ཡང་བུམ་བསྐྱེད་ཤིན་ཏུ་བསྡུ་ན་གོང་གི་སྤྲོས་པ་དེ་དག་དོར་ཏེ། བསངས་སྦྱངས། སྟོང་པའི་ངང་ལས་མཚན་ཉིད་ཡོངས་སུ་རྫོགས་པའི་བུམ་པའི་ནང་དུ་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བར་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྒྱུད་དེ་སོང་། བུམ་ནང་གི་ཆུ་དང་དབྱེར་མེད་དུ་འདྲེས་པར་གྱུར་པར་བསམས་ལ་རྣམ་རྒྱལ་དུ་ལྷ་ཐམས་ཅད་དང་། ལས་བུམ་ལ་

p. 454

གནོད་སྦྱིན་གྱི་སྔགས་བཟླས་པ་ཁོ་ནས་ཀྱང་ཆོག་གོ། །གསུམ་པ་སྦྱིན་སྲེག་ལྟ་གོན་ནི། འོག་ཏུ་བཤད་པའི་ཞི་བའི་སྲེག་བླུགས་བྱ་ཞིང་། རྡོ་རྗེ་གནོད་སྦྱིན། རྡོར་སེམས། སངས་རྒྱས་སྤྱན་རྣམས་ལའང་སྦྱིན་སྲེག་བརྒྱ་རྩ་བརྒྱད་རེ་དབུལ་ལོ། །བཞི་པ་ལ། ཕྱི་གཏོར་གཏོང་བ། སྟ་གོན་དངོས། གསོལ་གདབ། ཐུན་མོང་རྗེས་ཆོག་སྟེ་བཞིའི་དང་པོ་ནི། གཏོར་མ་ཆ་གསུམ་བསྔོ་བ་ཉེ་རེག་བྱས་ཏེ་ནང་དུ་འོངས་ནས་དཀྱིལ་འཁོར་བསྐོར་ཞིང་དེར་ཞུགས་པ། མེ་ཏོག་འབུལ་བཅིང་། ཕྱག་བྱ་བ་རྣམས་འོག་ནས་འབྱུང་བ་ལྟར་བྱའོ། །གཉིས་པ་དངོས་ལ་བཅུ་ཡོད་པའི། དང་པོ་གསོལ་གདབ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་བཀྲུ། ཕྱག་དང་མཎྡལ་ཕུལ། སྙིམ་པ་མེ་ཏོག་དང་བཅས་པས། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ་རྗེས་ཟློས་བྱས་ནས། གཉིས་པ་ཉན་པར་གདམས་པ་ནི། རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོར་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་ཀྱི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །བརྗོད། གསུམ་པ་ཚོགས་བསག་པ་ནི། དབང་མེད་བདག་གིས་སོགས་རྗེས་ཟློས་

p. 455

ལན་གསུམ། བཞི་པ་སེམས་བསྐྱེད་དེ་བརྟན་པར་བྱ་བ་ནི། ས་མ་ཡ་ཨཿ ཞེས་པས། སློབ་མའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་གསལ་བར་གྱུར་པར་སྒོམས་ཤིག །རྡོ་རྗེ་སྙིང་གར་བཞག་སྟེ། ༀ་སུ་ར་ཏེ་སོགས་ཀྱིས་བརྟན་པར་བྱ། ལྔ་པ་གནས་བཞི་དང་ཉེར་གཉིས་བྱིན་རླབས་ནི། སློབ་མའི་གནས་བཞིར་ཨ་ལས་ཟླ་བའི་སྟེང་དུ་སྙིང་གར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། དཔྲལ་བར་ཏྲཱཾ་ལས་རྡོ་རྗེ་རིན་ཆེན། མགྲིན་པར་ཧྲཱིཿལས་རྡོ་རྗེ་པདྨ། སྤྱི་བོར་ཀཾ་ལས་སྣ་ཚོགས་རྡོ་རྗེ་རྣམས་གསལ་བར་གྱུར། སྤོས་ཆུས་བརླན་པའི་ལག་པ་གནས་སོ་སོར་རེག་སྟེ་སྙིང་གར། བཛྲ་སཏྭ། དཔྲལ་བར། བཛྲ་རཏྣ། མགྲིན་པར། བཛྲ་པདྨ། ཞེས་བྱིན་གྱིས་བརླབས། གནས་ཉེར་གཉིས་ལས་རྒྱལ་མཆོག་སྐབས་ལྟར་བྱིན་གྱིས་བརླབས་ཏེ། ༀ་བཛྲ་པུཥྤེ་ཧཱུཾ། སོགས་ཉེར་སྤྱོད་ལྔ་རིམ་བཞིན་སློབ་མའི་སྤྱན་ཤངས་སྤྱན་ཐུགས་ཀ་ལྗགས་རྣམས་ལ་སྦྱིན་ནོ། །དྲུག་པ་སོ་ཤིང་འདོར་བ་ནི། ཨ་ཤྭཏྠ་སོགས་འོ་མ་ཅན་གྱི་ཤིང་སོར་བཅུ་གཉིས་པའི་རྩེར་མེ་ཏོག་བཅིངས། དྲི་བཟང་པོས་བགོས། ༀ་བཛྲ་ཧཱ་

p. 456

སྱ། ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ་བྱིན་པ་ཤར་རམ་བྱང་དུ་ཁ་བལྟས་ཏེ་རྩེ་མོ་སོས་ཅུང་ཟད་འཆོས་ལ་དྲི་དང་བ་བྱུང་གིས་བྱུགས་པའི་མཎྜལ་གྱི་སྟེང་དུ་ལྟོས་མེད་འདོར་དུ་གཞུག །རྩེ་རང་དང་སྟེང་དུ་བསྟན་ན་དངོས་གྲུབ་མཆོག །ཤར་དུ་འབྲིང་། མཚམས་དང་བྱང་དུ་འཇིག་རྟེན་པའི་དངོས་གྲུབ་འགྲུབ། ཐུར་དུ་ས་འོག་གི་དངོས་གྲུབ་འགྲུབ་པར་ལུང་བསྟན། བདུན་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤ་སར་པ་རྩ་རྩེ་མཉམ་པ་བམ་པོ་ཆེ་ཆུང་གཉིས། བཛྲ་ཏཱིཀྵྞ། བཟླས་པ་བྱིན་ཏེ། ཆེ་བ་སྟན་དང་ཆུང་བ་སྔས་གྱིས་ཤིག །ཅེས་བསྒོ། བརྒྱད་པ་སྲུང་སྐུད་སྦྱིན་པ་ནི། གཞོན་ནུ་མ་གཙང་མས་བཀལ་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཚད་ལས་མཐོ་གང་གིས་རིང་བ་སུམ་སྒྲིལ་དུ་བྱས་ནས། ༀ་བཛྲ་རཀྵ་ཧཾ། བཟླས་ཤིང་ལུས་ངག་ཡིད་གསུམ་སྲུང་བའི་རྡོ་རྗེའི་མདུད་པ་གསུམ་བོར་ཏེ་དཔུང་པ་གཡས་སུ་གདགས། ༀ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཱུཾ། ཞེས་སངས་རྒྱས་ཀྱི་བྱམས་པའི་གོ་ཆས་བསྲུང་བའི་ཕྱིར་སྲུང་བའི་ལས་རྒྱས་གོ་བསྐོན། དགུ་པ་གཙུག་ཏོར་འཆིང་བ་ནི། བསྡམས་པ་ལས་ༀ་གཉིས་ནང་དུ་བཅུག་ཧཱུཾ་གཉིས་རྩེ་སྤྲད་པ་སེམས་དཔའ་གཙུག་ཏོར་གྱི་ཕྱག་རྒྱ། ༀ་བཛྲ་སཏྭ་ཨུཥྞཱི་ཥ་ཧཱུཾ་ཕཊ།

p. 457

སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་སྟེ་སློབ་མའི་སྤྱི་བོར་གཙུག་ཏོར་གྱི་རྣམས་པར་གནས་སོ། །བཅུ་པ་ཟབ་མོའ་ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་སོགས་བརྗོད་ནས་སྤྲོ་བ་བསྐྱེད། ཀྱེ། བཞིན་བཟངས་དག་ལོངས་ལ་ཕྱག་བྱོས་ཤིག་དང་ནང་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་གྱི་ཀུ་ཤ་ཆུང་བ་སྔས་དང་ཆེ་བ་སྟན་དུ་གྱིས་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ལ་རྨི་ལམ་གང་མཐོང་བ་དེ་བདེན་པར་ང་ལ་སྨྲོས་ཤིག །ཅེས་བསྒོའོ། །གསུམ་པ་གསོལ་གདབ་ནི། སློབ་མ་སྟ་གོན་བྱས་མ་བྱས་གང་ཡིན་རུང་མཆོད་པ་གསར་དུ་བཤམས་པའི་ཁ་གསོས་ཏེ་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་རྒྱས་བསྡུས་གང་འོས་ཀྱིས་མཆོད། ཆོས་དབྱིངས་ཡེ་ཤེས་སོགས་ཀྱིས་བསྟོད་རྗེས། སྙན་གསན་དབབ་པ་ནི། རང་གི་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་གྱུར། ༀ་བཛྲ་ཛི་ཧྭ། པུས་མོ་སར་བཙུགས་ལག་གཡས་ཀྱིས་སྤོས་ཐོགས་ལ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་

p. 458

འཛིན་པ་བདག་གིས་ནི། །སློབ་མ་རྣམས་ལ་བརྩེ་བ་དང་། །ཞེས་སམ། གཤིན་དོན་ལྟ་བུ་ཡིན་ན། དམིགས་པའི་ཡུལ་ལ་བརྩེ་བ་དང་། །ཞེས་བསྒྱུར། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །སངས་རྒྱས་ལ་སོགས་ཀུན་གཤེགས་ཏེ། །དངོས་གྲུབ་འདིར་ནི་བདག་ལ་སྩོལ། །ཞེས་གསུམ་བརྗོད། བཞི་པ་རྗེས་ཆོག་ནི། མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་བསྙེན་པའི་སྐབས་ཀྱི་ཐུན་མཚམས་ཆེན་པོ་ལྟར་བྱའོ། །དེ་ནས་དཀྱིིལ་འཁོར་གྱི་མཐར་སློབ་མ་ཉལ་བའི་ནང་པར་རྨི་ལམ་གང་བྱུང་སློབ་དཔོན་ལ་བསྙད་དེ། སངས་རྒྱས་མཐོང་བ། མཆོད་རྟེན། ཀུན་ར། གཙུག་ལག་ཁང་། གླེགས་བམ། ལྷ། ནོར་བུ། རིན་ཆེན། གོས། མེ་ཏོག །འབྲས་བུ། རལ་གྲི། འཁོར་ལོ། པི་ཝཾ་སོགས་གྲུབ་པའི་རྫས་རྣམས་མཐོང་ན་དངོས་གྲུབ་རབ། ཉི་ཟླ། མེ་འོད། རྒྱ་མཚོ། རྒྱལ་པོ། གླང་ཆེན་རྟ་རྣམས་ཀྱིས་དཀའ་བ་མེད་པར་འགྲུབ། བོང་བུ། རྔ་མོོ། ཁྱི། བྱ། སྟག །བྱི་བ། ཝ། སྐྱེས་བུས་ལུས་ལ་འབྲུ་མར་གྱིས་བྱུགས་པ། གཅེར་བུ་ལུས་རྩུབ་ཅིང་མི་སྡུག་འཇིགས་པ་སོགས་མཐོང་ན་བར་ཆད་ཡིན་པས་རེ་ཞིག་སྤང་བའམ་དངོས་པོ་

p. 459

རྣམས་རྨི་ལམ་དང་འདྲ་བར་སྙིང་པོ་མེད་པར་བསྟན་ཏེ་ཞི་བའི་སྦྱིན་སྲེག་གིས་རྨི་ལྟས་ངན་པ་སྦྱངས་ཏེ་གཞུག་གོ། །གསུམ་པ་དངོས་གཞི་ལ་གཉིས། རྡུལ་ཚོན་བྲི་བ། དཀྱིལ་འཁོར་སྒྲུབ་པའོ། །དང་པོ་ལ། དཀྱིལ་འཁོར་འདེག་པ། ཐིག་སྐུད་བྱིན་རླབས། ཡེ་ཐིག་གདབ་པ། སྒོ་དབྱེ་བ། རྡུལ་ཚོན་བྱིན་རླབས། ཚོན་དགྱེ་བ་དང་དྲུག་གི་དང་པོ་ནི། ནང་པར་ཁྲུས་ནས་བརྩམས་ཏེ་བདག་བསྐྱེད་བསྙེན་པ་རྗེས་མཆོད་བསྟོད་ཡིག་བརྒྱས་བརྟན་པའི་བར་བྱས་ནས་སྟ་གོན་གྱི་ལྷ་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོ་འབུལ། རྡོ་རྗེ་ཁུ་ཚུར་གྱི་ཧཱུཾ་གཉིས་བཀན་ནས་གྱེན་དུ་འདེགས་པས། ༀ་སརྦ་བིད་ཨུ ཏྟིཥྛ་བཛྲ་ཧཱུཾ། སྟ་གོན་གྱི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་ནམ་མཁར་གནས་པར་གྱུར། ཅེས་བཏེག །གཉིས་པ་ནི། ་དཔའ་བོའ་རིན་གྱིས་ཉོས་པའི་རས་བལ་ལ་གཞོན་ནུ་མས་བཀལ་བའི་སྐུད་པ་ཚོན་སྣ་ལྔས་ཁ་དོག་བསྒྱུར་བ་ལྔ་གསེར་ལ་སོགས་པ་རིན་པོ་ཆེའི་སྣོད་དུ། དབུས་སུ་དཀར་པོ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་དུ་ལྗང་གུ་རྣམས་བཀོད་དེ། ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཐིག་སྐུད་རྣམས་རིམ་བཞིན་ༀ་ལས་

p. 460

རྣམ་སྣང་དཀར་པོ། ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ། ཏྲཱཾ་ལས་རིན་འབྱུང་སེར་པོ། ཧྲཱིཿལས་འོད་དཔག་མེད་དམར་པོ། ཨཿལས་དོན་ཡོད་གྲུབ་པ་ལྗང་གུ་རྣམས་སུ་གྱུར། དཔོན་སློབ་གཉིས་ཀྱི་མཐེ་བོ་ནས་མཛུབ་མོའི་ངོས་སུ་ཐིག་སྐུད་དཀར་པོ་ནས་རིམ་བཞིན་བཀོད་ནས། མིག་གཉིས་སུ་ཛཿཛཿལས་ཉི་མ་དང་ཟླ་བ་སེར་པོ་གསལ་བར་གྱུར། དཱིཔྟ་དྲྀཥྚ་ཨཾ་ཀུ་ཤ་ཛཿ མིག་གཉིས་རབ་ཏུ་གཡོ་ཞིང་རྫི་མ་སྟེང་ནས་འོག་ཏུ་དྲག་ཏུ་རྡེབ་པ་འབར་བའི་བལྟ་བས་ནམ་མཁའི་རིགས་ལྔ་བསྐུལ་ཏེ། བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའ་ཐིག་གདབ་པའི་ཕྱིར་རྡོ་རྗེའི་ཐིག་སྐུད་བདག་ལ་སྩོལ་ཞིག །ཅེས་གསོལ་བ་བཏབ་པས་རིགས་ལྔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་སྐུད་འབར་བའི་ལྕགས་ཀྱུས་བཀུག་སྟེ་ལག་པའི་ཐིག་སྐུད་ལ་ཐིམ་པར་གྱུར། ཐིག་སྐུད་རྣམས་དང་པོར་ལྔ་དང་དེ་ཡང་གཅིག་ཏུ་སྒྲིལ་བཞིན་དུ། ༀ་ཨ་ནྱོ྅་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚཱཿ སརྦ་དྷརྨཱཿ ཨ་ཏྱནྟ་ཨ་ནུ་པྲ་བིཥྚཱ་སརྦ་དྷརྨཱཿ ༀ་བཛྲ་སཏྭ་ཧཱུཾ། ཞེས་བཟླ། མིག་གཉིས་ཉི་ཟླར་གནས་པས་

p. 461

ཐིག་སྐུད་ལ་བལྟ་ཞིང་། བཛྲ་དྲྀཥྚ་མ་ཊ། ཅེས་ཅི་རིགས་བརྗོད་དེ་བརྟན་པར་བྱས་ནས་དྲིས་བྱུགས་པའི་གསེར་སྣོད་དུ་བཞག་སྟེ། ༀ་བཛྲ་པུཥྤེ་སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུསོགས་ཀྱིས་བསྟོད། རྡོར་བསྡམས་ཀྱིས་ཐིག་སྐུད་བཟུང་ལ། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ཞེས་དང་། ༀ་བཛྲ་ས་མཱ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། བརྒྱ་རྩ་སོགས་བཟླའོ། །གསུམ་པ་ཡེ་ཐིག་ནི། ལྷ་རྣམས་ཀྱི་སྔགས་བཟླས་པའི་དྲིའི་ཆུས། ཡཀྵ། བཟླ་བཞིན་བྱུགས། མེ་ཏོག་གིས་ཀྱང་གཏོར། ཐལ་མོ་སྤྱི་བོར་སྦྱར་ཏེ། ༀ་སརྦ་སོགས་ཀྱིས་ནམ་མཁའི་ལྷ་ལ་ཕྱག་བྱ། མིག་ཉི་ཟླར་གསལ་བས་རང་བདེན་བྲལ་དང་གྲོགས་དབང་ལྡན་དུ་འཁོད། སློབ་དཔོན་རྣམ་སྣང་གི་ཕྱག་ཆེན་བཅིངས་ཏེ། བཛྲ་དྷཱ་ཏུ་རང་ཉིད་རྣམ་སྣང་དུ་གྱུར། བཛྲ་ཀརྨ་སྒྲུབ་པའི་གྲོགས་རྡོ་རྗེ་ལས་རབ་ཏུ་གྱུར་པ་ཐུགས་ཀ་ནས་ཕྱུང་དབང་ལྡན་དུ་འཁོད། རྡོར་སེམས་ཀྱི་ཕྱག་ཆེན་བཅིངས་ཏེ། ༀ་བཛྲ་སཏྭ་སླར་ཡང་རང་ཉིད་རྡོ་རྗེ་སེམས་དཔར་གྱུར། གཡོན་ཁུ་ཚུར་གྱིས་ཐིག་སྐུད་ལྟེ་བའི་ཐད་དུ་བཟུང་ལ། ཛཿཛཿཛཿ ཞེས་ཐིག་སྣ་གྲོགས་ལ་གཏད། དེས་ཀྱང་།

p. 462

ཛཿཛཿཛཿ ཞེས་བརྗོད་དེ་ཁུ་ཚུར་གཡོན་གྱིས་དྲངས་ཏེ་ལྟེ་བའི་ཐད་དུ་བཟུང་། ཕྱོགས་ཐམས་ཅད་མཉམ་པ་ཉིད་དོ། །ཞེས་བསམས་ཏེ། གཡས་བསྐོར་བྱས་ཏེ་སློབ་དཔོན་ནུབ་ཏུ་པུས་མོ་གཡས་བསླང་བའི་ཕྱེད་སྐྱིལ་དང་གྲོགས་ཤར་དུ་དེ་ལས་བཟློག་སྟེ་འདུག་ནས། ༀ་བཛྲ་ས་མ་ཡ་སཱུ་ཏྲ། སོགས་བརྗོད། ནམ་མཁའ་གང་བའི་དེ་བཞིན་གཤེགས། །ཐིག་སྐུད་སྒྲས་ནི་བསྐུལ་མ་འདེབས། །ཁྱེད་རྣམས་ཀྱིས་ནི་སེམས་ཅན་གྱི། །དོན་མཛད་དུས་ཡིན་གནང་བར་རིགས། །ཞེས་ཐིག་གི་སྒྲས་ཞིང་ཀུན་གྱི་སངས་རྒྱས་ཐམས་ཅད་འགྲོ་བའི་དོན་དུ་འདིར་གཤེགས་པར་བསམས་ལ། དེ་བཞིན་གཤེགས་པ་རྣམས་བྱོན་ནས་ཐིག་ལ་ཐིམ་པར་གྱུར། སླར་གཉིས་ཀའི་གཡོན་ཁུ་ཚུར་ལས་ཧཱུཾ་བརྐྱང་བ་བཀན་པས་ཐིག་སྐུད་བཟུང་སློབ་དཔོན་གྱི་གཡས་པའི་ༀ་ཧཱུཾ་གིས་ཐིག་སྐུད་ཀྱི་དབུས་ནས་སེ་གོལ་དང་བཅས། ༀ་བཛྲ་ས་མ་ཡ་སཱུ་ཏྲ། སོགས་ཀྱི་སྔགས་བརྗོད་པས་ཐིག་དང་པོ་ལྟེ་བའི་ཐད་ཀྱི་ནམ་མཁའ་ལ་གདབ་ཚུལ་དང་། དེ་ནས་གཡོན་དེ་ཁ་སྦུབ་གཡས་སྔ་མ་ལྟ་བུས་ས་ལ་གདབ། དེ་ནས་གཉིས་ཀ་གཡས་བསྐོར་དུ་གྲོགས་རང་ལ་རྒྱབ་མི་སྟོན་པར་

p. 463

བསླབ་སྟེ། ལྷོ་ནས་གཉིས་པ། མེ་ནས་ཟུར་ཐིག་དང་པོ། སྲིན་པོ་ནས་གཉིས་པ་གདབ། དེ་བཞིན་མེ་ནས་ཤར་དང་ལྷོའི་རྩ་ཐིག །རླུང་ནས་ནུབ་དང་བྱང་གི་རྩ་ཐིག །གྲོགས་ཀྱི་འདུག་ས་ཤུགས་ལས་རྟོགས། ཐིག་བརྒྱད་པོ་དེ་དག་ནམ་མཁའ་ལ་རེ་དང་ས་ལ་རེ་གདབ་བོ། །དེ་ནས། ༀ་ཁྱེད་ཀྱི་སོགས་དང་། མུཿ ཞེས། ཐིག་སྐུད་ཀྱི་ཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་ཐིམ། རྡོ་རྗེ་བསྡུ་བའི་རྒྱས། བཛྲ་ས་མཱ་ཛཿ དམ་ཚིག་གི་ཐིག་སྐུད་རང་གི་ཐུགས་ཀར་ཐིམ་པར་གྱུར། ཐིག་སྐུད་རྡོ་རྗེ་ལ་དཀྲིས་ཏེ་བཞག་གོ། །བཞི་པ་སྒོ་དབྱེ་ནི། རང་ཉིད་ཧཱུཾ་མཛད་ཉི་ཟླའི་མིག་གཉིས་ཀྱི་མིག་འབྲས་ཧཱུཾ་ལས་ཁྲོ་བོའ་རྡོ་རྗེར་གྱུར། འདེག་པའི་རྒྱས། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་པས་ཐིག་གི་འོག་ཏུ་བཞུགས་ཏེ་དབུས་ནས་ཕྱོགས་ཀུན་ཏུ་བལྟ་བས་ཐར་པའི་སྒོའི་གེགས་ཕྱིས་པར་བསམས་ལ། ཀྲོ་དྷ་དྲྀཥྚི་ཧྲཱིཿ གསུམ་རེ་བརྗོད་ཅིང་གཡས་ཀྱི་ཏྲཱཾ་ཧྲཱིཿདྲིའི་ཆུར་རེག་པས་སྒོའི་རྩ་ཐིག་དབྱི། ཧཱུཾ་མཛད་ཀྱི་རྒྱས། སུམྦྷ་ནི་སོགས་བརྗོད་དེ། མུཿ ཞེས་དབུས་ཀྱི་ཕུར་བུའི་ཡེ་ཤེས་པ་གཤེགས། བསྡུ་བའི་སྔགས་རྒྱས་དམ་ཚིག་པ་བསྡུས་ནས་དབུས་ཀྱི་ཕུར་བུ་

p. 464

ཕྱུང་བའི་ཁུང་བུ་དྲི་དང་ཚོན་གྱིས་དགང་སྟེ་དང་པོར་དབུས་ཀྱི་ཚོན་དང་དེ་ནས་བྱང་ནས་གཡོན་བསྐོར་གྱིས་ཤར་གྱི་ཚོན་སྟེང་དུ་བླུག་པའམ། ཡང་ནམ་མཁའ་རླུང་མེ་ཆུ་སའི་རིམ་པས་ལྗང་ནག་དམར་དཀར་སེར་པོས་རིམ་པར་དགང་བར་བཤད་དོ། །ལྔ་པ་རྡུལ་ཚོན་བྱིན་རླབས་ནི། ཐིག་གདབ་པའི་དབུས་སམ་རང་གི་མདུན་དུ་ཚོན་སྣ་ལྔ་སྔར་ཐིག་སྐུད་ཀྱི་ཁ་དོག་བཞིན་བཀོད་པ་ལ་ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཿརྣམས་བྲིས་ནས། མདུན་དུ་མཆོད་པ་བཤམས། བསངས་སྦྱང་སོགས་ནས། ཐིག་སྐུད་ཅེས་པའི་གནས་སུ། རྡུལ་ཚོན། ཞེས་བསྒྱུར་ནས། ལྗང་གུ་རྣམས་སུ་གྱུར། ཅེས་པའི་བར་བརྗོད། ཁུ་ཚུར་གཉིས་ལས་ཧཱུཾ་གཉིས་སྒྲེང་བའི་ངོས་སྦྱར་བས་རྡུལ་ཚོན་ཉེད་ཅིང་འབར་བའི་བལྟ་བས་བལྟས་ཏེ། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བཟླ། འབར་བའི་ལྟ་སྟངས་ཀྱིས། རིགས་ལྔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རྡུལ་ཚོན་འབར་བའི་ལྕགས་ཀྱུས་བཀུག་སྟེ་རྡུལ་ཚོན་སོ་སོ་ལ་ཐིམ་པར་གྱུར། རྡུལ་ཚོན་སོ་སོ་ལ་ཧྲཱིཿབྲིས་ནས། ཏེ་རིནྟིི་རིའི་རྒྱས། ཧྲཱིཿཧྲཱིཿ ཞེས་བརྗོད་པས་རྡུལ་ཚོན་སྦར་རོ། །དྲུག་པ་ཚོན་དགྱེ་བ་ནི། ༀ་བཛྲ་ཙི་ཏྲ་སོགས་བརྗོད་བཞིན་དབང་ལྡན་ནས་བརྩམས་སློབ་དཔོན་གྱི་

p. 465

གཡོན་པའི་ཁུ་ཚུར་གྱིས་རྩིག་པ་ལྔ་ཕྱི་ནས་སྔོ་སེར་དམར་ལྗང་དཀར་བའི་རིམ་པའམ་མ་ནུས་ན་ལྗང་གུས་སྒོ་ཚད་གཅིག་བྲི། རེ་མིག་དགུའི་དབུས་མ་དཀར་པོ། ཕྱོགས་བཞི་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་ངམ། ཡང་ན་ཤར་དཀར་ལྷོ་སྔོ་དབུས་སེར་བ་བྱེད་པའང་ཡོད། མཚམས་བཞི་ཕྱེད་མདོག །གདུང་སྔོན་པོ་ལ་རྡོ་རྗེ་དཀར་པོ་བྲི། འཁོར་ལོའ་ལྟེ་བ་སེར། རྩིབས་དང་མུ་ཁྱུད་སྔོ། རྩིབས་བར་ཕྱོགས་མདོག །འདོད་སྣམ་དམར་པོ་ལ་ཕྱོགས་རེར་ལྷ་མོ་བཞི་བཞི་དང་། སྒོ་སྒོ་འཁྱུད་ཀྱི་མཚམས་དང་རྩིག་པའི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། ཕ་གུ་སེར་པོ་ལ་རིན་པོ་ཆེ་གྲུ་བཞི་དང་ཟུར་གསུམ་བཀྲ་བ། དྲ་བའི་གཞི་ནག་པོ་ལ་གསེར་གྱི་སྐ་རགས་ལས་འཕྱངས་བའི་མུ་ཏིག་གི་དྲ་ཕྱེད། ཤར་བུ་དཀར་པོ་རིལ་བ་མགོ་ཐུར་བསྟན་ལྟ་བུ་གཞི་སྔོ་ནག །མདའ་ཡབ་དཀར་པོ་ལ་ཚོན་ནག་པོས་པད་འདབ་ཕྱེད་པའི་དབྱིབས་བྲི། མདའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་འཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད། ཟུར་བཞིར་གདུགས་རེ། སྒོའི་མུན་པ་ནག །རྟ་བབས་ཀྱི་ཀ་བ་ཕྱོགས་མདོག །ཀ་རྒྱན་ཅི་མཛེས། གླང་གུར་གྱི་ནང་ཕྱོགས་མདོག་

p. 466

གམ་ནག་པོ་ལ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེ་དང་མེ་ཏོག་གི་དྲ་ཕྱེད་བྲི། སྣམ་བུ་བཅུ་གཅིག་གི་གསེར་སེར། རིན་ཆེན་དམར། རྨིག་པ་ལྗང་། ཝ་རན་ཅི་མཛེས། མུན་པ་ནག །ཤར་བུ་དང་མདའ་ཡབ་གོང་བཞིན། འཁོར་ལོ་དང་རི་དྭགས་སེར། ནང་གི་ཁྱམས་སྣ་ཚོགས་རྡོ་རྗེ་ཁོར་ཡུག་གི་སྟོངས་རྣམས་ཕྱོགས་མདོག །ཡང་། སྤྱན་སྔ་ཐམས་ཅད་མཁྱེན་པའི་དཀྱིལ་ཆོག་ཏུ་ཁོར་ཡུག་གི་བར་སྟོངས་ནི་འོག་གཞི་རི་རབ་ཀྱི་ཤར་ཤེལ། ལྷོ་བཻ་དཱུ། ནུབ་པད་རག །བྱང་གསེར་གྱི་ཁ་དོག་དང་མཐུན་པར་གསུངས་པ་ལྟར་བྱས་ཀྱང་ལེགས། རྟ་བབས་ཕྱི་མའི་གཡས་གཡོན་དུ་བུམ་བཟང་ལས་ཐོན་པའི་དཔག་བསམ་ཤིང་ལ་རྒྱལ་སྲིད། རྟགས་བརྒྱད། ནམ་མཁར་སྤྲིན་གསེབ་ནས་ལྷ་མོ་མེ་ཏོག་གི་ཕྲེང་བ་ཐོགས་པ། འཇིག་རྟེན་པའི་ཁོར་ཡུག་དཀར། རྡོ་ར་ནག་པོ་གཞི་སེར་པོ། འོད་ཕྲེང་ཁ་དོག་ལྔ་པར་བྱ། ལྷ་སོ་སོའ་གནས་སུ་སྐུའམ་ཕྱག་མཚན་ནམ་ས་བོན་ནམ་གདན་གྱི་ཐིག་ལེ་ཙམ་བཀོད། རྡུལ་ཚོན་ལྷག་མའི་ལྷ་གཤེགས་བསྡུ་ཐིག་སྐུད་ཀྱི་སྐབས་ལྟར་བྱའོ། །དེ་ནས། ༀ་བཛྲ་སཏྭ་ཧཱུཾ། བཟླ་བཞིན་པས་བླ་བྲེ་ལ་སོགས་པའི་རྒྱན་དང་། མཆོད་པ་རྣམས་དབང་ལྡན་དུ་མཚམས་འཛིན་གྱི་མེ་ཏོག་

p. 467

བཀོད་དེ་ཆུ་གཉིས་སོགས་གཡས་བསྐོར་དུ་རིམ་པར་བཤམས། རྣམ་རྒྱལ་བུམ་པ་ལྷོ་སྒོའི་འགྲམ་དང་ལས་བུམ་ཤར་སྒོའི་གཡས་སུ་བཞག །དཀྱིལ་འཁོར་གྱི་ཉེ་འཁོར་ཀུན་དྲིས་བྱུགས། མེ་ཏོག་དགྲམ། ཤར་དུ་ཤེར་ཕྱིན། ལྷོར་སྡོང་རྒྱན། ནུབ་ཏུ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ། བྱང་དུ་གསེར་འོད་དེ་ཕྱོགས་བཞིར་མདོ་བཞི་བཀླག །མཚམས་བཞིར་སྤོས་རྒྱུན་མི་ཆད་པར་བཏུལ། དཀྱིལ་ཐང་ཡིན་ན་སྟ་གོན་གྱི་ལྷ་བཏེག་དཀྱིལ་ཐང་བཀྲམ་ནས་མཆོད་གཏོར་སྔར་ལྟར་དགྲམ། ས་སྔར་འདུས་བྱས་པ་ཡིན་ན་ཡུལ་བདག་ལ་གཏོར་མ་བྱིན་ནས་བགེགས་བསྐྲད་པ་མན་བྱ་ཞིང་བརྟག་བསླང་བྱ་བ་སོགས་མི་དགོས་པས་སྐབས་ཤེས་པར་བྱའོ། །གཉིས་པ་མདུན་སྐྱེད་དཀྱིལ་འཁོར་སྒྲུབ་པ་དངོས་ལ། བསྡུ་ན་རྡུལ་ཚོན་དེ་ཉིད་ལ་སྟ་གོན་དང་སྤྱན་དྲངས་པའི་ལྷ་བསྟིམ་ནས་དབང་བསྐུར་རྒྱས་བཏབ་བཟླས་པ་སོགས་བྱས་པས་ཆོག་ཀྱང་། འདིར་རྒྱས་པའི་དབང་དུ་བྱས་ན། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་གཞུག་པ། དབང་བསྐུར། རྒྱས་གདབ། བཟླས་པ། མཆོད་བསྟོད། བདག་འཇུག་བླང་བ་དང་བདུན་ཡོད་པའི་དང་པོ་ནི། གནོད་སྦྱིན་གྱི་ལས་རྒྱས། ༀ་བཛྲ་ཡཀྵ་ཧཱུཾ། ཞེས་

p. 468

གསུམ་གྱིས་རྡུལ་ཚོན་བསངས། ཨ་ཀཱ་རོ་སོགས་ཀྱིས་སྟོང་པར་སྦྱངས་བ་ནས་བཟུང་། དབང་ལྡན་དུ་མིའི་འགྲོ་བ་སོགས་ཡོངས་སུ་གསལ་བར་གྱུར། ཅེས་པའི་བར་དཀྱིལ་འཁོར་རྒྱལ་མཆོག་ལྟར་ལ། རང་ཉིད་ཅེས་དང་། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྩ་རིག་གི་དབུས་སུ་ཞེས་དང་། དེ་བཞིན་དུ་ཐུགས་ཀའི་ཞེས་པ་རྣམས་དང་། ཐུགས་ཀ་ནས་ཕྱུང་ཞེས་པ་རྣམས་བཞག་གོ །གཉིས་པ་ནི། སྔར་སྟ་གོན་བྱས་པ་ཡིན་ན་ཡེ་ཤེས་པ་སྤྱན་དྲངས་པའི་ཚབ་ཏུ། ༀ་སརྦ་བིད་བཛྲ་ཙཀྲ་སིདྡྷི་ཧཱུཾ། དང་། ༀ་བཛྲ་ཨངྐུ་ཤ་ཛཿ སོགས་སྒོ་བ་བཞིའི་སྔགས་དང་ཕྱག་རྒྱས། ནམ་མཁར་གནས་པའི་སྟ་གོན་གྱི་ལྷ་རྣམས་བབས་ནས་དམ་ཚིག་པ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཅེས་སམ། མ་བྱས་ན། རང་ཉིད་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་སྒོ་དབྱེ་བའི་རྒྱས། ༀ་སརྦ་བིད་དྭཱ་རོདྒྷ་ཊཱ་ཡ་ཧཱུཾ། གིས་མདུན་བསྐྱེད་ཀྱི་སྒོ་དབྱེ། སླར་རྡོར་སེམས་ཀྱི་ང་རྒྱལ་གྱིས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་

p. 469

ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྗོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ལྷུན་གྲུབ་ཕོ་བྲང་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བསྡུ་བའི་རྒྱས། ༀ་སརྦ་བིད་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ ཿ འོག་མིན་གྱི་གནས་ནས་སོགས། གཤེགས་པར་གྱུར། གྱི་བར་བརྗོད་པས་སྤྱན་དྲངས་ནས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་

p. 470

གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། གིས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ༀ་པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་གདན་འབུལ། གཞི་ཡིི་ཆོས་ཉིད་སྐྱེ་བ་མེད་པ་ལས། །སྤྲུལ་པའི་སྐུ་ལ་བཛྲ་ཨརྒྷཾ་མ། །ཨརྒྷཾ་དཀར་མོའི་ཕྱག་ན་མཆོད་ཡོན་བསྣམས། །མཆོད་ཡོན་དཀྱིལ་འཁོར་བཞུགས་པའི་ལྷ་ལ་འབུལ། །ༀ་སརྦ་ཏཱ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། ཨརྒྷཾ་གྱི་མལ་དུ། པུཥྤེ་མ། པུཥྤེ་སེར་མོའ། དྷཱུ་པེ་མ། དྷཱུ་པེ་སྔོན་མོའ། ཨཱ་ལོ་ཀེ། ཨཱ་ལོ་ཀེ་དམར་སེར། གནྡྷེ་མ། དྲི་མ་ལྗང་གུའི། ནཻ་ཝི་དྱ། རོ་མ་དམར་མོའི། ཤབྡ་མ། ཤབྡ་ཁྲ་མོའ། ཞེས་དང་། མཆོད་ཡོན་གྱི་གནས་སུ། མེ་ཏོག །ནས། རོལ་མོའི་བར་བཅུག་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་

p. 471

མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཞེས་བསྟོད་ནས། དམ་ཚིག་པ་དང་ཡེ་ཤེས་པ་རྣམས་གཅིག་ཏུ་གྱུར། ཅེས་ཡེ་ཤེས་པ་གཞུག །གནོད་སྦྱིན་གྱི་སྔགས་རྒྱས་བགེགས་བསྐྲད། ༀ་བཛྲ་རཀྵ་ཧཱུཾ། ཞེས་གསུམ་དང་སྲུང་བའི་རྒྱས་རྡོ་རྗེའི་ར་གུར་དུ་བྱིན་རླབས། ༀ་བཛྲ་སིནྡྷ་བཾ། ཞེས་ཁུ་ཚུར་གྱི་དམ་རྒྱས་དཀྱིལ་འཁོར་གྱི་སྒོ་བཅད། ༀ་ཊུཾ། ཞེས་ཚར་དགུ་མདུད་པ་འཆིང་ཚུལ་གྱི་ཕྱག་རྒྱ་དང་བཅས་པ་དང་། ༀ་བཛྲ་ཏུ་ཥྱ་ཧོཿ ཞེས་ལྷ་ཐམས་ཅད་ལ་གོ་བསྐོན་ཏེ། རྡོ་རྗེ་བསྲུང་བའི་གོ་ཆས་ཡང་དག་པར་སྲུང་བར་གྱུར། ཅེས་བརྗོད། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ། སོགས་སྒོ་བཞིའི་ཕྱག་རྒྱ་བྱའོ། །གསུམ་པ་དབང་བསྐུར་བ་ནི། དབུ་རྒྱན། ཕྲེང་བ། དར་དཔྱངས་གསུམ་ཙམ་མམ། ཡང་ན་དབང་དྲུག་

p. 472

བསྐུར་ཞིང་དབང་ལྷ་བསྟིམ་པ་དང་། བཞི་པ་རྒྱས་གདབ་ཅིང་གནས་ཉེར་གཉིས་བྱིན་རླབས་རྣམས་ལས་རྒྱལ་མཆོག་གི་སྐབས་ལྟར་བྱ། ལྔ་པ་བཟླས་པ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རང་རང་གི་སོགས་བདག་བསྐྱེད་ལྟར། རྩ་རིག་གིས་བསྐོར་བར་གྱུར། ཡན་དང་། སྔགས་ལས་འོད་ཟེར་འཕྲོས་པས་སོགས་ནས། ཞུགས་པར་གྱུར། ཡན་བརྗོད་དེ། དེ་ལ་རྩེ་གཅིག་ཏུ་དམིགས་ཤིང་ཇི་སྲིད་རེག་མཐོང་གི་མཚན་མ་སྙེད་ཀྱི་བར་རྩ་རིག་དང་སྙིང་པོ་རྣམས་སྒོམ་བཟླས་བྱའོ། །དེ་ནས་འཕྲིན་ལས་བཅོལ་བ་ནི། ལྷ་སོ་སོའ་ཐུགས་ཀར་ཟླ་བ་རྡོ་རྗེར་གཙོ་བོ་ལ་རྩ་རིག་དང་། འཁོར་རྣམས་ལ་རང་རང་གི་སྙིང་པོས་བསྐོར་བར་གྱུར་པར་དམིགས་ཏེ་ཕྱག་རྒྱ་ནི་གར་པད་སྔོན་དུ་འགྲོ་བའི་དམ་རྒྱ་བཅིངས་ལ་རྩ་རིག་དང་སྙིང་པོའ་མཐར། བཅོམ་ལྡན་འདས་ཀུན་རིག་གིས་ཚེ་ལས་འདས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་བདེ་ལེགས་ཕུན་སུམ་ཚོགས་ཤིང་། འཁོར་བ་དང་ངན་སོང་ལས་འདོན་པ་དང་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་འཕྲིན་ལས་མཛོད་ཅིག །དེ་

p. 473

བཞིན་དུ་རྩ་རིག་དང་གཤེགས་པ་བཞིའི་སྔགས་བརྗོད་ལ། དེ་བཞིན་གཤེགས་པ་བཞིས་ཀྱང་ཞེས་སོགས་དང་། རྩ་རིག་དང་ཡུམ་བཞིའི་སྔགས། ཡུམ་བཞིས་ཀྱང་སོགས། རྩ་རིག་དང་རྡོར་སེམས་སོགས་སེམས་དཔའ་བཞིའི་སྔགས། ཤར་ཕྱོགས་རྡོ་རྗེའི་རིགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས། རྩ་རིག་དང་རྡོ་རྗེ་རིན་ཆེན་སོགས་སེམས་དཔའ་བཞིའི་སྔགས། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས། རྩ་རིག་དང་རྡོ་རྗེ་ཆོས་སོགས་སེམས་དཔའ་བཞིའི་སྔགས། ནུབ་ཕྱོགས་པདྨའི་རིགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས། རྩ་རིག་དང་རྡོ་རྗེ་ལས་སོགས་སེམས་དཔའ་བཞིའི་སྔགས། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས། རྩ་རིག་དང་སྒེག་སོགས་བཞིའི་སྔགས། ནང་གི་ལྷ་མོ་བཞིས་ཀྱང་སོགས། རྩ་རིག་དང་སྤོས་མ་སོགས་བཞིའི་སྔགས། ཕྱི་ཡི་ལྷ་མོ་བཞིས་ཀྱང་སོགས། རྩ་རིག་དང་སྒོ་བ་བཞིའི་སྔགས། སྒོ་བ་བཞིས་ཀྱང་སོགས། རྩ་རིག་དང་བསྐལ་བཟང་གི་སྔགས། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་གིས་ཀྱང་སོགས། རྩ་རིག་

p. 474

དང་དཔེ་བྲལ་གྱི་སྔགས། དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག་གིས་ཀྱང་སོགས། རྩ་རིག་དང་ཉན་ཐོས་ཀྱི་སྔགས། ཉན་ཐོས་བཅུ་དྲུག་གིས་ཀྱང་སོགས། རྩ་རིག་དང་རང་རྒྱལ་གྱི་སྔགས། རང་རྒྱལ་བཅུ་གཉིས་ཀྱིས་ཀྱང་སོགས། རྩ་རིག་དང་ཁྲོ་བོ་བརྒྱད་ཀྱི་སྔགས། ཁྲོ་བོ་ཆེན་པོ་བརྒྱད་ཀྱིས་ཀྱང་སོགས། རྩ་རིག་ལན་གཉིས་བརྗོད། ཕྱིའི་ཁོར་ཡུག་ལ་གནས་པའི་དཔལ་མགོན་བདུན་ཅུ་རྩ་ལྔས་ཀྱང་ཚེ་ལས་འདས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཐར་པ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ས་ལམ་གྱི་བར་གཅོད་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཞེས་བརྗོད་པས་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་གསལ་བར་བྱས། དེ་དག་གི་རྒྱུད་ཀྱི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངང་དུ་བཅོམ་སྟེ་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ལས་ཐར་བར་མཛད་དོ། །ཞེས་བརྗོད། དྲུག་པ་ལ། མཆོད་པ་དང་། བསྟོད་པ་གཉིས་ཀྱི་དང་པོ་ལ་དྲུག །ཉེར་སྤྱོད། སྒེག་སོགས་བརྒྱད། ཉེར་ལྔ་

p. 475

པ། རིན་ཆེན་བདུན། འདོད་ཡོན་ལྔ། ངོ་མཚར་མཆོད་པ་བཅོ་བརྒྱད་རྣམས་ལས། དང་པོ་ནི། མཆོད་པ་བྱིན་རླབས་བྱས་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ལག་གཉིས་ཐལ་མོ་ཁ་ཕྱེ་བས་དུང་ཆོས་འཛིན་པས་མཆོད་ཡོན་བཟེད་ཞལ་དུ་སྒྲེང་། དེ་བཞིན་དུ་མཆོད་ཡོན་བཟེད་ཞལ་དུ་སྒྲེང་། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། གཡས་ཁུ་ཚུར་གྱི་ༀ་ཧཱུཾ་སྦྱར་བས་མེ་ཏོག་དང་ཞབས་བསིལ་གྱི་ཆུ་བླངས་ཏེ་གྱེན་དུ་ཕྱོགས་ལ་ཏྲཱཾ་ནས་རིམ་གྱིས་བཀྲོལ་བ་བཟེད་ཞལ་དུ་བཅུག་གོ། །མེ་ཏོག །པུཥྤེ། ཁུ་ཚུར་གཉིས་བཀན་ཏེ་ༀ་ནས་རིམ་པར་བཀྲོལ་བས་མེ་ཏོག་འཐོར་ཚུལ་བྱའོ། །བདུག་སྤོས། དྷཱུ་པེ། ཁུ་ཚུར་

p. 476

གཉིས་ཐུར་བསྟན་སྤོས་ལྡུག་ཚུལ། མར་མེ། ཨཱ་ལོ་ཀེ། ཁུ་ཚུར་གཉིས་ༀ་སྒྲེང་བ། དྲི་ཆབ། གནྡྷེ། ཐལ་མོ་གཉིས་དྲི་བྱུག་ཚུལ། ཞལ་ཟས། ནཻ་ཝི་དྱ། ཐལ་མོ་གཉིས་སོ་སོར་བཀན་པས་ཞལ་ཟས་འབུལ་ཚུལ། རོལ་མོ། ཤབྡ། རོལ་ཆེན་བྱའོ། །གཉིས་པ་ནི། པད་བསྐོར་དང་བཅས་པས་ཁུ་ཚུར་དཀུ་གཡོན་ནས་བཀྲོལ་བས། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྣམ་ལྔ་འདོད་བསྐོར། ༀ་བཛྲ་སཏྭ་སུ་སཾ་གྲ་ཧཱད། སྒེག་མོའ་ཕྱག་ཆེན་གྱིས། ༀ་བཛྲ་ལཱ་སྱེ་ཧཱུཾ། གཡོན་དུ་སེ་གོལ་གཏོག །དེ་བཞིན་དུ་སོ་སོའ་ཕྱག་ཆེན་གྱི་བར་འགྲེ་བས། རྡོ་རྗེ་རིན་ཆེན་བླ་ན་མེད། །ༀ་བཛྲ་རཏྣ་མ་ནུཏྟ་རཾ། ༀ་བཛྲ་མཱ་ལེ་ཏྲཱཾ། རྡོ་རྗེ་ཆོས་ཀྱིས་གླུ་བླངས་པས། །ༀ་བཛྲ་དྷརྨ་གཱ་ཡ་ནི། ༀ་བཛྲ་གཱི་ཏི་ཧྲཱིཿ། རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ༀ་བཛྲ་ཀརྨ་ཀ་རོདྦྷ་ཝེ། ༀ་བཛྲ་ནྲྀ་ཏྱ་ཨཿ རྡོ་རྗེ་སེམས་དཔའ་སོགས་དང་། སྔགས་སྔ་མ་རྣམས་དེ་ཁོ་ན་ལྟར་དང་། ཕྱི་མ་རྣམ་ཀྱི་མལ་དུ། ༀ་བཛྲ་དྷཱུ་པེ་ཧཱུཾ། པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཨཿ རྣམས་གཞུག་ཅིང་སོ་སོའ་ཕྱག་ཆེན་བྱའོ། །གསུམ་པ་མཆོད་པ་ཉེར་ལྔ་པ་ནི། དཔག་མེད་

p. 477

བསོད་ནམས་སྟོབས་ལས་བྱུང་བ་ཡི། །ལྷ་རྫས་ལས་གྲུབ་རིན་ཆེན་ཅོད་པན་མཆོག །རྒྱལ་བ་སྲས་དང་བཅས་ལ་འབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །རྡོ་རྗེ་ཁུ་ཚུར་གཉིས་དབུ་རྒྱན་འཆིང་ཚུལ་གྱིས། ༀ་བཛྲ་མུ་ཀུ་ཊཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཚིག་རྐང་དང་པོ་དང་ཕྱི་མ་གཉིས་སྦྱར་བ་ཀུན་ལ་འགྲེ་བས། སྙན་ཤལ་མཛེས་བྱེད་རིན་ཆེན་འཁྱིལ་བའི་རྒྱན། །ཁུ་ཚུར་གྱི་ཨཿནས་རིམ་པར་བཀྲོལ་བ་སྙན་རྒྱན་འཆིང་ཚུལ་བྱས་ལ། མུ་ཀུ་ཊཾ་གྱི་གནས་སུ། ཀུཎྜ་ལི། མགྲིན་པ་དུང་འདྲ་མཛེས་བྱེད་མགུལ་གདུབ་མཆོག །ཁུ་ཚུར་གཉིས་ཀྱིས་མགྲིན་པར་འཆིང་ཚུལ་གྱིས། ཧཱ་ར་ཥ། ཐུགས་མཚན་དཔལ་བེའུ་མཛེས་བྱེད་སེ་མོ་དོ། །ཁུ་ཚུར་ལས་ༀ་ནས་བཀྲོལ་བ་སེ་མོ་དོ་འཆིང་ཚུལ། ཨ་ཝ་ཧཱ་ར། དཔུང་པ་མཛེས་བྱེད་དཔུང་རྒྱན་སྲུང་སྐུད་མཆོག །ཁུ་ཚུར་གཉིས་ཀྱི་ཧཱུཾ་ཏྲཱཾ་ཧྲཱིཿསྒྲེང་བ་རྡོ་རྗེ་རྩེ་གསུམ་པའི་རྒྱ་བསྣོལ་བ་དཔུང་པར་རེག་པ་དཔུང་རྒྱན་འཆིང་ཚུལ་གྱིས། ཀེ་ཡཱུ་ར། ཕྱག་གཉིས་མཁྲིག་མར་སྤྲས་པའི་གདུ་བུ་མཆོག །དཔུང་རྒྱན་གྱི་རྒྱ་དེ་

p. 478

ཉིད་ཀྱིས་མཁྲིག་མ་ཕན་ཚུན་དུ་རེག་པས་གདུ་བུ་འཆིང་ཚུལ་གྱིས། པ་རི་ཀ་ཊཾ་ཀ། དྲ་བས་འབྲེལ་བའི་སོར་མོའ་གདུ་བུ་མཆོག །ཐལ་མོ་གཉིས་ཀྱི་ༀ་ཧྲཱིཿ སྦྱར་བས་སོར་མོ་རྣམས་ཀྱི་རྩ་བར་རེག་པས་སོར་གདུབ་འཆིང་ཚུལ་གྱིས། པ་ཀཾ་ཝ་ལ། རྫུ་འཕྲུལ་ལྡན་པའི་ཞབས་ལ་མཛེས་བྱེད་རྒྱན། །སོར་གདུབ་ཀྱི་རྒྱ་དེས་རྐང་པའི་མཁྲིག་མར་རེག་པས་ཞབས་གདུབ་འཆིང་ཚུལ། པཱ་དཱ་བྷཱ་ར་ཎ། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁུ་ཚུར་གཡོན་པའི་ༀ་སྒྲེང་བའི་སྟེང་གཡས་པའི་ཐལ་མོ་སྦུབ་སྟེ་བསྐོར་བས། ཙྪཱ་ཏྲཾ་ཀ། མི་མཐུན་བདུད་ལས་རྒྱལ་བའི་རྒྱལ་མཚན་མཆོག །ཁུ་ཚུར་གཡས་ཕྲག་གཡོན་དུ་འཕྱར། དྷྭ་ཛ། སྙན་པ་ཕྱོགས་བཅུར་འཕྲོ་བའི་བ་དན་འཕན། །ཐལ་མོ་གཉིས་གཤིབས་ཏེ་ཟུར་བསླང་བ་བསྐྱོད་པ་བ་དན་རླུང་གིས་བསྐྱོད་ཚུལ། པཱ་ཏ་ཀ། ཕྱོགས་ཀུན་ཡིད་འཕྲོག་དར་གྱི་ལྡ་ལྡིས་སྤྲས། །གཡོན་སྙིང་ཁ་གཡས་ཧཱུཾ་ཏྲཱཾ་བརྐྱང་བས་ལྡ་ལྡི་འགེལ་ཚུལ། པ་ཊ་དཱ་མ། གདུང་སེལ་རྔ་ཡབ་ནོར་བུའི་ཡུ་བ་ཅན། །ཁུ་ཚུར་གཉིས་གཡོབ་པ་རྔ་ཡབ་གཡོབ་ཚུལ་གྱིས། ཙཱ་མ་ར། རིན་ཆེན་རྒྱན་

p. 479

འོད་ལྡན་པའི་བླ་བྲེ་བྲེས། །ཐལ་མོ་གཡོན་བཀན་པའི་སྟེང་དུ་གཡས་མ་རེག་ཙམ་དུ་སྦུབ་ལ། བི་ཏཱ་ན། མི་འཇིགས་བཞི་དང་ལྡན་པ་སེང་གེའི་ཁྲི། །ཁུ་ཚུར་གཡོན་གྱི་སྟེང་དུ་གཡས་ཐལ་མོ་བཀན་པ་ཁྲིའི་ཚུལ་གྱིས། སིངྷ་ཨཱ་ས་ན། ལྷ་རྫས་ཡིད་འོང་མཛེས་པ་གཟིམས་ཆའི་མཆོག །ཕྲེང་བ་མའི་ལས་རྒྱས། ཤ་ཡྻ་ཨཱ་ས་ན། ཉོན་མོངས་གྲྭ་ཟུར་སྤངས་པའི་ཕོ་བྲང་ཟླུམ། །གཡོན་ཁུ་ཚུར་སྙིང་ཁར་བཞག་གཡས་པའི་ཧཱུཾ་ཏྲཱཾ་གཉིས་ཀྱིས་ཟླུམ་པོར་བསྐོར་བ་ཁང་ཟླུམ་གྱི་ཚུལ། པ་རི་མཎྜ་ལ་དྷྱཱ་ན། ཡོན་ཏན་རྒྱས་པའི་གྲུ་བཞི་གཞལ་ཡས་ཁང་། །ཐལ་མོ་གཉིས་ཀྱིས་གྲུ་བཞིར་བྱས། ཨ་མེ་ཡ་ཙ་ཏུརྠ། འཇིག་རྟེན་ལས་འདས་གྲུ་བཞི་ཉིས་བརྩེགས་ཁང་། །ཐལ་མོས་གྲུ་བཞི་ཉིས་རིམ་བྱས་ལ། དྭི་ཀཱུ་ཊ་གཱ་རཾ། རང་བཞིན་འོད་གསལ་བྱང་སེམས་ཟླ་བའི་གདན། །སོ ར་མོ་རྣམས་བསྐུམ་པའི་ལག་གཉིས་གཤིབས་ཏེ་བཀན། ཙནྡྲ་ཨཱ་ས་ན། འདོད་པའི་འདམ་གྱིས་མ་གོས་མེ་ཏོག་མཆོག །མེ་ཏོག་འཐོར་ཚུལ། པུཥྤེ། སྟོང་ཉིད་སྒྲ་སྒྲོག་པི་ཝཾ་ཏིང་ཏིང་ཤག །པི་ཝཾ་སྒྲེང་ཚུལ། ཝཱི་ཎ།

p. 480

ཐབས་ལ་མཁས་པས་ཟག་མེད་ཕུང་པོའ་དྲི། །ཐལ་མོས་དྲི་བྱུག་ཚུལ། གནྡྷེ། ཉོན་མོངས་བཀྲེས་སེལ་ཆོས་ཀྱི་ཞལ་ཟས་མཆོག །ཐལ་མོ་བཀན་པས་ཞལ་ཟས་འབུལ་ཚུལ། ནེ་ཝི་དྱ། ངོ་ཚ་ཁྲེལ་ཡོད་ལྡན་པ་ལྷ་ཡི་གོས། །ཐལ་མོ་གཉིས་ༀ་ཧཱུཾ་སྦྱར་བས་ན་བཟའ་འབུལ་ཚུལ། ཝསྟྲ། འདི་ནི་གཞུང་ཇི་ལྟ་བ་སྟེ་འདི་ཙམ་མི་ནུས་ཤིང་བསྡུ་བའི་ཚེ་ན་སྔར་གྱི་ཚིག་རྐང་གཉིས་པའི་གནས་སུ། ཅོད་པན་སྙན་མགུལ་ཐུགས་དཔུང་མཛེས་བྱེད་རྒྱན། ༀ་བཛྲ་མུ་ཀུ་ཊཾ། ཀུཎྜ་ལི། ཧཱ་ར་ཥ། ཨ་ཝ་ཧཱ་ར། ཀེ་ཡཱུ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སྔགས་ཚིག་གཉིས་ཀ་ལྔ་ཚན་རེ་ལྷན་ཅིག་སྨོས་ཤིང་ཕྱག་རྒྱ་བྱ། དེ་བཞིན་དུ། ཕྱག་སོར་ཞབས་ཀྱི་གདུ་བུ་གདུགས་རྒྱལ་མཚན། །པ་རི་ཀ་ཊཾ་ཀ། སོགས་ལྔ། བ་དན་ལྡ་ལྡི་རྔ་ཡབ་བླ་བྲེ་ཁྲི། །པཱ་ཏ་ཀ། སོགས་ལྔ། གཟིམས་ཆ་ཕོ་བྲང་གསུམ་དང་ཟླ་བའི་གདན། །ཤ་ཡྻ། སོགས་ལྔ། མེ་ཏོག་པི་ཝཾ་དྲི་མཆོག་ཞལ་ཟས་གོས། །པུཥྤེ། སོགས་ལྔ་སྟེ་ཧ་ཅང་རིང་བར་སྐྱོ་བའི་ཚེ་འདི་བདེ་བར་སྣང་ལ། ཉེར་སྤྱོད་ལྔ་ལྷན་ཅིག་ཏུ་འབུལ་བ་སོགས་རྒྱུད་རྒྱ་གཞུང་ལས་མང་དུ་

p. 481

འབྱུང་བས་རྒྱས་བསྡུས་ཙམ་ཁོ་ནར་ཟད་པས་རང་བཟོའ་སྐྱོན་དུ་མི་འགྱུར་རོ། །བཞི་པ་ནི། ༀ་སརྦ་བིད་པཱུ་ར་པཱུ་ར་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བྱས་ལ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །སྲིད་པའི་འཁོར་ལོ་རྒྱུན་ཆད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུཾ། ལག་པ་གཉིས་གཡས་སྟེང་དུ་བྱས་པ་རྒྱབ་སྤྲད་དེ་སོར་མོ་རྣམས་གཅིག་ལ་གཅིག་འཁྱུད་པ་རྩིབས་ཀྱི་ཚུལ་དང་ༀ་ལག་མཐིལ་དུ་བཀུག་པ་འཁོར་ལོའ་རྒྱ། རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི༴ །བཀྲེས་ཤིང་འཕོངས་པ་རྒྱུན་ཆད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཙཀྲའི་གནས་སུ། མ་ཎི། ཁུ་ཚུར་ལས་ༀ་ཧཱུཾ་སོ་སོར་རྩེ་སྤྲད་པ་ནོར་བུའི་རྒྱ། བཙུན་མོ་རིན་ཆེན༴ །མ་རིག་མུན་པ་རྒྱུན་ཆད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །སྟྲཱི། སྒྲོལ་མའི་དམ་རྒྱ། བློན་པོ་རིན་ཆེན༴ །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་

p. 482

བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །པུ་རུ་ཥ། རྡོ་རྗེ་འཛིན་མའི་རྒྱ། གླང་པོ་རིན་ཆེན༴ །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི། ཁུ་ཚུར་གཡོན་གྱི་སྟེང་དུ་གཡས་པའི་གྲུ་མོ་སྒྲེང་སྟེ་ཏྲཱཾ་ཐུར་དུ་བཀུག་པ་གླང་པོའ་རྒྱ། རྟ་མཆོག་རིན་ཆེན༴ །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །ཏུ་རཾ་ག་ཨ་ཤྭ། ཁུ་ཚུར་གཉིས་སྤྲད་ལ་ཏྲཱཾ་ཧྲཱིཿགཉིས་བརྐྱང་སྟེ་རྩེ་སྤྲད་ༀ་གཉིས་རྣ་བ་ལྟར་སྒྲེང་བ་རྟ་མཆོག་གི་རྒྱ། དམག་དཔོན་རིན་ཆེན༴ །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁངྒ། གཡོན་ཁུ་ཚུར་མདུན་དུ་བཞག་པ་ཤུབས་འཛིན་ཚུལ་དང་གཡས་ཁུ་ཚུར་ཧཱུཾ་ཏྲཱཾ་སྒྲེང་བ་རལ་གྲིའི་རྒྱ་བྱའོ། །ལྔ་པ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་

p. 483

ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། ནམ་མཁའ་མཛོད་ཀྱི་རྒྱ་འམ། ཁུ་ཚུར་གཡོན་གྱི་སྟེང་དུ་གཡས་པའི་ཐལ་མོ་བསླང་བ་མེ་ལོང་གི་རྒྱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །རྐང་པ་ཕྱི་མ་གཉིས་ཀུན་ལ་འགྲེ་ཞིང་། རཱུ་པའི་མལ་དུ། ཤབྡ། རོལ་ཆེན་དབུལ། ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དྲི་མཆོག་ཅི་མཆིས་པ། །གནྡྷེ། ཐལ་མོས་དྲི་བྱུག་ཚུལ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །ར་ས། ཐལ་མོ་ཁ་ཕྱེ་བས་ཞལ་ཟས་བསྟབ ་ཚུལ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། །སྤེ། ཐལ་མོ་གཉིས་ༀ་ཧཱུཾ་སྦྱར་བས་ན་བཟའ་འཛིན་ཚུལ། དྲུག་པ་ངོ་མཚར་བའི་མཆོད་པ་བཅོ་བརྒྱད་ནི། རྡོ་རྗེ་རྩེ་མོ་ལས། གནས་འདི་འམ་ནི་གཞན་དག་ན། །ལྷ་སོགས་

p. 484

བདག་གིར་མ་བྱས་པའི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམས། །ཐུབ་པའི་སྐྱེས་མཆོག་རྣམས་ལ་འབུལ། །མེ་ཏོག་མའི་ལས་རྒྱས། ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གར་དཀུ་གཡོན་དུ་བསྡུ་ཞིང་སེ་གོལ་བྱ། གནས་འདི་འམ་ནི་གཞན་དག་ན། །གང་དག་སྤོས་ཀྱི་ཤིང་བཟང་པོ། །ལྷ་ཡི་སྤོས་སོགས་རྨད་བྱུང་བ། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །སྤོས་མའི་ལས་རྒྱ་དང་། པུཥྤེའི་གནས་སུ། དྷཱུ་པེ། རིན་ཆེན་བཟང་པོ་ཆེར་འབར་དང་། །སྣང་བའི་ཤིང་ལས་བྱུང་བ་དང་། །ཉི་མ་ཟླ་བ་ལ་སོགས་འོད། །ཕྱོགས་རྣམས་ཀུན་ཏུ་སྤྲོས་ཏེ་འབུལ། །མར་མེ་མའི་ལས་རྒྱས། ཨཱ་ལོ་ཀེ། གནས་འདི་འམ་ནི་གཞན་དག་ན། །དྲི་ཡི་ཤིང་རྣམས་བཟང་པོའ་ཆབ། །ཕྱོགས་རྣམས་ཀུན་ཏུ་སྤྲོས་བྱས་ནས། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །དྲི་མའི་ལས་རྒྱས། གནྡྷེ། རིན་ཆེན་རང་བཞིན་རྒྱ་མཚོ་དང་། །རིན་ཆེན་རི་བོ་ལ་སོགས་མཆོག །མཆོད་པའི་སྤྲིན་ནི་སྤྲོས་པ་ཡིས། །ཕྱོགས་རྣམས་ཀུན་ཏུ་འབུལ་བར་བྱ། །

p. 485

སྙིང་ཁར་ཐལ་མོ་ཁོང་སྟོང་སྦྱར་བས། བེ་དྷྱངྒ་རཏྣ་ཨ་ལངྐ་ར། རྩེད་འཇོའ་བདེ་བ་དགའ་ཆེན་པོ། །དགོད་དང་སྒེག་ལ་སོགས་པའི་ཚོགས། །ཕྱོགས་རྣམས་ཀུན་ཏུ་ཐམས་ཅད་ནས། །དགའ་བའི་མཆོག་ནི་སྤྲོ་བར་བྱ། །རྡོ་རྗེ་ཁུ་ཚུར་ཁ་འགྲམ་གཉིས་ཕྱིར་བསྟན་ལ། ཧཱ་སྱ་ལཱ་སྱ་ར་ཏི་ཀྲཱྀ་ཌི་སཽ་ཁྱ་ཨ་ནུཏྟ་ར། གོས་དང་རྒྱན་སོགས་འབྱུང་བ་ཡི། །དེ་བཞིན་དཔག་བསམ་ཤིང་བཟང་པོ། །རྡོ་རྗེའི་སྔགས་ནི་བརྗོད་བྱ་ཞིང་། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །རྡོར་ཐལ་སྤྱི་བོར་བསྐོར་ཞིང་སྙིང་ཁར་སྦྱར་ལ། ཨ་ནུཏྟ་ར་བོ་དྷི་ཨ་ལངྐཱ་ར་ཝསྟྲཱ། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕྱོགས་རྣམས་ཀུན་ཏུ་སྤྲོས་བྱས་ཏེ། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །རྡོར་སེམས་ཀྱི་ལས་རྒྱས། བཛྲ་བོ་དྷི་ཙིཏྟ། སྦྱིན་པའི་ཕ་རོལ་ཕྱིན་མཆོད་པས། །སེམས་ཅན་ཐམས་ཅད་དཔལ་དང་ནི། །ནོར་དང་ལྡན་པ་འགྲུབ་པར་ཤོག །བདེ་བའང་མ་ཚང་མེད་པར་ཤོག །སྒེག་མོའ་ལས་རྒྱས། མ་ཧཱ་བཛྲོདྦྷ་ཝ་དཱ་ན་པཱ་ར་

p. 486

མི་ཏཱ། སེམས་ཅན་ཐམས་ཅད་བྱང་ཆུབ་དང་། །སྡོམ་ལ་རབ་ཏུ་གནས་པར་ཤོག །རྒྱགས་སོགས་ཉེས་པ་ཆེན་པོ་རྣམས། །ཞི་གྱུར་ཀུན་ཏུ་སྤྲོ་བར་བྱ། །ཕྲེང་བ་མའི་ལས་རྒྱས། ཨ་ནུཏྟ་ར་མ་ཧཱ་བོ་དྷི་ཧཱ་ར་ཤཱི་ལ་པཱ་ར་མི་ཏཱ། འཇིགས་དང་ཁོན་སོགས་སྡུག་བསྔལ་ལ། །སོགས་པའི་སྡུག་བསྔལ་ཞི་གྱུར་ཅིག །བྱམས་དང་ལྡན་པའི་རྣལ་འབྱོར་གྱིས། །ཆོས་ལ་བདག་མེད་བསྒྲུབ་པར་བྱ། །གླུ་མའི་རྒྱས། ཨ་ནུཏྟ་ར་མ་ཧཱ་དྷརྨ་ཨ་བ་བོ་དྷི་ཀྵཱནྟི་པཱ་ར་མི་ཏཱ། འཁོར་བ་མཐར་ཐུག་བར་དུ་ནི། །བདག་འཚང་རྒྱ་བར་མ་གྱུར་ཅིག །དེ་བཞིན་སེམས་ཅན་ཐམས་ཅད་ནི། །དེ་ཉིད་སྒྲུབ་པར་བྱེད་པར་ཤོག །གར་མའི་ལས་རྒྱས། སཾ་སཱ་ར་ཨ་པ་རི་ཏྱཱ་ག་ཨ་ནུཏྟ་ར་མ་ཧཱ་པཱི་པཱ་ར་མི་ཏཱ། སྲོག་ཆགས་ཀུན་གྱི་འདོད་ཆགས་སོགས། །ཉོན་མོངས་ཆེན་པོ་ཞི་བར་ཤོག ་།སེམས་ཅན་ཐམས་ཅད་གཡེང་མེད་ཅིང་། །བསམ་གཏན་བཞི་དང་ལྡན་པར་ཤོག །མེ་ཏོག་མའི་ལས་རྒྱས། ཨ་ནུཏྟ་ར་སཽ་ཁྱ་བི་ཧཱ་ར་དྷྱ་ན་པཱ་ར་མི་ཏཱ། སངས་རྒྱས་ཡེ་ཤེས་ཤེས་

p. 487

རབ་ཆེ། །སྡུག་བསྔལ་གཅོད་བྱེད་བླ་ན་མེད། །ཤེས་རབ་སྦྱོར་བས་དག་བྱེད་པའི། །སངས་རྒྱས་སེམས་ཅན་དག་གྱུར་ཅིག །སྤོས་མའི་ལས་རྒྱས། ཨ་ནུཏྟ་ར་ཀླེ་ཤ་ཙྪེ་ད་སརྦ་དྷརྨཱཿ ས་མ་ཏཱ་ཛྙཱ་ན་མ་ཧཱ་པྲཛྙཱ་པཱ་ར་མི་ཏཱ། སྟོང་གསུམ་གྱི་ནི་རྡུལ་སྙེད་དུ། །བདག་ཉིད་ཀྱང་ནི་རྣམ་བསམ་ཞིང་། །མཆོད་པའི་ཕྱིར་ནི་རྣམ་བསམས་ནས། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཐལ་མོ་དཔྲལ་བར་སྦྱར་ལ་ཕྱག་འཚལ་ཚུལ་གྱིས། ཀཱ་ཡ་ནི་ཏ་ན། སྟོང་གསུམ་གྱི་ནི་རྡུལ་སྙེད་དུ། །བདག་ཉིད་ཀྱང་ནི་རྣམ་བསམ་ཞིང་། །ལྕེ་ནི་དེ་སྙེད་ལྡན་དང་བཅས། །སངས་རྒྱས་བསྔགས་པ་བརྗོད་པར་བྱ། །རྡོར་ཐལ་མགྲིན་པ་ནས་འདེག་པས། ཝཱགྣི་ཏ་ན། དེ་ནས་རྣལ་འབྱོར་དེ་ཉིད་ཀྱིས། །ལུས་དང་ངག་སེམས་བྱུང་བ་ཡི། །མཆོད་པ་དག་ནི་བསྡུས་ནས་སུ། །སངས་རྒྱས་རྣམས་ལ་དབུལ་བར་བྱ། །སྙིང་ཁར་ཐལ་མོ་སྦྱར་བས། ཙིཏྟ་ནི་ཏ་ན། ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །སྟོང་ཉིད་མཚན་མ་ཀུན་དང་བྲལ། །སྨོན་པ་མེད་པའི་ཏིང་

p. 488

འཛིན་མཆོག །སངས་རྒྱས་ཀུན་ལ་དབུལ་བར་བྱ། །མཉམ་གཞག་བྱས་ལ། གུ་ཧྱ་པཱུ་ཛ། རྩ་རྒྱུད་དེ་ཉིད་འདུས་པའི་ལུགས་ཀྱིས་འདིའི་སྟེང་དུ་ཐལ་མོ་སྦྱར་ལ་ཕྱག་ལྔ་དང་རྒྱུན་བཤགས་གཉིས་མནན་པས་མཆོད་པ་ཉི་ཤུའོ། །གཉིས་པ་བསྟོད་པ་ནི། དྲིལ་སྟབས་དང་བཅས་པས། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨ་ཁ་འབྱེད་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་ཕྲིན་ལས་བདག །སྣ་ཚོགས་སེམས་ཅན་

p. 489

སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་བཞིའི་སྐུར་སྟོན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོམ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་བགྱི། །སྒེག་མོ་ཕྲེང་བ་གླུ་དང་གར། །སྤོས་དང་མེ་ཏོག་མར་མེ་དང་། །དྲི་མཆོག་ལ་སོགས་ལྷ་མོ་བརྒྱད། །ཕྱི་ནང་ལྷ་མོ་ཕྱག་འཚལ་ལོ། །སྒོ་ཡི་དབུས་ན་བཞུགས་པ་གང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དད་སོགས་ངོ་བོ་ལས་བྱུང་བའི། །སྒོ་སྲུང་རྣམས་ལ་ཕྱག་འཚལ་ལོ། །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །ཏེ་ར་ཎ་ཡི་ཁྱམས་བར་ན། །དཔེ་བྲལ་སེམས་དཔའ་བཅུ་དྲུག་ནི། །ས་དང་ཕ་

p. 490

རོལ་ཕྱིན་གྲུབ་པ། །རིགས་ཀྱི་དབང་གིས་བཞུགས་ཕྱག་འཚལ། །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་འཁར་གསིལ་པོ་ཏི་འཛིན། །བསླབ་སྦྱངས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་ཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་སྲིན་པོའ་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་། །སྟག་ལྤགས་ཀྱིས་ནི་རྣམ་དཀྲིས་པའི། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་འཁོར་ཡུག་ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང་། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང་། །འཇིག་རྟེན་པ་ཀུན་བསྟོད་པར་བགྱི། །ཞེས་པ་ཙམ་མམ། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་

p. 491

གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའ་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའ་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་

p. 492

མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་བའི་བསམ་པས་བསྟོད་པར་བྱ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྫེ་མདའ་སྟེ་རབ་འབིགས་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་

p. 493

རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་བྱེད་སྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་ཆེ། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག །འཇིགས་བྱེད་དགྲ་སྟེ་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །སྒྲུབ་དཀའ་བསྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགྱེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །འབར་འོད་གཤིན་རྗེ་མཐར་བྱེད་པ། །རྡོ་རྗེ་དྲག་པོ་དྲག་པོ་ཆེ། །འོད་སྡུག་པས་ནི་སྡུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པ་པོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་པ་བྱེ་བའི་ཚོགས་ཀྱིས་མཆོད། །ཧ་ལ་ཧ་ལ་ནག་པོ་ཆེ། །སྒྲ་ཆེན་ཞིང་ནི་འཇོམས་པ་ཅན། །

p. 494

རྡོ་རྗེ་འདོད་པ་འདོད་པ་ཆེ། །སྙིགས་མའི་དུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་གདུངས་པའི་ཞལ། །སྤྱན་དམར་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མའི་འོད་བཞིན་འཕྲོས། །ཕྱག་རྣམས་དུ་མའི་མཚོན་ཆ་བརྒྱ། །དུ་མའི་ཞལ་ཏེ་སྐུ་ཡང་སྟོང་། །འཁྱིལ་ཞིང་རྒྱན་ཡང་འཁྱིལ་བ་སྟེ། །སེམས་ཀྱི་ཆོས་ལ་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་སྤངས། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་ཆེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་བཟང་པོ། །མཚན་རྣམས་དུ་

p. 495

མས་རབ་བརྒྱན་པ། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེའི་བདག་ཉིད་གཙང་། །གང་གིས་འདི་བྲིས་བཀླགས་གྱུར་ཏེ། །རྟག་ཏུ་འདི་འདོན་འཆང་བྱེད་དམ། །དྲན་ནམ་ཉན་པར་བྱེད་ཀྱང་རུང་། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །ཞེས་སོགས་ཀྱིས་བསྟོད། མཆོད་བསྟོད་ཤིན་ཏུ་བསྡུས་པའི་ཚེ་མཆོད་པ་རྣམས་ཀྱི་ཚིགས་བཅད་དོར་ཏེ་སྔགས་ཙམ་གྱིས་དབུལ། ཆོས་དབྱིངས་ཡེ་ཤེས་སམ། རྣམ་པར་སྣང་མཛད་གང་རུང་གཅིག་གིས་བསྟོད་དོ། །བདུན་པ་བདག་འཇུག་པ་ལ་གསུམ། ཕྱི་གཏོར་གཏོང་བ། ཉེ་རེག་བྱ་བ། དངོས་སོ། །དང་པོ་ནི། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་སོང་སྟེ། ཕྱོགས་སྐྱོང་གི་གཙང་གཏོར་དང་འབྱུང་པོ་དང་བགེགས་ཀྱི་གཏོར་མ་བཟའ་བཅའ་སྣ་ཚོགས་པ་ཁྱད་པར་བགེགས་ལ་མཐེབ་ཀྱུ་དང་ཟན་གྱི་ཆང་བུ་དང་ཏིང་ལོས་བརྒྱན་པ་ཉེར་སྤྱོད་དང་བཅས་པ་བཤམས་ལ། སྔོན་འགྲོ་ལྟར་བྱིན་གྱིས་བརླབས་ནས། ཆ་གསུམ་གྱི་དང་པོ་ཕྱོགས་སྐྱོང་ལ་འབུལ་བ་ནི། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་རྗེ་དཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་

p. 496

དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་པོའ་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་ད་ཤ་དི ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ། གྱིས་གདན་འབུལ། ༀ་ཨིནྡྲ་ཡ། ཨགྣ་ཡེ། ཡ་མ་ཡེ། ནཻ་རྀ་ཏྱཱ་ཡ། ཝ་རུ་ཎཱ་ཡ། ཝཱ་ཡ་ཝེ། ཀུ་བེ་རཱ་ཡ། ཨཱི་ཤ་ནཱ་ཡ། ཨཱུརྡྷཾ་བྲཧྨཱ་ཡ། སཱུ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ། ཨ་དྷི་པ་ཏ་ཡེ། ཨ་དྷོ་པྲྀ་ཐི་ཝཱི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷཱཿ ས་པ་རི་ཝཱ་ར། ཨརྒྷཾ། སོགས་སོ་སོའ་ཕྱག་རྒྱས་དབུལ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ༴ །ཤར་ལྷོ༴ །མཆོད་ཅིང་༴ །གཤིན་རྗེ་བེ་ཅོ ན་འཆང་བའི་ལྷ། །མ་མོའི༴ །ལྷོ་

p. 497

ཕྱོགས༴ །མཆོད༴ །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའ༴ །ལྷོ་ནུབ༴ །མཆོད༴ །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི༴ ནུབ་ཕྱོགས༴ །མཆོད༴ །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན༴ །ནུབ་བྱང་༴ །མཆོད་ཅིང་༴ །གནོད་སྦྱིན་ལག་ན་དབྱུག་ཏོ་འཛིན། །ནོར་སྐྱོང་༴ །བྱང་ཕྱོགས༴ །མཆོད༴ ་།དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའ༴ །བྱང་ཤར༴ །མཆོད༴ །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་༴ །འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། རྡོར་ཐལ་ཁ་ཕྱེ་བས། ཨིནྡྲ། སོགས་ཀྱི་མཐར། ན་མཿསརྦ་སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའ་བདག །ཆུ་

p. 498

བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའ་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་སུ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་བཅས། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་གཏོར་མ་དོར། ཨིནྡྲ། སོགས་ཀྱི་མཐར། གཙྪ། བཏགས་ལ་སེ་གོལ་གྱིས་གཤེགས། གཉིས་པ་འབྱུང་གཏོར་སྔོན་འགྲོ་ལྟར་ལ། མཐར། དེ་ཝ། སོགས་ལ། གཙྪ། བཏགས་པས་སེ་གོལ་གྱི་སྒྲས་གཤེགས་སུ་གསོལ། གསུམ་པ་བགེགས་གཏོར་ནི། བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་

p. 499

རྒྱལ་སོགས་སྲུང་འཁོར་ལྟར་བསྐྱེད། ཧཱུཾ་མཛད་ཀྱི་ཕྱག་རྒྱས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའ་མཐུས། བགེགས་ཀྱི་རིགས་གང་ཡིན་པ་ཐམས་ཅད་འདིར་མཆིས་པར་གྱུར་ཅིག ཊཀྐི་ཧཱུཾ་ཛཿ ༀ་གུངྐ་རི་གུངྐ་རི་སྭཱ་ཧཱ། ༀ་པི་ཙི་པི་ཙི་སྭཱ་ཧཱ། ༀ་གུང་གུང་སྭཱ་ཧཱ། སརྦ་བིཾ། གྲྀཧྞེ་དཾ་ཨརྒྷཾ་སོགས་ཕྱག་རྒྱ་དང་བཅས་པས་མཆོད། རྡོར་ཐལ་ཁ་ཕྱེ་བས། ༀ་གུང་ཀ་རི་སོགས་སྔགས་གསུམ་པོའི་རྗེས་སུ། ༀ་སརྦ་བིན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གསུམ་གྱིས་གཏོར་མ་བྱིན་ལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །

p. 500

སེམས་ཅན་རྣམ་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམས་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ༀ་ཆེན་པོ་འམ་ཆུང་ངུ་གང་དག་གི། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་མྱུར་དུ་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱི། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་

p. 501

བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཞེས་དང་། ༀ་སརྦ་བིན་གཙྪ། ཞེས་གཤེགས། རོལ་ཆེན་དང་བཅས་གཏོར་མ་དོར། སྟ་གོན་དང་ཞག་གིས་མ་ཆོད་ན་ཕྱི་གཏོར་སྐབས་འདིར་ཁོ་ན་བཏང་བས་ཆོག་ཅིང་གོང་དུ་བྱ་མི་དགོས་སོ། །གཉིས་པ་ཉེ་རེ ག་བྱ་བ་ནི། རྐང་ལག་བཀྲུས། ཁ་ཕྱིར་ཕྱོགས། ཙོག་པུར་འདུག ། གཡོན་པར་ཆུ་གཙང་སྒྲ་དང་དབུ་བ་མེད་པ་བླུགས་ལ་ལག་གཉིས་སྟེང་དུ་བཞག །གཡས་གན་རྐྱལ་གྱི་ཏྲཱཾ་ཧྲཱིཿཅུང་ཟད་བཀུག་པས་ཆུ་བླངས་ཏེ་ཁ་ལ་བྱབ་ཅིང་རྣ་བ་མིག་སྣ་བུག་རྣམས་དང་། པུས་མོ་མགོ་བོ་ལྟེ་བའི་ཕྱོགས་རྣམས་ལ་ལན་གཉིས་གསུམ་དུ་རེག་ལ་ལྷག་མས་ཁ་བཤལ་ལོ། །དེ་ནས་སློབ་དཔོན་གྱིས་རྗེས་མནན་ཏེ། ༀ་བཛྲ་སཏྭ་ཀྲོ་དྷ་སོགས་འཇིག་རྟེན་གསུམ་རྒྱལ་གྱི་སྔགས་བཟླ་བཞིན་ནང་དུ་ལོག་སྟེ། རྡོ་རྗེ་འཛིན་པའི་སྔགས་རྒྱས་མེ་ཏོག་གི་ཕྲེང་བ་བཟུང་ལ། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་དུ་ཞུགས། ཡིག་བརྒྱ་བཟླ་ཞིང་དྲིལ་བུ་གསིལ་

p. 502

བས་དངོས་སུ་དཀྱིལ་འཁོར་གྱི་ཕྱི་དང་ཡིད་ཀྱིས་རྩིག་མཚམས་ཀྱི་ལྷ་སྣམ་སྟེང་ནས་ལན་གསུམ་བསྐོར་ཏེ་ལྷག་ཆད་བསྐང་། ཤར་དུ་འཁོད་ནས་དཔལ་མཆོག་ལས་བྱུང་བའི། ༀ། མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་ཧཱིཿ མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །ༀ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སྟྭཾ། ཞེས་ཕྲེང་བ་དཀྱིལ་འཁོར་ལ་འབུལ། རང་ཉིད་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས། ༀ་བཛྲོདྒྷ ་ཊ་ས་མ་ཡ་པྲཱ་བེ་ཤཱ་ཡ་ཧཱུཾ། ཞེས་ཁུ་ཚུར་གཉིས་བཀན་ཨཱཿགཉིས་མདུད་ཧཱུཾ་གཉིས་སྒྲེང་བའི་ལོགས་ཀྱི་རྩེ་སོ་སོར་དྲག་ཏུ་དྲལ་བས་ཐོག་མར་ནུབ་ནས་ཤར་སྒོ་དབྱེ། དེ་བཞིན་དུ་སྔགས་རེ་དང་བཅས་བྱང་ནས་ལྷོ། ཤར་ནས་ནུབ། ལྷོ་ནས་བྱང་སྒོ་དབྱེ། སྔར་གྱི་མེ་ཏོག་གི་ཕྲེང་བ་དེ། ༀ་པྲ་ཏི་གྲྀཧྞ་ཧཱུཾ། ཞེས་པས་སླར་བླངས་ཏེ་གར་བྱས་ནས་མགོ་ལ་བཅིང་། ༀ་སརྦ་སོགས་ཀྱིས་སྤྱིའི་ཕྱག་དང་། སྒོ་སོ་སོའ་ཕྱག་ནི་ཤར་སྒོ་ནས་རྡོ་རྗེ་ཐལ་མོ་བརྐྱང་སྟེ་ལུས་ཐམས་ཅད་ས་ལ་ཕབ་པས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པ་སྠཱ་ནཱ་ཡ་ཨཏྨ་ནཾ་ནི་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་

p. 503

སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ལྷོ་སྒོ་ནས་རྡོར་ཐལ་སྙིང་ཀར་སྦྱར་ཏེ་དཔྲལ་བ་ས་ལ་རེག་པས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཏ་ཨཏྨ་ནཱཾ་ནི་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ནུབ་སྒོ་ནས་རྡོར་ཐལ་ས་ལ་སྦྱར་མཆུ་ས་ལ་རེག་པས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝ རྟ་ནཱ་ཡ་ཨཏྨ་ནཱཾ་ནི་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་ཝརྟ་ཡཱ་མཱཾ། བྱང་སྒོ་ནས་རྡོར་ཐལ་སྤྱི་བོ་ནས་ཕབ་སྟེ་སྙིང་ཁར་བཞག་སྤྱི་བོ་ས་ལ་རེ ག་པས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཏྨ་ནཾ་ནི་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་ཏ་མཱཾ། ཞེས་ཕྱག་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་དངོས་གྲུབ་ཀྱི་མཆོག་མ་ལུས་པ་འགྲུབ་པའི་བཀའ་དྲིན་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །གསུམ་པ་བདག་ཉིད་འཇུག་པ་ནི། ཁྲུས་མཎྜལ་ནས་བཟུང་། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །གྱི་བར་འོག་གཞན་ལ་བསྐུར་བ་ལྟར་རང་ཉིད་ཀྱིས་བླངས་ནས། རྡོ་རྗེ་འཛིན་མའི་ཕྱག་རྒྱ་སྤྱི་བོར་བཅིངས་ཏེ། ༀ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ་མཱ་ཏི་ཀྲ་

p. 504

མ་ཏི་ཏ་ཐཱ་ག་ཏ་དྷ་ར་ས་མ་ཡོ྅་ཧཾ། ཞེས་ང་རྒྱལ་བཟུང་། དྲུང་མཛད་དང་འདི་ཉིད་ཀྱི་རྩ་བའི་དངོས་བསྟན་སོགས་ཕལ་ཆེར་དུ་ཕྱི་གཏོར་གྱི་གོང་དུ་བདག་འཇུག་བྱེད་པ་འདུག་ཀྱང་། ཀར་ཊཱི ཀ་ཆེན་པོར་རྒྱུད་སྡེ་སྤྱི་དང་མཐུན་པར་ཆ་གསུམ་གྱི་འོག་ཏུ་བྱས་ཀྱང་མི་འགལ་ཚུལ་བཀའ་རྩལ་བ་བཞིན་འདིར་ཡང་དེ་ལྟར་བྱས་ཡོད་པས་ནོངས་པར་མི་བཟུང་ངོ་། །རྩ་བའི་ས་བཅད་གསུམ་པ་གཞན་དོན་ལས་ལ་སྦྱར་བ་ལ་གསུམ། གསོན་པོ་ལ་དབང་བསྐུར་ཚུལ། གཤིན་དོན་ཇི་ལྟར་བྱ་བ། ཐུན་མོང་རྗེས་ཀྱི་ཆོ་གའོ། །དང་པོ་ནི། འོག་ཏུ་སྡིག་སྦྱོང་གི་སྒོ་གསུམ་པར་བཤད་པ་ལྟར་གྱི་ཆོ་གས་སློབ་མ་ལ་བསྐུར་རོ། །གཉིས་པ་གཤིན་དོན་ལ་སྡིག་སྦྱོངས་སྒོ་དྲུག་སྟེ། བཟླས་པ། ཕྱིར་བཟློག །དབང་། སྦྱིན་སྲེག ། ཕུང་པོ་བསྲེགས་པ། སཱཙྪ་འདེ བས་པ་རྣམས་ལས། དང་པོ་ནི། བདག་མདུན་བུམ་པ་ཕྱིར་ཟློག་རྣམས་ཀྱི་སྐབས་རྩ་རིག་དང་ལྷ་སོ་སོའ་སྙིང་པོ་བཟླ་བ་རྣམས་ཏེ་སྔགས་བཟླ་བའི་ཚེ་སྔགས་ཀྱི་འོད་ཟེར་གྱིས་ཚེ་འདས་ཀྱི་སྡིག་པ་སྦྱང་བར་བསམ་པའོ། །གཉིས་པ་ཕྱིར་བཟློག་གི་སྡིག་སྦྱོང་ལ། རྟེན་བསྐྱེད་ཅིང་རྣམ་ཤེས་དགུག་པ། བགེགས་སྦྱང་བ། སྡིག་པ་སྦྱང་བ། སྔགས་ཀྱིས་སྡིག་པ་སྦྱང་བ།

p. 505

ཁྲུས་བྱ་བ། སྐྱབས་སུ་འགྲོ་ཞིང་ངན་སོང་ལས་བསྐྱབས་པ། ལམ་སྦྱང་བསྟན་དང་བདུན་ཡོད་པའི་དང་པོ་ནི། ཕྱིར་བཟློག་གི་ཆོ་ག་འདི་ལ་ལྷོ་སྒོའི་ཆོ་ག་ཞེས་གྲགས་ཏེ་གཤིན་པོ་འཆི་བདག་གི་དབང་དུ་སོང་བ་འཆི་བདག་ལྷོ་ཕྱོགས་སུ་ཡོད་པས་དེ་ནས་བཀུག་སྟེ་དཀྱིལ་འཁོར་གྱི་ཕྱོགས་དེར་དགུག་པས་ན་དེ་སྐད་བརྗོད་ལ། དེ་ཡང་རྟེན་ཡོད་མེད་གང་ཡིན་རུ ང་གསོན་པོ་ལ་དབང་སྟེགས་ཀྱི་དོད། གཤིན་པོ་ལ་སྦྱང་སྟེགས་ཁྲུ་གང་གྲུ་བཞི་བ་བྱུང་ལྔས་བྱུགས་པའི་སྟེང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་བྲིས་པའི་སྟེང་དུ་ཕུང་པོ་དངོས་ཡོད་ན་བགེགས་བསྐྲད་ནས་གནས་ཡིག་གདགས་པ་ཡན་འོག་རོ་སྲེག་ཏུ་བཤད་པ་བཞིན་བྱས་ལ་བཞག །མེད་ན་ཤིང་སྟག་པའི་བྱང་བུའམ་ཤོག་བུ་ལ་གུར་གུམ་གྱིས་གཤིན་པོའ་གཟུགས་བརྙན་སྙིང་གར་ནྲྀ་དང་རྩ་རིག་མིང་ཡིག་རྣམས་བྲིས་པའམ། གུར་གུམ་གྱིས་བྲིས་པའི་མིང་ཡིག་ཁོ་ན་བཀོད་ཀྱང་རུང་ལ། དེར་མ་ཟད་ཕུང་པོ་སྔར་མཆོད་རྟེན་དུ་བཅུག་ཟིན་པ་དང་། ཟ་མ་ཏོག་ཏུ་བཅུག་པ་དང་། ཐ་ན་དེའི་ཉེ་འཁོར་རམ། བྲན་ནམ། མིང་གཅིག་པ་ཙམ་ལ་ཡང་ཆོ་ག་རྣམས་བྱར་རུང་སྟེ། སཱ་དྷཱུ་སུ་ཏྲའི་རྒྱ་གཞུང་ལས། རོ་མེད་ན་ཤིང་སྟག་

p. 506

པ་ལ་ཤི་བའི་གཟུགས་བྲིས་ནས་ཡི་གེ་དེ་ལྟར་དགོད་དོ། །ཞེས་དང་། སྦྱོང་རྒྱུད་ལས། དེ་ཡི་གཟུགས་བརྙན་བྲིས་པ་འམ། །གུར་གུམ་གྱིས་ནི་མིང་ཡང་རུང་། །ངན་སོང་གསུམ་གྱི་སྡུག་བསྔལ་ལས། །སེམས་ཅན་རྣམས་ནི་གྲོལ་བའི་ཕྱིར། །སྔགས་མཁན་གཞན་ལ་ཕན་བརྩོན་ཞིང་། །སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །ཞེས་དང་། ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་རྣམས་གང་ཡིན་པ་དག་གི་ལུས་ལ་དབང་བསྐུར་ཞིག །གཟུགས་བརྙན་དང་མཆོད་རྟེན་དང་རང་གི་ལྷའི་སྐུ་དང་། ཆུང་ངུ་ན་དེ་དང་རིགས་མཐུན་པ་དང་། དེའི་མིང་འཛིན་པ་དང་། བྲན་ལ་ཡང་དབང་བསྐུར་ཞིག་དང་། ཞག་བདུན་དུ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་གདོན་མི་ཟ་བར་ཞག་བདུན་གྱིས་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་གསུངས་ཤིང་། དུད་འགྲོ་ལྟ་བུ་འགྲོ་བ་གཞན་གྱི་རོའི་རུས་བུ་སོག ས་ལ་བྱས་ནའང་སེམས་ཅན་དེ་དག་གྲོལ་བར་བྱེད་དོ། །སྦྱོང་རྒྱུད་ལས། སྐྱེས་པའམ་བུད་མེད་དམ་ལྷའམ་ཀླུའམ་གནོད་སྦྱིན་ནམ་སྲིན་པོའམ་བྱོལ་སོང་ངམ་ཡིདྭགས་སམ་སེམས་ཅན་དམྱལ་བ་ལ་སོགས་ཏེ་གང་ཡང་རུང་བ་ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་སེམས་ཅན་དམྱལ་བར་

p. 507

སྐྱེས་ནའང་དེ་མ་ཐག་ཏུ་རྣམ་པར་ཐར་ནས་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །ཞེས་སོགས་དང་། ངན་སོང་གི་རྒྱུད་ཀྱི་དབང་དུ་གྱུར་པ་རྣམས་ཤི་བའི་རོའམ་གཟུགས་བརྙན་ནམ་མིང་སོགས་བྲིས་ནས་བཟླས་བརྗོད་དང་སྦྱིན་སྲེག་དང་དབང་རྣམས་ཀྱིས་་སྔ་མ་བཞིན་དུ་ངན་སོང་ལས་གྲོལ་བར་བྱེད་དོ། །ཞེས་སོ། དེ་ནས་རྟེན་བསྐྱེད་པ་ནི། ལས་བུམ་གྱི་ཆུ་ཀུ་ཤས་འཐོར་ཏེ། ༀ་བཛྲ་ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡི་གེ་ནྲྀ་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའ་རྣམ་པ་ཇི་ལྟ་བར་གྱུར། རྗེ་བཙུན་རྩ་བ་དང་སོགས་ནས། བདེན་པ་ཆེན་པོའི་མཐུས། ཡན་སྔར་ལྟར་བདེན་སྟོབས་བརྗོད་པའི་མཐར། ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་སྐྱེ་གནས་བཞི་གང་དུ་གནས་ཀྱང་སྐད་ཅིག་ཉིད་ལ་འདིར་མཆིས་པར་གྱུར་ཅིག །ༀ་བཛྲ་ཨཾ་ཀུ་ཤ་ཛཿ སོགས་སྒོ་བ་བཞིའི་སྔགས་རྒྱས་དགུག་གཞུག་བཅིང་མཉེས་པར་བྱ། འདིར་འདི་ཡོད་མེད་ཅི་རིགས་འདུག་མོད་ཀྱང་བར་དོའ་ཡིད་ལུས་ནི་རླུང་གཙོ་ཆེ་

p. 508

བས་ཀུན་ཏུ་འཁྱམས་ཤིང་ཉེ་དུའམ་རང་གི་ཡོ་བྱད་སོགས་ལ་བརྟེན་ནས་ཡུད་ཙམ་རེ་ལས་གནས་མི་ནུས་པར་བཤད་པས་སྔགས་ཀྱི་མཐུས་ལུས་རྟེན་ལ་གནས་པར་བྱེད་པ་འདི་གལ་ཆེ་བར་སྣང་ངོ་། །ཞེས་རྗེ་དཔའ་བོའ་རྒྱལ་བ་རྒྱ་མཚོའི་ཆོ་གར་བྱུང་བས་ནན་ཏན་བྱའོ། །དེ་ནས་ལྟུང་བ་སློང་བ། སྐྱབས་འགྲོ། སྡིག་པ་འཇོམས་ཤིང་དྲལ་ཏེ་ངན་སོང་སྦྱོང་བ་རྣམས་དང་སྦྱོར་ལྟར་བྱས་ནས། གནས་གསུམ་དང་ཉེར་གཉིས་བྱིན་རླབས་ཀྱང་སྤྲོ་ན་བྱ། གཉིས་པ་བགེགས་སྦྱང་བ་ལ་གསུམ། ཞི་བ། ཞི་དྲག་ཕྱེད་མ། དྲག་པོའོ། །དང་པོ་ཞི་བས་སྦྱང་བ་ནི། དཀར་གཏོར་ཏིང་ལོ་ཆང་བུ་དང་བཅས་པ་ཞིག་རལ་གྲིའི་རྒྱ་དང་། ཨ་ཀཱ་རོས ་བྱིན་གྱིས་བརླབས། ༀ་སརྦ་བིན་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་གྱིས་བསྔོས་ནས། རྟེན་ལ་གཡས་གཡོན་དུ་ལན་གསུམ་རེ་བསྐོར་ཏེ་བཟེད་སྣོད་གཅིག་ཏུ་དོར། གཉིས་པ་ནི། ཏིང་ལོ་དང་ཆང་བུ་སྦྲགས་ནས་སྔར་ལྟར་བསྐོར་ཞིང་། ༀ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿབྷ་ག་ཝཱན་བི་དྱཱ་རཱ་ཛ་ཧཱུཾ་ཕཊ། བརྗོད་དེ་བཟེད་སྣོད་དུ་བཞག །གསུམ་པ་ནི། སྤྲོ་ན། བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་

p. 509

རྒྱལ་སོགས་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཀྱི་བར་སྲུང་འཁོར་ལྟར་རམ། མི་སྤྲོ་ན་མ་བྱས་ཀྱང་རུང་། དེ་ནས་བདེན་སྟོབས་སྔར་ལྟར་བརྗོད། ཚེ་ལས་འདས་པ་མཐོ་རིས་དང་ཐར་པ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའ་གནས་སུ་སོང་ཞིག །གལ་ཏེ་འགྲོ་བར་མི་བྱེད་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་སྲེག་ཅིང་འཇོམས་པར་གདོན་མི་ཟའོ། །སུམྦྷ་ནི་སོགས་བརྗོད་ཅིང་གཏོར་མ་ཕྱི་རོལ་དུ་དོར། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུགས་ནས། ཧཱུཾ། དཀྱིལ་འཁོར་ཆེན་པོའ་ས་གཞི་ལ་གནས་པའི། །སོགས་ལ། ང་ནི་གནས་འདིར་ངན་སོང་སྦྱོང་བ་སྒྲུབ། །ཅེས་བསྒྱུར་ཏེ་བརྗོད་པས་བསྐྲད་པར་བྱའོ། །གསུམ་པ་ནི། རྟེན་གྱི་མདུན་དུ་ཏིལ་ལ་སྡིག་པ་རྭ་ཅན་གྱི་གཟུགས་བྱས་པ་དང་། གཡས་སུ་མེ། གཡོན་དུ་ཆུ་བཞག་ལ། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའ་རྣམ་པར་སྣ་བུག་ནས་ཐོན། མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ལག་གཡས་གཡོན་གྱི་ༀ་ཧྲཱིཿསྦྱོར་བས་ཏིལ་

p. 510

བླངས། གཡས་པས་གཡས་བསྐོར། གཡོན་པས་གཡོན་བསྐོར་གསུམ་རེ་བྱ་ཞིང་། ༀ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། བརྗོད་དེ་གཡས་ཀྱིས་མེ་དང་གཡོན་གྱིས་ཆུར་དོར། སླར་མེ་དེ་ཡང་ཆུའི་ནང་དུ་བླུག་སྟེ་ཕྱི་རོལ་ཏུ་དོར་རོ། །བཞི་པ་སྔགས་ཀྱིས་སྦྱང་བ་ནི། སྐབས་འདིར་དཀྱིལ་འཁོར་གྱི་ལྷ་གཙོ་འཁོར་རྣམས་དང་འཆད་འགྱུར་གྱི་བྲབ་སྔགས་རྣམས་ཀྱི་ཐལ་བ་བྱེ་མ་ཡུངས་ཀར་དཀྱིལ་འཁོར་རྙིང་པའི་རྡུལ་ཚོན་ལ་བསྔགས་ཏེ་དེས་བྲབ་ཅིང་རྩ་རིག་གི་མཐར། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཙམ་མམ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨཱ་པ་རཾ་པཱ་ར་ཎི་མེ་སྭཱ་ཧཱ། ཞེས་མི་འཁྲུགས་པའི་གཟུངས་དང་། ༀ་བྷྲུཾ་སྭཱ་ཧཱ། གཙུག་ཏོར་རྣམ་རྒྱལ་གྱི་སྙིང་པོ་དང་། ༀ་པདྨོཥྞཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ཅེས་དོན་ཞགས་ཆོ་ག་ཞིབ་མོ་ལས་འབྱུང་བ་དང་། ༀ་སརྦ་པཱ་པཾ་བི་ཤོ་དྷ་ནེ་བཛྲ་ཧཱུཾ་ཕཊ། ༀ་སརྦ་ཀརྨ་ཨཱ་ཝ་ར་ཎ་ནི་བྷསྨིཾ་ཀུ་རུ་ཧཱུཾ། ༀ་བྷྲུཾ་བི་ནཱ་ཤ་ཡ་ཨཱ་ཝ་ར་ཎ་ནི་བཛྲ་ཧཱུཾ་ཕཊ། ༀ་དྲུཾ་བི་ཤོ་

p. 511

དྷ་ཡ་ཨཱ་ཝ་ར་ཎ་ནི་བཛྲ་ཧཱུཾ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎ་ནི་ཧཱུཾ་ཕཊ། ༀ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨཱ་ཝ་ར་ཎ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་ཝ་ར་ཎ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཕཊ་སརྦ་ཨཱ་ཝ་ར་ཎ་ནི་སྥོ་ཊ་ཡ་ཧཱུཾ་ཕཊ། ཅེས་གཙུག་དགུའི་དང་། ༀ་བྲྀ་ཏ་སོགས་རིགས་གསུམ་གྱི་སྔགས་དང་། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ན་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏི་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་ངན་འགྲོ་འཇོམས་པའི་སྔགས་རྣམས་བརྗོད་ཅིང་མཐར་སྤེལ་ཚིག་ཀྱང་གོང་ལྟར་སྦྱར། བྱེ་མ་སོགས་རྒྱ་མཚོར་འབབ་པའི་ཆུ་བོར་དོར་རོ། །ལྔ་པ་ལ་གཉིས། དངོས་དང་། ཡན་ལག་གོ། །དང་པོ་ལ་ཡང་གཉིས། ལྷ་ཁྲུས་དང་། ཚེ་འདས་བཀྲུ་བ་གཉིས་ཀྱི་དང་པོ་ནི། མེ་ལོང་ལ་དཀྱིལ་འཁོར་གྱི་གཟུགས་བརྙན་ཤར་བ་ལ་རྣམ་རྒྱལ་གྱི་ཆུས་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་དང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །

p. 512

ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །སོགས་ཤློ་ཀ་རེའི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། རས་གཙང་མས་ཕྱི་ཚུལ་བྱ་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། གོས་ཟུང་ཐོགས་ནས། དེ་ནས་དེ་ལ་ཁ་དགོ་ལེགས་བསྒྱུར་བའི། །སོགས་ཀྱི་མཐར། ༀ་བཛྲ་ཝསྟྲ་ཨཱཿཧཱུཾ། གཉིས་པ་ནི། ཁྲུས་ཆུ་དེ་བུམ་པ་གཞན་དུ་བླུགས་ཏེ། ནུབ་དང་པོ་ལ་དམིགས་རྟེན་གྱི་གཟུགས་བརྙན་མེ་ལོང་དུ་ཤར་བ་བཀྲུ། ནུབ་ཐ་མ་ལ་དངོས་སུ་བཀྲུ། མིང་བྱང་དང་གོས་ལྟ་བུ་ཡིན་ན་མེ་ལོང་ལའམ། ཡང་ན་ཀུ་ཤས་བུམ་ཆུ་འཐོར་ཞིང་བླ་མའི་ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས་འབྱུང་བའི་ཁྲུས་ཚིག །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །དེ་བཞིན་དུ། ཚུལ་ཁྲིམས༴ །ཚུལ་འཆལ༴ །ཚུལ་ཁྲིམས༴ །བཟོད་པ༴ །ཁོང་ཁྲོ༴ །བཟོད་པ༴ །བརྩོན་འགྲུས༴ །ལེ་ལོ༴ །བརྩོན་

p. 513

འགྲུས༴ །བསམ་གཏན༴ །རྣམ་གཡེང་༴ །བསམ་གཏན༴ །ཤེས་རབ༴ །ཤེས་འཆལ༴ །ཤེས་རབ༴ །ཅེས་དང་། རིན་ཆེན་འབར་བ་ལས་གསུངས་པ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཤློ ་ཀ་རེའི་མཐར་རྩ་རིག་བརྗོད་པས་བཀྲུ། ཤིན་ཏུ་བསྡུས་པའི་ཚེ་བགེགས་སྦྱངས་ནས་འདི་ཡན་སྔགས་ཙམ་གྱིས་བྱས་པས་འགྲུབ་བོ། །གཉིས་པ་ཁྲུས་ཀྱི་ཡན་ལག་ལ། བདེན་པ་བརྗོད་པ། བྱབ་སྲུང་། སྨོན་ལམ་དང་གསུམ་ལས། དང་པོ་ནི། སྟོང་ཆེན་རབ་འཇོམས་ལས་གསུངས་པའི་ཚིགས་བཅད། སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་

p. 514

དང་། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། མཽདྒལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུང་སྦྱངས་པའི་ཡོན་ཏན་དང་། །ཀཽཎྜི་ནྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་པོའ་སྟོབས་དག་དང་། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །ཆེ་གེའི་དུག་ནི་དུག་མེད་ཤོག །གཉིས་པ་ནི། ཀུ་ཤའི་ཆུན་པོས་བྱབ་ཅིང་ནམ་མཁའ་ལ་ཡལ་བའི་ཚུལ་བྱེད་ཅིང་། རྨ་བྱ་ཆེན་མོ་དང་སྟོང་ཆེན་ནས་གསུངས་པའི། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན་དུ། སྐྱོབ་པའི་དམ་ཆོས༴ །འཕགས་པའི་

p. 515

དགེ་འདུན༴ །ཤློ ་ཀ་རེའི་མཐར་ཡང་རྩ་རིག་དང་། ཚེ་ལས་འདས་པ་ཆེ་གེ་མོའ་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་གདགས། དེ་ནས་སྔར་བཞིན་ཀུ་ཤས་བྱབ་ཅིང་འབྱུང་བ་བཞི་ལ་འདོར་ཚུལ་གྱིས་སྟོང་ཆེན་ནས་འབྱུང་བའི། ས་ནི་དུག་གི་ཕ་ཡིན་ཏེ། །ས་ན ི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཆེ་གེའི་དུག་ནི་དུག་མེད་ཤོག །དེ་བཞིན། ཆུ༴ མེ༴ རླུང་༴ ཞེས་བསྒྱུར། མཐར། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གསུམ་པ་ནི། བུམ་ཆུ་དམིགས་རྟེན་ལ་འཐོར་ཞིང་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ལས་འབྱུང་བའི་བདེ་ལེགས་ཀྱི་ཚིགས་བཅད། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ༴ །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་

p. 516

རྣམས་ཀྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱེད་ལ༴ །སྐྱོབ་པ་གང་ཞིག་བྱམས་པ་ཡིས། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ༴ །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ༴ །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ༴ །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ༴ །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ༴ །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུརཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ༴ །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་ཞིང་། །ཐུབ་པའི་སྙན་

p. 517

པ་གང་བྱུང་དེས། །ཁྱེད་ལ༴ །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ༴ །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་རྣམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམས་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ལ་སྡིག་པར་མ་གྱུར་ཅིག །ཅེས་བརྗོད། ཤིན་ཏུ་བསྡུས་པའི་ཚེ། སངས་རྒྱས་བསོད་རྣམས་མཐུ་དག་དང་། །སོགས་ཤློ་ཀ་ཕྱི་མ་གསུམ་ཁོ་ནས་ཆོག་གོ། །དྲུག་པ་སྐྱབས་སུ་བཏང་བ་ནི། འདིར་

p. 518

བར་དོ་ལ་ཆོས་བཤད་པ་བར་སྲིད་ཀྱི་སྡུག་བསྔལ་ཇི་ལྟར་འབྱུང་བ་དང་། དེ་ལས་སྐྱབས་ནུས་ངེས་དཀོན་མཆོག་ཡིན་པས་དེ་ལ་སྐྱབས་སུ་སོང་ཞིག་ཅེས་ཆོས་བཤད་སྤྲོ་ན་རྗེ་དཔའ་བོའ་རྒྱལ་བ་རྒྱ་མཚོའ་ཆོ་གར་འབྱུང་བ་ནི། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བསགས་པའི་ལོངས་སྤྱོད་སྤྱོད་པའི་འཕེན་པ་རྫོགས། །ཉེ་དུ་རྣམས་དང་འགྲོགས་པའི་སྐལ་བ་ཟད། །སྔོན་ལས་ཚེ་ཡི་འཕེན་པ་ཀུན་རྫོགས་ནས། །ཁྱེད་ཉིད་གཅིག་པུར་འཇིག་རྟེན་ཕ་རོལ་སོང་། །རྣམ་སྨིན་གདོས་བཅས་ལུས་ནི་ཤུལ་དུ་བོར། །ད་ལྟ་ཡིད་ལུས་བར་དོའི་སྲིད་པར་གྲུབ། །ཟས་དང་སྐོམ་གྱི་དྲི་ཙམ་ཚོར་བས་འཚོ། །ཕྱོགས་ཀུན་བསྐལ་པའི་མུན་ནག་འཐིབས་པོར་སྣང་། །གཤིན་རྗེའི་སྐྱེས་བུ་འཇིགས་པའི་ཤ་ཚུགས་ཅན། །མི་སྙན་སྒྲ་སྒྲོག་རྩུབ་པའི་མཚོན་ཐོགས་པས། །ཀུན་ནས་བསྐོར་ཞིང་གནོད་འཚེ་དུ་མ་བྱེད། །ས་གཞི་དྲག་འགུལ་རི་ཆེན་ཉིལ་བ་དང་། །རྒྱ་མཚོ་འཁྲུག་དང་ནགས་ཆེན་མེ་ཡིས་འཚིག །འཐོར་རླུང་འཚུབ་མ་དྲག་པོས་གཡེངས་པ་སོགས། །

p. 519

སྣང་ལོག་འཁྲུལ་པའི་འཇིགས་སྐྲག་བསམ་མི་ཁྱབ། །ལུས་རྟེན་མེད་ཕྱིར་ཡིད་ནི་ཕྱ་མ་ཕྱོ། །རླུང་ཤུགས་དྲག་པོས་དེད་པའི་བྱེའུ་བཞིན། །སྡོད་པར་འདོད་ཀྱང་དབང་མེད་ཀུན་ཏུ་འཁྱམ། །ས་ཆེན་རི་དང་ནགས་ཚལ་བཅས་པར་ཡང་། །ལས་ཀྱི་རྫུ་འཕྲུལ་ཐོགས་རྡུགས་མེད་པས་འཇུག །བསམས་པ་ཙམ་གྱིས་སྲིད་པའི་རྩེར་ཡང་ཕྱིན། །སྔོན་གྱི་གནས་དང་མཛའ་བཤེས་ལོངས་སྤྱོད་སོགས། །ཡད་ཡུད་དྲན་པས་སྔོན་གྱི་གནས་སུ་འཁོར། །དེ་ཚེ་རང་གི་ཡོ་བྱད་ལ་སོགས་པ། །གཞན་གྱིས་སྤྱོད་དང་བརྣབ་སེམས་སེམས་པ་དང་། །ཤུལ་ན་མྱ་ངན་ངུད་མོ་བྱེད་པ་སོགས། །མཐོང་བས་མྱ་ངན་དྲག་པོས་ཡིད་གདུངས་ཤིང་། །ཤི་བར་ཤེས་ནས་ལུས་རྟེན་འདོད་པའི་ཕྱིར། །ཁམས་གསུམ་ཀུན་ཏུ་རྨི་ལམ་བཞིན་དུ་འཁྱམ། །གཞན་གྱི་སེམས་དང་སྤྱོད་པ་བསམས་ན་ཤེས། །སྐྱེ་བ་སྔ་ཕྱི་འགའ་ཡང་བརྟགས་ན་དྲན། །ལས་ཀྱིས་ཐོབ་པའི་མངོན་ཤེས་ཕྲ་མོ་ཡོད། །ཚེ་ཚད་ཞག་ནི་བདུན་ཕྲག་རེ་རེ་སྟེ། །སླར་ཡང་རྫུས་

p. 520

སྐྱེས་ཡིད་ལུས་ཉིད་དུ་འགྲུབ། །འགྲོ་བ་སེམམ་ཅན་ཀུན་གྱི་འབྱུང་འཇུག་སྒོ། །སྲིད་པའི་སྐྱེ་གནས་ཀུན་གྱི་སོ་མཚམས་ནི། །ད་ལྟ་སྲིད་པ་བར་དོ་འདི་ཉིད་ཡིན། །སྐྱབས་གནས་དཀོན་མཆོག་རྣམ་གསུམ་མ་གཏོགས་པ། །དུས་འདིར་ཁྱོད་ཀྱི་མགོན་སྐྱབས་སུ་ཡང་མེད། །ཟས་ནོར་ལོངས་སྤྱོད་མཛའ་གྲོགས་ཀུན་དང་ཡང་། །འགྲོགས་པའི་སྐལ་བ་ཟད་པར་ཤེས་གྱིས་ལ། །དུང་དུང་སེམས་ཀྱི་འབྲེལ་ཐག་གཏིང་ནས་ཆོད། །ཁྱོད་ལུས་བར་དོ་ཡིད་ཀྱི་ལུས་ཡིན་ཏེ། །འབྱུང་བ་བཞི་དང་མཚོན་ཆས་གནོད་མི་ནུས། །འཇའ་ཚོན་རལ་གྲིས་གཏུབ་པར་མི་ནུས་བཞིན། །བསྐལ་པ་འཇིག་པ་དུས་མཐའི་མེ་བྱུང་ཡང་། །ཁྱོད་ཀྱི་ཡིད་ལུས་སྟོང་པ་འཚིག་མི་སྲིད། །དེ་ཕྱིར་འཇིགས་ཤིང་སྐྲག་པར་ཁྱོད་མ་བྱེད། །འབྱུང་བའི་སྣང་ལོག་གཤིན་རྗེའི་དམག་ཚོགས་ཀྱང་། །རང་གི་འཁྲུལ་པ་ཙམ་ཞིག་ཁོ་ན་སྟེ། །གཞན་ནས་གནོད་འཚེ་བྱེད་པ་ཁྱོད་ལ་མེད། །འཇིགས་སྐྲག་སྡུག་བསྔལ་མི་དགོས་ཤེས་པ་གློད། །བརྒྱ་བྱིན་ལྷ་ཡི་དབང་

p. 521

པོའ་བདེ་བ་ཡང་། །རྨི་ལམ་བདེ་སྐྱིད་མྱོང་བ་ཙམ་ཞིག་སྟེ། །ཁམས་གསུམ་སྲིད་པའི་གནས་འདིར་འཁོར་ཕྱིན་ཆད། །བར་དོའ་སྡུག་བསྔལ་འདི་འདྲ་བགྲང་ཡས་མྱོང་། །འདི་ཡིས་དམྱལ་བ་ཡི་དྭགས་དུད་འགྲོ་སོགས། །སྐྱེ་བོའི་སྡུག་བསྔལ་རྣམས་ཀྱི་ཆར་མི་ཕོད། །དེ་བས་སྲིད་པའི་བདེ་ལ་སྨོན་མ་བྱེད། །འགྲོ་འདི་མ་ལུས་རང་གི་ཕ་མ་ཉིད། །དེ་ཀུན་ཀྱང་ནི་སྡུག་བསྔལ་འདི་འདྲས་གཟིར། །སུ་ཡང་བར་དོའི་འཕྲང་རིང་འདི་མིན་པའི། །ལམ་གཞན་དག་ཏུ་གཟུར་ས་ཡོད་མ་ཡིན། །དེ་བས་ནམ་མཁའ་མཉམ་པའི་འགྲོ་བ་ལ། །བྱམས་དང་མི་བཟོད་སྙིང་རྗེའི་མཐུ་དཔུང་བསྐྱེད། །བླ་མེད་སངས་རྒྱས་སྒྲུབ་པའི་གོ་ཆ་གྱོན། །མངོན་དགའ་བདེ་བ་ཅན་དང་དགའ་ལྡན་སོགས། །དག་པའི་ཞིང་དུ་ཡིད་ཀྱི་འདུན་པ་གཏོད། །བླ་མ་དཀྱིལ་འཁོར་ལྷ་དང་བཅས་པ་འདི། །ཁྱོད་ཀྱི་སྐྱབས་གནས་དཀོན་མཆོག་གསུམ་པོ་ཡིན། །འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་བར། །རེ་ས་གཞན་དུ་མེད་པའི་བློ་གཏོད་ལ། །སྙིང་

p. 522

ནས་སྐྱབས་སུ་གསོལ་བའི་དུས་ལ་བབ། །ཅེས་བརྗོད། མི་སྤྲོ་ན། རྩ་བའི་དངོས་བསྟན་ལ་མེད་པས་མ་བརྗོད་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ནས་ཚེ་འདས་དེས་ཕྱག་འཚལ་བར་བསམས། དངོས་སུ་བུ་ལ་སོགས་པས་ཕྱག་བྱེད། བྱང་བུ་ཡིན་ན་དཔུང་པ་ལ་གཟུགས་ཏེ་ཕྱག་འཚལ་ཞིང་། གང་གི་དྲིན་གྱིས་བདེ་ཆེན་ཉིད་། །སོགས་ཤློ ་ཀ་གཅིིག །དེ་ནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་ཚིགས། ལེགས་གྲུབ་ཀྱི་རྒྱུད་ལས་འབྱུང་བ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །སོགས་ཤློ ་ཀ་གསུམ་དང་། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སོགས་ཤློ ་ཀ་གཅིག །ཆོས་སྐུ་ནམ་མཁའ་བཞིན་དུ། །སོགས། རྣམ་པར་སྣང་མཛད་སོགས། ཕྱག་བྱར་འོས་པ་སོགས་ཕྱག་འཚལ་སྔོན་དུ་བཏང་ནས། སྐྱབས་འགྲོ་དངོས་ནི། སྤྱོད་འཇུག་ལས་གསུངས་པའི། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །ཚེ་འདས་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་དང་། བྱང་ཆུབ་སེམས་དཔའི་

p. 523

ཚོགས་ལ་ཡང་། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་དཔལ་དབྱངས་ལའང་བདག་ཉིད་ཀྱིས། །ཚེ་འདས་ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསྐྱབ་ཏུ་གསོལ། །བདུན་པ་ནི། དབང་མི་བསྐུར་ན་བྱང་བུ་སྲེག་ཅིང་ལམ་སྦྱང་བསྟན་འདིར་བྱའོ། །གསུམ་པ་དབང་བསྐུར་ཏེ་སྦྱང་

p. 524

བ་ལ་བཞི། ཡོན་དབུལ་ཞིང་གསོལ་བ་གདབ་པ། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག །ཞུགས་ནས་དབང་བསྐུར་བ། མཐའ་རྟེན་བཀའ་བསྒོ་བའོ། །དང་པོ་ནི། ཁྲུས་བྱས་ཕྱག་འཚལ་མཎྜལ་ཕུལ་ནས། སློབ་མ་ཡིན་ན་དངོས་སུ་རྗེས་ཟློས་བྱེད་དུ་གཞུག །གཤིན་པོ་ཡིན་ན་དེས་བྱེད་པར་བསམས་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའ་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་འཚལ། །གཉིས་པ་འཇུག་པའི་ཆོས་ལ་བཅུ་བདུན་ཏེ། རྒྱུན་བཤགས་སྔོན་འགྲོའི་སེམས་བསྐྱེད། བྱིན་རླབས། སྨོན་ལམ་གདབ་པ། ཆོས་བཤད། སྲུང་བ། གདོང་གཡོགས། ཕྱག་རྒྱ་བཅིངས་ནས་འཇུག་པ། ཡེ་ཤེས་དབབ་པ། དམ་གཞག །མེ་ཏོག་འདོར་བ། མགོ་བཅིང་བ། གདོང་གཡོགས་ཕྱེ་བ། ལྷ་ངོ་བསྟན་པ། དེ་ཉིད་བརྟན་པར་བྱེད་པ། དམ་ཚིག་

p. 525

བརྟན་པ། དམ་ཚིག་བསྒྲག་པ། སྡོམ་པ་སྦྱིན་པའོ། །དང་པོ་ནི། སྤྱི་ཕྱག་དང་སྒོ་བཞིའི་ཕྱག་བྱ་ཞིང་སྔགས་རྗེས་ཟློས་བྱ། དབང་མེད་བདག་གི །སོགས་རྒྱུན་བཤགས་དང་། མགོན་པོ་སངས་རྒྱས་སོགས་རིགས་ལྔའི་སྡོམ་བཟུང་སྟེ་གཉིས་ཀའང་རྗེས་ཟློས་བྱ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་པའི་སྔགས་རྗེས་ཟློས་བྱ། སེམས་བསྐྱེད་པ་དེ་བརྟན་པའི་ཕྱིར་སློབ་དཔོན་གྱི་རྡོ་རྗེ། སློབ་མའི་སྙིང་གར་རེག་སྟེ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། གཉིས་པ་ནི། བདག་འཇུག་ཡིན་ན། རང་ཉིད། ཅེས་དང་། གཞན་སློབ་མའམ། གཤིན་པོ་ལྟ་བུ་ལ་བསྐུར་བ་ཡིན་ན། ཁྱོད་རང་། ཞེས་བརྗོད་ནས། སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བར་གྱུར། ༀ་བྲྀ་ཏ་སོགས་རིགས་གསུམ་སྤྱིའི་སྔགས་རྒྱས་གནས་གསུམ་དང་། ༀ་སརྦ་བིད་བཛྲ་ཨ་དྷིཥྛ་ན། སོགས་ཀྱི་སྔགས་རྒྱས་གནས་ཉེར་གཉིས་བྱིན་རླབས་གོང་ལྟར་བྱ། གསུམ་པ་ནི། དེ་ཡན་གྱི་དགེ་རྩ་བསྔོ་བ་ལ། བདག་གི་དགེ་བའི་རྩ་བ་འདི་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་

p. 526

དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུཐོབ་པར་གྱུར་ཅིག །ཅེས་རྗེས་ཟློས་ཀྱིས་སྨོན་ལམ་གདབ་བོ། །བཞི་པ་ནི། རྣམ་སྣང་མངོན་བྱང་གི་རྒྱུད་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང ་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་

p. 527

དེ་རིང་བརྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ད་ལྟར་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་ཟབ་མོའ་ཆོས་བཤད། ལྔ་པ་ནི། ཧཱུཾ་མཛད་ཀྱི་རྒྱས་སློབ་མའི་གནས་གསུམ་དུ་གཏུགས་ཤིང་། ༀ་བཛྲ་སཏྭ་ཀྲོ་དྷ་སོགས་ནས། སྭ་མཾ། ཡན་ལན་གསུམ་བརྗོད་པས་བསྲུང་། དྲུག་པ་ནི། ༀ་བཛྲ་ཡཀྵ་ཧཱུཾ། ཞེས་གནོད་སྦྱིན་བཟླས་པས་གདོང་གཡོགས་སྦྱིན། བདུན་པ་ནི། ༀ་བཛྲ་ཨ་དྷི་ཏིཥྛ་ཧཱུཾ། རང་ཉིད། དམ། ཁྱོད་རང་། ཞེས་བརྗོད་ནས། རྡོ་རྗེ་སེམས་དཔའ་གསལ་བར་གྱུར། ༀ་བཛྲ་པུཥྤེ། ནས། ནཻ་ཝི་དྱ་སྭཱ་ཧཱ། ཞེས་ཉེར་སྤྱོད་ལྔས་མཆོད། ༀ་སརྦ་བིད་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ལས་བུམ་གྱིས་དབང་བསྐུར།

p. 528

ཨཱ་ཁཾ་ཝཱི་ར་ཧཱུཾ། ཞེས་རྡོ་རྗེ་འཛིན་མའི་རྒྱས་མེ་ཏོག་གཟུང་དུ་གཞུག །ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་རྗེས་ཟློས་ཀྱིས། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་ཤར་གྱི་ལྷ་སྣམ་དུ་འདུག་པར་གྱུར་པར་བསམས་ལ། བརྒྱད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡི་གེ་ཧཱུཾ་གི་རྣམ་པས་ལུས་ཀྱི་སྙིང་གའི་ཟླ་བ་རྡོ་རྗེ་ལ་ཞུགས་པར་གྱུར། སློབ་དཔོན་གྱིས་འབེབས་པའི་དམ་རྒྱས་སློབ་མའི་སྙིང་ཁར་གཏུགས་ལ། ༀ་བཛྲ་པྲཱ་ཝེ་ཤ་ཡ་ཧཱུཾ། མང་ཉུང་ཅི་རིགས་དྲག་ཏུ་བརྗོད་ཅིང་རོལ་མོ་བྱ་ཞིང་ཡེ་ཤེས་པ་དབབ་བོ། །དགུ་པ་ནི། སྤྱི་བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། སེམས་

p. 529

མ་རྡོ་རྗེ་མའི་རྒྱ་ཁ་འཐུར་དང་གྱེན་དུ་བསྟན་པ་སྤྱི་བོར་བཞག །འདི་ནི་ཁྱོད་ཀྱི་དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགེམས་པར་འགྱུར་རོ། །རྣམ་རྒྱལ་གྱི་ཆུ་བླུད་དེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་འཇུག་པར་མཛད། །གལ་ཏེ་ཚུལ་དེ་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ༀ་བཛྲ་ཨུ་ད་ཀ་ཋཿ རྡོར་བསྡམས་སློབ་མའི་མགོར་འཇོག་ལ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག ། མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མ་ཡ་ཧཱུཾ། ཞེས་དམ་ལ་བཞག་པའམ། བསྡུ་ན་བཤད་མ་ཐག་པའི་སྔགས་འདི་ཁོ་ནས་ཆོག་སྟེ་རྒྱུད་ཀྱི་ད ངོས་བསྟན་ཡིན་པའི་ཕྱིར་རོ། །བཅུ་པ་ནི། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་

p. 530

དགོངས་ཏེ་བཞེས་སུ་གསོལ། །ༀ་པྲ་ཏཱིཙྪ་ས་མ་ཡ་སྟྭཾ། ཞེས་ཚིགས་བཅད་སྔགས་བཅས་རྗེས་ཟློས་བྱེད་པའམ་ཚིགས་བཅད་སློབ་དཔོན་གྱིས་བརྗོད་ཅིང་སློབ་མས་སྔགས་རྗེས་ཟློས་བྱས་ཏེ་དཀྱིལ་འཁོར་དུ་མེ་ཏོག་འདོར་དུ་གཞུག །བཅུ་གཅིག་པ་ནི། མེ་ཏོག་ཕོག་པའི་ལྷ་ངེས་པར་བྱས་ཏེ་སློབ་དཔོན་གྱིས། མེ་ཏོག་རིན་ཆེན་གང་དུ་ནི། །བབས་པར་གྱུར་པའི་རིགས་ཀྱི་ལྷ། །གཙོ་བོར་རིགས་དེ་བསྒྲུབས་ན་ནི། །དངོས་གྲུབ་མྱུར་སྟེར་ཐེ་ཚོམ་མེད། །ༀ་པྲ་ཏི་གྲྀཧྞ་ཧཱུཾ། ཞེས་བརྗོད་དེ་མེ་ཏོག་སློབ་མའི་མགོར་བཅིང་། བཅུ་གཉིས་པ་ནི། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ཧཱ་སྱ་ཨུཏ་གྷ་ཊཱ་ཡ་ཧཱུཾ། ཞེས་མིག་དར་བསལ། ༀ་བཛྲ་པཱ་ཤྱ་ཧོཿ བཅུ་གསུམ་པ་ནི། བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར་པར་མོས། ཞེས་པའམ། རྒྱས་པར་ན། ཁོར་ཡུག་ནས་གཙོ་བོའ་བར་རེ་རེ་ནས་ལྷ་ངོ་བསྟན། བཅུ་བཞི་པ་ནི། ཏིཥྛ་

p. 531

བཛྲ་དྲྀ་ཌྷོ། སོགས་གཟུགས་བརྙན་སྦྱོར་བའི་སྐབས་ལྟར་བརྗོད་པས་བརྟན་པར་བྱ། བཅོ་ལྔ་པ་ནི། ༀ་བཛྲ་ས་མ་ཡ་ཧཱུཾ་ཕཊ། ༀ་བཛྲ་ས་མ་ཡ་ཧྲྀ་ད་ཡ་མེ་པྲཱ་ཝེ་ཤ་ཡ་དྲྀ ཌྷ་ཏིཥྛ་ཧཱུཾ། ཞེས་སྔགས་ཀྱི་དམ་ཚིག་སྦྱིན། བཅུ་དྲུག་པ་ནི། དུང་གི་ཆུ་བླུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་བརྒྱུད་རིགས་ནི་བརླག་པར་མཛད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཞེས་དམ་ཚིག་བསྒྲག །བཅུ་བདུན་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་དང་འདོད་ལོག་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །

p. 532

སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོང་མི་སྤང་། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མའང་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཐེ་ཚོམ་ཡིད་གཉིས་སོམ་ཉི་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་སྡོམ་པ་སྦྱིན་ནོ། །གསུམ་པ་དབང་བསྐུར་བ་དངོས་ལ་དྲུག །རིག་པའི་དབང་ངམ་སློབ་མའི་དབང་། སློབ་དཔོན་གྱི་དབང་། རིགས་ལྔའི་རྗེས་གནང་། གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། མཐའ་རྟེན་རྒྱལ་སྲིད་རྣམས་ལས་དང་པོ་ལ་ཡང་བདུན། སྔགས། བུམ་པ། དབུ་རྒྱན། ཕྲེང་བ། དར་དཔྱངས། ཕྱག་རྒྱ། མིང་རྣམས་ལས། དང་པོ་ནི། མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་

p. 533

ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་རྗེས་ཟློས་ལན་གསུམ་གྱིས་གསོལ་བ་གདབ། རང་ཉིད། དམ། ཁྱེད་རང་། ཞེས། རྡོར་སེམས་སུ་གསལ་བའི་སྤྱི་བོར་གསེར་བཙོ་མའི་མདོག་ཅན་གྱི་སྔགས་ཀྱི་ཡིག་འབྲུ་རྣམས་ཐིམ་པར་གྱུར་པར་བསམ། སྤྱི་བོར་རྡོ་རྗེ་བཟུང་ནས་རྩ་རིག་དང་། རིགས་བཞི། ཡུམ་བཞིའི་སྔགས་རྣམས་བརྗོད་དོ། །གཉིས་པ་ནི། རྣམ་རྒྱལ་བུམ་པ་བཟུང་ལ། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་སྔོན་དུ་འགྲོ་བས། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ༀ་བུདྡྷ་ཀ་ལ་ཡ་ཨ་བྷི་ཥིཉྩ་ༀ། ཞེས་སྤྱི་བོར་བཞག །དེ་བཞིན་དུ་བུདྡྷ་དང་ༀ་གྱི་གནས་སུ། བཛྲ་ཧཱུཾ། རཏྣ་ཏྲཱཾ། པདྨ་ཧྲཱིཿ ཀརྨ་ཨཿ ཞེས་བསྒྱུར་ཏེ། དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་རྣམས་སུ་བཞག་ལ་བུམ་ཆུ་འཐུང་དུ་གཞུག །

p. 534

གསུམ་པ་ནི། དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན༴ །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུཾ། སོགས་གོང་བཞིན་འདི་དང་འོག་མ་རྣམས་ལའང་འགྲེ། དབུ་རྒྱན་བསྐོན། བཞི་པ་ནི། རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན༴ །བསམས་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཞེས་ཕྲེང་བ་བཅིང་། ལྔ་པ་ནི། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས། །སྐལ་ལྡན༴ །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དབང་ཐོབ་པར་ཤོག །ༀ་བཛྲ་པཊྚ་ཨ་བ་ལམྦ་ན་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་དར་དཔྱངས་བཅིང་། དྲུག་པ་ནི། རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན༴ །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་མྱུར་དུ་རྟོགས་པར་ཤོག །ༀ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ༀ།

p. 535

བཛྲ་ཧཱུཾ། སོགས། འཁོར་ལོ། རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་རྡོ་རྗེ་རྣམས་ལག་གཡས་དང་། གཡོན་དུ་དེ་དག་གིས་ཡུ་བ་བྱས་པའི་དྲིལ་བུ་གཏད་དོ། །བདུན་པ་ནི། ཀུན་རྫོབ་མཚན་ཉིད་མཚོན་པ་མིང་གི་དབང་། །སྐལ་ལྡན༴ །མ་འོངས་སངས་རྒྱས་འཇིག་རྟེན་ཞིང་ཁམས་སུ། །དེ་བཞིན་གཤེགས་པའི་མཚན་གྱི་མིང་ཐོབ་ཤོག །ༀ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ༀ། བཛྲ་ཧཱུཾ། སོགས། རྡོར་དྲིལ་རྒྱ་གྲམ་མགོ་བོའི་གནས་ལྔར་དཀྲོལ་ནས་བཞག་ཅིང་། ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་རིགས་དང་མཐུན་པའི་མིང་དབང་བསྐུར། གཉིས་པ་སློབ་དཔོན་གྱི་དབང་ལ་བཞི། ལྷར་བསྐྱེད་པ། འཕྲིན་ལས་ཀྱི་དབང་། འཁོར་ལོའ་དབང་། བདག་པོའ་དབང་རྣམས་ལས་དང་པོ་ནི། དབང་སྟེགས་པདྨ་དཀར་པོ་ལྟེ་བར་འཁོར་ལོ་རྩིབས་བརྒྱད་བྲིས་པའི་སྟེང་དུ་སློབ་མ་བཞག །སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་རང་ཉིད། དམ། ཁྱོད་རང་། ཞེས། རྡོ་རྗེ་སེམས་དཔའ་སོགས་ནས། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཡན་ལྕེ་ལག་བྱིན་

p. 536

རླབས་ལྟར་བསྐྱེད། ༀ་བཛྲ་སཏྭ་ཨ་དྷི་ཏིཥྛ་ཧཱུཾ། ཞེས་རྡོར་སེམས་ཀྱི་དམ་རྒྱས། སྙིང་། དཔྲལ་བ། ལྐོག་མ། སྤྱི་བོ་སྟེ་གནས་བཞི་བྱིན་གྱིས་བརླབ། དཔོན་སློབ་གཉིས་ཀས་བསྡུ་བའི་རྒྱས། ༀ་བཛྲ་ས་མཱ་ཛཿཛཿ རིགས་ལྔའི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ རྡོར་སེམས་ལ་ཐིམ་པས་ཕུང་པོ་ལྔ་རིགས་ལྔའི་ངོ་བོ་ཉིད་ཀྱིས་ཁྱབ་པར་གྱུར། རིགས་གསུམ་སྤྱིའི་སྔགས་རྒྱས་གནས་གསུམ་བྱིན་གྱིས་བརླབ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད། རྡོར་སེམས་ཀྱི་སྐུའམ་དམ་རྒྱ་སྤྱི་བོར་བཞག་ནས། ༀ་བཛྲ་སཏྭ་ཧཱུཾ། ཞེས་བརྗོད། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །སོགས་མཚན་བརྒྱས་བསྟོད། གཉིས་པ་ནི། སྣ་ཚོགས་རྡོ་རྗེ་ལག་པར་བྱིན་ལ། སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་ནས་ནི། །སྐལ་ལྡན༴ །འཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ནས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་ཀརྨ་ཨ་བྷི་ཥིཉྩ་ཨཿ གསུམ་པ་ནི། འཁོར་ལོ་རྐང་པའི་བར་དུ་བཞག་ལ། ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །སྐལ་ལྡན༴ །

p. 537

རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ༀ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ་བྷྲུཾ། བཞི་པ་ནི། རིགས་ལྔའི་བདག་པོ་ཡི་ནི་རང་བཞིན་གྱིས། །ལྐལ་ལྡན་སྐྱེས་བུ༴ །རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །རིགས་ལྔའི་ཕྱག་མཚན་རིམ་པར་གཏད་ལ། ༀ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ༀ་ༀ་ༀ། དེ་བཞིན་དུ། བཛྲ་ཧཱུཾ་ཧཱུཾ་ཧཱུཾ། སོགས། གསུམ་པ་རྗེས་གནང་ནི། རིགས་ལྔའི་ཕྱག་མཚན་ལས་འཁོར་ལོ་བྱིན་ལ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ༀ་བུདྡྷ་ཙཀྲ་ཨ་དྷི་སོགས་སྔགས་སྔ་མ་ཉིད་དང་། དེ་བཞིན་དུ་ཆོས་ཀྱི་གནས་སུ། རྡོ་རྗེའི། རིན་ཆེན། པདྨའི། ལས་ཀྱི། སོགས་བསྒྱུར་ཏེ། སྔགས་རེ་དང་། ཕྱག་མཚན་རེ་སྤེལ་ཏེ་དབང་བསྐུར་རོ། །བཞི་པ་གསང་དབང་ནི། ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་ནས་ནི། །སྐལ་ལྡན༴ །གསང་རྒྱུད་

p. 538

མཐའ་དག་ཤེས་ཤིང་རྟོགས་ནས་སུ། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །ༀ་བུདྡྷ་དྷཱ་ར་ནི་ཨ་བྷི་ཥིཉྩ་ༀ། བཛྲ་སོགས། ཡུམ་ལྔའི་ཕྱག་མཚན། དབྱིངས་ཕྱུག་མའི་ཆོས་འབྱུང་དཀར་པོ། སྤྱན་གྱི་འཁོར་ལོ་སྤྱན་གྱིས་མཚན་པ། མཱ་མ་ཀིའི་རྡོ་རྗེ་རྩེ་གསུམ། གོས་དཀར་གྱི་པདྨ། སྒྲོན་མའི་ཨུཏྤ་ལ་རྣམས་མགོ་བོར་བཞག་གོ། །རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན༴ །ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །རིགས་ལྔའི་ཕྱག་མཚན་མགོ་བོའ་གནས་ལྔར་བཞག་ལ། ༀ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ༀ། བཛྲ་སོགས་བརྗོད་ཅིང་རིགས་ལྔ་དང་ཡུམ་ལྔའི་ངོ་བོ་ཕྱག་མཚན་ཕན་ཚུན་བལྟ་བ་དང་རྒོད་པ་དང་ལག་བཅང་གི་དོད་ཕྱག་མཚན་གཅིག་གིས་གཅིག་ལ་རེག་པ་ལས་བྱུང་བའི་བདེ་བ་སྐྱེས་པ་སོགས་མཐོང་བར་བསམ། དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སོགས་སློབ་དཔོན་གྱི་ལས་རྒྱས་པར་བཤད་པའམ་བསྡུ་ན། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་

p. 539

དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་བརྗོད། ལྔ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། རྡོ་རྗེ་བྱིན་ལ། ཧཱུཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའ་བདག །དྲིལ་བུ་གཏད་དེ། ཨཿ སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། །དྲིལ་བུ་དཀྲོལ་དུ་གཞུག་ལ། དྷརྨ་ཨཱཿ ཞེས་བརྗོད་དུ་གཞུག །པད་བསྐོར་དང་བཅས་པས་རྡོར་དྲིལ་བསྣོལ་ཏེ་འཛིན་བཅུག་ལ། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་གྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ༀ་པྲཛྙོ་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུཾ། ཨཿ བརྗོད་ཅིང་ཡིད་ཀྱིས་རྡོ་རྗེས་མཚོན་པའི་ཐབས་སྙིང་རྗེ་དང་། དྲིལ་བུས་མཚོན་པའི་ཤེས་

p. 540

རབ་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་། རྡོར་དྲིལ་བསྣོལ་བས་མཚོན་པའི་བདེ་སྟོང་དབྱེར་མེད་ཀྱི་རྣལ་འབྱོར་ལ་གནས་པའི་དབང་བསྐུར་བར་བསམ་མོ། །དྲུག་པ་དབང་གི་མཐའ་རྟེན་ནི། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའ་སར་གནས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མི། ཞེས་འཁོར་ལོ་ལག་ཏུ་གཏད། དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདིས། །མི་ཁོམ་རྒྱུན་གཅོད་རྒྱུ་དང་འབྲས་བུ་སྟོན། །འཁོར་ལོས་སྒྱུར་བའི་དབང་ཕྱུག་རིན་པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན༴ །མ་ཎི་རཏྣ། ནོར་བུ་ལག་ཏུ་གཏད། དཀོན་མཆོག་གསུམ་གྱི་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོས་པ་མཆོག་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་

p. 541

བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །གཟུགས་མཛེས་བལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ༴ །སྟྲི། བཙུན་མོ་གཏད། ཕ་རོལ་ཕྱིན་བཅུས་སེམས་ཅན་སྐྱོབ་པའི་ཕྱིར། །ཤེས་རབ་གཟུགས་མཛེས་བཙུན་མོ་རིན་པོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡིས། །ཚེ་དང་ལོངས་སྤྱོད་གཏེར་ལ་སྤྱོད་པར་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ༴ །པུ་རུ་ཥ། བློན་པོ་གཏད། གང་ཡང་ཅི་དགོས་དཔག་བསམ་ཤིང་ལྟ་བུ། །འགྲོ་ལ་སྙིང་བརྩེ་ཚོགས་གཉིས་རྫོགས་པ་དང་། །དབང་ཕྱུག་བཙུན་པ་བློན་པོ་རིན་པོ་ཆེ། །འཁོར་ལོས་སྒྱུར་བའི་རྒྱལ་ཚབ་ཐོབ་པར་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་

p. 542

འགྲོ་བའི། །གླང་པོ༴ །ཧསྟི། གླང་པོ་གཏད། ཐེག་པ་དོན་དམ་བླ་མེད་སྟོན་པའི་མཆོག །ཡན་ལག་ཀུན་མཛེས་ཀུ་མུ་ད་ཡི་མདོག །གདུལ་དཀའ་སྟོབས་ཅན་གླང་པོ་རིན་པོ་ཆེ། །ཁྱུ་མཆོག་རླབས་ཅན་སྟོབས་ལྔ་རྫོགས་པར་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག༴ །ཏུ་རངྒ་ཨ་ཤྭ། རྟ་མཆོག་གཏད། འཁོར་བའི་ཆུ་བོ་འཇིགས་པ་བཞི་ལས་སྒྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་བསྐྱོད། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །མི་གནས་ཡེ་ཤེས་ཡིད་བཞིན་སྤྱོད་པར་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་བའི། །མ་ལུས་བདུད་དཔུང་འཇིག་པར་བྱེད་པ་སྟེ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན༴ །ཁདྒ། དམག་དཔོན་གཏད། གནོད་པའི་དཔུང་འཇོམས་བརྩོན་འགྲུས་གོ་བགོས་ཤིང་། །འཇིགས་པའི་སྐྱབས་བྱེད་འགྲོ་ལ་མི་འཇིགས་སྦྱིན། ཐབས་དང་

p. 543

ཤེས་རབ་ལྡན་པའི་དམག་དཔོན་འདིས། །མཐུ་སྟོབས་རྫུ་འཕྲུལ་དཔུང་གིས་སྲུང་བར་ཤོག །ཤློ་ཀ་ཕྱི་མ་རྣམས་མི་སྤྲོ་ན་མ་བྱས་ཀྱང་རུང་ངོ་། །བཞི་པ་མཐའ་རྟེན་བཀའ་བསྒོ་བ་ནི། ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་མིའི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་སྒོམ་པར་མི་བྱ་སྟེ། །བླ་མ་སྨོད་བརྩོན་མ་རུངས་དང་། །དམ་ཚིག་ལས་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་གཅོད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུངས། །སེམས་ཅན་ཀུན་ལ་སྙིང་བརྩེ་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་ཕན་ཡོན་དང་

p. 544

དམ་ཚིག་ལྷན་དུ་བརྗོད་ཅིང་། སློབ་མས་ཀྱང་དེ་དག་བསྲུང་སྙམ་པས་སྙིམ་པ་མེ་ཏོག་དང་བཅས་པས་རྗེས་ཟློས་ཀྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་ཁས་བླངས། གཏང་རག་གི་མཎྜལ་དང་ཕྱག་བྱས། ལུས་ལོངས་སྤྱོད་ཐམས་ཅད་ཀྱང་བླ་མ་ལ་ཕུལ་བར་མོས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་རྗེས་ཟློས་བྱར་གཞུག །བདག་འཇུག་གི་ཚེ་ཡིག་ཆེན་ཁོ་ན་བརྗོད་པ་དང་། སློབ་མ་ལ་དབང་བསྐུར་བ་ན་ཡིག་ཆུང་ནས་ཀྱང་གང་དགོས་སྐབས་བསྟུན་བརྗོད་པར་བྱ་ཞིང་། ལོང་སྐབས་ལྟ་བུས་ཤིན་ཏུ་བསྡུས་པའི་ཚེ་འཇུག་པའི་ཆོས་བཅུ་བདུན་པོ་སྔར་བཞིན་ལ་དངོས་གཞི་སྔགས་དབང་ནས་རྒྱལ་སྲིད་ཡན་གྱི་ཚིག་རྣམས་བཞག་ཅིང་དབང་གི་དོན་ཡིད་ལ་དྲན་བཞིན་སྔགས་རྣམས་ཁོ་ན་ངག་ཏུ་བརྗོད་པས་བདག་འཇུག་བླངས་ཀྱང་ཆོག་གོ། །དེ་ནས་སློབ་མ་དབང་བསྐུར་རྐྱང་པའི་ཚེ་འདིར་རྗེས་ཆོག་དཀྱིལ་འཁོར་གཤེགས་བསྡུ་བཀྲ་ཤིས་ཀྱི་བར་བྱའོ། །དེ་ལྟར་དབང་བསྐུར་བས་ཚེ་

p. 545

ལས་འདས་པ་དེ་ཉིད་ལྷ་རྣམས་དང་སྐལ་བ་མཉམ་པར་གྱུར། དེ་ནས་གཤིན་པོ་ལ་དམིགས་པའི་ཟས་གོས་ལོངས་སྤྱོད་དག་ཡོད་ན་སྐབས་འདིར་བཤམས་ལ། ༀ་བཛྲ་ཡཀྵས་བསངས། ༀ་བཛྲ་ཛྭ་ལ་སོགས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འདོད་ཡོན་གྱི་ཕུང་པོ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ནམ་མཁའི་ཁམས་གང་བར་གྱུར། ༀ་སརྦ་བིད་པཱུ་ར་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཁ་དོག་དབྱིབས་ལེགས་སོགས་རྐང་པ་སྔ་མ་གཉིས་འདྲ་བ་ལ། དམིགས་ཡུལ་རྟེན་གྱི་ལྷ་ལ་བདག་འབུལ་ན། །བདེ་ཆེན་ཡེ་ཤེས་མཆོག་གིས་སྤྱོད་གྱུར་ཅིག །ༀ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿ ཧཱུཾ། དེ་བཞིན་དུ་གཞན་རྣམས་ལ་འགྲེ། སྐབས་འདིར་དེང་སང་རིག་བཟོའ་འདོན་བྱ་དུ་མ་ཞིག་བྱེད་པའི་ཕྱག་སྲོལ་མི་འདྲ་བ་མང་དུ་འདུག་ནའང་ཚེ་འདས་ལྷར་མ་བསྐྱེད་པ་ལྟ་བུའི་སྐབས་ཡིན་ན་རུང་། འདིར་ལྷར་བསྐྱེད་པའི་དུས་སུ་ནི་རྒྱུ་མཚན་དང་ཧ་ཅང་མ་འབྲེལ་ཞིང་དྲུང་མཛད་ཀྱི་ཀུན་རིག་ཆེན་མོར་མེད་པས་འདིར་མ་བཀོད་དོ། །ཡང་རྒྱལ་པོ་ཆེན་པོ་ལྟ་བུ་

p. 546

ཡིན་ན་ལུགས་ཀྱི་མལ་ཆ་ཁྲི་སྟན་རྔ་ཡབ་གདུགས་ཁང་བཟང་སོགས་འབུལ་ན་ཡང་སྐབས་འདིར་བྱིན་གྱིས་བརླབས་ནས་མཆོད་པ་ཉེར་ལྔ་པས་དབུལ་ལོ། །དེ་ནས་བྱང་བུ་ཡིན་ན་བསྲེགས་ཏེ་ལམ་སྦྱང་བསྟན་རྗེས་ཆོག་རྣམས་འོག་ནས་འབྱུང་བ་ལྟར་བྱའོ། །བཞི་པ་ཞི་བའི་སྦྱིན་སྲེག་གིས་སྡིག་པ་སྦྱང་བ་ལ་ཡང་། སྟ་གོན་དང་། དངོས་གཞི་གཉིས་ཀྱི་དང་པོ་ལ་གསུམ། ཐབ་བཅའ་བ། དཀྱིལ་འཁོར་བྲི་བ། ཡོ་བྱད་ཚོགས་པར་བྱ་བའོ། །དང་པོ་ནི། ས་ཕྱོགས་གཞན་དགོན་པ་ལྟ་བུར་དཀྱིལ་འཁོར་དང་མ་འབྲེལ་ན་དཀྱིལ་འཁོར་གྱི་སྐབས་སུ་བཤད་པ་ལྟར་ས་བརྟག་པ་ནས་གནང་བ་ཞུ་བའི་བར་དང་། བདག་བསྐྱེད་བཟླས་པའི་བར་རྫོགས་པར་བྱ། གསོལ་གདབ་མི་དགོས་ལ་ང་རྒྱལ་བསྐྱེད། དཀྱིལ་འཁོར་བཏེག ། བདག་བྱིན་རླབས་སྲུང་འཁོར་བགེགས་བསྐྲད་རྣམས་བྱའོ། །ཡང་དཀྱིལ་འཁོར་དང་འབྲེལ་བའི་ཚེ་དཀྱིལ་འཁོར་དང་ཧ་ཅང་མི་རིང་བའི་གནས་སུ་བྱེད་པ་ལ་ས་ཆོག་མི་དགོས་ལ་གཏོར་མ་ཞིག་སྤྱི་ལྟར་བྱིན་གྱིས་བརླབས། ཨ་ཀཱ་རོ་དང་། ན་མཿསརྦ་སོགས་ཀྱིས་ས་ཡི་བདག་པོར་བསྔོས་ནས་བར་ཆད་མ་བྱེད་ཅིག་ཅེས་བཀའ་བསྒོ་བ་ཙམ་གྲུབ་ན་ལེགས། དེ་ནས་སྟེགས་བུ་གྲུ་བཞི་པ་འདུ་

p. 547

བྱས་པའི་སྟེང་དུ། ཐིག་ཆེན་བརྒྱད་བཏབ། མཐོ་གང་དང་སོར་བཞི་པ་གཉིས་ཟླུམ་པོར་བསྐོར། ཐབ་ནང་མཆུ་དང་ཁ་ཁྱེར་རོ། །དེ་ཡི་རྒྱ་ཕྱེད་དཔངས་ཀྱི་ཚད། །ཁ་ཁྱེར་སོར་བཞིའི་དཔངས་དང་ལྡན། དབུས་ནས་མུ་རན་ནང་ཐིག་བར། །ཟུར་ཐིག་སྟེང་དུ་ཕྱེད་གསུམ་བགོ། །ཕྱེད་པ་ཚངས་ཐིག་ཕྱོགས་སུ་བཞག །ཕྱི་མ་གཉིས་པོ་གསུམ་གསུམ་བགོ། །དུམ་བུ་ལྔ་པ་དྲུག་པ་གཉིས། །རྩིག་པ་མདའ་ཡབ་བར་གྱི་ས། །སྒོ་དང་སྒོ་ཁྱུད་འགྲམ་དང་ལོགས། །སྒོ་ཡི་མུན་པ་བཅས་པ་གདབ། །དབུས་ནས་བརྒྱད་དང་གཅིག་པ་གཉིས། །གསུམ་དང་གཅིག་རྣམས་རིམ་པར་བསྐོར། །གདུང་དང་འཁོར་ལོ་ལ་སོགས་ཡིན། རེའུ་མིག་དགུ་སོགས་སྔར་བཞིན་གདབ། །དེ་ཕྱིར་ཆ་ཆེན་ཕྱེད་བགོས་ལ། །ལྷ་ཡི་སྣམ་བུ་རིམ་གཉིས་སམ། །ཡང་ན་རིམ་བཞིར་བགོས་ཀྱང་རུང་། །མདའ་ཡབ་ཟུར་རྩེར་སྒོ་ཚད་ཀྱི། །འཇིག་རྟེན་ཁོར་ཡུག་ཟླུམ་པོར་བསྐོར། །ཅེས་པ་ལྟར་ཐིག་གདབ་ཅིང་། འདིར་དཀྱིལ་འཁོར་ཉིས་སྦྲག་དང་རྟ་བབས་ཀ་བ་ཀ་རྒྱན་རྡོ་ར་འོད་ཕྲེང་རྣམས་མི་བྱེད་པ་རྗེ་གཙུག་ལག་ཕྲེང་བས་གསལ་བར་གསུངས་ཤིང་། དྲུང་མཛད་དང་། ཀར་ཊིཀ་ཏུའང་དཀྱིལ་འཁོར་སྒོ་རྐྱང་ཞེས་བྱུང་ཡང་། ཞྭ་དམར་ཐམས་ཅད་

p. 548

མཁྱེན་པ་ལྔ་པས་རྟ་བབས་མཛད་ཅིང་། དཀྱིལ་འཁོར་ཕྱི་མ་དང་ཁོར་ཡུག་རྡོ་ར་འོད་ཕྲེང་ཡང་ཐབ་ཀྱི་ཕྱི་རོལ་ཏུ་བྲི་བར་གསུངས་པ་རྣམས་གང་བྱས་མི་འགལ་མོད་ལག་ལེན་ལ་དཀྱུས་ཉིད་བདེའོ། །རྩིག་ཐབས་བྱེད་ན་དེའི་མཆུའི་ཚད་རྡོ་དང་འཇིམ་པས་མཐོ་གང་དུ་བརྩིགས་ཏེ་ཁ་ཁྱེར་གྱིས་རྩེ་མོའ་ཕྱི་རོལ་ནས་བསྐོར། བྲུ་ཐབས་ནི་ནང་ཚད་དཔངས་མཐོ་གང་བྲུ། མཆུའི་མཐའ་ནས་ཁ་ཁྱེར་སོར་བཞི་རྩིག །བྲི་ཐབ་ལ་མཆུའི་ནང་དུ་བུད་ཤིང་དཔངས་མཐོ་གང་དུ ་རྩིག་པའོ། །དེ་རྣམས་གང་བྱེད་ཀྱང་བ་ལྕི་དང་ས་དཀར་དང་དྲིའི་ཆུས་དཀར་པོར་བྱུགས། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། སྟེགས་བུའི་ཟུར་ཐིག་གི་རྩེར་ཟླ་ཕྱེད་རྡོ་རྗེ་བྲི། ཐབ་ཀྱི་ཉེ་འཁོར་རྣམས་ཀྱང་དཀར་པོར་བྱུགས་པའམ་མེ་ཏོག་དཀར་པོ་གཅལ་དུ་དགྲམ། མ་འབྱོར་ན་སྟེགས་བུའི་དོན་དུ་ལོགས་ནས་སོར་གཉིས་ཙམ་གྱི་མཐར་ཐིག་གྲུ་བཞིར་གདབ་བོ། །གཉིས་པ་དཀྱིལ་འཁོར་བྲི་བ་ནི། གདུང་འཁོར་ལོ་རྩིག་པ་ནས་མདའ་ཡབ་བར་གྱི་ཚོན་སོགས་གོང་དུ་བཤད་པ་ལྟར་དང་། རེའུ་མིག་དགུའི་དབུས་གཙོ་བོའ་གནས་སུ་འཁོར་ལོ་དཀར་པོ་རྩིབས་བརྒྱད། ཕྱོགས་བཞི་རྡོ་རྗེ་རིན་ཆེན་པདྨ་སྣ་ཚོགས་རྡོ་རྗེ། གྲྭ་བཞིར་ལྷ་མོ་བཞི་དང་རྩིབས་ཀྱི་

p. 549

སེམས་དཔའ་བཅུ་དྲུག་རྣམས་རང་རང་གི་ཕྱག་མཚན་དང་། རྡོ་རྗེ་ལེགས་པ་ལྟ་བུ་ཕྱག་མཚན་མེད་པ་རྣམས་རང་གི་ཕྱག་སྟབས། འཁོར་ལོའ་ཕྱི་གྲྭ་བཞིར་སྒེག་སོགས་བརྒྱད་དང་། ཕྱོགས་བཞིར་ནང་གི་སྒོ་བ་བཞིའི་མཚན་མ་རྡོ་རྗེ་རིན་པོ་ཆེ་པདྨ་རྒྱ་གྲམ་བྲི། དེའི་ཕྱི་ན་བསྐལ་བཟང་དཔེ་བྲལ་གྱི་ལྷ་སྣམ་གཉིས་སྒོ་བཞིར་ཁྲོ་བོ་བརྒྱད་རྣམས་ཕྱག་མཚན་ནམ་མདོག་མཚུངས་ཀྱི་ཚོན་སྤུང་། ཕྱི་རོལ་ཁོར་ཡུག་འཇིག་རྟེན་པའི་མཚན་མ་ཡང་སྤྱི་ལྟར་རོ། །ཉན་རང་ནི་འགྲེལ་པ་མཛེས་རྒྱན་དུ། འཕགས་པ་རང་རྒྱལ་དང་དྲང་སྲོང་ལ་སོགས་པ་རྣམས་བྱ་བ་ཆུང་ངུས་སྒྲུབ་པའི་ཕྱིར་མི་གཏོགས་སོ། །ཞེས་འབྱུང་བས་མ་བྲིས་པའམ། ཡང་ན་བྲིས་ཀྱང་མི་འགལ་ཏེ་ལུང་དེ་ནི་བྱ་སླ་བ་ཙམ་ལ་དགོངས་སོ། །ཡང་དེ་ཙམ་ཡང་མི་ནུས་ན་ཐབ་ཀྱི་རྒྱ་ཁྱོན་དེར་སོར་བཞི་དང་བརྒྱད་ནས་བསྐོར་བའི་ལྟེ་བ་འདབ་བཅས་ཀྱི་པད་དཀར་འདབ་བརྒྱད་ལྟེ་བར་རྡོ་རྗེ་དང་ཕྱོགས་བཞིར་རིགས་བཞི་མཚམས་བཞིར་ཡུམ་བཞིའི་མཚན་མ་བཀོད་ཀྱང་མི་འགལ་བ་རྗེ་ཞྭ་དམར་དྲུག་པའི་དྲིས་ལན་ཞིག་ཏུ་བྱུང་བ་ལྟར་བྱས་ནའང་རུང་ངོ་། །གསུམ་པ་ནི། དཀྱིལ་འཁོར་གྱི་རྒྱན་སོགས་ནི་སྔར་བཤད་པ་བཞིན་ཐབ་ཀྱི་ཕྱོགས་

p. 550

རྣམས་ནས་ཅི་བདེར་བཤམས། ནུབ་ཕྱོགས་སུ་ཀུ་ཤའི་ཁྲེས་ལ་རིག་སྔགས་འཆང་རྒྱན་གོས་དཀར་པོའ་ཆས་སུ་ཞུགས་པ་རྐང་མཐིལ་གཉིས་སྦྱར་བ་བཀྲ་ཤིས་ཀྱི་འདུག་སྟངས་སམ། དེ་ལས་ལོང་བུ་གཉིས་བསྣོལ་བ་པདྨའི་སྐྱིལ་ཀྲུང་གང་བདེས་འདུག །གཡས་གཡོན་དུ་སྟེགས་བུ་མཐོ་དམན་གཉིས་རེ་བཤམས། རའམ་བའི་མར་དཀར་གྱི་མར་ཁུ། གཡས་ཕྱོགས་སུ་མདུན་ངོས་ནས་བརྩམས་ཤིང་འོ་མ་ཅན་དྲི་ཞིམ་པོའ་ཡམ་ཤིང་། བྱང་ཆུབ་ཀྱི་ཤིང་སོགས་བོད་དུ་མི་འབྱོར་ཡང་བ་ལུ་ལྟ་བུ་འོ་མ་ཅན་དུ་བཏགས་པའི་རྩེ་མོའ་ཆ་ལས་བྱུང་བ་སྦོམས་སུ་སློབ་དཔོན་གྱི་མཐེའུ་ཆུང་ཙམ་དང་སྲིད་སོར་བརྒྱད་དམ་ཉི་ཤུའི་བར་གྱི་ཚད་ཅན་རྣམས་དྲི་བཟང་པོས་བྱུག་ཅིང་སྦྲང་འོ་མ་མར་ཁུ་རྣམས་ཀྱིས་རྩེ་མོ་སྦགས་པ། ཏིལ་ནག །ཡུངས་ཀར། འབྲས་མ་དྲུས་པ། སྦྲང་བུར་མར་ཁུ་ཞོ་བག་ཕྱེ་བསྲེས་པའི་ཟས་མཆོག་རིལ་བུའམ་ཕྱེ་མ། ཀུ་ཤ་སྔོན་པོ་རྩ་རྩེ་མ་ཉམས་པ། དུའི་མྱུ་གུ། གྲོ། ནས། སོ་བ། སྲན་མ་བིལ་ཝ། སྟར་ཀ། ཛཱ་ཏི་སོགས་ཤིང་ཏོག་སྟེ་སྲེག་རྫས་མེད་དུ་མི་རུང་བ་བཅུ་གསུམ་དང་། འབྱོར་ན་རིན་པོ་ཆེ་དང་། དར་ཟབ། སྨན། མེ་ཏོག །ཙན་དན་དཀར་དམར་ཨ་ཀ་རུ་སོགས་སྤོས་གང་འཛོམ། དེ་བཞིན་

p. 551

དུ་གཡོན་ཕྱོགས་སུ་གཡས་བསྐོར་དུ་རིམ་བཞིན་དྲི་ཞིམ་པོ་ལ་ཀུ་ཤ་དང་འབྲུ་སོགས་བླུག་པའི་མཆོད་ཡོན་དང་། ཆུ་གཙང་འོ་མ་དང་སྦྱར་བའི་ཞབས་བསིལ་ཏེ་ཆུ་གཉིས་སོ་སོར་བཟེད་ཞལ་དང་བཅས་པ་དང་། ཉེར་སྤྱོད་ལྔ་རྣམས་འཇིག་རྟེན་ལས་འདས་མ་འདས་ཀྱི་ཚར་གཉིས་རེ་བཤམས་པའམ། ཚར་གཅིག་སྤྱི་སོར་བཤམས་ནས་མཆོད་འབུལ་རེ་རེ་ཞིང་མཆོད་པ་ཁ་གསོ། མཆོད་རྫས་དང་། དེ་དག་གི་སྟེགས་བུ་དང་སྣོད་ཀྱང་ལས་ཀྱི་ཁ་དོག་དང་མཐུན་པ་ཤེལ་དངུལ་དུང་སོགས་དཀར་པོ་བྱ། རོ་སྲེག་གི་ཚེ་རྡོར་དྲིལ་གཡོན་དང་མར་སྣོད་མདུན་དུ་བཤད་ཅིང་། སྤྱིར་ན་མེ་ཡོལ་གྱི་ནང་སློབ་དཔོན་གྱི་མདུན་དུ་གཡས་ནས་རིམ་བཞིན། རླུང་གཡབ། མེ་ཏོག །དྲིལ་བུ། དགང་བླུགས་ཁ་སྦྱར། རྡོ་རྗེ། ལས་བུམ། མེ་ལྷའི་གདན་གྱི་ཀུ་ཤའི་ཆུན་པོ་བཅུའམ་ལྔ་བཞག །མར་སྣོད་གཡས་ཟུར་དུ་བཞག་ན་བདེའོ། །བུད་ཤིང་ནི་ཡམ་ཤིང་གི་རྒྱུ་དང་མཐུན་པའམ་ཤུག་པ་སོགས་དྲི་ཞིམ་པོ་དང་། སྲོག་ཆགས་མེད་པ་དགོན་པའི་བ་ལང་གི་གཅི་བའང་རུང་སྟེ་དྲི་བཟང་པོ་བྱུགས། ཡོ་བྱད་ཐམས་ཅད་ལ་གནོད་སྦྱིན་གྱི་སྔགས་ཀྱིས་གདབ་པ། དུས་ཚེས་བཅོ་ལྔའམ་གཞན་ཡང་རུང་སྟེ་སྲོད་དང་ཐོ་རངས་ལ་

p. 552

བྱའོ། །གཉིས་པ་དངོས་གཞི་ལ་གསུམ། འཇིག་རྟེན་པའི་ཆོ་ག །འཇིག་རྟེན་ལས་འདས་པའི་ཆོ་ག །སླར་ཡང་ལྷ་གཉིས་མཆོད་པའོ། །དང་པོ་ལ་ཡང་ཆོས་བཅོ་ལྔ་སྟེ། སྔོན་དུ་བདག་བསྐྱེད་སོགས་བྱ་བ། མཆོད་པ་དང་སྲེག་རྫས་བྱིན་རླབས། མེ་ལྷ་བསྐྱེད་པ། མེ་སྦར་བ། ཀུ་ཤ་བཏིང་བ། སྤྱན་འདྲེན་པ། མཆོད་ཡོན་ཕུལ་བ། ཕྱག་རྒྱ་གསུམ་གྱིས ་རྒྱས་གདབ་པ། དབང་བསྐུར། དམ་བཞག །དམ་རྒྱ་བཅིང་བ། བརྟན་པར་བྱ་ཞིང་ཕྲིན་ལས་བཅོལ་བ། མཆོད་པ། བྱོན་ཟན། སྲེག་རྫས་འབུལ་བའོ། །དང་པོ་ནི། སྔོན་འགྲོ་གཏོར་མ་ནས་བུམ་བཟླས་ཀྱི་བར་སྔར་བཞིན་ལ། རྡོར་དྲིལ་བྱིན་རླབས་ནི། རྡོར་དྲིལ་གུ་གུལ་གྱིས་བདུགས། གཡོན་ཕྱོགས་ནས་བླངས་ཏེ་ལག་པར་བཞག །བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཐབས་སྙིང་རྗེ་ཆེན་པོའ་རང་བཞིན། དེ་ཡང་སྟེང་འོག་གི་རྩེ་མོ་ལྔ་ལྔ་ནི་དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔའི་རང་བཞིན། ཡར་མར་གྱི་པད་འདབ་བཅུ་དྲུག་སེམས་དཔའ་སེམས་མ་བཅུ་དྲུག ། ལྟེ་བ་ཡི་དམ་གྱི་ལྷ། རྭའི་སྒོ་བཞི་ཁྲོ་བོ་བཞིའི་རང་བཞིན་དུ་གྱུར། གཡས་རྡོ་རྗེ་གསོར་ཞིང་། ཧཱུཾ། ཡེ་ཤེས་རྡོ་རྗེ་གསོར་

p. 553

ནས་སུ། །སེམས་ཅན་བྱང་ཆུབ་ལ་ནི་འགོད། །རྣམ་པར་དག་པའི་ཆོས་ཀྱི་དོན། །རྡོ་རྗེ་འཆང་གིས་བཟུང་བར་བྱའོ། །ཧཱུཾ་ཧཱུཾ་ཧཱུཾ། ཧོཿཧོཿཧོཿ ཨཱཿལས་དྲིལ་བུ་ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན། སྟེང་གི་པདྨའི་ཕྱོགས་བཞི་སྤྱན་སོགས་བཞི། ཕྲིན་ལས་ཀྱི་རང་བཞིན་མཚམས་བཞི་སྐུལ་བྱེད། ལུ་གུ་རྒྱུད་ཁྲོ་གཉེར་ཅན། རིན་ཆེན་སྒྲོན་བཞི། ལྟེ་བ་ཤེར་ཕྱིན་ཀུན་བཟང་གི་གཟུགས་འོད་དང་ལྡན་པ། རྩེའི་པད་འདབ་སྒེག་སོགས་བརྒྱད་དང་། རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། ༀ་བཛྲ་གྷཎྚ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པ་ཙཱ་ལི་ནི་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ་བཛྲ་དྷརྨ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ། ཧོཿཧོཿཧོཿ སྭཱ་ཧཱ ། རྡོར་དྲིལ་གར་དང་བཅས་པས་སྤྱི་བོར་དྲིལ་བུ་དཀྲོལ་ཏེ་དབང་བསྐུར་རོ། །དེ་ནས་ཕབ་ལ་ལག་པ་གཉིས་འཁྱུད་དེ་བསྐོར་ལ་རྡོ་རྗེ་ལན་གསུམ་གསོར་ཏེ། ཊཀྐི་ཛཿ ཧོཿ ཞེས་དྲིལ་བུ་ཐུགས་ཀར་གཏོད་ལ། ཤེས་རབ་ཆོས་ཀྱི་དྲིལ་བུ་འདི། །སངས་རྒྱས་ཐམས་ཅད་བྱང་བྱས་ཏེ། །མི་ཤེས་

p. 554

འདམ་དུ་བྱིང་བ་ཡི། །སེམས་ཅན་སངས་རྒྱས་དོན་དུ་དཀྲོལ། །སྤྱན་དྲངས་པའི་ལྷ་རྣམས་དགྱེས་ཕྱིར་དྲིལ་བུ་ལན་གསུམ་དུ་དཀྲོལ་ལོ། །དེ་ལྟར་སྐབས་འདིར་བྱིན་གྱིས་རླབས་ཀྱང་རུང་མོད་བདག་བསྐྱེད་སྲུང་འཁོར་གྱི་རྗེས་དེར་བྱས་ཀྱང་འབྲེལ་ཆགས་པར་སྣང་ངོ་། །སྐབས་འདི་ནས་བཟུང་སྦྱིན་སྲེག་མ་གྲོལ་བར་ལག་རྡོར་དྲིལ་ངག་སྨྲ་བཅད་ཡིད་ཏིང་ངེ་འཛིན་དང་མ་བྲལ་བ་དགོས་སོ། །གཉིས་པ་མཆོད་པ་བྱིན་རླབས་གོང་ལྟར་དང་། ཡམ་ཤིང་དང་སྲེག་རྫས་རྣམས། ༀ་བཛྲ་ཡཀྵས་བསངས། ཨ་ཀཱ་རོས་སྦྱངས། སྲེག་རྫས་རྣམས་སྟོང་པའི་ངང་ལས་ཨ་ཐུང་གི་དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། སྐུ་གསུང་ཐུགས་ཀྱི་དབྱིངས་གང་། དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་ཞུ་བ་དང་དབྱེར་མེད་དུ་གྱུར་པར་བསམས་ལ་རྩ་རིག་བརྗོད། གསུམ་པ་ཐབ་ཁུང་བསྐྱེད་པ་ནི། ལས་བུམ་གྱི་ཆུས་གཏོར། ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། ཐབ་ཁུང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་ཞི་བའི་ཐབ་དཀར་ཞིང་ཟླུམ་པ་རྒྱར་ཁྲུ་གང་གི་ཕྱེད་ཀྱི་དཔངས་

p. 555

དང་ལྡན་པ། སོར་མོ་བཞི་བཞིའི་ཚད་ཀྱི་མུ་རན་དང་ཁ་ཁྱེར་གྱི་སྟེང་དུ་རྡོ་རྗེ་དཀར་པོའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ། དེའི་དབུས་སུ་ཧྲཱིཿལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་པའི་ཟུར་རྣམས་སུ་ༀ་ལས་འཁོར་ལོ། ཨཱཿལས་པདྨ། ཧཱུཾ་ལས་རྡོ་རྗེ་རྣམས་ཡི་གེ་དེ་དག་གིས་མཚན་པའི་དབུས་སུ་རཾ་ལས་མེ་རཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་པདྨ་དང་ར་སྐྱེས་ཀྱི་གདན་ལ་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། གཡས་གཉིས་དབྱུག་པ་དང་མི་འཇིགས་པའི་ཕྱག་རྒྱ། གཡོན་གཉིས་ཕྲེང་བ་དང་རིལ་བ་འཛིན་པ་ཞི་བའི་ཉམས་ཅན་གསུས་པ་འཕྱང་བ་དྲང་སྲོང་གི་ཆ་བྱད་ཅན་ཚངས་སྐུད་དཀར་པོ་དང་། གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལུས་ལ་མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་འབར་བར་གྱུར། དེའི་ཐུགས་ཀར་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སྐུ་མདོག་སྔོན་པོ། སོགས་ནས། བཞུགས་པར་

p. 556

གྱུར། ཡན་སྲུང་འཁོར་ལྟར་བསྐྱེད། དེའི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་མཉེས། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་དང་། སྤྲོ་ན་སྒེག་སོགས་བརྒྱད་ཀྱིས་ཀྱང་མཆོད། དྲུང་མཛད་དུ་སྐབས་འདིར་སྲེག་རྫས་རྣམས། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་སྭཱ་ཧཱས་རིམ་པར་འབུལ་ཞེས་བྱུང་ཡང་མེ་སྦར་མ་ཟིན་པས་ལག་ལེན་ལ་མ་བདེ་བར་བྱུང་བས་དགོངས་པ་ཅི་ཡིན་བརྟག་དགོས་ཞེས་རྗེ་དཔའ་བོའ་ཆོ་གར་བྱུང་ཞིང་། ཀར་ཊིཀ་ཏུའང་མཆོད་བསྟོད་ཁོ་ན་ལས་མ་གསུངས་པས་དེ་ཉིད་ཀྱི་དགོངས་པ་གཙོ་བོར་བྱ་སྟེ། བསྟོད་པ་ནི། ཁྲོ་བོ་སྲིན་པོའ་ཆ་ལུགས་ཅན། །སོགས་རྐང་པ་སྔ་མ་གསུམ་འདྲ་བར། ཁམས་གསུམ་རྣམ་རྒྱལ་ཕྱག་འཚལ་བསྟོད། །བཞི་པ་མེ་སྦར་བ་ནི། རྒྱུན་བཞག་གི་མེ་སྟེ་བྲམ་ཟེའི་བུ་བཙའ་དུས་ཀྱི་མེ་མ་ཤི་བ་བསྙལ་བ་དེའམ་དཀའ་ཐུབ་པའམ་དགེ་འདུན་གྱི་ཚང་མང་གི་མེ་བླངས་ཏེ་མེ་སྣོད་དུ་བཞག་ལ་ལས་བུམ་གྱི་ཆུ་འཐོར་ཞིང་གནོད་སྦྱིན་གྱི་སྔགས་རྒྱས་བསངས། དཔལ་འབར་ལ་མེ་

p. 557

སྦར་ཏེ་སླར་ཡང་ཀུ་ཤའི་རྩེས་ལན་གསུམ་བསངས། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་བཟླ་ཞིང་མེ་ཐབ་ཀྱི་ཤར་ལྷོར་བཅུག་ལ་རླུང་གཡབ་ཀྱིས་སྦར། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སོགས་ཀུན་རིག་གི་སྙིང་པོ་ལན་གསུམ་བརྗོད་བཞིན་མར་ཁུ་བླུགས་གཟར་གྱིས་བཅུས་ཏེ་བླུགས་པས་མེ་གསོའོ། །ལྔ་པ་ཀུ་ཤ་བཏིང་བ་ནི། ཀུ་ཤའི་ཆུན་པོ་མ་ཉམས་ཤིང་ཧ་ཅང་རིང་ཐུང་སྤངས་པ་ཟུང་དུ་བྱས་པ་དག་རིམ་པར་བླངས་ཏེ་ལག་གཉིས་ཀྱིས་བཟུང་བ་ཅུང་ཟད་པད་བསྐོར་དང་བཅས་ཏེ། ༀ་ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །ས་ལས་སྐྱེས་པ་འདབ་མའི་སྙིང་། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ༀ་བཛྲ་སཏྭ་ཨཱཿ ཞེས་བརྗོད་ཅིང་ཆུན་པོ་གཉིས་ཐབ་ཀྱི་ཕྱི་ངོས་བྱང་དུ་ཁ་ཁྱེར་རམ་སྟེགས་བུ་ལ་རྩེ་མོ་ཤར་དུ་བསྟན་ཏེ་བཞག །དེ་བཞིན་དུ་ཚིགས་བཅད་སྔགས་བཅས་སམ་སྔགས་རྐྱང་པ་བརྗོད་བཞིན་ཆུན་པོ་གཉིས་ནུབ་ངོས་སུ་རྩེ་བྱང་དུ་བསྟན། གཉིས་ལྷོར་རྩེ་ནུབ་བསྟན། གཉིས་ཤར་དུ་རྩེ་ལྷོར་བསྟན་ཏེ་སྔ་མའི་རྩ་བ་

p. 558

ཕྱི་མའི་རྩེ་མོས་ནོན་པ་བྱ། གཉིས་རྩེ་ཤར་དུ་བསྟན་ཏེ་ཐབ་ཀྱི་དབུས་སམ་ཤར་ལྷོར་བཞག་གོ། །དྲུག་པ་ཡེ་ཤེས་ཀྱི་མེ་ལྷ་སྤྱན་འདྲེན་པ་ནི། གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་བཅས་ལ་ༀ་ཧྲཱིཿའི་རྩ་བར་གཡོབ་ཅིང་། ༀ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛད། །ༀ་ཨགྣ་ཡེ་མ་ཧཱ་ཏེ་ཛཿསརྦ་ཀཱ་མ་ཨརྠ་སཱ་དྷ་ཀ་ཀཱ་རུ་ཎ་ཀྲྀ་ཏ་མ་ཧཱ་ཏེ་ཛཿསཱ་དྷ་ཀཾ་ཨསྨིནྶནྣི་ཧི་ཏོ་བྷ་ཝ། མེ་ལྷ་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ལས་བུམ་གྱི་ཆུ་དང་། ཡཀྵས་བསངས་གཏོར་བྱས་ཏེ་ཕྱི་འབྲང་གི་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ ཞེས་དགུག་གཞུག །མེ་ཏོག་ཐབ་ཀྱི་ཤར་ལྷོར་དོར་ལ་རྡོར་ཐལ་པདྨ་ལྟར་ཁ་ཕྱེ་བས། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་གདན་བསྟབ། བདུན་པ་ནི། གཡས་ཁུ་ཚུར་ལས་ༀ་ཧཱུཾ་གིས་མེ་ཏོག་བཟེད་སྣོད་དུ་དོར་ལྷག་མ་གསུམ་གོང་རིམ་གྱིས་དཀྲོལ་ཏེ། ༀ་ཨགྣ་ཡེ་ས་པཱ་རི་ཝ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞབས་བསིལ་དབུལ། རྡོར་ཐལ་གྱེན་དུ་ཕྱེ་བས་དུང་ཆོས་བཟུང་བཟེད་ཞལ་དུ་བླུགས་ལ། པཱ་དྱཾ་གྱི་གནས་

p. 559

སུ། ཨརྒྷཾ་བཅུག་པས་མཆོད་ཡོན་ལན་གསུམ་དབུལ། བརྒྱད་པ་ནི། མེ་ལྷའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་ཀྱི་ལྕེའི་ཐད་ཀྱི་འདབ་མའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གསལ་བར་གྱུར་པར་བསམས་ཏེ། ལག་གཡས་སྐྱབས་སྦྱིན་ལས་ༀ་བཀུག་གཡོན་རིལ་བ་འཛིན་ཚུལ་གྱིས། ༀ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། བརྗོད་པ་ཆོས་རྒྱ། སྙིང་ཁར་ཨ་ལས་སྣ་ཚོགས་རྡོ་རྗེ་གསལ་བར་གྱུར། གར་དང་བཅས་པས་སྔར་གྱི་སྔགས་རྒྱས་སེ་གོལ་གདབ་པ་ལས་རྒྱ། སྙིང་ཁར་ཧཱུཾ་ལས་ཟླ་བ་རྡོ་རྗེ་གསལ་བར་གྱུར། གར་མེད་པའི་ཕྱག་རྒྱ་སྔར་ལྟར་བྱེད་པ་ཕྱག་ཆེན། དགུ་པ་ནི། ༀ་བཛྲ་རཏྣ་ཨ་བྷི་ཥིཉྩ། རྡོ་རྗེ་རིན་ཆེན་གྱི་དམ་རྒྱས་དབང་བསྐུར། བཅུ་པ་ནི། རྡོར་བསྡམས་ལས་ༀ་གཉིས་སྒྲེང་ཧཱུཾ་གཉིས་རིན་ཆེན་གྱི་རྣམ་པར་བྱས་མེ་ལྷའི་མགོ་བོར་བཞག་པའི་མོས་པས། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ༀ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། ཅེས་དམ་ལ་བཞག །བཅུ་གཅིག་པ་ནི། བསྡམས་པ་

p. 560

ལས་ཏྲཱཾ་གཉིས་སྒྲེང་སྟེ་དེའི་རྒྱབ་ཏུ་ཧཱུཾ་གཉིས་བཀུག་སྟེ་བཞག་ༀ་དང་ཨཿགཉིས་སོ་སོར་གཤིབས་ཏེ་བརྐྱང་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས། ༀ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། བརྗོད་ཅིང་དམ་ཚིག་གི་རིམ་པ་ལས་མི་འདའ་བར་བསམ་པ་ནི་དམ་རྒྱ། བཅུ་གཉིས་པ་ནི། ༀ་བཛྲ་རཀྵ་ཧཱུཾ། ཞེས་སྲུང་བའི་སྔགས་དང་དམ་རྒྱས་བརྟན་པར་བྱ། བསྡམས་པ་ལས་ཧཱུཾ་གཉིས་ཀྱིས་ༀ་སོ་སོ་ལ་འཁྱུད་པ་དམ་ཚིག་གི་ཁུ་ཚུར་གྱིས། ༀ་བཛྲ་བནྡྷ་ཧཱུཾ། ཞེས་དང་། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བའི་འཕྲིན་ལས་མཛོད་ཅིག །གཤིན་དོན་ཡིན་ན། ཚེ་ལས་འདས་པ་ཆེ་གེའི་སྡིག་པ་དང་སྒྲིབ་པ་སོགས་སྐབས་ཐོབ་བསྒྱུར་ཏེ་འཕྲིན་ལས་བཅོལ། བཅུ་གསུམ་པ་མཆོད་པ་ནི། ༀ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། ནས། ཤབྡའི་བར་སོ་སོའ་ཕྱག་རྒྱ་དང་བཅས་པས་གདན་མཆོད་འབུལ། སྤྲོ་ན་སྒེག་སོགས་བརྒྱད་སྔགས་ཙམ་དང་། འོག་ནས་འབྱུང་བའི་བསྟོད་པས་ཀྱང་བསྟོད་དོ། །བཅུ་བཞི་པ་བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྕེ་དང་དགང་བླུགས་ཀྱི་ཁར་རཾ་

p. 561

ཡིག་གིས་མཚན་པར་གྱུར། ལག་གཉིས་རྡོར་དྲིལ་དང་བཅས་པས་རྡོ་རྗེ་ཁུ་ཚུར་ལས་ཧཱུཾ་གཉིས་སྒྲེང་བས་དགང་བླུགས་བཟུང་། གཡས་པའི་བླུགས་གཟར་གྱིས་མར་ཁུ་གསུམ་མམ། བདུན་སོགས་དགང་གཟར་དུ་བླུགས་ཏེ་གང་བ་དང་ལག་གཉིས་སྔར་བཅས་ཀྱི་ཕྱག་རྒྱ་དེ་ཁ་སྦྱར། དགང་བླུགས་ཀྱང་ཁ་སྦྱར། གྲུ་མོ་གཉིས་པུས་མོ་ལས་མི་འདའ་བར་ལན་གསུམ་གཡས་སུ་བསྐོར་ནས། ༀ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་ཨཱ་དཱི་བྱ་སྭཱ་ཧཱ། ཞེས་གསུམ་བརྗོད་པས་འབུལ། སླར་ཡང་མར་ཁུ་དགང་བླུགས་གསུམ་མམ། བདུན་འབུལ་ལ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད། དམ། ཚེ་ལས་འདས་པ་ཆེ་གེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྟ་བུ་སྐབས་ཐོབ་ཀྱི་འདོད་དོན་གསོལ། མེ་པྲ་བརྟག་ལ་ངན་ན་གནོད་སྦྱིན་གྱི་སྔགས་དང་ལས་བུམ་གྱི་ཆུས་བསངས། ཧ་བྱ་སོགས་ཀྱི་བསྲེག་བླུགས་བདུན་ཕུལ་ཏེ་ངན་པ་བཟློག །མེ་པྲ་བརྟག་ཚུལ་ལ་རྗེ་དཔའ་བོའི་རྒྱལ་བ་རྒྱ་མཚོའ་ཆོ་གར། བོད་ཀྱི་ཡིག་ཆ་རྣམས་ལས་མེ་པྲ་སྐབས་འདི་ཁོ་ནར་བརྟག་པ་བྱེད་པ་སྣང་ཡང་རྒྱུད་སྡེ་གོང་འོག་དང་རྒྱ་གཞུང་ཚད་

p. 562

ལྡན་གྱི་དགོངས་པ་ནི་འདི་ནས་བརྩམས་ཏེ་ཇི་སྲིད་ཐབ་ཁུང་གི་བུད་ཤིང་རྣམས་ཀྱི་ནུས་པ་མ་རྫོགས་པ་དེ་སྲིད་དུ་བརྟག་པར་བྱ་ཞིང་། ནམ་དུ་བ་དཀུ་བ་དང་མེ་སྟག་དྲག་ཏུ་འཕྲོ་བ་དང་དྲི་ང་བ་དང་དབྱིབས་མདོག་མི་སྡུག་པ་མཐོང་བའི་ཚེ། ཀུ་ཤས་ནང་མཆོད་གཏོར་དྲག་སྔགས་བརྗོད་པས་བགེགས་བསངས། བྱོན་ཟན་གྱི་སྐབས་ལྟར་མར་གྱིི་དགང་བླུགས་དབུལ་བར་བྱའོ། །ཁྱད་པར་རོ་སྲེག་གམ་གཤིན་དོན་དུ་ཞི་བའི་སྦྱིན་སྲེག་བྱེད་པ་ལ་ནི་སྦྱིན་སྲེག་གི་དངོས་གཞི་ཟིན་ལ་ཁད་པ་ཙམ་ནས་མེ་པྲ་འབྱུང་དགོས་ཏེ། དེའི་མེ་པྲ་ནི་དམིགས་ཡུལ་གྱི་སྡིག་པ་དག་པའི་མཚན་མ་ལས་འབྱུང་དགོས་པས་འཇིག་རྟེན་པའི་མེ་ལྷ་སྤྱན་དྲངས་པ་ཙམ་གྱིས་དམིགས་ཡུལ་གྱི་སྡིག་པ་དག་མི་ནུས་སོ། །ཇི་སྐད་དུ། སྦྱོང་རྒྱུད་ལས། ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །དེ་ནས་དེ་ནི་ངེས་པར་ཡང་། །ལྷ་ཡི་གནས་སུ་སྐྱེས་གྱུར་ན། །དེ་ཡི་མཚན་མ་སྟོན་པར་བྱེད། །ཡང་ན་ལྷ་ཡི་མཆོག་ཏུ་འགྱུར། །ཡང་ན་ཧོམ་ཁུང་ནང་དུ་ནི། །མེ་ཡི་ལྟས་ནི་སྟོན་བྱེད་ཅིང་། །ལྷ་ཡི་གནས་སུ་སྐྱེས་པ་དང་། །སྡིག་བཅོམ་པ་ཡི་མཚན་མར་ནི། །དཀར་པོ་ཉིད་དུ་གཡས་སུ་འབར། །གྱེན་དུ་འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་ལ། །བརྟན་པ་གློག་

p. 563

བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱིས་ནི། །བདག་ཉིད་དེ་བཞིན་སྟོན་བྱེད་དེ། །ཟླ་བ་དྲི་མེད་དཀར་འདྲ་ལ། །བཞིན་མདོག་བཟང་ཞིང་ལྷམ་མེར་འབར། །དེ་ཡི་མཚན་མ་འདི་དག་གིས། །དམྱལ་བ་ལ་སོགས་རྣམ་གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པར་ཤེས་པར་བྱ། །ཞེས་མེ་དཀར་ཞིང་སྣུམ་པ་དུ་བ་མེད་པའམ་མེ་ལྷ་རང་གཟུགས་ཞི་བར་སྟོན་ན་ཕ་རོལ་པོའི་སྡིག་པ་དག་པའི་མཚན་མ་ཡིན་ནོ། །མདོར་ན་མེ་པྲ་རྣམས་ལས་དེ་གྲུབ་མ་གྲུབ་ཀྱི་མཚན་མ་ཡིན་པར་ཤེས་པར་བྱོས་ཤིག །ཅེས་བཀའ་སྩལ་པ་ལྟར་ངེས་པར་བྱའོ། །བཅོ་ལྔ་པ་སྲེག་རྫས་འབུལ་བ་ནི། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ་རྩེ་མོ་སྟེང་དུ་བསྟན་ལ་གཡས་པའི་ༀ་ཧྲཱིཿསྦྱར་བས་འབུལ་ཞིང་། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་ཡམ་ཤིང་རེ་བསྟུན་ནས་དབུལ་ཞིང་སྔགས་བཟླ་གྲོགས་ཡོད་ན་དུ་ཡོད་ཀྱི་ཡམ་ཤིང་སྔགས་རེ་ལ་འབུལ། སློབ་མ་གྲངས་འཛིན་པོས་ཀྱང་དེ་སྙེད་ཀྱི་གྲངས་འཛིན། དེང་སང་སྦྱིན་སྲེག་ལ་གྲངས་རྐུན་འབྱུང་བ་ཡང་འདི་ནས་འབྱུང་བ་ཡིན་ནོ། །དེ་ལྟར་སྔགས་ཚར་གསུམ་མམ་བདུན་ནམ་བཅུ་རེ་ཙམ་གྱི་ཐ་མ་ལ། ༀ་

p. 564

བོ་དྷི་བྲྀཀྵཱ་ཡ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སམ། ཚེ་ལས་འདས་པ་ཆེ་གེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད། ཅེས་པ་ལྟ་བུ་སྐབས་སྦྱར་གྱི་འདོད་དོན་སྤེལ་ཚིག་བརྗོད། དེ་ལྟར་ཉེར་གཅིག་གམ་བརྒྱ་རྩ་ལྟ་བུ་རྫོགས་པར་དབུལ། ཨུ་དུམྺ་ར་དང་ཡམ་ཤིང་རེ་ལ་སྔགས་སོ་སོར་ཡོད་མོད་བོད་དུ་ཤིང་དེ་དག་མི་རྙེད་པས་མོས་པ་ཙམ་དུ་བྱེད་ཅིང་སྐྱོན་ཆུང་བར་བསམས་ཏེ་ཡམ་ཤིང་ཐམས་ཅད་བྱང་ཆུབ་ཤིང་གི་སྔགས་འདི་ཁོ་ནས་འབུལ་བར་བྱེད་དོ། །དེ་བཞིན་དུ་ཐོག་མཐའི་སྔགས་དང་སྤེལ་ཚིག་སྦྱོར་ཚུལ་འདིས་རིགས་བསྒྲེས་ཏེ། ༀ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་དགང་བླུགས་ཀྱིས་དབུལ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་ནག་གིའོ། །ཡུངས་ཀར་ཡང་དེ་ཉིད་དོ། །ༀ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། འབྲས་མ་གྲུས་པའི་འོ། །ༀ་སརྦ་སམྤ་དེ་སྭཱ་ཧཱ། ཟས་མཆོག་གི་སྟེ་ཕྱེ་མ་ཡིན་ན་བླུགས་གཟར་གྱིས་དབུལ། ༀ་ཨ་པྲ་ཏི་ཧ་ཏཱ་ཡ་སྭཱ་ཧཱ། ཀུ་ཤའི་འོ། །ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དུའི་འོ། །ༀ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོའི་འོ། །ༀ་བཛྲ་བི་ཛ་ཡེ་སྭཱ་ཧཱ། ནས་དང་སོ་བའི་འོ། །ༀ་

p. 565

བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། སྲན་མའི་འོ། །ༀ་བཛྲ་ཤྲི་བ་ཡེ་སྭཱ་ཧཱ། བིལ་ཝ་སྟར་ཀ་ཛཱ་ཏི་ཕ་ལ་སོགས་ཤིང་ཏོག་ཐམས་ཅད་ཀྱིའོ། །དེ་ལྟར་འབུལ་ལུགས་དམིགས་བསལ་མེད་པའི་འབྲུ་སོགས་སྲེག་རྫས་རྣམས་གཡས་པའི་ༀ་ཧྲཱིཿསྦྱར་བས་དབུལ། སྡོམ་འབྱུང་སོགས་ལས། ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཁུ་བའི་རྫས་ནི་ཞལ་དུའོ། །གོང་བུའི་རྫས་ནི་ཕྱག་དུའོ། །ཀུ་ཤ་ནི་གདན་དུའོ། །དུ་དང་མེ་ཏོག་ནི་དབུ་ལའོ། །ཞེས་འབྱུང་བ་ལྟར་བསམས། མེ་གསོ་བའི་ཕྱིར་བར་བར་དུ་མར་ཁུ་དགང་བླུགས་ཀྱིས་དབུལ། དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ། ཚེ་རིང་བར་འདོད་ན་དུ། བགེགས་ཞི་བ་སོགས་ལ་ཡུངས་ཀར་མང་བར་འབུལ་ཞིང་གྲངས་ཀྱང་དེ་ཉིད་གཙོ་བོར་འཛིན་དགོས་པར་གསུངས་པས་འདིར་གཤིན་དོན་གཙོ་ཆེར་ཏིལ་ཉིད་གྲངས་མང་བར་དབུལ་ཞིང་མར་ཁུ་དང་ཡམ ་ཤིང་ནི་ཀུན་ལ་མེད་ཀ་མེད་དོ། །སྐབས་འདིར་རྩ་བར་མ་གསུངས་ཀྱང་སྤྲོ་ན་མཆོད་བསྟོད་བྱས་ཀྱང་མི་འགལ་ཏེ་རྗེ་བརྒྱད་པའི་རྒྱུད་སྡེ་སྤྱིའི་སྦྱིན་སྲེག་ཏུ་འབྱུང་བས་སོ། །དེ་ནས་མར་ཁུ་དགང་བླུགས་གསུམ་ཕུལ་ནས། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་

p. 566

བར་ཆད་ཐམས་ཅད་ཞིི་བར་མཛད་དུ་གསོལ། ཞེས་སམ། ཚེ་ལས་འདས་པ་ཆེ་གེའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཆོ་ག་ལ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་གཞུག་པ། དབང་བསྐུར། རྒྱས་གདབ། མཆོད་བསྟོད། བྱོན་ཟན། སྲེག་རྫས་འབུལ་བ། མཆོད་བསྟོད། གསོལ་གདབ། བཟོད་གསོལ། གཤེགས་གསོལ་ཏེ་བཅུ་གཅིག་གི་དང་པོ་ནི། རྡོ་རྗེ་རྒྱུའི་ལས་རྒྱས། ༀ་སརྦ་བིད་མཎྜ་ལ་བཛྲ་ཙཀྲ་ཧཱུཾ། ཞེས་བརྗོད་པས། མེ་ལྷའི་ལྟོ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་ཕྱི་ནང་གཉིས་ནི། སོགས་འཇིག་རྟེན་པའི་བར་མདུན་བསྐྱེད་ལྟར་བསྐྱེད། གཉིས་པ་ནི། ༀ་སརྦ་བིདྷྭཱ་རོད་སོགས་ཀྱིས་སྒོ་ཕྱེ་ནས་ཡེ་ཤེས་པ་སྤྱན་འདྲེན་ནས་བཟུང་གཞུག་པ། གསུམ་པ་དབང་བསྐུར། བཞི་པ་རྒྱས་གདབ་པ་རྣམས་བུམ་བསྐྱེད་ཀྱི་འདོན་བྱ་བླངས་ཏེ་བརྗོད་ལ། དབང་ལྷ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་པ་དང་དབྱེར་མེད་དུ་གྱུར། ཅེས་པ་ནི་ཁྱད་པར་རོ། །ལྔ་པ་ནི། མདུན་བསྐྱེད་ཀྱི་མཆོད་བསྟོད་ཡོངས་རྫོགས་སམ། བསྡུ་ན། ཁོ་

p. 567

བོས་བགྱིས་པའི། ཟླ་བ་ཞུན་མར་སོགས་ཀྱི་ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་དང་། གཞན་ཡང་མཆོད་པ་བཅོ་བརྒྱད་པ། སྒེག་སོགས་བརྒྱད་ཙམ་གྱིས་མཆོད། བསྟོད་པ་གང་རིགས་ཀྱིས་བསྟོད། དྲུག་པ་ནི། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སོགས་གཙོ་བོའ་སྔགས་ཀྱི་མཐར། ཧ་བྱ་ཀ་བྱ་སོགས་བཏག་པས་མར་ཁུ་དགང་གཟར་བདུན་ནམ་ཉེར་གཅིག་སོགས་འབུལ་ཞིང་སྤེལ་ཚིག་གདགས། བདུན་པ་བསྲེག་རྫས་འབུལ་བ་ནི། ལོང་ཆུང་ན་གཙོ་འཁོར་ལྷན་ཅིག་ཏུ་བསྡོམས་ཏེ། ༀ་ཤོ་དྷ་ནི་ཤོ་དྷ་ནི་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་ས་པ་རི་ཝཱ་ར་ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་གཙོ་བོའ་སྔགས་ལ་ས་པ་རི་ཝཱ་ར་བཏགས། སྔགས་རེ་དང་ཡམ་ཤིང་རེ་བསྟུན་ནས་འབུལ་ཞིང་། བདུན་ནམ་བཅུ་རེ་ཙམ་གྱི་ཐ་མ་ལ། ༀ་བོ་དྷི་བྲྀཀྵ་ཡ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད། དམ། ཚེ་ལས་འདས་པ་ཆེ་གེ་མོའ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྟ་བུ་སྐབས་ཐོབ་ཀྱི་སྤེལ་ཚིག་གདགས། སྔགས་བཟླ་བའི་ཚེ་འོད་ཟེར་གྱི་སྤྲོ་བསྡུས་གཤིན་པོའ་སྡིག་པ་སྦྱངས་ནས་ཁྱབ་

p. 568

བདག་རྣམ་སྣང་ཆེན་པོའ་གོ་འཕང་ལ་བཀོད་པར་བསམས་པ་ནི་འོག་རྣམས་སུ་ཡང་དྲན་པར་བྱས་ནས་བརྒྱ་རྩ་ལྟ་བུ་གྲངས་ཅི་ཙམ་པ་རྫོགས་པར་འབུལ་ཞིང་སྲེག་རྫས་གཞན་རྣམས་ཀྱང་དེ་ལྟར་འབུལ་བའམ། ཡང་ལོང་ཆེ་ན། ༀ་ཤོ་དྷ་ནི་སོགས། སྭཱ་ཧཱའི་མཐར། ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་བདུན་རེ་ཙམ་གྱི་མཐར་སྤེལ་ཚིག་ཀྱང་སྦྱར་བ་བརྒྱ་རྩའི་བར་དང་། དེ་བཞིན་དུ་ཤིང་ཏོག་གི་བར་སོ་སོར་རིགས་བསྒྲེས་པ་གཙོ་བོ་དང་། འཁོར་རྣམས་ལའང་སོ་སོའ་སྔགས་སྦྱོར་ཚུལ་དེ་བཞིན་དུ་བྱས་ཏེ་སྲེག་རྫས་བཅུ་གསུམ་པོ་རིགས་བཞི་ཡུམ་བཞི་སེམས་དཔའ་བཅུ་དྲུག་རྣམས་ལ་བརྒྱ་རྩ་བརྒྱད་རེ། ལྷ་གཞན་ཁོར་ཡུག་འཇིག་རྟེན་པའི་བར་ཐམས་ཅད་ལའང་གསུམ་མཾ་བདུན་ནམ་ཉེར་གཅིག་རེ་དབུལ། མདོར་ན་སྔགས་གསུམ་མམ་བདུན་ནམ་བཅུ་རེ་ཙམ་གྱི་མགོར་སྙིང་པོ་ཚར་རེ་དང་། མཐར་སྤེལ་ཚིག་གདགས་པ་རྒྱས་བསྡུས་གཉིས་ཀ་དང་འདས་མ་འདས་གཉིས་ཀར་འདྲ་ཞིང་། གྲངས་འཛིན་དང་འབུལ་ཚུལ་སོགས་གོང་འཇིག་རྟེན་པའི་མེ་ལྷའི་སྐབས་དང་ཁྱད་པར་མེད་དོ། །དེ་ནས་གལ་ཏེ། ན་བཟའ་དང་། ཙམ་པ་ཀ་སོགས་མེ་ཏོག །ཙན་དན་ཨ་ག་རུ་སོགས་སྤོས་རྣམས་ཡོད་ན་ཆོ་ག་རང་

p. 569

གཞུང་གི་ཚིགས་བཅད་སྔགས་བཅས། དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡི། །ངོ་ཚ་ཁྲེལ་ཡོད་ལྡན་པ་ལྷ་ཡི་གོས། །སོགས་དང་། འདོད་པའི་འདམ་གྱིས་མ་གོས་མེ་ཏོག་མཆོག །སོགས་དང་། གནས་འདིའམ་ནི་གཞན་དག་ན། །གང་དག་སྤོས་ཀྱི་ཤིང་བཟང་པོ། །སོགས་ཀྱིས་འབུལ། སྨན་སྣ་རིན་པོ་ཆེའི་རིགས་སོགས་འབུལ་ཚིག་དམིགས་བསལ་མེད་པ་རྣམས་སྙིང་པོ་ལ། ༀ་ཨཱཿཧཱུཾ། བཏགས་པས་འབུལ་ཞིང་། དེ་ཐམས་ཅད་ལའང་སྤེལ་ཚིག་སྦྱར་རོ། །དེ་ནས་སྤྲོ་ན་སྐབས་འདིར་ཁྲུས་གསོལ་ཡང་བྱའོ། །བརྒྱད་པ་ནི། གཞི་ཡི་ཆོས་ཉིད་སོགས་མཆོད་པ་རྒྱས་བསྡུས་གང་འོས་དང་། ཆོས་དབྱིངས་ཡེ་ཤེས་སོགས་ཀྱི་བསྟོད་པ་རྒྱས་པས་བསྟོད། དགུ་པ་ནི། མར་དགང་བླུགས་གསུམ་མམ་བདུན་ལ་སོགས་པ་བྱོན་ཟན་ལྟར་དབུལ་བའི་མཐར། ཐལ་མོ་སྦྱར་ཏེ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་ལས་ཀྱི་དངོས་གྲུབ་ཀྱི་མཆོག་མྱུར་དུ་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་སམ། གཤིན་དོན་ཡིན་ན། འཇིག་རྟེན་འདི་

p. 570

ནས་འཇིག་རྟེན་ཕ་རོལ་ཏུ་འདས་པ་འདི་ཞེས་བྱ་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། བཅུ་པ་དམ་རྒྱ་བཀྲོལ་ནས། ཡིག་བརྒྱས་ལྷག་ཆད་ཁ་བསྐང་ཞིང་བཟོད་གསོལ་དང་། བཅུ་གཅིག་པ་ཡེ་ཤེས་པ་གཤེགས་པ་རྗེས་ཆོག་ལྟར་བྱའོ། །གསུམ་པ་ལ། མེ་ལྷ་དང་ཁྲོ་བོ་མཆོད་པ་གཉིས་ཀྱི་དང་པོ་ལ། མཆོད་པ། བསྟོད་པ། གསོལ་གདབ། གཤེགས་པ་བཞིའི་དང་པོ་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་འཕྲིས་མཛོད། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཚིགས་བཅད་དང་སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ་ནས། རོལ་མོའ་བར་དང་། ཨརྒྷཾ་གྱི་མལ་དུ། པཱ་དྱཾ་ནས། ཤབྡའི་བར་བཅུག་པས་མཆོད། སྲེག་རྫས་རྣམས་གཏང་རག་གི་ཚུལ་དུ་ལན་གསུམ་རེ་སྔར་འཇིག་རྟེན་པའི་སྐབས་བཞིན་འབུལ། གཉིས་པ་ནི། འཇིག་རྟེན་དབང་

p. 571

ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། གསུམ་པ་ནི། ཡོན་བདག་ཡོད་ན་གཡོན་དུ་བཞག་ལ་བྱ། མེད་ཀྱང་མེ་ལྷའི་བྱོན་ཟན་ལྟར་མར་ཀྱི་དགང་བླུགས་དབུལ་ཞིང་། འདས་པའི་སྐབས་ལྟར་འདོད་དོན་གསོལ་བ་གདབ། ཡིག་བརྒྱ་དང་བཟོད་གསོལ་བྱའོ། །བཞི་པ་ནི། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་མུཿ ཞེས་བརྗོད་ཅིང་སྤྱན་འདྲེན་པའི་ཕྱག་རྒྱ་ལས་ༀ་ཕྱིར་བཀྱེད་པས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། གཉིས་པ་ཁྲོ་བོ་མཆོད་པ་ལ་ལྔ། ཁྲོ་བོ་གཉིས་བསྐྱེད། ཉེར་སྤྱོད་དབུལ། ཡམ་ཤིང་དང་མར་ཁུ་དབུལ་བ། སྲེག་རྫས་ཀུན་དབུལ་བ། བསྟོད་ནས་གཤེགས་སུ་གསོལ་བའོ། །དང་པོ་ནི། ཐབ་དང་ཡོ་བྱད་རྣམས་ལ་བསངས་གཏོར་བྱས་ཏེ། བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་

p. 572

རྒྱལ་སོགས་ནས། བཞུགས་པར་གྱུར་གྱི་བར་དང་། ཐབ་ཁུང་གི་དམ་ཚིག་པའི་མེ་ལྷ་རྡོ་རྗེ་སེམས་དཔར་གྱུར་པའི་ཐུགས་ཀ་ནས་ༀ་བཛྲ་སཏྭ་ཀྲོ་དྷ། སོགས་ནས། པྲ་ཎཱཎ་ཧཱུཾ་ཕཊ། ཅེས་པའི་སྔགས་བྱུང་སྟེ་རྡོར་སེམས་ཡོངས་སུ་གྱུར་པ་ལས་འཇིག་རྟེན་གསུམ་རྒྱལ། སོགས་བཤད་མ་ཐག་པ་ལྟར་བསྐྱེད། གཉིས་པ་ནི། ཆུ་གཉིས་སོགས་གོང་བཞིན་མཆོད། གསུམ་པ་ནི། ༀ་བཛྲ་སཏྭ་ཀྲོ་དྷ་སོགས་ཀྱི་མཐར། ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བཏགས་པས་ཡམ་ཤིང་དང་། ༀ་ཨགྣ་ཡེ་སྭཱ་ཧཱ། སྦྱར་བས་མར་ཁུ་དབུལ་ཞིང་སོ་སོར་སྤེལ་ཚིག་འོག་ལྟར་སྦྱར། བཞི་པ་ནི། སྲེག་རྫས་ལྷག་མ་གཞན་རྣམས་གཅིག་ཏུ་བསྲེས་ལ། ཨ་མྲྀ་ཏས་བསངས། ལག་གཡོན་ཁུ་ཚུར་གྱི་ཧཱུཾ་སྒྲེང་དཔུང་པ་བྲང་ལ་དམ་དུ་སྦྱར་གཡས་པས་སྲེག་རྫས་དབུལ་ཞིང་། ༀ་བཛྲ་སཏྭ་ཀྲོ་དྷ་སོགས་ཀྱི་མཐར་སྲེག་རྫས་བཅུ་གཅིག་གི་སྔགས་རྣམས་བསྡེབས་སུ་ཡོད་པའི་རྗེས་སུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིའམ། ཚེ་ལས་འདས་པ་ཆེ་གེའི་ལས་དང་ཉོན་མོངས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་

p. 573

སྭཱ་ཧཱ། ཞེས་ཁོ་ན་བརྗོད་པས་མ་ཟད་ཀྱི་བར་དུ་དབུལ་ལོ། །ལྔ་པ་ནི་སྔར་ལྟར་བསྟོད། བཛྲ་མུཿ ཁྲོ་བོ་རང་གི་ལུས་ལ་ཞུགས་པར་གྱུར། ཅེས་བརྗོད་དེ། མེ་རང་ཞིར་གཞུག་པའམ། འོ་མ་དང་དྲིའི་ཆུས་ཞི་བར་བྱ། བསྔོ་བ་དང་། བདག་སྲུང་བ། བཀྲ་ཤིས་རྣམས་བྱའོ། །ལྔ་པ་ཕུང་པོ་སྲེག་པའི་སྒོ་ནས་སྡིག་པ་སྦྱང་བ་ལ་གཉིས། དངོས་དང་། ཞར་བྱུང་བྱང་བུ་སྲེག་ཚུལ་ལོ། དང་པོ་ནི། བྲུ་ཐབ་བམ་བྲི་ཐབ་སྔར་བཤད་པ་ལྟ་བུའི་ནང་དུ་ཤིང་སྐམ་རློན་མཚམས་པའི་ཚལ་པས་ཆེས་དམ་པར་མི་འགུལ་ཞིང་གསེབ་ཏུ་མེ་མི་འགྲོ་བ་བཅེར་བའི་ཁྲིའམ། ཡང་ན་རྡོ་དང་སོ་ཕག་གི་ཁྲི་གང་རུང་ལ། རས་སམ་ཤོག་བུ་ལ་པདྨ་འདབ་བརྒྱད་ལྟེ་བར་འཁོར་ལོ་དཀར་པོས་མཚན་པ་བྲིས་ཏེ་ཞུན་མར་གྱིས་བསྒོས་པ་ཁྲི་དེ་ལ་གཡོགས། དེ་ནས་ཆས་སུ་གཞུག་པ་ནི། སྦྱོང་རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་མཆོག་གིས་ནི་བཀྲུས་ནས་སུ། །བཟླས་པའི་དྲི་ཡིས་བྱུགས་པར་བྱ། །གོས་དང་རྒྱན་གྱིས་བཀླུབས་ནས་ཀྱང་། །སྔགས་ཀྱིས་བཏབ་པའི་བདུག་པས་བདུགས། །མེ་ཏོག་ཕྲེང་བ་ལ་སོགས་མཆོད། །གཙུག་ཕུད་དཔུང་པ་དེ་བཞིན་དུ། །སྔགས་བྲིས་ནས་ནི་གདགས་པར་བྱ། །ཞེས་

p. 574

སོགས་གསུངས་པས་དབང་བསྐུར་སོགས་སྔར་བྱས་ན་དེ་ཉིད་སྲེག་པའི་གནས་སུ་ཁྱེར་ཆོག་མོད་ཀྱང་། འདིར་མ་བྱས་པའི་དབང་དུ་བྱས་ནས་བདག་མདུན་བུམ་གསུམ་སྔོན་དུ་འགྲོ་བ་བྱས། ཕུང་པོ་ལ། ༀ་བཛྲ་སཏྭ་ཀྲོ་དྷ། སོགས་ཀྱིས་བགེགས་བསྐྲད ། རྩ་རིག་དང་ངན་སོང་སྦྱོང་སྔགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ། རྩ་རིག་བཟླས་པའི་དྲིས་བྱུགས། རས་ཁ་ཚར་མ་ཉམས་པའི་གོས་རྩ་རིག་སྔགས་པས་དཀྲིས། ཡཀྵ་བཟླས་པའི་གུ་གུལ་གྱིས་བདུག །མེ་ཏོག་ཕྲེང་བའི་རྒྱན་གྱིས་མཛེས་པར་བྱས། གནས་ཡིག་དགོད་པ་ནི། མགོ། མཛོད་སྤུ། རྣ་བ་གཡས་གཡོན། གཙུག་ཕུད་དང་ལྔར་རིགས་ལྔའི་སྔགས། དཔུང་པ་གཡོན་ལ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་ནི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ། དཔུང་པ་གཡས་པར་རྩ་རིག །སྣ་གཉིས་ལ། ༀ་སརྦ་བིད་ཧཱུཾ། རྐེད་པར། ༀ་སརྦ་བིད་ཕཊ། པུས་མོ་གཡས་སུ། ༀ་སརྦ་བིད་ཨཱཿ གཡོན་པར། ༀ་སརྦ་བིད་ཏྲཊ། བོལ་གཡས་སུ། ༀ་སརྦ་བིད་ༀ། གཡོན་དུ། ༀ་སརྦ་བིད་སྭཱ། ལོང་བུ་གཡས་པར། ༀ་སརྦ་བིད་ཨཱཿ གཡོན་པར། ༀ་སརྦ་བིད་ཧཱུཾ། མིག་གཡས་སུ། ༀ་སརྦ་བིད་ཏྲཊ། གཡོན་ལ།

p. 575

ༀ་ཤ །གསང་གནས་སུ། ༀ་བྷ། ཞེས་པ་རྣམས་གནས་བཅོ་བརྒྱད་པོ་དེ་དག་ཏུ་ཤོག་བུ་ལ་གུར་གུམ་གྱིས་བྲིས་ཏེ་གདགས། སྙིང་ཁར་ཡང་གཟུངས་རིངས་གདགས་ཏེ་སྔགས་རྣམས་ཀྱི་འོད་ཀྱིས་སྒྲིབ་པ་བསལ་བར་བསམ། དེ་ཙམ་ལོང་མེད་ན། སྔགས་ཐམས་ཅད་ཚར་གསུམ་བྲིས་ལ་གནས་བཅོ་བརྒྱད་དུ་ཀློག་པའི་ཚུལ་བྱས་ནས་མགོ་དང་དཔུང་པ་གཉིས་སུ་གདགས། ཕྱིར་བཟློག་དང་དབང་བསྐུར་གྱིས་སྡིག་པ་སྦྱངས་ཟས་གོས་གཏད་པ་རྣམས་བྱས་ཏེ་ལྷར་གསལ་བ་དེ་ཉིད་ཁྱོགས་སོགས་ཀྱིས་ཁྱེར་ཏེ། དེ་ཡང་སྟོང་ཉིད་ཏིང་འཛིན་གྱི་གཞུང་ལྟར། དེའི་སར་འགྲོ་བའི་མི་རྣམས་ལ་སྲུང་སྐུད་གདགས་ཤིང་། གདུགས་འཛིན་པ་བརྒྱ་བྱིན། རྔ་ཡབ་ཐོགས་པ་ཚངས་པ། རལ་གྲི་ཐོགས་པ་ཁྱབ་འཇུག །བསྟོད་པ་འདོན་པ་བདེ་བྱེད། རོའ་ལས་བྱེད་པ་གཤིན་རྗེ། བུམ་པ་ཐོགས་པ་ཆུ་ལྷ། དགང་བླུགས་ཐོགས་པ་མེ་ལྷ། བཟའ་བཏུང་ཐོགས་པ་བདེན་བྲལ། བ་དན་ཐོགས་པ་རླུང་ལྷ། གཞན་རྣམས་ཀྱང་ལྷའི་གཙོ་བོ་རྣམས་སུ་མོས་པར་བཤད། དེ་ནས་སློབ་དཔོན་ངན་སོང་སྦྱོང་བའི་སྔགས་བཟླ་བཞིན་སྔོན་དུ་ཕྱིན་ནས་དེར་སླེབ་པ་དང་། ཕུང་པོ་སྲེག་ཐབ་ཀྱི་ནང་དུ་ཁྲི་དེ་ལ་ཁ་ནུབ་ཏུ་ཕྱོགས་པར་

p. 576

བཟང་པོའི་སྟབས་ཀྱིས་བཞག །དྲི་དང་ཞུན་མར་ལྡན་པའི་གོས་ཀྱིས་གཡོགས། རྐང་པའི་མཐེ་བོ་གཉིས་ལ་དཔལ་འབར་སྦར་ཆོག་པ་མང་དུ་བསྡམས། ཐབ་ཀྱི་མཐའ་ནས་དྲིས་བགོས་པའི་ས་ཕག་དཀར་པོས་ཕྱི་པུས་མོ་ནས་ཕྲར་སོང་བ་མཆོད་རྟེན་གྱི་ཚུལ། ས་མཚམས་སུ་མེ་སྒོ་དང་། གདོང་ངམ་སྙིང་ཁའི་ཐད་དུ་སྲེེག་བླུགས་འབུལ་སའི་སྐར་ཁུང་ཆུང་ངུ་རེ་མིན་པ་བརྟན་པར་བརྩིག །སྟེང་ནས་རིན་པོ་ཆེའམ་རྫའི་སྣོད་དབུས་ཅུང་ཟད་བརྟོལ་བ་ཁ་སྤུབ། རྩིག་པ་དང་རྟེན་གྱི་བར་དྲི་ཞིམ་པོའ་ཤིང་སྣུམ་ཅན་གྱིས་དམ་པར་བཅེར། གཞན་བཀོད་པ་དང་ཆོ་ག་ཡོ་བྱད་རྣམས་སྦྱིན་སྲེག་ཉིད་དང་ཁྱད་མེད་ལ་སྤེལ་ཚིག་སོགས་སྐབས་ཐོབ་སོ་སོར་གསལ་བ་ལྟར་དང་། མེ་སྦར་བའི་ཚེ། གསོན་ཅིག་དགོངས་ཤིག་སོགས་ཀྱི་མཐར། ༀ་བཛྲ་ཛྭ་ལ་སོགས་སྔགས་བརྗོད་པས་མེ་སྦར། རྒྱ་གཞུང་དུ་མི་གསལ་ཡང་སྤྲོ་ན་ལམ་སྦྱང་བསྟན་ཀྱང་ཁྲོ་བོ་གཤེགས་གསོལ་བྱས་མ་ཐག་དེར། ཚེ་འདས་དེ་ཉིད་ཀྱི་སྡིག་སྒྲིབ་མ་ལུས་པ་བསྲེགས་ཤིང་སྦྱངས་པའི་རྣམ་ཤེས་རྡོར་སེམས་སུ་གྱུར་པར་བསམས་ལ་ལམ་སྦྱང་བསྟན་བྱང་བུའི་སྐབས་བཞིན་བྱའོ། །ཆོ་ག་དེ་དག་ནུབ་གཅིག་ཏུ་བྱས་ཀྱང་རུང་ལ། གཉིས་པར་བྱེད་ན།

p. 577

སྲེག་ཁང་རྩིག་པ་ཡན་ནུབ་དང་པོ་དང་། དེ་ཕྱིན་ནུབ་གཉིས་པར་བྱེད་པ་ཡིན་ཞིང་། ཚེ་འདས་ཀྱི་ཤ་ཁྲག་རུས་པ་རྣམས་སྲེག་རྫས་སུ་བྱིན་གྱིས་བརླབས་ནས་འབུལ་བའམ། ཚེ་འདས་དེ་ཉིད་ལྷ་དང་དབྱེར་མེད་དུ་གསལ་བཏབ་པ་ལ་སྲེག་རྫས་རྣམས་མཆོད་པའི་ཚུལ་དུ་འབུལ་བ་གང་བྱས་ནའང་རུང་ངོ། །རྣལ་འབྱོར་རྒྱུད་མན་དུ་སྐྱེས་བུ་དམ་པ་གང་ཟག་མཆོག་ལ་བྱ་བའི་དབྱེ་གསལ་ཆེར་མི་འབྱུང་བས་རྩ་བར་མི་གསལ་ཡང་། གལ་ཏེ་སྐབས་ལ་ལར་དགོས་པ་བྱུང་ན་བྱས་ཀྱང་མི་འགལ་བས། གདུང་དེ་ཉིད་རྡོ་རྗེ་སློབ་དཔོན་གྱི་ཆས་སུ་གཞུག །དེ་ཉིད་དཀྱིལ་འཁོར་གྱི་ལྷ་ཡིན་ལ་ཡིན་བཞིན་དུ་བསྐྱེད་དེ་ཆོ་ག་རྣམས་བྱ། སྲེག་པ་ནའང་འཇིག་རྟེན་ལས་འདས་པའི་མེ་ལྷར་བྱས་ཏེ་མཆོད་རྫས་འབུལ་ཞིང་། སྐྱེས་བུ་དམ་པའམ ། རྗེ་བཙུན་ནམ། མཆོག་གི་དཔལ་ལྡན་བླ་མ་དམ་པ་འདི་ཞེས་བྱ་བའི་དགོངས་པ་རྫོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འདོན་ཞིང་། དབང་བསྐུར་གྱི་ཚེ་ཡང་དེ་ཉིད་ཀྱིས་དཀྱིལ་འཁོར་གྱི་ལྷ་ལས་བདག་འཇུག་བཞེས་པའི་རྣམ་པ་དང་དེའི་ཚིག་ཏུ་བྱ་སྟེ། སྡིག་སྦྱོང་རྣམས་དང་མེ་སྦར་གྱི་གསོན་ཅིག་

p. 578

དགོངས་ཤིག་སོགས་དང་ལམ་སྦྱང་བསྟན་ནི་བྱ་བ་མ་ཡིན་ནོ། །ཡང་དེ་ལས་སྤངས་རྟོགས་དམའ་བའི་རིགས་ལ་ཆོ་ག་ཕལ་ཆེར་ཐ་མལ་པ་བཞིན་ལ། སྡིག་སྦྱོང་དགོས་མི་དགོས་ཡུལ་དུས་གནས་སྐབས་དང་སྦྱར ། སྤེལ་ཚིག་རྣམས། འདི་ཞེས་བྱ་བའི་ས་ལམ་གྱི་བར་གཅོད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་རོ། །གཉིས་པ་བྱང་བུའམ་རུས་བུ་ལྟ་བུ་སྲེག་ཚུལ་ལ། མེ་སྦར། ལམ་སྦྱང་བ། ལམ་བསྟན་པ་གསུམ་ལས། དང་པོ་ནི། དྲི་དང་ལྡན་པའི་སྣུམ་གྱིས་ཅུང་ཟད་བསྡུས་པའི་སྡོང་བུ་མེ་འབར་བ་ཐོགས་ཏེ་མེ་སྦར་ཏེ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ༴ །དབང་པོ་དྲུག་གི༴ །བྱང་ཆུབ་སེམས་དཔའི༴ །ཡུལ་རྣམ་དྲུག་གི༴ །ལྷ་མོ་དྲུག་གི༴ ལུས་ངག་ཡིད་གསུམ༴ །རྒྱལ་བའི་སྐུ་གསུམ༴ །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་ཕུང་པོ་སོགས་ཀྱི་སྒྲིབ་པའི་དྲི་མ་བསྲེགས་ཏེ། རིགས་ལྔ། ཡུམ་བཞི། བྱང་སེམས་ལྷ་མོ་དྲུག །སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་རྣམ་

p. 579

པར་དག་པར་བྱས། ཕྱག་སྲོལ་ལ་སྐབས་འདིར་རྩ་རིག་བརྗོད་པའང་སྣང་ངོ་། །གཉིས་པ་ལམ་སྦྱང་བ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། ། རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ༀ་རཏྣེ། རཏྣེ། མ་ཧཱ་རཏྣེ། རཏྣ་སམྦྷ་ཝེ། རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། གསུམ་པ་ལམ་བསྟན་པ་ནི། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ༀ་པདྨེ་པདྨེ་པདྨ་སམྦྷ་ཝེ་མ་ཧཱ་སུ་ཁ་ཝ་ཏི་གཙྪནྟུ་སྭཱ་ཧཱ། བརྗོད་ལ་མེ་ཏོག་ནུབ་ངོས་སུ་འཐོར། ཚེ་འདས་དེ་ཉིད་བདེ་བ་ཅན་དུ་སྐྱེས་ཏེ་དེའི་རྒྱུ་རྐྱེན་བརྟགས་

p. 580

པས་ཆོ་གའི་མཐུ་ཡིན་པར་ཤེས་ཏེ་འདི་ཉིད་དུ་ལྷགས་ཏེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ལ།སྦྱོང་རྒྱུད་ལས་འབྱུང་བའི་ཆེ་བརྗོད། ཨེ་མའོ་སངས་རྒྱས་སོགས་དང་། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཀྱི་ཆེ་བརྗོད། ཨེ་མའོ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ངོ་མཚར་ཆེ། །གང་ཕྱིར་ངན་སོང་ལྟུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །ཞེས་པ་ཙམ་མམ། གནས་གཙང་མའི་ལྷ་ཐམས་ཅད་ཀྱི་ཆེ་བརྗོད། ཨེ་མའོ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྷུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །དེ་བཞིན་གཤེགས་པའི་ཆོས་ནི་བསམ་མི་ཁྱབ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །བྱང་ཆུབ་བརྟེན་པ་རྣམས་ཀྱང་བསམ་མི་ཁྱབ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་མེད་སྐྱེ་བསམ་ཡས། །དེ་ལྟར་ཆེད་དུ་བརྗོད་ཅིང་དྲིན་ལན་གྱི་ཚུལ་དུ་མཆོད་པ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱི་མཆོད་པ་ཅི་རིགས་བྱ། སླར་ཡང་བདེ་བ་ཅན་དུ་སོང་ནས་དེ་བཞིན་

p. 581

གཤེགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་གསུང་གི་གདམས་པ་ནོད་པར་གྱུར། གཙུག་དགུའི་དཀྱིལ་ཆོག་ས་ར་ཧི་ཏས་མཛད་པ་ལས། ༀ་སརྦ་བུདྡྷ་ཀྵེ་ཏྲ་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད་དེ་མེ་ཏོག་གཏོར། བྱང་བུ་དང་རུས་བུའི་ཐལ་བ་ཡང་འོག་ནས་འབྱུང་བ་ལྟར་སཱཙྪ་གདབ་བོ། །དྲུག་པ་མཆོད་རྟེན་བྱ་ཚུལ་ལ། དངོས་དང་། ཞར་བྱུང་ཕུང་པོ་མཆོད་རྟེན་དུ་བཞག་པ། ཁྱིམ་དུ་བཞག་པ། ཟས་བསྔོ་བ་དང་བཞི་སྟེ། དང་པོ་ནི། ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་པས་ཐལ་བ་དང་རུས་པ་རྣམས་བསྡུས་ལ་སྣོད་གཙང་མར་བླུགས། རྩ་རིག་མང་དུ་བཟླས་པའི་དྲི་བཟང་གི་ཆུས་རུས་པ་རྣམས་བཀྲུས་ཤིང་གྲུས་མ་ཕྱེ་མར་བྱས་ཏེ་འཇིམ་པ་དང་བསྲེས་པ་གོང་བུར་བྱ། དེ་ལ་རྩ་རིག་མང་དུ་བཟླས་པས་བྱིན་གྱིས་བརླབས། རྩ་རིག་ཡོངས་རྫོགས་སམ། ༀ་ཤོ་དྷ་ནི་སོགས་ཀྱི་མཐར། ཆེ་གེ་མོའ་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་གསེར་དངུལ་ལམ་གུར་གུམ་ལ་སོགས་པས་བྲིས་པ་འབི་འབི་སོ་སོར་བཅུག་སྟེ། སཱཙྪ་ཇི་ལྟར་རིགས་པ་རྩ་རིག་བཟླ་བཞིན་པས་འབུམ་ཕྲག་ཡན་ཆད་ཅི་འགྲུབ་གདབ། དེ་ནས་སཱཙྪ་གང་དུ་བཞུགས་པར་སྤྱན་དྲངས་ནས།

p. 582

བསངས་སྦྱངས། སྟོང་པའི་ངང་ལས་མཆོད་རྟེན་དེ་དག་ཆེན་པོ་དང་མང་པོར་གྱུར་པའི་སོ་སོའི་བུམ་པའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་སོགས་སྒོ་བ་བཞིའི་བར་ལྷ་སོ་བདུན་མདུན་བསྐྱེད་ལྟར་བསྐྱེད་བསྟིམ་བཟླས་པའི་བར་བྱ། མཆོད་ཅིང་བསྟོད་ནས། མཆོད་རྟེན་དེ་རྣམས་ཞུ་བ་ལས་སྔར་གནས་པའི་མཆོད་རྟེན་སོ་སོའ་རྣམ་པར་གྱུར། སླར་ཡང་མཆོད་བསྟོད་བསྔོ་བ་སྨོན་ལམ་བྱའོ། །དེས་མཆོད་རྟེན་འབར་བ་སོགས་ཀྱི་རྟགས་འབྱུང་ལ་མ་བྱུང་ན་སྤོག་ཆོག་ནི། མཚན་ཐོག་ཐག་མི་ཉལ་བར་རྩ་རིག་བཟླས་པས་སྡིག་པ་དག་པའི་རྟགས་མཐོང་བར་འགྱུར་རོ། །སྔོན་མ་སྲེག་པའི་ཐོད་ཚལ་ལྟ་བུ་ཡིན་ན། རུས་བུའི་སྟེང་དུ་ཟླ་བ་དང་ཨ་ལས་བདུད་རྩིའི་རྒྱུན་བྱུང་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་བཀྲུས་ཤིང་སྦྱངས་པར་གྱུར། ཅེས་རྩ་རིག་བཟླ་ཞིང་བུམ་ཆུས་བཀྲུས། སྔགས་ཀྱི་འོད་ཟེར་གྱིས་སྡིག་སྒྲིབ་ཐམས་ཅད་རྣམ་པར་བསྲེགས་པར་གྱུར། ཅེས་རྩ་རིག་བཟླ་ཞིང་སོལ་མེ་ལ་བསྲེགས་ཏེ་སྔར་ལྟར་སཱཙྪ་གདབ། གཉིས་པ་ཕུང་པོ་མི་བསྲེག་པར་མཆོད་

p. 583

རྟེན་དུ་བཞག་པར་འདོད་ན། དབང་བསྐུར་གྱི་བར་ཆོ་ག་ལྟར་བྱས་ཏེ། ཕུང་པོ་དེ་ཉིད་བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ། སོགས་ནས་བཟླས་པའི་བར་མདུན་བསྐྱེད་ལྟར་བྱ། བསྙེན་པ་མང་དུ་བྱས་ནས་མཆོད་བསྟོད་རྒྱས་པར་ཕུལ་ཏེ་མཆོད་རྟེན་གྱི་ནང་དུ་བཞག་པར་བྱའོ། །གསུམ་པ་རང་ཁྱིམ་དུ་བཞག་པར་འདོད་ན། དབང་བསྐུར་བའི་བར་སྔར་བཞིན་ལ། རྒྱུད་འདི་ཉིད་ནས་འབྱུང་བའི་རྩ་རིག་དང་གཙོ་འཁོར་གྱི་སྔགས་དང་། རྒྱུད་གཞན་གྱི་ཡི་དམ་གྱི་སྙིང་པོའ་སྔགས་དང་ངན་སོང་སྦྱོང་བའི་གཟུངས་ཅི་རིགས་པ་གསེར་དངུལ་ལམ་གུར་གུམ་གྱིས་བྲིས་ཏེ་ཕུང་པོའི་སྙིང་ཁར་གདགས། དྲི་བཟང་གིས་བྱུགས། གོས་དང་རྒྱན་ལ་སོགས་པས་སྤྲས། བསངས་སྦྱངས་བསྐྱེད་བསྟིམ་རྒྱས་གདབ་བཟླས་པ་མཆོད་བསྟོད་སྔ་མ་ལྟར་བྱས་ཏེ། ཁྱིམ་གྱི་ཕྱོགས་གཙང་ཞིང་དབེན་པའི་སར་སྒྲོམ་བུར་བཅུག་སྟེ། རོའ་བང་བུ་ཛ་ཡ་དེ་ཝའི་གཞུང་ལས་འབྱུང་བ། རབ་བྱུང་ལ་དཀར་པོ་མཆོད་རྟེན་གྱི་དབྱིབས། དགེ་བསྙེན་ལ་དམར་པོ་པདྨ་ཁ་སྦྱར་གྱི་གཟུགས། རྒྱལ་པོ་ལ་སྔོན་པོ་གཙུག་ཏོར་གྱི་རྣམ་པ། བློན་པོ་ལ་དམར་སྐྱ་ཟ་མ་ཏོག་ལྟ་

p. 584

བུ། ཐ་མལ་པ་ཕོ་ལ་སེར་སྐྱ་ཁྲིའི་དབྱིབས། མོ་ལ་སེར་སྐྱ་བིལ་བ་འདྲ་བ། བྱིས་པ་ལ་དམར་སེར་ལྷུང་བཟེད་ལྟ་བུར་བྱས་ཏེ་དབྱིབས་ལེགས་ཤིང་འཇམ་པར་བྱས་པའི་ནང་དུ་རོ་ཁ་ལྷོ་དང་མགོ་ནུབ་ཏུ་བསྟན་ཏེ་ཅུང་ཟད་བསླངས་ཏེ་ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར་ཏེ་བཞག་ལ་དུས་ནར་མར་ལྷར་བསྐྱེད་ནས་མཆོད་བསྟོད་བྱའོ། །བཞི་པ་ནི། རྒྱུད་ལས་དངོས་སུ་མ་གསུངས་ཀྱང་ཡུལ་ལུགས་ཀྱིས་བྱེད་དགོས་པ་བྱུང་ན། ཟས་གོས་སོགས་བསངས་སྦྱངས་བྱིན་རླབས་གོང་ལྟར་ལ། ཨ་ཀཱ་རོ་ལན་གསུམ་བརྗོད། ཁ་དོག་དབྱིབས་ལེགས་སོགས་གོང་དང་འདྲ་བ་ལ། དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོ་བས། །བཞེས་ནས་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་ཁྱད་པར་སྟོན་ཏེ། མཐར། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་ལས་འདས་པའི་མིག་གི་ཡུལ་དུ་གཟུགས་སྡུག་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་དངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ལ་མ་ཆགས་པར་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་

p. 585

གྱུར་ཅིག །ཅེས་དང་། བསྔོ་བ་སྨོན་ལམ་གྱི་ཚིགས་བཅད་ཀྱང་ཇི་ལྟར་རིགས་པ་བརྗོད་པར་བྱའོ། །གཞན་ཕུང་པོ་ཆུ་བོར་དོར་བ། རླུང་གིས་སྦྱངས་པ། དུར་ཆད་དུ་བཞག་པ་སོགས་འགའ་ཞིག་ནི་དེང་སང་དར་སྲོལ་ཆུང་བས་འདིར་མ་བཀོད་ཀྱང་སྤྲོ་ན་དྲུང་མཛད་ཀྱི་ཀུན་རིག་ཆེན་མོ་དང་རྗེ་དཔའ་བོའ་རྒྱལ་བ་རྒྱ་མཚོའ་ཆོ་གར་འབྱུང་བས་དེ་དག་ལས་ཤེས་པར་བྱའོ། །གསུམ་པ་ཐུན་མོང་རྗེས་ཀྱི་ཆོ་ག་ལ། མཆོད་བསྟོད། དགེ་བ་བསྔོ་ཞིང་འདོད་དོན་གསོལ་བ། དམ་རྒྱ་བཀྲོལ་བ། བཟོད་གསོལ། ལྷ་གཤེགས་བསྡུ། བདག་ཉིད་སྲུང་བ། རྡུལ་ཚོན་བསྡུ་བ། ཤིས་པ་བརྗོད་པ་དང་བརྒྱད་ལས། དང་པོ་ནི། མཆོད་པ་བྱིན་གྱིས་བརླབས་ནས། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བརྒྱན་ཅིང་། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་དང་། དེ་བཞིན་དུ། མཆོད་ཡོན་གྱི་མལ་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། རྣམས་དང་། ཨརྒྷཾ་གྱི་

p. 586

གནས་སུ། པཱ་དྱཾ་ནས། ཤབྡའི་བར་བཅུག་པ་དང་། སྒེག་སོགས་བརྒྱད་ཀྱིས་ཀྱང་མཆོད། ཆོས་དབྱིངས་ཡེ་ཤེས་སོགས་ཀྱིས་བསྟོད། གཉིས་པ་ནི། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །སོགས་ཀྱིས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། གསུམ་པ་ནི། ལྷ་ཐམས་ཅད་ཀྱི་དམ་རྒྱ་བཅིང་ཞིང་སོ་སོའ་སྔགས་ཀྱི་མཐར། བཛྲ་མུཿ ཞེས་དམ་རྒྱ་བཅིངས་ལ་བཀྲོལ ་བས་སེ་གོལ་གཡོན་དུ་གཏོགས། བསྡུ་ན་གོང་བསྙེན་པའི་སྐབས་ལྟར་བྱའོ། །བཞི་པ་ནི། རྡོ་རྗེ་འཛིན་མའི་རྒྱ་སྤྱི་བོར་བཅིངས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་ཞིང་ཡིག་བརྒྱས་ལྷག་ཆད་བསྐང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །གཙོ་བོར་ནུས་པ་མ་མཆིས་ཤིང་། །མ་འབྱོར་མ་རྙེད་མ་ཚང་བ། །འདིར་ནི་བགྱི་བ་གང་བགྱིས་རྣམས། །དེ་

p. 587

དག་ཐམས་ཅད་བཟོད་པར་གསོལ། །ཅེས་བཟོད་པར་གསོལ། ལྔ་པ་ནི། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས། བདག་མདུན་བུམ་པའི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། རྡོ་རྗེ་བསྡུ་བའི་རྒྱས། ༀ་བཛྲ་ས་མཱཿཛཿ ཛཿཧཱུཾ་བཾ་ཧོཿ སྤྲུལ་པའི་དམ་ཚིག་པ་རྣམས་རང་གི་ལུས་ལ་ཞུགས་པར་གྱུར། མཆོད་སྦྱིན་གནས་འདིར་སོགས། སརྦ་བྷཱུ་ཏ་གཙྪཿ དྲུག་པ་ནི། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྤྱི་བོར་བཞག་ཅིང་། ༀ་བཛྲ་སཏྭ་ཨུཥྞཱི་ཥ་ཧཱུཾ་ཕཊ། སངས་རྒྱས་ཀྱི་ཞིང་ཁམས་ནས་འོད་ཟེར་སྣ་ཚོགས་བྱུང་སྟེ་རང་གི་སྤྱི་བོར་གཙུག་ཏོར་གྱི་རྣམ་པར་གནས་སོ། །ཞེས་བྱིན་གྱིས་བརླབས། སྲུང་བའི་དམ་རྒྱ་ནམ་ཚོམས་སུ་བཞག་ནས། ༀ་བཛྲ་རཀྵ་ཧཱུཾ། གནོད་སྦྱིན་གྱི་ཁའམ་དཔྲལ་བར། ༀ་བཛྲ་ཡཀྵ་ཧཱུཾ། ཁུ་ཚུར་གྱི་དཀུ་གཉིས་སུ། ༀ་བཛྲ་སནྡྷི་བཾ། ལས་ཀྱི་སྤྱི་བོར། ༀ་བཛྲ་ཀརྨ་ཀཾ། སྟེ་བྱང་ཕྱོགས་ཀྱི་སེམས་དཔའ་བཞིས་སྲུང་། བདུན་པ་ནི། རྡུལ་ཚོན་ཡིན་ན་གཙོ་བོའམ་རྡོར་སེམས་ཀྱི་ང་རྒྱལ་གྱིས། ཨ་ཀཱ་རོ། བརྗོད་ཅིང་ལྷ་མཚན་རྣམས་བསྡུ་ཞིང་རྡོ་

p. 588

རྗེའི་རྩེས་ཤར་སྒོ་ནས་རྩ་ཐིག་དང་ཚངས་ཐིག་དབྱི། རྡུལ་ཚོན་ཕྱགས། ཕུར་བུ་རྣམས་ཅུང་ཟད་མཆོད་ནས་མཉམ་པའི་ཐལ་མོ་ཧྲཱིཿགཉིས་ནང་དུ་བཀུག་ཧཱུཾ་གཉིས་ཏྲཱཾ་གྱི་ཚིགས་གསུམ་པར་ནས་ཙམ་གྱིས་མ་རེག་པ་ཅུང་ཟད་བཀུག་པའི་ཏྲཱཾ་གཉིས་ཀྱི་རྩེས་ཕུར་བུ་དབྱུང་ཞིང་། ༀ་བཛྲ་ཀཱི་ལ་ཀཱི་ལ་ཡ་སརྦ་ཀཱི་ལ་ཡ་དཎྜ་བུདྡྷ་ས་ཏྱེ་ན་བཛྲ་དྷ་རོད་ཨ་ཛྙཱ་ཡཾ་ཧཱུཾ་ཕཊ། ཅེས་བརྗོད་པས་ཕྱུང་ལ། འོ་མ་ལ། ༀ་རུ་རུ་སྥུ་རུསོགས་སྤྱན་གྱི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ཕུར་བུ་བཀྲུ། ཕུར་ཁུང་ཚོན་གྱིས་བཀང་སྟེ་བགེགས་དེ་ཉིད་ཀྱི་ཟུག་རྔུ་ཞི་བར་བསམ། ལས་ཀྱི་རྗེས་མི་མངོན་པར་བྱ། རྡུལ་ཚོན་དོན་གཉེར་ཡོད་ན་ཅུང་ཟད་བྱིན་ལྷག་མ་བུམ་པར་བླུགས་ཏེ་ཁྱོགས་ཀྱི་སྟེང་དུ་རོལ་མོ་དང་བཅས་པས་ཁྱེར། ཆུ་ཀླུང་གི་ངོགས་སུ་པད་དཀར་འདབ་བརྒྱད་ལ་ཚོན་སྤུངས་ཀྱི་མཚན་མ་བཀོད་པའི་ལྟེ་བར་རྡུལ་ཚོན་གྱི་བུམ་པ་བཞག །ཉེར་སྤྱོད་དང་དཀར་གསུམ་མངར་གསུམ་གྱི་གཏོར་མ་བཤམས། ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་བརྒྱད་དང་ལྡན་པའི་ལྟེ་བར་རྡུལ་ཚོན་བུམ་པའི་སྟེང་

p. 589

དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་དུ་གྱུར། འདབ་མ་བརྒྱད་ལ་ཤར་ནས་གཡས་བསྐོར་དུ་མཐའ་ཡས་དཀར་པོ། ནོར་རྒྱས་སྔོན་པོ། འཇོག་པོ་དམར་པོ། པདྨ་དུད་ཁ། པད་ཆེན་ནག་པོ། དུང་སྐྱོང་ལྗང་ཁུ། སྟོབས་རྒྱུ་སེར་པོ། མ་དྲོས་པ་ལྗང་གུ་སྟེ་ཀླུ་བརྒྱད་སྟོད་ལྷའི་ལུས་མཛེས་པ་སྦྲུལ་མགོའི་གདེངས་ཀ་ཅན་ཐལ་མོ་སྦྱར་བ། རོ་སྨད་སྦྲུལ་མཇུག་འཁྱིལ་བ་གཡོན་དུ་ཆུང་མ་དང་བཅས་པའོ། །འཁོར་སོ་སོའ་སྙིང་ཁའི་ཕུཿཡིག་གི་འོད་ཀྱིས་རང་གནས་ནས་ཡེ་ཤེས་པ་བཀུག ཛཿཧཱུཾ་བཾ་ཧོཿ དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེའི་ཅོད་པན་གྱིས་དབང་བསྐུར་བར་གྱུར། ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། སོགས་རོལ་མོའ་བར་གྱིས་མཆོད། གཏོར་མ་སྔར་ལྟར་བྱིན་གྱིས་བརླབས་ལ། ༀ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་སེ་གོལ་དང་བཅས་པས་འབུལ། ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཞེས་ཤློ་ཀས་

p. 590

བསྟོད། སྤྲོ་ན། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས། ཡིད་ལ་འདོད་པ་ཀུན་གྲུབ་མཛོད། །བར་བརྗོད། ཀླུ་ཡི་རྒྱལ་པོ་ཆེན་པོ་བརྒྱད་དང་ཆུ་ཀླུང་འདི་ལ་དབང་བྱེད་པའི་ཀླུ་རྣམས་ཀྱིས་རྡུལ་ཚོན་འདི་བཀུར་སྟི་ཆེན་པོས་སྤྱན་དྲོངས་ལ་མཆོད་པ་རྒྱ་ཆེན་པོས་མཆོད་པ་དང་ཡུལ་ཁམས་འདི་དང་འཇིག་རྟེན་ཐམས་ཅད་དུ་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བར་མཛོད་ཅིག །བརྗོད་ནས་རྡུལ་ཚོན་ཆུར་གཤེགས། ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་གཙྪཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་རང་ལུས་ལ་ཐིམ་པར་གྱུར། ཅེས་བསྡུ། མཆོད་གཏོར་རྣམས་ཀྱང་ཆུར་དོར། བུམ་པ་ལན་དུ་མར་བཀྲུས་ཆུ་གཙང་གིས་བཀང་བས་དཀྱིལ་འཁོར་ཁང་པའི་ནང་དུ་བསང་གཏོར་བྱ། གྲུབ་ན་ཞི་བའི་སྦྱིན་སྲེག་བྱ་ཞིང་། སློབ་མ་ཡིན་ན། ཡཀྵ་བཟླས་པའི་བསྲུང་སྐུད་གདགས། ཧཱུཾ་མཛད་ཀྱི་རྒྱ་སྙིང་ཁར་གཏུགས་ནས། སཏྭ་ཀྲོ་དྷའི་སྔགས་བརྗོད་པས་བསྲུང་ངོ་། །བརྒྱད་པ་ནི། ཡོན་བདག་ཡོད་ན་ཁྲུས་བྱས་རྒྱན་གོས་སར་པ་བགོ། མེ་ཏོག་ཐོགས་ལ། སྟོན་མཆོག་དམ་པ་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་སྔོན་

p. 591

དུ་བཏང་ནས། རྣམ་པར་སྣང་མཛད་ཐམས་ཅད་རིག་པའི་ལྷ། །སྦྱོང་བའི་རྒྱལ་པོ་རྒྱལ་མཆོག་རིགས་དབང་མཚན། །མེ་ཏོག་ཆེར་བཞད་ཡེ་ཤེས་ལྔ་ཡི་བདག །བཅོམ་ལྡན་བདེ་གཤེགས་རིགས་ལྔའི་བཀྲ་ཤིས་ཤོག །རྣམ་ཐར་བཞི་ཡི་རང་བཞིན་རྣམ་དག་པའི། །གྲྭ་བཞིར་སངས་རྒྱས་སྤྱན་དང་མཱ་མ་ཀཱི། །གོས་དཀར་འཕགས་མ་འགྲོ་ཀུན་སྒྲོལ་མཛད་མ། །རིགས་ཀྱི་ཡུམ་བཞིས་དེང་འདིར་བཀྲ་ཤིས་ཤོག །བཅུ་དྲུག་སྟོང་ཉིད་དག་པས་སེམས་དཔའ་རྣམས། །སྦྱིན་སོགས་ངོ་བོ་ཕྱི་ནང་ལྷ་མོ་བརྒྱད། །དགུག་གཞུག་བཅིང་དང་མཉེས་པའི་ལས་མཛད་པ། །དད་སོགས་ངོ་བོ་སྒོ་བའི་བཀྲ་ཤིས་ཤོག །རྣམ་ཐར་བཞི་ལྡན་བསྐལ་བཟང་རྒྱལ་སྲས་གཙོ། །བྱམས་སོགས་བཅུ་དྲུག་ས་བཅུ་ཕར་ཕྱིན་གྲུབ། །དཔེ་བྲལ་སེམས་དཔའ་བསླབ་སྦྱངས་ཡོན་ཏན་ལྡན། །ཉན་ཐོས་འཕགས་པའི་ཚོགས་བཅས་བཀྲ་ཤིས་ཤོག །རྟག་ཏུ་རྟེན་འབྲེལ་དོན་གནས་རང་སངས་རྒྱས། །ཕྱི་རོལ་ཕྱོགས་ཀྱི་སྒོར་བཞུགས་འཇིག་

p. 592

རྟེན་གསུམ། །སྣང་མཛད་ལ་སོགས་རབ་འཇིགས་ཁྲོ་བོ་བརྒྱད། །ཁོར་ཡུག་དཔལ་མགོན་དོན་ལྔའི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་ཤིས་བརྗོད་རྒྱས་པར་བྱ། རས་བྲིས་ཡིན་ན་གཤེགས་གསོལ་མི་བྱེད་པར་བརྟན་བཞུགས་བྱས་ནས་བདག་བསྲུང་བ་སོགས་བཀྲ་ཤིས་སྨོན་ལམ་བྱ། རྡུལ་ཚོན་ལ་སྒྲུབ་མཆོད་སྦྲེལ་མའི་ཚེ་དམ་ཡེ་གཤེགས་བསྡུ་མི་བྱེད་པར། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །སོགས་ཤློ་ཀ་དང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པས་བརྟན་བཞུགས་བྱས། བདག་བསྲུང་ནས་བཀྲ་ཤིས་ཡན་དཀྱུས་ལྟར་བྱ། སང་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པའི་གོང་དུ་སློང་བའི་སྔགས་རྒྱས་དཀྱིལ་འཁོར་ནམ་མཁར་བཏེག་ནས་མདུན་བསྐྱེད་བསྒྲུབས་ཏེ་ནམ་མཁའི་དཀྱིལ་འཁོར་སླར་དགུག་གཞུག་བྱ་བའམ། ཡང་ན་དཀྱིལ་འཁོར་མི་འདེགས་པར་བསངས་སྦྱངས་བྱས་ཏེ་མདུན་བསྐྱེད་སྒྲུབ་ཀྱང་རུང་ཞིང་། འོན་ཀྱང་བདག་བསྐྱེད་ཀྱི་ལྷ་ནི་གཤེགས་བསྡུ་དགོས་སོ། །དེ་ལྟར་ཆོ་ག་འདི་ཉིད་ཀྱི་འདོན་བྱ་དཀྱུས་མཐར་ཆགས་སུ་བྱས་པས་རྒྱས་པ་དང་། དེ་ལས་སྤྲོ་ན་ཞེས་པ་ལྟ་བུའི་འདེམ་པོ་ཡོད་པ་རྣམས་དོར་བ་འབྲིང་པོ་དང་། བསྡུས་པའི་ཚུལ་ནི།

p. 593

དང་སྦྱོར་གྱི་མཆོད་བསྟོད་ཡན་དཀྱུས་ལྟར་བྱས་ནས་སྐབས་དེ་ཉིད་དུ་སྔགས་ཀྱི་འོད་ཟེར་སྤྲོ་བསྡུ་ལ་དམིགས་པ་གཏད་དེ་རྩ་རིག་གི་བསྙེན་པ་བྱ། སླར་མཆོད་བསྟོད་བསྡུས་པ་ཞིག་བྱས་ནས་ཐུགས་ཀའི་དཀྱིལ་འཁོར་གཞི་ལུས་ལ་བསྡུས་པས་བདག་བསྐྱེད་ཀྱི་གོ་བཅད། དེ་ཕྱིན་བུམ་མདུན་བདག་འཇུག་སྡིག་སྦྱོང་སྒོ་དྲུག་ལ་སོགས་རྣམས་འདོན་བྱ་འབྲིང་པོའ་སྟེང་ནས་ཀྱང་ཤིན་ཏུ་བསྡུ་ན་ཞེས་པའི་ཚིགས་རྣམས་བླངས་ནས་བརྗོད་པ་སྟེ། རྒྱས་འབྲིང་བསྡུས་གསུམ་གའི་རྣམ་གཞག་སྐབས་མཚམས་སོ་སོར་གསལ་བ་རྣམས་མ་འདྲེས་པར་བློ་དང་ལྡན་པ་དག་གིས་ཚུལ་བཞིན་ཉམས་སུ་བླང་བར་བྱའོ། །འོན་ཀྱང་འབྲིང་བསྡུས་ཀྱི་རྣམ་གཞག་འདི་ནི་དབང་པོ་ཡང་རབ་ཀྱི་དོན་དུ་བཀོད་པ་ཡིན་གྱི་རང་ཅག་ལས་དང་པོ་པ་རྣམས་ཀྱི་རང་གར་འཇུག་པའི་ཡུལ་མིན་ནོ། །སྨྲས་པ། ཟབ་རྒྱས་རྒྱལ་བའི་རྣམ་ཐར་སྔོན་བྱུང་བ། །དེང་འདིར་གདུལ་བྱའི་ཉམས་ལེན་སྙིང་པོའ་ཆོས། །རྒྱུད་ཆེན་ངན་སོང་སྦྱོང་བ་ཀུན་རིག་གི། །སྒྲུབ་དཀྱིལ་རྣམ་གྲོལ་སྒོ་ཆེན་ཐར་པའི་ལམ། །རིགས་དང་དཀྱིལ་འཁོར་ཀུན་བདག་ཀརྨ་པ། །རྡོ་རྗེ་དབྱངས་ཅན་བཞད་པ་སྲས་བཅས་ཀྱི། །བཀའ་ལུང་བདུད་རྩིའི་བཅུད་རབ་

p. 594

ཕན་བདེའི་གཏེར། །གང་དེ་གོ་གསལ་ལྷན་ཐབས་ཅུང་ཟད་བཅས། །རང་གཞན་དུ་མའི་ཕྱིར་ན་འགོད་རིགས་ཞེས། །དོན་གཉེར་ཆེན་པོས་རིང་ནས་བསྐུལ་བའི་ངོར། །རྒྱུད་དང་རྒྱ་གཞུང་ཡིད་ཆེས་ཚད་མར་བགྱིས། །སྒྲུབ་བརྒྱུད་འདི་པའི་ཆོག་སྒྲིག་དུ་མ་ལ། །ཞིབ་མོར་དཔྱད་དེ་ལྷག་བསམ་ཀུནྡ་ལྟར། །དཀར་བས་བགྱིད་མོད་སྦས་དོན་འཆིང་བའི་མདུད། །ཉམ་ཆུང་བློ་གྲོས་རྩལ་གྱིས་མ་ཁྲོལ་བས། །འགལ་དང་མ་འབྲེལ་མཆིས་ཀུན་ལྷ་ལ་བཤགས། །ཞི་བ་བདེ་བའི་གཞིར་གྱུར་རྣམ་པར་གྲོལ་བའི་སྒོ། །རྒྱ་ཆེན་ཡངས་པ་དཔལ་ལྡན་ཐར་པ་དམ་པའི་ལམ། །སྐལ་བཟང་འཇུག་འདོད་ཡོངས་ལ་གསལ་བར་བྱེད་པའི་དཔལ། །རྡོ་རྗེ་འཛིན་པའི་ཞལ་ལུང་དྲི་མ་དང་བྲལ་བ། །ངོ་མཚར་ཆོས་ཀྱི་སྒྲོན་མ་གཞན་ཕན་སེམས་ཀྱི་སྣུམ། །འཛངས་པ་མེད་པའི་རྒྱུ་ལས་རབ་འབར་སྣང་བ་གསར་པ་འདིས། །ཆེས་ཆེར་གནག་བྱས་འཇིགས་རུང་ངན་འགྲོའི་མུན་སྟུག་དག །འཇོམས་བྱེད་ཁམས་གསུམ་བདེ་བ་ཉིན་བཞིན་བྱེད་པའི་བྱེད་པོར་ཤོག །འདི་ནི་འདོད་ཡོན་དོན་གཉེར་བླུན་པོས་གྲོང་མཐའ་ཉུལ་བའི་ཆེད་ཙམ་མིན། །འགྲོ་ལ་རྗེས་ཆགས་མི་བཟོད་སྙིང་རྗེའི་ཆུ་ཡིས་ཡིད་ནི་རྟག་པར་བརླན། །སྔགས་ཚུལ་ལ་

p. 595

མོས་ལམ་འདི་ཉིད་ཀྱིས་བདག་གཞན་རྣམ་གྲོལ་གནས་ལ་སྦྱོར། །སྙིང་སྟོབས་དཔུང་པ་རབ་བརྟན་བློ་ལྡན་རིག་པ་འཛིན་ལ་ཕན་སླད་བརྩམས། །འདི་དང་འདི་ལས་བྱུང་བའི་དགེ་དངོས་ཀྱིས། །དམིགས་ཡུལ་ཚེ་ལས་འདས་པས་ཐོག་དྲངས་ཏེ། །ལུས་ཅན་ཐམས་ཅད་འཁོར་བ་ངན་སོང་གི། །རྒྱུ་དང་འབྲས་བུའི་དུཿཁ་ལས་ལྡོག་སྟེ། །ཡང་དག་སྨན་དང་བདེ་བ་གཅིག་གྱུར་པ། །ཀུན་བཟང་ཐར་པ་མཆོག་གི་གྲོང་ཁྱེར་དུ། །རང་གཞན་དོན་གཉིས་དཔལ་ལ་དབང་བྱེད་པ། །རྣམ་སྣང་འཁོར་ལོས་སྒྱུར་བ་ཐོབ་ཕྱིར་བསྔོ། །ཞེས་རྒྱལ་བ་མཆོག་གི་བཀའ་ཟབ་རྒྱས་ཐེག་པ་གསུམ་གྱི་མཐར་ཐུག་གསང་སྔགས་རྒྱུད་སྡེ་བཞིའི་ཡ་གྱལ་རྣལ་འབྱོར་གྱི་རྒྱུད་ངན་སོང་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཆེན་པོའ་སྒྲུབ་དཀྱིལ་རྣམ་གྲོལ་ཐར་པའི་ལམ་བཟང་ཞེས་བྱ་བ་རིགས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་སློབ་དཔོན་རིག་སྔགས་འཆང་བ་ཆེན་པོ་དཔལ་ཀརྨ་པ་བརྒྱད་པ་དོན་གྱི་ཐམས་ཅད་མཁྱེན་པ་མི་བསྐྱོད་རྡོ་རྗེ་དགའ་བའི་དབྱངས་ཀྱི་ཞལ་སྔ་ནས་སྔ་རྩོམ་ཞིག་མཛད་པ་ལ། ཕྱིས་རྗེ་དེ་ཉིད་ཀྱིས་དབུའི་མཆོད་བརྗོད་དང་མཇུག་གི་རྩོམ་བྱང་

p. 596

སྔར་གྱི་དེ་ཀ་སོར་བཞག །ཆོ་ག་དངོས་གསར་དུ་རྩོམས་ཤིག་པར་རྒྱལ་བ་གར་གྱི་དབང་པོ་དཔལ་དཀོན་མཆོག་ཤཱཀྱ་མཆོག་གི་གཙོ་བོའ་འབངས་ལ་བཀའ་སྩལ་ཏེ་རྗེས་སུ་གནང་བའི་བཀར་མཛད་པ། དེང་སང་ཡོངས་གྲགས་ཀྱི་པར་མ་འདི་ཉིད་ལྷན་ཐབས་ཀྱི་སྒོ་ནས་རྣམ་པར་ཕྱེ་བ་རྣམ་གྲོལ་སྒོ་ཆེན་ཐར་པའི་ལམ་བཟང་གསལ་བར་བྱེད་པའི་སྒྲོན་མ་ངན་འགྲོའི་མུན་འཇོམས་ཞེས་བྱ་བ་འདི་ནི། ཕྱི་བཞིན་གནས་པ་རིན་ཆེན་གྲུབ་མཆོག་འཕྲིན་ལས་རྒྱ་མཚོས། སྤྱིར་དགྲ་གཉེན་བར་མ་རིས་སུ་མ་ཕྱེ་བའི་སེམས་ཅན་སྲིད་དོ་འཚལ་དང་། སྒོས་སུ་ཚེ་འདིར་རང་ཉིད་ལ་དྲིན་དུ་ཆེ་བའི་བླ་མ་སློབ་དཔོན་མཁན་པོ་སོགས་རིག་པ་གཅིག་གི་མཐའ་རྟེན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་དགོངས་པ་སྐོང་ཞིང་། ཕ་མ་དང་གཤིན་གསོན་འབྲེལ་པ་ཐོགས་ཚད་ལ་ཕན་ཕྱིར་དང་། ཡང་སྒོས་སུ་ཚེ་ལས་འདས་པ་བླ་མ་སྐྱབས་ཞེས་བྱ་བ་འཁོར་བ་ངན་སོང་གི་གནས་ལས་དྲངས་པའི་ཕྱིར། ཡོངས་གྲགས་ཀྱི་པར་མའི་འདོན་བྱའི་ཚིག་ཟུར་མ་ཉམས་པར་སྤྲོས་པ་ལ་དགའ་བའི་ངོར་ས་ཆོག་སྟ་གོན་སྦྱིན་སྲེག་རྣམས་གཙོ་བོར་གྱུར་པའི་ལས་ཕྲན་ཚེགས་ཡན་ལྷན་ཐབས་ཀྱིས་བརྒྱན་པ་དང་། འབྲིང་དང་ཤིན་ཏུ་བསྡུས་

p. 597

པའི་ཚུལ་ཡང་རྣམ་པར་ཕྱེ་སྟེ་བློ་གྲོས་དམན་པ་རྣམས་འཇུག་བདེ་གོ་གསལ་ཉམས་སུ་ལེན་ཆོག་པ་ཞིག་གྱིས་ཞེས་ལན་དུ་མར་ནན་གྱིས་བསྐུལ་ཏེ་ཡི་གེའི་རྐྱེན་སྦྱར་བའི་གཡར་ངོ་མི་བཟློག་པའི་སླད་དུ། རྡོ་རྗེ་ཐེག་པའི་ཚུལ་ལ་མོས་པའི་དགེ་སློང་དཔལ་ནོར་བུ་བཟང་པོ་འགྲོ་ཀུན་ཀུན་ཏུ་དགའ་བ་ཞེས་བྱ་བ་རང་ཉིད་ལ་འདི་ལྟ་སྦྱོར་བའི་སྤོབས་པ་དང་མཁས་པ་མགུ་བའི་ལེགས་བཤད་གཏན་མ་མཆིས་ནའང་། སློབ་དཔོན་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབས་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བདག་གིས་འདི་མ་བྱས། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བ་གོམས་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང་། །ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །ཞེས་དང་། རྗེ་གཙུག་ལག་ཕྲེང་བས། རྒྱུད་དང་རྒྱ་གཞུང་དུ་མ་དཀྲུགས་བྱས་ནས། །རང་གཞུང་གསར་དུ་རྩོམ་ལ་དཀའ་བ་ཅི། །འོན་ཀྱང་དེ་ལས་ཕན་ཡོན་ཉེས་དམིགས་ནི། །གང་ཞིག་འབྱུང་བའང་སྐྱེ་བོས་རྟོགས་པར་དཀའ། །དེ་སླད་ཚད་མར་གྱུར་རྣམས་ཀྱིས་མཛད་པ། །བརླིང་ཞིང་

p. 598

རྟོགས་དཀའ་ཟབ་མོར་གནས་པ་དེ། །ཅུང་ཟད་གོ་སླ་ཙམ་དུ་བརྗོད་པ་ལས། །བདག་གིས་རང་བཟོར་བགྱིས་པ་འདིར་མ་མཆིས། །ཞེས་གསུངས་པ་ལྟར། གཙོ་བོར་བཀའ་དགོངས་འགྲེལ་དང་བཅས་པའི་སྙིང་པོ་བསྡུས་པ་དྲུང་ཆོས་གྲགས་རྒྱ་མཚོའ་ཀུན་རིག་ཆེན་མོ་ངན་འགྲོ་ཡོངས་སྦྱོང་དང་། དེའི་འདོན་བྱ་འབྲིང་པོ་རྗེ་གཙུག་ལག་ཕྲེང་བས་ཟུར་དུ་ཕྱེ་བར་མཛད་པ། རྗེ་བརྒྱད་པའི་རྣལ་འབྱོར་རྒྱུད་ཀྱི་ཀར་ཊིག་ཆེན་མོ་ཐར་འདོད་གྲོལ་སྟེར་དང་གསུམ་དཔང་པོར་བགྱིད། གཞན་ཡང་དྲུང་ངོ་ཁྲོའི་ཀུན་རིན་གི་ཆོ་ག །དྲུང་དོན་ལྡན་ཞབས་ཀྱི་རྡོར་དབྱིངས། སྤྱན་སྔ་ཐམས་ཅད་མཁྱེན་པའི་རྡོར་དབྱིངས་དང་ཀུན་རིག་གི་དཀྱིལ་ཆོག །རྗེ་དཔའ་བོ་གཙུག་ལག་ཕྲེང་བའི་རྒྱལ་བ་རྒྱ་མཚོའ་སྒོ་ནས་ངན་འགྲོ་སྦྱོང་བའི་ཆོ་ག །རྗེ་བརྒྱད་པའི་རྒྱུད་སྡེ་སྤྱིའི་སྦྱིན་སྲེག །ཀརྨ་འཕྲིན་ལས་གཉིས་པའི་དབང་གི་རྣམ་བཤད། ཞྭ་དམར་ཐམས་ཅད་མཁྱེན་པ་དྲུག་པའི་དྲིས་ལན་ལེ་ཚན་རྣམས་ལས་ཇི་ལྟར་རིག་པས་ཁ་བསྐང་བ་མ་གཏོགས། རང་བཟོའ་དྲིས་མ་ནོངས་པ། རང་དང་སྐལ་མཉམ་འགའ་ལ་ཕན་པ་དང་། ཆོ་གའི་གཞུང་འདིར་བློ་གྲོས་མཆོག་རྣམས་ལ་དགོངས་པའི་འདོན་སྒྲིག་ལག་ལེན་གོ་སླར་བཞག་པ་ལ་ཕྱིས་

p. 599

གྲོང་ཆོག་ལ་འབྱམས་པའི་རང་བཟོའ་ལྷན་ཐབས་དུ་མས་བསླད་ཅིང་། སྐབས་འགར་མེད་དུ་མི་རུང་བ་དེ་དག་ཀྱང་དོར་བའི་སྟབས་བདེ་ལངས་ཤོར་གྱི་རྙོགས་མ་ཅན་དུ་གྱུར་པ་མཐོང་བ་སྙིང་ནས་མ་བཟོད་པ་དེ་དག་ལའང་ཕན་པ་སྲིད་དམ་སྙམ་པའི་ལྷག་བསམ་རྣམ་པར་དག་པས། ན་ཚོད་ལྡན་ཞེས་ཤིང་མོ་ཕག་གི་ལོ། དགུན་ཟླ་ར་བ་རི་དྭགས་མགོ་ཅན་གྱི་དཀར་ཕྱོགས་ནས་དབུ་བརྩམས། ཟླ་བ་ཕྱི་མ་བཀྲ་ཤིས་རྒྱལ་ཉའི་ཚེས་བཅུ་དྲུག་རྒྱལ་ཕུར་གྱི་འགྲུབ་སྦྱོར་བཟང་པོ་དང་ལྡན་པར་ལྷ་སྔགས་བདེ་བ་ཆེན་པོའ་གཞལ་ཡས་ཁང་འོག་མིན་དཔལ་གྱི་མཚུར་ཕུའི་ཡང་དགོན་གྱི་གཙུག་ལག་ཁང་གི་ཁང་བུ་བརྩེགས་པ་འཆི་མེད་ཕོ་བྲང་དང་ཟུང་དུ་འབྲེལ་བ་བཀྲ་ཤིས་མངོན་པར་དགའ་བ་ཞེས་བྱ་བར་རྫོགས་པར་སྦྱར་བའི་དགེ་བས་དམིགས་ཡུལ་གྱིས་ཐོག་དྲངས་བདག་གཞན་སེམས་ཅན་ཐམས་ཅད་འཁོར་བ་ངན་སོང་ལས་གྲོལ་ཏེ་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ། ༈ འདིའི་དབང་གི་བརྒྱུད་པ་ནི། བཅོམ་ལྡན་རྣམ་པར་སྣང་མཛད་རིགས་ཀྱི་གཙོ། །དགྲ་ལས་རྣམ་པར་རྒྱལ་བ་ཛཻ་ཏཱ་རི། །ལམ་སྲོལ་ཆེན་པོ་ཀུན་དགའ་

p. 600

སྙིང་པོ་ལ། །གསོལ་བ་འདེབས་སོ་ངན་འགྲོ་མཐར་བྱེད་ཤོག །ཡང་དག་འགྲོ་བའི་དོན་བརྩོན་རབ་འབྱོར་བསྐྱངས། །ཐར་འདོད་སྐྱེ་དགུའི་ལམ་སྟོན་འདྲེན་པའི་ཞབས། །གསང་བའི་དེ་ཉིད་མངོན་གྱུར་མཻ་ཏྲི་པ། །གསོལ་བ་འདེབས་སོ་ངན་འགྲོ་མཐར་བྱེད་ཤོག །མཆོག་བདེའི་སར་གཤེགས་རྡོ་རྗེ་གདན་པ་དང་། །ཞི་བའི་དཔལ་གྱི་འབྱོར་ལྡན་ངེས་སྐྱོང་མཚན། །བདེ་བའི་ས་ལ་གར་མཛད་རྙོགས་མེད་ལྷར། །གསོལ་བ་འདེབས་སོ་ངན་འགྲོ་མཐར་བྱེད་ཤོག །ཉི་མའི་དབང་པོ་སྲུང་བ་གྲུབ་པའི་གཙོ། །འཇིག་རྟེན་ཡོངས་ཀྱི་མིག་གཅིག་ཆོས་རྗེ་དཔལ། །སྐད་གཉིས་སྨྲ་བའི་དབང་པོ་གཡག་སྡེ་པ། །གསོལ་བ་འདེབས་སོ་ངན་འགྲོ་མཐར་བྱེད་ཤོག །མི་ཕམ་མཁྱེན་བརྩེའི་སྤྱན་མངའ་མཆོག་ལྡན་མཚན། །དགེ་ལེགས་དཔལ་སྩོལ་དཔལ་ལྡན་སེང་གེ་དང་། །ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། །གསོལ་བ་འདེབས་སོ་ངན་འགྲོ་མཐར་བྱེད་ཤོག །རིན་ཆེན་རྣམ་པར་རྒྱལ་བ་ཐུགས་ཀྱི་སྲས། །ཡོན་

p. 601

ཏན་རྒྱ་མཚོའི་འཇིང་ཟབ་ཟླ་བའི་ཞབས། །ཆོས་ཀྱི་རྒྱལ་པོ་མཐོང་བ་དོན་ལྡན་རྗེ། །གསོལ་བ་འདེབས་སོ་ངན་འགྲོ་མཐར་བྱེད་ཤོག །ཡེ་ཤེས་ཆགས་ཐོགས་བྲལ་བ་འཇམ་དཔལ་བཟང་། །རྒྱལ་བ་མི་ཕམ་ཆོས་གྲགས་རྒྱ་མཚོ་དང་། །གྲུབ་མཆོག་མཉན་པ་བཀྲ་ཤིས་དཔལ་འབྱོར་ཞབས། །གསོལ་བ་འདེབས་སོ་ངན་འགྲོ་མཐར་བྱེད་ཤོག །རྡོ་རྗེ་འཆང་དབང་མི་བསྐྱོད་རྡོ་རྗེ་དང་། །དཔག་ཡས་སྣང་བའི་གཏེར་ཆེན་དཀོན་མཆོག་འབངས། །མི་འཇིགས་བཞི་ལྡན་དབང་ཕྱུག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ངན་འགྲོ་མཐར་བྱེད་ཤོག །མཁས་པའི་གཙུག་རྒྱན་ཆོས་ཀྱི་དབང་ཕྱུག་མཚན། །སྙིང་པོའ་དོན་རྟོགས་སྤྱན་སྔ་ཉི་མའི་ཞབས། །ངེས་གསང་གྲུབ་པ་ཀརྨ་ཕྲིན་ལས་ལ། །གསོལ་བ་འདེབས་སོ་ངན་འགྲོ་མཐར་བྱེད་ཤོག །བརྒྱུད་པའི་སྲོལ་འཛིན་རཏྣ་སིདྡྷི་དང་། །ལམ་འདིའི་གསལ་བྱེད་གསང་སྔགས་རིག་པ་འཛིན། །ཚངས་སྤྱོད་དཔལ་ལྡན་ནོར་བུ་བཟང་པོ་ལ། །གསོལ་བ་འདེབས་

p. 602

སོ་ངན་འགྲོ་མཐར་བྱེད་ཤོག །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ལས། །ཉམ་ཐག་ངན་འགྲོའི་ཆུ་སྲིན་འབྱུང་གནས་སུ། །སྡུག་བསྔལ་ངལ་བའི་སྣོད་གྱུར་འགྲོ་བ་ཀུན། །བདེ་བའི་གླིང་དུ་བདེ་བླག་བགྲོད་པར་ཤོག །ཅེས་པའང་ཤྲཱི་མ་ཎི་བྷ་དྲས་ཆོ་གའི་ཆ་ལག་ཏུ་བྲིས་སོ། །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཆོ་ག་ཕྲིན་ལས་མཆོག་སྩོལ།

p. 603

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཆོ་ག་ཕྲིན་ལས་མཆོག་སྩོལ་ཞེས་བྱ་བ་བཞུགས། །

p. 604

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གང་གིས་སྲིད་གསུམ་ཟིལ་གནོན་ཡེ་ཤེས་རྡོ་རྗེའི་མཐུ་སྟོབས་ཀྱིས། །ཤིན་ཏུ་མ་རུངས་གདུག་པ་ཅན་རྣམས་འཇོམས་མཛད་མཐུ་སྟོབས་ཅན། །ཚུལ་བཞིན་བསྟན་པ་བསྲུང་མཛད་དཔལ་ལྡན་མགོན་པོའི་ཞབས་པད་ལ། །ཉེ་བར་བཏུད་དེ་དེ་ཡི་སྒྲུབ་ཐབས་མཆོད་པའི་རིམ་པ་བཤད། །འདིར་བཀའ་བརྒྱུད་རིན་པོ་ཆེའི་བཀའ་བསྲུང་གཅིག་པུ་པ་མགོན་པོ་ཕྱག་བཞི་པའི་ཆོ་ག་རྒྱས་པ་གཞན་ནས་འབྱུང༌། བསྡུས་པ་རྗེ་མི་བསྐྱོད་ཞབས་ཀྱིས་མཛད་པ་ལྟར་སོར་གནས་ལས་ཅུང་ཟད་ཁ་བཀང་སྟེ་བརྗོད་པར་བྱའོ། །དེ་ལ་བདག་བསྐྱེད་བདེ་དགྱེས་ཕག་མོ་ལྟ་བུ་སྔོན་དུ་སོང་ནས་མདུན་བསྐྱེད་མགོན་པོའི་ཆོ་ག་ལ།

p. 605

གནས་ཡིད་དང་མཐུན་པར་ཆོས་སྐྱོང་གི་གཏོར་མ་གཙོ་བོ་ཟླུམ་པོ་ཕྲག་པ་ཅན་ལ་གཏོར་ཕྲན་བཅུ་གཉིས་ཀྱིས་བསྐོར་བ་ཆོས་སྐྱོང་གི་སྐུ་བརྙན་གྱི་མདུན་དུ་བཤམས། ཡི་དམ་གྱི་གཏོར་མ་རྟེན་སོགས་ཀྱང་བཤམས།ཉེར་སྤྱོད་ལྔ་ཐུན་གཏོར་ནང་མཆོད་སྨན་རཀ་གཏོར་གསུམ། ཕྱི་ནང་གསང་གསུམ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན། སྤྱན་གཟིགས་ཅི་འབྱོར་བ་ཚོགས་པར་བྱས་ལ། རང་གི་མདུན་དུ་རྡོར་དྲིལ་ལམ་རོལ་མོ་སོགས་བཞག །བདག་བསྐྱེད་ཐུན་བསྡུའི་བར་བདུད་རྩི་བྱིན་རླབས་ནས་བཟུང་རང་རང་སྒྲུབ་ཐབས་ལྟར་བྱ། དེ་ནས་ཕྱག་བཞི་པ་གཏོང་ན་འདིར་འཇུག །ཡང་བེར་ནག་ཅན་འཁོར་ལྔ་སོགས་དང་འདི་སྦྲེལ་ཚེ་རྣམ་སྲས་ཀྱི་གོང་དུ་གཏོང༌། དེ་ནས། ཁཎྜ་རོ་ཧེའི་བིགྷྣཱཾ་གྱིས་བསངས།

p. 606

ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྦྱངས། ཆོས་རྣམས་ཐམས་ཅད་དངོས་པོའི་མཐའ། །རང་བཞིན་སྟོང་པའི་ངང་ཉིད་ལས། །མདུན་གྱི་གཞི་འདིར་དུར་ཁྲོད་ཀྱི། །ས་གཞིར་པཾ་ལས་པདྨ་དང༌། །རཾ་ལས་ཉི་མའི་དཀྱིལ་འཁོར་སྟེང༌། །ཧཱུཾ་ཡིག་མཐིང་ནག་ལས་གྱུར་པའི། །རྡོ་རྗེ་གྲི་གུག་ཧཱུཾ་གིས་མཚན། །འོད་འཕྲོས་བདུད་ཀྱི་སྡེ་བཅོམ་ནས། །འཕགས་མཆོད་ཚུར་འདུས་ཡོངས་གྱུར་ཏེ། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཆར་སྤྲིན་ལྷོངས་པ་ལྟ་བུའི་མདོག །དམར་ལ་ཟླུམ་པའི་སྤྱན་གསུམ་ལྡན། །ཁྲོ་གཉེར་བསྐྱོད་ཅིང་མཆེ་བ་གཙིགས། །ཞལ་ནས་ཧ་ཧ་ཧཱུཾ་ཧཱུཾ་གི །གད་སྒྲོག་ལྗགས་ནི་རྣམ་པར་འགྱུ། །དབུ་སྐྲ་སྨིན་མ་སྨ་ར་ནི། །དམར་སེར་མེ་ལྟར་རབ་ཏུ་འབར། །ཕྱག་གཡས་དང་པོས་གྲི་གུག་དང༌། །གཡས་འོག་རལ་གྲི་འདེབས་པའི་ཚུལ། །གཡོན་གྱི་དང་པོས་ཀ་པཱ་ལ། །བདུད་རྩིས་གང་བ་ཐུགས་ཀར་འཛིན། །གཡོན་འོག་རྡོ་རྗེ་ཁ་ཊྭཱཾ་ག །ཕྱར་བའི་སྟབས་འཛིན་མི་མགོ་ནི། །སྐམ་པོ་ལྔ་ཡིས་དབུ་

p. 607

རྒྱན་དང༌། །རློན་པ་ཁྲག་འཛག་ལྔ་བཅུ་ཡིས། །སེ་རལ་དར་དང་རིན་པོ་ཆེ། །རུས་པ་སྦྲུལ་དང་དྲིལ་བུ་ཡི། །གཡེར་ཁའི་འཕྲེང་བས་རབ་ཏུ་བརྒྱན། །སྟག་ལྤགས་གསར་པ་ཁྲག་བཅས་ཀྱིས། །སྨད་གཡོགས་སྐུ་ལས་ཡེ་ཤེས་ཀྱི། །མེ་དཔུང་འབར་བའི་དབུས་ཉིད་ན། །མི་རོ་ཁ་སྦུབ་བསྣོལ་བའི་གདན། །དཔའ་བོ་རོལ་པའི་སྟབས་ཀྱིས་བཞུགས། །དེ་ཡི་གཡས་སུ་ཧཱུཾ་ཡིག་ལས། །ལས་མགོན་བྱ་རོག་གདོང་ཅན་ནི། །སྐུ་མདོག་ནག་པོ་ཞལ་གཅིག་པ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །གཡོན་དུ་བྷྱོཿཡིག་ཡོངས་གྱུར་ལས། །ཡུམ་མཆོག་རྩ་འཇིབ་དམར་མོ་ནི། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །རལ་གྲི་རྩེ་གསུམ་གཡོན་པ་ན། །མདའ་གཞུ་མི་མགོ་འཛིན་པ་ལ། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །མདུན་དུ་ཧཱུཾ་ལས་ཤ་ཟ་ནི། །སེང་གེའི་གདོང་ཅན་སྐུ་མདོག་ནག །ཞལ་གཅིག་ཕྱག་གཉིས་རལ་གྲི་དང༌། །ཐོད་ཁྲག་འཛིན་པ་ཤ་ཟ་ནི། །འབུམ་གྱིས་

p. 608

བསྐོར་བ་དེའི་རྒྱབ་ཏུ། །ལེགས་ལྡན་ནག་པོ་དར་ནག་གི །བེར་ཅན་གཎྜི་འཛིན་པའོ། །དེ་ཕྱིར་ཤར་དུ་མཁའ་འགྲོ་མ། །བྱ་རྒོད་གདོང་ཅན་བྱང་དུ་ནི། །ཁྱུང་དང་ནུབ་ཏུ་ཁྭ་ཡི་དང༌། །ལྷོ་རུ་འུག་པ་ཤར་ལྷོར་ཕག །ལྷོ་ནུབ་ཁྱི་དང་ནུབ་བྱང་དུ། །སྤྱང་ཀི་བྱང་ཤར་མཚམས་ཉིད་དུ། །སྟག་གི་གདོང་ཅན་བརྒྱད་ཀ་ཡང༌། །གཅེར་བུ་སྐྲ་གྲོལ་ཞལ་གཅིག་པ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །འཁོར་རྣམས་བཞེངས་ནས་གར་སྟབས་ཀྱི། །རོལ་གར་སྣ་ཚོགས་མཛད་པའོ། །མདུན་དུ་དུར་ཁྲོད་ཆེན་པོའི་ནང༌། །མེ་འབར་ཁྲག་ཞག་རྒྱ་མཚོའི་དབུས། །ཐོད་པ་སྐམ་རློན་གཞལ་ཡས་སུ། །ཨཾ་ལས་དུད་སོལ་ལྷ་མོ་ནག །ཞལ་གཅིག་ཕྱག་བཞི་རལ་གྲི་དང༌། །ཐོད་ཁྲག་ཤཀྟི་རྩེ་གསུམ་འཛིན། །དུར་ཁྲོད་ཆས་བརྒྱན་མི་རོ་གསོལ། །བ་ལང་གླང་ལྤགས་རེ་ལྡེ་བགོས། །སྦྲུལ་རྒྱན་ཞབས་ལ་ལྕགས་སྒྲོག་གསོལ། །བོང་བུ་གྭ་དམར་བཅིབས་པའོ། །གཞན་ཡང་མྱུར་མཛད་སྤྱན་རས་གཟིགས། །གུར་དང་གཉན་མགོན་ཨ་གྷོ་ར། །མ་

p. 609

ནིང་སྔགས་བསྲུང་རལ་གཅིག་མ། །ཏྲཀྵད་རྡོ་རྗེ་བདུད་འདུལ་སོགས། །བསྟན་བསྲུང་རྒྱ་མཚོ་འཁོར་བཅས་གསལ། །དུར་ཁྲོར་ཆེན་པོའི་ཕྱི་རོལ་དུ། །རྡོ་རྗེའི་ར་གུར་ཡེ་ཤེས་ཀྱི། །མེ་རི་དྲག་ཏུ་འབར་བའོ། །གཙོ་འཁོར་ཀུན་གྱི་སྤྱི་བོར་ནི། །ཨོཾ་དང་མགྲིན་པར་ཨཱཿཉིད་དང༌། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །འོག་མིན་ལ་སོགས་སངས་རྒྱས་ཀྱི། །ཞིང་ཁམས་རྒྱ་མཚོར་བཞུགས་པ་ཡི། །ཡེ་ཤེས་མགོན་པོ་འཁོར་བཅས་ཀུན། །ནམ་མཁར་སྤྲིན་ཕུང་གཏིབས་བཞིན་གྱུར། །ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །སྤྱན་འདྲེན་དཔལ་ལྡན་ནག་པོ་ཆེ། །བདག་རྒྱུད་སྒྲིབ་པ་བསལ་བའི་ཕྱིར། །བརྩེ་བས་དགོངས་ཏེ་འདིར་སྤྱོན་ཅིག །ཧཱུཾ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །རྡོ་རྗེ་ནག་པོ་འཁོར་བཅས་རྣམས། །རང་བཞིན་གནས་ནས་སྐུ་བཞེངས་ལ། །བསྟན་པ་བསྲུང་ཕྱིར་འདིར་གཤེགས་ཤིག །ཤློ་ཀ་འདི་རྒྱུད་ནས་བྱུང༌། འོག་མིན་གནས་མཆོག་དམ་པ་དང༌། །ལྕང་ལོ་ཅན་གྱི་ཕོ་བྲང་དང༌། །ནཱ་ལེནྡྲ་ཡི་

p. 610

གཙུག་ལག་དང༌། །བསིལ་བ་ཚལ་གྱི་དུར་ཁྲོད་དང༌། །གཞན་ཡང་དུར་ཁྲོད་གནས་བརྒྱད་དང༌། །ཕྱི་ཡི་རྒྱ་མཚོའི་འགྲམ་དག་དང༌། །རང་བཞིན་གར་བཞུགས་གནས་མཆོག་ནས། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་རྗེས་དགོངས་ལ། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །སྤྱན་སྔས་མཛད། མགོན་པོ་ཀུན་གཤེགས་ཐུགས་རྗེ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །འདྲེན་པའི་བསྟན་པ་བསྲུང་བ་དང༌། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དམ་ཚིག་ཅན་ལ་རྗེས་བརྩེ་བས། །ནག་པོ་ཡབ་ཡུམ་འཁོར་བཅས་རྣམས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཙ་ཏུརྷ་སྟ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨེ་ཧྱེ་ཧི། ཛཿཧཱུཾ་བཾཿཧོཿདམ་ཚིག་དང༌། །ཡེ་ཤེས་པ་ནི་དབྱེར་མེད་གྱུར། །པདྨ་ཀ་མ་ལ་ཡསྟྭཾ། ཧཱུཾ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ཁྲག་ཆེན་འབར་བའི་ཨརྒྷཾ་དང༌། །ཞག་ཆེན་འཁྲིགས་པའི་

p. 611

ཞབས་བསིལ་སོགས། །དབང་པོ་ལྔ་ཡི་མེ་ཏོག་དང༌། །ཤ་ཆེན་སྤོས་དང་ཚིལ་ཆེན་བསུར། །ཞུན་ཆེན་སྣང་གསལ་མར་མེ་དང༌། །སྣ་ཚོགས་དྲི་ཡི་བྱུག་པ་དང༌། །ཤ་ཆེན་ལྔ་ཡི་ཞལ་ཟས་དང༌། །ཐོད་ཆེན་རྔ་དང་རྐང་ཆེན་དུང༌། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་ནས་ཤབྡའི་བར་གྱིས་མཆོད། ཧཱུཾ་ལས་སྐྱེས་པའི་ནག་པོ་ཆེ། །པདྨ་ཉི་མའི་གདན་ལ་བཞུགས། །གདུག་པ་ཟིལ་གནོན་མེ་དཔུང་ནང༌། །མཐུ་ཆེན་ཁྱོད་ལ་བདག་བསྟོད་དོ། །བྱ་རོག་མིང་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་བཞི་ཁྲོ་བོའི་གཟུགས། །ཞབས་གཉིས་གྱད་ཀྱི་སྟངས་ཀྱིས་བཞུགས། །སྟོབས་ཆེན་ཁྱོད་ལ་བདག་བསྟོད་དོ། །ཆ་ལུགས་འཆང་བའི་ནག་པོ་ཆེ། །སྦྲུལ་དང་རིན་ཆེན་ཐོད་པས་བརྒྱན། །སྟག་ལྤགས་ཤམ་ཐབས་སྐུ་ལ་གསོལ། །དཔའ་བོ་ཁྱོད་ལ་བདག་བསྟོད་དོ། །འཕྲིན་ལས་མཛད་པའི་ནག་པོ་ཆེ། །འབྲས་བུ་ཐོད་ཁྲག་ཞལ་དུ་གསོལ། །གདུག་པའི་

p. 612

མཚོན་ཆ་ཕྱག་ན་བསྣམས། །གསོད་བྱེད་ཁྱོད་ལ་བདག་བསྟོད་དོ། །གཟི་མདངས་ལྡན་པའི་ནག་པོ་ཆེ། །དབུ་སྐྲ་སེར་པོ་གྱེན་དུ་བརྫེས། །ཨག་ཚོམ་སྨིན་མ་མེ་ལྟར་འབར། །བརྗིད་པ་ཁྱོད་ལ་བདག་བསྟོད་དོ། །སྙིང་རྗེས་ཁྲོས་པའི་ནག་པོ་ཆེ། །སྤྱན་གསུམ་སྡང་མིག་མེ་ལྟར་འབར། །རབ་ཏུ་འཁྲུགས་པའི་ཁྲོ་གཉེར་ཅན། །གཏུམ་ཆེན་ཁྱོད་ལ་བདག་བསྟོད་དོ། །འཇིགས་པའི་གཟུགས་ཅན་ནག་པོ་ཆེ། །ཞལ་གདངས་མཆེ་བ་རབ་ཏུ་གཙིགས། །ལྗགས་འདྲིལ་ཧཱུཾ་ཧཱུཾ་སྒྲ་སྒྲོག་པ། །ཟ་བྱེད་ཁྱོད་ལ་བདག་བསྟོད་དོ། །བྱང་ཆུབ་སེམས་ལྡན་ནག་པོ་ཆེ། །སངས་རྒྱས་སྤྱན་སྔར་ཁས་བླངས་པ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །དམ་ཅན་ཁྱོད་ལ་བདག་བསྟོད་དོ། །དམ་ལས་མ་འདའ་ནག་པོ་ཆེ། །བསྟན་པ་སྲུངས་ཤིག་ནག་པོ་ཆེ། །རྣལ་འབྱོར་སྐྱོངས་ཤིག་ནག་པོ་ཆེ། །བཀའ་བཞིན་སྒྲུབས་ཤིག་ནག་པོ་ཆེ། །གལ་ཏེ་དམ་ལས་འདས་གྱུར་ན། །དུས་གསུམ་སངས་རྒྱས་ཁྱོད་ཀྱིས་བསླུས། །ཁྱོད་ནི་ཉམས་པར་འགྱུར་བ་

p. 613

སྟེ། །དེ་བས་དམ་ལས་མ་འདའ་ཞིག །ཅེས་འགྲོ་མགོན་རིན་པོ་ཆེ་ཕག་མོ་གྲུ་པས་མཛད་པའོ། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟེན་ནས། ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ྄། སྔོན་གྱི་དམ་ཚིག་གཉན་པོ་དགོངས། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །རྒྱལ་བ་རིགས་ལྔ་ཡུམ་བཞི་དང༌། །སེམས་དཔའ་སེམས་མ་ཁྲོ་བོ་དང༌། །ཁྲོ་མོ་སྤྱན་དྲངས་བདུད་རྩིའི་ཆུས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བརྟན་པ་ལས། །གཙོ་བོར་བདེ་མཆོག་ལྷན་སྐྱེས་དང༌། །འཁོར་རྣམས་ཀུན་ལ་བཅོམ་ལྡན་འདས། །མི་བསྐྱེད་རྡོ་རྗེས་བརྒྱན་པར་གྱུར། །བདག་ཉིད་བཅོམ་ལྡན་འཁོར་ལོ་སྡོམ། །གསལ་བའི་ཐུགས་ཀར་ཉི་མ་ཡི། །དཀྱིལ་འཁོར་དབུས་སུ་ཧཱུཾ་ཡིག་མཐར། །ཡི་གེ་བདུན་པ་རབ་ཏུ་གསལ། །མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུཾ། །སྔོན་པོ་འོད་ཟེར་འབར་བའི་མཐར། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ྄། ཕག་མོ་ལྟ་བུ་ལ་མཚོན་ན། བདག་ཉིད་བཅོམ་ལྡན་རྣལ་འབྱོར་མར། །གསལ་བའི་ཐུགས་ཀར་

p. 614

ཉི་མ་ཡི། །དཀྱིལ་འཁོར་དབུས་སུ་ཧྲཱིཿཡིག་མཐར། །ཡི་གེ་བཅུ་བདུན་རབ་ཏུ་གསལ། །མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུཾ། །སྔོན་པོ་འོད་ཟེར་འབར་བའི་མཐར། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ྄། ཅེས་པའི་སྔགས་འཕྲེང་འཁོར་བར་གྱུར། །རང་གི་ཐུགས་ཀའི་ཧཱུཾ་ངམ་ཧྲཱིཿཡིག་ལས། །འོད་འཕྲོས་དཔལ་ལྡན་ནག་པོ་ཆེའི། །ཐུགས་ཀར་ཕོག་པས་ཐུགས་རྗེ་ཆེ། །བསྐུལ་ཏེ་དངོས་གྲུབ་བྱིན་རླབས་ཀུན། །འོད་ཟེར་ཁ་དོག་སྣ་ཚོགས་ཚུལ། །མགོན་པོའི་ཞལ་ནས་བདག་ཉིད་ཞལ། །ཞུགས་ནས་ཐུགས་ཀར་ཐིམ་པའི་མོད། །ཡེ་ཤེས་མགོན་པོ་འཁོར་བཅས་ལས། །སྤྲུལ་པའི་ཕོ་ཉ་མང་འཕྲོས་ཏེ། །བདུད་བཞི་བཏུལ་ཞིང་འཕྲིན་ལས་བཞི། །ཐོགས་པ་མེད་པར་སྒྲུབ་པར་གྱུར། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ྄་ཅེས་སམ་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ྄་སྭཱ་ཧཱ། ཅེས་པ་ལྟ་བུའི་འཇུག་ཏུ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ྄། ཅེས་ཅི་ནུས་བཟླ། སྤྲོ་ན་སྤྲུལ་བ་འཁོར་དང་བཅས་པའི་བཟླས་པ་གཞན་དུ་འབྱུང་བ་ལྟར་བྱེད། བསྡུ་

p. 615

ན་གཙོ་བོའི་བཟླས་པ་འདི་ཀས་ཆོག་པས་དེ་ཀ་སོར་བཞག་གོ །གཏོར་མ་འབུལ་བར་འདོད་ན་ཆུ་གཙང་དང་ནང་མཆོད་བྲན་ལ། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊྲ། དམ་ཨོཾ་ཨཱ་བགྷྣིཾ་ཏ་ཀྲྀ་ཏ་ཧཱུཾ་ཕཊྲ། གང་རུང་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། །རཾ་ལས་མེ་དང་ཀཾ་ལས་ནི། །མི་མགོ་གསུམ་གྱི་སྒྱེད་བུའི་སྟེང༌། །ཨ་ལས་ཡེ་ཤེས་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ལྔ་པོ་དང༌། །བདུད་དགྲའི་ཤ་རུས་སྤུངས་པ་ལས། །ཨོཾ་འདི་སྐབས་དང་པོར་ལག་པ་གཡས་བསྟན། དེ་ནས་གཡོན་བསྟན། དེ་ནས་གཉིས་ཀ་བསྟན། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། ཨཱཿཧཱུཾ་གིས་སྐུ་གསུང་ཐུགས། །ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི། །ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྗགས། །འོད་ཀྱི་སྦུ་གུས་བདུད་རྩི་རྣམས། །དྲངས་ཤིང་གསོལ་བས་མཉེས་པར་གྱུར། །དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་བསྐྱོད་དེ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎེ། ཨེ་ཥ་ཨ་པཥྩེམ་ཀཱ་ལོ྅་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་བ་ཀཱ་རི་ཎཾ་ཡ་དི་པྲ་ཏཱི་ཛྙཱ་

p. 616

སྨ་ར་སི་ཏཱ་དཱ། ཨི་དཾ་དུཥྚཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ྄། ཨོཾ་ཧཱུཾ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱཾ་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ྄། ཀྵེ་ཏྲ་པཱ་ལ། ཛི་ན་མི་ཏྲ། ཊཀྐི་རཱ་ཛ་ཀཱ་ལ་ཏྲཀྴ་ས་པ་རི་ཝཱ་ར་ཨི་དཾ་༴ ཤཱ་ས་ན་བེར་ནག་ཅན་དང་མཐུན་པ་དང་ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་པི་ཀཱ་ལ་ར་ཏྲི་ཏ། ཌོཾ་པི་ནི། ཙཎྜ་ལི། རཀྵ་སི། སིདྒ་ལི། དེ་ཝི་ས་པ་རི་ཝཱ་ར་ཨི་དཾ་༴ ཨོཾ་ཨ་གྷོ་ར་མ་ཧཱ་ཀཱ་ལ་དུ་བེཾ་ཛ་ཧཱུཾ་ཧཱུཾ་ཀཱ་ལ་རཀྵ་ཧཱུཾ་ཕཊ྄། རཀྨོ་ཙ་ལེ་ཙ་ལེ་བྷྱོཿཨོཾ་བ་སུདྷ་རི་ཧ་རི་ནི་ས་ཧཱུཾ་ཕཊ྄། ས་པ་རི་ཝཱ་ར་ཨི་དཾ་༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུཾ་ཛཿས་པ་རི་ཝཱ་ར་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཏྲཀ་རཀྵ་ཁ་མུནྟྲ་མུ་ཏྲ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་བྷྱོཿས་པ་རི་ཝཱ་ར་ཨི་དཾ་༴ ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་ཤད་ཨོཾ་མ་ཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿས་པ་རི་ཝཱ་ར་ཨི་དཾ་༴ ཨོཾ་བཛྲ་རཏྣ་ཙིཏྟ་རཱ་ག་རཱ་ག་ཧཱུཾ་ཕཊ་

p. 617

སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་མ་ཕུལ་ཏེ། འོག་གི་འདོད་གསོལ་ལྷུག་པ་དེ་འདིར་བྱས་ཀྱང་རུང་ཡང་མཆོད་བསྟོད་ཀྱི་རྗེས་སུ་བྱེད་པའང་ཡོད་པས་ད་ལམ་ཕྱི་མ་ལྟར་ན་མཆོད་པ་ནི། ཡན་ལག་བརྒྱད་ལྡན་སྨན་གྱི་ཆབ། །མི་ཁྲག་གྲི་ཁྲག་དང་འདྲེས་པའི། །དུག་ཆུ་ཁོལ་མའི་མཆོད་ཡོན་འདི། །མགོན་པོ་འཁོར་བཅས་མདུན་དུ་འབུལ། །པདྨ༌ཨུཏྤལ་སྔོན་པོ་དང༌། །བཙན་དུག་ར་དུག་དུག་ཤིང་གི །མེ་ཏོག་སྔོན་པོ་དྲི་ངད་ཅན། །མགོན་པོ་འཁོར་བཅས་དབུ་ལ་འབུལ། །གུ་གུལ་ཨ་ག་རུ་དག་དང༌། །རྔ་མོང་བོང་བུའི་བདུད་རྩི་དང༌། །ཤ་ཆེན་ཚིལ་ཆེན་བདུག་སྤོས་འདི། །མགོན་པོ་འཁོར་བཅས་ཤངས་ལ་འབུལ། རྩི་མར་འབྲུ་མར་སྣང་གསལ་དང༌། །ར་ཚིལ་ཁྱི་ཚིལ་ཕག་ཚིལ་དང༌། །ཞུན་ཆེན་སྣང་གསལ་སྒྲོན་མེ་འདི། །མགོན་པོ་འཁོར་བཅས་སྤྱན་ལ་འབུལ། །ཙན་དན་ག་པུར་གླ་རྩི་དང༌། །ཤ་རུལ་ཁྲག་རུལ་དུག་སྦྱར་བའི། །དམར་ནག་འཁྲུགས་པའི་དྲི་ཆབ་འདི། །མགོན་པོ་འཁོར་བཅས་ཐུགས་ཀར་

p. 618

འབུལ། །རོ་བརྒྱ་ལྡན་པའི་ཟས་མཆོག་དང༌། །ནས་ནག་ཏིལ་ནག་བྲ་བོ་ནག །ཚིག་མ་ནག་པོའི་ལྷ་བཤོས་འདི། །མགོན་པོ་འཁོར་བཅས་ཞལ་དུ་འབུལ། །རྔ་དང་རྔེའུ་ཆུང་ཏིང་ཏིང་ཤག །མི་རྐང་དུང་དང་ཌ་མ་རུ། །རོལ་མོ་སིལ་སྙན་གྱེར་མ་དབྱངས། །མགོན་པོ་འཁོར་བཅས་སྙན་ལ་འབུལ། །སྤྲོ་ན་ཤླཽ་ཀ་རེ་རེའི་མཚམས་སུ་མཆོད་པ་རང་རང་གི་སྔགས་སྦྱར་ཏེ་འབུལ་བ་འམ། ཡང་ན་བསྡོམས་ཏེ། བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ཤེས་རབ་མ་ད་ན་ཡི་ཆང༌། །ཐབས་ཀྱི་མཾ་ས་བ་ལ་ཟན། །དམ་རྫས་བདུད་རྩིའི་ཚོགས་ཕུད་འདི། །མགོན་པོ་འཁོར་བཅས་ལྗགས་ལ་འབུལ། །བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུཾ། ཞེས་འབུལ། སྤྲོ་ན། ཆར་སྤྲིན་གཡོ་བ་དང་མཚུངས་རྔ་རྔོག་བཟང༌། །གློག་གི་ཞགས་པ་ལྟར་མྱུར་གོམ་སྟབས་ཅན། །རླུང་གི་ཤུགས་དང་འདོད་དགུའི་འགྲོས་ལྡན་པ། །མྱུར་འགྲོ་རྒྱན་གྱིས་བརྒྱན་པ་གྲངས་མེད་འབུལ། །འདམ་

p. 619

བུའི་ཚལ་བཞིན་རིང་ཞིང་རྩུབ་པ་ཡི། །སྤུ་ཞོལ་གྱིས་གཡོགས་མདུང་རྩེ་ལས་རྣོའི་རྭ། །ཡན་ལག་རགས་ཤིང་སྤུ་གྲིའི་རྨིག་པ་ཅན། །གཡག་ནག་རྒྱན་དང་ལྡན་པ་གྲངས་མེད་འབུལ། །རི་དྭགས་དགྲ་ལྟར་དྲག་གཏུམ་མི་བཟད་རྔམས། །ཁ་གདངས་མཆེ་གཙིགས་རོ་འཛིན་བསྐྱོད་པ་ནི། །མུན་ནང་གློག་འཕྲེང་ཟླ་ཕྱེད་འགྲོགས་པ་བཞིན། །ནོར་སྐྱོང་གཏུམ་པོ་རྒྱན་གྱིས་བརྒྱན་ཏེ་འབུལ། །མུན་པ་ལྟར་ནག་སྤུ་ཡི་ཚོགས་འཁྲུགས་ཤིང༌། །དུང་ལྟར་དཀར་བའི་རྭ་འཁྱིལ་རྣམ་པར་མཛེས། །གསེར་སྦྱངས་བཙོ་མའི་མདངས་ཆགས་མིག་གཡོ་བ། །ལུག་ནག་རྒྱན་དང་ལྡན་པ་གྲངས་མེད་འབུལ། །གནམ་ལྕགས་བབས་ཀྱང་འབིགས་པར་མི་བཟོད་ཅིང༌། །གཡུལ་གྱི་མཚོན་ཆའི་དར་རྣམས་ཉམས་བྱེད་པ། །གཏུམ་པོའི་ལུས་ལ་མི་ཤིགས་སྐྱོབ་པ་ཡི། །དངུལ་ཆུ་ལྟར་འཚེར་ཁྲབ་རྣམས་ཁྱེད་ལ་འབུལ། །སྤྲིན་དཀར་དུམ་བུ་ཕུང་པོར་གྱུར་པ་བཞིན། །བཅུ་དྲུག་བྱང་བུ་བསྡེབས་པའི་རྨོག་བཟང་པོ། །ཀླད་ན་གངས་

p. 620

ཀྱི་རི་ལས་རྔམས་པ་ལ། །ཕོད་དཀར་ལྡེམ་པ་དུ་མ་ཁྱོད་ལ་འབུལ། །འཆང་བཟུང་རབ་བརྟན་ལོགས་ཀུན་མེ་རིས་འཁྱུག །མཆོག་ཏུ་མཁྲེགས་པའི་ངར་ལྡན་རབ་རྣོ་བས། །གང་ལ་འདེབས་པར་བགྱིས་པ་ཐལ་བར་རློག །རལ་གྲི་དུ་མ་ཁྱེད་ལ་གུས་པས་འབུལ། །ཞེས་སམ། ཅུང་ཟད་བསྡུ་ན། རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང༌། །གཡག་ནག་རུ་རྣོན་སྤུ་ཞོལ་བརྗིད་ཅིང་ཆེ། །ཁྱི་ནག་དོམ་བུ་གཏུམ་ཞིང་འཇིགས་པའི་གཟུགས། །ལུག་ནག་རྒྱན་ལྡན་ཚོགས་རྣམས་འབུལ་བར་བགྱི། །གཞོམ་མེད་རྡོ་རྗེའི་གོ་ཆ་དུ་མ་དང༌། །ཕ་རོལ་བདུད་དཔུང་འཇོམས་པའི་མཚོན་ཆའི་ཚོགས། །ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་དང༌། །མཆོད་པའི་སྤྲིན་ཕུང་བསམ་མི་ཁྱབ་པ་འབུལ། །ཞེས་འབུལ། བསྟོད་པ་རྐང་བརྒྱད་པ་ནི། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སྱཱཥྚ་པཱ་ད་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ། གྲུབ་

p. 621

པར་གྱུར་ཅིག་ཧཱུཾ་ཧཱུཾ་ཕཊ྄་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱི་ཁོངས་ནི་མ་ལུས་འགེངས་ནུས་ཤིང༌། །ཧཱ་ཧཱ་ཊྚཊྚ་ཞེས་བཞད་གང་ཞིག་དུས་ཀུན་ཏུ་ནི་ཤིན་ཏུ་རབ་ཏུ་འཇིགས་མཛད་པ། །ཀཾ་ཀཾ་ཀཾ་ཞེས་ཐོད་པའི་འཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོའི་མཆུ་དང་མཚུངས་པའི་སྐུ། །བྷྲཱུཾ་བྷྲཱུཾ་བྷྲཱུཾ་ཞེས་ནུས་པ་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་ཞིང༌། །དབུ་སྐྲ་དང་ནི་སྨ་ར་ཆེས་སེར་ཉེ་བར་བསྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །རཾ་རཾ་རཾ་ཞེས་སྤྱན་དམར་འཁྲུག་ཅིང་བསྒྱུར་མཛད་ཀྲུཾ་ཀྲུཾ་ཀྲུཾ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧཱ་ཧཱ་ཧཱུཾ་དང་ཀི་ལི་ཀི་ལི་ཞེས་སྒྲོག་ཕྱག་གཡོན་ཁ་ཊྭཱཾ་གར་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབ་པ་ཕྱག་གིས་བསྣམས་ཤིང་གསོལ་མཛད་འཐུང་བ་ལ་དགྱེས་ཤིང༌། །ཁཾ་ཁཾ་ཁཾ་ཞེས་གཏུམ་པོའི་ཕྱག་གཡས་གྲི་གུག་རལ་གྲིས་

p. 622

བགེགས་རྣམས་ལ་ནི་རོལ་མཛད་པ། །ཌཾ་ཌཾ་ཌཾ་ཞེས་ཌ་མ་རུ་ཅན་འདི་ཡིས་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་ཀྱིས་བསྲུངས། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་འཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང༌། །ཀྵིཾ་ཀྵིཾ་ཀྵིཾ་ཞེས་བཟོད་པའི་གཟུགས་ཅན་ཅ་ཅོ་སྒྲོག་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུས་སྣ་ཚོགས་མནན་ཅིང་མནན་ནས་ཀ་ཧ་ཀ་ཧ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་མས་སྦྲེལ་བའི་འཕྲེང་བས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་གྱི་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོ་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱིཾ་ཀྵཱུཾ་ཤྲཱིའི་སྔགས་ཀྱི་གསུང་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེག །རོལ་པས་རོལ་པ་སེལ་ཞིང་མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །ཕེཾ་ཕེཾ་ཕེཾ་

p. 623

ཞེས་སྒྲོག་པས་སོ་སོར་བསྐྱོད་པའི་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅིག་སྒྲུབ་པོ་རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱི་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཙཾ་ཙཾ་ཙཾ་ཞེས་གཏུམ་པོའི་ཤུགས་ཀྱིས་རབ་གཡོས་རྨད་བྱུང་ས་ཡི་འཇིག་རྟེན་སྣང་མཛད་པ། །ཀྲཾ་ཀྲཾ་ཀྲཾ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་འཇོམས་མཛད་ཅིང༌། །སཾ་སཾ་སཾ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །བཾ་བཾ་བཾ་ཞེས་གཤིན་རྗེ་ལྟར་ཁོད་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང༌། །ཡཾ་ཡཾ་ཡཾ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་གནོད་བྱེད་མཁྱེན། །ཀླཾཱ་ཀླཾཱ་ཀླཾཱ་ཞེས་གདུག་པའི་གཟུགས་ཀྱི་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང༌། །ཀྵཾ་ཀྵཾ་ཀྵཾ་ཞེས་ཕན་པར་མཛད་ཅིང་

p. 624

གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོངས། །པཾ་པཾ་པཾ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་གཟུགས་ཅན་ཐུགས་ཀྱི་སྔགས་པ་རྣམས་ལ་བློ་གྲོས་འབྲས་བུ་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ་པོའམ་སློབ་དཔོན་གང་ཞིག་དམ་ཚིག་ཐོས་འཛིན་གང་ཞིག་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་གྱུར་པ་དང༌། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་འབྱོར་པ་འཛིན་དང་གཟི་བརྗིད་རྒྱས་པ་མཚུངས་མེད་སྟེར། །ས་སྟེང་དང་ནི་མཐོ་རིས་སུ་ཡང་དེ་ཡི་བགེགས་ཀྱི་ཚོགས་རྣམས་རྟག་ཏུ་ཉམས་པར་འགྱུར། །དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀོ་ས་ལའི་རྣལ་འབྱོར་པ་

p. 625

བཻ་རོ་ཙ་ན་བཛྲ་དང༌། བོད་ཀྱི་ལོ་ཙ་བ་བཙུན་པ་དིང་རི་ཆོས་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྗེ་མར་པའི་སྙན་གྱི་ཤོག་དྲིལ་ལས་བྱུང་བ་ནི། ཨོཾ་བེ་ཏ་ལི་བེ་ཏ་ལི་ཚེ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་བོང་བུ་གྭ་བ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལ་བར་གྱུར། ཨོཾ་ཧཱུཾ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོཿཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་བསྲུང་མ་ཁྲག་དགའ་མོ། །ཀི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་མཛོད། བདག་གི་ལས་ནི་ཅི་བྱེད་ཀྱང༌། །དེ་ལ་ཁྱོད་ཀྱིས་གྲོགས་མཛོད་ཅིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །

p. 626

བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་འཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་མཛོད། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བྷྱོཿ ཏིལ་མར་གྱིས་བསྐུས་ལན་བུ་གཅིག་འཕྱང་རོ་ཉའི་རྣ་ཆས་སྒེག་ཅིང་རྒྱན་རྣམས་མ་ལུས་འཆང༌། །རྒྱན་དུ་རྐང་སྒྲོག་ལྕགས་ལས་བྱས་པ་གཅིག་གིས་རང་གི་རྐང་པ་མཛེས་པར་བྱས་པ་སྟེ། །གཅེར་བུ་བོང་བུ་ཞོན་ནས་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་མོ་ཁྱོད་ཉིད་ཀྱིས། །བདག་ཉིད་མཛེས་པར་ཤེས་ཀྱི་གཞན་ལྟས་ཁྱོད་ཀྱི་སྤྱོད་པའི་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིགས་པའི་ཚེ་ན་མི་ལུས་དག་ལས་ཁྲག་དང་ཞག་འཛག་དུད་པ་ཐུལ་བ་ན། །ལྷ་མོ་མཆེ་བ་གཙིགས་པ་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་གྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་སྤྱོད་ཡུལ་ཅན་ཏེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོན་ཅན་མནན་ཞིང་ནད་དང་འཆི་བའི་འཇིགས་སེལ་ཞི་ལ་མི་བཟད་དིལ་འཆང་སྒྲོག །ཁྱོད་ནི་དཔའ་བོ་དག་

p. 627

གི་མགོ་བོའི་ཅོད་པན་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །འཕྲེང་བ་ཐོགས་ཤིང་གར་བྱེད་ལག་པ་མཉེན་བརྐྱང་རྐུབ་མཚོས་ཆེ་ལ་ཀླུ་དབང་གཤིབས་པ་ཡི། །སྐ་རགས་འཆིང་ཞིང་ལག་ན་མདུང་དང་རལ་གྲི་ཐོགས་པ་ཁྲག་གི་ཆང་གིས་མྱོས་གྱུར་པ། །མིག་རྩ་དམར་པོར་གྱུར་ཅིང་མཚན་མོ་དུར་ཁྲོད་རྒྱུ་བ་འབྱུང་པོ་ཕལ་ཆེར་རྣམས་ཀྱིས་མཐོང༌། །ཀོ་རློན་ཆེན་པོ་དྲལ་ཏེ་བརྒྱངས་པའི་གོས་ཀྱིས་སྟོད་གཡོགས་སྨད་ནི་རེ་ལྡེ་སེར་པོས་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྤུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འཁྲོལ། །ལུས་ནི་སྣུམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་མར་འཛག་པའི་ཐིག་ལེ་ཚོམ་བུར་བྲིས། །མི་ཡི་ཤ་ལ་སོ་ཡིས་ཆེམ་ཆེམ་གཅོད་བྱེད་ཐོད་པ་ཅན་གྱིས་བདག་ལ་སྐྱོང་གྱུར་ཅིག །དྲག་པོ་དྲག་མོ་མི་བཟད་མི་ཤ་ཁ་ན་ཐོགས་པ་སྔོན་ཆད་མ་བྱུང་ཁྱོད་མཐོང་ན། །མ་མོ་རྣམས་ཀྱང་སྐྲག་ཅིང་རྟབ་ལ་རྔམས་པ་འཐོན་ཞིང་མིག་རྩ་རིག་རིག་ཁྱོད་ལ་

p. 628

བསྟོད། །ནག་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང༌། །ཉིན་རེ་བཞིན་དུ་བསྟོད་པར་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་རྟག་ཏུ་འདར་ཞིང་འདུད་པར་བྱེད། །མི་རྣམས་དང་ནི་འགྲོ་བ་མ་ལུས་འཇུག་བརྟུལ་ནས་ནི་ཁྱོད་ཀྱི་རྣ་བ་ཡ་གཅིག་ལ། །བྲང་གིས་འགྲོ་བའི་གདེངས་ཀ་སྟོང་དང་ལྡན་པ་གཅིག་གིས་རྒྱབ་ནས་ཁྱོད་ལ་རྒྱན་དུ་བྱས། །ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོའི་མཐའ་སྐོར་ས་གཞི་མ་ལུས་གནོན། །སྟེང་ན་རྒྱུ་བའི་ཉི་མ་འོད་ཟེར་སྟོང་དང་ལྡན་པ་དེ་ནི་ཁྱོད་ཀྱི་ལྟེ་བའི་ཕྱོགས་སུ་བཞག །བྷྱོཿ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པ་

p. 629

ཁམས་ཀྱི་དབང་ཕྱུག་མ། །ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་བསྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །བདག་གི་བར་ཆད་ཐམས་ཅད་སོལ། །འདོད་པའི་དོན་རྣམས་སྒྲུབ་པར་མཛོད། །ཅེས་པ་འདི་གཤིན་རྗེ་ནག་པོས་ལྷ་མོ་ལ་བསྟོད་ཅིང་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པར་ཡང་གྲགས། བསྟོད་པ་ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུཾ། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཞིང༌། །འཇིགས་བྱེད་མི་བཟད་དྲག་པོའི་ལས་རྣམས་མཛད། །རྔམས་པའི་ང་རོས་སྲིད་གསུམ་ཐལ་བར་རློག །མགོན་པོ་བྱ་རོག་མཚན་ལ་ཕྱག་འཚལ་བསྟོད། །མ་ལུས་གདུག་པ་འདུལ་བའི་སྐུ་མདོག་ནག །རྣམ་བཞིའི་འཕྲིན་ལས་མཛད་པའི་ཕྱག་བཞི་མ། །ཁྲོས་པའི་ཉམས་ལྡན་དཔའ་བོ་བརྗིད་པའི་སྐུ། །གདུག་པ་ཚར་གཅོད་ཁྱོད་ལ་ཕྱག་འཚལ་བསྟོད། །ཧེ་རུ་ཀ་དཔལ་མཆོག་གི་རྣམ་འཕྲུལ་ཁྱོད། །ཞིང་སྐྱོང་ཆེན་པོ་མཁའ་འགྲོའི་ཚོགས་དང་རོལ། །བདུད་བཞིའི་ཁྲག་གསོལ་བནྡྷ་ཕྱག་ན་བསྣམས། །འཆི་བདག་

p. 630

བགེགས་འཇོམས་ཁྱོད་ལ་ཕྱག་འཚལ་བསྟོད། །བསྟན་པ་རྒྱས་པར་མཛད་པའི་དབང་ཕྱུག་གཙོ། །འཕོངས་པའི་དབུལ་སེལ་སྦྱིན་པའི་ལོ་ཏོག་རྒྱས། །སྲིན་པོའི་གཟུགས་ཀྱིས་དགྲ་བགེགས་གསོད་པར་བྱེད། །དངོས་གྲུབ་ཀུན་སྟེར་ནག་པོ་ཁྱོད་ལ་བསྟོད། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །འཁོར་རྣམས་ལ་བསྟོད་པ་བསྡུས་པར་སྤྲོ་ན། ཁྱོད་ཀྱི་དགྱེས་བསྐྱེད་ཡུམ་གསུམ་ལེགས་ལྡན་དང༌། །བཀའ་སྡོད་ལས་མགོན་གསུམ་དང་སེང་གེའི་གདོང༌། །ལས་ཀུན་སྒྲུབ་མཛད་མཁའ་འགྲོ་བརྒྱད་དྲུག་སོགས། །སྤྲུལ་པའི་འཁོར་གྱི་ཚོགས་ལ་བདག་བསྟོད་དོ། །འདོད་དོན་ཅུང་ཟད་ལྷུག་པ་སྤྲོ་ན། དཔལ་རྡོ་རྗེ་མགོན་པོ་ནག་པོ་འཇིགས་བྱེད་ཆེན་པོ། ཧེ་རུ་ཀ་དང་རང་བཞིན་མཚན་ཉིད་གཅིག་པ། ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་འདི་དང་འཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པའི་དཔའ་བོ་ཆེན་པོ། སྣང་སྲིད་ལྷ་འདྲེ་ཀུན་

p. 631

གྱི་ཡང་རྗེ། ཞིང་སྐྱོང་དྲག་པོ་ལས་ཀྱི་བཀའ་གཉན་གྱི་སྡེ་དཔོན་མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་རྣལ་འབྱོར་བུ་བཞིན་དུ་སྐྱོང་བ། དམ་ཅན་སྒྲུབ་པ་པོའི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་བསྡུད་ལས་ཀྱི་རྩལ་མངའ་བ། དྲག་པོས་དགྲ་བགེགས་སྒྲོལ་བའི་ལས་ལ་མྱུར་བ། བསྟན་པ་བསྲུང་བའི་ལས་ལ་རྩལ་འབྱིན་པ། མཐུ་དང་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་རྩལ་དྲག་བདག་ལ་དགོངས་སུ་གསོལ། རྣལ་འབྱོར་པ་བདག་གི་བླ་ན་མེད་པའི་བྱང་ཆུབ་བདེ་བ་ཆེན་པོའི་ཞིང་ཁམས་བགྲོད་པའི་ལམ་གྱི་བར་ཆད་སོལ། བདུད་བཞིའི་འཇིགས་པ་ལས་སྒྲོལ་བའི་ལམ་གྱི་སྐྱེལ་མ་མཛོད་ཅིག །ཡང་དག་པའི་ལམ་ལ་འཁྲིད་པའི་ཏིང་ངེ་འཛིན་གྱི་བསུ་མ་དང་ཕྲད་པར་མཛོད་ཅིག །དེ་ལྟར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ལུས་ངག་ཡིད་གསུམ་ལོག་པའི་ལམ་ལ་མི་འཇུག་ཅིང་ཐར་པ་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ།

p. 632

འཇིག་རྟེན་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཀྱི་གནས་ནས་ཅི་བསམ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་འཐོབ་ནས་འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་འཕྲིན་ལས་ཀྱི་བྱ་བ་ལ་གསོལ་བ་ཇི་ལྟར་དུ་བཏབ་པ་འགྲུབ་པར་མཛད་དུ་གསོལ། ཅེས་དཔལ་ཆེན་རྒ་ལོས་ཤིང་ནྱ་གྲོ་དྷཱའི་ཚལ་དུ་ཞུགས་པའི་དུས་མགོན་པོ་ཞལ་གཟིགས་ནས་གསང་བའི་གསོལ་འདེབས་འདི་མཛད་པའོ། །ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་ཕྱག་བཞི་པ་བྱ་རོག་གི་མཚན་ཅན། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས་མགོན། ཡུམ་མཆོག་རྩ་འཇིབ་དམར་མོ། ལེགས་ལྡན་ནག་པོ། ཕྱོགས་ཀྱི་མཁའ་འགྲོ་མ་བཞི་སོགས་རང་འདྲའི་སྤྲུལ་པ་ལས་མཁན་འཁོར་ཚོགས་བཀའ་སྡོད་མཐུ་བོ་ཆེ་རྣམས་དང༌། ནག་པོ་སྟོང༌། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲིས་བསྐོར་བ། བསྟན་པའི་བཀའ་བསྲུང༌། དམ་ཉམས་ཀྱི་སྲོག་གཅོད། རིག་འཛིན་གྱི་སྲོག་

p. 633

ཤིང༌། རྣལ་འབྱོར་གྱི་དགྲ་བླ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་བསྲུང་མའི་ཚོགས་དང་བཅས་པ་རྣམས་ལ་དམ་རྫས་བདུད་རྩིའི་གཏོར་མ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོ་འདིས། མཆོད་དོ། བསྟོད་དོ། དེ་དག་གི་མཐུས་རྣལ་འབྱོར་པ་བདག་གི་བཀའ་དང་བསྟན་པ་སྲུངས། ཚེ་དང་དབང་ཕྱུག་སྤེལ། དཔལ་དང་གྲགས་པ་སྒྲུབས། འཁོར་དང་སློབ་མ་སྐྱོངས། བདུད་དང་བར་ཆད་བཟློག །མི་ནོར་ཟས་གསུམ་བསྡུས། དགྲ་བགེགས་ཐལ་བར་རློག །འཕྲིན་ལས་རྣམ་བཞི་སྒྲུབས། རྟག་ཏུ་བསྲུང་སྐྱོབ་མཛོད། བསམ་དོན་ཐམས་ཅད་གྲུབ་པར་མཛོད། ཅེས་སམ་བསྡུ་ན་དཀྱུས་ནི། དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་འཁོར་བཅས་པ་ཡིས། །ཟག་མེད་བདེ་ཆེན་བསྐྱེད་གྱུར་པའི། །བདུད་རྩིའི་རོ་མཆོག་མྱོང་མཛད་པས། །བསོད་ནམས་ཚོགས་ཆེན་གང་བསགས་དེས། །རྩ་རྒྱུད་བླ་མའི་བཀའ་དང་ནི། །རང་དམ་གཉན་པོ་དགོངས་པ་ལྟར། །

p. 634

སངས་རྒྱས་བསྟན་དང་སེམས་ཅན་དོན། །འབད་པ་མེད་པར་སྒྲུབ་མཛད་ཅིང༌། །ཁྱད་པར་གསོལ་འདེབས་བདག་རྒྱུད་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །དེ་ལ་འགལ་རྐྱེན་གང་མཆིས་པ། །འཕྲིན་ལས་བཞི་ཡི་སྒོ་ནས་ནི། །ཚར་གཅོད་རྗེས་འཛིན་མཛད་དུ་གསོལ། །ཞེས་གྲངས་ཅི་ནུས་ཀྱི་འཕྲིན་ལས་བཅོལ། བསྟོད་པ་ནི། བདུད་དང་བདུད་ཀྱི་ཕྱོགས་གྱུར་པའི། །སེམས་ཅན་མ་ལུས་མྱུར་བར་ནི། །རྩད་བཅད་བསད་ནས་ཁྲག་གི་རྒྱུན། །གསོལ་མཛད་ནག་པོ་ཆེན་པོ་ནི། །རབ་འཇིགས་མདོག་ནག་གཟུགས་ཐུང་པོ། །བསུས་པ་འཕྱང་ཞིང་དབུ་སྐྲ་སེར། །འཇིགས་པའི་མེ་དཔུང་ནང་ན་བཞུགས། །གཏུམ་ཆེན་ཁྲོས་པའི་གད་མོ་ནི། །ཧ་ཧཱུཾ་ཕཊ་ཀྱི་སྒྲ་སྒྲོག་པས། །ལྷ་དང་ལྷ་མིན་སྐྲག་གྱུར་ནས། །བྲོས་ཤིང་འགྱེལ་བའི་མགོ་བཅད་དེ། །ཞབས་ཀྱི་རོ་མནན་དྲག་པོའི་ཚུལ། །སྐ་རགས་དྲིལ་བུ་གཡེར་ཁས་བརྒྱན། །སིལ་སིལ་ཌ་མ་རུ་ཡི་སྒྲ། །དྷི་དྷི་དྷཱུ་ཧ་དྷ་སྒྲ་ནི། །ཐོག་གི་ན་ར་གི་རའི་སྒྲ། །སྒྲ་སྒྲོག་སྙན་དང་

p. 635

མི་སྙན་པའི། །གར་བྱེད་ལྷ་དང་ལྷ་མོ་ཡི། །ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ནི། །དུར་ཁྲོད་གནས་སུ་རོལ་བར་མཛད། །ཐུང་ལ་སྦོམ་པའི་སྤྱན་གསུམ་པོ། །མེ་ཏོག་བནྡྷུ་ར་ལྟར་དམར། །བགེགས་རྣམས་སྐྲག་ཅིང་དངངས་མཛད་པ། །ལྗགས་ནི་གློག་ལྟར་འཁྱུག་པར་བྱེད། །མཆེ་བ་རྣམ་པར་གཙིགས་པ་ཡིས། །མ་རུངས་གདུག་པའི་སེམས་ཅན་གྱི། །ཤ་རུས་ཀྲུཾ་ཀྲུཾ་འཆའ་བ་དང༌། །ལྷ་བ་ཞག་རྣམས་འཇིབ་པར་བྱེད། །ཕྱག་རྒྱ་ལྔ་དང་ཀླུའི་དོ་ཤལ། །རྒྱན་རྣམས་ཀུན་གྱིས་རྣམ་པར་སྤྲས། །སྟག་གི་པགས་པའི་སྟོད་གཡོགས་དང༌། །སྐ་རགས་དང་ནི་ཤམ་ཐབས་མཛད། །མི་བསྐྱོད་ལ་སོགས་བདེ་གཤེགས་ཚོགས། །དབུ་ལ་བརྒྱན་ཅིང་སྐུ་ལ་འཕྲོ། །མི་ཡི་རྒྱུ་མའི་ཐག་པ་ལ། །མི་མགོ་ལྔ་བཅུ་འཕྱང་བ་ཡི། །འཕྲེང་བ་ཡིས་ནི་དོ་ཤལ་བྱས། །དྲག་པོ་དང་ནི་ཆུ་བདག་སོགས། །བཟློག་པར་དཀའ་བའི་ཚོགས་རྣམས་ཀྱང༌། །ཞལ་དུ་གསོལ་མཛད་ཕྱག་གཡོན་དུ། །རྩེ་གསུམ་འཛིན་ཞིང་ཐོད་ཁྲག་འཐུང༌། །

p. 636

གཤིན་རྗེའི་ལྕེ་འདྲའི་གྲི་གུག་དང༌། །རལ་གྲི་ཕྱག་གཡས་བསྣམས་ནས་ནི། །གདུག་པ་ཅན་རྣམས་བརླག་མཛད་ཅིང༌། །མི་ཤེས་སྡིག་པ་རིང་དུ་སྤོང༌། །མཛེས་པའི་ལྷ་མོ་གར་བྱེད་མ། །བརྒྱད་དང་རོལ་པའི་རྗེ་བཙུན་དཔལ། །རྡོ་རྗེ་ནག་པོ་ཆེན་པོ་ལ། །སངས་རྒྱས་གྲགས་པས་བསྐུལ་བ་ནི། །གང་གི་ཉིན་མཚན་འདིས་བསྟོད་པས། །སྒྲུབ་པའི་དོན་རྣམས་འགྲུབ་པ་དང༌། །སེམས་ཅན་མ་ལུས་ཁྱེད་ལྟ་བུར། །ས་བཅུ་ལ་ནི་གནས་པར་མཛོད། །ཅེས་ཙ་མིས་མཛད་པ་དང༌། ཧཱུཾ། འོག་མིན་གནས་མཆོག་དམ་པ་དང༌། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །བཅོམ་ལྡན་འཁོར་ལོ་བདེ་མཆོག་ནི། །འཁོར་དུ་དཔའ་བོ་དཔའ་མོས་བསྐོར། །ཟ་བྱེད་རྔམས་པའི་ཁྲོ་གཏུམ་ཅན། །བདུད་དཔུང་ཐམས་ཅད་འཇོམས་མཛད་པའི། །ཁྲག་འཐུང་རྒྱལ་པོར་ཕྱག་འཚལ་བསྟོད། །ཧེ་རུ་ཀ་དཔལ་སྐུ་སྤྲུལ་པ། །བཀའ་སྡོད་བྱ་རོག་མཚན་ཅན་ནི། །ནག་པོ་ཆེན་པོ་ཁྲོ་བོའི་རྒྱལ། །ཀེང་རུས་སྐམ་རློན་ཁྲི་ལ་བཞུགས། །གཅེར་བུ་སྐུ་མདོག་ནག་པོ་

p. 637

ལ། །ཐལ་བའི་མཚན་མས་ལུས་བྱུགས་ཤིང༌། །བགེགས་རྣམས་འཇོམས་ལ་ཕྱག་འཚལ་བསྟོད། །ཕྱག་བཞི་ཡིས་ནི་བརྡར་བསྟན་པ། །འཕྲིན་ལས་རྣམ་བཞི་མཛད་པའི་རྟགས། །ཕྱག་གཡས་དང་པོ་བེ་ཏ་ཡི། །འབྲས་བུ་དམར་པོ་བསྣམས་པ་ནི། །ལོངས་སྤྱོད་དངོས་གྲུབ་སྟེར་བའི་རྟགས། །རིན་ཆེན་གཏེར་གྱི་ཆར་འབེབས་པའི། །གཏེར་བདག་ཆེན་པོར་ཕྱག་འཚལ་བསྟོད། །ཕྱག་གཡས་འོག་མས་རལ་གྲི་འཛིན། །དགྲ་བགེགས་སྲོག་རྩ་གཅོད་པའི་རྟགས། །ཕྱག་གཡོན་དང་པོས་ཐོད་ཁྲག་འཛིན། །བདུད་ཁྲག་དྲོན་མོ་གསོལ་བའི་རྟགས། །ཕྱག་གཡོན་འོག་མས་རྩེ་གསུམ་འཛིན། །སྐུ་གསུམ་ཡོན་ཏན་ལྡན་པའི་རྟགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་བསྟོད། །མཆེ་བ་བཞི་ནི་རྣམ་པར་གཙིགས། །འབྱུང་པོའི་ཤ་ལ་རོལ་པའི་རྟགས། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས། །སྤྲུལ་པའི་ཕོ་ཉ་འགྱེད་པའི་རྟགས། །ཁྲོ་གཉེར་དཔྲལ་བའི་དབྱིངས་སུ་བསྡུས། །གནོད་བྱེད་ཚེ་སྲོག་འགུགས་པའི་

p. 638

རྟགས། །དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད། །དབུ་སྐྲ་རལ་པའི་ཐོར་ཚུགས་ནི། །བསྐལ་པའི་མེ་ལྟར་གྱེན་དུ་འབར། །ལྷ་རྣམས་དབང་དུ་བསྡུད་པའི་རྟགས། །སྦྲུལ་རིགས་བཞི་ཡིས་དབུ་ཞབས་བརྒྱན། །ཀླུ་རྣམས་དབང་དུ་བསྡུད་པའི་རྟགས། །ཨག་ཚོམ་ཁམ་ནག་འཁྱིལ་བ་ནི། །ལྷ་མིན་གཡུལ་ངོ་བཟློག་པའི་རྟགས། །བྱ་རོག་མཚན་ཅན་ཁྱོད་ལ་བསྟོད། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རིགས་ལྔའི་རྒྱན་དང་ལྡན་པའི་རྟགས། །ཐོད་རློན་འཕྲེང་བའི་དོ་ཤལ་ཅན། །དམ་ཉམས་སྲོག་རྩ་གཅོད་པའི་རྟགས། །དཔའ་བོའི་འདུག་སྟངས་ཀྱིས་བཞུགས་པ། །བསྒྲལ་བའི་ཞིང་བཅུ་སྒྲོལ་བའི་རྟགས། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །གཅན་གཟན་འཁོར་གྱིས་བསྐོར་བའི་རྟགས། །དྲིལ་བུ་གཡེར་ཁའི་སྒྲ་སྒྲོག་པ། །ཕྱོགས་བཅུར་སྙན་པ་སྒྲོག་པའི་རྟགས། །མེ་དཔུང་འབར་བའི་དབུས་བཞུགས་པ། །ཉོན་མོངས་རྣམ་རྟོག་བསྲེག་པའི་རྟགས། །བྱ་རོག་མཚན་ཅན་ཕྱག་འཚལ་བསྟོད། །ཅེས་རྟགས་ཀྱི་བསྟོད་པ་དཔལ་རྒ་ལོས་

p. 639

མཛད་པའོ། །བྷྱོཿ དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་གྲུབ་ཕྱིར་རྣམ་ཐར་གསུམ་གཞོལ་ཡང༌། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །དཔལ་ལྡན་ལྷ་མོ་སྐུ་མདོག་ཆར་སྤྲིན་མདོག །མཚན་མོ་ནག་མོ་རབ་ཏུ་གཏུམ་པའི་གཟུགས། །ཤིན་ཏུ་རིད་ཅིང་ཀེང་རུས་གཟུགས་ཅན་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྗིད་པའི་སྐུ། །རལ་པ་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ། །སྐྲ་སེར་སྦྲུལ་དང་ཐོད་པའི་འཕྲེང་བ་ཅན། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་འཕུར། །ཁྲག་གི་ཆང་གིས་ར་རོ་སྤྱན་གསུམ་དམར། །མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ཤིང་ཁྲག་ལ་ཤིན་ཏུ་དགྱེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་བུ་གསིལ། །གདུག་པ་བཏུལ་ནས་ཚངས་པའི་སྒྲ་སྒྲོག་མ། །སྙན་ཆ་གཡོན་པར་སེང་གེའི་རལ་པ་དམར། །དཔའ་མོ་ཁམས་གསུམ་སེང་གེའི་སྒྲ་སྒྲོག་མ། །ཕྱག་བཞི་གཡས་ཀྱི་དང་པོས་

p. 640

རལ་གྲི་ཕྱར། །འོག་མ་དུང་ཆེན་རཀྟ་དམར་འཁྱིལ་འཛིན། །གཡོན་གྱི་དང་པོས་ཤཀྟའི་མཚོན་ཆས་གཅོད། །འོག་མ་ཏྲི་ཤུའི་མགུལ་ནས་དར་དཔྱངས་ཕྱར། །ཤཀྟི་རལ་གྲིའི་མཚོན་གྱིས་བསད་པ་ཡི། །ལྷ་མ་ཡིན་གྱི་མགོ་བོས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་རློན་སྟོད་གཡོགས་མཛེས། །སྨད་ནི་བ་ལང་ཀོ་རློན་དྲལ་བ་ལ། །ཕྱེད་ནི་རེ་ལྡེ་སེར་པོའི་ཤམ་བུས་དཀྲིས། །ཀླུ་ཡི་དབང་པོ་གཞགས་པའི་སྐེད་ཆིངས་ཅན། །ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཁྲག་དང་ཞག་གིས་ཐིག་ལེ་ཚོམ་བུར་བྲིས། །བོང་བུ་གྭ་ཞོན་མཚན་མོ་དུར་ཁྲོད་རྒྱུ། །བོང་བུའི་རྨིག་པ་གློག་གི་ཤུགས་ཅན་མ། །ཁམས་གསུམ་སྐད་ཅིག་ཙམ་གྱིས་བསྐོར་བར་བྱེད། །སྐད་ནི་དུང་དང་འབྲུག་གི་སྒྲ་ལྟར་སྒྲོག །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་བསྡུད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་དག་ན་གནས། །དམ་པའི་སར་གནས་གཟུགས་སྐུ་གཉིས་འཛིན་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན། །ཚངས་པའི་

p. 641

རྒྱལ་པོ་སོགས་ཀྱིས་ཕྱག་བྱས་མ། །གཞན་ལ་དབང་བསྒྱུར་འདོད་ཁམས་ཡོངས་མཐར་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །སུམ་ཅུ་རྩ་གསུམ་གནས་སུ་བྱོན་པའི་ཚེ། །ལྷ་རྣམས་དབུགས་ཕྱུང་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕམ་པར་མཛད་པའི་ཚེ། །ལྷ་མིན་དབང་པོ་ཀུན་གྱིས་ཕྱག་བྱས་མ། །སྐུ་མཆོག་རི་རབ་རྩེ་དང་འགྲན་པའི་ཚེ། །ལྟེ་བའི་ཐད་ཀའི་ཕྱོགས་སུ་ཉི་མ་ཤར། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམ་ནུས། །ས་འོག་དབང་པོ་ཀུན་གྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱིས་ཆོ་འཕྲུལ་ཆེར་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངངས། །དམ་སྲིའི་ཚོགས་རྣམས་འདར་ཞིང་དམ་ལ་བསྡུད། །ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ན། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་འོད་ཟེར་འབར། །ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། །ཉི་

p. 642

མའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །དུག་གི་རླངས་པས་ནག་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སློང་མཛད་མ། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་བསྡུད། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ་མཛད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་བསྡུད། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་བདག་སྨན་གྱི་གཙོ། །དཔལ་ལྡན་ལྷ་མོ་ཁྱོད་ལ་འདུད་ཅིང་བསྟོད། །ཅེས་དྲང་སྲོང་སེང་གེའི་ང་རོས་བསྟོད་པའོ། །ཧཱུཾ། བྱང་ཤར་ནགས་ཚལ་དུར་ཁྲོད་ཆེན་པོ་ཡི། །མ་མོ་རབ་འབར་གཅེར་བུའི་དཀྱིལ་འཁོར་ན། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །སྟོབས་ཆེན་རབ་འབར་འགྱིང་བའི་ཆ་བྱད་ཅན། །ཁྲོ་གཉེར་

p. 643

རབ་འཇིགས་མཐིང་ནག་བརྗིད་པའི་ཞལ། །དམར་ལ་ཟླུམ་པའི་སྤྱན་གསུམ་མེ་འོད་འཕྲོ། །ཤངས་ནས་རླུང་བྱུང་འཇིག་རྟེན་གཡོ་བར་བྱེད། །རབ་ཏུ་འཇིགས་པའི་ལྗགས་ལས་ཧཱུཾ་སྒྲ་འབྱིན། །རྡོ་རྗེ་འདར་བའི་ཚེམས་བགྲད་མཆེ་བ་གཙིགས། །བར་ནས་རྡོ་རྗེ་ཁྲག་གི་སེར་ཆེན་འབེབས། །སྨིན་མ་ཨག་ཚོམ་བསྐལ་པའི་མེ་ལྟར་འབར། །དྲག་པོའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །ཐོད་སྐམ་ལྔས་བརྒྱན་མི་བསྐྱོད་དབུ་ལ་བཞུགས། །སྒེག་སོགས་ཉམས་ལྡན་དར་གྱི་ཅོད་པན་མཛེས། །མགུར་གྱི་བུམ་པར་གསང་བའི་བཤུག་གླུ་ལེན། །རྡོ་རྗེ་དྲག་པོའི་གླུ་སྒྲ་དི་རི་རི། །སྐུ་སྟོད་སེང་གེའི་རོ་སྟོད་འགྱིང་བ་ནི། །དཔའ་གཏུམ་ཆེན་པོ་གྱད་ལས་ཁྱད་པར་འཕགས། །ཐུགས་ཀྱི་དཔལ་བེའུ་གཡུང་དྲུང་འཁྱིལ་བ་ལས། །ཕྱི་ནང་གསང་བའི་ཆོས་ཀྱི་ཆར་རྒྱུན་འབེབས། །ཐུགས་རྗེའི་ཉི་འོད་སེམས་ཅན་ཡོངས་ལ་གསལ། །བསུས་པ་ཀཱ་མ་རུ་པའི་སྙིང་པོ་ལྟར། །འཁྱིལ་ཞིང་བརྗིད་པས་ཁམས་གསུམ་ཡངས་པར་

p. 644

ཤོང༌། །ལྟེ་བ་ཟབ་ཅིང་གཡས་སུ་འཁྱིལ་པ་ལས། །ཨུཏྤལ་སྔོན་པོའི་དྲི་བསུང་ངད་དང་ལྡན། །ལྷ་དམག་འབུམ་གྱི་རྫོང་ཡང་དེ་ན་འཆའ། །སྐེད་པ་གཞུ་ཡི་འཆང་བཟུང་ལྟར་འདྲིལ་ཞིང༌། །རབ་ཏུ་སྲ་མཁྲེགས་རྡོ་རྗེ་ཕ་ལམ་འདྲ། །བརླ་གཉིས་རབ་བརྟན་གླང་ཆེན་གཟུར་བ་འདྲ། །ཁྱད་པར་འཕགས་པའི་དབང་ཕྱུག་སྟོབས་པོ་ཆེ། །གསང་བའི་སྦ་བ་མ་ཉམས་སྦུབས་སུ་ནུབ། །ཅུང་ཟད་མཐོ་བས་འཁོར་བའི་ཁྲི་མོན་སེལ། །རི་དྭགས་རྒྱལ་པོ་ལྟ་བུའི་བྱིན་པ་ནི། །བ་སྤུར་བཅས་ཤིང་དྲང་སྲོང་ཁྱོད་ཕྱག་འཚལ། །ཕྱག་གི་སེན་མོ་ཀཾ་ཀའི་བྱ་མཆུ་འདྲ། །དམར་ལ་འདྲིལ་ཞིང་འཁྱུག་པས་དགྲ་བགེགས་སྒྲོལ། །ཞབས་ཀྱི་སེན་མོ་ཙནྡན་སྨྱུག་མ་འདྲ། །དམར་ལ་འདྲིལ་ཞིང་སྣུམ་པའི་ལྷུན་དང་བཅས། །བ་སྤུ་སེང་གེའི་སྤུ་ལྟར་མཁྲང་བ་ལས། །རྩེ་མོ་གྱེན་དུ་སྐྱེས་ཤིང་གཡས་སུ་འཁྱིལ། །ཐལ་བས་ལུས་བྱུགས་ཁྲག་གི་ཐིག་ལེས་བརྒྱན། །ཕ་རོལ་ཕྱིན་དྲུག་རྫོགས་པའི་ཕྱག་རྒྱ་དྲུག །འཁོར་བའི་ཉེས་ཚོགས་བཅོམ་

p. 645

ཕྱིར་མགོ་འཕྲེང་འཕྱང༌། །ཀླུ་རྣམས་དབང་བསྡུད་གདུག་པ་སྦྲུལ་གྱིས་བརྒྱན། །རྣམ་རྟོག་སྤངས་པས་རོ་ཡི་གདན་ལ་བཞུགས། །བདུད་བཞི་སྐྲག་ཕྱིར་མེ་རི་འོབས་ཀྱིས་བསྐོར། །ཁམས་གསུམ་གཡུལ་ལས་རྒྱལ་བའི་དཔའ་རྟགས་སུ། །སྟག་གི་པགས་པས་སྐུ་ཡི་སྨད་ཕྱེད་དཀྲིས། །ཁྱུང་གི་སྤྲུལ་པས་ནམ་མཁའི་མཐར་ཁྱབ་ཅིང༌། །དཀར་པོ་ལྷ་ཡི་རྒྱལ་སྲིད་སྐྱོང་བར་བྱེད། །གྲི་གུག་རབ་ཏུ་འབར་བས་སྲོག་རྩ་གཅོད། །ཐོད་རློན་རབ་ཏུ་འབར་བས་སྙིང་ཁྲག་འཐུང༌། །རལ་གྲི་གློག་ལྟར་འཁྱུག་པས་དགྲ་བགེགས་སྒྲོལ། །རྩེ་གསུམ་མྱུར་བས་ལྷ་མིན་གཡུལ་ངོ་བཟློག །ཞགས་པས་ཐེའུ་རང་འབྱུང་པོའི་སྐེ་ནས་བཏགས། །བ་སུ་ཏ་ཡི་ལྕགས་སུ་བཅུག་ནས་ཀྱང༌། །ཞབས་ཀྱི་འོག་ཏུ་བཅུག་ནས་འགུལ་མ་ནུས། །ཐུགས་ཀྱི་སྤྲུལ་པ་ཙནྡན་བེང་ཆེན་བསྣམས། །བདུད་འདུལ་ཙནྡན་བེང་གི་ནང་ནས་ནི། །སྤྲུལ་པའི་དམག་ཚོགས་མང་པོ་འབྱུང་བ་ནི། །བརྒྱད་ཁྲི་བཞི་སྟོང་སེར་པོ་གསེར་ཁྲབ་ཅན། །

p. 646

བ་དན་ནག་པོ་མུན་ལྟར་འཐིབས་པ་ཐོགས། །ཉིས་ཁྲི་ཆིག་སྟོང་དཀར་པོ་དངུལ་ཁྲབ་ཅན། །བ་དན་སྔོན་པོ་རླུང་ལྟར་འཕྱོ་བ་ཐོགས། །སུམ་སྟོང་དྲུག་བརྒྱ་སྨུག་པོ་བསེ་ཁྲབ་ཅན། །བ་དན་དཀར་པོ་ཤེལ་ལྟར་འཚེར་བ་ཐོགས། །སུམ་བརྒྱ་དྲུག་ཅུ་དམར་པོ་ཟངས་ཁྲབ་ཅན། །བ་དན་དམར་པོ་མེ་ལྟར་འབར་བ་ཐོགས། །ལྕགས་ཀྱི་སྤྱང་མོ་འབུམ་ནི་སྔོན་ལ་རྒྱུག །གླང་ཆེན་སྨྱོན་པ་འབུམ་ནི་ཕྱི་ནས་རོལ། །གསེར་གྱི་སེང་གེ་འབུམ་ནི་ཟུར་ན་འགྱིང༌། །ལྕགས་ཀྱི་བྱ་ཁྲ་འབུམ་ནི་ཀླད་ན་ལྡིང༌། །བསེ་ཡི་བྱ་གླག་འབུམ་ནི་མཆུ་སྡེར་བརྡར། །དུང་གི་སྐྱེས་པ་འབུམ་ནི་མདའ་གཞུ་འགེངས། །བྱུ་རུའི་ན་ཆུང་འབུམ་ནི་གཡབ་མོ་བརྡེབ། །ལྕགས་ཀྱི་མོན་པ་འབུམ་ནི་ཐོ་བ་གདེངས། །ཁྲོ་ཆུའི་ཁྲོ་མོ་འབུམ་ནི་རལ་གྲི་ཕྱར། །རྡོ་ཡི་བྱི་བ་འབུམ་ནི་ས་གཞི་རློག །ལྕགས་ཀྱི་ཕག་རྒོད་འབུམ་ནི་ངུར་སྒྲ་སྒྲོག །ཤ་ཟ་མ་མོ་བྱ་རོག་འུག་པའི་ཚོགས། །གཅན་གཟན་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར། །ལྷ་ཀླུ་སྡེ་བརྒྱད་ཚོགས་ནི་བྲན་དུ་

p. 647

ཁོལ། །དེ་ལྟར་འདུས་པའི་དམག་ཚོགས་ཐམས་ཅད་ཀྱང༌། །སྟོབས་ཀྱང་ཆེ་ལ་དཔུང་ཡང་རབ་ཏུ་ཆེ། །ལ་ལས་མི་བཟད་རྡོ་རྗེ་འཁོར་ལོ་འཕེན། །ལ་ལ་རལ་གྲི་དགྲ་སྟ་གཏུན་ཤིང་འཕེན། །ལ་ལ་རྩེ་གསུམ་མདའ་དང་ཐོག་མདུང་འཕེན། །ལ་ལ་གྲི་གུག་མེ་དང་རི་རབ་འཕེན། །སྟོབས་ཆེན་གཞན་གྱིས་མི་ཐུབ་ཐུབ་པར་དཀའ། །དཔལ་ལྡན་མགོན་པོ་ནག་པོ་མཐུ་ཆེན་ཁྱོད། །གདུལ་དཀའི་སེམས་ཅན་མ་ལུས་འདུལ་བ་དང༌། །དཀོན་མཆོག་གཙུག་ལག་ཁང་རྣམས་བསྲུང་བའི་ཕྱིར། །བདག་གིས་ཡུན་དུ་ནག་པོ་ཁྱོད་བསྟེན་གྱི། །རྟག་ཏུ་ཕྱག་འཚལ་མཆོད་པ་རབ་ཏུ་འབུལ། །ཐུགས་རྗེས་དགོངས་ལ་བསྟེན་པའི་ཞིང་དུ་དགོངས། །རྣལ་འབྱོར་དབང་ཕྱུག་ཕུ་ནས་གཡབ་དོར་ན། ཆོས་སྐྱོང་མདའ་ན་བཞུགས་ཀྱང་སྤྱན་མ་བརྟུལ། །རྣལ་འབྱོར་དབང་ཕྱུག་མདའ་ནས་ཀུས་འདེབས་ན། །ཆོས་སྐྱོང་ཕུ་ན་བཞུགས་ཀྱང་སྙན་མ་སྲ། །བདག་གི་རེ་འདོད་བཅོལ་བའི་འཕྲིན་ལས་རྣམས། །ལྷ་མཆོག་

p. 648

ཁྱོད་ཀྱི་རྟག་ཏུ་སྒྲུབ་པར་མཛོད། །ཅེས་རྡོ་རྗེ་གདན་ལ་དུ་རུ་ཀའི་དམག་བྱུང་དུས་འཕགས་པ་ཀླུ་སྒྲུབ་ཀྱིས་བསྟོད་པ་འདི་མཛད་པས་དེ་ཉིད་དུ་དམག་བཟློག་སྐད། དཔེ་ལ་ལར་རྒ་ལོས་མཛད་ཟེར་བའང་སྣང༌། ད་ནི་རྣལ་འབྱོར་བ་ཆགས་ཆེ་ཞིང་ཕྱི་ནང་གི་རྐྱེན་དུ་མ་ལྷོངས་ན་ཉམས་ཆགས་བསྐང་བའི་ཕྱིར། བསྐང་བ་རྒྱུན་པར་འདོད་ན་གཏོར་མ་ཕུན་སུམ་ཚོགས་པ་དང༌། ཉེར་སྤྱོད་སྤྱན་གཟིགས་སྣ་ཚོགས་དང་བཅས་པ་བཤམས་ནས། བསངས་སྦྱངས་ཏེ། ཨ་ལས་ཀ་པཱ་ལའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སྟེ། ཨོཾ་ཧཿཧོཿཧྲཱིཿ ལན་གསུམ་གྱིས་སྦྱངས་རྟོགས་སྤར་འོད་གསལ་བར་བྱས་ཏེ། དྲི་རོ་ཕུན་སུམ་ཚོགས་པའི་གཟི་བརྗིད་མཐའ་ཡས་པར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་ལན་གསུམ་བརྗོད་ནས། འདི་སྐད་དུ། སྐད་ཅིག་གིས་བདག་སོགས་ཉོན་མོངས་པ་དང༌། མ་གུས་པ་དང༌། བག་མ་མཆིས་པ་དང༌། མ་ཤེས་པ་རྣམས་ཀྱིས་རྒྱུད་མ་རུངས་པ་འདུལ་དཀའ་བ་རྣམས་ཀྱིས་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་གང་མཆིས་པ་བཤགས་ནས་སྒྲིབ་པར་མི་འགྱུར་

p. 649

བའི་ཕྱིར་བཅོམ་ལྡན་འདས་ཐུགས་རྗེ་ཅན་དཔལ་ནག་པོ་ཆེན་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་བརྗོད་ནས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་བསགས་པ་ཀུན། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཞེས་དང༌། དེ་ནས། བཛྲ་ཨརྒྷཾ་ནས་ཤབྡའི་བར་བརྗོད་ནས། འདོད་པའི་གཟུགས་སྒྲ་རྣམ་དག་རྡོ་རྗེའི་ཡུལ། །ཁམས་ཀྱི་དྲི་རོ་རྣམ་དག་ཞི་བའི་དབྱིངས། །ས་ཡི་རེག་བྱ་ཆོས་ཁམས་རྣམ་དག་པའི། །བདུད་རྩི་འོད་ཟེར་འབར་བའི་མཆོད་པ་བཞེས། །བདག་རྒྱུད་ཉེས་པ་གང་མཆིས་མཐོལ་ལོ་བཤགས། །ཕྱིན་ཆད་མི་བགྱིད་སྡོམ་པ་སླར་ཡང་ལེན། །སྔོན་ཆད་ནོངས་པའི་ལས་ལ་འགྱོད་པར་མཆིས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །བསྐང་ངོ་བཀའ་རྒྱུད་བླ་མ་ཡི་དམ་དང༌། །དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་དམ་སྐོངས་ལ་ཉམས་

p. 650

ཆགས་སོར་ཆུད་མཛོད། །ཐུགས་རྗེ་ཆེན་པོས་བདག་ལ་དགོངས་པར་མཛོད། །ནག་པོ་ཆེན་པོ་ཡུམ་ཅིག་རལ་གཅིག་མ། །ལེགས་ལྡན་ནག་པོ་ཡུམ་མཆོག་རྩ་འཇིབ་དམར། །སྤྲུལ་པའི་ལས་མགོན་ཆེན་པོ་བྱ་རོག་གདོང༌། །སེང་གེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་པ། །བྱ་རྒོད་མཁའ་ལྡིང་ཁྭ་དང་འུག་པ་དང༌། །ཕག་ཁྱི་ཅེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་འཁོར་བཅས་དང༌། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་ཀྱིས། །ཐུགས་རྗེ་ཆེན་པོས་དགོངས་ཤིག་བཅོམ་ལྡན་གྱི། །བཀའ་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆགས་ཉམས་སྐོང༌། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆགས་ཆེ་ཉམས་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །འཕྲིན་ལས་རྣམ་བཞི་སྒྲུབ་ཏུ་གསོལ། །ཞེས་བསྐང་གསོ་ཚར་སུམ་ཅུ་རེ་ལ་གཏོར་མ་གསར་པ་རེ་གསོས་ནས་གཏོར་མ་བྱིན་རླབས་བྱས་ཏེ། སྡོམ་པ་དམ་ཚིག་མ་ཉམས་པས། ཤ་ཆང་སོགས་བཟའ་བ་

p. 651

མིན་པ་སྤངས་ཏེ་དབེན་པའི་གནས་སུ་བླ་མ་མགོན་པོ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བྱེད་ཅིང༌། བཤགས་པ་འདི་ཚུལ་བཞིན་དུ་བྱས་ན་རྐྱེན་བཟློག་གི་མཐུ་ཆེ་ལ། གྲོང་ཁྱེར་དུ་ཁྱིམ་པའི་གནས་སུ་ཚུལ་འཆལ་ཀུན་འདུས་ནས་ཟང་ཟིང་གི་རྙེད་པའི་ཕྱིར་བསྲུང་བཟློག་གི་ཆེད་དུ་བསྐང་རྒྱུན་འདི་བྱས་ན། ཆོས་སྐྱོང་བ་རྣམས་ཀྱིས་བར་ཆད་སྣ་ཚོགས་ཀྱི་བཀའ་ཆད་འབྱུང་བ་ཤེས་པར་གྱིས་ཤིག །ཡང་བསྐང་བ་རྒྱས་པར་སྤྲོ་ན། བསངས་སྦྱངས་བྱིན་རླབས་གོང་གི་དེ་ཨ་ཀཱ་རོ་ཡན་འདིར་ཡང་སྦྱར་ལ། སྤྱན་སྔ་ཉེར་གཉིས་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ནི། སྤྱན་སྔ་ལྷ་གཟིགས་རས་པས་མཛད་ཟེར་བའང་སྣང༌། མཆན། ཧཱུཾ། དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བདག་གིས་བསྐང༌། །འོག་མིན་གནས་ན་བཞུགས་པའི་ཕྱིར། །དར་ནག་གདུགས་ཀྱིས་ཐུགས་དམ་བསྐང༌། །བསྟན་པའི་རྒྱལ་མཚན་འཛུགས་པའི་ཕྱིར། །དཔའ་བོ་སྟག་གི་རྒྱལ་མཚན་དང༌། །གཟི་མདངས་མི་ཡི་རྒྱལ་མཚན་དང༌། །གཏུམ་པོ་དོམ་གྱི་རྒྱལ་མཚན་དང༌། །རྩལ་རྫོགས་སེང་གེའི་

p. 652

རྒྱལ་མཚན་ཏེ། །རྒྱལ་མཚན་ཚོགས་ཀྱིས་ཐུགས་དམ་བསྐང༌། །ཕྱི་ཡི་བསོད་ནམས་བསྐྱེད་པའི་ཕྱིར། །ཕྱི་ཡི་མཆོད་པས་ཐུགས་དམ་བསྐང༌། །ནང་གི་ལོངས་སྤྱོད་སྤེལ་བའི་ཕྱིར། །ནང་གི་མཆོད་པས་ཐུགས་དམ་༴ །གསང་བའི་དངོས་གྲུབ་སྟེར་བའི་ཕྱིར། །གསང་བའི་མཆོད་པས་༴ །མདའ་མོ་བྱ་རྒོད་སྒྲོ་རྒྱས་དང༌། །རྒྱལ་མཚན་རྣམ་བཞི་སྐུ་ཡི་རྟེན། །སྐུ་ཡི་གཟི་བརྗིད་བསྐྱེད་པའི་ཕྱིར། །སྐུ་ཡི་རྟེན་གྱིས་ཐུགས་༴ །རཀྟ་རྣམ་གསུམ་ཁྲག་ཆེན་དང༌། །དམར་ཆེན་གཏོར་མ་གསུང་གི་རྟེན། །གསུང་གི་ནུས་པ་བསྐྱེད་པའི་ཕྱིར། །གསུང་གི་རྟེན་གྱིས་ཐུགས་༴ །གྲི་སྙིང་རྡོ་རྗེ་གྲི་གུག་དང༌། །ཙིཏྟ་རྣམ་གསུམ་ཐུགས་ཀྱི་རྟེན། །ཐུགས་ཀྱི་ཡེ་ཤེས་བསྐྱེད་པའི་ཕྱིར། །ཐུགས་ཀྱི་རྟེན་གྱིས་ཐུགས་༴ །ཕྱི་རྟེན་གཡག་ལུག་ནག་པོ་དང༌། །རྟ་ནག་གོས་ནག་ཕྱི་ཡི་རྟེན། །ཕྱི་ཡི་དགྲ་བགེགས་འདུལ་བའི་ཕྱིར། །ཕྱི་ཡི་རྟེན་གྱིས་ཐུགས་༴ །ནང་རྟེན་རིན་ཆེན་འབྲུ་སྨན་ཚོགས། །བྱ་ནག་རྒྱལ་མཚན་ནང་གི་རྟེན། །ནང་གི་ལོངས་

p. 653

སྤྱོད་སྤེལ་བའི་ཕྱིར། །ནང་གི་རྟེན་གྱིས་ཐུགས་༴ །གསང་བ་སྙིང་ཆེན་རྒྱལ་མཚན་དང༌། །སྲོག་གི་འཁོར་ལོ་གསང་བའི་རྟེན། །གསང་བར་མི་འབྲལ་འགྲོགས་པའི་ཕྱིར། །གསང་བའི་རྟེན་གྱིས་ཐུགས་༴ །རྡོ་རྗེ་ཁ་ཊྭཱཾ་རྩེ་གསུམ་ནི། །སྐུ་གསུམ་ཡོན་ཏན་བསྐྱེད་པའི་ཕྱིར། །ཡོན་ཏན་རྟེན་གྱིས་ཐུགས་༴ །གྲི་ལྕགས་རལ་གྲི་འཕྲིན་ལས་རྟེན། །དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །འཕྲིན་ལས་རྟེན་གྱིས་ཐུགས་༴ །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས་༴ །རྦད་པའི་དམ་རྫས་ཡིན་པའི་ཕྱིར། །དམར་གྱི་གཏོར་མས་ཐུགས་༴ །བསད་པའི་དམ་རྫས་ཡིན་པའི་ཕྱིར། །སྣ་ཚོགས་ཐུན་དང་གྲི་ལྕགས་ཀྱི། །གྲི་གུག་ཕུར་པས་ཐུགས་༴ །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །གཏའ་གཏོར་ཆེན་པོས་ཐུགས་༴ །རྒྱུན་ཏུ་ལས་རྣམས་སྒྲུབ་པའི་ཕྱིར། །རྒྱུན་གྱི་གཏོར་མས་ཐུགས་༴ །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས་༴ །བརྩེ་གདུང་བུ་བཞིན་འགྲོགས་

p. 654

པའི་ཕྱིར། །ལྟ་སྤྱོད་སྒོམ་པས་ཐུགས་༴ །ཐུགས་དམ་བརྒྱུད་ནས་བསྐུལ་བའི་ཕྱིར། །སྙིང་པོ་འཛབ་ཀྱིས་ཐུགས་༴ །རཀྟ་སྐོམ་དུ་འཐུང་བའི་ཕྱིར། །ཁྲག་གི་ཨརྒྷས་ཐུགས་༴ །དུག་ལྔ་རྩད་ནས་གཅོད་པའི་ཕྱིར། །དབང་པོ་མེ་ཏོག་སྣ་ལྔ་ཡིས། །ནག་པོ་ཆེན་པོའི་ཐུགས་༴ །དྲི་མཆོག་རྣམས་ལ་དགྱེས་པའི་ཕྱིར། །ཤ་ཆེན་སྤོས་དང་ཚིལ་ཆེན་དུད། །ནག་པོ་ཆེན་པོའི་ཐུགས་༴ །བསྟན་པའི་བྱ་ར་མཛད་པའི་ཕྱིར། །ཚིལ་ཆེན་མར་མེས་ཐུགས་༴ །ཤ་ཆེན་སོགས་ལ་དགྱེས་པའི་ཕྱིར། །ཤ་ཆེན་ལྔ་ཡིས་ཐུགས་༴ །ཕྱོགས་བཅུར་སྙན་པ་སྒྲོག་པའི་ཕྱིར། །ཐོད་ཆེན་རྔ་དང་རྐང་ཆེན་དུང༌། །སྣ་ཚོགས་རོལ་མོས་ཐུགས་༴ །བདུད་ཚོགས་མུ་སྟེགས་འདུལ་བའི་ཕྱིར། །ན་བཟའ་འཇོལ་བེར་ནག་པོ་དང༌། །མདུང་དར་ནག་པོས་ཐུགས་༴ །བསྒྲལ་བའི་ཞིང་བཅུ་སྒྲོལ་བའི་ཕྱིར། །ཉམས་པའི་ལིང་གས་ཐུགས་༴ །གཡག་ལུག་ནག་པོ་མར་གྱིས་བྱུགས། །དར་ནག་རུ་མཚོན་རྭ་ལ་བརྒྱན། །ཕྲག་པར་དགྲ་བགེགས་ལིང་གས་སྤྲས། །གསེར་

p. 655

སྐྱེམས་བདུད་རྩིས་བྲན་པ་འདིས། །ནག་པོ་ཆེན་པོ་ཐུགས་དམ་བསྐང༌། །བྷྱོཿ དགའ་བའི་ཚལ་གྱི་དུར་ཁྲོད་ན། །འདས་དང་མ་འདས་ད་ལྟར་གྱི། །བསྟན་པ་བསྲུང་བར་མངའ་གསོལ་བའི། །ཆོས་སྐྱོང་བསྲུང་མ་དུད་སོལ་མ། །ཁྱོད་ཀྱི་ཐུགས་དམ་གཉན་པོ་དེ། །རིག་འཛིན་རྣལ་འབྱོར་བདག་གིས་བསྐང༌། །དམ་ཅན་བསྲུང་མ་འདིར་སྤྱོན་ཅིག །རྣལ་འབྱོར་དགྲ་བླ་འདིར་སྤྱོན་ཅིག །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས་དམ་བསྐང༌། །སྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར། །གཏའ་གཏོར་ཆེན་པོས་ཐུགས་དམ་༴ །མ་དང་མི་འབྲལ་འགྲོགས་པའི་ཕྱིར། །རྒྱུན་གྱི་གཏོར་མས་ཐུགས་༴ །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས་༴ །བརྟེན་པའི་དམ་རྫས་ཡིན་པའི་ཕྱིར། །དགྲ་བགེགས་ཤ་དང་ནལ་བུའི་ཤ །མཾ་སའི་བྱེ་བྲག་དཔག་མེད་ཀྱིས། །བསྐང་ངོ་ཁྱོད་ཀྱི་ཐུགས་༴ །དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །ར་ནག་ཁྲག་དང་བྱ་ནག་ཁྲག །དགྲ་

p. 656

བགེགས་ཁྲག་ལ་སོགས་པ་ཡི། །རཀྟའི་རྒྱ་མཚོས་ཐུགས་༴ །དགྲ་བགེགས་བསུར་ལ་རྔམས་པའི་ཕྱིར། །ཚིལ་ཆེན་དུད་པས་ཐུགས་༴ །ཆུ་དང་ཚལ་སྐྱེས་མེ་ཏོག་དང༌། །ཙནྡན་ཨ་ག་རུ་སྤོས་དང༌། །དྲི་བཟང་སྦྱར་བའི་ཡོན་ཆབ་ཀྱིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་༴ །གྲོ་ནས་འབྲས་ཀྱི་བཤོས་གཙང་དང༌། །འབྲུ་རྩི་ཞུན་ཆེན་སྣང་གསལ་སོགས། །ཕྱི་ཡི་མཆོད་པ་རྣམ་ལྔ་ཡིས། །བསྐང་ངོ་ཁྱོད་ཀྱི་ཐུགས་༴ །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་པ། །རོ་བཟང་རེག་བྱ་འཇམ་ལ་སོགས། །འདོད་པའི་ཡོན་ཏན་རྣམ་ལྔ་ཡིས། །བསྐང་ངོ་ཁྱོད་ཀྱི་ཐུགས་༴ །མི་རྟ་གླང་སོགས་ཤ་ལྔ་དང༌། །བྱང་སེམས་རྒྱུད་པ་རཀྟ་སོགས། །བདུད་རྩི་ལྔ་ལ་སོགས་པ་ཡི། །གསང་བའི་མཆོད་པས་ཐུགས་༴ །བཟའ་བའི་དམ་རྫས་ཡིན་པའི་ཕྱིར། །བཤོས་གཙང་མར་གྱིས་བརྒྱན་དང་ཤ །ཆང་དང་ཁུར་བ་སྒོག་བཙོངས་སོགས། །ཚོགས་ཀྱི་མཆོད་པས་ཐུགས་༴ །ཕྱི་ཡི་རྟེན་རྫས་ཡིན་པའི་ཕྱིར། །བོང་བུ་གྭ་དམར་ལུག་ནག་དང༌། །དར་ནག་བྷཉྩ་

p. 657

མ་རལ་གྱིས། །བསྐང་ངོ་ཁྱོད་ཀྱི་ཐུགས་༴ །ནང་གི་རྟེན་རྫས་ཡིན་པའི་ཕྱིར། །རྨ་བྱ་ནལ་བུའི་རྒྱལ་མཚན་དང༌། །ནོར་བུའི་རྒྱལ་མཚན་བྷཉྩ་ཡིས། །བསྐང་ངོ་ཁྱོད་ཀྱི་ཐུགས་༴ །གསང་བའི་རྟེན་རྫས་ཡིན་པའི་ཕྱིར། །ཨ་མྲྀ་ཏ་དང་མྱོས་བྱེད་བཅུད། །གྲི་སྙིང་དགྲ་བགེགས་ནལ་བུའི་སྙིང༌། །ཙིཏྟ་སྙིང་གིས་ཐུགས་དམ་༴ །སྐུ་ཡི་རྟེན་རྫས་ཡིན་པའི་ཕྱིར། །ལུགས་སྐུ་བཏགས་སྐུ་བྲིས་སྐུ་དང༌། །དར་སྐུ་སྐུ་འབག་ལ་སོགས་ཀྱིས། །བསྐང་ངོ་ཁྱོད་ཀྱི་ཐུགས་༴ །གསུང་གི་རྟེན་རྫས་ཡིན་པའི་ཕྱིར། །རྔ་དང་རྫ་རྔ་རྔ་ཆེན་དང༌། །འཁར་རྔ་དུང་དང་ཆ་ལང་སོགས། །གདུང་བའི་དབྱངས་ཀྱིས་ཐུགས་༴ །དམ་ཚིག་གཉན་པོ་བསྐུལ་བའི་ཕྱིར། །དམ་ཚིག་དྲིལ་བུས་ཐུགས་༴ འཕྲིན་ལས་གཉན་པོ་བསྐུལ་བའི་ཕྱིར། །ཅང་ཏེའུ་སྒྲ་ཡིས་ཐུགས་༴ །འཇིག་རྟེན་དབང་དུ་བསྡུད་པའི་ཕྱིར། །གསང་བའི་རྔེའུ་ཆུང་ཐུགས་༴ །ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར། །ཕྱག་རྒྱ་སྔགས་དང་ཏིང་འཛིན་དང༌། །སྙིང་པོ་འཛབ་ཀྱི་

p. 658

བཟླས་པ་ཡིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །བྷྱོཿ གཞན་ཡང་ཐུགས་དམ་བསྐང་བ་ནི། །ཤ་ཁྲག་དམར་གྱི་གཏོར་མ་འདིས། །འགུགས་བྱེད་མ་དང་གསོད་བྱེད་མ། །ལས་མཁན་རྣམས་ཀྱི་ཐུགས་༴ །འཕྲིན་ལས་རྣམ་བཞི་སྒྲུབ་བྱེད་པའི། །མཁའ་འགྲོ་བཞི་ཡི་ཐུགས་༴ །དགྲ་བགེགས་མ་ལུས་སྒྲོལ་བྱེད་པའི། །གདོང་ཅན་བརྒྱད་ཀྱི་ཐུགས་༴ །ཉམས་པའི་ཤ་ཁྲག་ཟ་བྱེད་པའི། །སྒོ་མ་བཞི་ཡི་ཐུགས་༴ །དྲག་པོའི་ལས་ལ་འགྱེད་པའི་ཕྱིར། །ནག་མོ་འབུམ་སྡེའི་ཐུགས་༴ །གཞན་ཡང་སྤྲུལ་པའི་ལས་མཁན་ནི། །དཀར་མོ་སེར་མོ་དམར་མོ་དང༌། །ལྗང་ནག་ལ་སོགས་འབུམ་སྡེའི་ཚོགས། །བསྐང་ངོ་ཁྱོད་ཀྱི་ཐུགས་༴ །བདུད་ཀྱི་དམག་དཔུང་བཟློག་པའི་ཕྱིར། །ཡང་སྤྲུལ་བྱེ་བའི་ཐུགས༴ །མཉེས་པའི་རྟེན་དང་མ་ཉམས་ཕུད། །ཚོགས་དང་གཏོར་མ་རྒྱ་ཆེན་འདིས། །འདོད་ཁམས་མ་མོ་ཀུན་གྱི་གཙོ། །འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །དེ་ལྟར་ལྷ་མོ་འཁོར་བཅས་ཀྱི། །ཐུགས་དམ་བསྐང་བའི་བྱིན་

p. 659

རླབས་ཀྱིས། །རིག་འཛིན་རྣལ་འབྱོར་འཁོར་བཅས་ལ། །མཁའ་འགྲོའི་ཉམས་ཆགས་བྱུང་བ་སྐོང༌། །འཇིག་རྟེན་མཁའ་འགྲོའི་གནོད་པ་བཟློག །མ་མོའི་དལ་ཡམས་བྱུང་བ་བཟློག །གཤིན་རྗེའི་ཁྲམ་ལ་བཏབ་པ་བཟློག །བདུད་ཀྱི་ཞགས་པ་ནག་པོ་བཟློག །བནྡེའི་བྱད་ཀ་སླར་ལ་བཟློག །སྡེ་བརྒྱད་གནོད་པ་ཐམས་ཅད་བཟློག །གཞན་གྱི་རྦད་འདྲེ་ཕུར་ཁ་བསྒྱུར། །རྨི་ལྟས་མཚན་མ་ངན་པ་བཟློག །ལོ་སྐེག་ཟླ་སྐེག་ཐམས་ཅད་བསྒྱུར། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །ཐམས་ཅད་ཐལ་བའི་རྡུལ་དུ་རློག །བདག་ཅག་རྣལ་འབྱོར་དམ་ཅན་གྱི། །དམ་ཚིག་ཉམས་པ་སྐོང་གྱུར་ཅིག །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཚེ་དང་དབང་ཕྱུག་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ཉིན་དང་མཚན་དུ་བྱ་ར་མཛོད། །ལེགས་དང་སྤྲོ་ལ་ཉེས་དང་བསྣོར། །བསམ་

p. 660

པ་སྒྲུབས་ལ་རེ་བ་སྐོངས། །གཞན་ཡང་ཡིད་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་མཛོད། །དེ་ནས་བསྐུལ་ཞིང་ཐུན་གཏོར་འཕེན་པར་འདོད་ན། ཐུན་གཏོར་ལ་དམིགས་ཏེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་༴ ཆོས་ཀྱི་བཀའ་༴ དགེ་འདུན་གྱི་བཀའ་༴ གསང་སྔགས་རིགས་སྔགས་གཟུངས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་༴ སྔགས་དང་སྨན་དང་རྫས་རྣམས་ཀྱི་ནུས་པའི་བདེན་པ་དང༌། ཆོས་ཉིད་དེ་བཞིན་ཉིད་དང༌། ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་ཡང་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། ལས་མགོན་བྱ་རོག་གི་གདོང་པ་ཅན་འཁོར་ཚོགས་གཉན་པོ་དང་བཅས་པའི་བདེན་པ་ཆེན་པོའི་མཐུས། ཡིད་ལ་བརྣག་པའི་དམ་ཉམས་བསྟན་པའི་དགྲ་བོ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མའི་སྐུ་ལ་བསྡོས་པ། རིགས་འཛིན་གྱི་

p. 661

བརྒྱུད་པ་བཅད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་ཅིང་སྡེ་བཤིག་པ། དབེན་གནས་གཉན་པོ་བཅོམ་པ། མཚམས་མེད་ལྔ་ལ་སྤྱོད་པ། མི་དགེ་བ་བཅུ་ལ་རྔམ་པ། རྣལ་འབྱོར་པ་བདག་ཅག་ལ་བསམ་སྦྱོར་ལོག་པར་འཆང་བ། བསྒྲལ་བར་བྱ་བའི་འོས་སུ་གྱུར་པ་དེ་ཉིད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་གྱི་ཁོང་གང་དུ་གནས་ཀྱང་རང་དབང་མེད་པར་སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ ལན་གསུམ་བརྗོད་ཅིང་དམིགས་པ་དྲག་པོས་བཀུག་ལ། བསངས་སྦྱངས། སྟོང་པའི་ངང་ལས་ཐོད་པའི་སྣོད་དུ་གནོད་བྱེད་དགྲ་བགེགས་ཀྱི་ཤའི་རི་བོ། སྙིང་གི་ཕུང་པོ། ཁྲག་གི་རྒྱ་མཚོ། རུས་སོགས་ཀྱི་གྲམ་ཁྲོད་རི་ལྟར་སྤུངས་ཤིང་ཐང་ལྟར་བརྡལ་བ། ནགས་ཚལ་ལྟར་གཟིངས་པའི་གཏོར་མ་བསམ་གྱིས་མི་ཁྱབ་ཅིང་ཟད་མི་ཤེས་པར་གྱུར་པའི་སྟེང་དུ་ཨོཾ་ཨཱཿཧཱུཾ་གནས་པ་འོད་དུ་ཞུ་བ་ལས་ཟག་མེད་ཀྱི་བདུད་རྩི་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་

p. 662

གསུམ་བརྗོད། གཙོ་བོའི་བསྐུལ་ནི། ཧཱུཾ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་བ་བསྐལ་པའི་མེ། །དམར་ནག་འབར་པའི་ཀློང་དཀྱིལ་ན། །མ་ཧཱ་ཀཱ་ལ་བྱ་རོག་གདོང༌། །ཧཱུཾ་ལས་བྱུང་བའི་ནག་པོ་ཆེ། །ཧ་ཧ་ཞེས་སྒྲོག་འཇིགས་པར་བྱེད། །དུག་སྦྲུལ་གདུག་པས་སྐུ་ལ་བརྒྱན། །གཏུམ་པོ་སྤྱན་གསུམ་འབར་བ་སྟེ། །ཕྱག་གཡས་འབར་བའི་གྲི་གུག་ཕྱར། །དགྲ་བོའི་དོན་སྙིང་ཚལ་པར་འགས། །གཡོན་པ་ཐོད་པ་ཁྲག་བཀང་འཛིན། །རྡོ་རྗེ་དྲག་པོའི་སྙིང་ཁྲག་འཐུང༌། །རལ་པ་སེར་པོ་གྱེན་དུ་འབར། །མི་མགོ་རློན་པའི་འཕྲེང་བས་བརྒྱན། །རྡོ་རྗེ་རྣོན་པོ་དགྲ་ལ་འབེབས། །ཁ་གདངས་ཁྲག་གི་རྒྱུན་འཛག་པ། །རྣོ་ལ་འཁྱོག་པའི་མཆེ་བ་གཙིགས། །རྟག་ཏུ་ཤ་དང་ཁྲག་ལ་དགྱེས། །དགྲ་བོའི་སྲོག་རྩ་འདྲེན་པར་བྱེད། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཉི་མ་འབུམ་གྱི་གཟི་བརྗིད་འབར། །ཞལ་ནས་དྲག་པོའི་སྐད་སྒྲོག་པ། །ཧཱུཾ་དང་ཕཊ྄་ཀྱིས་སྟོང་གསུམ་འགེངས། །རྐང་པ་ས་ལ་བརྡབས་པའི་ཚེ། །

p. 663

ཐམས་ཅད་སྒྲོལ་ཞིང་རྡུལ་དུ་རློག །ཁྱོད་ཀྱི་སྤྲུལ་པས་བར་སྣང་འགེངས། །བྱ་རོག་གདོང་ཅན་འཕྲིན་ལས་མཛོད། །སོ་རྣོ་ལག་པ་དམར་པོ་དང༌། །མཆུ་ནི་ཁྲག་གིས་བསྐུལ་པ་ཡི། །ལུས་ཕྱེད་དག་ནི་ཟོས་པ་དང་། །མཁལ་མ་སྙིང་དང་ནང་ཁྲོལ་རྣམས། །སྙིམ་པ་ཤིན་ཏུ་བཀང་ནས་ནི། །ཟ་བཞིན་དུ་ནི་རྒྱུག་པ་ཡི། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །སྟོབས་ཆེན་ཐུགས་དམ་དུས་ལ་བབས། །མ་གཡེལ་མ་གཡེལ་ཕུར་བུས་ཐོབ། །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །འུར་འུར་ཆེམ་ཆེམ་སྤྲིན་ནག་འཁྲིགས། །མི་བཟད་འབྲུག་སྒྲ་དི་རི་རི། །འབར་བའི་གློག་སྟོང་ཀེམས་སེ་ཀེམ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབས། །རྡོ་རྗེ་མེ་ཡི་སེར་ཆེན་འབེབས། །དམ་ཉམས་དགྲ་བོ་རྡུལ་དུ་རློག །ཉམས་པའི་ཤ་ཟོ་ཁྲག་ལ་འཐུང༌། །སངས་རྒྱས་བསྟན་པའི་ར་མདའ་ཟློག །ནག་པོ་ཆེན་པོ་ལས་ལ་བྷྱོཿ། །རྣལ་འབྱོར་བདག་གི་རེ་བ་

p. 664

སྐོངས། །བསྟན་ལ་སྡང་བའི་དམ་ཉམས་ཀྱིས། །རང་གི་ལས་བྱས་རང་ལ་སྨིན། །མ་ཧཱ་ཀཱ་ལ་འཕྲིན་ལས་མཛོད། །གནམ་ལྕགས་འབར་བའི་མཆུ་སྡེར་གྱིས། །དམ་ཉམས་སྲོག་རྩ་མྱུར་དུ་དྲོངས། །བྱ་རོག་གདོང་ཅན་དུས་ལ་བབ། །རོལ་ཅིག་གསོལ་ཅིག་ཁ་རཾ་ཁཱ་ཧི། །དུས་ལ་བབ་པོ་ས་མ་ཡ། །སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་མགོན་པོ་བྱ་རོག་གི་མཚན་ཅན་གྱི་བསྟོད་བསྐུལ་དཔལ་རྒ་ལོས་མཛད་པའོ། །གཏོར་མ་དགྲ་བོའི་ཤ་ཁྲག་ཏུ་བསམས་ནས་ནག་པོ་ཆེན་པོས་བཞེས་པར་དམིགས་ཏེ་དགྲ་ཕྱོགས་སམ་ཐེབས་དང་བསྟུན་འཕེན་ནོ། །ཡང་གཙོ་བོ་སེང་གདོང་འཁོར་དང་བཅས་པའི་བསྐུལ་ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུཾ། སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཚེ། །དཀོན་མཆོག་དབུ་འཕང་གཉན་པོ་བསྟོད་པའི་ཚེ། །རྣལ་འབྱོར་བདག་གིས་དགྲ་ལ་རྦད་པའི་ཚེ། །ལེགས་ལྡན་ནག་པོ་ལས་བྱེད་ཕོ་ཉའི་ཚོགས། །དམར་མོ་རྩ་འཇིབ་ཞལ་ནས་ཁྲག་མཚོ་ཁོལ། །བྱ་རོག་གདོང་ཅན་ཉམས་པའི་ཤ་ལ་

p. 665

དགྱེས། །རྒྱལ་ཆེན་བཞི་ཡི་རུ་དར་པུ་རུ་རུ། །ཕྱོགས་སྐྱོང་བཅུ་ནི་ནམ་མཁའི་སྤྲིན་ལྟར་གཏིབས། །ལྷ་སྲིན་སྡེ་བརྒྱད་སོ་སྒྲ་དི་རི་རི། །ནག་པོ་སྟོང་གི་ལས་བྱེད་འཁྱུགས་སེ་འཁྱུག །མོན་མོ་གླུ་ལེན་མང་པོ་སྐྱུ་རུ་རུ། །བཞད་དང་ཀཾ་ཀ་དུར་བྱ་སྤུངས་སེ་སྤུངས། །བྱ་རོག་ཁྭ་ཏ་མང་པོ་འཐིབས་སེ་འཐིབས། །མ་ཧཱ་ཀཱ་ལའི་ལས་བྱེད་ཕོ་ཉའི་ཚོགས། །ལ་ལ་མཁའ་ལ་ལྡིང་ཞིང་དགྲ་ཤ་ཟ། །ལ་ལ་དུར་ཁྲོད་དག་ན་འགྱིང་ཞིང་འཆམ། །བདག་གི་དགྲ་བགེགས་དམ་ཉམས་ལས་ངན་རྣམས། །ལོ་དང་ཟླ་བར་བཞག་པའི་སྐལ་མེད་པས། །ཞག་དང་ཟ་མར་མ་བཞག་ད་སོང་ཡ། །སྐུ་གསུང་ཐུགས་ལ་གཏད་དོ་མ་གཡེལ་ཅིག །ཁྱོད་ནི་ཆོས་སྐྱོང་བསྲུང་མ་ཐུགས་དམ་ཅན། །སྔོན་གྱི་དམ་ཚིག་གཉན་པོ་དགོངས་མཛོད་ལ། །སངས་རྒྱས་བསྟན་པ་བསྲུང་བའི་འཕྲིན་ལས་མཛོད། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །

p. 666

ཅེས་དཔལ་རྒ་ལོས་དཔལ་མོ་དཔལ་ཐང་དུ་ཇག་པ་བྱུང་བའི་དུས་སུ་བསྐུལ་འདི་མཛད་པས། དེ་མ་ཐག་ཏུ་ཇག་པ་རྣམས་རེངས་ཤིང་བརྒྱལ་བར་གྱུར་ཞེས་ཤིན་ཏུ་གཉན་པར་གྲགས་སོ། །སེང་གདོང་གི་བསྟོད་བསྐུལ་ནི། ཧྲཱིཿ ་ཤ་ཟ་ནག་པོའི་དུས་ལ་བབ། །ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །དུར་ཁྲོད་མིང་ནི་བསིལ་བ་ཚལ། །གནས་ཀྱི་མིང་ནི་ཤིང་གཅིག་དྲུང༌། །ཞིང་སྐྱོང་མིང་ནི་ཤ་ཟ་ཆེ། །ནག་པོ་ཆེན་པོ་སེང་གེའི་གདོང༌། །ཧྲཱིཿལས་བྱུང་བའི་མགོན་པོ་ནི། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །མགོ་ནི་སེང་གེའི་མགོ་བོ་ལ། །སྤྱན་གསུམ་སྡང་མིག་ཁྲོ་ཚུལ་ལྟ། །ལྕགས་ཀྱི་གཉའ་རལ་སྔོན་པོས་བརྒྱན། །རྣོ་ལ་འཁྱོགས་པའི་མཆེ་བ་གཙིགས། །ཁ་ནས་དུག་གི་མེ་སྟག་འཕྲོ། །སེང་གེའི་ང་རོ་འབྲུག་ལྟར་སྒྲོག །ཕྱག་གཡས་རལ་གྲི་འབར་བ་ཕྱར། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། ཕྱག་གཡོན་ཐོད་པ་ཁྲག་བཀང་འཛིན། །དགྲ་འདྲེ་སྲིན་པོའི་སྙིང་ཁྲག་འཐུང༌། །གཅན་གཟན་སྟག་གི་ཤམ་ཐབས་ཅན། །ཞབས་གཉིས་བརྐྱང་བསྐུམ་དགྲ་

p. 667

བགེགས་མནན། །དམར་ནག་མེ་རིའི་ནང་ན་བཞུགས། །ཡང་འཁོར་ཤ་ཟ་འབུམ་གྱིས་བསྐོར། །དེ་ཡི་གཡས་དང་གཡོན་གཉིས་སུ། །འཁོར་ནི་དུས་མཚན་སྲིན་པོ་སྟེ། །ལུས་ནི་གཅེར་བུར་འདུག་པ་ལ། །དུས་མཚན་ནག་མོ་སྤྲེའུའི་གདོང༌། །སྲིན་པོ་དམར་པོ་ཁྲོ་ཞལ་རྔམས། །ལྕགས་མགོ་ནག་པོ་སྐྲ་མེད་པ། །མིག་གཉིས་གསེར་མིག་འཁྱིལ་པ་ཅན། །ལྕགས་ཀྱི་སྡེར་མོ་རྣོན་པོ་ཡིས། །ས་ལ་བཙུགས་ནས་སྤྱི་ཚུགས་འགྲོ། །སྐེ་ལ་མགོ་བོའི་དོ་ཤལ་འཕྱང༌། །མི་ལྤགས་རློན་པ་སྐེད་ལ་དཀྲིས། །རྐང་པ་གྱེན་བསྟན་དམར་གཏོར་འཛིན། །དགྲ་བོ་མ་བཏང་ཤོ་ར་རེ། །ཁྱོད་ནི་ནན་ལྟར་ཁྲོས་ཙ་ན། །ཞེ་ནག་མུན་པ་ནག་པོ་འདྲ། །རླུང་ནག་འཚུབ་མས་མཐའ་ནས་བསྡུས། །མེ་དཔུང་ཆེན་པོའི་དཀྱིལ་ནས་འབར། །སྤྲིན་ནག་ན་བུན་སྟེང་ནས་འཁྲིགས། །འཇིག་རྟེན་གློག་དམར་འོད་ཀྱིས་འགེངས། །བྱ་ནག་གཤོག་བརྡེབ་འུ་རུ་རུ། །ཁྱི་ནག་འཁང་ཟུག་དི་རི་རི། །ཤ་ཟ་འབུམ་ནི་སྤྲུལ་པར་འགྱེད། །ཤ་ཟ་སྲིན་པོ་

p. 668

ལས་ལ་ཡ། །སྒྲོལ་གིང་དམར་པོ་ཕོ་ཉར་འགྱེད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་ཚིག་ཉམས་པའི་དགྲ་བོ་འདིའི། །ཁ་དབུགས་ལོང་ལ་དོན་སྙིང་ཕྱུངས། །སྙིང་གི་སྲོག་རྩ་མྱུར་དུ་ཆོད། །བླ་ཚེ་རྟེན་དང་ཕྲོལ་ལ་ཤོག །བཀའ་དང་དམ་ལས་མ་འདའ་བར། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་དང༌། འཁོར་མཁའ་འགྲོ་མ་དང་བཅས་པའི་བསྐུལ་ནི། བྷྱོཿ དཔལ་ལྡན་མགོན་པོ་ནག་པོ་ལ། །མཁའ་འགྲོ་བརྒྱད་ཀྱིས་བསྐོར་བ་ནི། །ཤར་ནས་སྤྲུལ་པའི་ཕོ་ཉ་ནི། །མ་མོ་བྱ་རྒོད་གདོང་ཅན་མ། །སྐུ་མདོག་ནག་མོ་མུན་པའི་མདོག །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་མ། །གཡས་གཡོན་འབར་བའི་གྲི་ཐོད་འཛིན། །ཟངས་ཀྱི་མཆེ་བ་བཞི་གཙིགས་ཤིང༌། །རྒོད་ཅིང་རྒོད་ཅིང་རོ་ལ་ཟ། །བྱ་རྒོད་གདོང་ཅན་ཁྱོད་ལ་བསྟོད། །བྱང་ནས་ཁྱུང་གི་གདོང་ཅན་མ། །སྐུ་མདོག་ནག་མོ་ཆར་སྤྲིན་མདོག །རལ་པའི་ཁུར་བུ་ས་ལ་འདྲུད། །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་མ། །གཡས་གཡོན་འབར་བའི་གྲི་ཐོད་འཛིན། །བསེ་

p. 669

ཡི་མཆེ་བ་བཞི་གཙིགས་ཤིང༌། །མཆོང་ཞིང་མཆོང་ཞིང་བགེགས་ལ་རོལ། །ཁྱུང་གི་གདོང་ཅན་ཁྱོད་ལ་བསྟོད། །ནུབ་ནས་ཁྭ་ཏའི་གདོང་ཅན་མ། །སྐུ་མདོག་ནག་མོ་དུ་བའི་མདོག །རལ་པ་ཁམ་ནག་གཡོན་དུ་འཁྱིལ། །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་མ། །གཡས་གཡོན་འབར་བའི་གྲི་ཐོད་འཛིན། །ཤེལ་གྱི་མཆེ་བ་བཞི་གཙིགས་ཤིང༌། །ལྡིང་ཞིང་ལྡིང་ཞིང་དགྲ་བགེགས་སྒྲོལ། །ཁྭ་ཏའི་གདོང་ཅན་ཁྱོད་ལ་བསྟོད། །ལྷོ་ནས་འུག་པའི་གདོང་ཅན་མ། །སྐུ་མདོག་ནག་མོ་མཐིང་གི་མདོག །ཁྲག་གི་རལ་པ་དམར་པོ་གཟིངས། །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་མ། །གཡས་གཡོན་འབར་བའི་གྲི་ཐོད་འཛིན། །ལྕགས་ཀྱི་མཆེ་བ་བཞི་གཙིགས་ཤིང༌། །རྒྱུག་ཅིང་རྒྱུག་ཅིང་དམ་ཉམས་སྒྲོལ། །འུག་པའི་གདོང་ཅན་ཁྱོད་ལ་བསྟོད། །བྷྱོཿ ཤར་ལྷོ་མཚམས་ནས་ཕག་གདོང་མ། །ཕག་རྒོད་འབུམ་ནི་ཕོ་ཉར་འགྱེད། །ལྷོ་ནུབ་མཚམས་ནས་ཁྱི་གདོང་མ། །ཁྱི་རྒོད་འབུམ་ནི་ཕོ་ཉར་འགྱེད། །ནུབ་བྱང་མཚམས་ནས་སྤྱང་

p. 670

གདོང་མ། །སྤྱང་མོ་འབུམ་ནི་ཕོ་ཉར་འགྱེད། །བྱང་ཤར་མཚམས་ནས་སྟག་གདོང་མ། །སྟག་མོ་འབུམ་ནི་ཕོ་ཉར་འགྱེད། །དགྲ་བགེགས་ཐལ་བའི་རྡུལ་དུ་རློག །བདུད་དགྲ་འདུལ་བའི་དུས་ལ་བབ། །འཁོར་བསྐུལ་བསྡོམས་ནས་འབྲེང་དུ་བྱེད་ན། ཧཱུཾ། རྒྱལ་བའི་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །འཇིགས་བྱེད་ཁྲོ་བོ་ཆེན་པོའི་ཚུལ་བཟུང་ནས། །བསྟན་པ་སྐྱོང་ཞིང་འཕྲིན་ལས་སྒྲུབ་མཛད་པ། །ཡེ་ཤེས་མགོན་པོ་འཁོར་བཅས་འདིར་དགོངས་ཤིག །ནག་པོ་ཆེན་པོ་ཡུམ་ཅིག་རལ་གཅིག་མ། །ལེགས་ལྡན་ནག་པོ་ཡུམ་ཅིག་རྩ་འཇིབ་དམར། །སྤྲུལ་པའི་ལས་མགོན་ཆེན་པོ་བྱ་རོག་གདོང༌། །སེང་གེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་པ། །བྱ་རྒོད་མཁའ་ལྡིང་ཁྭ་དང་འུག་པ་དང༌། །ཕག་ཁྱི་ཅེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་འཁོར་དང་བཅས། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་ཀྱིས། །བདེ་གཤེགས་བསྟན་པ་གཉན་པོ་བསྲུང་བར་མཛོད། །བསྟན་དང་རྣལ་འབྱོར་བདག་ལ་གནོད་བྱེད་

p. 671

པའི། །དམ་ཉམས་སྡིག་ཅན་དགྲ་བགེགས་མ་རུངས་པ། །བསམ་སྦྱོར་ངན་པ་འཆང་བ་འདི་དག་ཀུན། །ལོ་ཟླར་མ་འགྱང་ཐལ་བའི་རྡུལ་དུ་རློག །དམ་ཉམས་དགྲ་བོ་ད་ལྟ་ཉིད་དུ་སྒྲོལ། །སྲོག་རྩ་ཆོད་ལ་དོན་སྙིང་ཁྱེར་ལ་ཤོག །ཤ་ཟོ་ཁྲག་འཐུང་རུས་མུར་དཔལ་མདངས་ཕྲོགས། །དབུགས་ལོང་སེམས་སྤོར་རྗེས་ཤུལ་མེད་པར་མཛོད། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལས་མ་འདའ་མ་གཡེལ་བར། །རྟགས་དང་མཚན་མ་སྟོན་ལ་གནོད་བྱེད་སྒྲོལ། །ཇི་ལྟར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་འཁོར་གྱི་བསྐུལ་བསྡོམས་པའོ། །དེ་ནས་གཏོར་མ་འཕེན་ནོ། །འཁོར་གྱི་བསྐུལ་འདི་རྣམས་སྤྲོ་ན་རྒྱས་པ། འབྲིང་བསྡོམས་པ། བསྡུ་ན་བསིལ་ཚལ་མ། སངས་རྒྱས་བསྟན་བསྲུང་གཉིས། ཤིན་ཏུ་བསྡུ་ན། བསིལ་ཚལ་མས་ཆོག་གོ །ཕྱིར་བཟློག་གི་ལས་བཅོལ་བ་ནི། མགོན་པོ་སེང་གདོང་ཡབ་ཡུམ་འཁོར་བཅས་རྣམས། །རྣམ་དག་ཐུགས་ཀྱི་རེ་བ་ཡོངས་བསྐང་ཞིང༌། །ཉེས་པའི་ཚོགས་རྣམས་མ་འཆབ་བཤགས་

p. 672

པ་ལས། །བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་བསྒྱུར། །ལྷ་འདྲེའི་དམག་ཚོགས་ཐམས་ཅད་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང༌། །ཚེ་ཟོར་རྦད་འདྲེ་ཡུངས་ཟོར་འཕེན་པ་བཟློག །ས་བདག་ཀླུ་ཡིས་བྱད་དུ་བཅུག་པ་དང༌། །ཐེའུ་རང་འབྱུང་པོའི་སྲིས་རྐུན་ཐམས་ཅད་བཟློག །གཤིན་རྗེའི་འཁོར་ལོ་བདུད་ཀྱིས་ཁྲམ་འདེབས་དང༌། །མུ་སྟེགས་ངན་པའི་བར་ཆད་བྱེད་པ་བཟློག །རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོགས་གཏོང་བ་དང༌། །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་བཟློག །ཞང་ཞུང་ཛོ་ཟོར་སུམ་པའི་གླང་ཟོར་དང༌། །བོན་པོ་རྣམས་ཀྱིས་ལྟ་ཟོར་འཕེན་པ་བཟློག །བནྡེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང༌། །བུད་མེད་རྣམས་ཀྱིས་སྨོད་ཟོར་འཕེན་པ་བཟློག །བདུད་ཀྱི་བཤེད་བཞི་རོ་ལངས་འབྱུང་པོ་དང༌། །མ་མོ་རྣམས་ཀྱིས་ཁྲག་ཟོར་འཕེན་པ་བཟློག །མོ་རྩིས་ངན་དང་རྨི་ལམ་མཚན་

p. 673

མ་ངན། །ལྟས་ངན་མི་རུང་བརྒྱད་ཅུ་རྩ་གཅིག་བཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང༌། །གདོན་རིགས་ཉི་ཁྲི་ཆིག་སྟོང་ཚོགས་རྣམས་བཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་དང༌། །ཡེ་འགྲོགས་ཆེན་པོ་སུམ་བརྒྱ་དྲུག་ཅུ་བཟློག །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག །མི་མཐུན་ཚོགས་རྣམས་དགྲ་བགེགས་སྟེང་དུ་བཟློག །དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང༌། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་བཟློག །མ་ཧཱ་ཀཱ་ལ་སེང་གདོང་མཐུ་རྩལ་ཅན། །ཡབ་ཡུམ་མི་བསྲུན་སྡེ་བརྒྱད་དམག་ཚོགས་རྣམས། །འཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པས། །སོད་ཅིག་ཐུལ་ཅིག་དགྲ་དང་བགེགས་ཀྱི་ཚོགས། །གཏད་དོ་གཉེར་རོ་བསྲུང་མ་ཐུགས་དམ་ཅན། །ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་པར། །རྟགས་དང་མཚན་མ་མྱུར་དུ་སྟོན་མཛོད་ཅིག །རྣལ་འབྱོར་བདག་གི་བཅོལ་བའི་འཕྲིན་ལས་རྣམས། །ད་ལྟ་ཉིད་དུ་སྒྲུབ་པར་མཛད་དུ་གསོལ། །ཅེས་པའི་རྗེས་སུ་མཁའ་འགྲོ་

p. 674

སེང་གེའི་གདོང་ཅན་མའི་བཟློག་པ་བྱ། དེ་ནས་ཆོ་ག་གང་གི་མཐར་ཡང་སྦྱར་ཆོག་པའི་འདོད་གསོལ་སྨོན་ལམ་ནི། སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོའི་དགའ་བ་ལ། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང༌། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བ། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་བྱེད་ཅིང༌། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང༌། །ཟག་མེད་བདེ་བས་ནམ་ཡང་ངོམས་པར་མཛོད། །ཁྱེད་གསོལ་ཁྱེད་མཆོད་ཁྱེད་སྒྲུབ་ཁྱེད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞིས་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལ་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམས་རྐུན་འཚེ་བ་སྐྱོབས། །མདོར་

p. 675

ན་བསམ་དོན་ཡིད་བཞིན་གྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅན་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང༌། །མཐུན་རྐྱེན་བསམ་དོན་ཡིད་བཞིན་གྲུབ་པར་མཛོད། །དེ་ནས་བཟོད་གསོལ་རྒྱས་པར་སྤྲོ་ན། དཔལ་ཆེན་འཁོར་བཅས་སྤྱན་སྔ་རུ། །ནོངས་པ་མཆིས་ཚད་བཤགས་པར་བགྱི། །འདིར་ནི་བདག་ཅག་འཁོར་བཅས་ཀྱིས། །ལས་ཉོན་དབང་གྱུར་མི་ཤེས་དང༌། །མ་གུས་པ་དང་བག་མེད་པས། །ཁ་ན་མ་ཐོ་བགྱིས་པ་དང༌། །དམ་ཚིག་མི་ལྡན་མ་དག་དང༌། །ཚོགས་འདྲེས་སྤྱོད་ཡུལ་གཅིག་ཏུ་གྱུར། །བསྙེན་དང་སྒྲུབ་ལ་མ་བརྩོན་དང༌། །བསྲུང་མ་ཁྱད་པར་ཅན་ཁྱེད་རྣམས། །དུས་སུ་མ་མཆོད་མ་གསོལ་ཞིང༌། །ལོ་འམ་ལོ་ལས་འདས་པ་དང༌། །ཟླ་འམ་ལས་འདས་ཞག་གམ་ཆག །སྒྲུབ་པའི་གཞུང་ཉམས་བཟླས་བརྗོད་ཉུང༌། །མི་དགེ་བཅུ་ཡི་དབང་གིས་ནི། །ངན་སོང་སྐྱེ་བའི་ལས་བསགས་པ། །ལྷ་མ་གསལ་ཞིང་

p. 676

སྔགས་མ་དག །བསྐྱེད་རིམ་འཕྲོ་འདུ་མ་གསལ་ཤིང༌། །ཁས་བླངས་ཐོག་ཏུ་མ་ཁེལ་བས། །ཐུགས་དང་འགལ་བ་ཐམས་ཅད་ནི། །སྤྲོས་མེད་རྣམ་པར་མི་རྟོག་པའི། །ངང་ལས་ཐུགས་རྗེའི་མཐུ་སྟོབས་ཀྱི། །དབང་ཕྱུག་ཁྱེད་རྣམས་སྤྱན་སྔར་ནི། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །ཞེས་ནོངས་པ་བཟོད་པར་གསོལ་ཏེ། ལྷ་མོ་ཚད་མ་སོགས་དང༌། ཚེ་དང་དཔལ་འབྱོར་བསོད་ནམས་འཕེལ། །གྲུབ་པའི་རྟགས་དང་མཚན་མ་བརྙེས། །དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །ཞལ་མཐོང་དངོས་གྲུབ་འཐོབ་གྱུར་ཅིག །ཅེས་སྨོན་ལམ་གདབ། བསྡུ་ན། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ་བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བྲིས་སྐུ་ལྟ་བུའི་མདུན་བསྐྱེད་ཡོད་ན། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་

p. 677

སྭཱ་ཧཱ། ཞེས་དང༌། ཚོམ་བུ་སོགས་གཤེགས་གསོལ་བྱེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །སོགས་དང༌། རང་བཞིན་གནས་སུ་བཛྲ་མུཿ ཞེས་གཤེགས་གསོལ་བྱ། བཀྲ་ཤིས་བརྗོད་དོ། །ཅེས་ཞྭ་དམར་ཅོད་པན་འཛིན་པ་དྲུག་པ་མཆོག་གི་སྤྲུལ་སྐུའི་བཀས་བསྐུལ་བར་བརྟེན། རྗེ་མི་བསྐྱོད་ཞབས་ཀྱིས་མཛད་པ་སོར་བཞག་ཁ་བཀང་ཅུང་ཟད་ཙམ་ཞྭ་དམར་ཅོད་པན་འཛིན་པ་བཞི་པས་མཛད་པ་སོགས་དང་བསྟུན་ནས་ཉུང་བསྡུས་སུ། བཛྲེ་ཤྭ་རས་ནོར་ཁྱུང་གི་ཀླུ་ཁང་དུ་སྦྱར་བའོ། །ཅེས་ཐམས་ཅད་མཁྱེན་པ་ཆེན་པོ་མི་བསྐྱོད་ཞབས་ཀྱི་མཛད་པ་ལ་གཞི་བྱས་ནས་འཇིག་རྟེན་དབང་ཕྱུག་དགུ་པས་སྩལ་བའི་ཕྱག་བཞི་པའི་ལས་བྱང་འཕྲིན་ལས་མཆོག་སྩོལ་འདི་ཉིད་ལ་དུད་སོལ་མའི་སྐོར་ཕལ་ཆེར་རྒྱལ་བ་གར་གྱི་དབང་པོ་དྲུག་པའི་ཞལ་སྔ་ནས་དང་འགའ་ཞིག་རྒྱལ་ཚབ་རིན་པོ་ཆེ་གྲགས་པ་མཆོག་དབྱངས་ཀྱིས་ལྷན་ཐབས་སུ་མཛད་པ་ལ་སླར་ཡང་ཐུན་གཏོར་དགུག་གཞུག་དང་བྱིན་རླབས་སོགས་བསིལ་བའི་ཚལ་གྱི་རྒྱན་དང་གོ་བསྟུན་ཏེ་ཤྲཱི་མ་ཎི་བྷ་དྲས་སྦྱར་བའོ། །མངྒ་ལཾ།། །། ༈ ན་མོ་གུ་རུ་ཛྙཱ་ན་ནཱ་ཐ་ཡ། རྒྱལ་ཀུན་གསང་གསུམ་སྒྱུ་

p. 678

འཕྱུལ་ཀརྨ་པ། །བདེ་སྟོང་ཁ་སྦྱོར་བཅོམ་ལྡན་འཁོར་ལོ་སྡོམ། །གདུག་པ་འདུལ་མཛད་རབ་འཇིགས་ནག་པོ་ཆེ། །རྩ་གསུམ་དབྱེར་མེད་རྟག་པར་གཙུག་ཏུ་མཆོད། །སྤྱི་དང་ཁྱད་པར་སྒྲུབ་རྒྱུད་སྙིང་པོ་འདིའི། །བསྟན་པ་རིན་ཆེན་བསྲུང་བའི་དབང་ཕྱུག་གཙོ། །དཔལ་ཆེན་མ་ཧཱ་ཀཱ་ལ་ཕྱག་བཞི་པ། །འཁོར་བཅས་སྒྲུབ་ཅིང་མཆོད་པའི་ཆོ་གའི་གཞུང༌། །རིགས་ཀྱི་བདག་པོ་མི་བསྐྱོད་རྒྱལ་བ་ཡིས། །ཉེ་བར་སྩལ་གང་རྗེ་བཙུན་དགུ་པ་སོགས། །ཀཾ་ཚང་བརྒྱུད་པའི་ཕྲེང་བ་རིམ་བྱོན་གྱིས། །སླར་ཡང་ལྷན་ཐབས་དག་གིས་ལེགས་པར་བརྒྱན། །འདི་ཚུལ་པར་དུ་སྒྲུབ་པར་བྱེད་པའི་རྐྱེན། ལུགས་ཟུང་མིག་ཡངས་བློ་གྲོས་དབྱངས་ཅན་གྱི། །ལྷག་བསམ་ཀཻ་ལ་ཤ་རི་ལས་བྱུང་པའི། །གཟུར་གནས་ཚིག་གི་གངྒའི་རྒྱུན་བཟང་དེ། །ཀརྨ་བཀའ་རྒྱུད་ཆོས་ཀྱི་རིང་ལུགས་པ། །སྡོམ་བརྩོན་བཤེས་གཉེན་ཀརྨ་བསྟན་འཕེལ་ཞེས། །ཤེས་བྱའི་ཆོས་ཚུལ་ནོར་གྱིས་ཕྱུག་པ་དེའི། །ཡིད་ཀྱི་ཆུ་གཏེར་ཆེ་དེར་སོན་པའི་མོད། །དད་སྤྲོས་སྦུ་

p. 679

བ་དཀར་པོ་ཆེས་ཆེར་གཡོ། །སྙིང་སྟོབས་ཞུམ་པ་མེད་པས་བརྩོན་འགྲུས་ཀྱིས། །གོ་ཆ་བགོས་ཏེ་གེགས་མེད་ཉིད་དུ་གྲུབ། །རིག་བྱེད་ཕ་མཐར་སོན་པ་བདག་གིས་བརྐོས། །རབ་གཡོ་ལྦུ་བའི་ཕྲེང་བ་ལྟ་བུའི་ནོར། །སྙིང་པོ་ལེན་ཕྱིར་རྒྱ་ཆེན་གཏོང་བ་ཡིས། །དེའི་ཡིད་ནི་དགའ་མགུ་རངས་པར་བྱས། །གང་འདིའི་ཡིག་ཆ་འདྲ་མིན་ཐེ་ཚོམ་རྣམས། །ཕྱི་མོ་ཁུང་ཐུབ་དག་ལ་གཏུགས་ཏེ་བཅོས། །མ་དག་འཁྲུལ་པས་རྙོག་པའི་དྲི་མ་རྣམས། །དག་བྱེད་སྔ་ཕྱིས་གཞུང་དང་མཐུན་པ་བྱས། །མི་ཟད་ཆོས་ཀྱི་སྦྱིན་པ་རླབས་པོ་ཆེ། །འདི་ལས་བྱུང་བའི་དགེ་ཚོགས་ཉིན་བྱེད་ཀྱིས། །ཐུབ་བསྟན་སྙིང་པོའི་པད་ཚལ་རབ་ཏུ་བཞད། །དེ་འཛིན་འདུས་པའི་ཚོགས་བཅས་འཕེལ་ཞིང་རྒྱས། །བདུད་དགྲ་འབྱུང་པོའི་བྱ་ཚོགས་ལོང་གྱུར་ཅིག །ཁྱད་པར་སྦྱིན་པའི་བདག་པོ་འཁོར་བཅས་དང༌། །འབྲེལ་ཐོགས་སྐྱེ་བའི་གཙོ་བྱས་མཁའ་ཁྱབ་མ། །བདེ་བར་འཚོ་ཞིང་བསམ་དོན་ཆོས་བཞིན་འགྲུབ། །ཚེ་བསོད་ཡར་

p. 680

ཟླ་ལྟ་བུར་གོང་འཕེལ་ཤོག །མཐར་ཐུག་འཁོར་ལོ་བདེ་མཆོག་ཀརྨ་པ། །རབ་འཇིགས་ནག་པོ་ཆེན་པོ་དབྱེར་མེད་པས། །རྗེས་སུ་བཟུང་ཞིང་རྗེས་སུ་འཇུག་པ་དང༌། །གོ་འཕང་བླ་མེད་བདེ་བླག་འཐོབ་ཕྱིར་བསྔོ། །དེ་ལྟར་པར་དུ་སྒྲུབ་པའི་བྱུང་བ་མདོ་ཙམ་བརྗོད་པ་ཡིན་ཅིང༌། ཞུས་དག་སོགས་མཐའ་གང་ཆོད་ལུགས་སུ་བྱས་ནའང༌། དུར་ཁྲོད་བསིལ་ཚལ་མ་གཙོ་བོར་གྱུར་བའི་རྒྱ་འགྱུར་རྣམས་སུ་ཚིག་རྐང་མང་ཉུང་དང་ཚིག་ཟུར་འདྲ་མིན་སྣ་ཚོགས་བྱུང་བ་རྒྱ་དཔེའི་ཁྱད་ཡིན་ནམ་འགྱུར་ཁྱད་ཡིན་དཔྱད་པའི་གཞིར་སྣང་བ་སླད་ནས་དཔེ་དག་པ་དང་རྒྱ་དཔེ་བཞིན་རྙེད་ན་ཤེས་ལྡན་རྣམས་ཀྱིས་ལན་ཅིག་ཙམ་མ་ཡིན་པར་དཔྱོད་ཅིག་གུ། ཅེས་པར་བྱང་འདི་བཞིན་སྦྱོར་ཞིག་ཅེས་མགྲོན་གཉེར་བློ་གྲོས་དབྱངས་ཅན་གྱིས་བསྐུལ་བ་ལྟར་སྟོན་གསུམ་འབྲས་བུ་སྨིན་པའི་དུས་སུ་དཔལ་ནོར་བུ་བཟང་པོའི་སྦྱར་བའོ།། །།

དཔལ་ཕྱག་བཞི་པའི་དགོངས་གསོལ།

p. 681

དཔལ་ཕྱག་བཞི་པའི་དགོངས་གསོལ་བཞུགས་སོ། །

p. 682

ཧོ་དགོངས་སུ་གསོལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ། འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་དུ་གཅིག་པ། ངོ་བོ་ཡེ་ཤེས་སུ་མཚུངས་པ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པའི་དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡང་རྗེ། དྲག་པོ་ལས་ཀྱི་བཀའ་ཉན་གྱི་མཐུ་བོ། རྣལ་འབྱོར་ཀུན་གྱི་དགྲ་ལྷ། དམ་ཉམས་ཀྱི་སྲོག་གཅོད། རིགས་འཛིན་གྱི་བསྲུང་མ། དཀྱིལ་འཁོར་གྱི་བདག་པོ། བསྟན་པའི་བཀའ་བསྲུངས། ཚོགས་བདག་མ་ཧཱ་ཀཱ་ལ་བྱ་རོག་གི་མཚན་ཅན། ཕྱི་ནང་གསང་བའི་ཡུམ་བཞི། སྤྲུལ་པའི་བྱ་རོག་གདོང་ཅན་མཆེད་བརྒྱད། འཇིག་རྟེན་དང་འཇིག་རྟེན་ལས་འདས་

p. 683

པའི་ཌཱ་ཀི་མ་དྲུག །ལེགས་ལྡན་ལྷའི་དམག་དཔོན། སྤྲུལ་པའི་གདོང་ཅན་བཅུ་དྲུག །ཤ་ཟ་སེང་གེའི་གདོང་ཅན། ཤར་གྱི་ནག་པོ་སྟོང༌། ལྷོའི་ཤ་ཟ་འབུམ། ནུབ་གྱི་མ་མོ་བྱེ་བ། བྱང་གི་གནོད་སྦྱིན་ཁྲི། ཕོ་བདུད་ཉི་ཤུ་རྩ་གཅིག །དབང་མོ་ཉེར་བརྒྱད། དྲེགས་པའི་ལྷ་སྲིན་སུམ་ཅུ། དཔལ་མགོན་བདུན་ཅུ་རྩ་ལྔ། རབ་ཁྲོས་རོ་ལངས་བརྒྱད་ལ་སོགས་པ་མདོར་ན་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་བཀའ་སྡོད་དམ་ཚིག་སྐྱོང་བ་འཁོར་དང་བཅས་པ་མ་ལུས་པ་སྙན་གསན་ཅིང་དགོངས་སུ་གསོལ། ༈ ཁྱོད་རྣམས་ཀྱིས་སྔོན་ཁྱབ་བདག་རྡོ་རྗེ་འཆང་དང༌། དེ་དང་དབྱེར་

p. 684

མེད་པའི་བརྒྱུད་པའི་བླ་མ་རྣམས་ཀྱི་སྤྱན་སྔར། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང༌། དམ་ལ་གནས་པའི་རྣལ་འབྱོར་པ་ཐམས་ཅད་ཡིད་ལ་གཅེས་པའི་བུ་བཞིན་དུ་སྐྱོང་ཞེས་ཞལ་གྱིས་བཞེས་པའི་ཕྲིན་ལས་བསྐུལ་བའི་སླད་དུ། འདིར་བདག་ཅག་རྣམས་ཀྱིས་ཐུགས་དམ་བསྐང་བའི་དམ་རྫས་མཆོད་སྦྱིན་གྱི་བསྐང་མདོས་ཆེན་པོ་དང༌། གཏོར་ཚོགས་འདོད་ཡོན་རྒྱ་མཚོ་ལས། གཞན་ཡང་མཐུན་པའི་ཡོ་བྱད། སྤྱན་གཟིགས་མཁོ་དགུ་སྣ་ཚོགས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཡོངས་སུ་གང་བ་འབུལ་གྱིས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མི་འདའ་བར། སངས་རྒྱས་ཀྱི་བསྟན་པ་བསྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་ཡང་བསྟན་པ་དང་བསྟན་པ་འཛིན་པ་རྣམས་དང༌། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་དང༌། གདོན་དང༌། རིམས་དང༌། བར་དུ་གཅོད་པ་

p. 685

དང༌། དགྲ་དང༌། བགེགས་དང་ལོག་པར་འདྲེན་པ་ཆགས་ཆེ་བ་ཉམ་ང་བ་སྦྱོར་བ་རྩུབ་པ། དམ་ཚིག་གི་ཉམས་ཆག་ལ་སོགས་པ། མདོར་ན་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛད་དུ་གསོལ། ༈ སངས་རྒྱས་ཀྱི་མཐུ་རྩལ་གཅིག་ཏུ་བསྡོམ་པ། དཔལ་ཡོན་ཏན་གྱི་མགོན་པོ་དང༌། རྒྱས་པའི་ཕྲིན་ལས་ལ་མངའ་མཛད་པ། སྲིད་པ་གསུམ་གྱི་འདོད་ཡོན་དུ་མའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང༌། དཔལ་ལྡན་བླ་མ་དམ་པ་རྣམས་དང༌། བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་སྐུ་ཚེ་ཕྲིན་ལས་གོང་ནས་གོང་དུ་འཕེལ་བ་དང༌། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་འབྱོར་པ། མཐུ་ནུས་པ། འདོད་ཡོན་གྱི་ཚོགས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ༈ དཔལ་རྡོ་རྗེ་ཁྲག་འཐུང་

p. 686

དབང་གི་རྒྱལ་པོ་དབང་བསྡུད་ལས་ཀྱི་འཁོར་ལོ་བསྐོར་བས་སྲིད་པ་གསུམ་དབང་དུ་བསྡུད་པ། སྒྲུབ་བྱ་གནས་སུ་འགུགས་པའི་ཕོ་ཉས་བསྐོར་བ། དམར་པོ་རྣམ་པར་འགྱུར་བའི་ཆ་བྱད་ཅན། གསུང་གི་མགོན་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཁམས་གསུམ་གྱི་སྐྱེ་བོ་ལོངས་སྤྱོད་འདོད་དགུ་ཐམས་ཅད། སངས་རྒྱས་ཀྱི་བསྟན་པ་དང༌། དེ་འཛིན་པའི་གང་ཟག་གི་བཀའ་འཁོར་དག་གི་འཕྲིན་ལས་སུ་དབང་དུ་བསྡུད་པ་དང༌། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཡིད་ལ་གནག་པའི་འདོད་པའི་དོན་གང་ཡིན་པ་མྱུར་དུ་དབང་དུ་འགྱུར་བའི་ཕྲིན་ལས་མཛད་དུ་གསོལ། ༈ རྡོ་རྗེ་སྲིན་པོ་ནག་པོ་ལས་ཀྱི་བཤན་པ་འགྲོ་བ་ཡོངས་ཀྱི་སྲོག་ལ་དབང་བྱེད་པ། དྲག་པོའི་ཞལ་གདངས་ཞིང༌། མཆེ་བ་ཟླ་ཚེས་ལྟར་རབ་ཏུ་གཙིགས་པ། ལྗགས་དམར་གློག་གི་ཐག་པ་ལྟར་འགྱུ་བ། ཤང་ནས་ཐོག་གི་བུ་ཡུག་འཚུབ་པ། སྤྱན་རྩ་དམར་པོ་ཁྲག་ལྟར་འཁྲུག་པ། ལྕགས་ཀྱི་རལ་པའི་ཁྲོད་ནས་

p. 687

རྡོ་རྗེའི་སེར་བ་འབེབས་པ། དུག་སྤྲུལ་གདུག་པའི་ག་ཤ་བྱས་པ། བསུས་ཁྱིམ་ཆེ་ཞིང་གཤིན་རྗེའི་ཆ་བྱད་ཅན། ཡན་ལག་དང་ཉིང་ལག་རག་པ། སྡིག་པའི་མཚོན་ཆ་སྣ་ཚོགས་སློངས་ཐབས་སུ་འཕྱར་བ། ཧཱུྃ་དང་ཕཊ་དང་ཕེཾ་གྱི་སྒྲས་ས་གསུམ་པོ་རྣམ་པར་འདར་བ་བྱེད་པ། དྲག་པོའི་ལས་མཛད་འཁོར་དང་བཅས་པ་རྣམས། དོ་ནུབ་དམ་ཚིག་དང་འཕྲིན་ལས་ཀྱི་དུས་ལ་བབས་ཀྱི། སྔོན་རྒྱལ་བའི་སྤྱན་སྔར་དམ་ཚིག་གི་ཆུ་འཐུང༌། དམ་གཞག་གི་སྣ་བསྣོལ། ཕྲིན་ལས་གཉན་པོ་གཉེར་དུ་གཏད་པ་རྣམས་མ་གཡེལ་བར། བླ་མ་དམ་པའི་སྐུ་ལ་བསྡོ་བ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། ཐེག་པ་ཆེན་པོའི་ཆོས་ལ་སྨོད་པ། དགེ་འདུན་གྱི་སྡེ་འཇོམས་པ། རྒྱུ་འབྲས་རྣམ་སྨིན་ཁྱད་དུ་གསོད་པ། དཀར་པོའི་ལས་སུན་འབྱིན་པ། ལོག་ལྟའི་ཁ་འཛིན་པ། སྡིག་སྤྱོད་ཀྱི་དཔལ་བསྐྱེད་པ། དམ་ཉམས་ཀྱི་རྒྱབ་གནོན་པ། མཐུ་བུ་ལོན་ལྟར་སྙགས་པ། རྣལ་འབྱོར་པ་བདག་ཅག་རྣམས་ལ་སྡང་

p. 688

ཞིང་གདུག་པའི་སེམས་དང་ལྡན་པ། བསམ་པ་ངན་པ། སྦྱོར་བ་རྩུབ་པ། མ་རུང་པ་འདི་རྣམས་ཕྲིན་ལས་དྲག་པོའི་ཚར་གཅོད་འོས་པའི་གནས་ཡིན་པའི་ཕོ་ཉ་བྲན་འཁོར་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་ཐམས་ཅད་ཁྱད་པར་སྤྲོས་ལ། གདུག་པ་ཅན་འགོ་བའི་ལྷ་དང་ཕྲོལ་ཅིག །མཐུན་པའི་ཤན་དང་ཕྱེ་ཤིག །ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་ཕུལ་ཅིག །འཇིགས་པའི་མུན་ནག་གིས་མདུན་ནས་བསུས་ཅིག །གདུག་པའི་ལྟས་ངན་སྣ་ཚོགས་ཐོངས་ཤིག །གནམ་གྱི་འཇུ་ཐག་དཀར་པོ་སྟེང་ནས་ཆོད་ཅིག །ས་ཡི་བརྟེན་ཕུར་ནག་པོ་འོག་ནས་ཐོན་ཅིག །ལྟག་ནས་ཚེ་ཡི་བདུད་ཆོད་ཅིག །གདོང་ནས་ལང་འཚོའི་འོད་ཕྲོག་ཅིག །ཟུང་ཁྲག་དྲོན་མོ་སྐྱུགས་སུ་ཆུག་ཅིག །འདུ་བ་རྣམ་བཞི་ཁོང་ནས་ལྷོང་ཞིག །ལྟོ་རུ་གཤེད་མའི་ལག་པ་ཆུག་ཞིག །ཁོང་ནས་དོན་སྙིང་སྣ་ལྔ་ཕྱུང་ཞིག །སྲོག་རྩ་དམར་པོ་སྦར་གྱིས་ཐོན་ཅིག །ཕོ་རྒྱུད་རུས་པ་རྩད་ནས་ཆོད་ཅིག །མོ་རྒྱུད་རཀྟ་མངལ་ནས་སྐོམ་ཤིག །མཚོན་

p. 689

ཆ་སྣ་ཚོགས་ཀྱི་བུ་ཡུག་གཏིབ་པའི་ཀློང་དུ་གདུག་པའི་ཤ་རུས་དུམ་བུར་གཏུབ་ལ་མྱུར་བ་ཉིད་དུ་ཚར་ཆོད་ཤིག །སརྦ་དུཥྚ་ན་མཱ་རཱ་ཡ་ཕཊ། ༈ ཧཱུྃ༑ ང་ནི་དཔལ་ཆེན་ཧེ་རུ་ཀ །རིག་འཛིན་རྣལ་འབྱོར་དམ་ལ་གནས། །དམ་ཉམས་དགྲ་བོ་སྡིག་ཅན་འདི། །ཞིང་བཅུ་བསྒྲལ་བའི་འོས་སུ་གྱུར། །བཀའ་སྲུང་ལས་མཁན་འཁོར་བཅས་རྣམས། །བདེན་རྫུན་གཉིས་ཀྱི་ཤན་ཕྱེ་ལ། །དགྲ་བོའི་སྲུང་སྐྱོབ་མ་མཛད་པར། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཧཱུྃ༑ རིན་ཆེན་ལས་གྲུབ་སྣོད་མཆོག་ཏུ། །འབྲུ་བཅུད་སྨན་གསེར་ཛ་གད་བཅས། །རྩ་བ་བརྒྱུད་པའི་བླ་མ་དང༌། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང༌། །ཆོས་སྐྱོང་སྲུང་མ་རྒྱ་མཚོའི་ཚོགས། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །བྱིན་གྱིས་རློབ་ཅིང་དངོས་གྲུབ་སྩོལ། །བདུད་བཞི་འདུལ་བའི་ལས་མཛོད་ཅིག །ཧཱུྃ༑ ཤར་དང་མེ་མཚམས་ལ་གནས་པའི། །ཕྱོགས་སྐྱོང་ཞིང་སྐྱོང་རྒྱལ་ཆེན་རྣམས། །རང་རང་འཁོར་ཚོགས་དམག་དཔུང་བཅས། །

p. 690

བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །དམག་ལམ་ཕྱེ་ལ་དཔུང་གྲོགས་མཛོད། །དགྲ་སྡེ་གཞོམ་པའི་ལས་མཛོད་ཅིག །ཧཱུཾ༑ ལྷོ་དང་བདེན་བྲལ་ལ་གནས་པའི། །ཕྱོགས་སྐྱོང་ཞིང་སྐྱོང་རྒྱལ་ཆེན་རྣམས། །རང་རང་འཁོར་ཚོགས་དམག་དཔུང་བཅས། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །དམག་ལམ་ཕྱེ་ལ་དཔུང་གྲོགས་མཛོད། །དགྲ་སྡེ་གཞོལ་བའི་ལས་མཛོད་ཅིག །ཧཱུྃ༑ ནུབ་དང་རླུང་མཚམས་ལ་གནས་པའི། །ཕྱོགས་སྐྱོང་ཞིང་སྐྱོང་རྒྱལ་ཆེན་རྣམས། །རང་རང་འཁོར་ཚོགས་དམག་དཔུང་བཅས། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །དམག་ལམ་ཕྱེ་ལ་དཔུང་གྲོགས་མཛོད། །དགྲ་སྡེ་གཞོམ་པའི་ལས་མཛོད་ཅིག །ཧཱུྃ༑ བྱང་དང་དབང་ལྡན་ལ་གནས་པའི། །ཕྱོགས་སྐྱོང་ཞིང་སྐྱོང་རྒྱལ་ཆེན་རྣམས། །རང་རང་འཁོར་ཚོགས་དམག་དཔུང་བཅས། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །དམག་ལམ་ཕྱེ་ལ་དཔུང་གྲོགས་མཛོད། །དགྲ་སྡེ་གཞོམ་པའི་ལས་མཛོད་ཅིག །ཧཱུྃ༑ ས་སྟེང་ས་

p. 691

བླ་ས་འོག་གི །ལྷ་སྲིན་སྡེ་བརྒྱད་ཀླུ་ཡི་ཚོགས། །ཕྱོགས་སྐྱོང་ཞིང་སྐྱོང་རྒྱལ་ཆེན་རྣམས། །རང་རང་འཁོར་ཚོགས་དམག་དཔུང་བཅས། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །དམག་ལམ་ཕྱེ་ལ་དཔུང་གྲོགས་མཛོད། །དགྲ་སྡེ་གཞོམ་པའི་ལས་མཛོད་ཅིག །བཀྲ་ཤིས།།

དགེ་བསྙེན་རྡོ་རྗེ་རྫིང་བཙན་གྱི་མངའ་གསོལ་བསངས་མཆོད།

p. 692
p. 693

དགེ་བསྙེན་རྡོ་རྗེ་རྫིང་བཙན་གྱི་མངའ་གསོལ་བསངས་མཆོད་བཞུགས་སོ། །

p. 694

དགེ་བསྙེན་རྡོ་རྗེ་རྫིང་བཙན་གྱི་མངའ་གསོལ་བསངས་མཆོད་བྱེད་པར་སྤྲོ་ན། མཆོད་གཏོར་གསེར་སྐྱེམས་བསང༌། སྤྱན་གཟིགས་གོ་མཚོན་སོགས་འོག་ནས་ཇི་ལྟར་འབྱུང་བ་དང་མཐུན་པ་ཅི་འབྱོར་བཤམས་ལ། ཨོཾ་ཨཱཿབིགྷྣན་སོགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དཀར་འཚེར་གྱི་ཀ་པཱ་ལ་རྣམ་པར་ཡངས་པའི་ནང་དུ་དགྲ་བོའི་ཤ་དང་ཁྲག་ཞག་རུས་པ་དབང་པོ་ལྔ་ལ་སོགས་པའི་གཏོར་མ། གཞན་ཡང་ཉེར་སྤྱོད་རོལ་མོ། རིན་ཆེན་བདུན། འདོད་ཡོན་ལྔ། རིན་ཆེན་འབྲུ་སྣ་སྨན་དང་དར་ཟབ་བདུད་རྩི་གསེར་སྐྱེམས་བཟའ་བཏུང་སྣ་ཚོགས་དང༌། སྤྱན་གཟིགས་སོགས་ཕྱི་ནང་གསང་བའི་མཆོད་རྫས་མ་ཚང་

p. 695

བ་མེད་པ་ནམ་མཁའ་ས་གཞི་ཁྱབ་པ་སྐྱེས་བུ་འཁོར་བཅས་རབ་ཏུ་མཉེས་ཤིང་ཚིམ་པ་བསྐྱེད་ནུས་པའི་རང་བཞིན་དུ་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་ལན་གསུམ་བརྗོད། གདུང་བའི་དབྱངས་ཀྱིས། ཧཱུྃ༑ འཇིགས་རུང་རོལ་པའི་གནས་དང་གསེར་ལྡན་མ། །ཨེ་ཡིག་དྲག་པོ་མཚུངས་པའི་གནས་མཆོག་དེར། །རྫིང་ཆེན་མེར་དང་ཚང་ཚིང་བྲ་མའི་དབུས། །སྲིད་རྩེར་བསྙེགས་པའི་སྐམ་རློན་ཐོད་པའི་མཁར། །རབ་ཡངས་བརྗིད་པའི་གཞལ་ཡས་ཆེན་པོ་ནས། །བཙན་རྒོད་ཆེན་པོ་རྡོ་རྗེ་རྫིང་བཙན་དང༌། །ལྷ་ཀླུ་བདུད་བཙན་འབུམ་སྡེ་ཕྲག་རྣམས་བཅས། །ཡབ་ཡུམ་སྤྲུལ་འཁོར་ཚོགས་ཀུན་གཤེགས་སུ་

p. 696

གསོལ། །རབ་ཁྲོས་རྔམ་པའི་བཞིན་རས་ཐུན་མཚམས་སྤྲིན། །རབ་དམར་ཟླུམ་པོར་འབར་བའི་ཉིན་བྱེད་སྤྱན། །རབ་གདང་ཞལ་ནས་མཆེ་བ་ཟླ་ཚེས་དཀར། །རབ་མྱུར་ལྗགས་དམར་གློག་གི་གར་བཞིན་འགྱུ། །འཇིགས་དུས་བསྐལ་མེའི་ཚྭ་ཚྭ་རབ་ཏུ་འཕྲོ། །བརྫེས་པའི་ཤངས་སྦུབས་ནད་ཀྱི་ན་བུན་འཚུབས། །ལྷབ་ལྷུབ་ལི་ཁྲིའི་ཚོས་ཅན་རལ་གས་ཀླུབས། །བཙན་ཞགས་དམར་པོས་ཉམས་པའི་མགུལ་ནས་འཁྲིད། །གྲུག་ལྟར་འགྲིལ་བའི་ཕྱི་ཞགས་ནག་པོ་དང༌། །བཙན་དམག་དབྱིངས་ནས་སྐྱོད་བྱེད་མདུང་དམར་འཕྱར། །ལོག་པའི་ཙིཏྟ་དྲོན་མོར་དགྱེས་དགུར་རོལ། །རྒྱབ་ན་དབང་པོའི་ཤིང་བལ་ལྟར་བཀྲ་ཕུབ། །དཔའ་ཆས་རལ་གྲི་སྟག་དོང་གཟིག་ཤུབ་ནང༌། །བསེ་ཡི་མདའ་སྟན་དུག་གི་འབིག་བྱེད་རྣོ། །རླུང་ལྟར་འཕྱོ་ཞིང་མིག་སྨན་སྤུ་སྡུག་ཅན། །མགྱོགས་འགྲོའི་དབང་པོའི་སྟེང་ན་དྲག་པོར་འགྱིངས། །རྟག་ཏུ་ལེ་ལོ་བཏང་སྙོམས་མི་གཡེལ་བར། །བསྟན་དང་རྣལ་འབྱོར་བསྲུང་བའི་མེལ་ཚེ་མཁན། །

p. 697

ཁྱོད་ཀྱིས་ཕྲིན་ལས་བཞི་དང་ཁྱད་པར་དུ། །མངོན་སྤྱོད་ཕྲིན་ལས་བསྒྲུབ་པར་མངའ་གསོལ་ལོ། །ཧཱུྃ༑ སྟོང་གསུམ་སྟོང་ལྟར་ཡངས་པའི་དུང་ཆེན་སྣོད། །མ་རུང་བསྒྲལ་བའི་ཁྲག་ཞག་རྒྱ་མཚོར་བསྐྱིལ། །རྣམ་ལྔའི་དབང་པོ་ཤ་ཚིལ་གྱིས་རྒྱན་པའི། །རྒྱ་ཆེན་གཏོར་མའི་ཚོགས་ཀྱིས་མངའ་གསོལ་ལོ། །ཡན་ལག་བརྒྱན་ལྡན་གཙང་བྱེད་ཨརྒྷཾ་རྒྱུན། །ཐང་སྐྱེས་ཚབ་ལས་བྱུང་བའི་པུཥྤེའི་ཚོགས། །སི་ལ་མ་ལ་ཡར་སྐྱེས་དྷུ་པེའི་སྤྲིན། །རྩི་བཅུད་སྙིང་པོ་ཞུ་བའི་ཨ་ལོ་ཀེ། །ག་བུར་གིའུ་ཝཾ་གླ་རྩིའི་གནྡྷེ་དང༌། །ཕུན་ཚོགས་རོ་བརྒྱ་ལྡན་པའི་ནཻ་ཝི་དྱ། །སིལ་སྙན་རྔ་ཆེན་གདུང་དབྱངས་ཤབྡ་ཡིས། །སྐྱེས་བུ་ཆེན་པོ་འཁོར་བཅས་མངའ་གསོལ་ལོ། །འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་མཛེས་བྱེད་པའི། །འཁོར་ལོ་ནོར་བུ་བུད་མེད་མདུན་ན་འདོན། །ལག་ལྡན་ཅང་ཤེས་གཡུལ་ངོར་དཔའ་བའི་གཙོ། །རིན་ཆེན་རྣམ་པ་བདུན་གྱིས་མངའ་གསོལ་ལོ། །སྲིད་འདིར་ཡོན་ཏན་ཕུལ་དུ་ཕྱིན་པའི་གཟུགས། །སྙན་པའི་

p. 698

སྒྲ་དབྱངས་ཚོར་ན་དགའ་བའི་དྲི། །བདའ་བའི་རོ་བཟང་ལུས་བདེའི་རེག་བྱ་སྟེ། །རྣམ་ལྔའི་འདོད་ཡོན་དེས་ཀྱང་མངའ་གསོལ་ལོ། །མདའ་ལྟོང་དབྱིབས་འཆང་རབ་དཀར་རིན་ཆེན་ཡོལ། །བཅུད་རབ་རྫིང་བུར་འཁྱིལ་བའི་ནང་རོལ་དུ། །ལྗོན་འབྲས་བཟའ་བཅའ་རིན་ཆེན་འབྲུ་སྨན་དར། །ཀ་ན་ཀ་ཡི་གྲམ་བུ་བརྡལ་བའི་སྐྱེམས། །བསྣུམ་ན་ངད་ཞིམ་ལྕུག་ཕྲན་སྤུངས་པ་ལ། །ཕྱེ་མར་ཟས་ཕུད་དཔག་མེད་དང་སྦྱར་ཏེ། །འབར་བའི་སྟོབས་དང་འགྲོགས་པའི་དུད་པའི་སྤྲིན། །བསང་མཆོད་བར་སྣང་གང་བས་མངའ་གསོལ་ལོ། །ཀླད་ན་ལྡིང་བའི་དར་གྱི་གུར་ཆེན་དང༌། །འཕན་གདུགས་ལྡ་ལྡི་དྲྭ་བ་ཕྱེད་པ་སྤེལ། །གོ་མཚོན་མདའ་དར་སྟག་གཟིག་གཡང་གཞི་སོགས། །དགྱེས་དགུའི་སྤྱན་གཟིགས་ཚོགས་ཀྱིས་མངའ་གསོལ་ལོ། །མདོར་ན་མཆོད་ཅིང་ཐུགས་དམ་བསྐང་བ་དང༌། །རྟེན་རྫས་ལ་འོས་འཇིག་རྟེན་འདིར་མཆིས་པའི། །ཕུན་ཚོགས་མ་ཚང་མེད་པ་དེ་དག་ཀུན། །ནམ་མཁའ་ཁྱབ་པར་སྤྲོས་ཏེ་ཁྱོད་

p. 699

ལ་འབུལ། །ཁྱོད་རྣམས་མཆོད་ཅིང་མངའ་གསོལ་འདི་བགྱིས་པས། །བསྟན་དང་བསྟན་པའི་སྙིང་པོ་དར་རྒྱས་སྤེལ། །ཚུལ་བཞིན་དེ་འཛིན་བྱེད་རྣམས་སྐུ་ཚེ་སྲིངས། །སྒྲུབ་པའི་རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ཚེ་དང་གྲགས་འབྱོར་དཔལ་ཀུན་གོང་དུ་འཕེལ། །ཆོས་ལྡན་བྱ་བ་མཐར་ཕྱིན་འགལ་རྐྱེན་ཞི། །ནད་གདོན་དགྲ་ཇག་མི་དང་མི་མིན་གནོད། །བདུད་བགེགས་ཞིང་བཅུ་སྒྲོལ་བའི་ཕྲིན་ལས་མཛོད། །བདུད་རྩི་གསེར་སྐྱེམས་ཀྱི་ཕུད་ནམ་མཁར་འབུལ་ལོ། །གསོལ་ལོ། མཆོད་དོ། སྐྱེས་བུ་ལྷ་ཡི་དགེ་བསྙེན་ཆེན་པོ་རྡོ་རྗེ་རྫིང་བཙན། རྫུ་འཕྲུལ་གྱི་མངའ་བདག་རིག་འཛིན་གྱི་སྲུང་མ། རྣལ་འབྱོར་གྱི་དགྲ་ལྷ། ཐུགས་ཀྱི་དགྱེས་སྡེ་མོ་ཀླུ་སྨན་དཀར་མོ་སྨན་ཅིག་མ། འཁོར་དུ་ལྷ་བཙན་འབུམ་སྡེ། ཀླུ་བཙན་འབུམ་སྡེ། བདུད་བཙན་འབུམ་སྡེ། བཙན་དམག་འབུམ་སྡེ། སྤྲུལ་པའི་བྱ་ཁྲ་གཅན་གཟན་འབུམ་སྡེའི་ཚོགས་དང་བཅས་པ་རྣམས། གསོལ་ལོ་མཆོད་དོ། མངའ་གསོལ་ལོ། དམ་

p. 700

རྫས་བདུད་རྩི་གཏོར་མ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་རྫས་རྒྱ་ཆེན་པོས། གསོལ་ལོ་མཆོད་དོ། མངའ་གསོལ་ལོ། གསོལ་ཞིང་མཆོད་པའི་མཐུ་ལས་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། བསྟན་པ་ཚུལ་བཞིན་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་ཕྲིན་དཀར་ཕྱོགས་ཀྱི་ཟླ་བ་ལྟར་རྒྱས་པ་དང༌། རྣལ་འབྱོར་པ་བདག་ཅག་འཁོར་བཅས་གཞིས་བྱེས་གང་དུ་ཆོས་ལྡན་གྱི་བྱ་བ་ཅི་བགྱིས་པ་གེགས་མེད་ལྷུན་གྱིས་གྲུབ། མི་ནོར་ཕྱུགས་རྣམས་གོད་ཁ་མེད་ཅིང་དུས་ཀུན་སྲུང་སྐྱོབ་གཡེལ་བ་མེད་པ་དང༌། ཚེ་བསོད་ནམས་དཔལ་འབྱོར་པ་བདེ་ལེགས་འདོད་དགུ་ཐམས་ཅད་དབང་དུ་བགྱིད། གནོད་བྱེད་དགྲ་བགེགས་བྱད་མ་རྦོད་གཏོང་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་ཅིང་ཐལ་བར་རློག་པའི་འཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་རོལ་མོ་དྲག་ཏུ་བྱའོ། །ཞེས་པ་འདི་ནི་རང་གི་ཉེ་བར་གཅར་བ་མཛོད་པ་བློ་གྲོས་དབྱངས་ཅན་མོས་པ་ཆེན་

p. 701

པོས་ནན་ཏན་དུ་བསྐུལ་བ་བཞིན་ཤྭཀྱའི་དགེ་སློང་ནོར་བུ་བཟང་པོས་ཆུ་ཤུལ་གཞིས་ཀར་སྦྱར་བའོ། །མངྒ་ལཾ།། །།

དཔལ་ལྡན་བླ་མ་དམ་པ་ཀརྨ་པ་བཅུ་གསུམ་པའི་གསོལ་འདེབས།

p. 702
p. 703

དཔལ་ལྡན་བླ་མ་དམ་པ་ཀརྨ་པ་བཅུ་གསུམ་པའི་གསོལ་འདེབས། གང་ཞིག་སྲིད་དང་ཞི་བའི་དཔལ་ཀུན་གྱིས། །མ་ཚང་མེད་པར་གཏམས་པ་གསང་བའི་མཛོད། །མི་ཟད་རྒྱན་འཁོར་མངའ་བདག་རྒྱལ་བ་མཆོག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བསྙེངས་པ་ཀུན་བྲལ་རྩེ་མོ་བརྒྱ་པ་ཡིས། །ལུས་མེད་སྡེར་བཅས་ཁེངས་པ་ཡོངས་བསྟུངས་ནས། །སྲིད་ན་གར་མཛད་སྔོན་མེད་འབྱེར་འཇིགས་ཆེ། །བདུད་འདུལ་རྡོ་རྗེའི༴ རབ་གསལ་མཚན་བཟང་བཀྲ་བའི་འོད་རིས་ཀྱིས། །ཕྱོགས་བསླད་གྱུར་པ་རྣམས་ལ་མིག་བྱིན་ནས། །དགེ་མཚན་བྱེ་བའི་སྣང་བ་ཆེར་སྤྲོ་བའི། །བསྟན་པའི་ཉིན་

p. 704

བྱེད༴ བགྲངས་ཡས་བསྐལ་པར་བྱང་ཆུབ་ཐུགས་མཆོག་གིས། །ཡོངས་བསྡུས་འབྱམས་ཀླས་ཚོགས་གཉིས་རིན་ཆེན་ཁམས། །དུས་སྨིན་མཛེས་སྐུ་ལྷུན་པོ་དཔལ་འབར་བ། །འཆི་མེད་གྲུབ་པའི༴ ཞིང་འདིར་བསྟན་པ་རྒྱ་མཚོའི་སྲོལ་ཆེན་པོ། །སྤྲོས་པ་ཀུན་ཞི་བདུད་རྩིའི་ཀླུང་བརྒྱ་ཕྲག །གང་ལས་རྒྱས་གྱུར་མ་དྲོས་ཀླུ་ཡི་དབང་། །གྲུབ་པའི་ཁྱུ་མཆོག་ཞབས་ལ༴ བློ་ཡི་ཉེས་པས་བྱང་ལྟའི་ཕུག་བཞིན་དུ། །གྱུར་ཀྱང་གསལ་བའི་འོད་འཕྲེང་རབ་འཇུག་པ། །ཕུལ་བྱུང་ཐུགས་རྗེའི་སྣང་བྱེད་བདག་པོ་མཆོག །ཕྲིན་ལས་རྒྱས་པའི༴ རྣམ་མང་གདུལ་བྱའི་རེ་བའི་ཤིང་རྟའི་ཚོགས། །གང་འདུལ་དབྱིག་གི་ཆར་གྱིས་འགེང་ནུས་པ། །ཡོན་ཏན་བྱེ་བའི་དཔག་བསམ་མངོན་མཐོ་བ། །འཇིག་རྟེན་དབང་ཕྱུག་ཞབས་ལ༴ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །དུས་རྣམས་ཀུན་ཏུ་གསོལ་བ་བཏབ་པ་ཡིས། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ནས། །ཐར་པའི་ལམ་མཆོག་འགྲུབ་པར་བྱིན་གྱིས་

p. 705

བརློབས། །སྐྱབས་མགོན་རྣམ་འདྲེན་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་བརྟན་བཞུགས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་ཤྲཱི་དྷརྨ་བྷ་དྲས་གསོལ་འདེབས་སུ་བསྒྱུར་བའོ། ༈ །རྣམ་འདྲེན་རྒྱལ་ཚབ་རིན་པོ་ཆེའི་གསོལ་འདེབས། མཐའ་ཀླས་ཡེ་ཤེས་རྒྱ་མཚོའི་ཐུགས་ཀྱི་བཅུད། །གཅིག་བསྡུས་དཔལ་ལྡན་ཀུན་ཏུ་བཟང་པོ་ཡི། །ཐུགས་རྗེའི་རོལ་པ་བསྟན་འགྲོའི་དཔལ་ཤར་བ། །བསོད་ནམས་ཞིང་མཆོག་ཁྱོད་ལ་གསོལ་བ་འདེབས། །མཚན་བཟང་དཔེ་བྱད་བཀྲ་བ་རྡོ་རྗེའི་སྐུ། །ཡན་ལག་དྲུག་ཅུའི་དབྱངས་ལྡན་རྡོ་རྗེའི་གསུང་། །ཟབ་གསལ་གཉིས་མེད་མི་འགྱུར་རྡོ་རྗེའི་ཐུགས། །ཆོས་དཔལ་བཟང་པོའི་ཞབས་ལ༴ བསྟན་པ་རིན་ཆེན་སྤྱི་དང་ཁྱད་པར་དུ། །ཀརྨ་པ་ཡི་བསྟན་པའི་སྙིང་པོ་མཆོག །འཛམ་གླིང་ཡངས་པར་དར་རྒྱས་ཕྲིན་ལས་ཀྱིས། །ཕྱོགས་དུས་ཀུན་ཁྱབ་ཞབས་ལ༴ མགོན་ཁྱོད་ནམ་མཁའ་དང་མཚུངས་ཆོས་ཀྱི་སྐུ། །སྤྲོས་བྲལ་ལྷུན་གྲུབ་བདེ་ཆེན་གཡོ་མིན་ཀྱང་། །

p. 706

གཟུགས་སྐུའི་སྣང་བརྙན་འགྲོ་སེམས་སྣང་ངོ་རུ། །མཆོག་གི་སྤྲུལ་སྐུའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དགོས་འདོད་ཀུན་སྩོལ་ཡིད་བཞིན་ནོར་བུ་བཞིན། །མཆོག་མཐུན་དངོས་གྲུབ་མི་ཟད་ཆར་ཆེན་པོས། །ས་སྟེང་ཡོངས་སུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་འཇིག་རྟེན་དབང་ཕྱུག་ཀརྨ་པ་བཅུ་གསུམ་པས་མཛད་པའི་བརྟན་བཞུགས་ལ་གསོལ་འདེབས་སུ་བསྒྱུར་བའོ། ༈ །སྨོན་ལམ། སྒྲུབ་བརྒྱུད་བསྟན་པ་འཛིན་པའི་དགེ་འདུན་སྡེ། །མི་མཐུན་བདུད་ཀྱི་ཕྱོགས་ལས་རྣམ་རྒྱལ་ཞིང་། །ཐུགས་མཐུན་ཐོས་བསམ་སྒོམ་དང་ཆོས་སྤྱོད་འཕེལ། །ཚེ་བསོད་དཔལ་འབྱོར་བསྟན་པ་དར་གྱུར་ཅིག །ཤྲཱི་དྷརྨ་བྷ་དྲས་སྩལ་བའོ། །

མཚུར་ལུགས་རྩིས་ཀྱི་ལེགས་བཤད་རྣམ་དག་གྲུབ་པའི་གནད་གསང་མཐོང་བའི་མེ་ལོང་གཡའ་བྲལ་ཆུ་ཤེལ།

p. 707

མཚུར་ལུགས་རྩིས་ཀྱི་ལེགས་བཤད་རྣམ་དག་གྲུབ་པའི་གནད་གསང་མཐོང་བའི་མེ་ལོང་གཡའ་བྲལ་ཆུ་ཤེལ་བཞུགས་སོ།

p. 708

ཨོཾ་སྭསྟི་སིདྡྷི་རསྟུ། འགྱུར་བ་མེད་པའི་སྲོག་གི་རྡོ་རྗེའི་ལམ། །བཟུང་འཛིན་བརྒྱད་ཅུའི་ལས་རླུང་དག་གྱུར་ནས། །སྙིང་རྗེ་མཐུ་ཡི་གཟུགས་ཀྱི་སྐུར་སྣང་བ། །ཁྱབ་བདག་བླ་མ་རྡོ་རྗེ་འཆང་དེ་བསྔགས། །མཚུར་ལུགས་རྩིས་ཀྱི་ལེགས་བཤད་སྙིང་པོ་ནི། །བློ་གསལ་འཇུག་པ་བདེ་ཕྱིར་སྔོན་དུས་ནས། །བྱེད་གྲུབ་དགོངས་སྒྲིལ་གྲགས་པར་བགྱིས་ཟིན་ཀྱང་། །སླར་ཡང་གནད་གསང་རིག་ནས་འདི་སྤྲོའོ། །དེ་ཡང་རབ་བྱུང་མྱོས་བྱེད་རྣམ་ ༼རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ནས་༽ རྒྱལ་ལོ། །ཁྱིམ་ ༡༢ གྱི་བསྒྱུར་ནས་འདས་ཟླ་བསྲེས་གནས་གཉིས། །འོག་མ་ཟུང་གི་བསྒྱུར་ལ་རྩེ་མོ་ ༣ བྱིན། །དབང་རོས་ ༦༥ བགོས་ལ་ནོར་དེ་སྟེང་དུ་དབུལ། །དེ་ཡང་ནོར་དེ་ཕར་

p. 709

ན་ཟླ་ལྷག་ཏེ། །གཅིག་ཕྲི་སྔ་མའོ་དེ་ཡི་ཟླ་བ་དག །དེ་ཉིད་གནས་ལྔ་གཟུགས་ ༡ དང་གཟུགས་རྩེ་ ༣༡ དང་། །དབྱིངས་དབང་ ༥༠ མཁའ་དང་མཁའ་ཡོན་གྱིས་བསྒྱུར་ནས། །རྒྱ་མཚོ་ ༤ དུས་ཆུ་ ༤༦ དབང་མཚོ་ ༤༥ ཟླ་བ་ ༡ དང་། །རིག་བྱེད་ ༤ བྱིན་ནས་མས་རིམ་ཆུ་མཚོ་ ༤༤ དང་། །དབུགས་ ༠ དང་མཁའ་རོ་ ༦༠ སྟོང་ ༣༠ མཚམས་གཟའ་ ༧ བཅས་ཀྱི། །འཁོར་ལོས་བསྒྲིལ་བས་གཟའ་དྷུ་རྣམ་དག་འགྲུབ། ༈ །ཟླ་དག་གནས་གཉིས་ཟུང་ ༢ དང་གཟུགས་ ༡ ཀྱི་བསྒྲེས། །རང་བཞིན་ ༡ མེ་མིག་ ༢༣ ཕྲི་ནས་དུས་ཉི་ ༡༢༦ དང་། །༢༨ ཀླུ་ལག་གིས་དོར་རིལ་ཆ་ཡང་དག་འགྲུབ། ། ༈ ཟླ་དག་གནས་ལྔ་མིག་ ༢ ཕྱོགས་ ༡༠ ཀླུ་དབང་ ༥༨

p. 710

མིག་ ༢ མཁའ་མིག་ ༢༠ ཀྱིས་བསྒྱུར་ཐིག་ ༠ དང་འབྱུང་ བ་རྩེ ༣༥། །ཆུ་ཡོན་ ༣༤ གཟུགས་ ༡ ཕྱོགས་ ༡༠ སྟེར་ནས་ཀླུ་མེ་ ༣༨ དང་། །དབུགས་ ༦ དང་ཆུ་སྲང་ ༦༠ ཆུ་ཚོད་ ༦༠ སྐར་མ་ ༢༧ བཅས། །འཁོར་ལོས་དོར་བའི་ལྷག་མ་ཉི་དྷྲུ་འཆར། །གཞན་དག་བསྒྱུར་བྱེད་སྟེར་བས་ཕྱི་རིམ་འཕོ། ༈ །དེ་ནས་ཚེས་རྩིས་དངོས་གཞི་བྱ་བ་ལ། །མཁའ་ ༠ དང་སྲིན་འབྱུང་ ༥༧ མེ་མཚོ་ ༤ གཟུགས་ ༡ རྣམས་ལ། །ཚེས་ཀྱིས་བསྒྱུར་རིམ་བསྒྱུར་ཟིན་སྟེར་རིལ་པོར། །གང་རྩིས་ཚེས་བསྲེ་མ་ནུས་ ༡༤ དགོས་ནོར་བརྟགས། །ལྷག་གི་ཟླ་རྐང་བཟུང་ལ་སྤྱད་ཟིན་དང་། །མ་ཟིན་དབྱུག་གིས་སྡོམ་ལ་རྐང་རྔུན་གྱིས། །ཆ་ཤས་བསྒྱུར་ནས་དུས་ཉིས་ ༡༣༦ བགོས་ཐོབ་པ། །ཡང་རྒྱུའོ་ལྷག་མ་སྲང་ ༦༠ དང་དབུགས་ ༦ མིག་མཚོས ༤༢། །བསྒྱུར་ནས་རིམ་བཞིན་དུས་ཉིས་ ༡༢༦ བགོས་པའི་ནོར། །རིམ་རྩེགས་ལྷག་མ་མེད་དོ་ལོངས་སྤྱོད་གཉིས། །སྔ་ཟིན་སྡོམ་ལ་ཕྱི་ཕྲི་རིམ་ཕབ་ནས། །སྦྱངས་ལྷག་རེས་གཟའི་དབྱུག་གུར་མ་ནུས་ཐོབ། །མཁའ་ ༠ དང་ཟུང་ ༢ ཆུ་ ༤ རིམ་པ་ཡིན་པས་བྱིན། །གཟུགས་

p. 711

༢ དང་རྩེ་མོ་ ༣ རི་མིན་ཡིན་ཕྱིར་བྲི། །དེ་ཡི་གཟའ་བར་ཉི་དྷྲུར་ཐིག་ ༠ དང་ཆུ ༤། །ཟླ་མིག་ ༢༡ དབང་པོ་ ༥ འཚམས་ལག་ ༢༦ ཚེས་བསྒྱུར་སྟེར། །ཉི་བར་ཡིན་ནོ་གནས་གཉིས་གཅིག་ཤོས་ལ། །སྐར་དྲུག་ ༦ ཞེ་ལྔས་ ༤༥ སྦྱངས་ནས་ཕྱེད་ལྷག་དོར ༡༣། །སྐར་གནས་མཁའ་རོས་ ༦༠ བསྒྱུར་ལ་ཆུ་ཚོད་བསྲེས། །འབྱུང་མེ་ཟླས་ ༡༣༥ བགོས་ནོར་ཀྱི་ཉི་རྐང་བཟུང་། །འདས་མ་འདས་ཀྱི་རྐང་ལོངས་ཀྱིས་བསྡོམས་ནས། །རྔུན་མས་གནས་ཀུན་བསྒྱུར་ནས་འཁོར་སྒྲིལ་སྟེང་། །འབྱུང་མེ་ཟླས་ ༡༣༥ ཐོབ་ཡང་རྒྱུའོ་ལྷག་སྲང་ ༦༠ གིས། །བསྒྱུར་བཅུག་བགོས་ནས་དབུགས་ ༦ དང་ཀླུ་མེའང་ ༣༨། །དེ་བཞིན་བགྱིད་ཏེ་སྔར་སྡོམ་ཕྱིར་བྲི་ནས། །གཟའ་ཉིའི་དབྱུག་གུར་འཁོར་ཕྱེད་དོར་ན་སྟེར། །མ་དོར་སྦྱངས་པས་གཟའ་ཉི་རྣམ་པར་དག །ཟླ་བའི་ཕྱིར་དུ་ཉི་དག་གནས་གཉིས་བཀོད། །གཅིག་ལ་མཁའ་དང་མཚོ་དབང་ཆོས་བསྒྱུར་བྱིན ༤ ། །ཚེས་འཁྱུད་ཟླ་བའོ་གཟའ་ལོངས་མན་གྱིས་སྦྱངས། །རེ་གྲོགས་ཟླ་སྐར་ཟེར་རོ་ཉི་ཟླ་བསྲེས། །སྦྱོར་བའོ་ཚེས་གྲངས་མིག་ ༢ བསྒྱུར་གཟུགས་ ༡

p. 712

ཀྱིས་དབྲི། །རིས་ ༧ དོར་ཕྱི་ཆའི་བྱེད་པའོ་སྔ་ཆ་ནི། །ཤུགས་ཀྱི་རྟོགས་སོ་དེ་ལྟས་ལྔ་བསྡུས་རྫོགས། །སྨྲས་པ། མཚུར་བུ་འཇམ་དབྱངས་དོན་གྲུབ་འོད་ཟེར་ཀྱིས། །རྒྱུད་དོན་མན་ངག་བློ་ཡི་རྣམ་དཔྱོད་ཀྱིས། །མཁྱེན་རབས་རྣམ་བཞག་གྲུབ་རྩིས་མཛད་པ་ན། །དེ་ཉིད་ཁོ་ནར་ཀུན་གྱིས་བསྔགས་གྱུར་མོད། །རི་མོ་ལྷག་མེད་དེ་ཡི་ཤན་ཞུགས་ནས། །ཉི་སྐར་རིམ་གྱི་མ་དག་གྱུར་པ་ལས། །ཕྱི་དུས་ཕལ་ཆེར་བྱེད་དང་གྲུབ་པ་ཅེས། །སོ་སོའི་ལུགས་ལྟར་འདོད་པ་ཤིན་ཏུ་ནོངས། །དེ་ལྟར་མིན་པ་ཉི་ཟླའི་བསྒྲོད་པའང་། །བྱེད་དང་གྲུབ་པའི་ཕྱོགས་གཉིས་ཡོད་པར་ངེས། །འགའ་ཞིག་རེ་གཟའ་གྲུབ་དང་ཉི་ཟླའི་སྐར། །བྱེད་རྩིས་དག་གོ་ཟེར་བའང་ལྟར་སྣང་ཏེ། །གཟའ་ཉི་གཉིས་ཀར་ལྟོས་པའི་རེ་གྲོགས་དེ། །གཡེམ་མའི་བུ་ཡི་རིགས་བཟང་ཇི་བཞིན་ནོ། །བདག་གིས་ཀྱོག་བཤད་མུན་སྤྲུལ་དེ་སྤངས་ནས། །རྣམ་དག་གྲུབ་མཐའི་སྐྱོན་འདོན་བྱེད་པ་ཡིན། །འོན་ཀྱང་རང་གི་བློ་གྲོས་རྟུལ་བཞིན་དུ། །གཞན་ཟེར་ཟློས་དང་རིག་པ་རྐུས་སོགས་མིན། །ཐོས་པའི་ཤེས་རབ་གོམ་པ་ལས་བྱུང་བའི། །ལེགས་བཤད་ཡིན་ནོ་

p. 713

དཔྱོད་ལྡན་གཟུ་བོར་མཁྱེན། །བློ་ལྡན་གང་ཞིག་གཏེར་གྱི་བུམ་བཟང་དང་། དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་དག །རྙེད་པ་ལས་ཀྱང་འདི་ཡི་འཆིངས་ཆེ་སྟེ། །ནམ་ཞིག་ཉི་ཟླ་འཛིན་པའི་ཚེ་ནའོ། །དེ་ཕྱིར་འཛང་རྣམས་འདི་ལ་ཡིད་སྒྲོན་ནས། །གཟའ་ཉིད་འགྲོས་དང་ཚེས་མཚམས་འཕོ་བ་སོགས། །ཞིབ་པར་བརྟག་ནས་གཞན་ལ་ལུང་སྟོན་ན།། མངོན་ཤེས་ཅན་གྱི་གྲགས་པ་ཅིས་མི་ཐོབ། །ཅེས་རྒྱལ་ཚབ་པའི་མིང་འཛིན་ཤྲི་དྷརྨ་བྷ་དྲས་འོག་མིན་ཚུར་བུ་སྦྱར་བའོ། །ཀུ་ཤ་ལི་ཛ་ཡནྟུ། ༼འདི་ན་རྩིས་རིག་ཡོ༽

p. 714

མཚུར་ལུགས་རྩིས་ཀྱི་ལེགས་བཤད་ཉི་ཟླ་གཟའ་འཛིན་གྱི་མན་ངག་ཟོག་པོ་རྨོང་འཛུལ་རྣམས་ཀྱི་ཕུང་བྱེད་མཁས་པ་དཔའོ་ལག་ཆ་ནི་སྲིང་ན་སོ་སོར་ལེགས། ན་མོ་གུ་རུ་བེ། གཟུང་འཛིན་རྣམ་རྟོག་དྲི་བྲལ་བའི། །ལྷན་སྐྱེས་ཕྱག་རྒྱ་ཆེན་མོའི་གཟུགས། །ཕྱི་ནང་གཞན་གསུམ་ལ་སྦྱོར་བའི། །རྡོ་རྗེ་གསུམ་གྱིས་དགེ་སློང་མཛོད། །གང་ཚེ་ཉ་སྟོང་རྒྱུ་སྐར་ལ། །སྒྲ་གཅན་གནས་པ་དེའི་ཚེ། །ཟླ་བ་ཉི་མ་འཛིན་གྱུར་ཏེ། །དེ་ཡང་ཐོག་མར་ཚེས་འཁྱུད་ཀྱིས། །སྐར་མ་གདོང་མཇུག་གང་ཉེ་བལྟ། །ཉུང་བས་མང་སྦྱོངས་སྐར་གནས་སྟོངས། །༠ ༥༥ དབྱུག་གུ་ང་ལྔ་མན་ཆད་འཛིན། །ཆེ་ཆུང་ཆ་ནི་སྦྱངས་པའི་ལྷག །མདའ་ཡི་བགོས་པས་ཐོབ་པ་ཡིན། །ཚེས་ལ་དབྲི་བས་རྟོག་འགྱུར་ཏེ། །དེ་ཡང་བཅོ་ལྔའི་ཆར་དབྱེ་ནས། །ཇི་ཙམ་འཛིན་པའི་ཆ་ཡི་གྲངས། །འཛིན་པའི་ཡུན་ཀྱང་དེ་ཡིན་ནོ། །འོན་ཏེ་ཟླ་བ་ནུས་ཆུང་ཕྱིར། །མདའ་ཡི་བགོས་ཐོབ་ཐིག་གཅིག་གཉིས། །གསུམ་ཡང་ལྷག་མེད་ཉིད་ཡིན་ན། །ཧྲིལ་འཛིན་ཉིད་དུ་འོང་བར་འགྱུར། །ཕྱོགས་ནི་ཟླ་བས་གདོང་སྦྱངས་སམ། །འཇུག་མས་ཟླ་བ་སྦྱངས་པ་ན། །ནམ་གུང་བྱང་ཤར་སྲོད་ལ་བྱང་། །ཐོ་རེངས་ཤར་སྣུར་

p. 715

དེ་ལྡོག་ཚེ། །གུང་ལ་ཤར་ལྷོ་ནམ་སྟོད་ཤར། །ནམ་སྨད་ལྷོ་ཉེ་ལོངས་སྤྱོད་མཉམ། །ནམ་ཕྱེད་ཤར་ཐད་སྲོད་བྱང་ཤར། །ཐོ་རེངས་ཤར་ལྷོ་ན་སྒྲིབས་སོ། །གོ་ལྡོག་ཡིན་ཚེ་ཉི་མ་བཞིན། །འཛིན་ཆ་ཅུང་ཟད་ཆུང་བའོ། ༈ ། དེ་ནས་ཉི་མ་འཛིན་ཚུལ་ནི། །གནམ་སྟོང་ཉི་མར་གདོང་སྦྱངས་སམ། །ཉི་མ་དུས་མེ་སྦྱངས་པ་ན། །ཐིག་དང་དབྱུག་གུ་ལྔ་བཅུ་མན། ༠ ༥༠ །ངེས་པར་འཛིན་ནོ་སྦྱངས་པའི་ལྷག །དབང་ ༥ པོས་དགོས་ཐོབ་ཁྱིམ་ ༡༢ ལ་སྦྱངས། །ལྷག་གི་བཅུ་གཉིས་ཆར་དབྱེ་བའི། །ཆའི་གྲངས་དང་ཡུན་སྟོན་ནོ། །དེ་ཡང་དབང་ཐོབ་ཐིག་ ༠ དང་ཟླ ༡། །ལྷག་མེད་ཡིན་ཚེ་ཧྲིལ་འཛིན་བཞིན། །གཞན་ནི་རིག་པས་དཔག་པར་གྱིས། །གོ་ལྡོག་ཡིན་ན་སྦྱངས་པའི་ལྷག །གདོང་ལ་ ༥ མདའ་དང་འཇུག་མ་ཆུས ༤། །བསྒྱུར་ནས་དབང་པོས་ ༥ འགོས་པས་ཤེས། །ས་ཕྱོགས་ནི་གདོང་མཇུག་ཉུང་ཉིན་ཕྱེད། །ལྷོ་ནུབ་ནས་སོ་ཕྱེད་གོང་ལྷོ། །ཕྱེད་འོག་ནུབ་ཉེ་གདོང་འཇུག་མང་། །གུང་ལ་ནུབ་བྱང་སྔ་དྲོ་བྱང་། །ཕྱི་དྲོ་ནུབ་ཉེ་མཉམ་པའི་ཚེ། །ནུབ་ནས་འཛིན་ཏེ་ཁ་དོག་ནི། །གདོང་ནི་དམར་ནག་མཇུག་མ་ལ། །མེ་ལྕེར་མཚུངས་

p. 716

ཤིང་དུམ་འཛིན་ནག །ཕྱེད་འཛིན་དམར་ནག་རིལ་འཛིན་ལ། །ལྕགས་བསྲེགས་ཐོག་མཐའ་དུ་བ་འདྲ། །རྒྱུ་སྐར་མགོ་ལག་སྟེང་ཡིན་ན། །ནམ་མཁའི་མདོག་དང་མཚུངས་འགྱུར་རོ། །དེ་ལྟར་མན་ངག་ཟབ་མོ་འདི། །བདག་གི་རྩིས་གཞིར་སྦྱོར་དགོས་ཀྱི། །གཞན་དུ་ནམ་ཡང་མ་ཡིན་ནོ། །ཁྱད་པར་ཆུ་ཚོད་ཉིན་མཚན་ཚད། །རྒྱ་རྩིས་དེ་ལ་རྟོགས་པར་གྱིས། །བྱིས་པ་འདྲིད་པའི་ཚིག་གི་ཕྲེང་། །མན་ངག་ལྟར་དུ་བཅོས་པ་རྣམས། །གསོབ་བཞིན་དོན་གྱི་སྙིང་པོས་སྟོངས། །དེ་ཕྱིར་བདག་གི་རིང་དུ་དོར། །བློ་གྲོས་རྒྱས་པའི་མིག་ལྡན་ཞིང་། །མན་ངག་ལག་གིས་ཁྱེར་ཤེས་ན། །རྒྱུད་དོན་མཚུར་ལུགས་རྙིང་མ་ལས། །བསླུ་བྱེད་ངག་ལ་སུ་ཡི་རངས། །བློ་ལྡན་མིག་དབང་དག་པའི་གཉེན་གྱུར་དང་། །མུན་པར་རྒྱུ་བའི་གཤེད་མ་གང་ཡིན་པ། །སྲིད་ན་འགྲན་ཟླ་བྲལ་བའི་ཉི་མ་སྟེ། །སྐལ་བཟང་རྣམས་ཀྱི་ཕན་བདེའི་འབྱུང་གནས་ཡིན། །ཞེས་གཟའ་འཛིན་གྱི་མན་ངག་འདི་ཉིད་ལུང་དང་རིགས་པས་ལེགས་པར་དཔྱད་ནས་ཡེ་མཁྱེན། ཤྲི་དྷརྨ་བྷ་དྲས། རྩིས་གཞུང་གི་ཆ་ལགས་སུ་བགྱིད་ལེགས་སོ། ། ༈ བྱེད་པའི་ཚེས་རྩིས་དག་པ་

p. 717

ལ། །རྣམས་དག་གྲུབ་པ་མཐོང་གྱུར་དུ། །བསྒྱུར་ན་གྲུབ་གཟའི་གནས་བཞི་ལ། །བྱེད་གཟའི་གནས་གཞིས་སྦྱངས་པ་དང་། བྱེད་སྐར་གནས་བཞི་གྲུབ་སྐར་གྱི། །སོ་སོར་སྦྱངས་པའི་ལྷག་མ་གང་། །བྱེད་གཟའི་ལོ་གཅིག་ཚེས་རྩིས་ཀྱིས། །གཟའ་ལ་སྦྱིན་ཞིང་ཉི་མར་ཕྲོག །ས་དེའི་རྣམ་དག་གྲུབ་པའི་རྩིས། །བདེ་བླག་ཉིད་དུ་འགྱུར་བ་ཡིན། །ཀུན་ཁྱབ་རྒྱ་བོས་སྨྲས་པའོ། །བཀྲ་ཤིས་སརྦ་མངྒ་ལམ་ཤུ་བྷི་ཛ་ཡན་བཀྲ་ཤིས། བདེ་བའི་བསྒྱུར་གྱུར།། །། མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི། །ཀླུ་ཚེས་ལག་མིག་བུག་ཟུང་སྔ། །ཚེས་ལོངས་སྔོན་མི་མཁའ་རོ་ལ། །ཕྲི་ལྷག་ནམ་གོང་དུ་མ་དང་། །ལྷག་དང་ད་ལྟའི་ལོངས་སྤྱོད་གཉིས། །བསྲེས་ལ་མིག་གི་ཐོབ་པའི་ནོར། །བིཁྚི་བསྒྱུ་བའི་ཡུན་མཚད་ཡིན། །བིཁྚི་ཕྱི་ཆ་དག་ལ་ནི། །མཚད་དེའི་ད་ལྟའི་ལོངས་སྤྱོད་ཕྲི། །ལྷག་མ་ནམ་ལངས་ནས་གཟུང་སྟེ། །རྫོགས་ནས་བྲི་བྱེད་མཚོད་ཡུན་སྡོད། །མ་ལྡངས་ཉིན་དེའི་ནམ་ལང་ནས། །རང་གི་ཡུན་དེ་སྤྱོད་བིཁྚི་སྔ་ཆ་དག་ལ་ནི། །མཚད་དེ་ད་ལྟའི་ལོངས་སྤྱོད་ཕྲི། །ལྷག་མ་ནམ་ལང་ནས་བཟུང་སྟེ། །དེའི་ཡུན་དུ་སྤྱོད་པར་བྱེད། །མ་ལྡང་གོང་གི་

p. 718

ཚེས་ལོངས་རྫོགས། །འབྲི་བྱེད་མཚམ་ཡུན་སྡོད་པའོ། །རྩིས་གཞུང་ཉིན་བྱེད་སྣང་ནས་རྟགས་ཐབས་ཚེས་ལོང་སྔ་མ་ཡི་སྟེང་ནས་མཁའ་རོའི་ཕྲི་བའི་ལྷག་ཉིན་ཞགས་སྔ་མར་འདས་ཟིན་ཡིན། ལྷག་དང་ད་ལྟའི་ལོངས་སྤྱོས་གཉིས་སྟེང་ལ་ཟུང་ཞི་ཕྱེ་བའི་ནོར། དུས་དེའི་བྱེད་པའི་ལོངས་སྤྱོད་དེ། སྔ་ཆར་སྔ་མའི་ཚེས་ལོངས་དག རྫོགས་ནས་དེ་ཡི་ཡུན་དུ་སྤྱོད། ཅི་ཕྱི་ཆར་ཚད་དེ་རྫོགས་པ་ན། བྱེད་པ་ཆར་བར་ཤེས་པར་བྱ། །

p. 719

༧༡༩ནས་༨༢༠བར་རྩིས་ཀྱི་རེའུ་མིག་ཡིན།

p. 720

༧༢༠

p. 721

༧༢༡

p. 722

༧༢༢

p. 723

༧༢༣

p. 724

༧༢༤

p. 725

༧༢༥

p. 726

༧༢༦

p. 727

༧༢༧

p. 728

༧༢༨

p. 729

༧༢༩

p. 730

༧༣༠

p. 731

༧༣༡

p. 732

༧༣༢

p. 733

༧༣༣

p. 734

༧༣༤

p. 735

༧༣༥

p. 736

༧༣༦

p. 737

༧༣༧

p. 738

༧༣༨

p. 739

༧༣༩

p. 740

༧༤༠

p. 741

༧༤༡

p. 742

༧༤༢

p. 743

༧༤༣

p. 744

༧༤༤

p. 745

༧༤༥

p. 746

༧༤༦

p. 747

༧༤༧

p. 748

༧༤༨

p. 749

༧༤༩

p. 750

༧༥༠

p. 751

༧༥༡

p. 752

༧༥༢

p. 753

༧༥༣

p. 754

༧༥༤

p. 755

༧༥༥

p. 756

༧༥༦

p. 757

༧༥༧

p. 758

༧༥༨

p. 759

༧༥༩

p. 760

༧༦༠

p. 761

༧༦༡

p. 762

༧༦༢

p. 763

༧༦༣

p. 764

༧༦༤

p. 765

༧༦༥

p. 766

༧༦༦

p. 767

༧༦༧

p. 768

༧༦༨

p. 769

༧༦༩

p. 770

༧༧༠

p. 771

༧༧༡

p. 772

༧༧༢

p. 773

༧༧༣

p. 774

༧༧༤

p. 775

༧༧༥

p. 776

༧༧༦

p. 777

༧༧༧

p. 778

༧༧༨

p. 779

༧༧༩

p. 780

༧༨༠

p. 781

༧༨༡

p. 782

༧༨༢

p. 783

༧༨༣

p. 784

༧༨༤

p. 785

༧༨༥

p. 786

༧༨༦

p. 787

༧༨༧

p. 788

༧༨༨

p. 789

༧༨༩

p. 790

༧༩༠

p. 791

༧༩༡

p. 792

༧༩༢

p. 793

༧༩༣

p. 794

༧༩༤

p. 795

༧༩༥

p. 796

༧༩༦

p. 797

༧༩༧

p. 798

༧༩༨

p. 799

༧༩༩

p. 800

༨༠༠

p. 801

༨༠༡

p. 802

༨༠༢

p. 803

༨༠༣

p. 804

༨༠༤

p. 805

༨༠༥

p. 806

༨༠༦

p. 807

༨༠༧

p. 808

༨༠༨

p. 809

༨༠༩

p. 810

༨༡༠

p. 811

༨༡༡

p. 812

༨༡༢

p. 813

༨༡༣

p. 814

༨༡༤

p. 815

༨༡༥

p. 816

༨༡༦

p. 817

༨༡༧

p. 818

༨༡༨

p. 819

༨༡༩

p. 820

༨༢༠

ཕག་ཕུའི་ཡུལ་ལྷ་གཉེན་པོ་ཏིའུ་ལུང་ཐོག་བཙན་འབར་བའི་སྒེར་གསོལ་དམ་ཅན་དགྱེས་པའི་གད་རྒྱངས།

p. 821

ཕག་ཕུའི་ཡུལ་ལྷ་གཉེན་པོ་ཏིའུ་ལུང་ཐོག་བཙན་འབར་བའི་སྒེར་གསོལ་དམ་ཅན་དགྱེས་པའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། །

p. 822

ན་མོ་མ་ཧཱ་སརྦ་ཛྙཱ་ན་ཡ་པ་ར་མ་བཛྲ་སྱ་ཡེ། དགེ་བསྙེན་བཙན་རྒོད་ཆེན་པོ་རྡོ་རྗེ་རྫིང་བཙན་གྱི་བཀའ་སྡོད་ལས་ཀྱི་ཤན་པ་མཐུ་བོ་ཆེ་ཕག་ཕུའི་ཡུལ་སྐྱོང་ཏིའུ་ལུང་ཐོག་བཙན་འབར་བར་སྒེར་གསོལ་མཆོད་པར་འདོད་ན། གཏོར་མ་དམར་གཏོར་ཆེ་བ་གཅིག་ལ། རྒྱབ་ཏུ་དགྱེས་ཡུམ་ལ་དཀར་ཟླུམ་གཅིག །གཡོན་དུ་གསང་ཡུམ་ལ་ཟླུམ་པོ་སྦྲུལ་དཀྲིས། གཡས་མདུན་གཉིས་སུ་དམར་གཏོར་ཆུང་བ་གཉིས། མཐེབ་ཀྱུ་རིལ་བུ་མཚམས་སུ་སྦྱར། གཙོ་བོར་ལིངྒ་དང་ཤ་དར་གཟུག །འབྲུ་སྣ་ཤ་ཆང་འོ་ཞོ་རྒྱ་ཇ་སོགས་གསེར་སྐྱེམས་དང༌། དར་སྣ་རིན་ཆེན་སྣ་བཞི་ཀླུ་སྨན་མཆོད་པའི་བྱེ་བྲག་དང༌། བཟའ་བཅའི་བཏུང་བ། རྟེན་རྫས་སྤྱན་གཟིགས་འབུལ་བ་སོགས་ཡོད་ནའང་ཚོགས་པར་བྱས་ལ་སྟེགས་བུའི་སྟེང༌། གཏོར་མ། གསེར་

p. 823

སྐྱེམས། སྟེགས་མཐོ་བར་ཤིང་སྣ་གང་འཛོམས་དྲི་བཟང་གིས་བསངས་མཆོད་སོགས་གཙང་མའི་ཡོ་བྱད་རྣམས་བཤམ་སྟེ། བདུད་རྩི་བྲན་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་དམ་ཉམས་དགྲ་བགེགས་བསྒྲལ་བའི་དུར་ཁྲོད་ཆེན་པོ་མི་རོ་དང་རྟ་རོ་བརྩེགས་པའི་གདན་གྱི་སྟེང་དུ་ཏྲི་དམར་པོ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ལས་བྱེད་ཀྱི་ཤན་པ་ཆེན་པོ་ཏིའུ་ལུང་ཐོག་བཙན་འབར་བ་སྐུ་མདོག་དམར་པོ་ཁྲག་གི་རལ་པ་ཟིང་ཞིང༌། སྤྱན་གསུམ་དམར་ལ་བཟླུམས་པ། ཞལ་ཨམ་རྩིག་གིས་མ་མཆུ་མནན་པ། མཆེ་བ་དུང་ལྟར་དཀར་བ། སྲིན་པོ་

p. 824

ལྟར་ཁྲོས་པའི་བཞིན་རས་བརྔམ་པ། སྨིན་མ་སྨ་ར་ཨག་ཚོམ་དམར་སེར་མེ་ལྟར་འབར་བ། དབུ་ལ་གསེར་འགྱུར་རྩི་ཡི་ཨར་ཞྭ་ལ་སྟོང་སྐུད་དམར་པོའི་ཛ་ལར་ཅན་གསོལ་ཞིང༌། སྐུ་ལ་དར་དམར་གྱི་འཇོལ་བེར་གསེར་གྱི་མེ་ཏོག་རི་མོ་ཅན་གོང་པ་ལྗང་ཁུ། དེའི་འོག་ཏུ་གོས་སྔོ་ལྗང་གི་འོག་གཞི་སྲབ་འཇམ་ཡངས་པ་བཅས་སུམ་རྩེག་ཏུ་གསོལ་བ་ལ་གསེར་སྐེད་རིན་ཆེན་གྱི་ཕྲ་ལྡན་གནམ་ལྕགས་ཀྱི་རལ་གྲི་བཏགས་པ། ཕྱག་གཡས་གཡོན་གྱིས་མེ་ཡི་ཞགས་པ་ཐོག་དང༌། མཚོན་ཆའི་ཆར་འབེབས་པ་གནམ་དུ་གདེང་པ་འཛིན་པས་དམ་ཉམས་པའི་དགྲ་བགེགས་རྣམས་ཚར་གཅོད་པ། གསེར་གྱི་སྙན་ཆ་དང༌། མགུལ་རྒྱན། ཕྱག་གདུབ་དང་སོར་གདུབ་སོགས་མཛེས་པས་བརྒྱན་པ། བཙན་རྟ་དམར་པོ་གྭ་ཞུར་ཅན་ཤིན་ཏུ་མི་སྲུན་ཞིང༌། ཟེ་རྔོག་ནས་མེ་རྟག་ཁྲོམ་ཁྲོམ་འབར་བ། དགུང་གཉིས་ལ་གླིང་བཞི་ཁྱབ་པར་རྒྱུག་པ། མི་མགོ་ཡ་ཐོད་ཀྱི་སྔ་རུ། མ་ཐོད་ཀྱི་ཕྱི་རུ། མི་ལྤགས་ཀྱི་ཞིང༌།

p. 825

གཡང་གི་སྟན་ལ་ཡན་ལག་གི་གོང་རྨེད། གློ་ལེན། དགྲ་སྙིང་དང་མི་མགོའི་དོམ་དོམ། གྲི་ལྕགས་ཀྱི་ཡོབ་ཆེན་དང་ལྡན་པ། གསེར་སྲབ་ལ་དར་དམར་གྱི་སྲབ་མདའ་འཆང་བ་སྤྲུལ་པ་ཡང་སྤྲུལ་དམག་དཔུངས་བགྲང་ལས་འདས་པ་ཕྱོགས་བཅུར་འགྱེད་པ་ཀླད་ན་བྱ་ཁྲ་བྱ་གླག་ལྡིང་ཞིང༌། སྔུན་ལ་ཝ་སྤྱང་ངུར་བ། བཙན་ཁྱི་དམར་པོས་དམ་ཉམས་དགྲ་རོ་ཟ་ཞིང་འདྲུད་པ་མང་པོ་འབྲང་བ། མེ་རླུང་རྡུལ་དམར་གྱི་བུ་ཡུག་འཚུབ་ཅིང་གནམ་ལྕགས་ཀྱི་ཐོག་དང་སེར་བ་གློག་འབྲུག་དྲག་ཏུ་འཚུབ་པའི་ཀློང་ནས་བདག་ཅག་སྒྲུབ་པ་པོས་འབོད་པའི་གནས་འདིར་ལས་ཀྱི་ཤན་པ་ཐོག་བཙན་འབར་བ་ཡབ་ཡུམ་འཁོར་དང་བཅས་པ་སྐད་ཅིག་གིས་ལྷག་པར་གྱུར། ཏྲི་ཧསྟ་ཨཱ་ཎི་པི་ཏཱ་ན་དེ་ཤ་སཱ་པ་རི་ཝ་ར། བཛྲ་སཱ་མ་ཡ་ཛཿཛཿ རོལ་མོ་འབོད་རྫས་དབྱངས་དང་བཅས་ཏེ་སྤྱན་དྲངས་ལ། ཛཿ ཕུ་གསུམ་འདུས་པ་གཡང་ཆགས་ཕག་ཕུའི་ཕུ། །ཕུ་ན་རི་བོ་རྩེ་རྒྱས་རྔམ་བརྗིད་ལྡན། །གངས་དཀར་ལྷུན་ཆགས་

p. 826

རྫ་རིའི་བ་གཾ་མཐོ། །གཡའ་དང་སྤང་ལྗོངས་ནེའུ་སིང་མེ་ཏོག་བཀྲ། །གདགས་སྲིབ་ད་ལི་སྤྲ་མ་རྩི་ཐོག་རྒྱས། །མདའ་རུ་ཆུ་ཀླུང་ཆེན་པོ་དལ་བུས་འབབས། །ཕུན་ཚོགས་དགེ་མཚན་ལྡན་པའི་ཡུལ་གྱི་ཕུར། །ཕྱི་ལྟར་རིན་ཆེན་མཛེས་པའི་སྐུ་མཁར་ལ། །ནང་དུ་དགྲ་བགེགས་དུར་ཁྲོད་བཅལ་དུ་བཀྲམ། །ཐོག་བཙན་འབར་བ་ཡབ་ཡུམ་སྤྲུལ་པ་བཅས། །དམ་ཚིག་དབང་གི་ཚུར་གཤེགས་ཚུར་གཤེགས་ལ། །ཐུགས་དམ་བརྩེ་བས་དགོངས་ལ་དགྱེས་ཞལ་སྟོན། །སྙན་པའི་དབྱངས་དང་འབོད་པའི་རྫས་ཀྱིས་བརྔན། །འཁོར་དང་བཅས་པ་འདིར་གཤེགས་གདན་ལ་བཞུགས། །ཏྲི་བཛྲ་ས་མ་ཡ། ཛཿཧཱུྃ་བཾ་ཧོཿ ཨ་གད། ཏིཥྛ་ལྷན། མཆོད་ཡོན་འབུལ་བ་ནི། ཨོཾ། དྲག་པོ་བཙན་རྒོད་དགྱེས་པའི་མཆོད་པ་ནི། །དམར་ཆེན་ཁྲག་གི་ཨརྒྷཾ་ཆུ་རྒྱུན་སྦྲེངས། །འཕྲལ་བསད་དབང་པོའི་མེ་ཏོག་རླངས་པ་ཕྱུར། །ཤ་ཆེན་བསུར་དུད་ཆར་སྤྲིན་ལྟ་བུ་གཡོས། །ཚིལ་ཞུན་རོ་སྐྲའི་མེ་འོད་བཀྲག་མདངས་གསལ། །ཞག་དང་མཁྲིས་

p. 827

པའི་བྱུགས་པས་དྲི་ངད་འཐུལ། །ཤ་རུས་ཕུང་པོར་སྤུངས་པའི་ལྷ་བཤོས་དང༌། །སྣ་ཚོགས་རོལ་མོའི་བྱེ་བྲག་འབྲུག་ལྟར་སྒྲོགས། །རྩ་བརྒྱད་སྟོང་ལ་སྦྱར་བའི་མྱོང་གྲོལ་དང༌། །དམར་ཆེན་རཀྟའི་དྭངས་མ་མཚོ་ལྟར་འཁྱིལ། །དམ་རྫས་བ་ལིཾ་མཆོད་ཚོགས་རི་ལྟར་སྤུངས། །བཙན་རྒོད་ཏིའུ་ལུང་ཡབ་ཡུམ་འཁོར་བཅས་མཆོད། །ཏྲི་ཧསྟ་ཨ་ཎི་ཨཱ་དི་པི་ཏཱ་ན་དེ་ཤ་སཱ་པ་རི་ཝ་ར་མཱ་ཧཱ་པཉྩ་རཀྟ་བ་ལིངྟ་ཁ་རཾ་ཁཱ་ཧིཿ དེ་ནས་དམ་ལ་བཞག་པ་ནི། ཧཱུྃ། སྤྱི་བོར་གནམ་ལྕགས་འབར་བའི་རྡོ་རྗེ་བཀོད། །ལྕེ་ཐོག་བདུད་རྩི་ཨ་མྲྀ་ཏ་བཞག་ནས། །རིག་འཛིན་བདག་དང་དམ་ཚིག་གཅིག་བསྲེས་ན། །དམ་བཅའ་མ་གཡེལ་བཅོལ་བའི་ཕྲིན་ལས་སྒྲུབས། །ཏྲི་ཧསྟ་ཨ་ཎི་ཨཱ་དི་པི་ཨོཾ་བཛྲ་སཱ་མ་ཡ་ཧ་ན་ཧ་ན་ཧཱུྃཿ ཐུགས་དམ་གཉེན་པོར་སྐོང་བའི་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ལ། ཨོཾ། ངོ་བོ་གདོད་ནས་སྤྲོས་དང་བྲལ་བའི་ངང༌། །རྣམ་པ་ཕྱི་ནང་

p. 828

གསང་བའི་མཆོད་པའི་རྫས། །བྱེད་ལས་དབང་པོ་དྲུག་ཡུལ་ཟག་མེད་ཀྱི། །བདེ་ཆེན་མཆོད་པའི་དགྱེས་པ་བསྐྱེད་གྱུར་ཅིག །རིན་ཆེན་སྣོད་ཡངས་ཟབ་ཅིང་རྒྱ་ཆེའི་ནང༌། །དམ་རྫས་མཆོད་པའི་བྱེ་བྲག་སྣ་ཚོགས་དང༌། །ཞལ་སྐྱེམས་ཆད་མེད་ཨརྒྷཾ་ཆུ་རྒྱུན་གྱིས། །བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༌། །ཐང་དང་ཆུ་ལས་སྐྱེས་པའི་མེ་ཏོག་དང༌། །དགྲ་བོའི་དབང་ལྔའི་མེ་ཏོག་ཞུན་ཆེན་གྱི། །མར་མེ་ཁྲག་ཞག་མཁྲིས་པའི་དྲི་ཆབ་རྒྱུན། །ལྷ་མིའི་བཟའ་བཅའ་གཡོས་སྦྱར་རོ་བདའི་བཅུད། །འབྱོར་ཚོགས་དཔག་མེད་ལས་གྲུབ་མཆོད་གཏོར་ནི། །ལྷུན་པོ་ལྟར་སྤུངས་ཡབ་ཡུམ་འཁོར་བཅས་མཆོད། །རོལ་མོའི་བྱེ་བྲག་སྙན་པའི་དབྱངས་དང་བཅས། །འདོད་ཡོན་ལྔ་ཡི་མཉེས་མཆོད་དུ་མ་དང༌། །སྤྱན་གཟིགས་དཀོར་ཆ་མཆོད་པའི་བྱེ་བྲག་སོགས། །བཀྲ་ཤིས་རྟགས་བརྒྱད་སྣ་བདུན་མཁོ་དགུའི་འབྱོར། །བཟང་དགུ་དངོས་འབྱོར་ཡིད་སྤྲུལ་དཔག་མེད་འབུལ། །མཁའ་ལྡིང་རི་ཀླུང་

p. 829

ཆུ་གནས་བདག་པོས་བཟུང༌། །མ་བཟུང་སྲིད་ན་ཡོད་ཅོག་ཇི་སྙེད་ཀུན། །ཁྱད་པར་རྟ་ཕྱུགས་ལུག་དང་བྱ་ཁྱི་སོགས། །རྟེན་རྫས་མ་ཚང་མེད་པ་བཤམས་ཏེ་འབུལ། །རྒྱུན་གཏོར་གཏའ་གཏོར་ནར་མའི་མཆོད་པ་རྣམས། །དགྱེས་པར་བཞེས་ནས་ཐུགས་དམ་གཉན་པོ་བསྐང༌། །བཅོལ་བའི་ལས་བཞི་ལྷུན་གྱིས་གྲུབ་པ་དང༌། །འཕྲིན་ལས་ཐོག་མེད་མྱུར་དུ་དགྱེས་བཞིན་སྒྲུབས། །ཅེས་མཆོད་གཏོར་མངའ་གསོལ་འབུལ། བསྟོད་པ་དང་ཕྲིན་བཅོལ་སྦྲགས་མ་ནི། ཧཱུྃ། ཀ་པ་ལ་རུ་དགྲ་ཁྲག་མཚོར་བསྐྱིལ་བ། །ཁ་གདངས་མཆེ་བརྩེགས་ལྗགས་བསྐྱོད་ཧུབ་ཀྱིས་འཐུངས། །ག་ཤ་མི་མགོ་དོ་ཤལ་རྔམ་ཞིང་བརྗིད། །ང་རོ་དྲག་པོས་ལོག་འདྲེན་འགུགས་ལ་བསྟོད། །ཅ་ཅོ་དབྱངས་དང་རོལ་མོའི་སྒྲ་ཡིས་བོས། །ཆ་ཤས་ཀུན་ཚངས་དམ་རྫས་གཏོར་མ་བཤམས། །ཇ་ཆང་སྐྱེམས་ཀྱི་མཆོད་ཚོགས་རི་ལྟར་སྤུངས། །ཉ་རྒྱས་ཞི་མ་ཁྲོ་བོར་སྟོན་ལ་བསྟོད། །ཏ་ལའི་ལོ་མར་བྲིས་པའི་ཉ་བོ་ལ། །ཐ་དད་མེད་པའི་

p. 830

རྣམ་ཤེས་བླ་ཚེ་སྲོག །ད་ལྟ་སྐད་ཅིག་ཉིད་ལ་བཀུག་ནས་ཀྱང༌། །ན་འཆི་དུཿཁས་མནར་བར་མཛད་ལ་བསྟོད། །པ་སངས་བཞིན་དུ་དྲེགས་པ་རྒྱུ་སྐར་དབུས། །ཕ་རོལ་ཟིལ་གྱིས་གནོན་པའི་ལས་ཤན་ཆེས། །བ་མོ་ཉི་མས་ཞུ་ལྟར་ལོག་སྡེའི་དཔུངས། །མ་ལུས་ཐལ་བར་རློག་པ་མཛད་ལ་བསྟོད། །ཙ་རིའི་སྙིང་སོགས་དམ་རྫས་མཆོད་གཏོར་བཤམས། །ཚ་གྲང་ཁྱད་བསད་བསྟན་པའི་ཞབས་ཏོག་སྒྲུབ། །ཛ་ལང་གཉའ་རེངས་བན་གཟུགས་ལོག་བལྟའི་ཚོགས། །ཝ་སྐྱེས་གཞོམ་ལྟར་རང་གཤེད་མྱུར་དུ་ཕོབ། །ཞྭ་ཁྲ་ཅན་གྱི་རིང་ལུགས་བདག་ཅག་ལ། །ཟ་འདོད་ཆགས་སྡང་སྐུར་འདེབས་ཁ་བསགས་ཅན། །འ་འུར་སྒྲ་སྒྲོགས་གནམ་ལྕགས་མཚོན་ཆ་ཡི། །ཡ་མའི་དཔུངས་རྣམས་ཚེ་སྲོག་མངའ་ཐང་ཆོམས། །རྭ་གདེང་རྡོ་རྗེ་ལྟ་བུའི་རྒྱུ་སྦྱོར་སྲོག །ལ་ལུང་བརྒལ་ཀྱང་རྒས་མེད་ལང་ཚོ་རྒྱས། །ཤ་ཟ་ཕྲ་མན་ལྟ་བུའི་དམ་ཉམས་རྣམས། །ས་འོག་རིམ་པ་བདུན་གྱི་འོག་ཏུ་ཆུག །ཧ་ལའི་དུག་མཚུངས་ཡིད་བརྣག་

p. 831

དགྲ་བོའི་དཔུངས། །ཨ་མྲྀ་ཏ་མཚུངས་ནུས་པའི་གཞིལ་བྱས་ནས། །ཧ་ཧ་བཞད་གད་སྡང་དགྲའི་ཀླད་པ་འགེམས། །ཨ་མྲའི་འབྲས་ལྟར་སྨིན་ལེགས་ཀུན་སྨོན་མཛོད། །ནོངས་པ་བཤགས་པ་ནི། ཀྱེ། སྔོན་བྱོན་རྒྱལ་བ་གངས་པ་རྨོག་ལྕོག་དང༌། །རྒྱལ་མཆོག་བདུན་པ་གཽ་ཤྲཱི་རབ་འཇིགས་མཚན། །གྲགས་པ་དཔལ་འབྱོར་ལ་སོགས་དངོས་བརྒྱུད་ཀྱི། །སྤྱན་སྔར་སྤོང་ལེན་རྨོངས་སྒྲིབ་ཅི་མཆིས་བཤགས། །ལྷ་ཁྱོད་བསྟེན་ཅིང་མཆོད་པའི་འབྱོར་ཚོགས་ཀུན། །མ་ཚང་ཉེས་འབག་སེར་སྣའི་དབང་གྱུར་པ། །དུས་གཏོར་ཆགས་སོགས་ཉམས་པ་ཅི་མཆིས་པ། །རབ་ཏུ་གནོང་ཞིང་འགྱོད་པའི་མཐོལ་ལོ་བཤགས། །ཐུགས་དམ་བསྐང་ཞིང་དག་ཚང་བསྩལ་དུ་གསལ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བསྐང༌། ཁྱད་པར་ཕྲིན་ལས་བཅོལ་བ་ནི། གསེར་སྐྱེམས་ལ་ཆབ་བྲན། ཧཱུྃ། སྔོན་གྱི་དུས་སུ་གཡར་དམ་ཞལ་བཞེས་ལྟར། །ཀཾ་ཚང་བསྟན་པ་སྤྱི་དང་ཁྱད་པར་དུ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ཀརྨ་པའི། །རྒྱལ་

p. 832

ཚབ་མཆོག་ཏུ་མངའ་གསོལ་མགོན་དེ་ཡི། །བསྟན་པ་དེ་འཛིན་སྐྱོང་བར་ཞལ་བཞེས་ལྟར། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིང་བ་དང༌། །འདུས་པའི་སྡེ་དར་འཁོར་འབངས་ལོངས་སྤྱོད་རྒྱས། །མངའ་ཐང་མཚན་ཇུས་ཆབ་སྲིད་དར་རྒྱས་རྟག །ལོག་པར་ལྟ་བའི་དམ་ཉམས་སྙིང་རྩ་ཆོད། །གནོད་བྱེད་མིང་གི་ལྷག་མར་བཏང་བྱས་ཏེ། །དགྲ་ལས་རྣམ་རྒྱལ་རུ་མཚོན་སྲིད་རྩེར་འཕྱར། །བསྟན་པ་སྲུང་ཞིང་སྐྱེ་དགུའི་བདེ་སྐྱིད་སྤེལ། །ཁྱད་པར་ཡུལ་འདིའི་མི་ནོར་ཕྱུགས་གསུམ་ལ། །གཞིས་ལམ་བྱེས་གསུམ་གང་དུ་གནས་ཀྱང་རུང༌། །དགྲ་ཀུན་གཅན་གཟན་གོད་ཁ་བཟློག་པ་དང༌། །འགལ་རྐྱེན་བར་གཅོད་ཐམས་ཅད་ཞི་བར་སྲུངས། །བདག་གི་ཞེས་སྒྱུར་ཁ་ཡང་ཡུལ་གཞན་དུ་སླེབ་ན་བྱེད། བསམ་དོན་ལས་བཞི་སྨོན་པའི་དོན་ཕྲ་རགས། །ལྷུན་གྱིས་འགྲུབ་ཅིང་དཔལ་འབྱོར་ལོངས་སྤྱོད་དང༌། །བདེ་ལེགས་འདོད་དགུ་ཀུན་སྨོན་ཕུན་ཚོགས་མཛོད། །ཅེས་གསེར་སྐྱེམས་ནམ་མཁར་མཆོད། གཏོར་མགྲོན་ལྷ་ཚོགས་

p. 833

རང་གནས་རྟེན་ལ་གཤེགས། །རྦད་ན་མཐུ་ཆེ་དགྲ་བགེགས་ཐལ་བར་རློག །བསྟེན་ན་སྙིང་ཉེ་ཉིན་མཚན་དུས་དྲུག་སྲུང༌། །མཆོད་ན་རེ་སྐོང་དངོས་གྲུབ་ཆར་ལྟར་འབེབས། །ལས་ཤན་འཁོར་དང་བཅས་པའི་བཀྲ་ཤིས་ཤོག །ཅེས་ཏིའུ་ལུང་ཐོག་བཙན་འབར་བའི་གཟབ་གསོལ་དུ་བཙན་རྒོད་འདི་ཉིད་ཀྱི་མཐུ་སྟོབས་བསྟན་པ་སྲུང་བའི་བྱ་ར་ལེགས་ཉེས་ཀྱི་སྟངས་འཛིན་ལ་མཐུ་རྩལ་རྣོ་མྱུར་གྱི་རྟགས་གསལ་བ་རྒྱུ་མཚན་དུ་བྱས་ཏེ་མཆོད་པར་འདོད་པའི་ལས་མཁན་ཏིའུ་ལུང་ཡབ་ཡུམ་འཁོར་བཅས་ལ་སྔགས་པའི་གསོལ་མཆོད་དམ་ཅན་དགྱེས་པའི་གད་རྒྱངས་ཞེས་པ་འདི་ནི་རྗེས་འཇུག་རིག་པ་འཛིན་པ་རྒྱལ་ཚབ་གཽ་ཤྲཱི་སྤྲུལ་མིང་དགུ་པ་ཤཱཀྱའི་བཙུན་པ་དཔལ་ལྡན་གྲགས་པ་ཡེ་ཤེས་ཀྱིས་རབ་ཡིད་ནང་མཚན་ཤིང་ཡོས་དབྱུག་ཟླའི་ཡར་ཚེས་དགེ་བར་མདོ་སྒར་ནས་བྲིས་པ་སརྦ་ཛཝནྟུ།། །།ཨོཾ་ཨཱཿཧཱུྃ། ན་མ་སརྦ་ཏ་ཐ་ག་ཏ་བྷྱོ་སོགས་གཏོར་མ་བྱིན་གྱིས་བརླབས་ལ། ཧཱུྃ། རང་ཉིད་ཡི་དམ་ལྷར་གསལ་དེའི་མདུན་དུ། །བཙན་རྒོད་ཆེན་པོ་རྡོ་རྗེ་རྫིང་བཙན་གྱི། །བཀའ་སྡོད་ལས་ཀྱི་ཤན་པ་ཏིའུ་

p. 834

ལུང་པ། །ཡབ་ཡུམ་སྤྲུལ་པ་འཁོར་བཅས་གནས་འདིར་བྱོན། །འདིར་བཤམ་མཆོད་པའི་གདན་ལ་བཞུགས་སུ་གསོལ། །རིན་ཆེན་སྣ་བཞི་ལས་གྲུབ་སྣོད་ཡངས་པར། །འབྲུ་བཅུད་ཤ་ཁྲག་དམར་གྱི་གཏོར་མ་དང༌། །བསངས་མཆོད་གཏོར་སྐྱེམས་འབྱོར་ཚོགས་དཔག་མེད་པ། །མྱོས་བྱེད་བཏུང་བ་བསུར་ཆེན་སྤྲིན་ལྟར་གཏིབས། །བསྟོད་དབྱངས་རོལ་མོའི་བྱེ་བྲག་འབྲུག་ལྟར་སྒྲོགས། །གོ་མཚོན་དཀོར་ཆས་དངོས་བཤམ་ཡིད་སྤྲུལ་གྱིས། །བརྟན་གཡོས་འབྱོར་པའི་ཐུགས་དམ་བསྐང་སྟེ་འབུལ། །བདག་ཅག་མ་རིག་དབང་གྱུར་ནོངས་པའི་ཚོགས། །བཟོད་བཞེས་གཡར་དམ་དགོངས་ལ་ལྷ་ཁྱོད་ཀྱི། །དཔལ་ལྡན་བླ་མའི་སྐུ་ཚེ་ཕྲིན་ལས་སྤེལ། །འདུས་པའི་སྡེ་དར་ཆབ་སྲིད་མངའ་ཐང་རྒྱས། །དམ་ཉམས་དགྲ་བོ་ཚར་གཅོད་བྱ་ར་དང༌། །རྟ་ཕྱུགས་ཉེར་འཚེ་གོད་ཁ་དགྲ་རྐུན་བཟློག །གཞིས་བྱེས་བྱ་བ་ལས་གཞི་གང་བརྩམས་པ། །བཀྲ་ཤིས་བདེ་ལེགས་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་

p. 835

པའང་གཽ་ཤྲཱི་གྲགས་པ་ཡེ་ཤེས་ཀྱིས་གཏོར་འབུལ་མདོར་བསྡུས་སུ་བྲིས་པ་དགེ། ལོག་སྡེའི་བཤེད་གྱུར་ཐོག་བཙན་འབར་བ་ཡི། །མཆོད་གཏོར་འབུལ་ཚུལ་དམ་ཅན་དགྱེས་གླུ་འདི། །གཽ་ཤྲཱི་དཔལ་ལྡན་གྲགས་པ་ཡེ་ཤེས་ཀྱི། །ཐུགས་ཚོར་གང་ཤར་རེག་གཟིགས་མཛད་པའི་དཔེར། །རྗེས་འཇུག་དད་ཅན་འགའ་ཡི་རྒྱུན་འཁྱེར་དུ། །ཚིག་བཤུས་མ་ཕྱིར་ཞུས་དག་མ་སོང་རྐྱེན། །མིང་གཞི་སྔོན་རྗེས་མ་དག་རྒྱུན་འཇམ་དུ། །འདུག་པའི་སྣང་ཚུལ་བློ་ཡི་མ་བཟོད་པས། །སྐྱབས་མགོན་གང་དེའི་བཀའ་དྲིན་གྱིས་འཚོ་བ། །མཛོད་ཟུར་དཔོན་ཆོས་ངེས་དོན་བསྟན་འཛིན་གྱིས། །ལྷག་བསམ་བཟང་པོས་མཐུན་པའི་རྐྱེན་སྦྱར་ཏེ། །ཕྱག་བསྟར་ཟིན་བྲིས་པར་དུ་བརྐོས་པའི་དགེ། །བསྟན་པ་སྤྱི་དང་བྱེ་བྲག་ཀརྨ་པའི། །རྒྱལ་ཚབ་རིམ་བྱོན་སྐུ་ཚེ་རྟག་བརྟན་ཅིང༌། །མཛད་ཕྲིན་མངའ་ཐང་དབྱར་གྱི་མཚོ་ལྟར་འཕེལ། །འདུས་ཚོགས་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཀྱིས། །ས་སྟེང་ཉི་ཟླའི་འོད་བཞིན་ཁྱབ་པར་ཤོག །།སརྦ་ཛ་ཡནྟུ།། །།

ཡུལ་ལྷ་གཞི་བདག་རྣམས་ཀྱི་བསངས་མཆོད།

p. 836
p. 837

ཡུལ་ལྷ་གཞི་བདག་རྣམས་ཀྱི་བསངས་མཆོད་བཞུགས་སོ། །བདུད་རྩི་འཐོར་ཞིང་། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་བརྗོད། ཨོཾ་སྭ་བྷཱ་ཝ་སོགས་དང་། ན་མ་སརྦ་བྷྱོ་སོགས་ཀྱི་མཐར། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབས་ལ། ཀྱཻ། མདོ་སྔགས་གཉིས་ནས་ལུང་བསྟན་ཞྭ་དམར་ནག །ཟུང་གི་བླ་རིར་གྲགས་པའི་ལྷ་བཙན་ཟུང་། །ཁྱིམ་ཚེས་ཞེས་པའི་ལྷ་བཙན་དཀར་པོ་དང་། །རི་མཚོ་ཀླུ་སྨན་ངང་ཚང་གཉེན་པོ་བཅས། །བྱང་གི་ལྷ་བཙན་ཀླུ་བཙན་ལུ་ཁྲ་གནས། །བྱང་ཤར་གནས་པའི་སེངྒེ་ལྷ་བཙན་དང་། །ཤར་ནས་རྫ་རག་ཡུལ་ལྷ་གཞི་བདག་རྣམས། །མགྲོན་དུ་འབོད་དོ་རང་རང་དགྱེས་པར་མཛོད། །

p. 838

མཆོད་བསྟོད་བསངས་མཆོད་འབུལ་གྱིས་བཞེས་སུ་གསོལ། །དེ་ལྟར་མཆོད་བརྔན་རྒྱ་ཆེན་ཕུན་ཚོགས་འཁྱིལ། །དཔལ་ཡོན་ཕུལ་བའི་ལྷ་རྣམས་དགྱེས་བསྐྱེད་ནས། །ཡུལ་འདིར་ཕན་བདེའི་ཆར་རྒྱུན་འབབ་པ་དང་། །ལྷ་ཀླུ་གཞི་བདག་ཀུན་མཐུན་མཉེས་ཤིང་ཚིམ། །རྒྱལ་བསྟན་རྒྱ་ཆེར་སྤེལ་དང་གྲྭ་སྡེ་འབངས། །ཡུལ་གྱི་སྡེ་རིགས་མི་ནོར་ཀུན་འཕེལ་ཞིང་། །གཞི་བྱེས་བྱ་བ་གང་དང་གང་བརྩམས་རུང་། །ལྷུན་འགྲུབ་ལེགས་ཚོགས་བཀྲ་ཤིས་དགེ་ལེགས་འཕེལ། །རྩྭ་སད་རླུང་དང་མི་ནོར་ནད་ཡམས་སོགས། །ཞི་ཞིང་བདེ་སྐྱིད་དཔལ་འབྱོར་བསམ་པ་འགྲུབ། །ལོག་པའི་འཚེ་མེད་དོན་ཀུན་ལྷུན་འགྲུབ་ནས། །ཕུན་ཚོགས་ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཁ་སྐོང་དུ་བྲིས་པའི་གནམ་རྡོའི་གསོལ་བསྡུས་ལ། ལྷོ་ནུབ་གནས་པའི་རི་ཁྲ་འཕྱོར་མོ་ནི། །གནམ་རྡོ་ལུག་ལྷ་གསེར་སྐྱེམས་འདི་བཞེས་ལ། །མི་ནོར་ཆོས་གསུམ་འཛོམས་པའི་མགོན་སྐྱབས་དང་། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །

p. 839

ཅེས་པ་འདི་དགོན་པའི་བྱང་ཕྱོགས་སྨྱུག་སྣའི་མདུན་དུ་ཆོས་སྒར་བཀྲ་ཤིས་འཁྱིལ་བར་གཽ་ཤྲཱི་རྒྱལ་ཚབ་སྐུ་ཕྲེང་དགུ་པས་༼གྲགས་པ་ཡེ་ཤེས༽མཛད་དོ། །

དགྲ་ལྷ་ཆེན་པོའི་མངའ་གསོལ་འདོད་རྒུ་མྱུར་བསྩོལ།

p. 840
p. 841

དགྲ་ལྷ་ཆེན་པོའི་མངའ་གསོལ་འདོད་རྒུ་མྱུར་བསྩོལ་བཞུགས་སོ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ཀརྨ་པའི། །རྒྱལ་བའི་རྒྱལ་ཚབ་མཆོག་ཏུ་དབང་བསྐུར་བའི། །ཆབ་སྲིད་འདི་ཉིད་ས་གསུམ་མཆོད་སྡོང་དུ། །ཁྱབ་ཅིང་རྟག་པའི་བྱེད་པོ་ཟླ་བྲལ་བ། །བཙན་གྱི་དགེ་བསྙེན་རྫིང་བཙན་མངའ་གསོལ་ལོ། །ཀཾ་ཚང་བསྟན་པ་སྤྱི་དང་བྱེ་བྲག་གི །མདོ་སྔགས་ཚུལ་བཞིན་འཛིན་སྐྱོངས་སྤེལ་མཛད་པའི། །བུ་བཞིན་རྟག་པར་སྐྱོང་བའི་དམ་ཚིག་ཅན། །དགེ་བསྙེན་རྫིང་བཙན་ཆེན་པོ་མངའ་གསོལ་ལོ། །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་གིས། །དབང་བསྐུར་དམ་བཞག་སྲོག་གི་སྙིང་པོ་བླང༌། །རྗེས་འཇུག་རིག་པ་འཛིན་

p. 842

པའི་དགྲ་བླར་བཀོད། །མཐུ་ལྡན་བསྟན་སྲུང་ཆེན་པོ་མངའ་གསོལ་ལོ། །རྒྱལ་བ་བདུན་པ་རྨོག་ལྕོག་གྱ་གངས་སོགས། །སྐྱེས་མཆོག་དམ་པའི་སྤྱན་སྔར་ཀཾ་ཚང་གི། །བསྟན་པ་དེ་འཛིན་སྐྱོང་བར་དམ་བཅས་པ། །ལྷ་བཙན་དྲག་ཤུལ་ཅན་ཁྱོད་མངའ་གསོལ་ལོ། །མཛེས་འཛུམ་སྟོན་ཟླའི་ངོ་མཚར་ཉེར་ཚེས་མདུན། །རབ་གསལ་དགའ་བདེའི་ཀུ་མུད་འབྱེད་ལ་བརྩོན། །གཏེར་བདག་ནམ་མཁའ་མཛོད་ཀྱིས་དབུལ་བ་སེལ། །ཚེ་དཔལ་འདོད་དགུ་རྒྱས་མཛད་མངའ་གསོལ་ལོ། །རབ་དམར་བཙན་རྒྱལ་ཁམས་གསུམ་སྐྱེ་འགྲོ་ཡི། །སྒོ་གསུམ་ལོངས་སྤྱོད་དང་བཅས་དབང་དུ་བསྡུས། །དྲག་ཏུ་མི་བཟད་འབར་བའི་བསྐལ་མེ་ཡིས། །ལོག་འདྲེན་རྩ་སྤུར་སྲེག་ཕྱིར་མངའ་གསོལ་ལོ། །དགྱེས་སྐྱེད་ཀླུ་སྨན་དར་གྱི་ལེའུ་ཅན། །ལས་བྱེད་བློན་ཆེན་ཏིའུ་ལུང་ཐོག་བཙན་སོགས། །ལྷ་ཀླུ་བདུད་ཀྱི་བཙན་དམག་འབུམ་སྡེ་བཅས། །གང་བཅོལ་ལས་མྱུར་སྒྲུབ་ཕྱིར་མངའ་གསོལ་ལོ། །བདག་ཅག་དཔོན་སློབ་གང་

p. 843

བསམ་དོན་ཀུན་སྒྲུབས། །དཀར་ཕྱོགས་དབུ་འཕང་རི་རྒྱལ་རྩེ་ལྟར་མཐོ། །ནག་ཕྱོགས་དགྲ་འདྲེ་བདུད་ལས་རྣམ་པར་རྒྱལ། །ལྷ་བཙན་གཉེན་པོ་མངའ་གསོལ་འཕྲིན་ལས་སྒྲུབས། །གཞན་ཡང་བཀའ་དང་དམ་གནས་མཐུ་སྟོབས་ཅན། །སྤྲུལ་དང་ཡང་སྤྲུལ་ལྷ་ཀླུ་སྡེ་བརྒྱད་རིགས། །མ་ལུས་དངོས་བཤམས་ཡིད་སྤྲུལ་འབྱོར་ཚོགས་ཀྱིས། །གསོལ་ལོ་མངའ་གསོལ་ལས་ཀུན་མྱུར་འགྲུབ་མཛོད། །མངྒ་ལཾ།། །།དགྲ་ལྷ་ཆེན་པོའི་མངའ་གསོལ་རིམ་པ་ཤཱཀྱའི་དགེ་སློང་ངག་དབང་བསྟན་པའི་ཉི་མས་སྦྱར་བའོ། །

བྱང་འཁྱོག་ངང་པའི་གསོལ་མཆོད།

p. 844
p. 845

བྱང་འཁྱོག་ངང་པའི་གསོལ་མཆོད་བཞུགས་སོ། །འདིར་ས་དྲུག་པའི་གཞི་བདག་བྱང་འཁྱོག་ངང་པའི་གསོལ་མཆོད་བྱེད་པར་འདོད་ན་གཏོར་སྣོད་གཙང་མའི་ནང་རི་རབ་བཞི་བརྩེགས་སྟེང་མངའ་གསོལ་ཆེ་བ་གཅིག །རྒྱབ་ཏུ་དཀར་ཟླུམ་སྦྲུལ་དཀྲིས་མ། ཕྱོགས་གསུམ་ལ་དམར་གཏོར་གསུམ། མཚམས་སུ་འཐེབ་སྐྱུ་གང་མང་རིལ་བུ་དགུས་བསྐོར། གཏོར་རྩེ་ཉི་ཟླ་དཔུང་རྒྱན་ཤ་དར་སོགས་ཡོ་བྱད་ཚོགས་པར་བྱས་ལ། རཾ་ཡཾ་ཁཾ། ལན་གསུམ། ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་གསུམ། ཀྱཻ། བྱང་འཁྱོག་བཙན་གྱི་ཇོ་བོ་མི་དཀར་ཅན། །མགྱོགས་འགྲོ་སྔོན་པོ་ཞོན་པ་སྒ་སྲབ་མཛེས། །ཡུམ་དང་གསང་ཡུམ་བློན་

p. 846

ཆེན་མང་པོས་བསྐོར། །དགྱེས་པའི་རོལ་མོའི་གར་སྟབས་སྣ་ཚོགས་ཀྱིས། །སྐད་ཅིག་ཉིད་ལ་སྤྱན་འདྲེན་གདན་ལ་བཞུགས། །འདིར་བཤམས་དངོས་འབྱོར་ཡིད་སྤྲུལ་གཏོར་མ་དང་། །རིན་ཆེན་སྣ་བཞི་སྐྱེམས་ཀྱི་མཆོད་པ་དང་། །རྒྱ་བོད་འབྲུ་སྣའི་མཆོད་སྤྲིན་རྒྱ་ཆེན་གྱིས། །མཆོད་རྫས་ཇི་སྙེད་ཕུལ་བས་མཉེས་ཤིང་ཚིམ། །ཡུལ་འདིར་ཆར་ཆུ་དུས་འབེབས་རྩྭ་བཅུད་དང་། །རྩི་ཐོག་བཞོན་གྱི་ཟལ་དཀར་ཁྱུ་ཆེན་འགེངས། །རྐང་བཞི་རྟ་ཕྱུགས་ར་ལུག་མང་དུ་འདུས། །མི་ནོར་རྟ་ཕྱུགས་གོད་ཁ་མེད་ཅིང་འཕེལ། །གཞིས་བྱེས་བྱ་བ་ཅི་བརྩམས་ལེགས་ཁ་དར། །ཉེས་དང་སྣོལ་ཏེ་བསམ་དོན་མཐའ་དག་སྒྲུབས། །རྒྱལ་བསྟན་རིན་ཆེན་སྲིད་ཞུར་གུས་ཤིང་བརྩོན། །གཏོང་འཕོད་སྦྱིན་པའི་ཁོ་ལག་ཡངས་ཤིང་རྒྱས། །དགྲ་འདྲེའི་གནོད་པ་ཞི་ཞིང་མཐུན་རྐྱེན་ཀུན། །བསམ་པ་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད། །བྱང་གི་བཙན་དམག་དགྲ་ཡི་དཔུང་འཇོམས་ཤིང་། །ལྷོ་ཡི་ལྷ་ཀླུས་ཚེ་བསོད་འབྱོར་པ་སྤེལ། །སྤྲུལ་པ་

p. 847

ཡང་སྤྲུལ་ཚོགས་ཀྱིས་ཞིང་འདིར་སྐྱོངས། །གཏོར་མ་གསེར་སྐྱེམས་བསངས་མཆོད་འདི་བཞེས་ནས། །མི་ནོར་ཕྱུགས་གསུམ་རྐང་བཞི་རྟ་ཕྱུགས་སྤེལ། །བསམ་པ་འགྲུབ་ཅིང་འདོད་དོན་ལྷུན་གྲུབ་མཛོད། །ཅེས་གཏོར་མ་གནས་ཡུལ་ཕྱོགས་སུ་འབུལ། ཅེས་པ་འདི་ཡང་རྒན་བསྟན་ནོར་གྱིས་བསྐུལ་ངོར་མཚུར་ཕུ་རྒྱལ་ཚབ་ཛྙཱ་ནས་རབ་ཡིད་ཤིང་བྱི་ལོར་བྱང་ཐོན་སྐབས་གཡུ་འབྲུག་གོང་མའི་ཞག་ས་ཆོས་སྒར་ནས་སྨྲས་པ་དགེ་ལེགས་འཕེལ།། །།

ཕུགས་བཙན་དང་ལྕམ་རྫོང་མའི་མཆོད་འཕྲིན།

p. 848
p. 849

ཕུགས་བཙན་དང་ལྕམ་རྫོང་མའི་མཆོད་འཕྲིན་བཞུགས་སོ།

p. 850

ཕུགས་བཙན་རྡོ་རྗེ་བྲག་འབར་གྱི་གསོལ་ཁ་བཞུགས་སོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འདིར་ཕུགས་བཙན་གྱི་མཆོད་པ་བཅའ་བཤམས་ནི། དམར་གཏོར་ཆེ་བ་གཅིག་ལ། གཡས་སུ་དམར་གཏོར་ཆེ་བ་ཟུར་གསུམ་གཅིག་དང་། གཡོན་དུ་དམར་གཏོར་སྦྲུལ་དཀྲིས་གཅིག །མདུན་དུ་ཀླུ་སྨན་དཀར་གཏོར་སྦྲུལ་དཀྲིས་གཅིག །རྒྱབ་ཏུ་དམར་གཏོར་ཟུར་གསུམ་ཆུང་བ་གཅིག་བཤམས་ལ་མཚམས་སུ་མཐེབ་སྐྱུའི་རིལ་བུས་བསྐོར་ལ་འདི་སྐད་དོ། །ཨོཾ་སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱ་ཀ་རོ་སོགས་བརྗོད། ཧཱུཾ། དཔའ་བོ་ཆེན་པོ་མཐུ་སྟོབས་རྫུ་འཕྲུལ་ཅན། །གནས་བདག་དགེ་བསྙེན་རྡོ་རྗེ་བྲག་འབར་ནི། །འཕྲིན་ལས་དབང་གིས་རྣམ་འགྱུར་ཐ་དད་

p. 851

ཀྱང་། །བསྟན་དང་འབྱོར་པ་བསྲུང་ཞིང་སྐྱོང་བའི་ཚེ། །ལྷ་བཙན་དྲག་པོ་ཟླ་འོད་འབུམ་དང་དཀར། །དར་དཀར་བེར་ཆེན་བ་དན་དཀར་པོ་ཐོགས། །དཔའ་བོའི་ཆ་ལུགས་མ་ལུས་ཡོངས་སུ་རྫོགས། །མྱུར་མགྱོགས་རླུང་གཤོག་གྲོ་སྔོན་ཐམས་ཅད་ལ། །སྒེག་ཅིང་དཔའ་བའི་གར་གྱིས་རྣམ་པར་རོལ། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །གཡའ་གངས་འདི་རུ་སྲིང་ཚལ་ནགས་ཀྱིས་བསྐོར། །རང་གནས་ཁྲག་ཞགས་རྦ་ཀློང་འཁྲུགས་ས་ན། །ཕོ་ཉ་ལས་བྱེད་དྲག་པོའི་འཁོར་ཚོགས་བཅས། །འདིར་གཤེགས་རང་རང་སྟན་ལ་འཁོད་པར་གྱུར། །ཧཱུཾ། མེ་ཏོག་བདུག་སྤོས་མར་མེ་དྲི་

p. 852

ཆབ་དང་། །ལྷ་བཤོས་སྒྲ་སྙན་རོལ་མོ་དཔག་ཏུ་མེད། །རྨད་བྱུང་བདུད་རྩིའི་རཀྟ་བ་ལིཾ་ཏ། །རི་ལྟར་སྤུངས་མཐོ་ཉི་ལྟར་སྣང་བ་འབར། །དངོས་གཤམས་ཡིད་ཀྱི་སྤྲུལ་པ་རྣམས་བཀོད་པ། །འདོད་ཡོན་མྱོས་བྱེད་ཤ་ཁྲག་དམར་གྱི་ཚོགས། །གོ་མཚོན་སྤྱན་གཟིགས་རྟེན་རྫས་རྒྱ་ཆེན་འདི། །ཁྱེད་ལ་འབུལ་ལོ་ཐུགས་དམ་གཉེན་པོ་བསྐང་། །དྲེག་པ་སྡེ་བརྒྱད་ཀུན་གྱི་རྗེ་བོ་ཉིད། །ཅི་བཅོལ་ལས་རྣམས་ཐོགས་མེད་སྒྲུབ་པ་ལ། །མྱུར་མགྱོགས་རྩལ་ལྡན་སྒྲུབ་ལ་སྙིང་ཉེ་བའི། །རྡོ་རྗེ་དྲག་འབར་བཀའ་འཁོར་བཅས་ལ་བསྟོད། །ཁྱོད་ལ་མཆོད་ཅིང་བསྟོད་པའི་འཇིག་རྟེན་དུ། །ཕན་བདེའི་ཉི་མ་སྣང་བས་ཁྱབ་པ་དང་། །བསམ་དོན་བཀྲ་ཤིས་བདེ་ལེགས་ཀུན་འབྱུང་བའི། །ལས་རྣམས་ཐམས་ཅད་ཁྱོད་ཀྱིས་སྒྲུབ་པར་མཛོད། །ཧཱུཾ། མ་གཡེལ་མ་གཡེལ་དྲག་པོ་བཙན། །མ་གཡེལ་མ་གཡེལ་དགེ་བསྙེན་ཆེ། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །ལུང་གསུམ་འདུས་པའི་ཡང་ཕུག་ན། །ཆུ་གསུམ་འབབ་

p. 853

པའི་ཡང་རྩེ་ན། །རི་གསུམ་འདུས་པའི་ཡང་སྟེང་ན། །ཁྱད་པར་རྫ་རི་ལྷུན་པོའི་ནང་ཤེད་ན། །ཕུ་ནས་གངས་དཀར་རྩེ་རེ་རེ། །མདའ་ན་ཆུ་སྙན་གྱ་མ་གྱུ། །བར་ན་རྫ་རི་ཁྲ་མ་ཁྲོལ། །དེ་ལྟ་བུ་ཡི་གནས་ཕྱོགས་ན། །བཙན་མཁར་སྣུམ་དུ་ལྡེམས་སེ་ལྡེམ། །ཤར་གྱི་ཕྱོགས་ནས་བལྟས་ཙ་ན། །མཆོད་མཁར་སྨུག་པོ་ལམས་སེ་ལམ། །ཉི་མ་ནུབ་ནས་བལྟས་ཙ་ན། །དུང་གི་མཁར་ཆེན་ལྡེམས་སེ་ལྡེམ། །གཡུ་ཡི་ཁ་བད་ཁྱུགས་སེ་ཁྱུག །གསེར་གྱི་སྒོ་མོ་ཐེབས་སེ་ཐེབ། །བཙན་མཁར་དེའི་རྩེ་མོ་ན། །ཐང་དཀར་གཡབ་ཐབ་ལེངས་སེ་ལེང་། །བཙན་མཁར་དེ་ཡི་སྐེད་པ་ན། །སྤྲིན་དང་ན་བུན་ཐུ་ལུ་ལུ། །བཙན་མཁར་དེ་ཡི་སྐེད་པ་ན། །གཡའ་ཆུའི་གསུང་སྙན་ཁྲོ་ལོ་ལོ། །བཙན་མཁར་དེ་ཡི་འོག་ཁང་ན། །མི་རོ་རྟ་རོ་བཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་མཚོ་ལྟར་འཁྱིལ། །བཙན་མཁར་དེ་ཡི་ཡང་སྟེང་ན། །དགེ་བསྙེན་ཆོས་སྒྲ་འདི་རི་རི། །དར་ཟབ་འབར་བའི་གདན་སྟེང་དུ། །དགེ་བསྙེན་རྡོ་རྗེ་དྲག་པོ་འབར། །

p. 854

གཟི་བརྗིད་ལྡན་པར་བཞུགས་སུ་གསོལ། །ཁྱོད་ཀྱི་སྤྲུལ་པ་བསམ་མི་ཁྱབ། །རྣལ་འབྱོར་སྲུང་མ་མཛད་ཙ་ན། །ལྷ་བཙན་དྲག་པོའི་ཆ་ལུགས་ཅན། །ཆིབས་སུ་གྲོ་སྔོན་ཐོད་དཀར་ཆིབས། །སྐུ་ལ་དར་དཀར་འཇོལ་བེར་གསོལ། །དབུ་ལ་སྨེ་མོ་གླིང་དྲུག་གསོལ། །སྟག་རས་ཁྲ་བོ་གཡས་ན་བཀྲ། །གཟིག་ཤུབས་ཐིག་ལེ་གཡོན་ན་ཁྱུག །དཀར་མདངས་དཀར་པོ་ལྷབས་སེ་ལྷབ། །སྤྲུལ་པའི་བྱ་ཁྲ་ལིངས་སེ་ལིང་། །ལྷ་བཙན་མང་པོའི་འཁོར་གྱིས་བསྐོར། །སྤྱན་འདྲེན་འབོད་ཀྱི་ད་ཚུར་བྱོན། །རྣལ་འབྱོར་སྡོང་གྲོགས་མཛད་ཙ་ན། །དྲག་པོ་བཙན་གྱི་ཆ་ལུགས་ཅན། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །དར་དང་བེར་ཆེན་སྐུ་ལ་གསོལ། །དབུ་ལ་ལ་ཐོད་དམར་པོ་བཅིངས། །དར་མདུང་དམར་པོ་ལྷབས་སེ་ལྷབ། །སྟག་རལ་ཁྲ་བོ་གཡས་ན་བཀྲ། །གཟིག་ཤུབ་ཐིག་ལེ་གཡོན་ན་ཁྱུག །རྒྱབ་ན་བསེ་དམར་ཕུབ་ཆེན་བསྣམས། །བཙན་ཁྱི་དམར་པོ་ཤ་ར་ར། །བཙན་བྲན་མང་པོའི་འཁོར་གྱིས་བསྐོར། །སྤྱན་འདྲེན་

p. 855

འབོད་ཀྱིས་ད་ཚུར་བྱོན། །རྣལ་འབྱོར་བར་ཆད་སེལ་ཙ་ན། །ཀླུ་བཙན་དྲག་པོའི་ཆ་བྱད་ཅན། །ཆིབས་སུ་གླང་དམར་སྟག་རིས་ཆིབས། །སྐུ་ལ་དར་དམར་བེར་ཆེན་གསོལ། །དབུ་ལ་སྙུག་མའི་ཚིག་ཞུ་གསོལ། །གཡས་ན་སྦ་ཚིག་དཀར་པོ་བསྣམས། །གཡོན་ན་དར་གྱི་རྒྱལ་མཚན་འཕྱར། །ཀླུ་བཙན་མང་པོའི་འཁོར་གྱིས་བསྐོར། །སྤྱན་འདྲེན་འབོད་ཀྱིས་ད་ཚུར་བྱོན། །རྣལ་འབྱོར་དགྲ་བོ་འདུལ་ཙ་ན། །ནག་པོ་བདུད་ཀྱི་ཆས་སུ་བཞུགས། །ཆིབས་སུ་བྲ་མེ་རྟིང་དཀར་ཆིབས། །སྐུ་ལ་དར་ནག་བེར་ཆེན་གསོལ། །དབུ་ལ་དར་ནག་ཐོད་དུ་བཅིངས། །དར་ནག་དར་མདུང་ལྷབས་སེ་ལྷབ། །གཡས་ན་སྟག་རལ་ཁྲ་བོ་བཀྲ། །གཡོན་ན་གཟིག་ཤུབ་ཐིག་ལེ་ཁྱུག །བྱ་ནི་མང་པོ་ཐིབས་སེ་ཐིབ། །ཁྱི་ནག་མང་པོ་རོལ་དུ་ཁྲིད། །བདུད་བཙན་མང་པོའི་འཁོར་གྱིས་བསྐོར། །སྤྱན་འདྲེན་འབོད་ཀྱིས་ད་ཚུར་བྱོན། །དགེ་བསྙེན་དྲག་པོ་འཁོར་བཅས་རྣམས། །དམ་རྫས་གཏོར་མ་འདི་བཞེས་ལ། །བདག་གི་རེ་བ་བསྐོང་

p. 856

བ་དང་། །སྔོན་གྱི་ཁས་བླངས་དྲན་གྱིས་ལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཧཱུཾ། སྔོན་ཚེ་རིག་འཛིན་བླ་མས་བྱིན་བརླབས་ཤིང་། །བཀའ་སྩལ་རྡོ་རྗེ་དམ་བཞག་གཉེར་དུ་གཏད། །དེ་ཕྱིར་རྣལ་འབྱོར་བདག་དང་དམ་ཚིག་ཅིག །མ་གཡེལ་མ་འདའ་ཐ་ཚིག་བརྟན་པོ་དགོངས། །སངས་རྒྱས་བསྟན་པ་རྒྱལ་མཚན་མི་ནུབ་ཕྱུར། །སྒྲུབ་པོ་བདག་ཅག་ཡོན་མཆོད་ཐམས་ཅད་ལ། །དཀར་པོ་ཆོས་ལས་བསྒྲུབ་བྱ་གཞན་མེད་པས། །དེ་ཡི་འགལ་ཟླ་ཞབས་ལ་གནོད་བྱེད་དང་། །ནད་དང་བྱུར་འཚེ་ཉེར་འཚེ་མཐའ་དག་ཞི། །ལོངས་སྤྱོད་འབྱོར་པ་ཚེ་དཔལ་བསོད་ནམས་རྒྱས། །སྲིད་ཞི་ཕུན་ཚོགས་འདོད་རྒུ་དབང་དུ་བྱེད། །བདུད་བཞི་དཔུང་དང་སྡུག་པ་ཐལ་བར་རློགས། །རིག་འཛིན་ཡོན་མཆོད་བདག་གི་འདོད་ལྟ་བུ། །ཟབ་དོན་དགེ་འཕེལ་སྒྲུབ་པའི་གནས་ཕྱོགས་འདིར། །འཇིག་རྟེན་ཕྱོགས་ལས་བསྲུང་བ་དང་། །ཕྱིར་ཟློག་ལས་རྣམས་མཛོད་ཅིག་དམ་ཚིག་ཅན། །མི་ཤེས་རྨོངས་དང་ཉོན་མོངས་ལས་
དབང་འདིར། །ཅི་འདྲ་ཉམས་དང་བགྱིས་དང་བགྱིས་སྩལ་བའི། །གལ་ཏེ་ཐུགས་དམ་འགལ་བར་གྱུར་པ་རྣམས། །སྲིད་ན་བཟོད་པར་མཛོད་ལ་བདེ་ལེགས་མཛོད། །བཀྲ་ཤིས། དགེ་བསྙེན་རྡོ་རྗེ་དྲག་འབར་གྱི་བསྐང་གསོ་དངོས་གྲུབ་དྲག་འབར་གྱི་མཆོད་གཏོར་ནི། ཟངས་ཀྱི་སྣོད་དུ་གཏོར་མ་བཙན་བཤོས་དམར་པོ་ཟུར་གསུམ་པ་གསུམ་གྱི་དབུས་ཤ་དམར་མར་གྱིས་བརྒྱན་པ། ཅི་འབྱོར་གྱི་མཆོད་པ་ཕུད་ཀྱིས་རྒྱན། ཀྱཻ། ས་ལ་གཡང་ཆགས་བཀྲ་ཤིས་ནོར་བུའི་ཐང་། །རི་ལ་གཡང་ཆགས་རྒྱབ་རི་ཤ་ཆེན་དང་། །ཆུ་ལ་གཡང་ཆགས་དྲི་ཆབ་ལྷ་ཡི་ཆུ། །གྲོང་ལ་གཡང་ཆགས་དཔོན་ཆུང་གཞོན་ཚང་བ། །གཡང་ཆགས་ནོར་རྫས་འཛོམས་པའི་ས་ཆ་ནས། །དབང་ཐང་ནོར་རྫས་དར་བའི་བཀྲ་ཤིས་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན། །སརྦ་མངྒ་ལཾ།། །།

བསྐོར་ཁྱིམ་ལྕམ་རྫོང་མའི་མཆོད་འཕྲིན་འདོད་དོན་ཀུན་སྩོལ།

p. 857

བསྐོར་ཁྱིམ་ལྕམ་རྫོང་མའི་མཆོད་འཕྲིན་འདོད་དོན་ཀུན་སྩོལ་བཞུགས་སོ། །པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །ལྷ་མོ་མཆོད་པར་འདོད་པས་དཀར་གཏོར་གསེར་སྐྱེམས་བསང་མཆོད་

p. 858

བཤམས། རང་ཉིད་པདྨ་འབྱུང་གནས་སྣང་སྲིད་ཟིལ་གནོན་དུ་གསལ་བས། མཆོད་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ་རྔ་རོལ་དབྱངས་དང་བཅས་པས་འདི་སྐད་དོ། །ཀྱཻ། ཀ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་རང་མདངས་རྩལ། །ལྷུན་གྱིས་གྲུབ་པའི་རོལ་པ་ལས། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྤྲིན། །མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །འདོད་ཁམས་དབང་ཕྱུག་རེ་མ་ཏི། །དཔལ་ལྡན་རང་བྱུང་རྒྱལ་མོ་ཡི། །དབྱིངས་ཀྱི་རང་རྩལ་རྫུ་འཕྲུལ་གར། །གནས་དང་གཞི་ཡི་མངའ་བདག་མོ། །ལྕམ་རྫོང་སྨན་བཙུན་བསྟན་མ་ཆེ། །འཁོར་དང་བཅས་པ་ཐམས་ཅད་ལ། །འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །སྙིགས་དུས་མ་རིག་འཁྲུལ་དབང་གིས། །ལོག་སྤྱོད་ཐུགས་འགལ་གང་མཆིས་བཤགས། །རིག་འཛིན་མཚོ་སྐྱེས་རྡོ་རྗེ་སོགས། །རྩ་བརྒྱུད་དཔལ་ལྡན་བླ་མ་ཡི། །བཀའ་དང་དམ་ཚིག་རྗེས་དགོངས་ལ། །སངས་

p. 859

རྒྱས་བསྟན་པ་རིན་ཆེན་བསྲུང་། །འཇིག་རྟེན་ཡུལ་ཁམས་ཐམས་ཅད་དུ། །རྩྭ་སད་སེར་གསུམ་ལ་སོགས་པའི། །ལོ་ཉེས་མི་མཐུན་འགལ་རྐྱེན་ཞི། །རྫོགས་ལྡན་བཞིན་དུ་དར་རྒྱས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཀུན་ཞི་ཞིང་། །ཚེ་དཔལ་འབྱོར་པ་རྒྱས་པ་དང་། །རླུང་སེམས་སྣང་སྲིད་དབང་དུ་བསྡུས། །བར་ཆད་བདུད་བགེགས་ཚར་ཆོད་ཅིག །མདོར་ན་ཡིད་ལ་གང་འདོད་པའི། །ཆོས་མཐུན་བྱ་བ་གང་བརྩམས་པ། །འབད་མེད་ལྷུན་གྱིས་འགྲུབ་པ་དང་། །དགེ་ལེགས་ཕུན་ཚོགས་བཀྲ་ཤིས་སྩོལ། །ཅེས་བརྗོད། གཏོར་མ་དང་གསེར་སྐྱེམས་གཙང་སར་ཕུལ། ལྷ་རྒྱལ་འབོད་ཅིང་དགའ་སྟོན་སོགས་བྱའོ། །ཞེས་པ་དེའང་དགོན་རྙིང་བླ་མ་བསོད་ནམས་རྒྱ་མཚོའི་ཐུགས་བཞེད་ལྟར་རྒྱལ་ཚབ་སྐྱེ་ཕྲེང་བཅུ་གཅིག་པས་མདོ་སྒར་ཆོས་སྒར་ནས་བྲིས་པ་ཤུ་བྷཾ།། །།

འདོད་འབྱུང་རིན་ཆེན་བྱེ་བ།

p. 860
p. 861

ཨོཾ་སྭ་སྟི། འདོད་འབྱུང་རིན་ཆེན་བྱེ་བས་མི་སྒྲུན་པའི། །བྲལ་སྨིན་ཡོན་ཏན་དཔག་ཏུ་མེད་སྣང་བས། །ཀུན་གསལ་ཁྱོན་མཉམ་སྲིད་འགྲོའི་ནོངས་པ་ཀུན། །རིང་དུ་བཅིལ་ནས་དོན་དམ་མཆོག་གི་དངོས། །ཡེ་ཤེས་ཆེ་རྣམས་ཕྲིན་ལས་འཇུག་པར་བཅས། །མངོན་པར་མཛད་ཚུལ་ཤེས་བྱའི་དཀྱིལ་འཁོར་ན། །མཚུངས་པ་མེད་པ་ཤཱཀྱའི་དབང་པོ་ཡི། །གསུང་རབ་ནོར་བུའི་རྣམ་པ་མང་པོ་ཅན། །ཤིན་ཏུ་རྒྱ་ཆེར་གྱུར་པའི་མཛོད་ཆེན་པོ། །མ་སྒྲིབ་ཀུན་ཏུ་སྣང་བྱེད་སྒྲོན་མེའི་མཆོག །སྲིད་པའི་རྩེར་ཡང་གྲགས་པའི་འོད་འཕྲོ་བའི། །ཐུབ་པའི་བསྟན་པ་མཆོག་དང་འགྲོ་བའི་ཁམས། །ཀུན་ལ་ཕན་བདེའི་བརྩས་སུ་སྣང་བ་ཅན། །ཚོགས་གཉིས་འབྱུང་གནས་པུཀྟ་ཀ་ཡི་ཕྲེང༌། །གསེར་ལྡན་ཁྱོན་ཡངས་འདི་ན་བསྐལ་པའི་བར། །རབ་གནས་དོན་གཉིས་གྲུབ་པ་མཆོག་འབྱུང་ཕྱིར། །མི་ཟད་ནམ་མཁའི་མཛོད་ལྟར་བཀོད་པ་ལས། །ལེགས་འོང་དགེ་བ་སྟོན་ཟླའི་འོད་ཟེར་དང༌། །ཁ་བའི་ལྷུན་པོ་ཀུན་ཟླའི་

p. 862

ཚལ་ཆེན་གྱི། །རྗེས་སོང་མཐུ་དཔལ་ཀུན་ཏུ་རྒྱས་པ་ཡིས། །འཛམ་གླིང་ཞི་བདེར་མཛད་པའི་གྲགས་འབར་བ། །སྤྱན་རས་གཟིགས་མགོན་མཚུངས་པ་མེད་དེ་ཡི། །གསང་གསུམ་བཅོམ་ལྡན་ཚེ་མཐའ་ཡས་ཉིད་དང༌། །མི་ཕྱེད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །འཇིག་རྟེན་འདྲེན་པ་རྒྱལ་དབང་ཀརྨ་པའི། །ཕྲིན་ལས་ནམ་མཁའི་ཁྱོན་ཡངས་དང་མཉམ་པས། །མ་ལུས་འགྲོ་བ་རྫོགས་སངས་རྒྱས་པ་ཡི། །གོ་འཕང་མཆོག་ཏུ་འགོད་ལ་འཚེ་བ་ཅན། །མ་རུང་བདུད་དགྲའི་དཔུང་ལས་རྣམ་རྒྱལ་བའི། །སྙན་པའི་སྒྲ་དབྱངས་ཞིང་ཀུན་ཁྱབ་གྱུར་ཏེ། །ལུང་འདོན་འཆད་དང་ཡང་དག་རྟོགས་པ་ཡི། །བསྟན་པས་འཇིག་རྟེན་མ་ལུས་འགེང་གྱུར་ཅིག །དེ་སྐད་ཅེས་ཕན་བདེའི་འབྱུང་གནས་གསུང་རབ་ཀྱི་ཚོགས་མང་པོ་ཤེས་གསལ་དཔེ་སྐྲུན་ཁང་དང་དཔལ་གྱི་སྟོད་ལུང་མཚུར་ཕུ་ཆོས་སྒར་གོང་ནས་པར་སྐྲུན་གྱི་སྲིད་ཞུ་མངོན་པར་སྒྲུབ་པའི་ཚེ་དེ་ཡི་དགེ་ལེགས་ཀྱི་འབྲས་བུ་དཔག་མེད་དུ་འབྱུང་བའི་སྨོན་ཚིག་ཏུ་རྒྱལ་ཚབ་གྲགས་པ་མི་འགྱུར་གོ་ཆས་ཆུ་འབྲུག་ས་ཟླའི་དཀར་ཕྱོགས་

p. 863

ཀྱི་དགའ་བ་དང་པོའི་ཉིན་ལྷག་པའི་བསམ་པའི་རོལ་མཚོ་ལས་ཕྱུངས་ནས་བྲིས་པ་ཛཱ་ཡནྟུ།། །

Pecha page