← Search

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ།

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

གཏེར་ཁ་བདུན་འདུས་བླ་མ་གསང་འདུས།

བླ་མ་ཐུགས་ཀྱི་སྒྲུབ་པའི་ལས་བྱང་དངོས་གྲུབ་འདོད་འཇོའི་དགའ་སྟོན།

p. 1

༄༅། །སི དྡྷི ཀ མ ངྷེ ན སྱཱ སེ བ ནཱ མ གུ རུ ཙི ཏྟ སྱ སཱ དྷ ན སྱ ཀ རྨ པ ཏྟྲ མ བི ཧ ར༴ ཏི སྨི།
༄༅། །བླ་མ་ཐུགས་ཀྱི་སྒྲུབ་པའི་ལས་བྱང་དངོས་གྲུབ་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །

p. 2

ཨོཾ་སྭསྟི། །རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ། །དྲན་པས་གདུང་སེལ་ཡིད་བཞིན་ནོར། །ཁྱབ་བདག་བླ་མ་ཐོད་ཕྲེང་རྩལ། །ཁྱོད་མིན་བདག་ལ་སྐྱབས་གཞན་སུ། ། དེ་སླད་མཆོད་ཅིང་བསྙེན་པའི་ཐབས། །མོས་པའི་བློ་མཐའ་མ་བཀག་ཕྱིར། །སྔོན་མེད་ཟབ་དོན་བཅུད་འདུས་ཀྱི། །ཚུལ་འདི་བདག་གི་དཔལ་དུ་ཤར། །[དེའང་གཏེར་བྱོན་བླ་སྒྲུབ་ཀུན་རྒྱལ་པོ་ཆོས་དབང་གསང་བ་འདུས་པ། །རྡོ་རྗེ་གླིང་པའི་བཀའ་བརྒྱད་འདུས་པ། རཏྣ་གླིང་པའི་ཡང་སྙིང་འདུས་པ། པདྨ་གླིང་པའི་ནོར་བུ་རྒྱ་མཚོ། ཞིག་པོ་གླིང་པའི་རྒྱལ་བ་འདུས་པ། བདུད་འདུལ་གླིང་པའི་དགོངས་པ་ཡོངས་འདུས་རྣམས་དང་། རང་སྐལ་བདེ་གཤེགས་ཡོངས་འདུས་ཀྱི་ཆོས་སྐོར་ས་

p. 3

གཏེར་ལས་དངོས་སུ་མ་ཐོན་ཀྱང་དོན་གྱི་དགོངས་པ་འདི་དག་རྣམས་དང་ཚིག་དོན་མཐུན་པར་བཞུགས་ཤིང་དོན་བརྒྱུད་ཀྱི་བྱིན་རླབས་ཐོབ་པ་བཅས་སྔ་ཕྱིའི་གཏེར་ཁ་བདུན་པོ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་ཉམས་སུ་ལེན་པར་འདོད་པས། བླ་སྒྲུབ་ཞལ་གདམས་གཏེར་ཁ་ཕལ་ཆེར་ཚིག་མཐུན་པ། སྤྱིར་ནི་རང་རང་ལུགས་བཞིན་ལ༔ ཁྱད་པར་ལས་བྱང་ལེ་བརྒྱད་ཤིས༔ ཞེས་གསུངས་པ་ལྟར་གྱེར་སྒོམ་བདེ་བའི་ལས་བྱང་ཁྲིགས་སུ་བསྡེབས་པར་བྱ་བ་ལ་གསུམ་སྟེ། །སྦྱོར་བ། དངོས་གཞི། རྗེས་སོ། ། སྔ་མ་ལ་ལྔ་ལས། དང་པོ་རྟེན་མཆོད་བཤམ་པ་ནི། མཎྜལ་བདུད་རྩིས་བྱུག་པ་ལ་དམ་ཚིག་གི་རྟེན་རྫས་ཚུལ་བཞིན་བཀོད་པའི་དྲུང་དུ་གཏོར་མ་རིན་ཆེན་འབར་བ་ཁ་ཟས་བཟང་རྒུས་བྲན་པ་དང་བདུད་རྩི་རཀྟ་ཕྱི་ནང་གི་ཉེར་སྤྱོད་སོགས་མཆོད་པར་འོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །གཉིས་པ་

p. 4

བགེགས་བསྐྲད་ཅིང་མཚམས་བཅད་པ་ནི།] རང་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་ཡུམ་དང་བཅས་པའི་སྐུར་[བསྐྱེད་ལ། བགེགས་གཏོར།] རྃ་ཡྃ་ཁྃ་[གིས་བསྲེག་གཏོར་སྦྱངས།] སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་[བལྟས་ལ།] ཨོཾ་ཨཱཿཧཱུྃ་ཧོཿ[ས་བྱིན་རླབས།] སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ [ས་མགྲོན་རྣམས་བཀུག་པ་ལ།] སརྦ་བིགྷྣཱན་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱོཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལེནྟེ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ།] ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་ངེ་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ [ཞེས་དང་།] སུམྦྷ་ནི་[སོགས་དྲག་སྔགས་དང་བཅས་པས་བགེགས་བསྐྲད་ལ།] ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་ངྷ་རཀྵ་རཀྵ་ཧཱུྃ་ཕཊ༔ [ཅེས་པས་རྡོ་རྗེ་ཁྲོ་བོ་སྲུང་བའི་གུར་གྱིས་ཁྱབ་པར་བསམ་མོ། །གསུམ་པ་སྐྱབས་སེམས་བསགས་སྦྱོང་གི་རིམ་པ་ནི།] ཕོ་བྲང་དབུས་ཀྱི་རྟེན་

p. 5

དེ་ཉིད༔ རང་གི་རེ་ལྟོས་བླ་མ་དང་༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ༔ ཀུན་གྱི་ངོ་བོར་གྱུར་པལ༔ རྣམ་པ་བླ་མ་རྡོ་རྗེ་འཆང་༔ པད་འབྱུང་རྒྱལ་བའི་སྐུ་རུ་གྱུར༔ [ཞེས་སྐྱབས་ཡུལ་དུ་གསལ་བ་ལ་བརྟེན་བཅས་ཏེ།] ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ [ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།] སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ ། [ཞེས་ལན་གསུམ་གྱིས་སེམས་བསྐྱེད།] ཧཱུྃ༔ བླ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་སརྦ་དྷརྨཱ༔ སྭ་བྷཱ་ཝ་བི་ཤུངྔྷོ་ཉཧཾ༔ སརྦ་དྷརྨཱཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ [ཞེས་བཤགས་པ་བྱ། མཎྜལ་ཚོམ་བུད་བཅུ་གཉིས་བཀོད་པར་རི་རབ་གླིང་བཞི་ཉི་ཟླ་དང་འདོད་ཡོན་ལྔར་དམིགས་ཏེ།]བདག་གི་ལུས་དང་ལོངས་སྤྱོད་དང་༔ དུས་གསུམ་དགེ་བའི་དངོས་པོ་རྣམས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་ཨཱཿཧཱུྃ་གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་རཏྣ་མཎྜལ་

p. 6

པཱུ་ཛ་མེ་གྷ་ས་མ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ [ཞེས་ཚོགས་བསགས་མཎྜལ་དབུལ་ལོ། །][བཞི་པ་བྱིན་དབབ་པ་ནི།] ཧཱུྃ༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ སྐྱེ་འགགས་འགྱུར་མེད་སྤྲོས་དང་བྲལ༔ ཐུགས་རྗེ་དམ་བཅའ་མེ་གཡེལ་བར༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ མི་མངོན་དབྱིངས་ནས་འདིར་གཤེགས་ཤིག༔ གསང་བའི་དཀྱིལ་འཁོར་འདིར་བཞུགས་ལ༔ དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཛ༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི༔ བྷ་ག་ཝཱ་ན་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ [ཞེས་སྤོས་དང་རོལ་མོར་བཅས་པས་བྱིན་དབབ་བོ། །][ལྔ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི།] ཨོཾ་སྭ་བྷཱ་ཝ་བི་ཤུངྔྷེ་སརྦ་དྷརྨཿསྭ་བྷཱཝ་བི་ཤུདྡྷོཉཧཾཿ[གིས་མཆོད་རྫས་ཐམས་ཅད་སྟོང་པར་སྦྱངས།] ཨོཾ་ཨཱཿཧཱུྃ༔ [ལན་གསུམ་བརྗོད་པས་རྒྱ་ཆེར་སྤེལ།]བྷནྡྷ་གཞལ་ཡས་ཁང་ནང་དུ༔ བཅུད་ནི་རིགས་ལྔ་ཡབ་ཡུམ་སྟེ༔ སྦྱོར་མཚམས་བྱང་སེམས་བདུད་རྩིར་ཞུ༔ འཆིང་གྲོལ་མེད་པའི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ [ཞེས་ལན་བདུན་བཟླ།] གཏོར་མ་འདོད་ཡོན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལི་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི༔ ཋཱ༔ [ལན་གསུམ།] རཀྟ་བྱང་སེམས་དམར་པོར་གྱུར༔ ཨོཾ་ཨཱཿཧཱུྃ་

p. 7

མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ།] ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝེདྱ་ཤཔྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོྃ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་ངྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ [ཞེས་པས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་བྱིན་གྱིས་བརླབ་བོ། །][རྩ་བའི་གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་ལྷ་བསྐྱེད་པ་ནི།] ཨོཾ༔ ཆོས་སྐུ་མི་འགྱུར་རྡོ་རྗེ་སེམས༔ པདྨ་རྒྱལ་པོས་འདི་སྐད་སྨྲ༔ དང་པོ་ཆོས་རྣམས་དམིགས་མེད་ཅིང་༔ སྨྲ་བརྗོད་བྲལ་བའི་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཨཱཿ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འགྲོ་དོན་དཔག་མེད་བྱེད་པའི་སླད༔ རང་རིག་གསེར་གྱི་རྡོ་རྗེར་བསྒོམ༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང་༔ པདྨ་རིན་ཆེན་འབར་བ་སྤེལ༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ ལྟེ་དབུས་ཉི་ཟླ་པདྨའི་སྟེང་༔ རྡོ་རྗེ་གནས་གྱུར་དྲན་རྫོགས་

p. 8

སུ༔ རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་དབུ་ཡི་གཙུག༔ རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོགས༔ ཕྱག་གཡས་དབང་སྡུད་གྲི་གུག་ཕྱར༔ ཕྱག་གཡོན་ཐོད་པ་ཁྲག་བཀང་གསོལ༔ རུས་པའི་རྒྱན་དྲུག་ཁ་ཊྭཱྃ་བསྣམས༔ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗོད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྱུད༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིང་ག་ངུར་སྒྲ་སྒྲོགས༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དེ་ཉིད་སྤྱི་གཙུག་ཉི་ཟླའི་སྟེང་༔ པདྨ་གེ་སར་སྙིང་པོ་ལ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ ཨཱ་ཙརྱ་གཞོན་ཚུལ་དཀར་དམར་མདངས༔ རྡོ་རྗེ་བྷནྡྷ་ཚེ་བུམ་འཛིན༔ མཐིང་ནག་ཕོད་ཀ་གསང་གོས་དཀར༔ ཟ་འོག་བེར་སྨུག་ཆོས་གོས་དམར༔ པད་ཞྭ་རྒོད་སྒྲོ་ཅོད་པན་ཅན༔ སྙན་ཆ་མགུལ་རྒྱན་ཁ་ཊྭཱཾ་འཆང་༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་གསལ༔ [ཞེས་དང་། ཡང་བླ་མ་ལོངས་སྐུ་གསང་འདུས་ལྟར་སྒྲུབ་པ་ལ་མོས་ན།] བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔

p. 9

ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དེ་ཡི་འཕང་གཡོན་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ པད་མདོག་ནུ་མ་བྷ་ག་རྒྱས༔ རིན་ཆེན་རུས་རྒྱན་ཅོད་པན་ཅན༔ ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ སྐུ་མདོག་དཀར་དམར་འཛུམ་མདངས་ཅན༔ སྐྲ་གྲོལ་གཅེར་བུ་འོད་ལྡན་བསམ༔ [ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། །] ཕྱོགས་བཞིར་རིགས་བཞིའི་ཐོད་ཕྲེང་རྩལ༔ དཀར་སེར་དམར་དང་ལྗང་གུའི་མདོག༔ ལས་བཞི་བསྒྲུབ་ཕྱིར་མོས་པས་བསྐྱེད༔ ཁོར་གཡུག་འཇའ་ཡི་དྲྭ་བར་བསྒོམ༔ ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་ཀྱི༔ འཛུམ་སྟེང་བར་སྣང་འཇའ་འོད་ཀློང་༔ སྤྲུལ་པའི་སྐུ་རུ་མཚན་བརྒྱད་གསལ༔ ཧྲཱིཿ ཕོ་བྲང་ཕྱོགས་བཞིར་པད་འདབ་བཞི༔ དཀར་སེར་དམར་ལྗང་རིན་ཆེན་འབྲུའི༔ ནང་ཁོངས་ཞིང་གི་གདན་བཞི་ལ༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔ གཙོ་བོ་

p. 10

ཡབ་ཡུམ་གཉིས་ལྟར་བསྐྱེད༔ སྣ་ཚོགས་པད་འཁོར་ཕྱི་མ་ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང་༔ རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་དང་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད༔ དུ་མར་སྣང་ཡང་ངང་དུ་གཅིག༔ ཅེས་པ་ལྟར་བསྒོམས་ནས་ཛཔྲ་བཟླས་ལ་ཞུགས་ཀྱང་རུང་བར་གསུངས་སོ། །] [གཉིས་པ་སྤྱན་འདྲེན་པ་ནི།] ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སམྦྷ་ཞེས་སུ་གྲགས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ རཱ་ག་རཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་ཅེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར༴ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔

p. 11

པདྨ་རྒྱལ་པོ་ཞེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར༴ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་ཞེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར༴ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་ཞེས་སུ་གྲགས༔ བྱིན་གྱིས་རློབ༴ མ་ག་ངྷ་ཡི་གྲོང་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོགས་ཞེས་སུ་གྲགས༔ བྱིན་གྱིས་རློབ༴ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་རྩལ་དུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདིར་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུནམ་མོང་དངོས་གྲུབ་སྷོལ༔ ཧྲཱིཿ བདེ་ཆེན་འབར་བའི་

p. 12

གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞིའི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང་༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ་༔ མཁའ་འགྲོ་མ་ཚོགས་ཐིབས་སི་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་སྒྲ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སི་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དཔལ་གྱི་རུ་མཚོན་ལྷབས་སེ་ལྷབ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་བཤུགས་པ་ཀྱུ་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་དི་རི་རི༔

p. 13

ཕཊ་ཀྱི་བརྡ་སྐད་སངས་སེ་སངས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཧྲཱིཿམ་ཧ་རི་ནི་ས་ར་ཧ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ ཛཿཧཱུྃ་བཾ་ཧོཿ [ཞེས་པས་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ། །][གསུམ་པ་བཞུགས་སུ་གསོལ་བ་ནི།] ཧཱུྃ༔ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ རྟག་མེད་རོ་གདན་བག་རེ་དྲོ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ བཞུགས་པའི་གནས་སུ་དྭངས་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་རློབ་ཕྱིར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་བསྒྲགས་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ [ཞེས་པས་དགྱེས་ཤིང་གཉིས་མེད་དུ་བཞུགས་པར་བསམ་མོ། །][བཞི་པ་ཕྱག་འཚལ་བ་ནི།]ཨེ་མ་ཧོཿ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་

p. 14

ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་ཀུན་བཟང་བདེ་ཆེན་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་མེད་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདུལ༔ དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ ཆོས་སྲུང་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ [ཞེས་ཕྱག་བྱའོ། །][ལྔ་པ་མཆོད་པ་འབུལ་བ་ལ། ཕྱི་མཆོད་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པཱུ་ཛ་ཧོཿ [ནང་མཆོད་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔

p. 15

རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུམ་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གཉིས་སུ་མེད་པར་ཐིམ་གྱུར་ཅིག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་པཉྩ་པཱུ་ཛ་ཧོཿ [གསང་མཆོད་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་བོ་ངྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ [སྨན་མཆོད་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདུད་རྩིའི་སྨན་མཆོད་འབུལ་བ་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་གྲོལ་ཕྱིར༔ དུག་ལྔ་སེལ་བའི་ཨ་མྲྀ་ཏ༔ འཆི་མེད་གསང་བའི་བདུད་རྩི་འདིར༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ [ཞེས་དང་།] ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི།

p. 16

ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ༴ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ མངའ་བདག་ཆོས་རྒྱལ་ཡབ་སྲས་ཞལ་དུ༴ གུ་རུ་ཆོས་ཀྱི་དབང་ཕྱུག་ཞལ་དུ༴ ཨོ་རྒྱན་རྡོ་རྗེ་གླིང་པའི་ཞལ་དུ༴ ཆོས་རྒྱལ་རཏྣ་གླིང་པའི་ཞལ་དུ༴ གཏེར་ཆེན་པདྨ་གླིང་པའི་ཞལ་དུ༴ གར་དབང་ཞིག་པོ་གླིང་པའི་ཞལ་དུ༴ ཁྲག་འཐུང་བདུད་འདུལ་རྡོ་རྗེའི་ཞལ་དུ༴ དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ༴ བླ་མ་རིག་འཛིན་རྒྱ་མཚོའི་ཞལ་དུ༴ ཡི་དམ་རྟ་ཕག་ཡབ་ཡུམ་ཞལ་དུ༴ རིགས་ལྔ་མཁའ་འགྲོ་ཡབ་ཡུམ་ཞལ་དུ༴ མ་མགོན་དམ་ཅན་གཏེར་སྲུང་ཞལ་དུ༴ མཆོད་པར་འོས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། [རཀྟའི་མཆོད་པ་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ རཀྟའི་མཆོད་པའབུལ་བ་ནི༔ སྲིད་གསུམ་གདུག་པ་བསྒྲལ་བའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷ་རུ༔ ཡེ་ཤེས་གསལ་བའི་བཅུད་དུ་གཏམས༔ འཁོར་བ་ཆོས་སྐུར་དག་བྱའི་ཕྱིར༔ བདེ་ཆེན་རཀྟའི་མཆོད་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། [གཏོར་མའི་མཆོད་པ་ནི།] ཧཱུྃ༔ རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ གདུང་བ་

p. 17

དྲག་པོས་གསོལ་འདེབས་ཤིང་༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཀྱི་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་གི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་ཚོགས་རྣམས་མཆོད་པ་བཞེས༔ སྲུང་མའི་ཚོགས་རྣམས་མཆོད་པ་བཞེས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་བྲེའི་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རབ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ༔ མ་མོའི་གཏོར་མ་

p. 18

པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེག་ས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདི༔ རྒྱ་མཚོའི་འཆིང་སྣམ་བས་ཀྱང་རྒྱ་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མར་བྲན་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་མངར༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང་༔ དྲི་ཆུ་བྱུག་པའི་རྫས་ཏེ་བདུད་རྩི་ལྔ༔ སེང་གེ་གླང་ཆེན་རྟ་དང་བ་ལང་དང་༔ མཆོག་ཆེན་མི་ལ་སོགས་ཏེ་ཤ་སྣ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང་༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་༔ བ་སུ་ཏ་དང་ནང་རོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ ཤིང་ཏོག་མེ་ཏོག་འབྲུ་སྣ་སྨན་སྣ་དང་༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང་༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མ་དང་༔ རྩི་དང་རྩྭ་རུ་རྩི་ཆེན་གོ་སྙོད་དང་༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང་༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང་༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་རྒྱུད་དག་པས་བྱིན་བརླབས་

p. 19

ཏེ༔ བདུད་རྩིར་བསྒྱུར་བའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ༴ མཁའ་འགྲོ་སྡེ་བཞིའི་ཐུགས༴ དཔའ་བོ་གིང་བཞིའི༴ དམ་ཅན་སྲུང་མའི་ཐུགས༴ མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ [ཁྱད་པར་ཚོགས་ཀྱི་མཆོད་པ་ནི། དུས་བཟང་ཚེས་བཅུའི་མཆོད་པ་གཙོ་བོར་བྱ་བའི་སྐབས་སོགས་སུ་འོག་ནས་འབྱུང་བ་བཞིན་འདིར་བླངས་ཏེ་བྱ་བ་ཡིན་ཅིང་། སྤྱི་ཙམ་དུ་ནི་དཀྱུས་སུ་བསྟན་པ་ལྟར་རྗེས་ཀྱི་ལས་རིམ་དུ་བསྡུས་ཀྱང་རུང་ཉིད་དེ་སྐབས་ཀྱི་འབྲེལ་བསྡེབས་ཏེ་ལག་ཏུ་བླང་ངོ་། །][དྲུག་པ་བསྟོད་པ་ནི།] ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགགས་མཉམ་ཉིད་རིག་པའི་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འདོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔

p. 20

རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད། །[ཅེས་དང་། བླ་མ་སྤྲུལ་སྐུའི་སྐབས་སུ་བརྡ་བསྟོད་སྦྱོར་བར་སྤྲོ་ན།] ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བའི་སྲས་ཆེན་པ༔ ཀུན་གྱི་བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་དཀར་ལ་དམར་བའི་མདངས༔ སྡེ་སྣོད་གསུམ་གྱིས་བརྒྱན་པའི་ཆོས་གོས་གསོལ༔ ཐམས་ཅད་ཡོངས་རྫོགས་ཟ་འོག་བེར་ཆེན་ལ༔ ལྷུན་གྲུབ་བདེ་ཆེན་གསེར་གྱི་ཧ་རིས་ཅན༔ མི་འགྱུར་སྙིང་པོ་རྡོ་རྗེའི་སྐེ་རགས་བཅིངས༔ ཐེག་པ་ཡོངས་རྫོགས་པད་ཞྭ་མཐོན་མཐིང་ལ༔ མ་རིག་མུན་སེལ་ཐབས་ཤེས་ཉི་ཟླས་བརྒྱན༔ ཡེ་ཤེས་ལྔ་ལྡན་དར་གྱི་ཅོད་པན་འཕུར༔ ས་བཅུའི་མགོན་པོ་དབུ་སྐྲ་སིལ་བུར་བསིལ༔ གཞོན་ནུའི་ཚུལ་མཛེས་གསེར་གྱི་སྙན་ཆ་འཁྲོལ༔ སྐུ་གསུམ་འཆང་བ་ནོར་བུའི་མགུལ་རྒྱན་སྤྲས༔ ཐབས་ཤེས་འགྱུར་མེད་རྡོ་རྗེ་གསོར་བར་མཛད༔ ཆགས་དང་རྟོག་མེད་བྷནྡྷ་བསྣམས་པའི་ཚུལ༔ སྐུ་གསུམ་མཚོན་ཕྱིར་མི་མགོ་སྐམ་གཤེར་རློན༔ དུག་གསུམ་རྩད་གཅོད་ཁ་ཊྭཱྃ་རྩེ་གསུམ་བརྒྱན༔ མཛེས་པའི་ངང་ཚུལ་སྤྱན་གཉིས་ཞི་མ་ཁྲོ༔ ཐུགས་རྗེའི་རང་བཞིན་ཟླ་བ་རྒྱས་པའི་ཞལ༔ སྐྱོན་གྱིས་མ་གོས་པད་སྡོང་མཛེས་པའི་སྟེང་༔ མི་འགྱུར་བདེ་ཆེན་རྡོ་རྗེའི་སྐྱིལ་

p. 21

ཀྲུང་མཛད༔ ཕྲིན་ལས་རྣམ་བཞི་མཁའ་འགྲོའི་འཁོར་གྱིས་བསྐོར༔ སྤྲུལ་པའི་སྐུ་ལ་མཚན་དང་དཔེ་བྱད་རྫོགས༔ ཀུན་འདུས་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ [ཅེས་སྦྱར།] ཧྲཱིཿ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད༴ དྲག་པོའི་ལས་མཛད་ཀརྨ་ཐོད༴ ཐམས་ཅད་ལྷུན་གྲུབ་བུངྔྷ་ཐོད༴ ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སམྦྷའི་སྐུ་ལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ༴ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ པདྨ་རྒྱལ་པོའི་སྐུ་ལ༴ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ༴ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ༴ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོགས་སྐུ་ལ༴ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོད༔ ཧྲཱིཿ སྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ

p. 22

བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང་༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ༴ སྐྱེ་འགགས་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མི་འགགས་ཅིར་ཡང་སྟོན་ཅིང་བསྒྱུར༔ དཔའ་བོ་མཁའ་འགྲོའི་ཚོགས་ལ༴ དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད་དོ། །][བདུན་པ་སྒྲུབ་པའི་སྙིང་པོ་བཟླ་བ་ནི།] སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ [ཞེས་པའི་དགོངས་པ་སྲོག་ཏུ་བཟུང་ནས། སྤྱི་བོའི་བླ་མ་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས།] ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་བཟུང་༔ བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱོེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་བསྐུར་བྱིན་རློབས་ལ༔ མཐའ་ཡས་སེམས་ཅན་མ་ལུས་

p. 23

ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ [ཞེས་གསོལ་འདེབས་ཀྱི་ཚུལ་དུ་ཅུང་ཟད་བཟླ་བ་ནི་བསྙེན་པའི་ཚུལ་ཏེ། བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་ཛཔྲ་འདི་བཟླ༔ ཞེས་སོ། །མཐར་དབང་བཞི་ལེན་པའི་དམིགས་གནད་དང་སྦྱར་ཏེ།] བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ [ཞེས་དབང་དོན་གྱི་དགོངས་པ་བསྐྱང་ངོ་།] ། རང་ཉིད་དབང་ཆེན་གསལ་བ་ཡི༔ ཐུགས་ཀའི་ཙིཏྟ་གྱེན་བསྟན་སྦུབས༔ པདྨ་འདབ་བརྒྱད་གེ་སར་དབུས༔ གུ་རུ་པདྨ་ཐོད་ཕྲེང་རྩལ༔ འོད་ཕུང་གཟི་བརྗིད་ལྡན་པར་གསལ༔ བླ་མའི་ཐུགས་ཀར་འོད་ལྔའི་ཀློང་༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེར༔ དྭངས་མ་ཧྲཱིཿཡིག་སྔགས་ཀྱིས་མཚན༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྩ་གསུམ་རྒྱལ་བ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ལ་མཉེས་མཆོད་འབུལ༔ འགྲོ་བའི་སྒྲིབ་པ་ཀུན་སྦྱངས་ནས༔ ཐམས་ཅད་བླ་མའི་ས་ལ་བཀོད༔ བདེ་གཤེགས་རྩ་གསུམ་ཆོས་སྐྱོང་གི༔ བྱིན་རླབས་ནུས་སྟོབས་མ་ལུས་ཀུན༔ ལྷ་སྔགས་ཕྱག་མཚན་རྣམ་པར་བསྡུས༔ ཐུགས་ཀའི་བླ་མ་ཉིད་

p. 24

ལ་ཐིམ༔ ཉམས་ཆགས་སྡིག་སྒྲིབ་ཀུན་བྱང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ མཆོད་བསྟོད་ཛཔྲ་ཀྱིས་མཉེས་པར་གྱུར༔ བཀྲག་མདངས་གཟི་བརྗིད་རབ་འབར་ཞིང་༔ སྣང་གྲགས་ལྷ་སྔགས་དྲན་རྟོག་ཐུགས༔ བླ་མ་རང་སེམས་དབྱེར་མེད་ངང་༔ མོས་གུས་རྩལ་བསྐྱེད་ཛཔྲ་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ་ཨཱཿ [ཞེས་ཅི་ནུས་སུ་བཟླ་བ་ནི་སྒྲུབ་པའི་ཚུལ་ཏེ། སྒྲུབ་དུས་བླ་མ་སྙིང་གར་བསྒོམ༔ མཆོད་བསྟོད་ཚུལ་དུ་ཛཔྲ་འདི་བཟླ༔ ཞེས་སོ།]། བླ་མ་འོད་ཞུ་རང་དང་འདྲེས༔ རང་ཉིད་པདྨ་ཐོད་ཕྲེང་རྩལ༔ རྩ་གསུམ་ཀུན་འདུས་ངོ་བོ་ཡི༔ ཐུགས་ལས་འོད་ཟེར་དཔག་མེད་འཕྲོས༔ རོལ་རྩལ་ཐོད་ཕྲེང་སྡེ་བཞི་དང་༔ མཁའ་འགྲོ་གིང་གི་ཚོགས་ལ་ཕོག༔ སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་ཁེངས༔ རྣམ་བཞིའི་ཕྲིན་ལས་མ་ལུས་པ༔ འབད་མེད་ལྷུན་གྱིས་གྲུབ་པར་གྱུར༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿསརྦ་སིངྔྷི་ཤཱིནྟཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་རྦད། [ཅེས་ཅུང་ཟད་བཟླ་བ་ནི་ལས་སྦྱོར་གྱི་ཚུལ་ཏེ། ། ལས་སྦྱོར་བླ་མ་རང་གསལ་གདབ༔ ཕྲིན་ལས་ལྷུན་གྲུབ་ཚུལ་དུ་ཛཔྲ་འདི་བཟླ༔ ཞེས་སོ། །] [རྩ་བའི་གསུམ་པ་རྗེས་ཀྱི་ལས་རིམ་ལ་བདུན་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཚོགས་ཀྱི་ཡོ་བྱད་རྣམས་བཤམས་པ་བདུད་རྩིས་བྲན་ཏེ།] ཨོཾ་སརྦ་

p. 25

དྲ་བྱཾ་ཤོ་ངྷ་ནི་ཧཱུྃ་ཕཊ༔ [ཅེས་པས་བསང་ལ།] ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱོང་ཕྱིར་ཡི་གེ་སྤྲོ༔ རྃ༔ རྃ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡྃ༔ ཡྃ་ལས་རླུང་བྱུང་བག་ཆགས་གཏོར༔ ཁྃ༔ ཁྃ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་བརླབ་པའི་ཡི་གེ་སྤྲོ༔ ཧཱུྃ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང་༔ ཧྲཱིཿ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ [ཞེས་བྱིན་གྱིས་བརླབ། ཐུགས་དམ་སྐོང་བ་ལས། རྫས་ཀྱིས་སྐུ་ལ་བསྐང་བ་ནི། མཆོད་རྫས་སུ་འོས་པ་སྤྱི་དང་ཁྱད་པར་བདུད་རྩི་དང་མར་མེ་ཐོགས་ལ་འཆམས་སྟབས་ཀྱིས་དཀྱིལ་འཁོར་ལ་བསྐོར་བའོ། །བཤགས་ཚིག་གིས་གསུང་ལ་བསྐང་བ་ནི།] ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་གསལ་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གིས་གཡར་དམ་སོར་སྩོལ་ཅིག༔ གུ་རུ་

p. 26

ངྷེ་ཝ་ངྷཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ [ཞེས་བསྐང་ངོ་། །ལྟ་བས་ཐུགས་ལ་བསྐང་བ་ནི།] ཀུན་གཞི་མ་བཅོས་ཀློང་ཡངས་ལས༔ རང་རིག་རང་གསལ་ཀུན་ཏུ་བཟང་༔ གདོང་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བེད་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང་༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔ [ཅེས་དང་། དེའི་མཐར་སླར་ཡང་ཐུན་མོང་དུ་མཆོད་ཅིང་བསྐང་བ་ནི།]ཧཱུྃ༔ དམ་རྫས་གཏོར་ཆེན་བཤམས་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ བྷནྡྷ་རཀྟས་བཀང་བ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ དུར་ཁྲོད་རྫས་མཆོག་བཀྲམ་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ རྐང་གླིང་ཐོད་རྔ་སྒྲོགས་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ ཞུན་ཆེན་སྣང་གསལ་བལྟམས་པ་ཡང་༔ མ་དང་མཁའ་འགྲོ༴ མཱཾ་སའི་གསུར་དུད་གཏོང་བ་ཡང་༔ མ་དང་མཁའ་འགྲོ༴ འདོད་ཡོན་རོ་མཆོག་སྤུངས་

p. 27

པ་ཡང་༔ མ་དང་མཁའ་འགྲོ༴ ཐུགས་དམ་གཉན་པོ་བསྐང་ནས་ཀྱང་༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་པཉྩ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧོཿ དམ་རྫས་རྒྱན་གྱི་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ ཐིམ་པའི་ཚུལ་གྱིས་དགྱེས་པའི་ཆེན་པོར་རོལ༔ [ཅེས་ཐུགས་དམ་སྐོང་བའི་རིམ་པ་སྔོན་དུ་འགྲོ་བས། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི།]ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ [ཞེས་མཆོད། བར་པ་བཤགས་པ་ནི།] ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ལུས་ངག་སེམས་ཀྱིས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཤུངྔྷེ་ཨ༔ [ཞེས་པས་བཤགས། ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཚོགས་ཟན་ནམ་གཟུགས་བརྙན་ལ་དམིགས་བྱ་བསྟིམ་ཏེ་ཕུར་པ་ཡཀྵ་ཀྲོ་ངྷར་གསལ་བས་གཟིར་ཞིང་།] ཧཱུྃ༔ ཆེ་མཆོག་

p. 28

པདྨ་ཐོད་ཕྲེང་རྩལ༔ གཏུམ་དྲག་རྔམས་པའི་རང་བཞིན་ལས༔ ཡཀྵ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་ཁེངས༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ནྲྀ་ཏྲི་ཤ་ཏྲུཾ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ [ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བསྒྲལ་ལ།] ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམས་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་མཆོད་པར་བཞེས༔ གུ་རུ་ངྷེ་ཧ་ཌཱ་ཀི་ནཱི༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ [ཅེས་ཤ་ཁྲག་བདུད་རྩིར་སྦར་ལ་སྟོབ་བོ། །དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་རྫས་རྣམས་སློབ་དཔོན་ལ་ཕྱོགས་པས་བཟུང་སྟེ།] ཧོཿ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང་༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ [ཞེས་དྲངས། སློབ་དཔོན་གྱིས་པདྨའི་ཕྱག་རྒྱ་གཡས་སུ་བསྐོར་ཞིང་།] རིན་ཐང་མེད་ལས་ལེགས་འོངས་ཆོས༔ འདོད་

p. 29

ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ནི་བདག་ཀྱང་འཚལ༔ [ཞེས་བརྗོད་ཅིང་བླངས། དེ་ལྟར་རྟོག་པ་གསལ་བ་སྔོན་དུ་འགྲོ་བས། འདུས་པ་ཐམས་ཅད་ལའང་བྲིམ་ཞིང་ནང་གི་སྦྱིན་སྲེག་གིས་རོལ་ལོ། །དེ་ནས་ལྷག་མ་ཕྱོགས་གཅིག་ཏུ་བསྡུས་པ་ལ་དམ་ཚིག་གི་ཁ་ཕྲུ་བཏབ་ཅིང་།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས།] ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ [ཞེས་དང་བཤུགས་པའི་སྒྲ་དྲག་པོས་སྤྱན་དྲངས་ཏེ།] ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་རྒྱུ༔ མ་དང་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་རྒྱུ༔ བྲན་དང་བཀའ་ཉན་ལྷག་ལ་དགྱེས༔ དབང་ཕྱུག་མ་སྲིང་མཁའ་འགྲོ་མ༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ འབུམ་ཕྲག་ཡངས་པའི་སྡེ་བརྒྱད་རྣམས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ སྔོན་ཚེ་དཔལ་གྱིས་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བཛྲ་ཨ་ཏི་ཏྲ་ས་མ་ཡ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧྲཱིཿ བྷྱོ་བྷྱོ༔ [ཞེས་ཕྱི་རོལ་དུ་འབུལ་ལོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི།] ཧཱུྃ༔ མ་གཡེལ་

p. 30

མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་བསྐྱོང་ལ༔ མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ༔ གིང་གི་ཚོགས་དང་གཤེགས་སུ་གསོལ༔ དཔའ་བོའི་ཚོགས་དང་༴ དཔའ་མོའི་ཚོགས་དང་༴ དམ་ཅན་ཚོགས་དང་༴ ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་ཕག་མོས་བྱིན་གྱིས་རློབས༔ དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ༔ མཁའ་འགྲོ་གིང་བཞེས་བྱིན་གྱིས་རློབས༔ ནམ་མཁའ་དབྱིངས་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་ཕྲ་མེན་བྱིན་གྱིས་རློབས༔ རྒྱ་མཚོའི་གླིང་ནས་སྐུ་བསྐྱོད་ལ༔ མཚོ་གླིང་མཁའ་འགྲོས་བྱིན་གྱིས་རློབས༔ ཕྱོགས་བཞིའི་གནས་ནས་སྐུ༴ ལས་བྱེད་མཁའ་འགྲོ་བྱིན༴ གངས་དཀར་རྩེ་ནས་སྐུ༴ རྡོ་རྗེ་གིང་ཆེན་བྱིན་གྱིས་རློབས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔ པདྨ་འོད་

p. 31

ཀྱི་གཞལ་ཡས་ཁང་༔ གནས་མཆོག་དམ་པ་ཉམས་རེ་དགའ༔ གནས་མཆོག་ཉམས་སུ་མི་དགའ་རྒྱུ༔ རྗེ་བཙུན་པདྨ་ཐོད་ཕྲེང་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས༔ སྐྱེ་འཆི་མེད་པའི་སྐུར་བཞེངས་ནས༔ སྲིན་པོ་རྣམས་ལ་དམ་ཆོས་སྟོན༔ མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར༔ གིང་ཆེན་སྡེ་བཞི་བྲན་དུ་འཁོརལ༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་དི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་མྱུར་དུ་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱོད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔

p. 32

རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་ཐུལ༔ ལྷ་འདྲེ་མི་གསུམ་ཁྱེད་ཀྱིས་སྡུས༔ འབྱུང་བཞིའི་བར་ཆད་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ [ཅེས་བསྐུལ་ལོ། །][གསུམ་པ་གཏོར་མ་བསྐྱང་བ་ལ། ཆད་ཐོ་བྱ་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་བྱིན་བརླབ་པ་བསྔོས་ནས།] ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེང་གསུམ་བསྒྲགས་ནས་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བྲག་དམར་བསམ་ཡས་ཨཱརྱ་པཱ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ ཤེས་རབ་ཡུམ་ཆེན་མཁར་ཆེན་མཚོ་རྒྱལ་གྱིས༔ དབང་

p. 33

ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་ལྔ་དང་༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཡལ་གམ་ཅན་ལ་དངོས་གྲུབ༴ བཀའ་ཡི་གཏོར་མ་ལེན་པར༴ བཅོལ་བའི་ཕྲིན་ལས་སྒྲུབ་པར༴ སྔོན་ཚེ་ཞལ་བཞེས་དམ༴ ཤ་ཁྲག་བརྒྱན་པའི་གཏོར་མ༴ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད་༔ དེ་འོག་བསྐལ་པ་ཐ་མའི་དུས་ཀྱི་ཚེ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་༔ རིག་འཛིན་ཆོས་བདག་གཏེར་སྟོན་ཚོགས་བཅས་ཀྱིས༔ གསང་བ་སྒྲུབ་ཆེན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསེ་ལང་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་དང་༔ དམ་ཅན་ཆོས་སྐྱོང་གཏེར་སྲུང་རྒྱ་མཚོ་ཡིས༔ སོ་སོའི་གཟུགས་མཆོག༴ ཡལ་གམ་ཅན་ལ༴ བཀའ་ཡི་གཏོར་མ༴ བཅོལ་བའི་ཕྲིན་ལས༴ སྔོན་ཚེ་ཞལ་བཞེས་དམ་ལས༴ ཤ་ཁྲག་བརྒྱན་པའི༴ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ [ཅེས་གཏོར་མ་གཙང་སར་ཕུལ་ལ། བཤལ་ཆུས་བརྟན་མ་སྐྱོང་བ་ནི།]བརྟན་མ་

p. 34

སྐྱོང་མཛད་མ་དང་སྲིང་༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷག་ཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱིནྟཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་གཏོར་མ་ལོངས༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཁཱ་ཧི༔ མ་མ་ཧྲིཾ་མ་མ་ཧྲིཾ་ཁཱ་ཧི་ཁཱ་ཧི༔ [ཞེས་བརྟན་མ་བསྐྱང་ལ་རྟ་བྲོ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་བཀུག་ཅིང་མནན་པར་བསམ་ལ།] ཧཱུྃ་ཧྲཱིཿ རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡི༔ བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ༔ ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ༔ ཞིང་བཅུ་བསྒྲལ་བའི་ལྔ་ཕུང་ལ༔ རྩ་གསུམ་ཁྲོས་པའི་བྲོ་བརྡུངས་པསཿ ཉོན་མོངས་དུག་ལྔ་གཏན་ནས་གཅོད༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་ཆེན་པོ་བསྐངས༔ མ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་དུ༔ རྟ་མགྲིན་ཁྲོས་པའི་བྲོ་བརྡུངས་པས༔ རྣལ་འབྱོར་བསྐང་བའི་ཆོ་ག་རྫོགས༔ དབང་ཆེན་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་བྲོ་བརྡུངས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཚོགས་

p. 35

ཀྱི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་བྲོ་བརྡུང་ས་པས༔ རུ་དྲ་མཐར་མནན་ཆོ་ག་རྫོགས༔ ཨོཾ་བཛྲ་ཀྲོ་ངྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ [ཅེས་བྲོ་བརྡུང་ངོ་། །][བཞི་པ་དངོས་གྲུབ་ལེན་པ་ནི། །གཏོར་མ་ལྷར་གསལ་བ་ལ་མཆོད་ཅིང་བསྟོད་ནས་ཛཔྲ་ཀྱིས་ཐུགས་དམ་བསྐུལ་ཏེ།] ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས༴ ཡོན་ཏན་རེ་སྐོང་དངོས༴ ཕྲིན་ལས་འགྲོ་འདུལ་དངོས༴ འཆི་མེད་ཚེ་ཡི་དངོས༴ འཛད་མེད་ནོར་གྱི་དངོས༴ ཐུན་མོང་ཡིད་བཞིན་དངོས༴ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ [རྩ་སྔགས་ཀྱི་མཐར།] ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྔྷི་ཕ་ལ་ཧོ༔ [ཞེས་པས་གཏོར་མའི་ཡེ་ཤེས་པ་བདག་ལ་བསྟིམ། དམ་ཚིག་པ་

p. 36

འདོད་ཡོན་བདུད་རྩིར་ཞུ་བར་བསམས་ལ་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ་ལོ། །དབང་བསྐུར་གཙོ་བོར་བྱེད་ན་ཚོགས་ལ་རོལ་པའི་སྔོན་དུ་བྱེད་པ་ཕྱག་ལེན་ནོ། །] [ལྔ་པ་ཉེར་བསྡུ་བྱ་བ་ནི། །སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ངོ་བོ་ལ་རྟེན་བཅས་ཏེ་ཡི་གེ་བརྒྱ་པ་ཅི་ནུས་སུ་བརྗོད་པས་ནོངས་པ་བཟོད་པར་གསོལ་ཏེ།] བླ་མ་རྡོ་རྗེ་ཐོད་ཕྲེང་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ [ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྤྱི་བོའི་བླ་མ་ལ་འདུས་ཤིང་དེ་ཉིད་རང་ལ་བསྟིམས་ནས་གཉིས་མེད་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་ངོ་། །][དྲུག་པ་སྨོན་ལམ་གདབ་པ་ནི།] ཨེ་མ་ཧོཿ བདག་གིས་འགྲོ་བ་ཀུན་དོན་དུ༔ བསྐལ་པ་དཔག་མེད་ཚུན་ཆད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ བླ་མ་སྐྱེས་མཆོག་ཡི་དམ་ལྷ༔ སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས༔ བསྒོམས་བསྒྲུབས་མཆོད་ཅིང་བསྟོད་པ་དང་༔ བྲིས་བཀླགས་བཅངས་ཤིང་ཀུན་ཆུབ་བགྱིས༔ ལྟ་དགོངས་ལ་སོགས་དགེ་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང་༔ དུས་གསུམ་ཕ་མས་

p. 37

སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ བླ་མ་མཆོག་གིས་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ [ཅེས་སྨོན་ལམ་སྙིང་ཐག་པ་ནས་གདབ་བོ། །][བདུན་པ་བཀྲ་ཤིས་ནི།] ཧོཿ ཆོས་སྐུའི་བཀྲ་ཤིས་མཐའ་ཡས་འོད་དཔག་མེད༔ མི་འགྱུར་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཅན༔ འགགས་མེད་ཚངས་བྱངས་གསུང་གི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ གདུལ་བྱ་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ༴ ཆོས་ཀྱི་བཀྲ་ཤིས་ཡང་གསང་བླ་མེད་མཛོད༔ གསང་སྔགགས་བསྟན་པ་དར་རྒྱས་བཀྲ༴ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །དེ་ལྟར་ལམ་འདི་ཁོ་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་ངེས་པའི་གདིང་བཟུང་སྟེ་རྒྱུན་གྱི་ཐུགས་དམ་ནར་མར་བརྩོན་ཅིང་ཡར་ངོའི་ཚེས་བཅུ་ལ་སོགས་པའི་དུས་ཀྱི་མཆོད་པ་ཁྱད་པར་དུ་བྱས་ཏེ་ཉམས་སུ་བླངས་པས་དོན་གཉིས་ཀྱི་འབྲས་བཟང་བདེ་བླག་ཏུ་འགྲུབ་པར་འགྱུར་བ་ནི་གདོན་མི་ཟའོ། །འདིའི་སྨིན་བྱེད་ཟླུམ་པོ་བཞི་དབང་གིས་མཚོན་གཏེར་

p. 38

ཁ་ལྔ་པོ་གང་གི་སྒོ་ནས་ཐོབ་ཀྱང་ཆོག་ལ། བསྙེན་ཐབས་ཀྱི་མན་ངག་བླ་མ་གསང་འདུས་སམ་ཁོ་བོས་བྱས་པའི་དགོངས་པ་ཡོངས་འདུས་ཀྱི་བསྙེན་ཡིག་གིས་ཁོག་ཕུབ་པས་ལག་ཏུ་ལེན་ཅིང་། རྫོགས་རིམ་གྱི་མན་ངག་གསང་འདུས་རིམ་ལྔ་དང་སྙན་བརྒྱུད་ཞག་བདུན་མ། རཏ་གླིང་གསང་ཁྲིད་རིགས་ལྔ། བདུད་འདུལ་རིམ་ལྔའི་དམར་ཁྲིད་དང་ཨ་ཏིའི་མན་ངག་སོགས་རང་ཉིད་གང་ལ་མོས་པ་བཞིན་ཉམས་སུ་བླང་བས་ཁྱབ་པ་ཉིད་དོ། །མཚོ་སྐྱེས་བླ་མའི་ཐུགས་སྒྲུབ་བྱེ་བའི་ཕུལ། །ངོ་མཚར་གསང་འདུས་གཏེར་ཁ་རིམ་བདུན་གྱི། གདམས་ཟབ་ཆུ་བོ་གཅིག་འདྲེས་བདུད་རྩིའི་རྒྱུན། །སྐལ་བཟང་བདག་བློ་བུམ་བཟང་བཅུད་དུ་སྨིན། །གསང་འཛིན་ཌཱ་ཀིས་གནང་བ་ལེགས་བྱིན་ཕྱིར། ། བརྩམས་འདིར་ནོངས་པའི་དྲི་མ་མེད་མོད་ཀྱང་། །ཟབ་དོན་ཐང་མར་བརྡལ་ལ་མ་རང་ན། ། བརྩེ་བའི་དག་ཚངས་ཆོས་བདག་སྲུང་མས་སྩོལ། །འདི་ལས་བདག་གིས་བསོད་ནམས་གང་ཐོབ་པ། །དེ་ཀུན་འགྲོ་གཞན་དོན་དུ་དེང་བསྔོའོ། །ཀུན་ཀྱང་རང་རིག་བླ་མ་པད་འབྱུང་དང་། །དབྱེར་མེད་མངོན་འཚང་རྒྱ་བའི་བཀྲ་ཤིས་ཤོག ། དེ་ལྟར་གཏེར་ཁ་བདུན་འདུས་བླ་མ་ཐུགས་ཀྱི་སྒྲུབ་པའི་ལས་བྱང་དངོས་གྲུབ་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་འདི་ནི། ། གཙོ་བོར་རང་ཉིད་ཀྱི་དུས་དང་རྒྱུན་གྱི་ཉམས་ལེན་དུ་དམིགས་པའི་རྒྱུ་དང་། བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་དུ་འོག་མིན་དཔལ་རིའི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན་པ་ན་ཚེས་བཅུའི་མཆོད་པ་རྒྱུན་འཛུག་གི་ཆོ་གར་ཉེ་བར་མཁོ་བའི་ཕྱིར་གྱེར་བསྒོམ་བདེ་བའི་ཆོག་ཁྲིག་འདི་ལྟ་བུ་ཞིག་གྱིས་ཞེས་རིག་སྔགས་འཆང་བ་འཁྲུལ་ཞིག་རྡོ་རྗེས་བསྐུལ་བའི་རྐྱེན་བྱས་ཏེ།

p. 39

ཨཽ་ཌི་ཡ་ནའི་སློབ་དཔོན་ཆེན་པོའི་ཐུགས་རྗེའི་ཉི་ཟེར་སྙིང་ལ་སིམ་པས་བློ་གྲོས་ཀྱི་གེ་སར་ཅུང་ཟད་འཛུམ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་བརྒྱད་དུ་སོན་པ་རབ་རྒྱལ་གྱི་ལོ་རྒྱུ་དང་མི་རྒྱུའི་འཇིག་རྟེན་དབྱར་གྱི་དགའ་སྟོན་ལ་སྤྱོད་པ་རྫོགས་ལྡན་གཉིས་པའི་དུས་སུ་གྲུབ་པར་བགྱིས་པའོ། །འདིས་ཀྱང་འགྲོ་བ་ཐམས་ཅད་ཨོ་རྒྱན་རྡོ་རྗེ་འཆང་གི་ཞབས་དྲུང་དུ་སྐྱེ་བའི་སྐལ་བ་བཟང་པོ་ཅན་དུ་གྱུར་ཅིག། །།སརྦ་དའ་མངྒ་ལཾ།། །།]

p. 40

ཤོག་སྟོང་

གུ་རུའི་ཐུགས་སྒྲུབ་ཀུན་འདུས་ཀྱི་བརྒྱུད་འདེབས་བྱིན་རླབས་དབང་གི་བུམ་བཟང།

p. 41

[གུ་རུའི་ཐུགས་སྒྲུབ་ཀུན་འདུས་ཀྱི་བརྒྱུད་འདེབས་བྱིན་རླབས་དབང་གི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །]ཁྱབ་བདག་སྟོན་པ་ཀུན་བཟང་སྣང་མཐའ་ཡས། །བརྩེ་ཆེན་ཐུགས་རྗེའི་གཏེར་མངའ་སྤྱན་རས་གཟིགས། །དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་པདྨ་འབྱུང་། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བདེ་ཆེན་ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་ཡུམ། །འཇམ་དཔལ་དབྱངས་དངོས་ཚངས་པ་ལྷའི་མེ་ཏོག །ལས་ཅན་བཀའ་བབས་འབངས་རིགས་ཉེར་གསུམ་བཅས། །གསོལ་བ་འདེབས་སོ༴ གཏེར་བརྒྱའི་གཙུག་རྒྱན་གུ་རུ་ཆོས་ཀྱི་དབང་། །སྤྲུལ་པའི་སྐྱེས་མཆོག་ཨོ་རྒྱན་རྡོ་རྗེ་གླིང་། །ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་སྡེ། །གསོལ་བ་འདེབས་སོ༴ རིག་འཛིན་ཆེན་པོ་པདྨ་གླིང་པའི་ཞབས། །གར་གྱི་དབང་ཕྱུག་ཞིག་པོ་གླིང་པ་རྩལ། །གྲུབ་པའི་འཁོར་སྒྱུར་བདུད་འདུལ་ནུས་ལྡན་རྗེ། །གསོལ་བ་འདེབས་སོ༴ བརྒྱུད་སྲོལ་ཀུན་འདུས་བདུད་འཇོམས་འགྲོ་འདུལ་གླིང་། །རྩ་བརྒྱུད་བླ་མ་དྲིན་ཅན་འཁོར་ལོའི་མགོན། །སྣང་སྲིད་དཔལ་ལྡན་བླ་མར་སད་པ་ལ། །གསོལ་བ་འདེབས་སོ༴ བྱིན་རླབས་ཆར་འབེབས་རིག་འཛིན་བླ་མའི་ཚོགས། །དངོས་གྲུབ་མཆོག་སྩོལ་ཡི་དམ་དཀྱིལ་འཁོར་ལྷ། །ཕྲིན་

p. 42

ལས་མྱུར་སྒྲུབ་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ༴ རྨད་བྱུང་གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །དབང་བཞིས་ཡོངས་སྨིན་རྣམ་དག་དམ་ཚིག་ལྡན། །ཀུན་རྫོབ་སྣང་ཞེན་སྦྱོང་བ་བསྐྱེད་རིམ་གྱིས། །དག་སྣང་ཡེ་ཤེས་འཁོར་ལོར་འཆར་བར་ཤོག །དོན་དམ་འགྱུར་བ་མེད་དངོས་ལྷན་ཅིག་སྐྱེས། །དེ་བཞིན་ཉིད་སྟོན་ཟབ་མོ་རྫོགས་པའི་རིམ། །གནས་ལུགས་ཀ་དག་ལྷུན་གྲུབ་དོན་རྟོགས་ནས། །ཆོས་ཟད་བློ་འདས་དགོངས་པ་མངོན་གྱུར་ཤོག ། གནས་སྐབས་ལམ་གྱི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་ཆོས་བཞིན་ཡོངས་འབྱོར་ནས། །དོན་གཉིས་ལྷུན་གྲུབ་ཕན་བདེའི་སྣང་བ་ཡིས། །ཞིང་ཁམས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་སྩོལ། །[ཅེས་པའང་བྱིན་རླབས་ཆེ་ཕྱིར་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་རྗེ་བླ་མའི་གསུང་ལ་བརྒྱུད་པའི་ཁྱད་པར་འབྱིན་འཇུག་ཅུང་ཟད་བཅས་ཐུགས་སྒྲུབ་ལས་བྱང་དངོས་གྲུབ་འདོད་འཇོ་དང་འབྲེལ་བར་འཇུག་པ་བདེ་བའི་ཡན་ལག་ཏུ་སྦྱར་བ་སྟེ། ཕྱོགས་ཉུལ་གྱི་བྱ་བྲལ་བ་སངས་རྒྱས་རྡོ་རྗེས་སོ། །དགེའོ།། །།]

བླ་མའི་ཐུགས་སྒྲུབ་ལས་བྱང་སྙིང་པོར་དྲིལ་བ་སྐལ་བཟང་འདོད་འཇོ།

p. 43

༄༅། །བླ་མའི་ཐུགས་སྒྲུབ་ལས་བྱང་སྙིང་པོར་དྲིལ་བ་སྐལ་བཟང་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

p. 44

ཨོཾ་སྭསྟི། དཀྱིལ་འཁོར་ཀུན་བདག་འཁོར་ལོའི་མགོན། །ཐོད་ཕྲེང་རྩལ་དེར་གུས་བཏུད་ནས། །གང་གི་ཐུགས་སྒྲུབ་བྱེ་བའི་ཕུལ། །གསང་འདུས་སྙིང་པོའི་ལམ་བཟང་དབྱེ། ། [འདི་ལ་གསུམ། སྦྱོར་བ། །དངོས་གཞི། །རྗེས་སོ། །][དང་པོ་ནི། དམ་ཚིག་གི་རྟེན་བཀྲམ་པའི་སྤྱན་སྔར་ཕྱི་ནང་གི་མཆོད་པ་ཚོགས་གཏོར་སོགས་ཆོ་གར་འོས་པའི་རིགས་མཐའ་དག་ཚང་བར་བཤམ་ལ། ཐོག་མར་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། །རང་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་ཡུམ་དང་བཅས་པའི་སྐུར་བསྐྱེད་ནས། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱངས།]ཨོཾ་ཨཱཿཧཱུྃ་ཧོཿ[ས་བྱིན་བརླབ།]སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ[ས་མགྲིན་བཀུག་པ་ལ།] སརྦ་མིགྷྣཱན་བ་ལིཾ་ཏ་ཁཱ་ཧི། [ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ།] ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབསདང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ [ཞེས་དྲག་སྔགས་དང་བཅས་པས་བགེགས་བསྐྲད་ལ།] ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་༔ བགེགས་འདུལ་ཁྲོ་བོའི་རོལ་

p. 45

མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་ངྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་ངྷ་རཀྵ་རཀྵ་ཧཱུྃ་ཕཊ༔ [ཅེས་མཚམས་བཅད། སྐྱབས་སེམས་བསགས་སྦྱོང་གི་རིམ་པ་ནི།] ཕོ་བྲང་དབུས་ཀྱི་རྟེན་དེ་ཉིད༔ རང་གི་རེ་ལྟོས་བླ་མ་དང་༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ༔ ཀུན་གྱི་ངོ་བོར་གྱུར་པ་ལ༔ རྣམ་པ་བླ་མ་རྡོ་རྗེ་འཆང་༔ པད་འབྱུང་རྒྱལ་བའི་སྐུ་རུ་གྱུར༔ [ཞེས་སྐྱབས་ཡུལ་དུ་གསལ་བ་ལ་རྟེན་བཅས་ཏེ།]ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ [ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།] སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབ་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ [ཞེས་ལན་གསུམ་གྱིས་སེམས་བསྐྱེད།] ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དགོས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་སརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུངྔྷོཉཧཾཿ སརྦ་དྷརྨཱཿས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ [ཞེས་བཤགས་པ་བྱ།] བདག་གི་ལུས་དང་

p. 46

ལོངས་སྤྱོད་དང་༔ དུས་གསུམ་དགེ་བའི་དངོས་པོ་རྣམས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་ཨཱཿཧཱུྃ་གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ [ཞེས་ཚོགས་བསགས་མཎྜལ་དབུལ། མཆོད་རྫས་བྱིན་གྱིས་བརླབ་པ་ནི།] རཾ་ཡཾ་ཁཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་རྣམ་ཐར་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་སོགས་ནས། ཤཔྡ་མ་ཧཱ་པཉྩ་ག་ཎ་གུ་ཧྱ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ [ཞེས་པས་མཆོད་རྫས་རྣམས་བྱིན་གྱིས་བརླབ་བོ། །] [གཉིས་པ་དངོས་གཞི་ལ། ཐོག་མར་ལྷ་བསྐྱེད་པ་ནི།] ཧཱུྃ༔ ཆོས་རྣམས་དམིགས་མེད་དེ་བཞིན་ཉིད༔ ཀུན་ཁྱབ་སྙིང་རྗེའི་ངང་ཉིད་ལས༔ རང་རིག་གསེར་གྱི་རྡོ་རྗེར་བསྒོམ༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང་༔ པདྨ་རིན་ཆེན་འབར་བ་སྤེལ༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ ལྟེ་དབུས་ཉི་ཟླ་པདྨའི་སྟེང་༔ རྡོ་རྗེ་གནས་གྱུར་དྲན་རྫོགས་སུ༔ རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་དབུ་ཡི་གཙུག༔ རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོགས༔ ཕྱག་གཡས་དབང་སྡུད་གྲི་གུག་འཕྱར༔ ཕྱག་

p. 47

གཡོན་ཐོད་པ་ཁྲག་བཀང་གསོལ༔ རུས་པའི་རྒྱན་དྲུག་ཁ་ཊྭཱཾ་བསྣམས༔ གཡས་བསྐུམ་གཡན་བརྐྱང་བདུད་བཞི་བརྫིས༔ ཉི་མ་པད་སྟེང་འགྱིང་ཞིང་བརྗོད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྱུད༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིང་ག་ངུར་སྒྲ་སྒྲོགས༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དེ་ཉིད་སྤྱི་གཙུག་ཉི་ཟླའི་སྟེང་༔ པདྨ་གེ་སར་སྙིང་པོ་ལ༔ བད་ཉིད་པདྨ་ཐོད་ཕྲེང་རྩལ༔ [སྤྲུལ་སྐུ་ཟ་ཧོར་མ་ལྟར་ན།] ཨཱ་ཙརྱ་གཞོན་ཚུལ་དཀར་དམར་མདངས༔ རྡོ་རྗེ་བྷནྡྷ་ཚེ་བུམ་འཛིན༔ མཐིང་ནག་ཕོད་ཀ་གསང་གོས་དཀར༔ ཟ་འོག་བེར་སྨུག་ཆོས་གོས་དམར༔ པད་ཞྭ་རྒོད་སྒྲོ་ཅོད་པན་ཅན༔ སྙན་ཆ་མགུལ་རྒྱན་ཁ་ཊྭཱཾ་འཆང་༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་གསལ༔ [ཞེས་དང་། ཡང་ལོངས་སྐུ་གསང་འདུས་ལྟར་ན།] རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དེ་ཡི་འཕང་གཡོན་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཅུ་དྲུག་ལོན་པའི་

p. 48

གཞོན་ཚུལ་ཅན༔ པད་མདོག་ནུ་མ་བྷ་ག་རྒྱས༔ རིན་ཆེན་རུས་རྒྱན་ཅོད་པན་ཅན༔ ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ སྐུ་མདོག་དཀར་དམར་འཛུམ་མདངས་ཅན༔ སྐྲ་གྲོལ་གཅེར་བུའི་འོད་ལྡན་བསམ༔ [ཞེས་གོང་མོས་ལྟར་བསྒྱུར་ཞིང་།] ཕྱོགས་བཞིར་རིགས་བཞིའི་ཐོད་ཕྲེང་རྩལ༔ དཀར་སེར་དམར་དང་ལྗང་གུའི་མདོག༔ ལས་བཞི་བསྒྲུབ་ཕྱིར་མོས་པས་བསྐྱེད༔ ཁོར་ཡུག་འཇའ་ཡི་དྲྭ་བར་བསྒོམ༔ ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་ཀྱི༔ འཛུམ་སྟེང་བར་སྣང་འཇའ་འོད་ཀློང་༔ སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ༔ ཧྲཱིཿ ཕོ་བྲང་ཕྱོགས་བཞིར་པད་འདབ་བཞི༔ དཀར་སེར་དམར་ལྗང་རིན་ཆེན་འབྲུའི༔ ནང་ཁོངས་ཞིང་གི་གདན་བཞི་ལ༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔ གཙོ་བོ་ཡབ་ཡུམ་གཉིས་ལྟར་བསྐྱེད༔ སྣ་ཚོགས་པད་འཁོར་ཕྱི་མ་ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང་༔ རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་དང་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་

p. 49

སྟོབ༔ ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད༔ དུ་མར་སྣང་ཡང་ངང་དུ་གཅིག༔ [ཅེས་གསལ་བཏབ་ལ། སྤྱན་འདྲེན་པ་ནི།] ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ ངྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ མ་ངེས་དུར་ཁྲོད་སྒྲུབ་གནས་སུ། །སྣ་ཚོགས་འགྲོ་འདུལ་དངོས་གྲུབ་བརྙེས། །གུ་རུ་མཚན་མཆོག་བརྒྱད་དུ་གྲགས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ མ་ངེས་དུར་ཁྲོད་སྒྲུབ་གནས་སུ། །སྣ་ཚོགས་འགྲོ་འདུལ་དངོས་གྲུབ་བརྙེས། །གུ་རུ་མཚན་མཆོག་བརྒྱད་དུ་གྲགས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །ཧྲཱི༔ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞིའི་མཁའ་འགྲོ་གཤེགས༴ བདུད་འདུལ་གིང་བཞི༴ དཔའ་བོ་དཔའ་མོ༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང་༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་

p. 50

དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿཧཱུྃ་བཾ་ཧོཿ [བཞུགས་སུ་གསོལ་བ་ནི།] ཧྲཱིཿ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ བཞུགས་པའི་གནས་སུ་དྭངས་རེ་སྤྲོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་རློབ་ཕྱིར་བཞུགས༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ [ཕྱག་འཚལ་བ་ནི།] ཨེ་མ་ཧོཿ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ [མཆོད་པ་འབུལ་བ་ནི།] ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་ཡི་མཆོད་པ་འབུལ༔ རང་བྱུང་ནང་གི་མཆོད༴ གཉིས་མེད་གསང་བའི་མཆོད་པ༴ བདུད་རྩི་སྨན་གྱི༴ བདེ་ཆེན་རཀྟའི༴ བ་ལིཾ་རྒྱན་གྱི༴ ཞལ་ཟས་ཚོགས་ཀྱི༴ ཏིང་འཛིན་རྩེ་གཅིག༴ སྤྲོ་དགའ་གནས་ཀྱི་མཆོད་པ་འབུལ༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་པུཥྤེ་ངྷུ་པེ་ཨཱ་ལོ་ཀ་གནྡྷེ་ནེ་ཝེ་དྱ་ཤཔྡ་མ་ཧཱ་པཉྷ་ག་ཎ་གུ་ཧྱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿ [བསྟོད་པ་ནི།] ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་

p. 51

ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང་༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག༴ སྐྱེ་འགགས་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མི་འགགས་ཅིར་ཡང་སྟོན་ཅིང་བསྒྱུར༔ དཔའ་བོ་མཁའ་འགྲོ་ཚོགས་ལ༴ དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད། ཛཔྲ་བཟླ་བ་ནི།] སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ [ཞེས་པའི་དགོངས་པ་སྲོག་ཏུ་བཟུང་ནས།] སྤྱི་བོའི་རིགས་བདག་བླ་མ་ལ། །མོས་གུས་གདུང་བས་གསོལ་བཏབ་པས། །སྐུ་གསུང་ཐུགས་ཀྱི་དབང་བྱིན་ཀུན། །བདག་ལ་སྩལ་ཞིང་བརྟན་པར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ [ཞེས་གསོལ་འདེབས་ཀྱི་ཚུལ་དུ་

p. 52

ཅུང་ཟད་བཟླས་བསྙེན་པའི་ཚུལ་དང་།]སྙིང་གར་བླ་མ་ཡབ་ཡུམ་གསལ། །ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་གི། །འོད་ཀྱིས་རྩ་གསུམ་མཆོད་བསྟོད་མཉེས། །མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ་ཨཱཿ [ཞེས་ཅི་ནུས་སུ་བཟླ་བ་སྒྲུབ་པའི་ཚུལ་དང་།] རང་ཉིད་བླ་མའི་ཐུགས་ཀ་ནས། །འོད་འཕྲོས་རིགས་བཞིའི་འཁོར་ཚོགས་བསྐུལ། །སྤྲུལ་པ་འོད་ཟེར་སྤྲོ་བསྡུ་ཡིས། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་གྱུར། །[སྒྲུབ་སྔགས་ཤམ་དུ།]ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ སརྦ་སིངྔྷི་ཤནྟིཾ་པུཥྚིཾ་ཝ་ཤ་མཱ་ར་ཡ་རྦད༔ [ཅེས་ཅུང་ཟད་བཟླ་བ་ལས་སྦྱོར་གྱི་ཚུལ་ཏེ། སོ་སོའི་འགྲོས་དང་སྦྱར་ནས་ཇི་ལྟར་རིགས་པ་བཟླའོ། །][གསུམ་པ་རྗེས་ལ། ཚོགས་ཀྱི་མཆོད་པ་ནི། ཚོགས་ཀྱི་ཡོ་བྱད་རྣམས་ལ་བདུད་རྩིས་བྲན་ཏེ།] ཨོཾ་སརྦ་དྲ་བྱཾ་ཤོ་ངྷ་ནི་ཧཱུྃ་ཕཊ༔ [ཅེས་བསངས་ལ།] ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་དྲི་མ་བསྲེག་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ འདོད་ཡོན་ཟག་མེད་སྣང་སྲིད་གང་༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ [ཞེས་བྱིན་བརླབ། ཐུགས་དམ་སྐོང་བ་ལས། རྫས་ཀྱིས་སྐུ་ལ་བསྐང་བ་ནི། མཆོད་རྫས་སུ་འོས་པ་རྣམས་བཤགས་ཤིང་འབུལ་བའོ། །བཤགས་ཚིག་གིས་གསུང་ལ་བསྐུལ་བ་ནི།] ཧཱུྃ༔ དུར་ཁྲོད་གསང་བ་

p. 53

མཆོག་གི་དཀྱིལ་འཁོར་འདི༔ གསང་བ་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ རྩ་གསུམ་ལྷ་ཚོགས་ཐུགས་དམ་གཉན་བསྐང་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ གུ་རུ་ངྷེ་ཝཱ་ཌཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ [ལྟ་བས་ཐུགས་ལ་བསྐང་བ་ནི།] ཀུན་གཞི་མ་བཅོས་ཀློང་ཡངས་ལས༔ རང་རིག་རང་གསལ་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པ་ཐུགས་དམ་བསྐང་༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔ [སླར་ཡང་ཐུན་མོང་དུ་མཆོད་ཅིང་བསྐང་བ་ནི།] ཧཱུྃ༔ དམ་རྫས་གཏོར་ཆེན་བཤམས་པ་ཡང་༔ མ་དང་མཁའ་འགྲོ་བརྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང་༔ མ་དང་མཁའ་འགྲོ༴ བྷནྡྷ་རཀྟས་བཀང་བ་ཡང་༔ མ་དང་༴ དུར་ཁྲོད་རྫས་མཆོག་བཀྲམས་པ་ཡང་༔ མ་དང་༴ རྐང་གླིང་ཐོད་རྔ་སྒྲོགས་པ་ཡང་༔ མ་དང་༴ ཞུན་ཆེན་སྣང་གསལ་བལྟམས་པ་ཡང་༔ མ་དང་༴ མཱཾ་སའི་གསུར་དུད་གཏོང་བ་ཡང་༔ མ་དང་༴ འདོད་

p. 54

ཡོན་རོ་མཆོག་སྤུངས་པ་ཡང་༔ མ་དང་༴ ཐུགས་དམ་གཉན་པོ་བསྐང་ནས་ཀྱང་༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་པཉྩ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧོཿ དམ་རྫས་རྒྱན་གྱི་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་ལ་གསན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ ཐོམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ [ཅེས་བསྐང་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོས་མཆོད་པ་ནི།] ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ [བར་པས་བཤགས་པ་ནི།] ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ལུས་ངག་སེམས་ཀྱིས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཿ [ཐ་མ་བསྒྲལ་བསྟབ་ནི། ཚོགས་ཟན་ནམ་གཟུགས་བརྙན་ལ།] ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ [ཞེས་དམིགས་བྱ་བསྟིམས་ཏེ་ཕུར་པ་ཡཀྵ་ཀྲོ་ངྷས་གཟིར་ཞིང་།] ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ གཏུམ་དྲག་རྔམས་པའི་རང་བཞིན་ལས༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་

p. 55

བཞིན་དུ་བརླག་པར་མཛོད༔ ནྲྀ་ཏྲྀ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ [ཅེས་བསྒྲལ་ལས།] གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ [ཅེས་སྟོབ། དེ་ནས་བརྡ་དང་བརྡའི་འབུལ་ལེན་བཅས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུགས་སུ་ལོངས་སྤྱད། ལྷག་མ་བསྡུས་པར་དམ་ཚིག་གི་ཁ་ཕྲུ་བཏབ་ཅིང་༔]ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབ། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བཛྲ་ཨ་ཏི་ཏྲ་ས་མ་ཡ་ཁཱ་ཧི་ཁཱི་ཧི་ཧཱུྃ་ཧྲཱིཿབྷྱོ་བྷྱོ༔ [ཞེས་ཕྱི་རོལ་དུ་འབུལ། ཐུགས་དམ་བསྐུལ་བ་ནི།] ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་བསྐྱོད་ལ༔ མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ༔ གིང་གི་ཚོགས་དང་༔ དཔའ་པོའི༴ དཔའ་མོའི༴ དམ་ཅན༴ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔

p. 56

ཕྲིན་ལས་མྱུར་དུ་ཁྱེད་ཀྱིས་སྒྲུབས༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ [ཅེས་བསྐུལ། ཆད་མདོ་གཏོང་བ་ནི། གཏོར་མ་]ཨོཾ་ཨཱཿཧཱུྃ་[གིས་བརླབ་ལ།] ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ འོག་མིན་གནས་དང་སྤྲུལ་སྐུའི་ཞིང་རྣམས་སུ༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་རྒྱ་མཚོ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མའི་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ [ཅེས་གཏོར་མ་གཙང་སར་ཕུལ། བཤལ་ཆུས་བརྟན་མ་སྐྱོང་བ་ནི།] ཧཱུྃ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ འདིར་བྱོན་བཤལ་ཆུའི་གཏོར་མ་ལོངས༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཁཱ་ཧི༔ མ་མ་ཧྲཱིཾ་མ་མ་ཧྲཱིཾ་ཁཱ་ཧི་ཁཱ་ཧི༔ [ཞེས་བརྟན་མ་བསྐྱང་ལ། རྟ་བྲོ་བརྡུང་བ་ནི།] ཧྲཱིཿ རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡིས༔

p. 57

དབང་ཆེན་རྔམས་པའི་བྲོ་བརྡུངས་པས༔ བདུད་དང་དམ་སྲི་ལོག་འདྲེན་ཀུན༔ བསྐྲད་གཟིར་མནན་པའི་ཆོ་ག་རྫོགས༔ ཨོཾ་བཛྲ་ཀྲོ་ངྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ [ཅེས་བྲོ་བརྡུང་། དངོས་གྲུབ་བླང་བ་ནི། མཆོད་ཅིང་བསྟོད་ནས་ཛཔྲ་ཀྱིས་ཐུགས་དམ་བསྐུལ་ཏེ།] ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་སྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ [རྩ་སྔགས་མཐར།] ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྔྷི་ཕ་ལ་ཧོཿ [ཞེས་དངོས་གྲུབ་བླང་། ཉེར་བསྡུ་བྱ་བ་ནི། ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཟོད་པར་གསོལ་ལ།] བླ་མ་རྡོ་རྗེ་ཐོད་ཕྲེང་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ [ཞེས་གཉིས་མེད་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱངས། སྨོན་ལམ་གདབ་པ་ནི།] ཨེ་མ་ཧོཿ བདག་

p. 58

གིས་འགྲོ་བ་ཀུན་དོན་དུ༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ བསྒོམས་བསྒྲུབས་མཆོད་སོགས་དགེ་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ [ཅེས་སྨོན་ལམ་གདབ། བཀྲ་ཤིས་བརྗོད་པ་ནི། མེ་ཏོག་གི་ཆར་ཕབ་ལ།] ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་ཀུན་འགྲུབ༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །ཡང་ཚུལ་འདི་ཉིད་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ལྟར་ཉམས་སུ་ལེན་པར་འདོད་ན། སྦྱོར་བ་སྐྱབས་སེམས་ཙམ་སྔོན་དུ་འགྲོ་བས་དངོས་གཞི་ལྷ་བསྐྱེད་ཀྱི་རྗེས་སུ་ཛཔྲ་དགོངས་གདལ་བཏབ་ནས་བཟླས་པ་ལ་འཇུག་པས་ཆོག་ཅིང་། མཐར་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་དོན་གྲུབ་པ་ཡིན་ནོ། །ངོ་མཚར་ཐུགས་སྒྲུབ་བྱེ་བའི་ཕུལ། གསང་འདུས་བཀའ་སྲོལ་ཡོངས་རྫོགས་ཀྱི། །ལས་བྱང་སྙིང་པོའི་བཅུད་བསྡུས་གང་། །སྐལ་བཟང་འདོད་འཇོའི་དཔྱིད་དུ་ཕྱེས། །ཨེ་མ་གང་བྱིན་འོད་སྟོང་འཛུམ། བདག་སྙིང་པདྨོར་འཕོས་ལས་འདིར། །བློ་གྲོས་གེ་སར་འཕྱུར་བའི་བཅུད། །ཟབ་དོན་ཟིལ་དངར་ཅི་ཡང་བདོ། །འདིས་ཐོབ་བསོད་ནམས་བདུད་རྩིའི་ཆར། །གདུལ་བྱའི་ཞིང་སར་ཡོངས་

p. 59

སྨིན་ཏེ། །གྲུབ་གཉིས་འབྲས་བཟང་དགའ་སྟོན་མཆོག །རང་དབང་བགྱིད་པའི་གཞིར་གྱུར་ཅིག །བླ་མའི་ཐུགས་སྒྲུབ་གདམས་སྲོལ་ཡོངས་འདུས་ཀྱི་ལས་བྱང་སྙིང་པོའི་བཅུད་དུ་དྲིལ་བ་སྐལ་བཟང་འདོད་འཇོ་ཞེས་བྱ་བ་འདི་ཡང་། རང་གཞན་རྣམས་སྐབས་འགའ་ཞིག་ཏུ་ངག་འདོན་གྱི་སྤྲོས་པ་རྒྱས་པར་མི་ལྕོགས་པ་ན་འཇུག་པ་བདེ་བའི་ཕྱིར་གཏེར་གཞུང་རྡོ་རྗེའི་གསང་ཚིག་ཁོ་ན་གུང་བསྡེབས་ཏེ། དུས་སུ་ཁྱབ་ཅིང་ཀུན་ནས་རྟག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།]

བླ་མ་ཐུགས་ཀྱི་སྒྲུབ་པའི་བྱིན་རླབས་གཏོར་མའི་དབང་བསྐུར་གྱི་ཆོ་ག་སྐལ་བཟང་འདོད་འཇོ།

p. 60
p. 61

༄༅། །བླ་མ་ཐུགས་ཀྱི་སྒྲུབ་པའི་བྱིན་རླབས་གཏོར་མའི་དབང་བསྐུར་གྱི་ཆོ་ག་སྐལ་བཟང་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

p. 62

ཨོཾ་སྭསྟི་སིངྔྷཾ ། རྒྱལ་ཀུན་འདུས་ཞལ་ཐོད་ཕྲེང་རྩལ། །སྙིང་དབུས་ཟེའུ་འབྲུར་རྟག་མཆོད་ནས། །སྐལ་བཟང་ལམ་གྱི་འཇུག་ངོགས་སུ། །བྱིན་རླབས་སྙིང་པོའི་དབང་བསྐུར་དབྱེ། [དེ་ལ་འདིར་བླ་མ་ཐུགས་ཀྱི་སྒྲུབ་པའི་ཚེས་བཅུའི་དུས་མཆོད་དང་འབྲེལ་བར་གཏོར་དབང་གནད་ཀྱི་ཤོག་གཅིག་མའམ་ཀུན་འདུས་སྒྲོན་མེར་གྲགས་པ་ཉིད་བསྐུར་བར་འདོད་ན། ལས་གཞུང་གི་དངོས་གྲུབ་བླངས་པའི་བར་དཀྱུས་ལྟར་སོང་ནས། དཀྱིལ་འཁོར་དུ་ཚོགས་པའི་འདུས་པ་རྣམས་ལས་གཞན་གསར་དུ་འཇུག་ན་ཁྲུས་ནས་དབྱུང་། བགེགས་ཕྲལ་སྲུང་འཁོར་བསྒོམ་པ་མདོར་བསྡུས་ཙམ་སྔོན་དུ་གཏོང་། གང་ལྟར་ཡང་སློབ་དཔོན་གྱིས།]འོ། ནམ་མཁའ་དང་མཉམ་པའི་

p. 63

སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཕྱིར་དུ་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པ་མངའ་བ་དེ་ཉིད་ཀྱིས། །གདུལ་བྱ་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་

p. 64

རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པར་མཛད་པ་ཐམས་ཅད་ཀྱི་མཆོག་གམ་ཕུལ་དུ་གྱུར་པ་ནི་གསང་ཆེན་འོད་གསལ་རྡོ་རྗེ་ཐེག་པ་ཚེ་གཅིག་གིས་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་འདི་ཉིད་ཡིན་ལ། འདི་ལའང་དབང་པོ་རིམ་གྱིས་པ་སྦྱོར་བའི་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱི་འཇུག་སྒོར་ཡི་དམ་ལྷའི་དཀྱིལ་འཁོར་དུ་དབང་བསྐུར་ནས་རིམ་གཉིས་ཉམས་སུ་ལེན་པ་དང་། དབང་རྣོན་གཅིག་ཅར་བ་སྔོན་སྦྱངས་ལས་འཕྲོ་སད་པ་རྣམས་ཀྱི་འཇུག་སྒོར་བླ་མ་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་རིམ་གཉིས་ཉམས་སུ་ལེན་པ་གཉིས་སུ་གསུངས་པ་ལས། མཆོག་ཏུ་གྱུར་པ་ནི་ཕྱི་མ་ཉིད་ཡིན་ཏེ། དགོངས་པ་འདུས་པའི་རྒྱུད་ལས། །བསྐལ་པ་སྟོང་གི་སངས་རྒྱས་པས། །བླ་མ་གཉན་པ་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་བསྐལ་བ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བརྟེན་ནས་འབྱུང་། ཞེས་དང་། རྒྱུད་གཞན་ལས་ཀྱང་། དཀྱིལ་འཁོར་མ་ལུས་ཐམས་ཅད་ཀྱང་། །བླ་མའི་དཀྱིལ་འཁོར་ཉིད་དུ་འདུས། །བླ་མ་མཆོག་གིས་བྱིན་བརླབས་ན། །རྒྱལ་བ་

p. 65

ཀུན་གྱིས་བྱིན་བརླབས་ཏེ། །དཀྱིལ་འཁོ་ཀུན་གྱིས་དབང་བསྐུར་འགྱུར། །ཞེས་སོགས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོར་གྲུབ་པའི་ལུང་མཐའ་ཡས་པར་འབྱུང་བ་བཞིན། །དེ་ཉིད་སྒྲུབ་པའི་ཚུལ་ཡང་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། འདིར་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་ཐོག་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བར་མངོན་པར་རྫོགས་པར་སངས་རྒྱས་ནས་ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས་རིགས་ལྔ་གངས་ཆེན་མཚོའི་སྤྲིན་ཆེན་པོ་མངོན་པར་བཀོད་དེ། དག་དང་མ་དག་པའི་འཇིག་རྟེན་མཐའ་ཡས་པར་འགྲོ་འདུལ་སྤྲུལ་པའི་སྐུའི་བཀོད་པ་དེ་སྙེད་དུ་སྣང་བར་མཛད་ཅིང་། །ཁྱད་པར་འཛམ་གླིང་འདི་ཉིད་ཀྱི་རྒྱ་གར་ཨོ་རྒྱན་བོད་ཡུལ་ལ་སོགས་པར་ཐུབ་པའི་དབང་པོའི་བསྟན་པ་ལ་སྟོན་པ་ཉིད་ལས་ལྷག་པའི་འདུལ་བ་བཞིའི་ཆོ་འཕྲུལ་རྒྱུན་ཆད་མེད་པས་སངས་རྒྱས་ཀྱི་ཕྲིན་ལས་རྒྱ་ཆེན་མཛད་དེ། རྡོ་རྗེའི་སྐུས་འཁོར་བ་ཇི་སྲིད་བར་བཞུགས་ནས་རྟག་ཅིང་ཁྱབ་པའི་ཕྲིན་ལས་འདོད་རྒུར་སྒྱུར་པ་ལ་ཡིད་བཞིན་གྱི་

p. 66

ནོར་བུ་རིན་པོ་ཆེས་ཀྱང་བསྐྲུན་དུ་མེད་པའི་ཡོན་ཏན་མངའ་བ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་སྔོན་དུས་ལས་ཅན་རྗེ་འབངས་རྣམས་དང་སྙིགས་དུས་ཀྱི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་རང་གི་སྒྲུབ་ཐབས་རང་ཉིད་ཀྱིས་མཛད་དེ་དོན་མ་འཁྲུལ། སྒྲ་མ་ནོར། ཚིག་མ་བཅོས་པའི་རྡོ་རྗེའི་གསུང་རྨད་དུ་བྱུང་བ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་མཁར་ཆུ་གནམ་སྐས་ཅན་དང་། ཨོ་རྒྱན་རྡོ་རྗེ་གླིང་པས་ངོམ་ཤོད་གནམ་ལྕགས་བྲག་གི་གསང་ཕུག་དང་། ཆོས་རྒྱལ་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་དང་། རིག་འཛིན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་དང་། ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་གྱི་ཁྱུང་ཚང་བྲག་དང་། ཁྲག་འཐུང་བདུད་འདུལ་རྡོ་རྗེས་སྤུ་བོ་མདོང་ཆུ་བདེ་ཆེན་གསང་ཕུག་སྟེ། །གཏེར་བྱོན་བླ་མའི་ཐུགས་སྒྲུབ་གདམས་སྲོལ་རིམ་པ་དྲུག་གི་ཆུ་བོ་གཅིག་ཏུ་འདྲེས་པའི་ཆོས་སྡེ་བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ། དངོས་གྲུབ་ཀྱི་ཆར་རྒྱུན་མ་ཆད། །ཕྲིན་ལས་ཀྱི་ཚན་ཁ་མ་བྲི་བར། བཀའ་བབས་བྱིན་རླབས་ཀྱི་དྲོད་ཚད་དང་ལྡན་པར་བཞུགས་པ་ལགས། དེ་ལས་བྱུང་བའི་གདམས་པ་འདི་ཉིད་ཀྱི་དབང་དུ་

p. 67

བྱས་ན། གསང་འདུས་གནད་ཐེམ་ལས། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་རྒྱལ་བ་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཅེས་གསུངས་པ་ལྟར་གུ་རུ་རིན་པོ་ཆེ་ཉིད་བསྒྲུབ་ཅིང་མཆོད་པས་རྒྱལ་བ་ཐམས་ཅད་སྒྲུབ་ཅིང་མཆོད་པའི་བསོད་ནམས་འཐོབ་པར་འགྱུར་ལ། དེ་ཉིད་མཆོད་པའི་དུས་ཀྱི་ཁྱད་པར་ནི་ཚེས་བཅུ་ཁོ་ན་ཡིན་ཏེ། གསང་འདུས་ཞལ་གདམས་ལས། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ མི་ཚེ་བླ་མ་སྒྲུབ་པ་ལ༔ བསྐྱལ་ན་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ ཞེས་དང་། རྒོད་ལྡེམ་གྱི་མངའ་བསྐྱེད་ནོར་བུའི་བང་མཛོད་ལས། བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང་༔ དེ་དུས་ང་ལ་མོས་པ་གྱིས༔ ཞེས་དང་། རཏ་གླིང་ཡང་སྙིང་འདུས་པའི་བསྐུལ་བྱང་ལས། ང་ཉིད་སྲན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་

p. 68

བློན་སྔགས་སློབ་ལ༔ འབྱུང་ངོ་ཅོག་གི་ཚེས་བཅུའི་དུས༔ ང་ཉིད་འབྱོན་པའི་དབུ་བསྙུང་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤོག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཅིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྷུང་ན་ངས་ཤེས་ཀྱིས༔ བློ་སྙིང་བྲང་གསུམ་ང་ལ་གཏོད༔ ཅེས་དང་། གཞལ་གདམས་གསེར་ཕྲེང་ལས། སྤྲུལ་པས་གངས་ཅན་ཁྱབ་པར་མི་འབྱོན་རིའི༔ ཐ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས༔ སྤོད་ལྡན་གཏོར་མ་རིན་ཆེན་འབར་བར་བཤམས༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུས་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་འབྱོན་དམ་ཚིག་ན་ར་ཀན༔ ཞེས་སོགས་རྒྱ་

p. 69

ཆེར་གསུངས་པ་ལྟར་སྤྱི་དང་བྱེ་བྲག་གི་ཕན་ཡོན་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དུས་བཟང་ཚེས་བཅུའི་མཆོད་པའི་དངོས་གྲུབ་བླང་བའི་ཆོ་ག་དང་རྗེས་སུ་འབྲེལ་བར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། [ཅེས་མཎྜལ་ཕུལ།]དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཧོཿ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ [ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། གསར་བུ་ཡོད་ན།] རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་སྐྱབས་གནས་རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། [ཅེས་བརྡ་སྦྱར་ལ་ལས་གཞུང་གི་སྐྱབས་སེམས་ལན་གསུམ་རེ་བྱ།]བྱིན་རླབས་ཀྱི་གཞི་བསྒྲུབ་པར་བྱེད་པ་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་པདྨ་

p. 70

ཉི་ཟླ་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ་གཞི་ལུས་ཀྱི་བཀོད་པ་དབང་ཆེན་རྟ་མཆོག་ཧེ་རུ་ཀ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ། ཡབ་ཡུམ་གྱི་སྤྱི་བོར་རྟ་གདོང་དང་ཕག་ཞལ་བཞད་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཉིས་བརྐྱང་བསྐུམ་གར་གྱི་རོལ་པས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་ལམ་གྱིས་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པ་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རང་བཞིན་གྱི་གནས་དང་། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་རབ་འབྱམས་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ཐུགས་མོས་མཛད། [སྤྱན་འདྲེན་རྒྱས་བསྡུས་ཇི་ལྟར་རིགས་པའི་མཐར།] ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ་ཨཱ༔ ཛྙཱ་ན་ཨཱ་

p. 71

བེ་ཤ་ཡ་ཨཱཿ ཛཿཧཱུྃ་བྃ་ཧོཿ [ཞེས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ།] དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞི་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལའང་། གཏོར་མ་མཆོད་པའི་དུས་སུ་གཏོར་མར་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། དངོས་གྲུབ་བླང་བའི་དུས་སུ་དམ་རྫས་སུ་ཤེས་པ་སྟེ་གསུམ་ལས། འདིར་དབང་དུས་སུ་ལྷར་ཤེས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འབྱུང་བ་རིམ་བརྩེགས་རིན་ཆེན་འབར་བའི་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་པད་ཉི་ཟླ་བའི་གདན་ལ་རྩ་གསུམ་ཀུན་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། རྒྱན་ཆ་ལུགས་ཐམས་ཅད་མ་འདྲེས་ཤིང་ཡོངས་སུ་རྫོགས་པ་ཆུ་ཟླའམ་འཇའ་ཚོན་ལྟ་བུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ལྟེ་བར་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པར་གྱུར་པ་ལ། དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་རབ་འབྱམས་བསམ་གྱིས་མི་ཁྱབ་པས་

p. 72

མཆོད་པའི་མོས་པ་མཛོད། [ཅེས་བརྡ་སྦྱར་ལ། སློབ་དཔོན་གྱིས།] ཨོཾ་གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤཔྡའི་[བར་གྱིས་མཆོད།]སླར་ཡང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ་ཐ་མི་དད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་དངོས་གཞིའི་དབང་བསྐུར་བ་མ་ལུས་པ་སྩལ་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་འདྲེན་པའི་གཙོ༔ བདག་ཅག་ལས་འཕྲོ་སྐལ་བར་ལྡན༔ རང་གཞན་དོན་ཀུན་བསྒྲུབ་བྱའི་ཕྱིར༔ དབང་ཆེན་ཡོངས་རྫོགས་བསྐུར་དུ་གསོལ༔ [ལན་གསུམ། གཏོར་མ་བཏེགས་ལ།] ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཏོར་མ་ལྷར་གསལ་བའི་ཐུགས་རྒྱུད་བསྐུལ་ཏེ་སྐུ་དགྱེས་པའི་གར་མཛད། གསུང་སྔགས་ཀྱི་རང་སྒྲ་སྒྲོགས། ཐུགས་མཁྱེན་བརྩེ་ནུས་པའི་སྒོ་འཕར་བརྒྱ་ཕྲག་དབྱེ་བཞིན་པས་སོ་སོ་རང་རང་གི་མངུན་གྱི་ནམ་མཁར་མངོན་སུམ་དུ་བྱོན་ནས། སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ཨོཾ་ཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་མར་མེ་

p. 73

གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཨོཾ་ལས་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་ཨཱཿཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ཨཱཿལ་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ཧཱུྃ་ཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ལྟེ་བའི་ཧྲཱིཿལས་འོད་ཟེར་དམར་སེར་ཧྲཱིཿཡིག་གི་ཕྲེང་བ་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་ལྟེ་བའི་ཧྲཱིཿལ་ཐིམ་པས་དབང་བཞི་པ་ཐོབ། བག་ཆགས་

p. 74

ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ བླ་མ་རྣམས་དང་གཅིག་པ་ལ༔ ཡི་དམ་ལྷ་དང་དབྱེར་མེད་ཅིང་༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་པ༔ སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྴ་རཀྴ་ཀུ་རུ་སྭཱ་ཧཱ༔ [ཞེས་ཛཔྲ་དབྱངས་དང་བཅས་ཏེ་གཏོར་མ་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རེག་ཅིང་།]སླར་ཡང་གཏོར་མའི་བླ་མ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་འབྲལ་མེད་དུ་བཞུགས་པའི་མོས་པ་མཛོད། [ཅེས་དང་རྩ་སྔགས་བརྗོད་ཅིང་གཏོར་མ་སྤྱི་བོར་བཞག །] མཐར་གཏོར་མ་དངོས་

p. 75

གྲུབ་ཏུ་ཤེས་པ་ནི། ཁྱེད་རང་རྣམས་ལྷར་གསལ་བའི་སྤྱི་བོར་བླ་མ་དང་རྩ་ཁམས་དཔའ་བོ་དང་རྣལ་འབྱོར་མར་དག་པས། གཏོར་མ་དངོས་གྲུབ་ཀྱི་བདུད་རྩིར་འཁྱིལ་བ་དེ་རོལ་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པའི་མོས་པ་མཛོད། །[ཅེས་བརྗོད་ལ་གཏོར་མའི་མཐའ་རས་དངོས་གྲུབ་ཀྱི་རྫས་སུ་སྦྱིན་ཅིང་ཚེ་རིལ་གཡས་བསྐོར་དང་། ཚེ་ཆང་གཡོན་བསྐོར་དུ་རོལ།] དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པ་ལ། མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། བྱེ་བྲག་ཏུ་ཡང་བདེ་གཤེགས་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་ལ་དཔའ་བོ་དང་རྣལ་འབྱོར་མ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཏེ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོགས་ཤིང་མེ་ཏོག་མནྡ་རའི་ཆར་ཆེན་པོ་ཕབ་པས་ཤིན་ཏུ་བཀྲ་ཤིས་པར་བྱས་པའི་ཐུགས་མོས་མཛོད། །[ཅེས་མཚམས་སྦྱར་ལ་ལས་བྱང་ནས་འབྱུང་བས་མཚོན་ཤིས་བརྗོད་ཇི་ལྟར་རིགས་པ་དང་བཅས་ཏེ་མེ་ཏོག་གི་ཆར་ཕབ། འདུས་པ་གསར་བུ་ཡོད་ན་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་བྱའོ། །ངོ་མཚར་ཁྱད་འཕགས་ལམ་ཟབ་དང་། །འབྲེལ་བའི་བྱིན་རླབས་དབང་བསྐུར་

p. 76

ཚུལ། །བརྗོད་འདིས་འགྲོ་ཀུན་དཔལ་གྱི་རིར། །དབུགས་འབྱིན་སྐལ་བཟང་རྙེད་གྱུར་ཅིག ། ཅེས་གཏེར་ཁ་དྲུག་གམ་བདུན་གྱི་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པ་བླ་མ་གསང་འདུས་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བར་དུས་བཟང་ཚེས་བཅུའི་མཆོད་པའི་དངོས་གྲུབ་གཏོར་མའི་དབང་བསྐུར་ཇི་ལྟར་བྱ་བའི་ཚུལ་ཅུང་ཟད་གསལ་བར་སྤྲོས་པ་འདིའང་། རིས་སུ་མ་ཆད་པའི་སྐྱེ་འགྲོ་མཐའ་དག་མཚོ་སྐྱེས་རྒྱལ་བའི་གདུལ་བྱར་སྨིན་པའི་ཆ་རྐྱེན་དུ། མགོན་པོ་གང་གི་རྗེས་སུ་བཟུང་བའི་རིག་པ་འཛིན་པ་འཇིགས་བྲལ་རྡོ་རྗེས་སྦྱར་བ་ཤིན་ཏུ་དགེ་ཞིང་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།]

གུ་རུ་པདྨ་རྒྱལ་པོའི་གསང་སྒྲུབ་ལས་བྱང་འདོད་འབྱུང་ནོར་བུ།

p. 77

༄༅། །གུ་རུ་པདྨ་རྒྱལ་པོའི་གསང་སྒྲུབ་ལས་བྱང་འདོད་འབྱུང་ནོར་བུ་ཞེས་བྱ་བ་བཞུགས་སོ། །

p. 78

ཨོཾ་སྭསྟི། [པདྨ་རྒྱལ་པོའི་གསང་སྒྲུབ་ཉམས་སུ་ལེན་པར་འདོད་པས། དམ་ཚིག་གི་རྟེན་བཀྲམ་པའི་མདུན་དུ་མཆོད་རྫས་གཏོར་མ་སྨན་རཀ་ཉེར་སྤྱོད་སོགས་བཤམ། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ལ། ཐོག་མར་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི།] རང་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་ཡུམ་དང་བཅས་པའི་སྐུར་[བསྐྱེད་ནས། བགེགས་གཏོར་]རཾ་ཡཾ་ཁཾ་[གིས་བསྲེག་གཏོར་སྦྱངས།] ཨོཾ་ཨཱཿཧཱུྃ་ཧོཿ[ས་བྱིན་བརླབ།] སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ[ས་མགྲོན་བཀུག་པ་ལ།] སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི༔ [ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ།] ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་བརླབས་དང༔ ཡི་དམ་ལྷ་ཡི་ཏང་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་

p. 79

བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ [ཞེས་དྲག་སྔགས་དང་བཅས་པ་བགེགས་བསྐྲད་ལ།] ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་ངྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་ངྷ་རཀྵ་རཀྵ་ཧཱུྃ་ཕཊ༔ [ཅེས་མཚམས་བཅད། སྐྱབས་སེམས་ཚོགས་བསགས་ནི། སྐྱབས་ཡུལ་གསལ་བཏབ་ལ།] ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་

p. 80

དུ་སྐྱབས་སུ་མཆི༔ [ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།] སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ [ཞེས་ལན་གསུམ་གྱིས་སེམས་བསྐྱེད།] བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ [ཅེས་ཚོགས་བསགས། མཆོད་རྫས་བྱིན་གྱིས་བརླབ་པ་ནི།] རཾ་ཁཾ་ཡཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་ོ་ནི༔ ཀུན་བཟང་རྣམ་ཐར་མཆོད་པའི་སྤྲིན༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་[སོགས་ནས་]ཤཔྡ་མ་ཧཱ་པཉྩ་ག་ཎ་གུ་ཧྱ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ [ཞེས་པས་མཆོད་རྫས་རྣམས་བྱིན་གྱིས་བརློབ་བོ། །དངོས་གཞི་ལྷ་བསྐྱེད་པ་ནི།] ཧཱུྃ༔ ཆོས་རྣམས་དམིགས་མེད་དེ་བཞིན་ཉིད༔ ཀུན་ཁྱབ་སྙིང་རྗེའི་ངང་ཉིད་ལས༔ རང་རིག་

p. 81

གསེར་གྱི་རྡོ་རྗེར་བསྒོམ༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང་༔ པདྨ་རིན་ཆེན་འབར་བ་སྤེལ༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ ལྟེ་དབུས་ཉི་ཟླ་པདྨའི་སྟེང་༔ རྡོ་རྗེར་གནས་འགྱུར་དྲན་རྫོགས་སུ༔ རང་ཉིད་པདྨ་རྒྱལ་པོ་ནི༔ དམར་སྨུག་སྒེག་འཛུམ་ཆགས་པའི་ཉམས༔ ཕྱག་གཡས་དབང་སྡུད་ཌཱ་རུ་འཁྲོལ༔ ཕྱག་གཡོན་སྣང་གསལ་མེ་ལོང་འཛིན༔ གསང་གོས་ཟ་འོག་བེར་ཆེན་ཀླུབས༔ ལེ་བརྒན་དར་ཐོད་རིན་ཆེན་བརྒྱན༔ རྒྱལ་པོ་རལ་པའི་སྟབས་ཀྱིས་འགྱིང་༔ མདངས་ལྡན་གཟི་བརྗིད་འོད་ཕུང་འབར༔ གཞལ་ཡས་ཕྱི་ནང་ཁོར་ཡུག་ཏུ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང་༔ རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་དང་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད༔ དུ་མར་སྣང་ཡང་ངང་དུ་གཅིག༔ [ཅེས་གསལ་བཏབ་ལ། སྤྱན་འདྲེན་པ་ནི།] ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་

p. 82

བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་བྱང་ཤར་མཚམས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོིང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ་ཨཱཿཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཛ༔ ཧཱུྃ་བྃ་ཧོཿ [བཞུགས་སུ་གསོལ་བ་ནི།] ཧྲཱིཿ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ བཞུགས་པའི་གནས་སུ་དྭངས་རེ་སྤྲ༔ གུ་རུ་པདྨ་རྒྱལ་པོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་རློབ་ཕྱིར་བཞུགས༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ [ཕྱག་འཚལ་བ་ནི།] ཨེ་མ་ཧོཿ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྩ་ཧོཿ [མཆོད་པ་འབུལ་བ་ནི།] ཧྲཱིཿ པདྨ་རྒྱལ་པོའི་ལྷ་ཚོགས་ལ༔ ལྷ་རྫས་ཕྱི་ཡི་མཆོད་པ་འབུལ༔ རང་བྱུང་ནང་གི་མཆོད༴

p. 83

གཉིས་མེད་གསང་བའི༴ བདུད་རྩི་སྨན་གྱི༴ བདེ་ཆེན་རཀྟའི་མཆོད༴ བ་ལིཾ་རྒྱན་གྱི༴ ཞལ་ཟས་ཚོགས་ཀྱི༴ ཏིང་འཛིན་རྩེ་གཅིག༴ སྤྲོ་དགའ་གནས་ཀྱི་མཆོད་པ་འབུལ༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་པུཥྤེ་ངྷེ་པེ་ཨཱ་ལོ་གནྡྷེ་ནཻ་ཝི་དྱ་ཤཔྡ་མ་ཧཱ་པཉྩ་ག་ཎ་གུ་ཧྱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿ [བསྟོད་པ་ནི།] ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགགས་མཉམ་ཉིད་རིག་པའི་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་པོར་བསྟོད༔ སྐྱེ་འགགས་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མི་འགགས་ཅིར་ཡང་སྟན་ཅིང་བསྒྱུར༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད། ཛཔྲ་བཟླ་བ་ནི།] ཐུགས་ཀར་ཉི་སྟོང་རྡོ་རྗེའི་ལྟེར། །ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །དེ་ལས་འོད་ཟེར་རབ་འཕྲོས་པས། །རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད། །འགྲོ་བའི་ལས་སྒྲིབ་མ་ལུས་སྦྱངས། །སྲིད་ཞིའི་

p. 84

དྭངས་བཅུད་ཀུན་བསྡུས་ཏེ། །རང་ཐིམ་བཀྲག་མདངས་གཟི་བརྗིད་འབར། །ཆེ་བའི་ཡོན་ཏན་ཀུན་རྫོགས་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་སརྦ་སིངྔྷི་ཧཱུྃ༔ [ཞེས་གཙོ་བོར་བཟླ་ཞིང་། ལས་སྦྱོར་གྱི་སྔགས་དང་དམིགས་གནད་ལོགས་སུ་ཤེས་སོ། །རྗེས་ཚོགས་ཀྱི་མཆོད་པ་ནི། ཚོགས་ཀྱི་ཡོ་བྱད་རྣམས་ལ་བདུད་རྩི་བྲན་ཏེ།] ཨོཾ་སརྦ་དྲ་བྱཾ་ཤོ་ངྷ་ནི་ཧཱུྃ་ཕཊ༔ [ཅེས་བསངས་ལ།] ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་དྲི་མ་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ འདོད་ཡོན་ཟག་མེད་སྣང་སྲིད་གང་༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ [ཞེས་བྱིན་བརླབ། ཐུག་དམ་བསྐང་བ་ནི།] ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བ་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་ཚུལ་བཞིན་བཀྲམ་ལགས་ན༔ རྩ་གསུམ་ལྷ་ཚོགས་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧོཿ དམ་རྫས་རྒྱན་གྱི་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ [ཅེས་བསྐང་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོས་མཆོད་པ་ནི།] ཧཱུྃ༔

p. 85

བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཁྲ་པཱུ་ཛ་ཁཱ་ཧིཿ [བར་པས་བཤགས་པ་ནི།] ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ལུས་ངག་སེམས་ཀྱིས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཤུངྔྷེ་ཨ༔ [ཐ་མ་བསྒྲལ་བཏབ་ནི། ཚོགས་ཟན་ནམ་གཟུགས་བརྙན་ལ།] ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བྃ་ཧོཿ [ཞེས་དམིགས་བྱ་བསྟིམ་ཏེ་ཕུར་པ་ཡཀྵ་ཁྲོ་ངྷས་གཟིར་ཞིང་།] ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ གཏུམ་དྲག་རྔམས་པའི་རང་བཞིན་ལས༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ནྲྀ་ཏྲྀ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ [ཅེས་བསྒྲལ་ལ།]གུ་རུ་ངྷེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྷནྡྷི་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ [ཅེས་སྟོབ། དེ་ནས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུགས་སུ་ལོངས་སྤྱད། ལྷག་མར་དམ་ཚིག་གི་ཁ་ཕྲུ་བཏབ་ཅིང་།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཧཱུྃ་ཧ་ཧོ་ཧྲཱིཿ[ས་བྱིན་བརླབ།] ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ[ས་ལྷག་མགྲིན་རྣམས་སྤྱན་དྲངས་ཏེ།] ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ཚོགས༔ འདིར་གཤེགས་

p. 86

ལྷག་མའི་གཏོར་མ་བཞེས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བཛྲ་ཨ་ཏི་ཏྲ་ས་མ་ཡ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧྲཱིཿབྷྱོ་བྷྱོ༔ [ཞེས་ཕྱི་རོལ་དུ་འབུལ། འདིར་གཏོར་སྐྱོང་སྤྲོ་ན་ཐུགས་སྒྲུབ་བཞིན་བྱ་ཞིང་དཀྱུས་སུ་མེད་ཀྱང་རུང་བས་མ་བཀོད་དོ། །དངོས་གྲུབ་བླང་བ་ནི། མཆོད་ཅིང་བསྟོད་ནས་ཛཔྲ་ཀྱི་ཐུགས་དམ་བསྐུལ་ཏེ།]ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཐུན་མོང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་སྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ [རྩ་སྔགས་མཐར།] ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྔྷི་ཕ་ལ་ཧོཿ [ཞེས་དངོས་གྲུབ་བླང་། ཉེར་བསྡུ་བྱ་བ་ནི། ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཟོད་པར་གསོལ་ལ།] ཨཿ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ འགགས་མེད་དཀྱིལ་འཁོར་འཇའ་ལྟར་ཤར༔ ཐབས་མཁས་ཐུགས་རྗེའི་རང་བཞིན་ལས༔ དག་གསལ་ཡེ་ཤེས་འོད་ཀློང་བསྡུ༔ [ཞེས་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་། དེ་ལས་ལྡང་བ་ན་སྔགས་ཀྱི་རང་སྒྲས་སླར་ཡང་ཡེ་ཤེས་སྒྱུ་མའི་སྐུར་ལམ་གྱིས་

p. 87

ལྡང་ལ།] ཨེ་མ་ཧོཿ བདག་གིས་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ [ཅེས་སྨོན་ལམ་གདབ། བཀྲ་ཤིས་བརྗོད་པ་ནི། མེ་ཏོག་གི་ཆར་ཕབ་ལ།] ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་ཀུན་འགྲུབ༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོས་བཀྲ་ཤིས་ཤིག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ༎ ། ཞེས་པའང་སྒྲུབ་པའི་རྒྱལ་མཚན་འཛིན་པ་བླ་མ་པདྨ་བསྟན་འཛིན་ནས་ལྷ་གོས་དབང་མདོག་རཏྣའི་མཎྜལ་དང་བཅས་ཏེ་ནན་དུ་བསྐུལ་བཞིན་གསང་འདུས་གཏེར་ཁ་གོང་འོག་གི་སྒོས་སྒྲུབ་ལས་ཇི་ལྟར་འབྱུང་བའི་དོན་བསྡུས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟ་ཧོར་མཚོ་པདྨ་ཅན་དུ་སྦྱར་བ་སིངྔྷི་རསྟུ།། །།]

གཏེར་ཁ་དགུ་འདུས་བཀའ་བརྒྱད།

བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཕྲིན་ལས་སྙིང་པོ་དཔལ་ཆེན་ཐུགས་ཀྱི་ཐིག་ལེ།

p. 88
p. 89

༄༅། །ཤྲཱི མ ཧཱ ཙི ཏྟཿཏི ལ ཀཿ སུ ག ཏ བི ངྷཾ ཨ ཛྙཱ ཥྛ སྱ ཀ རྨ ག རྦྷཿ ན མ བི ཧ ར༴ ཏ སྨ། །
༄༅། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཕྲིན་ལས་སྙིང་པོ་དཔལ་ཆེན་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །

p. 90

ཨོཾ་སྭསྟི་སིངྔྷཾ། [ཡེ་ཤེས་ཀློང་དགུའི་རང་གཟུགས་དཀྱིལ་འཁོར་ལྷ། །སྤྲོ་བསྡུའི་བྱེད་པོ་ཁྱབ་བདག་ཐོད་ཕྲེང་རྩལ། །གསང་འཛིན་ཌཱ་ཀིར་བཅས་པའི་ཞབས་པདྨོ། །སྤྱི་བོའི་རྒྱན་དུ་བསྙེན་ན་དབུགས་དབྱུང་སྩོལ། །གུ་རུའི་ཐུགས་ཀྱི་བརྣག་པ་ཆེ། །ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི། །གདམས་སྲོལ་ཡང་གསང་བཅུད་འདྲིལ་བ། །སྔོན་མེད་ཤིང་རྟ་འདི་ན་འདྲེན། །དེའང་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཆོས་སྡེ་ལས་སྙིང་དང་འདྲ་བ་ཉང་གི་བདེ་གཤེགས་འདུས་པ། སྙིང་ཁྲག་དང་འདྲ་བ་ཆོས་དབང་གསང་བ་ཡོངས་རྫོགས། དྭངས་མ་དང་འདྲ་བ་བྱང་གཏེར་རང་བྱུང་རང་ཤར། སྲོག་དང་འདྲ་བ་པདྨ་གླིང་པའི་ཐུགས་ཀྱི་མེ་ལོང་། ལུས་དང་འདྲ་བ་བསམ་གཏན་བདེ་ཆེན་གླིང་པའི་

p. 91

ཡང་གསང་དྲེགས་འདུལ་ཏེ་ཐུགས་གཏེར་ཆེན་པོ་ལྔ་དང་༔ རྡོ་རྗེ་གླིང་པའི་གསང་རྫོགས་དྲག་སྔགས་འདུས་པ། འཇའ་ཚོན་ཧཱུྃ་ནག་མེ་འབར་གྱི་དངོས་གྲུབ་སྙིང་པོ། ཀློང་གསལ་སྙིང་པོའི་བདེ་གཤེགས་ཡོངས་འདུས། པདྨ་འོད་གསལ་མདོ་སྔགས་གླིང་པའི་ཁྲག་འཐུང་བདེ་གཤེགས་འདུས་པ་བཅས་གཏེར་བྱོན་བཀའ་སྲོལ་རིམ་པ་དགུའི་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི་ལུགས་སུ་སྙིང་པོར་དྲིལ་ཏེ་ཉམས་སུ་ལེན་པར་འདོད་པས། མཚན་ཉིད་དང་ལྡན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་གཙང་མར་དཔལ་གྱི་གཏོར་མ་སྨན་རཀ་ལ་སོགས་ཏེ་ཕྱི་ནང་གསང་བའི་མཆོད་པའི་ཚོགས་དང་། ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱས་

p. 92

ནས། ཕྲིན་ལས་ཀྱི་ཆོ་ག་དངོས་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། སྔ་མ་ལ་དགུའི། དང་པོ་ཚོགས་བསགས་པ་ནི།] རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ[ས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར།] རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུལ་བསྔལ་ཀུན་དང་བྲལ་བར་ཤོག ། བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་

p. 93

ཀུན་མཉམ་ཉིད་རྟོགས་པར་ཤོག ། [ཅེས་རྒྱུད་སྦྱངས་མཐར།] ཛཿཧཱུཾ་བཾ་ཧོཿས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། [གཉིས་པ་བགེགས་ལ་བཀའ་བསྒོ་བ་ནི།] བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོཉཧཾ། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཞགས་པ་ལྕགས་སྒྲོག ། གཡོན་གསུམྦྷན་དམར་དགྲ་སྟྭ་ལྕགས་ཀྱུ་འཛིན་པ། དུར་ཁྲོད་རོལ་པའི་ཆས་ཅན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཆེར་འབར་ཞིང་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར་[པར་བསམ་ཞིང་། འབྱུང་གཏོར་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས།] སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་[བལྟས་ལ།] ཨོཾ་ཨཱཿཧཱུཾ་ཧོཿ[ས་བྱིན་རླབས།] སརྦ་བྷུཏ་ཨ་ཀརྵ་ཡ་ཛཿ[ས་མགྲོན་རྣམས་བཀུག་པ་ལ།] སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱོཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་བསྔོས་ཏེ།] ཧཱུྃ༔ རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ༔ སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་ཡི་ཚོགས༔

p. 94

ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ༔ འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས༔ བདུད་སྡེ་དཔུང་བཅས་ཐམས་ཅད་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུཾ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ༔ ཨཱ་ན་ཡ་ཧོཿ བྷ་ག་བཱ་ན་བཱིདྱ་རཱ་ཛ་ཧཱུཾ་ཕཊ༔ [ཅེས་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། གསུམ་པ་མཚམས་བཅད་པ་ནི།] ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས༔ དྲག་པོའི་བྱིན་རླབས་མཚོན་ཆའི་འོད་ཟེར་འཕྲོ༔ མཚོན་ཆའི་གུར་ཆེན་ཡེ་ཤེས་མེ་དཔུང་འབར༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་བསྲུང༔ ཧཱུཾ་བཛྲ་ཙཁྲ་ཏིཀྵ་ཎ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ ཧཱུྃ༔ དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟེང་༔ ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་ཚོགས༔ གར་དགུའི་ཚུལ་གྱིས་ཧཱུཾ་སྒྲ་སྒྲོགས་ཅིང་བཞུགས༔ བར་ཆད་འབྱུང་པོ་ཐམས་ཅད་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་ངྷ་སྭ་བྷཱ་ཝ་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཙཀྲ་ཛྭ་ལ་མཎྜ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ [བཞི་པ་བརྡ་སྒོ་དབྱེ་བ་ནི།] ཧཱུྃ༔ སྣང་སྲིད་ཐམས་ཅད་བདེ་ཆེན་གཞལ་ཡས་ཁང་༔

p. 95

གཟུགས་སྣང་ཐམས་ཅད་རང་རིག་ཡེ་ཤེས་ལྷ༔ དེ་ཉིད་མ་རྟོགས་མ་རིག་སྒོ་བཅད་པས༔ རང་གསལ་ཡེ་ཤེས་འཆར་སྒོ་ད་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ [ལྔ་པ་བརྡ་ཕྱག་འཚལ་བ་ནི།] ཧཱུཾ༔ རང་བྱུང་ཡེ་ཤེས་སྙིང་པོ་སེམས་ཀྱི་ལྷ༔ མ་རྟོགས་རང་ངོ་རང་གིས་མ་ཤེས་པས༔ ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཇལ༔ རང་གསལ་བརྡ་ཡི་དོན་དང་མཇལ་ཕྱག་འཚལ༔ ཧཱུྃ་ཧེ་རུ་ཀ་ཨ་ཏི་པུ་ཧོཿ [དྲུག་པ་དམ་བཅའ་བ་ནི།] ཧཱུཾ༔ དུས་གསུམ་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས༔ བསྐལ་པ་སྔོན་འདས་དུས་ནས་ཡི་དམ་ལྷ༔ ད་ལྟ་གཉིས་མེད་དོན་དམ་རང་ངོ་ཤེས༔ སྲོག་གི་ཕྱིར་ཡང་མི་བཏང་བསྒྲུབ་ལགས་སོ༔ ཧཱུཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ༔ [བདུན་པ་བཤགས་པ་བྱ་བ་ནི།] ཧཱུཾ༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དགོངས༔ བསྐལ་པ་སྔོན་ནས་ད་ལྟའི་དུས་ཡན་ཆད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཚོགས༔ རང་གནོང་འགྱོད་སེམས་དྲག་པོས་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུཾ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཛཿ ན་ར་ཀ༔ པྲ་ཏེ་ཀ༔ ཏིརྻ་ཀ༔ ནི་བི་ཤ༔ དེ་བ་ཨ་ལི་བི་ཤུངྔྷེ༔ རཀྵ་ཀ་ཤུངྔྷེ་ཤུངྔྷེ་སྭཱ་ཧཱ༔ [བརྒྱད་པ་བྱིན་དབབ་པ་ནི། སྤོས་

p. 96

དང་རོལ་མོས་གཟི་བྱིན་བསྐྱེད་ལ།] ཧཱུཾ༔ ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ ལོངས་སྐུ་རིགས་ལྔ་ཞི་ཁྲོ་འཁོར་དང་བཅས༔ སྤྲུལ་སྐུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ ཁྱེད་ཀྱི་ཐུགས་རྗེ་མཆོག་གིས་བཟུང་དུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀྲོ་ངྷ་ཧེ་བ་དེ་བ་སརྦ་དུཥྚཾ་ཌཱ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཨཱ་དེ་ཤ་ཡ་ཨ་ཨཱ༔ [དགུ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི།] རཾ་ཡཾ་ཁཾ། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་རྣམས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ཐོགས་པའི་ལྷ་མོ་རེ་རེ་ལའང་དཔག་ཏུ་མེད་པར་འཕྲོ་བའི་ཀུན་བཟང་མཆོད་པའི་སྤྲིན་ཕུང་ནམ་མཁའི་མཛོད་ལྟ་བུར་ཟད་མི་ཤེས་པས་ཡོངས་སུ་ཁྱབ་པར་

p. 97

[བསམ་ཞིང་།] ཨོཾ་ཨཱཿཧཱུཾ་བཛྲ་ངྷུ་པེ་ཧཱུཾ༔ བཛྲ་པུཥྤེ་ཧཱུཾ༔ བཛྲ་ཨཱ་ལོ་ཀེ་ཧཱུཾ༔ བཛྲ་གནྡྷེ་ཧཱུཾ༔ བཛྲ་ནཻ་བི་དྱ་ཧཱུཾ༔ བཛྲ་ཤཔྡ་ཧཱུཾ༔ བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུཾ༔ [བདུད་རྩི་ལ།] རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀེཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་རྣམས་ལ་ཤ་ལྔ་བདུད་རྩི་ལྔ་སྨན་ལྔ་རྣམས་གནས་པ་ལ། རླུང་གིས་མེ་སྦར་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་བཅུ་སོ་སོའི་ལྟེ་བར་ཧཱུཾ་ཨོཾ་སྭཱ་ཨཱཾ་ཧཱ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་[པར་བསམ་ལ།] ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ༔ [ལན་གསུམ། གཏོར་མ་ལ།] རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཐོད་པ་དུམ་བུ་གཅིག་པ་སྟོང་གསུམ་དང་མཉམ་པའི་པང་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷའི་ཞལ་ཟས་འདོད་ཡོན་ལྔའི་ལྷ་མོ་སྤྲིན་གྱི་ཕུང་པོ་ལྟ་བུར་

p. 98

འཁྲིགས་པར་[བསམ་ཞིང་།] ཨོཾ་ཨཱཿཧཱུཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་སྭཱ་ཧཱ༔ [ལན་གསུམ། རཀྟ་ལ།] རྃ་ཡྃ་ཁྃ། སྟོང་པའི་ངང་ལས་པདྨ་འབར་བའི་སྣོད་ཆེན་པོར་ར་ལས་རྡོ་རྗེ་སྒེག་མོ་མ་དམར་མོའི་མཁའ་ནས་ཁྲག་གི་རྒྱུན་བབས་ཏེ་ཉོན་མོངས་བག་ཆགས་དང་བཅས་པ་འཇོམས་པའི་རཀྟའི་རྒྱ་མཚོ་རྦ་ཀློང་རྒྱ་མདུད་ཀྱི་ཚུལ་དུ་འཁྲུགས་པ་ལ་ལྷ་མོ་ཉིད་འོད་དུ་ཞུ་ནས་ཐིམ་པས་འཁོར་བ་སྟོང་པར་[བསམ་ལ།] ཨོཾ་ཨཱཿཧཱུཾ་མ་ཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུཾ་ཕཊ༔ [ལན་གསུམ། དེ་ལྟར་ཕྱི་ནང་གི་མཆོད་པ་རྣམས་སོ་སོར་བྱིན་གྱིས་བརླབས་པའམ། བསྡུ་ན།] ཨོཾ་སརྦ་ཏ་ཐཱ་ག་པཱུ་ཛ༔ མ་ཧཱ་པཉྩ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ༔ ཨ་ཧོ་སུ་ཁས་མ་ཡེ་སྭཱ་ཧཱ༔ [ཞེས་མང་དུ་བཟླས་པས་བརླབས་ལ།] ཧཱུྃ༔ རང་དང་གཉིས་མེད་ལྷ་ཚོགས་ལ༔ མར་མེ་སྨན་གཏོར་རཀྟ་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔ [ཞེས་སྙན་བསྣན་ནོ། །][གཉིས་པ་དངོས་གཞིའི་ལས་རིམ་ལ་དགུ་ལས། དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི།] ཧཱུྃ༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ མཉམ་ཡངས་ཕྱོགས་བྲལ་ཀུན་ཏུ་གདལ༔ མ་ནོར་མ་བཅོས་ཆོས་ཀྱི་

p. 99

སྐུ༔ རང་བཞིན་ལྷུན་གྲུབ་ངང་གིས་གསལ༔ ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭབྷཱ་ཝ་ཨཏྨ་ཀོཉཧཾ༔ [ཀུན་སྣང་གི་ཏིང་ངེ་འཛིན་ནི།]ཧཱུཾ༔ དེ་བཞིན་ཀུན་ཁྱབ་ཀུན་ཏུ་སྣང་༔ མ་རིག་འཁྲུལ་སྣང་འཁོར་བའི་ཀློང་༔ གཟུང་འཛིན་བག་ཆགས་རབ་ཏུ་འཐས༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ ཨོཾ་ངྷརྨ་ངྷཱ་ཏུ་སྭ་བྷཱ་ཝ་བིཤུངྔྷེ་མཎྜ་ལ་ཧཱུྃ༔ [རྒྱུའི་ཏིང་ངེ་འཛིན་ནི།] ཧཱུཾ༔ ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ༔ རྒྱུ་ལས་མ་བྱུང་གང་ཡང་མེད༔ ཧཱུཾ་ནི་ཐམས་ཅད་བསྐྱེད་པའི་རྒྱུ༔ དགོས་འདོད་འབྱུང་བའི་ཡི་གེ་བསྒོམ༔ ཙིཏྟ་བཛྲ་ས་མཱ་ཏི་ཧཱུྃ༔ [འབྱུང་བ་རིམ་བརྩེགས་ནི།] རྒྱུ་ཡི་ཡི་གེ་ཧཱུྃ་སྔོན་ལས༔ རཾ་ཡཾ་ཁཾ་གསུམ་རིམ་བཞིན་འཕྲོས༔ ཧཱུྃ༔ བསྐལ་པ་གསུམ་གྱིས་འཇིག་རྟེན་སྟོང་༔ ཡེ་ནས་དག་པའི་ངང་ཉིད་ལས༔ སྣོད་བཅུད་སྦྱོང་ཕྱིར་འབྱུང་རིམ་བརྩེགས༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་གསལ༔ ཧཱུྃ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲུཾ༔ ཧཱུྃ༔ ཨེ་ལས་ནམ་མཁའ་མཐའ་དབུས་མེད༔ ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ ཀེཾ་ལས་རུས་པའི་རི་རབ་སྟེང་༔ རཾ་ལས་བསྐལ་པའི་མེ་པུང་འབར༔

p. 100

[གཞལ་ཡས་ཁང་བསྐྱེད་པ་ནི།] ཧཱུྃ༔ བྷྲཱུཾ་ལས་དུར་ཁྲོད་གཞལ་ཡས་ཁང་༔ ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས༔ ཆོས་སྐུ་འགྱུར་མེད་ཨེ་རུ་གསལ༔ དེ་སྟེང་ཐོད་པ་སྐམ་རློན་གྱི༔ རྩིག་པ་བ་གམ་མཛེས་པ་ལ༔ ལྷ་ཆེན་ཀ་བ་ཀླུ་ཆེན་གདུང་༔ གཟའ་བརྒྱད་ཀ་ཞུ་ཞིང་ཆེན་ཐོག༔ རྒྱུ་སྐར་དྲལ་ཕྱམ་ཐོད་པའི་བད༔ རྒྱུ་མའི་དྲྭ་ཕྱེད་ཙིཏྟའི་ཕོད༔ མོ་རོའི་རྒྱལ་མཚན་ཀེང་རུས་འཕན༔ རྟ་བབ་ཆོས་འཁོར་གསེར་གདུགས་མཛེས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ ཕྱི་ནང་མེད་པར་ཀུན་ཏུ་གསལ༔ ཕོ་བྲང་གཞལ་ཡས་གླིང་ཆེན་དགུཿ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས་༔ མཐིང་ནག་གྲུ་གསུམ་འབར་བའི་སྟེང་༔ དྲེགས་པ་པདྨ་ཉི་ཟླའི་གདན༔ རང་རང་དཀྱིལ་འཁོར་སོ་སོ་གསལ༔ བྷྲཱུྃ་བི་ཤྭ་བི་ཤུངྔྷེ་བྷཉྫ་ཛྙཱ་ན་ཨེ་ཙཀྲ་མཎྜ་ལ་བྷྲཱུཾ༔ རུ་དྲ་ཀྲོ་ངྷི་ཏི་ར་བཾ༔ མ་སུརྻ་མཎྜ་ལ་༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ ལྷ་བསྐྱེད་པ་ནི།] ཧཱུཾ༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ༔ རྒྱ་ཡི་ཡི་གེ་གདན་ལ་བབས༔ སྤྲོ་བསྡུའི་སྦྱོར་བས་དཔལ་ཆེན་སྐུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ གཡས་དཀར་གཡོན་

p. 101

དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་ཞལ་བགྲད་མཆེ་བ་གཙིགས༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་གྱི་ཕྱག་གསུམྦྷན་དམར་འཛིན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ གནམ་ཞལ་ཡུམ་ཆེན་ཀུན་བཟང་འཁྲིལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ མ་སུརྻ་མཎྜ་ལ༔ ཧཱུྃ་བཛྲ་ཨོཾ༔ ཨ་ཙནྡ་མཎྜ་ལ༔ ཨེ་ཨཾ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ར་ཧོ་ཧཾ༔ རཱ་ག་ཡཱ་མིཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་མུ་དྟ༔ པྲ་བེ་ཤ་ཡ་ཕཊ༔ ཨོཾ་ཨོཾ་ཨོཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊཿ སྥ་ར་ཎ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊཿ མ་ཧཱ་ཀྲོ་ངྷཱི་ཤྭ་རི་སྟྭཾ༔ ཧཱུཾ༔ དཔལ་ཆེན་ཡབ་ཡུམ་མཁའ་གསང་ལས༔ ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་དུ༔ མཐིང་ནག་ཧཱུཾ་ཆེན་ཡིག་འབྲུ་སྤྲོས༔ ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔

p. 102

ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ༔ ཤར་དུ་བཛྲ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྩེ་དགུ་ཁ་ཊྭཱཾ་རྔ་༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ཀྲོ་ངྷཱི་ཤྭ་རི་སྦྱར༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད་༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་བེ་ཅན་རལ་གྲི་སྟྭཾ༔ གཡོན་གསུམ་སྡིག་མཛུབ་མདུང་བྷན་དམར༔ ཡུམ་མཆོག་ཟ་བྱེད་བེ་ཏཱ་སྦྱར༔ གཡས་པས་གཙོ་འཁྱུད༴ གཡོན་པས་ཆགས་པའི༔ དུར་ཁྲོད་ཆས་བརྒྱད༴ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ༔ ཧཱུྃ༔ ནུབ་ཏུ་དབང་ཆེན་རྟ་

p. 103

མཆོག་དཔལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་ལྗང་དབུས་དམར་ཞལ༔ དབུ་གཙུག་རྟ་སྐད་ཕྱོགས་བཅུར་སྒྲོག༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཞགས༔ གཡོན་གསུམ་དྲིལ་བྷན་ལྕགས་སྒྲོག་བསྣམས༔ ཡུམ་མཆོག་པདྨ་གཟི་ལྡན་སྦྱོར༔ གཡས་པས༔ གཡོན་པས༴ དུར་ཁྲོད༴ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་པདྨཱནྟ་ཀྲྀ་ཏ་མ་ཧཱ་ཀྲོ་ངྷ་ཧ་ཡི་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཧཱུྃ༔ བྱང་དུ་རྡོ་རྗེ་གཞོན་ནུ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གཉིས་རྩེ་དགུ་རྩེ་ལྔ་འཛིན༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྦྱར༔ གཡས་པས༴ གཡོན་པས༴ དུར་ཁྲོད༴ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་བཛྲ་ཀཱི་ལི་ཀའི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ ཧཱུཾ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་

p. 104

བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁྱུང་སྦྲུལ་ཞགས༔ གཡོན་གསུམྦྷནྡྷ་ཞིང་གའུ༔ ཡུམ་ཆེན་ཉིད་བཞི་བདེ་མཆོག་སྦྱོར༔ གཡས་པས༴ དུར་ཁྲོད༴ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ངྷཱི་ཤྭ་རི་སྟཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ ཧཱུཾ༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད༔ སྐུ་མདོག་དཀར་དམར་རུས་རྒྱན་སྤྲས༔ རིགས་ལྔའི་དབུ་བརྒྱན་ཐུགས་སྲོག་གསལ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བསྒྱུར༔ ཡུམ་ཆེན་ཆོས་དབྱིངས་རྣལ་འབྱོར་མ༔ གཉིས་མེད་འཁྲིལ་སྦྱོར་ཆེན་ཆེན་བསྐྱེད༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུཾ་ཕཊ༔ ཧཱུཾ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ལས༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ༔ གཡོན་གསུམྦྷན་དམར་

p. 105

ཀླུ་བརྒྱད་མགོ༔ ཡུམ་མཆོག་སྲིད་པ་སྤྱི་འདུལ་སྦྱོར༔ གཡས་པས༴ གཡོན་པས༴ དུར་ཁྲོད༴ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ༔ ཧཱུྃ༔ བྱང་ཤར་སྟོབས་ལྡན་ནག་པོ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང༔ གཡོན་གསུམྦྷན་དམར་ཀླུ་བརྒྱད་སྙིང་༔ ཡུམ་ཆེན་འབྱུང་བ་ལྔ་བདག་སྦྱོར༔ གཡས་པས་གཟུགས་ཁམས་མཁའ་ལ་འདེགས༔ གཡོན་པས་འདོད་ཁམས་ས་ལ་མནན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་བཛྲ་སརྦ་དུཥྚན་ཨེ་ཛཿབྷྱོ་ཧཱུཾ་ཕཊ༔ ཧཱུཾ༔ ཉི་མ་དང་ནི་འོད་ཟེར་བཞིན༔ དཔལ་ཆེན་སོ་སོའི་སྤྲུལ་འཁོར་བཅས༔ ཕྱི་རོལ་སྒོ་བ་རིགས་བཞི་ནི༔ ཡ་མཱ་ན་པྲ་ཛྙཱ་ན་པདྨན་བིག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཛཿཧཱུཾ་བཾ་ཧོ༔ ཧཱུཾ༔ ཕྱི་

p. 106

རོལ་ལྕགས་རི་ཁོར་ཡུག་ལ༔ མཁའ་འགྲོ་དབང་ཕྱུག་གིང་ལངྐ༔ འབར་མ་མ་སྲིང་བཀའ་སྡོད་ཚོགས༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་གཏིབས༔ མ་ཧཱ་མུ་ཏྲ་ས་མ་ཡ་ཧོཿ [བྱིན་བརླབ་པ་ནི།] ཧཱུཾ༔ རང་བྱུང་དཀྱིལ་འཁོར་དཔལ་ཆེན་ཚོགས༔ མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར༔ སྐུ་གསུང་ཐུགས་མཆོག་བྱིན་རློབ་ལ༔ ཡེ་ཤེས་རྣམ་ལྔའི་དབང་སྐུར་ཅིག༔ [ཅེས་པས།] ལྷ་ཚོགས་རྣམས་ཀྱི་དཔྲལ་བར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྣམ་སྣང་དཀར་པོ་ཐུགས་ཀར་ཨོཾ་གྱིས་མཚན་པ། ལྗགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སྣང་མཐའ་དམར་པོ་ཐུགས་ཀར་ཨཱ༔ ས་མཚན་པ། ཐུགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་རྡོར་སེམས་མཐིང་ག་ཐུགས་ཀར་ཧཱུཾ་གིས་མཚན་པ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་ནས་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པ་ཐོབ། ཨོཾ་ཨཱཿཧཱུྃ༔ [དབང་བསྐུར་བ་ནི།] སྤྱི་བོའི་གནས་ལྔར་དཔའ་བོ་འབྲུ་ལྔ་ལས་རྒྱལ་བ་རིགས་ལྔ་སོགས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་བཞུགས་ནས་དབང་ཆེན་རབ་

p. 107

འབྱམས་ཀྱི་དབང་བསྐུར་བ་ཐོབ་སྟེ་འགྲོ་དོན་ལ་དབང་བར་གྱུར། ཧཱུཾ་ཨོཾ་སྭཱཧྲཱིཿཧཱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀྩིཏྟ་ཛྙཱ་ན་པཉྩ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ༔ [གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི།] རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་དཀྱིལ་འཁོར་དགུའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཧཱུྃ༔ རྣམ་དག་ཆོས་དབྱིངས་མཉམ་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ༔ སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུཾ་བཾ་ཧོཿ ཧྲིཾ་ཧྲིཾ་ཛཿ [གསུམ་པ་བཞུགས་སུ་གསོལ་བ་ནི།] ཧཱུཾ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ དུ་མ་རོ་གཅིག་བརྟན་པར་བཞུགས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་སྟྭཾ༔ [བཞི་པ་ཕྱག་འཚལ་བ་ནི།] ཧཱུྃ༔ ཆོས་རྣམས་རང་བཞིན་ཡེ་ནས་དག༔ རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྟོན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔

p. 108

[ལྔ་པ་མཆོད་པ་འབུལ་བ་ལ། ཕྱག་རྒྱ་གར་མཆོད་ནི།] ཧཱུྃ༔ གདུལ་བྱའི་མོས་བློ་ཐ་དད་པས༔ ཞི་དང་ཁྲོ་དང་འདྲེས་པའི་ཚུལ༔ ཞལ་དང་ཕྱག་མཚན་ཅིར་ཡང་བསྒྱུར༔ བདེ་གཤེགས་ཐམས་ཅད་གར་གྱི་བདག༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ མ་ཧཱ་མུ་དྲ་པཱུ་ཛ་ཧོཿ [གླུའི་མཆོད་པ་ནི།] ཧཱུྃ༔ སྟོང་པའི་རང་བཞིན་ཅིར་ཡང་སྣང་༔ སྣང་བའི་མཚན་ཉིད་སྐྱེ་བ་མེད༔ གླུ་ནི་འདུ་འབྲལ་མེད་པའི་གླུ༔ བྲོ་ནི་བར་ཆད་མེད་པར་བརྡུང་༔ ཨོཾ་མ་ཧཱ་ཛྙཱ་ན་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ༔ [ཕྱི་མཆོད་ནི།] ཧཱུྃ༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན༔ དབྱིངས་ནས་བཏོན་ཏེ་དབྱིངས་སུ་འབུལ༔ ཨོཾ་པ་ན་པེ༔ པེ་ནུ་སུ་ར་ཏོ༔ རི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིངྔྷི་ས་མ་ཡ་ཧོཿ ཨོཾ་ཤྲཱི་བཛྲ་རཱ་ག་ངྷུ་པེ་ཧཱུཾ༔ པུཥྤེ་ཏྲྃ༔ ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་ཧྲཱིཿ ནཻ་བི་དྱཱ་ཨཱཿ གཱིརྟི་ཤཔྡ་ཧཱུྃ༔ [ནང་མཆོད་ནི།]ཨོཾ༔ མཆོད་པ་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ལྡན་མཆོད་པ་བཞེས༔ ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ [གསང་མཆོད་ནི།] ཧཱུྃ༔ འདོད་

p. 109

ཆགས་ཞེ་སྡང་གཏི་མུག་ཆེ༔ ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ༔ ཡེ་ནས་རིགས་ལྔའི་རང་བཞིན་ཡིན༔ སྦྱོར་སྒྲོལ་ཏིང་འཛིན་དམ་མཆོད་བཞེས༔ ཧ་ལ་པཉྩ་པཱུ་ཛ་ཧོཿ [དུག་གསུམ་གྱི་མཆོད་པ་ནི།] ཧཱུྃ༔ ཤ་ཁྲག་རུས་པ་རྣམ་པ་གསུམ༔ དུག་གསུམ་མཆོད་པ་བླ་ན་མེད༔ ཡེ་ནས་སྐུ་གསུམ་རང་བཞིན་ཏེ༔ རང་གྲོལ་ཉིད་དུ་མཆོད་པར་བཞེས༔ མ་ཧཱ་མཱཾ་ས༔ མ་ཧཱ་རཀྟ༔ མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི༔ [སྨན་མཆོད་ནི།] ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་བསྒྲལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་ཆེ༔ དུས་གསུམ་བླ་མ་ཡི་དམ་ལྷ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དམ་སྐོང་དབང་དང་ཤེས་རྒྱུད་ལུང་སྟོན་པའི༔ ངེས་པའི་དོན་སྟོན་རྩ་བརྒྱུད་བླ་མ་ལ༔ རྣམ་དག༴ ཐུགས་རྗེས༴ ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ༴ བདེ་

p. 110

གཤེགས་ཞི་བ་ཆེ་མཆོག་གཤིན་རྗེའི་གཤེད༔ རྟ་མགྲིན་ཡང་དག་ཕུར་པ་རྦོད་གཏོང་ལ༔ རྣམ་དག༴ ཐུགས་རྗེས༴ ཨོཾ་ཨཱཿཧཱུཾ་སརྦ༴ རིག་འཛིན་དྲག་སྔགས་དྲེགས་འདུལ་བཀའ་སྡོད་ཚོགས༔ མཁའ་འགྲོ་ཆོས་སྐྱོང་གཞི་གནས་གཏེར་བདག་ལ༔ རྣམ་དག༴ ཐུགས་རྗེས༴ ཨོཾ་ཨཱཿཧཱུཾ་སརྦ༴ [དངོས་གྲུབ་བླང་བ་ནི།] ཧཱུྃ༔ ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ དམ་ཚིག་ཅན་གྱིས་ཧཱུཾ་བསྒོམས་ཏེ༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔ མྱང་ན་དངོས་གྲུབ་མཆོག་ཐོབ་འགྱུར༔ ཀཱ་ཡ་སིངྔྷ་ཨོཾ༔ ཝཱ་ཀ་སིངྔྷིཨཱ༔ ཙིཏྟ་སིངྔྷི་ཧཱུྃ༔ སརྦ་སིངྔྷི་ཧྲཱིཿ [གཏོར་མའི་མཆོད་པ་ནི།] ཧཱུྃ༔ དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ འདོད་ཡོན་ལྔ་ཡི་ཕུང་པོར་འབར༔ ཐམས་ཅད་ཚིམ་བྱེད་མཆོད་སྦྱིན་ཆེ༔ ཞི་ཁྲོ་ཡོངས་རྫོགས་ཐུགས་དམ་བསྐང་༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ [རཀྟའི་མཆོད་པ་ནི།] ཧཱུྃ༔ རུ་དྲ་བསྒྲལ་བའི་ཁྲག་ཆེན་པོ༔ ལྕང་ལོར་བཅས་པའི་བྷཉྫར་བསྐྱིལ༔ འཁོར་བ་དབྱིངས་སུ་དག་བྱའི་ཕྱིར༔ དཔལ་ཆེན་ཚོགས་ཀྱི་ཞལ་དུ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ [བདུད་རྩི་གསང་ནན་གྱི་མཆོད་པ་ནི།] ཧཱུྃ༔ རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་འདི༔ དུག་ལྔ་སྨན་གྱུར་དམ་པའི་

p. 111

རྫས༔ ཛ་གད་དཔའ་བོའི་བདུད་རྩི་འདིས༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཛ་གད་ཁཱ་ཧི༔ [སྦྱོར་བའི་མཆོད་པ་ནི།] ཧཱུྃ༔ དབྱིངས་རིག་གཉིས་མེད་སྦྱོར་བ་ཡིས༔ འཁོར་འདས་གཉིས་སུ་མེད་པར་སྦྱོར༔ གཉིས་མེད་རྟོགས་པའི་སྦྱོར་མཆོད་འདིས༔ རྒྱལ་བ་ཡབ་ཡུམ་མཉེས་གྱུར་ཅིག༔ ཛཿཧཱུཾ་བཾ་ཧོཿ པདྨ་ཡོ་གི་ནཱི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ [སྒྲོལ་བའི་མཆོད་པ་ནི།] ཧཱུྃ༔ ཡང་དག་དོན་རྟོགས་བློ་ཡིས་ནི༔ མ་རྟོགས་སེམས་ཅན་གནས་སུ་བསྒྲལ༔ དུས་གསུམ་བདེ་གཤེགས་དེ་ལ་མཉེས༔ མཆོག་གི་མཆོད་པ་ཆེན་པོ་བཞེས༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་རུ་ཏྲ་པྲ་བྷཉྫ་ཙཀྲ་ཧཱུཾ་ཕཊ༔ པྲ་བེ་ཤ་ཡ་ཕཊ༔ ཏི་ཧཱུྃ་ཨེ་ཡཾ་སྥ་ར་ཎ་ཕཊ༔ [དྲུག་པ་བསྟོད་པ་ནི།] ཧཱུྃ༔ དུས་གསུམ་བདེ་གཤེགས་ཆོས་རྣམས་རྫོགས་པའི་དཔལ༔ ཞི་བ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་ཡོན་ཏན་རྫོགས་པའི་དཔལ༔ ཆེ་མཆོག་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་ཐུགས་མཆོག་རྫོགས་པའི་དཔལ༔ ཡང་དག་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་སུ་ཆོས་རྣམས་མཆོག་རྫོགས་པའི་དཔལ༔

p. 112

གཤིན་རྗེ་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་གསུང་མཆོག་རྫོགས་པའི་དཔལ༔ དབང་ཆེན་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་ཕྲིན་ལས་རྫོགས་པའི་དཔལ༔ ཕུར་པ་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་གཟི་བརྗིད་རྫོགས་པའི་དཔལ༔ མ་མོ་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་ཕྱག་རྒྱ་རྫོགས་པའི་དཔལ༔ རིག་འཛིན་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་མངོན་སྤྱོད་རྫོགས་པའི་དཔལ༔ འཇིག་རྟེན་ཡོངས་རྫོགས༴ དུས་གསུམ་བདེ་གཤེགས་དམོད་མཐུ་རྫོགས་པའི་དཔལ༔ དྲག་སྔགས་ཡོངས་རྫོགས༔ ཕྲིན་ལས་བཞི་སྒྲུབ་ཕྱི་ནང་བར་ཆད་སེལ༔ སྒོ་བ་སྒོ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་སྤྱན་སྔར་བསྟན་པའི་གཉེར་བླངས་པའི༔ བཀའ་ཉན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ བདག་སོགས་མོས་པའི་བུ་ལ་སྩལ་དུ་གསོལ༔ [བདུན་པ་ཛཔྲ་བཟླ་བ་ལ་གསུམ་ལས། དང་པོ་ཞི་བར་བསྙེན་པ་ནི།] དཀྱིལ་འཁོར་གཙོ་དགུའི་ལྷ་རྣམས་ཀྱི་དབུ་གཙུག་ཏུ་རིགས་བདག་ཀུན་བཟང་ཡབ་

p. 113

ཡུམ་སྤྱི་བོའི་གནས་ལྔར་སོ་སོའི་རིགས་ལྔ་འཁོར་དང་བཅས་པ་བཞུགས་པའི་གནས་གསུམ་འབྲུ་གསུམ་དང་ཐུགས་སྲོག་ས་བོན་སྔགས་ཕྲེང་གིས་བསྐོར་བ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་བཟླས་པའི་ཐུགས་རྒྱུད་བསྐུལ། སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་སྟོང་གསུམ་ཐམས་ཅད་ཞི་བའི་ལྷ་དང་སྔགས་སྒྲས་གང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཚུར་བསྡུས་ནས་ཐིམ་པར་[བསམ་ཞིང་།] ཨོཾ་བོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་ངྷཱ་ཏུ་ཨཱ༔ [ཞེས་ཞི་བ་སྤྱི་བསྡུས་ཀྱི་སྙིང་པོ་བཟླ། གཉིས་པ་ཁྲོ་བོར་སྒྲུབ་པ་ལ། དམིགས་པའི་འཕྲོ་འདུ་རྣམ་གྲངས་གསུམ་གྱི། དང་པོ་ཕྲ་མོའི་ཏིང་ངེ་འཛིན་གསལ་བས་རང་གི་གནས་སྦྱོང་བ་ནི།] བདག་ཉིད་ཀྱི་ཐུགས་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ཟླ་བའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་རྡོར་སེམས་དཀར་པོ་ཚོན་གང་བ། དེའི་ཐུགས་ཁར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་མི་འགྱུར་བའི་ཐིག་ལ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་རྣམས་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་གནས་པ། [གཉིས་པ་བཟླས་བརྗོད་འཕྲོ་འདུས་ཡེ་ཤེས་ལྷ་ཉེ་བར་བསྙེན་པ་ནི།] བཟླས་པའི་རྐྱེན་གྱིས་

p. 114

ཐུགས་ཀའི་སྔགས་ཕྲེང་གྱེན་དུ་བྱུང་། ལྗགས་སྟེང་ཨཱཿལ་བསྐོར། ཤངས་བུག་གཡས་ནས་ཡར་བརྒྱུད། སྤྱི་བོའི་ཨོཾ་ལ་བསྐོར་བ་བྱས་ནས་ཕྱིར་བྱུང་བ་ཤངས་བུག་གཡོན་གྱི་སྒོར་ཐོན། ཡུམ་གྱི་ཤངས་བུག་གཡས་ནས་ལུགས་ཏེ་ཐུགས་ཀའི་ཧཱུཾ་ལ་བསྐོར་ཅིང་གསང་བའི་པདྨོར་བབས། [གསུམ་པ་བྱང་སེམས་འཕྲོ་འདུས་དངོས་གྲུབ་ཡུམ་མཁར་བསྡུ་བ་ནི།] ཡུམ་མཁའི་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་ཐམས་ཅད་མཆོད། ཐུགས་རྗེ་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ནས་ཡུམ་གྱིས་པདྨར་བསྐྱིལ་བ་དེ་རྡོ་རྗེའི་ལམ་བརྒྱུད་ཐུགས་ཀའི་ཧཱུཾ་ལ་ཐིམ། སྣོད་བཅུད་དག་པ་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དང་གྲག་སྟོང་རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཐམས་ཅད་ཡོངས་སུ་གང་བར་[བསམ་ཞིང་། བཟླ་བྱའི་སྔགས་ནི།] ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ༔ [ཅེས་ཁྲོ་བོ་སྤྱི་བསྡུས་ཀྱི་སྙིང་པོའོ། །]ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ [ཆེ་མཆོག་གོ།] ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ [ཡང་དག་གོ།] ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ༔ [གཤིན་རྗེའོ། །]ཨོཾ་པདྨནྟ་ཀྲྀཏ་བཛྲ་ཀྲོ་ངྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ [རྟ་མགྲིན་ནོ། །]ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་

p. 115

བཾ་ཧཱུཾ་ཕཊ༔ [ཕུར་པའོ། །]ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ངྷཱི་ཤྭ་རི་སྟཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊཿ [མ་མོའོ། །]ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུཾ་ཕཊ༔ [རིག་འཛིན་ནོ། །]ཨོཾ་བཛྲ་ཙནྜ་སརྦ་དུཥྚན་ཧཱུཾ་ཕཊ༔ [དྲེགས་འདུལ་ལོ། །]ཨོཾ་བཛྲ་སརྦ་དུཥྚན་ཨེ་ཛཿབྷྱོ་ཧཱུཾ་ཕཊ༔ [དྲག་སྔགས་སོ། །]ཁྲོཾ་ག་རུ་ཌ་ཧཱུཾ་ཕཊ༔ [བྱ་ཁྱུང་ངོ་། །]སརྦ་ངྷཱ་ཀི་ནཱི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཧཱུཾ་ཕཊ༔ [བཀའ་སྡོད་དོ། །གསུམ་པ་ལས་ལ་སྦྱོར་བ་ནི།] ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་ཞལ་ནས་དྲག་སྔགས་འབྲུག་སྒྲ་སྟོང་གསུམ་གང་བར་བསྒྲགས་པས་ཁམས་གསུམ་ཆོས་ཉིད་དུ་བསྒྲལ། བ་སྤུའི་བུ་ག་ཚུན་ཆད་ནས་ཡེ་ཤེས་ཀྱི་མེ་ལྕེ་མགར་གྱི་ཚྭ་ཚྭ་ལྟ་བུར་འཕྲོས་པས་སྣང་སྲིད་མེ་ཕུང་གིས་གང་། ཕྱི་སེམས་ཅན་ཀུན་གྱི་ལས་ཉོན་ཕུང་པོ། ནང་སྒྲུབ་པ་པོའི་རྣམ་རྟོག་འཁྲུལ་འཛིན། བར་གདོན་བགེགས་ལོག་འདྲེན་ཐམས་ཅད་གཞོབ་ཏུ་བསྲེགས་ནས་སྐྱེ་མེད་ཀྱི་དབྱིངས་སུ་ཐིམ་པར་[བསམ་ཞིང་།] ཨོཾ་བཛྲ་མ་ཧཱ་ཀྲོ་ངྷ་པདྨ་ཀྲོ་ངྷི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུཾ་ཕཊ༔ [ཅེས་དྲག་སྔགས་སོ་ལྔ་པ་སྟེ། དེ་ལྟར་གཙོ་འཁོར་བསྙེན་སྒྲུབ་ལས་སྦྱོར་གྱི་དབྱེ་བས་ཇི་ཙམ་ནུས་པ་བཟླའོ། །བརྒྱད་པ་སྟོང་ཚིགས་

p. 116

ཀྱི་མཆོད་པ་ནི།] ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ [ཞེས་བཟླས་པའི་བར་མཚམས་སོ་སོར་མཆོད་པ་བྱའོ། །དགུ་པ་དངོས་གྲུབ་བླང་བ་ནི་འཁྲུགས་བསྡེབས་ཀྱི་དགོངས་པས་འོག་ཏུ་འཆད་དོ། །སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལ་དགུ་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཞིང་ལྤགས་ཀྱི་ཁར་ཐབས་ཤེས་ཀྱི་དམ་རྫས་གཙོ་བོར་གྱུར་པའི་བཟའ་བཏུང་གི་ཡོ་བྱད་ཅི་འབྱོར་པ་བཤམས་ལ། བྱིན་གྱིས་བརླབ་པ་ནི།] ཨོཾ་ཨུཙྪུཥྨ་བཻ་ཏཱ་ལི་ཀྲོ་ངྷཱ་ནི་སརྦ་དྲ་བྱཾ་སཾ་ཤོ་ངྷཱ་ནི་ཧཱུྃ་ཕཊ་སྭཱ་ཧཱ༔ ཧཱུཾ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་ཐམས་ཅད་སྒྱུ་མར་རིགས༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ ཚོགས་ཀྱི་དངོས་པོ་བསྲེག་སྦྱང་བཀྲུ༔ རྃ་ཡྃ་ཁྃ༔ ཚོགས་ཀྱི་ཡོ་བྱད་སྟོང་པའི་ངང་༔ ཆ་དང་མ་ལས་ཉི་ཟླ་ཡི༔ སྣོད་དུ་འབྲུ་གསུམ་ཞུ་བ་ལས༔ འདོད་ཡོན་ལྔ་ལྡན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ [ཚོགས་ཞིང་སྤྱན་འདྲེན་པ་ནི།] ཧཱུཾ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་ཚོགས་ལ་གཤེགས༔ དམ་ཚིག་དཀྱིལ་འཁོར་གནས་

p. 117

འདིར་བཞུགས༔ བདག་དང་གུས་པས་ཕྱག་འཚལ་ལོ༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་བདའ་ཞིང་༔ རེག་བདེ་གླུ་གར་ཆོས་ཡིད་ཚིམ༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང་༔ [དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་པས་ཆ་དང་པོ་མཆོད་པ་ནི།] ཧཱུྃ༔ བླ་མེད་མཆོག་གི་མཆོད་སྦྱར་བས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ༔ དམ་སྐོང་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱོཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ [བར་པ་བཤགས་པ་ནི།] ཧཱུཾ༔ མ་རིག་བདག་ཅག་ལུས་ངག་སེམས༔ བདག་མེད་དམ་འགལ་འབྱོར་ཚོགས་ཆུང་༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་དང་འགལ་གྱུར་བཟོད་པར་གསོལ༔ ཨ་ཧོ་མ་ཧཱ་སུ་ཁ་ས་མ་ཡ་ཧོ༔ [ཐ་མ་བསྒྲལ་བསྟབ་ནི། དམིགས་བྱའི་གཟུགས་བརྙན་བཅས་ལ།] ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུགས་སྔགས་

p. 118

དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན༴ ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་ལནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །[དྲག་སྔགས་སོ་ལྔ་པའི་མཐར།] ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ [ཞེས་དགུག་གཞུག་བྱས་ལ། ཕུར་ཐུན་བསྐུལ་བ་ནི།] ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷཿ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུཾ༔ ང་

p. 119

ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ བཀའ་བརྒྱད་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ [དྲག་སྔགས་སོ་ལྔའི་མཐར།] སརྦ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ [ཅེས་བསྒྲལ། ཞལ་དུ་བསྟབ་པ་ནི།] ཧཱུཾ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེས་ཤིག༔ བག་ཆགས་ཀུན་སྦྱོང་འཁོར་བའི་ལམ་དགག་ཕྱིར༔ དགྲ་བགེགས་བསྒྲལ་བའི་དུག་གསུམ་ཤ་ཁྲག་རུས༔ ཟ་བྱེད་མི་འགྱུར་ཆོས་ཉིད་ཀློང་དུ་རོལ༔ བཛྲ་ཡཀྵ་ཀྲོ་ངྷ་མི་ཛ་ཡ་ཁཱ་ཧི༔ [དེ་ནས་བརྡ་དང་བརྡའི་འབུལ་ལེན་དང་བཅས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུག་ཏུ་རོལ། ལྷག་མ་གཏོང་བ་ནི། དམེ་གཏོར་ལ་གཙང་ཕུད་ཀྱི་རས་མ་སྦྲན་ཅིང་དམ་ཚིག་གི་ཁ་ཕྲུ་བཏབ་ལ།] ཨོཾ་ཨཱཿཧཱུཾ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བསམ།] ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ[ས་མགྲོན་བོས་ལ།] ཨོཾ་བཛྲ་པུཥྤེ་[སོགས་ཉེར་སྤྱོད་ལྔས་མཆོད་ནས།] ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བཀའ་བརྒྱད་

p. 120

ཡོངས་རྫོགས་ལྷ་རྣམས་གཉན༔ བར་དུ་ལྷག་མས་མི་མཆོད་དུ༔ མ་དང་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ཧཱུཾ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ རིགས་བཞིའི་མཁའ་འགྲོ་ཤུགས་འགྲོར་བཅས༔ དབང་ཕྱུག་ཆེན་མོ་ཉེར་བརྒྱད་དང་༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་༔ སྐྱེ་མཆོག་གིང་ཆེན་བཅོ་བརྒྱད་དང་༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ ཕོ་ཉ་དྲུག་ཅུ་རྩ་བཞིའི་ཚོགས༔ ལངྐ་དུར་ཁྲོད་བདག་མོ་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་ལྷག་གཏོར་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་བཞིན་དུ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་དེ་བི་ཀྲོ་ངྷ་སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཨོཾ་ཨཱཿཧཱུཾ་ཨུཙྪིཥྚ་བཛྲ་ཨ་ཏིཥྛ་ས་མུ་དྲ་ཀྲཱ་མ་ས་མ་ཡ་ཧཱུྃ་ཕཊ༔ ཧཱུཾ་ཧཱུཾ་ཧཱུཾ༔ ཧྲཱིཿཧྲཱིཿཧྲཱིཿ བྷྱོ་བྷྱོ་བྷྱོཿ ཨ་རལླི་ཛཿ [ཞེས་སྒྲུབ་ཁང་གི་ལྷོ་ནུབ་ཟ་ལམ་དུ་བསྐྱལ་ལོ། །][གཉིས་

p. 121

པ་ཐུགས་དམ་བསྐུལ་བ་ནི།] ཧཱུཾ༔ མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཨཱཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཨོཾ༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ ཧྲཱི༔ མཛོད་ཅིག་མཛོད་ཅིག་བཅོལ་བའི་ཕྲིན་ལས་མཛོད༔ ཨཱཿ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཨོཾ༔ སྐྱེ་བའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས་པའི་སྐུ༔ ཧཱུཾ༔ སྤྲུལ་སྐུས་འགྲོ་བ་སེམས་ཅན་དོན་མཛད་པ༔ ཧྲཱིཿ ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ ཨོཾ༔ གཟུགས་སྣང་ཐམས་ཅད་སྐུ་ཡི་རང་བཞིན་ལ༔ ཨཱཿ སྒྲ་གྲགས་ཐམས་ཅད་གསུང་གི་ངོ་བོར་སྣང་༔ ཧཱུྃ༔ དྲན་རྟོག་ཐམས་ཅད་ཐུགས་ཀྱི་དགོངས་པར་འདུས༔ ཧྲཱིཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས༔ སྒྲུབ་པ་བཀའ་བརྒྱད་དཔལ་གྱི་བཀའ་སྡད་བཅས༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་སྐྱོད་ཅིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ [གསུམ་པ་ཆད་མདོ་བསྒྲག་པ་ནི། གཏོར་མ་ལ་སྨན་རཀ་སྦྲན་ཅིང་།] ཧཱུཾ་བྷྱོ༔ སྔོན་ཚེ་

p. 122

འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་དགའ་ལྡན་གནས་མཆོག་དམ་པ་རུ༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཆེན་པོ་ཡིས༔ སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ༔ གཽ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སེཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར༔ མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཆོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མ་མཁས་པ་བི་མ་མི་ཏྲ་ཡིས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ རྡོ་རྗེ་རིགས་ཀྱི་སྲུང་མ་ཡོངས་འདུས་ནས༔ སོ་སོའི་གཟུགས་མཆོག༴ ཇི་ལྟར༴ མཆོད་གཏོར༴ དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ༔ བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མའི་དྭངས་མ་རྗེ་འབངས་མི་དགུ་ཡིས༔ ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྒྲུབ་པ་བཀའ་བརྒྱད་དམ་ཅན་ཡོངས་འདུས་ནས༔

p. 123

སོ་སོའི༴ ཇི་ལྟར༴ མཆོད་གཏོར༴ དེ་འོག་ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་༔ བཀའ་བབས་གཏེར་སྟོན་རིག་འཛིན་རྣམ་དགུ་ཡིས༔ གསང་བ་སྒྲུབ་ཆེན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་ཡིས༔ སོ་སོའི༴ ཇི་ལྟར༴ མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ [བཞི་པ་བརྟན་མ་སྐྱོང་བ་ནི། གཏོར་མ་]ཨོཾ་ཨཱཿཧཱུཾ་[གིས་བརླབས་ཏེ།] ཧཱུཾ༔ བསྟན་པ་སྐྱོང་མཛད་མ་དང་སྲིང་༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱིནྟཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་གཏོར་མ་ལོངས༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག༔ ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཁཱ་ཧིཿ མ་མ་ཧྲཱིཾ་ཁཱ་ཧི་ཁཱ་ཧི༔ [ལྔ་པ་བྲོ་བརྡུང་བ་ནི།] ཨེ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་བིགྷྣཱན་ཛཿཧཱུཾ་བཾ་ཧོཿ[ས་དམིགས་བྱ་བཀུག་ནས་མནན་པར་བསམ་ལ།] ཧཱུཾ༔ ཞི་ཁྲོ་བཀའ་བརྒྱད་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་སྟེང་དུ་བརྡུང་༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་༔ དགྲ་ཡང་ཕྱེ་མར་

p. 124

འཐགས་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་༔ བགེགས་ཀྱང་དུམ་བུར་གཏུབ་པའི་བྲོ༔ གཡས་གཡོན་ཐབས་དང་ཤེས་རབ་བྲོ༔ རུ་དྲ་དམ་སྲི་ཐལ་བར་རློག༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷན་ཡ་ནན༔ [འདིར་དངོས་གྲུབ་བླང་བ་ནི།] ཧཱུཾ༔ ལྷ་དང་རིག་འཛིན་མཁའ་འགྲོ་དགོངས༔ འདིར་འདུས་རིག་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱང་ཞིང་༔ བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲངས༔ བསྙེན་སྒྲུབ་རྣམ་གསུམ་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡི༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྔྷི་སིངྔྷི་ཧཱུཾ་ཨ༔ [དྲུག་པ་ནོངས་པ་བཤགས་པ་ནི། གཏང་རག་གི་མཆོད་བསྟོད་མདོར་བསྡུས་སྔོན་དུ་འགྲོ་བས།] མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །[ཞེས་ཡི་གེ་བརྒྱ་པ་དང་དབྱངས་གསལ་བཟླ།] [བདུན་པ་དཀྱིལ་འཁོར་བསྡུ་བ་ནི། མདུན་དཀྱིལ་དང་འབྲེལ་བའི་ཚེ།] ཧཱུཾ༔ དང་པོ་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་དོན་སྐྱེ་བའི་ཆོ་འཕྲུལ་ཚོམ་བུ་དགུ༔ ཞི་ཁྲོ་ཡོངས་རྫོགས་འགྲོ་བ་ཀུན་བཏུལ་ནས༔ སླར་ཡང་ཆོས་དབྱིངས་རྣམ་དག་ཀློང་

p. 125

དུ་བསྡུ༔ ཨོཾ་ཨཱཿཧཱུྃབཛྲ་མུཿ [ཞེས་བསྡུ། དམ་ཚིག་གི་དཀྱིལ་འཁོར།] ཧཱུྃ་ཧཱུྃ་ཧཱུྃ། སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འཁོར་གྱི་ལྷ་ཚོགས་ལ་ཐིམ། འཁོར་རྣམས་རིམ་གྱིས་གཙོ་བོ་ལ་ཐིམ། གཙོ་བོ་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཏིང་འཛིན་སེམས་དཔའ་ལ་ཐིམ། དེ་དྭངས་མའི་སྲོག་ཧཱུཾ་ལ་ཐིམ། ཧཱུཾ་གྱེན་རྫོགས་ན་ད་མི་དམིགས་པའི་ངང་དུ་[མཉམ་པར་བཞག་པས་རྟག་མཐའ་བསལ། དེ་ལས་ལྡང་བ་ན།] ཕཊ་ཕཊ་ཕཊ། སྟོང་གསལ་གྱི་ངང་ལས་བདག་ཉིད་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་གིས་མཚན་པར་[བསམ་པས་ཆད་མཐའ་བསལ།] རང་གི་ལུས་རྡོ་རྗེ་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས་པར་[བལྟས་ལ།] ཅིས་ཀྱང་མི་ཚུགས་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེད༔ མཚན་མའི་ཡུལ་ཀུན་བཅོམ་ནས་ནི༔ ཐམས་ཅད་དུ་ནི་རྒྱས་པར་གནས༔ ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུཾ༔ [ཞེས་གོ་ཆ་བགོ།] ཧཱུཾ༔ ངར་འཛིན་རྣམ་དག་སྒྱུ་

p. 126

ལུས་འཇའ་འདྲ་འདི༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་སྟེ༔ བདེན་པ་དབྱེར་མེད་ལྷ་སྤྱོད་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཨོཾ་ཨཱཿཧཱུཾ་བཛྲ་ཧྲཱིཿ [ཞེས་རྒྱུན་གྱི་སྤྱོད་ལམ་བསྐྱང་།] [བརྒྱད་པ་སྨོན་ལམ་གདབ་པ་ནི།] ཧོཿ བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐུ་བྱིན་གྱིས༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ ཞི་རྒྱས་དབང་དྲག་ཕྲིན་ལས་མངའ་བརྙེས་ཤིང་༔ སྐུ་གསུམ་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག༔ [དགུ་པ་བཀྲ་ཤིས་བརྗོད་པ་ནི། མེ་ཏོག་གི་ཆར་དབབ་ལ།] ཧཱུཾ༔ བདེ་གཤེགས་ཞི་བ་ཡེ་ཤེས་རིགས་ལྔའི་དབྱིངས༔ ཁྲག་འཐུང་ཁྲོ་བོ་ཚོམ་བུ་དགུ་རུ་སྟན༔ མ་མོ་མཁའ་འགྲོ་དཔལ་ཀྱི་བཀའ་སྡོད་བཅས༔ ཡོངས་རྫོགས་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་བདེ་ལེགས་སུ་བྱསོ། །འདིའི་སྨིན་བྱེད་གསང་སྔགས་སྔ་ཕྱི་བར་གསུམ་གྱིས་མཚོན་ལུགས་སྲོལ་དགུ་པོ་གང་གི་སྒོ་ནས་ཐོབ་ཀྱང་ཆོག་ལ། རྫོགས་རིམ་གྱི་མན་ངག་བདེ་འདུས་རྩ་རླུང་ཐིག་ལེ་སེམས་དང་ཡེ་ཤེས་ལ་བརྟེན་པའི་ཁྲིད། གསང་རྫོགས་རིམ་པ་ལྔ་པ། རང་ཤར་གནམ་ཞལ་དོན་ཁྲིད་རྣམས་མཚན་གྱི་བྱེ་བྲག་ཙམ་ལས་དོན་གཅིག་པའི་ཕྱིར་གང་ལ་མོས་པ་ལྟར་རམ། དེང་

p. 127

གསུམ་ཀའི་ཁྲིད་རྒྱུན་གྱི་ཆུ་བོ་གཅིག་ཏུ་འདྲེས་ཤིང་ཉེ་བརྒྱུད་བྱིན་རླབས་ངོ་མཚར་རྨད་དུ་བྱུང་བ་མཁྱེན་བརྩེའི་གྲུབ་ཐོབ་བཀའ་བརྒྱད་ཀྱི་རིམ་ལྔའི་ཁྲིད་ཡིག་ཟབ་ལམ་སྙིང་པོ་ལྟར་ཉམས་སུ་བླང་ན་མཆོག་ཏུ་འགྱུར། བསྙེན་ཐབས་ཀྱི་མན་ངག་བཀའ་བརྒྱད་བསྙེན་ཡིག་སྤྱིར་གོ་དོན་ཆགས་པའི་སྒོ་ནས་མཚན་མའི་བསྙེན་པ་ལ་ཚད་ངེས་བཟུང་མེད་ཅིང་། གྲངས་ཀྱི་དབང་དུ་བྱས་ན། ཞི་བསྙེན་འབུམ་ཕྲག་གསུམ། སྒྲུབ་སྔགས་ཁྲོ་བོ་སྤྱི་དྲིལ་འབུམ་ཕྲག་བཞི་དང་སྒོས་ཛཔྲ་རྣམས་ཇི་ཙམ་ནུས་པ། ལས་སྦྱོར་དྲག་སྔགས་སོ་ལྔ་པ་ཁྲི་ཕྲག་བཞི་བཟླས་པས་སྤྱིར་བཏང་གི་བསྙེན་ཚད་ཐེམས་པ་ཡིན་ལ། དུས་བསྙེན་འབྲེལ་འཇོག་ཟླ་གཅིག་མ་ལྟ་བུ་ལ་མཚོན་ན། བདུན་གཅིག་ལ་ཞི་བར་བསྙེན་པ། བདུན་གསུམ་ཁྲོ་སྒྲུབ་སྤྱི་དྲིལ། རྗེས་ཉིན་གསུམ་ལ་ལས་སྦྱོར་དྲག་སྔགས་སོ་ལྔ་པ་བཟླ་སྟེ། དེས་ཀྱང་བསྙེན་སྒྲུབ་ལས་རུང་ཙམ་དུ་འགྱུར་རོ། །གཞན་དུ་ཚོམ་བུ་ཚོགས་སྒྲུབ་བྱ་བར་འདོད་ན་བདེ་འདུས་སམ་གྲུབ་ཐོབ་བཀའ་བརྒྱད་སྒྲུབ་ཁོག་ལྟ་བུས་ཁོག་ཕུབ་པས་ལག་ཏུ་ལེན་ཅིང་། དམ་རྫས་བདུད་རྩི་སྒྲུབ་པར་འདོད་ནའང་སྤྲོས་པས་ཆོག་སྟེ་གང་ཡང་མན་ངག་གི་གནད་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་པའི་སྒོ་ནས་ཉམས་སུ་བླངས་པས་དོན་འགྲུབ་པར་འགྱུར་བ་ཡིན་ནོ། །བདེ་གཤེགས་དགོངས་པ་མ་ལུས་འདུས་

p. 128

པའི་ཕུལ། །གསང་བ་ཡོངས་རྫོགས་སྒྲུབ་ཆེན་བཀའ་བརྒྱད་ཀྱི། །གདམས་སྲོལ་ཆུ་བོ་དགུ་ཡི་བཀའ་བབས་རྒྱུན། །སྐལ་བཟང་བདག་བློའི་རྒྱ་མཚོར་རོ་གཅིག་སྨིན། །དྲུག་ལྡན་བརྒྱུད་པའི་མན་ངག་སྒྲུབ་སྡེའི་ལུང་། །ཟབ་དོན་བཅུད་དུ་དྲིལ་བའི་ཉིང་ཁུ་གང་། །མཆོག་འདོད་སྲོག་གི་ཟུངས་སུ་འདིར་ཕྱུངས་ཀྱི། །སྔགས་རིག་འཛིན་རྣམས་སྤྲོ་བས་དེང་ལོངས་ཤིག །གསང་འཛིན་ཌཱ་ཀིའི་ཚོགས་རྗེ་ཐོད་ཕྲེང་རྩལ། །གང་གིས་ཐུན་མིན་དབུགས་དབྱུང་སྩལ་ལས་འདིར། །ཇི་སྙེད་ཟབ་གཏེར་ཆོས་མཛོད་རང་དབང་དུ། །སྤྱོད་པའི་སྤོབས་པ་གཟེངས་སུ་མཐོ་བ་སྙམ། །འདིས་ཐོབ་བསོད་ནམས་རྡུལ་བྲལ་གངྒཱའི་རྒྱུན། །བྱང་ཆེན་མཆོག་གི་རྒྱ་མཚོར་ཡོངས་སྨིན་ཏེ། །མི་གནས་ཟུང་འཇུག་ཡེ་ཤེས་ཀློང་དགུའི་བདག ། ཧེ་རུ་ཀ་དཔལ་རྒྱལ་ཐབས་ཆེ་བརྙེས་ཤོག ། དེ་ལྟར་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཕྲིན་ལས་སྙིང་པོ་དཔལ་ཆེན་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་འདི་ཡང་། རིག་སྔགས་འཆང་བའི་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེས་བསྐུལ་བ་ལ་བརྟེན་ནས། རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའམ་ལྷག་པའི་དཀྱིལ་འཁོར་འདི་ཉིད་དུ་མེ་ཏོག་ཕོག་པའི་གསང་མིང་ཀུན་བཟང་ཆེ་མཆོག་ཡོན་ཏན་འདུས་པ་རྩལ་ཅེས་འབོད་པས་རང་ལོ་ལྔ་བཅུ་ང་གཉིས་པའི་ཐོག་ཏུ་སོན་

p. 129

པ་མྱོས་བྱེད་ཀྱི་ལོ་ཁྲུམས་སྟོད་ཉ་བའི་ཡར་ཚེས་བཟང་པོ་ལ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་བསྡེབས་པའོ། །འདིས་ཀྱང་སྒྲུབ་སྡེ་ཆེན་པོའི་རིང་ལུགས་ཀུན་ཏུ་ཁྱབ་ཅིང་རྟག་པའི་རྒྱུར་གྱུར་ཅིག། །།ཛ་ཡནྟུ།། །།]

བཀའ་བརྒྱད་གཏེར་ཁ་དགུ་འདུས་ཀྱི་བརྒྱུད་འདེབས།

p. 130
p. 131

[བཀའ་བརྒྱད་གཏེར་ཁ་དགུ་འདུས་ཀྱི་བརྒྱུད་འདེབས་བཞུགས།] ཁྱབ་བདག་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ ། རྡོ་རྗེ་ཆོས་རབ་ལས་ཀྱི་དབང་མོ་ཆེ། །གྲུབ་པའི་རིག་འཛིན་ཆེན་པོ་རྣམ་བརྒྱད་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །དཔལ་ཆེན་དངོས་སྣང་པདྨ་ཐོད་ཕྲེང་རྩལ། །ཁྲི་སྲོང་རྗེ་སོགས་བོད་ཀྱི་གྲུབ་ཆེན་དགུ། །གསང་འཛིན་སྨུག་ནག་དབང་གི་མཁའ་འགྲོ་ལ། །གསོལ་བ༴ ཉང་རལ་ཆོས་དབང་རྡོར་གླིང་རྒོད་ལྡེམ་ཅན། །པད་གླིང་བདེ་ཆེན་གླིང་པ་འཇའ་ཚོན་སྙིང་། །ཀློང་གསལ་སྙིང་པོ་མདོ་སྔགས་གླིང་པ་ལ། །གསོལ་བ༴ རྩ་བརྒྱུད་བླ་མ་བཀའ་བབས་འཁོར་ལོའི་མགོན། །ཡི་དམ་ཞི་ཁྲོ་སྒྲུབ་ཆེན་བཀའ་བརྒྱད་ལྷ། །གནས་གསུམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ལ། །གསོལ་བ༴ དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག ། ལྷར་སྣང་གསལ་བརྟན་བསྐྱེད་པའི་རྣལ་འབྱོར་དང་། །རིམ་པ་ལྔ་ཡི་རྫོགས་རིམ་མཐར་ཕྱིན་ནས། །དངོས་གྲུབ་རྣམ་གཉིས་ཚེ་འདིར་རབ་བརྙེས་ཤིང་། །མངོན་སྤྱོད་དྲག་པོས་མ་རུང་ལོག་འདྲེན་དཔུང་། །ཚར་གཅོད་རྗེས་འཛིན་ཕྲིན་ལས་དབང་ཆེན་འབྱོར། །དོན་གཉིས་

p. 132

ལྷུན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ། །ཁྲག་འཐུང་སྤྱི་དཔལ་ཆེ་དང་དབྱེར་མེད་ཤོག ། [ཅེས་པའང་ཕྲིན་ལས་དཔལ་ཆེན་ཐུགས་ཐིག་གི་ཆ་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

སྒྲུབ་ཆེན་བཀའ་བརྒྱད་དགུ་འདུས་ཀྱི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་སྙིང་པོར་དྲིལ་བ།

p. 133

[སྒྲུབ་ཆེན་བཀའ་བརྒྱད་དགུ་འདུས་ཀྱི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་སྙིང་པོར་དྲིལ་བ་བཞུགས།] ཨོཾ་སྭསྟི། [བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་དུ་བྱ་བ་ལ། རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་སྔོན་དུ་འགྲོ་བས།] ཧཱུྃ༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ རང་བྱུང་རྒྱུ་ཡི་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་ཀློང་༔ བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་དབུས༔ དྲེགས་པ་པདྨ་ཉི་ཟླའི་སྟེང་༔ རྒྱུ་ཡི་ཡི་གེ་གདན་ལ་བབས༔ སྤྲོ་བསྡུའི་སྦྱོར་བས་དཔལ་ཆེན་སྐུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུཾ༔ སྤྱུན་དགུ་ཞལ་བགྲད་མཆེ་བ་གཙིགས༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གདེངས༔ གཡོན་གྱི་ཕྱག་གསུམྦྷན་དམར་འཛིན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ གནམ་ཞལ་ཡུམ་ཆེན་ཀུན་བཟང་སྦྱོར༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ གཡས་པས་གཙོ་འཁྱུད་ཁ་ཊྭཱྃ་བསྣམས༔ གཡོན་པས་དུང་དམར་

p. 134

གཙོ་ལ་སྟོབ༔ བསྐལ་པའི་མེ་དཔུང་ཀློང་ན་རོལ༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབྱིངས༔ སྤྱི་བོར་རིག་འཛིན་ཐོད་པ་རྩལ༔ དཀར་དམར་རྡོ་དྲིལ་ཕྱག་རྒྱ་བསྒྱུར༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་བསྣམས༔ མགྲིན་པར་དབང་ཆེན་རྟ་མཆོག་དཔལ༔ དམར་སྨུག་པདྨ་བྷཉྫ་འཛིན༔ ཐུགས་ཀར་ཡང་དག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་རོལ༔ ལྟེ་བར་རྡོ་རྗེ་གཞོན་ནུ་ཆེ༔ ལྗང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ གསང་བ་བླ་མེད་ཧེ་རུ་ཀ༔ མཐིང་ནག་བྱ་ཁྱུང་ཞིང་དབྱུག་འཕྱར༔ བརླ་གཡས་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཐོ་བ་མདུང་ཐུང་གསོར༔ བརླ་གཡོན་ཁྲག་འཐུང་སྟོབས་ལྡན་ནག༔ དུད་ཁ་ལྕགས་ཀྱུ་སྦྲུལ་ཞགས་འཆིངས༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ རིགས་ཀྱི་ཚོམ་བུ་ཅི་ཡང་སྤྲོ༔ རྡོ་རྗེའི་གཤོག་པ་གཡས་གཡོན་ལ༔ ཀླུ་འདུས་ཁྱུང་ཆེན་དཀར་ནག་རོལ༔ གཞན་ཡང་བ་སྤུའི་ཁུང་བུ་ཚུན༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ དེ་ནས་དམ་ཡེ་གཉིས་སུ་མེད༔ རང་བྱུང་ལྷུན་གྲུབ་ཆེན་པོར་བསྒོམ༔ ཙིཏྟ་རིན་ཆེན་ཟུར་བརྒྱད་དབུས༔ ཡེ་ཤེས་སེམས་དཔའ་རྡོར་སེམས་ཀྱི༔ ཐུགས་དབུས་རྡོ་རྗེ་ཧཱུྃ་གི་མཐར༔ འབར་བའི་སྔགས་ཕྲེང་སྒྲར་བཅས་འཁོར༔

p. 135

འོད་ཀྱིས་ལུས་དཀྱིལ་ལྷ་རྣམས་བསྐུལ༔ དེ་རྣམས་སྙོམས་ཞུགས་དགྱེས་འོད་ཀྱིས༔ རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུས༔ རིགས་དྲུག་ཉོན་མོངས་དུག་ཆེན་སྦྱངས༔ གཉིས་སྣང་དྲེགས་པ་ཟིལ་གྱིས་མནན༔ གཟུང་འཛིན་དགྲ་བགེགས་ཚར་ཐག་བཅད༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་གཞིར་བཞེངས་ལྷ་སྔགས་དབྱིངས༔ ཁྲག་འཐུང་རོལ་པའི་ཕྱག་རྒྱར་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ [ཅེས་གཙོ་སྔགས་དང་།] ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ [ཅེས་ཁྲོ་བོ་སྤྱི་བསྡུས་ཀྱི་སྙིང་པོ་ཉིད་ཅི་འགྲུབ་ཏུ་བཟླ་ཞིང་། མཐར་ལས་སྦྱོར་སྤྲོ་ན་མགར་གྱི་ཚྭ་ཚྭ་ལྟ་བུའི་དམིགས་གནད་དང་བཅས་དྲག་སྔགས་སོ་ལྔ་པའམ་ཅུང་ཟད་རེ་བཟླས་ལ།] སྣང་སྲིད་ཁྲོ་བོའི་དཀྱིལ་འཁོར་རྣམས༔ ཐུགས་ཀྱི་ཐིག་ལེ་ཆེན་པོར་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ༔ དཔལ་ཆེན་པོ་ཡི་དབྱིངས་ཉིད་ལས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ༔ ཕཊ་ཕཊ་ཕཊ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ནས༔ ཧེ་རུ་ཀ་དཔལ་གོ་འཕང་ཐོབ༔ འགྲོ་བ་ཀུན་གྱི་དཔལ་དུ་ཤོག༔ [ཅེས་དང་ཤིས་པ་བརྗོད་པས་མཚམས་སྦྱར་

p. 136

ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ ། ཞེས་པའང་མཆོག་སྤྲུལ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རབ་གསལ་ཟླ་བ་རྒྱས་པའི་སྡེའི་གསུང་གིས་བསྐུལ་བ་ལྟར་གཏེར་གཞུང་ཁག་ལས་བཏུས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།]

ཚེ་སྒྲུབ།

p. 137

[ཚེ་སྒྲུབ་སྦྱོར་བར་འདོད་ན།] དཀྱིལ་འཁོར་ལྷ་ཚོགས་འབར་བའི་འོད༔ ཕོ་ཉ་དང་བཅས་ཕྱོགས་བཅུར་ཁྱབ༔ རང་གཞན་བླ་ཚེ་འཕྲོག་ཉམས་དང་༔ སྣོད་བཅུད་སྲིད་ཞིའི་དྭངས་མ་ཀུན༔ འཆི་མེད་བདུད་རྩིའི་རྣམ་པར་དྲངས༔ བདག་ལ་ཐིམ་པས་རིག་འཛིན་གྲུབ༔ རྫས་ལ་ཐིམ་པས་བཅུད་དུ་འཁྱིལ༔ མཆེད་ལ་ཐིམ་པས་ཉམས་ཆག་དག༔ ཁྱབ་བདག་རྟག་པ་ཧེ་རུ་ཀ༔ ཚེ་དང་ཡེ་ཤེས་རྒྱས་པར་གྱུར༔ [ཅེས་དམིགས་ལ་ཞི་ཁྲོའི་སྤྱི་དྲིལ་སྔགས་མཐར།] ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ [ཞེས་བཏགས་པ་བཟླ། ཚེ་འགུགས་ནི།] ཧཱུྃ༔ ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ལྷ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཚེ་འགུགས་རྡོ་རྗེ་ཕོ་ཉ་མོ༔ འཁོར་འདས་ཁམས་ཀུན་ཁྱབ་པར་སྤྲོས༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀྱིས༔ བླ་ཚེ་འཕྲོག་པ་རང་སོར་ཆུད༔ སྣོད་ཀྱི་འབྱུང་བཞིའི་དཔལ་དང་གཡང་༔ དྭངས་མ་གཟི་བརྗིད་རྟེན་ལ་སྟིམས༔ བཅུད་ཀྱི་སྐྱེ་འགྲོའི་ཚེ་བསོད་སྟོབས༔ བརྟེན་པ་སེམས་དང་དབྱེར་མེད་བསྲེས༔ རྩ་གསུམ་རྒྱལ་བའི་ཐུགས་རྗེའི་དབྱིག༔ ཡེ་ཤེས་དབྱིངས་ཀྱི་ཐིག་ལེར་བསྡུས༔ མི་འགྱུར་མི་ཤིགས་རྟག་པ་ཡི༔ དངོས་གྲུབ་དམ་པ་

p. 138

སྩལ་དུ་གསོལ༔ [ཅེས་བསྐུལ་ལ།] ཧཱུཾ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ། རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་བྷྲཱུཾ༔ [ཞེས་རྒྱས་གདབ་བྱའོ།། །།]

རྩ་གསུམ་སྤྱིའི་སྐོང་བསྡུས།

p. 139

[རྩ་གསུམ་སྤྱིའི་སྐོང་བསྡུས་བཞུགས་སོ།] ། ཧཱུཾ༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང་༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པའི་བརྒྱུད་པའི་ཐུགས་དམ་བསྐང་༔ བཀའ་ལུང་ལྷག་ཆད་མེད་པའི་གང་ཟག་མཆོག༔ སྙན་ཁུང་བརྒྱུད་པའི་བླ་མའི༴ བཀའ་བརྒྱུད་གཏེར་དུ་སྦེད་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི༴ མ་འོངས་ལས་འཕྲོ་ཅན་ལ་ལུང་སྟོན་པའི༔ སྨོན་ལམ་དབང་བསྐུར་བརྒྱུད་པའི༴ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི༴ འགྲོ་ཀུན་ཞི་བདེའི་ངང་ལ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི༴ ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང་༔ འཕགས་པའི་དགེ་འདུན་རྣམས་ཀྱི༴ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི༴ དངོས་གྲུབ་ཐོགས་པ་མེད་པར་སྟེར་མཛད་པའི༔ ཡི་དམ་རྒྱལ་བ་ཞི་ཁྲོའི༴ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི༴ མ་སྐྱེས་རང་བཞིན་གདོད་ནས་དག་པ་སྟེ༔ རང་བཞིན་སྤྲོས་

p. 140

བྲལ་ཆོས་སྐུའི༴ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་བ་ལོངས་སྤྱོད་རྫོགས་སྐུའི༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི༴ ཞི་བ་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི༴ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས༴ གསུང་མཆོག་འགགས་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས༴ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས༴ ཕྲིན་ལས་དྲག་པོ་སྒྲོལ་བྱེད་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས༴ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས༴ ཐུགས་རྗེའི་གདུང་གསོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་བླ་མའི་ལྷ་ཚོགས༴ དམ་རྫས་རྫ་ལྟར་ལྷགས་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༴ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས༴ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་

p. 141

མཚོ་རྣམས་ཀྱི༴ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ མཐུ་ཆེན་དཔལ་མགོན་ལྕམ་དྲལ༴ སྔགས་ཀྱི་རྒྱུད་སྡེ་བསྟན་པའི་བྱ་ར་མཛད༔ སྔགས་བདག་སྔགས་སྲུང་རྣམས་ཀྱི༴ སློབ་དཔོན་ཆེན་པོས་བཀའ་ཡི་གཉེར་དུ་གཏད༔ གཏེར་བདག་གཏེར་སྲུང་རྣམས་ཀྱི༴ ཚུལ་བཞིན་སྒྲུབ་པར་བྱེད་པའི་སྡོང་གྲོགས་མཛད༔ གཞི་བདག་གཞི་སྲུང་རྣམས་ཀྱི༴ འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག༔ དྲེགས་པའི་སྡེ་དཔོན་སུམ་ཅུའི༴ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ དཔལ་མགོན་མ་ནིང་ནག་པོའི༴ སྟོང་ཁམས་འདི་ན་དྲག་རྩལ་གཟེར་གྱི་བདག༔ གཟའ་བདུད་ཆེན་པོ་དཔལ་འབར༴ མཐུ་ནུས་ཐོགས་མེད་དགྲ་བགེགས་ཀུན་གྱི་གཤེད༔ སྲུང་མ་ཨེ་ཀ་ཛ་ཊཱིའི༴ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད༔ བཤན་པ་སྲོག་སྒྲུབ་ནག་མོའི༴ དམ་ལ་གནས་ཤིང་གནོད་བྱེད་སྒྲོལ་མཛད་པའི༔ གནོད་སྦྱིན་བཤན་པ་དམར་ནག༴ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ དམ་ཅན་རྡོ་རྗེ་ལེགས་པའི༔ ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི༔ ནོར་བདག་གནོད་སྦྱིན་རྣམས་ཀྱི༴ ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས༔ སྲུང་མ་ནཱ་ག་རཀྴའི༴

p. 142

ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི༔ རྒྱལ་པོ་ལི་བྱིན་ཧ་རའི༴ སྲིད་པ་བོད་ཀྱི་སྲོག་བདག་ཆེན་པོ་ནི༔ བདུད་པོ་ཡབ་རྗེ་ནག་པོའི༴ གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ བོད་སྐྱོང་བརྟན་མ་བཅུ་གཉིས༴ བསྐང་བོ་བསྐལ་བའི་བར་དུ་ཐུགས༴ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱི་བསྐང་༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོ་ཐུགས༴ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔ འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང་༔ པདྨ་མཱཾ་སར་བཅས་པའི་རཀྟ་དང་༔ འཛབ་དང་གར་འཆམས་གིང་དང་སྟངས་སྟབས་དང་༔ སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང་༔ སྟོང་གསལ་དབྱེར་མེད་ལྷ་སྒོམ་མཐར་ཐུག་དང་༔ ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ༴ ལས་བྱེད་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔

p. 143

མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས་དམ་བསྐང་༔ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས་དམ་བསྐང་༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང་༔ ཐམས་ཅད་ཐུགས་དམ་གཉན་པོ་དེས་བསྐངས་ལ༔ གཡར་དམ་སོར་ཆུད་དངོས་གྲུབ་སྩལ་དུ་གསོལ༔ [སྤྲུལ་སྐུ་རྡོ་རྗེ་གླིང་པས་གཏེར་ནས་སྤྱན་དྲངས་པའོ།། །།བཀྲ་ཤིས་སོ།། །།]

བཀའ་བརྒྱད་ཁྲོ་བོ་རོལ་པའི་དམར་ཆེན་གཏོར་ཟློག་གི་ལས་རིམ་སྙིང་པོར་དྲིལ་བ་དགྲ་བགེགས་དཔུང་འཇོམས།

p. 144
p. 145

༄༅། །ཤ ཏྲུཿ བི གྷྣཱ བ ལཾ ཛ ཏ ཀྲོ ངྷཿ ལ ལི ཏཾཿ ར༴ ཀྟ མ ཧཱ བ ལི ཨ ལཾ སྱ ཀྲྀ ཡཱ གོ ལཾ པཱ རཿ པི ཎྜ ན མ བི ཧ ར༴ ཏི སྨ། །
༄༅། །བཀའ་བརྒྱད་ཁྲོ་བོ་རོལ་པའི་དམར་ཆེན་གཏོར་ཟློག་གི་ལས་རིམ་སྙིང་པོར་དྲིལ་བ་དགྲ་བགེགས་དཔུང་འཇོམས་ཞེས་བྱ་བ་བཞུགས་སོ། །

p. 146

[བཀའ་བརྒྱད་ཁྲོ་བོ་རོལ་པའི་དམར་ཆེན་གཏོར་ཟློག་གི་ལས་རིམ་སྙིང་པོར་དྲིལ་བ་དགྲ་བགེགས་དཔུང་འཇོམས་ཞེས་བྱ་བ། བླ་མ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མི་འགྱུར་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ལས། །ཡེ་ཤེས་ཀློང་དགུའི་ཕྱག་རྒྱར་ཤར་བའི་ལྷ། །ཁྲག་འཐུང་ཚོམ་བུ་དགུ་ཡི་དཀྱིལ་འཁོར་དེར། །གུས་པས་འདུད་དོ་བདུད་ལས་རྣམ་རྒྱལ་མཛད། །མི་སྲུན་ཕས་རྒོལ་བྲག་རི་འབུམ། །སྐད་ཅིག་ཕྱེ་མར་བརླག་བྱའི་ཕྱིར། །ཁྲོ་རོལ་ཕྲིན་ལས་དམོད་པའི་མཚོན། །རྡོ་རྗེའི་ཐོག་ཆེན་འདི་ལྟར་འཕེན། །དེའང་སྒྲུབ་ཆེན་བཀའ་བརྒྱད་གཏེར་བྱོན་བཀའ་སྲོལ་དགུ་པོ་གང་ཡང་རུང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་བསྙེན་སྒྲུབ་ཚུལ་བཞིན་ཐེམས་པའི་སྔགས་པས་ལས་ལ་སྦྱོར་བའི་གཙོ་བོ་གཟེར་ཁ་རྣམ་པ་ལྔར་གསུངས་པ་

p. 147

ལས་འདིར་འཁོར་ལ་ལ་བརྟེན་ནས་སྲུང་བ། ཐུན་ལ་བརྟེན་ནས་བསད་པ། གཏོར་མ་ལ་བརྟེན་ནས་ཟློག་པའི་གཟེར་ཁ་གསུམ་ཆབ་གཅིག་ལག་ཏུ་ལེན་པའི་ཚུལ་འཇུག་བདེ་སྙིང་པོར་དྲིལ་ཏེ་འཆད་པ་ལ་གསུམ། སྔོན་འགྲོ་བཅས་གཤོམ། དངོས་གཞི་ལས་ཁྲིགས། རྗེས་མཐའ་སྡུད་ཀྱི་རིམ་པའོ། །དང་པོ་ནི། །རྟེན་མཆོད་སོགས་བཤམ་ཞིང་མཁོ་བའི་ཡོ་བྱད་རྣམས་གསོག་པའི་ཚུལ་ཏེ་ལག་ལེན་གྱི་ཡི་གེ་ཕྱོགས་མཚོན་ལོགས་སུ་སྨོས་པ་དང་མཐོང་བརྒྱུད་ཀྱི་གནད་ལས་ཤེས་པར་བྱསོ། །གཉིས་པ་ལ། ཐུན་མོང་གི་ཕྲིན་ལས་གཞུང་བསྲང་བ་དང་། ཁྱད་པར་གྱི་ཕྲིན་ལས་བྱེ་བྲག་ཏུ་བསྒྲུབ་པ་གཉིས་ཀྱི། དང་པོ་ནི། ལས་བྱང་ལྟར་སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བས་དངོས་གཞི་བདག་མདུན་གྱི་དཀྱིལ་འཁོར་ངོ་བོ་

p. 148

གཅིག་ལས་ཡེ་ཤེས་ཀྱི་རོལ་པ་མེ་ལོང་དང་གཟུགས་བརྙན་བཞིན་སྲུང་འཁོར་མེ་རི་འདབས་འབྱར་གྱི་ཚུལ་དུ་བསྐྱེད་ལ་ཡེ་ཤེས་པ་དྲང་བསྟིམ་ཕྱག་མཆོད་བསྟོད་པའི་བར་དུ་བཏང་ནས་ཛཔྲ་བཟླས་ཅི་འགྲུབ་བྱས་པས་བདག་ཉིད་ནུས་ལྡན་དུ་བསྒྲུབ་བོ། །གཉིས་པ་ལ་སྲུང་བསད་ཟློག་གསུམ་གྱི། དང་པོ་སྲུང་བ་ནི།] རང་གི་ཐུགས་སྲོག་ས་བོན་དང་༔ བསྲུང་བྱ་ཐམས་ཅད་དབྱེར་མེད་པའི༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ དཔལ་ཆེན་རོལ་པའི་ཐུགས་དམ་བསྐུལ༔ ཡེ་ཤེས་གཟི་བྱིན་ལྷག་པར་འཕྲོས༔ རྩ་གསུམ་རྒྱལ་བའི་ཐུགས་ཀ་ནས༔ གཙུག་ཏོར་འཁོར་ལོས་སྒྱུར་བ་ཡི༔ ངོ་བོ་མཚོན་ཆའི་ཆར་དུ་བབས༔ སྲུང་བའི་གུར་ཁང་[ཁྲོ་བཅུ་མེ་ཕུང་ཕྱག་མཚན་ལྔ་ཁྲོ་གུར་བཅས་དགུའོ། །] དགུ་ལ་ཐིམ༔ མི་ཕྱེད་རྡོ་རྗེར་བྱིན་གྱིས་བརླབས༔ ལྷ་ཚོགས་ནང་དུ་ཞལ་གཟིགས་ནས༔ སྔགས་བཟླས་བརྟན་པའི་ལས་མཛད་གྱུར༔ [ཅེས་དམིགས་ལ་ཁྲོ་བོ་སྤྱི་སྔགས་ཀྱི་མཐར།] བཛྲ་ཨུཥྞཱི་ཥ་ཙཀྲ་ཝ་རྟི་རཀྵ་རཀྵ་བྷྲཱུྃ༔ [ཞེས་སྟོང་ཕྲག་བཟླ།] [གཉིས་པ་བསད་པ་ལ་གསུམ་གྱི། དང་པོ་གཞི་བཟུང་བ་ནི།] བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཁྲོས་འཁྲུགས་རྔམས་པའི་སྔགས་བཟླས་པས༔ དགྲ་བགེགས་བསྒྲལ་བ་མངོན་སྤྱོད་ཀྱི༔

p. 149

ལས་ལ་ངོ་མཐོན་ཚུལ་གྱིས་བཞེངས༔ དྲག་པོ་སྔགས་ཀྱི་ནུས་པ་རྣམས༔ ཟོར་དང་ཐུན་གྱི་རྫས་ལ་ཐིམ༔ བསྒྲལ་བའི་ཞིང་བཅུ་ཉམས་པ་བདུན༔ གསོད་པའི་མཆོད་ཆ་ཆེན་པོར་གྱུར༔ [དྲག་སྔགས་སོ་ལྔའི་མཐར།] སརྦ་ཤ་ཏྲུཾ་བིགྷྣཱན་ཛཿབྷྱོ་ཕཊ་ཧཱུྃ༔ བྷནྡྷ་བྷནྡྷ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་ཏ་ཐ་ཡ་ཏ་ཐ་ཡ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ༔ [ཅེས་ཅི་འགྲུབ་བཟླ་ཞིང་ཐུན་ཟོར་རྣམས་ལ་ཧས་བཏབ་སྟེ་ངར་གདགས། གཉིས་པ་རྒྱབ་བརྟེན་བཅོལ་བ་ནི། དམ་ཅན་སྤྱི་དང་སྡེ་དཔོན་སུམ་ཅུ་ལ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ། ཚོགས་ཀྱི་བྱིན་རླབས་ནས་མཆོད་བཤགས་ཀྱི་བར་དང་སྤྲོ་ན་ཐུགས་དམ་སྐོང་བའི་རིམ་པ་གང་ནུས་བྱའོ། །གསུམ་པ་ལས་དངོས་ལ་གཉིས་ཀྱི། དང་པོ་ལ་སྔོན་དུ་འགྲོ་བ་བཞིའི། དང་པོ་ཐུགས་དམ་བསྐུལ་བ་ནི།] ཨོཾ་བཛྲ་མཎྜལ་ཧཱུཾ༔ [ཞེས་བརྗོད་པས།] ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་དུ་གྱུར། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀྲོ་ངྷི་ཤྭ་རི་ཧཱུྃ་ཕཊ༔ [ཅེས་བརྗོད་པས།] ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྲག་འཐུང་རོལ་པའི་ལྷའི་དཀྱིལ་འཁོར་ཆེན་པོར་གྱུར། ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་ཀརྨ་ཡཀྵ་བྷྱོ་ཛཿ [ཞེས་བརྗོད་པས།] སྣོད་བཅུད་ལྷའི་

p. 150

དཀྱིལ་འཁོར་དུ་གྱུར་པ་ཐམས་ཅད་སྔོན་གྱི་ཐུགས་དམ་ཆེན་པོ་ལས་བཞེངས་ནས་དམག་དཔུང་གོ་བསར་བྱེད་པ་བཞིན་དུ་རྔམས་པའི་ཧཱུཾ་སྒྲ་ལྡིར་གྱིས་ལས་ལ་ཆས་པར་[བསམ་ཞིང་།] ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ མཛོད་ཅིག་མཛོད་ཅིག་དྲག་པོའི་འཕྲིན་ལས་མཛོད༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ཅིང་༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བསྟོད་དོ་ཕྲིན་ལས་མཛོད༔ དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ༔

p. 151

དུས་གསུམ་སངས་རྒྱས་རྣམས་ཀྱང་བྱིན་མ་ཆུང་༔ ཆོས་སྐྱོང་སྲུང་མ་རྣམས་ཀྱང་མཐུ་མ་ཆུང་༔ བཀའ་སྲུང་ལས་མཁན་རྣམས་ཀྱང་རྩལ་མ་ཞན༔ སྔགས་འཆང་རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ [གཉིས་པ་གསེར་སྐྱེམས་འབུལ་བ་ནི། བསང་སྦྱང་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས།] ཧཱུཾ༔ བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་༔ ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔ སངས་རྒྱས་བྱང་སེམས་སེམས་དཔའ་བོ་མཁའ་འགྲོ་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ མཐུ་སྟོབས་དབང་ཕྱུག་དཔལ་མགོན་ལྕམ་དྲལ་དང་༔ དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་སོགས༔ ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ༴ ཕྱི་ནང་གསང་བ་གབ་སྦས་བསྟན་པ་སྐྱོང་༔ དྲེགས་པ་སྡེ་བརྒྱད་ཡུལ་ལྷ་གཞི་བདག་སོགས༔ སྲིད་གསུམ་འབྱུང་པོ་མཐུ་སྟོབས་ཅན་རྣམས་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ [ཅེས་ཕུད་ཀྱིས་མཆོད།] [གསུམ་པ་གཟུ་དཔང་གསོལ་བ་ནི།] ཧཱུྃ༔ ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ ཡི་དམ་ཞི་ཁྲོ་

p. 152

བཀའ་བརྒྱད་ལྷ་ཚོགས་རྣམས༔ བརྩེ་བའི་ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ བདག་ནི་རྣལ་འབྱོར་རིག་འཛིན་སྒྲུབ་པ་པོ༔ སྔགས་འཆང་སྒྲུབ་པ་པོ་ལ་དགྲ་བྱུང་ན༔ བདག་གིས་མ་ཉེས་མ་ཡོ་སྲུང་མ་མཁྱེན༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མར་གསང་སྔགས་སྙིང་པོ་ཕྲལ༔ ད་ལྟ་རྣལ་འབྱོར་བདག་ལ་བདོས༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ཡི་འབྲས་བུར་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་པས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ རྔམས་བརྗིད་ཚུལ་དུ་ཁྲོ་བོའི་སྐུར་བཞེངས་ལ༔ བསྒྲལ་བའི་ཞིང་བཅུ་འདུལ་བའི་དུས་ལ་བབ༔ མ་གཡེལ་མ་གཡེལ་རྒྱལ་བ་ཞི་ཁྲོའི་ཚོགས༔ དམ་ཉམས་དགྲ་བོ་སྒྲོལ་བའི་ཕྲིན་ལས་མཛོད༔ [ཅེས་གསོལ་བས།] སྣོད་བཅུད་ལྷར་གསལ་བ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ་རང་ལ་གནང་བ་སྩལ་ཞིང་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་

p. 153

པས་དྲག་པོའི་ལས་ལ་རྔམས་ཤིང་རིངས་པའི་ཚུལ་དུ་བཞུགས་པར་[བསམ་མོ། །][བཞི་པ་དམིགས་བྱ་བསྐྱེད་འགུག་ནི།] རུ་ཏྲ་སརྦ་ཤ་ཏྲུཾ་མཱ་ར་ཡ་ནྲྀ་ཛཿ མདུན་དུ་བྷཉྫ་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ༔ ཁ་ཁྱེར་དོག་ཅིང་གཏིང་ཟབ་པ༔ འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ༔ སྟེང་ན་གཏི་མུག་གི་མུན་པ་གཏིབས་པ༔ མཚོན་ཆའི་ཆར་འབེབས་ཤིང་༔ ནང་དུ་དུག་གི་རླངས་པ་འཕྱོ་བ༔ ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ༔ ལས་བྱེད་གཤིན་རྗེའི་དམག་ཚོགས་སེངྒེ་ལྟར་རྔམས་པ༔ སྟག་ལྟར་འཕྱོ་བ༔ སྲིན་པོ་ལྟར་ཁྲོས་པ༔ ཤ་ཟ་ལྟར་རྒྱུག་པ༔ རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པས་གང་བ༔ སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས༔ དགྲ་བགེགས་དེ་ཉིད་ལུས་གཅེར་བུ་རིད་པ་མདོག་ནག་ཅིང་དྲན་པ་ཉམས་པ༔ མྱ་ངན་གྱི་ཕྱག་རྒྱ་ཅན༔ བུ་ག་དགུ་ནས་རྣག་ཁྲག་འཛག་པ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར༔ ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི༴

p. 154

རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི༴ བཀའ་སྲུང་ཕོ་ཉ་ལས་མཁན་རྣམས་ཀྱི༴ གཞན་ཡང་གསང་སྔགས་དང་༔ རིག་སྔགས་དང་༔ གཟུངས་སྔགས་དང་༔ སྙིང་པོ་དང་༔ ཕྱག་རྒྱ་དང་༔ ཏིང་ངེ་འཛིན་དང་༔ བདེན་པའི་སྟོབས་ཀྱིས་བདག་ཅག་རྣལ་འབྱོར་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བར་ཆད་ཀྱི་རྐྱེན༔ ཁྱད་པར་དུ་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས༔ མགོན་བྱེད་ཀྱི་ལྷ༔ ཚེ་དང་དབང་ཐང་༔ བསོད་ནམས་དང་དུས་ཀྱི་དབང་དུ་མ་གཏོང་བར་ད་ལྟ་ཉིད་དུ་ལིངྒ་འདི་ལ་ཁུག་ཅིག༔ [དྲག་སྔགས་སོ་ལྔའི་ཤམ་བུར།] ནྲྀ་ཏྲི་ཧུར་ཐུཾ་ཛཿ ཛཿཧཱུྃ་བྃ་ཧོཿ ཨཱ་བེ་ཤ་ཡ་ཨ་ཨཱ༔ [ཞེས་འགུགས་གཞུག་ལན་གསུམ་སོགས་བྱ།] [གཉིས་པ་བསྒྲལ་ལས་དངོས་ལ་དོན་དགུ་ལས། དང་པོ་ཆེ་མཆོག་གིས་འགུག་པ་ནི། ལྕགས་ཀྱུ་ཐོགས་ལ།] ཧཱུྃ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཐོགས་མེད་མྱུར་དུ་རྟེན་འདིར་ཁུག༔ ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ སརྦ་ཤ་ཏྲུཾ་ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ [གཉིས་པ་ཡང་དག་གིས་མཐུན་དང་རྫུ་འཕྲུལ་

p. 155

འཕྲོག་པ་ནི། ཐང་ཕྲོམ་གྱི་ཐུན་དབབ། སོར་མོ་རྣམས་བཀུམ་བསྐྲད་པའི་ཕྱག་རྒྱ་བྱས་ལ།] ཧཱུཾ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་བིགྷྣཱན་ཨ་པ་ན་ཡ་ཨ་པ་ན་ཡ་ཧཱུཾ་ཕཊ༔ [གསུམ་པ་གཤིན་རྗེས་ལྷ་དང་དབྱེ་བ་ནི། གུ་གུལ་སོགས་ཀྱིས་བདུག ། བྱ་འུག་གི་སྒྲོས་བྱབ། ཏིལ་ཡུངས་བྲབ། ཐལ་མོ་རྒྱབ་སྤྲད་དབྱེ་བའི་རྒྱ་བྱས་ལ།] ཧཱུྃ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མགོན་སྐྱབས་འཚོ་བའི་ལྷ་དང་ཕྲོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐཱ་བྷཉྫ་ཧཱུཾ་ཕཊ༔ པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཕཊ༔ [སླར་ཡང་འགུགས་འཆིང་སྡོམ་མྱོས་བྱ་བ་ནི། ཕྱག་རྒྱ་བཞི་ཐོགས་པའམ་རྒྱ་བཅས་ལ།] ཧཱུཾ༔ ཁྲག་འཐུང་སྐུ་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས༔ ཞགས་པ་སེར་མོའི་ཚོགས་ནི་སྤྲིན་ལྟར་གཏིབས༔ ལྕགས་སྒྲོག་དམར་མོའི་ཚོགས་ནི་གློག་ལྟར་འཁྱུག༔ དྲིལ་བུ་ལྗང་ཁུའི་ཚོགས་ནི་ཐོག་ལྟར་འབེབས༔ ཁྱེད་

p. 156

རྣམས་དཔལ་གྱི་ཕོ་ཉ་སྟེ༔ རྦད་ཅིང་བཏང་བ་ང་ཡིས་བྱེད༔ འགུགས་ཤིང་རྡེག་པ་ཁྱོད་ཀྱིས་མཛོད༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངསཿ ཞགས་པ་ཅན་གྱིས་ཡན་ལག་ཆིངས༔ ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ རང་དབང་མེད་པར་འདིར་ཁུག་ལ༔ གཟུགས་དང་ལིང་ག་འདི་ལ་བསྟིམ༔ མིང་བྱང་འདི་ལ་གནས་པར་མཛོད༔ [དྲག་སྔགས་སོ་ལྔ་པའི་མཐར།] དགྲ་བགེགས་གནོད་བྱེད་བཛྲ་ཨོཾ་ཀུ་ཤ་ཛཿ རཏྣ་པཱ་ཤ་ཧཱུཾ༔ པདྨ་སྥོ་ཊ་བཾ༔ ཀརྨ་གཎྜེ་ཧོཿ [བཞི་པ་རྟ་མགྲིན་གྱིས་གཟུགས་ལ་དབབ་པ་ནི། ཡུངས་དཀར་ནག་གིས་བྲབ། ཐལ་མོ་ཁ་སྦུབས་པ་མཐེ་བོང་སྦྲེལ་བས་འབེབས་ཚུལ་བྱས་ལ།] ཧཱུཾ༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བླ་སྲོག་རྣམ་ཤེས་རྟེན་ལ་ཕོབ༔ ཨོཾ་པདྨནྟ་ཀྲྀཏ་བཛྲ་ཀྲོ་ངྷ་ཧ་ཡི་གྲཱི་བ་ཧཱུཾ་ཕཊ༔ སརྦ་ཤ་ཏྲུཾ་བིགྷྣཱན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ༔ [ལྔ་པ་ཕུར་པས་བྱད་དུ་གཞུག་པ་ནི། ཚོན་སྐུད་ཀྱིས་ལག་པ་གཉིས་འཆིང་བའི་ཚུལ་དུ་བསྐོར་ལ།] ཧཱུཾ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ དྲག་པོའི་

p. 157

ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ སརྦ་ཤ་ཏྲུཾ་བིགྷྣཱན་ཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ༔ [དྲུག་པ་མ་མོས་སྨྱོར་གཞུག་པ་ནི། དུག་ཁྲག་གིས་བྲབ། སོར་མོ་རྣམས་གཟིངས་མཁྲིགས་མ་སྤྲད་པ་འཁོར་ལོ་བསྐོར་བ་ལྟར་བྱས་ལ།] ཧཱུཾ༔ རྦོད་གཏོང་མ་མོའི་ལྷ་ཚོགས་རྣམས༔ དྲག་པོ་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ རིང་པར་ཁུག་ལ་སྨྱོ་རུ་ཆུག༔ ཨོཾ་གུ་ཧྱ་ཛྙཱ་ན་ཀྲོ་ངྷ་ཀྲོ་ངྷཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ སརྦ་ཤ་ཏྲུཾ་བིགྷྣཱན་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ༔ [འདིར་ཉེས་པ་བསྒྲག་པ་ནི།] ཧཱུཾ༔ སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔ ཁྱོད་ནི་གཏི་མུག་དབང་གྱུར་པས༔ དགེ་བ་སྤངས་ནས་མི་དགེ་སྒྲུབ༔ ཁྱོད་ནི་ཞེ་སྡང་དབང་གྱུར་པས༔ སྙིང་རྗེ་མེད་པར་གསོད་ལ་དགའ༔ ཁྱོད་ནི་ང་རྒྱལ་དབང་གྱུར་པས༔ བདག་བསྟོད་གཞན་གྱི་ཡོན་ཏན་སྨོད༔ ཁྱོད་ནི་འདོད་ཆགས་དབང་གྱུར་པས༔ མ་བྱིན་ལེན་དང་མི་ཚངས་སྤྱོད༔ ཁྱོད་ནི་ཕྲག་དོག་དབང་གྱུར་པས༔ དུས་གསུམ་སངས་རྒྱས་ཡོན་ཏན་སྨོད༔ དགེ་བ་བཅུ་ནི་ཁྱད་དུ་བསད༔

p. 158

མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ནི་འབྲས་བུར་སྨིན༔ དང་པོ་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་མཆོག་དབུ་འཕང་སྨད་༔ ཐ་མར་གསང་སྔགས་སྙིང་པོ་དབྲལ༔ དེ་ནས་སློབ་དཔོན་སྐུ་ལ་བདོས༔ ཁྱོད་ནི་བསྒྲལ་བའི་ཞིང་ཡིན་པས༔ ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བར་བྱ༔ [བདུན་པ་བསྒྲལ་བའི་ལས་ལ། ཐོག་མར་ཕུར་བུ་གཟི་བྱིན་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི། གུ་གུལ་གྱིས་བདུག་ཅིང་།] ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཨ་ངྷི་ཏིཥདྷ་རྨུགས་རྨུགས༔ ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱགས་མཱ་ར་ཡ་ཧཱུཾ་ཕཊ༔ [ཡུངས་དཀར་གྱིས་བྲབ་ཅིང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་ཤ་ཏ་ར་ཙ་ཧཱུྃ༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ༔ [རཀྟས་བྱུག་ཅིང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྱ་ལ་མཎྜ་ལ་རཀྵ་རཀྵ༔ དགྲ་བགེགས་ཝ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུཾ་ཕཊཿ [ཅེས་བརྗོད་པས།] རྫི་དུག་གི་དུད་སྤྲིན་གསེབ་ནས་ཁྲོ་ཆུང་སེར་ལྟར་འབབ་ཅིང་ཐོག་ལྟར་ལྷུང་བས་དགྲ་བགེགས་ཐལ་བར་བརླག་ཅིང་རྣམ་ཤེས་དབང་དུ་བསྡུས་པར་[བསམ།] རང་གི་ལག་པ་གཡས་གཡོན་གྱི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་གསལ་བའི་བར་དུ་ཧཱུཾ་མཐིང་ནག་ལས་འོད་ཟེར་འཕྲོ་

p. 159

འདུས་སྲས་མཆོག་ཀཱི་ལ་ཡ་སྐུ་སྟོད་མཐིང་དཀར་དམར་བའི་ཞལ་གསུམ་དང་། ཕྱག་དྲུག་གི་གཡས་དང་པོ་གཉིས་རྡོ་རྗེ་རྩེ་དགུ་དང་དགྲ་སྟྭ། གཡོན་གཉིས་མེ་དཔུང་དང་ཁ་ཊྭཾ། ཐ་མ་གཉིས་ན་རི་རབ་ཀྱི་ཕུར་བུ་འདྲིལ་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རྡོ་རྗེའི་གཤོག་པ་ཅན། སྐུ་སྨད་ཕུར་བུ་འབར་བ་མགར་གྱི་སོལ་མལ་ནས་དྲངས་པ་ལྟ་བུའི་རྣམ་པ་ཅན་ཆུ་སྲིན་གྱི་ཁ་ནས་སྦྲུལ་གྱི་ཆུན་པོ་འཕྱང་བ། དེའི་རྒྱ་མདུད་གོང་མར་ཞི་བ་དང་ཆངས་བཟུང་ལ་ཁྲག་འཐུང་ལྷ་དགུའི་ཕོ་བྲང་དང་བཅས་པ་དང་། རྒྱ་མདུད་འོག་མར་དཔལ་གྱི་བཀའ་སྡོད་དང་རྩེ་མོར་མཚོན་ཆ་སྣ་ཚོགས་ཀྱི་ཚྭ་ཚྭ་འཕྲོ་བ། བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་བ། ཕྱར་བ་ཙམ་གྱིས་ཁམས་གསུམ་སྡངས་པ། བཏབ་པ་ཙམ་གྱིས་སྟོང་གསུམ་བརླག་ནུས་པར་[བསྐྱེད་ལ།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱཀྩིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུཾ༔ ཧཱུྃ༔ བདག་ཉིད་ཁྲག་འཐུང་ཧེ་རུ་ཀ༔ གཡས་པ་ཐབས་ཀྱི་རང་བཞིན་ལ༔ རིགས་ལྔ་ཡབ་ལྔའི་ངོ་བོར་གསལ༔ གཡོན་པ་ཤེས་རབ་རང་བཞིན་ལ༔ རིགས་ལྔ་ཡུམ་ལྔའི་ངོ་བོར་གསལ༔ ཐབས་དང་ཤེས་རབ་སྦྱོར་བ་ལས༔ མཐིང་ནག་ཧཱུྃ་ལས་སྐྱེས་པའི་ལྷ༔ སྲས་

p. 160

མཆོག་བཛྲ་ཀཱི་ལ་ཡ༔ ལྟེ་བ་ཡན་ཆད་སྐུ་སྟོད་ནི༔ དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན༔ དུས་གསུམ་བདེ་གཤེགས་ཕྲིན་ལས་འདུས་པའི་སྐུ༔ ལྟེ་བ་མན་ཆད་སྐུ་སྨད་ནི༔ ཡེ་ཤེས་ཕུར་པའི་དཔལ་དང་ལྡན༔ དུག་ལྔ་འཛོམས་མཛད་མགོ་བོ་རྒྱ་མདུད་ནི༔ སྲིད་གསུམ་བླ་མེད་གནས་སུ་བསྒྲལ་བའི་ཕྱིར༔ ཞི་བའི་དཀྱིལ་འཁོར་བཞུགས་པར་མངའ་གསོལ་ནས༔ མ་བཅོས་ལྷུན་གྱིས་གྲུབ་པར་གཟི་བྱིན་བསྐྱེད༔ ཆངས་བཟུང་ཟུར་བརྒྱད་དུར་ཁྲོད་བརྒྱད་ཀྱི་ངང་༔ རྣམ་ཤེས་ཚོགས་བརྒྱད་དབྱིངས་སུ་སྒྲོལ་བའི་ཕྱིར༔ ཁྲོ་བོའི་དཀྱིལ་འཁོར་བཞུགས་པར་མངའ་གསོལ་ནས༔ བཅུ་དྲུག་རོལ་པ་ཆེན་པོར་གཟི་བྱིན་བསྐྱེད༔ སྐེད་པ་རྒྱ་མདུད་ཕྲིན་ལས་རྣམ་བཞིའི་ངང་༔ ཆུ་སྲིན་ཁ་ནས་སྦྲུལ་གྱི་ཆུན་པོས་བརྒྱན༔ འཁོར་བ་ཆོས་ཀྱི་དབྱིངས་སུ་སྒྲོལ་བའི་ཕྱིར༔ བཀའ་སྲུང་ཕོ་ཉ་བཞུགས་པར་མངའ་གསོལ་ནས༔ མཁའ་དབྱིངས་ཡུམ་གྱི་བྷ་གར་གཟི་བྱིན་བསྐྱེད༔ རྩེ་མོ་ཟུར་གསུམ་མངོན་སྤྱོད་དྲག་པོ་ཡིས༔ དུག་གསུམ་སྐུ་གསུམ་དབྱིངས་སུ་སྒྲོལ་བའི་ཕྱིར༔ མཐུ་རྩལ་རྨད་དུ་བྱུང་བར་མངའ་གསོལ་ནས༔ འབྲས་བུ་སྐུ་གསུང་དབྱིངས་སུ་གཟི་བྱིན་བསྐྱེད༔ ཕྲིན་ལས་རྫོགས་པའི་རྡོ་རྗེ་ཕུར་པ་ནི༔

p. 161

བསྒྲིལ་བ་ཙམ་གྱིས་སྲིད་པ་གསུམ་ཡང་འདར༔ འཕྱར་བ་ཙམ་གྱིས་ཁམས་གསུམ་སྡངས་པར་བྱེད༔ བཏབ་པས་ཁམས་གསུམ་སྐད་ཅིག་ཙམ་ལ་བརླག༔ གནོད་བྱེད་དགྲ་བགེགས་རྣམས་ལ་སྨོས་ཅི་དགོས༔ གདུག་པ་འདུལ་མཛད་བཛྲ་ཀཱི་ལ་ཡ༔ འགལ་བྱེད་ཆམ་ལ་ཕོབ་ཅིག་བཛྲ་ཀཱི་ལ་ཡ༔ བཏབ་ན་ཐེབས་པར་མཛོད་ཅིག་བཛྲ༴ འཕང་ན་ཕྱིར་མ་ཟློག་ཅིག༴ སྲོག་དབུགས་ལུས་དང་ཕྲོལ་ཅིག་བཛྲ༴ རྣམ་ཤེས་རྟེན་དང་ཕྲོལ་ཅིག༴ དགྲ་བགེགས་རྡུལ་དུ་རློག་ཅིག་བཛྲ་ཀཱི་ལ་ཡ༔ ན་མཿས་མནྟ་བུངྔྷ་ནཾཿཀ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཕཊ་ཕཊ༔ བཛྲ་ཀཱི་ལ་ཡ་བཛྲ་ངྷ་རོད་ཨཱ་ཛྙཱ་པ་ཡ་ཏི་གནོད་བྱེད་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ ཕུར་པ་དེ་ཡེ་ཤེས་ཀྱི་ལྷ་ལ་གཏད་དེ་དྲིལ་བས་ཕྱོགས་བཅུའི་བདེ་བར་གཤེགས་པ་འོད་དུ་ཞུ་ནས་ཕུར་པ་ལ་ཐིམ་པས་གཟི་བརྗིད་དང་ལྡན་པར་གྱུར༔ ཕུར་པ་ཕྱོགས་མཚམས་བཅུར་གཏད་དེ་དྲིལ་བས་གནོད་བྱེད་རྣམས་འོད་དུ་ཞུ་ནས་ཕུར་པ་ལ་ཐིམ་པས་ཕུར་པ་རྫུ་འཕྲུལ་དང་ལྡན་པར་གྱུར༔ [དེ་ནས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི།] ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་

p. 162

རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུཾ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ང་ནི་བཛྲ་ཧེ་རུ་ཀ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ ང་ནི་དབང་ཆེན་པདྨའི་སྐུ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་བླ་མེད་ཧེ་རུ་ཀ༔ ང་ནི་རིག་འཛིན་ཐོད་ཕྲེང་རྩལ༔ ང་ནི་དྲེགས་པ་ཀུན་འདུལ་རྗེ༔ ང་ནི་སྟོབས་ལྡན་ནག་པོ་སྟེ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ བཀའ་བརྒྱད་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་སྒྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུང་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ [ཐུན་བདུན་དབབ་པ་ནི།] ཧཱུཾ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སངས་རྒྱས་ཕྲིན་ལས་ཡོངས་རྫོགས་ཐུན༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ ཧཱུཾ༔ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ མ་མོ་ཡོངས་རྫོགས་གྱད་ཀྱི་ཐུན༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ ཧཱུཾ༔ ཡུངས་དཀར་རྒྱལ་པོ་ཤ་རི་རམ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་ཐུན༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ ཧཱུཾ༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ དྲེགས་པ་ཡོངས་རྫོགས་དཔལ་གྱི་ཐུན༔ དགྲ་

p. 163

བགེགས་ལྔ་ཕུང་རྡུལ་དུ་རློག༔ ཧཱུྃ༔ འབྱུང་བའི་དུག་འདུས་རླུང་ལྟར་འཚུབས༔ གདུག་པའི་དུག་སྣ་ཡོངས་རྫོགས་ཐུན༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ ཧཱུྃ༔ ཐོགས་མེད་དྲག་པོ་ལས་ཀྱི་མཚོན༔ ཕྱག་མཚོན་ཡོངས་རྫོགས་མཚོན་ཆའི་ཐུན༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ ཧཱུཾ༔ སྟོབས་ཆེན་འདུས་པ་མདའ་རྡོའི་ཐུན༔ བདུད་འཇོམས་ཡོངས་རྫོགས་དྲེགས་པའི་ཐུན༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ [ཅེས་ཐུན་སོ་སོས་བརྡེག །དེ་ནས་རྣམ་ཤེས་སྤར་བའི་ཕུར་བུ་འདྲིལ་ཞིང་།] ཨེ་མ་ཁམས་གསུམ་སེམས་ཅན་རྣམས༔ མ་རྟོགས་འཁྲུལ་པ་སྙིང་རེ་རྗེ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཐུགས་རྗེའི་ཐབས་ཀྱི་སྦྱོར་བ་ཡིས༔ ཕུང་པོ་བསྒྲལ་བའི་ཞིང་དུ་བཅས༔ གཟུགས་ཀྱིས་ལྷ་རྣམས་མཆོད་པར་བྱ༔ རྣམ་ཤེས་ཡུམ་གྱི་མཁའ་ལ་སྤར༔ ཡེ་ཤེས་སེམས་དཔར་བྱིན་བརླབས་པའི༔ ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཡཾ་རཾ་སྥ་ར་ཎ་ཕཊ༔ བོ་ངྷི་ཙིཏྟ་ཧྲཱིཾཿསཾ་ཧ་ར་ཎ་ཧཱུྃ༔ [ཞེས་བརྗོད་ཅིང་། དྲག་སྔགས་སོ་ལྔ་པ་ཕུར་སྐོར་དང་སྦྱར་བས་ཕུར་བུ་དམིགས་བྱའི་སྙིང་གར་བཏབ་ལ་ཚེ་ཁྲུས་ཀྱི་དགོངས་པ་ཟབ་

p. 164

མོས་རྣམ་ཤེས་སྤར། དེ་ནས་བག་ཆགས་འཁོར་བའི་སྐྱེ་རྒྱུད་རྩད་ནས་གཅོད་ཕྱིར་ཕུར་བུ་བསྐོར་ཞིང་འདེབས་པས།] ཧཱུཾ༔ ལྕགས་སམ་ནག་པོའི་ཤིང་རྣམས་ལ༔ མངོན་སྤྱོད་དྲག་པོའི་ཕུར་པ་བྱས༔ མགོ་བོ་རྒྱ་མདུད་གྲུ་བཞི་པ༔ ཆངས་བཟུང་ཟུར་བརྒྱད་ལོགས་བརྒྱད་དེ༔ སྐེད་པ་རྒྱ་མདུད་ཆུ་སྲིན་ཁ༔ རྩེ་མོ་ཟུར་གསུམ་དབལ་དང་ལྡན༔ ཕྱི་ནི་དུར་ཁྲོད་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་བསྒོམས་ཏེ༔ དགྲ་དང་བགེགས་ལ་བཏབ་པའི་ཚེ༔ བདུན་བརྒྱུད་རྩད་ནས་གཅོད་པར་བྱེད༔ ཧཱུྃཿ དམ་ཉམས་དགྲ་བགེགས་སྡིག་ཅན་ཁྱོད༔ རུས་ནི་ཞེ་སྡང་ཕ་ལས་བྱུང་༔ ཤ་ཁྲག་འདོད་ཆགས་མ་ལས་བྱུང་༔ རིག་པ་གཏི་མུག་ལས་ཀྱིས་དེད༔ འཁོར་བ་མ་ཡི་མངལ་དུ་ཞུགས༔ ཉོན་མོངས་ལྔ་ཕུང་གཟུགས་སུ་གྲུབ༔ ལྔ་ཕུང་རྩད་ནས་བཅད་པའི་ཕྱིར༔ ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ༔ རྣམ་ཤེས་རྟེན་དང་བྲལ་བའི་ཕྱིར༔ སྙིང་གི་དཀྱིལ་དུ་ཀཱི་ལ་ཡ༔ བལྟ་བ་གཟུགས་ཀྱི་འདུ་ཤེས་བསྒྲལ་བའི་ཕྱིར༔ མིག་གི་དཀྱིལ་དུ་ཀཱི་ལ་ཡ༔ ཉན་པ་སྒྲ་ཡི་འདུ་ཤེས་བཤིག་པའི་ཕྱིར༔ རྣ་བའི་དཀྱིལ་དུ་ཀཱི་ལ་ཡ༔ སྣོམ་པ་དྲི་ཡི་འདུ་ཤེས་བཤིག་པའི་ཕྱིར༔ སྣ་ཡི་དཀྱིལ་

p. 165

དུ་ཀཱི་ལ་ཡ༔ མྱོང་བ་རོ་ཡི་འདུ་ཤེས་བཤིགས་པའི་ཕྱིར༔ ལྕེ་ཡི་དཀྱིལ་དུ་ཀཱི་ལ་ཡ༔ ཚོར་བ་རེག་བྱའི་འདུ་ཤེས་བཤིག་པའི་ཕྱིར༔ ཕུང་པོའི་དཀྱིལ་དུ་ཀཱི་ལ་ཡ༔ འགྲོ་བ་རྐང་གི་འདུ་ཤེས་བཤིག་པའི་ཕྱིར༔ བརླ་ཡི་དཀྱིལ་དུ་ཀཱི་ལ་ཡ༔ འཛིན་པ་ལག་གི་འདུ་ཤེས་བཤིག་པའི་ཕྱིར༔ དཔུང་པའི་མཚམས་སུ་ཀཱི་ལ་ཡ༔ རིགས་བརྒྱུད་འཁོར་བའི་འདུ་ཤེས་བཤིག་པའི་ཕྱིར༔ གསང་བའི་དཀྱིལ་དུ་ཀཱི་ལ་ཡ༔ ང་རྒྱལ་བདག་འཛིན་འདུ་ཤེས་བཤིག་པའི་ཕྱིར༔ ཀླད་པའི་དཀྱིལ་དུ་ཀཱི་ལ་ཡ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ངྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ན་ཤ་ཡ་བྷནྡྷ་ཡ་ཧཱུཾ་ཧཱུཾ་ཕཊ༔ [ཅེས་ཕུར་པ་དམིགས་བྱའི་གནས་དེ་རྣམས་སུ་གདབ། དེ་ནས་སྲས་མཆོག་གི་ཕུར་བུས་གཏུབ་སྟེ། ཧཱུྃ༔] ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ༔ ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས༔ ལོག་རྟོག་འཁོར་བ་རྒྱུན་ཆོད་ཅིག༔ ཨོཾ་མནྟ་སུམྦྷ་ནི་ཧཱུཾ༔ བཛྲ་ཛྭ་ལ་ཧཱུྃ༔ ཨོཾ་བྷྲཱུྃ་ཧཱུྃ་བྷྲུྃ་ཏྲཱཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱ་བྷྲུྃ༔ དགྲ་བགེགས་ཚལ་པ་དུམ་བུ་མཱ་ར་ཡ་རྦད་རྦད༔ [ཞེས་ཕུར་བུའི་དབལ་ལས་མཚོན་ཆའི་ཆར་བབས་པས་གཟུགས་ཕུང་དེ་ཕྱེ་མ་ལྟར་དུམ་བུར་བཏང་བར་བསམ་ཞིང་། མཚོན་ཆས་

p. 166

བསྒྲལ་བ་ནི། སྒྲོལ་གྲི་ཐོགས་ལ།] ཧཱུྃ༔ ཆེ་མཆོག་དཔལ་དགུའི་སྤྲུལ་པ་ཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏུབས་ཤིང་སྲོག་དང་ཕྲོལ༔ [དྲག་སྔགས་སོ་ལྔའི་ཤམ་བུར།]ནྲྀ་ཏྲི་མཱ་ར་ཡ་རྦད༔ [ཅེས་དུམ་བུར་གཏུབ། བརྒྱད་པ་མཆོད་བསྟོད་ཀྱིས་གཏུན་ཏུ་བརྡུང་བ་ནི། ཐོ་བས་བརྡུང་ཞིང་ཕྱེ་གསུམ་གྱིས་བྲབ། ལག་སོར་ནང་དུ་བསྣོལ་བའི་མཐིལ་གཉིས་སྦྱར་བས་བརྡུང་ཚུལ་བྱས་ལ།] ཧཱུྃ༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བར་དགྲ་དང་གནོད་པའི་བགེགས༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་རློག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ༔ ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ༔ [ཅེས་དང་།]ཧཱུྃ༔ བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མཚོན་ཆས་བསྒྲལ་ནས་ཀྱང་༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ན༔ ལྷ་ཡང་རུང་སྟེ་བརླག་པར་བྱེད༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཨོཾ་བཛྲ་པདྨ་ཨཱ་ཀོ་ཊ་ཡ་ཁ་ཐམ་ཁ་ཐམ་ཧཱུཾ་ཕཊ༔ [དགུ་

p. 167

པ་དྲག་སྔགས་ཀྱིས་ཞལ་དུ་སྟོབ་པ་ནི། མི་རྐང་ཧོམ་གཟར་གྱིས་ལིང་རོ་གཏོར་མར་འབུལ། རྡོ་རྗེའི་ཐལ་མོ་གན་རྐྱལ་གྱིས་སྟོབ་པའི་ཚུལ་བྱས་ལ།] ཧཱུྃ༔ དམོད་པ་དྲག་སྔགས་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གཟུགས་ཕུང་རྔམས་པའི་ཞལ་དུ་ཐོབ༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ བྷིནྡྷ་ཡ་བྷིནྡྷ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ༔ [ཅེས་དང་།] ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ དོན་དམ་ཆོས་ཉིད་ཞལ་ཕྱེས་ཤིག༔ ཁམས་གསུམ་འཁོར་བ་ཞལ་དུ་བསྟབ༔ སྐུ་ལྔ་ཡེ་ཤེས་ཞལ་ཕྱེས་ཤིག༔ ཉོན་མོངས་དུག་ལྔ་ཞལ་དུ་བསྟབ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ བསྒྲལ་བའི་ཞིང་བཅུ་ཞལ་དུ་བསྟབ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་མཆོད་པ་དང་༔ དབང་པོ་ནང་རོལ་བཅས་པ་རྣམས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུར་དུ་བསྟིམ་མོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ བཞེས་ཤིག་ལྷག་མ་མེད་པར་མཛད༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་

p. 168

ཁཱ་ཧིཿ མ་ཧཱ་ཙིཏྟ༴ མ་ཧཱ་ཀེང་ནི་རི་ཏི༴ མ་ཧཱ་བ་སུ་ཏ༴ མ་ཧཱ་གོ་རོ་ཙ་ན༴ དབང་པོ་ལྔ་ལ་ཁཱ་ཧི༔ སྐྱེ་མཆེད་དྲུག་ལ་ཁཱ་ཧི༔ རྣམ་ཤེས་ཚོགས་བརྒྱད་ལ་ཁཱ་ཧི༔ [ཞེས་བསྟབ་པས་དགྱེས་པར་བསམ། སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ལས་བྱང་ལྟར་བྱའོ། །][གསུམ་པ་ཟློག་པའི་ལས་རིམ་ལ་གཉིས་ལས། དང་པོ་སྔོན་དུ་འགྲོ་བ་དམར་སྦྲེང་བྱ་བ་ནི། ཁྲག་གི་གཟར་བུ་འཕྱར་ཞིང་།] ཧཱུཾ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ གཏི་མུག་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ གཏི་མུག་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་ཞེ་སྡང་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་༔ ཞེ་སྡང་ཁྲག་གི༴ ཁྲོ་བོ་རོལ་པའི༴ ང་རྒྱལ་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་༴ ང་རྒྱལ་ཁྲག་གི༴ ཁྲོ་བོ་རོལ་པའི༴ འདོད་ཆགས་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་༴ འདོད་ཆགས་ཁྲག་གི༴ ཁྲོ་བོ་རོལ་པའི༴ ཕྲག་དོག་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་༴ ཕྲག་དོག་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འཁོར་བཅས་རྣམས༔ དམར་ཆེན་ཁྲག་

p. 169

གི་མཆོད་པ་འདི་བཞེས་ལ༔ བསྲུང་དང་བཟློག་དང་མནན་དང་བསད་པ་སོགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་བསྒྲུབ་ཏུ་གསོལ༔ མ་ཧཱ་མཱཾ་ས་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧི༔ [གཉིས་པ་ཟློག་པ་དངོས་ལ་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ལའང་གསུམ་ལས། དང་པོ་རྩ་བའི་ལྷ་ཚོགས་རྣམས་ལ་བཟློག་པའི་ཕྲིན་ལས་བཅོལ་བ་ནི། ཉ་བོ་བསྒྲལ་བའི་ཕུང་པོ་གཏོར་ཆེན་ལ་སྟོབ་ཅིང་།] ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་འཁོར་དང་བཅས༔ སྟོང་ཉིད་དབྱིངས་ལས་ཐུགས་དམ་རྒྱུད་བསྐུལ་གྱིས༔ སྤྲུལ་པ་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ སངས་རྒྱས་བསྟན་དང་རྣལ་འབྱོར་སྒྲུབ་པོ་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོའི་ཚོགས༔ ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་བས༔ མི་མངོན་དབྱིངས་ནས་འབར་བའི་སྐུར་བཞེངས་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་དུས་ལ་བབ༔ སྲུང་བའི་གུར་ཁང་རྡོ་རྗེའི་ཐོག་གིས་ཤིག༔ ཟློག་པའི་ནུས་པ་རང་གཤེད་རང་ལ་གཟིར༔ དྲག་ཤུལ་ཆེན་པོས་

p. 170

བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ༔ རིགས་བཞི་ཧེ་རུ་ཀ་དང་ཡུམ་བཞི་དང་༔ ཁྲོ་བོ་བཅུ་དང་ཡུམ་བཅུ་སྒོ་བ་བཞི༔ ལྕེ་སྤྱང་མ་བརྒྱད་ཆེ་མཆོག་ལྷ་ཚོགས་རྣམས༔ ༈ དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ཁྱེད་ལ་ཕྲིན་ལས་གཉན་པོ་བཅོལ་བ་ནི༔ རྣལ་འབྱོར་བདག་ཅག་རྒྱུ་སྦྱོར་ཡོན་བདག་གི༔ སྔོན་ལས་འཕྲལ་རྐྱེན་ངན་པའི་ཕྱོགས་ཀུན་ཟློག༔ ཡས་ཀྱི་བདུད་དང་མས་ཀྱི་སྲི་ལངས་ཟློག༔ ལོ་ཀག་ཟླ་ཀག་དུས་ཀག་ཐམས་ཅད་ཟློག༔ གདོན་བགེགས་དགྲ་ཡི་དཔུང་རྣམས་ཐམས་ཅད་ཟློག༔ ཕ་རོལ་རྦད་འདྲེ་རྦོད་གཏོང་དམོད་བྱད་ཟློག༔ ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ་ལ་ཟློག༔ ལས་ཀྱི་ཕོ་ཉའི་གདུག་རྩུབ་དགྲ་ལ་ཟློག༔ འཇིག་རྟེན་དྲེགས་པའི་ཟ་ཁ༴ སྣང་སྲིད་སྡེ་བརྒྱད་གནོད་པ༴ ཕྱོགས་བཅུའི་གདོན་གྱི་ཆོ་འཕྲུལ༴ མི་ནད་ཕྱུགས་ནད་དལ་ཡམས༴ ཐན་དང་ལྟས་ངན་ཆོ་འཕྲུལ༴ ཆག་ཆེ་ཉམ་ང་ཐམས་ཅད༴ ཕུང་འདྲེ་མི་ཁ་ལངས་པ༴

p. 171

ཕྱོགས་དུས་རྟེན་འབྲེལ་ལོག་པ༴ སྣོད་བཅུད་རྒུད་པའི་དབུལ་ཕོངས༴ བློ་ཉེས་དོན་ཉམས་ཡིད་འཁྲུག༴ རྨི་ལམ་རྟགས་མཚན་ངན་པ༴ དབང་ཐང་འབྱོར་པའི་གོད་ཟགས༴ འཇིགས་པ་ཆེན་པོ་བཅུ་དྲུག༴ ནད་རིགས་བཞི་བརྒྱ་རྩ་བཞི༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གློ་བུར་དགུ་བཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ རྐྱེན་ངན་ཉི་ཁྲི་ཆིག་སྟོང་༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ གཤིས་ངན་འགུམ་པ་བཅོ་བརྒྱད༴ དུས་མིན་འཆི་བ་ཐམས་ཅད༴ མི་མཐུན་བར་ཆད་ཐམས་ཅད༴ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་བྷྱོ་གནོད་བྱེད་དགྲ་དང་བགེགས་ལ་བྷྱོ༔ ཟློག་སྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུཾ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་ཀྲོ་ངྷི་ཤྭ་རིམ༔ ཁྲག་འཐུང་རིགས་བཞི་ཡབ་ཡུམ་ཀཽ་རི་བརྒྱད༔ སེང་ཧ་མ་བརྒྱད་སྒོ་མ་བཞི་རྣམས་དང་༔ བསྟན་པ་བསྲུང་བའི་དབང་ཕྱུག་ཉི་ཤུ་བརྒྱད༔ ཡང་

p. 172

དག་ཐུགས་ཀྱི་ལྷ་ཚོགས་མ་ལུས་རྣམས༔ དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི༔ [སོགས་གོང་བཞིན་འགྲེ།] ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དཔལ་ཆེན་གཤིན་རྗེ་གཤེད་པོ་དང་༔ གཉིས་མེད་ཡུམ་མཆོག་ཟ་བྱེད་བེ་ཏཱ་ལི༔ སྦྱོར་བའི་ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ རིག་འཛིན་གཤེད་ཆེན་བཞི་པོ་ཡུམ་དང་བཅས༔ ཕྱོགས་སྐྱོང་བཅུ་གཉིས་ཡབ་ཡུམ་གིང་བཞི་དང་༔ ཁྲམ་ཐོགས་བདུད་བཞི་ཤེ་ཐོགས་རྩིས་པ་བཞི། བཤན་པ་ལྔ་སོགས་སྐུ་ཡི་ལྷ་ཚོགས་རྣམས༔ དམ་ཉམས་དགྲ་བགེགས་བསྒྲལ་བ་[སོགས།] ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ༔ སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ པདྨ་གསུང་གི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་དབང་གི་སྐུ༔ གཉིས་མེད་ཡུམ་མཆོག་པདྨ་གཟི་ལྡན་མ༔ ཕྲ་མེན་ཡབ་ཡུམ་ཟིལ་གནོན་ཁྲོ་བོ་བརྒྱད༔ ཡེ་ཤེས་དཔལ་གྱི་ཁྱི་བརྒྱད་སྤྱང་བརྒྱད་དང་༔ སྒོ་བ་བཞི་དང་ཁམས་རྒྱ་དམུས་ལོང་སོགས༔ པདྨ་གསུང་གི་ལྷ་ཚོགས་མ་ལུས་རྣམས༔ དམ་ཉམས་

p. 173

དགྲ་བགེགས་[སོགས།] ཨཾ་པདྨནྟ་ཀྲྀ་ཏ་བཛྲ་ཀྲོ་ངྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུཾ༔ ཕྲིན་ལས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ གཉིས་མེད་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ རིགས་ཀྱི་སྲས་བཞི་ཁྲོ་བོ་ཡབ་ཡུམ་བཅུ༔ ཟ་གསོད་ཉི་ཤུ་སྒོ་མ་ཆེན་མོའི་བཞི༔ བསྭེ་མོ་བཞི་དང་རེ་ཏཱི་མཆེད་བཞི་དང་༔ ཤྭ་ན་མུ་ཁ་བསེ་ལྕགས་དུང་སྐྱེས་བུ༔ བཞི་གསུམ་བཅུ་གཉིས་ལ་སོགས་ཕུར་པ་ཡི༔ ལྷ་ཚོགས་བདུན་ཅུ་རྩ་གཉིས་མ་ལུས་རྣམས༔ དམ་ཉམས་དགྲ་བགེགས་[སོགས།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ མ་མོ་རྦོད་གཏོང་ལྷུན་གྲུབ་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་ཉིད་བཞི་མུ་ཁ་ལེ༔ དབྱིངས་ཀྱི་ཡུམ་ཆེན་རྟག་པའི་རྒྱལ་མོ་ལྔ༔ རྒྱ་མཚོ་ལ་སོགས་རྗེ་མོ་བཅུ་བཞི་དང་༔ སྨན་མོ་ཉེར་བཞི་སྲིན་མོ་ཉི་ཤུ་བརྒྱད༔ སྒོ་མ་བཞི་དང་ཡང་གབ་རྒྱལ་མོ་བཞི༔ སྦས་པའི་མ་བཞི་གདོང་མོ་མཆེད་བཞི་དང་༔ རོ་ཁ་མ་གསུམ་ལ་སོགས་དགུ་བཅུ་

p. 174

གཉིས༔ དམ་ཉམས་དགྲ་བགེགས་[སོགས།] ཨོཾ་གུ་ཧྱ་ཛྙཱ་ན་ཀྲོ་ངྷ་ངྷཱི་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ རིག་འཛིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ རོ་ལངས་བདེ་བ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡང་དག་ཐུགས་ཀྱི་རིག་འཛིན་ཆེན་པོ་དང་༔ འཇམ་དཔལ་སྐུ་ཡི་རིག་འཛིན༴ པདྨ་གསུང་གི༴ ཕུར་པ་ཕྲིན་ལས༴ བདུད་རྩི་སྨན་གྱི༴ མ་མོ་རྦོད་གཏོང་༴ འཇིག་རྟེན་མཆོད་བསྟོད༴ དྲག་སྔགས་རིག་འཛིན་རིགས་ཀྱི་རིག་འཛིན་དང་༔ སློབ་དཔོན་སྡེ་བཞི་ལ་སོགས་རིག་འཛིན་དང་༔ མཁའ་འགྲོ་སྡེ་བཞི་དཔའ་བོ་གིང་ཆེན་བཞི༔ དེ་ལ་སོགས་ཏེ་དཔའ་བོ་དཔའ་མོའི་ཚོགས༔ དམ་ཉམས་དགྲ་བགེགས་[སོགས།] ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ སརྦ་དུཥྚན་མའ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ མཆོད་བསྟོད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཡབ་གཅིག་ལྷ་མཆོག་དྲེགས་པ་ཀུན་འདུལ་དང་༔ གཉིས་མེད་ཡུམ་མཆོག་ཁམས་གསུམ་སྤྱི་འདུལ་མ༔ དབང་ཕྱུག་ཆེན་པོ་ཨུ་མ་དེ་བི་དང་༔ ཡ་མ་རཱ་ཛ་སྒྲོལ་བྱེད་ནག་མོ་དང་༔ སྐོས་རྗེས་བྲང་དཀར་ནག་མོ་རེ་མ་ཏཱི༔ རཀྴ་གློག་ཕྲེང་སྦལ་མགོ་ཁྲག་མིག་མ༔ ཡཀྵ་

p. 175

མེ་དབལ་མོན་མོ་ནག་མོ་དང་༔ རཱ་ཧུ་ལ་དང་ཐོག་གི་བུ་ཡུག་མ༔ ཀླུ་བདུད་ནག་པོ་ཡཀྵ་ནག་མོ་དང་༔ ལྷ་རབས་ཤམ་པོ་རྒྱལ་པོ་གུ་རུམ་རྩེ༔ གནམ་ཐེའུ་དཀར་པོ་ཨེ་ཀ་ཛཱ་ཊི་དང་༔ རྡོ་རྗེ་ཡུམ་ཆེན་འབྱུང་བ་ལྔ་ཡི་བདག༔ ནག་མོ་མགྱོགས་བྱེད་རྡོ་རྗེ་བདུད་འདུལ་དང་༔ སྲོག་ཟན་ཡམ་ཤུད་ཀཱ་ལ་ནག་པོ་དང་༔ བཀྲག་མེད་བི་ན་ཡ་ག་ཚངས་པ་དང་༔ དགྲ་བླ་པེ་ཧར་སྐུ་ལྷ་གསང་བ་དང་༔ མགོན་པོ་ནག་པོ་ལྷ་སྲིན་སྡེ་བརྒྱད་སོགས༔ བསྟན་པ་སྲུང་མཛད་མཐུ་རྩལ་མངའ་བ་རྣམས༔ དམ་ཉམས་དགྲ་བགེགས་[སོགས།] ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ དྲག་སྔགས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཡབ་གཅིག་སྟོབས་མཆོག་སྟོབས་ལྡན་ནག་པོ་དང་༔ གཉིས་མེད་ཡུམ་མཆོག་འབྱུང་བ་ལྔ་ཡི་བདག༔ འཆི་བདག་གཤིན་རྗེ་སྐྱེ་འགྲོའི་སྲོག་བདག་དང་༔ མེ་ཡི་ཁ་རླངས་བདུད་མོ་ཁྲག་འཛག་དང་༔ སྲིན་པོ་གསོད་བྱེད་སྲིན་མོ་གསོད་བྱེད་དང་༔ གང་བ་བཟང་པོ་ཤ་ཟ་རལ་གཅིག་དང་༔ ཁྱབ་འཇུག་ཆེན་པོ་མ་ཧཱ་དེ་བ་དང་༔ ཐར་པ་ནག་པོ་དབུ་རྗེ་བཙན་པོ་དང་༔ མུ་སྟེགས་ནག་པོ་ཀླུ་རྒྱལ་སོག་མ་མེད༔

p. 176

ལི་བྱིན་ཧ་ར་ལེགས་ཁུ་ལེ་ལག་དགུ་དང་༔ རྡོ་རྗེ་ལེགས་པ་ཡམ་ཤུད་དམར་པོ་དང་༔ གཤིན་རྗེ་ལྷ་དང་བདུད་དང་གཟའ་ཆེན་དང་༔ བཤན་པ་ལ་སོགས་དྲག་སྔགས་ལྷ་ཚོགས་རྣམས༔ དམ་ཉམས་དགྲ་བགེགས་[སོགས།] ཨོཾ་བཛྲ་སརྦ་དུཥྚན་ཧཱུཾ་ཕཊ༔ སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ གཞན་ཡང་སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་གྱི༔ ཕོ་ཉ་ལས་མཁན་གསོད་བྱེད་དྲེགས་པའི་ཚོགས༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅོ་བརྒྱད་དང་༔ ལངྐ་དུར་ཁྲོད་བདག་མོ་རྣམ་བརྒྱད་དང་༔ མ་བདུན་སྲིང་བཞི་འབར་མ་ཆེན་མོ་བརྒྱད༔ དཔལ་གྱི་བཀའ་སྡོད་ཕོ་ཉ་དྲུག་ཅུ་བཞི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང་༔ ས་བདག་ཆེན་མོ་སུམ་ཅུ་རྩ་གཉིས་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་གིང་ཆེན་ཚོགས༔ ཕོ་ཉ་སྲོག་གཅོད་ཤན་པ་ལ་སོགས་རྣམས༔ དམ་ཉམས་དགྲ་བགེགས་[སོགས།] ཨོཾ་བཛྲ་སརྦ་ཀརྨ་ཡཀྵ་ས་མ་ཡ་ཧཱུཾ་ཕཊ༔ སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ [ཅེས་དང་། ཡང་སྐབས་འགའ་ཞིག་ཏུ་དེ་ལས་བསྡུ་བར་འདོད་ན།] ཧཱུྃ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནི༔ འབར་བ་

p. 177

ཡེ་ཤེས་ཀློང་དགུའི་ཕོ་བྲང་ནས༔ བདེ་གཤེགས་ཁྲག་འཐུང་ཚོམ་བུ་དགུ་ཡི་ལྷཿ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས༔ དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ཁྱེད་ལ་ཕྲིན་ལས་གཉན་པོ་བཅོལ་བ་ནི༔ རྣལ་འབྱོར་བདག་ཅག་རྒྱུ་སྦྱོར་ཡོན་བདག་གི༔ སྔོན་ལས་འཕྲལ་རྐྱེན་ངན་པའི་ཕྱོགས་ཀུན་ཟློག༔ ཡས་ཀྱི་བདུད་དང་མས་ཀྱི་སྲི་ལངས་ཟློག༔ ལོ་ཀག་ཟླ་ཀག་དུས་ཀག་ཐམས་ཅད་ཟློག༔ གདོན་བགེགས་དགྲ་ཡི་དཔུང་རྣམས་ཐམས་ཅད་ཟློག༔ ཕ་རོལ་རྦད་འདྲེ་རྦོད་གཏོང་དམོད་བྱད༴ ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ་ལ༴ ལས་ཀྱི་ཕོ་ཉའི་གདུག་རྩུབ༴ འཇིག་རྟེན་དྲེགས་པའི་ཟ་ཁ༴ སྣང་སྲིད་སྡེ་བརྒྱད་གནོད་པ༴ ཕྱོགས་བཅུའི་གདོན་གྱི་ཆོ་འཕྲུལ༴ མི་ནད་ཕྱུགས་ནད་དལ་ཡམས༴ ཐན་དང་ལྟས་ངན་ཆོ་འཕྲུལ༴ ཆག་ཆེ་ཉམ་ང་ཐམས་ཅད༴ ཕུང་འདྲེ་མི་ཁ་ལངས་པ༴ ཕྱོགས་དུས་རྟེན་འབྲེལ་ལོག་པ༴ སྣོད་བཅུད་རྒུད་པའི་དབུལ་ཕོངས༴ བློ་ཉེས་དོན་ཉམས་ཡིད་འཁྲུག༴ རྨི་ལམ་རྟགས་མཚན་ངན་པ༴ དབང་ཐང་འབྱོར་པའི་གོད་ཟགས༴ འཇིག་པ་

p. 178

ཆེན་པོ་བཅུ་དྲུག༴ ནད་རིགས་བཞི་བརྒྱ་རྩ་བཞི༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གློ་བུར་དགུ་བཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ རྐྱེན་ངན་ཉི་ཁྲི་ཆིག་སྟོང་༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ གཤིས་ངན་འགུམ་པ་བཅོ་བརྒྱད༴ དུས་མིན་འཆི་བ་ཐམས་ཅད༴ མི་མཐུན་བར་ཆད་ཐམས་ཅད༴ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་བྷྱོ་གནོད་བྱེད་དགྲ་དང་བགེགས་ལ་བྷྱོ༔ ཟློག་སྒྱུར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ [དྲག་སྔགས་སོ་ལྔའི་མཐར།] སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ [གཉིས་པ་རྩང་ཟློག་ནི།] ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་ཆེ་མཆོག་ཧེ་རུ་ཀའི༔ དྲག་པོ་དཔལ་གྱི་གཏོར་ཆེན་ལྕགས་རི་ལ༔ སྤྲུལ་པའི་ཕོ་ཉ་མང་པོ་མངགས་པའི་རྟེན༔ དམར་ནག་དྲག་པོའི་རྩང་ཕུར་ཟུར་གསུམ་པ༔ བསྣོལ་སྟབས་སྲིན་མོ་འགྲོས་སུ་བཙུགས་པ་ནི༔ ཉོན་མོངས་དགྲ་བགེགས་མ་ལུས་འདུལ་བའི་རྟགས༔ སྤྲུལ་པའི་ཕྱག་བརྙན་རྟགས་ཀྱི་ཕོ་ཉར་གསལ༔ རྩང་ཕུར་ཟུར་གསུམ་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་མོས་ཆོས་ཉིད་དབྱིངས་སུ་འབིགས་༔ མར་

p. 179

གྱི་རྩེ་མོས་ངན་སོང་གནས་རྣམས་འབིགས༔ སྐེད་པ་རྒྱ་མདུད་ཕོ་ཉ་འབྱུང་བའི་གནས༔ ཡར་གྱི་རྩེ་མོ་ལྷག་མཐོང་ཡུལ་ལ་འཇུག༔ མར་གྱི་རྩེ་མོ་རྒྱུད་དྲུག་གནས་སུ་ཟུག༔ སྐེད་པ་རྒྱ་མདུད་ཁམས་གསུམ་དོན་དང་ལྡན༔ སྟོད་ཀྱི་རྩེ་ལ་གདུག་པའི་མེ་སྟག་འཕྲོ༔ སྨད་ཀྱི་རྩེ་མོར་དུག་གི་མེ་སྟག་འཕྲོ༔ སྐེད་པ་རྒྱ་མདུད་མཚོན་ཆའི་གུར་དུ་ཕུབ༔ ཡར་གྱི་རྩེ་མོར་རཾ་གྱི་ཐོག་སེར་འབེབས༔ མར་གྱི་རྩེ་མོར་མཚོན་ཆའི་བུ་ཡུག་འཚུབས༔ སྐེད་པ་རྒྱ་མདུད་ལྷ་ཡི་ཕོ་བྲང་བཅས༔ དམར་ནག་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས༔ རྩང་ཕུར་རྔམས་སྟབས་ཁྲབས་སེ་ཁྲབ༔ རྩང་ཕུར་གར་སྟབས་ཤིགས་སེ་ཤིག༔ རྩང་ཕུར་ཤ་ཟ་འཇིབས་སེ་འཇིབ༔ རྩང་ཕུར་ཁྲག་འཐུང་ཅིབས་སེ་ཅིབ༔ རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ༔ ལས་མཁན་ཐམས་ཅད་དུས་ལ་བབ༔ འདི་ལྟར་བཟློག་པའི་ཕྲིན་ལས་མཛོད༔ བཟློག་ཅིག་མགོན་པོའི་བྱད་མཐུ་ཟློག༔ གཤིན་རྗེའི་འཁོར་ལོ་བསྐོར་བ༴ མགོན་པོས་སྦྱིན་སྲེག་བྱེད་པ༴ མ་མོས་ཐུན་ཟོར་འཕེན་པ༴ ཡུངས་དཀར་ཁྲོ་

p. 180

བོའི་དཔལ་ཟོར༴ བྱད་མ་ལྷ་དང་བཅས་པ༴ བནྡྷེ་ཡོངས་ཀྱི་བྱད་སྔགས༴ དགེ་སློང་ཡོངས་ཀྱི་པར་བུ༴ ཀླུ་བདུད་ནག་པོའི་གཏད་ཁྲམ༴ ཞང་ཞུང་བཙོད་དམར་འཕེན་པ༴ བོན་པོ་ཡོངས་ཀྱི་རྔ་ཟོར༴ མུ་སྟེགས་ངན་སྔགས་བྱེད་པ༴ བལ་མོའི་ངན་སྔགས་དམོད་མོ༴ རྒྱ་གར་ཆོས་ཀྱི་མཐུ་བྱེད༴ དྲང་སྲོང་དམོད་པའི་འདོར་བ༴ ཕྲ་མེན་མ་ཡི་ངན་བྱེད༴ སུམ་པའི་གླང་དམར་རོལ་བྱེད༴ བོད་ཀྱི་རྦོད་གཏོང་བྱེད་པ༴ བྲམ་ཟེའི་ངན་སྔགས་དམོད་པ༴ དྲི་ཟའི་དམོད་བྱེད་ཞི་འཐིབས༴ རྒྱལ་པོས་སྨྱོ་འབོག་གཏོང་བ༴ སྲིན་པོས་ཀོ་ཁ་གཏོང་བ༴ ཀླུ་ཡིས་བྱད་དུ་བཅུག་པ༴ བདུད་ཀྱིས་ཁྲམ་ལ་བཏབ་པ༴ བཙན་གྱིས་ཞགས་པ་འཕེན་པ༴ གནོད་སྦྱིན་རྩིས་ལ་འདེབས་པ༴ འབྱུང་པོས་ཉམས་སད་བལྟ་བ༴ མཚེ་ཟོར་ཡུངས་ཟོར་འཕེན་པ༴ ཐེ་བྲང་སྲིས་ལ་རྐུ་བ༴ གློ་བུར་ཡེ་འདྲོག་བྱེད་པ༴ འབྱུང་པོས་གོད་འདྲེ་བྱེད་པ༴ བསེ་རག་སྲིས་ལ་རྐུ་བ༴ ཕ་ཚན་ནང་གི་བརྒྱ་འདྲེ༴ མ་ཚན་ནང་གི་སྟོང་འདྲེ༴ བདུད་བཙན་ཡོངས་ཀྱི་ཕུང་ཟོར༴ མ་སྲུའི་སྒབ་འདྲེ་བྱུང་བ༴ བྱིས་པའི་ཆུང་སྲི་ལངས་པ༴ གསོན་གྱི་བདུད་དུ་གཡོས་པ༴ གཤིན་

p. 181

གྱི་དུར་སྲི་ལངས་པ༴ རུས་ལ་ཚིག་ངན་གླེང་བ༴ སྣག་མཚན་ངན་འཐབ་པ༴ རྟ་ནད་ནོར་ནད་ཐམས་ཅད༴ ལོ་དགྲ་རྩྭ་དགྲ་སད་སེར༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ ཀག་ཆེན་སུམ་བརྒྱ་དྲུག་ཅུ༴ ལྟས་ངན་ཉི་ཁྲི་ཆིག་སྟོང་༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ ཕྱི་ཡི་ལྟས་ངན་ཕྱི་རུ༴ ནང་གི་ལྟས་ངན་ནང་དུ༴ བར་གྱི་ལྟས་ངན་བར་དུ་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ [གསུམ་པ་ཁྱུང་ཟློག་ནི།] ཧཱུྃ༔ རི་རབ་ཆེན་པོ་རི་ཡི་རྩེ་མོ་ན༔ དཔག་བསམ་ལྗོན་པ་ཤིང་གི་སྡོང་པོ་ལ༔ འཇིགས་བྱེད་སྤྲུལ་པའི་བྱ་ཁྱུང་ཁྲོ་བོའི་རྒྱལ༔ ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ ཐབས་དང་ལྡན་པས་ཤེས་རབ་ཡུམ་དང་སྦྱོར༔ གསེར་མིག་འཁྱིལ་བའི་ཁྱུང་ཆེན་དཀར་ལ་འཚེར༔ གནམ་ལྕགས་ཨུ་རྨོའི་མཆུ་སྡེར་ཕྱར་བ་ཡིས༔ ས་བདག་ཀླུ་གཉན་འདར་ཞིང་འཇིགས་པར་བྱེད༔ ཁྲོ་ཆུའི་རྭ་ལ་བསྐལ་པའི་མེ་ཆེན་འབར༔ གཤོག་པ་གསེར་གྱི་རལ་གྲི་གདེངས་པ་ཡིས༔ སྣང་སྲིད་མ་ལུས་ཟིལ་གྱིས་གནོན་པར་བྱེད༔ གཡུ་ཡི་མཁལ་ཁེབས་ལེ་བརྒན་གཤོག་པས་མཛེས༔ མཇུག་

p. 182

མ་གཡུ་ཡི་རུ་མཚོན་ཕྱོགས་བཅུར་འབར༔ རིན་ཆེན་སྣ་ཚོགས་རྡོ་རྗེའི་ཐེའུ་བྲན་མཛེས༔ འཁོར་ལོ་རིན་ཆེན་འབར་བས་དབུ་ལ་བརྒྱན༔ རྣལ་འབྱོར་བདག་གིས་བྱ་ཁྱུང་བོས་པའི་ཚེ༔ སྔོན་གྱི་ཐུགས་དམ་ལས་ལ་བསྐུལ་བ་ཡི༔ སྤྱན་ནས་ཁྲག་གི་རྦ་ཀློང་ཆི་ལི་ལི༔ ཁྱུང་སྐད་ཏང་ཏང་ཀླུ་རྣམས་སྙིང་རྩ་འདར༔ གཤོག་པ་གཡས་པས་ཉི་ཟླ་ཚོགས་པོར་འཕེན༔ གཤོག་པ་གཡོན་པས་ས་གཞི་གདར་ཤ་གཅོད༔ ལྕགས་སྡེར་བགྲད་པས་ཚངས་པའི་ཡུལ་ས་གནོན༔ གཤོག་པ་བརྡབ་པས་གཟའ་ཀླུ་དབང་དུ་སྡུད༔ བྱ་ཁྱུང་རྒྱལ་པོ་འབོད་དོ་སྙན་མ་སྲ༔ བྱ་ཁྱུང་རྒྱལ་པོ་གཡབ་བོ་སྤྱན་མ་རྟུལ༔ བྱ་ཁྱུང་རྒྱལ་པོ་བརྟེན་ནོ་རྒྱང་མ་རིང་༔ བྱ་ཁྱུང་རྒྱལ་པོ་སྒྲུབ་བོ་མཐུ་མ་ཆུང་༔ བྱ་ཁྱུང་རྒྱལ་པོ་བསྐུལ་ལོ་རྩལ་མ་ཞན༔ ལྟས་ངན་བཟློག་ཅིང་ཕྲིན་ལས་བསྒྲུབ་པའི་ཕྱིར༔ རི་རབ་རྩེ་ཡི་གནས་མཆོག་དམ་པ་ནས༔ བསྟན་པ་བསྲུང་ཕྱིར་གནས་འདིར་སྤྱན་འདྲེན་ན༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ སྣང་སྲིད་འདོད་ཡོན་ཆོས་དབྱིངས་མཆོད་པ་དང་༔ རྨད་དུ་བྱུང་བ་གཏོར་མའི་མཆོད་པ་དང་༔ དམ་རྫས་བདུད་རྩི་འབར་བའི་

p. 183

མཆོད་པ་དང་། སྦྱོར་སྒྲོལ་རཀྟའི་མཆོད་པ་ཆེན་པོས་མཆོད༔ སྲིད་པའི་བྱ་ཁྱུང་རིགས་ལྔ་འཁོར་བཅས་ཀྱི༔ ཐུགས་དམ་མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ དགྲ་བགེགས་གཤེད་གྱུར་བྱ་ཁྱུང་རྒྱལ་པོ་ཡིས༔ ལྟས་ངན་མ་ལུས་བཟློག་བསྒྱུར་དུས་ལ་བབ༔ ཆག་ཆེ་ཉམ་ང་བཟློག་པའི་ཕྲིན་ལས་མཛོད༔ [ཅེས་བསྐུལ་ལ་ལྟས་ངན་དམིགས་ཀྱིས་བཟློག་པ་ནི།] ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲོ་རྒྱལ་གྱི༔ དབུ་ལ་ཁྱུང་ཆེན་འབར་བས་བརྒྱན༔ ཁྱུང་གི་རལ་ནག་སྤྲུགས་པ་ལས༔ སྲིད་པའི་མ་མོ་ཐམས་ཅད་འཁྲུགས༔ གཞན་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་གང་༔ གཡས་ཀྱི་གཤོག་ཟུར་ལྔ་པོ་ལ༔ སྟེང་གི་ཁྲོ་བོ་བཅུད་དང་ནི༔ གསང་བའི་ཁྲོ་བོ་བཅུ་རུ་འབར༔ སྤྱི་དཔལ་ཁྲོ་བོ་བཅུ་དང་ནི༔ རྫོགས་པ་ཆེན་པོའི་ཁྲོ་བཅུ་འབར༔ ཏ་ཀྲྀཏ་ཁྲོ་བོ་བཅུ་དྲུག་ཤར༔ ལྟས་ངན་མི་རུང་སྣ་དགུ་ཡང་༔ བཟློག་གོ་ཁྱུང་ཆེན་འབར་བས་ཟློག༔ བསྒྱུར་རོ་ཆག་ཆེན་དགྲ་ལ་སྒྱུར༔ གཡོན་གྱི་གཤོག་ཟུར་ལྔ་པོ་ལ༔ སྲོག་རྩའི་མ་མོ་བདུན་དུ་ཤར༔ ཨེ་ཀ་དྲག་མོ་སྤུན་དྲུག་དང་༔ སྲིན་མོ་འབར་མ་བདུན་དུ་ཤར༔ གདོང་མོ་བཞི་དང་རྒྱལ་མོ་ལྔ༔ དབང་མོ

p. 184

ཉེར་བརྒྱད་སྤྲུལ་པ་བྱུང་༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ གློ་བུར་དགུ་བཅུ་རྩ་གཅིག་ཟློག༔ བཟློག་གོ་སྡང་བའི་དགྲ་ལ་ཟློག༔ བསྒྱུར་རོ་གནོད་པའི་བགེགས་ལ་སྒྱུར༔ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ལ༔ རྒྱལ་མོ་བཞི་དང་གདོང་མོ་བཞི༔ སྤྲུལ་པའི་མ་མོ་བརྒྱད་དུ་ཤར༔ ཆག་ཆེ་ཉམ་ང་ཐམས་ཅད་ཀུན༔ བཟློག་གོ་སྡང་བའི་དགྲ་ལ་ཟློག༔ བསྒྱུར་རོ་གནོད་པའི་བགེགས་ལ་སྒྱུར༔ [ཞེས་དང་། སླར་ཡང་།] ཧཱུཾ༔ ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་ཅན༔ སྐུ་ལ་ཟངས་ཁྲབ་འོད་ཀྱིས་མཛེད༔ ཕྱག་ན་མདུང་དམར་ཆེམས་སེ་ཆེམ༔ བ་དན་རྩེ་གསུམ་གཡབ་མོས་འདེབས༔ གཡས་ནས་བསྐོར་བས་ལྷ་སྲིན་སྡུད༔ གཡོན་ནས་བསྐོར་བས་ཀླུ་སྲིན་སྡུད༔ ཀླད་ལ་བསྐོར་བས་བདུད་དཔུང་འཇོམས༔ སྲོག་ལ་དབང་བྱེད་དྲོད་ལ་ཁྱབ༔ ཡེ་ཤེས་ཁྱུང་ཆེན་འབར་བ་ཡིས༔ ལྟས་ངན་དམིགས་ཀྱིས་གཞིག་ཏུ་གསོལ༔ ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ ལྟས་ངན་དམིགས་ཀྱིས་བཟློག་ཏུ་གསོལ༔ མཐིང་ནག་ཁྲོ་བོའི་ཞལ་ཁྱིམ་གྱིས༔ གདོང་ཅན་ལྟས་ངན་བཅུ་དྲུག་ཟློག༔ རྣོ་དཔལ་ཁྲོ་ཆུའི་རྭ་ཅོ་ཡིས༔ རྭ་

p. 185

ཅན་ལྟས་ངན་བཅུ་དྲུག་ཟློག༔ རལ་གྲི་འབར་བའི་གཤོག་པ་ཡིས༔ འདབ་ཆགས་ལྟས་ངན་བཅུ་དྲུག་ཟློག༔ ལྕགས་ཀྱུ་ངར་མའི་སྡེར་མོ་ཡིས༔ སྡེར་ཆགས་ལྟས་ངན་བཅུ་དྲུག་ཟློག༔ གནམ་ལྕགས་ཨུར་མོའི་མཆུ་དཔལ་གྱིས༔ ལྟོ་འགྲོའི་ལྟས་ངན་བཅུ་དྲུག་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་ཟློག༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་ཟློག༔ བྷྱོ་བྷྱོ་ཟ་བའི་འདྲེ་ལ་ཟློག༔ བྷྱོ་བྷྱོ་ཕུང་བའི་སྲི་ལ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཁྲོཾ་ག་རུ་ཌ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ལྟས་ངན་ཆོ་འཕྲུལ་ཐམས་ཅད་བྷྱོ་བྷྱོ་ཟློག་ཅིག་སྒྱུར་ཅིག༔ [གཉིས་པ་ཁྱད་པར་གྱི་ཟློག་པ་ལ། དངོས་དང་། ཟབ་པའི་མདེའུ་ཁ་སྦྱོར་བ་གཉིས་ཀྱི། དང་པོ་ལ། ཕྱིའི་གཏོར་མས་འཁོར་བ་མྱ་ངན་ལས་འདས་པར་བཟློག་པ་ནི།]ཧཱུྃ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀུན༔ ཡེ་ཤེས་གཞལ་ཡས་ཁང་དུ་སྒྱུར༔ ཐ་མལ་རང་གི་འཁྲུལ་སྣང་ཟློག༔ སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀུན༔ གཉིས་མེད་སངས་རྒྱས་ཉིད་དུ་སྒྱུར༔ སེམས་ཅན་ཆགས་སྡང་འཁྲུལ་པ་ཟློག༔ འཁོར་བའི་སྡུག་བསྔལ་སྣ་

p. 186

ཚོགས་ཀུན༔ གཉིས་མེད་བདེ་བ་ཆེན་པོར་སྒྱུར༔ གཉིས་སྣང་རྟོག་པ་ཆོས་སྐུར་ཟློག༔ འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ མྱང་འདས་བདེ་བ་ཆེན་པོར་སྒྱུར༔ ཆོས་སྐུ་སྐྱེ་མེད་ངང་དུ་ཟློག༔ [ནང་གི་གཏོར་མས་སེམས་ཅན་སངས་རྒྱས་སུ་བཟློག་པ་ནི།] ཧཱུྃ༔ སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀུན༔ ལྷ་དང་ལྷ་མོའི་ངང་དུ་སྒྱུར༔ ཐ་མལ་རང་རྒྱུད་འཛིན་པ་ཟློག༔ སྐྱེས་པ་ཞེ་སྡང་རང་བཞིན་ལ༔ མེ་ལོང་ཡེ་ཤེས་ངང་དུ་སྒྱུར༔ གསལ་སྟོང་བདེ་བ་ཆེན་པོར་ཟློག༔ བུད་མེད་འདོད་ཆགས་རང་བཞིན་ལ༔ ཀུན་རྟོག་ཡེ་ཤེས་ངང་དུ་སྒྱུར༔ འཛིན་ཞེན་མེད་པའི་ཀློང་དུ་ཟློག༔ སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀུན༔ ཕོ་ནི་ཐབས་ཀྱི་རང་བཞིན་ལ༴ མོ་ནི་ཤེས་རབ་རང་བཞིན་ཏེ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ གཉིས་མེད་སངས་རྒྱས་ཉིད་དུ་ཟློག༔ [གསང་བའི་གཏོར་མས་དུག་ལྔ་ཡེ་ཤེས་ལྔར་ཟློག་པ་ནི།] ཧཱུྃ༔ གཏི་མུག་མ་རིག་མུན་པ་ནི༔ ཆོས་དབྱིངས་ཡེ་ཤེས་ཉིད་དུ་སྒྱུར༔ མ་རིག་འཁྲུལ་པའི་རྟོག་པ་ཟློག༔ ཞེ་སྡང་བརྣག་པའི་རྟོག་པ་ནི༔ མེ་ལོང་ཡེ་ཤེས་ཉིད་དུ་སྒྱུར༔ འགྲན་སེམས་ངན་པའི་རྟོག་པ་ཟློག༔ ང་རྒྱལ་ཁེངས་པའི་རྟོག་

p. 187

པ་ནི༔ མཉམ་ཉིད་ཡེ་ཤེས་ངང་དུ་སྒྱུར༔ དམན་པ་ཁྱད་གསོད་རྟོག་པ་ཟློག༔ འདོད་ཆགས་ཞེན་པའི་རྟོགཔ་ནི༔ ཀུན་རྟོག་ཡེ་ཤེས་ཉིད་དུ་སྒྱུར༔ འཛིན་ཆགས་མེད་པའི་ངང་དུ་ཟློག༔ ཕྲག་དོག་མནར་བའི་རྟོག་པ་ནི༔ ནན་ཏན་ཡེ་ཤེས་ཉིད་དུ་སྒྱུར༔ དམན་སེམས་ངན་པ་བཟློག་ཏུ་གསོལ༔ [གཉིས་མེད་གཏོར་མས་ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོར་བཟློག་པ་ནི།] ཧཱུྃ༔ ཕུང་ལྔ་རྒྱལ་བ་རིགས་ལྔར་ཟློག༔ འབྱུང་ལྔ་ཡུམ་ལྔའི་ངང་དུ༴ དབང་ཤེས་སེམས་དཔའ་བརྒྱད་དུ༴ ཡུལ་དུས་སེམས་མ་བརྒྱད་དུ༴ མཐའ་བཞི་སྒོ་བ་བཞི་རུ༴ རིགས་དྲུགལ་ཐུབ་པ་དྲུག་ཏུ༴ ཐ་མལ་རང་རྒྱུད་འཁྲུལ་རྟོག་ཀུན༔ ཆོས་དབྱིངས་སྐྱེ་མེད་ངང་དུ་ཟློག༴ སྣང་སྲིད་བདེ་བ་ཆེན་པོར་ཟློག༔ བཟློག་ཅིག་བསྒྱུར་ཅིག་ས་མ་ཡ༔ [ཞེས་བརྗོད་ཅིང་དོན་བསྒོམ་མོ། །གཉིས་པ་ཟབ་པའི་མདེའུ་ཁ་སྦྱར་བ་ལ་གཉིས་ཀྱི། དང་པོ་སྔགས་བཟློག་བྱ་བ་ནི།] ཁྲག་འཐུང་འཁོར་དང་བཅས་པ་རྣམས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་འབར༔ ཞལ་ཕྱིར་གཟིགས་ནས་ཟློག་པའི་སྔགས༔ འབྲུག་སྟོང་ལྡིར་བ་ལྟར་བསྒྲགས་པས༔ སྐུ་ལས་ཕོ་ཉ་འབར་བའི་མེ༔ གཡོ་བྱེད་རླུང་གི་

p. 188

ཤུགས་ཅན་འཕྲོས༔ བྱང་ཆུབ་སྒྲུབ་ལ་བར་ཆད་ཀུན༔ རྒྱ་མཚོའི་ཕ་མཐར་བཟློག་ཅིང་བསྐྲད༔ མིང་གི་ལྷག་མ་མེད་པར་གྱུར༔ [ཅེས་དྲག་པོའི་སྡང་མིག་གཟིར་ལ་དྲག་སྔགས་མེ་ཕུང་མའི་གཤམ་དུ།]བཛྲ་ཀརྨ་ཡཀྵ་སརྦ་དུཥྚན་ཨ་ཁ་ཀ་ར་ཛྭ་ལ་ཛྭ་ལ་རཾ་རཾ་ཡཾ་ཡཾ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ [ཅེས་བརྒྱ་རྩ་སོགས་ཅི་འགྲུབ་བཟླས་མཐར། བདེན་སྟོབས་བརྗོད་པ་སྤྱི་ལྟར་ལས།] རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་དགྲ་བགེགས་ཆག་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་གནོད་བྱེད་དགྲ་བགེགས་བྱད་མའི་སྟེང་དུ་མཱ་ར་ཡ་བྷྱོ་ཟློག༔ [ཅེས་ཐལ་རྡེལ་བྱའོ། །][གཉིས་པ་ལ། ཡང་ཟློག་དང་། ཉིང་ཟློག་གཉིས་ཀྱི། དང་པོ་ནི། སྔགས་པ་ནང་རྒྱས་ནས་ཟློག་པར་སླར་ལོག་པ་ལ་བྱ་བ་སྟེ།] བདག་གི་ཐུགས་ནས་འོད་འཕྲོས་པས༔ ལས་རྒོལ་ལྷ་སྲུང་དབང་མེད་བཀུག༔ ཟོར་ཆེན་དཀྱིལ་འཁོར་མཐའ་སྐོར་དུ་༔ འདར་ཞིང་འདུད་པས་འཁོད་པར་གྱུར༔ [དུག་གཏོར་ཤ་ཁྲག་ལིངྒ་རྣམས་ཐོད་པའམ་ལྕགས་སྣོད་དུ་བཤམས་ལ་བྱད་མ་འགུགས་བསྟིམ་དྲག་པོ་བྱ། དེ་ཉིད་ཕ་རོལ་སྐྱོབ་བྱེད་

p. 189

ལྷ་སྲུང་ལ་བསྟབས་པས་དབང་མེད་དུ་ཟོས་པར་དམིགས་ཤིང་།] སརྦ་དེ་བ་པཱ་ལ་བིགྷྣཱན་ཤ་ཏྲུཾ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་ལན་བདུན་ནམ་གསུམ་གྱིས་བསྟབ། དེ་ཉིད་ཕ་རོལ་པོ་ལ་ཤིན་ཏུ་ཁྲོས་ཤིང་འཁྲུགས་ནས་ཞེ་སྡང་གི་ངར་བསྐྱེད་པར་བསམ་ལ།] ཧཱུྃ༔ ཉོན་ཅིག་ཕས་རྒོལ་གདུག་ཅན་ལ༔ འགོ་ཞིང་ལས་བྱེད་ལྷ་སྲུང་ཚོགས༔ དཔལ་ཆེན་ཧེ་རུ་ཀ་ཡི་བཀའ༔ རྡོ་རྗེའི་ཐ་ཚིག་སྙིང་ལ་གཤེར༔ ལས་ངན་སྡིག་ཅན་བྱད་མ་འདི༔ དང་པོ་ཞེ་སྡང་ཕ་ལས་བྱུང་༔ བར་དུ་འདོད་ཆགས་མ་ཡི་མངལ༔ ཐ་མ་གཏི་མུག་ལྟེ་བར་འཁོར༔ དུག་གསུམ་རིམ་གྱིས་བརྟས་པ་ལས༔ ང་རྒྱལ་ཕྲག་དོག་རླུང་ལྟར་འཚུབས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཉེས་མེད་སེམས་ཅན་སྡུག་ལ་སྦྱར༔ ཁྱད་པར་རྣལ་འབྱོར་བདག་ཅག་གི༔ དམ་ལས་འགལ་ཞིང་བཀའ་ལ་བརྐུས༔ བྱད་ཕུར་རྦོད་གཏོང་ངན་སྦྱོར་བརྩོན༔ བསྒྲལ་བའི་ཞིང་བཅུར་གྱུར་པས་ན༔ ཁྱེད་རྣམས་འགོ་ཞིང་བསྐྱབས་བྱེད་ན༔ དཔལ་གྱི་བཀའ་ཆད་འབེབས་ཏ་རེ༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་གྱིས༔ སྐེ་ཁྲག་གཞིབ་ཅིང་

p. 190

ལུས་སྲོག་འཕྲོག༔ དེ་བས་དམ་ལས་མ་འགལ་བར༔ བྱད་མ་མཁན་གྱི་སྟེང་དུ་རྒྱུག༔ རང་གཤེད་རང་གི་སྟེང་དུ་ཕོབ༔ རང་ཤ་ཟོ་ལ་རང་ཁྲག་འཐུང་༔ འཇིགས་པའི་ཆོ་འཕྲུལ་ལྟས་ངན་ཕོབ༔ བདུན་རྒྱུད་རིགས་བརྒྱུད་རྩད་ནས་ཆོསས༔ ཁ་ཕུང་རྗེས་ཤུལ་མེད་པར་གྱིས༔ སརྦ་དེ་བ་པཱ་ལ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་རྦད་རྦད༔ [དེ་ནས་འཇམ་དཔལ་ལྷ་ཚོགས་ཡང་ཟློག་གི་ཕྲིན་ལས་ལ་བསྐུལ་བ་ནི།] ཧཱུྃ༔ ཁྲག་འཐུང་རོལ་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང་༔ ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་ནས༔ འཇམ་དཔལ་ཁྲག་འཐུང་གཤིན་རྗེའི་གཤེད༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ བྷྱོ་ཟློག་ཕྲིན་ལས་དུས་ལ་བབ༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ལོ་ཟླ་ཞག་དུས་གཤེད་ཀྱི་ཚོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་སྤྲོས༔ ཕས་རྒོལ་ལྷ་སྲུང་ཚོགས་དང་བཅས༔ བྱད་ཕུར་རྦོད་གཏོང་སླར་ཟློག་པའི༔ མངོན་སྤྱོད་དྲག་པའི་བརྟུལ་ཞུགས་བསྐྱེད༔ རང་གཤེད་དྲག་པོ་རང་ལ་ཕོབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལྷ་སྲུང་བདུད་དུ་བབས་པ་དང་༔ ཕྱི་ནང་འབྱུང་བ་དགྲ་གཤེད་ཀྱི༔ བྱད་ཕུར་རྦོད་གཏོང་ཐན་ལྟས་

p. 191

ངན༔ ནད་གདོན་ཆག་ཆེ་ཉམ་ང་དང་༔ བརྒྱད་དང་བཅུ་དྲུག་འཇིགས་པའི་ཚོགས༔ འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས༔ སྡང་བྱེད་དགྲ་ཡི་སྟེང་དུ་བྷྱོ༔ གནོད་བྱེད་བྱད་མའི་སྟེང་དུ་ཟློག༔ རང་ཤ་ཟོ་ལ་རང་ཁྲག་འཐུང་༔ ཡང་ཟློག་དྲག་པོའི་ཕྲིན་ལས་མཛོད༔ [ཅེས་ཚར་གྲངས་གང་འོས་དང་།] ཨོཾ་ཧཱུཾ་ཏྲིག་ཁྲོཾ་བྷྱོ༔ མ་ཎི་མཱ་ར་ཎི་བྷྱོ༔ མཱ་ར་དུན་བྷྱོ༔ རཀྨོ་རཀྴན་བྷྱོ༔ ཏིང་ཡ་རཀྴ་བྷྱོ༔ ཡ་མ་རཱ་ཛ་བྷྱོ༔ མཱ་ར་ཡ་ཀཱི་ལ་ཡ་བྷྱོ༔ [ཞེས་སྔགས་ཅི་འགྲུབ་བཟླས་ལ།] གཤིན་རྗེ་བྱད་མའི་ལྷ་སྲུང་བཅས༔ འཇིགས་པའི་ངར་བསྐྱེད་དམག་ལ་ཆས༔ རང་གི་མི་མཐུན་བཟློག་ཅིང་བསྒྱུར༔ ཕས་རྒོལ་ལྷག་མེད་བཅོམ་པར་གྱུར༔ ན་མོ༔ བླ་མའི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་ལྷ་ཚོགས་རྣམས་ཀྱི༴ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི༴ འཇམ་དཔལ་གཤིན་རྗེ་གཤེད་པོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ སྔགས་འཆང་བདག་གི་ངག་བདེན་པའི་མཐུས༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཆག་ཆེ་བ༔ ཉམ་ང་བ༔ རྨི་ལམ་ངན་པ༔ མཚན་མ་ངན་པ༔ ལྟས་ངན་པ༔ ཕ་རོལ་གྱི་དམག་ཚོགས༔ རྦད་

p. 192

འདྲེ༔ རྦོད་གཏོང་༔ བྱད་ཁ༔ ཟོར་ཁ༔ ཕུར་པ༔ གཏད་ཁ༔ ཁྱད་པར་དུ་བཟློག་པ་བྱས་པའི་མཐུ་དང་ནུས་པ་ཐམས་ཅད་བྱད་མ་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་འཐུངས་ཤིག༔ ཁོའི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་བྷྱོ་བྷྱོ༔ [ཞེས་ཐལ་རྡེབ་དམོད་མོ་དང་བཅས་ཐུན་གཏོར་དགྲ་ཕྱོགས་སུ་འཕང་ངོ་། །][གཉིས་པ་ནི། དེ་ལྟར་བྱས་ཀྱང་ཕྱིར་ལོག་པའི་རྟགས་མཐོང་ན་གསང་བདག་དྲེགས་འདུལ་ཕོ་ཉ་ལོཀྟྲི་དང་བཅས་པ་ལ་གཏོར་མ་ལིངྒ་ཤ་ཁྲག་བཤམས་པར་འགུགས་བསྒྲལ་བྱ།] ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་བིགྷྣཱན་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ [ཞེས་ལན་གསུམ་སོགས་ཀྱིས་བསྟབས་ལ།] ཧཱུཾ༔ ཁྲག་འཐུང་རོལ་པའི་ཕོ་བྲང་ཆེ༔ དུར་ཁྲོད་འཇིགས་པའི་གཞལ་མེད་ཁང་༔ ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་ནས༔ གསང་བདག་དྲེགས་པ་ཀུན་འདུལ་ཆེ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ དགྲ་བགེགས་ཤ་ཁྲག་གཏོར་མ་རོལ༔

p. 193

ཉིང་ཟློག་ཕྲིན་ལས་དུས་ལ་བབ༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ སྲིད་གསུམ་གཡོ་ཞིང་འཁྲུགས་བྱེད་པ༔ སྔགས་རྒོད་ལོག་ཏྲི་པཱ་ལ་ཆེ༔ འབུམ་ཕྲག་དམོད་པའི་དྲང་སྲོང་ཚོགས༔ དྲེགས་པའི་སྡེ་དཔོན་དཔུང་དང་བཅས༔ གློག་ལྟར་འཁྱུགས་ཤིང་ཐོག་ལྟར་ཕོབ༔ གདུག་ཅན་ཞིང་བཅུ་ཚང་བ་ཡི༔ བྱད་མ་བརླངས་པོར་སྤྱོད་པ་ཡིས༔ སླར་ཡང་ཟློག་པའི་ལས་སྦྱོར་གྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ལུས་ཀྱི་ན་ཚ་བྱུང་བ་རྣམས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ སེམས་ཀྱི་རྣམ་གཡེང་སྡུག་བསྔལ་ཀུན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཀུན༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དཔུང་༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ ལྷ་སྲུང་བདུད་དུ་བབས་པ་རྣམས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ ཆག་ཆེ་ཉམ་ང་ཐན་ལྟས་ངན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ མོ་པྲ་རྨི་ལམ་དངོས་ཉམས་འཚུབས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ བན་བོན་སྔགས་པའི་མཐུ་གཏད་ཀུན༔ བྱད་མ་མཁན་

p. 194

གྱི་སྟེང་དུ་བྷྱོ༔ ཧོམ་དང་སྡེབ་གཤོར་ཕུར་བུ་བསྐོར༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ སྣོད་བཅུད་རྒུད་ཅིང་འཁྲུགས་པའི་ཚོགས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ མདོར་ན་འགལ་རྐྱེན་མི་མཐུན་ཀུན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ དགྲ་བགེགས་བྱད་མ་འཁོར་བཅས་རྣམས༔ བྷྱོ་ཟློག་དམོད་པའི་གད་མོས་ཐོབ༔ རྡོ་རྗེ་ལྷུན་པོའི་ཕྱག་རྒྱས་ནོན༔ རིགས་སྔགས་རྒྱ་མཚོའི་རྦ་ལ་གཡེངས༔ དྲག་ཤུལ་སྟོབས་རྫོགས་མེ་ཡིས་བསྲགེས༔ མི་བཟད་དྲག་སྔགས་རླུང་གིས་གཏོར༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བསམ་ངན་སྦྱོར་རྩུབ་བྱད་མ་རྣམས༔ གཏོར་མ་འདི་དང་མཉམ་དུ་བཞེས༔ དྲག་ཤུལ་ཕྲིན་ལས་ཡོངས་རྫོགས་མཛོད༔ [ཅེས་ཚར་གྲངས་གང་འོས་དང་།] ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ༔ ཨོཾ་ལོཀྟྲི་པཱ་ལ་ནན༔ སཱ་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་མཾ༔ ཙིར་ཙར་ཙིར་ཙར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཀྲ་ཀོ་ཤ་ཡ་རྦད་ཀྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར་ནན༔ ཙི་དུ་སོད་ཙི་དུ་སོད༔ ཤིག་ལྷུར་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག༔ སརྦ་དུཥྚཱན་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔

p. 195

[ཅེས་སྔགས་མང་དུ་བཟླས་མཐར།]བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ སྲིད་པ་སྤྱི་ནས་བཤིག་ཅིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བའི་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པ་ཆོད་ཅིག༔ གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག༔ གནོད་བྱེད་ཤ་ཏྲུཾ་མཱ་ར་ཡ་རྦད༔ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ [ཅེས་དྲང་སྲོང་གི་དམོད་ཚིག་བཅས་ཐལ་རྡེབ་བྱའོ། །][སྤྱི་དོན་གསུམ་པ་རྗེས་མཐར་སྡུད་འཕང་བ་ཟོར་གྱི་གཟེར་ཁ་ལ་གསུམ། ཟ་ལམ་བསྟན་པ། ཟོར་འཕེན་པ། རྗེས་བསྡུ་བའོ། །དང་པོ་ལའང་གསུམ་གྱི། དང་པོ་ཟིར་ལམ་བསལ་བ་ནི། ཟོར་འཕེན་གྱི་སྔ་དྲོ་སྒྲུབ་ཁང་གི་ཡང་ཐོག་ཏུ་བསང་མཆོད་སོགས་དང་འབྲེལ་བར་གསེར་སྐྱེམས་འབུལ། གཏོར་ཆེན་ལྷར་གསལ་བའི་ཡེ་ཤེས་པ་རྣམས།] ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ། [ཞེས་བདག་ཉིད་དཔལ་ཆེན་པོར་གསལ་བ་

p. 196

ལ་བསྟིམ། སློབ་དཔོན་ཆས་སུ་ཞུགས་པས་ཟློག་དཀྱིལ་གྱི་ནུབ་ནས་ཤར་སོགས་ཕྱོགས་བཞི་གཡས་བསྐོར་གྱིས་རིམ་པར་ཕྱེ་བར་བསམ་ལ།] ཧཱུྃ༔ བྱམས་པ་ཚད་མེད་ལྕགས་ཀྱུ་མས༔ ཟོར་ཆེན་དཀྱིལ་འཁོར་ཤར་སྒོ་ཕྱེས༔ ཁྲག་འཐུང་ལྷ་ཚོགས་གཟི་བྱིན་སྐྱེད༔ ཤར་ཕྱོགས་དགྲ་བགེགས་རྡུལ་དུ་རློག༔ ཛཿབཛྲ་པྲ་བེ་ཤ་ཡ་ཕཊ༔ ཧཱུྃ༔ སྙིང་རྗེ་ཚད་མེད་ཞགས་པ་མས༔ ཟོར་ཆེན་དཀྱིལ་འཁོར་ལྷ་སྒོ་ཕྱེས༔ ཁྲག་འཐུང་ལྷ་ཚོགས་གཟི་བྱིན་སྐྱེད༔ ལྷོ་ཕྱོགས་དགྲ་བགེགས་རྡུལ་དུ་རློག༔ བཾ་བཛྲ་པྲ་བ་ཤ་ཡ་ཕཊ༔ ཧཱུྃ༔ བཏང་སྙོམས་ཚད་མེད་དྲིལ་བུ་མས༔ ཟོར་ཆེན་དཀྱིལ་འཁོར་བྱང་སྒོ་ཕྱེས༔ ཁྲག་འཐུང་ལྷ་ཚོགས་གཟི་བྱིན་སྐྱེད༔ བྱང་ཕྱོགས་དགྲ་བགེགས་རྡུལ་དུ་རློག༔ ཧོཿབཛྲ་པྲ་བེ་ཤ་ཡ་ཕཊ༔ [ཅེས་སྒོ་ཕྱེ་སྟེ་ཟོར་ལམ་བསལ། གཉིས་པ་ཐུགས་དམ་བསྐུལ་ཞིང་ཆད་མདོ་བཏང་བ་ནི་ལས་བྱང་ནས་འབྱུང་བ་ལྟར་བྱ། གསུམ་པ་ཟ་ལམ་བསྟན་པ་དངོས་ནི། ཕུད་དང་རཀྟ་

p. 197

སྦྲེང་། དར་ནག་དང་རུ་འདྲེན་གྱི་རྣམ་པ་དུ་མས་སྣ་དྲངས་པའི་ཕྱི་བཞིན་དུ་སྐྱེས་བུ་གིང་ཆས་སུ་ཞུགས་པས་དཀར་གཏོར་ནས་གཙོ་བོའི་གཏོར་མའི་བར་རིམ་བཞིན་ཁྱེར། རྣལ་འབྱོར་པ་ལྟ་བའི་གདིང་སྒོམ་པའི་གསལ་སྣང་དང་མ་བྲལ་བའི་རིག་པ་ཧུར་ཕྱུངས་ཏེ།] ཨོཾ་བཛྲ་སརྦ་དུཥྚན་ཨེ་ཛ་བྷྱོ༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ༔ [ཅེས་བཟླ་ཞིང་རོལ་མོ་དང་བཅས་པས་དེ་དག་གི་ཕྱི་བཞིན་དུ་སོང་ལ་གོམ་པ་བདུན་ཅུའི་སར་འཁོད་དེ།] བྷྱོཿ ཟློག་བྱེད་མ་གཅིག་སྤྱན་འདྲེན་ནོ༔ སྒྱུར་བྱེད་མ་གཅིག་སྤྱན་འདྲེན་ནོ༔ སྲིན་མོ་ཟ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ན༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་མོ་བཏབ་ལྟས་ངན་བྷྱོས་ཟློག་ཅིག༔ སོ་སོའི་རིགས་དང་མིང་སྲིང་ལྕམ་དྲལ་ཚུལ༔ འདོད་ཅིང་ཆགས་པའི་ཚུལ་འཆང་རྣལ་འབྱོར་མ༔ བྷྱོ༔ དཀར་མོ་སྤྱན་གཅིག་རྡོ་རྗེ་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་ཤར་ཕྱོགས་བཀའ་སྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ ཤར་ཕྱོགས་རྒྱལ་པོའི་གློ་བུར་ཤོར་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་ཤར་ཕྱོགས་རྒྱལ་པོའི་ཆོ་འཕྲུལ་དགྲ་

p. 198

ལ་སྒྱུར༔ བྷྱོ༔ སྲིན་མོ་ཤུགས་འཆང་རིན་ཆེན་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་གཤིན་རྗེའི་བཀའ་སྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ འཆི་བདག་གཤིན་རྗེའི་ཁྲམ་ལ་བཏབ་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ༴ བསྒྱུར་རོ་གཤིན་རྗེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ གར་གྱི་དབང་ཕྱུག་པདྨ་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་ཀླུ་ཡི་བཀའ་སྒྱུར་མ༔ རྣལ་འབྱོར་བདག་གི༴ ས་བདག་ཀླུ་ཡི་བྱད་དུ་ཆུད་ཏ་རེ༔ བཟློག་གོ་དམར་ཆེན༴ བསྒྱུར་རོ་ཀླུ་ཡི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ གར་གྱི་དབང་ཕྱུག་ལས་ཀྱི་རིགས་ཀྱི་ལྕམ་༔ ཉིད་ཀྱི་མིང་པོ་གནོད་སྦྱིན་བཀའ་སྒྱུར་མ༔ རྣལ་འབྱོར་བདག་གི༴ གནོད་སྦྱིན་གདུག་པའི་གདོན་གྱིས་ཟིན་ཏ་རེ༔ བཟློག་གོ་དམར་ཆེན༴ བསྒྱུར་རོ་གནོད་སྦྱིན་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོཿ དབྱིངས་ཕྱུག་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ ཀོང་བཙུན་ཕྱྭ་ཡི་ཚོགས་ཀྱི་བཀའ་སྒྱུར་མ༔ རྣལ་འབྱོར་བདག་གི༴ ཕྱྭ་ཡི་དྲ་རྙི་ཐམས་ཅད་ཕེབས་ཏ་རེ༔ བཟློག་གོ་དམར་ཆེན༴ བསྒྱུར་རོ་མི་སྙིང་བློ་འཕྲོག་དགྲ་ལ་སྒྱུར༔ བྷྱོ༔ སྔགས་སྲུང་ཨེ་ཀ་ཛཱ་ཊི་རལ་གཅིག་མ༔ བདུད་

p. 199

པོ་བསྐོས་རྗེ་བྲང་དཀར་བཀའ་སྒྱུར་མ༔ རྣལ་འབྱོར༴ བདུད་ཀྱི་རྒྱལ་པོའི་ཁྲམ་ནག་བརྐྱང་ཏ་རེ༔ བཟློག་གོ༴ བསྒྱུར་རོ་བདུད་ཀྱི་ཁྲམ་ཁ་དགྲ་ལ་སྒྱུར༔ བྷྱོ༔ ཨེ་ཀ་ཛཱ་ཊི་ནག་མོ་གློག་མ་སྤྲིན༔ བདུད་པོ་རེ་ཏི་མགོ་ཡག་བཀའ་སྒྱུར་མ༔ རྣལ་འབྱོར༴ ནག་པོ་བདུད་ཀྱི་བྱན་པོས་བརྐུས་ཏ་རེ༔ བཟློག་གོ༴ བསྒྱུར་རོ་བདུད་ཀྱི་ཞགས་པ་དགྲ་ལ་སྒྱུར༔ བྷྱོ༔ དཀར་མོ་ཆེན་མོ་ཉི་མའི་ཐོད་ཕྲེང་ཅན༔ ཉིད་ཀྱི་མིང་པོ་གནམ་ལྷའི་བཀའ་སྒྱུར་མ༔ རྣལ་འབྱོར༴ རྒྱལ་པོ་དཀར་པོས་དམངས་སུ་ཕེབས་ཏ་རེ༔ བཟློག་གོ༴ བསྒྱུར་རོ་རྒྱལ་པོའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ མ་མོ་ཨེ་ཀ་ཛཱ་ཊི་ཐལ་མདོག་མ༔ གྲོང་གི་ཐེ་བྲང་ཁྲ་བོའི་བཀའ་སྒྱུར་མ༔ རྣལ་འབྱོར༴ འབྱུང་པོ་ཐེ་བྲང་ཡུལ་དུ་ཕེབས་ཏ་རེ༔ བཟློགགོ༴ བསྒྱུར་རོ་ཐེ་བྲང་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ ས་བདག་ཆེན་པོ་ནག་མོ་རལ་གཅིག་མ༔ ས་ཡི་ཐེ་བྲང་ནག་པོའི་བཀའ་སྒྱུར་མ༔ རྣལ་འབྱོར༴ ཐེ་བྲང་རྣམས་ཀྱི་ཆོ་འཕྲུལ་ཤོར་ཏ་རེ༔ བཟློག་གོ༴ བསྒྱུར་རོ་ཐེ་བྲང་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ གནམ་ལྷ་ཤེལ་བཟང་ལ་རོ་སྨན་གཅིག་མ༔ དཀར་སྐྱ་གཟའ་བདུད་རྣམས་

p. 200

ཀྱི་བཀའ་བསྒྱུར་མ༔ རྣལ་འབྱོར༴ དྲང་སྲོང་གཟའ་ཡི་གདུག་རྩུབ་ཤོར་ཏ་རེ༔ བཟློག་གོ༴ བསྒྱུར་རོ་གཟའ་ཡི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ བཙན་ལ་ལ་རོལ་རྡོ་རྗེ་སྨན་གཅིག་མ༔ ཉིད་ཀྱི་མིང་པོ་བཙན་གྱི་བཀའ་སྒྱུར་མ༔ རྣལ་འབྱོར༴ བཙན་གྱི་རྒྱལ་པོའི་རྟ་བབས་ཤོར་ཏ་རེ༔ བཟློག་གོ༴ བསྒྱུར་རོ་བཙན་གྱི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ ཉམས་ཆེན་འཇིགས་མ་ཁྲག་གི་རལ་གཅིག་མ༔ ཀླུ་སྲིན་ཕོ་མོ་ཡོངས་ཀྱི་བཀའ་སྒྱུར་མ༔ རྣལ་འབྱོར༴ ཀླུ་སྲིན་རྣམས་ཀྱི་ཆོ་འཕྲུལ་ཤོར་ཏ་རེ༔ བཟློག་གོ༴ བསྒྱུར་རོ་ཀླུ་སྲིན་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ ལྷ་མོ་ནག་མོ་ལས་ཀྱི་དབང་མོ་ཆེ༔ མདོར་ན་བདག་ཅག་འཁོར་དང་བཅས་པ་ལ༔ སྣང་སྲིད་མ་མོའི་ཁྲམ་ནག་ཤོར་ཏ་རེ༔ བཟློག་གི་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་མ་མོའི་ཁྲམ་སྣ་དགྲ་ལ་སྒྱུར། [ཞེས་བསྐུལ།] [གཉིས་པ་ཟོར་འཕེན་པ་ལ་གསུམ་གྱི། དང་པོ་ཟོར་ལམ་བསྟན་པ་ནི། སྒྲ་གཅན་གྱི་ཐེབས་དང་བསྟུན་ཏེ་གཏོར་མ་འཕང་བའི་སར་སྔར་བཞིན་སོང་ནས་གསེར་སྐྱེམས་སྔོན་དུ་འགྲོ་བས།] བདག་གིས་མ་ཉེས་མ་ལེན་ནོ༔ དུས་གསུམ་སངས་རྒྱས་གཟུ་

p. 201

དང་དཔང་༔ དམ་ཅན་སྲུང་མ་གཟུ་དང་དཔང་༔ ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་༔ བདག་གི་སྔོན་དུ་གྲོགས་མཛོད་ཅིག༔ དམ་ཉམས་དགྲ་བགེགས་གནོད་བྱེད་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས༔ རྣལ་འབྱོར་བདག་ལ་སྒོས་དགྲ་བྱས༔ དགྲ་བགེགས་སྟེང་དུ་གཏོར་ཟོར་འཕེན༔ རྣལ་འབྱོར་བདག་གི་ཟོར་ཁ་འདི༔ སྟེང་གི་ལྷ་ལ་མི་འཕེན་ནོ༔ འོག་གི་ཀླུ་ལ་མི་འཕེན་ནོ༔ བར་གྱི་བཙན་ལ་མི་འཕེན་ནོ༔ གསེར་སྐྱེམས་དམ་པ་འདི་གསོལ་ལ༔ མཐོ་བ་རྣམས་ནི་ཞབས་སྐུམས་ཤིག༔ དམའ་བ་རྣམས་ནི་དབུ་ཆུམ་ཞིག༔ གདོང་ན་འདུག་པ་སྐུ་བཟུར་ཅིག༔ སོ་སོ་རང་རང་གནས་སུ་གཤེགས༔ ཀོ་ལོང་གདུག་རྩུབ་མ་མཛད་ཅིག༔ ཁྱོད་ལ་གནོད་དང་འཚེ་མི་བྱེད༔ བདག་གི་སྡོང་གྲོགས་གཉན་པོ་མཛོད༔ བྷྱོ༔ ད་ནི་ཟོར་འཕེན་གང་དུ་འཕེན༔ ཟོར་འདི་སྡང་བའི་དགྲ་ལ་འཕེན༔ ཟོར་འདི་གནོད་པའི་བགེགས་ལ་འཕེན༔ ཟོར་འདི་ཟ་བའི་འདྲེ་ལ་འཕེན༔ ཟོར་འདི་ཕུང་བའི་སྲི་ལ་འཕེན༔ ཟོར་འདི་དགྲ་བགེགས་སྟེང་དུ་

p. 202

འཕེན༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ [ཅེས་བསྐུལ།][གཉིས་པ་ཟོར་འཕེན་པ་ནི། བདེན་སྟོབས་བཅས་འགུགས་གཞུག་གིས་དགྲ་བགེགས་བཀུག་སྟེ་དམིགས་པའི་འབེན་བཅས་པ་ལ་རྡོ་ཟོར་ནས་བརྩམ་རིམ་པར་འཕེན་ཅིང་།] ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ འཁོར་འདས་ཀུན་གྱི་མཐུ་སྟོབས་རྫོགས༔ སྐུ་གསུང་ཐུགས་ནི་རྡོ་རྗེའི་ངང་༔ སངས་རྒྱས་ཀུན་དང་མཉམ་པར་སྦྱོར༔ དྲག་ཤུལ་གར་གྱིས་ས་གསུམ་གཡོ༔ འཇིགས་པའི་གད་མོས་རི་རབ་བསྒྱེལ༔ སྙིང་རྗེ་ཁྲོས་པས་དགྲ་བགེགས་གསོད༔ སྤྲུལ་པའི་ཕོ་ཉ་སེར་ལྟར་འདྲིལ༔ ཟོར་རྫས་མཚོན་ཆའི་ཆར་ཆེན་འབེབས༔ སྡང་དགྲ་གདོན་བགེགས་ཐལ་བར་རློག༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཀྱི༔ སྟོབས་ཆེན་འདུས་པ་རྡོ་ཡི་ཟོར༔ དགྲ་བགེགས་ཀླད་པའི་དཀྱིལ་དུ་ཡཱ༔ གཟུགས་ཕུང་ཐལ་བའི་རྡུལ་དུ་རློག༔ པདྨ་གསུང་གི་ལྷ་ཚོགས་ཀྱི༔ དྲག་སྔགས་འདུས་པ་མཚེ་ཡི་ཟོར༔ དགྲ་བགེགས་རྣ་བའི་དཀྱིལ་དུ་ཡཱ༔ ཐོས་པའི་སྒོ་ལ་ཕྱག་རྒྱས་ཐོབ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱི༔ ནུས་རྩལ་འདུས་པ་དུག་གི་ཟོར༔ དགྲ་བགེགས་སྙིང་གི་དཀྱིལ་དུ་ཡཱ༔ རྟོག་

p. 203

ངན་འོད་གསལ་ཐིག་ལེར་སྟིམས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཀྱི༔ གཟི་བྱིན་འབར་བ་གཏོར་མའི་ཟོར༔ དགྲ་བགེགས་ལྟེ་བའི་དཀྱིལ་དུ་ཡཱ༔ མཐུ་སྟོབས་ནུས་པ་ཐལ་བར་རློག༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཀྱི༔ ཐལ་འབྱིན་འབིག་པ་ཕུར་པའི་ཟོར༔ དགྲ་བགེགས་གསང་བའི་དཀྱིལ་དུ་ཡཱ༔ བདུན་བརྒྱུད་རིགས་ཀྱང་རྩད་ནས་ཆོད༔ མ་མོ་རྦོད་གཏོང་ལྷ་ཚོགས་ཀྱི༔ དལ་ཡམས་འདུས་པ་ཁྲག་གི་ཟོར༔ དགྲ་བགེགས་ཡུལ་གྱི་སྟེང་དུ་ཡཱ༔ ནད་རིམས་གདུག་པའི་ཆར་ཆེན་ཕོབ༔ རིག་འཛིན་འདུས་པའི་ལྷ་ཚོགས་ཀྱི༔ ནུས་སྟོབས་རི་རབ་ཀོང་གི་ཟོར༔ དགྲ་བགེགས་རྟེན་གྱི་མཁར་ལ་ཡཱ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་ཤིག༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཀྱི༔ གནོད་གདུག་ཆེན་པོ་མདའ་ཡི་ཟོར༔ དགྲ་བགེགས་མིག་དང་ལྕེ་ལ་ཡཱ༔ ལྟ་དང་སྨྲ་བའི་རྒྱུ་ལམ་ཆོད༔ དམོད་པ་དྲག་སྔགས་ལྷ་ཚོགས་ཀྱི༔ ཤུགས་སྒྲོལ་ཆེན་པོ་མཚོན་ཆའི་ཟོར༔ དགྲ་བགེགས་ལྔ་ཕུང་ཀུན་ལ་ཡཱ༔ དུམ་བུར་གཏུབས་ཤིང་ཕྱེ་མར་ཐོངས༔ དྲག་པ་ཟོར་གྱི་རྡོ་རྗེ་ཐོག༔ དགྲ་བགེགས་

p. 204

གནོད་བྱེད་སྟེང་དུ་ཕོབ༔ ཁ་ཕུང་ཐོངས་ལ་རྗེས་མེད་ཤིག༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློག༔ མངོན་སྤྱོད་ཕྲིན་ལས་མཐར་ཕྲིན་མཛོད༔ [ཅེས་རྔམས་པའི་སྟངས་སྟབས་ཀྱིས་དྲག་སྔགས་བཟླ་བཞིན་པས་འཕང་། དེ་ནས་གཏོར་ཆེན་གྱི་ལྷ་དམ་ཚིག་པ་རྣམས་རང་ལ་ཐིམ་པས་གཟི་བྱིན་ནུས་སྟོབས་མཆོག་ཏུ་འབར། གཏོར་མ་ཁྲོ་བོའི་དམག་ཚོགས་ནད་མཚོན་སྨྱོ་དུག་གི་ཆར་ཆེན་པོ་དགྲ་བགེགས་ཀྱི་སྟེང་དུ་གློག་འཁྱུགས་པ་ལྟར་སོང་ནས་གནས་ལུས་ལོངས་སྤྱོད་དང་བཅས་པ་རྗེས་ཤུལ་ལྷག་མ་མེད་པར་བཅོམ་པར་བསམ་ལ།] ཧཱུཾ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ ང་ནི་བདེ་གཤེགས་ཀུན་གྱི་གཙོ༔ ང་ནི་མ་མོ་ཀུན་གྱི་ཡབ༔ ང་ནི་གཤིན་རྗེ་ཀུན་གྱི་གཤེད༔ ང་ནི་མཁའ་འགྲོ་ཀུན་གྱི་གཙོ༔ མཁའ་འགྲོ་འབུམ་ནི་སྤུངས་སེ་སེ་སྤུང་༔ ཞུབ་ཅན་སྟོང་ནི་སི་ལི་ལི༔ འཁོར་གྱི་ཆོས་སྐྱོང་དམ་ལ་འདུས༔ དམ་ཅན་རྒྱ་མཚོ་དམག་ལ་ཆོས༔ ལྷ་འདྲེའི་དམག་དཔུང་ཆི་ལི་ལི༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ མཚོན་གྱི་དཔལ་རྩེ་ཡེ་རེ་རེ༔ ཉུངས་ཀར་གཞུ་བརྡུང་ཁྱུགས་སེ་ཁྱུག༔ མཚེ་ཡི་མདའ་འཕེན་ཏ་ལ་ལ༔ གཏོར་མའི་སྒྱོགས་ཆེན་སྒོ་རོ་རོ༔ ཁྲག་གི་ཐུན་ཆེན་ཆི་ལི་ལི༔

p. 205

བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟོར་ཟོར་དགྲ་བགེགས་རྣམས་ལ་ཟོར༔ ཧཱུྃ༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ དང་པོ་ཞེ་སྡང་ཕ་ཡིས་བསྐྱེད༔ དེ་ནས་འདོད་ཆགས་མ་ཡི་མངལ༔ དེ་ནས་ལྔ་ཕུང་ཡན་ལག་རྒྱས༔ ལྔ་ཕུང་རྩད་ནས་བཅད་པའི་ཕྱིར༔ ཞེ་སྡང་སྙིང་ལ་གཏོར་ཟོར་ཡཱ༔ གཏི་མུག་ཤ་ལ་གཏོར་ཟོར་ཡཱ༔ འདོད་ཆགས་ཁྲག་ལ༴ ང་རྒྱལ་རུས་ལ༴ ཕྲག་དོག་དབུགས་ལ༴ ཕུང་པོ་ལྔ་ལ༴ རྡོ་རྗེ་སློབ་དཔོན་སྐུ་དགྲ་དང་༔ མཆེད་དང་ལྕམ་དྲལ་སྤྱི་དགྲ་དང་༔ རྣལ་འབྱོར་བདག་གི་སྒོས་དགྲ་དང་༔ གཟུགས་མེད་དམ་སྲི་འབྱུང་པོ་ལ༔ དྲག་པོ་གཏོར་མའི་ཟོར་རྒྱོབ་ལ༔ ལྔ་ཕུང་ཡན་ལག་རྡུལ་དུ་རློག༔ དཔལ་ཆེན་རྔམས་པའི་ཞལ་དུ་བསྟབ༔ འཁོར་གྱི་ཆོས་སྐྱོང་མཆོད་པར་བཞེས༔ མ་མོ་མཁའ་འགྲོས་རྔམས་ཟས་མཛོད༔ སེམས་ཉིད་རྒྱལ་བའི་གནས་སུ་སྤོར༔ [དྲག་སྔགས་སོ་ལྔ་པ་དང་།]རྦད་ཟོར་སརྦ་བྷྱོ་ཟློག༔ ཅེས་དྲག་པོའི་[ཚམ་རྔམས་བཅས་གཏོར་རྩེ་དང་ཁྱུང་གདོང་དགྲ་ཕྱོགས་སུ་བསྟན་ལ་འཕང་། བསད་ཟློག་གི་འཁོར་ལོ་སོགས་མེར་བསྲེག །ཐལ་མོ་དང་དུལ་མོ་བརྡབ། དགོངས་པའི་གདིང་བསྐྱེད་ལ་ལྟ་སྟངས་ཀྱིས་གཟིར་བ་སོགས་བྱའོ། །][གསུམ་པ་ཟོར་རྗེས་

p. 206

གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་ཞིག་གིས་མཚམས་བཅད་པར་བསམ་ལ།] ཧཱུྃ་ཁྲོཾ་བཛྲ་ག་རུ་ཌ་བྷྱོ་ཟློག༔ [ཅེས་བཟླ་ཞིང་རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ཚུར་ལོག རྡོ་རྗེའི་གུར་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ་སྲུང་འཁོར་གསལ་གདབ། དེ་ནས་ཕྱི་སྙོགས་གཅོད་ཕྱིར་གདོང་ཕྱིར་བལྟས་ཏེ།]ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མ་ཡ་རྦད་ནན༔ ར་ཙ་དུ་ན་ལིང་ཤག་རྦད་ནན༔ ཁ་ལ་ཛ་མ་ལིང་རྦད་ནན༔ ཤིག་ཤིག༔ དུམ་དུམ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ [ཞེས་བདུན་ནམ་ཉེར་གཅིག་བཟླའོ། །][གསུམ་པ་རྗེས་བསྡུ་བའི་རིམ་པ་ལ་གསུམ་གྱི། དང་པོ་བརྟན་མ་བསྐྱང་བ་ནི། གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མར་བྲན་ལ་བྱིན་གྱིས་བརླབས་ཏེ་ལས་བྱང་བཞིན་འབུལ་ལོ། །གཉིས་པ་གཏོར་མནན་ནི། སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབས་ལ་བྲོར་བསྐོར་ཏེ་ཨེ་གྲུ་གསུམ་པར་དགྲ་བགེགས་དམ་སྲི་ཐམས་ཅད་བཀུག་པར་བསམ་ཞིང་འགུགས་གཞུག་དང་བྲོ་བརྡུང་བྱའོ། །གསུམ་པ་མཐའ་རྒྱས་པར་བྱ་བ་ནི། ནང་དུ་ལོག་ནས་ཚེ་འགུགས་བསྐུལ་ལ་དངོས་གྲུབ་ལེན། གཏང་རག་གི་མཆོད་བསྟོད་འབུལ་ཞིང་ལྷག་ཆད་བསྐང་། དཀྱིལ་འཁོར་བསྡུད་ལ་སྨོན་ལམ་བཀྲ་ཤིས་རྣམས་ཀྱིས་མཐའ་བརྒྱན་པ་སྟེ་ལས་བྱང་གི་དཀྱུས་བཞིན་ཤེས་པར་བྱའོ། །ཁྲོ་བོ་

p. 207

རོལ་པའི་རིགས་སྔགས་ཕྲིན་ལས་སྟོབས། །གདུག་ཅན་མཐར་བྱེད་མངོན་སྤྱོད་དམོད་པའི་གཟེར། །ཀུན་གྱི་བཅུད་འདུས་མན་ངག་རྡོ་རྗེའི་མཚོན། །གསང་བསྟན་སྐྱོང་བའི་ཕྱག་མཚན་ཉིད་དུ་བསྐྲུན། །འདིས་ཀྱང་སྙིང་པོའི་བསྟན་དང་བསྟན་འཛིན་སྟེ། །བར་ཆད་བདུད་དགྲའི་གཡུལ་ལས་རྣམ་རྒྱལ་ཏེ། །དོན་གཉིས་ལྷུན་གྲུབ་མངའ་ཐང་ལྷུན་པོའི་དཔལ། སྲིད་མཐར་མི་ཉམས་རྟག་བརྟན་གཞིར་གྱུར་ཅིག །དེ་ལྟར་བཀའ་བརྒྱད་ཁྲོ་བོ་རོལ་པའི་དམར་ཆེན་གཏོར་ཟློག་གི་ལས་རིམ་སྙིང་པོར་དྲིལ་བ་དགྲ་བགེགས་དཔུང་འཇོམས་ཞེས་བྱ་བ་འདིའང་། རིག་སྔགས་འཆང་བའི་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེས་བསྐུལ་བ་བཞིན། ཕྲིན་ལས་ཀྱི་སྦྱོར་བ་རྒྱས་པ་ལག་ཏུ་མི་ལོན་པ་དང་། གློ་བུར་རལ་གྲི་ཕྱུང་བ་བརྡེག་ཏུ་བསྒྲུབ་དགོས་པ་སོགས་ལ་ཉེ་བར་མཁོ་ཞིང་ཕན་པའི་ཕྱིར། བདེ་གཤེགས་འདུས་པ་གཙོ་བོར་གྱུར་པའི་གཏེར་ཁ་གོང་འོག་རྣམས་ཀྱི་མན་ངག་གི་བཅུད་ཕྱུངས་ཏེ། དུས་ཀྱི་མཐའི་སྔགས་འཆང་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ལྔ་བཅུ་ང་གཉིས་པར་སོན་པ་མྱོས་བྱེད་ཀྱི་ལོ་ཁྲུམས་སྟོད་ཉ་པའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོ་ལ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་བསྡེབས་པའོ།། །།འདིས་ཀྱང་བསྟན་འགྲོར་འཚེ་བའི་དཔུང་ཚོགས་ཚེ་གཅོད་པའི་རྒྱུར་གྱུར་ཅིག། ཛཡནྟུ།། །།]

ཐུན་གཏོར་གཏོང་བ།

p. 208
p. 209

[ཐུན་གཏོར་གཏོང་བ་ནི། དམར་གཏོར་ལ་དམིགས་བྱ་འགུགས་བསྟིམ་བྱས་ཏེ།] རཾ་ཡཾ་ཁཾ་[གིས་སྦྱང་།] སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་[བསམ་ལ།] ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབས།]ལྷ་ཚོགས་རྣམས་ཀྱིས་གཏོར་མ་བདུད་རྩིའི་ངོ་བོ་རྣམ་པ་ཤ་ཁྲག་གི་རང་བཞིན་ཆལ་ཆོལ་དུ་གསོལ་བར་[བསམ་ཞིང་།]ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤ་ཏྲུཾ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་མཐར་གཏོར་མའི་ལྷག་མ་དུག་མཚོན་རྡོ་རྗེའི་ཆར་དུ་མོས་ལ།] ཧཱུཾ༔ དམར་ཆེན་གཏོར་ཟོར་ཁྲོ་རྒྱལ་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་

p. 210

གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམ་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །མཱ་ར་ཡ་རྦད་བྷྱོ་ཟློག ། [ཅེས་གནོད་པའི་ཕྱོགས་སུ་འཕེན། འཕང་བའི་ལས་ལ་འཇུག་པའི་ཉིན། ཐུན་གཏོར་གོང་བཞིན་དམག་ལྟོའི་ཚུལ་དུ་ཕུལ་ལ།] ཧཱུཾ། བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་རྒུའི་བ་ལིཾ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི། །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་སྡུད་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །གཏོར་ཟོར་དྲག་པོ་རྫས་ཀྱི་དཔུང་བསྐྱེད་ལ། །དགྲ་བགེགས་དམ་སྲི་བྱད་མ་བདུད་སྡེའི་དཔུང་། །ཆག་ཆེ་ཉམ་ང་ཕས་རྒོལ་མི་མཐུན་ཕྱོགས། །ཤུགས་སྒྲོལ་སྟོབས་ཀྱིས་བཟློག་ཅིང་བསྒྱུར་བ་དང་། མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །[ཅེས་འདོད་དོན་གསོལ་ལོ།། །།]

ཁྲོ་རོལ་གཏོར་ཟློག་དགྲ་བགེགས་དཔུང་འཇོམས་ཀྱི་ཆོ་གའི་བཅས་གཤོམ་ལག་ལེན་ཟིན་བྲིས།

p. 211

༄༅། །ཁྲོ་རོལ་གཏོར་ཟློག་དགྲ་བགེགས་དཔུང་འཇོམས་ཀྱི་ཆོ་གའི་བཅས་གཤོམ་ལག་ལེན་ཟིན་བྲིས་བཞུགས་སོ། །

p. 212

ཤྲཱི་བི་ཛ་ཡནྟུ། ཁྲོ་རོལ་གཏོར་ཟློག་དགྲ་བགེགས་དཔུང་འཇོམས་ཀྱི་ཆོ་གའི་བཅས་གཤོམ་ལག་ཏུ་ལེན་པའི་ཚུལ་ནི། དྲག་པོའི་ལས་ལ་བསྔགས་པའི་དུས་ཀྱི་ཆར་གང་དུ་བྱ་བའི་གནས་ཁང་བྱི་དོར་གྱིས་གཙང་བར་བྱས་ལ་སྤྱན་གཟིགས་སྣ་ཚོགས་པ་མཛེས་ཤིང་བརྗིད་ཆགས་པར་བཀྲམ། ཕུག་ལོགས་སུ་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བྱིན་རླབས་ཅན་བཤམས་པའི་མདུན་དུ་སྟེགས་བུ་རིམ་པ་དང་པོ་ལ་པད་སྣོད་དུ་དཔལ་གཏོར་གཙོ་འཁོར་དགུ་པ་མཐེབ་ཀྱུ་དང་རྒྱན་སྤྲོས་དར་གདུགས་ཀྱིས་སྤྲས་པ། དེའི་གཡས་སུ་ཆོས་སྐྱོང་དམ་ཅན་སྤྱིའི་གཏོར་སྤུངས་དང་། ཆོས་སྨན་སྦྱར་བའི་བདུད་རྩི། གཡོན་དུ་དྲེགས་པའི་སྡེ་དཔོན་དམར་གཏོར་ཟུར་གསུམ་གཅིག་ལ་འཁོར་སུམ་ཅུས་བསྐོར་བ་དང་། སོ་ལྔ་པ་སྦྱར་བའི་རཀྟ། རིམ་གཉིས་པར་ཞི་དྲག་གི་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། དེའི་མདུན་དུ་ལས་དཀྱིལ་གྱི་གཞི་སྔར་མ་དུལ་བ་ཡིན་ན་སའི་ཆོ་ག་མདོར་བསྡུས་ཙམ་སྔོན་དུ་འགྲོ་བས་སྟེགས་བུ་གྲུ་བཞི་དུར་ཁྲོད་ཀྱི་ས་ལ་ཁྲག་ཆང་གིས་ཆག་ཆག་བཏབ་

p. 213

པ་རྒྱ་ཆེ་ཆུང་སྤྱོད་ཡུལ་དང་མཉམ་པ་རོ་སོལ་སོགས་ཀྱིས་ནག་པོར་བྱུགས་པའི་སྟེང་། ལྟེ་བ་ཆ་ཆེན་གཉིས། མུ་ཁྱུད་ཆ་ཕྲན་གཅིག །རྩིབས་ཆ་ཆེན་གཅིག །རྡོར་ཆ་ཕྲན་གཅིག །མེ་རི་ཆ་ཆེན་གཅིག་བཅས་བསྐོར་བའི་ལྟེ་བར་ཆོས་འབྱུང་གི་ཐིག་ནི། ནུབ་ཀྱི་ཚངས་ཐིག་དང་། སྐོར་ཐིག་དང་པོ་འཛོམ་ས་ནས་ལྟེ་བར་ཚད་པས་སྐོར་ཐིག་དང་པོའི་གཡས་གཡོན་དུ་མཚན་མ་བྱ། དེ་གཉིས་དང་ཤར་གྱི་ཚངས་ཐིག་སྐོར་ཐིག་དང་པོ་འཛོམ་ས་གསུམ་གྱི་རྩེ་སྦྲེལ་བས་འབྱུང་ངོ་། །དེ་ལ་ལྟེ་བའི་གྲུ་གསུམ་མཐིང་ནག ། ཟླ་གམ་དམར་པོ། མུ་ཁྱུད་ཐོད་སྐམ་གྱི་ཕྲེང་བ། མཚོན་འཁོར་རྩིབས་བརྒྱད་སྔོན་པོ། རྩིབས་མཆན་དམར་པོ། རྡོར་གཞི་ནག་པོ་ལ་རྡོར་ཕྲེང་སེར་པོ། མེ་རི་དམར་སེར་འབར་བ། དེ་རྒྱབ་མ་ཏྲཾ་སྔོ་སྐྱ་ཁྲོ་བོའི་བཞིན་རས་ཅན། དབུས་དང་རྩིབས་རྣམས་ལ་ཧཱུཾ་ཡིག་ལྷ་སོ་སོའི་ཁ་དོག་ཅན་རེ་བྲི། དེ་སྟེང་ཟློག་པའི་གཏོར་ཆེན་ནི་ལྕགས་ཟངས་ལ་སོགས་པའི་སྣོད་གཙོ་འཁོར་ཕྱེད་པར་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་

p. 214

ཟན་ལ་གཏོར་མ་ཟུར་གསུམ་ཐོག་མདེའུ་ལྟ་བུའི་རྣོ་དབལ་ཅན་གཙོ་བོ་ཁྲུ་གང་བ། དཔལ་བརྒྱད་དེ་ལས་ལྔ་ཆས་དམན་པ། དགུ་ཀ་ལ་སོ་སོའི་སུམ་ཆར་འཁོར་ཟུར་གསུམ་བཞི་རེ་དང་། བར་མཚམས་རྣམས་སུ་ཁྲག་ཀོང་ཟུར་གསུམ་དང་མཐེབ་ཀྱུ་བཅད་ཁ་ཕྱིར་བསྟན་གྱིས་གཅེར། སོ་སོའི་སྲུང་ཟློག་གི་འཁོར་ལོ་རྒྱབ་སྤྲོད་དུ་སྦྱར་བའི་སྲུང་འཁོར་ནང་བསྟན་གྱི་རྩེར་སྐུ་ཙཀ་བྱ་ཁྱུང་བཅས་བཙུགས་པ་ལ་དར་ནག་གི་གདུགས་ཕུབ། ལོགས་རྣམས་སུ་མཚེ་ཡུངས་རྩང་དམར་ཤ་དུམ་གྱིས་བརྒྱན། མཐའ་སྐོར་དུ་རྩང་ཐུར་སྲིན་མོ་འགྲོས་སུ་བཙུགས་པ་ལ་གློ་སྙིང་གི་དུམ་བུ་གཟེར་བ་དང་། རྒྱུ་མའི་ལྡ་ལྡི་བཀལ་ཞིང་མེ་རི་སོགས་དྲག་རྒྱན་རྔམས་བརྗིད་དང་ལྡན་པར་བྱས་ལ་དབུས་དང་ཕྱོགས་མཚམས་ཀྱི་མཉྫི་སོ་སོར་མ་འཆོལ་བར་འགོད། ཁྱུང་གི་བཅས་ནི་བག་ཟན་བཙོས་པའི་རྒྱུ་ལས་བྱ་ཁྱུང་ཁྲོ་བོའི་བཞིན་ལ་རྡོ་རྗེའི་མཆུ་ཅན་རྭ་ལ་གཉེར་མ་དྲུག་དང་། རལ་པའི་ཟར་བུ་བཅུ་དྲུག །གཤོག་སྒྲོ་ལྔ་ལྔ། མཇུག་སྒྲོ་བརྒྱད་ཡོད་པ། ལག་གཉིས་ཀྱིས་སྦྲུལ་བཟུང་ནས་ཞལ་དུ་འདྲེན་པ། སྦྲུལ་སོགས་རྒྱན་གྱིས་བརྒྱན་པ། དབུས་མ་མཐིང་ནག ། ཤར་དང་ཤར་ལྷོ་དཀར། ལྷོ་དང་ལྷོ་ནུབ་སེར།

p. 215

ནུབ་དང་ནུབ་བྱང་དམར། བྱང་དང་བྱང་ཤར་ལྗང་གུར་བྱས་ལ་རེ་རེ་བཞིན་ལྟོ་འཁོར་གཞུག །མཐར་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་ཉེར་སྤྱོད་གཡས་བསྐོར་དུ་བཤམས་པའི་ཕྱི་ནས་སྒབ་དཀྲིས་བཏང་། ལྕགས་ཧོམ་དུ་བསད་འཁོར་ལིངྒ་ཚུལ་བཞིན་བྲིས་པ་དྲི་བྲལ་དུ་བྱས་ཏེ་ལྟེ་བ་ལུགས་གསུམ་པོ་གང་ཡང་རུང་བས་བལྟབ་ལ་ཚོན་སྐུད་སྔོ་དམར་གྱིས་བཅིངས་ནས་བཞག་པའི་ཁར། ཉ་བོ་ནི་ཤ་ཉ་ཤ་བུ་རམ་ཏིལ་སྦྲང་རྩི་སྟེ་ཟས་ལྔ་དང་། བསྒྲུབ་བྱའི་དྲི་མ་དང་རྐང་རྗེས་ཀྱི་ས་དང་བཅས་པས་སྦགས་པའི་ཟན་ལ་ལིངྒ་རིད་ཅིང་ཉམ་ཐག་པ་ཡན་ལག་ལྕགས་སྒྲོག་གིས་བསྡམས་ཤིང་ཞགས་པས་མགྲིན་པ་བཅིངས་པ་ཕོ་མོ་གང་ཡིན་གྱི་མཚན་མ་ཅན་ཁོངས་པར་ལིང་རྐྱང་ངམ་མིང་རུས་སོགས་གྲོ་ཤོག་ལ་བྲིས་པ་བཅུག་ནས་ཁྲག་གིས་དམར་པོར་བྱུགས་པ་ཉིད་བཞག་སྟེ་རེ་ནག་གི་ཁ་བཀབ་པ་གོ་ཡུལ་འགྲིགས་ན་གཏོར་ཆེན་གྱི་འོག་དང་། མི་འགྲིགས་ན་ལྷོ་ནུབ་ཏུ་བཞག །ཉེ་ལོགས་སུ་འགུགས་རྫས་གྲི་ལྕགས་ཀྱི་ལྕགས་ཀྱུ། མཐུ་ནུས་འཕྲོག་བྱེད་ཐང་ཕྲོམ་ནག་པོའི་གོང་བུ། དབྱེ་རྫས་གུལ་ནག་ཚིལ་ཆེན་སོགས་སྦྱར་བ་དང་། བྱ་འུག་གི་དང་སྒྲོ་ཡུངས་ཀར་ཏིལ་ནག་བཅས། དབབ་རྫས་ཡུངས་དཀར་

p. 216

ནག །བྱད་དུ་འཆིང་རྫས་ཡུགས་སྐྲ་དང་ཚོན་སྐུད་སྔོ་དམར་གྱི་བྱད་ཐག །སྨྱོ་རྫས་བཙན་དུག་ར་དུག་སྨྱོ་ཁྲག་ཐང་ཕྲོམ་རྣམས་ཁྲག་དང་སྦྱར་བ། རྡུང་རྫས་རྡོ་རྗེའི་ཐོ་བ་དང་། ལྕགས་ཕྱེ་ཟངས་ཕྱེ་རྦབ་རྡོའི་ཕྱེ་མ་སྟེ་ཕྱེ་གསུམ་སྦྱར་བའི་ཐུན། སྟོབ་རྫས་མི་རྐང་གི་གཟར་བུའམ་ཧོམ་གཟར། གདབ་ཁའི་ཆས་མངགས་ཕུར་ཁྲོ་ཞལ་གསུམ་པ་དར་ནག་གི་ཅོད་པན་ཅན། ཕུར་བུ་གཟི་བྱིན་བསྐྱེད་པའི་རྫས་གུ་གུལ་ཡུངས་ཀར་རཀྟ། ཐུན་བདུན་གྱི་གདབ་ཕུར་རི་རབ་མ། རཀྟ། ཡུངས་ཀར་གང་བུ། མཚེའི་ཕོན་ཕོ། དུག་སྣའི་ཁུ་བ། གྲི་ལྕགས་ཕྱེ་མ། རྦབ་རྡོ་རྣམས་དང་། གྲི་ལྕགས་ཀྱི་སྒྲལ་གྲི་བཅས་ཕྱོགས་གང་བདེར་འགོད། ཟོར་རྫས་ནི། ཕུང་ཤུལ་དུ་ཁྲོད་གཡུལ་བཀྱེ་བའི་རུས་འདྲེ་ཅན་སོགས་ཕུང་ས་སྣ་ཚོགས་དུག་སྣའི་ཆུས་སྦྲུས་པའི་ཀོང་བུ་གྲུ་གསུམ་གདེངས་ཀ་ཅན་ཁ་དཔངས་མཉམ་པར་སོར་བཞི་པ་ནང་དུག་ཁྲག་གིས་དམར་པོ་དང་ཕྱི་རོ་སོལ་གྱིས་ནག་པོར་བྱུགས་པ་བདུན་གྱི་ནང་དུ། བྲག་ནག་ལ་སྐྱེས་པའི་མཚེ། དུག་སྣ་ཚོགས་ཚད་ཁྲག་གིས་བྲན་པ། འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་ཁྲག་གིས་བྱུགས་པ། སྐྱེར་པའི་

p. 217

ཕུར་པ་དུག་གིས་ངར་བཏགས་པ། ཁྲག་སྣ་ཚོགས་ཚད་དུག་སྣ་དང་སྦྱར་ཏེ་ཁྲག་རློན་གྱིས་བྲན་པ། ཕུང་ཤུལ་དགུའི་ས་སྣ་ཆུ་མིག་ལྐུག་པའི་ཆུས་སྦྲུས་པའི་རི་རབ་གཟུགས། གྲི་ལྕགས་ཀྱི་རལ་གྲི་སོར་བཞི་པ་བཅས་བཙུགས་པ་དང་། དུར་ཁྲོད་ཀྱི་རྡོ་ནག་ལ་དུག་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པ་དང་ཚོན་སྐུད་ཀྱི་སྒུལ་མོ་ཞིང་ལྤགས་ཀྱི་མཐིལ་ཡུགས་སྐྲའི་འཇག་ཅན་དང་བཅས་པ། སྐྱེར་མདའ་ལྟས་ངན་གྱི་བྱའི་སྒྲོས་བརྒྱན་ཅིང་གྲི་ལྕགས་ཀྱི་མདེའུ་ཅན་དམེ་ཁྲག་དང་དུག་ཆུས་བྱུགས་ཤིང་དྲག་སྔགས་བྲིས་པ། མི་རྩིབས་ཀྱི་གཞུ་ཞིང་རྒྱུས་ཀྱིས་དྲངས་པ་དང་བཅས་རྡོ་རའི་མཐའ་སྐོར་དུ་འགོད། སྲིན་མོ་ཟ་ལམ་གྱི་རྫས་ནི། ཟངས་ལྕགས་རྫ་གསར་གང་འབྱོར་གྱི་སྣོད་དུ། ནས། སྲན་མ། བྲ་བོ་རྣམས་ཀྱི་ངར་ཕྱེ་ཟན་དུ་བྱས་པ་ཆ་གསུམ་དུ་བགོས་པའི་ཆ་གཅིག་ལ་མི་མོ་རལ་པ་ཅན་དར་ནག་གི་གོས་གྱོན་པ་གཡས་གཏོར་ཟོར་དང་གཡོན་ཀོང་ཟོར་ཐོགས་པ་ནུ་མ་འཕྱང་ཞིང་ཁྲོ་ཚུལ་རྔམས་ཞིང་ཞུང་བ་གཅིག་བྱ། ཆ་གཅིག་ལ་ཁྲག་ཀོང་བཅུ་གསུམ་བྱས་ཏེ་མ་མོའི་མཐའ་ལ་བསྐོར། ཆ་གཅིག་ལ་དཀྱུས་གཏོར་གྲུ་གསུམ་བཅུ་གསུམ་བྱས་ལ་སྤེལ་མར་བཀོད།

p. 218

དེ་ལ་ཤ་ཁྲག་དང་སྙིང་སྣ་རིན་པོ་ཆེ་དང་སྨན་ཕུད་ཉ་མཁྲིས་རྣམས་ཀྱང་བླུགས་པ་ཕྱོགས་གང་བདེར་འགོད། ཉེ་ལོགས་སུ་དམར་སྦྲེང་གི་ཁྲག་སྣོད་གཟར་བུ་དང་བཅས་པ། སྔོན་གཏོར་སྲུང་མའི་གཏོར་འབུལ། ཐུན་གཏོར། ཆད་བརྟན། ཚོགས་ཀྱི་ཡོ་བྱད། གསེར་སྐྱེམས་ཐོར་ཆས་སོགས་དང་། སློབ་དཔོན་གྱི་མདུན་དུ་ནང་མཆོད། རྡོ་དྲིལ། ཌཱ་རུ། འབྲུ་ཟེ། མངགས་ཕུར། གཡབ་དར་བཅས། གཞན་ཡང་རྔ་སིལ་དང་རོལ་མོའི་ཆ་བྱད་སོགས་ཉེ་བར་མཁོ་བའི་རིགས་མཐའ་དག་མ་ཚང་བ་མེད་པ་མཐོང་བརྒྱུད་ཀྱི་ལག་ལེན་བཞིན་ཚོགས་པར་བྱའོ། །ཡང་སྐབས་འགའ་ཞིག་ཏུ་འཕྲལ་གྱི་རྐྱེན་སེལ་ལྟ་བུར་སྟབས་བདེའི་ལག་ལེན་གཏོར་ཟློག་རྐྱང་པའི་ལུགས་སུ་བསྒྲུབ་པར་འདོད་ན། ལས་དཀྱིལ་གྱི་གཞིར་རས་བྲིས་ཡོད་ན་བཀྲམ། མེད་ན་ཞིང་ལྤགས་གཡང་གཞིར་འབྲུ་ནག་དུག་ཁྲག་གིས་གཤེར་བས་ཚོམ་བུ་དགུ་བཀོད་པའི་ཁར། སྣོད་གཅིག་ཏུ་ཟོར་གཏོར་གཙོ་འཁོར་ཕྱོགས་བསྡུས་སུ་བཀོད་ལ་གཙོ་བོའི་གཏོར་མར་སྤྱི་དྲིལ་སྲུང་ཟློག་གི་འཁོར་ལོ་སོགས་འཛུག །ཁྱུང་གི་བཅས་མ་འགྲུབ་ན་ཙཀླིས་འཐུས་པར་བྱེད་ཅིང་། བསད་འཁོར་ཀྱང་ལས་ཉི་ཚེ་བར་མེད་ཀྱང་ཆོག་པས་ཟན་ལིང་གིས་འཐུས།

p. 219

བསྒྲལ་ལས་དོན་བརྒྱད་དང་། ཐུན་བདུན་གྱི་ཡོ་བྱད་ཙམ་ལས། ཟོར་ཆས་ཟ་ལམ་སོགས་ཀྱི་བཅས་དང་འདོན་ཆ་མི་དགོས་པ་བཅས་རྒྱས་བསྡུས་དང་བསྟུན་པའི་འདོར་ལེན་གྱི་དབྱེ་བ་ཕྱེད་ཤེས་པ་གཅེས་སོ། ༈ །གོང་དུ་བཤད་མ་ཐག་པའི་སྲུང་བའི་འཁོར་ལོ་ནི། དར་རས་ཤོག་གུ་གང་རུང་ལ་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐའ་སྐོར་དུ་གཙོ་བོའི་སྔགས་དང་། འདི་འཆང་བ་པ་སོགས་བསྲུང་བྱའི་མིང་སྤེལ་མཐར། ཀཱ་ཝཱ་ཙི་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལ་དྲག་སྔགས་སོ་ལྔ། དེ་རྒྱབ་མུ་ཁྱུད་ལ་དྲག་འཁོར་རྩིབས་བརྒྱད་ཀྱི་དབུས་སུ་ཧཱུཾ་རེའི་མཐའ་སྐོར་དུ་དཔལ་བརྒྱད་སོ་སོའི་སྔགས་མཐར་མིང་སྤེལ་སྲུང་སྔགས་བཅས་བྲི། རྩིབས་མཚན་བརྒྱད་ལ་ཤར་ལྷོ་ན་གཡས་བསྐོར་དུ། རྡོ་རྗེ། ཁ་ཊྭཱཾ། བེ་ཅོན། ཐོད་དབྱུག ། རལ་གྲི། ཐོ་བ། ཕུར་བུ། ལྕགས་ཀྱུ་རྣམས་བྲི། དེ་རྒྱབ་མུ་ཁྱུད་ལ། ན་མཿས་མནྟ་དུངྔྷ་ནཱཾ། ན་མཿས་མནྟ་དྷརྨ་ནཱཾ། ན་མཿས་མནྟ་སཾ་གྷ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤངྐ་ར། ཨོཾ་པྲ་ཏྱཻ་གི་ར། བཛྲ་ཨུཥྞི་ཥ་ཙཀྲ་ཝ་རྟི། སརྦ་ཡནྟྲ་མནྟྲ། མཱུ་ལ་ཀརྨ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནཱཾ། ཝཱ་མ་མ་ཀྲྀ་ཏེ། ཡེ་ན་ཀེ་ན་ཙི་ཏ།

p. 220

ཀྲི་ཏནྟཏ། སརྦཱནྟུ། ཙྩིནྡྷ་ཙྪིནྡྷ། བྷིནྡྷ་བྷིནྡྷ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཅེས་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་དང་། དབྱངས་གསལ་རྟེན་སྙིང་འདོད་གསོལ་བཅས། དེ་རྒྱབ་རྡོར། དེ་རྒྱབ་མེ་རི་གཡས་བསྐོར་དུ་འབར་བ་བཅས་བྲི། ཡིག་མགོ་དང་ཕྱག་མཚན་གྱི་རྩེ་རྣམས་ཕྱིར་བསྟན་བྱ། ཚོན་ཐོབ་ནི། ལྟེ་བ་སྔོ། རྩིབས་སེར། རྩིབས་མཆན་དམར། མུ་ཁྱུད་ནང་མ་ལྗང་། ཕྱི་མ་དམར། རྡོ་ར་གཞི་ནག་རྡོ་ཕྲེང་སེར། མེ་རི་དམར་སེར་རོ། །དཔལ་དགུ་བྱེ་བྲག་གི་འཁོར་ལོར་མུ་ཁྱུད་བཞི་རེ་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐར་སོ་སོའི་སྔགས་དང་སྲུང་བའི་སྤེལ་ཚིག །རྩིབས་བཞིར་ཧཱུཾ་རེ་དང་། རྩིབས་མཆན་ལ་ཕཊ་རེ། མུ་ཁྱུད་ལ་འདོད་གསོལ། དེ་རྒྱབ་མེ་རི་བཅས། ཚོན་ཐོབ་ལྟེ་བ་དམར། རྩིབས་སྔོ། རྩིབས་མཆན་སེར། མུ་ཁྱུད་ལྗང་། མེ་རི་དམར་སེར་རོ། །ཟློག་པའི་འཁོར་ལོ་ནི། དུག་ཤོག་ལ་སྲུང་འཁོར་ལྟར་མུ་ཁྱུད་འཁོར་རྩིབས་ས་བོན་སྔགས་རྣམས་འདྲ་བ་ལས། ཡིག་མགོ་དང་ཕྱག་མཚན་གྱི་རྩེ་མོ་ནང་བསྟན། སྔགས་ཤམ་དུ། སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་སྦྱར། གཙུག་ཏོར་འཁོར་

p. 221

སྒྱུར་སྔགས་དང་དབྱངས་གསལ་རྟེན་སྙིང་གི་མལ་དུ་དྲག་སྔགས་སོ་ལྔ་པ་ཡང་ཟློག་ཉིང་ཟློག་གི་སྔགས་ཤམ་བུ་དང་བཅས་པ། རྡོར་མི་དགོས་ཤིང་མེ་རི་གཡོན་བསྐོར་དུ་བྲི། ཚོན་ཐོབ་གོང་བཞིན་ནོ། །དཔལ་དགུ་བྱེ་བྲག་སོ་སོར་འཁོར་ལོ་མུ་ཁྱུད་ལྔ་རེ་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐར་སོ་སོའི་སྔགས་ཟློག་ཤམ་ཅན། རྩིབས་བཞིར་སོ་སོའི་རིགས་བཞི་དང་མ་མོའི་བཀྲག་གསལ་མའི་སྔགས་ལྟེ་བའི་སྔགས་མཐར་སྤེལ། རྩིབས་མཆན་ལ་སོ་སོའི་ཕྱག་མཚན། མུ་ཁྱུད་ནང་མར་དམོད་ཚིག །ཕྱི་མར་དྲག་སྔགས། མཐར་མེ་རི། ཡིག་མགོ་དང་ཚོན་ཐོབ་སྤྱི་འཁོར་བཞིན་ནོ། །བསད་པའི་འཁོར་ལོ་ནི། དུག་ཤོག་ལ་འཁོར་ལོ་མུ་ཁྱུད་གསུམ་བསྐོར་བསྐོར་བའི་ལྟེ་བར་ལིངྒ་མིང་རུས་བླ་དྭགས་སོགས་སྤྱི་མཐུན། གཉིས་པར་རྩིབས་རྩེ་ནང་བསྟན་བརྒྱད་ཀྱི་ཤར་རྩིབས་ལ་ཆེ་མཆོག་དང་ཡང་དག་གི་སྔགས། ལྷག་མ་བདུན་ལ་དཔལ་བདུན་གྱི་སྔགས་བསད་པའི་སྤེལ་ཚིག་ཅན། རྩིབས་མཆན་ལ་ཕྱག་མཚན་བརྒྱད་རྩེ་མོ་ནང་བསྟན། མུ་ཁྱུད་ནང་མར་དྲག་སྔགས་མེ་ཕུང་མ་སྤེལ་ཚིག་ཅན། ཕྱི་མར། དགྲ་བགེགས་སྡིག་ཅན་འདིའི་གཟུགས་

p. 222

ཕུང་རྡུལ་ཕྲན་བཞིན་དུ་བཤིགས་ནས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར་ཅིག །སོགས་དམོད་ཚིག་གང་འོས་བྲི། ཡིག་མགོ་ཕྱིར་བལྟ་ཁོ་ན་བྱ། ཚོན་ཐོབ་ལྟེ་བ་དམར། རྩིབས་སྔོ། མཆན་དམར། མུ་ཁྱུད་ནང་དམར། ཕྱི་སེར་རོ། །ཡང་བསད་པའི་ལིང་རྐྱང་སོགས་ནི་སྔགས་དང་ཁ་བསྒྱུར་སྤེལ་ཚིག་སོགས་སྐབས་ཐོབ་འཕྲུལ་ཤེས་པར་བྱས་ལ་འབྲི་ཚུལ་སྤྱི་བཞིན་ནོ། །ཁྱུང་འཁོར་ནི། འཁོར་ལོ་མུ་ཁྱུད་གསུམ་བསྐོར་བའི་ལྟེ་བར་ཁྲོཾཿམཐར། ཨོཾ་བུངྔྷ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཅེས་བསྐོར། རྩིབས་བཞི་ལ་བཛྲ་ག་རུ་ཌ་སོགས་རིགས་བཞི། རྩིབས་མཆན་ལ་སརྦ་དུཥྚན་སོགས་ཟློག་སྔགས། མུ་ཁྱུད་ལ་དྲག་སྔགས་མེ་ཕུང་ཟློག་ཤམ་ཅན། མཐར་མེ་རིའོ། །ཡིག་མགོ་ནང་ལྟ། ཚོན་དབུས་སྔོ། རྩིབས་སེར། མཆན་དམར། མུ་ཁྱུད་ལྗང་། མེ་དམར་སེར་རོ། །གཞན་ཡང་ཁྱུང་གི་རལ་པ་བཅུ་གསུམ། གཤོག་སྒྲོ་བཅུ་དྲུག །མཇུག་སྒྲོ་བརྒྱད་དང་བཅས་པའི་སྔགས་བྱང་སོ་སོ། ཁྲམ་ཤིང་བདུན་མཆུ་བྱང་དགུ་དང་བཅས་པ་རྣམས་སྤྲོ་ན་བདེ་འདུས་ཀྱི་གཞུང་བཞིན་ཤེས་པར་བྱའོ། །བྱུག་རྫས་ནི། སྲུང་འཁོར་

p. 223

ལ། ཤ་ལྔ། བདུད་རྩི་ལྔ། ག་བུར། གླ་རྩི། ཤིང་ཀུན། ཤུ་དག་དཀར་པོ། གུར་གུམ། གི་ཝཾ། གུ་གུལ། དྲག་སྔགས་བཟླས་པའི་ཡུངས་དཀར་རྣམས་དང་། ཟློག་བསད་ཁྱུང་འཁོར་རྣམས་ཀྱི་ལྷ་སྔགས་ལ་དྲི་བཟང་། དྲག་སྔགས་ལ་དུག་ཁྲག །དམིགས་བྱའི་མིང་གཟུགས་ལ་ཟག་རྫས་རྣམས་དམིགས་ཕྱེད་པར་བྱུག ། འཁོར་ལོ་རབ་གནས་བྱ་ཚུལ་ནི། སྟེགས་བུའི་ཁར་ཐོད་པ་སོགས་སྣོད་འབྲུས་བཀང་བའི་ནང་དུ་འཁོར་ལོ་བཀྲམ། མཐར་ཕྱི་ནང་གི་མཆོད་པ་བཤམས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བའི་འཁོར་ལོ་ལ་སྦྱོང་ཁྲུས་མདོར་བསྡུས་ཙམ་སྤྱི་ལྟར་བྱས་ནས། བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེའི་གུར་ཁང་མེའི་ར་བས་ཡོངས་སུ་བསྐོར་བའི་ནང་དུ་འཁོར་ལོ་རྣམས་རྟེན་གྱི་དཀྱིལ་འཁོར་ཆེན་པོར་གྲུབ་པའི་ལྷ་གནས་སོ་སོར་ཧཱུཾ་ཡིག་ལས་བྱུང་བའི་དཔལ་ཆེན་གཙོ་དགུ་སོ་སོའི་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་མོས་ཏེ། ཧཱུཾ༔ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་

p. 224

འཁོར་ནས༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་དགུ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དབྱིངས་ནས་སྤྱན་འདྲེན་ན༔ འཁོར་ལོ་འདི་ལ་བརྟན་པར་བཞུགས༔ མཐུ་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཚེ་སྲིང་དཔལ་སྐྱེད་གཟི་བརྗིད་སྤེལ༔ གདོན་དང་ནད་དང་གནོད་པ་སྲུངས༔ ས་མ་ཡ་ཨ་བེ་ཤ་ཡ་ཨཱཿ ཞེས་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་དང་། ཁྱད་པར་བསྲུང་བྱ་མིང་ཡིག་དང་པོའི་རྣམ་པས་བཀུག་པ་དམ་ཚིག་གི་འཁོར་ལོ་ལ་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་བསྟིམ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་མདོར་བསྡུས་ཙམ་བྱ། ལྷ་རྣམས་འོད་དུ་ཞུ་བ་འཁོར་ལོར་གྱུར་པའི་སྔགས་ཕྲེང་རྣམས་ལས་ཡེ་ཤེས་བདུད་རྩིའི་རང་བཞིན་གྱི་འོད་ཟེར་འཕྲོས་པ་སྤྲིན་བཞིན་འཁྲིགས་ནས་བསྲུང་བྱའི་མིང་ཡིག་ལ་གོ་ཆ་བཞིན་དུ་བཅིངས་པར་བསམ་ཞིང་། རྩ་སྔགས་སོ་སོའི་མཐར་སྲུང་སྔགས་བཏགས་པ་བརྒྱ་རྩ་སོགས་བཟླ། རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིས་བསྔགས་པའི་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱ། ཟློག་འཁོར་ལྷ་འོད་ཞུའི་བར་སྔར་དང་དཀྱུས་གཅིག་ཏུ་བྱས་ནས། ཁྱད་པར་

p. 225

སྔགས་ཕྲེང་རྣམས་ལ་འོད་ཟེར་དྲག་ཅིང་རྩུབ་པ་མེ་སྟག་གི་ཚྭ་ཚྭ་ལྟ་བུ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྩྭ་སྦུར་མེས་བསྲེགས་པ་བཞིན་སོང་བར་བསམ་ཞིང་། དམིགས་བྱའི་མིང་ཡིག་སོགས་ཀྱང་དེ་དང་འདྲ། རྩ་སྔགས་ལ་ཟློག་སྔགས་བཏགས་པ་བརྒྱ་རྩ་སོགས་ཀྱིས་བྱིན་བརླབ། བསད་འཁོར་ལྷ་གནས་ངེས་པ་ཅན་གྱི་སྔགས་བཀོད་པ་སྔར་གྱི་དཀྱུས་སུ་སྤྱིར་བསྒྲུབ་ཅིང་། ཁྱད་པར་སྦྱོང་ཁྲུས་ཀྱིས་རང་གི་དྲི་མ་བསལ་བ་སྔོན་དུ་འགྲོ་བས་ལྕགས་སྣོད་སོགས་སུ་བཀྲམ། བསྐུལ་གསེར་སྐྱེམས་གཟུ་དཔང་རྣམས་བྱས་ལ། དམིགས་བྱའི་མིང་གཟུགས་རྣམས་དེར་བསྐྱེད་དེ་བདེན་སྟོབས་ཀྱི་དྲག་ཏུ་བཀུག་ཅིང་རྟེན་ལ་བསྟིམ་ནས་ལྷ་དང་དབྱེ། བདག་དང་འཁོར་ལོར་བཀོད་པའི་དྲག་སྔག་ཀྱི་ཡིག་འབྲུ་ལས་སྤྲོས་པའི་ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་དམིགས་བྱ་རང་དབང་མེད་པར་བཀུག་སྟེ་བྲུབ་ཁུང་དུ་བཅུག །སྐྱོབ་བྱེད་ཀྱི་ལྷ་སྲུང་སྦུར་མ་རླུང་གིས་དེད་པ་ལྟར་གཏོར་ཞིང་བསྐྲད། དུག་དང་མཚོན་ཆའི་ཆར་བབས་པས་ལུས་རྡུལ་ཕྲན་ལྟར་བཤིག་པར་བསམ་ཞིང་དྲག་སྔགས་མེ་ཕུང་མ་

p. 226

ཆིག་བསྒྲིལ་དུ་བཟླ། དཀོན་མཆོག་གསུམ་གྱི་བདེན་སྟོབས་བརྗོད་དེ། རིག་སྔགས་བསླུ་བ་མེད་པའི་བདེན་པའི་སྟོབས་ཀྱིས་ལས་འདི་མྱུར་དུ་འགྲུབ་པར་གྱུར་ཅིག །ཅེས་བསྒོམ་ཞིང་བརྗོད་ལ་ཡིག་འབྲུར་བསྒྱུར། སྔགས་ཀྱི་འོད་ཟེར་ཚ་ཞིང་རྩུབ་པས་མིང་ཡིག་རྣམས་གཟིར་བར་བསམ་ཞིང་འཁོར་ལོ་རྣམས་རྩེ་མོ་ནང་དུ་རིམ་བཞིན་རུབ་ནས་མཚོན་ཆ་ལྟེབ་ཏུ་བྱས་ལ་ཚོན་སྐུད་སྔོ་དམར་གྱིས་དཀྲིས་ནས་བྲུབ་ཁུང་དུ་གཞུག །མཐར་སྒྲུབ་པ་ཐོན་ནས་སྲུང་བའི་འཁོར་ལོ་བསྲུང་བྱའི་མགུལ་དུ་གདགས་ཤིང་། ཟློག་བསད་ཀྱི་འཁོར་ལོ་ཟོར་གཏོར་དང་ལྷན་དུ་མེར་བསྲེགས་པར་བྱ་བ་ཡིན་ནོ། །ཞེས་པའང་ཉེར་མཁོའི་ལག་ལེན་ཕྱོགས་མཚོན་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།། །།

གཏེར་ཁ་གསུམ་འདུས་ཐུགས་ཆེན།

ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཡང་སྙིང་གསང་བ་བཅུད་དྲིལ།

p. 227

༄༅། །ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཡང་སྙིང་གསང་བ་བཅུད་དྲིལ་ཞེས་བྱ་བ་བཞུགས་སོ། །

p. 228

ཨོཾ་སྭསྟི། སྲས་བཅས་རྒྱལ་ཀུན་སྤྲོ་བསྡུའི་བདག །འཇིག་རྟེན་དབང་ཕྱུག་ལ་བཏུད་ནས། །གང་གི་ཕྲིན་ལས་བྱེ་བའི་བཅུད། །ཡང་སྙིང་གཅིག་དྲིལ་འཇུག་བདེར་སྤྲོ། །[ཐུགས་རྗེ་ཆེན་པོ་ཡང་སྙིང་གསང་ཀུན་འདུས་གཅིག་དྲིལ་གྱི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྤྲོས་པའི་ཚེ་ན་མདུན་དཀྱིལ་མཆོད་པའི་བྱེ་བྲག་ཅི་འབྱོར་བ་བཤམས་ཤིང་། སྤྲོས་མེད་རྒྱུན་གྱི་ཉམས་ལེན་ལ་དམིགས་པ་ཁོ་ནས་ཁྱབ་པར་བྱས་ཏེ། ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་སྦྱོར་བའི་རིམ་པ་ལ། སྐྱབས་སུ་འགྲོ་བ་ནི།]སྐྱབས་ཡུལ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རིགས་འདུས་

p. 229

ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་རོལ་པར་བཛྲ་ས་མཱ་ཛཿ[ས་མདུན་མཁར་སད་པར་མོས་ལ།] ན་མོ། བདག་སོགས་འགྲོ་རྣམས་བྱང་ཆུབ་བར། །སྐྱབས་གནས་མ་ལུས་འདུས་པའི་དངོས། །བླ་མ་ཐུགས་རྗེའི་ལྷ་ཚོགས་ལ། །སྙིང་ནས་གུས་པས་སྐྱབས་སུ་མཆི། །[ལན་གསུམ། སེམས་བསྐྱེད་པ་ནི།] ཧོཿ མཁའ་ཁྱབ་སེམ་ཅན་མ་ལུས་ཀུན། །འཇིགས་རུང་སྲིད་མཚོ་ལས་སྒྲོལ་ཕྱིར། །རིགས་འདུས་འཕགས་པའི་རྣལ་འབྱོར་གྱིས། །གཞན་དོན་བསྒྲུབ་པར་སེམས་བསྐྱེད་དོ། །[ལན་གསུམ།] འགྲོ་རྣམས་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་

p. 230

བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །མཉམ་ཉིད་བཏང་སྙོམས་ལ་གནས་ཤོག །[ཅེས་ཚད་མེད་བཞི་བསྒོམ་ནས། ཚོགས་བསགས་པ་ནི།] སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ཉེས་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་མི་འདའ་གསོལ། །དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །བཛྲ་མུཿ[ས་སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། བགེགས་བསྐྲད་པ་ནི།] རང་ཉིད་དཔའ་བོ་རྟ་མཆོག་རོལ་པའི་སྐུར་གྱུར་[པར་བསམ་ཞིང་། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུཾ་ཧོཿས་བྱིན་བརླབ།] སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ[ས་མགྲོན་བཀུག] ། སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། [ཞེས་ལན་གསུམ་གྱིས་བསྔོས་ལ།] ཧྲཱིཿཧཱུཾ། ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས། །མཆོད་སྦྱིན་བཟང་པོས་ཚིམ་བྱོས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་བཀའ་འདས་བར་གཅོད་ན། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་ད་ལྟ་ཕྱིར་དེངས་ཤིག །ཨོཾ་བཛྲ་ཀྲོ་ངྷ་ཧྱ་གྲཱི་ཝ་ཧཱུཾ་ཕཊ། [ཅེས་དང་]སུམྦྷ་ནི[ས་བསྐྲད། མཚམས་བཅད་པ་ནི།] ཧྲཱིཿ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ། །སྐུ་ཡི་འོད་ཟེར་མཚོན་ཆའི་གུར། །

p. 231

མེ་རི་འབར་བས་ཕྱོགས་མཚམས་བཅད། །སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ། །བཛྲ་རཀྵ་རཀྵ་ཧཱུཾ། [མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ།]རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་རྣམ་ཐར་སྤྲིན་ལྟ་བུས། །དཔག་གཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་དྷ྄ཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝཱི་དྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤརྴེ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧཱུཾ་ཧྲཱིཿཋཱ [ལན་གསུམ།]བཛྲ་སྥ་ར་ཎ་ཁཾ། [གཉིས་པ་དངོས་གཞིའི་རིམ་པ་ལ། དཀྱིལ་འཁོར་དམ་ཚིག་པ་བསྐྱེད་པ་ནི།] ཨ། ཡེ་ནས་མ་སྐྱེས་སྟོང་གསལ་ངང་། །ཀུན་སྣང་བྱང་ཆུབ་སེམས་སྤྲིན་ལས། །རང་བྱུང་རིག་པ་ཧྲཱིཿདམར་གསལ། །དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས། །རྣམ་དག་ཞིང་ཁམས་ཉམས་དགའ་བར། །ལྷུན་གྲུབ་གཞལ་ཡས་མཚན་རྫོགས་དབུས། །པདྨ་ཉི་ཟླའི་གདན་སྟེ་དུ། །ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས། །རང་ཉིད་འཕགས་མཆོག་སྤྱན་རས་གཟིགས། །རཱ་གའི་མདངས་ལྡན་ཞི་འཛུམ་མཛེས། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འདྲེན། །ཕྱག་གཡོན་མཉམ་གཞག་བདུད་རྩི་བུམ། །ལོངས་སྤྱོད་རྒྱན་རྫོགས་སྐྱིལ་

p. 232

ཀྲུང་བཞུགས། །པང་དུ་ཡུམ་ཆེན་གསང་ཡེ་མ། །གཅེར་མོ་སྐྲ་གྲོལ་རུས་རྒྱན་སྤྲས། །ཌཱ་རུ་ཐོད་ཁྲག་འཛིན་པས་འཁྱུད། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི། །རྟ་མགྲིན་དམར་ནག་ཁྲོ་ཆས་རྫོགས། །ཐོད་དབྱུག་སྡིགས་མཛུབ་འདོར་སྟབས་ཅན། །རྟ་སྐད་རྔམས་སྒྲོགས་མེ་དབུས་རོལ། །སྤྱི་བོར་རིགས་བདག་སྣང་མཐའ་ཡས། །སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན། །གོས་དཀར་ཡུམ་འཁྲུལ་བདེ་ཆེན་སྦྱོར། །གཙོ་བོའི་རང་མདངས་འཁོར་གྱི་ཚུལ། །ནོར་འཛིན་སྲས་མཆོག་གཡས་ནས་འདུད། །གསང་སྔགས་འཛིན་མས་གཡོན་ནས་འདུད། །ཕྱི་རོལ་འདབ་དྲུག་ཐུབ་དྲུག་དང་། །འགྲོ་འདུལ་སངས་རྒྱས་སྟོང་རྩ་གཉིས། །སྒོ་བཞིར་དབང་ཆེན་རིགས་བཞི་སོགས། །སྣང་སྲིད་འཕགས་པའི་དལ་དུ་ཤར། །སྣང་སྟོང་འཇའ་ཟེར་འོད་ཕུང་ཀློང་། །འཁོར་བ་དོང་སྤྲུགས་སྐུ་རུ་རྫོགས། །སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཅིང་། །ཡེ་ཤེས་ལྔ་རུ་རང་དབང་བསྐུར། །ཨོཾ་ཨཱཿཧཱུཾ། ཧྲཱིཿཧཱུཾ་ཏྲཱཾ་ཨོཾ་ཨཱཿ ཨ་བྷི་ཥིཉྩ་ཨཏྨ་ཀོཉ་ཧཾ། [ཡེ་ཤེས་པ་སྤྱན་དྲང་བ་ནི།] ཧྲཱི༔ ཚུར་གཤེགས་ཚུར་གཤེགས་སྤྱན་རས་གཟིགས། །སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས། །ཐུགས་རྗེ་གཟུགས་ཀྱི་སྐུར་བཞེངས་ལ། །འཁོར་བ་དོང་ནས་

p. 233

སྤྲུགས་པའི་ཕྱིར། །རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧེ་བྷ་ག་ཝཱ་ན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟཾ། ཛཿཧཱུཾ་བཾ་ཧོཿ [བཞུགས་སུ་གསོལ་བ་ནི།] ཧྲཱིཿ འཕགས་མཆོག་ཐུགས་རྗེའི་ལྷ་ཚོགས་རྣམས། །རིན་ཆེན་གཞལ་ཡས་མཛེས་པ་འདིར། །དགྱེས་ཤིང་བརྩེ་བས་གཤེགས་ནས་ཀྱང་། །འགྲོ་བའི་དོན་དུ་སྐུ་བཞུགས་འཚལ། །ས་མ་ཡ་ཏིཥྛ་ལྷན། [ཕྱག་འཚལ་བ་ནི།] ཧྲཱིཿ བདེ་ཆེན་འགྱུར་མེད་ཆོས་དབྱིངས་ལས། །གང་འདུལ་སྒྱུ་མའི་ཕྱག་རྒྱར་སྣང་། །སྤྱན་རས་གཟིགས་དབང་ལྷ་ཚོགས་ལ། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ [མཆོད་པ་འབུལ་བ་ནི།] ཧྲཱིཿ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ལས། །ཉེར་སྤྱོད་འདོད་ཡོན་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ཞིང་ཀུན་ཁྱབ་པར་སྤྲོ། །དུག་ལྔ་རྣམ་དག་བདུད་རྩིའི་མཚོ། །ཆགས་ཆེན་རང་བྱུང་དམར་གྱི་རྒྱུན། །སྣང་སྲིད་ཡོངས་རྫོགས་བ་ལིཾ་ཏ། །ཐབས་ཤེས་མཉམ་སྦྱོར་བདེ་བའི་རོ། །ཟུང་འཇུག་མི་དམིགས་སྤྲོས་བྲལ་དབྱིངས། །ཆོས་ཉིད་ཡེ་ཤེས་རོལ་

p. 234

པའི་རྒྱན། །དགྱེས་པའི་དམ་ཚིག་མཆོག་ཏུ་རོལ། །བཞེས་ནས་དབང་དང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝཱི་དྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤརྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ བསྟོད་པ་ནི། ཧྲཱིཿ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས། །མ་འགགས་བདེ་ཆེན་ལོངས་སྤྱོད་རྫོགས། །འགྲོ་བའི་དོན་དུ་གཟུགས་སྐུར་སྤྲུལ། །འཇིག་རྟེན་དབང་ཕྱུག་ཁྱོད་ལ་བསྟོད། །[ཅེས་དང་། སྤྲོ་ན།] རྡུལ་བྲལ་རཱ་གའི་ལྷུན་པོ་ནི། །སྣང་བྱེད་འབུམ་གྱིས་འཁྱུད་པ་བཞིན། །མཚན་དཔེའི་གཟི་བརྗིད་འབར་བའི་སྐུ། །འཇིག་རྟེན་དབང་ཕྱུག་ཁྱོད་ལ་བསྟོད། །ཐུགས་རྗེ་ཚད་མེད་ཞི་ཞིང་འཛུམ། །ཀུན་ཏུ་མི་འཛུམ་བརྩེ་བའི་སྤྱན། །འགྲོ་ལ་གཟིགས་པའི་གཡེལ་མི་མངའ། །འཇིག་རྟེན་དབང་ཕྱུག་ཁྱོད་ལ་བསྟོད། །འཁོར་བ་དབྱིངས་གྲོལ་པད་ཕྲེང་གཡས། །ཉོན་མོངས་བདུད་འཇོམས་བུམ་པ་གཡོན། །མཐའ་གཉིས་ལས་འདས་སྐྱིལ་ཀྲུང་ཅན། །འཇིག་རྟེན་དབང་ཕྱུག་ཁྱོད་ལ་བསྟོད། །འཁོར་བ་མ་སྤང་ལོངས་སྤྱོད་ཆས། །ཆགས་བྲལ་བདེ་ཆེན་ཡུམ་དང་སྦྱོར། །སྐྱོན་སྤང་དྲི་མེད་པད་ཟླར་བཞུགས། །འཇིག་རྟེན་

p. 235

དབང་ཕྱུག་ཁྱོད་ལ་བསྟོད། །གང་གི་རིག་སྔགས་ཟབ་མོའི་སྒྲ། །ལན་གཅིག་ཐོས་པའང་དོན་ཆེ་སྟེ། །ངན་འགྲོའི་བསྐལ་པ་རབ་སྟོང་མཛད། འགྲོ་འདུལ་ཚངས་དབྱངས་གསུང་ལ་བསྟོད། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱང་། །ཁྱོད་ཐུགས་བརྩེ་བའི་ཆ་ཤས་ཕྱིར། །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་བདག །ཡེ་ཤེས་འཁོར་ལོའི་ཐུགས་ལ་བསྟོད། །[ཅེས་སྦྱར།]ཡེ་ཤེས་གཅིག་ལས་མ་གཡོས་ཀྱང་། །གང་འདུལ་འགྲོ་བའི་དོན་ཕྱིར་དུ། །རབ་འབྱམས་རྒྱལ་བའི་སྤྲིན་ཕུང་སྤྲོ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད། །[ཛཔྲ་བཟླ་བ་ལ། ཕྱི་སྤྲོ་བསྡུ་དོན་གཉིས་སྒྲུབ་པའི་དགོངས་པ་ནི།] ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཡི། །ཐུགས་དབུས་ཟླ་སྟེང་ཧྲཱིཿདམར་གསལ། མཐའ་སྐོར་ཡིག་དྲུག་ཕྲེང་བས་བསྐོར། །དེ་ལས་འོད་ཟེར་བསམ་ཡས་འཕྲོས། །བདེ་གཤེགས་སྐུ་གསུང་ཐུགས་མཆོད་མཉེས། །གསང་གསུམ་བྱིན་རླབས་དངོས་གྲུབ་ཀུན། །བདག་ལ་འདུས་ཤིང་འོད་ཟེར་དེས། །ཁམས་གསུམ་རིགས་དྲུག་སེམས་ཅན་གྱི། །སྒོ་གསུམ་སྒྲིབ་སྦྱངས་བདེ་ལ་བཀོད། །ཚུར་འདུས་རང་ཐིམ་དབྱེར་མེད་དང་། །སྣང་སྲིད་ཐུགས་རྗེའི་དལ་

p. 236

དུ་རྫོགས། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ [ནང་སྤྲོ་བསྡུ་དྲེགས་པ་ཚར་གཅོད་ཀྱི་དགོངས་པ་ནི།] རྟ་མགྲིན་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་མེ་དཔུང་མཚོན་ཆ་འཕྲོས། །གང་དག་ཞི་བས་མི་འདུལ་བའི། །བདུད་དང་དགྲ་བགེགས་གདུག་ཚར་བཅད། །བཀའ་སྡོད་བྲན་དུ་བཀོལ་ནས་ཀྱང་། །ཐམས་ཅད་ཐུགས་རྗེའི་ཞིང་དུ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ་ཕཊ༔ [གསང་བ་དོན་དམ་ཆོས་ཉིད་རང་གསལ་དགོངས་པ་ནི།] ཧྲཱིཿ སྣང་བ་ཐུགས་རྗེ་ཆེན་པོའི་སྐུ། །གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །སྣང་བ་ཐམས་ཅད་རང་སྣང་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཧྲཱིཿ སྒྲ་གྲགས་ཐུགས་རྗེ་ཆེན་པོའི་གསུང་། །ཚིག་དང་བྲལ་བའི་དོན་ལ་ལྟོས། །གྲགས་པ་ཐམས་ཅད་རང་སྒྲ་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ ཧྲཱིཿ རྟོག་ཚོགས་ཐུགས་རྗེ་ཆེན་པོའི་ཐུགས། །ཡེ་ཤེས་ཟང་ཐལ་ངང་ལ་ཞོག །གྲོལ་བ་ཐམས་ཅད་རང་གྲོལ་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ ཧྲཱིཿ བལྟས་པས་ཡི་དམ་ལྷ་མི་མཐོང་། །མ་བལྟས་བཞག་པས་ལྷ་དང་མཇལ། །མ་བསྒྲུབ་གནས་པས་སངས་རྒྱས་འགྲུབ། །གྲུབ་པ་མེད་དོ་ཅིར་མི་དགོངས། །རང་བྱུང་ཐུགས་རྗེ་ཆེན་པོ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔

p. 237

[ཞེས་བཟླའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ། ཚོགས་ཀྱི་མཆོད་པ་ནི།] ཧྲཱིཿ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ། །འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས། །ཨོཾ་ཨཱཿཧཱུཾ་འཕྲོས་ཟག་མེད་ཀྱི། །འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར། །ཨོཾ་ཨཱཿཧཱུཾ། [ཚོགས་ཞིང་སྤྱན་འདྲེན་ནི།]ཧྲཱིཿ རང་བཞིན་ཆོས་དབྱིངས་ཞིང་ཁམས་ནས། །འཇིག་རྟེན་མགོན་པོ་གར་གྱི་དབང་། །བླ་མ་ཡི་དམ་མཁའ་འགྲོར་བཅས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདི་ན་སྣ་ཚོགས་འདོད་ཡོན་ནི། །ལོངས་སྤྱོད་མ་ཚང་མེད་མཆིས་ཀྱི། །ཀུན་ཀྱང་དགྱེས་པའི་གར་དང་བཅས། །མྱུར་གཤེགས་ཅི་བདེར་བཞེས་སུ་གསོལ། །ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛ་ཛཿ [ཚོགས་ཕུད་འབུལ་བ་ནི།] ཧྲཱིཿ བདེ་བར་གཤེགས་སོ་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །སྤྱན་རས་གཟིགས་དབང་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །མ་ཧཱ་གྷ་ཎ་ཙཀྲ་པཱུ་ཛ་ཧོཿ [བར་པ་བཤགས་པ་ནི།] ཧྲཱིཿ སྔོན་འབྱུང་དུས་ནས་ད་ལྟའི་བར། །མ་རིགས་བདག་ལུས་ངག་སེམས་ཀྱི། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས། །ས་མ་ཡ་ཤུདྡྷེ་ཨ༔

p. 238

[ཐ་མ་བསྒྲལ་བསྟབ་ནི།] ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུཾ་བྃ་ཧོཿ ཧྲཱིཿ མ་ནི་རྟ་མཆོག་ཧེ་རུ་ཀ ། འབར་བའི་ཕོ་ཉ་སྐར་ལྟར་འཁྲུགས། །ཕུར་ཐུན་མཚོན་ཆ་ཐོག་ལྟར་འབེབས། །བཏབ་ན་ལྷ་ཡང་བརླག་འགྱུར་ན། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །གནོད་བྱེད་བར་གཅོད་འབྱུང་པོའི་ཚོགས། །ཆོམས་ཤིག་རོལ་ཅིག་མཱ་ར་ཡ། །ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ། ཧྲཱིཿ དུག་ལྔས་གཟིར་བའི་གདུག་ཅན་རྣམས། །དྭངས་མ་བདག་མེད་དབྱིངས་བསྒྲལ་བའི། །སྙིགས་མ་འདོད་ཡོན་དམ་ཚིག་རྫས། །བདེ་བ་ཆེན་པོའི་རྒྱན་དུ་འབུལ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི། [འདིར་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུག་ཏུ་ལོངས་སྤྱོད་ལ། ལྷག་མའི་བསྡོ་བ་ནི།] ཨོཾ་ཨཱཿཧཱུྃ། ཕེཾ། དཔལ་གྱི་བཀའ་ཉན་དམ་ཚིག་ཅན། །བསྟན་པ་སྐྱོང་བའི་ལྷག་སྡུད་རྣམས། །འདིར་གཤེགས་ཤ་ཁྲག་ལྷག་གཏོར་བཞེས། །བཅོལ་བའི་ཕྲིན་ལས་མྱུར་སྒྲུབ་མཛོད། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། [ཆད་མདོ་གཏོང་བ་ནི།]ཧཱུཾ། སྔོན་ཚེ་བརྒྱུད་གསུམ་རིག་འཛིན་གྱིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །བཀའ་ཡི་གཏོར་མ་འདི་ལོངས་ལ། །གསང་སྔགས་བསྟན་དང་བསྟན་འཛིན་སྐྱོངས། །བསྟན་དགྲ་འབྱུང་པོ་རྡུལ་དུ་རློགས། །རྣམ་བཞིའི་ཕྲིན་ལས་མྱུར་དུ་སྒྲུབས།

p. 239

[བརྟན་མ་སྐྱོང་བ་ནི།] ཧྲཱིཿ སློབ་དཔོན་པདྨ་ཐོད་ཕྲེང་གི ། བཀའ་ཉན་ཆེ་ཞིང་བརྟན་མའི་ཚོགས། །བཤལ་ཆུའི་གཏོར་མ་འདི་བཞེས་ལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །མ་མ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི། [རྟ་བྲོ་བརྡུང་བ་ནི།] ཧྲཱིཿ འགྲོ་འདུལ་ཐུགས་རྗེའི་དཀྱིལ་འཁོར་དུ། །དབང་ཆེན་རྔམས་པའི་བྲོ་བརྡུང་པས། །ལོག་འདྲེན་དགྲ་བགེགས་དམ་སྲི་ཀུན། །ལྡང་མེད་གཟིར་མནན་ཆོ་ག་རྫོགས། །ཨོཾ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྟམྦྷ་ཡ་ནན། [དངོས་གྲུབ་བླང་བ་ནི།] ཧྲཱིཿ འཕགས་མཆོག་ཐུགས་རྗེ་ལྷ་ཚོགས་རྣམས། །སྔོན་ཚེ་གོང་ནས་བསྙེན་པའི་ལྷ། །ད་ལྟ་བདག་དང་གཉིས་སུ་མེད། །ཡང་གསང་ཐུགས་ཀྱི་གའུ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །སྒྲུབ་མཆོག་རྣལ་འབྱོར་བདག་ལ་སྩོལ། །ལྷ་དང་སྐལ་བ་མཉམ་པར་ཤོག ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཀཱ་ཡ་ཝཱ་ཙིཏྟ་སིངྔྷི་ཕ་ལ་ཧོཿ [འདིར་གཏང་རག་གི་མཆོད་པ་བསྟོད་འབུལ་ཞིང་ནོངས་པ་བཟོད་པར་གསོལ། དཀྱིལ་འཁོར་བསྡུ་བ་ནི།] ཧྲཱིཿ སྣང་སྲིད་གཞལ་ཡས་ལྷ་ཚོགས་རྣམས། །མཁའ་ལ་སྤྲིན་བཞིན་འོད་གསལ་དབྱིངས། །ཆོས་ཉིད་བློ་འདས་གཤིས་སུ་ཐིམ། །དོན་གྱི་འཕགས་པའི་རང་ཞལ་བལྟ། །ཨ།

p. 240

ཧྲཱིཿ སླར་ཡང་མཁའ་ལས་འཇའ་ཚོན་ལྟར། །སྣང་གྲགས་ལྷུན་གྲུབ་རྒྱལ་བའི་ཞིང་། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ངང་། །རྒྱུན་དུ་འགྲོ་བའི་དོན་ལ་འཇུག ། ཨོཾ་ཨཱཿཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ [དགེ་བ་བསྔོ་བ་ནི།] ཧོཿ འདིར་འབད་བསོད་ནམས་མཐའ་ཡས་ཚོགས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མི་གནས་ཟུང་འཇུག་འཕགས་པའི་སྐུ། །འགྲོ་བ་ཀུན་གྱིས་ཡོངས་ཐོབ་ཤོག །[ཤིས་པ་བརྗོད་པ་ནི།] བདེ་གཤེགས་ཐུགས་རྗེའི་དཀྱིལ་འཁོར་དུ། །འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ནས། །རྟག་ཏུ་དཔལ་གནས་བཀྲ་ཤིས་པ། །སྐྱེ་རྒུ་ཡོངས་ཁྱབ་བདེ་ལེགས་ཤོག [ཅེས་སོགས་ཤིས་བརྗོད་རྒྱ་ཆེར་སྤེལ་བས་དགེ་ལེགས་སུ་བྱའོ། །འཕགས་པའི་སྒྲུབ་ཐབས་ཡོངས་རྗོགས་ཀྱི། །སྙིང་པོའི་བཅུད་བསྡུས་གསལ་བྱས་པ། །འདི་ལས་འབྲེལ་བཅས་མཐའ་ཡས་འགྲོ། །ཕན་དང་བདེ་བར་དབུགས་འབྱིན་ཤོག །ཅེས་པའང་ཟ་ཧོར་མཚོ་པདྨ་ཅན་དུ་སྒྲུབ་པའི་རྒྱལ་མཚན་སྒྲེང་བ་བླ་མ་ཡེ་ཤེས་རབ་གསལ་གྱིས་བསྐུལ་བ་ལས། གསང་འདུས་རྣམ་པ་གསུམ་གཏེར་བྱོན་ཐུགས་ཆེན་ཕྲིན་ལས་རྣམས་ཀྱི་སྙིང་པོའི་བཅུད་བསྡུས་ཏེ། བོད་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་

p. 241

གར་ནུབ་ཕྱོགས་སིང་ལར་གྲགས་པའི་གྲོང་ཁྱེར་དུ་རྒྱུ་བའི་སྐབས་ཤིག་ལ་སྦྱར་བ་ཤིན་ཏུ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།]

ཐུགས་ཆེན་ཀུན་འདུས་བརྒྱུད་འདེབས།

p. 242
p. 243

རྒྱལ་ཀུན་རིགས་ཀྱི་ཅོད་པན་ཚེ་མཐའ་ཡས། །གངས་ཅན་མཚོ་ཡི་ཞིང་མགོན་འཇིག་རྟེན་དབང་། །གསང་ཆེན་སྔགས་ཀྱི་སྟོན་མཆོག་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །མི་བརྗེད་གཟུངས་ཐོབ་དབྱངས་ཅན་མཁར་ཆེན་བཟའ། །བསིལ་ལྡན་ཆོས་ཀྱི་ཤིང་རྟ་ཁྲི་སྲོང་རྗེ། །ལས་ཅན་དག་པའི་འཁོར་ཚོགས་ཉི་ཤུ་ལྔ། །གསོལ་བ་འདེབས་སོ༴ ། སྤྱན་རས་གཟིགས་དངོས་གུ་རུ་ཆོས་ཀྱི་དབང་། །གདམས་པའི་བཀའ་བབས་རིམ་བརྒྱུད་རིག་པ་འཛིན། །འཁོར་ལོའི་མགོན་པོ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ ། དངོས་གྲུབ་མཆོག་སྩོལ་འཕགས་མཆོག་ལྷག་པའི་ལྷ། །ཕྲིན་ལས་གྲོགས་མཛད་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ༴ ། མ་དག་གཟུགས་སྣང་འཕགས་པའི་སྐུ་རུ་སྨིན། །བརྟན་གཡོའི་སྒྲ་སྐད་ཡིག་དྲུག་གདངས་སུ་འཕོ། །ཐ་མལ་འཁྲུལ་རྟོག་ཡེ་ཤེས་འཁོར་ལོར་སད། །འགྲོ་ཁམས་དོང་སྤྲུགས་ཕྲིན་ལས་དབང་འབྱོར་ཤོག །[ཅེས་པའང་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཡང་སྙིང་བཅུད་དྲིལ་གྱི་ཆ་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

p. 244
p. 245

ཧྲཱིཿ ཚོགས་ཁང་བདེ་ཆེན་དབང་གི་ཕོ་བྲང་ཆེར། །ཚོགས་རྫས་འདོད་ཡོན་རྡོ་རྗེའི་དམ་ཚིག་རྫས། །ངོ་མཚར་ཀུན་བཟང་རྣམ་ཐར་སྤྲིན་ཆེན་པོས། །རྩ་བརྒྱུད་བླ་མ་རིག་འཛིན་རྒྱ་མཚོ་དང་། །ཁྱད་པར་གསུང་མཆོག་པདྨ་གར་གྱི་དང་། །འཇིག་རྟེན་མགོན་པོ་ཡང་སྙིང་འདུས་པའི་ལྷ། །ཡབ་ཡུམ་སྲས་འཁོར་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྣང་སྲིད་ཡེ་དག་རྒྱལ་བའི་དཀྱིལ་འཁོར་རྣམས། ། ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་བཟོད་པར་གསོལ། །དག་ཚངས་སོར་ཆུད་དབང་དང་དངོས་གྲུབ་སྩོལ། །ཕྱི་ནང་གསང་བའི་རྐྱེན་ངན་བར་ཆད་སོལ། །ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས་པར་སྤེལ། །བསམ་དོན་མ་ལུས་ལྷུན་གྱིས་འགྲུབ་ནས་ཀྱང་། །མཐོང་ཐོས་དྲན་རེག་གཏན་བདེའི་ས་ལ་སྦྱོར། །ཁམས་གསུམ་འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོད། །[ཅེས་པའང་བླ་མ་ཡེ་ཤེས་རབ་གསལ་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་།

p. 246
p. 247

གུ རུ ས མ ནུ བ ཧ སྱ སྟུ རཱ ཙ ར༴ ཀྲྀ ཡོ དཱི ཙ ལེ ཁཾ ཀུ ལ ཀཾ བི དྱཱ དྷ ར༴ སྱ སུ བ ཧུ ནཱ མ བི ཛ ཧ ར། །
༄༅། །བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

p. 248

བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་ཞེས་བྱ་བ། ཨོཾ་སྭསྟི། རབ་འབྱམས་རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་མི་ཤིགས་དྭངས་མའི་ཐིག་ལེ་གང་། །རྣམ་མང་གདུལ་བྱའི་པད་མཚོར་རྗེས་ཆགས་གང་འདུལ་མཚན་དཔེའི་ཟློས་གར་ནི། །མཁའ་འགྲོ་མ་བཟད་འབར་བའི་སྤྲིན་འཕྲོ་ཇི་སྙེད་དཀྱིལ་འཁོར་འཁོར་ལོས་སྒྱུར། །ཨཽ་ཌི་ཡ་ནའི་མཁན་པོར་ཡོངས་གྲགས་མགོན་དེས་དེང་འདིར་དགེ་ལེགས་སྩོལ། །གང་གི་རིང་ལུགས་ཟབ་གཏེར་གྱི། །ཆོས་མཛོད་བྱ་བའི་སྙིང་པོའི་ཕུལ། །ཟབ་གསང་དགོངས་པ་འདུས་ཆེན་ཞེས། །མཚན་ཙམ་ཐོབ་པའང་དོན་དང་ལྡན། །དེ་ཡི་ཕྲིན་ལས་ཡིད་བཞིན་ནོར། །སྐལ་བཟང་གྲུབ་གཉིས་འདོད་

p. 249

འཇོའི་ཕྱིར། །ཁྲིགས་བསྡེབས་རྒྱལ་མཚན་མངོན་མཐོའི་རྩེར། །མཆོད་ལ་སྙིང་ནས་སྤྲོ་བ་སྐྱེས། །[དེ་ལ་འདིར་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མར་ཡོངས་སུ་གྲགས་པ་གསེར་ཆོས་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་ཉམས་ཆག་སྦྱོང་བ་སྐོང་གི་ཆོ་ག་ཟབ་མོ་ཉིད་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་མཁས་གྲུབ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མ་འཁྲུལ་བར་བཀླག་ཆོག་ཆུ་འབབས་སུ་འགོད་པར་བྱ་བ་ལ་གཉིས་ཏེ། རྟེན་མཆོད་བཤམ་པ་དང་། ཆོ་ག་དངོས་ལ་འཇུག་པའོ། །དང་པོ་ནི། ཉ་སྟོང་ཚེས་བརྒྱད་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་པོའམ་སྐབས་སུ་བབས་པའི་དུས་ནམ་གྱི་ཚེ་ནའང་རུང་སྟེ། །ཤིས་པའི་གནས་སུ་རྩ་བ་གསུམ་གྱི་དམ་ཚིག་གི་བྲིས་སྐུས་མཚོན་སྐུ་གསུང་ཐུགས་ཀྱི་རྟེན་དང་སྤྱན་གཟིགས་ཅི་འབྱོར་པ་དགྲམ། མདུན་དཀྱིལ་

p. 250

སྟེགས་བུ་ཁེབས་ལྡན་ལ་ཚུལ་བཞིན་འདུ་བྱས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མ་འབྱོར་ན་མཎྜལ་དྲིས་བྱུག་པ་ལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་། གང་ལྟར་ཡང་རྩ་གསུམ་ཞི་ཁྲོ་ཆོས་སྐྱོང་གཏེར་སྲུང་དང་བཅས་པའི་གཏོར་མ། མཐའ་སྐོར་དུ་སྨན་གཏོར་རཀྟ་མར་མེ་རྣམས་བརྒྱ་རྩ་ཡན་ཆད་ཀྱི་ཕྲེང་བ་དང་། མེ་ཏོག་ལ་སོགས་པའི་མཆོད་རྫས་ཅི་འབྱོར་པས་བསྐོར། ཉེ་འཁོར་ཀུན་ཏུ་ཚོགས་ཀྱི་ཡོ་བྱད་དང་། རོལ་མོའི་ཁྱད་པར་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་ཞིང་བཀོད་ལེགས་པར་བཤམ། དམིགས་བསལ་སློབ་མ་སྨིན་བྱེད་དང་། རབ་གནས། གཤིན་པོ་རྗེས་འཛིན་སོགས་གཞན་དོན་གཙོ་བོར་བྱ་བའི་སྐབས་སུ་ནི་རྣམ་རྒྱལ་བུམ་པ་ལ་སོགས་པའི་བཅས་གཤོམ་ཉེ་བར་མཁོ་བའི་ཆ་རྐྱེན་གཞན་ཐམས་ཅད་ཀྱང་མཐོང་བརྒྱུད་བཞིན་ཚོགས་པར་བྱའོ། །][གཉིས་པ་ཆོ་ག་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་ལྔ། བསང་ཆུ་སྒྲུབ་པ། སྔོན་གཏོར་གཏོང་བ། མཚམས་བཅད་པ། རྒྱུད་སྦྱོར་བ། མཆོད་རྫས་བྱིན་གྱིས་བརླབ་པའོ། །དང་པོ་བསང་ཆུ་སྒྲུབ་པ་ནི།] བདག་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་ཧེ་རུ་ཀ་དམར་ནག་ཁྲོ་བོའི་ཆས་ཅན་གྲི་གུག་དང་ཐོད་ཁྲག་འཛིན་པའི་སྐུར་གྱུར། དེའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་འཕྲོས་

p. 251

འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྔོ་སངས་ཁྲོ་ཞིང་འཛུམ་པའི་ཉམས་ཅན་རྡོ་རྗེ་དང་བདུད་རྩིའི་བུམ་པ་འཛིན་པ་སྦྲུལ་སྟག་རིན་པོ་ཆེའི་རྒྱན་དང་བཅས་ཏེ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱི་བཞུགས་པའི་སྐུར་གྱུར་[པར་བསམ་ཞིང་།]ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཅེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས།] ཁྲོ་བོ་བདུད་རྩི་འཁྱིལ་བའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་[པར་བསམ་ལ། བདག་གནས་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསངས་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཉིས་པ་སྔོན་གཏོར་གཏོང་བ་ནི། གཏོར་མ་དཀར་དམར་རྒྱན་ལྡན་གཉིས་བཤམ་ལ།] ཨ་མྲྀ་[ཏས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་[བསམ་ཞིང་།] ཨོཾ་ཨཱཿཧཱུྃ་གིས་[བྱིན་གྱིས་བརླབ། གཏོར་མ་དང་པོ་གསེར་སྐྱེམས་བཅས་ཞིང་སྐྱོང་གཞི་བདག་སྤྱི་ལ་འབུལ་ཏེ།] བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ[ས་མགྲོན་སྤྱན་དྲངས།] སྠཱ་ན་པ་ཏི་ཀྵེ་ཏྲ་པ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱོཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དེཾ་བ་ལིནྟ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ།] ཧྲཱིཿ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་དང་༔ དྲི་ཟ་གྲུལ་བུམ་མིའམ་ཅི་

p. 252

ལ་སོགས༔ བདུད་དང་སྲིན་པོ་མ་མོ་གཟེ་སྨན་དང་༔ དམུ་དང་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས༔ ཡུལ་ལྷ་གཞི་བདག་གནས་བདག་གཏེར་བདག་དང་༔ དཀོར་བདག་ལ་སོགས་ལྷ་སྲིན་འབྱུང་པོའི་ཚོགས༔ བཀའ་དང་དམ་ལ་གནས་པའི་དགེ་བསྙེན་རྣམས༔ གཙང་སྦྱར་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ གནོད་ཅིང་གདུག་པའི་བསམ་པ་རབ་ཞི་ནས༔ རྟག་ཏུ་བདག་གི་དགེ་བའི་སྡོང་གྲགས་མཛོད༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདི་དག་ཏུ༔ བདག་གིས་བླ་མེད་བྱང་ཆུབ་མཆོག་སྒྲུབ་ཅིང་༔ སེམས་ཅན་རྣམས་ཀྱི་དོན་རབ་བརྩོན་པ་ལ༔ ཁྱེད་རྣམས་བདག་གི་མཐུན་རྐྱེན་བསྒྲུབ་ཏུ་གསོལ༔ ས་ཡི་ལྷ་མོ་བརྟན་མ་ལ་སོགས་པ༔ ས་བདག་རྗེ་བློན་འཁོར་དང་བཅས་རྣམས་ཀྱང་༔ གཙང་སྦྱར་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ བདག་གི་བསམ་པའི་དོན་འདི་མ་གྲུབ་བར༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ༔ ཁྱེད་ཅག་བསམ་པ་སྒྲུབ་ལ་རེ་བ་སྐོང་༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ [ཅེས་ཕྲིན་ལས་བཅོལ་ཏེ།] བྷུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿ[ས་རང་གནས་སུ་གཤེགས། གཏོར་མ་གཉིས་པ་བགེགས་ལ་བསྔོ་སྟེ།] ཧཱུྃ་ཧྲཱིཿ ཕྱོགས་བཞི་མཚམས་བཞི་སྟེང་འོག་ཐམས་ཅད་དང་༔

p. 253

ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ དབང་ཆེན་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས༔ སྐད་ཅིག་ཡུད་ཙམ་ཅིག་གིས་འདིར་འདུས་ཤིག༔ བདག་གི་བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཨོཾ་བཛྲ་ཌཱ་ཀི་རཱ་ཛ་ཧཱུྃ༔ ཛཿཧཱུྃ་བྃ་ཧོཿ བཛྲ་ཨཾ་ཀུ་ཤ་ཛཿ [ཞེས་མགྲོན་བཀུག]། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱོཿ སརྦ་ཐཱ་ཁཾ་ཨཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཻ་གྲྀཧྞ་དེཾ་ལ་ལིནྟེ་སྭཱ་ཧཱ༔ [ཞེས་ལན་གསུམ་གྱིས་གཏོར་མ་བསྔོ་ལ། བཀའ་བསྒོ་བ་ནི།] ཧཱུྃ་ཧྲཱིཿ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་བཀའ་བྱུང་གིས༔ ཁྲོ་རྒྱལ་འབར་བའི་ཕོ་བྲང་འདེབས་འཚལ་པས༔ འདོད་ཡོན་མཆོད་སྦྱིན་གཏོར་མ་འདི་སྣམས་ལ༔ ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ བདག་ཉིད་ཁྲོ་རྒྱལ་དབང་ཆེན་རབ་ཁྲོས་ནས༔ ལུས་སེམས་མ་ལུས་བརླག་པར་གདོན་མི་ཟ༔ [ཞེས་དང་ཧཱུཾ་བཞིའི་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་བསྐྲད། གསུམ་པ་མཚམས་བཅད་པ་ནི།]ཧཱུྃ་ཧྲཱིཿ ཡེ་ཤེས་རོལ་པ་དབང་གི་དཀྱིལ་འཁོར་ནི༔ ཡེ་ནས་རྣམ་དག་ལྷ་ཡི་རང་བཞིན་ལ༔ བདུད་བགེགས་ལོག་འདྲེན་བར་གཅོད་མིང་

p. 254

ཡང་མེད༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དེ་བ་ཌཱཀི་ནཱི༔ ཤུ་ཛྙཱ་ན་མ་ཧཱ་རཀྵ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ ཧྲཱིཿ ས་བོན་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་འཕྲོས༔ དཀར་སེར་དམར་ལྗང་རབ་ཏུ་འཁྲུགས་པ་ལས༔ འཁོར་ལོ་རྡོ་རྗེ་པདྨ་རལ་གྲི་དང་༔ རིན་ཆེན་འབར་བ་ཁ་ཊྭཱཾ་བེ་ཅོན་བཅས༔ གཏུན་ཤིང་མདའ་དང་ཆུ་གྲི་ཐོ་བའི་ཚོགས༔ ས་ཆུ་མེ་རླུང་སྤུ་གྲི་རེག་ཆོད་ངར༔ ནམ་མཁའ་སྔོ་སངས་གདོད་ནས་དག་པའི་གུར༔ ཁྲོ་རྒྱལ་འབར་བའི་གུར་ཁང་འཁྲིགས་པ་ལ༔ རླུང་ཡང་འགྱུར་བའི་སྐབས་ནི་མ་མཆིས་ན༔ བགེགས་དང་ལོག་འདྲེན་བདུད་རྣམས་སྨོས་ཅི་དགོས༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དེ་བ་ཌཱ་ཀི་ནི༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡཿབཛྲ་མ་ཧཱ་ཀྲོ་ངྷ་རཀྵ་རཀྵ་ཧཱུཾ༔ [ཞེས་མཚམས་བཅད་དོ། །][བཞི་པ་རྒྱུད་སྦྱོང་བ་ནི།] རང་གི་སྙིང་གའི་འོད་ཀྱིས་བསྐུལ་བས་བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤུང་གིས་བྱོན་པར་[མོས་ལ།] ཀྱེ་ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབས་པའི་མགོན་དང་དཔུང་མཛོད་ཅིག༔ དུས་འདི་ནས་བཟུང་རྫོགས་སངས་མ་རྒྱས་པར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་

p. 255

འབུལ༔ ཉམས་ཆག་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང་༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སྔོན་གྱི་རྒྱལ་བའི་མཛད་པ་རྨད་བྱུང་ལྟར༔ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ [ཅེས་ལན་གསུམ་གྱིས་ཚོགས་བསགས་པའི་མཐར་ཚོགས་ཞིང་རང་ལ་བསྡུ།] [ལྔ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི།] ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཕྱི་ནང་གསང་བའི་མཆོད་པ་འདི་དག་དང་༔ སྨན་དང་རཀྟ་གཏོར་མར་བཅས་པ་རྣམས༔ ཡེ་ནས་རང་བྱུང་དག་པར་ལྷུན་གྲུབ་ཕྱིར༔ བསང་སྦྱང་བྱིན་རླབས་མཚན་མའི་མཐའ་ལས་འདས༔ འོན་ཀྱང་ཀུན་རྫོབ་སྒྱུ་མའི་བག་ཆགས་རྣམས༔ རྣམ་འཕྲུལ་རོལ་པས་བསང་ཞིང་བྱིན་གྱིས་བརླབ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་མེ་ཡིས་ཉོན་མོངས་བག་ཆགས་བསྲེག༔ སྐྱོད་བྱེད་རླུང་གིས་མཚན་འཛིན་བག་རྡུལ་གཏོར༔ དག་བྱེད་ཆུ་ཡིས་ཀུན་རྫོབ་དྲི་མ་འཁྲུ༔ བསྲེགས་གཏོར་བཀྲུས་པས་རྟོག་པའི་སྐྱོན་དང་བྲལ༔ རཾ་སྥ་ར་ཎ་ཕཊ༔ ཡཾ་སྥ་ར་ཎ་ཕཊ༔

p. 256

ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ནི་སྤེལ་བྱེད་སྐུ་ཡི་ཡིག་འབྲུར་གསལ༔ ཨཱཿནི་སྦྱོང་བྱེད་གསུང་གི་ཡིག་འབྲུར་གསལ༔ ཧཱུྃ་ནི་སྒྱུར་བྱེད་ཐུགས་ཀྱི་ཡིག་འབྲུར་གསལ༔ དཔག་མེད་རྣམ་དག་ཡེ་ཤེས་ཆེན་པོར་གྱུར༔ སྐུ་གསུང་ཐུགས་མཆོག་ཨོཾ་དང་ཨཱཿཧཱུྃ་གིས༔ སྣོད་བཅུད་རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུར་ལྡན༔ ཨོཾ་ཨཱཿཧཱུྃ༔ ཨོཾ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ ཨཱཿརྣམ་དག་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ནུས་བཅུད་ལྡན༔ ཧོཿ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨོཾ་ཨཱཿཧཱུྃ་ཧོཿབཛྲ་ཨརྒྷཾ༔ པུཥྤེ༔ ངྷུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་ཝི་དྱ༔ ཤཔྡ༔ ཨོཾ་ཨཱཿཧཱུྃ༔ རཱུ་པ༔ ཤཔྡ༔ གྷནྡྷེ༔ ར་ས༔ སྤརྴེ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས༔ རཀྟ༔ ཀེཾ་ནི་རི་ཏི༔ བ་སུ་ཏ༔ ཙིཏྟ༔ ཨོཾ་ཨཱཿཧཱུྃ༔ བོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་ངྷཱ་ཏུ་ཨཱཿ ཧྲཱིཿ བྷནྡྷ་ཁོར་ཡུག་བདུད་རྩིའི་སྣོད་ཆེན་པོར༔ དུག་ལྔ་དབྱིངས་སྒྲོལ་རང་བྱུང་ཡེ་ཤེས་རྫས༔ ཟག་མེད་བདེ་ཆེན་ལྷུན་གྲུབ་བདུད་རྩིར་འཁྱིལ༔ ལྷ་རྣམས་དགྱེས་པ་སྐོང་བའི་བཅུད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ༔ [ལན་གསུམ།] ཨཱཿ དབྱིངས་ཀྱི་རང་བཞིན་སྟོང་ཉིད་ཀ་པཱ་ལར༔ ཡེ་ཤེས་ཆེན་པོ་བདེ་བའི་རཀྟ་མཆོག༔

p. 257

དབྱིངས་དང་ཡེ་ཤེས་བདེ་སྟོང་དམར་འོད་འདྲེས༔ ཁུ་བ་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུག༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ།] ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པའི་གཞོང་པ་རུ༔ བཅུད་ཀྱི་སྐྱེ་འགྲོ་བ་ལིང་ཆེན་པོར་སྦྱར༔ རྒྱུ་རྐྱེན་རྟེན་འབྲེལ་ནུས་པས་བྱིན་བརླབས་ནས༔ ཀུན་རྫོབ་མཚན་མའི་བག་ཆགས་སྐྱོན་དང་བྲལ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིང་ཏ་བྷ་དྲ་བ་ལིང་ཏེ་སྭཱ་ཧཱ༔ [ལན་གསུམ། ཞེས་བྱིན་བརླབ་བོ། །][སྤྱི་དོན་གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད་བསྙེན་པའི་རྣལ་འབྱོར། མདུན་བསྐྱེད་སྒྲུབ་པའི་རྣལ་འབྱོར། ཉམས་བཤགས་སྐོང་བའི་རྣལ་འབྱོར་རོ། །དང་པོ་བདག་བསྐྱེད་བསྙེན་པའི་རྣལ་འབྱོར་ལའང་བརྒྱད། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་སྤྱན་འདྲེན་པ། བཞུགས་སུ་གསོལ་བ༴ དབང་བསྐུར་བ། དབང་བསྐུར་བ། ཕྱག་འཚལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཛཔྲ་བཟླ་བའོ། །དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ། ཐོག་མར་རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ་ནི།] ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན༔ སྟོང་ཞིང་བདག་མེད་ནམ་མཁའ་ལྟ་བུ་ལ༔ བྱེད་སྤྱོད་བླང་དོར་འཛིན་པའི་མཐའ་ལས་འདས༔ དེ་བཞིན་ཉིད་དུ་པདྨ་རྒྱལ་པོས་སྨྲ༔ ཨོཾ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་སཾ་བྷ་ཝ་ཧཱུྃ༔ དེ་ལྟར་མ་རྟོགས་འཁྲུལ་པར་

p. 258

གྱུར་པ་ཡིས༔ ལྟར་སྣང་སྐྱེ་འགྲོའི་འགྲོ་བ་ཉོན་རེ་མོངས༔ བཟོད་མེད་གདུང་བའི་བློ་ཡིས་རབ་བཟུང་སྟེ༔ ཀུན་སྣང་ཙམ་དུ་བདག་གིས་བསྒྲལ་བར་བགྱི༔ དྷརྨ་དྷཱ་ཏུ་སཾ་བྷཱ་ཝ་ཧཱུྃ༔ ཧྲཱིཿ དོན་དམ་དབྱིངས་ལས་འབར་བའི་ཆོ་འཕྲུལ་ཤར་༔ སྣ་ཚོགས་སྤྲུལ་པས་གར་བྱེད་གློག་ལྟར་འཁྱུག༔ རྒྱུ་ཡི་ཧེ་རུ་དམར་གསལ་མེ་འོད་འཕྲོ༔ ཐུགས་རྗེའི་ཞལ་ཕྱག་རྣམ་འགྱུར་བསམ་མི་ཁྱབ༔ ཙིཏྟ་པདྨ་བཛྲ་ཧཱུྃ༔ [དེ་ལས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རིམ་བཞིན་གསལ་གདབ་པ་ནི།] བྷྲཱུྃ༔ འབྱུང་བ་མེད་རླུང་འཁྲུགས་པའི་ཕོ་བྲང་དབུས༔ ཟླ་གམ་དབང་ཆེན་འབར་བའི་ཀློང་དཀྱིལ་དུ༔ གདལ་ཁྱབ་ལྤགས་པས་རབ་གཡོགས་ཀེང་རུས་མཁར༔ ཤ་ཁྲག་ཕུང་པོ་འདུས་པའི་གཞལ་ཡས་ཁང་༔ དབང་པོ་སྒོ་བཞི་ཉི་ཟླའི་སྐར་ཁུང་ཅན༔ ཡན་ལག་རྟ་བབ་སྐྲ་ཡི་བ་དན་འཕྱར༔ རྩ་རྒྱུས་དྲྭ་བ་རྒྱུ་མའི་ཕྲེང་ལུང་མཛེས༔ ཙིཏྟའི་ཕོ་ལོང་ཞིང་གི་གཡང་གཞི་བྲེས༔ ཐོད་པ་ཚང་ཁང་སྤྱི་གཙུག་ཕྱུར་བུའི་ཏོག༔ བདེ་དྲོད་མེ་དཔུང་འཁྲིགས་པའི་དཀྱིལ་ཡངས་ན༔ རྣམ་ཤེས་འདབ་བརྒྱད་གདལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་གེ་སར་སྟེང་༔ ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ༔ སྣང་བའི་ངོ་བོ་པདྨ་བཛྲ་རྩལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་ཚུལ༔ དམར་

p. 259

མཐིང་དཀར་དང་ཞི་ཁྲོ་ཕྱེད་མའི་ཞལ༔ གཡས་གསུམ་རྡོ་རྗེ་རལ་གྲི་བདུད་རྩི་གསུམ༔ དྲིལ་བུ་བྷནྡྷ་ཁ་ཊྭཱཾ་གཡོན་གསུམ་ཕྱག༔ སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ༔ དམར་མོ་ཌཱ་རུ་དུང་དམར་གཡས་གཡོན་འཁྱུད༔ ཡབ་ཡུམ་གཉིས་མེད་རུས་རྒྱན་དུར་ཁྲོད་ཆས༔ གར་དགུའི་ཉམས་ལྡན་བདེ་སྟོང་ལྷན་ཅིག་རོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿ ངྷུ་མགྷ་ཡེ་ཌཱ་ཀི་ནཱི་ན་མ་སྭཱ་ཧཱ༔ ཧྲཱིཿ ཐབས་ཤེས་ཡབ་ཡུམ་བདེ་རོལ་ཆོ་འཕྲུལ་ལས༔ ཅིར་ཡང་སྤྲུལ་པའི་ལྷ་ཚོགས་བསམ་མི་ཁྱབ༔ ཞི་དང་ཁྲོ་ཚུལ་རྣམ་འགྱུར་བརྗོད་འདས་ཀྱང་༔ རང་སྣང་བློ་ཡི་མོས་པས་གང་འདོད་གསལ༔ ཧྲཱིཿ ཉོན་མོངས་ཚར་གཅོད་ཁྲོ་རྒྱལ་འབར་བ་དང་༔ ཐུགས་རྗེས་འགྲོ་འདུལ་ཞི་ཚུལ་མཛེས་པའི་སྐུ༔ ཡབ་ཡུམ་སྲས་འཁོར་བཀའ་ཉན་བཅས་པ་སྟེ༔ གདངས་གསལ་མ་འགགས་རོལ་པའི་ཚུལ་བཞིན་བསྐྱེད༔ ཧྲཱིཿ ཕྱོགས་དང་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང་༔ བུདྡྷ་ཐོད་ཕྲེང་དཀར་སྔོ་དམར་བའི་ཞལ༔ འཁོར་ལོ་རྡོ་རྗེ་རྩེ་དགུ་ཞིང་དབྱུག་གཡས༔ བུམ་པ་དྲིལ་བུ་ཞགས་པ་གཡོན་གསུམ་ཕྱག༔ དབྱིངས་ཕྱུག་སྔོན་མོ་རྒྱལ་མཚན་དུང་དམར་སྟོབ༔ མི་བསྐྱོད་རྡོ་རྗེ་སེར་

p. 260

དཀར་དམར་བའི་ཞལ༔ གཡས་གསུམ་རལ་གྲི་མདུང་ཐུང་ཐོད་དབྱུག་འཕྱར༔ སྟོང་གི་འཇིག་རྟེན་མེ་རླུང་གཡོན་གསུམ་ཕྱག༔ བདེ་དབྱིངས་དམར་སེར་ཆོས་འབྱུང་དུང་དམར་སྟོབ༔ པདྨ་དབང་ཆེན་དམར་དཀར་མཐིང་བའི་ཞལ༔ གཡས་གསུམ་ཕྲེང་བ་རྔ་ཡང་ལྕགས་ཀྱུ་འཛིན༔ པད་སྡོང་གའུ་དབང་ཞགས་གཡོན་གསུམ་ཕྱག༔ རིག་བྱེད་དམར་སྐྱ་ཌཱ་རུ་ཐོད་ཁྲག་སྟོབ༔ རིག་འཛིན་ཐོད་རྩལ་ལྗང་དཀར་དམར་བའི་ཞལ༔ རྡོ་རྗེ་འཁོར་ལོ་རལ་གྲི་གཡས་གཡོན་ཕྱག༔ གཡོན་གསུམ་དྲིལ་བུ་ཞགས་པ་ཕུར་བུ་འཛིན༔ ཉི་ཟླ་དམར་མོ་ཐོད་ཕྲེང་གའུ་འཁྱུད༔ མདོག་དམར་མེ་ཕྲེང་གཡས་དཀར་གཡོན་ལྗང་ཞལ༔ རྡོ་རྗེ་རྩེ་ལྔ་ཐོ་ཟླུམ་མེ་དཔུང་གཡས༔ ཐོད་ཁྲག་སྡིག་པ་བམ་ཆེན་གཡོན་གསུམ་ཕྱག༔ སྲིད་པ་དམར་མོ་ཐོ་བ་བྷནྡྷ་འཁྱུད༔ སངས་རྒྱས་དཔའ་བོ་མཐིང་དཀར་དམར་བའི་ཞལ༔ འཁོར་ལོ་ཟླ་བ་མེ་དཔུང་གཡས་གསུམ་ཕྱག གཡོན་གསུམ་གཤོལ་མདའ་ཉི་མ་རླུང་ནག་བསྣམས༔ དཔའ་མོ་དཀར་མོ་འཁོར་ལོ་བདུད་རྩི་སྟོབ༔ རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ༔ གཡས་གསུམ་ཁ་ཊྭཱྃ་རྡོ་རྗེ་སྦྲུལ་ཞགས་འཛིན༔ ཐོད་ཁྲག་དྲིལ་བུ་ལྕགས་སྒྲོག་གཡོན་གསུམ་ཕྱག༔ ཅ་ཏི་

p. 261

སྨུག་ནག་ཏྲི་ཤུལ་དུང་དམར་སྟོབ༔ ལག་ན་རྡོ་རྗེ་མཐིང་ནག་དཀར་དམར་ཞལ༔ རྡོ་རྗེ་གྲི་གུག་སྦྲུལ་ཞགས་གཡས་གསུམ་ཕྱག༔ གཡོན་གསུམ་དྲིལ་བུ་ཐོད་ཁྲག་པདྨ་བསྣམས༔ གསང་དབྱིངས་དམར་མོ་ཁ་ཊྭཱྃ་བྷན་དམར་སྟོབ༔ ཀུན་ཀྱང་ཡབ་ཡུམ་རུས་རྒྱན་དུར་ཁྲོད་ཆས༔ ཡབ་རྣམས་ཞབས་བཞི་དོར་སྟབས་བདུད་བཞི་མནན༔ ཡུམ་རྣམས་དཔལ་ཆེན་ཡབ་ཀྱི་སྐེད་ལ་འཁྱུད༔ རྣམ་འཕྲུལ་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་ཚོགས༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་དུ་མ་སྟེ༔ གཅིག་ཏུ་མ་ངེས་ཆོ་རོལ་སྣ་ཚོགས་སྟོན༔ སྣང་སྟོང་མ་འགགས་ལྷན་ནེ་ལྷང་ངེར་གསལ༔ བུངྔྷ་ཐོད་ཕྲེང་རྩལ༔ བཻ་རོ་ཙ་ན་ཨོཾ༔ སརྦབུངྔྷ་ཌཱ་ཀི་ནཱི་ཧཱུྃ༔ ཨཀྵོ་བྷྱ་བཛྲ༔ སུ་ཁ་ངྷ་རི་ཧཱུྃ༔ པདྨེ་བྷ་ཤ་ཧ༔ ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཨ་ཙ་རྱ་མ་ཧཱ་བཛྲ་ཤིནྟཾ་པདྨ་གྷ་རུ་ཏི་བྷྱོ༔ ཌཱ་ཀི་ནཱི་ཧཱུྃ༔ ཨར་ཙིག་ནིར་ཙིག་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བུངྔྷ་ཀ་པ་ལི་དཔའ་བོ་ཧཱུྃ༔ བུངྔྷེ་ཕྲ་ཌཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ༔ བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ༔ མ་མ་ཨེ་ཀ་ཙ་ཏི་ཧཱུྃ༔ བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་མ་མ་སིངྔྷི་ཧཱུྃ༔ ཧྲཱིཿ སྟོད་སྨད་བར་ཁྱམས་བ་སྤུའི་གྲོང་ཁྱེར་དུ༔ དཔའ་བོ་དཔའ་མོ་ལ་སོགས་བསམ་མི་ཁྱབ༔ རྣམ་འགྱུར་ཆ་

p. 262

ལུགས་ཅིར་ཡང་སྟོན་བྱེད་ཅིང་། མ་འགགས་ལྷུན་གྲུབ་རོལ་པའི་ཚུལ་དུ་གསལ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ༔ [གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི།] དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི། །སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན། །མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན༔ ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །ནམ་མཁའ་གང་བ་བཛྲ་ས་མཱ་ཛཿ [ཞེས་སྤོས་བསྲེག་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ།] ཧཱུྃ་ཧྲཱིཿ རང་བྱུང་ཐུགས་རྗེ་མ་འགགས་རོལ་པའི་སྐུ༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་༔ གློ་བུར་འགྲོ་བློའི་མོས་པའི་སྣང་ཚུལ་དུ༔ རྩལ་སྣང་དབྱིངས་ལས་རོལ་ཞིང་གཤེགས་སུ་གསོལ༔ རྣམ་དག་ཨོ་རྒྱན་བཀོད་པའི་ཕོ་བྲང་ནས༔ པདྨ་བཛྲ་འཁོར་བཅས་གཤེགས་སུ་གསོལ༔ ཤར་ཕྱོགས་ཕོ་བྲང་རི་བོ་ཏཱ་ལ་ནས༔ བུངྔྷ་ཐོད་ཕྲེང་འཁོར་དང་བཅས་གཤེགས་སུ༴ ལྷོ་ཕྱོགས་གྱད་མཁར་བརྩེགས་པའི་ཕོ་བྲང་ནས༔ པདྨ་བཛྲ་འཁོར་བཅས་གཤེགས་སུ་གསོལ༔ ཤར་ཕྱོགས་ཕོ་བྲང་རི་བོ་ཏཱ་ལ་ནས༔ བུངྔྷ་ཐོད་ཕྲེང་འཁོར་བཅས་གཤེགས་སུ༴ ལྷོ་ཕྱོགས་གྱད་མཁར་བརྩེགས་པའི་ཕོ་བྲང་ནས༔ མི་བསྐྱོད་རྡོ་རྗེ་འཁོར་བཅས༴ ནུབ་ཕྱོགས་སོ་ས་གླིང་གི་ཕོ་བྲང་ནས༔ པདྨ་དབང་ཆེན་འཁོར་བཅས༔ བྱང་ཕྱོགས་མ་ག་ངྷ་ཡི་ཕོ་བྲང་ནས༔ ཐོད་པ་རྩལ་ཆེན་འཁོར་

p. 263

བཅས༴ ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ དྲག་པོ་མེ་ཕྲེང་འཁོར་བཅས༴ ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས༔ དཔའ་བོ་ཐོད་དུམ་འཁོར་བཅས༴ ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་ནས༔ དཔལ་ཆེན་རྟ་མགྲིན་འཁོར་བཅས༴ བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ལག་ན་རྡོ་རྗེ་འཁོར་བཅས༴ ཀུན་ཀྱང་མ་འགགས་ཆོ་རོལ་སྤྱོད་པའི་ཚུལ༔ གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་དག༔ ཆོ་འཕྲུལ་དུ་མས་རོལ་ཅིང་གཤེགས་སུ་གསོལ༔ འཁོར་གྱི་ཌཱ་ཀི་ཤུགས་འགྲོའི་ཚོགས་རྣམས་ཀུན༔ དོན་གྱི་དབྱིངས་ལ་ལྷུན་གྲུབ་གཅིག་མོད་ཀྱང་༔ གནས་སྐབས་ཡུལ་དོན་བྲན་གྱི་ཚུལ་སྣང་ཞིང་༔ མཐུ་སྟོབས་རྩལ་ལྡན་ནུས་པའི་ཤུགས་དང་བཅས༔ བདག་སོགས་མོས་པའི་བུ་ལ་རབ་དགོངས་ནས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཐུགས་རྗེ་བརྩེ་བས་གནས་འདིར་གཤེགས་ནས་ཀྱང་༔ དཀྱིལ་འཁོར་ཆེན་པོའི་ལུས་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་མཆེད་ལྕམ་ངག་ལ་དབང་ཞིག་སྐུར༔ བརྒྱུད་འཛིན་མོས་པའི་སེམས་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་སྩོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི༔

p. 264

ཧྲཱིཿ མ་ཧ་རི་ནི་ས་ར་ཙ་ཧྲི་ཡཿ ཨེ་ཨཱ་རལླི༔ ཧྲིཾ་ཧྲིཾ༔ ཕེཾ་ཕེཾ༔ ཛཿཧཱུྃ་བྃ་ཧོཿ [གསུམ་པ་དམ་ཡེ་དབྱེར་མེད་དུ་བཞུགས་སུ་གསོལ་བ་ནི།] ཧཱུྃ་ཧྲཱིཿ སྒྱུ་ལུས་ཕོ་བྲང་བཀོད་པའི་གཞལ་ཡས་འདིར༔ བཞུགས་པའི་དུར་ཁྲོད་ལྷུན་གྲུབ་ཉམས་རེ་དགའ༔ ཕོ་བྲང་རིན་ཆེན་དམ་པ་བྱིན་རེ་ཆགས༔ དབང་ཆེན་འདབ་བརྒྱད་པདྨ་མདངས་དང་ལྡན༔ ཐབས་ཤེས་ཉི་ཟླ་བརྩེགས་པ་འོད་ཟེར་འཕྲོ༔ རང་རང་བཞུགས་པའི་གདན་ཁྲི་ཡངས་པའི་སྟེང་༔ ལྷ་རྣམས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཐུགས་རྗེའི་འཕྲོ་འདུའི་རོལ་པ་གཏན་ལ་ཕོབ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི༔ ཙིཏྟ་བཛྲ་ཛྙཱ་ན་པདྨ་ཀ་མ་ལཱ་ཡེ་སྟྭཾ༔ [བཞི་པ་དབང་བསྐུར་ཞིང་རྒྱས་གདབ་པ་ནི།] ཧྲཱིཿ རིགས་མཆོག་དག་པ་འོད་དཔག་མེད་པའི་སྐུ༔ རྒྱལ་ཚབ་དམ་པར་དབང་མཛད་བཅོམ་ལྡན་འདས༔ རིགས་ལྔ་ཡུམ་ལྔའི་ཚོགས་དང་བཅས་རྣམས་ཀྱིས༔ བྱིན་རླབས་དབང་བསྐུར་དམ་པ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཏུ་མཾ༔ ཧྲཱིཿ ལྷུན་གྲུབ་རྒྱལ་བ་བཅོམ་ལྡན་འདས༔ རིགས་ལྔ་ཡུམ་ལྔའི་ཚོགས་དང་བཅས་རྣམས་ཀྱིས༔ བྱིན་རླབས་དབང་བསྐུར་དམ་པ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཏུ་མཾ༔ ཧྲཱིཿ ལྷུན་གྲུབ་རྒྱལ་བ་དམ་ཚིག་སེམས་དཔའི་སྐུ༔ ཐུགས་རྗེའི་སྤྲུལ་པ་ཡེ་ཤེས་སེམས་དཔའི་ཚོགས༔ གདོད་ནས་གཉིས་མེད་གདལ་བའི་ཀློང་ཡངས་སུ༔ ཆུ་ལ་ཆུ་བཞག་ལྟ་བུར་ཨེ་མ་ཧོ༔ མ་དག་ལྟར་

p. 265

སྣང་གཉིས་འཛིན་འཁྲུལ་པའི་བློ༔ ཕན་ཚུན་སོ་སོ་མཚན་མ་རང་གར་བཟུང་༔ དེང་ནས་དབྱེར་མེད་དུ་མ་རོ་གཅིག་ཏུ༔ དོན་གྱི་དབྱིངས་ལས་འདའ་བར་མི་བགྱིད་དོ༔ ཨོཾ་མ་ཧཱ་ཤུ་ཛྙཱ་ན་ས་མ་ཡ་ཧཱུྃ༔ ས་མ་ཡ་སྟྭཾ༔ ར་ཧོ་ཧཾཿ [ལྔ་པ་ཕྱག་འཚལ་བ་ནི།] ཨེ་མ་ཧོཿ ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཅིང་༔ ལོངས་སྐུ་གསལ་མདངས་མ་འདྲེས་སོ་སོར་སྟོན༔ སྤྲུལ་སྐུ་གང་ལ་ཅིར་འདལ་ཕྲིན་ལས་བདག༔ སྐུ་གསུང་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ལོངས་སྐུ་ཁྲོ་ཚུལ་ལོག་འདྲེན་གདུག་པ་འདུལ༔ སྤྲུལ་སྐུ་རྣམ་འགྱུར་དུ་མའི་ཆ་ལུགས་ཅན༔ ཡི་དམ་དཀྱིལ་འཁོར་ལྷ་ལ་ཕྱག༴ ཆོས་སྐུ་སྟོང་ཉིད་དཔའ་མོ་ཡུམ་གྱི་མཁའ༔ ལོངས་སྐུ་བདེ་ཆེན་དཔའ་བོ་ཡབ་ཀྱི་དབྱིངས༔ བདེ་སྟོང་མཁའ་དབྱིངས་འཁོར་བཅས་སྤྲུལ་པའི་ཚོགས༔ ཡི་དམ་དཀྱིལ་འཁོར་ལྷ་ལ་ཕྱག༴ ཆོས་སྐུ་སྟོང་ཉིད་དཔའ་མོ་ཡུམ་གྱི་མཁའ༔ ལོངས་སྐུ་བདེ་ཆེན་དཔའ་བོ་ཡབ་ཀྱི་དབྱིངས༔ བདེ་སྟོང་མཁའ་དབྱིངས་འཁོར་བཅས་སྤྲུལ་པའི་ཚོགས༔ ཆོ་འཕྲུལ་སྲས་བཅས་རྣམས་ལ་ཕྱག་འཚལ་ལོ༔ ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི༔ ངྷརྨ་ཀཱ་ཡ༔ སམྦྷི་ཀཱ་ཡ༔ ནིརྨཱ་ཀཱ་ཡ༔ ནིརྨཱ་ཀཱ་ཡ༔ ཨ་ཏི་པཱུ་ཧོཿ [དྲུག་པ་མཆོད་པ་འབུལ་བ་ལ། ཕྱི་ནང་གསང་མཆོད་ནི།] ཧཱུྃ་ཧྲཱིཿ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་

p. 266

ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་མཆོད་རྣམ་དག་རྒྱལ་བ་རྣམས་ལ་འབུལ༔ ལྷ་མིའི་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ༔ རང་བྱུང་ནང་མཆོད་ཀུན་བཟང་སྤྲིན་ཕུང་ལྟར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་ཤ་ཁྲག་རུས་པ་ནང་རོལ་ཏེ༔ ཙིཏྟར་བཅས་རྣམས་དུག་ལྔ་ཕུང་པོའི་རྫས༔ གསང་མཆོད་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ ཡབ་ཡུམ་གཉིས་མེད་མཁའ་གསང་རོལ་པ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་བཅུད་འཕྲོ་ཞིང་༔ བདེ་སྟོང་ལྷན་ཅིག་སྐྱེས་སྦྱོར་མཉམ་གནས་པ༔ བླ་མེད་མཆོད་པ་རང་སྣང་ལྷ་ལ་འབུལ༔ ཨོཾ་ཨཱ༔ ཧཱུྃ༔ བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤཔྡ་པཱུ་ཛ་ཧོཿ རཱུ་པ་ཤཔྡ་གྷནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོཿ མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོཿ བོངྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ [སྨན་མཆོད་ནི།] ཧཱུྃ་ཧྲཱིཿ བྷནྡྷ་ཁོར་ཡུག་ཡངས་པའི་སྣོད་ཆེན་དུ༔ དབྱིངས་དང་ཡེ་ཤེས་གཉིས་སྦྱར་བདུད་རྩིའི་མཆོག༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྒྱུ་དྲུག་རྐྱེན་བཞི་བདུད་རྩི་རཱ་ས་ཡན༔

p. 267

རང་བྱུང་འདུས་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཐུགས་རྗེའི་རྩལ་མདངས་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི༴ ཨོཾ་ཨཱཿཧཱུྃ༔ སརྦ༴ མ་འགགས་སྤྲུལ་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག༴ ཨོཾ་ཨཱཿཧཱུྃ༔ སརྦ༴ མོས་པའི་བློས་བཟུང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག༴ ཨོཾ་ཨཱཿཧཱུྃ༔ སརྦ༴ འདུས་བྱས་ལྟར་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག༴ ཨོཾ་ཨཱཿཧཱུྃ༔ སརྦ༴ དམ་ཚིག་གཉན་གྱི་སྲུང་མ་ཐམས་ཅད་ལ༔ རྣམ་དག༴ ཨོཾ་ཨཱཿཧཱུྃ༔ སརྦ༴ འཁོར་འདས་ལྷ་དང་འགྲོ་བ་ཐམས་ཅད་ལ༔ རྣམ་དག༴ ཨོཾ་ཨཱཿཧཱུྃ༔ སརྦ༴ [རཀྟའི་མཆོད་པ་ནི།] ཧཱུྃ་ཧྲཱིཿ དུང་ཆེན་སྣོད་དུ་དམར་ཆེན་རྦ་རླབས་འཕྱོ༔ རྟེན་འབྲལེ་བཅུ་གཉིས་རཀྟའི་བ་གམ་འཁྲིགས༔ གུ་ཧྱ་མཱུ་ལ་རཀྟར་བཅས་པ་རྣམས༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ [གཏོར་མའི་མཆོད་པ་ནི།] ཧཱུྃ་ཧྲཱིཿ དབྱིངས་རིག་མ་བུའི་བྱུར་འདྲེ་རབ་བསྒྲལ་ཏེ༔ གཉིས་སྣང་རྟོགས་པའི་བཅུད་ཆེན་གཏོར་མར་སྦྱར༔ འཕྲོ་འདུའི་རླངས་ལས་སྣ་ཚོགས་

p. 268

རྒྱུ་རྐྱེན་འདུས༔ དཀར་སེར་དམར་ལྗང་མཐིང་ནག་འོད་ཟེར་འཕྲོ༔ ཁ་མངར་སྐྱུར་ཚོགས་རོ་བཅུད་ནུས་པར་ལྡན༔ ཚོགས་དྲུག་ཡུལ་སྣང་གཏོར་མའི་བརྗིད་ལྡན་འདིས༔ ཆོ་འཕྲུལ་དུ་མས་བསྲེགས་སྦྱངས་བཀྲུས་ཤིང་བསྒྱུར༔ རྣམ་དག་བདུད་རྩིའི་ཞལ་ཟས་ཆེན་པོ་སྟེ༔ ཡེ་ཤེས་རབ་འབྱམས་མཆོད་པ་ཆེན་པོའི་རྫས༔ བྱིན་རླབས་མཁྱེན་ལྡན་རྩ་བརྒྱུད་བླ་མ་དང་༔ རང་སྣང་རྣམ་དག་ཡི་དམ་ལྷ་ཡི་ཚོགས༔ སྤྲུལ་པའི་འགྲོ་འདུལ་མཁའ་འགྲོ་ཆོས་སྐྱོང་ལ༔ མཆོད་པར་འབུལ་གྱིས་བླང་དོར་མེད་པར་བཞེས༔ འདུས་བྱས་རྫས་སྦྱར་སྣོད་བཅུད་ཕུན་སུམ་ཚོགས༔ ཚོགས་གཉིས་སྤེལ་བྱེད་རྒྱུ་རྐྱེན་གཏོར་མ་འདི༔ མཛེས་པའི་དཀར་ཐིག་དམར་ཐུར་བདུད་རྩིས་བརླན༔ སྣ་ཚོགས་ཅོད་པན་ལྡིང་གུར་བརྗིད་ལྡན་ཕུབ༔ འདོད་ཡོན་ལོངས་སྤྱོད་བཟའ་བཏུང་སྦྲན་པ་འདི༔ བླ་མ་རྣམས་དང་ཡི་དམ་མཁའ་འགྲོའི་ཚོགས༔ དཔའ་བོ་དཔའ་མོ་དམ་ཅན་ཆོས་སྐྱོང་དང་༔ མཆོད་འོས་བཀའ་སྡོད་སྲུང་མར་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་སུ་གསོལ༔ དགྱེས་ཤིང་རོལ་པ་ཆེན་པོར་བཞེས་ནས་ཀྱང་༔ བདག་གཞན་འགྲོ་བས་ཇི་ལྟར་འདོད་པ་ཡི༔ དོན་འབྲས་མྱུར་དུ་

p. 269

གྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི༔ མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ [བདུན་པ་བསྟོད་པ་བྱ་བ་ནི།] ཧཱུྃ་ཧྲཱིཿ ཐུགས་རྗེ་རོལ་པ་དབང་གི་དཀྱིལ་འཁོར་འདིར༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ [འགྲོ་བ་ཡོངས་ཀྱི་དཔལ་མགོན་ཨོ་རྒྱན་རྗེ༔]པདྨ་བཛྲ་རྩལ་ལ་ཕྱག་འཚལ་བསྟོད༔ དོན་གྱི་དབྱིངས་ལ་ཆ་ལུགས་ལས་འདས་ཀྱང་༔ གདུལ་བྱའི་མོས་བློའི་སྣང་ཚུལ་ཇི་བཞིན་དུ༔ རྣམ་འགྱུར་དུ་མས་ཕྲིན་ལས་གཞན་དོན་མཛད༔ རྒྱན་དང་ཆ་ལུགས་རྫོགས་ལ་ཕྱག་འཚལ་བསྟོད༔ དཔལ་ཆེ་འབར་བའི་ཐུགས་དམ་གནད་བསྐུལ་ཞིང་༔ དགའ་བཞིའི་ཡེ་ཤེས་བསྐྱེད་པའི་རྣལ་འབྱོར་མ༔ མནྡ་ར་བ་ཤེས་རབ་ཡུམ་གྱི་ཚུལ༔ གསང་བ་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་གཞལ་ཡས་སུ༔ ཐུགས་ཀྱི་ཡེ་ཤེས་བུངྔྷ་ཐོད་ཕྲེང་རྩལ༔ ཡོན་ཏན་འགྱུར་མེད་མི་བསྐྱོད་རྡོ་རྗེའི་སྐུ༔ གསུང་མཆོག་བདེ་ཆེན་པདྨ་དབང་གི་ལྷ༔ ཕྲིན་ལས་འགྲོ་འདུལ་རིག་འཛིན་ཐོད་པ་རྩལ༔ ལོག་རྟོག་བདུད་འཇོམས་དྲག་པོ་གློག་ཕྲེང་ཅན༔ སངས་རྒྱས་དཔའ་བོ་ཡོངས་བསྒྱུར་ཐོད་དུམ་ཅན༔ ཐམས་ཅད་དབང་སྡུད་རྟ་མགྲིན་དྲེགས་པའི་གཙོ༔

p. 270

དགྲ་བགེགས་ཚར་གཅོད་གསང་བདག་རྡོ་རྗེ་འཛིན༔ ཕྱོགས་མཚམས་གཙོ་བརྒྱད་ཡབ་ཡུམ་སྲས་འཁོར་བཅས༔ བླ་མ་ཡི་དམ་ཞི་ཁྲོ་ཌཱ་ཀིའི་ཚོགས༔ ཐམས་ཅད་དགོངས་འདུས་དཀྱིལ་འཁོར་ཕྱི་ནང་ལྷ༔ དཔའ་བོ་དཔའ་མོ་མཚམས་མ་ཕྱེད་གཟུགས་བཅས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་འཁྲོལ༔ དམ་ཅན་སྒོ་མ་ཕོ་ཉ་ལས་མཁན་རྣམས༔ སྤྲུལ་དང་ཡང་སྤྲུལ་བཅས་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་དོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ [བརྒྱད་པ་ཛཔྲ་བཟླ་བ་ལ། ཐོག་མར་ཛཔྲ་བསྐུལ་ནི།] ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་ནས༔ ཟླ་གམ་འདབ་བརྒྱད་བརྩེགས་པའི་ཁྲི་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླའི་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་སྟེང་༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ་གསུང་ཐུགས༔ བླ་མ་ཡི་དམ་ཞི་ཁྲོ་ཌཱ་ཀི་དང་༔ ཕྲིན་ལས་བཞི་སྒྲུབ་དཔའ་བོ་དཔའ་མོའི་ཚོགས༔ ཡབ་ཡུམ་འཁོར་བཅས་སྤྲུལ་པའི་ཆ་ལུགས་ནི༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔ རྒོད་དང་གཤེ་དང་

p. 271

སྙིང་རྗེ་རྔམས་པར་སྟོན༔ འབར་བ་ཁྲོ་དང་ཞི་ཚོགས་གར་དགུར་ལྡན༔ བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྙིང་པོའི་སྒྲ་སྒྲོགས་སྔགས་དང་བཅས༔ ཐུགས་ནི་སྒྲོལ་འགྱུར་སྲོག་བཅས་ཡེ་ཤེས་སེམས༔ ཛཔྲ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས༔ ཕཊཿཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་སྦུབས་ནས་ཐུགས་ཀར་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ༔ མ་གྲུབ་བར་དུ་ཏིང་འཛིན་མི་བཏང་ཞིང་༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱིའོ༔ [ཞེས་བསྐུལ་ལ།]ལྷ་ཚོགས་ཐུགས་ཀར་པད་ཟླའི་སྟེང་ཧྲཱིཿ ། སྔགས་ཕྲེང་བསྐོར་བའི་འོད་ཀྱིས་དོན་གཉིས་བྱས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་ཞིང་དུ་གྱུར། །ཚུར་འདུས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །[ཅེས་པའི་དམིགས་གནད་དང་སྦྱར་ཏེ།] ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨཱཿ [ཞེས་དགོངས་འདུས་རྩ་བའི་བསྙེན་པ་སྤྱི་དྲིལ་བསྡུས་པ་ཉིད་ཅི་ནུས་སུ་བཟླ་ཞིང་། སྤྲོ་ན་སྤྱི་དྲིལ་ཆེན་མོ་དང་གཙོ་དགུའི་སྙིང་པོ་སོགས་ཀྱང་བཟླ། ཐུན་གྱི་མཐར།] རྩ་གསུམ་གྱི་ལྷ་ཚོགས་སྤྱན་འདྲེན་གཤེགས༔

p. 272

ཕྱི་ནང་གསངབའི་ཛཔྲ་བསྙེན་མཆོད་པ་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ མ་ཧཱ་པཉྩ༔ མ་ཧཱ་རཀྟ༔ མ་ཧཱ་བ་ལིཾ་ཏ༔ སརྦ་པཱུ་ཛ་ཁཱ་ཧི༔ [ཞེས་སྟོང་ཚིགས་ཀྱི་མཆོད་བསྟོད་བྱའོ། །][གཉིས་པ་མདུན་བསྐྱོད་སྒྲུབ་པའི་རྣལ་འབྱོར་ལའང་བརྒྱད་ཀྱི། དང་པོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱོད་པ་ནི།] ཨོཾ་མ་ཧཱ་ཤུ་ཛྙཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾཿ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་སྟོང་ཞིང་བདག་མེད་པ་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བའོ། །དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ༔ དེ་ལྟར་མ་རྟོགས་པའི་སེམས་ཅན་ལོག་པ་དང་འཁྲུལ་པའི་ཀློང་ཆེན་པོ་ན་འཁྱམས་པ་འདི་རྣམས་སྙིང་རེ་རྗེ། ཨོཾ་བཛྲ་ཙིཏྟ་ཧཱུྃ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རིག་པ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཧྲཱིཿཡིག་དམར་པོ་རིང་ཆ་ཚེག་དྲག་དང་ལྡན་པར་གྱུར། དེ་ལས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་རྒྱུའི་ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་

p. 273

ཅིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སྐུར་གྱུར། དེའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། །དེའི་ཕྱི་རོལ་ཐམས་ཅད་འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། དགྲ་སྟྭ། གཏུན་ཤིང་། བེ་ཅོན། ལྕགས་ཀྱུ། རལ་གྲི་ལ་སོགས་པ་མཚོན་ཆའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོ་བས་གཏམས་པ་ལས་ཀྱང་། ཡེ་ཤེས་ཀྱི་མེ་དཔུང་བསྐལ་པའི་མེ་ལྟར་དུ་འཁོར་ཞིང་འབར་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་རང་བཞིན་དུ་གྱུར། དེའི་དབུས་སུ་གནས་པའི་རྒྱུའི་ཧེ་རུ་ཀའི་ཐུགས་ཀ་ནས་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་གདེང་ཁ་གྱེན་དུ་བསྟན་ཅིང་རྩ་བ་ཐུར་དུ་ཟུག་པའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ཅིས་ཀྱང་མི་ཚུགས་པ། ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་རབ་ཏུ་འཁྲུགས་པ། སུཾ་ལས་ཞིང་ཆེན་གྱི་ས་གཞི་མཐའ་དབུས་མེད་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། ཀེཾ་ལས་ཀེང་རུས་ཀྱི་རི་རབ་མཐོ་ཞིང་བརྗིད་

p. 274

པ། རྃ་ལས་མེའི་ཁོར་ཡུག་ནམ་མཁའི་མཐའ་ཀླས་པར་འབར་བའོ། །རི་རབ་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་ལས་ཕྱི་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་མཐིང་ཁའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ནོར་བུ་སྣ་ཚོགས་པས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱོ་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་རྡོ་རྗེའི་སྲད་བུའི་ཟར་བུ་སྤཻལ་ཞིང་ཟླ་བ་རླུང་གིས་བསྐྱོད་པ་ལྟ་བུའི་མེ་ལོང་དང་རྔ་ཡབ་དྲིལ་བུ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་རྡོ་རྗེའི་སྲད་བུའི་ཟར་བུ་སྤེལ་ཞིང་ཟླ་བ་རླུང་གིས་བསྐྱོད་པ་ལྟ་བུའི་མེ་ལོང་དང་རྔ་ཡབ་དྲིལ་བུ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ་སྟེང་ངོས་སུ་མདའ་ཡབ་དུང་གི་མཆོད་རྟེན་ལྟ་བུས་རྣམ་པར་བརྒྱན་པ། པུ་ཤུའི་སྟེང་གི་ཁོར་ཡུག་ཏུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་དང་། ཤུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་མཛེས་པ། རྩིགས་པའི་འགྲམ་ན་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལས་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། ཕྱོགས་བཞིར་སྒོ་

p. 275

ཁང་ཐེམ་སྐས་རིམ་པ་བརྒྱད་དང་བཅས་པའི་སྒོ་ལོགས་ཀྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཞི་པ་བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ་པ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་དང་གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོག་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་འཁྲོལ་བས་མཛེས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང་། གཞན་ཡང་རིན་པོ་ཆེ་སྣ་བདུན་དང་བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་ཞིང་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། གཞལ་ཡས་ཁང་གི་ནང་དྲག་པོའི་ཕོ་བྲང་ཐོད་པ་ཚར་གསུམ་གྱི་རྩིག་པ་ལ་གནམ་ལྕགས་ཨུར་མོའི་གཟེར་གྱིས་

p. 276

བཏབ་པ། ལྷ་ཆེན་པོ་བརྒྱད་ཀྱི་ཀ་བ་ལ། ཀླུ་ཆེན་པོ་བརྒྱད་ཀྱི་ཀ་གདན། གཟའ་ཆེན་པོ་བརྒྱད་ཀྱི་ཀ་ཞུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ཕྱི་མ་དང་༔ ཞིང་ཆུང་གིས་དྲལ་ཁེབས་བྱས་པ། ཚངས་པ་ཕོ་མོའི་གདུང་ཆེན་བཞི་མིག་མང་རིས་སུ་བྲེས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོ་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྗིད་པ། ཞིང་གི་བླ་བྲེ། ཉ་ཆེན་གྱི་འཕན་གདུགས། སྦྲུལ་ཆེན་གྱི་ཟར་ཚགས། ཙིཏྟའི་ཕ་ལོང་། ཁྲག་གི་ཞམ་ཆུ། ཞིང་རོ་གསར་རྙིང་ལང་ལོང་དུ་བརྡལ་བ་སོགས་དྲག་པོའི་བཀོད་པའི་ཡོངས་སུ་རྫོགས་པ། དེའི་ཕྱི་རོལ་དུ་རུ་དྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་ཆེན་པོ་བརྒྱུད་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པའི་ཕྱི་ནས་སྣ་ཚོགས་པདྨའི་ཕྲེང་བ་དང་རྡོ་རྗེ་སྲུང་བའི་གུར་ཁང་འབར་བ་མེའི་འོད་ཟེར་ཀུན་ཏུ་འཕྲོ་བས་ཡོངས་སུ་བསྐོར་བ། གཞལ་ཡས་ཁང་གི་ནང་ཕོ་བྲང་ལིང་རྩེ་དགུའི་རྣམ་པ་རེ་རེ་བཞིན་པདྨ་འདབ་མ་བརྒྱད་བརྒྱད་ཀྱིས་ཉེ་བར་མཚན་པའི་དབུས་སུ། རྒྱུའི་ཐེག་པ་གསུམ་མཚོན་པའི་པདྨའི་ཟེའུ་འབྲུ་མུ་ཏིག་དང་ཨཏྨ་གརྦྷ་ནོར་བུས་སྤྲས་པ། དེའི་སྟེང་དུ་ཕྱི་རྒྱུད་སྡེ་གསུམ་མཚོན་པའི་རྡོ་རྗེ་རྩེ་

p. 277

དགུའི་བྲག་རིས་གཏམས་པའི་ཁར་ནང་རྒྱུད་སྡེ་གསུམ་མཚོན་པའི་པད་ཉི་ཟླ་བའི་གདན། དགུ་རྫོགས་དབུས་ཀྱི་ལྟེ་བར་དྲེགས་པ་ཅན་དང་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་གི་སྟེང་དུ་སྲིད་པའི་འཁོར་ལོ་ལུགས་ལྡོག་པས་ཉོན་མོངས་པའི་དྲྭ་བ་རྩད་ནས་གཅོད་པ་འཁོར་ལོའི་གདན། ཕྱོགས་མཚམས་ཀྱི་གཙོ་བོ་ལ་ཉི་ཟླའི་གདན་མན་ཆད་དང་། པད་འདབ་རྣམས་ལ་རང་རྒྱལ་གྱི་གདན། སྒོ་ཁྱམས་ལ་ཞིང་རྐྱང་གི་གདན་ནོ། །དགུ་རྫོགས་དབུས་ཀྱི་གདན་གྱི་སྟེང་དུ་ནམ་མཁར་གནས་པའི་རྒྱུའི་ཧེ་རུ་ཀ་ཉིད་མཁའ་ལྡིང་གཟན་ལ་ཕེབས་པ་ལྟར་ལྷགས་པ་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་འོད་དུ་ཞུ་བ་ལས་པདྨ་དམར་པོ་ཧྲཱིཿས་མཚན་པ་གཅིག་ཏུ་གྱུར། སླར་དེ་ཉིད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་ནག་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག་བེ་ཅོན་སྤུ་གྲི། གཡོན་གསུམ་ཐོད་ཁྲག་རི་རབ་རྒྱུ་ཞགས་འཛིན་པའི་སྤྱི་བོར་རྟ་ཞལ་འཚེར་བ། ཞབས་བཞི་གྱད་ཀྱི་འདོར་སྟབས་སུ་བགྲད་པའི་པང་དུ་རྡོ་རྗེ་ཕག་མོ་མཐིང་ནག་སྤྱི་བོར་ཕག་

p. 278

ཞལ་ཅན་གྲི་ཐོད་འཛིན་པས་འཁྱུད་པ། ཡབ་ཡུམ་གཉིས་ཀ་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། རྟ་མགྲིན་ཡབ་ཡུམ་གྱི་སྤྱི་བོར་པདྨ་ཉི་ཟླའི་གདན་ལ་ཧྲཱིཿཡིག་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཙོ་མཆོག་པདྨ་བཛྲ་རྩལ་སྐུ་མདོག་དམར་གསལ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རལ་གྲི་བུམ་པ། གཡོན་གསུམ་དྲིལ་བུ་བྷཉྫ་ཁ་ཊྭཱཾ་འཛིན་པ། ཞབས་བཞི་གྱད་ཀྱི་འདོར་སྟབས་སུ་བགྲད་པ། དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་ཉམས་དང་ལྡན་པའི་པང་དུ་ཡུམ་ལྷ་ལྕམ་མནྡྷ་ར་བ་དམར་མོ་ཌཱ་མ་རུ་དང་ཐོད་པ་འཛིན་ཅིང་ཕྱག་རྒྱ་ལྔས་བརྒྱན་པས་འཁྱུད་པ། གཉིས་ཀ་འོད་ཕུང་དམར་གསལ་འཁྲུགས་པའི་ཀློང་ན་རོལ་པའི་སྤྱི་བོར་རིགས་བདག་མགོན་པོ་འོད་མི་འགྱུར་བ་བཞུགས་པ། ཡབ་ཡུམ་གྱི་མཁའ་གསང་ཧཱུྃ་དང་ཨཾ་ལས་རྡོ་རྗེ་དང་པདྨ་ཧཱུཾ་དང་ཨཾ་གིས་མཚན་པར་གྱུར། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ར་ཧོ་ཧཾ། རཱ་ག་ཡ་མཱི། ཡབ་ཡུམ་སྙོམས་

p. 279

པར་ཞུགས་པའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ། ཡབ་ཀྱི་གསང་བ་ནས་ཡུམ་གྱི་མཁར་བབས་པ་ས་བོན་ཧྲཱིཿཤ་སྟག་ཏུ་གྱུར༔ མཁའ་གསང་ལས་སྤྲོས་ཏེ་གདན་སོ་སོའི་སྟེང་དུ་འཁོད་པ་ཡོངས་སུ་གྱུར་པ་ནི། གཙོ་བོའི་པདྨ་འདབ་མ་བརྒྱད་པའི་ཤར་དུ་ཞེ་སྡང་རྡོ་རྗེ་མཐིང་ནག་རྡོ་དྲིལ་འཛིན་པ་ལ། སྐྱོད་བྱེད་མ་དམར་རྡོ་རྗེ་གྲི་ཐོད་འཛིན་ནས་འཁྱུད་པ། ལྷོར་ང་རྒྱལ་རྡོ་རྗེ་སེར་པོ་རིན་ཆེན་དྲིལ་བུ་འཛིན་པ་ལ། གཤིན་རྗེ་འཇོམས་བྱེད་མ་ལྗང་གུ་རིན་ཆེན་གྲི་ཐོད་འཛིན་པས་འཁྱུད་པ། ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར་པོ་པདྨ་དྲིལ་བུ་འཛིན་པ་ལ། སྲེག་བྱེད་མ་སྔོན་མོ་པདྨ་གྲི་ཐོད་འཛིན་པས་འཁྱུད་པ། བྱང་དུ་ཕྲག་དོག་རྡོ་རྗེ་ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན་པ་ལ། ཙཎྜི་ཀ་སེར་མོ་རྒྱ་གྲམ་གྲི་ཐོད་འཛིན་པས་འཁྱུད་པ། ཤར་ལྷོར་གཏི་མུག་རྡོ་རྗེ་སྨུག་ནག་འཁོར་ལོ་དྲིལ་བུ་འཛིན་པ་ལ། རྨོངས་བྱེད་མ་དཀར་མོ་ཁ་ཊྭཱཾ་ཐོད་པ་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་བདེ་བའི་རྡོ་རྗེ་སེར་སྐྱ་པདྨའི་ཞགས་པ་དང་དྲིལ་བུ་འཛིན་པ་ལ། ལཱ་མ་སྔོན་མོ་ལྕགས་ཀྱུ་ཐོད་པ་འཛིན་པས་འཁྱུད་པ། ནུབ་བྱང་

p. 280

དུ་མཚོ་སྐྱེས་རྡོ་རྗེ་དམར་པོ་བུམ་པ་དྲིལ་བུ་འཛིན་པ་ལ། མནྡྷ་ར་བ་སྔོན་མོ་པད་སྡོང་ཐོད་པ་འཛིན་པས་འཁྱུད་པ། བྱང་ཤར་དུ་ཁྲག་འཐུང་རྡོ་རྗེ་སྨུག་ནག་དགྲ་སྟྭ་དྲིལ་བུ་འཛིན་པ་ལ། གསོད་བྱེད་མ་ལྗང་གུ་སྤུ་གྲི་ཐོད་པ་འཛིན་པས་འཁྱུད་པ། ཀུན་ཀྱང་སྤྱན་གསུམ་པ་ཁྲོ་ཞིང་འཛུམ་པའི་མདངས་ལྡན་དར་དང་རུས་པ་རིན་པོ་ཆེས་བརྒྱན་པ། རང་འོད་འཁྲིགས་པའི་དབུས་ན་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བུངྔྷ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྡོ་རྗེ་ཞིང་དབྱུག །གཡོན་གསུམ་བུམ་པ་དྲིལ་བུ་ཞགས་པ་འཛིན་པ་ལས། དབྱིངས་ཕྱུག་མ་སྔོན་མོ་རྒྱལ་མཚན་དང་དུང་ཕོར་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། འདབ་མ་བརྒྱད་ལ་ཤར་དུ་བཛྲ་ཐོད་ཕྲེང་རྩལ་མཐིང་ནག་རྡོ་རྗེའི་ཐོ་བ་འཛིན་པ་ལ། སྤྱན་མ་དཀར་མོ་ཨུཏྤལ་དང་བདུད་རྩིའི་ཟ་མ་ཏོག་འཛིན་པས་འཁྱུད་པ། ལྷོར་རཏྣ་ཐོད་ཕྲེང་རྩལ་སེར་པོ་རིན་པོ་ཆེའི་ཐོ་བ་

p. 281

འཛིན་པ་ལ། མཱ་མ་ཀི་སྔོན་མོ་རིན་ཆེན་འབར་བ་དང་གའུའི་གཡུ་འཛིན་པས་འཁྱུད་པ། ནུབ་ཏུ་པདྨ་ཐོད་ཕྲེང་རྩལ་དམར་པོ་པདྨའི་ཐོ་བ་འཛིན་པ་ལ། གོས་དཀར་མོ་དམར་མོ་པདྨ་དང་པད་ཕོར་འཛིན་པས་འཁྱུད་པ། བྱང་ཕྱོགས་སུ་ཀརྨ་ཐོད་ཕྲེང་རྩལ་ལྗང་གུ་སྣ་ཚོགས་རྡོ་རྗེའི་ཐོ་བ་འཛིན་པ་ལ། དམ་ཚིག་སྒྲོལ་མ་ལྗང་གུ་དར་དཀར་གྱི་བ་དན་དང་དངུལ་བུམ་འཛིན་པས་འཁྱུད་པ། ཤར་ལྷོར་རྡོ་རྗེ་མོས་པ་རྩལ་དཀར་པོ་བེ་ཅོན་འཛིན་པ་ལ། བི་ཤྭ་ཌཱ་ཀི་མཐིང་ནག་ལྕགས་ཀྱུ་དང་བྷཉྫ་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་རྡོ་རྗེ་མྱུ་གུ་རྩལ་དམར་སེར་རལ་གྲི་འཛིན་པ་ལ། སརྦ་ཌཱ་ཀི་ལྗང་སེར་ཞགས་པ་དང་བྷཉྫ་འཛིན་པས་འཁྱུད་པ། ནུབ་བྱང་དུ་རྡོ་རྗེ་བཞད་པ་རྩལ་སྔོ་སྐྱ་མདའ་གཞུ་འགེངས་པ་ལ། ས་མ་ཡ་ཌཱ་ཀི་མཐིང་ནག་ལྕགས་སྒྲོག་དང་བྷཉྫ་འཛིན་པས་འཁྱུད་པ། བྱང་ཤར་དུ་གར་གྱི་དབང་ཕྱུག་རྩལ་དུ་ད་ཀ་དགྲ་སྟྭ་འཛིན་པ་ལ། ལོ་ཀ་ཌཱ་ཀི་ནག་མོ་དྲིལ་བུ་དང་བྷཉྫ་འཛིན་པས་འཁྱུད་པ། རྡོ་རྗེ་བཞད་པ་མ་གཏོགས་ཡབ་རྣམས་ཀྱི་ཕྱག་གཡོན་དྲིལ་བུ་འཛིན་ཅིང་། ཐམས་ཅད་ཀྱང་དར་དང་རུས་པ་རིན་པོ་ཆེའི་རྒྱན་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་

p. 282

སུ་མི་བསྐྱོད་རྡོ་རྗེ་སེར་ནག་དཀར་དམར་སེར་བའི་ཞལ་གསུམ་ཨམ་གཙིགས་ཅན། ཕྱག་དྲུག་གི་གཡས་གསུམ་རལ་གྲི་མདུང་ཐུང་ཐོད་དབྱུག ། གཡོན་གསུམ་སྟོང་གི་འཇིག་རྟེན་མེ་རླུང་འཛིན་པ་ལ། བདེ་དབྱིངས་མ་དམར་སེར་ཆོས་འབྱུང་དང་དུང་དམར་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ནས་བརྐྱང་བསྐུམ་གྱིས་བཞུགས་པ། འདབ་མ་བརྒྱད་ལ་ཤར་དུ་པདྨ་འབྱུང་གནས་དཀར་དམར་ཟབ་བེར་ཆོས་གོས་པད་ཞུ་གསོལ་ཞིང་རྡོ་རྗེ་དང་བྷནྡྷ་འཛིན་པ། གཡོན་དུ་ཡེ་ཤེས་མཚོ་རྒྱལ་དཀར་དམར་ཤེལ་གཞོང་བདུད་རྩིས་བཀང་བ་འཛིན་པ། ལྷོར་བློ་ལྡན་མཆོག་སྲེད་དཀར་པོ་དར་དཀར་གྱི་ན་བཟའ་ཅན་ཐོད་རྔ་དང་པད་ཕོར་འཛིན་པ། གཡོན་དུ་བདེ་བའི་རྣལ་འབྱོར་མ་སྔོན་མོ་གསེར་གཞོང་ཟས་ཀྱིས་བཀང་བ་འཛིན་པ། ནུབ་ཏུ་ཉི་མ་འོད་ཟེར་དམར་སེར་ཅུང་ཟད་ཁྲོ་བ་སྟག་གི་ཁྲི་ལ་བཞུགས་པ། ཁ་ཊྭཱཾ་ཀ་དང་ཉི་ཟེར་གྱི་ཞགས་པ་འཛིན་པ། གཡོན་དུ་བདག་མེད་ལྷ་མོ་སེར་མོ་གཡུ་གཞོང་ཆང་གིས་བཀང་བ་འཛིན་པ། བྱང་དུ་སེང་གེ་སྒྲ་སྒྲོགས་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་མཛད་པ། གཡོན་དུ་རྡོ་རྗེ་ཕྲ་མེན་

p. 283

མ་སྔོན་མོ་གཡུ་གཞོང་མར་ཁུས་བཀང་བ་འཛིན་པ། ཤར་ལྷོར་པདྨ་སམྦྷ་ཝ་དཀར་དམར་དགེ་སློང་གི་ཆ་བྱད་ཀ་པཱ་ལ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། གཡོན་དུ་རྒྱ་མཚོའི་གླིང་གི་མཁའ་འགྲོ་ལྗང་སྔོན་མེ་ལོང་འཛིན་པ། ལྷོ་ནུབ་ཏུ་པདྨ་རྒྱལ་པོ་དམར་གསལ་དར་དམར་གྱི་ན་བཟའ་ཅན་ཌཱ་མ་རུ་དང་མེ་ལོང་འཛིན་པ། གཡོན་དུ་ཞི་བ་འཚོ་དཀར་མོ་རྔ་ཡབ་འཛིན་པ། ནུབ་བྱང་དུ་ཤཱཀྱ་སེང་གེ་སེར་པོ་མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཅན་ས་གནོན་དང་ལྷུང་བཟེད་འཛིན་པ། གཡོན་དུ་ཤཱཀྱ་དེ་མ་དཀར་མོ་ཀ་ཤིའི་རས་འཛིན་པ། བྱང་ཤར་དུ་རྡོ་རྗེ་གྲོ་ལོད་སྨུག་ནག་གཅེར་བུ་རུས་རྒྱན་ཅན་རྡོ་རྗེ་དང་ཕུར་བུ་འཛིན་པ། གཡོན་དུ་མཁའ་འགྲོ་བདུད་འདུལ་མ་མཐིང་ནག་གྲི་ཐོད་འཛིན་པ། ཐམས་ཅད་ཀྱང་རང་འོད་འཁྲིགས་པའི་དབུས་ན་བཞུགས་པའོ། །ནུབ་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་དབང་ཆེན་སྐུ་མདོག་དམར་ནག་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ཕྲེང་བ་རྔ་ཡབ་ལྕགས་ཀྱུ། །གཡོན་གསུམ་པད་སྡོང་གའུ་དབང་ཞགས་འཛིན་པ་ལ། རིག་བྱེད་མ་དམར་སྐྱ་ཌཱ་རུ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་

p. 284

བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། འདབ་མ་བརྒྱད་ལ་ཤར་དུ་རྡོ་རྗེ་ཉི་མ་དམར་སེར་འཁོར་ལོ་དྲིལ་བུ་འཛིན་པ་ལ། ལེགས་སྐྱེས་མ་སྔོན་མོ་མེ་ཏོག་འཛིན་པས་འཁྱུད་པ། ལྷོར་ཐོགས་མེད་རྒྱལ་པོ་མཐིང་ནག་དགྲ་སྟྭ་ཐོད་དབྱུག་འཛིན་པ་ལ། ཕྲ་མེན་དབྱིངས་ཕྱུག་མ་དམར་མོ་མི་མགོའི་ཕྲེང་བ་འཛིན་པས་འཁྱུད་པ། ནུབ་ཏུ་དབང་ཆེན་ཉི་མ་དམར་པོ་སྤུ་གྲི་ཞགས་པ་འཛིན་པ་ལ། སྲིད་པའི་རྒྱལ་མོ་མཐིང་ནག་མི་སྙིང་འཛིན་པས་འཁྱུད་པ། བྱང་དུ་གསེར་གྱི་ཉི་མ་ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན་པ་ལ། ཉི་ཁྲོས་དབང་ཆེན་མ་དམར་མོ་ལྕགས་སྒྲོག་འཛིན་པས་འཁྱུད་པ། ཤར་ལྷོར་རྡོ་རྗེ་ཁྲོ་བོ་དཀར་པོ་མེ་དབལ་དང་དབྱུག་ཏོ་འཛིན་པ་ལ། གར་གྱི་དབང་ཕྱུག་མ་དམར་ནག་བགྲང་ཕྲེང་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་རྡོ་རྗེ་ཧཱུཾ་མཛད་སྨུག་ནག་རལ་གྲི་དང་ཞགས་པ་འཛིན་པ་ལ། ལས་ཀྱི་དབང་མོ་ཆེ་ལྗང་ནག་སྤུ་གྲི་བསྣམས་པས་འཁྱུད་པ། ནུབ་བྱང་དུ་རོ་ལངས་བདེ་བ་སེར་ནག་བྷཉྫ་དང་རྔ་ཡབ་འཛིན་པ་ལ། སྲིད་པ་ཆགས་བྱེད་མ་སྔོ་སྐྱ་རྡོ་རྗེ་འཛིན་པས་འཁྱུད་པ། བྱང་ཤར་དུ་རྡོ་རྗེ་ཐོག་རྒོད་མཐིང་ནག་མདའ་གཞུ་འཛིན་པ་ལ། འབྱུང་ལྔ་

p. 285

བདག་མོ་དུད་ཁ་ཚོན་གྲུ་བསྣམས་པས་འཁྱུད་པ། ཡུམ་རྣམས་ཀྱི་ཕྱག་གཡོན་ཐོད་པ་འཛིན་པ། ཐམས་ཅད་ཀྱང་དར་དང་རུས་པ་རིན་པོ་ཆེས་བརྒྱན་ཅིང་ཐོར་ཚུགས་རྡོ་རྗེ་ཕྱེད་པས་མཚན་པ་ཞབས་འདོར་སྟབས་ཀྱིས་བཞུགས་པའོ། །བྱང་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་རིག་འཛིན་ཐོད་པ་རྩལ་ལྗང་ནག་དཀར་དམར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་འཁོར་ལོ་རལ་གྲི། གཡོན་གསུམ་དྲིལ་བུ་ཞགས་པ་ཕུར་བུ་འཛིན་པ་ལ། ཉི་ཟླ་ཐོད་ཕྲེང་མ་དམར་མོ་ཐོད་ཕྲེང་དང་ཉི་ཟླའི་གའུ་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་ཆེན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། འདབ་མ་བརྒྱད་ལ་ཤར་དུ་ལྷུན་གྲུབ་རིག་འཛིན་དཀར་པོ་གཡས་ཨ་རུ་རའི་སྡོང་པོ་འཛིན་པ་ལ། སྤྱན་གཅིག་མ་དམར་སྐྱ་མེ་ཏོག་གི་ཆུན་པོ་འཛིན་པས་འཁྱུད་པ། ལྷོར་ཕྱག་ཆེན་རིག་འཛིན་སེར་པོ་གཡས་ཁ་ཊྭཱཾ་འཛིན་པ་ལ། དགྱེས་སྡེ་མ་སྔོན་མོ་སྤོས་རེང་འཛིན་པས་འཁྱུད་པ། ནུབ་ཏུ་ཚེ་དབང་རིག་འཛིན་དམར་པོ་གཡས་བུམ་པ་འཛིན་པ་ལ། དབང་གི་རྒྱལ་མོ་ལྗང་གུ་

p. 286

མར་མེ་འཛིན་པས་འཁྱུད་པ། བྱང་དུ་རིག་པ་འཛིན་པའི་རིག་འཛིན་ལྗང་གུ་གཡས་ཌཱ་མ་རུ་འཛིན་པ་ལ། རོ་ལངས་མ་ནག་མོ་དྲི་ཆབ་འཛིན་པས་འཁྱུད་པ། ཤར་ལྷོར་དམ་ཚིག་དབང་གི་སློབ་དཔོན་སྨུག་ནག་རྡོ་རྗེ་འཛིན་པ་ལ། དམ་ཚིག་བདག་མོ་སྔོན་པོ་ཞལ་ཟས་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་མན་ངག་ལུང་གི་སློབ་དཔོན་དམར་སྐྱ་པུ་སྟི་འཛིན་པ་ལ། སྐུལ་བྱེད་མ་ལྗང་གུ་གཎྜི་འཛིན་པས་འཁྱུད་པ། ནུབ་བྱང་དུ་ཤེས་རབ་རྒྱུད་ཀྱི་སློབ་དཔོན་ལྗང་སེར་རིན་ཆེན་འཛིན་པ་ལ། སྐྱོད་བྱེད་ཚངས་མ་དཀར་མོ་ཤེལ་བུམ་འཛིན་པས་འཁྱུད་པ། བྱང་ཤར་དུ་ཉམས་ཆག་སྐོང་བའི་སློབ་དཔོན་མཐིང་ནག་སྣ་ཚོགས་རྡོ་རྗེ་འཛིན་པ་ལ། ཚེ་འཛིན་རྒྱལ་མོ་དམར་མོ་ཞིང་གི་རྒྱལ་མཚན་འཛིན་པས་འཁྱུད་པ། ཡབ་རྣམས་ཀྱི་ཕྱག་གཡོན་ཀ་པཱ་ལ་དང་། ཡུམ་རྣམས་ཀྱི་ཕྱག་གཡོན་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་དར་དང་རུས་པ་རིན་པོ་ཆེའི་རྒྱན་ཅན་འདོར་སྟབས་ཀྱིས་བཞེངས་པའོ། །ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མདོག་དམར་མེ་ཕྲེང་སྐུ་མདོག་དམར་ནག་དཀར་ལྗང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཐོ་ལུམ་མེ་དཔུང་། གཡོན་གསུམ་ཐོད་ཁྲག་སྡིག་པ་བམ་

p. 287

རོ་འཛིན་པ་ལ། སྲིད་པའི་བདག་མོ་དམར་མོ་ཐོ་བ་དང་དུང་ཁྲག་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། འདབ་མ་བརྒྱད་ལ་ཤར་དུ་ཡ་མ་རཱ་ཛ་ནག་པོ་སྟག་བེར་ཅན་བེ་ཅོན་དབྱུག་ཏོ་འཛིན་པ་ལ། ཟ་བྱེད་མ་ནག་མོ་འཁོར་ལོ་དང་ཚོན་གྲུ་འཛིན་པས་འཁྱུད་པ། ལྷོར་སྐོར་རྗེ་བྲང་དཀར་ནག་པོ་ཁྲམ་ཤིང་དང་དགྲ་སྟྭ་འཛིན་པ་ལ། རེ་མ་ཏཱི་མཐིང་ནག་ཁྲམ་ཤིང་དང་ནད་རྐྱལ་འཛིན་པས་འཁྱུད་པ། ནུབ་ཏུ་སྲིན་པོ་གློག་ཕྲེང་ལྗང་ནག་ཐོག་སེར་བསྣམས་པ་ལ། ཁྲག་མིག་མ་དམར་ནག་ཁྲག་ཕུར་དང་ཁྲག་ཕོར་འཛིན་པས་འཁྱུད་པ། བྱང་དུ་ཡཀྵ་མེ་དབལ་དམར་ནག་རལ་གྲི་དང་རིན་ཆེན་འཛིན་པ་ལ། མོན་མོ་ནག་མོ་ལྗང་ནག་རལ་གྲི་དང་ལྕགས་སྤྱང་འཛིན་པས་འཁྱུད་པ། ཤར་ལྷོར་གཟའ་བདུད་དུད་ཁ་མདའ་གཞུ་དང་སྦྲུལ་ཞག་འཛིན་པ་ལ། ལྕམ་གཅིག་མ་དམར་མོ་ནད་རྐྱལ་དང་སྤུ་གྲི་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་ཀླུ་བདུད་སེར་ནག་སྦྲུལ་ཞགས་དང་ཆུ་སྲིན་འཛིན་པ་ལ། ཐོག་གི་བུ་ཡུག་མ་

p. 288

དམར་མོ་ཐོག་དང་རུས་སྦལ་འཛིན་པས་འཁྱུད་པ། ནུབ་བྱང་དུ་མ་ཧཱ་དེ་ཝ་དམར་པོ་རླུང་ཞགས་དང་ལྕགས་ཀྱུ་འཛིན་པ་ལ། ཨུ་མ་དམར་མོ་མེ་ལོང་དང་གཏེར་སྒྲོམ་འཛིན་པས་འཁྱུད་པ། བྱང་ཤར་དུ་མ་ཧཱ་ལ་མཐིང་ནག་ཟངས་གྲི་དང་ལྕགས་པར་འཛིན་པ་ལ། དུང་སྐྱོང་མ་ནག་མོ་རལ་གྲི་དང་ནེའུ་ལེའི་རྐྱལ་པ་འཛིན་པས་འཁྱུད་པ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་ཞིང་གི་གོ་ཟུ་སོགས་མི་སྡུག་རྒྱན་ཅན་འདོར་སྟབས་ཀྱིས་གནས་པའོ། །ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་དཔའ་བོ་སྐུ་མདོག་མཐིང་ནག་དཀར་དམར་མཐིང་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་ཟླ་བ་མེ་དཔུང་། གཡོན་གསུམ་ཐོང་གཤོལ་ཉི་མ་རླུང་ནག་བསྣམས་པ་ལ། སངས་རྒྱས་དཔའ་མོ་དཀར་མོ་འཁོར་ལོ་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། འདབ་མ་བརྒྱད་ལ་ཤར་དུ་རྡོ་རྗེ་དཔའ་བོ་སྔོན་པོ་རྡོ་རྗེ་འཛིན་པ་ལ། རྡོ་རྗེ་དཔའ་མོ་སྔོ་སྐྱ་ཌཱ་མ་རུ་འཛིན་པས་འཁྱུད་པ། ལྷོར་རིན་ཆེན་དཔའ་བོ་སེར་པོ་རིན་ཆེན་

p. 289

འཛིན་པ་ལ། རིན་ཆེན་དཔའ་མོ་སེར་སྐྱ་རིན་ཆེན་གཟར་བུ་འཛིན་པས་འཁྱུད་པ། ནུབ་ཏུ་པདྨ་དཔའ་བོ་དམར་པོ་པདྨ་འཛིན་པ་ལ། པདྨ་དཔའ་མོ་དམར་སྐྱ་པད་སྡོང་འཛིན་པས་འཁྱུད་པ། བྱང་དུ་ལས་ཀྱི་དཔའ་བོ་ལྗང་གུ་རྒྱ་གྲམ་འཛིན་པ་ལ། ལས་ཀྱི་དཔའ་མོ་ལྗང་སྐྱ་རལ་གྲི་འཛིན་པས་འཁྱུད་པ། ཡབ་རྣམས་ཀྱི་ཕྱག་གཡོན་དྲིལ་བུ་དང་། ཡུམ་རྣམས་ཀྱི་ཕྱག་གཡོན་ཐོད་ཁྲག་འཛིན་པ། ཤར་ལྷོར་འཛིན་གིང་འགུགས་བྱེད་སྔོན་པོ་ལྕགས་ཀྱུ་འཛིན་པ་ལ། རྡོ་རྗེ་གིང་མོ་སྔོན་མོ་རྡོ་རྗེ་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་སྒྲོལ་གིང་གསོབ་བྱེད་སེར་ནག་རལ་གྲི་འཛིན་པ་ལ། རིན་ཆེན་གིང་མོ་སེར་མོ་རིན་ཆེན་འཛིན་པས་འཁྱུད་པ། ནུབ་བྱང་དུ་སྟོབ་གིང་ཟ་བྱེད་དམར་ནག་ཐོད་པར་སྙིང་འཛིན་པ་ལ། པདྨའི་གིང་མོ་དམར་མོ་པདྨ་འཛིན་པས་འཁྱུད་པ། བྱང་ཤར་དུ་རྒྱུག་གིང་ལས་བྱེད་ལྗང་ནག་རྒྱུ་ཞགས་འཛིན་པ་ལ། ལས་ཀྱི་གིང་མོ་ལྗང་གུ་རྒྱ་གྲམ་འཛིན་པས་འཁྱུད་པ། ཡབ་རྣམས་ཀྱི་ཕྱག་གཡོན་ཐོད་ཁྲག་དང་། ཡུམ་རྣམས་ཀྱི་ཕྱག་གཡོན་དྲིལ་བུ་འཛིན་པ། ཕྱོགས་ཀྱི་ལྷ་རྣམས་དར་དང་རུས་པ་རིན་པོ་ཆེས་བརྒྱན་ཅིང་། མཚམས་ཀྱི་ལྷ་རྣམས་ཀེང་རུས་ཁྲོས་གཟུགས་ཅན་ཞིང་

p. 290

ལྤགས་དང་སྦྲུལ་གྱིས་བརྒྱན་པའོ། །ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་ནག་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས། གཡོན་གསུམ་ཐོད་ཁྲག་དྲིལ་བུ་ལྕགས་སྒྲོག་འཛིན་པ་ལ། ཨེ་ཀ་ཛཱ་ཊི་སྨུག་ནག་ཏྲི་ཤུལ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། ཡབ་ཀྱི་སྤྱི་བོར་ཞལ་མདོག་དང་མཐུན་པའི་རྟ་ཞལ་གསུམ་གྱིས་མཚན་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། འདབ་མ་བརྒྱད་ལ་ཤར་དུ་ཡེ་ཤེས་ཟིལ་གནོན་དཀར་པོ་འཁོར་ལོ་རྡོ་རྗེ་འཛིན་པ་ལ། མི་ཕམ་མ་དམར་མོ་གྲི་གུག་འཛིན་པས་འཁྱུད་པ། ལྷོར་ལས་ཀྱི་ཟིལ་གནོན་སེར་ནག་དབྱུག་པ་དགྲ་སྟྭ་འཛིན་པ་ལ། ཁྲོ་གཉེར་མ་སྔོན་མོ་ཨུཏྤལ་འཛིན་པས་འཁྱུད་པ། ནུབ་ཏུ་མ་མོ་ཟིལ་གནོན་དམར་ནག་ལྕགས་སྒྲོག་དང་རྡེའུ་ཆུང་འཛིན་པ་ལ། སྤྱན་གཅིག་མ་ལྗང་གུ་ལྕགས་སྒྲོག་འཛིན་པས་འཁྱུད་པ། བྱང་དུ་བྱ་ཁྱུང་ཟིལ་གནོན་ལྗང་ནག་ཁྱུང་དང་སྦྲུལ་ཞགས་འཛིན་པ་ལ། རྩ་འཇིབས་མ་དམར་སེར་

p. 291

ལྕགས་ཕུར་འཛིན་པས་འཁྱུད་པ། ཤར་ལྷོར་ཕོ་རྒྱུད་ཟིལ་གནོན་སྨུག་ནག་ཞིང་དབྱུག་དང་རྒྱུ་ཞགས་འཛིན་པ་ལ། རྡོ་རྗེ་ལས་བྱེད་དཀར་མོ་བེ་ཅོན་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་མོ་རྒྱུད་ཟིལ་གནོན་མཐིང་ནག་མདའ་གཞུ་འཛིན་པ་ལ། གཤིན་རྗེ་ལས་བྱེད་སེར་མོ་ཞགས་པ་འཛིན་པས་འཁྱུད་པ། ནུབ་བྱང་དུ་ཀླུ་གདོན་འདུལ་བྱེད་དམར་པོ་དགྲ་སྟྭ་དང་ཐོ་ལུམ་འཛིན་པ་ལ། ཀླུ་མོ་ལས་བྱེད་ལྗང་སེར་སྦྲུལ་ཞགས་འཛིན་པས་འཁྱུད་པ། བྱང་ཤར་དུ་གནོད་སྦྱིན་འདུལ་བྱེད་ལྗང་སྔོན་དབྱུག་པ་དང་མེ་དཔུང་འཛིན་པ་ལ། གནོད་སྦྱིན་ལས་བྱེད་མ་སྨུག་ནག་རལ་གྲི་འཛིན་པས་འཁྱུད་པ། ཡུམ་རྣམས་ཀྱི་ཕྱག་གཡོན་དུང་ཁྲག་འཛིན་པ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་འབར་བའི་ཆས་ཅན་མེ་དཔུང་འཛིན་པ་ལ། གནོད་སྦྱིན་ལས་བྱེད་མ་སྨུག་ནག་རལ་གྲི་འཛིན་པས་འཁྱུད་པ། ཡུམ་རྣམས་ཀྱི་ཕྱག་གཡོན་དུང་ཁྲག་འཛིན་པ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པའི་འབར་བའི་ཆས་ཅན་མེ་དཔུང་འཁྲུགས་པའི་དབུས་ན་བཞུགས་པའོ། །བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ལག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་དཀར་དམར་མཐིང་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་གྲི་གུག་སྦྲུལ་ཞགས། གཡོན་གསུམ་དྲིལ་བུ་ཐོད་ཁྲག་པདྨ་འཛིན་པ་ལ། ཡུམ་གསང་དབྱིངས་མ་དམར་མོ་ཁ་ཊྭཱཾ་དང་བྷན་དམར་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རུས་པ་རིན་པོ་ཆེའི་རྒྱན་དང་

p. 292

དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བརྐྱང་བསྐུམ་གྱིས་བཞུགས་པ། འདབ་མ་བརྒྱད་ལ་ཤར་དུ་རྣམ་པར་རྒྱལ་བ་དཀར་པོ་འཁོར་ལོ་བེ་ཅོན་འཛིན་པ་ལ། མདའ་སྙེམས་མ་སྔ་སྐྱ་རྡོ་རྗེ་འཛིན་པས་འཁྱུད་པ། ལྷོར་གཤིན་རྗེ་གཤེད་མཐིང་ནག་བེ་ཅོན་དགྲ་སྟྭ་འཛིན་པ་ལ། དུར་ཁྲོད་བདག་མོ་སེར་སྐྱ་རལ་གྲི་འཛིན་པས་འཁྱུད་པ། ནུབ་ཏུ་རྟ་མགྲིན་དམར་པོ་སྤུ་གྲི་ཞགས་པ་འཛིན་པ་ལ། རྡོ་རྗེ་གཏུམ་མོ་ལྗང་གུ་དབྱུག་ཏོ་འཛིན་པས་འཁྱུད་པ། བྱང་དུ་བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན་པ་ལ། རྡོ་རྗེ་རླུང་འབྱིན་མ་སྔོ་སྐྱ་རྔ་ཡབ་འཛིན་པས་འཁྱུད་པ། ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་དབྱུག་པ་མེ་ཐབ་འཛིན་པ་ལ། རྡོ་རྗེ་སྡེར་མོ་དམར་སེར་རལ་གྲི་འཛིན་པས་འཁྱུད་པ། ལྷོ་ནུབ་ཏུ་མི་གཡོ་བ་ལྗང་ནག་རལ་གྲི་ཞགས་པ་འཛིན་པ་ལ། རྡོ་རྗེ་གཏུན་ཁུང་མ་དམར་མོ་ཐོ་བ་འཛིན་པས་འཁྱུད་པ། ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་བ་དན་རྔ་ཡབ་འཛིན་པ་ལ། རྡོ་རྗེ་སྙོམས་མ་ལྗང་གུ་བུམ་པ་འཛིན་པས་འཁྱུད་པ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་མཐིང་ནག་གྲི་གུག་སྦྲུལ་ཞགས་འཛིན་པ་ལ། རྡོ་རྗེ་སྐུལ་བྱེད་མ་སེར་སྐྱ་རྩེ་གསུམ་འཛིན་པས་འཁྱུད་

p. 293

པ། མདུན་དུ་ཧཱུཾ་ཀ་ར་སྔོ་སྐྱ་ཐོ་བ་དང་ཞགས་པ་འཛིན་པ་ལ། རྡོ་རྗེ་སྒྲ་འབྱིན་མ་དཀར་མོ་འཁོར་ལོ་འཛིན་པས་འཁྱུད་པ། རྒྱབ་ཏུ་སྟབས་ཆེན་དུད་ཁ་ཐོ་བ་གཏུན་ཤིང་འཛིན་པ་ལ། རྡོ་རྗེ་གསོད་བྱེད་སེར་མོ་དགྲ་སྟྭ་འཛིན་པས་འཁྱུད་པ། ཡུམ་རྣམས་ཀྱི་ཕྱག་གཡོན་ཐོད་ཁྲག་འཛིན་པ། ཐམས་ཅད་ཀྱང་ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་མེ་དཔུང་འཁྲུགས་པའི་དབུས་ན་འདོར་སྟབས་ཀྱིས་བཞེངས་པའོ། །དཀྱིལ་འཁོར་ཆེན་པོའི་སྒོ་བཞིར་ཤར་དུ་ཁྭ་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོར་ཕག་གདོང་མ་སེར་མོ་ཞགས་པ་འཛིན་པ། ནུབ་ཏུ་ཁྱི་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་དུ་འུག་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ། ཤར་ལྷོར་བརྟན་བྱེད་མ་དཀར་སེར་ཕྱེད་གཟུགས་རྡོ་རྗེ་གྲི་གུག་འཛིན་པ། ལྷོ་ནུབ་ཏུ་ཕོ་ཉ་མ་སེར་དམར་ཕྱེད་གཟུགས་རིན་ཆེན་གྲི་གུག་འཛིན་པ། ནུབ་བྱང་དུ་མཆེ་བ་མ་དམར་ལྗང་ཕྱེད་གཟུགས་པདྨ་གྲི་གུག་འཛིན་པ། བྱང་ཤར་དུ་འཇོམས་བྱེད་མ་ལྗང་དཀར་ཕྱེད་གཟུགས་རྒྱ་གྲམ་གྲི་གུག་འཛིན་པ། ཐམས་ཅད་ཀྱིས་གཡོན་ཐོད་ཁྲག་འཛིན་པ། ཞིང་གཡང་སྟག་ཤམ་ཐོད་ཕྲེང་སྦྲུལ་གྱིས་བརྒྱན་ཅིང་། ཞིང་གི་གདན་ལ་བརྐྱང་བསྐུམ་འགྱིང་བག་གིས་གནས་པའོ། །དཀྱིལ་

p. 294

འཁོར་གྱི་བར་ཁྱམས་ལ། ཤར་སྟོད་དུ་དཔའ་བོ་ཐོད་དབྱིག་དཀར་པོ། དཔའ་མོ་རབ་གཏུམ་མ་དམར་མོ། དཔའ་བོ་ཀེང་རུས་ཆེན་པོ་མཐིང་ནག །དཔའ་མོ་གཏུམ་མིག་མ་སེར་མོ། དཔའ་བོ་ཀེང་རུས་གཏུམ་པོ་ལྗང་གུ། དཔའ་མོ་འོད་ལྡན་མ་དམར་སེར་ཏེ། ཡབ་རྣམས་གཡས་རྡོ་རྗེ་དང་། ཡུམ་རྣམས་གཡས་ཌཱ་མ་རུ་འཛིན་པ། ཤར་སྨད་དུ་དཔའ་བོ་མཆེ་གཙིགས་དཀར་པོ། དཔའ་མོ་སྣ་ཆེན་མ་དམར་མོ། །དཔའ་བོ་སུ་རི་བཱི་རི་སྔོན་པོ། དཔའ་མོ་བརྟན་མ་སེར་མོ། དཔའ་བོ་འོད་དཔག་མེད་ལྗང་གུ ། དཔའ་མོ་མི་ཐུང་མ་དམར་སེར་ཏེ། ཡབ་རྣམས་གཡས་རིན་པོ་ཆེ་དང་། ཡུམ་རྣམས་གཡས་རལ་གྲི། ལྷོ་སྟོད་དུ་དཔའ་བོ་རྡོ་རྗེ་འོད་ལྡན་དཀར་པོ། །དཔའ་མོ་ལངྐའི་དབང་ཕྱུག་མ་དམར་མོ། །དཔའ་བོ་རྡོ་རྗེ་སྐུ་མཆོག་མཐིང་ནག །དཔའ་མོ་ཤིང་གྲིབ་མ་སེར་མོ། དཔའ་བོ་རྡོ་རྗེ་གཞོན་ནུ་ལྗང་གུ། དཔའ་མོ་ས་སྲུང་མ་དམར་སེར་ཏེ། ཡབ་རྣམས་གཡས་བགྲང་ཕྲེང་དང་། ཡུམ་རྣམས་གཡས་ཌཱ་མ་རུ། །ལྷོ་སྨད་དུ་དཔའ་བོ་རྡོ་རྗེ་རལ་པ་དཀར་པོ། དཔའ་མོ་འོད་ཆེན་མ་དམར་མོ། དཔའ་བོ་རབ་ཏུ་དགའ་སྔོན་པོ། དཔའ་མོ་རླུང་ཤུགས་མ་སེར་མོ། དཔའ་བོ་ཧཱུཾ་མཛད་ལྗང་གུ། དཔའ་མོ་ཆང་འཐུང་མ་དམར་སེར་

p. 295

ཏེ། ཡབ་རྣམས་གཡས་བེ་ཅོན་དང་། ཡུམ་རྣམས་གཡས་ལྕགས་ཀྱུ། ནུབ་སྟོད་དུ་དཔའ་བོ་རབ་བཟང་དཀར་པོ། དཔའ་མོ་གཙུག་ཕུད་མ་དམར་མོ། དཔའ་བོ་རྡོར་བཟང་མཐིང་ནག །དཔའ་མོ་རབ་བཟང་མ་སེར་མོ། དཔའ་བོ་འཇིགས་བྱེད་ལྗང་གུ། དཔའ་མོ་རྟ་སྣ་མ་དམར་སེར་ཏེ། ཡབ་རྣམས་གཡས་པདྨ་དང་། ཡུམ་རྣམས་གཡས་ཌཱ་མ་རུ། ནུབ་སྨད་དུ་དཔའ་བོ་སྤྱན་མི་བཟང་དཀར་པོ། དཔའ་མོ་ཁྭ་གདོང་མ་དམར་མོ། དཔའ་བོ་སྟོབས་ཆེན་སྔོན་པོ། དཔའ་མོ་འཁོར་ལོའི་ཤུགས་ཅན་མ་སེར་མོ། དཔའ་བོ་རིན་ཆེན་རྡོ་རྗེ་ལྗང་གུ། དཔའ་མོ་དུམ་སྐྱེས་མ་དམར་སེར་ཏེ། ཡབ་རྣམས་གཡས་ཐོ་བ་དང་། ཡུམ་རྣམས་གཡས་དར་གྱི་ཅོད་པན། བྱང་སྟོད་དུ་དཔའ་བོ་རྟ་མགྲིན་རྒྱལ་པོ་དཀར་པོ། དཔའ་མོ་གླང་སྣ་མ་དམར་མོ། དཔའ་བོ་ནམ་མཁའི་སྙིང་པོ་མཐིང་ནག །དཔའ་མོ་འཁོར་ལོའི་གོ་ཆ་མ་སེར་མོ། དཔའ་བོ་དཔལ་ལྡན་ཧེ་རུ་ཀ་ལྗང་གུ ། དཔའ་མོ་རབ་དཔལ་དམར་སེར་ཏེ། ཡབ་རྣམས་གཡས་རྒྱ་གྲམ་དང་། ཡུམ་རྣམས་གཡས་ཁ་ཊྭཱཾ་ཀ ། བྱང་སྨད་དུ་དཔའ་བོ་པདྨ་གར་དབང་དཀར་པོ། དཔའ་མོ་སྟོབས་ཆེན་མ་

p. 296

དམར་མོ། དཔའ་བོ་རྣམ་པར་སྣང་མཛད་སྔོན་པོ། དཔའ་མོ་འཁོར་སྒྱུར་མ་སེར་མོ། དཔའ་བོ་སེམས་དཔའ་ལྗང་གུ། དཔའ་མོ་བརྩོན་འགྲུས་མ་དམར་སེར་ཏེ། ཡབ་རྣམས་གཡས་རྒྱ་གྲམ་དང་། ཡུམ་རྣམས་གཡས་ཌཱ་མ་རུ། ཡབ་རྣམས་ཀྱིས་གཡོན་ཐོད་ཁྲག་འཛིན་ཅིང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ། ཡུམ་རྣམས་ཀྱིས་གཡོན་དྲིལ་བུ་འཛིན་ཅིང་དར་དང་རུས་པས་བརྒྱན་པ། ཐམས་ཅད་ཀྱང་དར་སྣ་ཚོགས་ཀྱི་ཅོད་པན་ཅན། ཞལ་ནས་རྡོ་རྗེ་གླུ་ལེན་ཅིང་གར་བྱེད་པ། ཕྱིའི་ཁོར་ཡུག་ཏུ་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའོ། །[དེ་ལྟར་དགོངས་འདུས་རྩ་བའི་ལྷ་ཉིས་བརྒྱ་ཉེར་ལྔ་ཁོར་ཡུག་ཏུ་བཀའ་སྡོད་ཀྱི་ཚོགས་དང་བཅས་པ་བསྐྱེད་ནས། གཙོ་བོའི་ཐུགས་ཀར་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ཡེ་གནས་ལྷུན་གྲུབ་ཀྱི་ཚུལ་དུ་གསལ་གདབ་སྟེ།] གཙོ་མཆོག་པདྨ་བཛྲ་རྩལ་གྱི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་རང་བཞིན་འོད་ལྔ་འཁྲུགས་པའི་དབུས་སུ། བཅོམ་ལྡན་འདས་དཔའ་ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོ་ཕྱག་གཉིས་མཉམ་བཞག་མཛད་པའི་པང་དུ། ཡུམ་ཀུན་ཏུ་བཟང་མོ་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་

p. 297

པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་ཆེན་རུས་པས་བརྒྱན་ཅིང་ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་མི་འཇིགས་སེང་ཁྲི་པད་ཟླའི་གདན་ལ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་པང་དུ། ཡུམ་ནམ་མཁའི་དབྱིངས་ཕྱུག་མ་སྔོ་སངས་རྡོ་རྗེ་དྲིལ་བུ་འཛིན་པས་འཁྱུད་པ། དེའི་ཕྱི་རོལ་གྱི་ཤར་དུ་སྟོབས་ལྡན་གླང་པོ་ཆེའི་ཁྲི་སྟེང་དུ་རྡོ་རྗེ་སེམས་དཔའ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་པང་དུ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་རིན་པོ་ཆེའི་གདུ་བུ་དང་དྲིལ་བུ་འཛིན་པའི་འཁྲིལ་སྦྱོར་དུ་བཞུགས་པའི་གཡས་སུ། སའི་སྙིང་པོ་དཀར་པོ་རིན་པོ་ཆེའི་མྱུ་གུ་དྲིལ་བུ་འཛིན་པ་དང་། བྱམས་པ་དང་དམར་སེར་ཀླུ་ཤིང་དྲིལ་བུ་འཛིན་པ་གཉིས་བཞུགས་པ། གཡོན་དུ་ལཱ་སྱ་མ་དཀར་མོ་མེ་ལོང་དྲིལ་བུ་འཛིན་པ་དང་། མཱ་ལེ་མ་མཐིང་ག་ཕྲེང་བ་དྲིལ་བུ་འཛིན་པ་གཉིས་བཞུགས་པ། ལྷོར་ཅང་ཤེས་རྟ་མཆོག་གི་ཁྲི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའི་པང་དུ། ཡུམ་མཱ་མ་ཀི་དཀར་མོ་རལ་གྲི་དང་དྲིལ་བུ་འཛིན་པ་འཁྲིལ་སྦྱོར་དུ་བཞུགས་པའི་གཡས་སུ།

p. 298

ནམ་མཁའི་སྙིང་པོ་དཀར་པོ་རལ་གྲི་དྲིལ་བུ་འཛིན་པ་དང་། ཀུན་ཏུ་བཟང་པོ་མཐིང་སྔོན་རིན་པོ་ཆེའི་སྙེ་མ་དྲིལ་བུ་འཛིན་པ་གཉིས་བཞུགས་པ། གཡོན་དུ་གིརྟི་མ་དམར་སྐྱ་པི་ཝང་འཛིན་པ་དང་། ནིརྟི་མ་ལྗང་སྔོན་ཞལ་ཟས་འཛིན་པ་གཉིས་བཞུགས་པ། ནུབ་ཏུ་མཛེས་བྱེད་རྨ་བྱའི་ཁྲི་སྟེང་དུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་པང་དུ། ཡུམ་གོས་དཀར་མོ་དམར་སྐྱ་བུམ་པ་དང་དྲིལ་བུ་འཛིན་པ་འཁྲིལ་སྦྱོར་དུ་བཞུགས་པའི་གཡས་སུ། སྤྱན་རས་གཟིགས་དཀར་པོ་པདྨ་དྲིལ་བུ་འཛིན་པ་དང་། འཇམ་དཔལ་དམར་སེར་ཨུཏྤལ་དྲིལ་བུ་འཛིན་པ་གཉིས་བཞུགས་པས། གཡོན་དུ་པུཥྤེ་མ་དཀར་མོ་མེ་ཏོག་དྲིལ་བུ་འཛིན་པ་དང་། ངྷུ་པེ་མ་ལྗང་གུ་སྤོས་ཀྱི་རེང་བུ་འཛིན་པ་གཉིས་བཞུགས་པ། བྱང་དུ་ཤང་ཤང་དེའུའི་ཁྲི་སྟེང་ད་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན་པའི་པང་དུ། ཡུམ་དམ་ཚིག་སྒྲོལ་མ་ལྗང་སྔོན་ཨུཏྤལ་དྲིལ་བུ་འཛིན་པ་འཁྲིལ་སྦྱོར་དུ་བཞུགས་པའི་གཡས་སུ། ཕྱག་ན་རྡོ་རྗེ་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པ་དང་། སྒྲིབ་པ་རྣམ་སེལ་དཀར་པོ་པུསྟི་དྲིལ་བུ་འཛིན་པ་གཉིས་བཞུགས་པ། གཡོན་དུ་ཨཱ་ལོ་ཀེ་དམར་སྐྱ་མར་འཛིནཔ་དང་།

p. 299

གནྡྷེ་མ་ལྗང་གུ་དྲིའི་དུང་ཞལ་འཛིན་པ་གཉིས་བཞུགས་པ་སྟེ། དེ་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་ལྡན་ཅིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་ཁྲོ་བོ་རྣམ་རྒྱལ་དཀར་པོ་ལྕགས་ཀྱུ་འཛིན་པ་ལ། ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པས་འཁྱུད་པ། ལྷོར་གཤིན་རྗེ་གཤེད་སེར་པོ་དབྱུག་ཏོ་འཛིན་པ་ལ། ཞགས་པ་མ་སེར་མོ་ཞགས་པ་འཛིན་པས་འཁྱུད་པ། ནུབ་ཏུ་རྟ་མགྲིན་དམར་པོ་ལྕགས་སྒྲོག་སྡིག་མཛུབ་ཅན་ལ། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པས་འཁྱུད་པ། བྱང་དུ་བདུད་རྩི་འཁྱིལ་བ་ལྗང་གུ་རྒྱ་གྲམ་འཛིན་པ་ལ། དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པས་འཁྱུད་པ་སྟེ། ཡབ་རྣམས་གཡོན་དྲིལ་བུ་དང་། ཡུམ་རྣམས་གཡོན་ཐོད་ཁྲག་འཛིན་པ། དེ་ལྟར་སྒོ་བ་ཡབ་ཡུམ་བརྒྱད་པོ་ཁྲོ་བོ་དང་ཁྲོ་མོའི་ཆ་ལུགས་ཅན་ནོ། །དེའི་ཕྱི་རོལ་དུ་ལྷའི་ཐུབ་པ་བརྒྱ་བྱིན་དཀར་པོ་པི་ཝང་འཛིན་པ། ལྷ་མ་ཡིན་གྱི་ཐུབ་པ་ཐག་བཟང་རིས་མཐིང་གོ་ཁྲབ་འཛིན་པ། མིའི་ཐུབ་པ་ཤཱཀྱ་སེང་གེ་སེར་པོ་གསེག་ཤང་དང་ལྷུང་བཟེད་འཛིན་པ། བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན་མཐིང་ག་པུསྟི་འཛིན་པ། ཡི་དྭགས་

p. 300

ཀྱི་ཐུབ་པ་ཁ་འབར་དེ་ཝ་དམར་པོ་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། དམྱལ་བའི་ཐུབ་པ་ཨ་ཝ་གླང་མགོ་ནག་པོ་མེ་ཆུ་འཛིན་པ་སྟེ། དེ་དྲུག་པོ་སྤྲུལ་སྐུའི་ཆ་ལུགས་དབུ་རེག་ཞབས་རྗེན་སྣམ་སྦྱར་ཆོས་གོས་ཅན་དབུ་གཙུག་ཏོར་དང་ལྡན་པའོ། །དེ་ལྟར་གསལ་བའི་གཙོ་མཆོག་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཡེ་ཤེས་རང་གསལ་གྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་དུ་བདུད་བཞི་པད་ཉིའི་གདན་ལ། དབུས་སུ་བཅོམ་ལྡན་འདས་བུངྔྷ་ཧེ་རུ་ཀ་དབུ་གསུམ་གཡས་དཀར་གཡོན་དམར་རྩ་ཞལ་དང་སྐུ་མདོག་སྨུག་ནག ། ཕྱག་དྲུག་གཡས་གསུམ་འཁོར་ལོ་དགྲ་སྟྭ་རལ་གྲི། གཡོན་གསུམ་དྲིལ་བུ་ཐོང་གཤོལ་བྷནྡྷ་འཛིན་པ། ཡུམ་བུངྔྷ་ཀྲོ་དྷི་ཤྭ་རི་མ་དཀར་མོ་གཡས་འཁོར་ལོ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཤར་དུ་བཛྲ་ཧེ་རུ་ཀ་དབུ་གསུམ་གཡས་དཀར་གཡོན་དམར་རྩ་ཞལ་དང་སྐུ་མདོག་མཐིང་ནག ། ཕྱག་དྲུག་གཡས་གསུམ་རྡོ་རྗེ་བྷནྡྷ་དགྲ་སྟྭ། གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་ཤོལ་འཛིན་པ། ཡུམ་བཛྲ་ཀྲོ་དྷི་མཐིང་ནག་ཕྱག་གཡས་རྡོ་རྗེ་འཛིན་པས་ཡབ་ལ་འཁྱུད་པ། ལྷོར་རཏྣ་ཧེ་རུ་ཀ་དབུ་གསུམ་གཡས་དཀར་གཡོན་དམར་རྩ་ཞལ་དང་སྐུ་མདོག་སེར་ནག ། ཕྱག་དྲུག་

p. 301

གཡས་གསུམ་རིན་ཆེན་ཁ་ཊྭཱཾ་བེ་ཅོན། གཡོན་གསུམ་དྲིལ་བུ་བྷན་དམར་ཏྲི་ཤུལ་འཛིན་པ། ཡུམ་རཏྣ་ཀྲོ་ངྷི་སེར་མོ་གཡས་རིན་ཆེན་འཛིན་པས་ཡབ་ལ་འཁྱུད་པ། ནུབ་ཏུ་པདྨ་ཧེ་རུ་ཀ་དབུ་གསུམ་གཡས་དཀར་གཡོན་མཐིང་རྩ་ཞལ་དང་སྐུ་མདོག་དམར་ནག ། ཕྱག་དྲུག་གཡས་གསུམ་པདྨ་ཁ་ཊྭཱཾ་དབྱུག་ཏོ། གཡོན་གསུམ་དྲིལ་བུ་བྷན་དམར་ཐོང་གཤོལ་འཛིན་པ། ཡུམ་ཀརྨ་ཀྲོ་ངྷ་ལྗང་གུ་གཡས་རྒྱ་གྲམ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པ་ཐམས་ཅད་ཀྱིས་དུང་ཆེན་དམར་གྱིས་བཀང་ནས་སོ་སོའི་ཡབ་ལ་སྟོབ་པ། ཡབ་ཐམས་ཅད་ཞབས་བཞི་བཞི་དོར་སྟབས་སུ་བགྲད་ཅིང་། ཡུམ་རྣམས་གཡོན་བསྐུམ་པས་ཡབ་ཀྱི་སྐེད་ལ་འཁྲིལ་བ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་གསུམ་བགྲད་པ། གར་གྱི་ཉམས་དགུ་དང་ལྡན་

p. 302

པའི་སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ལ་སོགས་པ་ཁྲོ་བོ་དང་ཁྲོ་མོའི་ཆ་ལུགས་དུ་མས་བརྒྱན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་ཀེའུ་རིམ་དཀར་མོ་གཡས་ཞིང་དབྱུག་དང་གཡོན་བྷན་དམར་འཛིན་པ། ལྷོར་ཙོའུ་རི་མ་སེར་མོ་མདའ་གཞུ་འགེངས་པ། ནུབ་ཏུ་པྲ་མོ་ཧ་དམར་གཡས་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་ཞིང་གཡོན་བྷན་དམར་འཛིན་པ། བྱང་དུ་པེ་ཏ་ལི་ནག་མོ་གཡས་རྡོ་རྗེ་དང་གཡོན་བྷན་དམར་འཛིན་པ། ཤར་ལྷོར་པུཀྐ་སི་དམར་སེར་གཡས་པས་རྒྱུ་མ་བཟུང་ནས་གཡོན་པས་ཞལ་དུ་འཇུག་པ། ལྷོ་ནུབ་ཏུ་ག་སྨ་རི་ལྗང་ནག་གཡོན་པས་བྷན་དམར་འཛིན་ཅིང་གཡས་པས་རྡོ་རྗེས་དཀྲུགས་ཤིང་ཞལ་དུ་བསྙོད་པ། ནུབ་བྱང་དུ་ཙཎྜ་ལི་སེར་སྐྱ་གཡས་ཙིཏྟ་དང་གཡོན་ཞིང་གི་ཁོག་པ་འཛིན་པ། བྱང་ཤར་དུ་སྨེ་ཤ་ནི་མཐིང་ནག་ཞིང་གི་མགོ་ལུས་ཕྲལ་ནས་ཟ་བ་སྟེ། གནས་ཀྱི་མ་མོ་བརྒྱད་པོ་ཞིང་པགས་ཀྱི་སྟོད་གཡོགས་དང་བཅས་ཏེ་ཁྲོ་མོའི་ཆ་ལུགས་ཅན་ནོ། །དེའི་ཕྱི་རོལ་གྱི་ཤར་དུ་སིངྷ་སྨུག་ནག་སེང་གེའི་མགོ་ཅན་ལག་པ་གཉིས་ཀྱིས་རོ་བསྣོལ་ནས་ཟ་བའི་ཚུལ་ཅན། ལྷོར་བྱཱ་གྷྲྀ་མུ་ཁ་དམར་མོ་སྟག་གི་མགོ་ཅན་ལག་པ་གཉིས་བསྣོལནས་མིག་འབྲུ་ཚུགས་སུ་བལྟ་བ། ནུབ་ཏུ་སྲྀ་ལ་མུ་ཁ་ནག་མོ་ཝའི་

p. 303

མགོ་ཅན་གཡས་སྤུ་གྲི་ཐོགས་ཤིང་གཡོན་པས་རྒྱུ་མ་བ། བྱང་དུ་ཤྭ་ན་མུ་ཁ་མཐིང་ནག་སྤྱང་མོའི་མགོ་ཅན་ལག་པ་གཉིས་ཀྱིས་རོ་ཁ་ཕྱེས་ནས་མིག་འབྲུ་ཚུགས་སུ་བལྟ་བ། ཤར་ལྷོར་ཀྲྀ་ཌྷ་མུ་ཁ་བྱ་རྒོད་ཀྱི་མགོ་ཅན་དཀར་སེར་ཞིང་ཆེན་ཕྲག་ལ་ཁུར་བ། ལྷོ་ནུབ་ཏུ་ཀངྑ་མུ་ཁ་དམར་ནག་དུར་བྱའི་མགོ་ཅན་གཡས་རལ་གྲི་དང་གཡོན་གློ་སྙིང་འདྲད་པའི་ཚུལ་ཅན། ནུབ་བྱང་དུ་ཁྭ་ཁ་མུ་ཁ་ནག་མོ་བྱ་རོག་གི་མགོ་ཅན་གྲི་ཐོད་དཀྲུགས་པ། བྱང་ཤར་དུ་ཧུ་ལུ་མུ་ཁ་མཐིང་ནག་འུག་པའི་མགོ་ཅན་རྡོ་རྗེ་དང་རལ་གྲི་འཛིན་པ་སྟེ། ཡུལ་གྱི་ཕྲ་མེན་བརྒྱད་པ་ཡང་མི་སྲིན་འཇིགས་པའི་ཆ་ལུགས་ཅན་ནོ། །དེའི་ཕྱི་རོལ་གྱི་ཤར་དུ་རྟ་གདོང་དཀར་མོ་གཡས་ལྕགས་ཀྱུ་འཛིན་པ། ལྷོར་ཕག་གདོང་སེར་མོ་གཡས་ཞགས་པ་འཛིན་པ། ནུབ་ཏུ་སེང་གདོང་དམར་མོ་གཡས་ལྕགས་སྒྲོག་འཛིན་པ། བྱང་དུ་སྦྲུལ་གདོང་ལྗང་གུ་གཡས་དྲིལ་བུ་འཛིན་པ་སྟེ། གཡོན་ཐམས་ཅད་ཀྱིས་དུང་ཆེན་དམར་གྱིས་བཀང་ནས་འཛིན་ཅིང་གདོང་མོ་བཞི་ཡང་ཁྲོ་མོའི་ཆ་ལུགས་ཅན་ནོ། །དེའི་ཕྱི་རོལ་གྱི་ཤར་ཕྱོགས་སུ་སྲིན་མོ་སྨུག་ནག་གཡག་གི་མགོ་ཅན་ཐོད་རློན་འཛིན་པ། ཚངས་པ་དམར་སེར་སྦྲུལ་གྱི་

p. 304

མགོ་ཅན་པདྨ་འཛིན་པ། ལྷ་ཆེན་སེར་ནག་གཟིག་གི་མགོ་ཅན་ཏྲི་ཤུལ་འཛིན་པ། གཏོགས་འདོད་དམར་སྐྱ་སྲེ་མོའི་མགོ་ཅན་འཁོར་ལོ་འཛིན་པ། གཞོན་ནུ་སེར་ནག་སྤྱང་ཀིའི་མགོ་ཅན་མདུང་ཐུང་འཕེན་པ། བརྒྱ་བྱིན་དམར་སེར་དྲེད་ཀྱི་མགོ་ཅན་ཞིང་དབྱུག་འཕྱར་བ། ཚོགས་བདག་དམར་སེར་དོམ་གྱི་མགོ་ཅན་ལྕགས་ཀྱུ་གདེངས་པ་སྟེ། དེ་ལྟར་ཤར་ཕྱོགས་ཀྱི་མ་བདུན་པོས་ཕྱག་གཡོན་རྡོ་རྗེ་འཛིན་པའོ། །ལྷོ་ཕྱོགས་སུ་རྡོ་རྗེ་མཐིང་ནག་ཆུ་སྲིན་གྱི་མགོ་ཅན་ཁྲམ་ཤིང་འཕྱར་བ། བདུད་རྩི་སྔོ་སྐྱ་སྡིག་པའི་མགོ་ཅན་པདྨ་འཛིན་པ། བེ་ཅོན་དུད་ཁ་ཁྲའི་མགོ་ཅན་ཐོད་དབྱུག་འཕྱར་བ། སྲིན་མོ་མཐིང་ནག་ཆུ་སྲིན་གྱི་མགོ་ཅན་བྷནྡྷ་འཛིན་པ། ཟླ་བ་མཐིང་ནག་སྟག་གི་མགོ་ཅན་ཞིང་གི་བ་དན་འཕྱར་བ། ཟ་བ་སྨུག་ནག་ཀངྐའི་མགོ་ཅན་རྒྱུ་མ་འདྲེན་པ། མགྲིན་བཅུ་དམར་ནག་རྟའི་མགོ་ཅན་ཞགས་པ་འཛིན་པ་སྟེ། དེ་ལྟར་ལྷོ་ཕྱོགས་ཀྱི་མ་བདུན་པོས་ཕྱག་གཡོན་རིན་ཆེན་འཛིན་པའོ། །ནུབ་ཕྱོགས་སུ་དགའ་བ་དམར་མོ་སྲེ་མོའི་མགོ་ཅན་ལག་གཡས་གར་སྟབས་བྱེད་པའི་ཚུལ་ཅན། སྟོབས་ཆེན་སྨུག་ནག་ཁྱིའི་མགོ་ཅན་ཐོང་གཤོལ་འཛིན་པ། འཆང་མ་དམར་སྐྱ་པུ་ཤུད་ཀྱི་མགོ་ཅན་སྤུ་གྲི་འཛིན་པ། འདོད་

p. 305

པ་དུད་ཁ་ཤ་བའི་མགོ་ཅན་མདའ་གཞུ་འཛིན་པ། སྒོ་སྲུང་དམར་ནག་དོམ་གྱི་མགོ་ཅན་བུམ་པ་འཛིན་པ། རླུང་ལྷ་ལྗང་གུ་སྐྱིན་གྱི་མགོ་ཅན་བ་དན་འཕྱར་བ། བུམ་རྣ་དམར་ནག་ཕག་གི་མགོ་ཅན་ལྕགས་སྒྲོག་འཛིན་པ་སྟེ། དེ་ལྟར་ནུབ་ཕྱོགས་ཀྱི་མ་བདུན་པོས་ཕྱག་གཡོན་པདྨ་འཛིན་པའོ། །བྱང་ཕྱོགས་སུ་གསོད་བྱེད་སྨུག་ནག་ཁྲའི་མགོ་ཅན་རལ་གྲི་འཕྱར་བ། མི་མོ་ལྗང་གུ་སྐྱིན་གྱི་མགོ་ཅན་ཞིང་དབྱུག་འཕྱར་བ། ཕག་མོ་སྔོ་སྐྱ་བྱ་རོག་གི་མགོ་ཅན་རྒྱུ་ཞགས་འཛིན་པ། རྒན་བྱེད་ནག་མོ་ཀྱུངྐའི་མགོ་ཅན་བམ་ཆེན་འཛིན་པ། སྣ་ཆེན་མཐིང་ནག་རའི་མགོ་ཅན་བྷན་དམར་འཛིན་པ། ཆུ་ལྷ་དམར་མོ་སྤྲེའུའི་མགོ་ཅན་སྤྲུལ་ཞགས་འཛིན་པ། རྣམ་ཐོས་ལྗང་གུ་སྤྱང་མོའི་མགོ་ཅན་དྲིལ་བུ་འཛིན་པ་སྟེ། དེ་ལྟར་བྱང་ཕྱོགས་ཀྱི་མ་བདུན་པོས་ཕྱག་གཡོན་རྒྱ་གྲམ་འཛིན་ཅིང་། ཐམས་ཅད་ཀྱང་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་ནོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། སྙིང་གའི་གནས་སུ་ཉི་མའི་

p. 306

དཀྱིལ་འཁོར་གྱི་སྟེང་དུ་ཡབ་རྣམས་ཧྲཱིཿདང་ཡུམ་རྣམས་མ་ཡིག་གིས་མཚན་པའོ། །[གཉིས་པ་ཡེ་ཤེས་ཀྱི་འཁོར་ལ་སྤྱན་དྲང་བ་ནི།]ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བསྐུལ་བས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ[ས་མཁའ་ཁྱབ་ཏུ་སད་པར་མོས་ལ།] ཧཱུཾ་ཧྲཱིཿ ཕྱོགས་དུས་མཁའ་ཀློང་དབྱིངས་ཀྱི་དཀྱིལ་འཁོར་དུ༔ རང་བཞིན་ལྷུན་གྲུབ་བདེ་གཤེགས་རིག་འཛིན་ཚོགས༔ ཨོ་རྒྱན་ཆོས་རྗེ་འགྲོ་མགོན་འོད་དཔག་མེད༔ རྣམ་འགྱུར་རྫུ་འཕྲུལ་ཞི་དང་ཁྲོ་གར་མཛད༔ གང་ལ་ཅི་འདུལ་དེ་ལ་དེར་སྤྲུལ་ཞིང་། ཐུགས་རྗེ་རྒྱལ་སྲས་གདུལ་བྱའི་རེ་འདོད་སྐོང་༔ བླ་མ་ཡི་དམ་ཞི་ཁྲོ་དབྱིངས་ཀྱི་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོར་བཅས༔ ཡེ་ཤེས་པ་དང་དེའི་བཀའ་ཉན་རྣམས༔ དད་པ་དང་ནི་དམ་ཚིག་གདུང་སེམས་ཀྱིས༔ འཁོར་དང་བཅས་པ་བདག་གིས་སྤྱན་འདྲེན་ནོ༔ ཁྱེད་ཀྱི་ཐུགས་རྗེ་གཤེགས་བཞུགས་མི་མངའ་ཡང་༔ འགྲོ་བློའི་བག་ཆགས་སྒྲིབ་གཉིས་རྟོག་སྦྱང་ཞིང་༔ བྱིན་རླབས་དབང་དང་འདོད་དོན་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གདུལ་བྱའི་སྣང་ཚུལ་དུ༔ ཐུགས་རྗེས་ཡུད་ཙམ་གྱིས་ནི་

p. 307

གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི༔ སརྦ་བུདྡྷ་བོ་དྷི་སཏྭ༔ བཛྲ་མ་ཧཱ་ཀྲོ་ཏ་ཧྲཱིཿ་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ས་པ་རི་ཝཱ་ར་ས་མ་ཡ་ཛཿ ཨེ་ཨཱ་རལླི༔ ཧྲིང་ཧྲིང་ཕེཾ་ཕེཾ༔ [ཞེས་སྤྱན་དྲངས།] [གསུམ་པ་བཞུགས་སུ་གསོལ་བ་ནི།] ཧྲཱི༔ དཀྱིལ་འཁོར་གདན་བཀོད་ཡངས་པའི་གནས་མཆོག་འདིར༔ བླ་མ་ཡི་དམ་ཞི་ཁྲོ་ཌཱ་ཀིའི་ཚོགས༔ དཔའ་བོ་དཔའ་མོ་སྲུང་མར་བཅས་པ་རྣམས༔ ཐུགས་རྗེ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ སྐུ་ཡི་རྣམ་འགྱུར་ཕྱག་རྒྱས་བྱིན་གྱིས་རློབས༔ གསུང་གི་སྙིང་པོ་གདམས་པའི་གནད་བསྒྲག་ཅིང་༔ དོན་དམ་ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ ཡོན་ཏན་རེ་སྐོང་དོན་དུ་སྐུ་བཞུགས་གསོལ༔ ཕྲིན་ལས་འགྲོ་འདུལ་དགྱེས་པར་ཞལ་བསྟན་ཅིང་༔ སྒྲུབ་མཆོག་མོས་པའི་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི༔ བཛྲ་མ་ཧཱ་ཀྲོ་དྷ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ས་པ་རི་ཝཱ་ར་ས་མ་ཡ༔ པདྨ་ཀ་མཱ་ལ་ཡེ་སྟྭཾ༔ ཏིཥྛ་བཛྲ་ཧཱུྃ༔ [ཞེས་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས།] [བཞི་པ་དབང་བསྐུར་བ་ནི།] སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་

p. 308

དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས་པ་ལ།] པཉྩ་ཀུ་ལ་ས་པ་ཡི་ཝཱ་ར་ཨརྒྷཾ་[སོགས་ནས།] ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ[འི་བར་གྱིས་མཆོད།] ཕྱོགས་བཅུའི་བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས༔ རྩ་བ་གསུམ་གྱི་ལྷ་ཚོགས་བདག་ཉིད་ཆེ༔ རིགས་ལྔའི་རང་བཞིན་ཐུགས་རྗེ་ཅན་རྣམས་ཀྱིས༔ དབང་བསྐུར་དམ་པ་དེང་འདིར་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། ཕྱོགས་བཅུའི་སངས་རྒྱས་རིགས་ལྔ་སྲས་དང་བཅས་པས་དབང་བསྐུར་བའི་དགོངས་པ་མཛད། ཁྲོ་བོ་བཅུས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་ཤིས་པ་བརྗོད། རིགས་ཀྱི་ཡུམ་ལྔས་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ། ཧྲཱིཿ དབང་བསྐུར་མཆོག་གི་རང་བཞིན་རྡོ་རྗེ་ཆེ༔ ཁམས་གསུམ་མ་ལུས་ཀུན་གྱིས་ཕྱག་བྱས་པ༔ དུས་གསུམ་སངས་རྒྱས་རྣམས་ཀྱི་གསང་གསུམ་གྱི༔ གནས་ལས་བྱུང་བ་ཁྱོད་ལ་སྦྱིན་པར་བྱ༔ ཨོཾ་ཨཱཿཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་སཾ་བྷཝ་ཨ་བྷི་ཥིཉྩ་ཧྲཱིཿ སུ་ར་ཏིསྟྭཾ༔ ཞེས་གསུངས་ཤིང་དབང་བསྐུར་བས་བདུད་རྩིའི་རྒྱུན་གྱིས་ཚངས་བུག་ནས་རྐང་མཐིལ་ཡན་ཆད་གང་། སྒོ་གསུམ་གྱི་དྲི་མ་དག ། ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་སོ་སོ་ལ་རིག་བདག་སོ་སོས་དབུ་བརྒྱན་པར་གྱུར། [ཅེས་

p. 309

འདི་སྐབས་སུ་གཙོ་མཆོག་ནི་པདྨའི་རིགས་ཡིན་ལ། ཕྱོགས་ཀྱི་གཙོ་བོ་རྣམས་ཕྲིན་ལས་བཞི་སྤྱི་མཐུན་ལྟར་དང་། མཚམས་ཀྱི་གཙོ་བོ་རྣམས་ལས་མེ་ཕྲེང་དང་རྟ་མགྲིན་ནི་དབང་གི་རིགས། སངས་རྒྱས་དཔའ་བོ་སྐུ། ཕྱག་རྡོ་རཐུགས་ཀྱི་རིགས་དང་། འཁོར་རྣམས་ཀྱང་ལས་བཞིའི་རིགས་ངེས་པ་རྣམས་ནི་དེ་ཉིད་དང་། མ་ངེས་པ་རྣམས་ལ་ནི་རྣམ་སྣང་གཙོ་བོར་བྱས་པའི་རིགས་ལྔའ་དབུ་རྒྱན་དུ་རྒྱས་གདང་པའོ།] ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ༔ གུ་རུ་དེ་བ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་བཛྲ་མ་ཧཱ་ཀྲོ་ངྷ༔ ཁཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ༔ [ཞེས་སྐུ་གསུང་ཐུགས་རྡོ་རྗེ་ཆེ་བའི་ང་རྒྱལ་བསྐྱེད་དོ། །][ལྔ་པ་ཕྱག་བྱ་བ་ནི།] ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་བ་སེམས་ཅན་ཡོངས་ཀྱི་སྐྱབས་གཅིག་པོ༔ ཀུན་གྱི་གཙུག་རྒྱན་ལྷ་ཡི་ལྷར་གྱུར་པ༔ དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཞི་ཁྲོ་འབར་བ་ཡབ་ཡུམ་སྲས་དང་འཁོར༔ འབར་བའི་ཀློང་ན་རོལ་པའི་སྟངས་སྟབས་འགྱེད༔ ཆོ་འཕྲུལ་དུ་མས་ཕྱག་རྣམས་ཀུན་ཏུ་ཁྱབ༔ ཡི་དམ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ༔ སྣང་སྲིད་ཡོངས་ལ་དབང་བསྒྱུར་མཛད་པ་མོ༔ གར་ཡང་ཐོགས་མེད་རྒྱུགས་པའི་མཐུ་རྩལ་ཅན༔ བྷ་གའི་ཀློང་ན་བདེ་བའི་རྩལ་འབྱིན་མ༔ མ་མོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཕྱི་ནང་

p. 310

བཀའ་ཡི་བསྟན་པ་སྲུང་བྱེད་ཅིང་༔ བདུད་དང་བར་ཆད་རུ་དྲ་འདུལ་བ་ཡི༔ སྟོབས་ཆེན་ཕོ་ཉ་ལས་མཁན་མཐུ་རྩལ་ཅན༔ དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ [དྲུག་པ་མཆོད་པ་འབུལ་བ་ལ། ཕྱི་མཆོད་ནི།] ཧྲཱིཿ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་གཟུགས་སྒྲ་དྲི་རོ་རེག༔ མཆོད་པའི་སྤྲིན་དཔུང་བསམ་གྱིས་མི་ཁྱབ་ཅིང་༔ བཀོད་མཛེས་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ ལྷ་ཚོགས་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ དངོས་འབྱོར་ཡིད་སྤྲུལ་འདོད་ཡོན་སྤྲིན་ཚོགས་ཀྱིས༔ རྒྱལ་བ་འཁོར་དང་བཅས་ལ་དད་པས་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི༔ ས་པ་རི་ཝཱ་ར༔ ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་ཧོཿ བཛྲ་པུཥྤེ་པཱུ་ཛ་ཧོཿ བཛྲ་ངྷུ་པེ་པཱུ་ཛ་ཧོཿ བཛྲ་ཨཱ་ལོ་ཀེ་པཱུ་ཛ་ཧོཿ བཛྲ་གནྡྷེ་པཱུ་ཛ་ཧོཿ བཛྲ་ནཻ་ཝི་དྱ་པཱུ་ཛ་ཧོཿ བཛྲ་ཤཔྡ་པའུ་ཛ་ཧོཿ མཆོད་པའི་དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ༔ ཆོས་དབྱིངས་ངང་ལ་ཐམས་ཅད་མཉམ་ཉིད་རོལ༔ འབྱུང་བའི་རང་མདངས་ནམ་མཁའ་འོད་ཆེན་པོ༔ འདོད་ཡོན་མཆོད་པ་ཆེན་པོ་བཞེས་སུ་གསོལ༔ གཟུགས་ཀྱི་ལྷ་མོ་ལག་གཉིས་མེ་ལོང་བསྣམས༔ མཛེས་པའི་གར་སྟབས་

p. 311

བསྐྱོད་པ་ཕྱོགས་བཅུར་གཡོ༔ ཤིན་ཏུ་སྒེག་ཅིང་གཟི་བརྗིད་དཔལ་འབར་མ༔ གཟུགས་ཀྱི་ལྷ་མོ་ལྷ་ཚོགས་སྤྱན་ལ་ཐིམ༔ ཨོཾ་བཛྲ་དེ་ཝཱི་རཱུ་པ་པཱུ་ཛ་ཧོཿ སྒྲ་ཡི་ལྷ་མོ་ལག་གཉིས་པི་ཝང་བསྣམས༔ འདྲེན་པའི་སྒྲ་སྙན་གཡོ་བ་ཕྱོགས་བཅུར་སྒྲོགས༔ གསུང་སྙན་འགག་མེད་ཡིད་འཕྲོག་བདེ་བའི་དབྱངས༔ ཆོས་དབྱངས་སྒྲ་ཡི་ལྷ་མོ་སྙན་ལ་ཐིམ༔ ཨོཾ་བཛྲ་དེ་ཝི་ཤཔྡ་པའུ་ཛ་ཧོཿ དྲི་ཡི་ལྷ་མོ་ལག་གཉིས་སྤོས་ཕོར་བསྣམས༔ སྤོས་ཀྱི་དྲི་ལྡང་བདུག་པ་ཕྱོགས་བཅུར་འཕྲོ༔ ཀུན་ཏུ་དྲི་ཡི་མཆོད་པས་ཚིམ་བྱེད་མ༔ བདུག་སྤོས་དྲི་ཡི་ལྷ་མོ་ཤངས་ལ་ཐིམ༔ ཨོཾ་བཛྲ་དེ་ཝི་དྷུ་པེ་པཱུ་ཛ་ཧོཿ རོ་ཡི་ལྷ་མོ་བདུད་རྩིའི་གཞོང་ཐོགས་ཤིང་༔ བཅུད་དང་ལྡན་པའི་རོ་བཅུད་ཀུན་ཏུ་འཕྲོ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་སྐོང་མཛད་མ༔ བདུད་རྩི་རོ་ཡི་ལྷ་མོ་ལྗགས་ལ་ཐིམ༔ ཨོཾ་བཛྲ་དེ་ཝི་ར་ས་པཱུ་ཛ་ཧོཿ རེག་བྱའི་ལྷ་མོ་གཉེན་ལྕུགས་འཁྲིལ་སྦྱོར་མ༔ ཐུགས་ཀ་དག་ནས་ཡོངས་སུ་འཁྱུད་པར་མཛད༔ བདེ་བ་མྱོང་བྱེད་དགྱེས་ཤིང་ཚིམ་པར་གྱིས༔ འདོད་ཡོན་རེག་བྱའི་ལྷ་མོ་སྐུ་ལ་ཐིམ༔ ཨོཾ་བཛྲ་དེ་ཝི་སྤརྴེ་པཱུ་ཛ་ཧོཿ འདོད་ཡོན་མཆོད་པའི་

p. 312

ལྷ་མོ་འདི་རྣམས་ཀྱིས༔ སྐུ་གསུང་ཐུགས་ལས་རང་བྱུང་སྤྲུལ་བསྒྱུར་ཞིང་༔ ཐམས་ཅད་རང་རང་མ་ལུས་ཆོས་ཀྱི་དབྱིངས༔ ཆོས་ཀྱི་ལྷ་མོ་ཐུགས་ལ་ཐིམ་སྟེ་རོལ༔ ཨོཾ་བཛྲ་དེ་ཝི་དྷརྨ་པཱུ་ཛ་ཧོ༔ [ནང་མཆོད་ནི།] དབང་པོ་རྣམ་ལྔ་མེ་ཏོག་གསུར་ཆེན་སྤོས༔ ཞུན་ཆེན་ངམ་མེ་མཁྲིས་པའི་གྷནྡེ་དང་༔ བདུད་རྩི་ཞལ་ཟས་རྐང་གླིང་ཐོད་རྔ་རྣམས༔ རྩ་གསུམ་དཀྱིལ་འཁོར་ཞི་ཁྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི༔ སརྦ་བུངྔྷ་སཏྭ༔ བཛྲ་མ་ཧཱ་ཀྲོ་ངྷ༔ མ་ཧཱ་པཱུ་ཛ་ཧོཿ [གསང་མཆོད་ནི།] ཡབ་ཡུམ་གཉིས་སུ་མེད་པའི་མཁའ་གསང་ནས༔ བྱང་ཆུབ་སེམས་ལྡན་ཐབས་དང་ཤེས་རབ་བཅུད་༔ དངོས་གྲུབ་དགའ་བཞི་ཡེ་ཤེས་བདེ་ཆེན་མཆོག༔ རྣམ་རོལ་རྩ་གསུམ་ཞི་ཁྲོ་དགྱེས་པར་ཚིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་བུངྔྷ་བོ་ངྷི་སཏྭ༔ བཛྲ་མ་ཧཱ་ཀྲོ་ངྷ༔ བི་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ བདུད་རྩིའི་མཆོད་པ་ནི། ཧཱུྃ་ཧྲཱིཿ རང་བྱུང་གདོད་ནས་རྣམ་པར་དག་པའི་ངང་༔ རྩ་བརྒྱད་ཡན་ལག་སྟོང་སྦྱོར་སྨན་ཆེན་པོ༔ རིགས་ལྔ་ཡབ་ཡུམ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་ལྷུན་གྱིས་གྲུབ་པའི་རྫས༔ ཉོན་མོངས་དུག་ལྔ་འཇོམས་པའི་བདུད་རྩི་འདི༔ རྩ་གསུམ་ཞི་

p. 313

ཁྲོའི་དཀྱིལ་འཁོར་ཚོགས་ལ་འབུལ༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དེ་ཌཱ་ཀི་ནཱི༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ [རཀྟའི་མཆོད་པ་ནི།] ཧཱུྃ་ཧྲཱིཿ ལྕང་ལོར་བཅས་པའི་བྷནྡྷ་ཆེན་པོ་རུ༔ ཉོན་མོངས་འཁོར་བ་བསྒྲལ་བའི་ཁྲག་ཆེན་སྦྱར༔ ཡོན་ཏན་ཀུན་འབྱུང་བཅུད་ཀྱི་ངར་རྩི་འདི༔ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཚོགས་ལ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གོལ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱིཿ མ་ཧཱ་རཀྟ་ཨེ་དཾ་དུཥྚ་ཁཱ་ཧི༔ [གཏོར་མའི་མཆོད་པ་ནི།]ནམ་མཁའ་ཡེ་ཤེས་ཀུན་བཟང་ཡངས་པའི་ཀློང་། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱ་ཆེ༔ ཕྲག་དོག་རྣམ་རོལ་བདེ་ཆེན་དགྱེས་པའི་རོ༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ མ་ཧཱ་སུ་ཁ་དྷརྨ་དྷཱ་

p. 314

ཏུ་ཛྙཱ་ན་སཾ་བྷ་ཝ་ཨཏྨ་ཀོཉཧཾ༔ [བདུན་པ་བསྟོད་པ་ནི།] ཧཱུཾ་ཧྲཱིཿ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ མ་བཅོས་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས༔ མ་འགགས་རང་བྱུང་ཐུགས་རྗེས་ཀུན་ལ་ཁྱབ༔ སྨྲ་བསམ་བརྗོད་དང་བྲལ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང་༔ སྣང་ཚུལ་གཞན་དོན་རོལ་པ་སྣ་ཚོགས་གསལ༔ ཐབས་ཤེས་བདེན་པ་གཉིས་ལ་མངའ་བརྙེས་པའི༔ ཞི་ཁྲོ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ འགྲོ་རྣམས་བདེ་ཆེན་ས་ལ་འགོད་མཛད་ཕྱིར༔ གང་ལ་གང་འདུལ་ཚུལ་དུ་སྐུར་སྣང་ཞིང་༔ ཆོ་འཕྲུལ་གར་བསྒྱུར་ཅིར་ཡང་སྟོན་པ་པོ༔ སྤྲུལ་སྐུས་གཞན་དོན་མཛད་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་དགུ་རྫོགས་དབུས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་གཙོ་མཆོག་པདྨ་བཛྲ་རྩ༔ ཡབ་ཡུམ་སྲས་དང་འཁོར་དང་བཀའ་སྲུང་བཅས༔ གཙོ་བོ་དབུས་ཕྱོགས་ལྷ་ལ་ཕྱག༴ ཤར་གྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ རིགས་མཆོག་དག་པ་བུདྡྷ་ཐོད་ཕྲེང་རྩལ༔ ཡབ་ཡུམ་སྲས་དང་འཁོར་དང་༴ ཕོ་བྲང་ཤར་ཕྱོགས་ལྷ་ལ་ཕྱག༴ ལྷ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ མི་བསྐྱོད་རྡོ་རྗེ་རྒྱལ་བ་ཀུན་

p. 315

གྱི་དངོས༔ ཡབ་ཡུམ་སྲས་དང་༴ ཕོ་བྲང་ལྷོ་ཕྱོགས་ལྷ་ལ་ཕྱག༴ ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར༴ བཅོམ་ལྡན་དཔལ་ཆེན་པདྨ་དབང་ཆེན་རྩལ༔ ཡབ་ཡུམ་སྲས་དང་༴ ཕོ་བྲང་ནུབ་ཕྱོགས་ལྷ་ལ་ཕྱག༴ བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར༴ རིག་འཛིན་གཙོ་མཆོག་དཔལ་ཆེན་ཐོད་པ་རྩལ༔ ཡབ་ཡུམ་སྲས་དང་༴ ཕོ་བྲང་བྱང་ཕྱོགས་ལྷ་ལ་ཕྱག༴ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར༴ མདོག་དམར་མེ་ཕྲེང་དྲག་པོ་རྩལ་གྱི་སྐུ༔ ཡབ་ཡུམ་སྲས་དང་༴ ཤར་ལྷོའི་ལྷ་ཚོགས་རྣམས་ལ་ཕྱག༴ ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར༴ སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་འཆང་༔ ཡབ་ཡུམ་སྲས་དང་༴ ལྷོ་ནུབ་ལྷ་ཚོགས་རྣམས་ལ་ཕྱག༴ ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར༴ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ༔ ཡབ་ཡུམ་སྲས་དང་༴ ནུབ་བྱང་ལྷ་ཚོགས་རྣམས་ལ་ཕྱག༴ བྱང་ཤར་མཚམས་ཀྱི་དཀྱིལ་འཁོར༴ དཔལ་ཆེན་ལག་ན་རྡོ་རྗེ་གསང་བའི་བདག༔ ཡབ་ཡུམ་སྲས་དང་༴ བྱང་ཤར་ལྷ་ཚོགས་རྣམས་ལ་ཕྱག་འཚལ༴ དཀྱིལ་འཁོར་ཆེན་པོའི་སྒོ་བ་མ་བཞི་དང་༔ མཚམས་མ་ཕྱེད་གཟུགས་བར་ཁྱམས་ལ་གནས་པའི༔

p. 316

དཔའ་བོ་དཔའ་མོ་ཡབ་ཡུམ་ཉི་ཤུ་བཞི༔ དཀྱིལ་འཁོར་ཡོངས་རྫོགས་རྣམས་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད་དོ། །][བརྒྱད་པ་ཛཔྲ་བཟླ་བ་ནི།] ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ཁོང་སེང་གི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། སྣང་བ་མཐའ་ཡས་དམར་ལ་དྭངས་པ་རྒྱན་མེད་སྐྱིལ་ཀྲུང་མཉམ་བཞག་མཛད་པའི་མཐིལ་དུ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི་བུམ་པ་འོད་འབར་བའི་ནང་དུ་ཨོཾ་ཨཱཿཧཱུྃ་བརྩེགས་མར་གནས་པ་དང་། ཐུགས་ཀར་ཧྲཱིཿཡིག་དམར་པོ་གསལ་འཚེར་འབར་བ། སྣང་བ་མཐའ་ཡས་ཀྱི་མཐའ་སྐོར་དུ་མདུན་ཕྱོགས་ནས་གཡས་བསྐོར་གྱིས། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དེ་ཝ་ཌཱ་ཀི་ནཱི༔ བོ་ངྷི་ཙིཏྟ༔ མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་ངྷ༔ ཤནྲྟི་ཀ༔ ཧྲཱིཿ མ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ སརྦ་སིངྔྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ༔ ཨ་མི་དྷེ་ཝ༔ མ་མ་ཙིཏྟ༔ སཾ་བྷ་ཝ་ཨ་དྷིཥྛ་ནཾ༔ མ་མ་ཨཱ་ཡུ་ཛྙཱ་ན༔ སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་པས་བསྐོར་བ་ལས་སྔགས་ཀྱི་རང་སྒྲས་བསྐུལ་ཏེ་སྔགས་འབྲུ་རྣམས་འོད་གསལ་མེད་པ་ལ་བསྐོར་བ་བྱེད་པའི་

p. 317

ཚུལ་དུ་དམར་འོད་ཧྲཾ་ཧྲཾ་འཁོར་ཞིང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་སྟོབས་ཐམས་ཅད་བསྡུས་ནས་དམ་ཚིག་པའི་སྔགས་འབྲུ་རྣམས་ལ་ཐིམ་པ་ཙམ་གྱིས། སྔགས་ཕྲེང་ཐམས་ཅད་བཀྲག་དང་གཟི་མདངས་བསམ་གྱིས་མི་ཁྱབ་པར་འབར་ཞིང་། སྔགས་ཀྱི་སྒྲ་སྐད་འབྲུག་སྟོང་ལྡིར་བ་ལྟར་གྲགས་པར་གྱུར། སླར་ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་སྔགས་འབྲུ་དང་བུམ་ནང་གི་ཨོཾ་ཨཱཿཧཱུྃ་གསུམ་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་ཕོག་པས་མཉེས་པའི་མཆོད་པར་གྱུར། ཐུགས་དམ་གྱི་རྒྱུད་བསྐུལ་བས་དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་བཅུད་དཔལ་དང་གྲགས་པ། གཟི་མདངས་དང་བཅས་པ་ཐམས་ཅད་ཚུར་འདུས་ནས་འོད་དཔག་མེད་ཀྱི་བུམ་པར་ཞུགས། ཡང་སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་ཀྱི་འགྲོ་བ་ཕོ་མོ་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་སྙན་གྲགས་དྭངས་བཅུད་ནུས་

p. 318

མཐུ་ཐམས་ཅད་ཀྱང་རང་དབང་མེད་པར་འདུས་ནས་བུམ་པར་ཞུགས་པས་བུམ་པ་མེར་གྱིས་གང་། བུམ་ཅོལ་ནས་ཟག་པ་མེད་པའི་བདུད་རྩི་ལུད་པ་རྡོ་རྗེ་ལ་ཕོག །རྡོ་རྗེ་ལས་བདུད་རྩི་དཀར་པོ་འཕྲོས་ཏེ་པདྨ་ལ་ཕོག །པདྨ་ལས་བདུད་རྩི་དམར་པོ་བྱུང་སྟེ། བདུད་རྩི་དཀར་དམར་འདྲེས་པའི་རྒྱུན་གྱིས་ཡབ་ཡུམ་གྱི་སྐུའི་ཆ་ཐམས་ཅད་ཁེངས་པས། བདེ་བ་རྒྱས་ཤིང་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་བདེ་བའི་ཡེ་ཤེས་ཀྱི་འོད་ཟེར་འཕྲོས། ཕྱོགས་དུས་བདེ་གཤེགས་རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་ཕོག་པས། དེ་ཐམས་ཅད་ཀྱང་ཡབ་ཡུམ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་ཟག་མེད་བདེ་བའི་ཡེ་ཤེས་ཀྱི་བདུད་རྩི་བྱུང་སྟེ་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ཚེ་བསོད་དཔལ་འབྱོར་སྙན་གྲགས་སྟོབས་རྩལ་ནུས་མཐུ་ཐམས་ཅད་དར་ཞིང་རྒྱས། རྣམ་བཞི་ལ་ལས་དབང་བའི་དངོས་གྲུབ་ལ་སོགས་ཇི་ལྟར་འདོད་པའི་དོན་འབྲས་ཕུན་སུམ་ཚོགས་པ་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་མངའ་བརྙེས་པར་གྱུར། [ཞེས་གསལ་བཏབ་ལ། གོང་གི་སྤྱི་དྲིལ་ཆེན་མོ་ཉིད་ཅི་འགྲུབ་ཏུ་བཟླ་ཞིང་ཐུན་མཚམས་སུ་སྟོང་ཚོགས་ཀྱིས་མཆོད། གཞན་དོན་གྱི་སྐབས་སུ་བུམ་བཟླས་སོགས་ལས་སྦྱོར་གྱི་བཟླས་པའང་བྱ། བར་འདིར་རྡོ་

p. 319

རྗེའི་ཆོས་སྐྱོང་སྤྱི་དང་བྱེ་བྲག་རྟ་ནག །ཤ་ཟ་ཁ་མོ་ཆེ། བཙན་རྒོད་བཅས་ཀྱི་གཏོར་ཆོག་རྒྱས་བསྡུས་ཇི་ལྟར་རིགས་པ་བྱའོ། །][གསུམ་པ་ཉམས་བཤགས་སྐོང་བའི་རྣལ་འབྱོར་ལ་གཉིས། འགྱོད་ཚངས་བཤགས་པའི་ལས་རིམ་དང་། ཐུགས་དམ་བསྐང་བའི་ཆོ་གའོ། །དང་པོ་ལའང་། ལུས་ཀྱི་ཕྱག་འཚལ་བའི་སྒོ་ནས་བཤགས་པ། ངག་གིས་སྔགས་བཟླ་བའི་སྒོ་ནས་བཤགས་པ། ཡིད་མ་བཅོས་ལྟ་བའི་ཀློང་གི་བཤགས་པ། ལུས་ངག་ཡིད་གསུམ་ཀའི་སྒོ་ནས་སྨྲེ་སྔགས་འགྱོད་ཚིག་གིས་བཤགས་པ་དང་བཞི་ལས། དང་པོ་ལུས་ཀྱི་ཕྱག་འཚལ་བའི་སྒོ་ནས་བཤགས་པ་ནི།] རང་རང་རྣམས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བ་ཙམ་གྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ངན་པ་ཐམས་ཅད་དང་གནས་སྐབས་ཀྱི་མི་མཐུན་པའི་ཕྱོགས་ངན་པ་དང་བཅས་པ་ཐམས་ཅད་སངས་སངས་དག་པར་[བསམ་ལ།]ཨེ་མ་ཧོཿ སངས་རྒྱས་ཀུན་དངོས་རྡོ་རྗེ་ལྟ་བུའི་སྐུ༔ མཚན་དང་དཔེ་བྱད་དུ་མའི་དཔལ་འབར་ཞིང་༔ འགྲོ་བའི་དོན་ཕྱིར་སྤྲུལ་པ་དཔག་མེད་འགྱེད༔ དུས་གསུམ་བླ་མའི་སྐུ་ལ་ཕྱག་འཚལ་ལོ༔ འགག་མེད་གྲགས་སྟོང་ཚངས་པའི་སྒྲ་དབྱངས་ཀྱིས༔ འགྲོ་རྣམས་གསུང་རབ་ཟབ་མོས་སྐྱོང་མཛད་ཅིང་༔

p. 320

མ་ནོར་ལམ་མཆོག་སྟོན་པའི་རིན་པོ་ཆེ༔ བསྟན་པའི་སྒྲོན་མེ་ཁྱོད་ལ་ཕྱག༴ རྣམ་དག་བདེ་བ་ཆེན་པོའི་ཀློང་ཡངས་ནས༔ མཁྱེན་རྟོགས་བརྩེ་བའི་ནུས་པ་དཔག་ཡས་ཀྱིས༔ ཡང་དག་དོན་གྱི་བཅུད་ཆར་འབེབས་པ་པོ༔ ཀུན་མཁྱེན་རྡོ་རྗེའི་ཐུགས་ལ་ཕྱག༴ ངང་ཉིད་ཞི་བའི་དབྱིངས་ལས་འབར་བའི་སྐུ༔ མཐུ་དཔུང་གར་དགུའི་ཉམས་ལྡན་སྟོབས་པོ་ཆེ༔ ཞི་དང་ཁྲོ་གར་འཛུམ་པའི་མདངས་སྟོན་པ༔ འགྱུར་མེད་རྡོ་རྗེའི་སྐུ་ལ༴ ཁྱོད་གསུང་སྔགས་ཀྱི་སྒྲ་དབྱངས་འབྲུག་སྟོང་ལྡིར༔ མ་རུང་བདུད་དཔུང་འདུལ་ཞིང་རྒོལ་ངན་འཇོམས༔ ཨཱ་ལི་ཀཱ་ལིའི་མངའ་བདག་མཐུ་སྟོབས་ཅན༔ པདྨའི་ལྗགས་ལྡན་དེ་ལ༴ གཏི་མུག་ལ་སོགས་འཁྲུལ་འཁོར་རང་དག་ངང་༔ ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དེ་བཞིན་ཉིད༔ ཐམས་ཅད་ལྷུན་གྲུབ་ཡང་དག་དོན་ལྡན་ཐུགས༔ དངོས་གྲུབ་ཀུན་འབྱུང་དེ་ལ༴ འབར་བའི་འོད་དང་འོད་ཁྱིམ་གཞལ་ཡས་སུ༔ དཀར་སེར་དམར་ལྗང་སྣ་ཚོགས་སྐུར་སྟོན་ཅིང་༔ སྤྲུལ་དང་ཡང་སྤྲུལ་གར་ཡང་ཐོགས་མེད་རྒྱུག༔ མ་ཚོགས་མཁའ་འགྲོའི་སྐུ་ལ༔ ཅིར་ཡང་མ་ངེས་སྣ་ཚོགས་སྒྲ་བསྒྱུར་ཞིང་༔ སྔགས་ཀྱི་བསྟན་སྲུང་འགྲོ་བའི་འཇིགས་པ་སྐྱོབ༔ འབྱུང་བའི་བཅུད་འདུས་ངག་གི་དབང་ཕྱུག་

p. 321

མ༔ མ་མོ་ཌཱ་ཀིའི་གསུང་ལ༴ ཐུགས་རྗེ་བདེ་བ་ཆེན་པོའི་ཀློང་ཡངས་ནས༔ ཞི་རྒྱས་དབང་སོགས་ཕྲིན་ལས་དུ་མ་ཡིས༔ གང་ལ་གང་འདུལ་དེ་ལ་དེར་སྟོན་ཞིང་༔ འགྲོ་རྣམས་རྗེས་སུ་འཛིན་ལ༴ ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས༔ མཚན་ཐོས་ཙམ་གྱིས་འཁོར་བའི་སྡུག་བསྔལ་སྐྱོབ༔ འགྲོ་བའི་བླ་མཆོད་རྐང་གཉིས་རྣམས་ཀྱི་མཆོག༔ ཕན་བདེའི་འབྱུང་གནས་དེ་ལ༴ གང་དག་ལམ་ལོག་ལམ་གོལ་ལམ་ནོར་རྣམས༔ ལམ་ངན་མུན་པའི་སྨག་རུམ་སེལ་བྱེད་ཅིང་༔ ཐེག་མཆོག་འོད་ཀྱི་སྒྲོན་མེ་རབ་གསལ་མཛད༔ དམ་ཆོས་རིན་ཆེན་དེ་ལ༴ བླ་མ་ཡང་དག་དོན་ལྡན་ཚོགས་ཀྱི་ཞིང་༔ བྱང་ཆུབ་སེམས་ལྡན་ཕྱིར་མི་ལྡོག་པའི་གྲོགས༔ ཚངས་པར་མཚུངས་སྤྱོད་འཕགས་པའི་དགེ་འདུན་ཏེ༔ བྱང་སེམས་འཕགས་པའི་ཚོགས་ལ་གུས་ཕྱག་འཚལ༔ ཧྲཱིཿ མ་ཆགས་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ༔ པདྨ་བཛྲ་དཀྱིལ་འཁོར་ཡོངས་ཀྱི་གཙོ༔ ཐུགས་དམ་སྐོང་མཛད་ལྷ་ལྕམ་མནྡྷ་ར༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་ལོ༔ མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་ཉིད༔ ཞེ་སྡང་རང་གྲོལ་ཞེ་སྡང་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་རྡོ་རྗེ་སྐྱོད་བྱེད་

p. 322

མ༔ ཡབ་ཡུམ་གཉིས་སུ་མེད་ལ༴ མཉམ་པ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད༔ ང་རྒྱལ་རང་གྲོལ་ང་རྒྱལ་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་གཤིན་རྗེ་འཇོམས་མའི་སྐུ༔ ཡབ་ཡུམ་གཉིས་སུ་མེད་ལ༴ སོ་སོར་རྟོག་པའི་ཡེ་ཤེས་ངོ་བོ་ཉིད༔ འདོད་ཆགས་རང་གྲོལ་འདོད་ཆགས་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ཡུམ་ཆེན་སྲེག་བྱེད་མ༔ ཡབ་ཡུམ༴ བྱ་བ་གྲུབ་པའི་ཡེ་ཤེས་ངོ་བོ་ཉིད༔ ཕྲག་དོག་རང་གྲོལ་ཕྲག་དོག་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ཡུམ་ཆེན་ཙཎྜི་མ༔ ཡབ་ཡུམ༴ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་ཉིད༔ གཏི་མུག་རང་གྲོལ་གཏི་མུག་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ཡུམ་ཆེན་རྨོངས་བྱེད་མ༔ ཡབ་ཡུམ༴ སྐུ་ཡི་ཡེ་ཤེས་གཟི་བརྗིད་དཔལ་འབར་ཞིང་༔ ཆགས་ཐོགས་མེད་པ་བདེ་ཆེན་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ཡམ་ཆེན་ལཱ་མཱ་སྟེ༔ ཡབ་ཡུམ༴ གསུང་གི་ཡེ་ཤེས་སྐྱེ་འཆི་བསྒྲེས་རྒུད་བྲལ༔ ཚེ་དབང་རྒྱལ་པོ་མཚོ་སྐྱེས་རྡོ་རྗེའི་སྐུ༔ དགྱེས་པར་འཁྲིལ་མཛད་ལྷ་ཡི་ལྕམ་གཅིག་མ༔ ཡབ་ཡུམ༴ ཐུགས་ཀྱི་ཡེ་ཤེས་བདེ་ཆེན་ཡངས་པའི་ཀློང་༔ ཁྲག་འཐུང་རྡོ་རྗེ་དགོས་འདོད་ཡིད་བཞིན་གཏེར༔ དགྱེས་པར་འཁྲིལ་མཛད་ཡུམ་ཆེན་གསོད་བྱེད་མ༔ ཡབ་ཡུམ༴ རིགས་འདུས་

p. 323

གཙོ་མཆོག་ཕྲིན་ལས་ཡོངས་ཀྱི་བདག༔ བུངྔྷ་ཐོད་ཕྲེང་རྩལ་དང་དེ་ཡི་ཡུམ༔ དགྱེས་པར་འཁྲིལ་མཛད་སངས་རྒྱས་མཁའ་འགྲོ་མ༔ གཉིས་མེད་ལྷན་གཅིག་རོལ་ལ༴ ཞི་ཚོགས་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ དེ་ཡི་སྐུལ་དགྱེས་པར་འཁྲིལ་བའི་ཡུམ༔ རྡོ་རྗེ་མཁའ་འགྲོ་བདུད་དཔུང་འཇོམས་མཛད་མ༔ བདེ་སྟོང་གཉིས་མེད་རོལ་མཛད་ཁྱོད་ཕྱག་འཚལ༔ རྒྱས་པའི་ལས་ལ་མངའ་མཛད་དཔལ་ཆེན་པོ༔ རཏྣ་ཐོད་ཕྲེང་རྩལ་དང་དེ་ཡི་ཡུམ༔ རིན་ཆེན་མཁའ་འགྲོ་ཚེ་དང་བསོད་ནམས་སྤེལ༔ ཡབ་ཡུམ་ལྷན་ཅིག་རོལ་ལ༴ སྣང་བ་དབང་སྡུད་པདྨ་ཐོད་ཕྲེང་རྩལ༔ འདོད་ཁམས་གཙོ་མོ་པདྨ་མཁའ་འགྲོ་མ༔ གཉིས་མེད་འཁྲིལ་སྦྱོར་སྣང་སྲིད་ཁ་ལོ་སྒྱུར༔ སྤྲུལ་དང་ཡང་སྤྲུལ་མཛད་ལ༴ ཀརྨ་ཐོད་ཕྲེང་རྔམས་བརྗིད་བཞད་པའི་སྐུ༔ དྲག་པོའི་ལས་མཛད་དགྲ་བགེགས་རུ་དྲ་འདུལ༔ ལས་ཀྱི་མཁའ་འགྲོ་མི་སྲུན་གཟུགས་འཆང་མ༔ ཐབས་ཤེས་གཉིས་མེད་རོལ་ལ༴ སྙིང་པོའི་དོན་སྟོན་རྡོ་རྗེ་མོས་པ་རྩལ༔ ལོག་སྲེད་འདུལ་མཛད་བྷི་ཤྭ་ཌཱ་ཀི་མ༔ གཉིས་མེད་འཁྲིལ་སྦྱོར་སྣང་སྲིད་ཆམ་ལ་འབེབས༔ འདོད་དོན་སྦྱིན་པར་མཛད་ལ༴ བདེ་ལེགས་ཡོན་ཏན་མ་ལུས་ཀུན་

p. 324

བསྐྱེད་པ༔ རྡོ་རྗེ་མྱུ་གུ་རྩལ་དང་གཉིས་མེད་ཡུམ༔ སརྦ་ཌཱ་ཀི་སྣང་སྲིད་འཁོར་འདས་ཀྱི༔ ལེགས་ཉེས་སྟངས་འཛིན་གཅོད་ལ༴ སྐྱེ་འགྲོའི་སྲོག་འཛིན་རྡོ་རྗེ་བཞད་པ་རྩལ༔ རྣལ་འབྱོར་ཚེ་འཛིན་དམ་ཚིག་མཁའ་འགྲོའི་སྐུ༔ ཡབ་ཡུམ་གཉིས་ཀྱིས་སངས་རྒྱས་བསྟན་པ་ཡི༔ སྲོག་ཤིང་འཛིན་པར་མཛད་ལ༴ དཔལ་གྱི་ཕོ་ཉ་གར་གྱི་དབང་ཕྱུག་རྩལ༔ ཁྱོད་ཀྱི་ཡུམ་མཆོག་འཇིག་རྟེན་མཁའ་འགྲོ་མ༔ དམ་ཚིག་ཅན་སྲུང་ཉམས་པའི་སྲོག་རྩ་གཅོད༔ ཡབ་ཡུམ་བསྟན་པ་སྲུང་མཛད་ཁྱོད་ཕྱག༴ དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ ཐུགས་ཀྱི་མཛོདའཛིན་མི་བསྐྱོད་རྡོ་རྗེ་རྩལ༔ གསང་བའི་མཛོད་འཛིན་བདེ་བའི་དབྱིངས་ཕྱུག་མ༔ མཛོད་འཛིན་ཡབ་ཡུམ་གཉིས་ལ༴ འཁོར་བའི་གནས་བཞུགས་འཁོར་བའི་སེམས་ཅན་རྣམས༔ ཐར་པའི་ལམ་སྟོན་པདྨ་འབྱུང་གནས་དང་༔ ཡེ་ཤེས་མཚོ་རྒྱལ་ཡེ་ཤེས་དབྱིངས་ཀྱི་ཡུམ༔ ཡབ་ཡུམ་འགྲོ་དོན་མཛད་ལ༴ ཤེས་བྱའི་དོན་ལ་མ་རྨོངས་ཐོགས་མེད་པའི༔ ཐམས་ཅད་མཁྱེན་གཟིགས་བློ་ལྡན་མཆོག་སྲེད་སྐུ༔ སྤྲུལ་པའི་ཡུམ་ཆེན་བདེ་བའི་རྣལ་འབྱོར་མ༔ བློ་གྲོས་མཚུངས་མེད་ཡབ་ཡུམ་གཉིས་ཕྱག་འཚལ༔

p. 325

མ་རིག་རྨོངས་པའི་མུན་རུམ་སེལ་མཛད་པའི༔ ཉི་མ་འོད་ཟེར་སྣང་གསལ་སྒྲོན་མེ་མཆོག༔ དེ་ཡི་གྲོགས་མཛད་བདག་མེད་ལྷ་མོ་སྟེ༔ ཡབ་ཡུམ་གཉིས་ལ་གུས་པས་ཕྱག༴ ཕ་རོལ་བདུད་དང་མུ་སྟེགས་ལོག་རྟོག་རྣམས༔ རྡུལ་དུ་རློག་བརྩོན་སེང་གེ་སྒྲ་སྒྲོག་དང་༔ ཁྱོད་ཀྱི་ཐུགས་དམ་བསྐུལ་བའི་ཡུམ་ཆེན་མོ༔ རྡོ་རྗེ་ཕྲ་མེན་བཅས་ལ༴ རྒྱལ་བ་ཀུན་གྱི་ཡོན་ཏན་རྫོགས་པའི་དཔལ༔ ཡིད་བཞིན་གཏེར་མཛོད་པདྨ་སཾ་བྷ་ཝཿ དགྱེས་སྐོང་རྒྱ་མཚོ་གླིང་གི་ཕྲ་མེན་མ༔ ཐབས་ཤེས་གདུལ་ཐབས་མཛད་ལ༴ སྣང་སྲིད་ཡོངས་ལ་མངའ་དབང་མཛད་པ་པོ༔ འཇིག་རྟེན་དབང་ཕྱུག་གཙོ་མཆོག་པདྨ་རྒྱལ༔ བཀའ་ཡི་སྲོལ་འཛིན་ཡུམ་ཆེན་ཞི་བ་འཚོ། ཡིད་བཞིན་ཡབ་ཡུམ་གཉིས་ལ༴ བསྟན་པའི་རྒྱལ་མཚན་མུ་སྟེགས་རྩོད་པ་བཟློག༔ བདུད་བཞིའི་དཔུང་འཇོམས་ཤཱཀྱ་སེང་གེ་སྟེ༔ ཤཱཀྱ་ངྷེ་མ་ལོག་རྟོག་ཁ་ལོ་བསྒྱུར༔ ཕན་ཚུན་མཉམ་པར་གནས་ལ༴ སྤྲུལ་པའི་འོད་ཀྱིས་བགེགས་དང་ལོག་འདྲེན་འདུལ༔ རྡོ་རྗེ་གྲོ་ལོད་ཁྲོ་གཏུམ་འཇིགས་པའི་གཟུགས༔ ཡུམ་ཆེན་ཌཱ་ཀི་བདུད་འདུལ་མ་དང་བཅས༔ གཞོན་ནུ་རོལ་རྩེད་མཛད་ལ༴ ཐུགས་

p. 326

རྗེས་མཁའ་ལྟར་ཁྱབ་པའི་བཅོམ་ལྡན་འདས༔ པདྨ་དབང་ཆེན་འགྲོ་དྲུག་ལམ་སྣ་འདྲེན༔ བདེ་མཉེན་འཁྲིལ་སྦྱོར་རིག་བྱེད་ལྷ་མོའི་སྐུ༔ ཡབ་ཡུམ་སྤྲུལ་པར་བཅས་ལ༴ རྡོ་རྗེ་ཉི་མ་མ་རིག་མུན་པ་སེལ༔ ཡུམ་ཆེན་ལེགས་སྐྱེས་དགོས་འདོད་རེ་བ་སྐོང་༔ ལྷན་ཅིག་སྐྱེས་སྦྱོར་བདེ་སྟོང་ཟག་པ་མེད༔ ཐབས་ཤེས་ཀུན་ཏུ་སྣང་ལ༴ སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་མཛད་པ༔ དཔའ་བོ་སྟོབས་ཆེན་ཐོགས་མེད་རྒྱལ་པོ་དང་༔ གཉིས་མེད་ཡུམ་ཆེན་ཕྲ་མེན་དབྱིངས་ཕྱུག་མ༔ ཞི་ཚུལ་ཁྲོ་གར་མཛད་ལ༴ ཚངས་པའི་སྒྲ་སྒྲོགས་དབང་ཆེན་ཉི་མ་རྩལ༔ སྲིད་པའི་རྒྱལ་མོ་སྒྲུབ་པའི་དྲོད་ཉུལ་མ༔ ཡབ་ཡུམ་གཉིས་མེད་དངོས་གྲུབ་ཆར་ལྟར་འབེབས༔ བདེ་བའི་འབྱུང་གནས་དེ་ལ༴ ཕྲིན་ལས་ཐོགས་མེད་སྒྲུབ་ཅིང་སྤྲུལ་པ་འགྱེད༔ རྫུ་འཕྲུལ་མངའ་བདག་གསེར་གྱི་ཉི་མ་རྩལ༔ ཡུམ་ཆེན་ཉི་མ་ཁྲོས་པའི་དབང་མོ་ཆེ༔ རྒྱལ་བ་ཡབ་ཡུམ་གཉིས་ལ༴ སྒེག་པ་དཔའ་བ་འཇིགས་སུ་རུང་བའི་སྐུ༔ འཁྲུལ་རྟོག་རྩད་གཅོད་རྡོ་རྗེ་ཁྲོ་བོ་རྩལ༔ སྤྲུལ་པའི་ཡུམ་ཆེན་གར་གྱི་དབང་ཕྱུག་མ༔ གཉིས་མེད་མཉམ་རོལ་མཛད་ལ༴ མ་རུང་ཚར་གཅོད་མི་སྲུན་དྲག་པོའི་སྐུ༔ རྡོ་རྗེ་ཧཱུཾ་

p. 327

མཛད་ལས་ཀྱི་དབང་མོར་བཅས༔ སྤྲུལ་དང་ཡང་སྤྲུལ་འགྱེད་ཅིང་ཀུན་ཏུ་རྒྱུག༔ དགྲ་བགེགས་དམག་དཔུང་འཇོམས་ལ༴ གནས་དང་ཡུལ་དང་ཉེ་བའི་གནས་ཡུལ་སོགས༔ དུར་ཁྲོད་བདག་པོ་རོ་ལངས་བདེ་བའི་སྐུ༔ སྲིད་པ་ཆགས་བྱེད་མ་ནི་འཇིག་རྟེན་སྐྱོང་༔ བསྟན་སྲུང་ཡབ་ཡུམ་གཉིས་ལ༴ ཉོན་མོངས་ཀུན་བསྲེག་རྡོ་རྗེ་ཐོད་རྒོད་འབར༔ འབྱུང་བ་ལྔ་ཡི་བདག་མོ་མཐུ་སྟོབས་ཅན༔ གཉིས་མེད་འཁྲིལ་སྦྱོར་སྣང་སྲིད་གཡོ་འགུལ་མཛད༔ སྣང་སྟོང་ཟུང་དུ་འཇུག་ལ༴ ཆེ་བའི་ཆེ་མཆོག་རིག་འཛིན་ཐོད་པ་རྩལ༔ ཉི་ཟླ་ཐོད་ཕྲེང་གསང་བའི་ཡུམ་གཅིག་མ༔ ཡབ་ཡུམ་འཁྲིལ་སྦྱོར་སྟོང་ཁམས་དབང་བསྒྱུར་མཛད༔ སྟོབས་ལྡན་རྒྱལ་པོ་ཁྱོད་ལ༴ དུས་གསུམ་བདེ་གཤེགས་སྐུ་ལྔ་ཡེ་ཤེས་ལྔ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཆེན་པོ་དང་༔ ཕྲིན་ལས་ཡོངས་སུ་རྫོགས་པའི་སྤྱན་གཅིག་མ༔ ཡབ་ཡུམ་མཉམ་རོལ་མཛད་ལ༴ སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་པ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཀློང་དུ་གནས། དེ་ཉིད་འཁྲུལ་འཁོར་མཛད་པའི་དགྱེས་སྡེ་མོ༔ ཡབ་ཡུམ་རྫུ་འཕྲུལ་སྟོན་མཛད་ལ༴ འགྱུར་མེད་སྟོང་གསལ་གཡུང་དྲུང་རྡོ་རྗེའི་སྐུ༔

p. 328

ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་ནི༔ རྣལ་འབྱོར་དབང་གི་རྒྱལ་མོ་ཡུམ་དང་བཅས༔ བདེ་སྟོང་ལྷན་ཅིག་སྐྱེས་ལ༴ དུས་གསུམ་སངས་རྒྱས་ཀུན་གྱི་གདུང་བརྒྱུད་རིགས༔ འཛིན་མཛད་རིགས་འཆང་དཔལ་ཆེན་མཐུ་སྟོབས་བདག༔ དགྱེས་སྐོར་ཡུམ་མཆོག་རྣལ་འབྱོར་རོ་ལངས་མ༔ བརྒྱུད་སྤེལ་ཡབ་ཡུམ་གཉིས་ལ༴ འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད་མཛད་པའི༔ དམ་ཚིག་དབང་གི་སློབ་དཔོན་ཐུགས་རྗེ་ཅན༔ དམ་ཚིག་བདག་མོ་ལྷ་མོ་དཔལ་འབར་མ༔ ཡབ་ཡུམ་མཉམ་རོལ་གནས་ལ༴ ཐེག་མཆོག་ཆོས་ཀྱི་བདུད་རྩིའི་བཅུད་ཆར་འབེབས༔ མན་ངག་ལུང་གི་སློབ་དཔོན་གཉེན་གྱི་བདག༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་བསྐུལ་བྱེད་མ༔ འདོད་འབྱུང་རྒྱལ་པོ་ཁྱོད་ལ༴ བློ་གྲོས་མཚུངས་མེད་ཐམས་ཅད་མཁྱེན་པའི་སྐུ༔ ཤེས་རབ་རྒྱུད་ཀྱི་སློབ་དཔོན་བཀའ་དྲིན་ཅན༔ སྐྱོང་བྱེད་ཚངས་མ་ཡུམ་དང་མཉམ་པར་རོལ༔ གཏིང་ཟབ་ཡངས་པ་ཅན་ལ༴ རྩ་བ་ཡན་ལག་དམ་ཚིག་འགལ་འཁྲུལ་རྣམས༔ དབྱིངས་སུ་སྐོང་མཛད་འཁྲུལ་རྟོག་མཁའ་ལྟར་དག༔ ཆག་ཉམས་སྐོང་བའི་སློབ་དཔོན་བརྒྱུད་པར་བཅས༔ ཚེ་འཛིན་རྒྱལ་མོས་འཁྲིལ་ལ༴ འཇིགས་པའི་ཆ་ལུགས་བསྟན་པའི་རུ་ཏྲ་འདུལ༔ གར་གྱི་དབང་

p. 329

ཕྱུག་མེ་ཡི་ཕྲེང་བ་ཅན༔ ཁམས་གསུམ་སྲིད་པའི་བདག་མོས་སྐུ་ལ་འཁྲིལ༔ གུ་རུ་དྲག་པོ་རྩལ་ལ༴ དཔལ་གྱི་བཀའ་ཉན་ལུང་གི་ཕོ་ཉ་བ༔ བསྟན་པ་སྲུང་བྱེད་ཡ་མ་རཱ་ཙ་དང་༔ སྦྱོར་བའི་ཡུམ་ཆེན་ཟ་བྱེད་ནག་མོའི་སྐུ༔ དྲག་ཤུལ་འཇིགས་གཟུགས་ཅན་ལ༴ བསྟན་པའི་བྱ་ར་བདུད་ཕོ་ཡོངས་ཀྱི་རྗེ༔ སྐོས་རྗེས་བྲང་དཀར་བདུད་མོ་རེ་མ་ཏི༔ སྲིད་གསུམ་ཀུན་ཉུལ་སྐྱེ་འགྲོའི་སྲོག་དབུགས་ལེན༔ དཔལ་གྱི་བཀའ་སྡོད་དེ་ལ༴ སྲིན་པོའི་རྒྱལ་པོ་གྲོང་ཁྱེར་སུམ་བརྩེགས་འཇིག༔ དམ་ཉམས་གཤེད་མ་གློག་གི་ཕྲེང་བ་ཅན༔ བཀའ་ཉན་ཡུམ་ཆེན་སྦལ་མགོ་ཁྲག་མིག་མ༔ ཤ་ཁྲག་ཟས་སུ་ཟ་བྱེད་ཁྱོད་ཕྱག༴ ཡིད་བཞིན་ནོར་བུའི་བང་མཛོད་གཏེར་གྱི་བདག༔ ཡཀྵ་མེ་དབལ་གནོད་སྦྱིན་ཡོངས་ཀྱི་དཔོན༔ ཡུམ་ཆེན་མོན་མོ་གཡུ་ཡི་རལ་པ་ཅན༔ བསྟན་སྲུང་བུམ་གཏེར་འཛིན་ལ༴ གནམ་ས་གཉིས་ལ་དབང་འབྱོར་སྤྲུལ་པ་འགྱེད༔ སངས་རྒྱས་བསྟན་པ་སྲུང་བྱེད་རཱ་ཧུ་ལ༔ ཐུགས་དམ་བསྐུལ་བའི་ཡུམ་ཆེན་ལྕམ་གཅིག་བཅས༔ གཟའ་བདུད་སྤུ་གྲི་འབར་ལ༴ དམ་ཉམས་དགྲ་ལ་མཛེ་ནད་ཁྲག་དགུ་འགྱེད༔ མི་སྲུན་གཟུགས་འཆང་ཀླུ་བདུད་མགོ་དགུ་པ༔ ཐོག་གི་བུ་ཡུག་ནད་དང་རིམས་ཀྱི་

p. 330

བདག༔ བཀའ་སྡོད་ཡབ་ཡུམ་གཉིས་ལ༴ དྲེགས་པ་ཕོ་མོ་ཡོངས་ཀྱི་རྗེ་དང་བཙན༔ སྣང་སྲིད་མ་ལུས་དབང་དུ་བསྡུས་ནས་ཀྱང་༔ བྲན་དུ་འཁོལ་བྱེད་དབང་ཕྱུག་ཆེན་པོ་དང་༔ ཆུ་མ་དེ་ཝ་གཉིས་ལ༴ མ་ཧཱ་ཀཱ་ལ་ཆོས་སྐྱོང་ཡོངས་ཀྱི་གཙོ༔ དཔལ་འབར་གཡུ་ཆེན་ལྷ་མོ་དུང་སྐྱོང་མ༔ བསྟན་པ་སྲུང་ཞིང་རྒྱལ་བའི་བཀའ་བཞིན་བགྱིད༔ ཁྲག་འཐུང་ཡབ་ཡུམ་གཉིས་ལ༴ དཔའ་བོ་དཔའ་མོ་གིང་ཕོ་གིང་མོའི་ཚོགས༔ སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་རྩལ༔ སྦྱོར་བའི་ཡུམ་ཆེན་སངས་རྒྱས་དཔའ་མོར་བཅས༔ སྤྲུལ་པ་དཔག་མེད་འགྱེད་ལ༴ རྡོ་རྗེ་དཔའ་བོ་རྡོ་རྗེ་རིགས་ཀྱི་ལྷ༔ དེ་ཡི་ཡུམ་མཚོག་རྡོ་རྗེ་དཔའ་མོ་གཉིས༔ གཉིས་མེད་འཁྲིལ་སྦྱོར་ཞི་ཚོགས་ལས་ལ་དབང་༔ མི་མཐུན་ཕྱོགས་རྣམས་ཞི་མཛད་ཁྱོད་ཕྱག༴ རིན་ཆེན་དཔའ་བ་རིན་ཆེན་དཔའ་མོ་གཉིས༔ རིན་ཆེན་རིགས་ལྷ་རྒྱས་པའི་ལས་ལ་དབང་༔ ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སོགས༔ དགོས་འདོད་རྒྱས་པར་མཛད་ལ་ཕྱག༴ པདྨ་དཔའ་བོ་དཔའ་མོ་ཡབ་ཡུམ་གཉིས༔ དབང་གི་ལྷ་སྟེ་དབང་གི་ལས་ལ་དབང་༔ སྣང་སྲིད་ཕྱི་ནང་སྣང་བའི་དཀྱིལ་འཁོར་རྣམས༔ མ་ལུས་དབང་དུ་སྡུད་ལ༴ ལས་ཀྱི་རིགས་ཀྱི་དཔའ་

p. 331

བོ་དཔའ་མོ་གཉིས༔ ལས་ཀྱི་ལྷ་མཆོག་དྲག་པོའི་ལས་ལ་དབང་༔ དམ་ཉམས་དགྲ་བགེགས་ལོག་འདྲེན་འབྱུང་པོ་རྣམས༔ རྡུལ་དུ་བརླག་པར་མཛད་ལ༴ འཛིན་གིང་འགུག་བྱེད་རྡོ་རྗེ་གིང་མོ་གཉིས༔ འཁྲིལ་སྦྱོར་གར་བསྒྱུར་སྤྲུལ་བསྒྱུར་དུ་མ་སྟོན༔ བདུད་དང་རཱུ་དྲ་གནས་ནས་འགུག་བྱེད་པ༔ འགུག་འཆིང་སྡོམ་བྱེད་དེ་ལ༴ སྒྲོལ་གིང་གསོད་བྱེད་རིན་ཆེན་གིང་མོ་གཉིས༔ མཉམ་སྦྱོར་སྟོབས་ཀྱིས་དགྲ་བགེགས་ཀྱི་སྲོག་རྩ་གཅོད༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་གིང་ཚོགས་ཀྱིས༔ ས་དང་བར་སྣང་གང་ལ༴ སྟོབ་གིང་ཟ་བྱེད་པདྨ་གིང་མོ་གཉིས༔ བསྒྲལ་བའི་ཤ་ཁྲག་བཤམས་པའི་རྫས་རྣམས་ཀུན༔ ལྷ་ཚོགས་རྣམས་ལ་སྟོབ་ཅིང་དགྱེས་པ་སྐོང་༔ རྣམ་འགྱུར་བསམ་མི་ཁྱབ་ལ༴ རྒྱུག་གིང་ལས་བྱེད་ལས་ཀྱི་གིང་མོ་གཉིས༔ དཀྱིལ་འཁོར་ཆེན་པོའི་སྟེང་འོག་ཕྱི་ནང་སོགས༔ ཀུན་ཏུ་ཐོགས་མེད་རྒྱུག་ཅིང་རྫུ་འཕྲུལ་སྟོན༔ གད་རྒྱང་སྒྲོགས་པར་བྱེད་ལ༴ དབང་ཆེན་མཆོག་གི་ཕྱག་རྒྱའི་དཀྱིལ་འཁོར་དུ༔ རྟ་མགྲིན་དབང་ཆེན་རྟ་སྐད་ཕྱོགས་བཅུར་སྒྲོགས༔ ཡུམ་ཆེན་ཨེ་ཀ་ཙ་ཏི་སྐུ་ལ་འཁྲིལ༔ དབང་ཆེན་རོལ་པའི་སྐུ་ལ༴ ཡེ་ཤེས་ཟིལ་གནོན་

p. 332

ཁྲོ་རྒྱལ་འབར་བའི་སྐུ༔ ཁྲོ་མོ་མི་ཕམ་མ་དང་གཉིས་མེད་པས༔ ཡེ་ཤེས་ལྷ་རྣམས་ཟིལ་གྱིས་གནོན་བྱེད་ཅིང་༔ འཇིག་རྟེན་ལོག་རྟོག་སྒྲོལ་ལ༴ ལས་ཀྱི་ཁྲོ་བོ་ཟིལ་གནོན་འཇིགས་པའི་གཟུགས༔ ཡུམ་ཆེན་ཁྲོ་གཉེར་མ་དང་འཁྲིལ་མཛད་དེ༔ ཕྲིན་ལས་རྣམ་བཞིའི་དོན་འབྲས་ཆམ་ལ་འབེབས༔ དཔའ་བོ་མཐུ་རྩལ་ལྡན་ལ༴ ཡེ་ཤེས་མ་མོ་ཟིལ་གནོན་རྫུ་འཕྲུལ་ཅན༔ སྤྱན་གཅིག་ཡུམ་དང་བཅས་ཏེ་དུར་ཁྲོད་ཉུལ༔ སྤྲུལ་པ་དམུས་ལོང་མང་པོའི་འཁོར་གྱིས་བསྐོར༔ དྲག་སྔགས་འབྲུག་སྟོང་ལྡིར་ལ༴ བྱ་ཁྱུང་ཟིལ་གནོན་བྱ་ཁྱུང་སྤྲུལ་པ་འགྱེད༔ རྩ་འཛིབ་དམར་སེར་དགྱེས་པར་སྐུ་ལ་འཁྲིལ༔ ས་བདག་ཀླུ་གཉན་སྡེ་བརྒྱན་བྲན་དུ་ཁོལ༔ དྲག་པོ་སྟོབས་འགྱིང་ཁྱེད་ལ༴ ཕོ་རྒྱུད་ཟིལ་གནོན་དཔལ་གྱི་བཀའ་འཁོར་དུ༔ ཡུམ་ཆེན་ལས་བྱེད་དཀར་མོ་ལ་སོགས་པའི༔ དྲེགས་བྱེད་མང་པོ་བུ་ཡུག་ལྟ་བུར་འཚུབས༔ སྤྱི་དཔལ་ཆེན་པོ་ཁྱོད་ལ༴ མོ་རྒྱུད་ཟིལ་གྱིས་གནོན་མཛད་ཁྲོ་བོ་རྗེ༔ གཤིན་རྗེ་ལས་བྱེད་ཡུམ་དང་མཉམ་གནས་པས༔ སྣང་སྲིད་བསྟན་སྲུང་དྲེགས་པ་མ་ལུས་ཀུན༔ དབང་མེད་ཁ་ལོ་བསྒྱུར་ལ༴ རླུང་ལྷ་འདུལ་བྱེད་ཟིལ་གནོན་རླུང་གཤོག་གདེངས༔ ཀླུ་མོ་ལས་བྱེད་འཁྲིལ་མཛད་

p. 333

ཡུམ་དང་བཅས༔ དབང་སྐད་ཙེར་ཙེར་རྫུ་འཕྲུལ་མཁའ་ལ་རྒྱུག༔ ཐོགས་མེད་རྒྱལ་པོ་ཁྱོད་ལ༴ གནོད་སྦྱིན་འདུལ་བྱེད་ཟིལ་གནོན་འབར་བའི་སྐུ༔ གནོད་སྦྱིན་ལས་བྱེད་མ་དང་བཅས་པ་ཡིས༔ རྟ་བྲོ་ཆེམ་ཆེམ་ལོག་སྲེད་འགོང་པོ་འདུལ༔ འཁོར་འདས་སྤྱི་དཔལ་ཁྱོད་ལ༴ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བའི་བདག༔ ཡབ་གཅིག་དཔལ་ཆེན་ལག་ན་རྡོ་རྗེ་དང་༔ གཉིས་མེད་ཡུམ་ཆེན་གསང་བའི་དབྱིངས་ཕྱུག་མ༔ སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ༴ ཚུལ་ཁྲིམས་ཕར་ཕྱིན་ཁྲོ་བོ་རྣམ་པར་རྒྱལ༔ དྲི་ཟ་འདུལ་བྱེད་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་ཡང་སྤྲུལ་ཆོ་འཕྲུལ་ཕྱོགས་བཅུར་འགྱེད༔ མི་སྲུན་དྲག་པོའི་སྐུ་ལ༴ བརྩོན་འགྲུས་ཕར་ཕྱིན་ཁྲོ་རྒྱལ་གཤིན་རྗེ་གཤེད༔ གྲུལ་བུམ་འདུལ་མཛད་དུར་ཁྲོད་བདག་མོ་དང་༔ ཡབ་ཡུམ་གཉིས་མེད་ངན་སོང་གཏིང་ནས་སྤྲུགས༔ འཁོར་བ་ཞེ་གནོན་མཛད་ལ༴ ཤེས་རབ་ཕ་རོལ་ཕྱིན་རྫོགས་རྟ་མགྲིན་དབང་༔ རྡོ་རྗེ་གཏུམ་མོ་ཆུ་བདག་གདོན་ཚོགས་འདུལ༔ ཧ་ཡ་གྲཱི་ཝ་ཡེ་ཤེས་དབང་གི་ལྷ༔ སྤྱི་དཔལ་ཡབ་ཡུམ་གཉིས་ལ་ཕྱག་འཛལ་ལོ༔ ཐབས་ཀྱི་ཕ་རོལ་ཕྱིན་རྫོགས་བདུད་རྩི་འཁྱིལ༔ གནོད་སྦྱིན་

p. 334

གདོན་འདུལ་རྡོ་རྗེ་རླུང་འབྱིན་མ༔ གཉིས་མེད་སྤྲུལ་པས་རི་རབ་གླིང་བཞི་ཟློག༔ ལྟ་ངན་ཕམ་པར་མཛད་ལ༴ བཟོད་པའི་ཕ་རོལ་ཕྱིན་རྫོགས་དབྱུག་སྔོན་ཅན༔ རྡོ་རྗེ་སྡེར་མོ་དྲང་སྲོང་གནས་ནས་འཇོམས༔ ཚངས་ལ་དབང་མཛད་སྐྱེ་གནས་རྣམ་བཞི་འདུལ༔ ལྷ་མིན་གཡུལ་ངོ་ཟློག་ལ༴ ཡེ་ཤེས་ཕ་རོལ་ཕྱིན་རྫོགས་མི་གཡོ་མགོན༔ རྡོ་རྗེ་གཏུན་ཁུང་སྲིན་པོའི་ལྔ་ཕུང་བསྲེག༔ དུས་གསུམ་གཏིང་སྤྲུག་རྫུ་འཕྲུལ་ཐོགས་པ་མེད༔ རིགས་དྲུག་གཡང་ས་གཅོད་མཛད་ཁྱོད་ཕྱག༴ བསམ་གཏན་ཕར་ཕྱིན་འདོད་པའི་རྒྱལ་པོ་དང་༔ རླུང་ལྷ་འདུལ་བྱེད་ཡུམ་ཆེན་སྙེམས་མའི་སྐུ༔ གཉིས་མེད་རོལ་པས་ཚངས་པའི་ཡུལ་ས་གནོན༔ དགོངས་སྤྱོད་མཁའ་དབྱིངས་ཁྱབ་ལ༴ སྨོན་ལམ་ཕར་ཕྱིན་ཁམས་གསུམ་རྣམ་པར་རྒྱལ༔ རྡོ་རྗེ་བསྐུལ་བྱེད་དབང་ལྡན་ཕོ་མོ་འདུལ༔ ཡབ་ཡུམ་མཉམ་རོལ་བགེགས་ཀྱི་སྦྱོར་བ་རྣམས༔ མ་ལུས་གཏོར་བར་མཛད་ལ༴ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཧཱུཾ་ཀཱ་ར༔ ཚངས་པའི་གནས་འཇོམས་རྡོ་རྗེ་སྒྲ་འབྱིན་མ༔ ཡབ་ཡུམ་གཉིས་མེད་ཤིན་ཏུ་ཁྲོས་ནས་ནི༔ མ་རུངས་སྐྲག་པར་མཛད་ལ༴ སྟོབས་ཀྱི་ཕ་རོལ་ཕྱིན་རྫོགས་སྟོབས་པོ་ཆེ༔ ས་བདག་

p. 335

གདོན་ཚོགས་འདུལ་བའི་གསོད་བྱེད་མ༔ ཕྱི་ནང་ཐེག་མཆོག་ཀུན་གྱི་གཉེར་འཛིན་ཅིང་༔ ཡོན་ཏན་ཡོངས་གྲུབ་དེ་ལ༴ ཡབ་རྣམས་འདུས་པའི་གཙོ་མཆོག་རྟ་མགྲིན་དཔལ༔ ཡུམ་རྣམས་ཀུན་གྱི་སྤྱི་དཔལ་ཕག་མོ་སྟེ༔ གཉིས་མེད་དབྱིངས་ལ་དཀྱིལ་འཁོར་ལྷ་རྣམས་རྫོགས༔ ཡི་དམ་ཀུན་འདུས་ཁྱོད་ལ༴ བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་བདག༔ གདོང་མོ་མཆེད་བཞི་ལྕགས་སྒྲོགས་དྲིལ་འཁྲོལ་ཞིང་༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་ལ་བརྩོན༔ སྒོ་མ་ཆེན་མོ་བཞི་ལ༴ བདེ་སྟོང་ཟག་མེད་འབར་བའི་གོ་ཆ་མ༔ བརྟན་བྱེད་ཕོ་ཉ་མཆེ་བ་འཇོམས་བྱེད་མ༔ དཀར་སེར་དམར་ལྗང་ཕྱེད་གཟུགས་འཛིན་པ་མོ༔ སྙོམས་མཛད་མཚམས་མ་བཞི་ལ༴ དཔའ་བོ་ཐོད་དབྱུག་ཀེང་རུས་ཀེང་རུས་གཏུམ༔ དཔའ་མོ་རབ་གཏུམ་གཏུམ་མིག་འོད་ལྡན་མ༔ དཔའ་བོ་དཔའ་མོ་ཡབ་ཡུམ་ཐམས་ཅད་ཀྱང་༔ རྣམ་འགྱུར་གར་རྩེད་མཛད་ལ༴ མཆེ་གཙིགས་སུ་ར་བྷི་ར་འོད་དཔག་མེད༔ དཔའ་མོ་སྣ་ཆེན་བརྟན་མ་མི་ཐུང་མ༔ ཡབ་ཡུམ་ཀུན་ཀྱང་རྣམ་འགྱུར་བསམ་མི་ཁྱབ༔ རྟོག་མེད་འགྲོ་དོན་མཛད་ལ༴ རྡོ་རྗེ་འོད་ལྡན་སྐུ་མཆོག་གཞོན་ནུ་དང་༔ ལངྐའི་དབང་ཕྱུག་ཤིང་གྲིབ་

p. 336

ས་སྲུང་མ༔ དཔའ་བོ་དཔའ་མོ་ཡབ་ཡུམ་དེ་དག་ཀྱང་༔ སྤྲུལ་པ་དཔག་མེད་འགྱེད་ལ༴ རྡོ་རྗེ་རལ་པ་རབ་དགའ་ཧཱུཾ་མཛད་དེ༔ དཔའ་མོ་འོད་ཅན་རླུང་ཟུགས་ཆང་འཐུང་མ༔ ཐབས་ཤེས་ཟུང་འཇུག་བརྡ་གར་སྒྲུབ་ཁང་ཉུལ༔ སྒྲུབ་པའི་དྲོད་ཉུལ་རྣམས་ལ༴ རབ་བཟང་རྡོ་རྗེ་བཟང་པོ་འཇིགས་བྱེད་སྐུ༔ གཙུག་ཕུད་དཔའ་མོ་རབ་བཟང་རྟ་རྣ་མ༔ དཔའ་བོ་དཔའ་མོ་གཉིས་མེད་མཉམ་རོལ་ཞིང་༔ བསྟན་པ་སྲུང་བར་མཛད་ལ༴ སྤྱན་མི་བཟང་དང་དཔའ་བོ་སྟོབས་ཆེན་རྒྱལ༔ རིན་ཆེན་རྡོ་རྗེ་ལ་སོགས་དཔའ་བོ་དང་༔ ཁྭ་གདོང་ཙཀྲའི་ཤུགས་ཅན་དུང་སྐྱེས་མ༔ ཡབ་ཡུམ་བདེ་སྤྱོད་སྐྱོང་ལ༴ རྟ་མགྲིན་ནམ་མཁའི་སྙིང་པོ་ཧེ་རུ་ཀ༔ གླང་སྣ་འཁོར་ལོ་གོ་ཆ་རབ་དཔའ་མ༔ བདེ་སྦྱོར་གར་གྱི་དབང་ཕྱུག་རྣལ་འབྱོར་སྐྱོང་༔ བགེགས་དཔུང་མ་ལུས་འདུལ་ལ༴ པདྨ་གར་དབང་སྣང་མཛད་སེམས་དཔའ་ཆེ༔ དཔའ་བོ་སྟོབས་ཆེན་འཁོར་ལོས་བསྒྱུར་བ་དང་༔ དཔའ་མོ་བརྩོན་འགྲུས་མ་སྟེ་ཡབ་ཡུམ་རྣམས༔ དཀྱིལ་འཁོར་བར་ཁྱམས་འཛིན་ལ༴ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ དམ་ཅན་ཆོས་སྐྱོང་ཕོ་ཉ་ལས་མཁན་རྣམས༔ སྤྲུལ་དང་ཡང་སྤྲུལ་ཡབ་ཡུམ་སྲས་དང་འཁོར༔

p. 337

བཀའ་ཉན་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོཿ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང་༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་པ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་༔ གཟུགས་སྐུ་འཇའ་ཚོན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་ཅིང་༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ རིགས་ཀྱི་ཡུམ་མཆོག་རྣམས་ལ་ཕྱག༴ རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས༔ བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ༔ ཉོན་མོངས་སྤྱོད་པའི་རྐྱེན་དང་བྲལ་བ་ཡི༔ སེམས་དཔའ་ཆེན་པོ་བརྒྱད་ལ༴ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ༔ རྒྱལ་བའི་དཀྱིལ་འཁོར་མཆོད་པས་མཉེས་མཛད་མ༔ མཆོད་པའི་ལྷ་མོ་བརྒྱད་ལ༴ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་

p. 338

པ༔ བདུད་བཞིའི་དཔུང་དང་བགེགས་ཚོགས་རྣམ་པར་འཇོམས༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང་༔ ཏཀྲྀཏ་སྒོ་བ་བཞི་ལ༴ རྟག་ཆད་མུ་བཞི་གསང་བ་ཡུམ་གྱི་ངང་༔ མི་མཐུན་ཕྱོགས་འཇོམས་རབ་འཇིགས་ཁྲོ་མོའི་ཚུལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོལ་དྲིལ་འཁྲོལ་མ༔ ཡེ་ཤེས་སྒོ་མ་བཞི་ལ༴ སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོངས༔ འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པའི་སྐུར་སྟོན་པ༔ བཅོམ་ལྡན་ཐུབ་པ་དྲུག་ལ༴ ཆོས་སྐྱོང་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་ཅིང་༔ གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་སྐུ༔ དཔལ་ཆེན་ཧེ་རུ་ཀ་ལ༴ ཁྲོ་རྒྱལ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། དགྱེས་པ་བསྐྱེད་ཕྱིར་དུང་ཁྲག་ཡབ་ལ་སྟོབ༔ ཁྲོ་མོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ ཀྲོ་དྷི་ཤྭ་རི་ཡུམ་ལ༴ ཐུགས་རྗེ་ཐབས་མཁས་མ་རུང་འདུལ་མཛད་ཅིང་༔ ཡེ་ཤེས་མཚོན་ཆས་ཉོན་མོངས་མ་ལུས་གཅོད༔ སྲིད་གསུམ་བླ་མེད་དབྱིངས་སུ་སྒྲོལ་མཛད་པ༔ རིགས་བཞི་ཁྲག་འཐུང་ཚོགས་ལ༴ ཁྲག་འཐུང་སོ་སོའི་ཡབ་ཀྱི་སྐུ་ལ་འཁྲིལ༔ ཁྲོ་མོའི་གཟུགས་ཀྱིས་ལོག་ལྟ་ཟིལ་གྱིས་

p. 339

གནོན༔ འགྲོ་རྣམས་ཐུགས་རྗེས་འདྲེན་ཕྱིར་མཛད་པའི་ཡུམ༔ རིགས་བཞི་ཁྲོ་མོ་ཡུམ་ལ༴ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ སྒེག་མོ་ལ་སོགས་འབར་བའི་ཉམས་ལྡན་ཅིང་༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན༔ ཀཽ་རཱི་ཁྲོ་མོ་བརྒྱད་ལ༴ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་༔ འདོད་རྒུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ༔ སིང་ཧ་ཕྲ་མེན་བརྒྱད་ལ༴ རྡོ་རྗེ་གདོང་མ་ཕོ་ཉ་མགྱོགས་མ་བཞི༔ འགུགས་དང་འཆིང་སྡོམ་མྱོས་པའི་ལས་ཀུན་མཛད༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུང་༔ སྒོ་སྐྱོང་ཁྲོ་མོ་བཞི་ལ༴ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི༔ མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ སྲིན་མོའི་ཆ་ལུགས་འཇིགས་པའི་མགོ་བརྙན་ཅན༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ༴ ཕྱག་བྱར་འོས་པ་ཐམས་ཅད་ལ༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ ལུས་བཏུད་པ་ཡིས་རྣམ་ཀུན་ཏུ༔ མཆོག་ཏུ་དད་པས་ཕྱག་འཚལ་ལོ༔ [ཞེས་ཕྱག་བྱའོ། །][གཉིས་པ་ངག་གསང་སྔགས་བཟླ་བའི་སྒོ་ནས་བཤགས་པ་ནི།]རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་གདན་

p. 340

ལ་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས་ནས་འདུས་པ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་ཞིང་༔ གཡོན་པས་དྲིལ་བུ་དཀུར་བསྟེན་པ༔ ཅུང་ཞིག་འགྱིང་བའི་ཚུལ་ཅན༔ ཞབས་སྐྱིལ་ཀྲུང་ཕྱེད་བཅས་ཀྱིས་གཡས་པའི་མཐེ་བོང་རང་གི་སྤྱི་བོར་རེག་པ༔ ཞལ་འཛུམ་སྤྱན་དྭངས་རབ་ཏུ་དགྱེས་པ༔ དར་སྣ་ཚོགས་ཀྱི་ཅོད་པན་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་ཐུགས་ཀར་ཟླ་བ་རྒྱས་པའི་སྟེང་དུ་ཧཱུྃ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་གཡས་སུ་སྒ་ར་ར་འཁོར་བ་ལས་འོད་ཟེར་སྐར་མའི་ཕྲེང་བ་ལྟར་འཕྲོས་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱང་ཞིང་༔ སླར་འོད་ཟེར་ཚུར་འདུས་རྡོ་རྗེ་སེམས་དཔའི་སྐུ་གསུམ་ཐུགས་ལ་ཕོག་པས༔ ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་བདུད་རྩི་འོད་ཟེར་གྱི་རྒྱུན་བབས༔ ཞབས་གཡས་པའི་མཐེ་བོང་ནས་ངང་ནར་གྱིས་བྱུང་བ་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་༔ འཁོར་བ་ཐོག་མེད་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་

p. 341

དམ་ཚིག་ཆག་ཉམས་འགལ་འཁྲུལ་དུ་གྱུར་པའི་ཉེས་བྱས་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཅི་གནས་པ་ཐམས་ཅད་སང་སང་དག་ནས་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟར་གྱུར་[པར་བསམ་ལ། ཡི་གེ་བརྒྱ་པ་ཅི་འགྲུབ་དང་།] ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་སིངྔྷི་ཕ་ལ་ཧཱུྃ༔ བཛྲ་ཛྙཱ་ན་སཏྭ་མ་མ་ཀཱ་མ་ཡ་ཨ་ཨཱཿ ཨོཾ་བཛྲ་སཏྭ་ཧཱུྃ༔ [ཞེས་པའང་ཅི་རིགས་བཟླས་མཐར།] རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་[པར་བསམ།] [གསུམ་པ་ཡིད་མ་བཅོས་ལྟ་བའི་ཀློང་གིས་ཤགས་པ་ནི། ཉམས་དང་མ་ཉམས་ཀྱི་རྟོག་པ་རྣམས་མཉམ་ཡངས་ཀ་དག་རིས་མེད་ཀྱི་ངང་དུ་མཉམ་པར་བཞག་ལ།] ཨོཾ༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ གཟུང་འཛིན་གཉིས་སུ་ལྟ་བ་ཡོངས་རེ་གོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད༔ གཙང་དང་རྨེ་བར་འཛིན་པ་སྙིང་རེ་རྗེ༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་ལྟ་བ་ཡོངས་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་

p. 342

ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་འཆི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་འཆི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་ལྟ་བ་ཡོངས་རེ་གོལ༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ཟླུམ་ཐིག་ལེའི་ཀློང་དུ་བཤགས་པར་བགྱི༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་ལྟ་བ་ཡོངས་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རང་བྱུང་རྩོལ་མེད་ཀློང་དུ་བཤགས་པར་བགྱི༔ རིག་པ་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་ལྟ་བ་སྙིང་རེ་རྗེ༔ གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རིགཔ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི༔ ཆོས་དབྱངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་གཉིས་སུ་ལྟ་བ་ཐང་རེ་ཅད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས༔

p. 343

གཞལ་ཡས་ཁངལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་དབྱིངས་མཐོ་དམན་མེད་པ་ལ༔ སྟེང་དང་འོག་ཏུ་ལྟ་བ་ཐང་རེ་ཆད༔ མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ ཅི་མཛད་ཅི་སྤྱོད་ཡབ་ཀྱི་རོལ་པ་ལ༔ རྣམ་རྟོག་སོ་སོར་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ ཅི་མཛད་ཅི་སྤྱོད་ཡབ་ཀྱི་རོལ་པ་ལ༔ རྣམ་རྟོག་སོ་སོར་ལྟ་བ་ཐང་རེ་ཆད༔ མིང་གི་ལོག་པར་འཛིན་པ་ཉོན་རེ་མོངས༔ རོལ་པ་འཛིན་རྟོག་མེད་པའི་ཀློང་དུ་བཤགས༔ རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་དོན་དེ་བློ་

p. 344

ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་པས༔ དངོས་པོ་མཚན་མའི་ཆོས་ལ་བདག་ཏུ་འཛིན༔ མི་དགེའི་ལས་ཀྱིས་བདེ་བ་འཚལ་བྱེད་པ༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་བཟུང་༔ མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ༔ མཉམ་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ནས༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས༔ རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཡེ་ཤེས་ལྷ་ཚོགས་སྲུང་མ་དམ་ཚིག་ཅན༔ དམ་ཚིག་གཞུང་བཞིན་བསྒྲུབ་པའི་རྣལ་འབྱོར་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་བ་ན༔ རང་གནོང་འགྱོད་པའི་སེམས་

p. 345

ཀྱིས་མཐོལ་ལོ་བཤགས༔ [ཞེས་བཤགས་པར་བྱའོ། །][བཞི་པ་ལུས་ངག་ཡིད་གསུམ་ཀའི་སྒོ་ནས་སྨྲེ་སྔགས་འགྱོད་ཚིག་གིས་བཤགས་པ་ནི།] ཧོཿ དགོངས་སུ་གསོལ༔ གསན་དུ་གསོལ༔ གཟིགས་སུ་གསོལ༔ སྟོན་པ་ཀུན་བཟང་ཡབ་ཡུམ་སྲས་དང་འཁོར༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་ཚོགས༔ རང་བཞིན་ལྷག་པའི་དཀྱིལ་འཁོར་ལྷ་རྣམས་དང་༔ བཀའ་སྡོད་སྲུང་མར་བཅས་རྣམས་དགོངས་སུ་གསོལ༔ བླ་མ་རྡོ་རྗེ་རྒྱལ་པོ་རྒྱལ་ཚབ་དང་༔ གཟུངས་མ་རྒྱལ་ཐེབ་དཔལ་ཆེན་ལས་བྱེད་སོགས༔ འདུས་པའི་མཆེད་དང་ལྕམ་དྲལ་མ་ལུས་པ༔ མངོན་སུམ་ལྷང་ངེར་བཞུགས་རྣམས་གསན་དུ་གསོལ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ བཀའ་ཡི་བྱ་ར་བྱེད་པའི་མཐུ་རྩལ་ཅན༔ ཉིན་མཚན་དུས་དྲུག་རྒྱུ་བའི་ཉུལ་ལེ་མ༔ ཕོ་ཉ་ལས་མཁན་ཐམས་ཅད་གཟིགས་སུ་གསོལ༔ ཡེ་ནས་ལྷུན་གྲུབ་ཕོ་བྲང་གཞལ་ཡས་སུ༔ གདོད་ནས་རྣམ་དག་དབྱིངས་ཀྱི་ལྷ་རྣམས་ལ༔ ཀུན་རྫོབ་མཚན་མའི་བག་ཆགས་མི་མངའི་ཕྱིར༔ གཙང་རྨེ་ཉམས་ཆག་རྟོག་པ་མེད་ལགས་ཀྱང་༔ དེ་ཡི་འཁོར་དུ་གཏོགས་པའི་སྲུང་མ་རྣམས༔ ལེགས་ཉེས་སྟངས་

p. 346

འཛིན་བསྟན་པའི་བྱ་ར་བྱེད༔ དམ་ཚིག་ཅན་རྣམས་རྟག་ཏུ་བུ་བཞིན་སྐྱོང་༔ དམ་ཉམས་རྣམས་ལ་བཀའ་ཡི་ཆད་པ་འབེབས༔ དེ་ཕྱིར་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་རྒྱལ་བའི་བཀའ་ལས་འདས་གྱུར་ཅིང་༔ སྲུང་མ་རྣམས་ཀྱི་ཐུགས་དང་ཅི་འགལ་བ༔ གནོང་ཞིང་འགྱོད་པའི་སྒོ་ནས་བཤགས་པར་བགྱི༔ ཧོཿ སྟོན་པ་ཀུན་ཏུ་བཟང་པོ་བཟང་མོ་དང་༔ རིགས་ལྔའི་བདེ་བར་གཤེགས་པ་ལ་སོགས་པ༔ བླ་མ་ཡི་དམ་ཞི་ཁྲོ་ཌཱ་ཀི་རྣམས༔ ཐབས་མཁས་ཐུགས་རྗེ་ཆེན་པོའི་རང་བཞིན་ལས༔ ཀུན་ལ་སྙོམས་པའི་ཡབ་དང་ཡུམ་ལགས་ཤིང་༔ སྔར་འདས་རིག་འཛིན་ཕོ་མོ་ཐམས་ཅད་ཀྱང་༔ ཡང་དག་དོན་རྟོགས་དགེ་བའི་བཤེས་ཡིན་པས༔ འཁྲུལ་རྟོག་ཉམས་ཆག་སྒྲིབ་པ་མི་མངའ་ཡང་༔ བདག་སོགས་སེམས་ཅན་མ་རིག་འཁྲུལ་དབང་གིས༔ ད་དུང་འཁོར་བའི་གཅོང་རོང་ཉམ་ང་བར༔ ཚ་གྲང་མི་བཟོད་རྦ་ཀློང་འཁྲུག་པའི་དཀྱིལ༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཉམས་སུ་མྱོང་༔ ཀྱི་ཧུད་ཉམ་ཐག་ང་རོས་འོ་དོད་ཕྱོགས་བཅུར་འབོད༔ སྡིག་ལྡན་བདག་ལྟའི་སྐྱེ་འགྲོ་ཉོན་རེ་མོངས༔ ལས་ངན་དབང་གིས་ལུས་ངན་བསྐྱར་ཞིང་ལེན༔ མནར་མེད་དངོས་སུ་ལྷུང་ལ་ཐུགས་རྗེས་

p. 347

སྐྱོབས༔ གནས་སྐབས་བདེ་འབྲས་ལྷ་མིའི་ལུས་བླངས་ཤིང་༔ སྨོན་ལམ་མཐུ་ཡི་བཀའ་གསང་སྒོར་ཞུགས་ཀྱང་༔ མ་དག་ལས་དབང་སྒྱུ་མའི་གྲོང་ཁྱེར་དུ༔ ང་བདག་འཛིན་པའི་ལོག་རྟོག་སྒྲོག་གིས་བཅིངས༔ རྒྱལ་བའི་མཛད་སྤྱོད་ཀློང་དུ་མ་གྱུར་དང་༔ དགོངས་སྤྱོད་དག་པ་མཐའ་རུ་མ་སྐྱོལ་བས༔ བཀའ་ཟབ་གསང་བ་ཆེན་པོ་སྤྱད་ཉེས་ཏེ༔ རྩ་བ་ཡན་ལག་དམ་ཚིག་འདས་ཞིང་འགོངས༔ ན་རཀ་ལ་སོགས་ངན་སོང་རྒྱུ་རྣམས་བསགས༔ རྒྱལ་བའི་བཀའ་གསང་ཟབ་ཅིང་གཉན་རྣམས་ལ༔ རང་འདོད་བཅོས་མས་གཟུ་ལུམ་རས་ཆོད་བགྱིས༔ སྒྲ་ལོག་དོན་འཆུག་ཡིག་སྣ་མཆན་ཊིཀ་བརྩམས༔ བཀའ་དྲིན་འཁོར་མེད་རྡོ་རྗེ་སློབ་དཔོན་ལ༔ ངན་སེམས་དབང་གིས་སྨད་ཅིང་སྐུ་ལ་བསྡོས༔ བཀའ་བཅག་བཀའ་བརྐུས་བཀའ་དྲིན་ཁྱད་དུ་བསད༔ ཐུགས་དཀྲུགས་ཐུགས་སུན་ཕྱུངས་ཤིང་ཐུགས་དང་འགལ༔ མཛད་སྤྱོད་ཁྱད་དུ་བསད་ནས་ལོག་མིན་བསྒྲུབས༔ བརྙས་པའི་དབང་གིས་ཡན་ལག་བགྲང་ལས་འདས༔ སྒོ་གསུམ་འཁྲུལ་པས་མི་དགེ་སྣ་ཚོགས་སྤྱད༔ དམ་ཚིགས་གཅིག་པའི་རྡོ་རྗེ་སྤུན་གྲོགས་ལ༔ ལྟ་སྤྱོད་

p. 348

ལོག་པས་ངན་སེམས་འཕྱ་སེམས་དང་༔ རྐུ་འཕྲོག་བརྡེག་འཚོག་ངན་དུ་སྨྲ་ལ་སོགས༔ སྐུ་ཡི་དམ་ཚིག་ཉམས་པའི་ལས་བགྱིས་དང་༔ སྟོན་པའི་སྒྲོན་མེ་རྡོ་རྗེ་སློབ་དཔོན་གྱིས༔ ལྷ་དང་སྔགས་ཀྱི་དེ་ཉིད་བསྟན་ན་ཡང་༔ ཏིང་འཛིན་མ་གསལ་སྒོམ་པ་རྔོ་མ་ཐོགས༔ བཟླས་བརྗོད་བར་ཆད་བསྙེན་སྒྲུབ་ལོ་ཟླར་གཡེལ༔ བཀའ་ཟབ་གསང་བའི་ལྷ་སྤྱོད་མངོན་ཕྱུངས་ཤིང་༔ གསང་བར་འོས་དང་གསང་བར་གཉེར་གཏད་དང་༔ ཕྱི་ནང་གསང་བཅུ་སྤེལ་ཞིང་གཡེལ་ལ་སོགས༔ དམ་ཚིག་ཉམས་པའི་ལས་རྣམས་ཅི་བགྱིས་པ༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཅག་འགལ་འཁྲུལ་མ་ལུས་ཀུན༔ མཐོལ་ཞིང་བཤགས་ནས་བཟོད་པར་གསོལ་བགྱིད་ན༔ སླན་ཆད་བདག་ལ་སྡིག་པར་མ་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་དང་༔ ས་ལ་བཞེངས་པའི་རིག་འཛིན་ཕོ་མོ་དང་༔ ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་དང་༔ སློབ་དཔོན་མཆེད་དང་ལྕམ་དྲལ་སྤྱན་ལམ་དུ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ རྒྱུ་མཆོག་མཆོད་པ་འདི་ལ་རྟེན་བཅས་ནས༔ བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས༔ ཉམས་ཆག་འགལ་འཁྲུལ་

p. 349

ཚངས་པར་གསོལ་པ་ནི༔ སྐུ་ཡི་དམ་ཚིག་ཉམས་པའི་ལས་དབང་གིས༔ ཚེ་འདིར་ལུས་ལ་མཛེ་སོགས་ནད་མང་ཞིང་༔ ཚེ་འཕོས་ན་རཀ་དམྱལ་བའི་ཡང་གཏིང་དུ༔ ལུས་གཤག་གཏུབ་སོགས་སྡུག་བསྔལ་རྒྱུ་བསགས་རྣམས༔ མཐོལ་ལོ་མཐོལ་ལོ་ཡེ་ཤེས་ལྷ་ལ་མཐོལ༔ བཤགས་སོ་བཤགས་སོ་དམ་ཅན་སྲུང་མའི་ཚོགས༔ མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ གསུང་གི་དམ་ཚིག་ཉམས་པའི་ལས་དབང་གིས༔ འདི་དང་ཕྱི་མ་ལ་སོགས་ནམ་དུ་ཡང་༔ དིགས་ལྐུགས་སྨྲ་ལྕེ་མི་བདེ་སྡུག་བསྔལ་རྒྱུ༔ ཅི་བསགས་ཐམས་ཅད་མཐོལ་ཞིང་བཤགས་པར་བགྱི༔ ཐུགས་ཀྱི་དམ་ཚིག་ཉམས་པའི་རྣམ་སྨིན་གྱིས༔ འཇིག་རྟེན་འདི་དང་ཕྱི་མ་ཐམས་ཅད་དུ༔ གླེན་ལྐུགས་དྲན་ཉམས་སྨྱོ་འབོག་སེམས་ཀྱི་གཅོང་༔ ཡིད་ཀྱི་སྡུག་བསྔལ་རྒྱུ་བསགས་མཐོལ་ཞིང་བཤགས༔ གཞན་ཡང་མ་རིག་འཁྲུལ་པའི་ལས་དབང་གིས༔ རང་ལ་དབང་མེད་སློབ་དཔོན་ནས་བཟུང་ནས༔ ཟབ་མོའི་བཀའ་ལ་དབང་ཟོས་བརྫོབ་པ་དང་༔ གབ་པའི་མན་ངག་མ་རྟོགས་གསང་བ་འཆལ༔ སྔགས་ཀྱི་སྤྱོད་པ་ཟབ་

p. 350

མོ་འཆོལ་པར་སྤྱད༔ ལུང་མེད་ལུང་དཀྲུགས་ལུང་གི་རྒྱབ་དང་འགལ༔ བབ་ཚལ་འབོག་ཉོག་བཟང་ངན་མེད་པར་བསླད༔ ཁྲ་དང་སྤྱང་ཀི་ལྟ་བུའི་ལས་བགྱིས་ཏེ༔ མི་བཟད་ན་རཀ་ཆེན་པོའི་རྒྱུ་བསགས་རྣམས༔ མཐོལ་ལོ་བཤགས་སོ་དཀྱིལ་འཁོར་ལྷ་ལ་བཤགས༔ མཐོལ་བཤགས་བཟོད་པ་དམ་པ་བཞེས་ནས་ཀྱང་༔ བླ་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ༔ ཡེ་ཤེས་ལྷ་དང་རྡོ་རྗེ་སློབ་དཔོན་གྱི༔ གསང་བའི་དམ་ཚིག་ཚུལ་བཞིན་སྩལ་བ་ལས༔ རྩིས་མེད་ཡལ་བར་དོར་ཞིང་བཀའ་བསླུས་ནས༔ འདོད་ཡོན་སྲེད་པས་ཚོགས་ཀྱི་སྤྱང་ཀུ་བགྱིས༔ ཚོད་ཡོད་རྔམ་ཆོད་ཕུད་གཞོལ་ལྷག་ལ་འཕྲིས༔ དཀོན་མཆོག་གསུམ་ལ་བསྔོས་དང་མཆོད་པའི་རྫས༔ མ་བྱིན་ཕ་མའི་ལོངས་སྤྱོད་ནད་པའི་ཟས༔ དཀའ་ཐུབ་དབེན་པའི་སྒྲུབ་རྒྱགས་འཚོ་བ་སོགས༔ བཙན་ཐབས་དྲེགས་ཚོད་ཐུབ་ཐུབ་དབང་ཟ་ཞིང་༔ རང་བྱན་བཙུད་དེ་པྲེ་ཏའི་རྒྱུ་བསགས་རྣམས༔ མཐོལ་ཞིང་བཤགས་སོ་བཟོད་པ་དམ་པ་བཞེས༔ སླན་ཆད་མི་བགྱིད་སྡིག་པར་མ་གྱུར་ཅིག༔ ཡན་ལག་དམ་ཚིག་ཉེར་ལྔ་ལས་འདས་ཏེ༔ སྤྱད་པར་བྱ་བ་ལྔ་དང་མི་སྤང་ལྔ༔ དང་དུ་བླང་ལྔ་ཤེས་པར་བྱ་བ་ལྔ༔ བསྒྲུབ་པར་བྱ་བའི་དམ་

p. 351

ཚིག་ལྔ་ལ་སོགས༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཉམས་ཆག་རྣམས༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས་པར་བགྱི༔ ནང་པ་ཐབས་ཀྱི་རྒྱུད་གཞུང་ལས་བྱུང་བའི༔ ཁྱད་པར་ཅན་གྱི་དམ་ཚིག་ཉི་ཤུ་དང་༔ སྤྱོད་པ་རྒྱུན་གྱི་དམ་ཚིག་རྣམ་པ་བཞི༔ རང་བཞིན་ལྟ་བའི་དམ་ཚིག་བཞི་དང་ནི༔ གལ་མདོ་ངེས་པའི་དམ་ཚིག་བཞི་ལ་སོགས༔ དེ་དག་རྣམས་ཀྱི་བསྲུང་མཚམས་མི་ཤེས་ཤིང་༔ གཞུང་དང་འགལ་བའི་ལས་རྣམས་ཅི་བགྱིས་པ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས༔ ཕྱི་པ་རྒྱུད་ཀྱི་གཞུང་ལས་བྱུང་བ་ཡི༔ སྤྱི་དང་བྱེ་བྲག་ཁྱད་པར་དམ་ཚིག་དང་༔ བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་པ་དང་༔ ཉན་ཐོས་འདུལ་ཁྲིམས་ཉམས་དང་འཇིག་རྟེན་པའི༔ ངོ་ཚ་ཁྲེལ་གཞུང་མནའ་ཚིག་འགལ་ལ་སོགས༔ དམ་ཚིག་ཁྲིམས་ཉམས་ཐམས་ཅད་མཐོལ་ཞིང་བཤགས༔ བཀའ་གསང་གཉན་པོ་ཁྱད་དུ་བསད་ནས་ནི༔ སྐྱེ་བོ་ཡ་ག་ཅན་གྱི་རང་དད་དང་༔ འདོད་ཡོན་ཟས་ནོར་གསུད་ཀྱི་དབང་བཏང་ནས༔ དཀོན་མཆོག་གསུམ་གྱི་སྐུ་དགྲའི་སྔགས་བཟློག་བྱས༔ པྲ་ཏི་ཧ་ན་མ་ཧཱ་བོ་དྷི་སོགས༔ དཀོན་མཆོག་གསུམ་ལ་བསྔོས་པའི་ཡོ་བྱད་དང་༔ བླ་མ་

p. 352

དང་ནི་དཀྱིལ་འཁོར་ཆེན་པོ་ཡི༔ མཆོད་པ་ཚོགས་ཀྱི་ཡོ་བྱད་རྣམས་ལ་བསྔོས༔ སྒོམ་སྒྲུབ་ཟབ་མོའི་རྒྱུ་རྐྱེན་ལ་སོགས་པ༔ ཚོགས་མཆོད་ཆེན་པོའི་རྒྱུ་རུ་བསྔོས་རྣམས་ལ༔ ཚོད་ཡོད་བྱས་ནས་དངོས་སུ་སྤྱད་པ་དང་༔ ཐུག་ཐུབ་ཕྲི་གཞོག་ཐབས་ཀྱིས་བཅོམ་ལ་སོགས༔ ངན་སོང་རྒྱུ་བསགས་ཐམས་ཅད་མཐོལ་ཞིང་བཤགས༔ མདོར་ན་གསང་སྔགས་ཟབ་མོའི་སྒོར་ཞུགས་ནས༔ མ་རིག་དབང་གིས་དམ་ཚིག་མ་བསྲུངས་ཤིང་༔ ལུས་ངག་ཡིད་གསུམ་སྤྱོད་པ་བག་མེད་པས༔ ཁས་བླངས་དམ་བཅས་ཚུལ་བསྡམས་མནའ་དོར་ནས༔ གཡེལ་ཞིང་བག་ཆགས་ངན་པའི་ཤུགས་ཕོག་སྟེ༔ དམ་ཉམས་མནའ་ཟོས་ཁྲིམས་ཤོར་ཚུལ་ལས་འདས༔ ན་རཀ་སྡུག་བསྔལ་ཆེན་པོའི་རྒྱུ་བསགས་ཤིང་༔ བཀའ་ལ་རས་ཆོད་དབང་ཟོས་གསང་བ་བསྒྲགས༔ བག་མེད་བབ་ཆོལ་སྤྱོད་པའི་ཚུལ་ཤོར་ནས༔ དཀྱིལ་འཁོར་བྲི་ནོར་མཆོད་གཏོར་བཤམ་ཉེས་དང་༔ བསྙེན་སྒྲུབ་ལས་སྦྱོར་གོ་ལོག་ལག་ལེན་འཁྲུགས༔ སྨན་རཀ་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་རྣམས༔ བསང་སྦྱང་བྱིན་གྱིས་མ་བརླབས་ཐ་མལ་དུ༔ འབུལ་བརྗེས་སྤྱད་ཉེས་འབག་རྩོག་ཕོག་ལ་སོགས༔ སྤྱོད་པ་བག་མེད་བགྱིས་རྣམས་མཐོལ་

p. 353

ཞིང་བཤགས༔ བློ་ནོར་འཁྲུལ་པ་ཏིང་འཛིན་མ་གསལ་ཞིང་༔ རྨུག་འཐིབ་བྱིང་པས་ཡི་དམ་ལྷ་མ་མཐོང་༔ ཛཔྲ་བསྙེན་གྲ་ཆགས་གྲངས་ཚད་མཐར་མ་འཁྱོལ༔ སྒོམ་སྒྲུབ་ཟབ་མོ་གཡེལ་བ་མཐོལ་ཞིང་བཤགས༔ སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་པ༔ གཞི་མེད་རྩ་བྲལ་སྨྲ་བརྗོད་ལས་འདས་ཤིང་༔ ལྷུན་གྲུབ་རང་བཞིན་གཏིང་མཐའ་མེད་པ་ལ༔ འཁྲུལ་རྟོག་བཅོས་བསླད་ཡིད་གཉིས་སྒྲོག་གིས་བཅིངས༔ ལྟ་བ་ཐག་མ་ཆོད་པ་མཐོལ་ཞིང་བཤགས༔ བླ་མ་ཡི་དམ་ཞི་ཁྲོ་རང་སྣང་གི༔ ལྷ་ཚོགས་རྣམས་ལ་རྟོག་པ་མི་མངའ་ཡང་༔ དེ་ཡི་བཀའ་དང་འཁོར་དུ་གཏོགས་པ་ཡི༔ ཡེ་ཤེས་དང་ནི་ལས་ལས་གྲུབ་པ་རྣམས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ ཆོས་འཁོར་སྐྱོང་ཞིང་བསྟན་པ་སྲུང་ལ་སོགས༔ དམ་ཅན་རྣམས་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་ཐུགས་དམ་སྐོང་བར་མཛོད༔ མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ འདུས་པའི་མཐུན་གྲོགས་མཆེད་དང་ལྕམ་དྲལ་གྱིས༔ སྤྱན་ལ་མི་མཛེས་སྙན་དུ་མི་འཛུལ་ཞིང་༔ ཐུགས་དང་འགལ་བའི་བྱ་བ་བག་མེད་

p. 354

པས༔ འཕྲལ་གྱི་རྐྱེན་བྱེད་ཡུན་གྱི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་པས་སེམས་ཀྱིས་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་ཧོཿ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ [ཅེས་ཉམས་ཆག་བཤགས་པའི་རིམ་པ་རྣམས་སོ༔ །] [གཉིས་པ་ཐུགས་དམ་བསྐང་བའི་ཆོ་ག་ལ་བཞི་སྟེ། ཕྱི་ཐུན་མོང་མཆོད་པས་བསྐང་བ། ནང་ཐུན་མིན་རྫས་ཀྱིས་བསྐང་བ། གསང་བ་བླ་མེད་ཚོགས་ཀྱིས་བསྐང་བ། དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱིས་བསྐྱང་བའོ། །དང་པོ་ཕྱི་ཐུན་མོང་མཆོད་པས་བསྐང་བ་ནི། ཉེར་སྤྱོད་ཐོགས་པ་ཚར་དུ་དངར་བས་དཀྱིལ་འཁོར་བསྐོར་ཞིང་།] ཧཱུྃ་ཧྲཱིཿ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་མཆོག་གི་ཡོན་ཆབ་འདི༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདི༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་འདིའམ༴ ལྷ་རྫས་མཆོག་གི་མེ་ཏོག་འདི༔ རྒྱུ་རྐྱེན་རྣམ་པར༴ བླ་མེད་མཆོག་གི༴ བླ་མ་ཡི་དམ༴ དམ་ཅན་རྒྱ་མཚོ༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་

p. 355

དང་༴ སྟོང་གསུམ་འདི༴ ལྷ་རྫས་མཆོག་གི་བདུག་སྤོས་འདི༔ རྒྱུ་རྐྱེན༴ བླ་མེད༴ བླ་མ༴ དམ་ཅན༴ དཀྱིལ་འཁོར༴ བསྐང་གྱུར༴ སྟོང་གསུམ༴ ལྷ་རྫས་མཆོག་གི་སྣང་གསལ་འདི༔ རྒྱུ་རྐྱེན༴ བླ་མེད༴ བླ་མ༴ དམ་ཅན༴ དཀྱིལ་འཁོར༴ བསྐང་གྱུར༴ སྟོང་གསུམ༴ ལྷ་རྫས་མཆོག་གི་དྲི་ཆབ་འདི༔ རྒྱུ་རྐྱེན༴ བླ་མེད༴ བླ་མ༴ དམ་ཅན༴ དཀྱིལ་འཁོར༴ བསྐང་གྱུར༴ སྟོང་གསུམ༴ ལྷ་རྫས་མཆོག་གི་ཞལ་ཟས་འདི༔ རྒྱུ་རྐྱེན༴ བླ་མེད༴ བླ་མ༴ དམ་ཅན༴ དཀྱིལ་འཁོར༴ བསྐང་གྱུར༴ སྟོང་གསུམ༴ ལྷ་རྫས་མཆོག་གི་རོལ་མོ་འདི༔ རྒྱུ་རྐྱེན༴ བླ་མེད༴ བླ་མ༴ དམ་ཅན༴ དཀྱིལ་འཁོར༴ བསྐང་གྱུར༴ སྟོང་གསུམ༴ ལྷ་རྫས་མཆོག་གི་རོལ་མོ་འདི༔ རྒྱུ་རྐྱེན༴ བླ་མེད༴ བླ་མ༴ དཀྱིལ་འཁོར༴ བསྐང་གྱུར༴ ཞེས་དང་། ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ [ཅེས་སྦྱར་རོ། །][གཉིས་པ་ནང་ཐུན་མིན་རྫས་ཀྱིས་བསྐང་བ་ལའང་བཞི་ལས། དང་པོ་བདུད་རྩི་སྨན་གྱིས་བསྐང་བ་ནི། བྱིན་གྱིས་བརླབས་པའི་སྨན་མཆོད་སྦྲེང་ཞིང་འཐོར་ལ།] ཧཱུྃ་ཧྲཱིཿ ཀུན་གཞི་ཀློང་ཡངས་བྷནྡྷ་རུ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་

p. 356

བཀང་༔ བསྐང་བའི་རྫས་མཆོག་བླ་ན་མེད༔ ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་༔ སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བློ་མདངས་གསལ་འབར་བྷནྡྷ་རུ༔ ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང་༔ བསྐང་བའི་རྫས༴ ལོངས་སྤྱོད་རྫོགས་སྐུའི་ཐུགས༴ སྐོངས་གྱུར་དབང་༴ མཆོག་གི་འོད་གསལ་བྷནྡྷ་རུ༔ ཐིག་ལེ་འབར་བའི་བདུད་རྩིས༴ བསྐང་བའི༴ སྤྲུལ་པ་སྐུ་ཡི༴ སྐོངས་གྱུར༴ ཡེ་ཤེས་རྩ་ཡི་བྷནྡྷ་རུ༔ སྐྱེ་མེད་ཨ་དཀར་བདུད་རྩིས་བཀང་༔ བསྐང་བའི༴ ཞི་བའི་ལྷ་ཚོགས་ཐུགས༴ སྐོངས་གྱུར༴ ཡེ་ཤེས་ལྔ་ཡི་བྷནྡྷ་རུ༔ ཤེས་རབ་རང་གསལ་བདུད་རྩིས་བཀང་༔ བསྐང་བའི༴ ཁྲོ་བོའི་ལྷ་ཚོགས་ཐུགས༴ སྐོངས་གྱུར༴ སྟོང་གསུམ་སྣོད་ཀྱི་བྷནྡྷ་རུ༔ རང་རྩལ་བཅུད་ཀྱི་བདུད་རྩིས་བཀང་༔ བསྐང་བའི༴ བཀྲམ་པའི་ལྷ་ཚོགས་ཐུགས༴ བསྐང་གྱུར༴ ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག༔ [སོགས་ཚིག་རྐང་དྲུག་པོ་གོང་བཞིན་སྦྱར།] [གཉིས་པ་དམར་ཆེན་རཀྟས་བསྐང་བ་ནི། དུང་ཆེན་དམར་གྱིས་བཀང་བ་ཐོགས་ལ་སྦྲེང་ཞིང་།] ཧཱུྃ་ཧྲཱིཿ སྤྱི་གཙུག་བདེ་ཆེན་འཁོར་ལོའི་བྷནྡྷ་རུ༔ སྡུག་བསྔལ་རྣམ་པར་གྲོལ་བའི་རཀྟས་བཀང་༔ གཉིས་མེད་བདེ་བ་ཆེན་པོས་ཆགས་པ་བསྐྱེད༔ འདི་ཡང་རྨད་བྱུང་བསྐང་བའི་རཀྟ་སྟེ༔

p. 357

བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་བྷནྡྷ་རུ༔ སྣ་ཚོགས་ཡིད་ལས་གྲོལ་བའི་རཀྟས་བཀང་༔ གཉིས་མེད་བདེ་བ༴ འདི་ཡང་རྨད་བྱུང་༔ བླ་མ་ཡི་དམ༴ བསྐང་གྱུར་དབང་དང་༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་བྷནྡྷ་རུ༔ བསམ་གཏན་བློ་ལས་གྲོལ་བའི་རཀྟས་བཀང་༔ གཉིས་མེད༔ འདི་ཡང་༴ བླ་མ༴ བསྐང་གྱུར༴ ལྟེ་བ་སྤྲུལ་པའི་འཁོར་ལོའི་བྷནྡྷ་རུ༔ ཉོན་མོངས་རྩ་མདུད་གྲོལ་བའི༴ གཉིས་མེད༴ འདི་ཡང་༴ བླ་མ༴ བསྐང་གྱུར༴ གསང་གནས་བདེ་སྐྱོང་འཁོར་ལོའི་བྷནྡྷ་རུ༴ ཡེ་ཤེས་བདེ་བ་ཐིག་ལེའི༴ གཉིས་མེད༴ འདི་ཡང་༴ བླ་མ༴ བསྐང་གྱུར༴ ཉམས་ཆག་ཐམས་ཅད་[སོགས་གོང་བཞིན།] [གསུམ་པ་རྨད་བྱུང་གཏོར་མས་བསྐང་བ་ནི། དཔལ་གྱི་གཏོར་མ་རྒྱན་ལྡན་བཟའ་བཅའ་སྣ་ཚོགས་ཀྱིས་བྲན་པ་བཏེགས་ལ།] ཧཱུྃ་ཧྲཱིཿ བྷནྡྷ་འབར་བའི་གཏོར་གཞོང་དུ༔ ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས༔ འཁོར་ལོ་འབར་བའི་མཐེབ་ཀྱུས་བསྒྲོན༔ སྒྲོན་མ་མིག་གི་ཛ་གཏ་གསལ༔ དབང་པོ་ལྔ་ཡི་རཀྟས་བྲན༔ བསྐང་བའི་གཏོར་མ་བླ་ན་མེད༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང་༔ བསྐང་གྱུར་

p. 358

དབང་དང་དངོས་གྲུབ་སྩོལ༔ ཉི་ཟླ་གའུའི་གཏོར༴ ཙིཏྟ་འབར་བའི་དཔལ༴ པདྨ་འདབ་བརྒྱད་མཐེབ༴ རྣམ་ཤེས་ཚོགས་བརྒྱད་ཛ༴ རྩ་ཆེན་བཞི་ཡི་རཀྟས༴ བསྐང་བའི༴ རྩ་བ༴ བསྐང་གྱུར༴ གདལ་ཁྱབ་ལྤགས་པའི་གཏོར༴ རུས་པ་རང་གསལ་དཔལ༴ རང་སྣང་ཤ་ཡི་མཐེབ༴ བཀྲག་དང་གཟི་མདངས་ཛ༴ ཁྲག་དང་ཆུ་སེར་རཀྟས༴ བསྐང་བའི༴ རྩ་བ༴ བསྐང་གྱུར༴ ཁོག་པ་སྟོང་པའི་གཏོར༴ མཆིན་པ་རང་གསལ་དཔལ༴ གློ་མཚེར་མཁལ་མའི་མཐེབ༴ གུ་ཧྱ་ནང་རོལ་ཛ༴ རང་སྣང་མཁྲིས་པའི་རཀྟས༴ བསྐང་བའི༴ རྩ་བ༴ བསྐང་གྱུར༴ ཉམས་ཆག་ཐམས་ཅད་[སོགས་གོང་བཞིན།] [བཞི་པ་སྣང་གསལ་མར་མེས་བསྐང་བ་ནི། འབྲུ་མར་དང་ཞུན་གྱི་མར་མེ་སྤར་བ་ཐོགས་ལ།]ཧཱུྃ་ཧྲཱི༔ གདལ་ཁྱབ་ལྤགས་པའི་ཀོང་བུ་རུ༔ ཁྲག་དང་ཆུ་སེར་མར་ཁུས་གཏམས༔ ཤ་དང་རུས་པའི་སྡོང་བུ་བཙུགས༔ རང་གསལ་བཀྲག་མདངས་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ བསྐང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ བྷནྡྷ་འབར་བའི་ཀོང་༴ གོ་རོ་ཙ་ནའི་མར༴ གསལ་བྱེད་རྩ་ཡི་སྡོང་༴ དབང་པོ་ལྔ་ཡི་སྒྲོན༔ འདི་ཡང་རང་བྱུང་༴

p. 359

བསྐང་བའི་ཞུན་ཆེན༴ དཀྱིལ་འཁོར་ལྷ་ཚོགས༴ བསྐང་གྱུར་དབང་དང་༴ ཙིཏྟ་འབར་བའི་ཀོང་༴ སྙིང་ཚིལ་དཀར་ནག་མར༴ པདྨ་འདབ་བརྒྱད་སྡོང་༴ རྣམ་ཤེས་ཚོགས་བརྒྱད་སྒྲོན༴ འདི་ཡང༴ བསྐང་བའི༴ དཀྱིལ་འཁོར༴ བསྐང་གྱུར༴ དྭངས་མ་ལྔ་ཡི་ཀོང་བུ་རུ༔ སྒྲིབ་མེད་འོད་ལྔའི་མར༴ དོན་སྙིང་ལྔ་ཡི་སྡོང་༔ འགྱུ་བྱེད་དབུགས་ཀྱི་སྒྲོན༴ འདི་ཡང་༴ བསྐང་བའི༴ དཀྱིལ་འཁོར༴ བསྐང་གྱུར༴ ཨ་ཝ་དྷུ་ཏིའི་ཀོང་བུ་རུ༔ རང་གསལ་འོད་ཀྱི་མར༴ འཁོར་ལོ་བདུན་བརྩེགས་སྡོང་༴ བྱང་ཆུབ་སེམས་ཀྱི་སྒྲོན༴ འདི་ཡང་༴ བསྐང་བའི་དཀྱིལ་འཁོར༴ བསྐང་གྱུར༴ མི་ཤིགས་ཐིག་ལེའི་ཀོང་བུ་རུ༔ སྐྱེ་མེད་ཡེ་ཤེས་མར༴ རྩ་བྲན་བཅུ་ཡི་སྡོང་༴ རིག་པ་རང་བྱུང་སྒྲོན༴ འདི་ཡང་༴ བསྐང་བའི༴ དཀྱིལ་འཁོར༴ བསྐང་གྱུར༴ ཡེ་ཤེས་རྩ་ཡི་ཀོང་བུ་རུ༔ ཨ་དཀར་རྩ་གཅིག་མར༴ ཡེ་ཤེས་འོད་ཟེར་སྡོང་༴ ཤེས་རབ་འབྲས་བུའི་སྒྲོན༴ འདི་ཡང་༴ བསྐང་བའི༴ དཀྱིལ་འཁོར༴ བསྐང་གྱུར༴ མཆོག་གི་འོད་གསལ་ཀོང་༴ མདངས་གསལ་འོད་ཀྱི་མར༴ ཐིག་ལེའི་འབར་བའི་སྡོང་༴ ཡེ་ཤེས་ལྔ་ཡི་སྒྲོན༴ འདི་ཡང་༴ བསྐང་བའི༴ དཀྱིལ་

p. 360

འཁོར༴ བསྐང་གྱུར༴ ཀུན་གཞི་ཀློང་ཡངས་ཀོང་༴ ཆོས་ཀྱི་དབྱིངས་ཀྱི་མར༴ བྱང་ཆུབ་སེམས་ཀྱི་སྡོང་༴ སྐུ་ལྔ་ལྷུན་གྲུབ་སྒྲོན༴ འདི་ཡང་༴ བསྐང་བའི༴ དཀྱིལ་འཁོར༴ བསྐང་གྱུར༴ ཉམས་ཆག་ཐམས་ཅད་[སོགས་གོང་བཞིན་སྦྱར་རོ། །][གསུམ་པ་གསང་བ་བླ་མེད་ཚོགས་ཀྱིས་བསྐང་བ་ལ་གཉིས། ཚོགས་ཀྱི་མཆོད་པ་དང་། བསྐང་བའི་ཆོ་ག་དངོས་སོ། །དང་པོ་ལ་ལྔ་ལས། དང་པོ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། མཱཾ་ས་ཛ་གད་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བའི་ཡོ་བྱད་ཅི་འབྱོར་པ་གྱ་ནོམ་པར་བཤམ་ལ། བདུད་རྩིའི་ཟེག་མ་འཐོར་ཞིང་།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞལ་ཟས་ཚོགས་ལ་ཉེས་སྒྲིབ་མ་མཆིས་ཀྱང་༔ བཤམས་པའི་རྫས་ཀྱི་འབག་བཙོག་དྲི་མ་རྣམས༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས་བྱས་ཤིང་༔ ཉེས་པའི་སྐྱོན་བྲལ་ལེགས་པའི་ཡོན་ཏན་ལྡན༔ རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཡཾ་སྥ་ར་ཎ་ཧཱུྃ༔ སཾ་ཧ་ར་ཎ་ཧཱུྃ༔ ཁཾ་སྥ་ར་ཎ་ཕཊ༔ ཨོཾ་ལས་འོད་འཕྲོས་དབྱིངས་དང་མཉམ་པར་སྤེལ༔ ཨཱཿལས་འོད་འཕྲོས་རྟོག་ཚོགས་འཁྲུལ་པ་སྦྱངས༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཧ་ལས་འོད་འཕྲོས་འདོད་ཡོན་སྣང་སྲིད་གང་༔ ཧོཿལས་འོད་འཕྲོས་ལྷ་རྣམས་དགྱེས་པ་སྐོང་༔ ཧྲཱིཿལས་འོད་འཕྲོས་མགྲོན་

p. 361

རྣམས་ཚིམས་ཤིང་ངོམས༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ [ཞེས་བྱིན་བརླབས།] [གཉིས་པ་འབུལ་བ་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི།] ཧཱུྃ་ཧྲཱིཿ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདི༔ ཚོགས་ཀྱི་ཡོ་བྱད་གཞུང་བཞིན་བཤམས་ནས་ཀྱང་༔ བསང་སྦྱངས་བྱིན་བརླབས་རོ་བཅུད་ནུས་པར་ལྡན༔ བསྒྲུབ་རྫས་གཉན་པོའི་ཚོགས་དང་བཅས་པ་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་གཉན་བསྐང་ཏེ༔ སྒྲུབ་མཆོག་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ གྷ་ཎ་ཙཀྲ་པཱུ་ཛ་ཧོཿ [ཆ་བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི།] ཧོཿ བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་སྤྱོད་པས་དམ་ལས་འགལ་གྱུར་རྣམས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་བཤགས་ན༔ དམ་ཚིག་འགལ་འཁྲུལ་ཉམས་ཆག་སོར་ཆུད་དེ༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ གྷ་ན་ཙཀྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ གྷ་ཎ་ཙཀྲ་ཏྭེ་ནོ་པ་ཏིཥྛ༔ དྲི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིངྔྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་

p. 362

སུ་ཙ་མེ༔ ཙིཏྟ་ཀྲི་ཡཾ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ གྷ་ཎག་ཙཀྲ་མེ་མུཉྩ༔ བཛྲི་བྷ་ཝ༔ མཧཱ་ས་མ་ཡ་སཏྭ་ཨཱཿ [ཆ་གསུམ་པ་སྒྲོལ་བའི་ལས་རིམ་གྱི་སྒོ་ནས་སྟོབ་པ་ནི། དམིགས་བྱའི་ལིངྒ་ལོགས་སུ་བཅས་པའམ་མེད་ན་ཚོགས་ཟན་དེའི་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུས་ཏེ།] ཚོགས་སྣོད་དེ་ཉིད་ལས་ཀྱ་གཤིན་རྗེ་འབར་བའི་ཧོམ་ཁུང་དུ་ཚོགས་རྫས་གནོད་བྱེད་དགྲ་བགེགས་དངོས་སུ་གསལ་བ་ལ། རང་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕག་སྒྲོག་དྲིལ་བུ་ཅན་སྤྲོས་པ་རྣམས་ཀྱིས་གནོད་བྱེད་དགྲ་བགེགས་རང་དབང་མེད་པར་བཀུག་ནས་གཟུགས་ཕུང་ལ་བསྟིམ་པར་[བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས།] ཧཱུྃ་ཧྲཱིཿ བླ་མ་ཡི་དམ་ཞི་ཁྲོ་འབར་བའི་ཚོགས༔ བཀའ་སྲུང་དམ་ཅན་ཆོས་སྐྱོང་བཅས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་བྱིན་རླབས་ཀྱི༔ བདེན་པ་དེ་ཡི་བཀའ་ལ་ཁྱོད་ཉོན་ཅིག༔ གལ་ཏེ་མི་ཉན་བཀའ་ལས་འདའ་བྱེད་ན༔ བདག་གཞན་ལྷ་དང་མཆེད་ལྕམ་ལ་སོགས་ལ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རཱུ་དྲ་ཟ་འདྲེ་ཕུང་བའི་སྲི་རྣམས་ཀུན༔ སྐད་ཅིག་ཙམ་གྱིས་གཟུགས་ཕུང་འདི་ལ་ཁུག༔ ཨོཾ་བཛྲ་

p. 363

ཊ་ཀི་རཱ་ཛ་ཧཱུྃ་ཛཿ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོཿ [ལས་ཕུར་གྱིས་གཟིར་ཞིང་།] ཧཱུྃ་ཧྲཱིཿ གནོད་བྱེད་དགྲ་བགེགས་རཱུ་ཏྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་ཕབ་པ༔ འཇོམས་བྱེད་ཐོ་བ་གཅོད་བྱེད་རལ་གྲི་དང་༔ བརྡུང་བའི་དབྱུག་ཐོ་འགུག་པའི་ལྕགས་ཀྱུ་དང་༔ གཅོད་པའི་སྟྭ་ཏར་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་པོ་ཕོག་ན་དུམ་བུ་སྟོང་༔ གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་ཆུག༔ རྣམ་ཤེས་གཟུགས་ཕུང་གཞོབ་དུ་བསྲེགས་ནས་ཀྱང་༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་བྱོས༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ ཤག་ཤག༔ མཱ་ར་ཡ་ཚལ་པ་ཚལ་པ་རྦད་རྦད༔ ཨོཾ་བཛྲ་ཏིཀྵྞ་ཁ་ཐཾ་མཱ་ར་ཡ་ཛ་ཛཿ [ཞེས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་ལ་ཤ་ཁྲག་གི་ཕུང་པོ་བདུད་རྩིར་སྦར་བ་འབུལ་ཞིང་།] ཧཱུྃ་ཧྲཱིཿ བསྟབ་བོ་བསྟབ་བོ་ལྷ་ཚོགས་ཞལ་དུ་བསྟབ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཆོས་སྐྱོང་དམ་ཅན་སྲུང་མ་ཞལ་ཕྱེས་ཤིག༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཞལ་ཕྱེས་ཤིག༔ གཟུངས་མ་ཀུན་ཏུ་བཟང་མོ་ཞལ་ཕྱེས་ཤིག༔ འདུས་པའི་མཆེད་དང་ལྕམ་དྲལ་ཞལ་ཕྱེས་ཤིག༔ གནོད་བྱེད་གཟུགས་

p. 364

ཕུང་ཤ་ཁྲག་ཞལ་དུ་བསྟབ༔ བཞེས་ཤིག་རལ་ཅིག་ཁ་རཾ་ཁཱ་ཧི༔ རོལ་ཅིག་རོལ་ཅིག་འདོད་ཡོན་ཚོགས་ལ་རོལ༔ ཞལ་ཟས་རོལ་པ་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ [ཞེས་བསྟོབ་བོ། །][གཉིས་པ་ཐུགས་དམ་བསྐང་བའི་རིམ་པ་ནི། བསྐང་རྫས་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་སྤེལ་ལ།] ཧཱུྃ་ཧྲཱིཿ གདོད་ནས་རང་བྱུང་གདན་ཁྱབ་ཀློང་ཡངས་སུ༔ ཡེ་ཤེས་ཀ་དག་རབ་འབྱམས་མཚན་དཔེར་ལྡན༔ རྒྱལ་བའི་དཀྱིལ་འཁོར་སྤྲུལ་དང་ཡང་སྤྲུལ་བཅས༔ དོན་དམ་དབྱིངས་ལས་ཐབས་མཁས་ཐུགས་རྗེར་སྣང་༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་༔ གློ་བུར་འགྲོ་བློའི་མོས་པའི་སྣང་ཚུལ་དུ༔ བསྐང་བའི་གནས་འདིར་དད་པས་སྤྱན་འདྲེན་གྱི༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ དར་དང་རིན་ཆེན་ཐབས་ཤེས་ཉི་ཟླའི་ཁྲ༔ སྣ་ཚོགས་པདྨ་གེ་སར་མདངས་ལྡན་སྟེང་༔ རང་རང་དགྱེས་ཤིང་གནས་པའི་གདན་སྟེང་དུ༔ དམ་ཚིག་དབང་གིས་བརྟན་པར་བཞུགས་སུ་གསལ༔ དགའ་གུས་དང་བའི་ཚུལ་གྱིས་ཕྱག་འཚལ་ཞིང་༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་བླ་མེད་མཆོད་སྤྲིན་དང་༔ དམ་རྫས་བདུད་རྩི་རཀྟ་ཚོགས་གཏོར་

p. 365

འབུལ༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ གསང་བའི་ཕོ་བྲང་གཞུང་བཞིན་བཀོད་ནས་ཀྱང༔ སྒྲུབ་རྫས་གཉན་པོ་ཚུལ་ལྟར་བཤམས་པ་ནི༔ རྡོ་རྗེ་དྲི་ཆུའི་ཚོགས་ནི་མཚོ་ལྟར་བསྐྱིལ༔ མཱཾ་ས་གལ་ཕྱེའི་ཚོགས་ནི་ཐང་ལྟར་བརྡལ༔ བྱང་ཆུབ་སེམས་ཀྱི་ཚོགས་ནི་སྤྲིན་ལྟར་གཏིབས༔ གོ་རོ་ཙ་ནའི་ཕུང་པོ་གངས་ལྟར་ཆགས༔ མ་ཧཱ་ཙིཏྟའི་ཚོགས་ནི་རྫ་ལྟར་ཁྲོལ༔ གསུར་ཆེན་དུད་པའི་ཚོགས་ནི་ཕྱུ་རུ་རུ༔ ཞུན་ཆེན་སྣང་གསལ་འོད་ནི་ཡ་ལ་ལ༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་དི་རི་རི༔ དུང་ཆེན་རྐང་གི་གླིང་བུ་ཀྱུ་རུ་རུ༔ བདུད་རྩི་སྨན་གྱི་རྒྱ་མཚོ་མེ་རེ་རེ༔ རཀྟ་དམར་གྱི་རྦ་རླབས་ཆི་ལི་ལི༔ བརྗིད་ལྡན་དཔལ་གྱི་གཏོར་མ་རི་ལྟར་སྤུངས༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་བསམ་མི་ཁྱབ༔ བཀོད་མཛེས་སྤྱན་གཟིགས་ཡིད་འོང་མཆོད་པའི་སྤྲིན༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་བསྐང་བའི་རྫས༔ སྣང་སྲིད་གཞིར་བཞེངས་ཆེན་པོ་འདི་དག་རྣམས༔ དཔལ་ཆེན་ལྷ་ཚོགས་ཐུགས་དམ་བསྐང་བ་དང་༔ མཆེད་དང་ལྕམ་དྲལ་ཆག་ཉམས་བཤགས་པ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་བྱའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཐུགས་དམ་གཉན་པོ་

p. 366

བསྐང་ཕྱིར་བཞེས་སུ་གསོལ༔ ཐུགས་དམ་བསྐང་ཕྱིར་ཐུགས་རྗེས་བཞེས་ནས་ཀྱང༔ རྣལ་འབྱོར་བདག་ལ་གཡར་དམ་སོར་སྩོལ་ཅིག༔ དངོས་གྲུབ་སྩོལ་ལ་རྐྱེན་དང་བར་ཆད་ཟློག༔ ཧཱུྃ་ཧྲཱི༔ སྟེང་འོག་ཕྱོགས་མཚམས་འབར་བའི་ཀློང་དཀྱིལ་ནས༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་ཡི་དམ་མཁའ་འགྲོ་ཡབ་ཡུམ་སོགས༔ རྒྱལ་བ་སྲས་བཅས་བདག་ལ་དགོངས་སུ་གསོལ༔ བདག་སོགས་འགྲོ་རྣམས་ཞེ་སྡང་དབང་གྱུར་པས༔ བླ་མེད་བྱང་ཆུབ་སེམས་སྤངས་སྙིང་རྗེ་ཆུང་༔ རྡོ་རྗེ་རིགས་ཀྱི་ཐུགས་དང་ཅི་འགལ་བ༔ བདེ་གཤེགས་ཐུགས་ཀྱི་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ བདག་སོགས་འགྲོ་རྣམས་ང་རྒྱལ་དབང་གྱུར་པས༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་བཀའ་ལས་འདས༔ རིན་ཆེན་རིགས་ཀྱི་ཐུགས་དང་༴ བདེ་གཤེགས་ཡོན་ཏན་དམ་ཚིག༴ འདི་ཡང་མི་འཆབ༴ བདག་སོགས་འགྲོ་རྣམས་འདོད་ཆགས་དབང་གྱུར་པས༔ མ་བྱིན་བླངས་དང་འདོད་ལོག་མི་ཚངས་སྤྱད༔ པདྨ་རིགས་ཀྱི་ཐུགས་དང་༴ བདེ་གཤེགས་གསུང་གི་དམ་ཚིག༴ འདི་ཡང་མི བདག་སོགས་འགྲོ་རྣམས་ཕྲག་དོག་དབང་གྱུར་པས༔ བདག་ལ་བསྟོད་ཅིང་

p. 367

གཞན་གྱི་ཡོན་ཏན་སྨད༔ ལས་ཀྱི་རིགས་ཀྱི་ཐུགས་དང་༴ བདེ་གཤེགས་ཕྲིན་ལས་དམ་ཚིག༴ འདི་ཡང་༴ བདག་སོགས་འགྲོ་རྣམས་གཏི་མུག་དབང་གྱུར་པས༔ དགེ་བ་སྤངས་ནས་མི་དགེ་སྣ་ཚོགས་སྤྱད༔ དེ་བཞིན་རིགས་ཀྱི་ཐུགས་དང་༴ བདེ་གཤེགས་སྐུ་ཡི་དམ་ཚིག༴ འདི་ཡང་མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཧྲཱུྃ་ཧྲཱི༔ སྐུ་ཡི་དམ་ཚིག་ཉམས་པ་གསོ་བྱའི་ཕྱིར༔ དུས་གསུམ་རིག་འཛིན་སློབ་དཔོན་ཐུགས་དམ་བསྐང༔ གསུང་གི་དམ་ཚིག་ཉམས་པ་གསོ་བྱའི་ཕྱིར༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐུགས༴ ཐུགས་ཀྱི་དམ་ཚིག་ཉམས་པ་གསོ༴ མ་མོ་མཁའ་འགྲོའི་ཚོགས་ཀྱི་ཐུགས༴ ཡོན་ཏན་དམ་ཚིག་ཉམས་པ་གསོ༴ མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས༴ ཕྲིན་ལས་དམ་ཚིག་ཉམས་པ་གསོ༴ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས༴ དམ་ཚིག་ཉམས་ཆག་འགལ་འཁྲུལ་གསོ་བྱའི་ཕྱིར༔ འཁོར་འདས་གཉིས་མེད་ཆེན་པོའི་ཐུགས༴ མི་སྤང་བླང་བྱའི་དམ་ཚིག་གསོ༴ བླང་དོར་གཉིས་སུ་མེད་པའི་ཐུགས༴ དང་དུ་བླང་བའི་དམ་ཚིག་གསོ༴ དམ་རྫས་བདུད་རྩི་ལྔ་ཡིས་ཐུགས༴ སྤྱད་པར་བྱ་བའི་དམ་ཚིག་གསོ༴ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས༴ ཤེས་པར་བྱ་བའི་དམ་ཚིག་

p. 368

གསོ༴ ཕུང་པོ་ཞིང་སྒྲོལ་འདི་ཡིས་ཐུགས༴ བསྒྲུབ་པར་བྱ་བའི་དམ་ཚིག་གསོ༴ རིགས་ལྔ་རྣམ་པར་དག་པས་ཐུགས༴ ཉིང་ལ་གཉེར་ལྔའི་དམ་ཚིག་གསོ༴ གདོད་ནས་ཡོངས་དག་ཆེན་པོས་ཐུགས༴ སྐུ་ཡི་དམ་ཚིག་ཉམས་པ་སོར་ཆུད་ནས༔ སྐུ་ཡི་དངོས་གྲུབ་ལུས་ལ་སྩལ་དུ་གསོལ༔ གསུང་གི་དམ་ཚིག་ཉམས་པ་སོར༴ གསུང་གི་དངོས་གྲུབ་ངག་ལ༴ ཐུགས་ཀྱི་དམ་ཚིག་ཉམས་པ་སོར༴ ཐུགས་ཀྱི་དངོས་གྲུབ་སེམས་ལ༴ ཡོན་ཏན་དམ་ཚིག་ཉམས་པ་སོར༴ ཡོན་ཏན་དངོས་གྲུབ་དང་པོ་ལྔ་ལ་སྩོལ༔ ཕྲིན་ལས་དམ་ཚིག་ཉམས་པ་སོར༴ ཕྲིན་ལས་དངོས་གྲུབ་ཐོགས་མེད་རླུང་ལྟར་སྩོལ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་སོར་ཆུད་ནས༔ དངོས་གྲུབ་མ་ལུས་མྱུར་དུ་སྩལ་དུ་གསོལ༔ ཧྲཱུྃ་ཧྲཱི༔ ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་ནས༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ནི༔ མ་ཆགས་སྐྱོན་བྲལ་ཡོན་ཏན་རྫོགས་པའི་སྐུ༔ འདུས་པ་ཀུན་གྱི་གཙུག་རྒྱན་ཐུགས་དམ་བསྐང༔ དུས་གསུམ་སངས་རྒྱས་ཡོངས་ཀྱི་དགོངས་འདུས་ཤིང་༔ ཡོན་ཏན་ཕྲིན་ལས་མི་བཟད་དཔལ་འབར་བ༔ མཚན་དང་དཔེ་བྱད་བྱིན་རླབས་ཀུན་གྱི་མཛོད༔ དུས་གསུམ་བླ་མ་རྣམས་ཀྱི་ཐུགས༴ དཔལ་ཆེན་ཞི་ཁྲོ་ཡབ་ཡུམ་

p. 369

སྲས་དང་བཅས༔ རྣམ་འགྱུར་ཆ་ལུགས་སྤྲུལ་བསྒྱུར་དུ་མའི་བདག༔ དཀྱིལ་འཁོར་དགུ་རྫོགས་དངོས་གྲུབ་མཛོད་ཆེན་པོ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས༴ རྣལ་འབྱོར་སྲོག་འཛིན་བསྟན་པའི་བྱ་ར་བ༔ སྤྲུལ་པ་གར་བསྒྱུར་ཕྲིན་ལས་ཐོགས་མེད་བསྒྲུབས༔ མཐུ་སྟོབས་ཕོ་ཉ་མྱུར་མགྱོགས་གློག་ལྟར་འཁྱུག༔ མ་མོ་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང༔ ཧྲཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་རབ་བསྔགས་ཤིང་༔ པད་སྡོང་ལས་བྱོན་མཚོ་སྐྱེས་འགྱུར་མེད་སྐུ༔ ངོ་བོ་གཅིག་ལས་རྣམ་འཕྲུལ་དཔག་མེད་འགྱེད༔ རྡོ་རྗེ་པདྨ་འབྱུང་གནས་ཐུགས་དམ་བསྐང༔ ཤེས་རབ་དཔལ་ཕྲེང་མཁའ་འགྲོ་ཡོངས་ཀྱི་གཙོ༔ གཉིས་མེད་དག་པ་དགའ་བཞིའི་ཡེ་ཤེས་བསྐྱེད༔ དབྱིངས་ཀྱི་ཡུམ་ཆེན་བདེ་སྟོང་ཟག་པ་མེད༔ ལྷ་ལྕམ་མནྡྷར་བའི་ཐུགས༴ ཕོ་རྒྱུད་རྗེ་བཙན་དཔའ་བོ་རྟ་མཆོག་དཔལ༔ གར་གྱི་དབང་ཕྱུག་སྲིད་གསུམ་འགྲན་ཟླ་བྲལ༔ ཞི་ཁྲོ་འབར་བ་སྣང་སྟོང་སྒྱུ་མའི་སྐུ༔ སྟོབས་ཆེན་མ་རུངས་འདུལ་མཛད་ཐུགས༴ དེ་ཡི་ཡུམ་ཆེན་རྡོ་རྗེ་ཕག་མོའི་སྐུ༔ མོ་རྒྱུད་ཆེ་བཙན་རྟོག་བྲལ་མཁའ་དབྱིངས་མ༔ སྟོང་ཉིད་ཡེ་ཤེས་སྤྱི་དཔལ་ཌཱ་ཀིའི་ཚུལ༔ འགྱུར་མེད་དོན་

p. 370

སྟོན་མ་ཡི་ཐུགས་དམ་བསྐང༔ ཧྲཱུྃ་ཧྲཱི༔ ལིང་ཙེ་དགུ་ཡི་ཕོ་བྲང་དབུས་ཉིད་ནས༔ དཀྱིལ་འཁོར་གཙོ་མཆོག་པདྨ་བཛྲ་རྩལ༔ ཤེས་རབ་ཡུམ་ཆེན་ལྷ་ལྕམ་མནྡྷ་ར༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང༔ ཕྱོགས་མཚམས་འདབ་བརྒྱད་པདྨ་གེ་སར་སྟེང༔ བཞུགས་པའི་ལྷ་རྣམས་ཐུགས་དམ་བསྐང་བ་ནི༔ ཞེ་སྡང་རྡོ་རྗེ་ང་རྒྱལ་རྡོ་རྗེ་དང༔ འདོད་ཆགས་རྡོ་རྗེ་ཕྲག་དོག་རྡོ་རྗེ་དང་༔ མཚོ་སྐྱེས་རྡོ་རྗེ་ཁྲག་འཐུང་རྡོ་རྗེ་སྟེ༔ ཉོན་མོངས་གནས་འཇོམས་རྣམས་ཀྱི་ཐུགས་དམ་བསྐང༔ ཡུམ་ཆེན་སྐྱོད་བྱེད་གཤིན་རྗེ་འཇོམས་མ་དང༔ སྲེག་བྱེད་མ་དང་ལྷ་མོ་ཙཎྜི་མ༔ རྨོངས་བྱེད་མ་དང་ཡུམ་ཆེན་ལ་མ་དང་༔ མནྡྷ་ར་བ་གསོད་བྱེད་མ་ལ་སོགས༔ ཡུམ་ཆེན་ལྷ་མོ་བརྒྱད་ཀྱི་ཐུགས༴ ཐུགས་དམ་བསྐང་ངོ་དབང་དང་དངོས་གྲུབ་སྩོལ༔ ཧྲཱུྃ་ཧྲཱི༔ ཤར་གྱི་ཕྱོགས་ནས་ཐུགས་དམ་བསྐང་བ་ནི༔ བཅོམ་ལྡན་གཙོ་མཆོག་བུདྡྷ་ཐོད་ཕྲེང་རྩལ༔ བདག་ཉིད་ཆེན་མོ་སངས་རྒྱས་མཁའ་འགྲོ་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས༴ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རིན་ཆེན་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་

p. 371

མཛད་ལས་ཀྱི་ཐོད་ཕྲེང་རྩལ༔ རིག་འཛིན་ཆེན་པོ་རྡོ་རྗེ་མོས་པ་རྩལ༔ རིག་འཛིན་ཆེན་པོ་རྡོ་རྗེ་མྱུ་གུ་རྩལ༔ རིག་འཛིན་ཆེན་པོ་རྡོ་རྗེ་བཞད་པ་རྩལ༔ རིག་འཛིན་ཆེན་པོ་གར་གྱི་དབང་ཕྱུག་རྩལ༔ རིག་འཛིན་རྩལ་འཆང་རྣམས་ཀྱི་ཐུགས༴ རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་༔ པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང་༔ བི་ཤྭ་ཌཱ་ཀི་སརྦ་ཌཱ་ཀི་མ༔ ས་མ་ཌཱ་ཀི་ལོ་ཀ་ཌཱ་ཀི་སྟེ༔ ཡུམ་གྱུར་མཁའ་འགྲོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱུྃ་ཧྲཱི༔ ལྷོ་ཡི་ཕྱོགས་ནས་ཐུགས་དམ་བསྐང་བ་ནི༔ བཅོམ་ལྡན་དཔལ་ཆེན་མི་བསྐྱོད་རྡོ་རྗེའི་སྐུ༔ རྣམ་རོལ་དཔའ་མོ་བདེ་བའི་དབྱིངས་ཕྱུག་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས༴ མ་ཆགས་སྐྱོན་བྲལ་པདྨ་འབྱུང་གནས་སྐུ༔ མཁྱེན་གཉིས་ཐུགས་ཆུད་བློ་ལྡན་མཆོག་སྲེད་རྩལ༔ ཉི་མ་འོད་ཟེར་འགྲོ་རྣམས་ཐུགས་རྗེས་འདྲེན༔ སེང་གེ་སྒྲ་སྒྲོགས་ལོག་འདྲེན་གདུག་པ་འདུལ༔ དངོས་གྲུབ་གཏེར་མཛོད་པདྨ་སཾ་བྷ་ཝ༔ ཁམས་གསུམ་དབང་སྡུད་པདྨ་རྒྱལ་པོའི་སྐུ༔ ཤཱཀྱ་སེང་གེ་སྲིད་གསུམ་ཟིལ་གྱིས་མནོན༔ ཌཱ་ཀི་དབང་སྡུད་རྡོ་རྗེ་གྲོ་བོ་ལོད༔ ལས་བྱེད་མཚན་བརྒྱད་གུ་རུའི༴ ཡུམ་ཆེན་མཚོ་རྒྱལ་བདེ་བའི་རྣལ་

p. 372

འབྱོར་དང་༔ བདག་མེད་ལྷ་མོ་རྡོ་རྗེ་ཕྲ་མེན་མ༔ རྒྱ་མཚོ་གླིང་གི་ཕྲ་མེན་ཞི་བ་འཚོ༔ ཤཱཀྱ་དེ་མ་མཁའ་འགྲོ་བདུད་འདུལ་མ༔ རིགས་ཀྱི་ཡུམ་ཆེན་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱུྃ་ཧྲཱི༔ ནུབ་ཀྱི་ཕྱོགས་ནས་ཐུགས་དམ་བསྐང་བ་ནི༔ ཐུགས་རྗེའི་མངའ་བདག་པདྨ་དབང་ཆེན་པོ༔ ལྷ་མོ་རིག་བྱེད་གར་གྱི་དབང་ཕྱུག་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས༴ རྡོ་རྗེ་ཉི་མ་ཡེ་ཤེས་ཐོགས་མེད་རྒྱལ༔ དབང་ཆེན་ཉི་མ་གསེར་གྱི་ཉི་མ་མཆོག༔ རྡོ་རྗེ་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་དང་༔ རོ་ལང་བདེ་བ་རྡོ་རྗེ་ཐོག་རྒོད་དེ༔ སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུགས༴ ལེགས་སྐྱེས་མ་དང་ཕྲ་མེན་དབྱིངས་ཕྱུག་མ༔ སྲིད་པའི་རྒྱལ་མོ་ཉི་ཁྲོས་དབང་མོ་ཆེ༔ གར་གྱི་དབང་ཕྱུག་ལས་ཀྱི་དབང་མོ་ཆེ༔ གར་གྱི་དབང་ཕྱུག་ལས་ཀྱི་དབང་མོ་ཆེ༔ སྲིད་པ་ཆགས་བྱེད་འབྱུང་བ་ལྔ་ཡི་བདག༔ ཡུམ་མཆོག་སེམས་མ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱུྃ་ཧྲཱི༔ བྱང་གི་ཕྱོགས་ནས་ཐུགས་དམ་བསྐང་བ་ནི༔ ཕྲིན་ལས་འགྲོ་འདུལ་རིག་འཛིན་ཐོད་པ་རྩལ༔ བདེ་ཆེན་དམར་མོ་ཉི་ཟླ་ཐོད་ཕྲེང་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས༴ ལྷུན་གྲུབ་རིག་འཛིན་ཕྱག་རྒྱའི་རིག་འཛིན་དང༔ ཚེ་དབང་རིག་འཛིན་རིག་འཛིན་

p. 373

ཆེན་པོ་ཉིད༔ དམ་ཚིག་སློབ་དཔོན་མན་ངག་སློབ་དཔོན་དང་༔ ཤེས་རབ་རྒྱུད་དང་ཉམས་ཆག་སྐོང་མཛད་པའི༔ རིག་འཛིན་སློབ་དཔོན་རྣམས་ཀྱི་ཐུགས༴ སྤྱན་གཅིག་མ་དང་རྣལ་འབྱོར་དགྱེས་སྡེ་མ༔ དབང་གི་རྒྱལ་མོ་རྣལ་འབྱོར་རོ་ལངས་མ༔ དམ་ཚིག་བདག་མོ་རྡོ་རྗེ་སྐུལ་བྱེད་མ༔ སྐྱོང་བྱེད་ཚངས་མ་ཚེ་འཛིན་རྒྱལ་མོ་སྟེ༔ ཡུམ་ཆེན་རྣལ་འབྱོར་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱུྃ་ཧྲཱི༔ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དཔལ་ཆེན་མེ་ཡི་ཕྲེང་བ་ཅན༔ འཁྲིལ་སྦྱོར་ཁྲོ་མོ་ཁམས་གསུམ་སྲིད་པའི་བདག༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས༴ ཡ་མ་ར་ཙ་སྐོས་རྗེ་བྲང་དཀར་དང་༔ སྲིན་པོ་གློག་ཕྲེང་ཡཀྵ་མེད་དབལ་སྐུ༔ གཟའ་བདུད་ནག་པོ་ཀླུ་བདུད་མགོ་དགུ་པ༔ དབང་ཕྱུག་ཆེན་པོ་མ་ཧཱ་ཀཱ་ལ་སྟེ༔ དྲེགས་པ་སྟོབས་ལྡན་རྣམས་ཀྱི་ཐུགས༴ ཟ་བྱེད་ནག་མོ་བདུད་མོར་རེ་མ་ཏཱི༔ སྲིན་མོ་ཁྲག་མིག་མོན་མོ་མི་སྲུན་མ༔ ལྕམ་གཅིག་དམར་མོ་ཐོག་གི་བུ་ཡུག་མ༔ ཨུ་མ་དེ་ཝ་དུང་སྐྱོང་ནག་མོ་སྟེ༔ སྔགས་ཀྱི་བདག་མོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐང་གྱུར་གདུག་པའི་དགྲ་བགེགས་སྒྲོལ༔ ཧྲཱུྃ་ཧྲཱི༔ ལྷོ་ནུབ་མཚམས་

p. 374

ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་དང་༔ གཉིས་མེད་ཡུམ་ཆེན་སངས་རྒྱས་དཔའ་མོ་སྟེ༔ བདེ་སྦྱོར་གཉིས་མེད་རོལ་མཛད་ཐུགས༴ རྡོ་རྗེ་དཔའ་བོ་རིན་ཆེན་དཔའ་བོ་དང༔ པདྨ་དཔའ་བོ་ལས་ཀྱི་དཔའ་བོ་དང་༔ འཛིན་གིང་འགུགས་བྱེད་སྒྲོལ་གིང་གསོད་བྱེད་དང་༔ སྟོབ་གིང་ཟ་བྱེད་རྒྱུད་གིང་ལས་བྱེད་སོགས༔ དཔའ་བོ་གིང་དང་བཅས་པའི་ཐུགས༴ རྡོ་རྗེ་དཔའ་མོ་རིན་ཆེན་དཔའ་མོ་ཡུམ༔ པདྨ་དཔའ་མོ་ལས་ཀྱི་དཔའ་མོ་ཆེ༔ རྡོ་རྗེ་གིང་མོ་རིན་ཆེན་གིང་མོ་དང་༔ པདྨ་གིང་མོ་ལས་ཀྱི་གིང་མོ་སྟེ༔ དཔའ་མོ་གིང་མོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐང་གྱུར་བསྟན་སྲུང་བྱ་ར་མཛོད༔ ཧྲཱུྃ་ཧྲཱི༔ ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བར་གཅོད་བདུད་འདུལ་རྟ་མགྲིན་དབང་ཆེན་རྒྱལ༔ ཡུམ་ཆེན་ཁྲོ་མོ་ཨེ་ཁ་ཛཱ་ཊི་མ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས༴ ཡེ་ཤེས་ཟིལ་གནོན་མ་མོ་ཟིལ་གྱིས་གནོན༔ ལས་ཀྱི་ཁྲོ་བོ་བྱ་ཁྱུང་ཟིལ་གྱིས་གནོན༔ ཕོ་རྒྱུད་ཟིལ་གནོན་མོ་རྒྱུད་ཟིལ་གྱིས་གནོན༔ རླུང་ལྷ་ཟིལ་གནོན་གནོད་སྦྱིན་ཟིལ་གནོན་ཏེ་༔ ཟིལ་གནོན་ཁྲོ་རྒྱལ་རྣམས་ཀྱི་ཐུགས༴ མི་ཕམ་ཁྲོ་མོ་ཡུམ་ཆེན་སྤྱན་གཅིག་མ༔ ཡུམ་ཆེན་ཁྲོ་གཉེར་ཁྲོ་མོ་རྩ་འཇིབ་མ༔ རྡོ་རྗེ་

p. 375

ལས་བྱེད་གཤིན་རྗེ་ལས་བྱེད་མ༔ ཀླུ་མོ་ལས་བྱེད་གནོད་སྦྱིན་ལས་བྱེད་དེ༔ ཁྲོ་མོ་ལས་བྱེད་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐང་གྱུར་གནོད་བྱེད་འབྱུང་པོ་ཐུལ༔ ཧྲཱུྃ་ཧྲཱི༔ བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ ཁྲོ་རྒྱལ་ཡོངས་ཀྱི་ཆེ་བཙན་གསང་བའི་བདག༔ དགྱེས་པའི་ཡུམ་ཆེན་གསང་བའི་དབྱིངས་ཕྱུག་མ་༔ འཁྲིལ་སྦྱོར་མཉམ་པར་གནས་མཛད་ཐུགས༴ ཁྲོ་བོ་རྣམ་རྒྱལ་ཁྲོ་རྒྱལ་གཤིན་རྗེ་གཤེད༔ རྟ་མགྲིན་དབང་ཆེན་ཁྲོ་རྒྱལ་བདུད་རྩི་འཁྱིལ༔ དབྱུག་པ་སྔོན་པོ་ཁྲོ་རྒྱལ་མི་གཡོ་མགོན༔ འདོད་རྒྱལ་ཁམས་གསུམ་ཧཱུྃ་ཀཱར་སྟོབས་པོ་ཆེ༔ དྲེགས་འདུལ་ཁྲོ་རྒྱལ་རྣམས་ཀྱི་ཐུགས༴ རྡོ་རྗེ་མངའ་སྙེམས་དུར་ཁྲོད་བདག་མོ་དང༔ རྡོ་རྗེ་གཏུམ་མོ་རྡོ་རྗེ་རླུང་འབྱིན་མ༔ རྡོ་རྗེ་སྡེར་མོ་རྡོ་རྗེ་གཏུན་ཁུང་མ༔ སྙེམས་མ་སྐུལ་བྱེད་སྒྲ་འབྱིན་གསོད་བྱེད་དེ༔ ཡུམ་ཆེན་ཁྲོ་མོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐང་གྱུར་རྐྱེན་དང་བར་ཆད་ཟློག༔ ཧྲཱུྃ་ཧྲཱི༔ བདུད་བཞིའི་དཔུང་ཚོགས་མ་ལུས་འཇོམས་མཛད་ཅིང་༔ ཕྲིན་ལས་རྣམ་བཞི་སྒྲུབ་པའི་དཔལ་འབར་མ༔ རྒྱལ་བའི་བཀའ་བཞིན་རང་རང་ལས་བྱེད་ཚོགས༔ ཡེ་ཤེས་སྒོ་མ་བཞི་ཡི་ཐུགས༴ ལྷ་བདུད་འཇོམས་

p. 376

ཤིང་ཞི་བའི་ལས་བྱེད་མ༔ ཤར་ཕྱོགས་ཁྭ་གདོང་དཀར་མོའི་ཐུགས༴ འཆི་བདག་བདུད་འཇོམས་རྒྱས་པའི་ལས་མཛད་མ༔ ལྷོ་ཕྱོགས་ཁག་གདོང་སེར་མོའི་ཐུགས༴ ཉོན་མོངས་བདུད་འཇོམས་དབང་གི་ལས་མཛད་མ༔ ནུབ་ཕྱོགས་ཁྱི་གདོང་དམར་མོའི་ཐུགས༴ ཕུང་པོའི་བདུད་འཇོམས་མངོན་སྤྱོད་ལས་མཛད་མ༔ བྱང་ཕྱོགས་འུག་གདོང་ནག་མོའི་ཐུགས༴ ཐུགས་དམ་བསྐང་གྱུར་ཉོན་མོངས་བདུད་དཔུང་ཐུལ༔ ཧྲཱུྃ་ཧྲཱི༔ ཕོ་བྲང་མཚམས་བཞིར་གནས་པའི་བཀའ་ཉན་མ༔ སྒྲུབ་པའི་གྲོགས་མཛད་བསྟན་པའི་བྱ་ར་བ༔ ཁྲོ་འཛུམ་ཌཱ་ཀི་ཕྱེད་གཟུགས་འཛིན་པ་མོ༔ ལས་བྱེད་མཚམས་མ་བཞི་ཡི་ཐུགས༴ ཤར་ལྷོ་མཚམས་སུ་ལྷ་མོ་བརྟན་བྱེད་མ༔ དཀར་སེར་ཕྱེ་གཟུགས་འཛིན་མའི་ཐུགས༴ ལྷོ་ནུབ་མཚམས་སུ་ལྷ་མོ་ཕོ་ཉ་མ༔ སེར་དམར་ཕྱེད་གཟུགས་འཛིན་མའི་ཐུགས༴ ནུབ་བྱང་མཚམས་སུ་ལྷ་མོ་མཆེ་བ་མ༔ དམར་ལྗང་ཕྱེད་གཟུགས་འཛིན་མའི་ཐུགས༴ བྱང་ཤར་མཚམས་སུ་ལྷ་མོ་འཇོམས་བྱེད་མ༔ ལྗང་དཀར་ཕྱེད་གཟུགས་འཛིན་མའི་ཐུགས༴ ཐུགས་དམ་བསྐང་གྱུར་བསྟན་པའི་བྱ་ར་མཛོད༔ ཧྲཱུྃ་ཧྲཱི༔ དཀྱིལ་འཁོར་ཡངས་པའི་བར་ཁྱམས་ལ་གནས་པའི་༔

p. 377

དཔལ་གྱི་བཀའ་སྡོད་དཔའ་བོ་དཔའ་མོའི་ཚོགས༔ ཉི་ཤུ་རྩ་བཞིའི་གནས་རྣམས་ཉུལ་ཞིང་སྤྲུལ༔ ཤར་ལྷོ་ནུབ་བྱང་སྲུང་མའི་ཐུགས༴ ཧྲཱུྃ་ཧྲཱི༔ བུ་རི་མ་ལ་ཡ་ཡི་གནས་མཆོག་ནས༔ དཔའ་བོ་ཆེན་པོ་ཐོད་པའི་དུམ་བུ་དང་༔ གཉིས་མེད་ཡུམ་ཆེན་དཔའ་མོ་རབ་གཏུམ་དང་༔ གནས་མཆོག་ཆེན་པོ་ཛཱ་ལནྡྷ་ར་ནས༔ དཔའ་བོ་ཀེང་རུས་དཔའ་མོ་གཏུམ་མིག་མ༔ ཨོ་རྒྱན་རང་བྱུང་གནས་མཆོག་དམ་པ་ནས༔ ཀེང་རུས་གཏུམ་པོ་དཔའ་མོ་འོད་ལྡན་མ༔ ཨ་རཱུ་ཏ་ཡི་གནས་མཆོག༴ དཔའ་མོ་མཆི་གཙིགས་དཔའ་མོ་སྣ་ཆེན་མ༔ ཀོ་ཌ་པ་རིའི་གནས་མཆོག༴ སུ་ར་བེ་རི་བརྟན་མའི་བློ་ཅན་མ༔ གནས་མཆོག་དམ་པ་ར་མི་ཤྭ་རི་ནས༔ དཔའ་བོ་འོད་དཔག་མེད་དང་མི་ཐུང་མ༔ དེ་བི་ཀོ་ཊའི་གནས་མཆོག༴ རྡོ་རྗེ་འོད་ལྡན་ལངྐའི་དབང་ཕྱུག་མ༔ མཱ་ལ་ཝ་ཡི་གནས༴ དཔའ་བོ་རྡོ་རྗེ་སྐུ་མཆོག་ཤིང་གྲིབ་མ༔ ཀཱ་མ་རུ་ཡི་གནས༴ དཔའ་བོ་མྱུ་གུ་དཔའ་མོ་ས་སྲུང་མ༔ ཨོ་ཊེ་ར་ཡི་གནས༴ རྡོ་རྗེ་རལ་པ་ཅན་དང་སྣ་ཆེན་མ༔ ཏྲི་ཤཾ་ཀུ་ནའི་གནས༴ རབ་ཏུ་དགའ་བ་དཔའ་མོ་རླུང་ཤུགས་མ༔ ཀོ་ས་ལ་ཡི་གནས༴ དཔལ་ཆེན་ཧཱུྃ་མཛད་བདུད་རྩི་ཆང་འཐུང་མ༔ ཀ་ལིང་ཀ་ཡི་གནས༴

p. 378

དཔའ་བོ་རབ་བཟང་དཔའ་མོ་གཙུག་ཕུད་མ༔ ལམ་པ་ཀ་ཡི་གནས༴ རྡོ་རྗེ་བཟང་པོ་དཔའ་མོ་རབ་བཟང་མ༔ གཉྫི་ན་ཡི་གནས༴ དཔའ་བོ་འཇིགས་བྱེད་དཔའ་མོ་རྟ་སྣ་མ༔ ཧེ་མ་ལ་ཡི་གནས༴ དཔའ་བོ་སྤྱན་མི་བཟང་དང་ཁྭ་གདོང་མ༔ གནས་མཆོག་དམ་པ་པྲེ་ཏ་པུ་རི་ནས༔ སྟོབས་ཆེན་རྒྱལ་པོ་འཁོར་ལོའི་ཤུགས་ཅན་མ༔ གྷྲི་ཧ་དེ་བའི་གནས༴ རིན་ཆེན་རྡོ་རྗེ་དཔའ་མོ་དུང་སྐྱེས་མ༔ སཽ་རཥྚ་ཡི་གནས༴ དཔའ་བོ་རྟ་མགྲིན་དཔའ་མོ་གླང་སྣ་མ༔ སུ་ཝརྣ་དེའི་གནས༴ ནམ་མཁའི་སྙིང་པོ་འཁོར་ལོའི་གོ་ཆ་མ༔ ན་ག་ར་ཡི་གནས༴ དཔལ་ལྡན་ཧེ་རུ་ཀ་དང་རབ་དཔའ་མ༔ སིནྡྷུ་ཡུལ་གྱི་གནས༴ དཔའ་བོ་པདྨ་གར་དབང་སྟོབས་ཆེན་མ༔ མ་རུ་ཏ་ཡི་གནས༴ རྣམ་པར་སྣང་མཛད་དཔའ་མོ་འཁོར་སྒྱུར་མ༔ ཀུ་ལུན་རྟ་ཡི་གནས༴ རྡོ་རྗེ་སེམས་དཔའ་དཔའ་མོ་བརྩོན་འགྲུས་མ༔ ཀུན་ཀྱང་བཀོད་པའི་གནས་དང་དུར་ཁྲོད་ཉུལ༔ དམ་ཚིག་ཅན་ལ་བཀའ་ཡི་བསྟན་པ་སྲུང་༔ དཔའ་བོ་དཔའ་མོ་རྣམས་ཀྱི་ཐུགས་དམ་བསྐང༔ ཧྲཱུྃ་ཧྲཱི༔ གཞན་ཡང་ཐུགས་དམ་གཉན་པོ་བསྐང་བ་ནི༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས༴ གང་ཟག་སྙན་བརྒྱུད་བླ་མའི༴

p. 379

འདས་དང་མ་བྱོན་ད་ལྟ་བཞུགས་ལ་སོགས༔ དུས་གསུམ་བླ་མ་རྣམས་ཀྱི་ཐུགས༴ ཞལ་མཇལ་གསུང་ཐོས་མན་ངག་གནང་ལ་སོགས༔ རྩ་བརྒྱུད་བླ་མ་རྣམས་ཀྱི༴ བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པ་ཡི༔ བཤེས་གཉེན་བླ་མ་རྣམས་ཀྱི༴ རྩེ་གཅིག་ཉམས་ལེན་སྒྲུབ་ལ་བརྩོན་པ་ཡི་༔ ཆོས་མཛད་སྒྲུབ་པ་པོ་ཡི༴ རྡོ་རྗེ་སློབ་དཔོན་རིག་འཛིན་གཉན་ལ་སོགས༔ བཀའ་བརྒྱུད་བླ་མ་རྣམས་ཀྱི༴ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱུྃ་ཧྲཱི༔ རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད༔ དོན་ཡོད་གྲུབ་པ་ལ་སོགས་རིགས་ཀྱི་ལྷ༔ ཕྱི་ནང་དཀྱིལ་འཁོར་ལྷ་ཚོགས་ཐུགས༴ འགྱུར་མེད་དོན་དམ་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ ཐུགས་རྗེས་འགྲོ་འདུལ་རྣམ་འགྱུར་དུ་མའི་བདག༔ ཞི་བ་ཆགས་བྲལ་དར་དང་རིན་ཆེན་བརྒྱན༔ ཡི་དམ་ཞི་བའི་ལྷ་ཚོགས་ཐུགས༴ དོན་དམ་དབྱིངས་ལས་འགྱུར་བ་མི་མངའ་ཡང་༔ གནས་སྐབས་ཚུལ་གྱི་སྤྲུལ་བསྒྱུར་དུ་མའི་བདག༔ ཁྲོ་གཏུམ་ང་རོ་འཇིགས་པའི་ཆ་ལུགས་ཅན༔ རྣོ་དབལ་ངར་ལྡན་མཚོན་ཆ་སྣ་ཚོགས་འཆང་༔ བདུད་དང་བར་གཅོད་དགྲ་བགེགས་མ་ལུས་འཇོམས༔ སྐུ་གསུང་ཐུགས་ལས་ཆོ་འཕྲུལ་དཔག་མེད་

p. 380

འགྱེད༔ ཡི་དམ་ཁྲོ་བོའི་ལྷ་ཚོགས་ཐུགས༴ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོ༔ ཞི་དང་ཁྲོ་ཚུལ་གར་དགུའི་ཉམས་ལྡན་ཞིང་༔ ཡབ་ཡུམ་སྲས་འཁོར་བྲན་གྱི་ཚོགས་དང་བཅས༔ སྤྲུལ་པ་ཡང་སྤྲུལ་དེར་སྤྲུལ་བསམ་མི་ཁྱབ༔ དངོས་གྲུབ་མ་ལུས་སྩོལ་བའི་དཔལ་འབར་བ༔ ཡི་དམ་ཞི་ཁྲོ་ཡབ་ཡུམ་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་མ་ལུས་བསྐང་གྱུར་ཅིག༔ ཐུགས་དམ་བསྐངས་ནས་དབང་དང་དངོས་གྲུབ་སྩོལ༔ ཧྲཱུྃ་ཧྲཱི༔ ཕྲིན་ལས་མངའ་བདག་མ་མོ་མཁའ་འགྲོའི་གཙོ༔ ཐོགས་མེད་ཀུན་ཏུ་རྒྱུག་པའི་མགྱོགས་རྩལ་ཅན༔ གནོད་བྱེད་དགྲ་བགེགས་འདུལ་བའི་མཐུ་བོ་ཆེ༔ དམ་ཚིག་ཅན་ལ་བཀའ་ཡི་བྱ་ར་མཛད༔ དམ་ཉམས་རྣམས་ལ་དམོད་པའི་ཆད་པ་གཅོད༔ བསྟན་པ་བསྲུངས་ཤིང་སྒྲུབ་པའི་དྲོད་ཉུལ་ནས༔ རྣལ་འབྱོར་རྣམས་ལ་དངོས་གྲུབ་ཆར་རྒྱུན་འབེབས༔ ས་འོག་ས་སྟེང་ས་བླའི་བདག་མོ་སྟེ༔ ཆ་ལུགས་གཅིག་ཏུ་མ་ངེས་སྣ་ཚོགས་སྟོན༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་དབང་མོ་མཛད༔ མ་མོ་མཁའ་འགྲོ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐང་གྱུར་ཕྲིན་ལས་མ་ལུས་སྒྲུབས༔ ཧྲཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་དཔལ༔ ཕྱི་ནང་

p. 381

ཞི་ཁྲོ་ཡབ་ཡུམ་སྲས་དང་འཁོར༔ མི་ཟད་རྒྱན་གྱི་ཡེ་ཤེས་དཀྱིལ་འཁོར་ལྷ༔ ཕྱི་ནང་སྣང་སྲིད་ཡོངས་འདུས་རྫོགས་པའི་སྐུ༔ མཆོག་དང་ཐུན་མོང་དངོས་གྲུབ་མང་པོའི་མཛོད༔ བྱིན་རླབས་མཐུ་དང་རྫུ་འཕྲུལ་སྩོལ་མཛད་པ༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ༴ ཕྱི་ནང་དཀྱིལ་འཁོར་ལྷ་ཚོགས་ཐུགས༴ ཧཱུྃ་ཧྲཱིཿསངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ ཁྲག་འཐུང་རྒྱལ་པོ་དགྲ་བགེགས་ཡོངས་ཀྱི་གཤེད༔ མཧཱ་ཀཱ་ལ་ཡབ་ཡུམ་སྲས་དང་འཁོར༔ ཕོ་ཉ་ལས་མཁན་རྣམས་ཀྱི་ཐུགས༴ སྐུ་ཡི་མགོན་པོའི་ལྷ་ཚོགས་ཐུགས༴ གསུང་གི་མགོན་པོའི་ལྷ་ཚོགས༴ ཐུགས་ཀྱི་མགོན་པོའི་ལྷ་ཚོགས༴ ཡོན་ཏན་མགོན་པོའི་ལྷ་ཚོགས༴ ཕྲིན་ལས་མགོན་པོའི་ལྷ་ཚོགས༴ ཡེ་ཤེས་མགོན་པོའི་ལྷ་ཚོགས༴ འཇིག་རྟེན་མགོན་པོ་འཁོར་བཅས༴ ཐུགས་ཀྱི་མ་མོ་འཁོར་བཅས༴ ཡོན་ཏན་མ་མོ་འཁོར་བཅས༴ ཕྲིན་ལས་མ་མོ་འཁོར་བཅས༴ ཡེ་ཤེས་མ་མོ་འཁོར་བཅས༴ འཇིག་རྟེན་མ་མོ་འཁོར་བཅས་

p. 382

ལས་ཀྱི་མ་མོ་འཁོར་བཅས༴ དབྱིངས་ཀྱི་མ་མོ་འཁོར་བཅས༴ མ་སྲིང་རྒྱ་མཚོ་རྣམས་ཀྱི༴ དྲེགས་པ་ཕོ་མོ་རྣམས་ཀྱི༴ བཀའ་སྲུང་དམ་ཅན་རྣམས་ཀྱི་ཐུགས༴ ཧཱུྃ་ཧྲཱིཿཐབས་དང་ཤེས་རབ་འོད་ཟེར་དཀྱིལ་འཁོར་དུ༔ མེ་དཔུང་རྡོ་རྗེ་ར་བས་བསྐོར་བས་ནང༔ རྒྱལ་བའི་ཕོ་བྲང་བཞུགས་གནས་ཕྱི་རོལ་ན༔ རང་བྱུང་དུར་ཁྲོད་ཆེན་པོ་བརྒྱད་ཡོད་དེ༔ དེ་ལ་གནས་པའི་སྤྲུལ་པ་བསམ་མི་ཁྱབ༔ ཀུན་ཀྱང་རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན༔ ཌཱ་ཀི་ཤུགས་འགྲོ་ཞིང་སྐྱོང་ལ་སོགས་ཏེ༔ བསྐང་བར་འོས་པ་རྣམས་ཀྱི་ཐུགས༴ ཤར་ཕྱོགས་རབ་འཇིགས་གཏུམ་དྲག་དུར་ཁྲོད་ནས༔ མི་བསྐྱོད་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དཀར་མོ་འབུམ་གྱིས་བསྐོར་བའི་ཐུགས༴ ལྷོ་ཕྱོགས་གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་གཟི་བརྗིད་ལྡན༔ སེར་མོ་འབུམ་གྱིས་བསྐོར་བའི༴ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ དྲི་མེད་པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་མོ་འབུམ་གྱིས་བསྐོར་བའི༴ བྱང་ཕྱོགས་ཀྰི་ལི་སྒྲོགས་པའི་དུར་ཁྲོད་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མི་ཐུབ་ལ༔ ནག་མོ་འབུམ་གྱིས་བསྐོར་བའི༴ ཤར་ལྷོ་རབ་འཇིགས་འབར་བའི་དུར་ཁྲོད་ནས༔ མི་འདའ་དམ་ཚིག་གཉན་གྱི་མཁའ་འགྲོ་མ༔ ལེགས་ཉེས་

p. 383

སྟངས་འཛིན་འབུམ་བཅས༴ ལྷོ་ནུབ་མི་བཟད་གཏུམ་པའི་དུར་ཁྲོད་ནས༔ སྣ་ཚོགས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ ཁྱད་པར་འབུམ་གྱིས་བསྐོར་བའི༴ ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་ནས༔ བདུད་འདུལ་ཐམས་ཅད་མཁའ་འགྲོ་ཀུན་ཏུ་རྒྱུ༔ འཇིག་རྟེན་མཁའ་འགྲོ་འབུམ་བཅས༔ རྒྱུད་འཛིན་གར་བསྒྱུར་མཛད་པའི་མཁའ་འགྲོ་མ༔ ལས་ཀྱི་མཁའ་འགྲོ་འབུམ་བཅས་ཐུགས༴ ཐུགས་དམ་བསྐང་གྱུར་ཕྲིན་ལས་མ་ལུས་སྒྲུབས༔ ཧཱུྃ་ཧྲཱིཿརབ་འཇིགས་དུར་ཁྲོད་ཆེན་པོ་དེ་དག་ན༔ རང་བཞིན་ལྷུན་གྲུབ་མཆོད་རྟེན་བརྒྱད་ཡོད་དེ༔ དེ་ལ་གནས་པའི་ཕྱོགས་སྐྱོང་ཆེན་པོ་བརྒྱད༔ དབང་པོ་མེ་ལྷ་ལ་སོགས་ཐུགས༴ རང་བཞིན་ལྷུན་གྲུབ་ཤིང་ཆེན་བརྒྱད་ཡོད་དེ་༔ དེ་ལ་གནས་བའི་ཞིང་སྐྱོང་ཆེན་པོ་བརྒྱད༔ ཕོ་ཉ་གླང་གདོང་ལ་སོགས༴ རང་བཞིན་ལྷུན་གྲུབ་མཚོ་ཆེན་བརྒྱད་ཡོད་དེ༔ དུར་ཁྲོད་དེ་ལ་གནས་པའི་ཀླུ་ཆེན་བརྒྱད༔ མཐའ་ཡས་ལ་སོགས་རྣམས་ཀྱི༴ རང་བཞིན་ལྷུན་གྲུབ་རི་བོ་བརྒྱད་ཡོད་དེ༔ དེ་ལ་གནས་པའི་དྲང་སྲོང་ཆེན་པོ་བརྒྱད༔ རིག་འཛིན་གར་དབང་ལ་སོགས༴ རང་བཞིན་ལྷུན་གྲུབ་སྤྲིན་ཆེན་བརྒྱད་ཡོད་དེ༔ དེ་ལ་གནས་པའི་

p. 384

མཆོད་པའི་ལྷ་མོ་བརྒྱད༔ མེ་ཏོག་མ་ལ་སོགས་པའི༴ རང་བཞིན་ལྷུན་གྲུབ་རོ་ཆེན་བརྒྱད་ཡོད་དེ༔ དེ་ལ་གནས་པའི་ཤ་ཟ་ཕྲ་མེན་བརྒྱད༔ ལོཙྪ་མ་ལ་སོགས་པའི༴ རང་བཞིན་ལྷུན་གྲུབ་མེ་ཆེན་བརྒྱད་ཡོད་དེ༔ དེ་ལ་གནས་པའི་ཤུགས་འགྲོ་ཆེན་པོ་བརྒྱད༔ རྡོ་རྗེ་ཤུགས་འགྲོ་ལ་སོགས༴ རང་བྱུང་ནགས་ཚལ་ཆེན་པོ་བརྒྱད་ཡོད་དེ༔ དེ་ལ་གནས་པའི་རྣལ་འབྱོར་གྲུབ་ཐོབ་བརྒྱད༔ ཨིནྡྲ་བོ་དྷི་ལ་སོགས༴ གཞན་ཡང་རབ་འཇིགས་དུར་ཁྲོད་ཆེན་པོ་ན༔ དཔའ་བོའི་ཚོགས་དང་དཔའ་མོའི་ཚོགས་རྣམས་དང་༔ རྣལ་འབྱོར་ཕོ་མོའི་ཚོགས་ནི་བསམ་མི་ཁྱབ༔ མཁའ་འགྲོ་མ་དང་ཤུགས་འགྲོ་མ་ལ་སོགས༔ ས་བདག་དབང་ཕྱུག་གིང་དང་ལངྐ་དང་༔ མ་མོ་འབྱུང་པོ་ཤ་ཟའི་ཚོགས་རྣམས་དང་༔ བསྟན་སྐྱོང་སྐྱེས་བུ་རོ་ལངས་བཤན་པའི་ཚོགས༔ སྲིན་པོ་ཡི་དྭགས་དྲི་ཟ་ལ་སོགས་ཏེ༔ རང་རང་བུ་སྨད་མཛའ་བཤེས་གཉེན་འདུན་སོགས༔ མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ དངོས་སུ་འབྱོར་བཤམས་ཡིད་ཀྱི་རྣམ་སྤྲུལ་པའི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང་༔ ག་ཎའི་

p. 385

ལོངས་སྤྱོད་སྐྱེ་འགྲོ་གཟུགས་སྣང་བཅས༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་༔ ཐབས་དང་ཤེས་རབ་ལས་བྱུང་བཅུད་ཆེན་པོ༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་ཟལ་ལེ་འབྲི༔ ཤེལ་སྒོང་ལུག་དང་ཙ་རི་མཁའ་ལྡིང་མདངས༔ དབང་པོའི་མེ་ཏོག་གསུར་ཆེན་བདུག་སྤོས་དྲི༔ ཞུན་ཆེན་སྣང་གསལ་རྡོ་རྗེ་དྲི་ཡི་ཆུ༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ སྙན་པའི་དབྱངས་དང་མཐུན་པའི་རྫས་ལ་སོགས༔ ཐུན་མོང་ཁྱད་པར་རྨད་དུ་བྱུང་བ་ཡི༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་༔ བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་སོར་ཆུད་ནས༔ འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ་ཧྲཱིཿམཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿཐོག་མ་མེད་པའི་དུས་ནས་ད་ལྟའི་བར༔ མ་རིག་འཁྲུལ་པས་འཁོར་བའི་གཡང་ས་

p. 386

འདིར༔ ཉོན་མོངས་རྒྱུན་འཁོར་གྱུར་པ་བདག་འདྲ་ལ༔ ཐུགས་རྗེ་མངའ་བའི་བླ་མ་དགོངས་སུ་གསོལ༔ ཟག་མེད་དོན་སྟོན་རྡོ་རྗེ་སློབ་དཔོན་ལ༔ དད་མོས་གུས་པ་མ་བྱས་སྲི་ཞུ་ཆུང་༔ ལོངས་སྤྱོད་དག་གིས་མཉེས་པར་མ་བགྱིས་པ༔ རྡོ་རྗེ་སློབ་དཔོན་སྐུ་ལ་བཟོད་པར་གསོལ༔ རྡོ་རྗེ་སློབ་དཔོན་ཞལ་ནས་གསུངས་པ་ཡི༔ སྙན་བརྒྱུད་ཞལ་གདམས་མན་ངག་སྙིང་པོའི་དོན༔ དམ་ཚིག་མི་ལྡན་སྣོད་མེད་རྣམས་དང་ནི༔ མི་སྒྲུབ་སྐལ་མེད་རྣམས་ལ་ཟས་ངོར་བྱིན༔ རྡོ་རྗེ་སློབ་དཔོན་གསུང་ལ་བཟོད༴ སྙན་བརྒྱུད་ཐུགས་ལས་བྱུང་བའི་བདུད་རྩིའི་བཅུད༔ ལེ་ལོའི་དབང་གིས་ཉམས་སུ་མ་བླངས་པས༔ བདེ་གསལ་མི་རྟོག་གོམས་པའི་དུས་མ་མཆིས༔ རྡོ་རྗེ་སློབ་དཔོན་ཐུགས་ལ་བཟོད༴ ཡོན་ཏན་འགག་མེད་ཅིར་ཡང་བྱུང་བ་ལ༔ ལོག་ལྟའི་དབང་གིས་ཐ་མལ་རང་གར་བཟུང་༔ བདེ་གཤེགས་ཡོན་ཏན་རྫོགས་པའི་དུས་མ་མཆིས༔ བླ་མའི་ཡོན་ཏན་ངང་དུ་བཟོད༴ ཕྲིན་ལས་ཤུགས་འབྱུང་ཅིར་ཡང་འདུལ་བ་ལ༔ བློ་དམན་དམ་མེད་སྐྲག་པར་གྱུར་པ་དང་༔ ཐབས་ཀྱིས་འགྲོ་འདུལ་ནུས་པའི་དུས་མ་མཆིས༔ བླ་མའི་ཕྲིན་ལས་ངང་དུ་བཟོད༴ བླ་མ་རིག་འཛིན་ཐུགས་དང་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་ཐུགས་དམ་

p. 387

བསྐང་གྱུར་ཅིག༔ ཧཱུྃ་ཧྲཱིཿཡི་དམ་དཔའ་བོ་གསན་ཅིང་དགོངས་སུ་གསོལ༔ ཆོས་རྣམས་ཐམས་ཅད་ཆོས་དབྱིངས་མཉམ་པའི་ངང་༔ ཐམས་ཅད་མཉམ་པའི་ངང་དུ་མ་རྟོགས་པ༔ ཀུན་མཁྱེན་ཐིག་ལེའི་ངང་དུ་བཟོད་པར་གསོལ༔ ཡི་དམ་དཔའ་མོ་གསན་ཅིང་དགོངས་སུ་གསོལ༔ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ངང་ཉིད་ལ༔ རང་བྱུང་དཔལ་གྱི་ལྷ་མོར་མ་རྟོགས་པས༔ ཡེ་ཤེས་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ དཔའ་བོ་ཡབ་ཡུམ་ཐུགས་དང་༴ མཐོལ་ལོ་བཤགས་སོ་ཐུགས་དམ༴ ཧཱུྃ་ཧྲཱིཿརིགས་བཞིའི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས༔ ཡེ་ཤེས་མཁའ་འགྲོ་བཞི་དང་ཞལ་མ་མཇལ༔ རང་སེམས་མཁའ་འགྲོར་མ་རྟོགས་མཐོལ་ལོ་བཤགས༔ རིགས་བཞིའི་མཁའ་འགྲོའི་ཐུགས་དང་༴ མཐོལ་ལོ༴ ཧཱུྃ་ཧྲཱིཿགོ་ཆའི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ འབྱུང་བ་ལྔ་རྣམས་ཆོས་དབྱིངས་རྣམ་པར་དག༔ ཕ་རོལ་ཕྱིན་དྲུག་མཁའ་འགྲོའི་རང་བཞིན་ལ༔ དབྱེར་མེད་མ་རྟོགས་སོ་སོའི་རིས་སུ་བཟུང་༔ དཔའ་མོ་དྲུག་གི་སྐུ་ལ་བཟོད་བར་གསོལ་༔ གོ་ཆའི་ལྷ་མོའི་ཐུགས་དང་༴ མཐོལ་ལོ༴

p. 388

ཧཱུྃ་ཧྲཱིཿགནས་གསུམ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཉོན་མོངས་དུག་གསུམ་ཡེ་ནས་རྣམ་དག་ཅིང་༔ སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པ་ལ༔ མ་རྟོགས་འཁྲུལ་པས་ཐ་མལ་རང་གར་བཟུང་༔ བདེ་ཆེན་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ གནས་གསུམ་མཁའ་འགྲོའི་ཐུགས་དང་༴ མཐོལ་ལོ༴ ཧཱུྃ་ཧྲཱིཿདམ་ཚིག་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ འཁྲུལ་པའི་དབང་གིས་སེམས་ཉིད་དོན་མ་རྟོགས༔ ཡེ་ནས་ཀ་དག་ཆེན་པོ་ཡིན་པ་ལ༔ ཡང་དག་སྤོང་བ་བཞི་རུ་མ་རྟོགས་པ༔ མཁའ་འགྲོ་མཚམས་མ་བཞི་ལ་བཟོད་པར་གསོལ༔ དམ་ཚིག་མཁའ་འགྲོའི་ཐུགས་དང་༴ མཐོལ་ལོ༴ ཧཱུྃ་ཧྲཱིཿསྒོ་སྲུང་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཚད་མེད་རྣམ་བཞི་ཕྱག་རྒྱ་བཞིར་སྤྲུལ་པའི༔ རྣམ་ཐར་སྒོ་མ་བཞི་རུ་མ་རྟོགས་པས༔ རྟག་དང་ཆད་པ་མུ་བཞི་མཐའ་རུ་བཟུང་༔ སྒོ་མ་བཞི་ཡི་སྐུ་ལ་བཟོད་པར་གསོལ༔ སྒོ་སྲུང་མཁའ་འགྲོའི་ཐུགས་དང་༴ མཐོལ་ལོ༴ ཧཱུྃ་ཧྲཱིཿདུར་ཁྲོད་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ དམ་རྫས་མ་ཚང་གཏོར་མའི་ཕུད་ཉམས་དང་༔ ཐུགས་དམ་མ་བསྐངས་མཆོད་པ་དུས་ལས་འདས༔ དུར་ཁྲོད་མཁའ་འགྲོ་བརྒྱད་ལ་བཟོད་པར་གསོལ༔ དུར་ཁྲོད༴

p. 389

མཁའ་འགྲོའི་ཐུགས་དང་༴ མཐོལ་ལོ༴ ཧཱུྃ་ཧྲཱིཿབཀའ་སྲུང་དམ་ཅན་མཁའ་འགྲོ་དགོངས་སུ་གསོལ༔ རྩ་བ་ཡན་ལག་དམ་ཚིག་བསྲུང་མཚམས་རྣམས༔ ཡོངས་སུ་མི་གཏོང་འདའ་བར་མི་བགྱིད་ན༔ མ་རིག་དབང་གིས་མཁའ་འགྲོའི་ཐུགས་དང་འགལ༔ དམ་ཚིག་མི་དགེ་ཉམས་ཆག་ཅི་མཆིས་པ༔ དམ་ཅན་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ བདག་གི་གཡར་དམ་གཉན་པོ་བསྐང་དུ་གསོལ༔ གཡར་དམ་བསྐང་ལ་རྐྱེན་དབང་བཟློག་ནས་ཀྱང་༔ བར་ཆད་མེད་པའི་དངོས་གྲུབ་དུས་འདིར་རྩོལ༔ ཧཱུྃ་ཧྲཱིཿ རྡོ་རྗེ་རྒྱལ་སོ་བདེ་བར་གཤེགས་པའི་བཀའ༔ གསང་སྔགས་གྲུབ་པ་བརྙེས་པའི་རྣལ་འབྱོར༔ ཡོན་ཏན་མཐུ་ཡིས་རྟག་ཏུ་འགྲོ་དོན་མཛད༔ མ་ཡི་ཚོགས་ལ་ཕྱག་འཚལ་ལོ༔ ཆོས་ཉིད་དབྱིངས་ལ་རོལ་པའི་མཁའ་འགྲོ་མ༔ སྐུ་མདོག་སྣ་ཚོགས་ཐ་དད་ཅིར་ཡང་སྟོན༔ རལ་པ་ཁམ་ནག་འབར་བའི་ཅོད་པན་ཅན༔ བྷ་གའི་ཀློང་ནས་དངོས་གྲུབ་སྩོལ་མཛད་མ༔ ཡིད་བཞིན་རེ་སྐོང་མཛད་ལ་སྐྱབས་སུ་མཆི༔ བདག་ནི་མ་རིག་རྨོངས་པར་གྱུར་པ་ཡིས༔ མཁའ་འགྲོའི་མན་ངག་དོན་རྣམས་མ་རྟོགས་ཏེ༔ ཉོན་མོངས་ཁེ་གྲགས་

p. 390

འདོད་པའི་དབང་གྱུར་པས༔ གཟུ་ལུམ་རས་ཆོད་བགྱིས་པ་མཐོལ་ལོ་བཤགས༔ དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་ཏེ༔ སྡུག་བསྔལ་མང་པོས་ལུས་སེམས་གདུང་བ་ལ༔ ཡུན་གྱི་མགོན་དང་དཔལ་གྱི་སྐྱབས་གསོལ་བ༔ བླ་མ་དམ་པ་ཡི་དམ་ལྷ་རྣམས་དང་༔ མཁའ་འགྲོ་དཔའ་བོ་དཔའ་མོ་བདག་ལ་དགོངས༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ དུག་གསུམ་དབང་གྱུར་ལུས་ངག་ཡིད་གསུམ་གྱིས༔ སྡིག་ལ་མི་འཛེམ་ལས་ངན་སྣ་ཚོགས་སྤྱད༔ རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་གྱུར༔ ཁྱེད་ཀྱི་སྐུ་གསུང་ཐུགས་དང་འགལ་བ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ མཁའ་འགྲོ་དཔལ་འབར་མ་ཡིས་བསལ་དུ་གསོལ༔ ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་མཛད༔ རང་སེམས་རྟོགས་ན་བླ་མ་ཡི་དམ་ལྷ༔ ཡེ་ནས་མ་བཅོས་རྡོ་རྗེ་རྣལ་འབྱོར་མ༔ གཞན་ནས་མ་གྱུར་རང་བྱུང་ལྷུན་གྲུབ་ལ༔ མ་རིག་དབང་གིས་རྩོལ་སྒྲུབ་རྟོག་པས་བསྒྲིབས༔ རྣམ་རྟོག་འཛིན་

p. 391

པས་བཅིངས་པ་བཟོད་པར་གསོལ༔ ཡེ་ཤེས་མཁའ་འགྲོ་སྒྲོས་བྲལ་བརྗོད་མེད་ལ༔ སྐུ་དང་ཕྱག་རྒྱ་མདངོས་པོའི་བསྐྱེད་རིམ་རྣམས༔ རྟག་པར་བཟུང་བས་ཡིད་ལ་ཞེན་པ་ཡི༔ འཛིན་ཆགས་ཞེན་པས་བཅིངས་པ་བཟོད་པར་གསོལ༔ ལས་ཀྱི་མཁའ་འགྲོ་བདེ་ཆེན་འདུ་འབྲལ་མེད༔ གཟུངས་མའི་ཕྱག་རྒྱ་བདེ་བ་མྱང་རེག་བཅས༔ འདོད་ཆགས་བདེ་བར་ཞེན་ཆགས་བཅིངས་པ་ཡིས༔ བདེ་བ་ལམ་དུ་མ་སློང་བཟོད་པར་གསོལ༔ འཇིག་རྟེན་མཁའ་འགྲོ་བསྟན་པ་སྲུང་བའི་ལྷ༔ ཤ་ཁྲག་གཏོར་མས་ཐུགས་དམ་མ་བསྐངས་ཏེ༔ ཉ་སྟོང་བརྒྱད་སོགས་དུས་ཀྱི་མཆོད་གཏོར་ཆག༔ བསྟན་སྲུུང་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ མཐོལ་ལོ་བཤགས་སོ་བླ་མ་ཡི་དམ་ལྷ༔ གནོང་ངོ་འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས༔ དག་གོ་བྱང་ངོ་དམ་ཅན་སྲུང་མའི་ཚོགས༔ ཐུགས་རྗེས་བཟོད་པ་ཆེན་པོ་ཡར་བཞེས་ལ༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་ཧྲཱིཿབླ་མ་ལྷ་དང་མཁའ་འགྲོའི་ཚོགས་རྣམས་ཀུན༔ ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཆོས་སྐུ་ཡེ་ནས་གཅིག་པར་གནས་པ་ལ༔ འཁོར་འདས་སོ་སོར་བརྟགས་པ་མཐོལ་ལོ་བཤགས༔ རིག་པ་གནས་ལུགས་རྒྱུན་མི་

p. 392

ཆད་པ་ལ༔ རྟག་ཆད་གོལ་སར་བཅད་པ་མཐོལ༴ རྒྱུད་ལུང་མན་ངག་དངོས་སུ་ཤར་བ་ལ༔ གོལ་གྱུར་དོན་ལ་བརྟགས་པ༴ ཆོས་རྣམས་སྣ་ཚོགས་འདི་ཉིད་ཡིན་པ་ལ༔ ལོག་པ་གཞན་ལ་བཙལ་བ༴ འགྲོ་དྲུག་རིག་པ་དྲུག་ཏུ་གནས་པ་ལ༔ ལས་ལ་ཡིད་ཆེས་བྱས་པ༴ རྣམ་རྟོག་ཡེ་ནས་ཆོས་ཉིད་ཡིན་པ་ལ༔ སྣང་བ་འཁྲུལ་པར་བརྟགས་པ༴ དུས་གསུམ་སྐད་ཅིག་ཉིད་ལ་གནས་པ་ལ༔ སྔ་ཕྱི་གཉིས་སུ་འཛིན་པ༴ ཐིག་ལེ་ཆེན་པོ་ངེས་མེད་ཡིན་པ་ལ༔ ཤེས་པ་ཕྱོགས་གཅིག་བཟུང་བ༴ སྣང་བ་ཐད་དཀར་ལམ་དུ་གཅོད་པ་ལ༔ ས་བཅུ་རིམ་གྱིས་བགྲོད་པ༴ སངས་རྒྱས་སེམས་ཅན་དོན་ལ་གཅིག་པ་ལ༔ བཟང་ངན་གཉིས་སུ་བལྟས་པ༴ གསང་སྔགས་དོན་ནི་གསང་བ་ཡིན་པ་ལ༔ སྣོད་མེད་རྣམས་ལ་བཤད་པ༴ ཕྱི་དང་ནང་མེད་ཀུན་ཏུ་གདལ་བ་ལ༔ ཚོགས་དྲུག་ནང་དུ་བསྡུས་པ༴ འཁོར་འདས་འགགས་པ་མེད་པར་འཆར་བ་ལ༔ རིག་པ་འཇོག་ལེན་བྱས་པ༴ ཆོས་རྣམས་ཐམས་ཅད་ཡེ་ནས་གཅིག་པ་ལ༔ བདག་བསྟོད་གཞན་ལ་སྨད་པ༴ སྣང་སྲིད་ཡེ་ནས་རང་བཞིན་མེད་པ་ལ༔ ལྟ་བའི་སྐྱེལ་མ་བཙལ་བ༴ རིག་པ་འགགས་པ་མེད་པར་འཆར་བ་ལ༔ གཞན་གྱི་ཞེན་པ་བཟློག་པ༴ དྲན་པ་འགགས་

p. 393

པ་མེད་པར་འཆར་བ་ལ༔ དྲན་མེད་ཁོ་ནར་བཟུང་བ༴ རྩ་བ་ཡན་ལག་བཅས་པའི་དམ་ཚིག་རྣམས༔ ཡེ་ནས་གཉིས་མེད་བསྲུང་མཚམས་མེད་པ་ལ༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བླ་མ་དམ་པ་རྣམས་དང་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ༔ རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་སྤྱན་སྔར་བཤགས༔ རིག་པ་གཉིས་མེད་གཅིག་པར་གནས་པ་ལ༔ འཁོར་བའི་འཇིགས་པ་ལ་སོགས་ཉམ་ང་བ༔ ཆོས་སྐུའི་མཁའ་འགྲོའི་ཐུགས་དང་ཅི་འགལ་བ༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ འདི་ལྟར་ཡེ་ཤེས་ཁྱབ་གདལ་ཆེན་པོ་ལ༔ རང་རིག་སངས་རྒྱས་ཡིན་པར་མ་རྟོགས་ཏེ༔ ལོངས་སྐུའི་མཁའ་འགྲོའི་ཐུགས་དང་ཅི༴ ཡེ་ཤེས་མཁའ་འགྲོ་མ་ལ་བཟོད༴ ཕྱི་ནང་སྣང་སྲིད་དུར་ཁྲོད་གཞལ་ཡས་ཁང་༔ རང་ཉིད་མཁའ་འགྲོ་ཡིན་པར་མ་རྟོགས་ཏེ༔ སྤྲུལ་སྐུའི་མཁའ་འགྲོའི་ཐུགས་དང་ཅི དུར་ཁྲོད་མཁའ་འགྲོའི་ཚོགས་ལ་བཟོད༴ སྣང་སྲིད་ཡེ་ནས་བདུད་རྩིར་གནས་པ་ལ༔ རང་བྱུང་རྣམ་དག་ངང་དུ་མ་རྟོགས་ཏེ༔ འཇིག་རྟེན་མཁའ་འགྲོའི་ཐུགས་དང་ཅི༴ ཤ་ཟ་མཁའ་འགྲོའི་སྐུ་ལ་བཟོད༴ མཐོལ་ལོ་བཤགས་སོ་བླ་མ་ཡི་དམ་ལྷ༴ གནོང་ངོ་

p. 394

འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས༔ ཆོས་ཉིད་མཉམ་པའི་ངང་དུ་མཐོལ་ལོ་བཤགས༔ དོན་དམ་སྐྱེ་མེད་ངང་དུ་བཟོད་པར་གསོལ༔ རྣམ་དག་བདེ་ཆེན་ངང་དུ་གནས་གྱུར་ཅིག༔ བྱ་བ་བཏང་ན་གནས་ལུགས་འདི་ཉིད་ཡིན༔ བརྟགས་པ་ཐམས་ཅད་འཇིག་རྟེན་ཐ་སྙད་ཡིན༔ འདི་ལ་བཅས་བཅོས་ཅི་ཡང་མི་བྱ་སྟེ༔ མ་བཅོས་ལྷུག་པའི་ངང་དུ་བཞག་པར་བྱ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་བ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལ་ཡ༔ གུ་རུ་དེ་བ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྠ༔ དྲྀ་ཌྷོ་མེ་བྷ་ཝ༔ ཨ་ནུ་ར་ཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མ༔ ཙིཏྟཾ་ཤྲེ་ཡ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝན༔ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ གུ་རུ་དེ་བ་ཌཱ་ཀི་ནཱི་མཱ་མེ་མུ་ཉྩ༔ བཛྲ་བྷ་ཝ༔ མ་ཧཱ་ས་མཱ་ཡ་སཏྭ་ཨ༔ ཞེས་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པར་བྱའོ། །བཞི་པ་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་བསྐང་བ་ནི། འཁོར་གསུམ་སྤྲོས་པ་དང་བྲལ་བའི་གནས་ལུགས་དེ་ཁོ་ན་ཉིད་ལ་བློ་བཞག་སྟེ། ཧཱུྃ་ཧྲཱིཿདངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང་༔ སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང་༔ གསལ་བ་ཤེས་རབ་འབར་བའི་ཀློང་དུ་བསྐང་༔ ཀུན་རྫོབ་དོན་དམ་གཉིས་

p. 395

མེད་ཀློང་དུ་བསྐང༔ ཁམས་དང་སྐྱེ་མཆེད་གནས་དག་པའི༔ ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉོན་མོངས་རྟོག་ཚོགས་གནས་གྱུར་པའི༔ ཁྲོ་བོའི་ལྷ་ཚོགས་དམ་བསྐང་༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་ངང་དུ་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཧོ་དགོངས་སུ་གསོལ༔ རང་བཞིན་ལྷུན་གྲུབ་ཀྱི་དབྱིངས་ན་བཞུགས་ཤིང་དུས་གསུམ་འདུ་འབྲལ་མེད་པའི་ངང་ནས་བྱོན་པའི་བླ་མ་ཡི་དམ་མཁའ་འགྲོ༔ རང་རྩལ་རིག་པའི་ཀློང་ལས་རང་བྱོན་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས༔ བཀའ་སྲུང་ཕོ་ཉ་ལས་མཁན་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ༔ འདི་ལྟར་བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོ་རྣམས་ཀྱིས༔ བླ་མེད་ཡང་དག་མཆོག་གི་མཆོད་པ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་ལ་བརྟེན་ནས༔ བདག་སོགས་སེམས་ཅན་ཐམས་ཅད་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་གི་དུཿཁ་ལ་སྤྱོད་པ་རྣམས་

p. 396

ཀྱི་དམ་ཚིག་ཆག་ཉམས་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བསྐང་ཞིང་བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག༔ མ་ཧཱ་སིདྡྷི་ས་མ་ཡ་ཨེ་མ་ཧོཿཨ་ཨ་ཨཾ༔ ཞེས་འཁོར་འདས་མཉམ་ཉིད་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཀློང་དུ་བསྐང་བར་བྱའོ། །རྩ་བའི་གསུམ་པ་རྗེས་ཀྱི་ལས་རིམ་ལ་བརྒྱད། ཚོགས་ལ་རོལ་ཞིང་ལྷག་གཏོར་བསྔོ་བ། སྨོན་ལམ་གདབ་པ། གཏོར་མ་གཏོང་བ། དངོས་གྲུབ་ལེན་པ། དཀྱིལ་འཁོར་བསྡུ་བ། དགེ་བ་བསྔོ་བ། བཀྲ་ཤིས་བརྗོད་པའོ། །དང་པོ་ལའང་གཉིས་ལས། དང་པོ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་དང་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་། ཧོཿརྡོ་རྗེ་རྒྱལ་པོ་ཡབ་ཡུམ་དགོངས་སུ་གསོལ༔ ཉེས་པའི་སྐྱོན་བྲལ་འདོད་ཡོན་ལོངས་སྤྱོད་རྫས༔ བླ་མེད་དགྱེས་མཆོད་ཚོགས་ཀྱི་ཞལ་ཟས་འདི༔ འགྲོ་བའི་དོན་ཕྱིར་བླང་དོར་མེད་པར་བཞེས༔ གྷ་ཎ་ཙ་པཱུ་ཛ་ཧོཿཞེས་ཕུལ། སློབ་དཔོན་གྱིས་པདྨའི་ཕྱག་རྒྱ་གཡས་སུ་བསྐོར་ཞིང་། ཨེ་མ་ཧོཿསྐྱེ་འགགས་གནས་གསུམ་མཐའ་བྲལ་དོན་གྱི་དབྱིངས༔ ཆོ་འཕྲུལ་གྷ་ཎ་རྟེན་འབྲེལ་ཚུལ་དང་ལྡན༔ ལྷན་ཅིག་སྐྱེས་སྦྱོར་ཟབ་མོ་གསང་མཆོག་རྫས༔ དུ་མ་རོ་གཅིག་ངང་ནས་བླང་བར་བགྱིའོ༔ གུ་ཧྱ་སིདྷ་ཨ་ལ་ལ་ཧོཿཞེས་བླངས།

p. 397

འདུས་པ་རྣམས་ལའང་བྲིམ་སྟེ་བཟའ་བའི་དམ་ཚིག་ནང་གི་སྲེག་བླུག་ཏུ་ཚིམ་པར་ལོངས་སྤྱད་དོ། །གཉིས་པ་ལྷག་གཏོར་གཏོང་བ་ནི། ལྷག་མ་བསྡུས་པ་ལ་ཕུད་ཀྱང་བསྲེ། སློབ་དཔོན་གྱི་དམ་ཚིག་གི་ཁ་ཕྲུ་བཏབ་ལ། ཨོཾ་ཨཱཿ ཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧ་ཧོ་ཧྲཱིཿས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཞེས་སྤྱན་དྲངས་ནས། ཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བླ་མེད་དོན་གྱི་ཆོ་ག་བརྩམས་ནས་ཀྱང་༔ རོལ་པ་ཚོགས་ཀྱི་ཡོ་བྱད་རབ་བཤམས་ཏེ༔ དང་པོ་ཕུད་ཀྱི་དཀྱིལ་འཁོར་ལྷ་རྣམས་མཆོད༔ བར་དུ་ཚོགས་ཀྱི་འདུས་པ་རྒྱ་མཚོ་བསྐང་༔ ཐ་མ་ཕུད་ལྷག་བཤལ་ཆུའི་གཏོར་མ་འདི༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ནས༔ སྒྱུ་ལུས་བཀོད་པའི་གྲོང་ཁྱེར་ལ་གནས་པའི༔ དཔལ་གྱི་བཀའ་ཉན་དམ་ཚིག་གྲོགས་མཛད་མ༔ འབུམ་ཕྲག་ཡངས་པའི་ལས་བྱེད་ཚོགས་ལ་འབུལ༔ དང་པོ་ཕུད་ལ་དབང་བ་ཕུད་ལ་རོལ༔ བར་དུ་ཚོགས་ལ་དགྱེས་པ་ཚོགས་ལ་རོལ༔ ཐ་མ་ལྷག་ལ་དབང་བ་ལྷག་མ་ལོངས༔ དཔལ་གྱི་ཕ་འབབས་ལྷག་མའི་ལོངས་སྤྱོད་འདི༔ གང་གིས་དབང་བ་ཐམས་ཅད་ཚིམས་ནས་ཀྱང་༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ལས་མཛོད་ཅིག༔ ཨོཾ་

p. 398

ཨུཙྪིཥཊ་བ་ལིཾཏ་བྷ་ཀྵ་སི་སྭཱ་ཧྰཿཞེས་ཕྱི་རོལ་དུ་འབུལ་ལོ། །གཉིས་པ་སྨོན་ལམ་གདབ་པ་ནི། སྒྲུབ་ཆེན་གྱི་སྐབས་ལས་འདིར་དམིགས་བསལ་མ་གསུངས་ཀྱང་དགོས་པ་དང་ཕན་ཡོན་ཆེ་བ་སྣང་གསལ་མར་མེའི་སྨོན་ལམ་བྱ་བར་སྤྲོ་ན། མཆེད་ལྕམ་རྣམས་ཀྱི་ལག་ཏུ་མར་མེ་རེ་རེ་ཐོགས་ལ་འདུན་པ་རྩེ་གཅིག་པས། ཧཱུྃ་ཧྲཱིཿདུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་འཚོབ་མཆེ་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྷུང་ཞིང་༔ མ་རིག་མུན་པའི་ནང་དུ་མི་འཐུམ་ལ༔ གཅོང་རོང་ཟབ་མོའི་ནང་དུ་མི་སྐྱེ་དང་༔ དམྱལ་བའི་ཟངས་ཁར་ནང་དུ་མི་ལྷུང་ཞིང་༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་ཏེ༔ ལས་ཀྱི་མཚོན་རྣོན་དབལ་གྱིས་མི་ཕོག་གཤོག༔ བཤེས་གཉེན་དམ་པ་བཀའ་དྲིན་ཆེ་བ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་གྲོགས་རྣམས༔ ཤེས་རབ་གཉན་གྱིས་འབྲེལ་བའི་གཟུངས་མ་གསུམ༔ ཚེ་རབས་འདི་དང་ཚེ་བརྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ༔ མ་རིག་གཏི་མུག་རྨོངས་པའི་སྡུག་བསྔལ་གྱིས༔ འཁོར་བའི་

p. 399

གཡང་ས་ཆེན་པོར་ལྟུང་སྲིད༔ གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང་༔ སྣང་བའི་སྒོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག༔ ཞེ་སྡང་མནར་བའི་ལས་ཀྱི་སྡུག་བསྔལ་གྱིས༔ དམྱལ་བའི་ཟངས་ཁར་ལམ་དུ་ལྷུང་སྲིད་ན༔ གསལ་བའི་སྒྲོན་མེ་ཐུགས་རྗེ༴ སྣང་བའི་སྒོ་འབྱེད་ཞུན་མར༴ རིག་འཛིན་སྒྲུབ་པ་པོ་ཡི༴ ང་རྒྱལ་ཁྲོ་གཏུམ་ཁེངས་པའི་སྡུག་བསྔལ་གྱིས༔ གཅན་གཟན་གདུག་པའི་སྒྲ་སྐད་ཐོས་སྲིད་པས༔ གསལ་བའི་མར་མེ སྣང་བའི་སྒོ་འབྱེད རིག་འཛིན་སྒྲུབ༴ འདོད་ཆགས་འཛིན་པའི་ལས་ཀྱི་སྡུག་བསྔལ་གྱིས༔ གཅོང་རོང་ཟབ་མོའི་ནང་དུ་སྐྱེ་སྲིད་པས༔ གསལ་བའི༴ སྣང་བའི༴ རིག་འཛིན༴ ཕྲག་དོག་ཟུག་རྔུལ་ལས་ཀྱི་སྡུག་བསྔལ་གྱིས༔ མཚོན་ཆ་གདུག་པའི་དབལ་གྱིས་ཕོག་སྲིད་པས༔ གསལ་བའི༴ སྣང་བའི༴ རིག་འཛིན༴ ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ༔ ཉོན་མོངས་བག་ཆགས་མ་ལུས་དེར་བྱང་ནས༔ འགྲོ་དོན་ཐོགས་པ་མེད་པའི་བརྩོན་འགྲུས་ཀྱིས༔ ས་བཅུ་གཅིག་ཆར་རྫོགས་པར་གྱུར་ནས་ནི༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདུན་བསུས་ཤིག༔ བྱང་ཆུབ་སེམས་མ་རྣམས་ཀྱིས་མཐའ་སྐྱོར་ཅིག༔ ཁྲོ་བོ་

p. 400

ཁྲོ་མོ་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ ས་བཅུའི་ཁྱད་པར་རྩེ་མོར་ཕྱིན་པའི་ཚེ༔ ཕྱིར་མི་ལྡོག་པའི་དངོས་གྲུབ་དེར་ཐོབ་བོ༔ ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་ཤུལ་མཚོན་ཅིག༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཐའ༴ ཡེ་ཤེས་ཏིང་ངེ་འཛིན་གྱིས་རྒྱབ༴ རྡོ་རྗེ་འཛིནཔ་འི་ས་ལ་ཕྱིན་པའི་ཚེ༔ གསལ་བའི་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ མཆོད་པའི་ལྷ་མོ་རྣམས་ཀྱིས་མཐའ༴ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱབ༴ པདྨ་ཅན་གྱི་ས་ལ་ཕྱིན་པའི་ཚེ༔ ཤེས་རབ་ཏིང་ངེ་འཛིན་གྱིས་ཤུལ༴ སྒོ་བ་ཆེན་པོ་རྣམས་ཀྱིས་མཐའ༴ ཏ་ཀྲྀཏ་ཆེན་མོ་རྣམས་ཀྱིས་རྒྱབ༴ འཁོར་ལོ་ཚོགས་ཆེན་ས་ལ་ཕྱིན་པའི་ཚེ༔ འདས་པའི་སངས་རྒྱས་རྣམས་ཀྱིས་མདུན༴ ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ༴ མ་ཚོགས་དབང་ཕྱུག་རྣམས་ཀྱིས་མཐའ༴ བཀོད་པ་རབ་རྫོགས་ས་ལ་ཕྱིན་པའི་ཚེ༔ ཡེ་ཤེས་ཁྲོ་བོ་རྣམས་ཀྱི་ཞལ་མཐོང་ནས༔ རིག་འཛིན་རྣམས་ཀྱི་ཞིང་དུ་སྐྱེས་ནས་ཀྱང་༔ བླ་མེད་སྐུ་གསུང་ཐུགས་མཆོག་འགྲུབ་པར་ཤོག༔ ཤེས་བྱའི་སྒྲིབ་པ་མ་ལུས་བྱང་ནས་ནི༔ ཡི་གེ་གསུམ་གྱིས་གོལ་ས་དེར་བཀག་གོ༔ དེ་ཝ་ཀོ་ཤའི་ས་ལ་ཕྱིན་པའི་ཚེ༔ པདྨ་བཛྲ་རྩལ་གྱིས་མདུན༴ ལྷ་ལྕམ་མནྡྷ་ར་བས་

p. 401

མཐའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱིས་སྲོག་བརྟེན་ཅིག༔ ཐར་པ་ཆེན་པོའི་གྲོང་དུ་ཕྱིན་ཙ་ན༔ གཟི་བརྗིད་འོད་དཔག་མེད་ཀྱིས་མདུན༴ གཉིས་མེད་ཤེས་རབ་ཡུམ་གྱིས་མཐའ༴ ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་སྐྱོབས་ཤིག༔ རྡོ་རྗེ་འཛིན་པའི་ས་ལ་ཕྱིན་པའི་ཚེ༔ གསལ་བའི་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ མཉམ་པའི་ཏིང་ངེ་འཛིན་གྱིས་མཐའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ༴ ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ༔ དབྱེར་མེད་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ གྲུབ་པའི་འབྲས་བུ་མཆོག་གིས་མཐའ་སྡུས་ཤིག༔ རྫོགས་པ་བླ་མེད་ས་ལ་ཕྱིན་པའི་ཚེ༔ ཁྱབ་གདལ་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ འུབ་ཆུབ་ཏིང་ངེ་འཛིན་གྱིས་མཐའ་སྡུས་ཤིག༔ སྲིད་གསུམ་ངང་རྫོགས་ས་ལ་ཕྱིན་པའི་ཚེ༔ ཐིག་ལེ་ཆེན་པོའི་ངང་དུ་ལྷུན་གྲུབ་ནས༔ འོད་ཟེར་འཕྲུལ་བཞད་ཆེན་པོས་མཐའ་སྡུས་ཤིག༔ བྱ་རྩོལ་གཉིས་མེད་ས་ལ་ཕྱིན་པའི་ཚེ༔ ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ནས༔ སྣ་ཚོགས་ལོངས་སྐུ་ཐབས་མཁས་ཐུགས་རྗེ་ཡིས༔ མ་འགགས་སྤྲུལ་སྐུས་འགྲོ་དོན་བྱེད་པར་ཤོག༔ ཅེས་དང་། གཞན་ཡང་། ཨེ་མ་ཧོཿརང་སྣང་དག་པའི་དཀྱིལ་འཁོར་ལྷ་ཚོགས་དང་༔ བཀྲམ་པའི་ཕོ་བྲང་

p. 402

ལྷ་རྣམས་དགོངས་སུ་གསོལ༔ བླ་མ་སྟོན་པ་རྡོ་རྗེ་རྒྱལ་པོ་དང་༔ རྒྱལ་ཚབ་གཟུངས་མར་བཅས་རྣམས་དགོངས་སུ་གསོལ༔ བླ་མ་ལྷ་དང་དཀྱིལ་འཁོར་སྤྱན་ལམ་དུ༔ རྒྱུ་མཆོག་ཟབ་མོ་འདི་ལ་བརྟེན་ནས་ནི༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས་ལ་སོགས༔ དགེ་བའི་ལས་རྣམས་བགྱིས་པའི་མཐུ་སྟོབས་དང་༔ རྒྱལ་བ་རྣམས་ཀྱིས་སྨོན་ལམ་སྟོབས་དག་གིས༔ བདག་གི་སྨོན་ལམ་འདི་དག་འགྲུབ་གྱུར་ཅིག༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀྱི༔ རྩ་བ་ཡན་ལག་དམ་ཚིག་སོར་ཆུད་དེ༔ བླ་མ་ཡི་དམ་ཞི་ཁྲོ་ཌཱ་ཀི་དང་༔ དཔའ་བོ་དཔའ་མོ་དམ་ཅན་སྲུང་མའི་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་གསང་སྦས་པའི་གསང་བ་མངོན་འཆལ་ཞིང་༔ ཏ་ན་གྷ་ཎ་སྦྱོར་སྒྲོལ་ལ་སོགས་པ༔ བྱིན་གྱིས་མ་བརླབས་གནས་སུ་མ་སྟོབ་དང་༔ སྤྱོད་ལོག་དབང་གིས་གསང་སྔགས་སྤྱད་ཉེས་པས༔ ན་རཀ་རྒྱུ་བསགས་ཐམས་ཅད་བྱང་གྱུར་ཅིག༔ བསྙེན་སྒྲུབ་ཟབ་མོ་དམ་དུ་བཅས་པ་ལས༔ རང་ཉམས་ཚོད་ཡོད་ལེ་ལོའི་དབང་གྱུར་ཏེ༔ ཉ་སྟོང་དུས་དྲུག་མཆོད་པར་བཅས་པ་རྣམས༔ ལོ་ཟླ་ལས་འདས་ངན་སོང་རྒྱུ་བསགས་པ༔ དེ་དག་ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ མཆོད་

p. 403

དང་མཆོད་རྟེན་སྒོམ་སྒྲུབ་ཟབ་མོ་ཡི༔ རྒྱུ་རྐྱེན་ཡོ་བྱད་བསྔོས་པ་ལོག་པའམ༔ ཡང་ན་ཕུད་གཞོལ་ལྷག་ཕྲི་ཁྲལ་ལ་ངན༔ ཟོལ་ཟོག་ལས་བགྱིས་ཡི་དྭགས་རྒྱུ་བསགས་པ༔ དེ་དག་ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ མ་རིག་དབང་གིས་པ་ལོ་ཚུལ་འཆོས་པས༔ གསང་སྔགས་ལྟ་སྤྱོད་ཟབ་མོའི་གཞུང་མ་བསྲངས༔ ཡིན་མིན་རྟོག་པས་གཉིས་འཛིན་འཁུ་འཕྲིག་ཞུགས༔ ཡིན་པར་ཤེས་ཀྱང་སེམས་ལ་ཟོལ་ཞུགས་ཏེ༔ ལེ་ལོ་རྣམ་གཡེང་དབང་གིས་མ་སྤྱད་པས༔ བྱོལ་སོང་རྒྱུ་བསགས་ཐམས་ཅད་བྱང་གྱུར་ཅིག༔ ཡང་དག་གནས་ལུགས་དོན་ནི་མ་རྟོགས་པར༔ ཁ་འབྱམས་ཚིག་གི་ལྟ་བའི་གདེངས་ཁུར་ནས༔ དམ་མེད་དམ་ཉམས་དམ་ལོག་སྡིག་སྒྲིབ་ཅན༔ གསང་སྔགས་སྣོད་དང་མི་ལྡན་ཐམས་ཅད་ལ༔ དབང་བསྐུར་ཆོས་བཤད་ཚོགས་དང་བསྐང་བ་བསྲེས༔ ཚིག་ཏུ་འཛག་ཅིང་སྤྱོད་ལམ་རྩིངས་པ་དང་༔ སྣོད་མིན་རྣམས་ལ་མན་ངག་སྤེལ་ལ་སོགས༔ འཆལ་བའི་དབང་གིས་འབག་འབོག་ལས་བགྱིས་པས༔ ཕྱི་ནང་གསང་སོགས་དམ་ཚིག་ལས་འདས་ཏེ༔ འདི་ཕྱི་བར་གསུམ་སྐྱེ་གནས་ཐམས་ཅད་དུ༔ ཚེ་ཐུང་ནད་མང་དགྲས་འཇིགས་སྐྱབས་དང་

p. 404

བྲལ༔ ཐར་ལམ་བྱང་ཆུབ་མྱུ་གུ་སྐེམས་ལ་སོགས༔ སྒྲིབ་པར་གྱུར་རྣམས་བྱང་ཞིང་དག་གྱུར་ཅིག༔ བདག་ཅག་འདིར་འདུས་མཆེད་ལྕམ་ཐམས་ཅད་ཀྱིས༔ འགྱོད་ཚངས་བཤགས་པ་འདི་ལ་བརྟེན་ནས་ནི༔ གསང་སྔགས་གཉན་པོའི་སྒོར་ཞུགས་ཐམས་ཅད་ཀྱི༔ ཉམས་ཆག་རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ དེ་ལྟར་ཕྱག་འཚལ་མཆོད་པ་ཕུལ་བ་དང་༔ ཟབ་མོ་སྦྱོར་སྒྲོལ་ཚོགས་མཆོད་བཤམས་ནས་ནི༔ འགྱོད་ཚངས་བཤགས་པའི་རྒྱལ་པོ་འདི་བགྱིས་པས༔ བླ་མེད་དོན་གྱི་ཚངས་པ་སྩལ་ནས་ཀྱང་༔ འགྱུར་མེད་རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ དེ་ལྟར་ཚངས་པའི་བདེན་སྟོབས་བྱིན་རླབས་ཀྱིས༔ བདག་གཞན་གསང་སྔགས་ཟབ་མོའི་སྒོར་ཞུགས་རྣམས༔ ལུས་ངག་ཡིད་ཀྱི་རྟོག་སྒྲིབ་ཀུན་བྱང་ནས༔ རིག་འཛིན་ཆེན་པོའི་གྲལ་དུ་འཁོད་པར་ཤོག༔ བདག་གིས་སྔ་རབས་འདས་པའི་སློབ་དཔོན་དང་༔ འགྲོ་དྲུག་སེམས་ཅན་ཕ་མ་མཆེད་ལྕམ་དང་༔ གཟུངས་མ་དང་ནི་བཟང་ངན་གང་འབྲེལ་བ༔ བསྒྲལ་ལོ་འཚལ་ལ་སོགས་པ་མ་ལུས་པ༔ ཡེ་ཤེས་བླ་མ་འོད་ཀྱི་ས་ནོན་ཏེ༔ ཕྱིར་མི་ལྡོག་པར་ལྷུན་གྱིས་གནས་གྱུར་ཅིག༔ འདི་ལྟར་བདེན་པས་ས་ཆེན་ལ་གནས་པའི༔ བྱང་ཆུབ་སེམས་དཔར་གྱུར་པ་ཐམས་ཅད་ནི༔

p. 405

ཤེས་བྱའི་བག་ཆགས་ཕྲ་མོ་ཡན་ཆད་ཀྱང་༔ གཉེན་པོའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ སྦྱངས་སྟོབས་ལྡན་པས་ས་བཅུ་རབ་བགྲོད་དེ༔ བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་ནས༔ མཐར་ཕྱིན་ཆོས་ཀྱི་སྐུ་མཆོག་ཐོབ་གྱུར་ཅིག༔ རང་རྒྱལ་རྣམས་ཀྱང་རྟེན་འབྲེལ་བཅུ་གཉིས་པོ༔ མཐར་ཐུག་འབྲས་བུ་བསེ་རུ་ལྟ་བུ་འམ༔ ནེ་ཙོ་ལྟ་བུའི་འབྲས་བུ་ཐོབ་གྱུར་ཅིག༔ ཉན་ཐོས་རྣམས་ནི་བདེན་པ་བཞི་ཡི་དོན༔ མཐར་ཐུག་འབྲས་བུ་དགྲ་བཅོམ་ཐོབ་གྱུར་ཅིག༔ ཁམས་གསུམ་འགྲོ་བ་མ་ལུས་ཐམས་ཅད་ཀྱང་༔ དགེ་བ་བཅུ་ཡི་ཆོས་ལ་སྤྱོད་གྱུར་ནས༔ བདེ་འབྲས་ལྷ་མིའི་གོ་འཕང་ཐོབ་གྱུར་ཅིག༔ དེ་ལྟར་ལྷ་མིའི་གོ་འཕང་ཐོབ་ནས་ཀྱང་༔ ཆོས་སྤྱོད་བཅུ་ལ་སོགས་པའི་སྒོར་ཞུགས་ནས༔ སངས་རྒྱས་བསྟན་པའི་སྲོག་ཤིང་འཛིན་གྱུར་ཅིག༔ བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པ་ཡི༔ བླ་མ་དགེ་བའི་བཤེས་གཉེན་རྣམས་དང་ནི༔ རྡོ་རྗེ་མཆེད་དང་ལྕམ་དྲལ་ལ་སོགས་པ༔ བླ་མེད་བྱང་ཆུབ་སྒྲུབ་པའི་སྐྱེས་བུ་རྣམས༔ ཆབ་སྲིད་བརྟན་ཞིང་སྐུ་ཚེ་རིང་བ་དང་༔ འཁོར་དང་ལོངས་སྤྱོད་བསོད་ནམས་འཕེལ་བ་དང་༔ རྣམ་དག་དགོངས་སྤྱོད་ཐམས་ཅད་ལྷུན་གྲུབ་ཅིང་༔ བསྟན་པའི་སྒྲོན་མེ་ཡུན་རིང་གནས་གྱུར་

p. 406

ཅིག༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས༔ འཇིག་རྟེན་འདིར་ཡང་མཐོང་བའི་ཆོས་རྣམས་ལ༔ ཚེ་རིང་ནད་མེད་དཔལ་དང་གཟི་བརྗིད་འབར༔ འབྱོར་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་༔ བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་གྱུར་ཅིག༔ ཚེ་འཕོས་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི༔ སྐྱབས་དང་སྐྱོབ་པའི་བླ་མར་བདག་གྱུར་ཅིག༔ ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་ནས་ནི༔ བསྡུ་བ་རྣམ་བཞིས་འགྲོ་དོན་སྤྱོད་པར་ཤོག༔ རྡོ་རྗེ་ཐེག་པ་བཀའ་བཙན་བྱིན་ཆགས་ཤིང་༔ ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་ཐམས་ཅད་དུ༔ ནད་མུག་མཚོན་གྱི་བསྐལ་པ་རྒྱུན་ཆད་ནས༔ བཀྲ་ཤིས་དཔལ་འབྱོར་བདེ་ལེགས་ཕུན་ཚོགས་ཤིང་༔ ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་༔ ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པ་དང་༔ བདག་གཞན་དོན་འབྲས་ལྷུན་གྱིས་འགྲུབ་པར་ཤོག༔ ཅེས་སྙིང་ཐག་པ་ནས་གདབ་བོ། །གསུམ་པ་གཏོར་མ་གཏོང་བ་ལ་གསུམ་གྱི། དང་པོ་ཆད་མདོ་བསྒྲག་པ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་ཕྱིར་བསྣུར་དུ་བཞག་ལ་སྨན་རཀ་སྦྲན་ཅིང་། ཧཱུྃ་བྷྱོ༔

p. 407

སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རང་བཞིན་ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དུ༔ ཐོག་མའི་མགོན་པོ་སྟོན་པ་ཀུན་བཟང་གིས༔ རང་བྱུང་འོད་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྤྲུལ་པ་ཚོགས་དྲུག་ཌཱ་ཀི་ཤུགས་འགྲོ་ཡིས༔ སོ་སོའི་ཡུལ་སྣང་རང་གཟུགས་བསྟན་ནས་ཀྱང་༔ ཅིར་སྣང་གཏོར་མ་ལེན་པར་མ་ཆད་དམ༔ འགྱུར་མེད་བསྟན་པ་སྲུང་བར་མ་ཆད་དམ༔ དུག་ལྔའི་དགྲ་བགེགས་འདུལ་བར་མ་ཆད་དམ༔ སྔོན་གྱི་ཞལ་བཞེས་དམ་ལས་མ་འདའ་བར༔ རང་བཞིན་དག་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ ཏིང་འཛིན་སྟོན་པ་ཡེངས་མེད་རྒྱལ་པོ་ཡིས༔ བག་ཡོད་ཤེས་བཞིན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགྱུ་བྱེད་ཕྲ་རགས་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོས་སྒྲིབ་གཡོགས་མེད་པར་གཟུགས་བསྟན་ནས༔ རང་གྲོལ་གཏོར་མ་ལེན་པར་མ་ཆད་དམ༔ འབྱམས་ཡུག་བསྟན་པ་བསྲུང་བར༴ རྣམ་རྟོག་རྐུན་བུ་སྒྲོལ་བར༴ བརྗེད་ངེས་ཐེར་ལ་འདོན་པར༴ སྔོན་གྱི་ཆད་དོན་ཐ་ཚིག་རྗེས་དགོངས་ལ༔ ཅིར་སྣང་རང་གྲོལ་གཏོར་མ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ་བྷྱོ༔ དེ་འོག་

p. 408

བར་གྱི་བསྐལ་པ་སྙིགས་མ་ལ༔ རྒྱུ་རྐྱེན་ལས་འདས་པདྨ་འབྱུང་གནས་དང་༔ གློ་བུར་ལྟར་སྣང་རྗེ་འབངས་གྲོགས་བཅས་ཀྱིས༔ མོས་པའི་བློས་བཟུང་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་མཚན་མའི་བཀའ་སྲུང་ཐམས་ཅད་ཀྱིས༔ རྣམ་རྟོག་ཡིད་ཀྱི་རང་གཟུགས་བསྟན་ནས་ཀྱང་༔ ཡིད་དཔྱོད་གཏོར་མ་ལེན་པར་མ་ཆད་དམ༔ རང་བབས་བསྟན་པ་བསྲུང་བར༴ རྣམ་གཡེང་དགྲ་བགེགས་སྒྲོལ་བར༴ སྔོན་གྱི་ཞལ་བཞེས་དམ་ལས་མ་འདའ་བར༔ ཡེ་ཤེས་བཅུད་ལྡན་གཏོར་མ༴ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ་བྷྱོ༔ ད་དུས་དིང་སང་བསྐལ་པའི་སྙིགས་མ་ལ༔ སྐྱེ་རྒ་ན་འཆི་འགྱུར་བའི་ཕོ་བྲང་དུ༔ ལོང་མེད་བརྩོན་འགྲུས་སྔགས་འཆང་བདག་ཅག་གིས༔ སྐྱོ་ཤས་མོས་གུས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་ལྟར་སྣང་འདུས་བྱས་ལྷ་འདྲེ་ཡིས༔ མངོན་སུམ་མི་རྟག་རང་གཟུགས་བསྟན་ནས་ཀྱང་༔ འཁྲུལ་སྣང་གཏོར་མ་ལེན་པར་མ་ཆད་དམ༔ གཉན་པོའི་བསྟན་པ་བསྲུང་བར༴ བསླུ་བྲིད་དགྲ་བགེགས་སྒྲོལ་བར༴ དྲན་སྣང་སོ་མའི་གཏོར་མ༴ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་ཕྱི་རོལ་དུ་འབུལ། གཉིས་པ་བརྟན་མ་བསྐྱང་བ་ནི། གཏོར་གཞོང་བཤལ་བའི་སྨན་ཕུད་

p. 409

གཏོར་མ་ལ་སྦྲེང་ཞིང་། ཨོཾ་ཨཱཿ ཧཱུྃ་གིས་བརླབ་ནས། མ་བྷྱོ༔ བསྟན་པ་སྐྱོང་མཛད་མ་སྲིང་རྒྱ་མཚོའི་ཚོགས༔ ཕྱི་ནང་གཞན་སོགས་བཀའ་ཡི་བྱ་ར་བ༔ དམ་ཚིག་གཉན་གྱི་གྲོགས་མཛད་ཌཱ་ཀི་རྣམས༔ སྤྲུལ་པ་ཡང་སྤྲུལ་བྲན་དང་བཅས་རྣམས་ཀྱང་༔ རྣམ་འགྱུར་ཆ་ལུགས་ཅི་ཡང་སྟོན་བྱེད་ཅིང་༔ ལས་སུ་སངས་རྒྱས་བསྟན་པ་གཉན་པོ་བསྲུང་༔ ཟས་དང་སྐོམ་དུ་ཤ་དང་ཁྲག་ལ་དགྱེས༔ འདིར་གཤེགས་རྫས་ཀྱི་གཏོར་མ་འདི་བཞེས་ལ༔ བཀའ་དང་བསྟན་པ་ཡུན་དུ་བསྲུང་བ་དང་༔ འཁོར་དང་གང་ཟག་རྟག་ཏུ་སྐྱོང་བ་དང་༔ རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག༔ བསྟན་སྐྱོང་སྲུང་མ་རྣམས་ཀྱིས་རྟག་ཏུ་སྐྱོངས༔ ཞེས་འབུལ། འདིར་གཞུང་དུ་བསྐུལ་དང་ཟོར་ལས་འབྱུང་ཡང་དཀྱུས་སུ་མི་དགོས་པས་མ་སྤྲོས་སོ། །གསུམ་པ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་གནོད་བྱེད་དམ་སྲི་ཐམས་ཅད་བཀུག་ནས་མནན་པར་བསམ་ཞིང་རྡོ་རྗེའི་རྒྱས་བཏབ་ལ། ཧཱུྃ་ཧྲཱིཿབླ་མའི་བྱིན་རླབས་ཡི་དམ་ཏིང་འཛིན་དང་༔ མཁའ་འགྲོའི་མཐུ་རྩལ་མཆེད་ལྕམ་རྫུ་འཕྲུལ་གྱིས༔ གནོད་བྱེད་བདུད་དང་དགྲ་བགེགས་རཱུ་ཏྲའི་ཚོགས༔ ཉོན་མོངས་ལ་སོགས་ཐར་པའི་གེགས་བྱེད་རྣམས༔ ཕོ་བྲང་རི་རབ་ཆེན་པོའི་འོག་ཏུ་མནན༔

p. 410

སྟེང་དུ་ཁྲོ་རྒྱལ་བརྟུལ་ཞུགས་བྲོ་བརྡུངས་པས༔ བླ་མེད་བྱང་ཆུབ་མཆོག་སེམས་མ་སྐྱེས་བར༔ མནན་པ་ཡིན་གྱི་ལྡང་བར་མ་བྱེད་ཅིག༔ ཨོཾ་ཨཱཿ སྟྭཾ་བྷ་ཡ་ནན༔ ཅེས་མནན་ནོ། །བཞི་པ་དངོས་གྲུབ་བླང་བ་ནི། མདུན་བསྐྱེད་ཀྱི་གནས་གསུམ་ལས་འོད་ཟེར་འཕྲོས་པ་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མོས་ལ། ཧཱུྃ་ཧྲཱིཿབདེ་ཆེན་ཡངས་པ་ཆེན་པོའི་ཕོ་བྲང་ནས༔ བྱིན་རླབས་མཆོག་སྩོལ་བླ་མ་ཆོས་ཀྱི་སྐུ༔ ཇི་ལྟར་འདོད་འབྱུང་ཡིད་བཞིན་གཏེར་གྱི་མཛོད༔ བྱིན་རླབས་སྨིན་གྲོལ་དངོས་གྲུབ་སྩལ་དུ་གསོལ༔ སྣང་ལ་མ་འགགས་ཅིར་སྣང་གཞལ་ཡས་ནས༔ དངོས་གྲུབ་ཀུན་སྟེར་ཡི་དམ་ལོངས་སྤྱོད་རྫོགས༔ ཞི་དང་ཁྲོ་ཚུལ་དགོས་འདོད་ཀུན་འབྱུང་བ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ མཐུ་སྟོབས་ནུས་པ་མཐར་ཕྱིན་ཕོ་བྲང་ནས༔ ཕྲིན་ལས་མངའ་བདག་ཌཱ་ཀི་སྤྲུལ་པའི་སྐུ༔ རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་བྱ་ར་བྱེད༔ རྣམ་བཞི་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོངས་ཀྱི་གཙོ་མཆོག་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཁྱེད་ལ་རྩེ་གཅིག་གུས་པས་གསོལ་འདེབས་ཀྱི༔ བླ་མེད་མཆོག་དང་ཐུན་མོང་དངོས་གྲུབ་སོགས༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ འཆི་མེད་ཚེ་དང་ཟས་ནོར་ལོངས་སྤྱོད་སོགས༔ གནས་སྐབས་

p. 411

བདེ་སྐྱིད་དངོས་གྲུབ་སྩལ་དུ་གསོལ༔ སྐྱེ་འགགས་གནས་གསུམ་མཐའ་བྲལ་སྐུ་གསུང་ཐུགས༔ ངོ་བོ་རང་བཞིན་ཐུགས་རྗེ་ཡངས་པའི་ཀློང་༔ ལུས་ངག་ཡིད་གསུམ་སྨིན་གྲོལ་ས་ལ་སྦྱོར༔ ཡང་དག་དོན་འབྲས་བཅུད་ཀྱི་དངོས་གྲུབ་སྩོལ༔ དངོས་གྲུབ་སྩོལ་དང་སྩོལ་བར་མི་དམིགས་ཀྱང༔ ཁྱོད་དང་བདག་ཉིད་གཡར་དམ་གཅིག་པའི་གནད༔ འགྲོ་ལ་ཕན་ཕྱིར་བདག་གིས་སྩོལ་བགྱིས་ན༔ དམ་ཚིག་དབང་གིས་ཅི་འདོད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿ ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད་དོ། །ལྔ་པ་བཟོད་པར་གསོལ་བ་ནི། གཏང་རག་གི་དོན་དུ། ཧཱུྃ་ཧྲཱིཿདངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་དགྱེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷ་ནྡྷེ་ནཻ་ཝྀ་དྱ་ཤཔྡ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་ར་ཀྟ་ཀེཾ་ནི་རི་ཏི་བསུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བོདྷི་ཙིཏྟ་མཧཱ་སུ་ཁ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་ཅིང་། ཧཱུྃ་ཧྲཱིཿཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པོ་ཀུན་སྟོན་རྣམ་འཕྲུལ་ཡོངས་

p. 412

ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཀྱེ་ཀྱེ༔ དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་རྗེའི་བརྩེ་བས་བྲེང་ཙམ་བདག་ལ་དགོངས༔ བློ་ནོར་བླུན་རྨོངས་འཁྲུལ་པ་བདག་འདྲ་ཡིས༔ དད་གདུང་གུས་པས་ལྷ་མཆོག་བསྒྲུབ་སླད་དུ༔ ཕྲིན་ལས་ཆོ་གའི་ཚུལ་འདི་བརྩམས་ལགས་ཀྱང་༔ མ་རིག་སྒྲིབ་པས་ཉེས་ལྟུང་ཕོག་གྱུར་ན༔ ཡེ་ཤེས་ལྷ་ལ་གཙང་དམེ་མི་མངའ་ཡང་༔ ཁྱེད་ཀྱི་འབངས་སུ་གྱུར་པའི་སྲུང་མ་རྣམས༔ གཡེལ་བར་གྱུར་པའི་ལས་བགྱིས་བཟོད་པར་གསོལ༔ ཉེས་ལྟུང་སྒྲིབ་པའི་ཚོགས་རྣམས་མཐོལ་ཞིང་བཤགས༔ ཕྱིན་ཆད་བདག་ལ་ནོངས་པར་མ་གྱུར་ཅིག༔ ཅེས་དང་ཡི་གེ་བརྒྱ་པ་མང་དུ་བཟླས་པས་ནོངས་པ་བཟོད་པར་གསོལ། དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། མདུན་བསྐྱེད་ཀྱི་ལྷ་ཡེ་ཤེས་པ་མཚན་མའི་རྟེན་ལ་བསྟིམ་པའམ་རང་བཞིན་གྱི་གནས་སུ་གཤེག་སུ་གསོལ་བ་གང་འོས་བྱ་ཞིང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཀྱི་དཀྱིལ་འཁོར་དམ་ཡེ་མ་ཕྱེ་བར། སྣོད་བཅུད་སྐྱེ་འགྲོ་ལྷ་དང་བཅས་པ་རྣམས༔ སྒྱུ་ལུས་གཞལ་ཡས་ཁང་དུ་གསལ་བ་བསྡུ༔ དེ་ཡང་ཤེས་རིག་ལྷ་ཚོགས་བསྐྱེད་པ་སྟེ༔

p. 413

དེ་ཡང་འཁོར་རྣམས་གཙོ་བོ་ཡབ་ཡུམ་ལ༔ ཡུམ་ཉིད་ཡབ་ལ་ཡབ་ཀྱང་ས་བོན་ལ༔ ས་བོན་བར་སྣང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱས་དགབ་གང་ཤར་འཕྲོ་འདུ་རྣམས༔ རང་གར་རང་བཞག་བཅོས་བསླད་མི་བྱ་བར༔ ཆད་མེད་རྒྱ་ཡན་ཅོག་བཞག་ལྷུག་པར་བོར༔ རང་ལུགས་བབ་གནས་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་སངས་རྒྱས་ཉིད་དང་མཇལ་བར་གྱུར༔ [ཞེས་གནས་ལུགས་མ་བཅོས་པའི་ངང་དུ་མཇམ་པར་བཞག །དེ་ལས་ལྡང་བ་ན། སླར་ཡང་སྔགས་ཀྱི་རང་སྒྲས་སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སྦྱངས་ཏེ་སྤྱོད་ལམ་ལ་འཇུག་གོ། །][བདུན་པ་དགེ་བ་བསྔོ་བ་ནི།] ཆོས་ཀྱི་དབྱིངས་ཀྱི་ངང་ལས་རྒྱུན་བྱུང་བའི༔ དམིགས་བཅས་དམིགས་མེད་ཟུང་འཇུག་དགེ་བའི་ལས༔ འདིས་མཚོན་བདག་གཞན་བྱ་བྱེད་ཡི་རང་སོགས༔ བླ་མེད་ཐེག་པ་ཆེན་པོར་བསྔོ་བར་བགྱི༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན༔ དགེ་བའི་རྩ་བ་འདི་ལ་བརྟེན་ནས་ནི༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་ཡོངས་བྱང་ནས༔ ཟབ་ཡངས་ཆོས་མཛོད་ཀློང་དུ་གྲོལ་བར་ཤོག༔ ཅེས་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་ཞིང་སྨོན་ལམ་གྱི་རྒྱས་གདབ། བརྒྱད་པ་བཀྲ་ཤིས་བརྗོད་པ་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ།

p. 414

ཧཱུྃ་ཧྲཱིཿརྒྱལ་བའི་སྐུ་ནི་རི་རྒྱལ་ལྷུན་བོ་ལྟར༔ གཟི་བརྗིད་ལྷུན་ཆགས་བདུད་དཔུང་ཟིལ་གྱིས་གནོན༔ ལྟ་བས་མི་ངོམས་འགྱུར་མེད་རྡོ་རྗེ་སྟེ༔ ཡིད་བཞིན་ནོར་མཆོག་སྐུ་ཡི་བཀྲ་ཤིས་ཤོག༔ རྒྱལ་བའི་གསུང་ནི་ཚངས་པའི་སྒྲ་དབྱངས་ལྟར༔ འུར་ཏིང་སིང་ཁྲོལ་ཆོས་དབྱངས་འབྲུག་སྒྲ་སྒྲོགས༔ འགྲོ་རྣམས་དབྱངས་ཅན་བདུད་རྩིས་ངོམས་པར་མཛད༔ རང་བྱུང་འགས་མེད་གསུང་གི་བཀྲ་ཤིས་ཤོག༔ རྒྱལ་བའི་ཐུགས་ནི་སྐྱོན་བྲལ་ནམ་མཁའ་ལྟར༔ ཀུན་ཁྱབ་བདེ་གསལ་མི་རྟོག་ཐུགས་རྗེ་ཅན༔ འགྲོ་རྣམས་ཡལ་བར་མི་འདོད་བུ་བཞིན་སྐྱོང་༔ མཁྱེན་བརྩེ་ཡེ་ཤེས་ཐུགས་ཀྱི་བཀྲ་ཤིས་ཤོག༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་དཔག་ཡས་ཤིང་༔ འཁོར་འདས་དབྱེར་མེད་ལྷུན་འབྱམས་ཡོངས་ལ་མངའ༔ གཏིང་ཟབ་ཡངས་ལ་བདུད་རྩིའི་ཆར་ཆེན་འབེབས༔ ཡོན་ཏན་མི་ཟད་མཆོག་གིས་བཀྲ་ཤིས་ཤོག༔ རྒྱལ་བའི་ཕྲིན་ལས་ཡོངས་ལ་མངའ་བརྙེས་པས༔ ཐབས་དང་ཤེས་རབས་མཛད་པ་དུ་མ་ཡིས༔ མཐུ་སྟོབས་རྩལ་གྱིས་འགྲོ་བ་སྒྲོལ་བར་མཛད༔ ཕྲིན་ལས་མཐར་ཕྱིན་བཀྲ་ཤིས་ཡོངས་ཁྱབ་ཤོག༔ [ཅེས་དང་གཞན་ཡང་ཤིས་པ་བརྗོད་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་བས་ཕྱོགས་དུས་ཀུན་ཏུ་བདེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །]

p. 415

རིགས་འདུས་པདྨའི་བཞེད་གཞུང་བདུད་རྩིའི་ཀླུང་། །བརྒྱུད་ལྡན་མན་ངག་ཡུར་བར་ལེགས་དྲངས་གང་། །སྐལ་བཟང་ཞིང་སར་བསྐྱིལ་འདི་སྔོན་མེད་ཀྱི། །དགེ་ལེགས་ལོ་ཏོག་བསྐྱེད་པའི་དཔལ་ཁོ་ན། །རྡོ་རྗེའི་ཚིག་གི་སྡོང་པོ་མ་སྨས་ཤིང་། །འཇུག་དཀའ་རྒྱས་འགེབ་ལོ་མས་བསྒྲིབ་མིན་པར། །རབ་གསལ་དོན་བཟང་འབྲས་བུས་དུད་པ་ཅན། །ཁོ་བོའི་ཆོག་ཁྲིམས་ལེགས་བཤད་ལྗོན་པ་ཡིན། །འདི་ལྟའི་བསོད་ནམས་དཔག་ཡས་འོད་སྟོང་འཛུམ། །རྣམ་མང་གདུལ་བྱའི་པད་ཚལ་དང་འགྲོགས་པས། །ཕན་བདེའི་ཟིལ་དངར་འཇོ་བའི་ཀེ་ས་ར། །ས་གསུམ་བུང་བ་ཉེར་འཚོའི་གཞིར་གྱུར་ཅིག །[དེ་ལྟར་བླ་མ་དགོངས་པ་འདུས་པའི་སྐོང་ཚོག་ལས་བྱང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་ཞེས་བྱ་བ་འདི་ནི། ལྷོ་ཕྱོགས་དགེ་བའི་ཞིང་གི་བསྟན་པའི་རྩ་ལག་ཆེན་པོ་ཆོས་འཁོར་རབ་བརྟན་རྩེའི་འདུས་སྡེ་རིན་པོ་ཆེ་ནས་དུས་དང་རྒྱུན་གྱི་ཉམས་བཞེས་འགྲོ་ཕན་ཕྲིན་ལས་བཟང་པོའི་བཙས་སུ་དགོངས་པས་ཕུལ་དུ་བྱུང་བའི་སྐྱེས་དང་བཅས་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟ་བུ་ཞིག་གྱིས་ཞེས་ཡང་དང་ཡང་དུ་བསྐུལ་བར་མཛད་པ་ལ་བརྟེན་ནས། རྩ་བའི་ལས་བྱང་ཆེ་ཆུང་དང་སྐོང་ཆོག་བཅས་ཀྱི་གཏེར་གཞུང་རྡོ་རྗེའི་གསུང་སོར་བཞག་ལ་མངོན་རྟོགས་ཉིད་ཁྱེར་བདེའི་ཚིག་སྣ་ཅུང་ཟད་བསྡུས་ཤིང་སྐབས་སུ་བབས་པའི་ཁ་སྐོང་མེད་

p. 416

དུ་མི་རུང་བ་ཇི་ལྟར་རིགས་པས་ཀྱང་གསལ་བར་བྱས་ཏེ་ལུགས་འདིར་ལ་ཚད་མར་གྱུར་པའི་དམ་པ་གོང་མ་དག་གི་དགོངས་པ་མ་འཁྲུལ་བར། རྒྱལ་དབང་པདྨ་དགྱེས་པའི་བཀའ་འབངས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ལྔ་བཅུ་ང་གཅིག་པའི་ཐོག་ཏུ་སོན་པ་ཤིང་ཕོ་རྟའི་ལོ་ནག་པ་ཉ་བའི་ཡར་ངོའི་རྫོགས་པ་དང་པོ་ལ། གངས་ཅན་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུན་ས་ཆེན་པོར་སྦྱར་བ་ལས་ཡི་གེ་པ་ནི་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་རིག་བྱེད་སྨྲ་བའི་སློབ་དཔོན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་ཟབ་མོའི་ལམ་གྱི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་འབྲེལ་ཚད་རྣམ་གྲོལ་མཆོག་གི་གོ་སར་བདེ་མྱུར་དུ་དཀྲི་བའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།]

བླ་མ་དགོངས་པ་འདུས་པའི་བརྒྱུད་འདེབས་དབང་བྱིན་ཆར་འབེབས།

p. 417

[བླ་མ་དགོངས་པ་འདུས་པའི་བརྒྱུད་འདེབས་དབང་བྱིན་ཆར་འབེབས་ཞེས་བྱ་བ།] ཁྱབ་བདག་མགོན་པོ་གཟི་བརྗིད་འོད་མཐའ་ཡས། །ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་མཆོག་ལྔ། །ཐུགས་རྗེས་འགྲོ་འདུལ་སྤྱན་རས་གཟིགས་དབང་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་ཐོད་ཕྲེང་རྩལ། །འཇམ་དཔལ་དབྱངས་དངོས་མངའ་བདག་ཁྲི་སྲོང་རྗེ། །གསང་བའི་བདག་མོ་མཁར་ཆེན་མཚོ་རྒྱལ་མར། །གསོལ་བ༴ དགོངས་འདུས་བཀའ་བབས་ལྷ་སྲས་མུ་རུབ་བཙན། །ཟབ་གཏེར་རྒྱ་འགྲོལ་སངས་རྒྱས་གླིང་པ་རྩལ། །ཆོས་ཀྱི་བདག་པོ་དཔལ་ལྡན་སེང་གེ་ལ། །གསོལ་བ༴ གསང་བའི་མཛོད་འཆང་ཆོས་རྒྱལ་བཀྲ་ཤིས་སྡེ། །དངོས་གྲུབ་མཆོག་བརྙེས་དཔལ་འབར་དབང་ཕྱུག་ཞབས། །ཟབ་ལམ་སྲོག་འཛིན་ངག་དབང་པདྨ་ལ། །གསོལ་བ༴ མཆོག་གཟིགས་གསུང་སྙན་ཨོ་རྒྱན་དཔལ་ཀུན་འབྱོར། །ཧེ་རུ་ཀ་དཔལ་ཀུན་བཟང་རྣམ་པར་རྒྱལ། །རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ༴ གསང་ཆེན་བསྟན་པའི་ཤིང་རྟ་གཏེར་བདག་གླིང་། །རྒྱལ་བའི་སྲས་མཆོག་རིན་ཆེན་རྣམ་པར་རྒྱལ། །མཁས་གྲུབ་དབང་ཕྱུག་ཨཽ་ཌི་ཡན་ལ། །གསོལ་བ༴ བརྟུལ་ཞུགས་གྲུབ་པ་ཕྲིན་ལས་

p. 418

རྣམ་པར་རྒྱལ། །མཚོ་རྒྱལ་དངོས་སྣང་ཕྲིན་ལས་ཆོས་ཀྱི་སྒྲོན། །ངེས་དོན་ལམ་སྟོན་ཀུན་བཟང་ཆོས་གྲགས་ལ། །གསོལ་བ༴ འདྲེན་མཆོག་འགྱུར་མེད་ཕན་བདེའི་འོད་ཟེར་འབར། །བརྒྱུད་སྲོལ་ཀུན་འདུས་བདུད་འཇོམས་འགྲོ་འདུལ་གླིང་། །རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་རྣམས་ལ། །གསོལ་བ༴ བླ་མ་དགོངས་འདུས་དཀྱིལ་འཁོར་ཚོམ་བུ་དགུ། །ཡི་དམ་རྒྱལ་བ་ཞི་དང་ཁྲོ་བོའི་ལྷ། །གནས་གསུམ་མཁའ་འགྲོ་དམ་ཅན་ཚོགས་བཅས་ལ། །གསོལ་བ༴ སྨིན་གྲོལ་བཅུད་ཀྱི་བདག་རྒྱུད་ཡོངས་སུ་གཏམས། །རིམ་གཉིས་ལམ་ལས་རྣམ་བཞིའི་ས་མཆོག་བགྲོད། །པདྨ་བཛྲ་རྩལ་དང་མི་ཕྱེད་པའི། །མཁའ་ཁྱབ་འགྲོ་བའི་འདྲེན་པའི་བདག་གྱུར་ཅིག །[ཅེས་པའང་དགོངས་འདུས་སྐོང་ཆོག་ལས་བྱང་རིག་པ་འཛིན་པའི་ལམ་བཟང་གི་ཆ་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

བླ་མ་དགོངས་པ་འདུས་པའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ།

p. 419

བླ་མ་དགོངས་པ་འདུས་པའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

p. 420

རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་སྤྲོ་བསྡུའི་བདག །པདྨ་བཛྲ་རྩལ་དེར་གུས་བཏུད་ནས། །ཉམ་ཐག་བར་དོའི་འགྲོ་རྣམས་དབུགས་དབྱུང་ཕྱིར། །གནས་ལུང་ཆོ་གའི་ངག་ཁྲིམས་མདོར་བསྡུས་སྤེལ། །[དེའང་བླ་མ་དགོངས་པ་འདུས་པའི་ཞི་ཁྲོའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་མདོར་བསྡུས་པའི་ཚུལ་གྱིས་བྱ་བར་འདོད་པས། སྦྱོར་བ་རྩ་བའི་དཀྱིལ་འཁོར་གྱི་གནས་སུ་རྣམ་རྒྱལ་བུམ་པ་དང་། རང་གི་མདུན་དུ་ཁྲུས་ཀྱི་བུམ་པ། དལ་གྱི་ཤར་རམ་ལྷོ་སྒོར་པདྨ་དཀར་པོ་འདབ་བརྒྱད་པའི་ཁར་ཚེ་འདས་ཀྱི་རོའམ། གཟུགས་མི་ནྲྀ་ཡིག་བྲིས་པའི་བྱང་བུ་དྲི་རྟེན་བཅས་བཀོད། གཞན་ཡང་སྦྱང་ཆས་དང་ཟས་གཏད་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། ཆོ་གའི་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་

p. 421

དུ་བསྐྱེད་ལ་བཟླས་པ་གྲུབ་པའི་རྗེས་སུ་རྣམ་བུམ་ལ་དམིགས་ཏེ།] བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །[ཅེས་དམིགས་ལ་གཟུངས་ཐག་ནས་འཇུས་ཏེ་རྩ་བའི་བཟླས་པ་ཅི་འགྲུབ་དང་།] ཁྲུས་བུམ་གྱི་ནང་དུ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་[བསམ་ཞིང་།

p. 422

ཡིག་བརྒྱ་ཅི་ནུས་བཟླས་མཐར།] ཨོཾ་ཨཱཿཧཱུཾ་[གིས་མཆོད་ཡོན་ཕུལ་བས།] ལྷ་འོད་དུ་ཞུ་བ་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་[པར་བསམ། ལས་སྦྱོར་གྱི་བཟླས་པ་ནི།] དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་། ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་[བསམ་ལ། སྤྱི་དྲིལ་ཆེན་མོ་དང་། ཡི་གེ་བརྒྱ་པའི་མཐར།] ཨོཾ་ད་ཧ་ད་ཧ་སརྦ་ན་རཀྟ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཏེ་ཏུཾ་ཕཊ། [ཅེས་སྤེལ་ཚིག་སྦྱར་བ་མང་དུ་བཟླ་ཞིང་བྱེ་ཡུངས་ལ་ཕུས་གདབ། སྐོང་བཤགས་ཀྱི་རིམ་པ་རྒྱས་པར་བྱས་ལ་བདག་ཉིད་འཇུག་པའི་དོན་དུ་རིག་པའི་མེ་ཏོག་དོར་བ་སྔོན་དུ་འགྲོ་བས། ཆོ་ག་དངོས་ལ་རྣམ་གྲངས་བཅུ་གསུམ་དུ་ཡོད་པ་ལས། དང་པོ་རྟེན་བསྐྱེད་པ་ནི།] ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རི་[སོགས་ལས་སྔགས་ཀྱིས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་[པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི།] ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་

p. 423

སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ནས་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག ། ཧཱུཾ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཚོ་བར་བྱེད་པའི་ཚེ་ཟད་ཅིང་། །ལྔ་ཕུང་སྒྱུ་མའི་འཁྲུལ་འཁོར་ཞིག །ཕ་རོལ་གནས་སུ་སོང་བ་ཁྱོད། །རྣམ་ཤེས་རྟེན་མེད་ལས་དབང་གིས། །ཁམས་གསུམ་རིགས་དྲུག་གར་གནས་ཀྱང་། །ལྷ་དང་བླ་མ་དྲན་གྱིས་ལ། །མོས་གུས་གདུང་བས་འདིར་ཤོག་ཅིག །གཟུགས་བརྙན་ལུས་རྟེན་མིང་བྱང་ངག །ནྲྀ་ཡིག་སེམས་རྟེན་དྲི་མ་བཅས། །བག་ཆགས་རྟེན་ཡིན་མྱུར་ཤོག་ལ། །དྲན་པའི་སེམས་ཀྱིས་གནས་པར་གྱིས། །ནྲྀ་བཛྲ་ཨངྐུ་ཤཛཿཛཿཧཱུཾ་བཾ་ཧོཿ[ཞེས་ལན་གསུམ་བརྗོད་པས།] རྣམ་ཤེས་ཨ་ཐུང་གི་རྣམ་པས་རྟེན་ལ་ཐིམ་པར་[བསམ།] གསུམ་པ་བགེགས་སྦྱོང་བ་ནི། སྦྱང་ཆས་བཤམ་ལ། ཨོཾ་སརྦ་བིགྷྣྰཾ་ན་མཿསརྦ་[སོགས་གསུམ་གྱིས་ཞི་བ། ཏིང་ལོ་བསྐོར་ཞིང་]ཨོཾ་སུམྦྷ་ནི་[བཟླ་བས་ཕྱེད་མ།] རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཧཱུཾ་མཛད་དུ་[བསྒོམ་ནས། གོང་བཞིན་བདེན་སྟོབས་བརྗོད་པའི།] བདེན་པ་ཆེན་

p. 424

པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། [དྲག་སྔགས་བཟླ་ཞིང་ཡུངས་ཀར་གྱིས་བྲབ་རོལ་མོའི་སྒྲ་དང་བཅས་ཏེ་དྲག་པོས་སྦྱོང་བའོ།] [བཞི་པ་སྡིག་པ་སྦྱོང་བ་ནི། མདུན་དུ་ཏིལ་དང་མེ་ཆུབ་བཤམ་ལ།] ཚེ་ལས་འདས་པའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་གྱུར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། [ཞེས་བརྗོད་ཅིང་གཡས་སུ་མེར་བསྲེགས་གཡོན་དུ་ཆུར་བླུགས།] ཚེ་ལས་འདས་པས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ། [ཞེས་བརྗོད་ཅིང་རོལ་མོ་དང་བཅས་པས་ཕྱིར་དོར། དེ་ནས་ཡིག་བརྒྱ་དང་ངན་སོང་སྦྱོང་བའི་གཟུངས་བཟླས་པའི་བྱེ་མས་རྟེན་ལ་བྲབ་ཅིང་རེག་པ་ཙམ་གྱིས།] སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་མ་ཤར་བ་བཞིན་དག་པར་[བསམ།]

p. 425

[ལྔ་པ་ཁྲུས་བྱ་བ་ནི། ཐོག་མར་མེ་ལོང་དུ་དཀྱིལ་འཁོར་པའི་སྣང་བརྙན་འཆར་བར་ཁྲུས་གསོལ་ཞིང་།] རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མ་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཱཿ ཀ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། [ཞེས་སྐུ་ཕྱི། ཁྲུས་ཆུ་དེ་ཉིད་སླར་ཡང་བུམ་པར་བླུགས་པས་མིང་བྱང་བཀྲུ་ཞིང་།] རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །[ཡི་གེ་བརྒྱ་པ་བརྗོད་ཅིང་བཀྲུ། གཞན་ཡང་།] འདི་ནི་སྦྱིན་པའི་རང་བཞིན་ཆུ། །[སོགས་ཕར་ཕྱིན་དྲུག་གི་ཁྲུས་སྔགས་ཚིགས་རོལ་མོ་བཅས་པས་བཀྲུ །] [དྲུག་པ་དུག་སྦྱོར་བ་ནི། ཀུ་ཤས་རྟེན་ལ་བྱབས་ཤིང་།] འདོད་ཆགས་ཞེ་སྔང་གཏི་མངའ། །སངས་རྒྱས་བདེན་པའི་དུག་བཅོམ་མོ། །[དེ་བཞིན་དུ་]ཆོས་དང་དགེ་འདུན་[ལ་ཡང་སྦྱར། དེ་ནས་འབྱུང་བ་སོ་སོས་བྱབས་ཤིང་།] ས་ནི་དུག་ནི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །[ཅེས་དང་

p. 426

དེ་བཞིན་དུ།] ཆུ་མཱ་མ་ཀི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མའི་[ཞེས་སྦྱར།] [བདུན་པ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོར་གཞུག་པ་ནི།] ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་[བསམ་ལ། སྤྲོ་ན་ལས་བྱང་གི་ཕྱག་འཚལ་སྔོན་དུ་འགྲོ་བས།] ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོ་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་སྐྱོབ་ཏུ་གསོལ། །[ཞེས་གསོལ་བ་གདབ།][བརྒྱད་པ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ནི། མཎྡལ་སྔོན་དུ་འགྲོ་བས།] ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འཁོར་བའི་སྡུག་བསྔལ་ལས༔ བསྐྱབ་ཕྱིར་བརྩེ་བས་རབ་བཟུང་ནས༔ དབང་དང་བྱིན་རླབས་སྩལ་དུ་གསོལ༔

p. 427

ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་མ་ལུས་པ༔ ལོག་པའི་ལམ་དུ་ཞུགས་པ་རྣམས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ དུག་གསུམ་དོང་དུ་ལྷུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ བླ་མེད་ཡེ་ཤེས་ཆེན་པོ་ཡི༔ འབྲས་བུ་མྱུར་དུ་སྨིན་པར་མཛོད༔ [ཅེས་གསོལ་བ་བཏབ།] ཨེ་མ་ཚེ་འདས་སྐལ་ལྡན་ལས་ཅན་བུ༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་ཞིང་དཀྱིལ་འཁོར་གྲལ་དུ་འཁོད༔ དོན་འབྲས་འདོད་ཕྱིར་དད་པས་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བགྱིའོ༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིརྱ་ཀ༔ ཙཀྵུ་པྲ་ཝེ་ཤ་ཡ་ཨ༔ [ཞེས་གནང་བ་སྦྱིན་ལ་དཀྱིལ་འཁོར་དུ་གཞུག །བླ་མ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་གྱི་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ལ]། ཧཱུཾ་ཧྲཱི༔ སངས་རྒྱས་ཀུན་གྱི་རང་བཞིན་གཙོ༔ བླ་མ་ཀུན་བཟང་རྡོ་རྗེ་སེམས༔ བྱིན་རླབས་དངོས་གྲུབ་གཏེར་བུམ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་

p. 428

སྐྱེ་སྒོ་བཅད་ནས་ནི༔ རིག་འཛིན་གྲལ་དེར་འཁོད་པར་ཤོག༔ ཨོཾ་ད་ཧ་ད་ཧ་སརྦ་ན་རཀྟ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ༔ བཛྲ་གུ་རུ་ཛྙཱ་ན་ས་ཏྭ་ཀ་ལ་ཤ་ཨ་བྷི་ཥི་ཉྩ་ཧཱུཾ༔ སྐལ་ལྡན་ཁྱོད་ལ་ཡེ་ཤེས་རྣམ་དག་བདུད་རྩི་བུམ་པའི་དབང་བསྐུར་བ་ལ་བརྟེན་ནས༔ ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས༔ སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་སྒོ་བཅད་དེ༔ རིག་འཛིན་གྱི་གོ་འཕང་བླ་ན་མེད་པ་ཐོབ་ཅིང་༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ [ཤེལ་དྭངས་པའི་ནང་དུ་ཡི་དམ་ཞི་བའི་དཀྱིལ་འཁོར་དང་མེ་ལོང་གི་ནང་དུ་ཡི་དམ་ཁྲོ་བོའི་དཀྱིལ་འཁོར་གསལ་བཏབ་པ་མགྲིན་པར་བཞག་ལ།] ཧཱུཾ་ཧྲཱི༔ ཞི་ཁྲོ་རང་གསལ་དཀྱིལ་འཁོར་གཙོ༔ ཡི་དམ་ལྷ་ཚོགས་འཁོར་དང་བཅས༔ མདངས་གསལ་དངོས་གྲུབ་ཕོ་བྲང་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུད་འགྲོར་སྐྱེ་བའི་སྒོ་བཅད་ནས༔ རིག་འཛིན་གྲལ་ལ་འཁོད་པར་ཤོག༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཧཱུཾ་ཕཊ༔ དྷེ་ཝ་ཛྙཱ་ན་ཤན་ཏི་ཀ་མ་ཧཱ་ཀྲོ་ཏ་ཨ་བྷི་ཥིཉྩ་མཾ༔ སྐལ་ལྡན་ཁྱོད་ལ་ཞི་ཁྲོ་རང་གསལ་འོད་ཀྱི་ཕོ་བྲང་རིན་ཆེན་ཤེལ་དང་མེ་ལོང་གི་རྫས་མཆོག་གིས་དབང་བསྐུར་བ་ལ་བརྟེན་ནས་ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་ལས་ཀྱི་སྡིག་

p. 429

སྒྲིབ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ དུད་འགྲོའི་སྐྱེ་གནས་སུ་འགྲོ་བའི་སྒོ་བཅད་དེ༔ རིག་འཛིན་གྱི་གོ་འཕང་བླ་ན་མེད་པ་ཐོབ་ཅིང་། འགྲོ་བ་སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ [གཏོར་མ་མཁའ་འགྲོ་མའི་ཚོགས་སྲུང་མ་དམ་ཅན་རྒྱ་མཚོ་དང་བཅས་པས་ཕོ་བྲང་དུ་གསལ་བ་སྙིང་གར་བཞག་ལ།] ཧཱུཾ་ཧྲཱིཿབ་ལིང་བཅུད་ལྡན་ཕོ་བྲང་དུ༔ མ་ཚོགས་མཁའ་འགྲོ་ངང་གིས་བཞུགས༔ ཕྲིན་ལས་ཡོངས་རྫོགས་ཆེན་པོ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ཀྱང་༔ རིག་འཛིན་གྲལ་དེར་འཁོད་པར་ཤོག༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ༔ སརྦ་ཛྙཱ་ན་ཌཱ་ཀི་ནཱི་བ་ལིང་ཏ་མཎྜ་ལ་ཨ་བྷི་ཥིཉྩ་མཾ༔ སྐལ་ལྡན་ཁྱོད་ལ་ཌཱ་ཀི་གསང་བའི་ཕོ་བྲང་ཁྱད་པར་རྨད་དུ་བྱུང་བ་བྱིན་རླབས་གཏོར་མའི་དབང་བསྐུར་བ་བརྟེན་ནས༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ཡི་དྭགས་སུ་སྐྱེ་བའི་སྒོ་བཅད་དེ༔ རིག་འཛིན་གྱི་གོ་འཕང་བླ་ན་མེད་པ་ཐོབ་ཅིང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ [ཅེས་བསྐུར།] དེ་ལྟར་དབང་བསྐུར་བས་

p. 430

སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། རྣམ་སྨིན་གྱི་ཡིད་ལུས་འོད་ཀྱི་གོང་བུར་ཞུ་བ་ལས་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པའི་སྐུར་གྱུར་[པར་བསམ།] [དགུ་པ་ཟས་གཏད་པ་ནི། མདུན་དུ་བཟའ་བཏུང་སྣ་ཚོགས་བཤམ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས།] འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས།] ཧཱུཾ། ང་ནི་དཔལ་ལྡན་རྡོ་རྗེ་སེམས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །ཡེ་ཤེས་ཆེན་པོའི་འཕྲོ་འདུ་ལས། །འདོད་པ་ཐམས་ཅད་ཚིམ་བྱེད་པ། །བཅུད་ཆེན་རོ་མཆོག་བརྒྱ་ལྡན་པའི། །བཟའ་དང་བཏུང་བའི་ཚོགས་རྣམས་དང་། །འདོད་རྒུའི་འབྱོར་པ་རྒྱ་མཚོ་ཡིས། །ཁྱོད་ཀྱི་རེ་བ་བསྐང་བར་བྱ། །ཁྱད་པར་བརྩེ་གདུང་གཉེན་རྣམས་ཀྱིས། །གདུང་བའི་སྐད་ཀྱིས་ཁྱོད་བོས་ནས། །འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས། །ཏིང་འཛིན་སྔགས་རྒྱས་སྤར་ཏེ་བསྔོ། །དགའ་དང་སྤྲོ་བའི་སེམས་ཀྱིས་ནི། །ཞེན་པ་མེད་པར་ལོངས་སྤྱོད་ཅིག །བཀྲེས་སྐོམ་གདུང་བ་ཀུན་ཞི་ནས། །འདོད་ཡོན་དཔལ་ལ་སྤྱོད་པར་ཤོག །[ཅེས་བསྔོས་པས། དེས་ཀྱང་བདག་གིར་བཟུང་ནས་དཀྱིལ་འཁོར་པ་མཆོད་པར་བསམ།] [བཅུ་པ་འཁོར་བར་མ་ཆགས་པར་གདམས་ཤིང་ལམ་བསྟན་སྦྱོང་བ་ནི།]

p. 431

ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །[བཅུ་གཅིག་པ་གནས་སྤར་བ་ནི]། ཚེ་འདས་ཀྱི་རྣམ་ཤེས་ཨ་ཐུང་གི་རྣམ་པར་སྤྱི་བོ་ནས་ཐོན་འོག་མིན་གྱི་ཞིང་དུ་སོང་སྟེ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་[པར་བསམ།] [བཅུ་གཉིས་པ་བྱང་བུ་བསྲེག་པ་ནི།] རྣམ་ཤེས་གཤེགས་པའི་བྱང་བུ་སྡིག་སྒྲིབ་དང་མཉམ་དུ་ཡེ་ཤེས་ཀྱི་མེས་བསྲེགས་པར་[བསམ་ལ།] ཧཱུཾ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་སྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་སྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་

p. 432

མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། [ཞེས་བྱང་བུ་བསྲེག །] [བཅུ་གསུམ་པ་སཱ་ཙྪའི་ཆོ་ག་ནི།] རུས་བུའམ་བྱང་རོའི་སྟེང་དུ་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་[བསམ་ལ། སྤྱི་དྲིལ་དང་ཡི་གེ་བརྒྱ་པ་བཟླ་ཞིང་དྲིའི་ཆུས་སྦྱངས། དེས་སྦྲུས་པའི་འཇིམ་པ་བསང་སྦྱང་།] སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷཱུྃ་ལས་རིན་པོ་ཆེའི་ཕུང་པོར་གྱུར། རྣམ་སྣང་གི་ཐུགས་ཀ་ནས་ཡེ་ཤེས་པ་འོད་ཟེར་གྱི་རྣམ་པར་བཀུག འཇིམ་པར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར། ཨོཾ་ཛི་ན་ཛི་ཀ་སྭཱ་ཧཱ། [ལན་ཉེར་གཅིག་བརྗོད།] ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ[ས་འཇིམ་པ་བཅད།] ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ[ས་འཇིམ་བཅད།] ཨོཾ་བཛྲོད་བྷ་ཝ་ཡ་སྭཱ་ཧཱ[ས་འབི་འབི་བྱ།] ཨོྃ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ[ས་སྣུམ་བསྐུས།] ཨོཾ་དྷརྨ་དྷཱ་ཏུ་གརྦྷ་སྭཱཧཱ[ས་བརྐོས་ཕོར་དུ་གཞུག] ཨོཾ་བཛྲ་མུརྒ་ཏེ་ཨ་ཀོ་ཊ་ཡ་ཧཱུྃ་[གིས་བརྡུང་།] ཨོཾ་སརྦ་བིདྱཱ་སྭཱ་ཧཱ[ས་གཟུངས་སམ་མེ་ཏོག་གཞུག]ཨོཾ་དྷརྨཱ་ར་ཏེ་སྭཱ་ཧཱ[ས་ཕྱིར་འདོན།] ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ[ས་བཞུགས་སུ་གསོལ། དེ་ཉིད་རྣམ་སྣང་དུ་བསྐྱེད་ལ་ཡེ་ཤེས་པ་དགུག་ཅིང་བསྟིམ། མཆོད་ཅིང་བསྟོད་དེ་རང་གཟུགས་སུ་བསྒྱུར་ནས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱའོ། །དེ་ནས་ཚོགས་ཀྱི་དགའ་སྟོན་བྱ་ཞིང་གཏོར་མ་བཏང་། དཀྱིལ་འཁོར་ལྷ་ཚོགས་མཆོད་ཅིང་བསྟོད་ནས་ནོངས་པ་བཤགས། ཡེ་ཤེས་པ་

p. 433

གཤེགས་ཤིང་དམ་ཚིག་པ་བདག་ལ་བསྡུ། དགེ་བ་བསྔོ་ཞིང་བཀྲ་ཤིས་བདེ་ལེགས་སུ་བྱ་བ་རྣམས་ལས་གཞུང་བཞིན་བྱའོ། །]སྐྱབས་བྲལ་བར་དོར་འཕྱན་པའི་ཉམ་ཐག་འགྲོ། །ལམ་ངན་གནས་ནས་བདེ་བར་འདྲེན་པའི་ལུང་། །རྒྱུད་དང་གྲུབ་པའི་མན་ངག་ཇི་བཞིན་དུ། །བརྗོད་འདི་གཞན་ཕན་མཆོག་གི་གཞིར་གྱུར་ཅིག །[དེ་ལྟར་བླ་མ་དགོངས་པ་འདུས་པའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་། ཀྲོང་གསར་ཆོས་འཁོར་རབ་བརྩེའི་འདུས་པའི་སྡེའི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་སྔར་བཀོད་པའི་སྐོང་ཆོག་གི་ཡན་ལག་ཏུ་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟར་གྱིས་ཞེས་ཡང་ནས་ཡང་དུ་བསྐུལ་བར་མཛད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ལྔ་ལམ་དུ་དུབ་པའི་སྐྱེ་འགྲོ་ཡོངས་ལ་ཕན་པ་མཐའ་ཡས་བ་འབྱུང་བའི་རྒྱུར་གྱུར་ཅིག།། །།] སརྦ་དཱ་མངྒལཾ། །

བླ་མ་དགོངས་པ་འདུས་པའི་ཕྲིན་ལས་རྒྱུན་ཁྱེར་སྙིང་པོར་དྲིལ་བ་པདྨའི་དགོངས་རྒྱན།

p. 434
p. 435

༄༅། །བླ་མ་དགོངས་པ་འདུས་པའི་ཕྲིན་ལས་རྒྱུན་ཁྱེར་སྙིང་པོར་དྲིལ་བ་པདྨའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

p. 436

ན་མོ་གུ་རུ་དེ་ཝ་ཌཱཀྐི་ནཱི་ཡེ། [བླ་མ་དགོངས་པ་འདུས་པའི་ཕྲིན་ལས་རྒྱུན་གྱི་རྣལ་འབྱོར་ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་པས། སྦྱོར་བ་ཅུང་ཟད་སྤྲོས་པ་དང་བཅས་པའི་ཚེ་མཆོད་གཏོར་སྨན་རཀ་ཉེར་སྤྱོད་སོགས་སྤྱི་དང་མཐུན་པར་བཤམ་ཞིང་། རྒྱུན་ཁྱེར་སྐབས་སུ་སྤྲོས་པས་མ་ལྕོགས་ན་དམིགས་པས་ཁྱབ་པར་བྱས་ཏེ། ཐོག་མར་གསོལ་འདེབས་ནི།] ཧྲཱིཿདུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྩ་བ་ཨོ་རྒྱན་ཆོས་ཀྱི་རྗེ༔ འགྲོ་མགོན་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ དྲིན་ཆེན་བླ་མ་མཆོག་ལ་གསོལ་བ་འདེབས༔ ཧྲཱིཿཞི་ཁྲོ་ཡི་དམ་འདུས་པའི་རང་བཞིན་ཅན༔ དངོས་གྲུབ་རྩ་བ་ཐུགས་རྗེ་སྤྱན་རས་གཟིགས༔ རྟ་མགྲིན་དབང་

p. 437

ཆེན་འཁོར་འདས་སྤྱི་དཔལ་གཙོ༔ ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ ཧྲཱིཿམ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་སྟེ༔ བར་ཆད་སེལ་མཛད་རྡོ་རྗེ་ཕག་མོའི་སྐུ༔ རིགས་ཀྱི་ལྷ་མོ་གསང་བ་ཡེ་ཤེས་དབྱིངས༔ མ་སྲིང་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཧྲཱིཿབླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ བདག་གཞན་རབ་གུས་གདུང་བས་གསོལ་བ་འདེབས༔ ཁྱེད་ཀྱི་ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཀྱིས༔ མི་རྟོག་ཏིང་འཛིན་ཡེ་ཤེས་བསྐྱེད་དུ་གསོལ༔ ཉམས་རྟོགས་རིག་པའི་རྩལ་ཆེན་སྤར་དུ་གསོལ༔ སྐུ་གསུམ་ཞིང་ཁམས་འབྱོངས་

p. 438

པར་མཛད་དུ་གསོལ༔ བསྐྱེད་རྫོགས་བདེན་གཉིས་འབྲས་བུ་ཁོང་ཆུད་ཅིང་༔ ཕྱིར་མི་ལྡོག་པའི་ས་ཆེན་ཐོབ་ནས་ཀྱང་༔ སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་བར༔ འགྲོ་བའི་དོན་གཉིས་ལྷུན་གྲུབ་འབྱུང་བར་ཤོག༔ [མཚམས་བཅད་པ་ནི།] བདག་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་མེ་དཔུང་གི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད། ཚུར་འདུས་ལྷུན་གྲུབ་འབར་བའི་སྲུང་འཁོར་ཀུན་ནས་མི་ཕྱེད་པས་ཡོངས་སུ་དཀྲིག་པར་[མོས་ལ།] ཧཱུཾ་ཧྲཱིཿཡེ་ཤེས་རོལ་པ་དབང་གི་དཀྱིལ་འཁོར་འདིར༔ ཡེ་ནས་རྣམ་དག་ལྷ་ཡི་རང་བཞིན་ལ༔ བགེགས་དང་ལོག་འདྲེན་བར་ཆད་མིང་ཡང་མེད༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿ ཧཱུཾ༔ ཛྙཱ་ན་མ་ཧཱ་རཀྵ་ཧཱུཾ༔ [ཞེས་མཚམས་བཅད། ཚོགས་བསགས་པ་ནི།]རང་གི་སྙིང་གའི་འོད་ཀྱིས་བསྐུལ་བས་བླ་མ་རྩ་གསུམ་གྱི་ལྷ་ཚོགས་ཐུགས་རྒྱུད་བསྐུལ་ཏེ་མདུན་གྱི་ནམ་མཁར་སྤུང་གིས་བྱོན་པར་[མོས་ལ།] ཀྱེ་ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབ་པའི་མགོན་དང་དཔུང་མཛོད་ཅིག༔ དུས་འདི་ནས་བཟུང་རྫོགས་

p. 439

སངས་མ་རྒྱས་བར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་ཆག་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སྔོན་གྱི་རྒྱལ་བའི་མཛད་པ་རྨད་བྱུང་ལྟར༔ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ [ཅེས་ཚོགས་བསགས། དངོས་སུ་བཤམས་པའི་མཆོད་གཏོར་ཡོད་ན།] རཾ་ཡཾ་ཁཾ་[གིས་བསང་སྦྱང་།] ཨོཾ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ ཨཱཿ རྣམ་དག་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད༔ ཧཱུཾ༔ གཟུགས་སྒྲ་དྲི་རོ་རེག་བྱ་ནུས་བཅུད་ལྡན༔ ཧོཿཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨོཾ་ཨཱཿ ཧཱུཾ་ཧོཿསརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུཾ་སྭཱཧཱ༔ [ཞེས་བྱིན་གྱིས་རླབས། དངོས་གཞི་བསྐྱེད་རིམ་ཡན་ལག་གདང་བཅས་པ་ནི།] ཨོཾ་མཧཱ་ཤུནྱ་ཏཱ་ཛྙཱ་ན་སྭ་བྷཱ་ཝ་ཧཱུཾ༔ དྷརྨ་དྷ་ཏུ་སྭབྷ་ཝ་ཧཱུྃ༔ ཧྲཱིཿདོན་དམ་དབྱིངས་ལས་འབར་བའི་ཆོ་འཕྲུལ་ཤར༔ རྒྱུ་ཡི་ཧེ་རུ་

p. 440

དམར་གསལ་མེ་འོད་འཕྲོ༔ རྡོ་རྗེ་དྲིལ་འཛིན་རྣམ་འགྱུར་བསམ་མི་ཁྱབ༔ ཙིཏྟ་པདྨ་བཛྲ་ཧཱུཾ༔ བྷཱུྃ༔ ཟླ་གམ་དབང་ཆེན་འབར་བའི་ཀློང་དཀྱིལ་དུ༔ ཤ་ཁྲག་ཕུང་པོ་འདུས་པའི་གཞལ་ཡས་ཁང༔ བདེ་དྲོད་མེ་ཕུང་འཁྲིགས་པའི་དཀྱིལ་ཡངས་ན༔ རྣམ་ཤེས་འདབ་བརྒྱད་བརྡལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་གེ་སར་སྟེང་༔ ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད༔ ཞལ་གསུམ་གཡས་དཀར་གཡོན་མཐིང་དབུས་དམར་ཁྲོས༔ ཕྱག་དྲུག་གྲི་གུག་བེ་ཅོན་སྤུ་གྲི་གཡས༔ དུང་དམར་རི་རབ་རྒྱུ་ཞགས་གཡོན་གསུམ་བསྣམས༔ སྤྱི་གཙུག་ཁམས་གསུམ་དབང་སྡུད་རྟ་སྐད་འཚེར༔ ཕོ་རྒྱུད་ཟིལ་གནོན་དུར་ཁྲོད་ཆས་རྣམས་རྫོགས༔ གཉིས་མེད་ཡུམ་ཆེན་ཕག་མོ་མཐིང་ནག་འཁྲིལ༔ གྲི་ཐོད་གར་བསྒྱུར་སྤྱི་གཙུག་ཕག་ཞལ་ངུར༔ ཡབ་ཡུམ་གཉིས་མེད་གསལ་བའི་སྤྱི་གཙུག་ཏུ༔ ཐབས་ཤེས་ཉི་ཟླ་དྲི་མེད་པད་སྟེང་དུ༔ སྣང་བའི་ངོ་བོ་པདྨ་བཛྲ་རྩལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་ཚུལ༔ དམར་མཐིང་དཀར་དང་ཞི་ཁྲོ་ཕྱེད་མའི་ཞལ༔ གཡས་གསུམ་རྡོ་རྗེ་རལ་གྲི་བདུད་རྩི་བུམ༔ དྲིལ་བུ་བྷནྡྷ་ཁ་ཊྭཱཾ་གཡོན་གསུམ་ཕྱག༔ སྟོང་པའི་བདག་ཉིད་

p. 441

ལྷ་ལྕམ་གསང་བའི་ཡུམ༔ དམར་མོ་ཌཱ་རུ་དུང་དམར་གཡས་གཡོན་འཁྱུད༔ གར་དགུའི་ཉམས་ལྡན་རུས་རྒྱན་དུར་ཁྲོད་ཆས༔ ཐབས་ཤེས་ཡབ་ཡུམ་བདེ་རོལ་ཆོ་འཕྲུལ་ལས༔ ཕྱོགས་དང་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང་༔ བུདྡྷ་ཐོད་ཕྲེང་ཡབ་ཡུམ་སྲས་དང་འཁོར༔ མི་བསྐྱོད་རྡོ་རྗེ་ཡབ་ཡུམ་སྲས་དང་འཁོར༔ པདྨ་དབང་ཆེན་ཡབ་ཡུམ་སྲས་དང་འཁོར༔ རིག་འཛིན་ཐོད་རྩལ་ཡབ་ཡུམ་སྲས་དང་འཁོར༔ མདོག་དམར་མེ་ཕྲེང་ཡབ་ཡུམ་སྲས་དང་འཁོར༔ སངས་རྒྱས་དཔའ་བོ་ཡབ་ཡུམ་སྲས་དང་འཁོར༔ དཔལ་ཆེན་རྟ་མགྲིན་ཡབ་ཡུམ་སྲས་དང་འཁོར༔ ལག་ན་རྡོ་རྗེ་ཡབ་ཡུམ་སྲས་དང་འཁོར༔ ཀུན་ཀྱང་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་ཚོགས༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་དུ་མ་སྟེ༔ གཅིག་ཏུ་མ་ངེས་ཆོ་རོལ་སྣ་ཚོགས་སྟོན༔ སྣང་སྟོང་མ་འགགས་ལྷན་ནེ་ལྷང་ངེར་གསལ༔ སྟོད་སྨད་བར་ཁྱམས་བ་སྤུའི་གྲོང་ཁྱེར་དུ༔ དཔའ་བོ་དཔའ་མོ་ལ་སོགས་དཔག་མེད་ཀྱང་༔ རྣམ་འགྱུར་ཆ་ལུགས་ཅི་ཡང་སྟོན་བྱེད་ཅིང་༔ མ་འགགས་ལྷུན་གྲུབ་རོལ་པའི་ཚུལ་དུ་གསལ༔ ཀུན་གྱི་གནས་གསུམ་རྡོ་རྗེ་འབྲུ་གསུམ་གྱིས༔ མཚན་པའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར༔ [ཅེས་གསལ་བཏབ་ལ།

p. 442

ཡེ་ཤེས་པ་སྤྱན་འདྲེན་པ་ནི།] ཧཱུཾ་ཧྲཱི༔ རང་བྱུང་ཐུགས་རྗེ་མ་འགགས་རོལ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ རྩལ་སྣང་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ དཀྱིལ་འཁོར་ཆེན་པོའི་ལུས་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་མཆེད་ལྕམ་དག་ལ་དབང་བཞི་སྐུར༔ བརྒྱུད་འཛིན་མོས་པའི་བུ་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་སྩོལ༔ ཨོཾ་ཨཱཿ ཧཱུཾ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ [ཞེས་སྤྱན་དྲངས་པ།] ཛཿཧཱུཾ་བྃ་ཧོཿ[ས་གཉིས་སུ་མེད་པར་བསྟིམ། བཞུགས་སུ་གསོལ་བ་ནི།] ཧཱུཾ་ཧྲཱི༔ སྒྱུ་ལུས་ཕོ་བྲང་བཀོད་པའི་གཞལ་ཡས་འདིར༔ ལྷ་རྣམས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿ ཧཱུྃ་གུ་རུ་དྷེ་ཝ་ཀི་ནཱི་ཙིཏྟ་བཛྲ་ཛྙཱ་ན་པདྨ་ཀ་མ་ལཱ་ཡ་སྟྭཾ༔ [དབང་བསྐུར་རྒྱས་གདབ་ནི།]ཧྲཱིཿརིགས་མཆོག་དག་པ་རིགས་ལྔའི་ཚོགས་རྣམས་ཀྱིས༔ བྱིན་རླབས་དབང་བསྐུར་དམ་པ་དེང་འདིར་སྩོལ༔ ཨོཾ་ཨཱཿ ཧཱུཾ་ཧྲཱི༔ སྭཱཧཱ༔ ཨ་བྷི་ཥིཉྩ་ཏུ་མཾ༔ ལྷུན་གྲུབ་རྒྱལ་བ་དམ་ཡེ་སེམས་དཔའི་ཚོགས༔ ཆུ་ལ་ཆུ་བཞག་ལྟ་བུར་ཨེ་མ་ཧོ༔ ཨོཾ་མཧཱ་ཤུ་ཛྙཱ་ཏ་ས་

p. 443

མ་ཡ་ཧཱུཾ༔ ས་མ་ཡ་སྟྭཾ༔ ར་ཧོ་ཧྃ༔ [ཕྱག་གིས་བཏུད་པ་ནི།] ཨེ་མ་ཧོཿསྐུ་གསུམ་བླ་མའི་ཡི་དམ་དཀྱིལ་འཁོར་ལྷ༔ ཆོ་འཕྲུལ་སྲས་བཅས་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ [མཆོད་པ་འབུལ་བ་ནི།] ཧཱུཾ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་ལ་སོགས་ཕྱི་མཆོད་འབུལ༔ གཟུགས་སྒྲ་དྲི་རོ་ལ་སོགས་ནང་མཆོད་འབུལ༔ ཤ་རུས་དུག་ལྔ་ཕུང་པོའི་གསང་མཆོད་འབུལ༔ ཡབ་ཡུམ་གཉིས་མེད་བདེ་སྦྱོར་མཉམ་གནས་པའི༔ བླ་མེད་མཆོད་པ་རང་སྣང་ལྷ་ལ་འབུལ༔ ཨོཾ་ཨཱཿ ཧཱུཾ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨརྒྷ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཱཔྡ་པཱུ་ཛ་ཧོ༔ རཱུཔ་ཤཔྡ་གནྡེ་རཱ་ས་སྤརྴེ་པཱུ་ཛ་ཧོཿམཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བོ་དྷི་ཙིཏྟ་མཧཱ་སུ་ཁ་པཱུ་ཛ་ཧོཿཧྲཱིཿརང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཧྲཱིཿདུང་ཆེན་སྣོད་དུ་དམར་ཆེན་རྦ་རླབས་འཕྱོ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ཨོཾ་ཨཱཿ་ཧཱུཾ་མཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུཾ་ཧྲཱི༔ གཉིས་སྣང་རྟོག་པའི་བཅུད་ལེན་གཏོར་མར་སྦྱར༔ རྣམ་དག་བདུད་རྩིའི་ཞལ་

p. 444

ཟས་ཆེན་པོ་འབུལ༔ ཐུགས་རྗེའི་ཐུགས་དམ་དབང་གིས་བཞེས་ནས་ཀྱང༔ བདག་གཞན་དོན་འབྲས་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ[བསྟོད་པ་ནི།] ཨོཾ་ཨཱཿ ཧཱུཾ་ཧྲཱི༔ ཐུགས་རྗེ་རོལ་པ་དབང་གི་དཀྱིལ་འཁོར་དུ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ འགྲོ་བ་ཡོངས་ཀྱི་དཔལ་མགོན་ཨོ་རྒྱན་རྗེ༔ པདྨ་བཛྲ་རྩལ་ལ་ཕྱག་འཚལ་བསྟོད༔ དོན་གྱི་དབྱིངས་ལ་ཆ་ལུགས་མི་མངའ་ཡང་༔ གཟུགས་སྐུའི་ལྷ་ཚོགས་རྣམ་འཕྲུལ་དུ་མར་ཤར༔ གཙོ་འཁོར་ཡབ་ཡུམ་སྲས་ཀྱི་ཚུལ་སྟོན་ཅིང་༔ སྤྲུལ་བསྒྱུར་སྣ་ཚོགས་འགྱེད་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་མཐུན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ [བཟླས་པའི་རྣམ་འབྱོར་ལ། ཛཔྲ་བསྐུལ་ནི།] ཧཱུཾ་ཧྲཱི༔ དབང་ཆེན་ཟླ་གམ་གདེངས་པའི་དཀྱིལ་འཁོར་ན༔ སངས་རྒྱས་དགོངས་པ་ཡོངས་རྫོགས་གྲུབ་པའི་དཔལ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས༔ ཛཔྲ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས༔ མ་འགྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ་༔ [ཛཔྲ་དམིགས་ནི།] ལྷ་ཚོགས་ཐུགས་ཀ་

p. 445

པད་ཟླར་ཉི་སྟེང་ཧྰིཿསྔགས་ཕྲེང་བསྐོར་བའི་འོད་ཀྱིས་དོན་གཉིས་བྱས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་ཞིང་དུ་གྱུར། །ཚུར་འདུས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །[ཅེས་དམིགས་ལ།] ཨོཾ་ཨཱཿ ཧཱུཾ་ཧྲཱི༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨཱཿ [ཞེས་བཟླ། མཐར་དབྱངས་གསལ་རྟེན་སྙིང་གིས་སྔགས་ཀྱི་ནུས་པ་སྤེལ་ཞིང་བརྟན། སྟོང་ཚིགས་ཀྱིས་མཆོད་བསྟོད་ནི།] ཧཱུཾ་ཧྲཱི༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛཔྲ་བསྙེན་མཆོད་པར་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཨོཾ་ཨཱཿ ཧཱུཾ་ཨེ་ཝཾ་ཧྲཱིཿ[ཞེས་འབུལ་ཞིང་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། རྒྱུན་ཁྱེར་དཀྱུུས་སུ་འདི་ནས་བསྡུ་རིམ་ལ་འཇུག་པས་ཆོག་ཅིང་། སྐབས་འགའ་ཞིག་ཏུ་ཚོགས་ཀྱི་མཆོད་པ་སྤྲོ་ན། ཐབས་ཤེས་ཀྱི་རྫས་བཤམ་ལ།] ཨོཾ་བཛྲ་ཡཀྵ་ཧཱུཾ་[གིས་བགེགས་བསལ།] རཾ་ཡཾ་ཁཾ་[གིས་བསང་སྦྱང་།] ཞལ་ཟས་ཚོགས་ལ་ཉེས་སྒྲིབ་མ་མཆིས་ཀྱང་༔ བཤམས་པའི་རྫས་ཀྱི་འབག་བཙོག་དྲི་མ་རྣམས༔ རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱངས་བྱས་ཤིང་༔ ཨོཾ་ཨཱཿ ཧཱུཾ་གིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ལྷ་རྣམས་དགྱེས་སྐོང་འདོད་

p. 446

ཡོན་སྣང་སྲིད་གང༔ ཨོཾ་ཨཱཿ ཧཱུཾ་ཧ་ཧོ་ཧྲཱི༔ [ཞེས་བྱིན་བརླབས། དང་པོ་མཆོད་པ་ནི།] ཧཱུཾ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདི༔ ཚོགས་ཀྱི་ཡོ་བྱད་གཞུང་བཞིན་བཤམས་ནས་ཀྱང་༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ སྒྲུབ་མཆོག་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ག་ཎ་ཀྲ་པཱུ་ཛ་ཧོ༔ [བར་པ་བཤགས་པ་ནི།] བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ དམ་ཚིག་ཆག་ཉམས་འགལ་འཁྲུལ་སོར་ཆུད་དེ༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿ ཧཱུཾ་ག་ཎ་ཙ་ཀྲ་སཏྭ་ས་མ་ཡ་[སོགས་ཚང་བར་བཟླ། ཐ་མ་བསྒྲལ་བསྟབ་ནི།] ཧཱུཾ་ཧྲཱི༔ ཚོགས་སྡོད་ལས་ཀྱི་གཤིན་རྗེའི་ཧོམ་ཁུང་དུ༔ ཚོགས་རྫས་དགྲ་བགེགས་གསལ་བར་ཕོ་ཉ་ཡིས༔ རྣམ་ཤེས་བཀུག་ནས་མཚོན་ནས་མཚོན་ཆ་འབར་བས་བསྒྲལ༔ གནོད་བྱེད་དགྲ་བགེགས་གཟུངས་ཕུང་ཤ་ཁྲག་རྣམས༔ བསྟབ་བོ་བསྟབ་བོ་ལྷ་ཚོགས་ཞལ་དུ་བསྟབ༔ ཆོས་ཉིད་དབྱིངས་སུ་རོལ་ཅིག་ཁ་རཾ་ཁཱ་ཧི༔ [བསྐང་བ་ནི།] ཧཱུཾ་ཧྲཱི༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འདོད་ཡོན་ལོངས་སྤྱོད་རྫས་ཀྱིས་ཐུགས་དམ་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་

p. 447

ཡོངས་ཀྱིས་བསྐང་༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ལྟ་བ་ཀློང་དུ་གྱུར་པས་ཐུགས་དམ་བསྐང་༔ སྒོམ་པ་ཡེངས་འཁྲུལ་རྐྱེན་དང་བྲལ་བས་བསྐང་༔ སྤྱོད་པ་བླང་དོར་ཚུལ་འཆོས་བྲལ་བས་བསྐང་༔ འབྲས་བུ་ལྷུན་གྲུབ་ཕྱོགས་ལྷུང་མེད་པས་བསྐང་༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔ དམ་ཅན་ཆོས་སྐྱོང་རྣམས་ཀྱི༴ རྡོ་རྗེ་སློབ་དཔོན་གཉན་གྱི༴ འདུས་པའི་མཆེད་དུ་ལྕམ་རྣམས་ཀྱི༴ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ [ཅེས་བསྐང་། དེ་ནས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུག་ཏུ་ལོངས་སྤྱོད་པའི་མཐར།] ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །[ཅེས་སྨོན་ལམ་གདབ། ལྷག་མ་གཙང་ལྷག་གིས་མནན་པར།] ཨོཾ་ཨཱཿཧཱུཾ་[གིས་བྱིན་གྱིས་བརླབ།] ཧྲཱིཾ༔ ཕེཾ་[གྱིས་མགྲོན་བཀུག་ལ།] ཧཱུཾ་ཧྲཱི༔ སྒྱུ་ལུས་བཀོད་པའི་གྲོང་ཁྱེར་ལ་གནས་

p. 448

པའི༔ དཔལ་གྱི་བཀའ་ཉན་འབུམ་ཕྲག་ཡངས་པའི་ཚོགས༔ དཔལ་གྱི་ཕམ་ཕབ་ལྷག་མའི་གཏོར་མ་བཞེས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪི་ཥཊ་བ་ལིཾ་ཏ་བྷ་ཀྵ་སི་སྭཱཧཱ༔ [ཞེས་བསྔོ། །རྗེས་རིམ་ལ། དམིགས་བསལ་དངོས་གྲུབ་ལེན་པར་སྤྲོ་ན།] ཧཱུཾ་ཧྲཱི༔ ཡོངས་ཀྱི་གཙོ་མཆོག་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཁྱེད་ལ་རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས༔ བླ་མེད་མཆོག་དང་ཐུན་མོང་ཡིད་བཞིན་སོགས༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ[ཞེས་དབང་བླངས་ལ་བདུད་རྩི་ལོངས་སྤྱད། སྔགས་ཙམ་གྱིས་མཆོད་ཅིང་།] ཕྱི་ནང་གཞན་གསུམ་[སོགས་ཀྱིས་བསྟོད།]བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ མ་འབྱོར་པ་དང་ཉམས་པ་ཅི་མཆིས་པ༔ དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་སྤྱན་སྔ་རུ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་རབ་ཏུ་བཤགས༔ [ཞེས་དང་ཡིག་བརྒྱ་བཟླས་པས་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་བསྟིམ་གང་འོས་སྐབས་དང་བསྟུན་ལ། བདག་བསྐྱེད་ཉེར་བསྡུ་ནི།] སྣོད་བཅུད་སྒྱུ་ལུས་གཞལ་ཡས་ཁང་ལ་བསྡུ༔ དེ་ཡང་ལྷ་ཚོགས་འཁོར་རྣམས་གཙོ་བོ་ལ༔ ཡུམ་ཉིད་ཡབ་ལ་ཡབ་ཀྱང་ས་བོན་ལ༔ ས་བོན་བར་སྣང་འཇའ་འམ་

p. 449

ཆུ་བུར་ལྟར༔ དམིགས་མེད་རྒྱས་གདབ་ཅོག་བཞག་ལྷུག་པར་བཞག༔ གདོད་མའི་སངས་རྒྱས་ཉིད་དང་མཇལ་བར་གྱུར༔ [བསྔོ་སྨོན་ནི།] རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུ་ལས་བྱུང་བའི༔ དགེ་བའི་རྩ་བར་གྱུར་པ་ཅི་མཆིས་པ༔ བླ་མེད་རྡོ་རྗེ་ཐེག་པ་ཆེན་པོར་བསྔོ༔ སྐུ་གསུམ་མི་འགྱུར་རྡོ་རྗེའི་ས་ཐོབ་ཤོག༔ [བཀྲ་ཤིས་ནི།] ཧྲཱི༔ སྐུ་གསུམ་དབྱེར་མེད་འཁོར་འདས་དབྱིངས་སུ་གྲོལ༔ རྣམ་བཞིའི་ཕྲིན་ལས་རྩོལ་མེད་ངང་གིས་འགྲུབ༔ བཀྲ་ཤིས་རབ་འབྱམས་ཕྱོགས་ལྷུང་མཐའ་ལས་འདས༔ སྐུ་གསུམ་དབྱེར་མེད་ཡོངས་རྫོགས་བཀྲ་ཤིས་ཤོག༔ [ཅེས་སོགས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །འདི་ཉིད་རྒྱུན་ཁྱེར་སྐབས་སུ་བདག་བསྐྱེད་ལུས་དཀྱིལ་རྐྱང་པ་དང་། ཚོགས་མཆོད་དང་འབྲེལ་ན་ཚིག་རིས་གཅིག་གིས་བདག་མདུན་སོ་སོར་བསྐྱེད་པ་གཞུང་གི་དགོངས་པ་བཞིན་ངེས་པར་བྱའོ། །ཞེས་པའང་འབུམ་ཐང་དབང་འདུས་ཆོས་གླིང་དུ་བསྟན་འཛིན་གྱི་སྐྱེས་ཆེན་འདུས་པ་རབ་ཏུ་གྱུར་པ་ལ་ལམ་འདིའི་སྨིན་གྲོལ་རྒྱབ་བརྟེན་ཡོངས་རྫོགས་ཀྱི་མཆོད་སྤྲིན་དགའ་སྟོན་སྤྲོས་པའི་ཚེ་དོན་གཉེར་ཅན་དུ་མའི་གསུང་གིས་བསྐུལ་བར་མཛད་པ་བཞིན། གཏེར་གཞུང་རྡོ་རྗེའི་ཚིག་ཁོ་ན་གུང་བསྡེབས་ཤིང་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྤེལ་བ་ལམ་འདིའི་ཕྲིན་ལས་མཁའ་ཁྱབ་ཏུ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག། །།]སརྦ་དཱ་མངྒ་ལཾ། །

བླ་མ་དགོངས་པ་འདུས་པའི་བཀའ་སྲུང་གཏེར་སྲུང་གི་གསོལ་མཆོད་མདོར་བསྡུས།

p. 450
p. 451

[1ན} [བླ་མ་དགོངས་པ་འདུས་པའི་བཀའ་སྲུང་གཏེར་སྲུང་གི་གསོལ་མཆོད་མདོར་བསྡུས་ནི། མཆོད་གཏོར་]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] ཨོཾ་ཨཱཿཧཱུཾ་[གིས་བྱིན་གྱིས་བརླདས་ལ།] ཧྲཱིཿ བདུད་བཞིའི་དཔུང་འཇོམས་དཔའ་བོ་རྟ་མགྲིན་དཔལ༔ ཚེ་བཙན་དཔེ་མེད་ཡབ་ཡུམ་སྲས་འཁོར་བཅས༔ ཤ་ཟདྷཱ་ཀི་བདུད་མོ་ཁ་མོ་ཆེ༔ བཙན་རྒོད་དགེ་བསྙེན་སྦྱིན་འཁོར་བཅས་རྣམས༔ ཁས་བླངས་དམ་བཅས་བཞིན་དུ་ད་ཚུར་བྱོན༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་གདན་ལ་བཞུགས༔ དངོས་འབྱོར་ཡིད་སྤྲུལ་མཐུན་རྫས་དཔག་མེད་དང་༔ སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ ཨོཾ་བཛྲ་པུཥྤེ་[སོགས་ནས།] ཤཔྡ་པཉྩ་ཨ་མྲྀ་ཏ་ར་ཀྟམ་ཧཱ་སརྦ་པཱུ་ཛ་ཧོཿ[ཞེས་དང་།] ཧ་ཡ་གྲཱི་ཝ་ཨེ་ཀ་ཛ་ཊཱི་ཡཀྵ་ཡཀྵ་ཏྲི་དུ་ཏྲི་ཕུ་མ་ཡ་ཙཀྵ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་པས་རྟ་ནག་འཁོར་བཅས་དང་།] བྷྱོ་ཤ་ཟ་དྷཱ་ཀི་ནཱི་མ་མོ་ཙིཏྟ་ཧྲཱིཾ་ཧཱུཾ་ཛཿཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་པས་ཤ་ཟ་ཁ་མོ་ཆེ་དང་།] ཨོཾ་ནཱ་ག་ཙནྟྲི་ཙ་ར་རཱ་ཏྲི་གིང་ཀ་ར་ཡཀྵ་ཡཀྵ་ས་མ་ཡ་ཧཱུཾ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ [ཞེས་པས་བཙན་རྒོད་བཅས་སོ་སོར་ཅི་རིགས་པས་ཕུལ་ལ།] ཧཱུཾ་ཧྲཱིཿསངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ བཀའ་ཡི་སྲུང་མ་དམ་ཅན་འཁོར་དང་བཅས༔ ཁྱེད་རྣམས་སྔོན་ཚེ་པདྨ་ཐོད་ཕྲེང་གིས༔ དཔལ་གྱི་བསམ་ཡས་མཆིམས་ཕུ་དགེ་གོང་དུ༔

p. 452

རྩ་གསུམ་ལྷ་ཡི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཡང་ཟབ་བཀའ་ཡི་ཆོས་སྲུང་གཉེར་བྱང་གཏད༔ ནམ་ཞིག་ལས་ལྡན་བསྟན་པ་སྤེལ་བའི་ཚེ༔ བཤད་སྒྲུབ་བསྟན་པ་མཐའ་རུ་རྒྱས་བྱེད་ཅིང་༔ དམ་ལྡན་རྣལ་འབྱོར་བུ་བཞིན་སྐྱོང་དགོས་པའི༔ བཀའ་བསྒོས་དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ ཇི་ལྟར་རྒྱལ་བའི་བཀའ་ལས་མ་འདའ་བར༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ སྔོན་ལས་འཕྲལ་རྐྱེན་བར་ཆད་ཞི་བ་དང་༔ ཚེ་དཔལ་ལོངས་སྤྱོད་མངའ་ཐང་རྒྱས་པ་དང་༔ ལྷ་མི་ཆེ་བཙན་དབང་དུ་འདུ་བ་དང་༔ གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ བཤད་སྒྲུབ་བསྟན་པ་དུས་འདིར་རྒྱས་པར་མཛོད༔ [ཅེས་བསྐུལ་ཞིང་ཕུད་སྐྱེམས་འཐོར། གཏོར་མགྲོན་ཡེ་ཤེས་པ་]ཨོཾ་ཨཱཿ ཧཱུཾ་[གིས་རང་ལ་བསྡུ། འཇིག་རྟེན་པ་རྣམས་གཙྪས་རང་གནས་སུ་གཤེགས་པར་བྱའོ། །ཞེས་པའང་གཏེར་གཞུང་ལས་བཏུས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།] བརྒྱུད་གསུམ་རིག་འཛིན་ཌཱ་ཀིའི་ཐུགས་ཀྱི་བཅུད། །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ། །ཟབ་གསང་བླ་མ་དགོངས་པ་འདུས་ཆེན་གྱི། །བཤད་སྒྲུབ་བསྟན་པ་འཛམ་གླིང་ཀུན་ཁྱབ་ཤོག །[ཅེས་པའང་བུམ་ཐང་དབང་འདུས་ཆོས་གླིང་དུ་ལམ་འདིའི་སྨིན་གྲོལ་དགའ་སྟོན་ཐོག་མར་སྤེལ་བའི་དུས་ཚེས་བཟང་པོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།། །།]

བཀའ་འདུས་ཆོས་ཀྱི་རྒྱ་མཚོ།

དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་བདེ་ཆེན་རྣམ་པར་རོལ་བའི་དགའ་སྟོན།

p. 453

༄༅། །དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་བདེ་ཆེན་རྣམ་པར་རོལ་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །

p. 454

དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་བདེ་ཆེན་རྣམ་པར་རོལ་པའི་དགའ་སྟོན་ཅེས་བྱ་བ། ཨོཾ་སྭསྟི། འགྱུར་མེད་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སེམས། ཤ ། ཟུངས་འཇུག་བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་གར། །སྤྱི་དཔལ་ཞི་ཁྲོ་འདུས་པའི་འཁོར་ལོ་ཆེར། །གུས་པས་འདུད་དོ་མཆོག་བ་དེའི་བཀའ་དྲིན་སྩོལ། །བདེ་གཤེགས་བཀའ་རྣམས་འདུས་པའི་ཆོས་ཀྱི་མཚོར། །ཞུགས་ཏེ་གྲུབ་གཉིས་ནོར་བུའི་དབྱིག་ལོངས་ཞེས། །གསང་འཛིན་དེད་དཔོན་བླ་མས་དབུགས་ཕྱུངས་པས། །ཚུལ་འདི་ཇི་བཞིན་འཆད་ལ་སྤོབས་པ་སྐྱེས། །[དེ་ཡང་མཆོག་ཏུ་གསང་བའི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་སྨིན་གྲོལ་རྣམ་པ་

p. 455

གཉིས་ཀྱི་གཙོས་ལམ་གྱི་གནས་ཡན་ལག་དང་བཅས་པ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱིས་གནང་བ་ལེགས་པར་ཐོབ་ཅིང་། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་རབ་ཏུ་གནས་པའི་སྔགས་པ་བླ་ན་མེད་པའི་ཡེ་ཤེས་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པ་རྣམས་ཀྱིས་ཚུལ་འདི་ལ་འཇུག་པ་ན། ཡིད་དང་མཐུན་པའི་གནས་ཁང་ཡོངས་སུ་བརྒྱན་ཅིང་དམ་ཚིག་གི་སྣང་བརྙན་སོགས་བཀྲམ་པའི་མདུན་དུ་སྟེགས་གཙང་མར་དཔལ་གྱི་གཏོར་མ་སྨན་རཀ་ལ་སོགས་ཏེ་ཕྱི་ནང་གསང་བའི་མཆོད་པའི་ཚོགས་དང་། ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱས་ནས། ཕྲིན་ལས་ཀྱི་ཆོ་ག་དངོས་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། [དང་པོ་ལའང་། ཚོགས་བསགས་མཚམས་བཅད་སྒོ་དབྱེ་ཕྱག །བཤགས་པ་དམ་བཅའ་བྱིན་དབབ་བརླབ། ཅེས་པ་ལྟར་བྱ་བ་ལས། དང་པོ་ཚོགས་བསགས་པ་ནི།] རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་སྤྱི་དཔལ་ཞི་ཁྲོ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ[ས་སྐྱབས་ཡུལ་ཚོགས་ཞིང་རྣམས་སྤྱན་དྲངས་ལ།] ན་མོ༔ བདག་སོགས་འགྲོ་ཀུན་སྙིང་པོ་བྱང་ཆུབ་བར༔ བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་ལས༔ གུས་པས་སྐྱབས་གསོལ་ཕྱག་འཚལ་མཆོད་པ་འབུལ༔ སེམས་ཅན་དོན་དུ་སངས་རྒྱས་ཐོབ་བྱའི་ཕྱིར༔ སྒོ་གསུམ་དགེ་བའི་ལས་ལ་འཇུག་པར་བགྱི༔ ཚེ་རབས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བཤགས༔ བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་ངོི་༔ ཕྱོགས་བཅུའི་རྒྱལ་དང་བྱང་ཆུབ་སེམས་དཔའ་ལ༔ ཆོས་འཁོར་བསྐོར་བཞིན་མྱ་ངན་མི་འདའ་གསོལ༔ ཚོགས་གཉིས་འབྲས་བུ་ཡོངས་སུ་བསྔོས་པ་ཡིས༔ བདག་གཞན་མི་གནས་ཡེ་ཤེས་ཐོབ་པར་ཤོག༔ [ལན་གསུམ།] ཛཿཧཱུྃ་བྃ་ཧོཿ[ས་]ཚོགས་ཞིང་རྣམས་རང་ལ་ཐིམ་པར་[བལྟའོ། །གཉིས་པ་མཚམས་བཅད་པ་ལ། ཐོག་མར་ང་རྒྱལ་བཟུང་བ་ནི།] བཛྲ་མཧཱ་ཤྲཱི་ཧེ་རུ་ཀོཉ་ཧཾ། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་

p. 456

བཅས་བྱིན་དབབ་བརླབ། ཅེས་པ་ལྟར་བྱ་བ་ལས། དང་པོ་ཚོགས་བསགས་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་སྤྱི་དཔལ་ཁྲོ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲས་མཱ་ཛཿས་སྐྱབས་ཡུལ་ཚོགས་ཞིང་རྣམས་སྤྱན་དྲངས་ལ། ན་མོ༔ བདག་སོགས་འགྲོ་ཀུན་སྙིང་པོ་བྱང་ཆུབ་བར༔ བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་ལ༔ གུས་པས་སྐྱབས་གསོལ་ཕྱག་འཚལ་མཆོད་པ་འབུལ༔ སེམས་ཅན་དོན་དུ་སངས་རྒྱས་ཐོབ་བྱའི་ཕྱིར༔ སྒོ་གསུམ་དགེ་བའི་ལས་ལ་འཇུག་པར་བགྱི༔ ཚེ་རབས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བཤགས༔ བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་ངོ་༔ ཕྱོགས་བཅུའི་རྒྱལ་དང་བྱང་ཆུབ་སེམས་དཔའ་ལ༔ ཆོས་འཁོར་བསྐོར་བཞིན་མྱ་ངན་མི་འདའ་གསོལ༔ ཚོགས་གཉིས་འབྲས་བུ་ཡོངས་སུ་བསྔོས་པ་ཡིས༔ བདག་གཞན་མི་གནས་ཡེ་ཤེས་ཐོབ་པར་ཤོག༔ [ལན་གསུམ།] ཛཿཧཱུཾ་བྃ་ཧོཿ[ས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བལྟའོ། །]གཉིས་པ་མཚམས་བཅད་པ་ལ། ཐོག་མར་ང་རྒྱལ་བཟུང་བ་ནི། བཛྲ་མཧཱ་ཤྲཱི་ཧེ་རུ་ཀོཉ་ཧཾ། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་

p. 457

འཛིན་པ་དུར་ཁྲོད་རོལ་པའི་ཆས་ཅན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཆེར་འབར་ཞིང་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ་ལ། བགེགས་གཏོར། ཨོ་མྲྀ་ཏས་བསང་། སྭབྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུཾ་[ཞེས་འབྲུ་གསུམ་གྱིས་བརླབ།] སརྦ་བྷུ་ཏ་ཨ་ཀརཥ་ཡ་ཛཿ[ས་མགྲོན་བཀུག །] སརྦ་བིགྷན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱོཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྣ་དཾ་བ་ལིནྟེ་སྭཱཧཱ། [ཞེས་ལན་གསུམ་གྱིས་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ༔ ང་ནི་འཁོར་འདས་སྤྱི་དཔལ་ཧེ་རུ་ཀ༔ དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་བྱུང་གིས༔ བསྙེན་སྒྲུབ་དཀྱིལ་འཁོར་བལྟ་བར་མི་དབང་བའི༔ བགེགས་ཀྱི་ཚོགས་རྣམས་བྱེར་ཞིག་མྱུར་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ། [ཞེས་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད་ལ། མཚམས་བཅད་པ་དངོས་ནི།] ཧཱུྃ༔ རྒྱལ་ཆེན་སྡེ་བཞིས་ཕྱི་ཡི་མཚམས་སྲུངས་ལ༔ བགེགས་འདུལ་ཁྲོ་བཅུས་ནང་གི་བར་ཆད་སོལ༔ ཕྱོགས་སྐྱོང་འབྱུང་པོའི་གནོད་པ་རྡུལ་དུ་རློག༔

p. 458

ཡེ་ཤེས་རང་རྩལ་འབར་བའི་མེ་འོད་དང་༔ མཚོན་ཆ་སྣ་ཚོགས་གུར་གྱིས་རབ་ཏུ་དཀྲིགས༔ གཟུང་འཛིན་སྣང་བ་སེམས་ཉིད་སྒྱུ་མའི་འཕྲུལ༔ མ་དག་མཚན་མ་རྡུལ་ཙམ་མི་དམིགས་ཕྱིར༔ ཐམས་ཅད་དཔལ་ཆེན་སྐུ་གསུང་ཐུགས་ཀྱི་ངང་༔ འཁོར་འདས་གཉིས་མེད་ཆེན་པོར་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ [གསུམ་པ་བརྡ་སྒོ་དབྱེ་བ་ནི།] ཧཱུྃ༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ ཡེ་ནས་གཞལ་ཡས་ཁང་དང་ལྷ་རུ་གྲུབ༔ གཉིས་འཛིན་མཚན་མས་བཅིངས་པའི་སྒྲིབ་གཉིས་སྒོ༔ རང་གསལ་ཡེ་ཤེས་བརྡའ་ཡི་ཕྱག་རྒྱས་དབྱེ༔ ཛཿཧཱུྃ་བྃ་ཧོཿ པྲ་ཝེ་ཤ་ཡ་ཕཊ༔ [བཞི་པ་བརྡ་ཕྱག་འཚལ་བ་ནི།] ཧོཿ ཞི་ཁྲོ་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་རྣམས༔ བསྐལ་པ་གོང་ནས་བདག་གི་ཡི་དམ་སྟེ༔ དེང་འདིར་རང་རིག་རྩལ་དུ་རྟོགས་པ་ཡི༔ བརྡའ་དང་གར་གྱི་ཕྱག་འཚལ་མཆོད་པ་འབུལ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ [ལྔ་པ་བཤགས་པ་བྱ་བ་ནི།] ཧོ༔ བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ དུག་གསུམ་དབང་གིས་འཁྲུལ་པའི་ལས་བསགས་པ༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་བཤགས་པར་བགྱི༔ ས་མ་ཡ་བི་

p. 459

ཤུདྡྷེ་ཨ་ཨ༔ [དྲུག་པ་དམ་བཅའ་བ་ནི།] ཨོཾ༔ བདེ་གཤེགས་རྒྱ་མཚོ་བདག་གིས་གཉིས་མེད་བསྒྲུབ༔ ཧེ་རུ་ཀ་དཔལ་རོལ་པའི་གཟི་བྱིན་སྐྱེད༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ངང་༔ རྡོ་རྗེ་གསུམ་མཆོག་ཡེ་ཤེས་མཆོག་ཏུ་རོལ༔ ཨོཾ་ཨཱཿཧཱུྃ་ཨ་ལ་ལ་ཧོ༔ [བདུན་པ་བྱིན་དབབ་པ་ནི། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ།] ཧཱུྃ༔ དཔལ་ཆེན་ཉེར་གཅིག་བཀའ་འདུས་ལྷ་ཚོགས་རྣམས༔ ཡབ་ཡུམ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ སྒྲུབ་གནས་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ མཆེད་ལྕམ་ལུས་ངག་ཡིད་གསུམ་སྨིན་པར་མཛོད༔ ཕྱི་ནང་གསང་བ་བླ་མེད་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་༔ སྣང་སྲིད་ཡོངས་རྫོགས་ཡེ་ཤེས་རོལ་པའི་ལྷ༔ བདེ་ཆེན་བརྡལ་བ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ཏོ་ཥཱ་ཡ་ཏོ་ཥཱ་ཡ༔ བནྡྷ་ཡ་བནྡྷ་ཡ༔ ཨེ་ཨཱ་ར་ལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃ༔ [བརྒྱད་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི།] རྃ་ཡྃ་ཁྃ་[གིས་བསང་སྦྱང་།] བདག་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་བས་མཆོད་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་

p. 460

ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་[བར་བསམ་ལ།] ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། [དེ་བཞིན་དུ་སྦྱར་ཏེ།] པཱདྱཾ་[ནས་]ཤཔྡའི་[བར་གྱིས་བྱིན་བརླབ། བདུད་རྩི་བསང་སྦྱང་།] སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀེཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་གནས་པའི་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བར་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་ཉི་མ་ལ་གནས་པའི་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མར་ཤུ་ལས་བདུད་རྩི་ལྔ་རྣམས་ཀྱི་ཁ་གཅོད་ཟླ་དཀྱིལ་དཀར་པོ་དབྱངས་གསལ་གྱིས་མཚན་པའི་ལྟེ་བར་རྡོ་རྗེའི་ཁོང་གསེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། རླུང་གཡོས་མེ་སྦར་རྫས་རྣམས་ཞུ། རླངས་པའི་ལས་བྱུང་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས། དེ་ཉིད་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་རྡོ་རྗེ་འཁོར་ལོ་

p. 461

རིན་པ་ཆེ་པདྨ་རལ་གྲི་སོ་སོའི་རིགས་ཀྱི་དྲིལ་བུ་རྣམས་སུ་གྱུར། ཧཱུྃ་བཛྲ་དྷྲིཀ ། མཱུྃ་དྷཱ་ཏི་ཤྭ་རི། ཨོཾ་ཛི་ན་ཛིཀ ། ལཱྃ་དེ་ཥ་ར་ཏི། སྭཱ་རཏྣ་དྷྲིཀ ། མཱྃ་མོ་ཧ་ར་ཏི། ཨོཾ་ཨཱ་རོ་ལིཀ ། པཱྃ་རཱ་ག་རཱ་ཏི། ཧཱ་པྲ་ཛྙཱ་དྷྲིཀ ། ཏཱྃ་བཛྲ་ར་ཏི། དེ་རྣམས་ལས་སྐུ་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་དང་བཅས་པར་གྱུར། ས་མ་ཡ་ཧོཿ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱལ་བ་ཐམས་ཅད་ལ་མཉེས་མཆོད་ཕུལ། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་ཚུར་འདུས་ཞལ་དུ་ཞུགས་བྱང་སེམས་བདུད་རྩིའི་རང་བཞིན་དུ་གྱུར་པས་སྐུའི་དབྱིབས་བརྒྱུད། མཁའ་གསང་ལས་ཐོན་ཏེ་དམ་ཚིག་གི་རྫས་ལ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁིལ་བའི་ཁ་གཅོད་ཀྱི་རྡོ་རྗེའི་ལྟེ་བར་རྟ་མགྲིན་དམར་པོ་ཡུམ་དང་བཅས་པས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། [ཞེས་བདུན་ནམ་ཉེར་གཅིག་བཟླ། རཀྟ་བསང་སྦྱང་།] སྟོང་པའི་ངང་ལས་རཀྟའི་སྣོད་ཡུམ་གྱི་མཁའ་དབྱིངས་སུ་ཉི་མ་ལ་གནས་པའི་ར་ཡིག་དམར་པོ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པར་གྱུར། སྥ་ར་ཎ་ཕཊ། དེ་

p. 462

ལས་ཆགས་པ་ཆེན་པོའི་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུཾ། གདུག་པ་ཅན་རྣམས་དབང་དུ་བསྡུས་ནས་རཀྟ་ལ་ཐིམ། ཧཱུྃ་བཛྲ་ཕཊ། ཡབ་ཀྱི་རྡོ་རྗེ་ཐོ་བར་གྱུར་པས་གཟིར་ཞིང་བརྡུངས་པས་ཉོན་མོངས་བག་ཆགས་དང་བཅས་པ་སྦྱངས་ནས་རཀྟའི་རྒྱ་མཚོ་ཞིང་ཆེན་གྱི་ལྷུ་དུམ་ཅན་ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོི་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། [བདུན་ནམ་གསུམ་བཟླ། གཏོར་མ་བསང་སྦྱང་།] སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམདང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བ་ལྡག་གཞི་བ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། [བདུན་ནམ་གསུམ་བརྗོད། འདི་དག་ཅུང་ཟད་རྒྱས་པར་སྤྲོས་པ་སྟེ། བསྡུ་བར་འདོད་ན་ཐུན་མོང་དུ་བྱིན་གྱིས་བརླབ་པ་ནི།] ཧཱུྃ༔ བདག་ཉིད་གསལ་བ་དཔལ་ཆེན་ཧེ་རུ་ཀའི༔ རིག་རྩལ་རོལ་པས་གནས་དང་མཆོད་པ་སྦྱང་༔ ཁྲག་འཐུང་དགྱེས་པ་དུར་ཁྲོད་གཞལ་ཡས་སུ༔ ཕྱི་ནང་གསང་བའི་མཆོད་རྫས་སྤྲིན་ལྟར་གཏིབས༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་པཱུ༔ དྷུ་པེ་དྷུ༔ ཨཱ་ལོ་ཀེ་ཨཱ༔ གནྡྷེ་གྷན༔ ནེ་

p. 463

བིདྱཱ་ནཾ༔ ཤཔྡ་ཤ༔ པཉྩ་ཨ་མྲྀོ་ཏ་རཀྟ་བ་ལིཾ་རཀྟ་བ་ལིཾ་ཏ་ས་མ་ཡ་ཧཱུྃ༔ [ཞེས་བརླབ། དེ་ལྟར་རྣམ་གྲངས་བརྒྱད་ནི་སྔོན་འགྲོའི་ལས་རིམ་མོ། །སྤྱི་དོན་གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་དྲངས་བཞུགས་གསོལ་ཕྱག །མཆོད་བསྟོད་ཛཔྲ་བཟླས་ང་རྒྱལ་བསྐྱེད། ཅེས་པལྟར་ལས། དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི།] ཧཱུྃ༔ དེ་བཞིན་ཉིད་དབྱིངས་གདོད་ནས་སྟོང་པ་ཆེ༔ ཀུན་ཏུ་སྣང་བ་འགྲོ་ལ་སྙིང་རྗེའི་གདངས༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྐྱེད་པའི་རྒྱུ༔ ཧཱུྃ་ཡིག་མཐིང་ནག་ནམ་མཁའི་ཀློང་དུག་གསལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཨཏྨ་ཀོཉ་ཧཾ༔ བཛྲ་མཧཱ་ཀ་རུ་ཎི་ཀ་ཧོཿ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ རྒྱུ་ལས་ཨེ་ཡྃ་ཁྃ་ལྃ་རྃ་སུྃ་བྷྲཱུྃ༔ ཨེ་ལས་ཆོས་དབྱིངས་འབྱམས་ཀླས་ནམ་མཁའི་དབུས༔ ཡྃ་ལས་སྐྱོད་བྱེད་ཡེ་ཤེས་རླུང་གི་དཀྱིལ༔ ཁྃ་ལས་བྱང་ཆུབ་སེམས་ཀྱི་རྒྱ་མཚོ་འཁྱིལ༔ ལྃ་ལས་ཞི་གནས་འདེགས་པའི་ས་གཞི་དང་། རྃ་ལས་ལྷག་མཐོང་གསལ་བའི་མེ་འོད་འབར༔ སུྃ་ལས་ཞི་རྒྱས་དབང་དྲག་རི་རབ་རྩེར༔ བྷྲཱུྃ་ལས་སྤུལ་པའི་གཞལ་ཡས་ལྷུན་གྱིས་གྲུབ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷྲཱུྃ༔ ཕྱི་ནི་རིན་ཆེན་སྣ་ལྔའི་རྩིག་པས་མཛེས༔ ནང་ཁོངས་ཐོད་མཁར་འཇིགས་པའི་མེ་རླུང་འཚུབས༔ དབུས་སུ་སྤྱི་དཔལ་ཆེན་པོའི་ཕོ་

p. 464

བྲང་དང་༔ ཕྱོགས་མཚངས་སྤྲུལ་པ་ཉི་ཤུའི་གཞལ་མེད་ཁང་༔ ཡེ་ཤེས་ཉེར་གཅིག་ཀུན་ཏུ་མ་འདྲེས་མདངས༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན༔ དྲག་པོའི་བཀོད་པའི་མཚན་ཉིད་ཡོངས་སུ་རྫོགས༔ ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཀུན་ཏུ་བསྐོར༔ རྡོ་རྗེའི་གུར་དང་བསྐལ་པའི་མེ་ཆེན་འབར༔ གཙོ་བོའི་གནས་རྣམས་པདྨ་ཉི་ཟླ་དང་༔ བདུད་བཞི་རུ་དྲ་ཕོ་མོ་ལྔ་བཅུ་བརྒྱད༔ རིགས་དྲུག་སྐྱེ་འགྲོ་བརྗིད་པའི་གདན་དུ་བཏིང་༔ རྃ་བཛྲ་པདྨ་ཙཎྜ་སུ་རྱ་རུ་ཏྲ་ཏི་ར་བ༔ ཧཱུྃ༔ དབུས་ཕྱོགས་དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ༔ རྒྱུ་ཡི་ཧཱུྃ་ཡིག་སྐར་མདའ་བཞིན་དུ་བབས༔ འཕྲོ་འདུས་ཡོངས་གྱུར་ཞིབ་ཀུན་ཏུ་འཆང་༔ འབར་བའི་སྐུར་བཞེངས་སྤྱི་དཔལ་ཆེ་བའི་མཆོག༔ སྐུ་མདོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག༔ ཕྱོགས་རེར་ཞལ་ལྔ་[མདུན་]མཐིང་[གཡས་]དཀར་[རྒྱབ་]ལྗང་དང་[གཡོན་]དམར༔ གཙུག་གི་ཞལ་གཅིག་མཐིང་ནག་ནམ་མཁའི་མདངས༔ ཞལ་དང་མཚུངས་པའི་ཡན་ལག་བཞི་བཅུ་དང་༔ རྩ་བའི་ཕྱག་གཉིས་མཐིང་ག་རྡོར་དྲིལ་བསྣམས༔ ལྷག་མ་གཡས་རྣམས་[ལོངས་སྐུའི་རྣམ་པ་ཅན་ཡབ་ཡུམ་]ཕྱོགས་བཅུའི་སངས་རྒྱས་དང་༔ གཡོན་རྣམས་ཕྱོགས་བཅུའི་བྱང་སེམས་ཡབ་ཡུམ་

p. 465

བསྣམས༔ ཉི་ཤུ་རྩ་བཞི་ཞབས་ཀྱི་དོར་སྟབས་ཀྱིས༔ ཕྱོགས་སྐྱོང་ཞིང་སྐྱོང་རྒྱལ་ཆེན་གདན་དུ་བརྫིས༔ དུར་ཁྲོད་དཔལ་ཆས་རུས་པའི་རྒྱན་གྱིས་བརྒྱན༔ གཉིས་མེད་ཡུམ་ཆེན་ཀུན་ཏུ་བསྐྱོད་མ་ནི༔ དམར་ནག་གྲི་གུག་ཐོད་ཁྲག་འཛིན་པས་འཁྱུད༔ ཡབ་ཡུམ་ཟུང་འཇུག་བདེ་སྟོང་རོལ་པ་ལས༔ ཉི་མ་དང་ནི་འོད་ཟེར་ཇི་བཞིན་དུ༔ སྤྱི་དཔལ་ལྷ་ཚོགས་དྲུག་བརྒྱ་དྲུག་ཅུ་བཞི༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་མ་འདྲེས་པ༔ གང་འདུལ་འགྲོ་བའི་དཔལ་དུ་ལྷམ་མེར་གསལ༔ ཡབ་ཡུམ་བརྡ་དང་གར་གྱི་རོལ་པ་ཡིས༔ རྗེས་ཆགས་གཱ་བཞིའི་ཐིག་ལེ་གནས་སུ་བབས༔ བྷ་སྒྲའི་ལྷ་ཀློང་ནས་སྐྱེད་བྱེད་ཡི་གེའི་སྤྲིན༔ སྤྲུལ་པའི་དཀྱིལ་འཁོར་ཉི་ཤུར་སྤྲོ་ཞིང་བསྡུ༔ ཧཱུྃ༔ ཤར་སྟོད་བྱམས་པའི་ཕོ་བྲང་ལྟེ་བ་ལ༔ ཡང་དག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྡེའུ་ཆུང་༔ གཡོན་གསུམ་ཞིང་དབྱུག་དུང་དམར་རྒྱུ་ཞགས་གདེངས༔ ཀྲོ་དྷི་ཤྭ་རི་གྲི་ཐོད་འཛིན་པས་འཁྱུད༔ དྲུག་ཅུ་རྩ་བརྒྱད་དཀྱིལ་

p. 466

འཁོར་ལྷུན་གྱིས་གྲུབ༔ ཨོཾརུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་སྲིབ་སྙིང་རྗེའི་ཕོ་བྲང་ལྟེ་བ་ལ༔ རྡོ་རྗེ་ཕྲེང་བ་ནག་དམར་དཀར་བའི་ཞལ༔ ཕྱག་དྲུག་རྡོ་རྗེ་མེ་དཔུང་མགོ་ཕྲེང་གཡས༔ དྲིལ་བུ་བམ་དང་གླེགས་བམ་གཡོན་ན་འཛིན༔ སྣང་དབྱིངས་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ བརྒྱ་དང་རྩ་བརྒྱད་སྤྲུལ་པའི་འཁོར་ལོར་བཞེངས༔ ཨོཾ་བཛྲ་མཱ་ལ་དྷེ་བ་ག་ཎ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་དབུས་དགའ་བའི་ཕོ་བྲང་ལྟེ་བ་ལ༔ ཕྱག་ན་རྡོ་རྗེ་མཐིང་དཀར་ལྗང་བའི་ཞལ༔ ཕྱག་དྲུག་རྒྱ་གྲམ་ཕྲེང་བ་རལ་གྲི་གཡས༔ ཐོད་ཁྲག་སྡིགས་མཛུབ་སྦྲུལ་ཞགས་གཡོན་ན་བསྣམས༔ ཁམས་གསུམ་དབང་སྡུད་དམར་མོས་ཡབ་ལ་འཁྲིལ༔ དབུ་གསུམ་ཕྱག་དྲུག་གྲི་གུག་བམ་དབྱུག་གཡས༔ བྷན་དམར་དྲིལ་བུ་སྦྲུལ་ཞགས་གཡོན་གྱིས་འཁྱུད༔ ལྷ་ཚོགས་བརྒྱད་ཅུའི་འཁོར་ལོ་སྤྲོ་ཞིང་བསྡུ༔ ཨོཾ་བཛྲ་པཱ་ཎི་ནི་ལམྦྷ་ར་ངྷ་ར་ཧཱུྃ་ཕཊ༔ ཧཱུྃ༔ ཤར་སྨད་བཏང་སྙོམས་ཕོ་བྲང་ལྟེ་བ་ལ༔ རྡོ་རྗེ་རྩལ་རྫོགས་མཐིང་དཀར་ལྗང་བའི་ཞལ༔ ཕྱག་དྲུག་རྡོ་རྗེ་དགྲ་སྟྭ་ལྕགས་ཀྱུ་གཡས༔ དྲིལ་བུ་མི་མགོ་ཙིཏྟ་གཡོན་ན་བསྣམས༔ རྡོ་རྗེ་བདེ་མ་གྲི་ཐོད་འཛིན་པ་དམར༔ མཉམ་

p. 467

སྦྱོར་སུམ་ཅུ་རྩ་དྲུག་ལྷ་ཚོགས་ཤར༔ ཨོཾབཛྲ་དྷཱུ་ཤ་ཏི་ཀེཾ་རཱུ་པ་ཀཱ་ཀྲོ་དྷི་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་སྟོད་སྦྱིན་པའི་ཕོ་བྲང་ལྟེ་བ་ལ༔ རྡོ་རྗེ་ཐོད་ཕྲེང་དམར་སྨུག་དཀར་སེར་ཞལ༔ ཕྱག་དྲུག་རྩེ་ལྔ་རྩེ་དགུ་རྒྱ་གྲམ་གཡས༔ གསེར་ལྕགས་ཟངས་ཀྱི་སྡིག་པ་གཡོན་ན་གཟིར༔ སྦྱོར་ཡུམ་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ རིག་འཛིན་མཁའ་འགྲོ་བརྒྱད་ཅུའི་འཁོར་གྱིས་བསྐོར༔ ཨོཾ་བཛྲ་ཀུ་ལ་དྷ་ར་གུ་རུ་དྷི་ཝ་དྷ་ཀི་ནཱི་སརྦ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་སྲིབ་ངག་སྙན་སྨྲ་བའི་ཕོ་བྲང་དབུས༔ བདེ་མཆོག་འཁོར་ལོ་རྩ་ཞལ་མཐིང་ག་ལ༔ གཡོན་ལྗང་རྒྱབ་དམར་གཡས་སེར་ཕྱག་བཅུ་གཉིས༔ དང་པོ་གཉིས་ཀྱིས་རྡོར་དྲིལ་ཡུམ་ལ་འཁྱུད༔ ཐ་མ་གཉིས་ཀྱིས་གླང་ཀོ་བརྒྱངས་ཏེ་འཛིན༔ ལྷག་མ་ཅང་ཏེའུ་དགྲ་སྟྭ་གྲི་གུག་དང་༔ རྩེ་གསུམ་དབྱུག་པ་གཡས་ལ་ཁ་ཊྭཱཾ་ཀ༔ ཐོད་དབྱུག་བྷན་དམར་ཚངས་མགོ་གཡོན་ནས་གདེངས༔ རྣལ་འབྱོར་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ དྲུག་ཅུ་རྩ་གཉིས་བདེ་སྟོང་ཆེན་པོར་རྫོགས༔ ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀ་དྷ་ཀི་ནཱི་ཛྭ་ལ་ས་མམྦྷ་ར་ཧྲི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་དཀྱིལ་དོན་མཐུན་ཕོ་བྲང་ལྟེ་བ་ལ༔ གཤིན་རྗེ་མཐིང་ནག་མཐིང་དཀར་དམར་བའི་

p. 468

ཞལ༔ གཡས་གསུམ་ཐོད་དབྱུག་དགྲ་སྟྭ་རལ་གྲི་དང་༔ གཡོན་གསུམ་ཞགས་པ་མདུང་ཐུང་ཐོད་ཁྲག་བསྣམས༔ ཟ་བྱེད་དགྲ་སྟྭ་དུང་དམར་སྟོབ་པས་འཁྲིལ༔ དྲུག་ཅུ་རྩ་ལྔའི་སྤྲུལ་པས་དགྲ་བགེགས་འདུལ༔ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱ་ཀ་ཧ་ན་མ་ཐ་བྷཉྩ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་སྨད་དོན་སྤྱོད་ཕོ་བྲང་ལྟེ་བ་ལ༔ རཏྣ་རྩལ་རྫོགས་སེར་ནག་དམར་བའི་ཞལ༔ བེ་ཅོན་རལ་གྲི་སྲིད་པ་འཁོར་ལོ་གཡས༔ སྦྲུལ་ཞགས་ཕུབ་དང་བྷན་དམར་གཡོན་ན་འཛིན༔ སྦྱོར་ཡུམ་དམར་ནག་བེ་ཅོན་འཛིན་པས་འཁྱུད༔ ལྔ་བཅུ་རྩ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཨོཾ་རཏྣ་དྷཱུ་ཤ་ཏི་རུ་པ་ཀཱ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་སྟོད་འདོད་པ་ཟག་མེད་ལྟེ་བ་ལ༔ རྟ་མགྲིན་དམར་ནག་དམར་དཀར་སྔོ་བའི་ཞལ༔ ཕྱག་དྲུག་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་གཡས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན་ན་བསྣམས༔ དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ རལ་གཅིག་ཁ་ཊྭཱཾ་ཐོད་ཁྲག་སྟོབ་པས་འཁྲིལ༔ ལྔ་བཅུ་རྩ་ལྔའི་ལྷ་ཚོགས་གཟི་བྱིན་འབར༔ ཨོཾ་ཧྲཱིཿཔདྨ་ཀྲི་ཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་སྲིབ་མ་རིག་ཟག་མེད་ལྟེ་བ་ལ༔ ཀྱེ་ཡི་རྡོ་རྗེ་ཞལ་བརྒྱད་བཅུ་དྲུག་ཕྱག༔ གཡས་དཀར་

p. 469

གཡོན་སྔོ་མདུན་རྒྱབ་ཉི་མའི་མདོག༔ གཡས་བརྒྱད་རྡོ་རྗེ་ཐོད་ཕྲེང་སྦྱོར་ཡུམ་འཁྱུད༔ གཡོན་བརྒྱད་བྷན་དམར་ཁ་ཊྭཱཾ་སྒྲོལ་ཡུམ་འཁྱུད༔ བདག་མེད་རྡོ་རྗེ་གྲི་ཐོད་འཛིན་དང་སྦྱོར༔ དྲུག་ཅུ་རྩ་ལྔའི་དཀྱིལ་འཁོར་འོད་ཟེར་འཕྲོ༔ ཨོཾ་དེ་ཝ་པི་ཙུ་བ་ཛྭ་དྷ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ་སྭཧཱ༔ ཧཱུྃ༔ ནུབ་དཀྱིལ་སྲེད་པ་ཟག་མེད་ལྟེ་བ་ལ༔ གསང་འདུས་ཞལ་ལྔ་ཕྱག་བཅུ་རྩ་ཞལ་མཐིང་༔ གཡས་དཀར་གཡོན་ནག་རྒྱབ་མཐིང་སྤྱི་གཙུག་དམར༔ གཡས་ལྔ་རྡོ་རྗེ་ཉི་མའི་རྒྱལ་མཚན་དང་༔ གཡོན་ལྔ་དྲིལ་བུ་ཉི་ཟླའི་ཕྲེང་བ་འཛིན༔ མཁའ་སྤྱོད་ཙིཏྟ་བྷན་དམར་སྟོབ་པས་འཁྲིལ༔ ལྷ་ཚོགས་བརྒྱ་དང་སུམ་ཅུའི་ཚོམ་བུར་རྫོགས༔ ཨོཾ་མ་ཧཱ་ཤྲཱི་གུ་ཧ་ས་མཱ་ཛ་ཀྲོ་དྷ་རཱ་ཛ་ཨ་དྷི་པ་ཏི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་སྨད་ལྟེ་བ་ཟག་མེད་ཕོ་བྲང་དབུས༔ པདྨ་རྩལ་རྫོགས་དམར་སྨུག་དཀར་སྔོའི་ཞལ༔ ཕྱག་དྲུག་མདའ་དར་ཐོད་དབྱུག་མེ་ཕུང་གཡས༔ ཤེལ་བུམ་ཟླ་ཉི་དཔལ་བེ་གཡོན་ན་བསྣམས༔ འོད་སྐོར་ཁྲོ་མོ་ཚེ་བུམ་བསྣམས་པས་འཁྲིལ༔ དགུ་བཅུ་རྩ་བརྒྱད་ལྷ་ཚོགས་ཡོངས་སུ་རྫོགས༔ ཨོཾ་པདྨ་དྷཱུ་ཤ་ཏི་ཨཱ་ཡུར་བྷནྡྷ་ཚེ་ཡུ་བྷྲཱུཾ་ཨ་ཡུ་ཥེ་སྭཧཱ༔ ཧཱུྃ༔ བྱང་སྟོད་ཆོས་

p. 470

ཀུན་སྟོང་ཉིད་ལྟེ་བ་ལ༔ ཆེ་མཆོག་དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན༔ དབུས་གསུམ་མཐིང་ནག་གཡས་གསུམ་དཀར་སེར་ཞལ༔ གཡོན་གསུམ་དམར་ནག་ཞབས་བརྒྱད་ཕྱོགས་མཚམས་བགྲད༔ གཡས་དགུ་རྡོ་རྗེ་གཡོན་དགུ་བྷནྡྷ་བསྣམས༔ ཀྲོ་དྷི་ཤྭ་རི་གྲི་ཐོད་འཛིན་པས་འཁྱུད༔ ཡོན་ཏན་ལྷ་ཚོགས་བདུན་ཅུ་རྩ་གཉིས་སྤྲོ༔ ཨོཾ་ཤྲཱི་མཧཱ་ན་ཡཱ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་སྲིབ་མཚན་མེད་དཀྱིལ་འཁོར་ལྟེ་བ་ལ༔ དུས་ཀྱི་འཁོར་ལོ་མཐིང་ནག་རྩ་ཞལ་གནག༔ གཡོན་དཀར་རྒྱབ་སེར་གཡས་པ་དམར་བའི་ཞལ༔ ཕྱག་གཡས་བཅུ་གཉིས་རྡོ་རྗེ་འཁོར་ལོ་དང་༔ རིན་ཆེན་པདྨ་རྒྱ་གྲམ་རལ་གྲི་ཕྲེང་༔ མེ་ལོང་སྤོས་མེ་སྣང་གསལ་དྲི་ཆབ་འོ་འཛིན༔ གཡོན་ན་དྲིལ་བུ་ཐོད་པ་རིན་ཆེན་སྒྲོམ༔ གསེག་བར་པི་ཝ་པུ་སྟི་གོ་ཆ་དང་༔ མི་མགོ་སྦྲུལ་ཞགས་མདའ་གཞུ་དགུ་སྟག་ཤོལ༔ ན་སཱ་ར་གྲི་ཐོད་འཛིན་པས་འཁྱུད༔ བརྒྱ་དང་དྲུག་ཅུ་རྩ་བཞིའི་ལྷ་ཚོགས་ཤར༔ ཨོཾ་ན་མོ་བྷ་ག་ཝ་ཏི་ཀཱ་ལ་ཙ་ཀྲ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་དཀྱིལ་སྨོན་པ་མེད་པའི་ལྟེ་བ་ལ༔ མཁའ་ཀློང་འཁྱིལ་བ་དམར་མཐིང་ལྗང་བའི་ཞལ༔ དགོས་འབྱུང་བསམ་འཕེལ་ཡིད་བཞིན་ནོར་བུ་གཡས༔

p. 471

ནམ་མཁའ་རགྱ་མཚོ་ས་གཞིའི་མཛོད་གསུམ་གཡོན༔ རང་འདྲའི་སྦྱོར་ཡུམ་ཨུ་ཙུཥྨ་དང་འཁྲིལ༔ ནོར་ལྷ་བརྒྱ་དང་བཅུ་བདུན་ཚོམ་བུར་རྫོགས༔ ཨོཾ་ཀེ་གུ་པ་ཡཾ་རཏྣ་བཱ་སུ་དེ་ཤ་ཀེ་བྷྱོ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་སྨད་མངོན་པར་འདུ་མི་བྱེད་པའི་དབུས༔ ཀརྨ་རྩལ་རྫོགས་སེར་ལྗང་དམར་བའི་ཞལ༔ གཡས་གསུམ་རལ་གྲི་ལྕགས་ཀྱུ་མེ་ཕུང་གདེངས༔ གཡོན་གསུམ་ལྷ་ཁང་གླེགས་བམ་འཇའ་ཚོན་འཛིན༔ ཡུམ་ཆེན་ཟིལ་གནོན་རིན་ཆེན་བྷན་འཛིན་འཁྱུད༔ བརྒྱ་དང་ལྔ་བཅུའི་ལྷ་ཚོགས་ལྷུན་གྱིས་གྲུབ༔ ཨོཾ་ཀརྨ་ཀྲོ་དྷ་དྷཱུ་ཤ་ཏི་ཏིཥྛ་སིངྔྷི་ཨཱ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་ལུས་དྲན་ཉེར་བཞག་དཀྱིལ་འཁོར་དབུས༔ མངོན་རྫོགས་རྒྱལ་པ་མཐིང་དཀར་དམར་བའི་ཞལ༔ རྡོ་རྗེ་ཁྱུང་དང་སྤྲུལ་ཞགས་གཡས་ན་བསྣམས༔ བྷནྡྷ་ཞིང་གཡབ་གྭའུ་གཡོན་ན་འཛིན༔ ཉིད་བཞི་མུ་ཁ་བདེ་སྟོང་ཐིག་ལེར་སྦྱོར༔ སྲིད་པ་མ་མོ་བདུན་ཅུ་རྩ་བཞིར་རྫོགས༔ ཨོཾ་གུ་ཧྱ་དྷ་ཏུ་ཨ་ཀརྵ་མ་ཧཱ་པ་ཏ་ཡེ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་ཚོར་དྲན་ཉེར་གཞག་དཀྱིལ་འཁོར་དབུས༔ རྡོ་རྗེ་གཞོན་ནུ་མཐིང་དཀར་དམར་བའི་ཞལ༔ ཕྱག་དྲུག་གཡས་གཉིས་རྡོ་

p. 472

རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་ཐ་མ་གཉིས༔ སྲིད་པ་ཕུར་བུར་འདྲིལ་ཞིང་སྦྱོར་བའི་ཡུམ༔ རྒྱས་འདེབས་མཐིང་ནག་ཁ་ཊྭཱྃ་ཐོད་པ་འཛིན༔ ཕྲིན་ལས་ལྷ་ཚོགས་བརྒྱད་ཅུ་རྩ་བཞི་འཕྲོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བྃ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་སེམས་དྲན་ཉེར་གཞག་དཀྱིལ་འཁོར་དབུས༔ དྲེགས་འདུལ་མཐིང་ནག་མཐིང་སེར་སྨུག་ནག་ཞལ༔ རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས་ན་བསྣམས༔ ཐོད་ཁྲག་ཀླུ་བརྒྱད་མགོ་བོ་གཡོན་ན་འཛིན༔ ཁམས་གསུམ་སྤྱི་འདུལ་རྡོ་རྗེ་བྷན་འཛིན་འཁྱུད༔ དྲེགས་པའི་ལྷ་ཚོགས་བཞི་ཅུ་རྔམས་ཤིང་རོལ༔ ཨོཾ་བཛྲ་ཀྲོ་ངྷ་དེ་ཝ་ཙཎྜ་བྷེར་བ་སརྦ་དུཥྚན་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་ཆོས་དྲན་ཉེར་གཞག་དཀྱིལ་འཁོར་དབུས༔ སྟོབས་ལྡན་ནག་པོ་མཐིང་ནག་དྲག་པོའི་ཞལ༔ རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས་ན་བསྣམས༔ བྷན་དམར་ཀླུ་བརྒྱད་ཙིཏྟ་གཡོན་ན་འཛིན༔ འབྱུང་ལྔའི་བདག་མོ་གཡས་པས་ནམ་མཁའ་འདེགས༔ གཡོན་པས་ས་གཞི་གནོན་ཅིང་ཡབ་དང་འཁྲིལ༔ དྲག་སྔགས་ལྷ་ཚོགས་ཉི་ཤུ་རྩ་བརྒྱད་འབར༔ ཨོཾ་བཛྲ་ཛྭ་ལ་མནྡྲ་སརྦ་དུཥྚན་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ གཞལ་ཡས་ཕྱི་ནང་བར་ཁྱམས་

p. 473

ཐམས་ཅད་དུ༔ འགྲོ་འདུལ་ཐུབ་དྲུག་སངས་རྒྱས་སྟོང་རྩ་གཉིས༔ སྒོ་བཞིར་སྒོ་བ་འདོད་སྣམ་མཆོད་པའི་སྤྲིན༔ ཕྱི་རོལ་མཁའ་འགྲོ་གིང་ལང་དབང་ཕྱུག་ཚོགས༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་ཅིར་ཡང་སྟོན༔ ཀུན་ཀྱང་ཞི་ཁྲོའི་ཉམས་དང་ཆ་ལུགས་རྫོགས༔ སྣང་སྟོང་ཟུང་འཇུག་འཇའ་ཚོན་ལྟ་བུར་གསལ༔ བརྗིད་པའི་སྔགས་སྒྲ་འོད་གསལ་དགོངས་པར་ལྡན༔ ནམ་མཁའ་གང་བའི་ཞིབ་དབྱིངས་ཀྱི་ལྷས༔ ཡེ་ཤེས་དབང་བསྐུར་རིགས་ལྔའི་ཅོད་པན་རྫོགས༔ སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ་གྱི་དངོས༔ ཧེ་རུ་ཀ་དཔལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿབཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ནས་མ་ཡ་ཧཱུྃ༔ [གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི།]རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྤྱི་དཔལ་ཁྲག་འཐུང་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ[ས་སད་པར་བསམ་ལ།] ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་

p. 474

སུ་གསོལ༔ འོག་མིན་བཀོད་པ་ལྷུན་གྲུབ་ཕོ་བྲང་ནས༔ ཞིབ་དབྱིངས་ཀྱི་ལྷ་ཚོགས་གཤེགས་སུ་གསོལ༔ འབར་བ་ཁྲག་འཐུང་རོལ་པའི་དུར་ཁྲོད་ནས༔ སྤྱི་དཔལ་ཁྲོ་བོའི་ལྷ་ཚོགས་གཤེགས་སུ་གསོལ༔ བྱང་ཆུབ་ཉི་ཤུའི་ཡེ་ཤེས་ཨེ་དབྱིངས་ནས༔ སྤྲུལ་པའི་དཀྱིལ་འཁོར་ཉི་ཤུ་གཤེགས༴ ཕྱོགས་བཅུ་ནམ་མཁའི་མཐའ་ཀླས་ཞིང་ཁམས་ནས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་གཤེག༴ ཕྱག་རྒྱའི་བརྡ་ལ་གཟིགས་ནས་གཤེགས༴ སྔགས་ཚིག་སྒྲ་ལ་གསན་ནས་གཤེགས༴ གདུང་བའི་སྣོད་ལ་དགོངས་ཏེ༴ ཚུར་གཤེགས་ཚུར་སྤྱོན་བཀའ་འདུས་དཀྱིལ་འཁོར་ལྷ༔ སྒྲུབ་པའི་གཞལ་ཡས་འདི་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་རྣལ་འབྱོར་རྣམས་ལ་དབང་བཞི་སྐུར༔ གྲུབ་པའི་རྟགས་དང་མཚན་མ་མྱུར་དུ་སྟོན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་མཎྜ་ལ་ཛཿཧཱུྃ་བྃ་ཧོཿ ཨེ་ཧྱ་ཧི་བྷ་ག་ཝཱ་ན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ [གསུམ་པ་བཞུགས་སུ་གསོལ་བ་ནི།] ཧཱུྃ༔ རྒྱལ་བའི་སྐུ་ལ་གཤེགས་བཞུགས་མི་མངའ་ཡང་༔ ཡེ་ཤེས་དབྱིངས་སུ་འདུ་འབྲལ་མེད་པའི་དོན༔ གཉིས་མེད་

p. 475

དགྱེས་ཤིང་བཞུགས་པའི་བརྡས་མཚོན་ཏེ༔ དངོས་གྲུབ་སྩལ་ཞིང་བརྟན་པར་མཛད་དུ་གསོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ [བཞི་པ་ཕྱག་འཚལ་བ་ནི།] ཧཱུྃ༔ དབྱིངས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ འབར་བའི་ཡེ་ཤེས་ཁྲོ་རྒྱལ་ཉི་ཤུ་གཅིག༔ ཉི་དང་ཟེར་བཞིན་བསམ་ཡས་དཀྱིལ་འཁོར་སྤྲོ༔ དཔལ་ཆེན་བཀའ་འདུས་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ [ལྔ་པ་མཆོད་པ་འབུལ་བ་ལ། ཐོག་མར་ཕྱག་རྒྱ་གར་མཆོད་ནི།] ཧཱུྃ༔ དཔག་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ ཕྱག་རྒྱུ་བཅུ་དྲུག་གར་གྱི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ནཱིརྟི་ཧོ༔ [ཕྱི་ནང་གི་ཉེར་སྤྱོད་ནི།] ཧཱུྃ༔ དཔལ་ཆེན་དཀའ་འདུས་དཀྱིལ༴ ཟག་མེད་བདེ་ཆེན་ཡེ༴ འདོད་ཡོན་རྣམ་མང་ཕྱི་ཡི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན༴ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་དྱ་ཤཔྡ་སརྦ་པཱུ་ཛ་ཧཱུྃ༔ [གསང་མཆོད་ནི།] ཧཱུྃ༔ དཔལ་ཆེན་བཀའ༴ ཟག་མེད་བདེ༴ ཏིང་འཛིན་ཟབ་མོ་རྟོགས་པའི་མཆོད་པ་འབུལ༔ བཞེས་ནས་མཆོག༴

p. 476

ཨོཾ་ཤྲཱི་བཛྲ་རཱ་ག་མ་ཧཱ་ཛྙཱ་ན་ཧོ༔ [ཀུན་བཟང་མཆོད་པ་ནི།] ཧཱུྃ༔ དཔལ་ཆེན་བཀའ༴ ཟག་མེད་བདེ༴ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པ་འབུལ༔ བཞེས་ནས་མཆོག༴ ཨོཾ་ཤྲཱི་བཛྲ་རཱ་ག་ས་མནྟ་པའུ་ཛ་ཧོ༔ [བདུད་རྩི་སྨན་མཆོད་ནི།] ཧཱུྃ༔ དཔལ་ཆེན་བཀའ༴ ཟག་མེད་བདེ༴ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ བཞེས་ནས་མཆོག༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ [བརྒྱུད་མཆོད་ནི།] གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་འཆང་། །ལོངས་སྤྱོད་རྫོགས་སྐུ་དཔལ་ལྡན་རྡོ་རྗེ་སེམས། །སྤྲུལ་སྐུ་གསང་བདག་ཕྱག་ན་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། སརྦ་པ་ཨ་མྲྀ་ཏ་ཁཱ་ཧི། རིག་འཛིན་ཡོངས་ཀྱི་གཙོ་མཆོག་ཀུཉྫ་ན། །རིགས་ལྡན་ཆེན་པོ་དེ་ཝ་བཟང་སྐྱོང་དང་། །ཡེ་ཤེས་མཁའ་འགྲོ་ལས་དབང་ཆོས་ཀྱི་འཚོར། །སྨན་མཆོད་འབུལ༴ སརྦ་པཉྩ༴ དཀྱིལ་འཁོར་ཀུན་བདག་ཨོ་རྒྱན་པདྨ་འབྱུང་། །མནྡྷ་ར་བ་ཡེ་ཤེས་མཚོ་རྒྱལ་མ། །རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ལ། སྨན་མཆོད་འབུལ༴ སརྦ་པཉྩ༴ སྤྲུལ་པའི་གཏེར་ཆེན་ཡར་རྗེ་ཨོ་རྒྱན་གླིང་། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །བཀའ་

p. 477

འདུས་རིག་འཛིན་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ༴ སརྦ་པཉྩ༴ བདེ་གཤེགས་ཞི་བ་སྤྱི་དཔལ་རྩ་བའི་ལྷ། །བྱང་ཆུབ་ཉི་ཤུའི་ཡེ་ཤེས་དཀྱིལ་འཁོར་པ། །མཁའ་འགྲོ་ཆོས་སྲུང་དམ་ཅན་གཏེར་བདག་ལ། །སྨན་མཆོད་འབུལ༴ སརྦ་པཉྩ༴ འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་ངང་། །སྣང་སྲིད་རྩ་སྒུམ་རྒྱལ་བའི་དཀྱིལ་འཁོར་དུ། །གདོད་ནས་རྣམ་དག་བྱང་ཆུབ་སེམས་ཀྱི་ལྷར། །སྨན་མཆོད་འབུལ༴ སརྦ་པཉྩ༴ [དངོས་གྲུབ་བླང་བ་ནི།] ཧཱུྃ། དོན་དམ་ཐིག་ལེ་བདེ་བ་ཆེན་པོ་ལས། །མཚུངས་པ་མེད་པ་བྷཉྫའི་སྣོད་ནང་དུ། །ཡེ་ཤེས་ལྔ་རྫོགས་བདུད་རྩིའི་རིན་ཆེན་གཏེར། །དངོས་པོ་མེད་ལས་དངོས་གྲུབ་བླང་བར་བྱ། མ་ཧཱ་ཨ་མྲྀ་ཏ་སརྦ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ༔ [རཀྟ་འབུལ་བ་ནི།] ཧཱུྃ༔ དཔལ་ཆེན་བཀའ༴ ཟག་མེད་བདེ༴ རྒྱུ་དྲུག་བསྒྲལ་བར་རཀྟའི་མཆོད་པ་འབུལ༔ བཞེས་ནས་མཆོག༴ མ་ཧཱ་རཀྟ་ཁཱ་ཧི༔ [གཏོར་མ་འབུལ་བ་ནི།] ཧཱུྃ༔ དཔལ་ཆེན་བཀའ༴ ཟག་མེད་བདེ༴ སྣོད་བཅུད་ཡོངས་རྫོགས་གཏོར་མའི་མཆོད་པ་འབུལ༔ བཞེས་ནས་མཆོག༴ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ [སྦྱོར་སྒྲོལ་དོན་མཆོད་ནི།] ཧཱུྃ༔ དཔལ་

p. 478

ཆེན་བཀའ༴ ཟག་མེད་བདེ༴ སྦྱོར་སྒྲོལ་ཟུང་འཇུག་བདེ་སྟོང་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཏ་ན་ག་ན་མ་ཧཱ་སུ་ཁ་དྷ་ཏུ་ཨ་ཨ༔ [ཞེས་མཆོད་ཕྲེང་འདི་རྣམས་ཅུང་ཟད་རྒྱས་པར་སྤྲོས་པ་སྟེ། དཀྱུས་སུ་བསྡུ་བར་འདོད་ན།] ཧཱུྃ༔ དཔལ་ཆེན་བཀའ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྱིར༔ ཕྱག་རྒྱ་བཅུ་དྲུག་གར་གྱི་མཆོད་པ་འབུལ༔ འདོད་ཡོན་རྣམ་མང་ཕྱི་ཡི་མཆོད་པ་འབུལ༔ ཏིང་འཛིན་ཟབ་མོ་རྟོགས་པའི་མཆོད་པ་འབུལ༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པ་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད༴ རྒྱུ་དྲུག་བསྒྲལ་བ་རཀྟའི་མཆོད༴ སྣོད་བཅུད་ཡོངས་རྫོིགས་གཏོར་མའི་མཆོད༴ སྦྱོར་སྒྲོལ་ཟུང་འཇུག་བདེ་སྟོང་མཆོད༴ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ནཱིརྟི་ཧོ༔ ཨོཾཤྲཱི་བཛྲ་རཱ་ག་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གེནྡྷ་ནཻ་བི་དྱ་ཤཔྡ་སརྦ་པཱུ་ཛ་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཧཱ་ཛྙཱ་ན་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་ས་མནྟ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཏ་ན་ག་ན་མ་ཧཱ་སུ་ཁ་དྷཱ་ཏུ་ཨ་ཨ་༔ [དྲུག་པ་བསྟོད་པ་ནི།] ཧཱུྃ༔ མཁའ་ལྟར་དག་པ་ཀུན་ཁྱབ་ཆོས་ཀྱི་སྐུ༔ ཉི་ལྟར་འོད་གསལ་

p. 479

བདེ་ཆེན་ལོངས་སྤྱོད་རྫོགས༔ ཟེར་ལྟར་དོན་མཛད་འགྲོ་འདུལ་སྤྲུལ་པའི་སྐུ༔ ཞི་བ་དབྱིངས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་འདས་འུབ་ཆུབ་ཡེ་ཤེས་ཆེན་པོའི་སྐུ༔ དཀྱིལ་འཁོར་གཙོ་མཆོག་སྤྱི་དཔལ་ཧེ་རུ་ཀ༔ ཁྲོ་རྒྱལ་རྗེ་བཙན་བདེ་སྟོང་དྲྭ་བར་སྡོམ༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་ཆེན་དགྱེས་པའི་སྒྱུ་འཕྲུལ་རོལ་པ་ནི༔ དཀྱིལ་འཁོར་ཉི་ཤུའི་གཙོ་དང་འཁོར་དུ་སྤྲུལ༔ ཁྱབ་བརྡལ་ཡེ་ཤེས་ཡང་དག་ཧེ་རུ་ཀ༔ སྟོབས་ལྡན་ཡེ་ཤེས་རྡོ་རྗེ་ཕྲེང་བ་ཆེ༔ འབར་བའི་ཡེ་ཤེས་དཔལ་ཆེན་གསང་བའི་བདག༔ ཡིད་བཞིན་ཡེ་ཤེས་རྡོ་རྗེ་རྩལ་ཆེན་རྫོགས༔ ཆགས་བྲལ་ཡེ་ཤེས་རྡོ་རྗེ་ཐོད་ཕྲེང་རྩལ༔ བདེ་ཆེན་ཡེ་ཤེས་འཁོར་ལོ་བདེ་བའི་མཆོག༔ གཏུམ་རྔམས་ཡེ་ཤེས་བཅོམ་ལྡན་གཤིན་རྗེའི་གཤེད༔ བསམ་འཕེལ་ཡེ་ཤེས་ཀུན་འབྱུང་རཏྣ་རྩལ༔ སོར་རྟོག་ཡེ་ཤེས་པདྨ་རྟ་མགྲིན་རྒྱལ༔ དགའ་ཆེན་ཡེ་ཤེས་དགྱེས་པའི་རྡོ་རྗེ་བཞད༔ འོད་གསལ་ཡེ་ཤེས་བདེ་གཤེགས་གསང་བ་འདུས༔ རྣམ་དག་ཡེ་ཤེས་པདྨ་རྩལ་ཆེན་པོ༔ ཟུང་འཇུག་ཡེ་ཤེས་ཁྲག་འཐུང་ཆེ་བའི་མཆོག༔ རྟོག་

p. 480

བྲལ་ཡེ་ཤེས་དུས་ཀྱི་འཁོར་ལོ་དཔལ༔ འདོད་འབྱུང་ཡེ་ཤེས་ཟག་མེད་མཁའ་ཀློང་འཁྱིལ༔ ཤུགས་འཆང་ཡེ་ཤེས་ཐོགས་མེད་ཀརྨ་རྩལ༔ ཐིག་ལེའི་ཡེ་ཤེས་བླ་མེད་མངོན་རྫོགས་རྒྱལ༔ བདུད་འཇོམས་ཡེ་ཤེས་བཛྲ་ཀཱི་ལ་ཡ༔ བགེགས་འདུལ་ཡེ་ཤེས་དྲེགས་པ་ཐམས་ཅད་འདུལ༔ མངོན་སྤྱོད་ཡེ་ཤེས་དཔལ་ཆེན་སྟོབས་ལྡན་ནག༔ རང་རིག་གཙོ་ལ་རིག་མདངས་འཁོར་གྱིས་བསྐོར༔ སྤྲུལ་པའི་ཆོ་འཕྲུལ་བསམ་ཡས་ཕྱོགས་བཅུར་འགྱེད༔ བྱང་ཆུབ་ཉི་ཤུའི་ཡེ་ཤེས་རོལ་པ་ལ༔ ངོ་མཚར་བསྟོད་པ་གླུ་ཡི་མཆོད་སྤྲིན་འབུལ༔ ཧཱུྃ༔ ཞི་ཁྲོའི་སྐུ་ནི་གང་འདུལ་ཉམས་དང་ལྡན༔ རྡོ་རྗེ་དགྱེས་པ་སྔགས་ཀྱི་རང་སྒྲ་ཅན༔ ཡེ་ཤེས་ཀློང་ལས་ཡོན་ཏན་ཕྲིན་ལས་རྫོགས༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ལ་བསྟོད༔ [བདུན་པ་ཛཔྲ་བཟླ་བ་ནི།] ཧཱུྃ༔ བཅོམ་ལྡན་སྤྱི་དཔལ་ཆེན་པོའི་ཐུགས་ཀ་རུ༔ ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་འགྱིང་༔ རིན་ཆེན་ཟུར་བརྒྱད་རྒྱ་གྲམ་ལྟེ་བར་ཧཱུྃ༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཡབ་ཡུམ་ཞལ་དང་གསང་བར་བརྒྱུད་ཅིང་འཕྲོས༔ བདེ་ཆེན་ཉམས་རྒྱས་ལྷ་ཚོགས་

p. 481

བདེ་བས་མཉེས༔ གནས་གསུམ་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ༔ རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོད༔ འགྲོ་དུག་ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱངས༔ ཚུར་འདུས་རྡོ་རྗེ་གསུམ་གྱི་བྱིན་རླབས་དང་༔ དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར༔ [ཅེས་དམིགས་ལ།] ཨོཾ་ཨཱཿཧཱུྃ་བོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུྃ༔ [ཞེས་མཞི་བ་རིགས་འདུས་པའི་སྙིང་པོའོ། །]ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཧཱུྃ་ཕཊ༔ [གཙོ་བོ་སྤྱི་དཔལ་ཆེན་པོའི་སྙིང་པོའོ། །] ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ [ཡང་དག་གོ།] ཨོཾ་བཛྲ་མཱ་ལ་དྷེ་བ་ག་ཎ་ཧཱུྃ་ཕཊ༔ [རྡོ་རྗེ་ཕྲེང་བའོ། །]ཨོཾ་བཛྲ་པཱ་ཎི་ནི་ལམྦྷ་ར་དྷ་ར་ཧཱུྃ་ཕཊ༔ [ཕྱག་ན་རྡོ་རྗེའོ། །]ཨོཾ་བཛྲ་དྷུ་ཤ་ཏི་ཀེཾ་རཱུ་པ་ཀཱ་ཡ་ཀྲོ་དྷི་ཧཱུྃ་ཕཊ༔ [རྡོ་རྗེ་རྩལ་རྫོགས་སོ། །]ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ [རྡོ་རྗེ་ཐོད་ཕྲེང་རྩལ་ལོ། །]ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུརུ་ཀཾ་ཌཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ [བདེ་མཆོག་གོ །] ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ [གཤིན་རྗེའོ། །]ཨོཾ་རཏྣ་དྷུ་ཤ་ཏི་རཱུ་པ་ཀཱ་ཡ་ཧཱུྃ་ཕཊ༔ [རཏྣ་རྩལ་རྫོགས་སོ། །] ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ [རྟ་མགྲིན་ནོ། །]ཨོཾ་དེ་ཝ་པི་ཙུ་བཛྲ་དྷཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ༔ [ཀྱེ་

p. 482

རྡོ་རྗེའོ། །]ཨོཾ་ཨཱཿབཛྲ་དྷྲྀ་ཀ་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ༔ [གསང་བ་འདུས་པའོ། །]ཨོཾ་པདྨ་དྷཱུ་ཤ་ཏི་ཨ་ཡུར་བྷནྡྷ་བྷྲཱུྃ་སྭཱ་ཧཱ༔ [པདྨ་རྩལ་རྫོགས་སོ། །]ཨོཾ་ཤྲཱི་མ་ཧཱ་ནཱ་ཡ་ཧེ་རུ་ཀ་ཧཱུྃ་ཕཊ༔ [ཆེ་མཆོག་གོ །] ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ཧཱུྃ་ཧཱུྃ་ཕཊ༔ [དུས་ཀྱི་འཁོར་ལོའོ། །]ཨོཾ་ཀེ་ཀུ་པ་ཡཾ་རཏྣ་བ་སུ་དེ་ཤ་ཀེ་བྷྱོ་ཧཱུྃ་ཧཱུྃ་ཕཊ༔ [མཁའ་ཀློང་འཁྱིལ་བའོ། །]ཨོཾ་ཀརྨ་ཀྲོ་དྷ་དྷཱུ་ཤ་ཏི་ཏིཥྛ་སིདྡྷི་ཧཱུྃ་ཕཊ༔ [ཀརྨ་རྩལ་རྫོགས་སོ། །] ཨོཾ་གུ་ཧྱ་དྷཱ་ཏུ་ཧེ་རུ་ཀ་ཧཱུྃ་ཕཊ༔ [མངོན་རྫོགས་རྒྱལ་པོའོ། །]ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བྃ་ཧཱུྃ་ཕཊ༔ [ཕུར་པའོ། །]ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ [དྲེགས་འདུལ་ལོ། །]ཨོཾ་བཛྲ་ཛྭ་ལ་མནྟྲ་སརྦ་དུཥྚན་བྷནྡྷ་ཧཱུྃ་ཕཊ༔ [དྲག་སྔགས་སོ། །]ཨོཾ་བཛྲ་ཙཎྜ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ [ཅེས་སྤྱི་དྲིལ་དྲགས་ཏེ། གཙོ་འཁོར་གྱི་དབྱེ་བས་ཇི་ཙམ་ནུས་པ་བཟླས་པའི་བར་མཚམས་སོ་སོར་སྟོང་ཚིགས་ཀྱི་མཆོད་པ་ནི།] ཧཱུྃ༔ འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ རིག་པ་ཛཔྲ་ཀྱི་མཆོད་པ་འབུལ༔ སྨན་གཏོར་རཀྟས་ཐུགས་དམ་བསྐང་༔ དབང་བསྐུར་བྱིན་རློབས་དངོས་གྲུབ་སྩོལ༔ [སོ་སོའི་ཛཔྲ་དང་།] མ་ཧཱ་པཉྩ་ཨ་མྲྀ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ [ཞེས་མཆོད་པ་ཡང་བྱ། བརྒྱད་པ་ང་རྒྱལ་བསྐྱེད་པ་ནི།] ཧཱུྃ༔ སྐུ་གསུང་ཐུགས་ལྡན་

p. 483

ཧེ་རུ་ཀ༔ འབར་བའི་གར་དང་སྔགས་ཀྱི་སྒྲ༔ ཡེ་ཤེས་འདོ་ཟེར་བསམ་མི་ཁྱབ༔ ཕར་འཕྲོས་སྣང་སྲིད་ལྷ་སྐུར་འགྲུབ༔ ཚུར་འདུས་བདེ་ཆེན་ཐིག་ལེའི་དབྱིངས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ལུས་བདེ་ངག་ལ་ནུས་པ་འབར༔ རྟོགས་པ་ཡེ་ཤེས་སེམས་ལ་ཐོབ༔ ཛཔྲ་ཀྱིས་མི་འགྲུབ་གང་ཡང་མེད༔ མཆོག་ཐུན་ཕྲིན་ལས་ལྷུན་གྲུབ་ནས༔ དཔལ་ཆེན་པོ་དང་སྐལ་བ་མཉམ༔ བར་ཆད་མ་འབྱུང་དངོས་གྲུབ་སྩོལ༔ [ཅེས་ང་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་རྣམས་ནི་དངོས་གཞིའི་རིམ་པའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ། ཚོགས་བསྐུལ་གཏོར་བྲོ་དངོས་གྲུབ་ལེན། །གཤེགས་བསྡུ་སྨོན་ལམ་ཤིས་པ་བརྗོད། ཅེས་པ་ལྟར་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཞིང་ངམ་གཅན་གཟན་གྱི་ལྤགས་པའི་ཁར་ཤ་ཆང་གི་དམ་རྫས་གཙོ་བོར་གྱུར་པའི་བཟའ་བཏུང་གི་དངོས་པོ་ཅི་འབྱོར་པ་བཤམས་ལ། བྱིན་གྱིས་བརླབ་པ་ནི།] ཨོཾ་སརྦ་དྲ་བྱཾ་བི་ཤོ་ངྷ་ནི་ཧཱུྃ་ཕཊ། ཧཱུྃ༔ བདག་ཉིད་འབར་བ་ཆེན་པོའི་ཆོ་འཕྲུལ་ནི༔ རྃ་ལས་མེ་བྱུང་ཚོགས་ཀྱི་འབག་བཙོག་བསྲེགས༔ ཡྃ་ལས་རླུང་བྱུང་མི་གཙང་བག་རྡུལ་གཏོར༔ ཁྃ་ལས་ཆུ་བྱུང་ཉེས་པའི་དྲི་མ་བཀྲུས༔ ཨོཾ་ལས་འོད་འཕྲོས་དངོས་འཛིན་ཐམས་ཅད་སྦྱངས༔

p. 484

ཨཱཿལས་འོད་འཕྲོས་དབྱིངས་དང་མཉམ་པར་སྤེལ༔ ཧཱུྃ་ལས་འོད་འཕྲོས་འདོད་ཡོན་ཚོགས་སུ་བསྒྱུར༔ རྨད་དུ་བྱུང་བའི་མཆོད་སྤྲིན་རྒྱ་མཚོར་གྱུར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ [ཚོགས་ཞིང་སྤྱན་འདྲེན་པ་ནི།] ཧཱུྃ༔ དཔལ་ཆེན་བཀའ་འདུས་རོལ་པའི་དཀྱིལ་འཁོར་ལྷ༔ དམ་ཚིག་ཚོགས་ཀྱི་མཆོད་པར་གཤེགས་སུ་གསོལ༔ མ་མོ་མཁའ་འགྲོ་ཐམས་ཅད་དམ་ལ་འདུས༔ ཕོ་ཉ་ལས་བྱེད་ཚོགས་ཀྱི་ཕྲིན་ལས་མཛད༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲི་དྷ་ཨེ་ཨཱ་རལླི་ཧྲིཾ་ཧྲཱིཾ་ཕེཾ་ཕེཾ༔ [ཞེས་སྤྱན་དྲངས་ལ།] ཨོཾ་བཛྲ་ལཱ་སེ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱིརྟི་ཧྲཱི༔ ཨོཾ་བཛྲ་ནཱིརྟི་ཨཱཿ ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷུ་པེ་ཏྲཱྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ [ཞེས་འདོད་ཡོན་གྱི་ལྷ་མོས་སྤྱིར་མཆོད་ཅིང་། བྱེ་བྲག་ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི།] ཧཱུྃ༔ དཔལ་ཆེན་དཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ འདོད་ཡོན་ལྔ་ལྡན་ལོངས་སྤྱོད་དཔག་ཏུ་མེད༔ བཟའ་བཅའ་བཏུང་བའི་ཚོགས་རྣམས་རྒྱ་མཚོར་བསྐྱིལ༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ བདེ་སྟོང་དབྱེར་མེད་ཕྱག་རྒྱའི་གར་དང་བཅས༔ བདག་ཅག་གུས་པའི་བློ་

p. 485

ཡིས་འབུལ་ལགས་ན༔ བཞེས་ཤིག་བླ་མ་ཡི་དམ་མཁའ་འགྲོ་མ༔ རོལ་ཅིག་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས༔ དགྱེས་པར་བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ [བར་པ་བཤགས་པ་ནི།] ཧོཿ དཔལ་ཆེན་ལྷ་ཚོགས་བདག་ལ་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་སེམས་ཅན་ཉོན་མོངས་པས༔ འདོད་ཁྲོ་གཏི་མུག་དབང་གིས་སྡིག་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ བདུད་རྩི་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ ཉམས་པ་སོར་ཆུད་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ སརྦ་ཤུདྡྷེ་ཨ་ཨ༔ [ཐ་མ་བསྒྲལ་བསྟབ་ནི། དམིགས་བྱའི་གཟུགས་བརྙན་བཅས་ལ།]ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་

p. 486

པར་བཅོམ་ལྡན་འདས་སྤྱི་དཔལ་ཁྲག་འཐུང་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །[སྤྱི་དྲིལ་དྲག་སྔགས་ཀྱི་མཐར།] ཨཱ་ཀརྵ་ཡ་ཛཿཛཿཧཱུྃ་བྃ་ཧོ༔ [ཞེས་དགུག་གཞུག་བྱས་ཏེ།] ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ འབར་བའི་ཕོ་ཉ་མི་བཟད་པ༔ ཕྱག་རྒྱ་བཞི་ལྡན་སྐར་ལྟར་སྤྲོས༔ ཉམས་པའི་དགྲ་བགེགས་ཟུངས་ཤིག་ཆིངས༔ དམ་པར་བསྡམས་ནས་གཟུགས་ལ་སྟིམས༔ ཨེ་ནྲྀ་ཏྲི་སརྦ་དུཥྚན་ཛཿཧཱུྃ་བཾ་ཧོཿ [ཕུར་བུ་

p. 487

བཏབ་ལ།] ཧཱུྃ༔ སངས་རྒྱས་ཕྲིན་ལས་སྲས་ཀྱི་མཆོག༔ བཞེངས་ཤིག་བཛྲ་ཀཱི་ལ་ཡ༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་སྐྱེད༔ དམ་ཉམས་དགྲ་དང་བགེགས་གཟིར༔ ཛེ་དང་བསོད་ནམས་དབང་ཐང་གི༔ དྭངས་མ་སྒྲུབ་མཆོག་རྣམས་ལ་བསྟིམས༔ རྣམ་ཤེས་དཔལ་ཆེན་ཧེ་རུ་ཀའི༔ བྱང་ཆུབ་ཐུགས་ཀྱི་དབྱིངས་སུ་སྤར༔ ཕུང་པོ་དུར་ཁྲོད་གནས་སུ་བསྒྲལ༔ རྡུལ་དུ་བྱས་ནས་ཚོགས་ལ་འབུལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚན་ནྲྀ་ཏྲི་ཕཊ༔ མཱ་ར་ཡ་རྦད༔ [ཞལ་དུ་བསྟབ་པ་ནི།] ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས༔ རབ་འཇིགས་ཁྲོ་བོའི་གཟུགས་ཀྱིས་གདུག་པ་འདུལ༔ དཔལ་ཆེན་བཀའ་འདུལ་ཡབ་ཡུམ་སྲས་འཁོར་བཅས༔ དགྲ་བགེགས་བསྒྲལ་བའི་ཕུང་པོ་མཆོད་པར་བཞེས༔ སྒྲོལ་བ་ཚད་དུ་ཕྱིན་པའི་དངོས་གྲུབ་སྩོལ༔ དགྲ་བགེགས་ཤ་ཁྲག་རུས་གསུམ་མཆོད་པར་བཞེས༔ དུག་གསུམ་གཏིང་ནས་སྤྲུགས་པའི་དངོས་གྲུབ་སྩོལ༔ དགྲ་བགེགས་རྣམ་ཤེས་དབང་པོ་མཆོད་པར་བཞེས༔ འཁྲུལ་པ་ཀ་ནས་དག་པའི་དངོས་གྲུབ་སྩོལ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཆོད་པར་བཞེས༔ ཉམས་ཆག་རྟོག་སྒྲིབ་བསྐང་བའི་དངོས་གྲུབ་སྩོལ༔

p. 488

དམ་ཚིག་ཚོགས་ཀྱི་བསྟབས་པ་འདི་བགྱིས་པས༔ སྦྱོར་བ་ལམ་དུ་མ་ལོངས་བཟོད་པར་བཞེས༔ སྒྲོལ་བ་གནས་སུ་མ་སྟོབ་མཐོལ་ལོ་བཤགས༔ ལྟ་བ་འཕང་དམའ་ཆོས་ཉིད་དོན་མ་རྟོགས༔ སྒོམ་པ་ཡུན་ཐུང་ཡི་དམ་ཞལ་མ་མཇལཿ༔ སྤྱོད་པ་རླབས་ཆུང་བརྟུལ་ཞུགས་ལམ་མ་ལོངས༔ འབྲས་བུ་དོན་ཆུང་དམན་པར་གོལ་བ་རྣམས༔ ཡི་དམ་དཔལ་ཆེན་སྤྱན་སྔར་མཐོལ་ཞིབ་བཤགས༔ མ་མོ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ ཉམས་ཆག་བཤགས་ཤིང་ཐུགས་དམ་གཉན་པོ་བསྐང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ནས་ཀྱང་༔ ཡོན་ཏན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་ངྷ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་སིདྡྷི་ཧཱུྃ༔ [ཚོགས་ཀྱི་དངོས་གྲུབ་གསོལ་བ་ནི།] ཧོ༔ ཚོམ་བུ་ཉེར་གཅིག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ འདོད་ཡོན་ཚོགས་ཀྱི་མཆོད་པ་དགྱེས་པར་བཞེས༔ ཡེ་ཤེས་བདེ་བ་ཆེན་པོའི་དངོས་གྲུབ་དབྱིག༔ སྒྲིབ་མཆོག་རྣལ་འབྱོར་རྣམས་ལ་ཕ་འབབ་སྩོལ༔ རིགས་ལྔའི་མཁའ་འགྲོ་གྲངས་མེད་འདུས་པ་ཡིས༔ ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་རྣམས༔ དངོས་གྲུབ་

p. 489

ཚོགས་ཀྱི་དམ་རྫས་ལ་བརྟེན་ནས༔ དེང་འདིར་བདག་ལ་སྩལ་ཞིང་བརྟན་པར་མཛོད༔ དམ་ཚིག་རྫས་མཆོག་པཉྩ་ཨ་མྲྀ་ཏ༔ རོལ་པ་ཆེན་པོའི་ལོངས་སྤྱོད་རྣལ་འབྱོར་དབང་༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པའི་ཕྱིར༔ དཔའ་བོ་ཌཱ་ཀིའི་ཚོགས་རྣམས་ལས་མཛོད་ཅིག༔ ཨ་ལ་ལ་ཧོ༔ [ཞེས་ཚོགས་ལ་རོལ། ལྷག་གཏོར་གཏོང་བ་ནི། ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་པའི་དམེ་གཏོར་དང་། གཙང་ལྷག་བཅས་གྲལ་རིམ་དུ་བཤམས་ལ། ཐོག་མར་ཡར་གནས་ནི།] ཨོཾ་ཨཱཿཧཱུྃཿ རིགས་ཀྱི་ལྷ་མོ་ནམ་མཁའ་གང་བ་ཡིས༔ ཞལ་ཟས་ཚོགས་ཀྱི་མཆོད་པའི་སྤྲིན་གཏིབས་ནས༔ ཉི་ཤུ་རྩ་གཅིག་སྤྲུལ་པའི་དཀྱིལ་འཁོར་རྣམས༔ དགྱེས་མཉམ་རོལ་པ་ཆེན་པོའི་ངང་དུ་མཆོད༔ ཨོཾ་སརྦ་མཎྜ་ལ་ག་ཎ་པཱུ་ཛ་ཧོཿ [མར་གནས་ནི།] བྷྱོཿ ཀེ་སེང་ཕྲ་མེན་སྒོ་སྐྱོང་དབང་ཕྱུག་མ༔ མཁའ་འགྲོ་ཤུགས་འགྲོ་མ་བདུན་སྲིང་མོ་བཞི༔ གིང་ཆེན་བཅོ་བརྒྱད་འཛིན་གིང་བཞི་བཅུ་གཉིས༔ ལྷག་སྡུད་དྲུག་ཅུ་རྩ་གཉིས་ཕོ་ཉར་བཅས༔ འཇིགས་པའི་སྐུར་སྟོན་རྔམས་པའི་གདངས་སྐད་ཅན༔ ཚོགས་ཁང་གནས་ཉུལ་དུར་ཁྲོད་བདག་མོ་ཀུན༔ དཔལ་གྱི་ཕམ་ཕབ་རིག་འཛིན་ལྷག་

p. 490

མ་རྣམས༔ བཞེས་ཤིག་རོལ་ཅིག་ཕྲིན་ལས་རྣམ་བཞི་སྒྲུབས༔ ས་མ་ཡ་ཨུཙྩིཥྚ་བ་ལི་ཏ་ཧོ༔ [ཕུད་ལྷག་གཅིག་ཏུ་བསྲེས་ཏེ་དམ་ཚིག་གི་ཁ་ཕྲུ་དབབ་ལ།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར་[པར་བསམ། ལྷག་སྡུད་ཀྱི་ཕོ་ཉ་རྣམས།] ཨེ་ཨཱ་ར་ལླི་ཧྲཱིཾ་ཧྲཱིཾ་ཛཿ [ཞེས་དང་སྤྱུགས་སྒྲ་དྲག་པོས་སྤྱན་དྲངས་ལ།] ཨོཾ་བཛྲ་པུཥྤེ་[སོགས་སྙེ་ཐོར་སྤྱོད་ལྔས་མཆོད་ནས།] ཧཱུྃ་བྷྱོཿ དང་པོ་ཕུད་ཀྱིས་དཔལ་ཆེན་ལྷག་ཚོགས་མཆོད༔ བར་དུ་ཚོགས་ཀྱིས་རིག་འཛིན་དགྱེས་པར་བཞེས༔ ཐ་མ་ལྷག་མས་སྲུང་མ་རྒྱ་མཚོ་བསྐང་༔ ད་ལྟ་སྲིད་ཞི་མཉམ་ཉིད་གཅིག་ཏུ་བསྲེས༔ ས་དང་བར་སྣང་ནམ་མཁའི་ཁམས་གང་བའི༔ ལངྐའི་བདག་པོ་འབུམ་ཕྲག་བྱེ་བའི་འཁོར༔ ཅི་བགྱིས་བཀའ་ཉན་རྡོ་རྗེ་གིང་ཀ་ར༔ རྗེས་འབྲང་བགེགས་དང་ནམ་གྲུ་ཤ་ཟའི་ཚོགས༔ ཡི་དྭགས་སྨྱོ་བརྗེད་སྡེ་བརྒྱད་འབྱུང་པོའི་གདོན༔ ཐམས་ཅད་བདེ་ཆེན་རིགས་སུ་གཅིག་བསྡུས་ནས༔ ཁྲག་འཐུང་ཆེན་པོའི་བཀའ་ཕབས་འདི་ལོངས་ལ༔ རྔམས་པའི་བརྟུལ་ཞུགས་དགྲ་དང་བགེགས་ལ་སྐྱེད༔ ཟ་བའི་མཆེ་བས་དམ་ཉམས་སྙིང་ལ་གཟིར༔ འཛིན་

p. 491

པའི་སྤར་མོས་སྲོག་རྩ་དམར་པོ་དྲོངས༔ གློག་འགྱུའི་ལྗགས་ཀྱིས་ཉམས་པའི་ཕུང་ཁམས་རོལ༔ མིང་ཙམ་མེད་པར་དགྲ་བགེགས་རྩད་ནས་ཆོད༔ ༔ གཞན་ཡང་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྱུར་མཛོད༔ སརྦ་ས་མ་ཡ་བཛྲ་ཨ་མྲྀ་ཏ་ཁཱ་ཧི་ཧོ༔ བྷྱོ་རཾ་བྷྱོ་སརྦ་དུཥྚན་མཱ་ར་ཡ་ཁཱ་ཧི༔ [ཞེས་ཕྱི་རོལ་དུ་འབུལ། གཉིས་པ་ཐུགས་དམ་བསྐུལ་བ་ནི།] ཧཱུྃ་ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ ཡེ་ཤེས་སྐུ་མངའ་འགྲན་དུ་མེད་པ་ཡི༔ ཞི་བ་དབྱིངས་ཀྱི་ལྷ་ཚོགས་སྐུ་བཞེངས་ཤིག༔ ཐུགས་དམ་རྒྱུད་བསྐུལ་ལས་བཞིའི་ཕྲིན་ལས་མཛོད༔ ཧཱུྃ༔ ཁྲག་འཐུང་འབྱམས་ཀླས་སྤྲུལ་པའི་དཀྱིལ་འཁོར་ནས༔ འབར་བའི་ལུས་ཅན་ཉི་མ་འབུམ་གྱི་གཟི༔ སྤྱི་དཔལ་ཁྲོ་བོའི་ལྷ་ཚོགས་སྐུ་བཞེངས་ཤིག༔ རྡོ་རྗེ་ཁྲོས་པའི་ཐུགས་དམ་དུས་ལ་བབ༔ མ་རིག་ལས་ཀྱིས་མནར་བའི་སེམས་ཅན་རྣམས༔ ཉོན་མོངས་སྡུག་བསྔལ་ཞི་བའི་ཆུ་རྒྱུན་ཕོབ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་གཟི་བྱིན་སྐྱེད༔ ཁམས་གསུམ་དབང་དུ་མཛད་པའི་བརྟུལ་ཞུགས་སྩོལ༔ དགྲ་བགེགས་ཚར་གཅོད་

p. 492

དྲག་པོའི་ཕྲིན་ལས་མཛོད༔ ཆག་ཆེ་ཉམ་ང་རྦོད་གཏོང་འཚེ་བ་ཟློག༔ གློ་བུར་དུས་འཁྲུགས་འཇིགས་པའི་བར་ཆད་སོལ༔ ཉི་ཤུ་རྩ་གཅིག་དཀྱིལ་འཁོར་གཙོ་མཆོག་དང་༔ ཡབ་ཡུམ་སྲས་དང་སྤྲུལ་པ་བཀའ་ཉན་ཚོགས༔ མ་གཡེལ་མ་འཕང་བཅོལ་བའི་ཕྲིན་ལས་སྒྲུབས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ [གསུམ་པ་གཏོར་མ་སྐྱོང་བ་ལ། ཆད་མདོ་བསྒྲག་པ་ནི།] ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསམ་མི་ཁྱབ་པའི་ཚེ༔ འོག་མིན་བཀོད་པ་ལྷུན་གྲུབ་ཕོ་བྲང་དུ༔ དང་པོའི་སངས་རྒྱས་ཀུན་ཏུ་འཆང་ཆེན་གྱིས༔ ཞི་ཁྲོའི་དཀྱིལ་འཁོར་ནམ་མཁའ་མཉམ་པར་སྤྲུལ༔ དགོངས་པས་བྱིན་བརླབས་བཀའ་འདུས་རྒྱུད་ཆེན་བཤད༔ གདུལ་བྱ་རུ་དྲ་དྲག་པོ་འདུལ་བའི་ཕྱིར༔ རྟ་ཕག་ཡབ་ཡུམ་རྔམས་པའི་ཆོ་འཕྲུལ་གྱིས༔ ཀེ་སེང་ཕྲ་མེན་དབང་ཕྱུག་བྲན་དུ་བཀོལ༔ རིག་འཛིན་གཙོ་བོ་རྡོ་རྗེ་ཀུཉྫ་རས༔ བརྡ་དོན་ངོ་སྤྲད་ཚོམ་བུ་འབུམ་ཕྲག་སྨིན༔ རིགས་ལྡན་ཆེན་པོ་དཱེ་བ་བཟང་སྐྱོང་དང་༔ ཡེ་ཤེས་མཁའ་འགྲོ་ལས་དབང་ཆོས་ཀྱི་འཚོས༔ རྡོ་རྗེའི་བླ་མ་པདྨ་བཛྲ་ལ༔ ཚིག་གི་རྒྱུད་གསུངས་དོན་གྱི་གཉེར་ཆེན་གཏད༔ བདག་ཉིད་ཆེན་པོ་པདྨ་ཐོད་ཕྲེང་གིས༔

p. 493

གསང་བ་ཡེ་ཤེས་མནྡྷ་ར་བ་དང་༔ དགའ་བ་བཞི་སྦྱོར་བདེ་ཆེན་སྐུ་བསྒྲུབས་ནས༔ ཟ་ཧོར་ཡུལ་དུ་རྡོ་རྗེའི་ཆོས་ཆར་ཕབ༔ ཨོ་རྒྱན་ཡུལ་དུ་མཁའ་འགྲོ་དབང་དུ་བསྡུས༔ བོད་ཡུལ་དབུས་སུ་རྗེ་འབངས་ཉེར་གཅིག་སྨིན༔ རིག་འཛིན་དྷཱ་ཀི་ཆོས་སྲུང་སྤྲིན་ལྟར་གཏིབས༔ ཁས་བླངས་དམ་བཅས་བསྟན་པ་སྲུང་བར་བསྐོས༔ གཞན་ཡང་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་གི༔ རྡོ་རྗེའི་གདུང་འཛིན་ཧེ་རུ་ཀ་དཔལ་ཆེ༔ རྒྱ་བོད་རིག་འཛིན་གྲུབ་པ་ཐམས་ཅད་ཀྱིས༔ རང་རང་གནས་སུ་རྫུ་འཕྲུལ་མཆོག་བརྙེས་ཤིང་༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་བའི་ཚེ༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྒྲུབ་མཆོག་བུ་བཞིན་སྐྱོང་བར་མ་ཆད་དམཿ ཞལ་བཞེས་ཐ་ཚིག་དམ་བཅའ་མ་གཡེལ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ [སྐབས་འདིར་གཏོར་མ་ཟོར་དུ་བསྐུལ་ཚུལ་འབྱུང་ཡང་དཀྱུས་སུ་མི་དགོས་པས་གཞན་དུ་བལྟའོ། །བརྟན་མ་སྐྱོང་བ་ནི། གཏོར་མ་བྱིན་གྱིས་བརླབ་ལ།] བྷྱོཿ བོད་ཁམས་མཐའ་དབུས་ཀུན་ན་བཞུགས་པ་ཡི༔ བརྟན་མ་སྐྱོང་མཛད་མ་

p. 494

སྲིང་རྒྱ་མཚོའི་ཚོགས༔ སྨན་ཕུད་བདུད་རྩིའི་བཤལ་ཆུ་འདི་བཞེས་ལ༔ མཐའ་དམག་དུས་འཁྲུགས་དལ་ཡམས་འཚེ་བ་ཟློག༔ མ་མ་དྷཱ་ཀི་ནཱི་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧིཿ [བཞི་པ་བྲོ་བརྡུང་བ་ནི།] ཧཱུྃཿ སྟོང་གསུམ་ཨེ་ཡི་གཏོར་གཞོང་དུ༔ ཁམས་གསུམ་དགྲ་བགེགས་འབྱུང་པོ་མནན༔ དཔལ་ཆེན་ལྷ་ཚོགས་རྡོ་རྗེའི་བྲོ༔ ཞི་རྒྱས་དབང་དྲག་གར་གྱིས་བརྡུངཿ དམ་སྲིའི་ཚོགས་རྣམས་དབྱིངས་སུ་གཟིར༔ ནམ་ཡང་ལྡང་བའི་གོ་སྐབས་མེད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ ལས་ཀྱི་བརྟུལ་ཞུགས་མཐར་ཕྱིན་ནོཿ ཤཱནྟིཾ་པུཥྚིཾ་པཱ་ཤ་མཱ་ར་ཡ་རྦད༔ སརྦ་དུཥྚན་ལཾ་སྟྭཾ་བྷ་ཡ་ནན༔ [ལྔ་པ་དངོས་གྲུབ་བླང་བ་ནི།] ཨོཾ་ཨཱཿཧཱུྃཿ དཔལ་ཆེན་ཞི་ཁྲི་རྡོ་རྗེའི་གཡར་དམ་ཅན༔ བསྙེན་སྒྲུབ་འབྲས་བུ་དུས་འདིར་སྩལ་ནས་ཀྱང་༔ ཐུན་མོང་མཆོག་གི་དངོས་གྲུབ་བླ་མེད་པས༔ སྐུ་གསུང་ཐུགས་དང་དབྱེར་མེད་མཛད་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཾ༔ སརྦ་སིདྡྷི་ཕ་ལ་ཧོཿ [དྲུག་པ་གཤེགས་བསྡུ་བྱ་བ་ནི། གཏང་རག་གི་དོན་དུ།] ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་སོགས་ཤཔྡ་སརྦ་པཱུ་ཛ་ཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཁཱ་ཧི༔ [ཞེས་མཆོད་ཅིང་།] ཧཱུྃཿ ཞི་ཁྲོའི་

p. 495

སྐུ་ནི་གང་འདུལ་ཉམས་དང་ལྡན༔ [ཞེས་སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པ་མང་དུ་བཟླས་པའི་མཐར།] མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། [ཞེས་བཟོད་གསོལ་བྱ། མཚན་མའི་དཀྱིལ་འཁོར་དང་འབྲེལ་བ་ཡིན་ན་ཉིན་ཐ་མའི་ཚེ་ཡེ་ཤེས་པ་གཤེགས་སུ་གསོལ་ནས་དམ་ཚིག་པ་བསྡུ། གཞན་དུ་དམ་ཡེ་མ་ཕྱེ་བར།] ཧཱུྃ་སརྦ་མཎྜ་ལ་ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ་ལ་ཐིམ༔ དཀྱིལ་འཁོར་ཐམས་ཅད་གཙོ་བོའི་སྐུ་ལ་འདུས༔ སྤྱི་དཔལ་ཡབ་ཡུམ་མཁའ་ལ་སྤྲིན་དེངས་ལྟར༔ དམིགས་བསལ་བརྗོད་པ་བྲལ་བའི་ངང་དུ་ཐིམ༔ ཨ་ཨཿ [ཞེས་མཉམ་པར་བཞག་པས་རྟག་མཐའ་བསལ།] སླར་ཡང་འགགས་མེད་རིག་རྩལ་དཔལ་ཆེན་པོའི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱུར༔ མ་ཧཱ་ཤྲཱི་ཧེ་རུ་ཀ་ཨཏྨ་ཀོཉ་ཧཾཿ [ཞེས་ང་རྒྱལ་བཟུང་བས་ཆད་མཐའ་བསལ་ཞིང་།] རང་གི་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས་པར་[བལྟས་ལ། རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ།] ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་

p. 496

ནས་ནི། །ཐམས་ཅད་དུ་ནི་རྒྱས་པར་གནས། ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུྃ། [བདུན་པ་སྨོན་ལམ་གདབ་པ་ནི།] དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་རྣམས༔ ཕྱི་ནང་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ༔ བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས༔ སྤྱི་དཔལ་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག༔ [བརྒྱད་པ་བཀྲ་ཤིས་བརྗོད་པ་ནི།] བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ངང་༔ ཁྲག་འཐུང་དཔལ་ཆེན་རིག་པའི་ཚོམ་བུ་བརྡལ༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕུང་འཕྲོ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ [ཅེས་ཤིས་པ་བརྗོད་པའི་མེ་ཏོག་གི་ཆར་དབབ་ལ་སྤྱོད་ལམ་ཐམས་ཅད་སྤྱི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བར་བྱའོ། །བགྲང་ཡས་དཀྱིལ་འཁོར་འཁོར་ལོ་ཇི་སྙེད་པའི། །བཀའ་རྣམས་ཡོངས་སུ་འདུས་པའི་ངེས་གསང་གནད། །ཟབ་རྒྱས་ཆོས་མཛོད་རྒྱ་མཚོའི་སྙིང་ཁུ་སྟེ། །གུ་རུའི་ཐུགས་ཀྱི་བརྣག་པ་འདི་ཁོ་ན། །དེ་ཡི་ཕྲིན་ལས་ཟབ་གཏེར་རྩ་བའི་གཞུང་། །བརྒྱུད་ལྡན་བླ་མའི་མན་ངག་ཇི་བཞིན་དུ། །རྣམ་གསལ་འཇུག་བདེའི་ཁྲིགས་སུ་ཉེར་བསྡེབས་པ། །འདི་ཀོ་རིག་འཛིན་དགྱེས་པའི་དགའ་སྟོན་ཡིན། །བསོད་ནམས་དེས་ཀྱང་ཟབ་ལམ་ཕྲིན་ལས་རྒྱུན། །སྲིད་པའི་མཐར་ཡང་མི་ནུབ་རྟག་ཁྱབ་ཅིང་། །སྤྱི་

p. 497

དཔལ་དཔའ་བོའི་གོ་འཕང་བདེ་བླག་ཏུ། །རེག་པའི་སྐལ་བཟང་འགྲོ་འདིས་ཐོབ་གྱུར་ཅིག །དེ་ལྟར་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལས་བྱང་བདེ་ཆེན་རྣམ་པར་རོལ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། གསང་བའི་ཤིང་རྟ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དངོས་ཀྱི་ནང་ཐུགས་ཀྱི་སྲས་མཆོག་ཁོ་བོའི་རིགས་ཀྱི་བདག་པོ་འགྱུར་མེད་ངེས་དོན་དབང་པོའི་ཞལ་སྔ་ནས་ཚུལ་འདི་ཐུན་མོང་མ་ཡིན་པའི་གཙིགས་སུ་མཛད་དེ་རྗེས་སུ་གནང་བའི་སྐལ་བཟང་ཐོབ་པ་ལས། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་བདུན་དུ་སོན་པ་རྣམ་འགྱུར་ལྕགས་ཕོ་སྟག་གི་ལོ་མགོ་ཉ་བའི་ཐབས་ཀྱི་ཆའི་རྒྱལ་བ་གསུམ་པ་ལ། མཆིམས་ཀྱི་ཀོང་ཡུལ་ལྗོན་པའི་ནོར་འཛིན་གྱི་ཐིག་ལེ་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་ཀྱི་བནྡྷེ་ཆོས་ཉིད་ཀློང་གྲོལ་གྱིས་བགྱིས་པའོ། །འདིས་ཀྱང་འགྲོ་བ་ཐམས་ཅད་སྤྱི་དཔལ་ཧེ་རུ་ཀའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །] སརྦ་དཱ་མངྒ་ལཾ།

དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་བསྡུས་པ།

p. 498
p. 499

[དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་བསྡུས་པ་བཞུགས།] གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་འཆང་། །ལོངས་སྤྱོད་རྫོགས་སྐུ་དཔལ་ལྡན་རྡོ་རྗེ་སེམས། །སྤྲུལ་སྐུ་གསང་བདག་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །རིག་འཛིན་ཡོངས་ཀྱི་གཙོ་མཆོག་ཀུཉྫན། །རིགས་ལྡན་ཆེན་པོ་དེ་ཝ་བཟང་སྐྱོང་དང་། །ཡེ་ཤེས་མཁའ་འགྲོ་ལས་དབང་ཆོས་ཀྱི་འཚོར། །གསོལ་བ་འདེབས་སོ༴ ། དཀྱིལ་འཁོར་ཀུན་བདག་ཨོ་རྒྱན་པདྨ་འབྱུང་། །མནྡཱ་ར་བ་ཡེ་ཤེས་མཚོ་རྒྱལ་མ། །རྒྱས་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ལ། །གསོལ་བ་འདེབས་སོ༴ ། སྤྲུལ་པའི་གཏེར་ཆེན་ཡར་རྗེ་ཨོ་རྒྱན་གླིང་། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །བཀའ་འདུས་རིག་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ༴ ། བདེ་གཤེགས་ཞི་བ་སྤྱི་དཔལ་རྩ་བའི་ལྷ། །བྱང་ཆུང་ཉི་ཤུའི་ཡེ་ཤེས་དཀྱིལ་འཁོར་པ། །མཁའ་འགྲོ་ཆོས་སྲུང་དམ་ཅན་གཏེར་བདག་ལ། །གསོལ་བ་འདེབས་སོ༴ ། ལྷ་མིའི་ཐེག་པས་བློ་སྣ་ཆོས་ལ་འཁོལ། །ཉན་རང་འཇུག་སྒོས་ངེས་འབྱུང་རྣམ་པར་དག །བྱང་སེམས་ཐེག་པས་ལམ་གྱི་གཞི་བཟུང་སྟེ། །རྒྱལ་

p. 500

སྲས་སྤྱོད་པ་རླབས་ཆེན་སྤྱད་པར་ཤོག ། ཀྲི་ཡོག་ལ་བརྟེན་ཚོགས་བསགས་སྒྲིབ་པ་བསལ། །མོས་གུས་སྟོབས་ཀྱིས་བརྒྱུད་པའི་བྱིན་རླབས་ཞུགས། །མཧཱ་ཡོ་གས་ཐ་མལ་སྣང་ཞེན་སྦྱོང་། །བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན་པར་ཤོག །ཨ་ནུ་བདེ་ཆེན་ཐབས་ཀྱི་ལམ་མཆོག་གིས། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གྲུབ། །ཨ་ཏི་རྩོལ་མེད་ཀ་དག་ལྷུན་གྲུབ་ཀྱི། །དགོངས་པ་མངོན་གྱུར་གདོད་མའི་སར་ཕྱིན་ཤོག །བྱང་ཆུབ་སྒྲུབ་པའི་བར་ཆད་མཐའ་དག་ཞི། །ཐུན་མོང་ཁྱད་པར་མཆོག་གི་དངོས་གྲུབ་བརྙེས། །སྲིད་ཞིའི་སྤྱི་དཔལ་ཀུན་ཏུ་འཆང་ཆེན་དང་། །དབྱེར་མེད་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །[ཅེས་པའང་རྫོང་ཤོད་བདེ་གཤེགས་འདུས་པའི་ཐུགས་གནས་ཧེ་རུ་ཀའི་ཚོགས་ཁང་ཆེན་མོར་འདི་ཉིད་ཀྱི་སྒྲུབ་ཆེན་བགྱིས་པའི་སྐབས་སུ་པདྨ་གར་གྱི་དབང་ཕྱུག་གིས་བསྡེབས་པ་དགེ་ལེགས་འཕེལ།] སརྦ་དཱ་མངྒ་ལཾ།། །།

དཔལ་བཀའ་འདུས་ལས་སྙིང་པོའི་ཉམས་ལེན་རྒྱུན་གྱི་རྣལ་འབྱོར།

p. 501

༄༅། །དཔལ་བཀའ་འདུས་ལས་སྙིང་པོའི་ཉམས་ལེན་རྒྱུན་གྱི་རྣལ་འབྱོར་བཞུགས་སོ། །

p. 502

ན་མོ་གུ་ར་བེ། [སྲིད་ཞིའི་ཁྱབ་བདག་བདེ་བ་ཆེ། །འགྲོ་ངོར་རིག་འཛིན་བླ་མའི་སྐུར། །བསྟན་གང་ཚངས་པའི་ཡུལ་ས་རུ། །བཀོད་ནས་སྙིང་པོའི་རྣལ་འབྱོར་འཆད། །ཡིད་བཞིན་གྱི་ནོར་བུ་ལྟར་དགོས་རྒུ་ལྷུན་གྱིས་གྲུབ་ཅིང་ཨུ་དུམྺ་ར་ལྟར་དཀོན་ལ་ངོ་མཚར་ཆེ་བའི་གསང་བ་ཟབ་མོ་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྙིང་པོའི་དོན་གྱི་རྣལ་འབྱོར་རྒྱུན་ཁྱེར་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱའོ། །དང་པོ་ལ་བཞི། ལྷ་མིའི་ཐེག་པས་བློ་ལ་བསྐུལ་བ། ཉན་རང་གི་ཐེག་པས་ངེས་འབྱུང་གི་བསམ་པ་སྒྲུབ་པ། ཐེག་པ་ཆེན་པོའི་ལམ་གྱིས་གཞི་བཟུང་བ། ཀྲི་ཡོག་གི་ཐེག་པས་བསགས་སྦྱང་བྱ་བའོ། དང་པོ་ནི། དབེན་པའི་གནས་སུ་ལུས་གནད་བསྲང་། རླུང་རོ་བསལ་ལ། བདག་གིས་དལ་འབྱོར་གྱི་མི་ལུས་རྙེད་དཀའ་ལ་ཕན་འདོགས་ཆེ་བ་ཐོབ། བླ་མ་མཚན་ལྡན་ལས་གསང་སྔགས་ཟབ་མོ་ཐོབ་ཀྱང་ལེ་ལོས་གཡེངས་ན། འདུས་བྱས་ཐམས་ཅད་མི་རྟག་ཅིང་རང་ཡང་མྱུར་དུ་འཆི་ངེས། འཆི་བའི་ཚེ་དགེ་སྡིག་ལས་ཀྱི་རྣམ་སྨིན་ཁོ་ན་རྗེས་སུ་འབྲང་། སྡིག་པས་ངན་འགྲོར་སྐྱེས་ཏེ་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་ན་ཇི་ལྟར་བྱ། དེ་ལས་སྐྱོ་བས་ནུས་པ་བླ་མ་དང་དཀོན་མཆོག་རིན་པོ་ཆེའི་ཡོན་ཏན་རྗེས་སུ་དྲན་ཏེ་སྙིང་ཐག་པ་ནས་གུས་པ་ཆེན་པོས་སྐྱབས་སུ་མཆིའོ་སྙམ་པའི་སྒོམ་དོན་ཡིད་ལ་བཀོད་ནས་སྐྱབས་འགྲོ་ནི།] ན་མོ༔ བྱིན་རླབས་རྩ་བ་བླ་མ་དང་༔ བསླུ་མེད་དཀོན་མཆོག་

p. 503

རྣམ་པ་གསུམ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ [ཞེས་ལན་མང་དུ་བརྗོད་དོ། །གཉིས་པ་ནི། འཁོར་བའི་གནས་རིས་མཐོ་དམན་ཐམས་ཅད་སྡུག་བསྔལ་གསུམ་གྱི་རང་བཞིན་མེ་འོབས་དང་མཚུངས། སྡུག་བསལ་གྱི་རྒྱུ་ཀུན་འབྱུང་ཡིན་པས་དེའི་གཉེན་པོར་ལམ་རྒྱུད་ལ་བརྟེན་ཏེ་ཐར་པ་མངོན་དུ་བྱའོ་སྙམ་པས་ཚུལ་ཁྲིམས་ལེགས་པར་བསྲུང་ཞིང་ཞི་ལྷག་དང་རྟེན་འབྲེལ་བསྒོམ་པའོ། །གསུམ་པ་ནི། འགྲོ་བ་མཐའ་དག་ཕ་མར་ཤེས་པས་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་བསྐྱེད། ཐམས་ཅད་ཕན་བདེ་བླ་ན་མེད་པ་ལ་འགོད་པར་བགྱི། དེའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་བསླབ་པར་བགྱིའོ་སྙམ་པ་སྨོན་འཇུག་གི་སེམས་བསྐྱེད་ལ།] མ་གྱུར་རིགས་དྲུག་སེམས་ཅན་ལ༔ བྱམས་དང་སྙིང་རྗེས་ཀུན་བསླངས་ཏེ༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ [ཞེས་བརྗོད་ཅིང་བློ་སྦྱོང་ངོ་། །བཞི་པ་ནི། སྣོད་དག་པའི་ཞིང་ཁམས། གནས་ཁང་རིན་པོ་ཆེའི་གཞལ་མེད་ཁང་། ཡོ་བྱད་བྱང་ཆུབ་སེམས་དཔའི་མཆོད་སྤྲིན་དུ་དམིགས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཀོན་མཆོག་རྒྱ་མཚོ་མངོན་སུམ་བཞིན་དུ་བཞུགས་པ་ལ་བདག་གཞན་སེམས་ཅན་སྒོ་གསུམ་འཇུག་པ་གཅིག་པས་

p. 504

བསགས་སྦྱོང་གི་ལས་བྱ་བར་མོས་ལ།] ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ ཞིང་རྡུལ་སྙེད་ཀྱི་ལུས་སྤྲུལ་ཏེ༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ བྱང་ཆུབ་སྤྱོད་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ [ཅེས་ཡན་ལག་བདུན་པ་སྤྱིར་འབུལ། བྱེ་བྲག་ཏུ་རང་གཞན་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཎྜ་ལ་དུ་ཕུལ་ལ།]ཨོཾ་ཨཱཿཧཱུྃ༔ བདག་གཞན་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བཀོད་པ་རབ་རྫོགས་ཞིང་ཁམས་འབྱོར་པའི་སྤྲིན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྡོ་རྗེའི་ཞིང་ལ་སྤྱོད་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏེ་བྷྱོ་མཎྜལ་པཱུ་ཛ་ཧོཿ [ལན་མང་དུ་ཕུལ་ལ། མཐར་ཚོགས་ཞིང་རང་ལ་བསྟིམ། སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི།] རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔ རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན༔ པད་ཟླའི་

p. 505

གདན་ལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུཾ་ཡིག་དཀར་པོས་མཚན༔ སྡིག་ལྟུང་ལ་འགྱོད་སྐྱབས་གསོལ་སྔགས་བཟླས་པས༔ ཧཱུྃ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན༔ ཞབས་ཀྱི་མཐེ་བོང་ལས་བརྒྱུད་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པར་གྱུར༔ [ཅེས་མོས་ལ་ཡིག་བརྒྱ་ཅི་ནུས་བཟླ། མཐར།] རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་རྡོ་རྗེ་སེམས་དཔར་[གསལ་ལ།] ཨོཾ་བཛྲ་སཏྭ་ཧཱུྃ༔ [ཞེས་བཟླས་ཏེ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངང་དུ་མཉམ་པར་བཞག་གོ ། གཉིས་པ་དངོས་གཞི་ལ་བཞི། བླ་མའི་བྱིན་རླབས་ལམ་དུ་བྱ་ག་མ་ཧཱ་ཡོ་གའི་བསྐྱེད་བཟླས་བྱ་བ། ཨ་ནུ་ཡོ་གའི་རྫོགས་རིམ་བསྒོམ་པ། ཨ་ཏི་ཡོ་གའི་དགོངས་པར་ལ་བཟླ་བའོ། །དང་པོ་ལ། གསོལ་བ་འདེབས་པའི་རྟེན་གསལ་གདབ་པ་ནི།] ཨོཾ་ཨཱཿཧཱུྃ༔ དབྱིངས་ནི་རྣམ་པར་དག་པ་ཆོས་ཀྱི་སྐུ༔ རིག་པ་ཡེ་ཤེས་འོད་ལྔ་ལོངས་སྤྱོད་རྫོགས༔ ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་རྩལ༔ སྐུ་གསུམ་དབྱེར་མེད་བླ་མ་ཀུན་ཏུ་འཆང་༔ ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན༔ སེང་ཁྲི་

p. 506

པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང་ན་རོལ༔ བརྒྱུད་གསུམ་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ ཡི་དམ་ཞི་ཁྲི་རབ་འབྱམས་འཇའ་ལྟར་ཤར༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཟེར་ལྟར་འཕྲོ༔ མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་གྱུར༔ [ཅེས་མོས་ལ་ནུས་ན་བཀའ་འདུས་བརྒྱུད་པའི་གསོལ་འདེབས་འབྲིང་པོ་བྱ། མི་ལྕོག་ན་བྱང་གཏེར་བླ་མ་སྐུ་གསུམ་མའི་གསོལ་འདེབས་དང་།] ས་ཧོར་རཏྣ་པཱུ་རའི་གྲོང་ཁྱེར་དུ༔ སློབ་དཔོན་པདྨ་འབྱུང་གནས་མནྡྷ་རས༔ དཔལ་ཆེན་བཀའ་འདུས་ཡོངས་རྫོགས་དཀྱིལ་འཁོར་བསྒྲུབས༔ གྲུབ་རྟགས་སངས་རྒྱས་ཀུན་དང་གཉིས་སུ་མེད༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར༔ གསོལ་བ་འདེབས་སོ་འཆི་མེད་པདྨ་འབྱུང་༔ བྱིན་གྱིས་རློབས་ཤིག་ཨོ་རྒྱན་རིན་པོ་ཆེ༔ སྨིན་གྲོལ་དབང་བསྐུར་མཆོག་ཐུན་དངོས་གྲུབ་སྩོལ༔ [ཞེས་མོས་གུས་ཀྱི་ཤུགས་བསྐྱེད་ལ་གསོལ་བ་བཏབ་པས།] བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་སྤྲོས། རང་གི་གནས་གསུམ་དུ་རིམ་དང་གཅིག་ཆར་དུ་ཞུགས་ཤིང་ཐིམ་པས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་[བསམས་ལ།] ཨོཾ་ཨཱཿཧཱུྃ་[གི་བཟླས་པ་ཅི་ནུས་བྱ། མཐར།] འཁོར་རྣམས་བླ་མ་ཡབ་ཡུམ་

p. 507

ལ་ཐིམ། དེ་ཉིད་རང་རིག་པ་སྐྱེ་མེད་ཀྱི་ངང་དུ་ཐིམ་པར་[བསམས་ལ་དགོངས་པ་བསྐྱང་ངོ་། །གཉིས་པ་ནི།] ཧཱུྃ༔ དེ་བཞིན་ཉིད་དབྱིངས་བློ་འདས་འོད་གསལ་ངང་༔ དམིགས་མེད་སྙིང་རྗེ་ཀུན་སྣང་མཁའ་ལྟར་ཁྱབ༔ རྒྱུ་ཡི་རིག་པར་རང་བྱུང་ཧཱུྃ་མཐིང་ག༔ འོད་ཀྱིས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་རི་རབ་སྟེང་༔ རིན་ཆེན་དུར་ཁྲོད་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེའི་སྲུང་འཁོར་གསལ་བརྟན་འབར་བའི་དབུས༔ པད་ཟླ་ཉི་མ་དྲེགས་པ་ཁྱོ་ཤུགས་གདན༔ དེ་སྟེང་དབྱིངས་ནས་རྒྱུ་ཡི་ཡི་གེ་བབས༔ རྡོ་རྗེ་ཧཱུྃ་ཡིག་མཉམ་སྦྱོར་འཕྲོ་འདུ་ལས༔ སྤྱི་དཔལ་ཆེན་པོ་ཁྲག་འཐུང་རྩ་བའི་ལྷ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གར་དགུའི་གཟི་འབར་རྡོ་རྗེ་དྲིལ་བུ་བསྣམས༔ དཔལ་དང་དུར་ཁྲོད་རུས་པའི་རྒྱན་གྱིས་སྤྲས༔ སྦྱོར་ཡུམ་དམར་མོ་གྲི་ཐོད་འཛིན་པས་འཁྱུད༔ ཞབས་གཉིས་འདོར་ཐབས་ཡེ་ཤེས་མེ་དཔུང་ཀློང་༔ ཕུང་ཁམས་སྐྱེ་མཆེད་བ་སྤུའི་བུ་ག་ཚུན༔ ཞི་ཁྲོ་ཡོངས་རྫོགས་འདུས་པའི་ངོ་བོ་ཉིད༔ སྲིད་ཞི་ཀུན་གྱི་དབང་ཕྱུག་ཆེན་པོར་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་ཀུན་ཏུ་འཆང་༔ ནམ་མཁའི་མདོག་ཅན་ཞི་འཛུམ་རྡོར་དྲིལ་བསྣམས༔

p. 508

དར་དང་རིན་ཆེན་རྒྱན་མཛེས་ཡུམ་དང་འཁྲིལ༔ པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་རོལ༔ དེ་ལྟར་གསལ་བའི་ལྷར་སྣང་སྒྱུ་མའི་སྐུ༔ སྣང་སྟོང་དབྱེར་མེད་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོའི་སྲོག༔ ལྔ་ལྡན་ཐིག་ལེ་འོད་ཟེར་ཀུན་ཏུ་འཕྲོ༔ རང་བྱུང་དབང་བསྐུར་རིགས་ལྔའི་ཅོད་པན་རྫོགས༔ རྡོ་རྗེ་གསུམ་མཆོག་དབྱེར་མེད་ལྷུན་གྱིས་གྲུབ༔ ཨོཾ་ཧཱུྃ་[ཏྲཱྃ་ཧྲཱིཿཨཱཿཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པ་ཚིག་གི་སྒྲས་གསལ་བཏབ་ནས་ལྷ་སྐུའི་གསལ་སྣང་དང་། སྤྱི་དཔལ་ཆེན་པོ་དངོས་སུ་བལྟ་བའི་ང་རྒྱལ་བསྐྱེད། སངས་རྒྱས་ཀྱི་ཡེ་ཤེས་རིས་མེད་པའི་གདུལ་བྱའི་སྣང་ངོར་གང་འདུལ་གཟུགས་སུ་ཤར་བའི་དག་དྲན་ལ་བསླབ་ཅིང་སེམས་འཛིན། དེ་ལ་མི་གནས་ན་བཟླས་པ་བྱ་བ་ནི།] ཧཱུྃ༔ བདག་ཉིད་སྤྱི་དཔལ་ཆེན་པོའི་ཐུགས་ཀ་རུ༔ ཉི་ཟླའི་གདན་ཡེ་ཤེས་སེམས་དཔའ་འགྱིང་༔ རིན་ཆེན་ཟུར་བརྒྱད་རྒྱ་གྲམ་ལྟེ་བར་ཧཱུྃ༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བའི་གསལ་སྣང་ལས༔ འོད་ཟེར་ཡར་འཕྲོས་རྩ་གསུམ་རྒྱལ་བ་མཆོད༔ མར་འཕྲོས་འགྲོ་དྲུག་ལུས་ངག་ཡིད་སྒྲིབ་སྦྱངས༔ བར་དུ་སྣང་སྲིད་ཁྱབ་པའི་ཕྲིན་ལས་བསྒྲུབས༔ ཚུར་འདུས་བདག་ཐིམ་དངོས་གྲུབ་རྣམ་གཉིས་ཐོབ༔ [ཅེས་པའི་དམིགས་པ་རྩེ་

p. 509

གཅིག་ཏུ་བྱས་ལ།] ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ [ཞེས་ཞི་ཁྲོ་ཡོངས་རྫོགས་འདུས་པའི་སྙིང་པོ་ཉིད་བཟླ། ལས་རུང་ཙམ་གྱི་བསྙེན་ཚད་ནི་འབུམ་ཕྲག་བཞིའོ། །གསུམ་པ་ནི། རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱི་རང་བྱིན་གྱིས་བརླབས་དང་། ལྷན་སྐྱེས་གསུམ་གྱི་ཡེ་ཤེས་གཞན་ལུས་ཕོ་ཉའི་ལམ་ལས་མཐར་སྐྱེལ་བའོ། །བཞི་པ་ནི། སྒོ་གསུམ་གྱི་སྔོན་འགྲོ་རྣལ་དུ་ཕབ་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སོར་གཞུག །སྣང་རིག་ཟུང་འཇུག་ཞི་ལྷག་དབྱེར་མེད་གང་ཤར་སྐུ་གསུམ་གྱི་རོལ་པར་ཤེས་པས། ལྟ་སྒོམ་སྤྱོད་འབྲས་རང་བྱུང་ཡེ་གྲོལ་ཀ་དག་ཆེན་པོར་ལ་བཟླ་བ་སྟེ། དེ་དག་གི་ཉམས་ལེན་རྒྱས་པ་རྩ་བའི་གཞུང་ལས་འབྱུང་བ་ལྟར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བཞི། འོད་གསལ་དུ་བསྡུ་བ། ཟུང་འཇུག་གི་སྐུར་ལྡང་བ། དགེ་རྩ་བསྔོ་བ། ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པའོ། །དང་པོ་ནི།] ཧཱུྃ༔ སརྦ་མཎྜ་ལ་ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ་ལ་ཐིམ༔ ལྷ་སྣང་ཐམས་ཅད་དཔལ་གྱི་སྐུ་ལ་འདུས༔ སྤྱི་དཔལ་ཡབ་ཡུམ་མཁའ་ལ་སྤྲིན་དེངས་ལྟར༔ དམིགས་བསམ་བརྗོད་པ་བྲལ་བའི་ངང་ལ་ཐིམ༔ [ཅེས་མཉམ་པར་བཞག །གཉིས་པ་ནི།] སླར་ཡང་འགགས་མེད་རིག་རྩལ་དཔལ་ཆེན་པོའི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱུར༔ མཧཱ་

p. 510

ཤྲཱི་ཧེ་རུ་ཀ་ཨཏྨ་ཀོཉ་ཧ༔ [ཞེས་ང་རྒྱལ་བཟུང་། གསུམ་པ་ནི།] དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་རྣམས༔ ཕྱི་ནང་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ༔ བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས༔ སྤྱི་དཔལ་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག༔ [བཞི་པ་ནི།] བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ངང་༔ ཁྲག་འཐུང་དཔལ་ཆེན་རིག་པའི་ཚོམ་བུ་བརྡལ༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕུང་འཕྲོ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ [ཅེས་ཤིས་པ་བརྗོད་ལ་སྤྱོད་ལམ་ཐམས་ཅད་སྤྱི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བར་བྱའོ། །དེ་ནི་བསྐྱེད་རྫོགས་རྒྱུན་གྱི་རྣལ་འབྱོར་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་ཚུལ་ཡིན་ལ། བསྐྱེད་བཟླས་ཁོ་ན་ཆག་མེད་དུ་བྱེད་ན་སྔོན་འགྲོ་གོང་གི་སྐྱབས་སེམས་ཤློ་ཀ་གཉིས་ཀྱི་འཕྲོས་སུ། དངོས་གཞི་བསྐྱེད་བཟླས་དང་། མཇུག་བསྡུ་ལྡང་ཕྱིན་ཆད་བྱས་པས་དོན་གྲུབ་བོ། །བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཡིས། །བླ་མ་ལྷ་དང་དབྱེར་མེད་པར། །བདག་གཞན་འགྲོ་ཀུན་བྱང་ཆུབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་རང་གཞན་ལ་ཕན་པར་འདོད་པའི་ཡིད་ཀྱིས། ཁྱབ་བདག་བླ་མ་རིག་འཛིན་ཡོངས་ཀྱི་སྤྱི་རྗེ་ལ་གསོལ་བ་བཏབ་ཅིང་བཀའ་ལུང་ལེགས་པར་ཞུས་ཏེ། འཆི་མེད་བསྟན་གཉིས་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ།། །།]

སྨོན་ལམ།

p. 511

ཧོཿ ཕྱོགས་དུས་རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ༔ བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཀུན༔ བླ་མེད་བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ བསོད་ནམས་འདི་ཡིས་བདག་སོགས་སེམས་ཅན་ཀུན༔ ཚེ་རབས་ཀུན་ཏུ་དལ་འབྱོར་ལུས་རྟེན་ཐོབ༔ དད་དང་ཤེས་རབ་སྙིང་རྗེ་ཕུན་སུམ་ཚོགས༔ རྡོ་རྗེའི་སློབ་དཔོན་ཚུལ་བཞིན་བསྟེན་པར་ཤོག༔ དབང་གི་ཆུ་བོ་རྣམ་བཞིས་ཡོངས་སུ་སྨིན༔ དམ་ཚིག་སྡོམ་པ་སྲོག་བཞིན་གཅེས་པར་བསྲུང་༔ བསྙེན་སྒྲུབ་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་ནས༔ ལྷ་སྔགས་དབང་ཐོབ་ཡེ་ཤེས་བརྙེས་པར་ཤོག༔ རྩ་ཡི་མདུད་གྲོལ་རླུང་རྣམས་དབུ་མར་ཐིམ༔ ཐིག་ལེ་ཟག་མེད་བདེ་བ་ཆེན་པོར་རྫོགས༔ ཀ་དག་ལྷུན་གྲུབ་རྟོགས་པ་མངོན་གྱུར་ནས༔ ཚེ་གཅིག་རྡོ་རྗེ་འཆང་ཆེན་འགྲུབ་པར་ཤོག རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ༔ འགྲོ་ཀུན་ཚེ་རིང་ནད་མེད་བདེ་སྐྱིད་ལྡན༔ ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པར་ཤོག༔ [ཅེས་གནུབས་ཆེན་རྣམ་འཕྲུལ་ཨོ་རྒྱན་དྲི་མེད་ཀུན་དགའི་ཟབ་གཏེར་ལས་བྱུང་བའོ།། །།]

བཀྲ་ཤིས།

p. 512

ཨོཾ༔ ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་འདྲ༔ ཕྱོགས་གྱུར་ཀུན་ནས་གང་ལ་ཅི་འཚམས་སྟོབས་འབབས་ཤིང་༔ ཐམས་ཅད་མཁྱེན་པ་འགྲོ་བའི་རེ་བ་སྐོང་མཛད་པ༔ སངས་རྒྱས་པདྨའི་འདབ་འདྲ་རྒྱས་པའི་བཀྲ་ཤིས་ཤོག༔ མི་མཇེད་འཇིག་རྟེན་གསེར་གྱི་གཞི་བརྡལ་བ་ལ༔ གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དཔལ་མངའ་བ༔ བསྟན་གཉིས་ཉི་ཟླ་ཟུང་གཅིག་བསྐོར་བ་བྱེད་པ་ཡིས༔ འགྲོ་བའི་མ་རིག་མུན་པ་སེལ་བའི་བཀྲ་ཤིས་ཤོག༔ འཁོར་ལོས་སྒྱུར་རྒྱལ་འཇིག་རྟེན་བདེ་བའི་སྟོབས་མངའ་ཞིང་༔ སེམས་ཅན་ཐམས་ཅད་དགའ་བར་བགྱིད་པའི་འོད་འཕྲོ་བས༔ བསྐལ་པ་བཟང་པོ་གཟུགས་བཟང་བ་དང་སྤོབས་པར་ལྡན༔ ཆོས་ཀུན་དར་བས་སྐྱེ་དགུ་ཞི་བའི་བཀྲ་ཤིས་ཤོག༔ ཚེ་རིང་འབྱོར་ལྡན་ལོངས་སྤྱོད་བསོད་ནམས་དགེ་ལེགས་དཔལ༔ དགེ་འདུན་ཤེས་གསུམ་ལྡན་པ་བསྟན་པའི་གངས་ཆེན་མཚོ༔ ཕྱོགས་བཅུ་ཀུན་ནས་མཆོག་དང་ཐུན་མོངས་གཉིས་འདུ་བ༔ འཇིག་རྟེན་གསུམ་གྲགས་ལྷ་མིས་མཆོད་པའི་བཀྲ་ཤིས་ཤོག༔ [ཅེས་སློབ་དཔོན་རིན་པོ་ཆེ་དྷ་ན་ཀོ་ཥའི་རྒྱ་མཚོར་པདྨའི་སྦུབས་ནས་འཁྲུངས་པའི་ཚེ་སངས་རྒྱས་ཀྱི་ཤིས་པར་བརྗོད་པ་གུ་རུ་ཨུ་རྒྱན་གླིང་པའི་གཏེར་མའོ།། །།]

དཔལ་བཀའ་འདུས་ཀྱི་སྐོར་བསྡུས་རིན་ཆེན་སིལ་མ།

p. 513

༄༅། །དཔལ་བཀའ་འདུས་ཀྱི་སྐོར་བསྡུས་རིན་ཆེན་སིལ་མ་བཞུགས་སོ༔

p. 514

ག༈འགག༔ དཔལ་ཆེན་བཀའ་འདུས་ལྷ་ལ་ཕྱག་འཚལ་ལོ༔ [དཔལ་བཀའ་འདུས་ཀྱི་ལྷ་ཚོགས་ཐུགས་དམ་སྐོར་བའི་གཏོར་མ་རི་རབ་ཟླ་གམ་ལྷ་གྲངས་ཀྱི་དཔལ་གཏོར་དང་སྤྱན་གཟིགས་སྣ་ཚོགས་པས་བརྒྱན་པ་སྨན་རཀ་གི་ཕུད་སྦྲེང་བ་དང་བཅས་པ་བཤམས་ལ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་འབུལ་བ་ནི༔] ཧཱུྃ༔ ཆོས་ཀྱི་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་༔ འགྲོ་བ་སེམས་ཅན་ཚོགས་རྫོགས་སྒྲིབ་སྦྱང་ཕྱིར༔ དཔལ་ཆེན་བཀའ་འདུས་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ་ཧྲཱིཿ ཕུང་ཁམས་སྐྱེ་མཆེད་རང་བཞིན་གནས་དག་པ༔ རིགས་ལྔ་བཞི་བཅུ་རྩ་གཉིས་ཞི་བའི་ལྷ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ སུམ་བརྒྱ་སུམ་ཅུ་འདུས་པའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཡེ་ཤེས་གཞལ་ཡས་རྩ་བའི་དཀྱིལ་འཁོར་ནས༔ རིགས་ཀུན་བདག་པོ་སྤྱི་དཔལ་ཧེ་རུ་ཀ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ སུམ་བརྒྱ་སུམ་ཅུ་རྩ་བཞིའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཤར་སྟོད་བྱམས་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཐུགས་ཀྱི་བདག་ཉིད་ཡང་དག་ཧེ་རུ་ཀ༔ ཡབ་ཡུམ་ཐབས་

p. 515

དང་ཤེས་རབ་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཤར་སྲིབ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ནས༔ མི་འགྱུར་བདག་ཉིད་བཅོམ་ལྡན་རྡོ་རྗེ་ཕྲེང་༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ བརྒྱ་དང་རྩ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཤར་དབུས་དགའ་བ་ཆེན་པོའི་དཀྱིལ་འཁོར་ནས༔ ཡེ་ཤེས་བདག་ཉིད་དཔལ་ཆེན་གསང་བའི་བདག༔ ཡབ་ཡུམ་ཐབས་དང་ཤེས་རབ༴ ལྷ་ཚོགས་བརྒྱད་ཅུར་བཞེངས་པའི༴ ཧཱུྃ་ཧྲཱིཿ ཤར་སྨད་བཏང་སྙོམས་ཆེན་པོའི་དཀྱིལ་འཁོར་ནས༔ དྲག་ཤུལ་བདག་ཉིད་རྡོ་རྗེ་རྩལ་ཆེན་རྫོགས༔ ཡབ་ཡུམ་ཐབས་དང་༴ སུམ་ཅུ་རྩ་དྲུག་ལྷ་ཚོགས༴ ཧཱུྃ་ཧྲཱིཿ ལྷོ་སྟོད་སྦྱིན་པ་ཆེན་པོའི་དཀྱིལ་འཁོར་ནས༔ བྱིན་རླབས་བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡབ་ཡུམ་ཐབས་དང་༴ རིག་འཛིན་མཁའ་འགྲོ་བརྒྱད་ཅུའི༴ ཧཱུྃ་ཧྲཱིཿ ལྷོ་སྲིབ་ངག་སྙན་སྨྲ་བའི་དཀྱིལ་འཁོར་ནས༔ བདེ་ཆེན་བདག་ཉིད་འཁོར་ལོ་བདེ་བའི་མཆོག༔ ཡབ་ཡུམ་ཐབས་དང་༴ དྲུག་ཅུ་རྩ་གཉིས་ལྷ་ཚོགས༴ ཧཱུྃ་ཧྲཱིཿ ལྷོ་དཀྱིལ་དོན་མཐུན་རོལ་པའི་དཀྱིལ་འཁོར་ནས༔ སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེ་གཤེད༔ ཡབ་ཡུམ་ཐབས་དང་༴

p. 516

དྲུག་ཅུ་རྩ་ལྔའི་ལྷ་ཚོགས༴ ཧཱུྃ་ཧྲཱིཿ ལྷོ་སྨད་དོན་སྤྱོད་རོལ་པའི་དཀྱིལ་འཁོར་ནས༔ སྟོབས་ཀྱི་བདག་ཉིད་རཏྣ་རྩལ་ཆེན་རྫོགས༔ ཡབ་ཡུམ་ཐབས་དང་༴ ལྔ་བཅུ་རྩ་ལ་ལྔའི་ཚོགས༴ ཧཱུྃ་ཧྲཱིཿ ནུབ་སྟོད་འདོད་པ་ཟག་མེད་དཀྱིལ་འཁོར་ནས༔ གསུང་གི་བདག་ཉིད་དབང་ཆེན་རྟ་མཆོག་དཔལ༔ ཡབ་ཡུམ་ཐབས་དང་༴ ལྔ་བཅུ་རྩ་ལྔའི་ལྷ་ཚོགས༴ ཧཱུྃ་ཧྲཱིཿ ནུབ་སྲིབ་མ་རིག་ཟག་མེད་དཀྱིལ་འཁོར་ནས༔ སྙིང་རྗེའི་བདག་ཉིད་བཅོམ་ལྡན་ཀྱེ་རྡོ་རྗེ༔ ཡབ་ཡུམ་ཐབས་དང་༴ དྲུག་ཅུ་རྩ་ལྔའི་ལྷ་ཚོགས༴ ཧཱུྃ་ཧྲཱིཿ ནུབ་དཀྱིལ་སྲིད་པ་ཟག་མེད་དཀྱིལ་འཁོར་ནས༔ གསང་བའི་བདག་ཉིད་བཅོམ་ལྡན་གསང་བ་འདུས༔ ཡབ་ཡུམ་ཐབས་དང་༴ བརྒྱ་དང་སུམ་ཅུའི་ལྷ་ཚོགས༴ ཧཱུྃ་ཧྲཱིཿ ནུབ་སྨད་ལྟེ་བ་ཟག་མེད་དཀྱིལ་འཁོར་ནས༔ འཆི་མེད་བདག་ཉིད་པདྨ་རྩལ་ཆེན་རྫོགས༔ ཡབ་ཡུམ་ཐབས་དང་༴ དགུ་བཅུ་རྩ་བརྒྱད་ལྷ་ཚོགས༴ ཧཱུྃ་ཧྲཱིཿ བྱང་སྟོད་ཆོས་ཀུན་སྟོང་ཉིད་དཀྱིལ་འཁོར་ནས༔ ཡོན་ཏན་བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཡབ་ཡུམ་ཐབས་དང་༴ བདུན་ཅུ་རྩ་གཉིས་ལྷ་ཚོགས༴ ཧཱུྃ་ཧྲཱིཿ བྱང་སྲིབ་མཚན་མ་མེད་པའི་དཀྱིལ་འཁོར་ནས༔ འཕོ་མེད་བདག་ཉིད་དཔལ་ལྡན་དུས་འཁོར་ལོ༔ ཡབ་ཡུབ་ཐབས་

p. 517

དང་༴ བརྒྱ་དང་དྲུག་ཅུ་རྩ་བཞིའི༴ ཧཱུྃ་ཧྲཱིཿ བྱང་དཀྱིལ་སྨོན་པ་མེད་པའི་དཀྱིལ་འཁོར་ནས༔ འདོད་འབྱུང་བདག་ཉིད་དཔལ་ཆེན་མཁའ་ཀློང་འཁྱིལ༔ ཡབ་ཡུམ་ཐབས་དང་༴ བརྒྱ་དང་བཅུ་བདུན་ལྷ་ཚོགས༴ ཧཱུྃ་ཧྲཱིཿ བྱང་སྨད་འདུ་མི་བྱེད་པའི་དཀྱིལ་འཁོར་ནས༔ ཐོགས་མེད་བདག་ཉིད་ཀརྨ་རྩལ་ཆེན་རྫོགས༔ ཡབ་ཡུམ་ཐབས་དང་༴ བརྒྱ་དང་ལྔ་བཅུའི་ལྷ་ཚོགས༴ ཧཱུྃ་ཧྲཱིཿ ཤར་ལྷོ་ལུས་དྲན་ཉེར་གཞག་དཀྱིལ་འཁོར་ནས༔ ཆོ་འཕྲུལ་བདག་ཉིད་མངོན་རྫོགས་ཧེ་རུ་ཀ༔ ཡབ་ཡུམ་ཐབས་དང་༴ བདུན་ཅུ་རྩ་བཞིའི་ལྷ་ཚོགས༴ ཧཱུྃ་ཧྲཱིཿ ལྷོ་ནུབ་ཚོར་དྲན་ཉེར་གཞག་དཀྱིལ་འཁོར་ནས༔ ཕྲིན་ལས་བདག་ཉིད་བཛྲ་ཀི་ལ་ཡ༔ ཡབ་ཡུམ་ཐབས་དང་༴ བརྒྱད་ཅུ་རྩ་བཞིའི་ལྷ་ཚོགས༴ ཧཱུྃ་ཧྲཱིཿ ནུབ་བྱང་སེམས་དྲན་ཉེར་གཞག་དཀྱིལ་འཁོར་ནས༔ མཆོད་བསྟོད་བདག་ཉིད་དྲེགས་པ་ཀུན་འདུལ་ཆེ༔ ཡབ་ཡུམ་ཐབས་དང་༴ དྲེགས་པ་བཞི་བཅུའི་ཚོགས་ཀྱི་ཐུགས༴ ཧཱུྃ་ཧྲཱིཿ བྱང་ཤར་ཆོས་དྲན་ཉེར་གཞག་དཀྱིལ་འཁོར་ནས༔ མངོན་སྤྱོད་བདག་ཉིད་དཔལ་ཆེན་སྟོབས་ལྡན་ནག༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ ཉི་ཤུ་རྩ་བརྒྱད་ལྷ་

p. 518

ཚོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ གཞན་ཡང་དཀྱིལ་འཁོར་ཕྱི་ནང་བར་ཁྱམས་ནས༔ འགྲོ་འདུལ་ཐུབ་དྲུག་བདེ་གཤེགས་སྟོང་རྩ་གཉིས༔ སྒོ་བ་ཡབ་ཡུམ་གིང་ལང་དབང་ཕྱུག་ཚོགས༔ དཔལ་ཆེན་བཀའ་འདུས་ཡོངས་རྫོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་སྐོང་བའི་རྫས་མཆོག་ནི༔ རིན་ཆེན་དུར་ཁྲོད་གཞལ་ཡས་ཐུགས་དམ་བསྐང་༔ ཞི་ཁྲོའི་ཆ་བྱད་རྒྱན་གྱིས་ཐུགས་དམ་བསྐང་༔ ཕྱག་རྒྱ་བཅུ་དྲུག་གར་གྱིས༴ སྔགས་དང་བརྡ་ཚིག་གླུ་ཡིས༴ ཉེར་སྤྱོད་འདོད་ཡོན་རྒྱ་མཚོས༴ ཀུན་བཟང་ཏིང་འཛིན་རོལ་མོས༴ རྩ་བརྒྱད་སྟོང་སྦྱར་སྨན་གྱིས༴ རྒྱུ་དྲུག་བསྒྲལ་བའི་རཀྟས༴ རྨད་དུ་བྱུང་བའི་གཏོར་མས༴ འདོད་ཡོན་ཀུན་འབྱུང་ཚོགས་ཀྱིས༴ མ་ཉམས་ཛ་གད་ཕུད་ཀྱིས༴ རྡོ་རྗེ་པདྨ་བདེ་སྦྱོར༴ ཞིང་བཅུ་རྩད་གཅོད་སྒྲོལ་བས༴ ལྟ་དགོངས་གདིང་ལྡན་རྟོགས་པས མཆོག་ཆེན་མཆོག་ཕྲན་མདངས་ཀྱིས༴ ལོངས་སྤྱོད་སྤྱན་གཟིགས་དཀོར་ཆས དངོས་འབྱོར་རྣམ་པར་དག་པས ཡིད་སྤྲུལ་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་གྱུར་ཉམས་ཆག་སོར་ཆུད་ནས༔ ཞི་རྒྱས་དབང་དྲག་ཕྲིན་ལས་འགྲུབ་

p. 519

པ་དང་༔ འཁོར་སྲུངས་རྐྱེན་ཟློག་མི་མཐུན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱིཿ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོ་དུ་མེད་དེ་མཉམ་ཉིད་ཀློང་དུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ [ཞེས་བསྐང་ངོ་༔ བཤགས་པ་ནི་གདུང་བའི་ཡིད་རྩེ་གཅིག་པས༔] ཧོཿ དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ༔ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་སྒྲུབ་པའི་ཕྱིར༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་༔ གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས༔ དམ་བཅས་བཀའ་ལས་འདའ་བར་མི་བགྱི་སྟེ༔ ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་༔ ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ༔ རྡོ་རྗེ་སློབ་དཔོན་སྟོན་པ་སྒྲོན་མེ་ལ༔ སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ༔ ངན་

p. 520

སེམས་ལོག་པར་ལྟ་བ་ལ་སོགས་པ༔ སྐུ་ཡི་དམ་ཚིག་ཉམས་པ་ཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་༔ སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་༔ དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ༔ བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས༔ སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས༔ གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ༴ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ༴ ལུས་ངག་ཡིད་གསུམ་བསྲུང་བྱ་འདས་པ་ཡིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཚགས་རྣམས་ཀྱི་སྤྱན་ལམ་དུ༔ མངོན་རྟོགས་སྤང་ལེན་བགྱིས་

p. 521

པ་མཐོལ་ལོ་བཤགས༔ མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ༔ ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ་བཤགས༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ༔ གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས༔ དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ༔ དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ༔ དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས༔ འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ༔ སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས༔ སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་༔ རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས༔ ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ༔ མི་སྦེད་སླན་ཆད་གཅོད་ཅིང་བསྡམ་པར་བགྱི༔ དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན༔ ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ [ཡིག་གེ་བརྒྱ་པ་བརྒྱ་སྟོང་སོགས་མང་དུ་བརྗོད་པར་བྱའོ༔ དེ་ལྟར་རབ་ཀྱིས་དུས་དྲུག༔ འབྲིང་དུས་བཞིའམ་གསུམ༔ ཐ་མའང་ལོ་ཟླར་མ་ཆག་པར་བྱས་

p. 522

པས་རྣལ་འབྱོར་པའི་ཚོགས་རྫོགས༔ ཉམས་ཆག་བྱང་༔ རྐྱེན་བཟློག༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ༔ སློབ་དཔོན་ཆེན་པོའི་གསུང་བཞིན་མཁར་ཆེན་མཚོ་རྒྱལ་གྱིས་ཡི་གེར་བྲིས་ཏེ་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ལ་གཏད་པའོ༔] ས་མ་ཡ༔ རྒྱ་རྒྱ་རྒྱ་༔

དཔལ་བཀའ་འདུས་ཀྱི་བཀའ་སྲུང་མཆོད་ཐབས་ཤིན་ཏུ་བསྡུས་པ།

p. 523

[དཔལ་བཀའ་འདུས་ཀྱི་བཀའ་སྲུང་མཆོད་ཐབས་ཤིན་ཏུ་བསྡུས་པ་བཞུགས་སོ༔] དཔལ་ཆེན་བཀའ་འདུས་ལྷ་ལ་ཕྱག་འཚལ་ལོ༔ [བཀའི་སྲུང་མ་མཆོད་པ་ནི༔ དྲག་པོའི་སྣོད་དུ་ཤ་ཁྲག་གི་གཏོར་མ་བཤམ༔ འབྲུ་བཅུད་ཀྱི་སྐྱེམས་བླུགས༔ གཙང་མ་ཕུད་ཀྱི་བྲན་ལ༔] རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ [ཞེས་ཡང་ཡང་བརྗོད་པས་བྱིན་གྱིས་བརླབས་ནས༔]རང་སྤྱི་དཔལ་ཆེན་པོའི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་འདུས་པའི་ལྷ་ཚོགས་གཙོ་འཀོར་བྲན་དང་ཕོ་ཉ་བསམ་གྱི་མི་ཁྱབ་པ་དང་བཅས་པ་སྤྱན་དྲངས་པར་[བསམས་ལ༔]ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ སྤྲིན་ནག་འདུས་པའི་དུར་ཁྲོད་ནས༔ ལྷ་ཡི་དེད་དཔོན་ནག་པོ་ཆེ༔ སྲིང་མོ་ལྷ་མོ་དུང་སྐྱོང་མ༔ དཔལ་མགོན་འདུས་པའི་འཁོར་དང་བཅས༔ ཧེ་རུ་ཀ་དཔལ་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་གཡར་དམ་དགོངས༔ ལས་མ་གཡེལ་ད་ཚུར་བྱོན༔ ཨོཾ་ཤྲཱི་མཧཱ་ཀཱ་ལ་སརྦ་དུཥྚཱན་སརྦ་ས་ང་ཡ་ཛཿཛཿ[ཞེས་སྤྱན་དྲངས༔]ན་མོ་ན་མའ་མི༔ [ཞེས་ཕྱག་འཚལ༔]སརྦ་ཏིཥྛ་ལྷན༔ [ཞེས་བཞུགས་སུ་གསོལ༔]སརྦ་ས་མ་ཡ་ཧོ༔ [ཞེས་དམ་ལ་བཞག༔]ཧཱུྃ༔ མགོན་པོ་ཡབ་ཡུམ་འཁོར་བཅས་ལཿ ཕྱི་ནང་གསང་བའི་མཆོད་པ་འབུལ༔ དགྱེས་པའི་ཐུགས་ཀྱིས་བཞེས་ནས་ཀྱང་༔

p. 524

ལས་ཀྱི་དངོས་གྲུབ་མཆིས་པར་མཛོད༔ ཨོཾ་ཤྲཱི་མཧཱ་ཀཱ་ལ་སརྦ་དུཥྚན་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤཔྡ་སརྦ་པཱུ་ཛཔྲ་ཏཱིཙྪ་ཧོ༔ མཧཱ་ཨ་མྲྀ་ཏ་རཀྟ་པཱ་ཛ་ཧོ༔ [ཞེས་དང་ཁྱད་པར་གཏོར་མས་མཆོད་ཅིང་༔] ཧཱུྃ༔ བྷནྡྷ་རིན་ཆེན་སྣོད་ཡངས་སུ༔ འབྲུ་སྣ་ལྔ་སྦྱར་གཏོར་མ་ནི༔ ཤ་ཁྲག་ཕུད་ཀྱིས་རབ་བརྒྱན་ཏེ༔ ནམ་མཁའ་མཉམ་པས་རབ་ཏུ་མཆོད༔ ཨོཾ་ཤྲཱི་མཧཱ་ཀཱ་ལ་སརྦ་དུཥྚཱན་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་པཱུ་ཉྫ་ཧོ༔ རཀྟ་པཱི་པ་ཧོཿ ཧ་ཧ་ཧེ་ཧེ་ཧོ་ཧོཿ ས་མ་ཡ་སརྦ་ཀརྨ་སིདྡྷི་ཀུ་རུ་སྭཱཧཱ༔ [དེ་ནས་བསྟོད་པ་ནི༔ རྔ་བརྡུང་ཞིང་དབྱངས་དང་བཅས་པས༔]ཧཱུྃ༔ བཅོམ་ལྡན་སྤྱི་དཔལ་ཧེ་རུ་ཀའི༔ ཐུགས་ལས་སྤྲུལ་པའི་ནག་པོ་ཆེ༔ མགོན་པོ་ཀུན་འདུས་དྲེགས་པའི་རྗེ༔ མཐིང་ནག་དབུ་དགུ་བཅོ་བརྒྱད་ཕྱག༔ གཡས་ཀྱི་དང་པོས་རུ་མཚོན་འཕྱར༔ ཡེ་ཤེས་ལྷ་ནི་རྟགས་སུ་བརྗིད༔ གཡོན་གྱི་དང་པོས་མེ་ལོང་སྟོན༔ ལེགས་ཉེས་སྟངས་འཛིན་ཕྲིན་ལས་རྫོགས༔ དེ་འོག་གཉིས་ཀྱིས་མདའ་གཞུ་འགརརངས༔ དགྲ་བོེའི་སྙིང་ནས་འབིགས་པར་བྱེད༔ ལྷག་མ་ལྕགས་ཀྱུ་རྒྱུ་ཞགས་དང་༔ ཆུ་གྲི་གྲི་གུག་སྟྭ་རེ་འབར༔ ཐོ་བ་ཐོད་པ་གཡས་ན་བསྣམས༔ གཡོན་པས་དཔལ་མདུང་རལ་གྲི་དང་༔ ལྕགས་སྒྲོག་སྦར་ཤད་རྩེ་ལྔ་པ༔ མེ་

p. 525

ཐབ་ཐོག་མདེལ་སྟེང་དུ་གདེངས༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ ཁྱུང་སེང་སྟག་དོམ་འབྲུག་རྣམས་བརྫིས༔ སྤྲེའུ་སྲིན་པོའི་པགས་པ་དང་༔ དར་ནག་འཇོལ་བེར་སྟོད་གཡོགས་ཤིང་༔ དོམ་དང་སྟག་ལྤགས་སྨད་དཀྲིས་མཛད༔ རིན་ཆེན་སྦྲུལ་གྱིས་རབ་ཏུ་བརྒྱན༔ ཁམས་གསུམ་དྲེགས་པ་ཟིལ་གནོན་པར༔ གནམ་ལྕགས་མེ་འབར་མཚན་ཡང་གསོལ༔ གཉིས་མེད་མ་ནིང་ཧེ་རུ་ཀ༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དྲག་མོའི་གཟུགས་ཅན་ཤངྐ་རི༔ སྔགས་ཀྱི་སྲུང་མ་རལ་གཅིག་མ༔ མོ་རྒྱུད་ཤ་ཟ་ཀུན་གྱི་གཙོ༔ དུང་སྐྱོང་ལྷ་མོར་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་ཕྱོགས་མགོན་པོ་སྟན་ཞོན་ཆེ༔ ཙནྡན་བེད་ཆེན་ལྕགས་པར་བསྣམས༔ སྟག་ལ་ཞོན་ནས་དགྲ་བགེགས་འདུལ༔ ཞེ་སྡང་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ ལྷོ་ཕྱོགས་མགོན་པོ་གླང་ཞོན་ནག༔ རྩེ་གསུམྦྷནྡྷ་ཁྲག་བཀང་བསྣམས༔ གླང་ལ་ཞོན་ནས་དགྲ་བགེགས་འདུལ༔ ང་རྒྱལ་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ ནུབ་ཕྱོགས་མགོན་པོ་སེང་ཞོན་དམར༔ ཕྱག་གཉིས་ཟངས་གཞུ་ལྕགས་མདའ་འགེངས༔ སེང་གེ་ཞོན་ནས་དགྲ་བགེགས་འདུལ༔ འདོད་ཆགས་བདུད་འཇོམས་ཁྱོད་ལ་བསྟོད༔

p. 526

ཧཱུྃ༔ བྱང་ཕྱོགས་མགོན་པོ་རྟ་ཞོན་མཐིང་༔ རུ་དར་གཡོབ་ཅིང་ཐོད་ཁྲག་འཐུང་༔ རྟ་ལ་ཞོན་ནས་གྲ་བགེགས་འདུལ༔ ཕྲག་དོག་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ ཤར་ལྷོའི་མགོན་པོ་ཕྱག་བཞི་མཐིང་༔ གྲི་ཐོད་སྙིང་དང་ཁ་ཊྭཱཾ་བསྣམས༔ སྒེག་པའི་ཉམས་ཀྱིས་དགྲ་བགེགས་འདུལ༔ དྲེགས་པའི་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ ལྷོ་ནུབ་མགོན་པོ་གྲི་གུག་ནག༔ གྲི་གུག་གདེངས་ཤིང་བྷན་ཁྲག་འཐུང་༔ རྔམས་པའི་ཉམས་ཀྱིས་དགྲ་བགེགས་འདུལ༔ ལོག་འདྲེན་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ ནུབ་བྱང་མགོན་པོ་ཏྲ་ཀྵད་མཐིང་༔ ཙནྡན་བིང་ཆེན་རུ་མཚོན་འཕྱར༔ ཁྲོས་པའི་ཉམས་ཀྱིས་དགྲ་བགེགས་འདུལ༔ དྲག་ཤུལ་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ བྱང་ཤར་མགོན་པོ་ཞང་བློན་ནག༔ ཁ་ཊྭཱཾ་རྩེ་གསུམ་ཐོད་ཁྲག་བསྣམས༔ གཏུམ་པའི་ཉམས་ཀྱིས་དགྲ་བགེགས་འདུལ༔ ལོག་ལྟའི་བདུད་འཇོམས་ཁྱོད་ལ་བསྟོད༔ ཧཱུྃ༔ གཞན་ཡང་མགོན་པོའི་བཀའ་འཁོར་ན༔ ཕོ་རྒྱུད་མོ་རྒྱུད་མ་ནིང་གི༔ རྒྱུད་གསུམ་དྲེགས་པའི་སྡེ་དང་དཔུང་༔ བསམ་མི་ཁྱབ་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད་ཅིང་ཐུགས་དམ་བསྐུལ་བ་ལ་དམིགས་ནས༔] ཨོཾ་ཤྲཱི་མཧཱ་ཀཱ་ལ་སརྦ་དུཥྚཱན་ཨེ་ཛཿབྷྱོ༔ [ཞེས་བཟླའོ༔ དེ་ནས་ཚོགས་དང་

p. 527

ཡོ་བྱད་ཆེན་པོས་ཐུགས་དམ་བསྐང་ཞིང་བཤགས་པ་ནི༔] ཧཱུྃ༔ ཡེ་ཤེས་ལས་གྲུབ་དཔལ་ལྡན་མགོན་པོའི་ཚོགས༔ མཧཱ་ཀཱ་ལ་སྤྱི་དཔལ་ཁྲོ་བོའི་རྗེ༔ མ་མགོན་འདུས་པའི་ལྷ་ཚོགས་འཁོར་དང་བཅས༔ ཐུགས་དམ་བསྐང་ཕྱིར་དབྱིངས་ནས་གཟི་བྱིན་བསྐྱེད༔ དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་ཆེན་པོར༔ དགྲ་བགེགས་བསྒྲལ་བའི་འདོད་ཡོན་ཕུང་པོར་སྤུངས༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ མགོགན་པོ་ཀུན་འདུས་ལྷ་ཚོགས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱི་མཆོད་པ་སྦྲེང་བ་ནི༔ ལྷ་ཡི་ཞལ་ཟས་བས་ཀྱང་བཅུད་རེ་ཆེ༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་ཏེ༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ རཀྟ་དམར་གྱི་ཨརྒྷཾ་འཁྱིལ་བ་ནི༔ ཕྱི་ཡི་རྒྱ་མཚོ་བས་ཀྱང་གཏིང་རེ་ཟབ༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཚོགས་དང་གཏོར་མའི་ཕུང་པོ་བཤམས་པ་ནི༔ རི་རྒྱལ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཤེས་རབ་རིག་མས་བདེ་བའི་པདྨོ་སྦྱོར༔ ཐབས་ཀྱི་དཔའ་

p. 528

བོས་ཞིང་བཅུའི་སྲོག་རྩ་སྒྲོལ༔ ཐབས་ཤེས་དབྱེར་མེད་བྱང་ཆུབ་སེམས་ཆེན་པོས༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ རྟེན་རྫས་མི་གཡོ་སྐོང་རྫས་སྐར་ལྟར་འཁྲུགས༔ སྒྲུབ་རྫས་མངའ་གསོལ་མཐུན་རྫས་ཚར་དུ་དངར༔ མཆོད་རྫས་སྤྲིན་གཏིབས་ལས་ཀྱི་དམ་རྫས་ཀྱིས༔ མ་མགོན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་གྱུར་ནད་གདོན་བར་ཆད་སོལ༔ དགྲ་བགེགས་ཚར་ཆོད་ཁམས་གསུམ་དབང་དུ་སྡུས༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྙན་གྲགས་སྤེལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ༔ ལྟ་བ་འཕང་དམའ་སྒོམ་པ་ལེ་ལོས་བསྒྲིབས༔ སྤྱོད་པ་རྩལ་ཆུང་འབྲས་བུ་རིང་དུ་གཡེལ༔ གསང་བའི་མན་ངག་ཟབ་མོའི་དོན་མ་རྟོགས༔ མ་མགོན་དམ་ཅན་ཐུགས་དང་འགལ་བ་ཀུན༔ བླ་མ་ཡི་དམ་སྤྱན་སྔར་མཐོལ་ལོ་བཤགས༔ བཀའ་སྲུང་འཁོར་དང་བཅས་ལ་བཟོད་པར་གསོལ༔ ཚངས་པར་སྩལ་ནས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མ་ལུས་དེང་འདིར་སྩལ་དུ་གསོལ༔ [ཞེས་བརྗོད་ཅིང་ཡི་གེ་བརྒྱ་པས་བཤགས་པ་བྱ༔ ཐུན་གཏོར་དང་ཕུད་སྐྱེམས་འབུལ་ཞིང་༔] ཧཱུྃ༔ ཕུད་ཀྱིས་གསོལ་ལོ་ཆོས་སྐྱོང་ཚོགས༔ གཏོར་མས་མཆོད་དོ་

p. 529

དྲེགས་པའི་གཙོ༔ རྔམས་ཤིང་དགྱེས་པས་འདི་བཞེས་ལ༔ གསོལ་མཆོད་བཅོལ་བའི་ཕྲིན་ལས་མཛོད༔ སྔོན་ཚེ་བཀོད་པ་ལྷུན་གྲུབ་ཏུ༔ རྡོ་རྗེ་འདུས་པས་དམ་ལ་བཞག༔ བར་དུ་སྤྲིན་ནག་འདུས་པའི་ཁྲོད༔ རིག་འཛིན་གཙོ་བོས་ཕྲིན་ལས་བསྐུལ༔ ཐ་མ་ཟ་ཧོར་བོད་ཡུལ་དུ༔ ཨོ་རྒྱན་ཆེན་པོས་གཉེར་གཏད་བཞིན༔ མ་མགོན་དམ་ཅན་འདུས་པའི་ཚོགས༔ ཐ་ཚིག་གཉན་པོ་དེང་འདིར་དགོངས༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བསྟན་ལ་འཚེ་བྱེད་ཞིང་བཅུ་ཡི༔ སྙིང་ཁྲག་དམར་པོ་ཧུབ་ཀྱིས་དྲོངས༔ རིག་འཛིན་བདག་ཅག་དཔོན་སློབ་དང་༔ བསྟན་པ་མཆོད་པའི་སྦྱིན་བདག་གི༔ ཚེ་བསོད་དཔལ་འབྱོར་གཟི་བྱིན་སྐྱེད༔ ནད་གདོན་བར་ཆད་ཐམས་ཅད་ཟློག༔ ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ ཡིད་མཐུན་མཁོ་དགུ་དབང་དུ་སྡུས༔ བསམ་པའི་དོན་ཀུན་འབད་མེད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ [ཅེས་ལས་ཀྱི་གཉེར་གཏད་དོ༔ མགོན་པོ་གནམ་ལྕགས་མེ་འབར་དམ་ཅན་འདུས་པའི་མཆོད་གསོལ་རྒྱུན་དུ་བྱ་བ་རྫོགས་སོ༔] ས་མ་ཡ༔ རྒྱ་རྒྱ་རྒྱ༔ [སྤྲུལ་སྐུ་ཨོ་རྒྱན་གླིང་པའི་གཏེར་མའོ༎ ༎]

བཀའ་འདུས་ཀྱི་ཚོམ་བུ་ཚོགས་སུ་སྒྲུབ་པའི་ལས་ཐོག

p. 530
p. 531

༄༅། །བཀའ་འདུས་ཀྱི་ཚོམ་བུ་ཚོགས་སུ་སྒྲུབ་པའི་ལས་ཐོག་བཞུགས་སོ། །

p. 532

ན་མཿཤྲཱི་གུ་ར་བེ། [ཞི་ཁྲོ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཆེན་པོའི་སྒྲུབ་ཆེན་གྱི་ཁོག་དབུབ་རེ་ཞིག་རང་གཞུང་མ་རྙེད་ན། བཀའ་བརྒྱད་བདེར་འདུས་ཀྱི་སྒྲུབ་ཁོག་སྦྱོར་ན་ལེགས་པར་ཀུན་མཁྱེན་བླ་མ་འཁོར་ལོའི་མགོན་པོ་ཉིད་ཀྱིས་རྗེས་སུ་གནང་བས་དེ་ལྟར་ལག་ཏུ་ལེན་པའི་སྐབས། རྩ་བའི་ས་བཅད་སྙིང་པོ་དོན་གྱི་ཐུགས་ཁྲིད་ལས་གསལ་བར་བསྟན་པ་ལྟར། གང་དུ་སྒྲུབ་པའི་གནས། གང་ཚེ་སྒྲུབ་པའི་དུས། གང་གིས་སྒྲུབ་པའི་གང་ཟག །སྒྲུབ་པ་ལ་དགོས་པའི་ཡོ་བྱད། ཇི་ལྟར་སྒྲུབ་པའི་ཆོ་ག་བཅས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་ནས། སྒྲུབ་པ་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ་གཉིས། ས་ཆོག་དང་། སྤྱི་བཤགས་སོ། །དང་པོ་ལ། སྒྲུབ་

p. 533

གནས་རྙིང་པར་ས་བརྟག་པ་དང་སྣང་བ་ལས་བསླང་མི་དགོས་པའི་དབང་དུ་བྱས་ཏེ། མི་སྣང་བ་ལས་སློང་བ། དབང་དུ་བྱ་བ། སྦྱང་བ། བཟུང་བ་བཞི་ལས། དང་པོ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། རིམ་གཉིས་རྒྱུན་གྱི་རྣལ་འབྱོར་ལྟར་བདག་གི་རྣལ་འབྱོར་བཟླས་པ་དང་བཅས་པའི་མཐར་འོད་གསལ་འཇུག་ལྡང་བྱས་ལ། དཀྱིལ་འཁོར་གྱི་གཞིར་མཎྜལ་ཚོམ་བུ་གཅིག་པའི་མདུན་མཆོད་གཏོར་དང་གསེར་སྐྱེམས་བཤམ།] རྃ་ཡྃ་ཁྃ༔ ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་

p. 534

དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤཔྡ་པཱུ་ཛས་མ་ཡ་ཧཱུྃ༔ [ཞེས་དང་།] གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ [ལན་གསུམ་རྒྱ་དང་བཅས་པས་བརླབ།] བྷཱུ་མི་པོ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ[ས་མགྲོན་དགུག །]བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་[སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་འབུལ།] ཨོཾ་བཛྲ་པུཥྤེ་[སོགས་ཀྱིས་མཆོད།] ཧཱུྃ༔ དགོངས་ཤིགས་བདག་ལྷ་ཀླུ་སྡེ་དང་དཔུང་༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱི༔ འཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ༔ སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་པ་དང་བདུད་སྡེ་བཞི་བཏུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ལགས་པས༔ དེ་དང་རྗེས་སུ་མཐུན་པར་བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་ཚོགས་ཆེན་པོ་གཉིས་རྫོགས་པར་བགྱི་བའི་སླད་དུ་གནས་འདིར་མི་གནས་པའི་དཔལ་ཆེན་པོ་རྒྱལ་བ་ཞི་ཁྲོ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལྷ་ཚོགས་རིག་འཛིན་

p. 535

དང་བཅས་པའི་ཕོ་བྲང་འདེབས་པར་འཚལ་བས༔ ས་བདག་ལྷ་ཀླུ་སའི་ལྷ་མོ་དང་བཅས་པ་ཀུན་ས་གླུད་ཆེན་པོ་འདི་ཁྱེར་ལ་བདག་གིས་སྒྲུབ་པ་འདི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་གནས་གཞན་དུ་སྤོས་ཏེ་ས་གཞི་ཡང་བརྟན་ཅིང་བཀྲ་ཤིས་པར་མཛད་དུ་གསོལ༔ [ཞེས་འདོད་དོན་གསོལ་ནས།] བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་[བསམ་ཞིང་འཇམ་རོལ་དང་བཅས་གཏོར་མ་དང་གསེར་སྐྱེམས་ཕྱིར་འབུལ། མཆོད་པ་རྣམས་བསྡུའོ། །གཉིས་པ་ནི། དབང་མཆོག་ཕུར་བུ་ཐོགས་ལ།] བདག་ཉིད་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་སྐུར་གྱུར་[པར་བསམས་ལ།] ཧཱུྃ་པདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། [སྔགས་ལན་བདུན་གྱིས་དབང་ཕུར་དཀྱིལ་འཁོར་དབུས་སུ་ཕུར་སྟེགས་ལ་བཀོད་དེ་དབང་དུ་གྱུར་པའི་དམིགས་པ་གསལ་གདབ་ནས།] ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ཁྱབ་། བདག་གི་དབང་དུ་གྱུར། [ཅེས་བརྗོད། གསུམ་པ་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་བ་རྣམས་ལས། སྔགས་དང་ཕྱག་རྒྱས་སྦྱང་བ་ནི། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་རྩེ་ལྔ་པར་བསམས་ནས་ཕྱག་རྡོ་རྗེ་དང་བཅས་

p. 536

ས་ལ་རེག་པའི་ཚུལ་བྱས་ནས།] ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོཉཧཾ། [ལན་གསུམ་གྱིས་ས་ལ་བསྣུན། ཏིང་ངེ་འཛིན་གྱིས་སྦྱང་བ་ནི།] བདག་ཉིད་སྤྱི་དཔལ་ཆེན་པོ་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེག་གཏོར་སྦྱངས། དུར་ཁྲོད་རོལ་པའི་ཞིང་ཁམས་ཆེན་པོར་གྱུར་[པར་བསམ་མོ། །བཞི་པ་བཟུང་བ་ནི། སློབ་དཔོན་སྟེགས་བུའི་དབུས་སུ་རྡོར་དྲིལ་བཅས་བཞེངས་ལ།] བདག་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་རྐང་པ་གཉིས་ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་པ། མིག་གཡས་པ་ཨ་ལས་ཟླ་བ། གཡོན་པ་མ་ལས་ཉི་མ། དབུས་ཡེ་ཤེས་ཀྱི་སྤྱན་དང་གསུམ་ལ་ཧཱུྃ་དམར་པོ་རེ་རེས་མཚན་པར་གྱུར། ཧཱུྃ༔ ང་ནི་འཁོར་འདས་སྤྱི་དཔལ་ཧེ་རུ་ཀ༔ དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་བྱུང་གིས༔ བསྙེན་སྒྲུབ་དཀྱིལ་འཁོར་བལྟ་བར་མི་དབང་བའི༔ བགེགས་ཀྱི་ཚོགས་རྣམས་བྱེར་ཞིག་མྱུར་དུ་དེངས༔ ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཕེཾ་ཕེཾ༔ རྐང་པའི་རྡོ་རྗེ་ལས་མི་འབར་ཏེ་འབྱུང་པོ་བརྔན་པ་བྱིན་ཅིང་བདེན་པ་བརྗོད་ཀྱང་མི་ཉན་པ་བསྲེགས་ཤིང་རང་དབང་མེད་པར་བྲོས་པར་གྱུར། [རྡོ་རྗེ་གསོར་ཞིང་དྲིལ་

p. 537

བུ་འཁྲོལ་ལ་གཡོན་བསྐོར་ཁོ་ནས་རྡོ་རྗེ་རྩེ་གསུམ། གཡས་བརྐྱང་། གཡོན་བརྐྱང་སྟབས་ཀྱིས་བསྐོར་བ་གསུམ་བྱ།] བདག་གི་སྤྱན་གསུམ་གྱི་ཧཱུྃ་ལས་བྱང་སེམས་ཐུགས་རྗེའི་འོད་ཟེར་རབ་ཏུ་འཕྲོས་པས་འབྱུང་པོ་ཚར་བཅད་པ་རྣམས་ཀྱི་རྒྱུད་ལ་དགའ་བདེ་ཁྱད་པར་ཅན་སྐྱེས་པས། ཞེ་སྡང་ཁོང་ཁྲི་ཞི་ནས་གནོད་འཚེ་མེད་པར་གྱུར། ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཕེཾ་ཕེཾ༔ [ཞེས་བརྗོད་ལ་གཡས་བསྐོར་ཁོ་ནས་འགྲོས་འཁོར་གསུམ་གོང་ལྟར་བྱའོ། །གཉིས་པ་སྤྱི་བཤགས་ལ་གསུམ། སཱཙྩ་ཉེ་འདོན་སྲོག་བསླུ་ཆུ་གཏོར་སོགས་ཕྱི་ཚོགས་གསོག །ཡིག་བརྒྱ་སྤང་སྐོང་དོང་སྤྲུགས་སོགས་ནང་རྒྱུན་བཤགས། མཚན་མ་རྫས། ཕུང་པོ་རྟེན། ལོངས་སྤྱོད་ཚོགས་ཏེ་གསང་བ་སྐོང་གི་ཆོ་ག་རྣམས་ཇི་ཙམ་འགྲུབ་པ་སྐབས་འདིའམ་སྒྲུབ་པ་ལ་འཇུག་ཀར་བྱས་ཀྱང་རུང་ངོ་། །གཉིས་པ་དངོས་གཞི་ལ་གསུམ། བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོ་རྣམས་སོ། །དང་པོ་ལ་བཅུ་གཅིག་ཡོད་པའི་ཐོག་མར་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་སྐུ་རྟེན་མཆོད་གཏོར་རྣམས་བཤམས་ལ། ཤར་གྱི་མཆོད་གཏོར།] ཨ་མྲྀ་ཏ[ས་བསང་།] རྃ་ཡྃ་ཁྃ་[གིས་སྦྱང་།] ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔

p. 538

ཨོཾ་བཛྲ་པུཥྤེ་ནས། ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ [གིས་བརླབས། ཐོ་སྐུ་རྟེན་དང་བཅས་པ་]ཨ་མྲྀ་ཏ[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ [ས་རྟེན་ལ་བསྟིམ།]ཨོཾ་ཌྷྲྀཥྚ་རཱཥྚ་ཧཱུཾ་ཛཿ [ལན་ཉེར་གཅིག་མཐར།] ཨོཾ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱཧཱ[འི་བར་གྱིས་མཆོད། རྡོར་ཐལ་ཕྱེ་རྒྱས་སྙིང་པོའི་མཐར།] བ་ལིཾ་ཏ་ནཱ་ནཱ་ཁཱ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ [ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ།] ཧཱུྃ༔ རི་རབ་གླིང་བཞིའི་ཤར་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གིས་མཐུས༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ དཔལ་ལྡན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར༔ ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝ་བསྣམས༔ ཤར་ཕྱོགས་དྲི་ཟའི་འཁོར་ཚོགས་མཚམས་ཆོད་ཅིག༔ [ཅེས་ཕྲིན་ལས་གསོལ་བས་སྲུང་བའི་ལས་མཛད་པར་བསམ་ཞིང་།] ཏིཥྛ་བཛྲ། [ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དེ་ནས་ལྷོའི་

p. 539

མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་།] རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ[ས་བསྟིམ།]ཨོཾ་བཻ་རུ་ཌྷ་ཀ་ཡ་ཧཱུྃ་ཛཿ [ལན་ཉེར་གཅིག་དང་།] ཨོྃ་བཛྲ་ཨརྒྷཾ་[སོགས་ཀྱིས་མཆོད། སྙིང་པོའི་མཐར།] བ་ལིཾ་ཏ་[སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ།] ཧཱུྃ༔ རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས༔ ཕྱག་ན་རྡོ་རྗེའི་དབང་གིས༴ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ བདག་ཅག༴ མ་དག༴ ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་ཚུལ་གྱིས་འགྲོ་དོན་མཐར་ཕྱིན་སྐུ༔ དུག་གསུམ་འཇོམས་པའི་བེ་ཅོན་རལ་གྲི་བསྣམས༔ ལྷོ་ཕྱོགས་གྲུལ་བུམ་འཁོར་ཚོགས་མཚན་ཆོད་ཅིག༔ [ཅེས་དང་།] ཏིཥྛ་བཛྲ[ས་བརྟན་བཞུགས་བྱ། དེ་ནས་ནུབ་ཀྱི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་།] རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ[ས་བསྟིམ།] ཨོཾ་བི་རཱུ་པཀྵ་ཧཱུྃ་ཛཿ [ཉན་ཉེར་གཅིག་དང་།] ཨོཾ་བཛྲ་ཨརྒྷཾ་[སོགས་ཀྱིས་མཆོད། སྙིང་པོའི་མཐར།] བ་ལིཾ་ཏ་སོགས་[བཏགས་པ་གསུམ་གྱིས་གཏོར་མ་ཕུལ།] ཧཱུྃ༔

p. 540

རི་རབ་གླིང་བཞིའི་ནུབ་ཕྱོགས་ནས༔ ཕྱག་ན༴ རྒྱལ་པོ་ཆེནན་པོ་སྤྱན་མི་བཟང་༔ བདག་ཅག༴ མ་དག༴ ཆོས་སྐྱོང་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ དབང་དྲག་དམར་སྨུག་འབར་བ་འཇིགས་པའི་སྐུ༔ བསོད་ནམས་ཚོགས་རྫོགས་རིན་ཆེན་སྤྲུལ་ཞགས་བསྣམས༔ ནུབ་ཕྱོག་ཀླུ་དབང་འཁོར་ཚོགས་མཚམས་ཆོད་ཅིག༔ [ཅེས་དང་།]ཏིཥྛ་བཛྲས་[བརྟན་བཞུགས་བྱ། དེ་ནས་བྱང་གི་མཆོད་གཏོར་སྔར་ལྟར་བྱིན་གྱིས་བརླབ། ཐོ་བསང་སྦྱང་།] རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲས་མཱ་ཛཿས་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ[ས་བསྟིམ།] ཨོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ [ཞེས་ལན་ཉེར་གཅིག་དང་།] ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་[སོགས་ཀྱིས་མཆོད། སྙིང་པོའི་མཐར།] བ་ལིཾ་ཏ་[སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ།] ཧཱུྃ༔ རི་རབ་གླིང་བཞིའི་བྱང་ཕྱོགས་ནས༔ ཕྱག་ན༴ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ བདག་ཅག༴ མ་དག༴ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཆེ་བའི་ཡོན་ཏན་ལོངས་སྤྱོད་མཐར་ཕྱིན་སྐུ༔ རིན་ཆེན་གཏེར་ལྡན་ནེའུ་ལེ་བེ་ཅོན་བསྣམས༔ བྱང་ཕྱོགས་གནོད་སྦྱིན་འཁོར་ཚོགས་མཚམས་[ཆོད་ཅིག༔ ཅེས་དང་། ཏིཥྛ་བཛྲ[ས་བརྟན་བཞུགས་བྱའོ། །གཉིས་པ་ནང་མཚམས་ལ་གཉིས།

p. 541

དམ་སྲི་མནན་པ་ནི། སྒྲུབ་ཁང་གི་ཕྱི་སྒོར་བྲུབ་ཁུང་བྲུས་པར་མནན་ལིང་ཚུལ་བཞིན་བྲིས་པ་བཀོད། ཐོག་མར་འབྲུ་སྣ་བཏབ་པའི་གསེར་སྐྱེམས་རྡོར་སློབ་ཀྱིས་ཐོགས་ལ།] རྃ་ཡྃ་ཁྃ། [གཅིག །] ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ [གསུམ་གྱིས་བྱིན་བརླབ། དབྱངས་རོལ་བཅས།] ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་བཀའ་འདུས་ཞི་ཁྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག ། ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །[ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་འབུལ།] ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་

p. 542

བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིགསསྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་གྱི་བརླབས་ཀྱིས་མ་རུངས་པའི་སེམས་ཅན་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུྃ་བྃ་ཧོཿ [ཞེས་དགུག་གཞུག་བྱས་ནས་ཕུར་ཆུང་གཅིག་མི་གཡོ་བར་བསྐྱེད་པ་སློབ་དཔོན་གྱི་ཕྱག་ཏུ་ཐོགས།] ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ [ཅེས་ཚར་གསུམ་གྱིས་གཟི་བྱིན་བསྐྱེད་ནས།] ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་འདིར༔ སྒྲུབ་པའི་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདས་པའི་དམ་སྲི་རྣམས༔ བསད་ཅིང་མནན་པའི་དུས་ལ་བབ༔ ཧཱུྃ་མཛད་ཧཱུྃ་གི་ཁྲོ་བོ་ཨརྻ་ཨ་ཙ་ལ༔ སྤྲུལ་པའི་འོད་ཟེར་རྔམས་བརྗིད་དགྲ་བགེགས་འདུལ༔ དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་བཛྲ་ཀཱིལ་ཡ༔ ཡ་མ་དམ་སྲི་ཐལ་བའི་རྡུལ་དུ་རློག༔ ཨཱརྻ་ཨ་ཙ་ལ་

p. 543

དམ་སྲི་བྷནྡྷ་བྷནྡྷ་མཱ་ར་ཡ་ཧཱུྃ་ཕཊ༔ [ཅེས་མནན་ཐོད་ལ་སློབ་དཔོན་གྱིས་ཕུར་ཆུང་བཏབ། ཐུན་རྫས་ཀྱིས་བྲབ། མནན་ཆས་དོང་ནང་དུ་བསྐྱུར། རོ་གཡམ་ལ་རི་གླིང་དང་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་པའི་སྟེང་སཱཙྪ་ནག་པོས་མནན་རྗེས། ཐམས་ཅད་ཀྱིས་ཨཱརྻ་ཨ་ཙ་ལའི་སྔགས་བརྗོད་བཞིན་པས་ས་ཆུ་མེ་རྣམས་ཀྱིས་རྒྱས་གདབ་ནས་མི་མངོན་པར་བྱས་ལ་སློབ་དཔོན་གྱི་རྡོ་རྗེས་རྒྱ་གྲམ་དུ་མནན་ལ།] ཧཱུྃ༔ རི་རབ་ཆེན་པོའི་རྨད་དུ་མནན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་སྐྱུར༔ གཤིན་རྗེ་ནག་པོའི་ལག་ཏུ་གཏད༔ ཆུ་སྲིན་གདུག་པའི་ཁ་རུ་བརྫང་༔ འཁོར་ལོ་འབར་བའི་ཕྱག་རྒྱས་མནན༔ བདུན་བརྒྱུད་རིགས་ནི་བརླག་པར་འགྱུར༔ ནམ་ཡང་ལྡང་བར་མི་ནུས་སོ༔ བྱང་ཆུབ་སེམས་ནི་སྐྱེས་ན་བཏང་༔ [ཞེས་བརྗོད་ཅིང་དོན་བསམ་མོ། །དེའི་སྟེང་དུ་ལས་བཞིའི་བྲོ་བརྡུང་བ་ནི། ཐམས་ཅད་ཀྱི་ལག་གཡས་པ་སྟེང་དང་གཡོན་འོག་ཏུ་བྱས་ལ། སུམྦྷ་ནིའི་[སྔགས་བཟླ་བཞིན་པས་མཛུབ་མོ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་ར་ཟླུམ་པོར་བྱས་ལ།]ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཏི་མུག་བདེ་གཤེགས་འཁོར་བཅས་རྣམས༔ དེ་བཞིན་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་རྨོངས་པའི་སེམས་ཅན་རྣམས༔ ཞིབ་ཐུགས་རྗེ་ཆེན་པོ་ཡིས༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་

p. 544

ཕྱག་འཚལ་བསྟོད༔ སུམྦྷ་ནི་སོགས་དང་། ཤཱིནྟཾ་ཀ་རུ་སྭཱ་ཧཱ༔ [ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པའི་སྔགས་དང་བཅས་གུང་མོ་རྣམས་སྦྲེལ་ནས་བྲོ་ར་གྲུ་བཞི་བྱས་ཏེ།] ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ང་རྒྱལ་བདེ་གཤེགས་འཁོར་བཅས་རྣམས་༔ རིན་ཆེན་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་དྲེགས་པའི་སེམས་ཅན་ཀུན༔ ཚེ་དབང་དངོས་གྲུབ་རྒྱས་མཛད་པས༔ རྒྱས་པར་མ་གྱུར་གང་ཡང་མེད༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནི་[སོགས་དང་།] པུཥྚིཾ་ཀུ་རུ་སྭཱཧཱ༔ [ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པ་དང་སྲིན་ལག་སྦྲེལ་བའི་བྲོ་ར་ཟླ་གམ་བྱས་ལ།] ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འདོད་ཆགས་བདེ་གཤེགས་འཁོར་བཅས་རྣམས༔ པདྨ་རིགས་མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་ཆགས་པའི་སེམས་ཅན་རྣམས༔ ཡུད་ཙམ་གྱིས་ནི་སྡུད་མཛད་པས༔ དབང་དུ་མ་གྱུར་གང་ཡང་མེད༔ དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནི་སོགས་དང་། ཝཱ་ཤཾ་ཀུ་རུ་སྭཱཧཱ༔ [ཞེས་རྒྱ་བཀྲོལ། ཡང་ཧཱུྃ་བཞི་པ་དང་མཐེའུ་ཆུང་སྦྲེལ་བའི་བྲོར་གྲུ་གསུམ་བྱས་ལ།] ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཞེ་སྡང་བདེ་གཤེགས་འཁོར་བཅས་རྣམས༔ རྡོ་རྗེ་རིགས་

p. 545

མཆོག་མ་ལུས་ཀྱི༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཤིན་ཏུ་གདུག་པའི་སེམས་ཅན་ཀུན༔ ཡུད་ཙམ་གྱིས་ནི་བསྡུས་ནས་ཀྱང་༔ རྡུལ་དུ་མ་བརླག་གང་ཡང་མེད༔ རླག་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ སུམྦྷ་ནིའི་[སྔགས་མཐར།] ཡ་མ་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ [ཅེས་ལས་བཞིའི་བྲོ་བརྡུང་ངོ་། །སྒོ་བྱང་གདགས་པ་ནི། རོ་རས་སོགས་ལ་གཤིན་རྗེ་གཤེད་ཀྱི་སྐུ་སྙིང་པོ་བཅས་བྲིས་པ་ཕྱི་སྒོའི་ཡ་ཐེམ་དང་། བདུད་རྩི་འཁྱིལ་བའི་སྐུ་སྙིང་པོ་བཅས་བྲིས་པ་ནང་སྒོར་གདགས་ལ། ཐག་མར་ཕྱི་སྒོའི་མཆོད་གཏོར་གྲུ་གསུམ་མཐེབ་རིལ་གྱིས་མཚན་པ་དང་། ཆུ་གཉིས་ཉེར་སྤྱོད་བཅས་བཤམས་པ། རྃ་ཡྃ་ཁྃ་དང་། ཨོཾ་ཨཱཿཧཱུྃ་[གིས་བྱིན་གྱིས་བརླབ། སྐུ་རྟེན།] ཨ་མྲྀ་ཏས་[བསང་།] སྭ་བྷཱ་ཝས་[སྦྱང་།] སྟོང་པའི་དང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་འཁོར་ལོ་དང་ཐོད་དབྱུག་འཛིན་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་མ་ཧེ་ལ་དོར་སྟབས་ཀྱིས་གནས་པའོ། །ཡེ་ཤེས་པ་བཛྲས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ[ཞེས་དྲངས་བསྟིམ།] ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ [ཅེས་ཉེར་གཅིག་བཟླས།] ཨོཾ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ༔ [ཞེས་མཆོད་ལ།] རང་སྔགས་ཀྱི་མཐར། བ་ལི་ཏ་ནཱ་ནཱ་ཁཱ་དནྟུ་གྲྀ་ཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ [ཞེས་ལན་གསུམ་གྱིས་རྡོར་ཐལ་ཕྱེ་རྒྱས་གཏོར་མ་ཕུལ་ནས་ཕྲིན་ལས་

p. 546

གསོལ་བ་ནི།] ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ ལས་ཀྱི་གཤིན་རྗེའི་བདག་པོ་ལ༔ བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར༔ དེ་བཞིན་རིག་འཛིན་སྒྲུབ་པ་པོས༔ བཀའ་གསང་གཞུང་ཆེན་འདི་བསྒྲུབས་ནས༔ ཡང་དག་དོན་ཆེན་དེང་བསྒྲུབ་ན༔ འདི་ལ་གནོད་ཅིང་བར་གཅོད་པ༔ ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱིས༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ གསང་བ་མཆོག་གི་རྣལ་འབྱོར་པས༔ བླ་མེད་འབྲས་བུ་མ་ཐོབ་བར༔ ས་འདི་ཡན་ཆད་མ་བཏང་བར༔ ཕྱི་འཁོར་སྐྱོང་བའི་མུ་རན་ལ༔ རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད༔ ཨོཾ་བཛྲ་ཡ་མ་རཱ་ཛས་མ་ཡ་སྟྭཾ༔ [ཞེས་རྟེན་ལ་མེ་ཏོག་འཐོར་ནས་བརྟན་བཞུགས་བྱ། ནང་སྒོར་མཆོད་གཏོར། རྃ་ཡྃ་ཁྃ་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སྐུ་རྟེན། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་།] སྟོང་པའི་ངང་ལས་ཧཱུྃ་ལས་ཁྲོ་ཆེན་བདུད་རྩི་འཁྱིལ་བ་ལྗང་ནག་རལ་གྲི་དང་རྒྱ་གྲམ་ཐོགས་པ་ཁྲི་གཏུམ་འཇིགས་པའི་ཆས་ཅན་པད་ཉི་ལ་འདོར་སྟབས་ཀྱིས་གནས་པའོ། །ཡེ་ཤེས་པ་བཛྲས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ[ཞེས་བསྐྱེད་དྲངས་བསྟིམ།] ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱིི་ཧཱུྃ་ཚིནྡྷ་ཚེནྡྷ་ཧཱུྃ་ཕཊ༔ [ཅེས་བཟླ།] ཨརྒྷཾ་སོགས་ཀྱིས་མཆོད། [སྔགས་མཐར་གཏོར་སྔགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ།] ཧཱུྃ༔ གསང་ཆེན་ལྷུན་གྲུབ་ཕོ་

p. 547

བྲང་ནས༔ ལས་ཀྱི་བདུད་རྩི་འཁྱིལ་བ་ལ༔ བཅོམ་ལྡན་ཆོས་རྗེས་[སོགས་སྔར་དང་འདྲ་བས་ཕྲིན་ལས་བཅོལ།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ས་མ་ཡ་སྟྭཾ༔ [ཞེས་པས་བརྟན་བཞུགས་བྱ། སྒོ་ཐེམ་ཕྱི་ནང་དུ་གྲུབ་ཁུང་ཞིག་གི་ནང་དུ་ཟན་ལིང་ལ་སེང་ལྡེང་ངམ་སྐྱེར་པའི་ཕུར་བུའི་དབལ་ལ་མི་གཡོ་བའི་སྔགས་དང་། མགུལ་དུ་རྒྱ་ཤོག་ལ་སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག་ཅེས་བྲིས་ཏེ་བཏགས་པ་བཏབ།] སྒོ་འདི་ཡན་ཆད་སུ་ཡང་མ་འདའ་ཞིག །[ཅེས་བརྗོད། །གསུམ་པ་གསང་མཚམས་ཁྲོ་བཅུའི་ཕུར་གདབ་ནི། དཀྱིལ་འཁོར་གྱི་གཞིར་ཁྲོ་བཅུའི་ཕུར་བུ་སྟེགས་བཅས་འདུ་བྱས་ལ།] ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོཉཧཾ། [ཞེས་པས་རང་ཉིད་དཔལ་ཆེན་པོའི་ང་རྒྱལ་བཟུང་།] བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས༔ ཨོཾ་ཊཱ་ཀི་རཱ་ཛ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་བརྗོད་པས་ཁྲོ་བོ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས། ཕྱོགས་སྐྱོང་བཅུ་བཀུག་ནས་ཐོ་བས་བསྣུན་ཏེ་གཟིར། ཨེ་བཅུར་བཀོད་པར་གྱུར། [ཀཱི་ལ་ཡའི་སྔགས་དབྱངས་བཅས་ཕུར་པ་རྣམས་བྱུག་བདུག་བྲབ་གསུམ་བྱ། ཧཱུྃ་ཡིག་བཅུ་ལས་ཁྲོ་བོ་བཅུ་སྨད་ཕུར་པའི་རྣམ་པ་ཅན་དུ་གྱུར། གནས་གསུམ་དུ།] ཨོཾ་ཨཱཿཧཱུྃ་[གིས་བྱིན་གྱིས་བརླབ།] ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། [ཞེས་དབང་བསྐུར།] ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔

p. 548

ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ངྷ་ཧྱ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ངྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ངྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ངྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ངྷ་མཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ [ཅེས་རང་སྔགས་ཀྱིས་གཟི་བྱིན་བསྐྱེད་པ་རྣམས་གྲུབ་ནས།] ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པར་[བསམས་ཞིང་། སློབ་དཔོན་གྱིས་ཐོ་བ་དང་ཕུར་པ་རེ་རེ་བཞིན་ཐོགས་ལ།] ཧཱུྃ༔ སྟེང་འོག་ཕྱོགས་མཚམས་འཇིག་རྟེན་ཀུན༔ ཞེ་སྡང་རྡོ་རྗེ་བླ་ན་མེད༔ སྐུ་གསུང་ཐུགས་སྤྲུལ་སྟོབས་དང་ལྡན༔ ཏ་ཀྲྀཏ་ཁྲག་འཐུང་ཁྲོ་རྒྱལ་བཅུ༔ འཇིགས་ཚུལ་རྔམས་པའི་སྟངས་སྟབས་ཀྱིས༔ གདུག་པའི་ཚོགས་རྣམས་བརླག་པར་མཛོད༔ དུར་ཁྲོད་གསང་བའི་གནས་མཆོག་འདིར༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ༔ ལོག་འདྲེན་བདུད་བགེགས་མཚམས་གཅོད་ཕྱིར༔ ཁྲོ་བཅུའི་ཕུར་པ་གདབ་པར་བྱ༔ [ཞེས་བསྐུལ་ལ།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་ངྷ་ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ [ཅེས་སྟེང་གི་ཕུར་བུ་ཤར་གྱི་ཤར་དུ་གདབ།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་

p. 549

ཡ་མ་ཧཱ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ གནོད་བྱེད་འབྱུང་པོ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ གནོད་བྱེད་འབྱུང་པོ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ གནོད་བྱེད་འབྱུང་པོ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ གནོད་བྱེད་འབྱུང་པོ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ [ཅེས་ཕྱོགས་བཞི་ཤར་ནས་གཡས་བསྐོར་དང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ གནོད་བྱེད་འབྱུང་པོ་བྷིནྡྷ་བྷིནྡྷ་ཧའུྃ་ཕཊ༔ ཨོཻ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཧཱ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ གནོད་སྦྱེད་འབྱུང་པོ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཻ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀྲོ་ངྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ གནོད་བྱེད་འབྱུང་པོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཧཱ་ཀྲོ་ངྷ་ནཱི་ལ་དཎྜ་ཧཱུྃ༔ གནོད་བྱེད་འབྱུང་པོ་ད་ཧ་ད་ཧ་ཧཱུྃ་ཕཊ༔ [མཚམས་བཞི་བྱང་ཤར་ནས་གཡོན་བསྐོར།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཧཱ་ཀྲོ་ངྷ་མ་ཧཱ་བཱ་ལ་ཧཱུྃ༔ གནོད་བྱེད་འབྱུང་པོ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ [ཅེས་འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་བོ། །བཞི་པ་ཁོ་ན་ཉིད་ཀྱི་མཚམས་དྲག་པོ་ཆེན་པོ་བསྒྲལ་ཞིང་མནན་པ་ནི། དཀྱིལ་འཁོར་བྱ་བའི་སྟེགས་བུར་མ་ཏྲཾ་གི་གཟུགས་དགོད། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོཉཧཾཿ བདག་ཉིད་དཔལ་ཆེན་ཧེ་

p. 550

རུ་ཀའི་སྐུར་གྱུར། [ཅེས་བརྗོད་ཅིང་། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ།] མ་ཏྲཾ་ཀ་རུ་དྲ་ཛཿ [ལན་བདུན་བརྗོད།] ན་མོ། རིག་འཛིན་རྩ་བརྒྱུད་[སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།] བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་དྲ། ངོ་བོ་དངོས་གྲུབ་ལ་བར་དུ་ཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་དྲ་ཨ་ཀརྵ་ཡ་ཛཿ ཏྲི་ཡཾ་ཛཿ ཛཿཧཱུྃ་བྃ་ཧོ༔ [ཞེས་བཀུག་སྟེ་གཟུགས་ལ་བསྟིམས་ནས།] ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས༔ ཁུངས་དང་རྫས་བཅས་གང་ལས་བྱུང་༔ ཁུངས་དང་རྫས་བཅས་བདག་ལས་བྱུང་༔ བདག་མེད་སྟོང་པའི་ཐོ་བས་གཞོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾཿ མ་ཏྲྃ་རུ་དྲ་ཛཿ ཨཱ་ཀརྵ་རུ་དྲ་ཛཿ ཁ་ཏྲང་རུ་དྲ་ཛཿ [ཞེས་པས་ཆོས་དང་གང་ཟག་གིས་བདག་ཆད་པར་ལྟ་བྲོ་གརནམས་གཞོམ་པའི་དོན་དུ། མ་ཏྲཾ་གི་གཟུགས་དེ་ཉིད་སློབ་དཔོན་གྱི་ཞབས་གཡས་པའི་དོར་སྟབས་ཀྱིས་མནན་ལ།] ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ རོལ་པའི་སྟབས་ཀྱིས་མནན་པ་ནི༔ འཇིགས་བྱེད་ཆེན་པོ་ཧེ་རུ་ཀས༔ མགོ་ནི་ལྷོ་ནུབ་མཚམས་སུ་བསྟན༔ རྐང་པ་བྱང་ཤར་མཚམས་སུ་བསྟན༔ ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས༔ གྱད་ཀྱི་

p. 551

དོར་སྟབས་ཚུལ་དུ་མནན༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ༔ མ་ཧཱ་དེ་བ་རུ་དྲ་ཛཿ ཛཿཧཱུྃ༔ [ཞེས་ལན་བདུན་བཟླ་ཞིང་། ཐམས་ཅད་ཀྱིས་ལག་གཡས་ཀྱི་སོར་མོ་གསུམ་སྒྲེང་བ་ཁཊྭཱཾ་ཀའི་རྒྱས་སྙིང་གར་བསྣུན་ཚུལ་བྱས་ལ། གཟུགས་ཕུང་ཧྲུལ་གྱིས་ཞིག །མ་རིག་སྒོ་ལྔའི་སྦུབས་དྲལ། རྣམ་ཤེས་ཏྲི་ནག་པོར་གནས་པ་ཐུགས་ཀའི་འོད་ཀྱིས་སྦྱངས་པས་ཧཱུྃ་ཡིག་དཀར་པོར་གྱུར་པ་བདག་གི་ཐུགས་ཀར་ཐིམ་ནས་གཉིས་སུ་མེད་པར་གྱུར་[པར་བསམ་ཞིང་། སྟེགས་བུའི་མཐར་སྔར་དམ་སྲི་མནན་པའི་སྐབས་ཇི་ལྟར་བ་བཞིན་དུ་གཞུང་གྲལ་སོགས་རགས་བསྡུས་ཀྱིས་ལས་བཞིའི་བྲོ་བརྡུང་། གཞན་རྣམས་གྲལ་དུ་འཁོད། ལས་ཀྱི་རྡོ་རྗེས་མ་ཏྲཾ་གི་ཚིགས་སོ་སོར་ཕྲལ་ནས་སྟེགས་བུའི་ལྷོ་ནུབ་ཏུ་མགོ ། ནུབ་ཏུ་སྙིང་། ནུབ་བྱང་དུ་ལ་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་སྟེ་ཕྱོགས་མཚམས་རྣམས་སོ་སོར་བཀོད། སློབ་དཔོན་ཤར་དུ་གནས་པས། བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ། ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ར་བ་མེ་དང་བཅས་པས་བསྐོར་བར་གྱུར། [ཐམ་ཅད་ཀྱི་ལག་གཡས་ཕྱི་དང་གཡོན་ནང་དུ་བྱས་པའི་ཁུ་ཚུར་དཔུང་མགོར་བསྣོལ་ཞིང་།] ཧཱུྃ་པྲ་ཝེ་ཤ་ཕཊ༔ [ཅེས་ལན་བརྒྱད་བཟླས་ནས་རྒྱ་བཀྲོལ་ཏེ།] དཀྱིལ་

p. 552

འཁོར་གྱི་སྒོ་ཤག་གིས་ཕྱེ་བར་གྱུར་[པར་བསམས་ལ། དེ་ནས་སློབ་དཔོན་རྡོ་རྗེའི་འགྲོས་གར་གྱིས།] ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། [ཅེས་བརྗོད་ནས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས།] དཀྱིལ་འཁོར་གྱི་ནང་དུ་ཚུད་པར་གྱུར། [ཅེས་བརྗོད་ལ་སྟེགས་བུའི་དབུས་ཀྱི་ཁྲིའུའི་ཁར་སློབ་དཔོན་ཞལ་ཤར་དུ་ཕྱོགས་པར་བཞུགས། ལས་བྱང་ལྟར།] ཧཱུྃ༔ རྒྱལ་ཆེན་སྡེ་བཞིས་ཕྱི་ཡི་མཚམས་སྲུང་ལ༔ [སོགས་བརྗོད་པས་མཚམས་གཅོད་ཀྱི་རིམ་པ་རྣམས་གྲུབ་བོ། །ལྔ་པ་སྟྭ་གོན་གྱི་ལས་རིམ་ལ་ལྷ། བུམ་པ། སློབ་མ་སྟྭ་གོན་གསུམ་དུ་གྲགས་ཤིང་། དེ་དག་གཙོ་བོར་དབང་བསྐུར་བ་ལ་གལ་ཆེ་བ་ཡིན་ཀྱང་། འདིར་ཤིན་ཏུ་བསྡུས་པའི་དབང་གིས་སྙིང་པོ་དོན་གྱི་དབང་བསྐུར་ལ་དེ་དག་གསལ་བར་མ་གསུངས་པས་ཕྱི་མ་ནི་སྐབས་འདིར་མི་དགོས། རྒྱས་པར་སྤྲོ་བའི་སྐབས་གཞན་ནས་འབྱུང་བ་ལྟར་བླང་། ལྷ་སྟྭ་གོན་ནི་དཀྱིལ་འཁོར་འབྲི་བར་གནང་བ་ཞུ་བའི་ཆེད་ཡིན་པར་བཤད་པ་མ་ཟད་ལྷག་གནས་གཉིས་རྩ་བའི་ས་བཅད་ལས་འབྱུང་བ་ལྟར་བགྱི་བའི་ཐོག་མར། ཆག་ཆག་གདབ་པ་ནི། དཀྱིལ་འཁོར་གྱི་སྟེགས་བུ་བདུད་རྩི་ལྔ་ཆང་དང་སྦྱར་བས་བྱུགས་ལ།] ཧཱུྃ༔ ཚེ་མཆོག་འཛིན་པའི་དངོས་གྲུབ་དྲི༔ བྱང་ཆུབ་སེམས་ནི་དཀར་བས་ན༔ མཱཾ་ས་ཡོན་ཏན་ཀུན་དང་ལྡན༔ རཀྟ་ཆགས་པའི་གནས་ཆེན་པོ༔ བདུད་རྩི་གུར་གུམ་དྲི་ཡི་ཆུ༔ གདོད་ནས་དག་པའི་རྩ་བ་ལྔ༔ ཉོན་མོངས་

p. 553

དུག་ལྔ་འཁོར་བའི་རྒྱུ༔ ཡེ་ཤེས་རྣམ་ལྔར་བྱིན་བརླབས་ནས༔ དཀྱིལ་འཁོར་ཉེར་གཅིག་ལྷུན་གྱིས་གྲུབ༔ ཨོཾ་མཧཱ་ཤྲཱི་ཧེ་རུ་ཀ་པཉྩ་ཨ་མྲྀ་ཏ་ཛྙཱ་ན་མཎྜ་ལ་ཧཱུྃ༔ [ཞེས་བརྗོད། དེ་ནས་རྡུལ་ཚོན་དཀྱིལ་འཁོར་བཞེངས་པའི་སྐབས། ནམ་མཁར་ཡེ་ཐིག་དང་ས་གཞིར་ལས་ཐིག་བཏབ་ནས་ལྷ་གནས་ངེས་པར་བྱ་དགོས་ཀྱང་དཀྱུས་སུ་རས་བྲིས་ཙམ་ལ་བརྟེན་པའི་དབང་དུ་བྱས་ཏེ། སྟེགས་བུར་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །ཕྱོགས་བཞིར་བཞི་རེ། མཚམས་བཞིར་རེ་རེ་སྟེ་གཙོ་འཁོར་ཉེར་གཅིག་བཀོད། ཕྱི་མཆོད་སྨན་རཀ་གཏོར་གསུམ་བཤམ། ལས་བྱང་ལྟར་མཆོད་པ་བྱིན་བརླབ།] ཧཱུྃ༔ བདག་ཉིད་གསལ་བ་དཔལ་ཆེན་[སོགས་བརྗོད། ལྷ་བསྐྱེད་པ་ནི།] ཧཱུྃ༔ ཆོས་རྣམས་དམིགས་མེད་སྟོང་ཉིད་འོད་གསལ་དང་༔ ཨེ་ལས་ཆོས་དབྱིངས་འབྱམས་ཀླས་[སོགས་ནས།] ཏི་ར་བྃ༔ [ཞེས་རྟེན་དཀྱིལ་འཁོར་གདན་བཅས་བསྐྱེད།] ཧཱུྃ༔ དབུས་ཕྱོགས་དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ༔ རང་བྱུང་ཧཱུྃ་ཡིག་འབར་བ་ཆེན་པོར་གསལ༔ འཕྲོ་འདུས་ཡོངས་གྱུར་[སོགས་མངོན་རྟོགས་ཚང་བར་བརྗོད་ལ་བརྟེན་པ་ལྷ་རྣམས་གསལ་གདབ། སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་དུ་བཏང་། རྡོར་དྲིལ་དང་བཅས་པའི་སྤོས་ཐོགས་ལ་སྙན་གསན་དབབ་པ་ནི།] ཧོཿ དུས་གསུམ་བླ་མ་ཡི་དམ་ལྷ༔

p. 554

ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ དཀྱིལ་འཁོར་བཟང་པོ་ལེགས་བྲིས་ནས༔ བདག་ཅག་བསྙེན་སྒྲུབ་ལས་གཞུང་བསྲང་༔ སྟ་གོན་ལ་ནི་གནས་པར་མཛོད༔ [ཅེས་ལན་གསུམ་བརྗོད། སློབ་དཔོན་གྱིས་སེ་གོལ་གསུམ་བྱས་པས།] ལྷ་རྣམས་བར་སྣང་དུ་འོད་ཀྱི་དྲྭ་གུར་ལ་བཞུགས་པར་མོས། བུམ་པ་སྟྭ་གོན་ནི། རྒྱས་པར་དཀྱིལ་འཁོར་ཉེར་གཅིག་གི་གཙོ་བོའི་གྲངས་མཉམ་དགོས་ཤིང་། རིགས་བསྡུས་པའི་བུམ་པ་ལྔའམ། ཤིན་ཏུ་བསྡུ་ན་གཅིག་གིས་ཀྱང་འཐུས་པས། ཆས་སུ་བཅུག་ཅིང་བཅུད་དང་ལྡན་པའི་རྣམ་རྒྱལ་དང་ལས་ཀྱི་བུམ་པ་བཀོད་ཅིང་མཆོད་གཏོར་ཁ་གསོས་ལ་བྱིན་བརླབ། [བུམ་པ་ལས་སྔགས་ཀྱིས་བསང་།]སྭ་བྷཱ་ཝ་ས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བྷྲཱུྃ་ཡོངས་སུ་གྱུར་པ་ལས་ཕྱི་རྡོ་རྗེ་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་ལ། ནང་གི་དབུས་སུ་སྤྱི་དཔལ་ཆེན་པོ་རྩ་བའི་དཀྱིལ་འཁོར། ཕྱོགས་མཚམས་རྣམས་སུ་ཡན་ལག་གི་དཀྱིལ་འཁོར་ཉི་ཤུ་གཅིག་གི་གཞལ་ཡས་ཁང་གདན་དང་བཅས་པའི་དབུས་སུ། འབར་བའི་ཡེ་ཤེས་གཙོ་མཆོག་དཔལ་ཆེན་ཉེར་གཅིག་ལ་རིག་མདངས་འཁོར་གྱི་ཚོགས་ཉི་མ་དང་འོད་ཟེར་བཞིན་དུ་རང་བྱུང་ལྷུན་གྲུབ་ཆེན་

p. 555

པོར་གསལ་བ་ལ། ཡེ་ཤེས་ལྔའི་དབང་བསྐུར། རྡོ་རྗེ་གསུམ་གྱི་རྒྱས་གདབ་པར་གྱུར། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿབཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ས་མ་ཡ་ཧཱུྃ། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་མཧཱ་ཤྲཱི་ཧེ་རུ་ཀ་སརྦ་མཎྜ་ལ་ཛཿཧཱུྃ་བྃ་ཧོ༔ ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པོ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ནི་རྟི་ཧོཿ ཨོཾ་བཛྲ་རཱ་ག་པུཥྤེ་ནས། ཤཔྡ་སརྦ་པཱུ་ཛ་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཧཱ་ཛྙཱ་ན་ཧོཿ ཨོཾ་ཤྲཱི་བཛྲ་རཱ་ག་ས་མནྟ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཏ་ན་ག་ཎ་མཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ་ཨཿ ཧཱུྃ༔ དབྱིངས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ འབར་བའི་ཡེ་ཤེས་ཁྲོ་རྒྱལ་ཉི་ཤུ་གཅིག༔ ཉི་དང་ཟེར་བཞིན་བསམ་ཡས་དཀྱིལ་འཁོར་སྤྲོ༔

p. 556

དཔལ་ཆེན་བཀའ་འདུས་ལྷ་ལ་ཕྱག་འཚལ་བསྟོད༔ [གཟུངས་ཐག་བླངས་ལ།] རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། [ཅེས་ཏིང་ངེ་འཛིན་གསལ་གདབ་ལ། ཞི་བ་རིགས་འདུས་དང་། ཁྲོ་བོ་སྤྱི་དྲིལ་གྱི་སྔགས་གཉིས་བཟླ། ལས་བུམ་དུ་རྡོར་སེམས་སམ་ཁྲོ་བོ་ཡཀྵ་རྒྱལ་བྱེད་ལྟ་བུར་བསྐྱེད་ལ་སྔགས་བཟླས་པས་བྱིན་བརླབ།] ཨོཾ་ཨཱཿཧཱུྃ་[གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས།] ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། [དེ་ནས་རྟེན་གྱི་དཀྱིལ་འཁོར་བཅའ་བ་ནི། ལྷག་གནས་བྱས་པའི་གཞིར་མཚན་ཉིད་རྫོགས་པའི་རས་བྲིས་བཀྲམ། སྒྲུབ་རྟེན་མདོར་བསྡུས་པའི་དབང་དུ་བྱས་ཏེ། སྐུ་རྟེན་ཐོད་པ་མཚན་ལྡན་ལ་སྤྱི་དཔལ་ཆེན་པོ་ཞལ་ཕྱག་ཡོངས་སུ་རྫོགས་པའམ་རྩ་བའི་ཧེ་རུ་ཀ་ཡབ་ཡུམ་བྲིས་པ་དར་མཐིང་ནག་གི་ན་བཟའ་གསོལ་བ༴ གསུང་རྟེན་རྒྱུད་དང་སྒྲུབ་ཐབས་ཀྱི་གླེགས་བམ་མམ་སྔགས་བྱང་གསེར་གྱིས་བྲིས་པ། ཐུགས་རྟེན་ལྕགས་སམ་སེང་ལྡེང་གི་ཕུར་བུ་ཁྲོ་ཞལ་ཅན། ཡོན་ཏན་རྟེན་མར་མེ་དང་དཔལ་གཏོར་བུམ་པ་སོགས་དབང་གི་རྫས། ཕྲིན་ལས་རྟེན་ཚེ་འབྲང་། དངོས་གྲུབ་ཀྱི་རྫས་ཛ་གད་ཚེ་རིལ་ཚེ་གལ་ལ་སོགས་པ། གཞན་ཡང་ཕྱི་ནང་གི་

p. 557

མཆོད་པ་དང་སྐོར་གཏོར་ཆོས་སྐྱོང་གཏོར་སྤུངས་དཀྱིལ་འཁོར་རྒྱན་བཀོད་ཀྱི་བྱེ་བྲག་ཐམས་ཅད་ཚོགས་པར་བྱའོ། །དྲུག་པ་རྒྱན་བཀོད་པ་ནི། བདག་བསྐྱེད་བཟླས་པ་དང་བཅས་པ་རྒྱས་བསྡུས་གང་ཡང་རུང་བ་སྔོན་དུ་སོང་ནས། སློབ་དཔོན་གྱིས་དྲིལ་སྤོས་ཐོགས་པས་སྣ་དྲངས། མཆེད་རྣམས་ཀྱིས་རྟེན་སྒྲུབ་མཆོད་པའི་རྫས་དང་ཡོ་བྱད་རྣམས་ཐོགས། ཞི་ཁྲོ་སྤྱི་དྲིལ་གྱི་ཛཔྲ་དབྱངས་དང་བསྐོར་བ་ལན་གསུམ་བྱས་ལ་དཀྱིལ་འཁོར་མདུན་དུ་འཁོད་དེ།] ཧཱུྃ༔ འཕྲུལ་བཞད་ཡིད་བཞིན་འདོད་དགུའི་རྒྱན་གྱིས་བརྒྱན༔ རྐང་མེད་མཁར་འགྲོ་ཏོག་ཏོག་རྐན་སྒྲ་བཅས༔ འདི་ནི་སྔོན་གྱི་སྐྱེས་མཆོག་སྒྲུབ་པའི་རྫས༔ སུ་ཞིག་དངོས་གྲུབ་འདོད་པ་ང་ལས་ལོངས༔ གང་ཞིག་བཀའ་དང་དམ་ལ་མི་གནས་པ༔ ང་ཡི་གཟུགས་མཐོང་ཙམ་གྱིས་འཚིག་པ་དང་༔ སྒྲ་དག་ཐོས་པ་ཙམ་གྱིས་བརླག་པར་འགྱུར༔ དཀར་པོ་ཟང་ཡག་ཤིན་ཏུ་འཚེར་བ་ནི༔ སྔ་རབས་འདས་པའི་སངས་རྒྱས་བཅོམ་ལྡན་འདས༔ ཆོས་སྐུ་རབ་ལྡན་འགྲོ་དོན་དེ་བཞིན་གཤེགས༔ བཀྲ་ཤིས་ལྕང་ལོ་ནམ་མཁར་འཕྱར་བ་ནི༔ དུས་གསུམ་རྒྱལ་བ་རྣམས་ཀྱི་ཐུགས་དམ་སྐོང་༔ ཕྱོགས་བཅུར་གཡོ་བས་འགྲོ་བའི་དོན་ཡང་བྱེད༔ མཐུར་དུ་གཏིབས་པས་ངན་སོང་གནས་ནས་འདྲེན༔ ཐབས་ཀྱི་རྒྱལ་པོ་དཔལ་ཆེན་དཔལ་གྱི་གུར༔ ཕོ་བྲང་རྟགས་ལྡན་སྣོད་

p. 558

བཅུད་རྒྱན་དུ་ཆེ༔ སྤྲུལ་པ་ལྕང་ལོ་མང་པོའི་ཁ་བད་ཅན༔ དབང་པོ་རྣམ་ལྔ་སྣོད་བཅུད་རྒྱན་དུ་དགྲམ༔ མི་འདའ་དཔལ་ཆེན་བཞུགས་པའི་རྟེན་དུ་འབུལ༔ [ཅེས་ཞི་ཁྲི་ཚོམ་བུ་ཉེར་གཅིག་སྔགས་རྣམས་བརྗོད་ལ་ཐོད་སྐུ་དཀྱིལ་འཁོར་དབུས་ཀྱི་སྟེགས་བུར་རིན་པོ་ཆེའི་སྣོད་འབྲུས་བཀང་བར་བཞུགས་སུ་གསོལ། དེ་ནས་སྐུ་ཙཀ་རྣམས་ཕྱོགས་མཚམས་གོ་རིམ་མཐུན་པའམ་ཐམས་ཅད་གཡས། གསུང་རྟེན་གཡོན། ཐུགས་རྟེན་རྒྱབ། མར་མེ་དབུས། བུམ་པ་ལྡིང་ཁྲིའི་སྟེང་ངམ་མདུན། དཔལ་གཏོར་དང་ཚེ་འབྲང་སོགས་ཅི་བདེ་བར་བཀོད་ལ།] ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ དཔལ་ཆེན་བཀའ་འདུས་ཡོངས་རྫོགས་གཙོ་འཁོར་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་གྱིས༔ སྤྲུལ་པ་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ [ཅེས་བསྐུལ་ནས།] ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ སྤྱི་དཔལ་ཆེན་པོ་རྩ་བའི་ལྷ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དཀྱིལ་འཁོར་ཆེན་པོ་ནས༔ ཛཿཧཱུྃ་བྃ་ཧོཿས་སྤྱན་འདྲེན་ན༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ ཕྱོགས་སྐྱོང་ཞིང་སྐྱོང་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ [ཞི་བ་དང་གཙོ་སྔགས་ཀྱི་མཐར། ས་མ་ཡ་ཏིཥྛ་ལྷན༔

p. 559

ཞེས་དང་།] ཧཱུྃ༔ ཕྱོགས་མཚམས་རང་བྱུང་གྲུབ་པའི་ལྷ༔ བཀའ་འདུས་སྤྲུལ་པའི་ཁྲོ་རྒྱལ་ཚོགས༔ ཡབ་ཡུམ༴ རང་བཞིན༴ ཛཿཧཱུྃ༴ དུར་ཁྲོད༴ བདུད་བཞི་རུ་དྲའི་གདན་སྟེང་དུ༔ དགྱེས་ཤིང་བརྟན༴ [སྔགས་ཉི་ཤུ་པོ་རེ་རེ་བཞིན།] ས་མ་ཡ་ཏིཥྛ་ལྷན༔ [བཏགས་པ་བརྗོད། དེ་ནས་དཀྱིལ་འཁོར་གྱི་མཐར་ཕུར་པ་བཅུ་བཀོད་ལ།] ཧཱུྃ༔ ཚངས་ལ་དབང་མཛད་ཁྲོ་རྒྱལ་འབར་བའི་སྐུ༔ དྲེགས་པའི་བདུད་འཇོམས་གདུག་པ་ཀུན་འདུལ་བ༔ ཞི་བའི་ངང་ལས་འབར་བའི་སྐུར་བཞེངས་ཏེ༔ ཕྱོགས་མཚམས་སྲུང་བའི་བདག་པོར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ༔ [ཞེས་སྟེང་གི་ཕུར་བུ་ནས་རིམ་བཞིན་ཕྱོགས་བཞི་གཡས་བསྐོར། མཚམས་བཞི་འོག་བཅས་གཡོན་བསྐོར་གྱིས་དཀྱིལ་འཁོར་གྱི་རྡོ་རའི་སྟེང་དུ་ཕུར་གདན་བཅུ་ལ་བཀོད། དེ་ནས་སྲིད་པའི་དྲྭ་བ་གཅོད་པའི་ཕྱིར་རལ་གྲི་བཞི་ཐོགས་ལ།] ཧཱུྃ༔ ལོག་རྟོག་འཁོར་བའི་རྩ་བ་རྒྱུན་གཅོད་ཕྱིར༔ ཐུགས་རྗེ་ཐབས་ཀྱིས་སྒྲོལ་བའི་ཕྱག་རྒྱ་ནི༔ འཇམ་དཔལ་རྣོན་པོའི་ཡེ་ཤེས་མཚོན་ཆ་མཆོག༔ སྡུག་བསྔལ་དྲྭ་བ་གཅོད་ཕྱིར་བཞུགས་སུ་གསོལ༔ ཨོཾ་བཛྲ་མཉྫུ་ཤྲཱི་ཏིཀྵྞ་ས་མ་ཡ་ལྷན༔ [ཞེས་ཕྱོགས་བཞིར་བཀོད། དེ་ནས་ཡེ་ཤེས་བཞིས་མ་རིག་རྩད་གཅོད་ཕྱིར་མདའ་དར་མེ་ལོང་དང་བཅས་ཐོགས་ལ།] ཧཱུྃ༔ མེ་ལོང་བཞི་ལྡན་དོན་གྱི་སྨྱུག་མ་ལ༔ ཡེ་ཤེས་རྣམ་པ་ལྔ་ཡི་སྒྲོ་བསྒྲོན་ཏེ༔ ཐབས་

p. 560

མཆོག་བཅས་ལ་ཤེས་རབ་མདེའུ་བཙུགས༔ མཉམ་ཉིད་དབྱིངས་ཀྱི་ངང་དུ་བཞུགས་སུ་གསོལ༔ མ་ཧཱ་ཛྙཱ་ན་སྭ་བྷཱ་ཝ་ཧཱུྃ༔ [ཞེས་དང་།] ཧཱུྃ༔ དཀྱིལ་འཁོར་གསལ་བཀྲའི་ངང་ཉིད་དུ༔ སྒྲིབ་མེད་དག་པ་ཡེ་ཤེས་ཚོགས༔ དོན་ལ་འགག་པ་མེད་པས་ན༔ ཏིང་འཛིན་སྒལ་བའི་མདངས་དང་ལྡན༔ འོད་མཆོག་མཉམ་པར་བཞུགས་སུ་གསོལ༔ ཨོཾ་མ་ཧཱ་ཨཱ་ད་རྴ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ༔ [ཞེས་མཚམས་བཞིར་བཀོད། དེ་ནས་རིགས་ལྔ་ཡེ་ཤེས་ལྔ་མཚོན་པའི་ཚོན་སྐུད་ལྔ་ཐོགས་ལ།] ཧཱུྃ༔ མཛེས་པའི་སྐུ་མཆོག་ཡོན་ཏན་རྟགས་དང་ལྡན༔ མཉེན་ལ་འཇམ་པས་ཤེས་རབ་ཐབས་སུ་སྣང་༔ ཁ་དོག་གསལ་བས་རིགས་ཀྱི་ཁྱད་པར་རྫོགས༔ དཔལ་བརྗིད་ལྡན་པས་དཀྱིལ་འཁོར་ལྷ་ཚོགས་མཉེས༔ བཀྲ་ཤིས་དོན་ལ་རིམ་པར་བཞུགས་སུ་གསོལ༔ ཨོཾ་པྲཛ་ཨུ་པཱ་ཡ་དྷརྨ་ཀཱ་ཡ་ཧཱུྃ༔ [ཞེས་མདའ་དར་རལ་གྲི་ཕུར་བུ་རྣམས་དྲྭ་བར་སྦྲེལ། དེ་ནས་སྤང་བྱ་མི་མཐུན་པ་སེལ་བའི་ཕྱིར་འཕན་བཞི་དང་རྒྱལ་མཚན་བཞི་ཐོགས་ལ།] ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ཕོ་བྲང་ནི༔ མཉམ་ཉིད་དོན་གྱི་ཁྱད་པར་དབྱེར་མེད་ཀྱང་༔ ཀུན་རྫོབ་རིགས་ལ་ཕྱི་ནང་བྱེ་བྲག་གསལ༔ མ་འདྲེས་ཁ་དོག་སོ་སོར་གསལ་བཀྲ་ཞིང་༔ ཁྱད་པར་ཡོན་ཏན་མཛེས་པའི་རྒྱན་བྲེས་པས༔ ཕྱོགས་

p. 561

བཞི་མཚམས་དང་སྟེང་འོག་ཐམས་ཅད་དུ༔ ཕོ་བྲང་རྒྱན་དང་ལྡན་པར་བཞུགས་སུ་གསོལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རནྟ་ཏྲཱྃ་ས་མ་ཡ་ལྷན༔ [ཞེས་ཕྱོགས་བཞིར་འཕན་བཞི། མཚམས་བཞིར་རྒྱལ་མཚན་བཞི་བཀོད། ཡེ་ཤེས་ཉེར་གཅིག་གིས་ཉོན་མོངས་སེལ་བྱེད་མར་མེ་ཉེར་གཅིག་ཐོགས་ལ།] ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་དག་པ་ལྷ་ཡི་གནས༔ ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ན༔ དུར་ཁྲོད་གཞལ་ཡས་མ་ཏྲཾ་ཁོག་པ་ལ༔ དཀྱིལ་འཁོར་ཉེར་གཅིག་ཡེ་ཤེས་འོད་སྣང་གསལ༔ ཨོཾ་མཱཾ་ས་དཱི་པ་ཀུ་རུ་སྭཱ་ཧཱ༔ [གཞན་ཡང་ཡོལ་བ་བླ་རེ་ལྡ་ལྡི་གདུགས་ལ་སོགས་པ་རྒྱན་བཀོད་སྤྱི་ལྟར་དང་། ཕྱི་ནང་གི་མཆོད་རྫས་རྣམས་བདེ་འདུས་སོགས་ཀྱི་ཕྱག་བཞེས་ལྟར་བཀྲམ་ལ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། [ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །]བདུན་པ་སྟོན་འཁོར་བསྐོས་སུ་གདབ་པ་ནི། [སྒྲུབ་པོ་སོ་སོའི་གོ་ས་དང་འཚམས་པའི་གདན་ལ་ཞྭ་གོས་ཀྱི་གཟི་བརྗིད་བསྐྱེད་དེ་འཁོད། རྡོ་རྗེ་ལས་པས་སྐྱེམས་དྲངས། རྒྱལ་ཐབས་ཀྱིས་དབྱངས་བོར་ལེན་བྱས་ལ།] ཧཱུྃ༔ སངས་རྒྱས་གདུང་

p. 562

འཚོ་བ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ [རྒྱལ་ཚབ་ལ།] ཧཱུྃ༔ བླ་མའི་གདུང་འཚོ་བ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས༴ [ཡུམ་ལ།] གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང་༔ ཀུན་བཟང་ཡུམ་དུ་མངའ༴ [རྡོ་རྗེ་ལས་པར།] ཕྲིན་ལས་གཞུང་སྲོང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨར་མངའ་༴ [གིང་ལ།] བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག༴ [མཚམས་པར།] ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང་༔ རྡོ་རྗེ་མཚམས་པར༴ [སྤྱན་པར།] དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར༴ [དུས་མཚམས་པར།] ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས༴ [ཕྱག་ཚང་ལ།] ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང་༴ [བྱན་པོར།] གཡོ་མཁན་ལྷག་ཆད་མེད་ཅིང་གཙང་སྦྲར་ལྡན༔ རྡོ་རྗེ་བྱན་པོར༴ [མཆེད་ལྕམ་གཞན་རྣམས་ལ།] གསལ་དག་ཛཔྲ་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་

p. 563

མཆེད་རྣམས༴ [རྡུལ་འཕྱག་ལ།] ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་འཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ [ཞེས་རྗེས་ཟློས་བསྐུལ་ཞིང་། སོ་སོའི་ཚིག་མཐར་ལས་རྡོར་གྱིས་བདུད་རྩི་རེ་བླུད་པས་མངའ་གསོལ་ལོ། །བརྒྱད་པ་མཆེད་གསར་རྙིང་བསྲེ་བསྣན་ནི། སྐབས་འདིར་དབང་མ་ཐོབ་པའི་མཆེད་གསར་བུ་རྣམས་དཀྱིལ་འཁོར་བྱང་ཤར་ལྟ་བུར་ལོགས་སུ་ཕྱེ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་བདུད་རྩི་ཡུངས་ཐུན་སོགས་བཀོད་ནས། ནང་མཆོད།]ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝ་[སོགས་ཀྱིས་སྦྱང་།] སྟོང་པའི་ངང་ལས་ཡཾ་རཾ་ཀེཾ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྨན་མཆོད་ཤ་ལྔ་བདུད་རྩི་ལྔར་ཞུ་བ་ལས་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཅིག་ཏུ་འདྲེས་པའི་བདུད་རྩིའི་རྒྱ་མཚོར་གྱུར། [ཅེས་དང་།] ཨོཾ་ཨཱཿཧཱུྃ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ [ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ།] ཧཱུྃ༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཟག་མེད་ཡེ་ཤེས་བདེ་ཆེན་རྒྱས་པའི་ཕྱིར༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ [ཞེས་སྨན་མཆོད་འབུལ།] བདག་ཉིད་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་

p. 564

ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་[བསམ་ཞིང་།] ཨོཾ་ཨཱཿཧཱུྃ་བཛྲ་ཡ་ཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཅེས་བཟླ་ཞིང་ཡུངས་ཐུན་གྱིས་བྲག བར་གཅོད་ཀྱི་བགེགས་བསྐྲད་པའི་ཕྱིར།] ཧཱུྃ༔ ང་ནི་འཁོར་འདས་སྤྱི་དཔལ་ཧེ་རུ་ཀ༔ དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་བྱུང་གིས༔ བསྙེན་སྒྲུབ་དཀྱིལ་འཁོར་བལྟ་བར་མི་དབང་བའི༔ བགེགས་ཀྱི་ཚོགས་རྣམས་བྱེར་ཞིག་མྱུར་དུ་དེངས༔ [དྲག་སྔགས་སྤོས་རོལ་བཅས་བགེགས་བསྐྲད་མཐར། སྐྱབས་སེམས་ཡན་ལག་བདུན་པ་ནི།]ན་མོ༔ བདག་སོགས་འགྲོ་ཀུན་སྙིང་པོ་བྱང་ཆུབ་[སོགས་རྗེས་ཟློས་བྱར་གཞུག །སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་བསྒོམས་ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས།] ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང་༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ལ་ཞུགས་ཏེ་འེཐུང་༔ སྙིང་ལ་ཡང་དག་གནས་པའོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ [ཅེས་བྱིན་པ། སློབ་

p. 565

མས་ཀྱང་། ཨི་དནྟེ་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱངས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་མོ། །འདྲེས་ཟིན་བསྣན་པ་ནི། རྒྱལ་ཚབ་པས་བདུད་རྩི་གཡོན་བསྐོར་དུ་གསར་རྙིང་ཐམས་ཅད་ལ་བྲིམ་ཞིང་སྤྱི་དཔལ་གྱི་སྔགས་དབྱངས་ལན་གསུམ་མཇུག་ཏུ་འཇམ་རོལ་དང་བཅས་པས་བདུད་རྩི་མྱང་ནས་ཐམས་ཅད་ཀྱིས།] ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾཿ ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་༴ དེང་བདག༴ རྡོ་རྗེ་གསུང་གི༴ ཨཱཿསརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷ༴ ཧཱུྃ༔ དཔལ་ལྡན་སངས་རྒྱས་ཐུགས༴ རྡོ་རྗེ་མི་ཕྱེད་ཐུགས༴ དེང་བདག༴ རྡོ་རྗེ་ཐུགས་ཀྱི་ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾཿ [ཞེས་དང་། སློབ་དཔོན་གྱིས།] དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་བ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདྲེས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག༔ [ཅེས་བསྒོ། ཐམས་ཅད་ཀྱིས་ཕྱག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ།] སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང་༔ དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱིས༔

p. 566

སྒྲུབ་མཆོག་རྣམས་སུ་བྱིན་གྱིས་བརླབས་པ་ཡི༔ བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་གཏོང་༔ [ཞེས་དྲིན་ལན་གྱི་མེ་ཏོག་འཐོར། དེ་ནས་རྡོ་རྗེའི་གྲལ་དུ་བཞག་པ་ནི། མཆེད་གསར་པ་རྣམས་རང་རང་གི་གྲལ་དུ་འཁོད་ནས།] རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་༔ བསྙེན་སྒྲུབ་རྣམ་བཞི་བསྟེན་ཅིང་བསྒྲུབ་པ་དང་༔ ཡི་དམ་ལྷ་མཆོག་ཛཔྲ་བསྙེན་བགྲང་བའི་ཕྱིར༔ དམ་ཚིག་རྡོ་རྗེའི་གྲལ་དུ་མཆི་བར་གནང་༔ [ཞེས་བརྗོད་ཅིང་། ལྷའི་ང་རྒྱལ་དང་ལྡན་པས།]ཨོཾ་མ་ཧཱ་བཛྲ་ཧཱུྃ༔ [ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།] ཨོཾ་བཛྲ་གཎྜེ་ཨཱཿ [ཞེས་དྲིལ་བུ་གསོལ་ཞིང་དཀུར་བརྟེན།] ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ༔ [ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་རོལ་མོ་སྣ་ཚོགས་ཀྱི་སྒྲ་རྒྱ་ཆེར་བསྒྲག་གོ ། དགུ་པ་བརྡ་སྒོ་དབྱེ་བ་ནི། ལས་བྱང་ལྟར།] ཧཱུྃ༔ ཕྱི་ནང་སྣོད་བཅུད་[སོགས་དང་དམ་བཅའ་བ།] ཨོཾ༔ བདེ་གཤེགས་རྒྱ་མཚོ་[སོགས་བརྗོད་ལ་དོན་གྱི་དགོངས་པ་གསལ་གདབ་བོ། །བཅུ་པ་ཧེ་རུ་ཀའི་རྟགས་གདབ་པ་ནི། ཆས་རྣམས་ཉེ་བར་བསྔོགས་ཏེ་དབྱངས་བོར་ལེན་ཚུལ་གྱིས།] ཧཱུྃ༔ དོན་དམ་སྤྲོས་མེད་རྒྱུ་མའི་ཁོང་གསེང་ཅན༔ ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན་གསོལ༔ ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན་གསོལ༔ འཁོར་བ་མི་སྤོང་མི་ལྤགས་གཡང་གཞི་གསོལ༔ ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ༔ ཕྲིན་ལས་

p. 567

རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ༔ འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལ༔ ཆགས་པ་དབང་སྡུད་རཀྟའི་ཐིག་ལེ་གསོལ༔ སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ་གསོལ༔ ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ་གསོལ༔ མ་རིག་ནགས་སྲེག་ཡེ་ཤེས་མེ་དཔུང་གསོལ༔ ཞིང་བཅུ་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི༔ དབང་ཕྱུག་ཆེན་པོའི་སྐུ་ལ་རྒྱན་དུ་བཞེས༔ [ཞེས་བརྗོད་ལ། རྡོ་རྗེ་རྒྱལ་པོ་ནས་བརྩམ་སྒྲུབ་མཆེད་ཐམས་ཅད་ལ་བརྒྱན་པའི་ཚུལ་བྱའོ། །བཅུ་གཅིག་པ་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། ཞྭ་ཆོས་གཡབ་དར་ཐོགས་པས་དཀྱིལ་འཁོར་བསྐོར། སྤོས་རོལ་དབྱངས་དང་བཅས་ཏེ་ཚིག་བདུན་ནམ། བཞེངས་ཤིག་པདྨ་ལྟ་བུ་སྔོན་དུ་འགྲོ་བས་ལས་བྱང་གི] ཧཱུྃ༔ དཔལ་ཆེན་ཉེར་གཅིག་བཀའ་འདུས་ལྷ་ཚོགས་རྣམས༔ [སོགས་བརྗོད་ལ། སྔར་ནམ་མཁར་བཏེགས་པའི་སྟྭ་གོན་གྱི་ལྷ་རྟེན་བརྟེན་པར་བཅས་པའང་དཀྱིལ་འཁོར་དང་སྒྲུབ་རྫས་ལ་ཐིམ་པར་བསམ། ཞི་ཁྲོ་སྦྱི་དྲིལ་གྱི་ཛཔྲ་དབྱངས་ལན་གསུམ་བྱས་པས་གྲུབ་བོ། །སྤྱི་དོན་གཉིས་པ་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་ལྷ་དང་དབྱེར་མེད་དུ་སྒྲུབ་པའི་རིམ་པ་ནི། རིག་འཛིན་བརྒྱུད་པའི་གསོལ་འདེབས་འབྲིང་པོས་ཐོག་དྲངས། གཞི་གནས་བདག་པོ་དང་བགེགས་ལ་གཏོར་མ་སྦྱིན་པ་སྤྱི་འགྲོ་ལྟར་བྱས་ལ། ལུང་བརྒྱད་ཀྱིས་བསྡུས་པའི་

p. 568

ཕྲིན་ལས་ནར་མ་རིན་ཆེན་སྙིང་པོའི་བཀའ་བསྒོ་ནས་བརྩམ་མཐར་ཆགས་སུ་བཏང་སྟེ། བདག་མདུན་དབྱེར་མེད་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་ཤེས་པས་བསྙེན་པ་དང་ཉེ་བར་བསྙེན་པའི་དོན་རྟེན་དང་བརྟེན་པར་བཅས་པ་སྣང་ལ་རང་བཞིན་མེད་པའི་ཏིང་ངེ་འཛིན་གྱི་གསལ་སྣང་ཤིན་ཏུ་བརྟན་པའི་ངང་། མཆོད་བསྟོད་ཡན་སོང་བ་དང་། རྟོགས་གོམས་དམན་ན་ཛཔྲ་ཁང་ཕྱེ་བ་ལེགས་པས།] བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་ཛཿ [ཞེས་བརྗོད་པས།] བདག་བསྐྱེད་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་སྤྲོས་ཏེ་མདུན་དཀྱིལ་གྱི་གོ་སར་བཀྲ་ལམ་མེར་བཞུགས་པས་[མོས། སྒྲུབ་པའི་ཛཔྲ་ཀྱི་འཕྲོ་འདུའི་དགོངས་པ་ལས་གཞུང་ལྟར་གསལ་བཏབ་ལ། ཛཔྲ་བསྐུལ་ནི། ཧཱུྃ༔ གསང་བའི་དཀྱིལ་འཁོར་སྤྱི་དཔལ་ཐུགས་ཀྱི་ཀློང་༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ ཁྱབ་བདག་རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར༔ ཞི་ཞིང་ཕྲ་ལ་བརྟག་དཀའ་བ༔ སྐུ་ལ་ཞི་བའི་ཆས་དགུ་རྫོགས༔ གསུང་གི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་མི་འགྱུར་ཡེ་ཤེས་སེམས༔ ཛཔྲ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཨ་ཡིས་སྤྲོས་པས་སྟོང་གསུམ་གང་༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་

p. 569

བར་དུ་མི་བཏང་ངོ་༔ [ཞེས་དང་། ཞི་བ་རིགས་འདུས་ཀྱི་སྙིང་པོ་བཟླ།] ཧཱུྃ༔ བཀའ་འདུས་ཚོམ་བུ་ཉེར་གཅིག་དཀྱིལ་འཁོར་ན༔ ལྷ་ཀླུ་ལ་སོགས་སོ་སོའི་གདན་སྟེང་དུ༔ ཐབས་དང་ཤེས༴ མ་ཆགས་པདྨ༴ དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔྲ་ཀྱིས་རྒྱུད༴ ཕཊ་ཀྱིས་སྤྲོས༴ མ་གསལ་བར་དུ༴ མ་འགྲུབ་བར༴ [ཞེས་བསྐུལ་ལ་ཁྲོ་སྔགས་རྣམས་བཟླ། དེའང་ཞི་བསྙེན་སྐབས་ནས་གཟུངས་ཐག་བླངས་ལ་བཟླས་པ་སུམ་བརྒྱ་ཙམ་གྱི་མཐར་སྟོང་ཚིགས་ཕུལ། དེ་ནས་གཙོ་བོ་སྤྱི་དཔལ་སྟོང་ཕྲག །ཁྲོ་བོ་ཉི་ཤུ་ལ་བརྒྱ་རྩ་རེ། སྤྱི་དྲིལ་སུམ་བརྒྱ་ཙམ་བཟླ་བས་མཚོན་ལོངས་སྐབས་དང་བསྟུན་པའི་གྲངས་མང་ཉུང་གང་ལྕོགས་དེས་རིགས་འགྲེས་ཏེ་རེ་རེ་བཞིན་སྟོང་ཚིགས་འབུལ། ཐམས་ཅད་གྲུབ་པའི་མཐར་རྒྱུན་གྱི་ལས་སྦྱོར་ལྟར།] ཧཱུྃ༔ སྤྱི་དཔལ་ཆེན་པོའི་ཐུགས་ཀ་རུ༔ རྡོ་རྗེ་རྒྱ་གྲམ་ལྟེ་བའི་དབུས༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གིས་མཚན༔ ཚེ་ཡི་སྙིང་པོས་བསྐོར་བ་ལས༔ འོད་ཟེར་དྲྭ་བ་རབ་ཏུ་འཕྲོས༔ ཕར་སྤྲོས་རྒྱལ་བ་མཉེས་མཆོད་ཕུལ༔ ཚུར་འདུས་འཁོར་འདས་ཚེ་བཅུད་ཐིམ༔ རྡོ་རྗེའི་ཚེ་དབང་གྲུབ་པར་གྱུར༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ༔ [ཞེས་དམིགས་པ་གསལ་བཏབ་ལ་ཚེ་བསྙེན་བརྒྱ་རྩ་བརྒྱད་ཙམ་བཟླས་ལ་སྤྲོ་ན་ཚེ་འགུགས་

p. 570

ཀྱང་བཏང་། ལས་གཞུང་གི་ང་རྒྱལ་བསྐྱེད་ཅིང་། ཡིག་བརྒྱས་བརྟན་པར་བྱ། ཉུ་ལེ་སྐྲོད་པ་དང་བྱིན་འབེབས་འོག་ནས་བཤད་པ་ལྟར་བྱས་པས་ཐུན་དང་པོ་གྲུབ། སྔགས་རྒྱུན་པ་རྣམས་ཀྱིས་ཀྱང་གཙོ་བསྙེན་སྐབས་ཙམ་ནས་གཟུགས་ཐག་བླངས་ཏེ་ཞི་ཁྲོ་སྤྱི་དྲིལ་གྱི་སྔགས་གཉིས་སྦྲེལ་ལ་ཉིན་མཚན་བར་མ་ཆད་དུ་ཐུན་བཟུང་ངོ་། །དེ་ནས་ཐུན་ཕྱི་མ་ལ་ལྷ་བསྐྱེད་ནས་བརྩམས་ཏེ་བཟླས་པ་ཡན་ཆད་སྔར་ལྟར་བྱ་བ་ལས་སྟོང་ཚིགས་བསྡུ་བར་འདོད་ན་ཞི་བ། གཙོ་བོ། ཚོམ་བུ་ཉི་ཤུ་སྤྱི་ལ་གཅིག །ཁྲོ་བསྡུས་ལ་གཅིག་བཅས་ཀྱིས་ཆོག །གལ་ཏེ་ཐུན་གསུམ་ལྕོགས་ན་སླར་ཡང་དེ་ལྟར་ལན་གཅིག་བསྐྱར། གང་ལྟར་ཐུན་རྗེས་མའི་ཛཔྲ་བཟླས་གྲུབ་པ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ལ་སྐོང་བསྡུས་རིན་ཆེན་སིལ་མ་བཏང་། གཏོར་མ་ཕུད་སྐྱེམས་བཤམས་ལ་མགོན་པོ་གནམ་ལྕགས་མེ་འབར་བཀའ་སྲུང་འདུས་པའི་རྒྱུན་གསོལ་བྱ། དེ་ནས་ཚོགས་ཀྱི་དམ་རྫས་རྣམས་བཤམས་ལ། གསོལ་གདབ་སྤྱི་ལྟར་དང་བྱིན་རླབས་ནས་ལྷག་མའི་བར་བཏང་ལ་ལྷག་མ་བཙོན་དུ་འཛིན། ཆད་མདོ། བརྟན་མ། གཏོར་བྲོ་རྣམས་བཏང་ཞིང་ཟོར་བསྐུལ་མི་དགོས། སྔགས་ཙམ་གྱིས་མཆོད།] ཧཱུྃ༔ ཞི་ཁྲོའི་སྐུ་ནི་[སོགས་ཤློ་ལོ་ཀ་གཅིག་གིས་བསྟོད།] མ་རྙེད་ཡོངས་སུ་མ་ཚང་[སོགས་ཀྱིས་ནོངས་པ་བཤགས་ཤིང་ཡིག་བརྒྱ་བརྗོད། དཀྱིལ་འཁོར་གྱི་ལྷ་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་། ཟུར་གསལ་བསྔོ་སྨོན་དང་བཀྲ་ཤིས་བརྗོད་པས་

p. 571

གྲུབ། དེ་ནས་སློབ་དཔོན་སོགས་ཆས་སུ་ཞུགས། ཧོམ་ལིང་ཕུར་ཐུན་སོགས་འདུ་བྱས་ལ།] ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། [ཅེས་ཧོམ་དང་རྟེན་གསལ་གདབ།] ན་མོ། རིག་འཛིན་རྩ་བརྒྱུད་[སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ[ས་དགུག་གཞུག་བྱས་ནས། གིང་པ་ལས་ཀྱི་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཕོ་ཉ་མཚོན་ཆའི་ཆར་འབེབས་པས་རྡུལ་དུ་བརླག་པར་བསམ་ཞིང་། རོལ་མོ་དབྱངས་དང་ཌཱ་ཀིའི་འཆམས་སྟབས་དང་བཅས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི།] ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ [ཅེས་དང་།] ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་

p. 572

རབ་འཇིགས་ཕོ་ཉར་བཅས༔ དཔལ་ཆེན་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པངྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡ་ཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ [ཅེས་སློབ་དཔོན་གྱིས་དྲག་སྔགས་ཕུར་སྐོར་དང་བཅས་པས་གདབ་ཅིང་། ཌཱ་ཀི་རྣམས་ཀྱིས་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི།] ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་པོ་ཉི་ཟླ་སྐར་ལྟར་འཕྲོ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔

p. 573

ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་འཇུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གྱོན༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང་༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབས་ཤིང་དོན་སྙིང་སྲེག༔ དམ་ཉམས་ཉུལ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ བྲུ་བུ་བྲུ་ཨ་པ་ཙེ་རུ་པ་ཙེ་ན་ཙེ་ར་ཎ་ཐུན་དུ་ཐུན་ན་ཤ་སྟྭཾ་བྷ་ཡ་ཡཀྵ་འབྱིན་ཡཀྵ་འབྱིན་ཡ༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན༔ རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཨོཾ་སུཾ་བྷ་ནི་སོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ དྷ་ན་རཀྵ་རྦུད་ལིང་༔ ཏྲིའུ་ཏྲིའུ་མ་མ་ན་ཡ་ཤོ་ན་ཛཿ མཱ་ར་ཡ་རྦད་རྦད༔ [ཅེས་དྲག་སྔགས་

p. 574

སྤོས་རོལ་དང་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་ཐུན་གྱིས་བྲས་པ་སོགས་དྲག་པོའི་ཚམ་རྔམས་དང་བཅས་གཟིར་བར་བྱ་ཞིང་སྲུང་འཁོར་གྱི་ར་བས་བཅིངས་ནས། སླར་ཡང་།] ཧཱུྃ༔ དཔལ་ཆེན་ཉེར་གཅིག་བཀའ་འདུས་ལྷ་ཚོགས་རྣམས༔ ཡབ་ཡུམ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྒུབ་གནས་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ མཆེད་ལྕམ་ལུས་ངག་ཡིད་གསུམ་སྨིན་པར་མཛོད༔ ཕྱི་ནང་གསང་བ་བླ་མེད་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་༔ སྣང་སྲིད་ཡོངས་རྫོགས་ཡེ་ཤེས་རོལ་པའི་ལྷ༔ བདེ་ཆེན་བརྡལ་བ་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ཏོ་ཥཱ་ཡ་ཏོ་ཥཱ་ཡ༔ བནྡྷ་ཡ་མ་བནྡྷ་ཡ༔ ཨེ་ཨཱ་ར་ལླི་ཧྲཱིཾཿཧྲཱིཾཿཕེཾ་ཕེཾ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃ༔ [ཞེས་བྱིན་དབབ་རྗེས་ཛཔྲ་དབྱངས་ལན་གསུམ་བྱས་པས་ཉིན་མོའི་ཕྲིན་ལས་ཚང་། མཚན་ཐུན་གསུམ་མམ་གཉིས་ཉིན་མོའི་གྲངས་དང་མཐུན་པར་བྱས་པའི་ཐུན་དང་པོར་བཀའ་ནན་རྣམ་བཅུ་ནས་དབུ་བཟུང་སྟེ་ཕྲིན་ལས་ཚང་བར་བཏང་ལ། བཟླས་པའི་སྐབས། སྤྱི་དཔལ་བརྒྱ་རྩ། གཞན་རྣམས་ཉེར་གཅིག་རེ་ཙམ་བྱས་ནས་ཞི་ཁྲོ་སྤྱི་དྲིལ་སྦྲེལ་མར་བཟླ་བ་དང་ཐུན་པ་སྔ་མ་གྲོལ། ཐུན་མཐར་སྟོང་ཚིགས་ང་རྒྱལ་བཟུང་བ་ཡིག་བརྒྱ་བཅས་སོང་ནས་ཉུ་ལེ་བསྐྲད་པ་དང་བྱིན་འབེབས་བྱ། ཐུན་ཕྱི་མ་ལ་ལྷ་བསྐྱེད་མན་གྱིས་འཐུས་ཤིང་། ཐུན་གསུམ་བྱེད་སྐབས་

p. 575

གུང་ཐུན་ལ་ཉུ་ལེ་སྐྲོད་པ་མི་དགོས། ཐོར་ཐུན་གྱི་མཇུག་ཏུ་དགོངས་ཐུན་ལྟར་བྱའོ། །བདེར་འདུས་སོགས་གཞུང་ཆེན་པོ་རྣམས་ལས་རབ་ཉིན་མཚན་ཐུན་དྲུག་ཏུ་བྱས་ནས་ཕྲིན་ལས་བཟླས་པ་ཉུ་ལེ་སྐྲོད་ཅིང་བྱིན་འབེབས་བྱ་བ་དང་། འབྲིང་ཐུན་བཞིར་གསུངས་པས་དེ་གཉིས་གང་ལྕོགས་སྐབས་དང་བསྟུན་པས་ཆོག་གོ ། གསུམ་པ་སྒྲུབ་པ་ཆེན་པོའི་དངོས་གྲུབ་བླང་བ་ནི། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོངས་ཐུན་ནས་དངོས་གྲུབ་ཀྱི་རྫས་བཤམ་སྟེ། དཀྱིལ་འཁོར་མདུན་དུ་སྟེགས་དཀར་པོར་གཡུང་དྲུང་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་ལས་བཞི་མཆོག་དང་ལྔའི་འབྲང་རྒྱས་བཟའ་བཅའ་སྣ་ཚོགས་པས་བསྐོར་བ། གཡས་སུ་དཀར་མངར་བསྲེས་པའི་རིལ་བུ། གཡོན་དུ་ཐོད་ཆང་ཆོས་སྨན་བཏབ་ལ་ཁེབས་སྔོན་པོས་བཀབ། སྲོད་ཐུན་གྱི་བཟླས་པའི་མཐར་དངོས་གྲུབ་བསྡུ་བའི་དམིགས་པ་གསལ་བཏབ་ལ། སྤྱི་དྲིལ་གཉིས་ཀྱི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཏགས་པ་ཅུང་ཟད་བཟླ། ཉིན་ཐ་མར་ཐོ་རངས་ནས་བརྩམ་ཕྲིན་ལས་ཀྱི་གཞང་བསྲང་། བརྒྱུད་པའི་གསོལ་འདེབས་དང་སྐོང་བཤགས་མ་ལྕོགས་ཀྱང་ཆོག །བསྙེན་པ་རྣམས་ཀྱང་ཉུང་ཙམ་བྱས་ལ་སྟོང་ཚིགས་གཅིག་འབུལ། འདི་སྐབས་ཐུན་དཔོན་གཟུངས་ཐག་བསྡུ། དངོས་གྲུབ་སྔགས་ཤམ་བཏགས་པ་བཟླར་གཞུག །བཀའ་སྲུང་གསོལ་མཆོད་དང་། ཚོགས་བྱིན་བརླབ་ནས་བརྩམ་བསྒྲལ་བསྟབ་ཡན་སོང་ནས། ལས་གཞུང་ལྟར་བགེགས་བསྐྲད་ཅིང་བྱིན་དབབ། ཡེ་ཤེས་སྐུ་མཆོག་དང་ཡིག་བརྒྱ་བརྗོད་ལ་ཉམས་ཆག་བཤགས།

p. 576

བདུད་རྩི་བྱིན་རླབས་གོང་བཞིན་བརྗོད་ལ་དངོས་གྲུབ་ཀྱི་རྫས་རྣམས་བརླབ།] རྩ་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག །དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས། བདག་ལ་ཐིམ། གསལ་ཞིང་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་[བསམ་ཞིང་། བདེ་གཤེགས་ཞི་བ་དང་ཁྲོ་བོ་ཉེར་གཅིག་སྔགས་སོ་སོའི་ཤམ་དུ། ཀཱ་ཡ་སོགས་དང་། སརྦ་ཨ་མྲྀ་ཏ་ཀནྜ་ལཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ [བཏགས་པ་རབ་བརྒྱ་རྩ་རེ། མ་ལྕོགས་ན་ཞི་བ་དང་གཙོ་བོ་ལ་བརྒྱ་རེ། གཞན་རྣམས་ལ་ཉེར་གཅིག་རེ་བཟླས་པས་དངོས་གྲུབ་བསྡུ།] བདག་ཉིད་སྤྱི་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་ཕོག །སྔོན་གྱི་ཐུགས་དམ་བསྐུལ་བས་སོ་སོའི་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པར་[བསམ་ཞིང་།] ཧཱུྃ༔ བདེ་གཤེགས་ཞི་ཁྲོ་བཀའ་འདུས་ལྷ་ཚོགས་རྣམས༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ སྔོན་གྱི་ཐུགས་དམ་བཞིན་དུ་སྤྱན་འདྲེན་གྱི༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ དངོས་གྲུབ་མ་ལུས་དུས་འདིར་སྩལ་

p. 577

དུ་གསོལ༔ གནས་འདིར་མི་གཤེགས་དངོས་གྲུབ་མི་སྟེར་ན༔ སྔོན་གྱི་བྱང་ཆུབ་སེམས་བསྐྱེད་ཉམས་པ་དང་༔ སྐུ་གསུང་ཐུགས་ཀྱི་དམ་ལས་འགལ་བར་འགྱུར༔ [ཞེས་སྔགས་ཚན་སོ་སོའི་མཐར།] ས་མ་ཡ་བཛྲ་ས་མ་ཡ་ཧཱུྃ༔ [ཞེས་བཏགས་པ་ཞི་བ་དང་སྤྱི་དཔལ་ལ་ཉེར་གཅིག་དང་། ཁྲོ་བོ་ཉི་ཤུ་ལ་བདུན་རེ་བཟླ། མཆོད་ཅིང་དངོས་གྲུབ་བསྡུ་བ་ནི། སློབ་དཔོན་གྱི་མདུན་དུ་ཆང་དང་རཀྟ་སྦྱར་བའི་སྣོད། བཟེད་ཞལ། ཁེམ་ཐུར་བཅས་བཀོད་ནས།] ཧཱུྃ་ཧཱུྃ་ཧཱུྃ་[ཞེས་ལན་གཅིག་འཕྱར་བས།] གཉིས་བསྡུས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཆོས་སྐུ་བདེ་བ་ཆེན་པོར་གྱུར། [ཡང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལན་གཉིས་པ་འཕྱར་བས།] སྣང་སྲིད་བདེ་བ་ཆེན་པོའི་ཡེ་ཤེས་སུ་གྱུར། [ཡང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལན་གསུམ་པ་འཕྱར་བས།] བདེ་གཤེགས་རྣམས་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་གཟུགས་སྐུ་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་དུ་བཞེངས་པར་[བསམས་ལ།] ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ [ཞེས་ལན་གསུམ་གྱིས་རཀྟ་དེ་བདུད་རྩིར་བྱིན་གྱིས་བརླབས་ནས།] ཧཱུྃ༔ བཅོམ་ལྡན་བདེ་གཤེགས་ཞི་བའི་ལྷ་ཚོགས་དང་༔ ཚོམ་བུ་ཉེར་གཅིག་ཁྲོ་བོ་འཁོར་བཅས་རྣམས༔ དང་པོ་མཆོད་འོས་སྐྱབས་ཀྱི་ཡེ་ཤེས་ལྷ༔ བར་དུ་བསྒོམ་སྒྲུབ་བདག་གི་ཡི་དམ་ལྷ༔ ད་ལྟ་བདག་དང་གཉིས་མེད་ཆོས་ཀྱི་སྐུ༔ གཉིས་མེད་བདེ་ཆེན་རོལ་པའི་མཁའ་དབྱིངས་སུ༔ རཀྟ་དམར་གྱི་ཨརྒྷཾ་

p. 578

མཆོད་པ་འབུལ༔ མཆོད་པ་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ [ཞི་བ་དང་ཁྲོ་བོ་ཉེར་གཅིག་སྙིང་པོ་ལན་གསུམ་རེ་བརྗོད་པའི་མཐར།] མ་ཧཱ་རཀྟ་ཁཱ་ཧིཿ [ཞེས་བཟེད་ཞལ་དུ་ལན་གསུམ་ཕུལ་ནས་དང་པོས་ལྷ་ཚོགས་རྣམས་གསལ་བཏབ། གཉིས་པས་རང་གཙོ་བོ་ཡབ་ཡུམ་གྱི་མཁའ་ལས་བདུད་རྩི་དམར་པོ་འཕོས། ལྷ་རྣམས་མཆོད། གསུམ་པས་དེ་དག་གི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་བར་བསམ་ཞིང་། ཞི་བ་དང་ཁྲོ་བོའི་སྙིང་པོ་རྣམས་ལན་ཉེར་གཅིག་རེ། སྟོང་ཚིགས་ཀྱི་མཆོད་པ་དང་བཅས་པ་བྱའོ། །དེ་ནས་ཐུགས་ཁྲིད་ལྟར།] ཧཱུྃ༔ ནམ་མཁའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་ཅན༔ ཡེ་ཤེས་དབྱིངས་ལ་རྩོལ་རྟོག་མི་མངའ་ཡང་༔ གདུལ་བྱའི་དོན་ཕྱིར་ཐུགས་དམ་གནད་ནས་བསྐུལ༔ དང་པོ་བསྙེན་དང་ཉེ་བསྙེན་ཏིང་འཛིན་བརྟན༔ བར་དུ་དངོས་གྲུབ་ཕྱིར་དུ་རྩེ་གཅིག་བསྒྲུབས༔ ད་ལྟ་སྒྲུབ་པ་ཆེན་པོའི་རྣལ་འབྱོར་གྱིས༔ ལས་ཀྱི་འབྲས་བུ་གསོལ་བའི་དུས་ལགས་ན༔ ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས༔ ཐུན་མོང་དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ རིལ་བུ་མིག་སྨན་རྐང་མགྱོགས་ལ་སོགས་པ༔ ཁྱད་པར་གྲུབ་པའི་དངོས་གྲུབ་སྩལ་དུ་གསོལ༔ ནད་དང་རྐྱེན་བྲལ་འཆི་མེད་རྒས་མེད་པའི༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔

p. 579

ཚར་གཅོད་རྗེས་འཛིན་དམོད་པས་གྲུབ་པ་ཡི༔ བདེན་ཚིག་ནུས་པའི་དངོས་གྲུབ་སྩལ་དུ་སྒོལ༔ གཟུངས་དང་དྲན་པ་བསམ་གཏན་མངོན་ཤེས་སོགས༔ ཏིང་འཛིན་ཡིད་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྱིས་གྲུབ༔ ལམ་མྱུར་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་མི་ཁྱབ༔ བླ་མེད་འབྲས་བུའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ དཔལ་ཆེན་ཞི་ཁྲོ་རྡོ་རྗེའི་གཡར་དམ་ཅན༔ བསྙེན་སྒྲུབ་འབྲས་བུ་དུས་འདིར་སྩལ་ནས་ཀྱང་༔ ཐུན་མོང་མཆོག་གི་དངོས་གྲུབ་བླ་མེད་པས༔ སྐུ་གསུང་ཐུགས་དང་དབྱེར་མེད་མཛད་དུ་གསོལཿ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧོ༔ [ཞེས་སྤྱི་དྲིལ་སྔགས་དབྱངས་དང་བཅས་པས་དངོས་གྲུབ་བསྡུ་ཞིང་ལྷ་རྣམས་མཉམ་པར་སྦྱོར་བས་འོད་དུ་ཞུ་ནས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་མོས་ཏེ་ཐོད་སྐུ་སོགས་གནས་གསུམ་དུ་རེག །བུམ་ཆུ་སོགས་རྫས་ལ་ལོངས་སྤྱོད། བདུད་རྩིའི་ཐིག་ལེ་བཀོད་ཅིང་བཏུང་།] བདེ་གཤེགས་ཞི་ཁྲོ་བཀའ་འདུས་ཡོངས་སུ་རྫོགས་པའི་ལྷ་ཚོགས་རྣམས་ཀྱི་དངོས་གྲུབ་ཐམས་ཅད་བདག་ཅག་རྣམས་ཀྱིས་ཐོབ་ནས་སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་མ་ལུས་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ [ཚེ་ཛཔྲ་

p. 580

བརྗོད་ཅིང་ཚེ་རྫས་བཀྱེ། དེའི་རྗེས་འབྲེལ་དུ་ལས་བྱང་ལྟར།] ཧཱུྃ༔ ཚོམ་བུ་ཉེར་གཅིག་དཀྱིལ་འཁོར་ལྷ་ཚོགས་[སོགས་ཀྱིས་བསྐུལ་ལ་ཚོགས་རྫས་བཟའ་བཏུང་བྱ། ལྷག་ཆོག་བྱས་ལ་བཙོན་འཛིན་བྱས་པའི་ལྷག་མ་རྣམས་ཕྱི་རོལ་ལྷོ་ནུབ་གོམ་པ་བདུན་ཅུའི་སར་བསྐྱལ། གཞན་དོན་དབང་བསྐུར་བྱེད་ན་སྐབས་འདི་ཙམ་དུ་སྦྲེལ་ལོ། །སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལ་བརྒྱད་ལས། དང་པོ་གཏོར་མ་གཏོང་བ་ནི། ལས་བྱང་ལྟར་ཆད་མདོ་བཏང་། དགོས་པ་དང་འབྲེལ་ན་དེ་ཉིད་ཟོར་དུ་བསྐུལ། བརྟན་མ་བསྐྱང་ལ་བྲོ་བརྡུང་། གཉིས་པ་གཏང་རག་ནི། མཆོད་པ་ཁ་གསོས་ལ་ལས་བྱང་ལྟར་བྱིན་བརླབ། མཆོད་བསྟོད་རྒྱས་པར་བྱ། ནོངས་བཤགས་ཡིག་བརྒྱ་བཅས་བརྗོད། གསུམ་པ་བསྡུ་ལྡང་ནི། དཀྱིལ་འཁོར་རས་བྲིས་ཡིན་ན་མདུན་བསྐྱེད་བརྟན་བཞུགས་བྱ། རྡུལ་ཚོན་སྐབས་ཡེ་ཤེས་པ་གཤེགས། གཉིས་ཀར་ཡང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་ང་རྒྱལ་བཟུང་། བཞི་པ་ཕྱི་མཚམས་དཀྲོལ་བ་ནི། ཤར་ནས་གཡས་བསྐོར་དུ་རྒྱལ་ཐོའི་མདུན་མཆོད་པ་གཏོར་མ་བཤམས་ལ་བྱིན་བརླབ། སོ་སོའི་སྔགས་མཐར་གཏོར་སྔགས་བཏགས་པ་ལན་གསུམ་རེས་འབུལ།] ཨརྒྷཾ་[སོགས་ཀྱིས་མཆོད།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །[སོགས་ཀྱིས་ཕྲིན་ལས་བཅོལ། སྐུ་རྟེན་ཡོད་ན་གཙོ་བོ་བརྟན་བཞུགས་བྱ། འཁོར་རྣམས།

p. 581

སྭསྠཱ་ནཾ་གཙྪ་[ཞེས་པས་གཤེགས། སྒོ་བྱང་ཕྱི་ནང་ཡང་དེ་ཀ་ལྟར་བྱས་ལ་བསྡུའོ། །ལྔ་པ་དཀྱིལ་བསྡུ་བ་ནི། སློབ་དཔོན་དཀྱིལ་འཁོར་མདུན་དུ་ཕྱིན་ལ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ།] ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། [ཞེས་དང་། ཕུར་རྩེ་འོ་མས་བཀྲུ་ཞིང་།] ཨོཾ་རུ་རུ་སུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། [ཞེས་སྤྱན་མའི་རིག་པ་བརྗོད། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ།] ཨ་ཀཱ་རོ་[བརྗོད་ལ་རས་བྲིས་ཀྱི་དཀྱིལ་འཁོར་བསྡུའོ། །དྲུག་པ་བཟོད་གསོལ་རྩ་བའི་སྒྲུབ་ཁོག་ལས་འབྱུང་བ་བཞིན་བྱ་དགོས་ཀྱང་སྨིན་ལུགས་ཡིག་ཆར་མི་འབྱུང་བས། དཔོན་སློབ་ལྷན་ཅིག་པས་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་དང་། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་སོགས་བརྗོད་པར་བྱའོ། །བདུན་པ་སྨོན་ལམ་དང་བཀྲ་ཤིས་བརྗོད་པ་ནི། ཐམས་ཅད་ལག་བསྣོལ་མར་སྲིན་ལག་སྦྲེལ་ཅིང་མར་མེ་བཏེགས་ལ།] ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་

p. 582

མི་ཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་བྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བརྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །ཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །[ཅེས་དབྱངས་བོར་ལེན་ཚུལ་གྱིས་བརྗོད་ཅིང་། གཞན་ཡང་།] ཧོཿ ཕྱོགས་དུས་རྩ་བརྒྱུད་བླ་མ་[སོགས་གཞུང་གསལ་གྱིས་མཚོན་ཐེག་པ་ཆེན་པོའི་སྨོན་ལམ་རྒྱ་ཆེར་

p. 583

གདབ།]ཨོཾ༔ ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་[སོགས་བཀྲ་ཤིས་རྒྱས་པར་སྤེལ་ལོ། །བརྒྱད་པ་གནས་བསྲུང་བ་ནི། སྒྲུབ་པ་གྲོལ་མ་ཐག་རང་གནས་སུ་མི་ལྡོག་པར་ཞག་གསུམ་ཙམ་དུ་སྒྲུབ་ཁང་དེར་གྲུབ་ན་ཚོགས་སྐོང་ལྟ་བུའི་དགའ་སྟོན་དང་དམ་ཆོས་བཤད་ཉན་གྱིས་མཚོན་དགེ་བའི་བྱ་བ་ལ་འབད་པས་བསྟན་པ་ཡུན་དུ་གནས་ཤིང་བཀྲ་ཤིས་པའི་སྟོབས་འཕེལ་ལོ། །ཞེས་གསེར་པ་གཏེར་སྲས་བསླབ་པ་གསུམ་ལྡན་རྡོ་རྗེ་འཛིན་པ་འགྱུར་མེད་འཇམ་དབྱངས་ཚུལ་ཁྲིམས་ནས་ཀུན་གཟིགས་གཏེར་ཆེན་བླ་མ་རིན་པོ་ཆེར་གསོལ་བ་བཏབ་པའི་དོན་བཀའ་ཡིས་གནང་བ་སྩལ་བ་ལྟར། པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ༎ ༎][སླར་ཡང་གསལ་བྱེད་ཅུང་ཟད་དང་བཅས་ཛྙཱ་ན་ས་ཞུས་དག་པར་བགྱིས་པ་ཤུ་བྷཾ༎ ༎]

བཀའ་འདུས་སྒྲུབ་ཆེན་བཟླས་པའི་སྐབས་སུ་ཛབ྄་བསྐུལ་རྒྱས་པ།

p. 584
p. 585

[བཀའ་འདུས་སྒྲུབ་ཆེན་བཟླས་པའི་སྐབས་སུ་ཛབ྄་བསྐུལ་རྒྱས་པར་སྤྲོ་ན། གཙོ་བོ་ལ།] ཧཱུྃ༔ ཡེ་ཤེས་གཞལ་ཡས་རྩ་བའི་དཀྱིལ་འཁོར་ན༔ རིགས་ཀུན་བདག་པོ་སྤྱི་དཔལ་ཧེ་རུ་ཀ༔ གཉིས་མེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་བརྒྱ་རེ་དྲུག་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔྲ་ཀྱིས་རྒྱུད་བསྐུལ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང་༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་བཏང་ངོ་༔ [ཞེས་དང་། འཁོར་རྣམས་ལ།] ཧཱུྃ༔ ཤར་སྟོད་བྱམས་པ་ཆེན་པོའི་དཀྱིལ་འཁོར་ན༔ ཁྱབ་བརྡལ་ཡེ་ཤེས་ཡང་དག་ཧེ་རུ་ཀ༔ དབྱིངས་ཕྱུག་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་བརྒྱད་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ཤར་སྲིབ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ན༔ སྟོབས་ལྡན་ཡེ་ཤེས་རྡོ་རྗེ་ཕྲེང་བ་ཆེ༔ སྣང་དབྱིངས་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ བརྒྱ་དང་རྩ་བརྒྱད་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ཤར་དབུས་དགའ་བའི་དཀྱིལ་འཁོར་ཆེན་པོ་ན༔ འབར་བའི་ཡེ་ཤེས་དཔལ་

p. 586

ཆེན་གསང་བའི་བདག༔ དབང་སྡུད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ རྣམ་གྲངས་བརྒྱད་ཅུ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་[སོགས།] ཧཱུྃ༔ ཤར་སྨད་བཏང་སྙོམས་ཆེན་པོའི་དཀྱིལ་འཁོར་ན༔ ཡིད་བཞིན་ཡེ་ཤེས་རྡོ་རྗེ་རྩལ་ཆེན་རྫོགས༔ བདེ་མ་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ སུམ་ཅུ་རྩ་དྲུག་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ལྷོ་སྟོད་སྦྱིན་པ་ཆེན་པོའི་དཀྱིལ་འཁོར་ན༔ ཆགས་བྲལ་ཡེ་ཤེས་རྡོ་རྗེ་ཐོད་ཕྲེང་རྩལ༔ སྦྱོར་བའི་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ མཁའ་འགྲོ་བརྒྱད་ཅུ་རྫོགས་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་[སོགས།]ཧཱུྃ༔ ལྷོ་སྲིབ་ངག་སྙན་སྨྲ་བའི་དཀྱིལ་འཁོར་ན༔ བདེ་ཆེན་ཡེ་ཤེས་འཁོར་ལོ་བདེ་བའི་མཆོག༔ རྣལ་འབྱོར་མས་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་གཉིས་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་[སོགས།] ཧཱུྃ༔ ལྷོ་དབུས་དོན་མཐུན་རོལ་པའི་དཀྱིལ་འཁོར་ན༔ གཏུམ་རྔམས་ཡེ་ཤེས་བཅོམ་ལྡན་གཤིན་རྗེའི་གཤེད༔ ཟ་བྱེད་ཡུམ་འཁྱུད་རིག་མདངས༴ དྲུག་ཅུ་རྩ་ལྔ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་[སོགས།] ཧཱུྃ༔ ལྷོ་སྨད་དོན་སྤྱོད་རོལ་པའི་དཀྱིལ་འཁོར་ན༔ བསམ་འཕེལ་ཡེ་ཤེས་ཀུན་

p. 587

འབྱུང་རཏྣ་རྩལ༔ སྦྱོར་བའི་ཡུམ་འཁྱུད་རིག༴ ལྔ་བཅུ་རྩ་ལྔ་རྫོགས་པའི་ལྷ་ཚོགས༴ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ནུབ་སྟོད་འདོད་པ་ཟག་མེད་དཀྱིལ་འཁོར་ན༔ སོར་རྟོག་ཡེ་ཤེས་པདྨ་རྟ་མགྲིན་རྒྱལ༔ རལ་གཅིག་ཡུམ་འཁྱུད་རིག་མདངས༴ ལྔ་བཅུ་རྩ་ལྔ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ནུབ་སྲིབ་མ་རིག་ཟག་མེད་དཀྱིལ་འཁོར་ན༔ དགའ་ཆེན་ཡེ་ཤེས་དགྱེས་པའི་རྡོ་རྗེ་བཞད༔ བདག་མེད་ཡུམ་འཁྱུད་རིག་མདངས༴ དྲུག་ཅུ་རྩ་ལྔ་རྫོགས་པའི༴ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ནུབ་དཀྱིལ་སྲེད་པ་ཟག་མེད་དཀྱིལ་འཁོར་ན༔ འོད་གསལ་ཡེ་ཤེས་བདེ་གཤེགས་གསང་བ་འདུས༔ མཁའ་སྤྱོད་ཡུམ་འཁྱུད་རིག༴ བརྒྱ་དང་སུམ་ཅུ་རྫོགས་པའི༴ སྐུ་ནི་[སོགས།]ཧཱུྃ༔ ནུབ་སྨད་ལྟ་བཟག་མེད་དཀྱིལ་འཁོར་ན༔ རྣམ་དག་ཡེ་ཤེས་པདྨ་རྩལ་ཆེན་པོ༔ འོད་སྐོར་ཡུམ་འཁྱུད་རིག་མདངས༴ དགུ་བཅུ་རྩ་བརྒྱད་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ བྱང་སྟོད་ཆོས་ཀུན་སྟོང་ཉིད་དཀྱིལ་འཁོར་ན༔ ཟུང་འཇུག་ཡེ་ཤེས་ཁྲག་འཐུང་ཆེ་བའི་མཆོག༔ དབྱིངས་ཕྱུག་ཡུམ་འཁྱུད་རིག༴ བདུན་ཅུ་རྩ་གཉིས་རྫོགས༴ སྐུ་ནི་དུར་ཁྲོད་[སོགས།] ཧཱུྃ༔ བྱང་སྲིབ་མཚན་མ་མེད་

p. 588

པའི་དཀྱིལ་འཁོར་ན༔ རྟོག་བྲག་ཡེ་ཤེས་དུས་ཀྱི་འཁོར་ལོ་དཔལ༔ ཛྙཱ་ན་ཡུམ་འཁྱུད་རིག་མདངས༴ བརྒྱ་དང་རེ་བཞི་རྫོགས་པའི་ལྷ་ཚོགས༴ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ བྱང་དཀྱིལ་སྨོན་པ་མེད་པའི་དཀྱིལ་འཁོར་ན༔ འདོད་འབྱུང་ཡེ་ཤེས་ཟག་མེད་མཁའ་ཀློང་འཁྱིལ༔ ཨུ་ཙུཥྨར་འཁྱུད་རིག༴ བརྒྱ་དང་བཅུ་བདུན་རྫོགས་པའི༴ སྐུ་ནི་དུར་ཁྲོད་[སོགས།] ཧཱུྃ༔ བྱང་སྨད་འདུ་མི་བྱེད་པའི་དཀྱིལ་འཁོར་ན༔ ཤུགས་འཆང་ཡེ་ཤེས་ཐོགས་མེད་ཀརྨ་རྩལ༔ ཟིལ་གནོན་ཡུམ་འཁྱུད་རིག་མདངས༴ བརྒྱ་དང་ལྔ་བཅུ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ཤར་ལྷོ་ལུས་དྲན་ཉེར་གཞག་དཀྱིལ་འཁོར་ན༔ ཐིག་ལེ་ཡེ་ཤེས་བླ་མེད་མངོན་རྫོགས་རྒྱལ༔ ཉིད་བཞི་ཡུམ་འཁྱུད་རིག༴ བདུན་ཅུ་རྩ་བཞི་རྫོགས་པའི༴ སྐུ་ནི་དུར་ཁྲོད་སོགས། ཧཱུྃ༔ ལྷོ་ནུབ་ཚོར་དྲན་ཉེར་གཞག་དཀྱིལ་འཁོར་ན༔ བདུད་འཇོམས་ཡེ་ཤེས་བཛྲ་ཀཱི་ལ་ཡ༔ རྒྱས་འདེབས་ཡུམ་འཁྱུད་རིག༴ བརྒྱད་ཅུ་རྩ་བཞི་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་[སོགས།] ཧཱུྃ༔ ནུབ་བྱང་སེམས་དྲན་ཉེར་གཞག་དཀྱིལ་འཁོར་ན༔ བགེགས་འདུལ་ཡེ་ཤེས་དྲེགས་པ་ཐམས་ཅད་འདུལ༔ སྤྱི་འདུལ་ཡུམ་འཁྱུད་རིག་མདངས༴ དྲེགས་པ་བཞི་བཅུ་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་

p. 589

དུར་ཁྲོད་སོགས། ཧཱུྃ༔ བྱང་ཤར་ཆོས་དྲན་ཉེར་གཞག་དཀྱིལ་འཁོར་ན༔ མངོན་སྤྱོད་ཡེ་ཤེས་དཔལ་ཆེན་སྟོབས་ལྡན་ནག༔ འབྱུང་ལྔའི་བདག་འཁྱུད་རིག་དམངས༴ ཉི་ཤུ་བརྒྱད་རྫོགས་པའི་ལྷ་ཚོགས་རྣམས༔ སྐུ་ནི་དུར་ཁྲོད་[སོགས། ཁྲོ་བོ་སྤྱི་དྲིལ་ལ།] ཧཱུྃ༔ ཚོམ་བུ་ཉེར་གཅིག་འབར་བའི་དཀྱིལ་འཁོར་ན༔ ཡེ་ཤེས་ཉེར་གཅིག་ཀུན་ཏུ་མ་འདྲེས་མདངས༔ དཔལ་ཆེན་ཉེར་གཅིག་བཀའ་འདུས་ལྷ་ཚོགས་རྣམས༔ སྐུ་ནི༴ [སོགས། ཞེས་སྦྱར་ལ་སོ་སོའི་བཟླས་པ་བྱ་ཞིང་། མཐར་རེ་རེ་བཞིན་སྟོང་ཚིགས་ཀྱི་མཆོད་པའང་བྱའོ། །ཞེས་པའང་བཛྲ་ཛྙཱ་ནས་སོ། །]

དཔལ་བཀའ་འདུས་ཀྱི་མཆོག་གི་ཕྲིན་ལས་དམ་རྫས་བདུད་རྩིའི་སྒྲུབ་ཐབས་བདེ་ཆེན་གྲུབ་པའི་བཅུད་ལེན།

p. 590
p. 591

༄༅། །དཔལ་བཀའ་འདུས་ཀྱི་མཆོག་གི་ཕྲིན་ལས་དམ་རྫས་བདུད་རྩིའི་སྒྲུབ་ཐབས་བདེ་ཆེན་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།

p. 592

༄༅། །དཔལ་བཀའ་འདུས་ཀྱི་མཆོག་གི་ཕྲིན་ལས་དམ་རྫས་བདུད་རྩིའི་སྒྲུབ་ཐབས་བདེ་ཆེན་གྲུབ་པའི་བཅུ་ལེན་ཞེས་བྱ་བ། ཨོཾ་སྭསྟི། ཐ་མལ་ཞེན་སྣང་དུག་ལྔའི་ལྕགས་ཁམས་བདུད། །ཟུང་འཇུག་ཡེ་ཤེས་གསེར་འགྱུར་རྩིར་སྦྱར་བས། །དགའ་ཆེན་ནམ་མཁའ་མཉམ་པའི་གར་མཁན་མཆོག །བླ་མ་ཧེ་རུ་ཀ་དཔལ་དཔའ་བོས་སྐྱོངས། །ངོ་མཚར་གསང་ཆེན་ལམ་གྱི་ཁྱད་ཆོས་ཕུལ། །དམ་རྫས་ར་སཱ་ཡ་ན་སྒྲུབ་པའི་ཚུལ། །གྲུབ་པའི་མན་ངག་གཞུང་བཟང་ཡིད་བཞིན་ནོར། །ལེགས་བཤད་རྒྱལ་མཚན་རྩེ་མོར་མཆོད་ལ་སྤྲོ། །[དེ་ཡང་དཔལ་ཆེན་བཀའ་འདུས་

p. 593

ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བརྟེན་ནས་རྡོ་རྗེ་ཐེག་པའི་དམ་ཚིག་གི་རྫས་ར་སཱ་ཡ་ནའི་སྒྲུབ་པ་ཟབ་མོ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གསལ་བར་འཆད་པ་ལ་སྤྱི་དོན་རྣམ་པ་བདུན་ཏེ། བདུད་རྩིའི་ངོ་བོ་བཞག་པ། ངེས་ཚིག་བཤད་པ། རྣམ་གྲངས་ཀྱི་དབྱེ་བ། བསྟེན་པར་གསུང་ཚུལ། དམ་རྫས་བསགས་ཐབས། སྒྲུབ་པའི་ཐབས་དངོས། དེའི་འབྲས་བུ་ཐོབ་ཚུལ་ལོ། །དང་པོ་ནི། འཁོར་འདས་ཐམས་ཅད་ཆོས་ཀྱི་དབྱིངས་བཟང་ངན་ཕྱོགས་ལྷུང་བྲལ་བའི་ཀློང་དུ་རོ་གཅིག་ཅིང་གདོད་མ་ཉིད་ནས་རང་བཞིན་གྱིས་རྣམ་པར་དག་པ་ནི་བདུད་རྩིའི་ངོ་བོ་སྟེ། བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་

p. 594

ཕྱིར། །ངེས་པའི་ཀློང་ནས་བཀའ་སྩལ་ཏོ། །ཞེས་པས། སྲིད་པ་གསུམ་གྱིས་བསྡུས་པའི་ཉོན་མོངས་པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། འབྱུང་བ་ལྔ་དང་། ཕུང་པོ་ལྔར་སྣང་བ་ཐམས་ཅད་ཀྱང་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་ཅན་དུ་མངོན་པར་བྱང་ཆུབ་པའི་ཕྱིར། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། ། རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས་སོ། །གཉིས་པ་ངེས་ཚིག་ནི། ཨ་མྲྀ་ཏའི་སྒྲ་ལས་འཆི་བ་མེད་པ་ཞེས་བདུད་རྩིར་འཇུག་པ་སྟེ་འཆི་བའི་འཇིགས་པ་སེལ་བའི་གསོས་སུ་གྱུར་པའི་ཕྱིར། རྣམ་རྟོག་གི་བདུད་ལ་རིག་པ་ཡེ་ཤེས་ཀྱི་རྩིས་འདེབས་པས་ན་བདུད་རྩི་སྟེ། མན་ངག་ལས། བདུད་ནི་བདག་འཛིན་རྟོག་ཚོགས་བཅས། །རྩི་ནི་རང་རིག་མཉམ་པ་ཉིད། །ཅེས་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོར་རྒྱས་འདེབས་པའི་སྨན་ཡིན་པས་ན་ཆོས་སྨན་ཞེས་ཀྱང་བྱ་སྟེ། འཁོར་འདས་ཆོས་ཀུན་ཡེ་ཤེས་སྨན༔ བརྡ་བརྟགས་ཆོས་སྨན་དེ་སྤྱད་ན༔ མཉམ་པ་ཉིད། །ཅེས་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོར་རྒྱས་འདེབས་པའི་སྨན་ཡིན་པས་ན་ཆོས་སྨན་ཞེས་ཀྱང་བྱ་སྟེ། འཁོར་འདས་ཆོས་ཀུན་ཡེ་ཤེས་སྨན༔ བརྡབ་རྟགས་ཆོས་སྨན་དེ་སྤྱད་ན༔ ཉོན་མོངས་དུག་རྣམས་སྨན་དུ་འགྱུར་༔ ཞེས་སོ། །གསུམ་པ་དབྱེ་བ་ནི། དེ་ཉིད་ལས། མཚོན་བྱ་ཆོས་ཉིད་དོན་གྱི་བདུད་རྩི་དང་༔ མཚོན་བྱེད་རྟགས་ཀྱི་བདུད་རྩིའོ༔ ཞེས་གསུངས་ཤིང་། ཆོས་ཀྱི་བདུད་རྩི། དོན་གྱི་བདུད་རྩི། རྟགས་ཀྱི་བདུད་རྩི། རྫས་ཀྱི་བདུད་རྩི་སོགས་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྱེས་ན་དུ་མར་དབྱེར་ཡོད་དོ། །བཞི་པ་བསྟེན་པར་གསུངས་ཚུལ་ནི། དེ་ལྟ་བུའི་བདུད་རྩི་ཉིད་ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་

p. 595

རོལ་པ་ཡིན་པས་དང་། རིགས་ལྔའི་རང་བཞིན་ཡིན་པས་དང་། དངོས་གྲུབ་སྒྲུབ་པའི་རྫས་ཡིན་པས་དང་། མཁའ་འགྲོ་རྣམས་འདུ་ཞིང་བརྟུལ་ཞུགས་སྤྱོད་པའི་གྲོགས་སུ་འགྱུར་པས་ན་དང་དུ་བླང་བར་བྱ་བ་ཡིན་ཏེ། བདུད་རྩིའི་རྒྱུད་ལས། ར་སཱ་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་ཐོབ། ཅེས་སོགས་གསུངས་སོ། །ལྔ་པ་དམ་རྫས་བསགས་ཚུལ་ནི། དེ་ཉིད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། ཞེས་གསུངས་པས། སྨན་རྩ་བ་བརྒྱད་ལ་ཡན་ལག་སྟོང་དུ་ཚང་བར་སྦྱོར་བ་སྟེ། འདི་དག་གི་རྣམ་གྲངས་དབྱེ་བསྡུ་ཇི་སྙེད་པ་ཞིག་འབྱུང་བ་རྒྱས་པར་གཞན་དུ་བཤད་པ་ལས་ཤེས་ཤིང་། སྐབས་དོན་གྱི་ལག་ལེན་ནི་འོག་ཏུ་འཆད་པར་འགྱུར་བ་བཞིན་ནོ། །དྲུག་པ་སྒྲུབ་པའི་ཐབས་དངོས་ལ་གསུམ་སྟེ། སྒྲུབ་གཞི་རྫས་དང་ཡོ་བྱད་སྟྭ་གོན་དུ་བྱ་བ། སྒྲུབ་ཆོས་ཕྲིན་ལས་ཀྱི་རིམ་པ་གཞུང་བསྲང་བ། སྒྲུབ་འབྲས་དངོས་གྲུབ་ཀྱི་དགའ་སྟོན་སྤེལ་ཞིང་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། སྤྱིར་སྟོན་འཁོར་གནས་དུས་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་སྟེ། གཞན་རྣམས་སྒྲུབ་གཞུང་དུ་གསུངས་པ་ལྟར་ལས་ཁྱད་པར་བདུད་རྩི་སྒྲུབ་པའི་དུས་ནི་སྟོན་དཔྱིད་བསིལ་དྲོད་སྙོམས་པའི་ཡར་གྱི་ངོའི་ཚེས་བརྒྱད་ལ་མཆོག་ཏུ་ཤིས་པར་བཤད། བསྒྲུབ་བྱའི་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་དང་

p. 596

ཤ་ལྔ་སྨན་རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བ་སྟེ། དེ་ལས་བདུད་རྩི་ལྔ་དང་ཤ་ལྔ་དངོས་ནི་དེང་དུས་ཚད་ལྡན་ལག་ཏུ་ཐེབ་པར་དཀའ་ཞིང་རྟོག་པའི་དབང་གིས་བསག་ཏུའང་མི་བཏུབ་པས་གཏེར་བྱོན་རིགས་དང་རིག་འཛིན་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན་ལ་ཚང་བས་ན་སེལ་མེད་ཁུང་ལྡན་གྱི་ཕབ་རྒྱུན་ཉིད་གཞིར་བཞག །སྨན་སྦྱོར་ལག་ཏུ་བླང་བྱ་རྩ་བ་བརྒྱད་ཕྱོགས་མཐུན། ཙནྡན་སྨུག་པོ། མཱུལ་བཏྲ། ལི་ཤི། གནྡྷ་བྷ་དྲ། གུར་གུམ། ཛཱ་ཏི། ག་བུར། ཤིང་ཚྭ་རྣམས་ལ་བྱ་ཞིང་། ཡན་ལག་གི་སྨན་སྤྱིར་སྣང་ཞིང་སྲིད་པའི་རྩི་བཅུད་ཐམས་ཅད་སྨན་དུ་སྦྱོར་བར་གསུངས་པས་རྒྱ་བལ་མོན་བོད་སོགས་ནས་བྱུང་བའི་སྨན་སྣ་ཇི་ཙམ་ཚོགས་པ་དང་། བཞུ་བ་དང་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་སུ་གྱུར་པ། མི་དང་འདབ་ཆགས་སྡེར་ཆགས་རི་དྭགས་གཡུང་དྭགས་ཆུ་གནས་ས་འཛུལ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་དབང་པོ་ལྔ། ལྔ་ཚན་ལྔ། དཀར་མངར་འབྲུ་སྣ་སོགས་སྦྱོར་དུ་མི་རུང་བ་གང་ཡང་མེད་པས་གང་འཛོམ་བསགས། འོན་ཀྱང་གནས་སྐབས་སུ་དུག་རིགས་གཙོས་ནུས་པ་དྲི་རོ་ཁ་དོག་ཤ་མེ་ཏོག་གི་སྤྱང་ཀི་རྣམས་སྤར་བྱར་བཤད་པས་མི་སྦྱོར། སྨན་གང་ཡང་རྒྱུ་དང་ཁུངས་དག་ལ་བམ་རུལ་འཁྱགས་པ་སོགས་སྐྱོན་གྱིས་མ་གོས་ཤིང་ཧ་ཅང་རྙིང་ཆེས་པ་སོགས་མ་ཡིན་པར་གཙང་ལ་ཁ་དོག་དྲི་རོ་མ་ཉམས་པ་ཁོ་ན་སྦྱར། རིན་པོ་ཆེ་དང་དབང་རིལ་གྱིས་མཚོན་གཡའ་སེལ་དུག་འདོན་ངར་འདོགས་དགོས་པའི་རིགས་རྣམས་གསོ་རིག་གི་གཞུང་ལས་བཤད་པ་ལྟར་བྱ། ཤ་སྣ་སོགས་དངོས་སུ་མ་འཛོམ་པའམ་རྟོགས་པས་མ་ཆུན་ཀྱང་

p. 597

བཏང་སྙོམས་སུ་བཞག་མི་རུང་བས་ཟན་ལ་མི་དང་དུད་འགྲོ་རྣམས་ཀྱི་གཟུགས་འབུར་མོའམ་སྤར་བཏབ་པ་མང་དུ་འཆོས་ཏེ་ནྲྀ་ལྗང་གུ་ལས་མི་དང་། སུ་སེར་པོ་ལས་དུད་འགྲོའི་རིགས་བརྒྱ་སྟོང་མང་པོ་གསལ་བཏབ་པའི་མཐར་སོ་སོའི་ཚེ་ཟད་པས་ལས་ཀྱིས་ཤི་བའི་ཕུང་པོ་ཤ་ཁྲག་ཏུ་དམིགས་ལ་དམ་རྫས་ཀྱི་རྒྱུར་སྦྱོར་བར་གསུངས་པ་ལྟར་བྱ་ཞིང་། སྨན་གྱི་སྨར་ཚད་གཞུང་དང་ཕྱག་ལེན་རྣམས་ལས་འདྲ་མིན་མང་ཡང་ཕྱག་ལེན་དངོས་གཙང་བའི་ལུགས་གཅིག་ལ་མཚོན་ན། གཞི་ཨ་རུ་ར་ཁོ་ན་ལ་བྱེད་དགོས་པས་གང་མང་དང་དེའང་རུས་པ་དང་བྲལ་བ་བྱུང་ན་ལེགས། བ་རུ་ར། སྐྱུ་རུ་ར། གུར་གུམ་རྣམས་དེའི་བཞི་ཆ་རེ། ཙནྡན་དཀར་དམར། ཨ་ག་རུ་ནག་པོ་རྣམས་བསྡོམས་པ་བཞི་ཆ་གཅིག །ན་གི་དུལ་མ། གི་ཝཾ། ཅུ་གང་། ལི་ཤི། ཛཱ་ཏི། སུཀེམ་ལ། ཀ་ཀོ་ལ་རྣམས་བསྡོམས་པ་བཞི་ཆ་གཅིག །བཟང་སྨན་གཞན་ཐམས་ཅད་བསྡོམས་པ་བཞི་ཆ་གཅིག །སྔོ་སྨན་རིགས་ཐམས་ཅད་བསྡོམས་པ་དང་ཤ་སྣ་སོགས་ནང་སྨན་ཕྱོགས་བསྡོམས་བརྒྱད་ཆ་གཅིག །དབང་ལག་བཞི་ཆ་གཅིག །ལི་ག་དུར། རྟ་མོན་པ། བུར་སྦྲང་ཀ་ར་རྣམས་བཞི་ཆ་ཙམ་བསྲེ་བ་ཡིན་ལ། བཟང་སྨན་དཀོན་པ་དང་འབྱོར་པ་དམན་བའི་རིགས་ཀྱིས་བུང་བསྐྱེད་རུ་རྟ་དང་ལི་གདུར་རྟ་མོན་པ་སོགས་ཅུང་ཟད་མང་བ་བཏང་དུ་བཏུབ། སྤང་སྤོས་ཀྱིས་མཚོན་པའི་སྔོན་སྨན་རིགས་རྣམས་མང་ན་མི་ལེགས། སྤྱིར་སྨན་སྦྱོར་ལེགས་པའི་ཚད་ནི་མདོག་བཟང་ལ་བརྟག་ཏུ་མི་བཏུབ་པ། དྲི་བཟང་

p. 598

ལ་ངོས་བཟུང་དཀའ་བ། རོ་ཞིམ་ལ་སྨྲར་མེད་པ། ཟོས་ན་ཁ་ཟས་གཞན་གྱིས་སྨན་ངད་མི་འཕྲོག་པ་འབྱུང་ཞེས་གསུངས། དེ་ལྟར་སྦྱར་ཚད་ངེས་པའི་སྒོ་ནས་བསགས་ལ་གཞུང་གི་དངོས་བསྟན་དུ་ཐོག་མར་སྨན་རྣམས་ཁྲོལ་བུར་བསྒྲུབ་ཅིང་གདོད་བཏགས་བཙག་སོགས་བྱ་བ་ཡིན་ཀྱང་སྨན་བུང་མང་ཞིང་སྒྲུབ་ཞག་གྲངས་བཅད་ཀྱི་སྐབས་འདིར་འཇུག་པ་མི་བདེ་བས་ཡོངས་གྲགས་དཀྱུས་ཀྱི་ཕྱག་ལེན་སྟབས་བདེའི་དབང་དུ་སྨན་ཕྱེ་སྔ་ཚགས་སུ་ཚུད་པར་བྱས་ན་ལེགས་པས། གཤམ་གསལ་ཁྲོལ་སྒྲུབ་རྟེན་མཚོན་ཙམ་ཟུར་དུ་བཞག །བྱིངས་རྣམས་ཕྱོགས་གཅིག་འཐགས་ཏེ་ཤིན་ཏུ་ཞིབ་མོར་བཏུལ་ནས་དར་ཚགས་ལ་དྲངས། ཞིབ་པ་ལྟར་སྣང་ཡང་རླན་གྱིས་སྦོལ་སྐབས་རྩིང་སྐྱོན་འབྱུང་བས་དར་ཚགས་ཀྱང་ཞིབ་པར་བྱས་ལ་སྨན་ཕྱེ་རྣམས་དར་རས་དཀར་སེར་གང་རུང་གི་སྒྱེའུར་བླུག །ཁྲོལ་སྒྲུབ་རྟེན་ནི་སྐབས་འདིར་རང་གཞུང་ལས་རྩ་བ་དང་ཡན་ལག་གི་སྨན་སྐྱོབས་ཁྲོལ་བུ་རྣམས་རིགས་ལྔར་ཕྱེ་བའམ་གཅིག་ཏུ་སྤུངས་ཏེ་དལ་གྱི་དབུས་སུ་བཞག་པར་གསུངས་ཤིང་། སྒྲུབ་ཐབས་ཀྱང་སྤྱི་དཔལ་ཁྲོ་བོ་རིགས་གཅིག་ལས་མ་གསུངས་པའི་ཕྱིར་སྨན་རིགས་ལྔར་དབྱེ་བ་མི་དགོས་པས། ཀ་པཱ་ལར་ཤ་ལྔ་བདུད་རྩིའི་ཕབ་རྒྱུན་དང་། སྨན་སྣ། རུ་རྟ། གླ་རྩི། སྤོས་དཀར། ར་མོ་ཤག རྩ་བ་ལྔ། བྲག་ཞུན། ཛཱ་ཏི། ཨ་རུ་ར། སྦྲང་རྩི། དབང་ལག ག་བུར། ཐལ་ཀར་རྡོ་རྗེ། སུཀྨེལ། ཅུ་གང་། སྐྱུ་རུ་ར། ལི་ག་དུར། སིནྡྷ་ར། དུ་རུ་ཀ ། ཙནྡན་དམར་པོ། ལི་ཤི ཅོང་ཞི། ཙནྡན་

p. 599

དཀར་པོ། ཞོ་ཤ ། རྟག་ངུ་། ཀཎྜ་ཀ་རི་སོགས་ཉུང་དུ་ཙམ་རེ་སྣེ་འདུས་ཀྱིས་བཀང་ལ་འཇོག སྨན་གྱི་དཀྱིལ་འཁོར་སྟེང་དུ་ཚངས་པའི་ཕོ་བྲང་དུ་གྲགས་པ་རྒྱ་གདུགས་ལྟ་བུའི་དབུས་ཀྱི་སྲོག་ཤིང་ལ་བཟང་ཤིང་གི་བྱང་བུར་སྟེང་དུ་ཚངས་པ་དང་འོག་ཏུ་བརྒྱ་བྱིན་གྱི་སྐུ་རྒྱབ་ཏུ་སྔགས་བྱང་འདོད་གསོལ་བྲིས་པ་ཅན་བཏགས་པ་དང་ལྷན་ཅིག་ཀུ་ཤའི་ཆུན་པོ་དང་རྔམ་དཀར་པོའང་འདོགས། ཤམ་བུའི་ནང་ཅུང་ཟད་རྒྱས་ན་ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་སྨན་སྲུང་ལྷ་མོ་བརྒྱད་བཅས་ཚང་བའམ་བསྡུ་ན་རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི་ཙམ་དར་གྱི་འཕུར་ལྕེ་དང་ལྡན་པ་སོ་སོའི་སྔགས་བྱང་འདོད་གསོལ་ཅན་ཕྱོགས་མ་འཆོལ་བར་ཞལ་ནང་བསྟན་དུ་འགོད། ཤམ་བུའི་རྒྱབ་ངོས་སུ་མེ་ལོང་བཅུ་ལ་ཁྲོ་བཅུའི་སྔགས་མཚལ་གྱིས་བྲིས་པ་ཕྱོགས་མཚམས་མ་ནོར་བར་གདགས་ཤིང་བར་མཚམས་རྣམས་སུ་དར་དཔྱངས་དྲིལ་གཡེར་སོགས་ཀྱིས་མཛེས་པར་བརྒྱན། གཞན་སྒྲུབ་པའི་དཀྱིལ་འཁོར་ལ་འོས་པའི་ཡོ་བྱད་རྣམས་ཁོག་དབུབ་གཞུང་བཞིན་ཉེ་བར་བསྡོག་གོ ། གཉིས་པ་སྒྲུབ་ཆོས་ཕྲིན་ལས་ཀྱི་རིམ་པ་གཞུང་བསྲང་བ་ལ་གཉིས། སྔོན་དུ་འགྲོ་བའི་ལས་རིམ་དང་། དངོས་གཞི་ཇི་ལྟར་སྒྲུབ་ཚུལ་ལོ། །དང་པོ་ནི། སྒྲུབ་ཆེན་ལ་འཇུག་པའི་ཉིན་དང་པོར་སའི་ཆོ་ག ། ཕྱི་ནང་གསང་བའི་མཚམས་གཅོད་པ། མ་ཏྲཾ་བསྒྲལ་ཞིང་ཆག་ཆག་གདབ་པ། རྟེན་གྱི་དཀྱིལ་འཁོར་བཞེངས་པ་རྣམས་སྒྲུབ་གཞུང་བཞིན་དང་། ཉིན་གཉིས་པར་བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་

p. 600

པའི་བར་སྔོན་དུ་འགྲོ་བས། སྒྲུབ་རྫས་རྣམས་ལ་ཐུན་མོང་དུ་བགེགས་བསལ་ཞིང་། བདུད་རྩི་འཁྱིལ་བས་བསྒྲུབས་པའི་ལས་བུམ་གྱི་ཆུས་ཁྲུས་གསོལ། རྒྱན་བཀོད་སྐབས་རྡོ་རྗེ་རྒྱལ་ཚབ་པས་སྨན་གྱི་ཕོ་བྲང་དང་། གཞན་རྣམས་ཀྱིས་སྒྲུབ་རྫས་རྣམས་རིམ་པར་ཐོགས་ལ། ཐོག་མར་སྨན་འགོད་པ་ནི།] ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་རྩ་བ་བརྒྱད་དང་ཡན་ལག་སྟོང་༔ འབྲས་བུ་སྐུ་གསུང་ཐུགས་སུ་རབ་སྦྱར་ནས༔ དུག་ལྔ་མ་སྤངས་སྐུ་གསུམ་ལྷུན་གྱིས་གྲུབ༔ དབྱིངས་ནས་སྤྱན་དྲངས་སངས་རྒྱས་སྐུར་བསྐྱེད་དེ༔ ཕྱོགས་བཅུ་དུས་གསུམ་འཕགས་པ་མཆོད་པ་དང་༔ རྣལ་འབྱོར་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར༔ གསང་བ་མཆོག་གི་དབུས་སུ་བཞུགས་སུ་གསོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཏིཥྛ་ལྷན༔ [ཞེས་སྒྲུབ་དཀྱིལ་སྟེང་གི་ལྡིང་ཁྲི་རིམ་པ་བར་མའི་དབུས་སུ་ཁྲོལ་བུའི་དཀྱིལ་འཁོར་མཎྜ་ལ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་ཁར་མཉྫི་བཞག་པ་ལ་དཔྲལ་བ་མདུན་བསྟན་གྱིས་འགོད་ཅིང་། དེའི་ཁར་གསེར་ལ་སོགས་པ་རིན་པོ་ཆེའི་སྣོད་དུ་བླ་མ་གོང་མ་རྣམས་ཀྱི་བྱིན་རྟེན་བདུད་རྩིའི་ཕབ་གཏའ་རྣམས་ཆང་ངམ་དྲི་བཟང་གི་ཆུ་དང་སྦྱར་ཏེ་བཞག སྟེང་ནས་དར་སྣ་ཚོགས་ཀྱིས་དགབ་ཅིང་ཚོན་སྐུད་ལྔས་རྒྱ་གྲམ་དུ་བཏབ་པའི་སྣེ་མོར་རྡོ་རྗེ་བཏགས་པ་བཞག སྣེ་མོ་གཅིག་ཤོས་ལས་སྟེང་དུ་དམུ་ཐག་

p. 601

དང་ཕྱོགས་བཞིར་གཟུངས་ཐག་ཏུ་དྲངས། མཚམས་བཞིར་ཐོད་པའམ་རིན་པོ་ཆེའི་སྣོད་དུ་ཤར་ལྷོར་འོ་མ་དང་མངར་གསུམ། ལྷོ་ནུབ་ཏུ་རིན་པོ་ཆེའི་ཕྱེ་མ། ནུབ་བྱང་དུ་ཆང་དང་ཕབ་རྩི། བྱང་ཤར་དུ་ཆུ་སྣ་རྣམས་དང་། སྨན་ཕྱེ་ཐོད་པར་མ་ཤོང་བ་ཡོད་ན་བར་མཚམས་གཞན་རྣམས་སུ་ཇི་ལྟར་འཚམས་པར་འགོད། སྨན་ཁང་ལ་ནང་ནས་རིམ་བཞིན་མཐིང་དམར་དཀར་བའི་དར་ཡོལ་སུམ་རིམ་བྲེ། དེ་ནས་སྒྲོམ་ཁྲིའི་རིམ་པ་དང་པོར་ཐོད་སྐུ་སོགས་སྒྲུབ་རྟེན་གཞན་རྣམས་འགོད་ཅིང་། རྒྱན་བཀོད་ནས་བཟུང་བྱིན་དབབ་པའི་བར་གྱི་ཉིན་གཉིས་པའི་བྱ་བ་རྣམས་སྒྲུབ་ཁོག་གི་གཞུང་བཞིན་བྱའོ། །གཉིས་པ་དངོས་གཞིལ་གསུམ། སྒྲུབ་པའི་དཀྱིལ་འཁོར་གཞུང་བསྲང་བ། སྨན་ཁྲོལ་བུར་སྦྱོང་བ། ཕྱེ་མར་སྒྲུབ་པའོ། །དང་པོ་ནི། སྐྱབས་སེམས་སོགས་སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་བདག་སྒྲུབ་པ་པོ། མདུན་རྟེན་བྲིས་པའི་དཀྱིལ་འཁོར། སྒྲུབ་རྫས་བདུད་རྩི་གསུམ་ཀ་རང་བཞིན་དབྱེར་མེད་གཅིག་ཏུ་སྒོམ་པའི་དོན་ཤེས་པས་ཕྲིན་ལས་ཀྱི་གཞུང་བསྲང་སྟེ། རྗེས་སུ་ཚོགས་མཆོད་སོགས་མཇུག་གི་ལས་རིམ་རྣམས་དང་། དེ་དག་གི་སྐབས་ཅི་རིགས་པར་བར་གཅོད་ཉུ་ལེ་འདུལ་ཞིང་བྱིན་དབབ་པ་སོགས་སྒྲུབ་ཆེན་གྱི་ཁོག་དབུབ་དང་མཐོང་བརྒྱུད་ཕྱག་ལེན་ལས་རྟོགས་པར་བྱ་བ་ཡིན་ནོ། །གཉིས་པ་ཁྲོལ་བུར་སྦྱོང་བ་ལ་གཉིས། དངོས་དང་། མཇུག་དོན་ནོ། །དང་པོ་ནི། དེ་ལྟར་རྩ་བའི་དཀྱིལ་འཁོར་སྒྲུབ་མཆོད་ཛཔྲ་

p. 602

ཀྱི་མཐར་ཐུག་པའི་བར་བདག་མདུན་སྒྲུབ་རྫས་གསུམ་དབྱེར་མེད་དུ་བྱས་ནས། སླར་དམིགས་ཕྱེད་པའི་ཕྱིར་སྨན་གྱི་དཀྱིལ་འཁོར་ཛཔྲ་ཁང་དབྱེ་བ་ལྟར་མདུན་དུ་ཕྱེས་ནས་སྒྲུབ་པ་སྟེ། དེ་ལ་བཅུ་ལས། དང་པོ་སྨན་དམ་ཚིག་པར་བསྐྱེད་པ་ནི།] ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་སྐད་གཅིག་གིས༔ སྣོད་ནི་པདྨ་བྷཉྫ་ཆེ༔ རྡོ་རྗེ་བཙུན་མོའི་བྷ་ག་དང་༔ དབྱེར་མེད་གསང་བ་མཆོག་གི་ཞིང་༔ རང་བྱུང་མཚན་ཉིད་ཡོངས་རྫོགས་དབུས༔ བཅུད་རྣམས་རིགས་ལྔ་ཡེ་ཤེས་ལྔ༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ༔ མཁའ་ཁྱབ་འོད་ཟེར་འཕྲོ་བའི་ཀློང་༔ སྣ་ཚོགས་པདྨ་ཉི་མའི་སྟེང་༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་ གིས་མཚན༔ སྤྲོ་བསྡུའི་འོད་ཀྱི་གོང་བུ་ལས༔ སྤྱི་དཔལ་རིགས་གཅིག་ཧེ་རུ་ཀ༔ བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་༔ བཙོ་མ་གསེར་གྱི་མདངས་འོད་འཚེར༔ ཞལ་གཅིག་ཕྱག་གཉིས་ཁྲོ་ཆགས་ཚུལ༔ མི་བཟད་གར་དགུའི་གཟི་འོད་འབར༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་༔ གཡོན་པས་བདུད་རྩིའི་བྷནྡྷ་འཛིན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ རང་འོད་རྡོ་རྗེ་བདུད་རྩི་མ༔ ཁྲོ་ཆགས་ཉམས་ལྡན་པདྨ་དང་༔ བདུད་རྩིའི་ཐོད་པ་བསྣམས་པས་འཁྱུད༔ ཞབས་ཟུང་གྱད་ཀྱི་འདོར་སྟབས་ཀྱིས༔

p. 603

བགེགས་ཀྱི་རྒྱལ་པོ་ཕོ་མོ་གནོན༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ ཁ་སྦྱོར་བདེ་བས་དགྱེས་པར་བཞུགས༔ རྡོ་རྗེ་གསུམ་དང་མི་ཕྱེད་པའི༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་གྱུར༔ [ཞེས་གསལ་བཏབ། གཉིས་པ་ཡེ་ཤེས་པ་སྤྱན་དྲང་བ་ནི།] ཧཱུྃ༔ བདེ་གཤེགས་རྣམས་ནི་ཐམས་ཅད་ཀྱི༔ ཡེ་ཤེས་རྡོ་རྗེ་བདུད་རྩི་འཁྱིལ༔ སྒྲིབ་གཉིས་དྲིམ་སྦྱོང་མཛད་ལྷ༔ འདིར་ནི་ཡང་དག་ཉེ་བར་མཛོད༔ ཨོཾ་བཛྲ་ཨ་མྲྀ་ཏཀུཎྜ་ལཱི་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛཿ [ཞེས་སྤྱན་དྲངས། གསུམ་པ་བཞུགས་སུ་གསོལ་བ་ནི།] ཧཱུྃཿ དམ་ཚིག་རྫས་དང་དབྱེར་མེད་པའི༔ ཕྱག་རྒྱ་སྒྱུ་མའི་གྲོང་ཁྱེར་དུ༔ ཡེ་ཤེས་ཆེན་པོ་ཁྲག་འཐུང་ལྷ༔ དབྱེར་མེད་དགྱེས་པ་མཆོག་ཏུ་རོལ༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛནྟུ༔ [ཞེས་གཉིས་མེད་དུ་བསྟིམས། བཞི་པ་དབང་བསྐུར་བ་ནི།] སླར་ཡང་རོལ་པའི་འོད་ཟེར་གྱིས༔ དབང་ལྷ་ནམ་མཁའ་གང་བར་སད༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ རིགས་ལྔའི་ཕྱག་རྒྱས་དབུར་བརྒྱན་གྱུརཿཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨབྷི་ཥི་ཉྩ་ཧཱུྃ༔ ས་མ་ཡ་སྟྭཾ༔ [ལྔ་པ་ཕྱག་བྱ་བ་ནི།] ཧོཿ འཇིགས་བྱེད་ཆེན་པོ་མཆེ་བ་གཙིགས། བདུད་དཔུང་འཇོམས་པའི་ཆས་ཀྱིས་བརྒྱན༔ དམ་ཚིག་ཤ་ཆེན་ཁྲག་ལ་

p. 604

གསོལ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཤྲཱི་ཧེ་རུ་ཀ་ན་མཱ་མི༔ [དྲུག་པ་མཆོད་པ་ནི།] ཧཱུྃ༔ ནམ་མཁའ་ལས་བྱུང་ལྷ་མོ་ནི༔ དྲག་ཤུལ་འཇིགས་པ་ཆེན་མོའི་ཚོགས༔ དུར་ཁྲོད་རྫས་མཆོག་དང་སྦྱར་ཏེ༔ ཁྲག་འཐུང་དགྱེས་པའི་གར་གྱིས་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཤྨ་ཤ་ན་པཱུཥྤེ་སོགས་ ཤཔྡ་པཱུ་ཛ་ཧོཿ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁཛྙཱ་དྷཱ་ཏུ་ཧོཿ [བདུན་པ་བསྟོད་པ་ནི།] ཧཱུྃ༔ གང་ཞིག་དྲན་པ་ཙམ་གྱིས་ཀྱང་༔ འཇིག་རྟེན་གསུམ་པོ་གཡོ་བར་མཛད༔ དག་པའི་བདུད་རྩིའི་མཆོག་ཆེན་སྩོལ༔ དོན་ཀུན་སྒྲུབ་ལ་ཕྱག་འཚལ་བསྟོད༔ [བརྒྱད་པ་སྨན་སྲུང་སྤྱན་དྲང་བ་ནི། སློབ་དཔོན་གྱིས་ཁ་དོག་སྣ་ཚོགས་པའི་དར་གྱིས་གཡབ། སྤོས་དཀར་བསྲེག་ཅིང་རོལ་མོར་བཅས་པས།] ཧཱུྃ༔ ཚངས་དང་དྲང་སྲོང་ཀླུ་རྣམས་དང་༔ རྩི་ཤིང་སྨན་གྱི་ལྷ་མོ་དང་༔ ར་སཱ་ཡ་ནའི་སྲུང་མའི་ཚོགས༔ སྔོན་ཚེ་འདས་དུས་དང་པོ་ལ༔ ཀུན་བཟང་ལྷ་ཡི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་དབང་མནོས་ཏེ༔ སྡོམ་ལ་གནས་པའི་རིག་འཛིན་རྣམས༔ དུས་གསུམ་བདེ་གཤེགས་མཆོད་པ་དང་༔ སྨན་གྱི་རིག་འཛིན་བསྒྲུབ་པའི་ཕྱིར༔ འཁོར་དང་བཅས་ཏེ་སྤྱན་འདྲེན་ན༔ འདིར་གཤེགས་དམ་ཚིག་ཚུལ་བཞིན་

p. 605

དགོངས༔ ར་སཱ་ཡ་ནའི་དངོས་གྲུབ་སྩོལ༔ [ཅེས་བསྐུལ་བས།] སྔོན་བྱོན་སྨན་གྱི་དམ་ཚིག་གི་དངོས་གྲུབ་ཐོབ་ཅིང་སྒྲུབ་པ་པོའི་སྡོང་གྲོགས་མཛད་པར་དམ་མནོས་པའི་སྨན་གྱི་རིག་འཛིན་ལྷ་དང་དྲང་སྲོང་སྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས་སྨན་གྱི་ཕོ་བྲང་སྟེང་གི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་[བསམ། དགུ་པ་རྟོག་པ་བསལ་བ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་ཞིང་།] ཧཱུྃ༔ ར་སཱ་ཡ་ནའི་རིག་འཛིན་རྣམས༔ ཚངས་དང་དྲང་སྲོང་གཙང་མ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཁྱི་དང་ཕག་པ་མི་གཙང་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཀླུ་དང་བྲམ་ཟེར་གཙང་མ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ བྱོལ་སོང་རྩྭ་མཆོག་ཟ་བ་ཡང་༔ ཇི་སྲིད་འཚོ་ཡི་བར་དུ་ཟ༔ དེ་དག་གྲོལ་བར་ངས་མ་བཤད༔ ཡང་དག་དོན་གྱི་ལུང་འདི་ཉོན༔ རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི༔ ཆོས་སྐུ་གཅིག་ལས་ཐ་དད་པའི༔ རིགས་ལྔའི་རང་བཞིན་འདིར་བསྟན་ཏེ༔ དེ་ལྟར་རྟོགས་ན་གྲོལ་ཞེས་བཤད༔ རང་བཞིན་ཡང་དག་དག་པའི་རྫས༔ མཉམ་པའི་དབྱིངས་སུ་རབ་བརྟགས་ན༔ གཉིས་མེད་དོན་གྱིས་ཟིན་པ་

p. 606

ཡིན༔ ཇི་ལྟར་དམིགས་པ་བཞིན་དུ་འགྲུབ༔ གཙང་དང་མི་གཙང་རྟོག་པ་ཅན༔ དངོས་དང་མི་དངོས་གཉིས་མེད་པས༔ མཁས་པ་གཙང་དམེ་གཉིས་མི་བྱེད༔ ཡེ་ཤེས་སྐུ་ལྔར་བསྟན་པའི་ཕྱིར༔ གཙོ་རུ་དང་དུ་བླང་བར་བྱ༔ གཙང་དམེ་མེད་པར་ཀུན་གྱིས་སྤྱོད༔ དེ་དག་གྲོལ་བར་ངས་བཤད་ཀྱིསཿ ར་སཱ་ཡ་ནའི་རིག་འཛིན་ཚོགས༔ བཏང་སྙོམས་མེད་པའི་ཕྲིན་ལས་མཛོད༔ ཐེ་ཚོམ་མེད་ན་ངེས་པར་འགྲུབ༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ སྒྲུབ་རྫས་འདི་ལ་བྱིན་གྱིས་རློབས༔ སྒྲུབ་པ་པོ་ལ་དབང་ཞིག་སྐུར༔ [ཞེས་བརྗོད་པས་]སྨན་གྱི་དྲང་སྲོང་རིག་འཛིན་ཐམས་ཅད་གཙང་དམེའི་གཉིས་འཛིན་དག་ནས་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་དུ་བཞུགས་པར་[བསམ། བཅུ་པ་ཛཔྲ་བཟླ་བ་ནི། གཟུངས་ཐག་བླངས་ལ།] རང་གི་ཐུགས་ནས་འོད་འཕྲོས་པས༔ མདུན་གྱི་ཁྲོ་རྒྱལ་ཐུགས་རྒྱུད་བསྐུལ༔ འབར་བའི་འོད་དང་ཧཱུྃ་གི་སྒྲས༔ རྫས་ཀྱི་མ་དག་སྐྱོན་ལ་སོགས༔ བརྟན་གཡོའི་དུག་ཀུན་གཞིལ་ཞིང་སྦྱངས༔ དག་པ་རིགས་ལྔ་ཡེ་ཤེས་ལྔས༔ ཉོན་མོངས་ཕུང་པོ་ནད་གདོན་གྱི༔ རྟོག་པ་སྦྱོང་བའི་བདུད་རྩིར་གྱུར༔ ཨོཾ་བཛྲ་ཙཎྜ་ཨ་མྲྀ་ཏ་ཀུཎྜ་ལཱི་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་

p. 607

ཧཱ༔ [ཞེས་བརྒྱ་རྩ་ཙམ་བཟླས་མཐར།] སླར་ཡང་ཡབ་ཡུམ་སྙོམས་ཞུགས་པའི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ སྲིད་ཞིའི་ཁམས་ཀུན་དབང་མེད་གཡོས༔ དྭངས་བཅུད་བདེན་ཆེན་བདུད་རྩིར་བཀུག༔ དམ་ཚིག་རྫས་དང་རོ་གཅིག་འདྲེས༔ སྨན་གྱི་ལྷ་དང་དྲང་སྲོང་བསྐུལ༔ དེ་རྣམས་ཕོ་ཉ་མཁའ་ཁྱབ་ཀྱིས༔ འཁོར་འདས་བདུད་རྩི་ཆར་བཞིན་ཕབ༔ སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔ བདེ་ཆེན་ཡེ་ཤེས་བདུད་རྩི་དང་༔ དབྱེར་མེད་ཁ་དོག་དྲི་དང་རོ༔ ནུས་བཅུད་ཕུན་སུམ་ཚོགས་པ་ཡི༔ ར་སཱ་ཡ་ནའི་མཆོག་ཏུ་གྱུར༔ ཨོཾ་བཛྲ་ཙཎྜ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཥཱ༔ [ཞེས་དམིགས་པའི་གནད་དང་ལྡན་པས་སྟོང་དུ་གྲངས་ཚང་བར་བཟླས་པའི་མཚམས་སུ་སྟོང་ཚིགས་ཀྱི་མཆོད་པའང་བྱ། བྱིངས་རྨུག་ལེ་ལོ་སོགས་ཀྱི་དབང་དུ་མ་སོང་བར་ཏིང་ངེ་འཛིན་གྱི་ངར་དང་ལྡན་པས་ཐུན་བཞིའམ་དྲུག་གི་ངེས་པས་བཟླ་ཞིང་། བསྙེན་གྲོགས་ཀྱིས་ཁོར་ཡུག་ཀུན་ཏུ་གསུང་མི་ཆག་པར་བཟླ། ཐུན་མཇུག་ཏུ།] མདུན་བསྐྱེད་བདེ་ཆེན་དགྱེས་པའི་སྤྲིན༔ མི་འགྱུར་འོད་ཀྱི་ཐིག་ལེའི་ཚུལ༔ སྨན་གྱི་རྫས་ལ་ཐིམ་པ་ཡིས༔ དངོས་གྲུབ་འབྱུང་བའི་དབྱིག་ཏུ་གྱུར༔ ཨོཾ་བཛྲ་ཛྙཱ་ན་མ་ཧཱ་སུ་ཁ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ༔ [ཞེས་བསྡུ། ཐུན་རྗེས་མར་མཚམས་ཀྱི་ཆང་དང་འོ་མ་རིན་པོ་ཆེ་ཆུ་རྣམས་

p. 608

ཀྱང་དེ་དང་དེའི་རང་བཞིན་གྱི་བདུད་རྩིའི་ངོ་བོར་ཞུ་བར་བསམ་ཞིང་འོག་གི་སྦོལ་བའི་སྐབས་སུ་འབྱུང་བའི་སྔགས་རྣམས་བརྒྱ་རྩ་རེ་བཟླས་པས་རོའི་མཆོག་ཏུ་བྱིན་གྱིས་བརླབ། ཚོགས་མཆོད་སོགས་རྗེས་ཀྱི་བྱ་བ་རྣམས་སྔར་བཤད་པ་བཞིན་ལ། ཚུལ་དེ་ལྟ་བུའི་ངེས་པས་སྤྱིར་ཁྲོལ་བུ་ལ་ཞག་གསུམ་དུ་བྱའོ། །གཉིས་པ་ཁྲོལ་བུའི་མཇུག་དོན་ལ་གསུམ། བདུད་རྩི་མཆོད་པ། བསྟོད་པ། དངོས་གྲུབ་བསྡུ་བའོ། །དང་པོ་སྨན་ཆེ་བའི་ཡོན་ཏན་བརྗོད་དེ་འབུལ་བ་ནི།] ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ར་སཱ་ཡ་ན་ལ་སོགས་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་སྨན་གྱི་མཆོག །དཔའ་བོའི་རོ་དང་མཉམ་སྦྱར་ནས། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། [ཞེས་དང་།] གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། [ཞེས་སོགས་བརྒྱུད་པའི་ལྷ་ཚོགས་རྣམས་ཀྱིས་མཚན་དོན་སྦྱར་བས་མཆོད། གཉིས་པ་བསྟོད་པ་ནི།] ཨེ་མ་ཧོཿགདོད་ནས་རྣམ་པར་དག༔ དོན་གྱི་བདུད་རྩི་བླ་ན་མེད༔ རྟགས་སུ་ཡེ་ཤེས་རིགས་ལྔར་ཤར༔ རྡོ་རྗེའི་ཆོས་ལ་ཕྱག་འཚལ་ལོ༔ [ཞེས་བསྟོད། གསུམ་པ་དངོས་གྲུབ་

p. 609

བསྡུ་བ་ནི། ཕྱག་རྒྱའམ་དེར་བཏགས་པའི་ལས་ཀྱི་རྡོ་རྗེས་ཁྲོལ་བུའི་སྨན་གཞོང་དར་གྱིས་ལྕིབས་ལ་བླངས་ཏེ།] ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ ནམ་མཁའ་དང་ནི་མཉམ་པའི་གནས༔ རྣམ་པར་མི་རྟོག་རྟོག་ལས་འདས༔ ཀུན་རྫོབ་ཙམ་དུ་བསྟན་པ་མཚར༔ [ཞེས་བརྗོད་དེ་སློབ་དཔོན་གྱི་ཕྱག་ཏུ་ཕུལ། དེས་ཀྱང་།] ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀ་ཏ་སིདྡྷི་ཧྲཱིཿ [ཞེས་དངོས་གྲུབ་ཀྱི་སྙིང་པོ་འོད་ཀྱི་གོང་བུའི་རྣམ་པར་ཐུགས་ཀྱི་ཐིག་ལེར་བསྡུའོ། །འདི་ཉིད་ཁྲོལ་བུའི་མཇུག་དོན་དང་སྨན་འཐག་པའི་སྔོན་འགྲོ་ཐུན་མོང་བ་ཡིན་ཀྱང་སྦྱར་བའི་དུས་ནི་ཁྲོལ་བུའི་ཞག་གསུམ་རྫོགས་པའི་ཉིན་ཕྱི་མའི་ཐོར་ཐུན་གྱི་རྗེས་སུ་བྱ་བ་ཡིན་ནོ། །སྐབས་འདིར་སྒྲོམ་ཁྲིའི་སྟེང་གི་མཎྜལ་གྱི་ཚོམ་བུའང་བསྡུ་ཞིང་། ཁྲོལ་བུའི་སྣོད་དེ་ཉིད་རེ་ཞིག་དཀྱིལ་འཁོར་མདུན་གྱི་སྟེགས་བུ་གང་ཡང་རུང་བའི་ཁར་འགོད་པར་བྱའོ། །གསུམ་པ་བདུད་རྩི་ཕྱེ་མར་སྒྲུབ་པ་ལ་གཉིས། བཏགས་བཙག་སོགས་ཀྱི་དགོངས་པ་དང་། ཕྱེ་མ་དངོས་ཀྱི་དགོངས་རྒྱུད་དོ། །དང་པོ་ལ་ལྔ། འཐག་པ། བཙག་པ། སྦྱར་བ། སྦོལ་ཞིང་གཞལ་བ། འགོད་པའོ། །སྔམ་ལའང་གཉིས་ཀྱི། དང་པོ་སྦྱོར་བ་ནི། སྨན་ཁྲོལ་བུའི་དངོས་གྲུབ་བླངས་པའི་དེ་མ་ཐག་པར་སློབ་དཔོན་ཡབ་ཡུམ་འཁོར་དང་བཅས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན། དཔལ་ཆེན་པོ་གཙོ་འཁོར་གྱི་ང་རྒྱལ་བཟུང་ནས་རྡོ་རྗེའི་གོམ་

p. 610

སྟབས་ཀྱིས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་རུ་ལུའི་ཛཔྲ་བྱ། མཆོག་གི་ཧ་སྟྭ་གཡབ་ཅིང་སྦྱར་བའི་སྤོས་བསྲེག །རྐང་གི་གླིང་བུ་དང་ཀུ་ཤའི་གླུ་བླང་བ་སོགས་དྲག་པོའི་རོལ་གར་མང་པོ་དང་བཅས་པས་རྒྱལ་བ་རྣམས་ཐུགས་དམ་བསྐུལ། མཁའ་འགྲོ་དམ་ཅན་དབང་དུ་བསྡུས་ནས་ལས་ལ་བཙུད། དགྲ་བགེགས་རྣམས་གཟིར་ཞིང་ཚར་གཅོད་པའི་བརྟུལ་ཞུགས་བསྐྱེད་ཅིང་ཉམས་བསྐྱང་། སྒྲུབ་དཀྱིལ་གྱི་ཤར་ཕྱོགས་སུ་ཞིང་ཆེ་ཆུང་གི་གཡང་གཞི་དངོས་སམ་རི་མོར་བྲིས་པ་བརྩེགས་མར་བཏིང་། དེ་ལ་གུ་གུལ་གྱིས་བྱུགས་ཤིང་རཀྟའི་ཐིག་ལེ་ཧཱུྃ་ཡིག་གིས་མཚན་པ་བཀོད། དེའི་སྟེང་དུ་གཏན་གཏུན་ཐབས་ཤེས་ཀྱི་བརྡ་མཚོན་པར་བཞག་གོ ། གཉིས་པ་འཐག་པ་དངོས་ལ་གསུམ་གྱི། དང་པོ་སྦྱོར་བའི་ལས་ཀྱིས་འདོད་ཆགས་བཏག་པ་ནི། གོང་དུ་བཀོད་པའི་སྨན་གཞོང་གི་ཤར་དུ་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པས་འཁོད། དེའི་མདུན་དུ་ཡུམ་མ་མ་དེར་བཏགས་པའི་སློབ་མ་སློབ་དཔོན་ལ་ཕྱོགས་ཏེ་འདུག་པའི་ཡབ་ཡུམ་གྱི་ཞབས་གཉིས་སྨན་གཞོང་གི་འགྲམ་གཉིས་སུ་ཕན་ཚུན་བསྣོལ་ཏེ་བརྐྱང་། སློབ་དཔོན་གྱིས་ཕྱག་གཉིས་སོར་མོ་བསྣོལ། མཛུབ་མོ་སྒྲེང་། མཐེ་བོང་བཀུག་པ་བྱིན་དབབ་པའི་རྒྱས་གཏུན་བུ་བཟུང་། ཡུམ་གྱི་ལག་གཉིས་མཁའ་དབྱིངས་ཀྱི་རྒྱས་གཏུན་ཁུང་བཟུང་ལ། སློབ་དཔོན་དང་གཟུངས་མ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པས། གཏན་པ་ཡུམ་གྱི་མཁའ་དབྱིངས་སུ་གཏུན་བུ་ཡབ་ཀྱི་རྡོ་

p. 611

རྗེ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་སྨན་རྣམས་དཀར་དམར་བྱང་ཆུབ་སེམས་ཀྱི་རང་བཞིན་ཅན་གྱི་བདུད་རྩི་ཆི་ལི་ལི་བྱུང་བར་བསམ་ཞིང་འཐག་གོ ། གཉིས་པ་སྒྲོལ་བའི་ལས་ཀྱི་ཞེ་སྡང་བཏག་པ་ནི། གཏུན་ཁུང་ཁྲོ་མོ་འབར་བའི་ཨེ་དབྱིངས་སུ་གཏུན་བུ་ཁྲོ་བོ་འབར་པའི་རྡོ་རྗེའི་ཐོ་བས་སྨན་གྱི་མི་མཐུན་པའི་དགྲ་བགེགས་ཐམས་ཅད་རྡུལ་ཕྲན་བཞིན་དུ་བཅོམ་པར་བསམ་ཞིང་འཐག་གོ གསུམ་པ་སྦྱོར་སྒྲོལ་གཉིས་སུ་མེད་པས་གཏི་མུག་བཏག་པ་ནི། གཏུན་ཁུང་ཆོས་ཀྱི་དབྱིངས་སུ་གཏུན་བུ་རིག་པའི་ཡེ་ཤེས་སྦྱར་བས་སྨན་རྣམ་རྟོག་གི་མཚན་མ་ཐམས་ཅད་མཉམ་ཉིད་སྤྲོས་པ་དང་བྲལ་བའི་ཀློང་དུ་བསྒྲལ་བར་བསམ་ཞིང་འཐག་གོ ། དེ་དག་གི་ཚེ་སྔགས་ནི། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུྃ་ཕཊཿ [ཅེས་བཟླའོ། །གཉིས་པ་བཙག་པ་ནི། དཀྱིལ་འཁོར་གྱི་ལྷོར་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པའི་མདུན་དུ་གཟུངས་མ་འཁོད་བའི་བར་དུ་དར་གྱི་ཁྱོག་བཅས་པའི་སྣེ་གཉིས་ཡབ་ཡུམ་གྱི་སྐེད་དུ་མདུད་པ་དཔུས་ལྡིང་སྟབས་སུ་དཔྱངས་ལ། ཡུམ་གྱི་དར་ཚགས་བཟུང་། ཡབ་ཀྱི་སྨན་ཕྱེ་བླུགས་ཤིང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་དུ་རྣམ་རྟོག་གི་མཚན་མ་རྡུལ་ཙམ་ཡང་མི་གནས་པར་བསམ་ལ།] ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་ས་ཡ་ཧཱུྃ་ཧྲཱིཿཥཱཿ [ཞེས་བཟླ་ཞིང་འཚག་གོ གསུམ་པ་བསྲེ་ཞིང་སྦྱར་བ་ནི། དཀྱིལ་འཁོར་གྱི་ནུབ་ཏུ་སློབ་དཔོན་ཡབ་ཡུམ་གྱི་བར་དུ་སྨན་སྣོད་མཁར་

p. 612

གཞོང་སོགས་ལྕགས་གཡའི་དྲི་མ་མེད་པ་བཞག །གུར་གུམ་སོགས་དྲི་བཟང་དང་དམ་རྩིའི་དབང་ལག་ཟུར་དུ་ཕྱེ། སྨན་གཞན་རྣམས་རླན་མེད་པའི་དུས་ཉིད་ནས་འདྲེས་པར་བསྲེ་ཞིང་འབྲུམ་མེད་པར་བྱས་ལ། སློབ་དཔོན་གྱིས་སྔར་བྱིན་གྱིས་བརླབས་པའི་ཆང་གི་ཁ་གྲུ་སྤྲེང་ཞིང་།] ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཛ་གད་པྲ་ཝཱ་ཡ་སྭཱཧཱ༔ [དེ་བཞིན་དུ་འོ་མ་སྦྲེང་ཞིང་།] ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་སཾ་ཤོ་དྷ་ཡ་ཧཱུྃ་ཕཊ༔ [རིན་པོ་སྦྲེང་ཞིང་།] ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་ཙིཏྟ་ཧཱུྃ་ཧྲཱིཿ ཥཱ༔ [ཆུ་སྦྲེང་ཞིང་།] ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་བི་ཤུདྡྷེ་ཧཱུྃ་ཕཊ༔ [ཅེས་བཟླ་བཞིན་འདྲེས་པར་འཕུར་ཞིང་། སྔར་གྱི་དམ་རྫས་ཕབ་རྒྱུན་རྣམས་ཆང་གི་ཉིང་ཁུ་བཟང་པོ་དང་སྦྱར་བའི་ཁ་ཕྲུས་འདེབས་ལ་ནན་གྱིས་སྦོལ་ཞིང་བསྲེས། བསྐ་སླའི་ཚད་སྙིམ་པར་བཅངས་ནས་ཆག་གང་དུ་བསྐྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འདལ་བ་ཙམ་དུ་བྱ། དེ་ནས་སྔར་ཟུར་དུ་ཕྱེས་པའི་དྲི་བཟང་གི་ཕྱེ་མས་མདངས་བསྒྱུར་ཞིང་། དབང་ལག་གི་ཕྱེ་མའང་བཏབ་སྟེ་འདྲེས་པར་སྦོལ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་མུ་ས་ལ་མུ་ས་ལ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་འདྲེས་པར་བསམ་མོ། །བཞི་པ་སྦོལ་ཞིང་གཞལ་བ་ནི། དཀྱིལ་འཁོར་གྱི་བྱང་དུ་ནམ་དུས་དང་བསྟུན་པའི་དྲོད་བརྟག་ལ་ཕབ་རྩི་ཞིམ་པོ་ནོན་ཙམ་བླུགས་ཏེ་མཆོག་གི་ལག་པ་གཡོན་པའམ་རྐང་ངམ་རྡོ་རྗེས་དཀྲུགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་ཆེན་

p. 613

ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་འདྲེས་པར་བས་མ་ལ།] ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་པྲ་ཝརྡྷ་ཡ་ཧཱུྃ་ཧྲཱིཿཥཱ༔ [ཞེས་བཟླ་ཞིང་འཕེལ་བ་བརྟག་ཕྱིར་དྲིལ་བུས་གཞལ་ཏེ་གྲངས་ངེས་པར་བྱས་ནས་དར་གོས་དམར་པོའི་ཁུག་མར་བླུགས། དེ་ཉིད་བྷཉྫ་ཁ་སྦྱོར་གྱི་ནང་དུ་གཞུག་པར་གསུངས་པས་ཕོ་མོའི་ཐོད་པ་མཚན་ལྡན་གྱི་ནང་དུ་རཀྟ་དང་ཨ་མྲྀ་ཏས་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་བྲིས་པའི་ཕོ་ཐོད་ལ་རིགས་ལྔ་ཡབ་ལྔའི་ས་བོན་དང་མོ་ཐོད་ལ་ཡུམ་ལྔའི་ས་བོན་འབྲི། གཉིས་ཀའི་མུ་ཁྱུད་ལ།] ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཤྲཱི་མ་ཧཱ་སུ་ཁ་ཧཱུྃ་ཧྲཱིཿཥཱ༔ [ཞེས་བྲིས་པའི་མོ་ཐོད་ཀྱི་ནང་དུ་སྨན་གི་སྒྱེའུ བཅུག ཕོ་ཐོད་ཀྱིས་སྟེང་ནས་དག་བ། དར་གྱིས་དྲིལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པའི་སྟེང་གི་མདུད་ཁར་མི་འགྱུར་པའི་ཕྱིར་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ་ཅིང་།] ཧཱུྃ༔ བདུད་རྩི་གསང་བའི་ཕོ་བྲང་གི༔ དངོས་གྲུབ་བར་ཆད་སྲུང་བ་དང་༔ ཡེ་ཤེས་རྟག་ཏུ་འཕེལ་བའི་ཕྱིར༔ མི་ཕྱེད་རྡོ་རྗེའི་རྒྱས་གདབ་བོ༔ བཛྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ [ཞེས་རྒྱས་གདབ་བོ། །ལྔ་པ་དཀྱིལ་འཁོར་གྱི་དབུས་སུ་འགོད་པ་ནི། སྨན་ལ་དྲི་ཡི་རྒྱལ་པོ་ལྔ་དང་། [ཛ་ཏི། ག་བུར། ཙནྡན། གླ་རྩི། དུ་རུཀ །] གུ་གུལ་ཚིལ་ཆེན་གྱི་དུད་པས་བདུག་ཅིང་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་བགེགས་བསྐྲད། བཤུགས་གླུ་འབོད་ཅིང་ཛཔྲ་དབྱངས་རྡོ་རྗེའི་འགྲོས་གར་དང་བཅས་པས་དཀྱིལ་

p. 614

འཁོར་ལ་བསྐོར་ནས་ཤར་དུ་འཁོད་དེ།] ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ [ཞེས་སོགས་ཀྱིས་སྔར་བཞིན་གཙོ་བོར་མངའ་གསོལ་ནས་དཀྱིལ་འཁོར་དབུས་ཀྱི་བར་ལྡིང་ལ་མཉྫིའི་ཁར་རིན་པོ་ཆེའི་གཞོང་པ་བལ་བུའི་ཕུར་མའམ་འབྲུ་རླན་ཅན་གྱིས་བཀང་བའི་ནང་དུ་རུས་སྦལ་གྱི་ཁོག་པར་ཧྲཱིཿཡིག་བྲིས་པའི་ཁར་བཞུགས་སུ་གསོལ། དར་ཟབ་སྣ་ཚོགས་ཀྱི་ན་བཟའ་གསོལ། གཡས་གཡོན་དུ་རྡོ་དྲིལ་དང་སྟེང་དུ་དབུ་རྒྱན་བཅིངས། གཟུངས་རྡོར་བཞག་པའི་སྲད་བུ་ལྔ་ཕྱིར་དྲང་ཞིང་སྟེང་དུ་དམུ་ཐག་སྦྲེལ། ཞི་བའི་སྦྱིན་སྲེག་བྱས་པའི་མེའི་ཕུད་ཀྱིས་འོག་ཏུ་དྲོད་འབེབས་ཞུན་ཆེན་གྱི་མར་མེ་གཏམ་མོ། །ཁྲོལ་བུའི་མཇུག་དོན་ནས་བཟུང་འདིའི་བར་ཉིན་གཅིག་གི་ཐོར་ཐུན་ནས་སྲོད་ཐུན་གྱི་མཐར་ཐུག་པའི་བར་བྱ་བའི་ཆོ་གའོ། །གཉིས་པ་ཕྱེ་མ་སྒྲུབ་པའི་དགོངས་པ་ལྔ། འཇུ་འདུལ་གྱི་དགོངས་པ། གནད་ལ་དབབ་པ། བདུད་རྩིར་བསྐྱིལ་བ། བཅུད་ལ་དབབ་པ། དབང་དུ་བྱ་བའོ། །དང་པོ་ལའང་དྲུག །དཀྱིལ་འཁོར་བསྐྱེད་པ། སྨན་སྲུང་སྤྱན་དྲང་བ། རྟོག་པ་བསལ་བ། ཛཔྲ་བཟླ་བ། རྟགས་ཚད་བསྟན་པ། སྤོགས་ཆོག་བྱ་བའོ། །དང་པོ་ནི། བདག་མདུན་སྒྲུབ་རྫས་གསུམ་དབྱེར་མེད་པའི་དཀྱིལ་འཁོར་སྒྲུབ་མཆོད་ཛཔྲ་ཀྱི་མཐར་ཐུག་པའི་བར་སྔར་བཞིན་བྱས་ནས།]བྷྲཱུྃ་བི་ཤུདྡྷེ་མཧཱ་ཤྲཱི་ཧེ་རུ་ཀ་སརྦ་མཎྜལ་ཧཱུྃ་ཕཊ་ཛཿ [ཞེས་པས་གོང་དུ་བདག་མདུན་དབྱེར་མེད་དུ་བསྒྲུབས་པའི་དཀྱིལ་འཁོར་དེ་ལས་བདག་ཉིད་རྟེན་

p. 615

དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་པའི་རྣམ་པར་དབྱེ་བ་མདུན་བསྐྱེད་དང་མེ་རི་འདབ་འབྱར་གྱི་ཚུལ་དུ་འཁོད་པར་བསམ་ལ།] ཧཱུྃ༔ སྙིང་པོ་རང་བྱུང་བདུད་རྩིའི་དཀྱིལ་འཁོར་ནི༔ གཏུམ་མོའི་མེ་འབར་ཡེ་ཤེས་འོད་རླུང་འཁྲུགས༔ བདེ་སྟོང་བྷཉྫ་རབ་ཏུ་རྒྱ་ཆེ་བར༔ ཤ་ལྔའི་རི་བོ་བདུད་རྩི་ལྔའི་རྒྱ་མཚོ༔ རྒྱ་ཁྱོན་དབྱིངས་མཉམ་ཞུ་ཞིང་ཁོལ་བའི་ཀློང་༔ སྤྱི་དཔལ་ཆེན་པོ་རིགས་རྣམས་ཀུན་གྱི་བདག༔ བདུད་རྩི་བདེ་ཆེན་དགྱེས་པའི་སྐུ་རུ་བཞེངས༔ སྐུ་མདོག་ལྗང་ནག་འོད་ཟེར་བྱེ་བ་འཕྲོ༔ ཕྱག་མཚན་སངས་རྒྱས་བྱང་སེམས་ཡབ་དང་ཡུམ༔ ཐམས་ཅད་ཁྲོ་ཞིང་རྗེས་ཆགས་ཧེ་རུ་ཀ༔ ཁྲག་འཐུང་ཉེར་གཅིག་འདུས་པའི་ལྷ་ཚོགས་ཀུན༔ བདེ་ཆེན་གཟི་བྱིན་རབ་ཏུ་འབར་བར་གྱུར༔ [ཞེས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དེ་ཉིད་འཆི་མེད་བདུད་རྩིའི་ལྷ་ཚོགས་ཀྱི་རྣམ་པར་ཞལ་བསྒྱུར་རོ། །གཉིས་པ་སྨན་སྲུང་སྤྱན་དྲང་བ་དང་། གསུམ་པ་རྟོག་པ་བསལ་བ་ནི་སྔར་ཁྲོལ་སྒྲུབ་ཀྱི་སྐབས་བཞིན་འདིར་བླངས་ཏེ་བྱའོ། །བཞི་པ་ཛཔྲ་བཟླ་བ་ནི། ལས་ཀྱི་རྡོ་རྗེས་གཟུངས་ཐག་གི་སྣེ་མོ་ལྔ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་བཞིའི་ཕྱག་ཏུ་ཕུལ་བ་དེ་རྣམས་ཀྱི་ལག་གཡོན་པའི་མཐེ་བོང་དང་སྲིན་ལག་སྦྱར་བ་རྟ་མགྲིན་ཡབ་ཡུམ་དུ་བསྒོམ་ཞིང་གུང་མཛུབ་དང་མཐེའུ་

p. 616

ཆུང་བསྒྲེང་བའི་བར་དུ་བཟུང་ལ།]ཤེས་རབ་སྒྲོག་གིས་སྦྲེལ་བའི་གཟུངས་ཐག་ལ། །རིག་པ་སྲོག་གིས་འབྲེལ་བའི་ལུ་གུ་རྒྱུད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར། །སྐྱེ་བ་ཇི་སྲིད་བར་དུ་མི་བཏང་ངོ་། །[ཞེས་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཁོང་སེང་བྲེང་ཆགས་སུ་ཡོད་པར་བསྒོམ་ཞིང་།] བདག་སྲོག་རྡོ་རྗེའི་སྔགས་ཀྱི་འོད་ཟེར་སྤྲིན༔ མདུན་བསྐྱེད་ལྷ་ཚོགས་ལ་ཕོག་ཐུགས་རྒྱུད་བསྐུལ༔ ཤིན་ཏུ་ཆགས་པ་ཆེན་པོའི་དམ་ཚིག་གིས༔ སྙོམས་ཞུགས་བདེ་བའི་གཟི་བྱིན་ཆེས་ཆེར་འབར༔ ཐབས་དང་ཤེས་རབ་རོལ་པའི་འོད་ཟེར་གྱིས༔ འཁོར་དང་མྱ་ངན་འདས་པའི་བདུད་རྩིའི་བཅུད༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་ཇི་བཞིན་དུ༔ རང་དབང་མེད་པར་བདུད་རྩིའི་སྤྲིན་ཆེན་པོ༔ ལྔ་ལྡན་འོད་ཟེར་འབར་བའི་རྣམ་པར་བསྡུས༔ ཡབ་ཀྱི་ཞལ་ཞུགས་ཡུམ་གྱི་མཁའ་ལ་འཁྱིལ༔ དྭངས་མ་བདེ་ཆེན་ཡེ་ཤེས་སྲོག་ཏུ་རྫོགས༔ [ཞེས་པའི་དོན་ནན་ཏན་དུ་བསྒོམ་ལ།] ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་སུ་ཁ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཥཱཿ [ཞེས་ཆིག་དྲིལ་དུ་བཟླ་ཞིང་། བསྙེན་གྲོགས་ཀྱིས་གསུང་མི་ཆག་པར་ཁོར་ཡུག་ཏུ་བཟླ། སྔགས་སྟོང་ཕྲག་རེའི་མཚམས་སུ་མཆོད་པ་དང་། ཐུན་བསྡུ་བའི་ཚེ།] ལྷ་ཚོགས་དགྱེས་པས་འོད་ཞུ་བཅུད་ལ་ཐིམ། །འཆི་མེད་བདུད་

p. 617

རྩིའི་རྒྱ་མཚོར་འཁྱིལ་བར་གྱུར། [ཞེས་བསྡུ། དུས་དྲུག་ཏུ་ཉུ་ལེ་བསྐྲད་ཅིང་བྱིན་དབབ་པ་དང་། ཐུན་རྗེས་མའི་མཐར་ཚོགས་ཀྱི་མཆོད་པ་སོགས་སྔར་བཞིན་ནོ། །ལྔ་པ་རྟགས་ཚད་བསྟན་པ་ནི། ཇི་སྐད་དུ་བམ་བརྒྱད་ལས། རྟགས་དང་མཚན་མ་བདུན་གྱིས་འབྱུང་། །འོད་དང་དྲི་དང་དུ་བ་སྒྲ། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །མང་དུ་འཕེལ་ན་འགྲུབ་རྟགས་ཡིན། །དེ་ལ་ཡ་མཚན་བསྐྱེད་མི་བྱ། ཞེས་གསུངས་པས། ལེ་ལོ་དང་ཐེ་ཚོམ་མེད་པའི་ཡིད་ཀྱིས་འབད་པས་བསྒྲུབ་ན་ངོ་མཚར་བའི་རྟགས་རྣམས་མཐོང་བར་འགྱུར་ཏེ། དེ་ཡང་ཐུགས་ཏིང་ངེ་འཛིན་གསལ་བ་ལས་འོད། ཡོན་ཏན་ཕྲིན་ལས་ཏེ་སྨན་ཆ་སྙོམས་པ་ལས་དུ་བ་དང་དྲི། གསུང་སྔགས་དག་པ་ལས་སྒྲ། སྐུ་ཕྱག་རྒྱ་གསལ་བ་ལས་ལྷ་མོའི་སྐུ་སྟོན་པ། མང་དུ་འཕེལ་བ་ནི་སྤྱིར་འགྲུབ་པའི་རྟགས་སོ། །དེ་དག་གང་ལའང་དགའ་བྲོད་ཀྱི་སྙེམས་འཕྲིགས་མེད་པ་གལ་ཆེ་ཞིང་། སྤྱིར་རྟགས་དེ་རྣམས་འབྱུང་བའི་ཚད་གཞུང་གི་སྨོད་ཚོད་ཞག་བདུན་ན་མཐོང་བར་བཤད་ཅིང་། དེ་ལས་མྱུར་བས་འབྱུང་བའང་ཡོད་མོད། དེང་སང་ལག་ལེན་ལ་སྨན་རླན་ཅན་དུ་གྱུར་པས་རུལ་བ་སོགས་ཀྱི་ཉེས་པ་འགོག་ཕྱིར་ཞག་གསུམ་དུ་ཤས་ཆེའོ། །དྲུག་པ་སྤོགས་ཆོག་བྱ་བ་ནི། སྒྲུབ་པའི་ཞག་གྲངས་ཐེམས་ནས་ཀྱང་རྟགས་མ་བྱུང་ན་སྤོགས་པའི་ཆོ་ག་བྱ་བར་གསུངས་པས། དམ་ཚིག་ཉམས་ཆག་རྣམས་སྐོང་བཤགས་ཀྱིས་སྦྱང་། མཚམས་དམ་དུ་བཅད། མཆེད་

p. 618

དང་སྒྲུབ་རྫས་ངན་པ་ཕྱིར་བསལ། མཆོད་རྫས་སོགས་ཡོ་བྱད་རྣམས་གཙང་ཞིང་དག་པར་གསར། ཐེ་ཚོམ་མེད་པའི་ཡིད་རྩེ་གཅིག་པས་བསྒྲུབ་པར་བྱ་སྟེ། བམ་བརྒྱད་ལས། ཡོན་ཏན་ཅན་གྱིས་བརྩོན་འགྲུས་བསྐྱེད། །ཐེ་ཚོམ་མེད་ན་ངེས་པར་འགྲུབ། ཅེས་པའི་ཚུལ་གྱིས་བསྒྲུབས་པས། རབ་ཀྱིས་ཐང་གཅིག་དང་ཞག་གཅིག །འབྲིང་གིས་ཞག་གསུམ་མམ་བདུན། ཐ་མས་ཉེར་གཅིག་གིས་སྔར་བཤད་པའི་རྟགས་མཚན་རྣམས་ཚུལ་བཞིན་དུ་མཐོང་བར་འགྱུར་རོ། །གཉིས་པ་ལྷ་གནད་ལ་དབབ་པ་ནི། གོང་ལྟར་ཚུལ་བཞིན་བསྒྲུབས་པས་རྟགས་མ་མཐོང་བའམ་མཐོང་ན་ཡང་ཐ་ཚིག་བསྐུལ་བ་སྟེ།] ཧཱུྃ༔ ང་ནི་ཁྱབ་བདག་ཧེ་རུ་ཀ༔ རང་བཞིན་དཀྱིལ་འཁོར་ཆེན་པོར་རྫོགས༔ དམ་ཚིག་གཉན་ལ་རབ་དགོངས་ནས༔ ཡེ་ཤེས་དཀྱིལ་འཁོར་དབྱིངས་ནས་བཞེངས༔ བདུད་རྩི་སྤྲུལ་པའི་དཀྱིལ་འཁོར་ལ༔ བྱིན་རླབས་རྟགས་དང་མཚན་མ་སྟོན༔ གལ་ཏེ་ཐུགས་དམ་གཡེལ་སྲིད་ན༔ སྔོན་གྱི་དམ་བཅའ་གང་དུ་གཉན༔ དེ་བས་ཐུགས་རྗེ་ཐབས་མཁས་བདག༔ ཡལ་ཡོལ་དབྲི་བསྐོལ་མ་མཛད་པར༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ འཕྲུལ་གྱི་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་མཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཥཱ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ [ཞེས་སྟོང་དུ་ཚང་བར་བཟླས་མཐར།

p. 619

སྨན་གྱི་རིག་འཛིན་བསྐུལ་བའི་སླད་དུ་སྤོས་དང་རོལ་མོར་བཅས་པས།] ཧཱུྃ༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ ལོངས་སྤྱོད་དུར་ཁྲོད་རྫས་ལ་བརྟེན༔ སྡོང་བུ་དུར་ཁྲོད་རས་ལས་གཏམས༔ ཚིལ་ཆེན་མར་ཁུ་རྒྱ་མཚོར་བསྐྱིལ༔ བླ་མེད་དོན་རྫོགས་འདུས་པ་ཡི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ དམ་ཅན་མ་གཡེལ་དམ་ལ་འདུས༔ སྨན་གྱི་སྲུང་མ་དམ་ཚིག་ཅན༔ བདུད་རྩི་སྨན་གྱི་དྲིས་མཚོན་ཏེ༔ ལེ་བརྒན་དར་གྱིས་གཡབ་འདོར་ན༔ ལས་ལ་མ་གཡེལ་ད་ཚུར་བྱོནཿ ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག༔ གཙང་དང་དམེ་བའི་རྟོག་པ་ཀུན༔ བདེ་བ་ཆེན་པོར་རྣམ་དག་པའི༔ གཟི་བྱིན་བསྐྱེད་ལ་འོད་ཟེར་སྤྲོས༔ བདུད་རྩི་སྨན་གྱི་ནུས་པ་སྡུས༔ རྟགས་དང་མཚན་མ་མངོན་དུ་སྟོན༔ སྒྲུབ་པ་པོ་ཡི་ཕྲིན་ལས་མཛོད༔ ཨོཾ་སརྦ་ཨ་མྲྀ་ཏ་བཱིདྱ་དྷ་ར་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་སིདྡྷི་སིདྡྷི་ཀུ་རུ་ཧཱུྃ༔ [ཞེས་བསྐུལ་ལོ། །གསུམ་པ་བདུད་རྩི་བསྐྱིལ་ཞིང་བཟུང་བ་ནི། སྔར་བཤད་པའི་རྟགས་མཚན་རྣམས་ལེགས་པར་མཐོང་ནས་བྱ་བ་སྟེ།] བྷཉྫ་གཞལ་ཡས་ཁང་ནང་བདུད་རྩི་ཡི། །རྒྱ་མཚོ་བསྐྱིལ་སྟེང་དཀྱིལ་འཁོར་ལྷ་ཚོགས་རྣམས། །བདེ་ཆེན་དགྱེས་པར་རོལ་པའི་སྦྱོར་མཚམས་མཁར། །དཀར་

p. 620

དམར་བྱང་སེམས་ཡེ་ཤེས་བདུད་རྩིའི་བཅུད། །དངུལ་ཆུ་བཞིན་དུ་གསལ་འཚེར་འཛག་ལ་ཁད། །འཕོ་ཞིང་གཡོ་བ་ཙམ་དུ་འཁྱིལ་བར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྜ་ལཱི་ཧཱུྃ་ཧྲཱིཿཥཱ༔ [ཞེས་ཁྲི་ལ་སོགས་པར་བཟླའོ། །བཞི་པ་བདུད་རྩི་བཅུད་ལ་དབབ་པ་ནི། ཐོག་མར་དུར་ཁྲོད་ཀྱི་མ་མོ་བརྒྱད་བསྐུལ་བའི་སླད་དུ། །ཚིལ་ཆེན་བསྲེག །ཧ་སྟ་གཡབ། རྐང་གི་གླིང་བུ་དང་བཤུགས་པ་སོགས་རོལ་མོའི་སྒྲ་དང་སྦྱར་ཏེ།] ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ དྲེགས་པའི་སྡེ་དཔོན་བཏུལ་བའི་ཚེ༔ སྦྱོར་བའི་ཐབས་ལ་མཁས་པ་ཡིས༔ མ་མོ་བརྒྱད་པོ་དབང་དུ་མཛད༔ བཀའ་བཞིན་འཚལ་བར་དམ་བཅས་ལྟར༔ བདག་ནི་དཔལ་ཆེན་གདུང་འཛིན་ཕྱིར༔ ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ གདོད་ནས་གྲུབ་པའི་དུར་ཁྲོད་ནས༔ འབར་དང་ཆགས་པའི་བརྟུལ་ཞུགས་ཀྱི༔ རྣམ་འགྱུར་མི་བཟད་བྱིན་གཡོ་བས༔ གནས་འདིར་མྱུར་དུ་གཤེགས་ནས་ཀྱང་༔ བདུད་རྩི་གསང་བའི་ཐུགས་དམ་བསྐུལ༔ བདེ་ཆེན་དགྱེས་པར་ཕེབས་པ་དང་༔ བྱིན་རླབས་གཟི་བརྗིད་ནུས་སྟོབས་སྐྱེད༔ དངོས་གྲུབ་མྱུར་དུ་འགྲུབ་པར་མཛོད༔ མ་མ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ [ཞེས་བསྐུལ་ལ།] གནས་ཀྱི་ཚོགས་ཆགས་པའི་སྒྱུ་རྩལ་གྱིས། །ཁྲག་འཐུང་

p. 621

དགྱེས་པ་བསྐྱེད་པའི་དམག་ཚིག་གིས། །དཀྱིལ་འཁོར་ལྷ་ཚོགས་མཁའ་ལས་བྱང་ཆུབ་སེམས། །དཀར་དམར་བདུད་རྩི་སྨན་གྱི་རྒྱ་མཚོར་ཕབ། །སྨན་གྱི་སྲུང་མ་རིག་འཛིན་རྣམས་ཀྱིས་ཀྱང་། །འཁོར་འདས་རྩི་བཅུད་མཚོ་ལ་སྦྲང་ཆར་བཞིན། །ཕབ་པས་དངོས་གྲུབ་གསོས་བཏབ་དམ་ཚིག་རྫས། །ཁ་དོག་དྲི་རོ་ནུས་ལྡན་རྒྱ་མཚོར་གྱུར། །ཨོཾ་སརྦ་ཨ་མྲྀ་ཏ་པྲ་བེ་ཤ་ཡ་ཕཊ་ཨཱ་བེ་ཤ་ཡ་ཧཱུྃ་ཧྲཱིཿཥཱ༔ [ཞེས་སྟོང་དུ་བཟླ་ཞིང་དབབ་པའི་ཕྱག་རྒྱས་སྨན་ལ་གཏུག་གོ ། ལྔ་པ་བདུད་རྩི་དབང་དུ་བྱ་བ་ནི། ཐོག་མར་རིགས་ལྔའི་ཁྲག་འཐུང་རྣམས་བསྐུལ་བའི་དོན་དུ།] ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ བདུད་རྩི་རང་བཞིན་དཀྱིལ་འཁོར་རྫོགས༔ རིགས་ཀྱི་འཁོར་ལོས་རབ་བསྒྱུར་བས༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་ཁྲག་འཐུང་ཚོགས༔ སྔོན་ཚེ་ཞལ་བཞེས་དམ་བཅས་ལྟར༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ལས་ལ་མ་གཡེལ་དུ་ཚུལ་བྱོན༔ དམ་ཚིག་ཚུལ་བཞིན་མ་གཤེགས་ཤིང་༔ དངོས་གྲུབ་དབང་དུ་བསྡུ་བ་དང་༔ སྐལ་པ་བཞིན་དུ་མ་སྩལ་ན༔ རྡོ་རྗེའི་ཚིག་དང་འགལ་ཏ་རེ༔ དེ་བས་དམ་ཚིག་རྗེས་དགོངས་ལ༔ ལས་ཀྱི་འབྲས་བུ་མཆིས་པར་

p. 622

མཛོད༔ པཉྩ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ༔ [ཞེས་བསྐུལ་ལ།] ཁྲག་འཐུང་རིགས་ལྔའི་སྤྲིན་གྱིས་འཁོར་འདས་བཅུད། །འོད་དམར་རྣམ་པར་སླར་བསྡུས་ཐུགས་ཀར་ཐིམ། །གཙོ་བོ་ཡབ་ཡུམ་བདེ་རོལ་བྱང་སེམས་རྒྱུན། །འཆི་མེད་བདུད་རྩིའི་སྨན་དང་རབ་འདྲེས་ནས། །གཟུངས་ཐག་རྡོ་རྗེའི་ལམ་བརྒྱུད་མཐེབ་སྲིན་གྱི། །རྟ་མགྲིན་ཡབ་ཡུམ་ལ་ཐིམ་མཉམ་སྦྱོར་བའི། །བྱང་ཆུབ་སེམས་དང་གཅིག་འདྲེས་འོད་ཟེར་རྣམས། །བདག་ལ་རབ་ཐིམ་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧྱ་གྲཱི ་ཝ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཿཥཱ༔ [ཞེས་སྟོང་ལ་སོགས་པ་བཟླ་ཞིང་བདུད་རྩིའི་དངོས་གྲུབ་གཞན་གྱིས་མི་འཕྲོག་པར་བདག་གིས་ཐོབ་པར་བསམ་མོ། །གསུམ་པ་སྒྲུབ་འབྲས་དངོས་གྲུབ་ཀྱི་དགའ་སྟོན་སྤེལ་ཞིང་མཐའ་རྒྱས་སུ་བྱ་བ་ལ་བཞི། བདག་དོན་དངོས་གྲུབ་ལེན་པ། གཞན་དོན་དབང་བསྐུར་བ། རྒྱ་འགྲོལ་ཞིང་ལོངས་སྤྱད་པ། རྗེས་ཀྱི་ལས་རིམ་མཐར་དབྱུང་བའོ། །དང་པོ་ལ་གསུམ། ཐུགས་དམ་བསྐུལ་བ། སྙན་གསན་དབབ་པ། དངོས་གྲུབ་བླང་བ་དངོས་སོ། །དང་པོ་ནི། སྒྲུབ་པའི་ཞག་གྲངས་རྫོགས་པའི་ནངས་པར་སྔ་བའི་ཆར་ཚེ་གལ་སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་སོགས་མཆོད་པའི་རྣམ་པ་ཇི་ཙམ་འབྱོར་པ་གསར་དུ་བཤམ། ཕྲིན་ལས་ཀྱི་གཞུང་སྲོང་བཟླས་པའི་བར་རྫོགས་པར་བྱས་ནས། སླར་ཡང་སྨན་ཕུད་ལ་སོགས་

p. 623

པས་མཆོད་མཐར་དད་པའི་གདུང་ཤུགས་ཀྱིས་ཐུགས་དམ་བསྐུལ་ཏེ།] དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་འདུས་པའི་དངོས་གྲུབ་ཀུན་གྱི་དབྱིག ། འཆི་མེད་བདུད་རྩིའི་འོད་ཀྱི་རྣམ་པར་ནི། །བདག་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར། [ཞེས་བསྒོམ་ཞིང་།]ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མཉྫ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཥཱ༔ [ཞེས་སྟོང་དུ་ཚང་བར་བཟླའོ། །གཉིས་པ་སྙན་གསན་དབབ་པ་ནི།] ཧཱུྃ༔ ཆོས་སྐུ་སྤྲོས་བྲལ་དབྱིངས་ལས་མ་གཡོས་བཞིན༔ ལོངས་སྐུའི་དཀྱིལ་འཁོར་ཁྲག་འཐུང་འཁོར་ལོར་ཤར༔ སྤྲུལ་པ་ཐབས་མཁས་སྦྱོར་བའི་རོལ་པ་ཡིས༔ སྣང་སྲིད་བདུད་རྩིར་དག་པའི་ལྷ་ཚོགས་རྣམས༔ དང་པོར་བསྙེན་ཅིང་བར་དུ་རྩེ་གཅིག་བསྒྲུབས༔ ད་ལྟ་སྒྲུབ་པ་ཆེན་པོའི་ཕྲིན་ལས་ཀྱིས༔ གྲུབ་པའི་དངོས་གྲུབ་གསོལ་བའི་དུས་ལགས་ན༔ དགོངས་པ་ཡལ་ཡོལ་བཏང་སྙོམས་མ་མཛད་པར༔ ཐུགས་རྗེའི་རྩལ་སྐྱེད་ཁྱད་པར་རྟགས་མཚན་སྟོན༔ བྱིན་ཆེན་བྱིན་ཕོབ་དབང་ཆེན་དབང་མཆོག་སྐུར༔ ལས་དང་ཡེ་ཤེས་བདུད་རྩིའི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ [ཞེས་བརྗོད་

p. 624

ཅིང་དཀྱིལ་འཁོར་ལ་བསྐོར་རོ། །གསུམ་པ་དངོས་གྲུབ་བླང་བ་དངོས་ནི། སློབ་དཔོན་ཤར་དུ་འཁོད་པས་གུ་ཧྱ་ལག་གི་ཕྱག་རྒྱས་དངོས་གྲུབ་ལེན་པར་བྱ་སྟེ། ལག་གཡོན་མཐེབ་སྲིན་རྩེ་སྤྲད་ལྷག་མ་གསུམ་བརྐྱངས་པས་བདུད་རྩིའི་སྟེང་ནས་མནན་ཅིང་།] ཤྲཱི་ཧེ་རུ་ཀ་ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི་ཨ་མྲྀ་ཏ་སིདྡྷི་ཧཱུྃ་ཧྲཱིཿཥཱ༔ [ཞེས་བརྒྱ་རྩ་བརྒྱད་བཟླས་ལ།] ཧཱུྃ༔ རང་བྱུང་བདུད་རྩིའི་ཕོ་བྲང་ཆེན་པོ་ན༔ དགྱེས་པར་བཞུགས་པའི་དཔལ་ཆེན་དཀྱིལ་འཁོར་པ༔ རྟག་རྒྱུན་རང་བཞིན་ཡེ་ཤེས་ཚད་མེད་ཀྱང་༔ གདུལ་བྱའི་ཡུལ་ལ་འཇུག་ཕྱིར་སླར་ཡང་གསོལ༔ བདུད་རྩི་སྒྲུབ་པའི་ཞག་གྲངས་ད་ནང་ཐེམས༔ བདུད་རྩི་སྒྲུབ་པའི་དམ་ཚིག་ད་ལྟ་རྫོགས༔ རྡོ་རྗེའི་ནམ་ལངས་དངོས་གྲུབ་ཉི་ཟླ་ཤར༔ ཐུགས་དམ་དུས་ལ་བབ་བོ་ཐུགས་རྗེ་སྐྱེད༔ རྡོ་རྗེའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ གཟི་བརྗིད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ རྡོ་རྗེའི་གསུང་ལ་སྔགས་ཀྱི་ཆར་ཆེན་འབེབས༔ བྱིན་རླབས་ལུང་གི་དངོས་གྲུབ་སྩལ་དུ་གསོལ༔ འོད་གསལ་ཐུགས་ཀྱི་དགོངས་པ་མཁའ་ལྟར་ཁྱབ༔ མཁྱེན་བརྩེ་ནུས་པའི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་འདུལ་ཡོན་ཏན་ཡིད་བཞིན་རིན་ཆེན་སྤྲིན༔ ཁམས་གསུམ་དབུགས་འབྱིན་དངོས་གྲུབ་སྩལ་དུ་གསོལ༔

p. 625

མཆོག་ཐུན་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ༔ སྣང་སྲིད་སྣོད་བཅུད་བདུད་རྩིའི་རྒྱན་དུ་ཤར༔ གྲོལ་བ་བཞི་ལྡན་དངོས་གྲུབ་སྩལ་དུ་གསོལ༔ ཚེ་དང་སྐོང་དང་བགེགས་ཞི་དབང་བསྒྱུར་སོགས༔ ཅི་འདོད་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ༔ ཧེ་རུ་ཀ་དང་སྤྱོད་ཡུལ་དབྱེར་མེད་པའི༔ དངོས་གྲུབ་དམ་པ་དེང་འདིར་བདག་ལ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ [ཞེས་དངོས་གྲུབ་སྤྱིར་གསོལ། སྙིམ་པ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་ལ་འདུད་ཅིང་།]ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིག་པ་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ ཐབས་དང་ཤེས་རབ་དབྱིངས་སུ་བདག་འབུལ་གྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་སྟྭཾ༔ [ཞེས་མེ་ཏོག་དོར། སྨན་གྱི་ཕོ་བྲང་སློབ་དཔོན་རིག་མར་བཅས་པས་ཁྲག་འཐུང་གར་གྱི་ཕྱག་རྒྱས་དཀྱིལ་འཁོར་ནས་སྤྱན་དྲངས་པ་གཙུག་ཏུ་བཀོད་ལ།] སློབ་དཔོན་བདག་ཉིད་རང་བཞིན་གྱི་དཀྱིལ་འཁོར་དུ་གསལ་བ་ལ་བདུད་རྩི་རྩ་བའི་དཀྱིལ་འཁོར་པ་ཐིམ་ནས་གཉིས་མེད་དུ་གྱུར་[པར་བསམ་ཞིང་།] ཧཱུྃ༔ བདུད་

p. 626

རྩིའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ རང་བཞིན་དཀྱིལ་འཁོར་མི་ཟད་རྒྱན་འཁོར་ལྔ༔ དབྱེར་མེད་གདོད་ནས་མཉམ་པ་ཆེན་པོའི་ངང་༔ ཁྱབ་བདག་ཐིག་ལེ་གཅིག་ཏུ་དབང་བསྐུར་རྫོགས༔ ཨོཾ་ཨཱཿཧཱུྃ༔ མཧཱ་སུ་ཁ་ཨ་མྲྀ་ཏ་མཎྜ་ལ་ཛཿཧཱུྃ་བྃ་ཧོཿ[ཞེས་སློབ་དཔོན་གྱིས་དབང་བླངས་ལ།] ཡེ་ཤེས་འོད་ཟེར་རང་ལ་ཐིམ༔ ལྷ་ཚོགས་བདུད་རྩིར་འཁྱིལ་བ་ལས༔ སྲིད་པ་གསུམ་པོ་ཐམས་ཅད་ཀུན༔ བདུད་རྩིའི་དྲི་རོ་ནུས་པས་ཁྱབ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ བདེ་བ་ཆེན་པོ་བདུད་རྩིའི་བདག༔ དཔལ་ཆེན་ཁྲག་འཐུང་སྐུ་རུ་གྱུར༔ [ཅེས་མོས། གཉིས་པ་གཞན་དོན་དབང་བསྐུར་བ་ནི། སློབ་མ་རྣམས་ཀྱིས་རུ་ལུ་གར་གྱི་བྲོས་བསྐོར་ཏེ་རྡོ་རྗེ་སློབ་དཔོན་ལ་སྔར་བཞིན་མེ་ཏོག་འབུལ་ཞིང་གསོལ་བ་གདབ། སློབ་དཔོན་གྱིས་སྨན་གྱི་ཕོ་བྲང་ཐོགས་ལ། ཧཱུྃ༔ བླ་མེད་དོན་རྫོགས་འདུས་པའི་དཀྱིལ་འཁོར་དུ༔ སྣང་སྲིད་འཁོར་འདས་ཐམས་ཅད་བསྡུས་པའི་བཅུད༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་དབང་༔ སྐལ་ལྡན་ལུས་ངག་ཡིད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ [ཞེས་དབང་བསྐུར་ཞིང་།] ཁ་དོག་མཐོང་པས་ལུས་སྒྲིབ་དག༔ ཚེ་དང་བསོད་ནམས་ལང་ཚོ་རྒྱས༔ དྲི་ལ་བསྣམས་པས་ངག་

p. 627

སྒྲིབ་དག༔ ནུས་པ་འབར་ཞིང་དབང་དུ་འདུ༔ རོལ་ལ་མྱང་བས་ཡིད་སྒྲིབ་དག༔ བདེ་ཆེན་ཡེ་ཤེས་རྩོལ་མེད་འཆར༔ དཔལ་ཆེན་ཧེ་རུ་ཀ་དང་མཉམ༔ མཆོག་ཐུན་ཕྲིན་ལས་ཐམས་ཅད་འགྲུབ༔ [ཅེས་ཕན་ཡོན་བསྟན་ནས་ཇི་ལྟར་རིགས་པའི་སྟེགས་ལ་བཞུགས་སུ་གསོལ་ལོ། །གསུམ་པ་རྒྱ་འགྲོལ་ཞིང་ལོངས་སྤྱད་པ་ལ་གསུམ། གཏད་ཅིང་རྒྱ་འགྲོལ་བ། མཆོད་ཅིང་བགོ་བ། བཅང་ཞིང་བསྟེན་པའོ། །དང་པོ་ནི། བདུད་རྩི་བསྡུ་བ་པོ་འཇམ་དཔལ་རྣོན་པོ་ཡིན་པའི་ཕྱིར་དེའི་ཐུགས་རྒྱུད་བསྐུལ་བའི་དོན་དུ།] ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀནྜ་ལཱི་མ་ཧཱ་གུ་ཧྱ་མ་ཉྫུ་ཤྲཱི་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཥཱ༔ [ཞེས་བརྒྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་པ་རྣམས་ཀྱིས་འཇམ་དཔལ་རྣོན་པོ་ལ་གཏད་ནས་གནང་བ་བྱིན་པར་བསམ་ཞིང་། ལས་ཀྱི་རྡོ་རྗེ་ཡུམ་དུ་བཏགས་པས་སྨན་སློབ་དཔོན་ལ་འབུལ་ཏེ།] ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བའི་ཆོས༔ ནམ་མཁའ་དང་ནི་མཉམ་པའི་གནས༔ རྣམ་པར་མི་རྟོག་རྟོག་ལས་འདས༔ ཀུན་རྫོབ་ཙམ་དུ་བསྟན་པ་མཚར༔ [ཞེས་ཕུལ། སློབ་དཔོན་གྱིས།] ཨོཾ་སརྦ་པཉྩ་མ་ཧཱ་སུ་ཁ་ཧོཿ [ཞེས་བླངས་ལ།] ཨོཾ་བི་ཤུདྡྷེ་ཀརྨ་པྲ་བེ་ཤ་ཡ་ཕཊ༔ [ཅེས་སྨན་ཐོད་ལ་དཀྲིས་པའི་སྲདབུ་སོགས་བཀྲོལ།] ཨོཾ་སརྦ་པཉྩ་མཧཱ་སུ་ཁ་ཧོཿ [ཞེས་ཁ་ཕྱེས་ལ། སྨན་གྱི་བདུད་རྩིའི་དྭངས་མ་དཀར་དམར་

p. 628

སྔོ་བའི་འོད་ཀྱི་རྣམ་པས་རང་གི་གནས་གསུམ་དུ་ཐིམ་པར་བསམ། དེ་ནས་སྨན་དྲིལ་བུ་ལ་གཞལ་ཏེ་ཇི་ཙམ་འཕེལ་བ་གས་ནས་སྟེགས་བུ་ལ་བཀོད་དེ།] ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་མཆོད་པ་དང་༔ འགྲོ་བའི་ཉོན་མོངས་གདུང་བ་ཞི་བ་དང་༔ རྣལ་འབྱོར་གྲུབ་པའི་རྩལ་ཆེན་རྫོགས་སླད་དུ༔ བདེ་ཆེན་བདུད་རྩིའི་ཡེ་ཤེས་རབ་ཏུ་གྲུབ༔ དཔལ་ཆེན་ཁྲག་འཐུང་དགྱེས་པའི་གཟི་བྱིན་སྐྱེད༔ མ་མོ་མཁའ་འགྲོ་ཆོས་སྐྱོང་དམ་ལ་འདུས༔ དྲེགས་པའི་ལྷ་སྲིན་ཚོགས་རྣམས་བཀའ་ལ་ཉོན༔ ཐམས་ཅད་བདུད་རྩིའི་རྫས་ལ་བཀྲ་ཤིས་སྩོལ༔ དབང་ཆེན་རྣམས་ཀྱིས་དབང་བསྐུར་ཡེ་ཤེས་བསྟིམས༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་མཐུ་ནུས་སྤོར༔ དངོས་གྲུབ་མཆོག་སྩོལ་གྲུབ་པའི་རྟགས་མཚན་སྟོན༔ ཐམས་ཅད་དགེ་ཞིང་བཀྲ་ཤིས་བདེ་ལེགས་མཛོད༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་ཡུར་པུཎྱེ་ཏིཥྛ་ཨོཾ༔ [ཞེས་དངོས་གྲུབ་ཀྱི་ཕྲིན་ལས་ཆེན་པོར་མངའ་གསོལ་ལོ། །གཉིས་པ་མཆོད་ཅིང་བགོ་བ་ནི། ཐོད་པ་བཟང་པོ་མྱོས་བྱེད་ཀྱིས་བཀང་བ་ལ་བདུད་རྩིའི་ཕུར་མ་ཅུང་ཟད་བླུགས་ལ་བྱིན་གྱིས་བརླབ་སྟེ།] ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་

p. 629

མདུན་གྱི་ནམ་མཁར་སད་པར་[མོས་ལ།] ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ [ཅེས་སོགས་ཀྱིས་རྒྱས་པར་མཆོད་ནས།] རང་གི་ལྕེ་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བ་ཧཱུྃ་གིས་མཚན་པར་[བསམ་ཞིང་། གཡོན་པས་མཐེབ་སྲིན་གྱིས་བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བཀོད་ཅིང་ལྕེ་ཐོག་ཏུ་བཞག་ལ།] ཧཱུྃ། དོན་དམ་ཐིག་ལེ་བདེ་བ་ཆེན་པོ་ལས། [ཞེས་སོགས་ཀྱིས་མྱང་ཞིང་། ཉེ་སྙིང་ལས། རྣ་བ་སྙིང་ག་ལྕེ་སྟེང་དང་། །ཡན་ལག་ཀུན་ལ་ཐིག་ལེ་བྱའོ། །ཞེས་གསུངས་པ་བཞིན་ཐིག་ལེའང་བྱ། ལུས་ཀྱི་རྩ་ཁམས་ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བའི་བདེ་སྟོང་གི་ངང་ལ་མཉམ་པར་བཞག་གོ ། དེ་ནས་སྨན་རྣམས་ཆ་གསུམ་དུ་བགོས་པའི་དང་པོ་དཀྱིལ་འཁོར་གྱི་ལྷ་ལ་བསྔོ། བར་པ་སློབ་དཔོན་གྱིས་བཟུང་། ཐ་མ་སྒྲུབ་པ་པོ་སྤྱི་ལ་སྤེལ། དང་པོའི་ཆ་ལས་གཞན་དོན་དུ་གཉེར་བ་ལ་ཡང་ཇི་ལྟར་རིགས་པ་སྦྱིན་པར་བྱའོ། །གསུམ་པ་བཅང་ཞིང་བསྟེན་པ་ནི། དེ་ལྟ་བུའི་བདུད་རྩི་དེ་ཉིད་རིན་པོ་ཆེའི་གའུའམ་པགས་ཤུན་སོགས་ཇི་ལྟར་རིགས་པའི་སྣོད་དུ་བླུགས་ལ་སྤྱི་བོའམ་མགུལ་དུ་བཅང་ཞིང་རྒྱུན་དུ་བསྟེན་པར་བྱ་སྟེ། རྒྱུད་ལས། བདུད་རྩི་སྤྱི་བོར་བཅངས་པ་ཡིས། །དུས་གསུམ་བདེ་གཤེགས་བསྙེན་བཀུར་འགྱུར། །མགུལ་ལམ་དཔུང་པར་བཏགས་པས་ཀྱང་། །ཕྱོགས་བཅུའི་རྒྱལ་བས་སྲས་སུ་དགོངས། །རིག་འཛིན་མཁའ་འགྲོ་ངང་གིས་འདུ། །རྩ་ཁམས་རླུང་ལ་བྱིན་ཆེན་འབེབ། །རྡོ་རྗེའི་སྲུང་བ་ཆེན་པོར་

p. 630

འགྱུར། །བྱད་ཕུར་རྦོད་གཏོང་གདོན་དང་བགེགས། །གང་གིས་མི་ཚུགས་ཐུབ་པ་མེད། ཅེས་དང་། སློབ་དཔོན་ཆེན་པོས། གསང་བའི་དམ་ཚིག་ཆེན་པོ་ནི། །ཡེ་ཤེས་སྒྲུབ་རྫས་བདུད་རྩི་ལྔ། །དམར་ཆེན་ག་བུར་ཙནྡན་སྦྱར། །རྡོ་རྗེ་ཆུ་ཡིས་ཀུན་ཏུ་བསྲེ། །དུས་གསུམ་རྒྱལ་བ་ཀུན་དང་མཚུངས། །འདི་དང་འདོད་པའི་ཡོན་ཏན་ལྔ། རྒྱུན་དུ་ཡང་དང་ཡང་དུ་བསྟེན། །འདི་ནི་དམ་ཚིག་བླ་ན་མེད། ཅེས་གསུངས་པས། རབ་ཐུན་བཞིའི་ཐོག་མཐར་ཆག་ཆེད་དུ་བསྟེན། འབྲིང་ཐུན་འགོར་རེ་རེ་དང་། ཐ་མས་ཐུན་དང་པོའི་འགོ་དང་། དེ་ཡང་མ་འགྲུབ་ན་ཟླ་བ་དྲུག་ལ་རེ་རེ་དང་། གལ་ཏེ་དེ་ཡང་མ་འགྲུབ་ན་ལོ་རེའི་དཔྱིད་ཟླ་འབྲིང་པོའི་ཚེས་གཅིག་གམ་བཅོ་ལྔ་ལ་མ་ཆག་པར་བསྟེན། དེའི་ཚེ་རང་ཉིད་ལྷར་གསལ་བས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་དུ་མོས་ལ་གཡོན་པའི་མཐེབ་སྲིན་རྡོ་རྗེ་དང་པདྨ་སྦྱར་བ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་བ་ལྕེ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་ཐིམ་པས་རྩ་ཁམས་ཐམས་ཅད་ཁྱབ་སྟེ་ལུས་དཀྱིལ་གྱི་ལྷ་ཚོགས་རྣམས་ཚིམ་པར་བསམ་ལ་ཟ་བར་བྱའོ། །བཞི་པ་རྗེས་ཀྱི་ལས་རིམ་མཐར་དབྱུང་བ་ནི། སྦྱིན་སྲེག་བྱ་བ། ཚོགས་དང་གཏོར་མ་གཏོང་བ། དཀྱིལ་འཁོར་བསྡུ་བ། མཚམས་དཀྲོལ་བ། སྨོན་ལམ་གདབ་པ། བཀྲ་ཤིས་བརྗོད་པ་རྣམས་ཏེ། སྒྲུབ་ཁོག་ནས་ཇི་ལྟར་འབྱུང་བ་བཞིན་མཐར་དབྱུང་ཞིང་། ཆོ་གའི་མཐའ་རྒྱས་པར་བྱ་བའི་ཕྱིར་ཕུན་སུམ་ཚོགས་པའི་དགའ་སྟོན་ཆེན་པོས་ཕྱོགས་དུད་ཀུན་ཏུ་དགེ་ལེགས་ཀྱིས་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །ཞར་བྱུང་

p. 631

འཕྲོས་དོན་དུ་སྐབས་འགའ་ཞིག་གི་ཚེ་སྤྲོས་མེད་དཔའ་བོ་གཅིག་སྒྲུབ་བྱེད་པར་འདོད་ན། སྦྱོར་བའི་ཆོ་ག་ནས་བརྩམས་སྔོན་འགྲོའི་རིགས་རྒྱས་པ་མི་དགོས་པས་དཀར་བགེགས་བཏང་། རྒྱལ་ཐོ་ཕྱོགས་བསྡུས་འཛུག །སྲུང་འཁོར་མཚམས་གཅོད་རྒྱན་བཀོད་ཙམ་བྱས་ཏེ་བསྙེན་སྒྲུབ་དངོས་ལ་འཇུག །བསྙེན་རྒྱུན་མི་འགྲུབ་པ་ཙམ་ལས་འདོན་བྱ་ལག་ལེན་གྱི་གཞུང་གོང་སྨོས་ལྟར་ལ་ཐུན་བཞིར་བཅད། ཉུ་ལེ་བསྐྲད་པ། བྱིན་འབེབས། རྗེས་དངོས་གྲུབ་བླང་བ་ཙམ་ལས་སྒྲུབ་ཁོག་ཚང་བ་སྦྱོར་མི་དགོས་པའང་ཤེས་པར་བྱའོ། །སྤྱི་དོན་བདུན་པ་འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། རྩ་རྒྱུད་ལས། སྐད་ཅིག་ཐུག་ཕྲད་བསྟེན་པ་ཡིས། །ཚེ་རིང་ནད་མེད་བདེ་བ་དང་། །ལང་ཚོ་ཁ་དོག་སྟོབས་དང་གཟི། །འཕེལ་ཞིང་དབང་པོ་རིག་པ་གསལ། །མཁའ་ལ་འགྲོ་ཞིང་ཕ་རོལ་གྱི། །ནུས་སྟོབས་ནུས་པས་མི་ཚུགས་ཤིང་། །ཀུན་གྱིས་བཀུར་སྟིའི་འོས་སུ་འགྱུར། ཞེས་དང་། བམ་བརྒྱད་ལས། བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །མདོག་ནི་བཅུ་དྲུག་གཞོན་ནུ་འདྲ། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། ཞེས་སོགས་གནས་སྐབས་ཀྱི་ཡོན་ཏན་དུ་མ་དང་། མཐར་ཐུག་གི་ཕན་ཡོན་ཇི་ལྟར་ཐོབ་པའི་ཚུལ། རྒྱུད་ལས། འདི་གྲུབ་རྒྱལ་སྲས་དམ་པར་འགྱུར། །ཡོན་ཏན་མཆོག་འབྲས་ཡོངས་སུ་རྫོགས། ཞེས་གསུངས་པའི་དོན་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་གིས་རྒྱས་པར་བཀྲལ་བ། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་

p. 632

གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལངས། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་འདག །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་པས་ས་བཅུ་ནོན་ནས་ཀྱང་། །ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་ན་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་བཟློག །གདུག་པའི་དུག་ཀྱང་གཞིལ་བར་ནུས། །བྱུག་པས་ནད་གདོན་མ་ལུས་སེལ། །བསྲེགས་ན་གདོན་བགེགས་ཐམས་ཅད་སྐྲོད། །འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གར་སྒྲུབ་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྒྱ་མཚོ་ལ་དབང་འབྱོར་

p. 633

བས་དོན་གཉིས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། །གྲོལ་བ་བཞི་ལྡན་ངོ་མཚར་ཕྲིན་ལས་ཕུལ། །བདེ་ཆེན་རྡོ་རྗེའི་དམ་ཚིག་རྫས་ཀྱི་མཆོག །འཆི་མེད་བདུད་རྩིའི་བཅུད་དུ་ལེན་པའི་ཐབས། །སྐལ་བཟང་རིག་པ་འཛིན་པའི་དཔལ་དུ་ཕྱེས། །འདི་ལས་གདུལ་བྱ་མཐའ་ཡས་རབ་སྨིན་ཏེ། །བཀའ་འདུས་རིག་འཛིན་རྒྱ་མཚོའི་ཚོམ་བུར་འཁོད། །ལྷུན་གྲུབ་ཕྲིན་ལས་རྟག་ཁྱབ་དགེ་ལེགས་ཀྱིས། །སྣང་བ་དམ་པས་ས་གསུམ་མཛེས་གྱུར་ཅིག །དེ་ལྟར་དཔལ་བཀའ་འདུས་ཀྱི་མཆོག་གི་ཕྲིན་ལས་དམ་རྫས་བདུད་རྩིའི་སྒྲུབ་ཐབས་བདེ་ཆེན་གྲུབ་པའི་བཅུད་ལེན་ཞེས་བྱ་བ་འདི་ནི། ལམ་འདིའི་ཕྲིན་ལས་ཀྱི་སྒོ་འཕར་གཏན་པ་མེད་པར་དབྱེ་བའི་ཕྱིར་གཏེར་གཞུང་རྩ་བའི་དགོངས་པ་མ་འཁྲུལ་བར་ངག་འདོན་སོགས་ཁ་སྐོང་དུ་འོས་པ་རྣམས་རིགས་མཐུན་གྱི་གཏེར་ཁ་ལས་སྤྲོས་པའི་མན་ངག་མཁས་གྲུབ་བླ་མའི་ཕྱག་བཞེས་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་བདུན་དུ་སོན་པ་རྣམ་འགྱུར་ལྕགས་སྟག་གི་ལོ་མགོ་ཟླའི་ཡར་ངོའི་ཚེས་བཅོ་ལྔ་ལ་བུ་ཆུ་རིག་འཛིན་དགའ་ཚལ་གྱི་བསྟི་གནས་སུ་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ཡེ་ཤེས་ཆོས་ལྡན་གྱིས་བགྱིས་པའོ། །འདིས་ཀྱང་གྲོལ་བ་བཞིའི་ཕྲིན་ལས་འདོད་རྒུར་འཇོ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།]

དཔལ་བཀའ་འདུས་ཀྱི་དབང་དོན་བདག་འཇུག་གི་ཆོ་ག་ཡེ་ཤེས་བཅུད་འབེབས།

p. 634
p. 635

༄༅། །དཔལ་བཀའ་འདུས་ཀྱི་དབང་དོན་བདག་འཇུག་གི་ཆོ་ག་ཡེ་ཤེས་བཅུད་འབེབས་ཞེས་བྱ་བ་བཞུགས་སོ། །

p. 636

ཨོཾ་སྭསྟི། དབང་བཞིའི་རྒྱུན་གྱིས་སྒྲིབ་བཞིའི་དྲི་བསལ་ཏེ། སྐུ་བཞིའི་ཡེ་ཤེས་སྐྱེད་མཛད་བླ་མ་དང་། །དབྱེར་མེད་དཔལ་ཆེན་ཚོམ་བུར་གུས་བཏུད་ནས། །བདག་འཇག་ཆོ་གའི་ངག་འདོན་འདིར་གསལ་བྱ། །[དེའང་དཔལ་ཆེན་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བར་འདོད་པས། སྦྱོར་བ་མཚན་མའི་དཀྱིལ་འཁོར་བཞེངས་ཏེ་བདག་མདུན་བུམ་པ་དང་བཅས་བསྒྲུབ་ཅིང་མཆོད་པའི་རིམ་པ་སྔོན་དུ་འགྲོ་བས། དངོས་གཞི་རིག་པ་གདོད་མའི་སྤྱི་དཔལ་ཆེན་པོ་བླ་མ་དང་གཉིས་སུ་མེད་པ་དཀྱིལ་འཁོར་གྱི་བདག་པོར་བཞུགས་པ་ཉིད་དབང་བླང་བའི་ཡུལ་དང་། བདག་ཉིད་རྣམ་འགྱུར་རྣམ་སྨིན་གྱི་ལུས་རྟེན་སློབ་བུའི་ཚུལ་དུ་བྱས་ནས་འཇུག་པ་སྟེ། ཐོག་མར།]ཇི་ལྟར་བལྟམས་པ་[སོགས་ཀྱིས་ཁྲུས་བྱ།]བི་ཤྭ་བཛྲ་[སོགས་དྲག་སྔགས་ཡུངས་ཐུན་དང་བཅས་བས་བགེགས་བསྐྲད།]ས་གཞི་སྤོས་ཆུས་[སོགས་ཀྱིས་མཎྜ་ལ་འབུལ།]ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱཧཱས་མིག་དར་འཆིང་ཞིང་། ཨ་ཁཾ་བིར་ཧཱུྃ་[གིས་མེ་ཏོག་ཐོགས་ལ། ཐལ་མོ་སྦྱར་བས་བཏུད་དེ།]སྤྱི་དཔལ་ཆེན་པོ་ཧེ་རུ་ཀ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ནི་སྐལ་ལྡན་རིགས་ཀྱིས་བུ༔ སྙིང་པོ་དོན་གྱི་དབང་བསྐུར་གསོལ༔ [ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པ་ལ། བླ་མ་དཀྱིལ་འཁོར་གྱི་གཙོ་བོས།]ང་ནི་ཧེ་རུ་ཀ་དཔལ་ཏེ༔ ང་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ དམ་ཚིག་གཅན་འཕྲང་ཟབ་པས་ན༔ དབང་བསྐུར་དམ་ཚིག་བསྲུང་ནུས་སམ༔ [ཞེས་དྲིས་

p. 637

པའི་ལན་དུ།] དཔལ་ཆེན་པོ་དང་དབྱེར་མེད་པའི༔ བླ་མས་གསུངས་པ་རྡོ་རྗེའི་ཚིག༔ རྟག་ཏུ་ཡིད་ལ་འཆང་བ་དང་༔ སྲོག་ལ་བབས་ཀྱང་དམ་ཚིག་བསྲུང་༔ [ཞེས་དམ་ཚིག་ཁས་བླང་།] རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །[ཅེས་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས།] བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །[ཅེས་དམ་བཅའ་རྣམ་གསུམ་བཟུང་།] རང་ཉིད་སྤྱི་དཔལ་ཆེན་པོ་ཧེ་རུ་ཀར་གསལ་བའི་སྙིང་གའི་འབར་བ་ཆེན་པོའི་ཧཱུཾ་ཡིག་དང་། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་ནམ་མཁའ་གང་བ་འཕྲོས། དཔལ་ཆེན་དཀྱིལ་འཁོར་ཉེར་གཅིག་གི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་སྤྱི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་

p. 638

ཆེན་དྲག་ཏུ་བབས་པ་ལྟར་བྱོན་ནས་རང་ལ་སིབ་སིབ་ཐིམ་པས་བྱིན་གྱིས་བརླབས་པར་[མོས་ལ། འབེབས་པའི་རྫས་བསྲེགས་ཤིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་བཅས་ཞི་ཁྲོ་སྤྱི་བསྡུས་ཀྱི་རྩ་སྔགས་ལ།]ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ[ཞེས་བཏགས་པ་མང་དུ་བརྗོད་པས་བྱིན་དབབ། རྒྱ་གྲམ་མེ་ཏོག་མགོར་བཞག་སྟེ་]ཏིཥྛ་བཛྲས་[བརྟན་པར་བྱ། སྔར་གྱི་མེ་ཏོག་དེ་ཉིད།] པྲ་ཏཱིཙྪ་བཛྲ་ཧོཿ [ཞེས་དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བ་ཉིད་རིགས་ཀྱི་བདག་པོའི་ཐུགས་ཀར་བབས་པ་སླར་ཡང་དབང་རྟགས་ཅོད་པན་དུ་སྩལ་བར་མོས་ཤིང་།] པྲ་ཏཱི་གྷྲྀཧྞ་ཨི་མཾ་སཏྭ་མཧཱ་བ་ལ། [ཞེས་སྤྱི་བོར་བཞག །]ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ[ས་མིག་དར་བཀྲོལ་ལ།] དེ་ལྟར་མཐོང་བ་དག་པས་མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་ཀུན་ཁྱབ་ཡེ་ཤེས་སྤྱི་དཔལ་ཆེན་པོའི་ལྷ་ཚོགས་དྲུག་བརྒྱ་དང་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར། ཤར་དུ་ཚད་མེད་བཞི། ལྷོར་བསྡུ་དངོས་བཞི། ནུབ་ཏུ་ཟག་མེད་བཞི། བྱང་དུ་རྣམ་ཐར་བཞི། མཚམས་རྣམས་སུ་དྲན་པ་ཉེར་བཞག་བཞི་རྣམས་རྣམ་པར་དག་པའི་ངོ་བོ་ཡེ་ཤེས་ཉི་ཤུའི་རང་བཞིན་ཅན་གྱི་དཀྱིལ་འཁོར་ཚོམ་བུ་ཉེར་གཅིག་པའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་[མོས། དབང་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ།] བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་

p. 639

སྩོལ། །[ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས།] བླ་མ་ཧེ་རུ་ཀ་འཁོར་འདས་ཀྱི་སྤྱི་དཔལ་ཆེན་པོས་དགྱེས་པས་དགོངས་ཏེ་ཐུགས་ཀའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེའི་བུམ་པ་ལྔ་ཚན་ལྔའི་བཅུད་དང་ལྡན་པས་མངོན་པར་དབང་བསྐུར་བར་[མོས་ཤིང་། བུམ་པ་ཐོགས་ལ།] ཧཱུྃ༔ བཀྲ་ཤིས་ཆེན་པོའི་བུམ་པ་གཞལ་ཡས་ཁང་༔ ནང་ནི་ལྷ་དང་དབྱེར་མེད་བདུད་རྩིས་བཀང་༔ སྣོད་བཅུད་ཡོངས་སུ་རྫོགས་པའི་དབང་བསྐུར་བས༔ དཔལ་ཆེན་ལྷ་ཚོགས་སྐུ་ཡི་དབང་ཐོབ་ནས༔ དུག་ལྔ་གནས་དག་ཕུང་པོ་གནས་སུ་གྱུར༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུཾ༔ མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་ངྷ་ཨ་བྷི་ཥིཉྩ་ཨོཾ༔ [ཞེས་སྤྱི་བོའི་གནས་ལྔར་བཞག་ལ་ཁྲུས་བྱ་ཞིང་བཏུང་།] བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། རིགས་ལྔའི་རང་བཞིན་ཅན་གྱི་རིག་པའི་དབང་ལྔ་ཐོབ། ཉོན་མོངས་དུག་ལྔའི་སྒྲུབ་པ་དག །ཕུང་པོ་ལྔ་སྐུ་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་གིས་དབུ་བརྒྱན་པར་[མོས། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་ནི།] དཀྱིལ་འཁོར་

p. 640

གྱི་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། རང་ཉིད་ལ་ཐིམ་པས་དཔལ་ཆེན་བཀའ་འདུས་ཀྱི་ལྷ་ཚོགས་གཙོ་འཁོར་ཡོངས་སུ་རྫོགས་པའི་སྐུའི་དབང་དང་བྱིན་རླབས་མ་ལུས་པ་རྒྱུད་ལ་ཐོབ་པར་[མོས་ཤིང་། ཞི་བ་ཀུན་ཏུ་འཆང་གི་སྐུ་ཐོགས་ལ།] ཧཱུཾ་ཧྲཱིཿ ཕུང་ཁམས་སྐྱེ་མ་ད་རང་བཞིན་གནས་དག་པ༔ རིགས་ལྔ་བཞི་བཅུ་རྩ་གཉིས་ཞི་བའི་ལྷ༔ ཡབ་ཡུམ་ཐབས་དང་ཤེས་རབ་འདུས་པའི་འཁོར༔ མ་ལུས་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུཾ༔ ཀཱཡ་ཨ་བྷི་ཥིཉྩ་ཨོཾ༔ [སྤྱི་དཔལ་ཆེན་པོའི་སྐུ་ཐོགས་ལ།] ཧཱུཾ་ཧྲཱིཿ ཚོམ་བུ་ཉེར་གཅིག་འབར་བའི་དཀྱིལ་འཁོར་ནས༔ ཡེ་ཤེས་ཉེར་གཅིག་ཀུན་ཏུ་མ་འདྲེས་མདངས༔ དཔལ་ཆེན་ཉེར་གཅིག་བཀའ་འདུས་ལྷ་ཚོགས་ནི༔ མ་ལུས་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་མཎྜ་ལ་ཨ་བྷི་ཥིཉྩ་ཨོཾ༔ [ཞེས་བསྐུར།] འདི་ལྟར་གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་སྐུ་རྡོ་རྗེ་ལྷའི་འཁོར་ལོར་དག་པའོ། །[ཞེས་དག་པ་བརྗོད།] དཀྱིལ་འཁོར་པའི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། རང་ཉིད་སྤྱི་དཔལ་ཆེན་པོར་གསལ་བའི་ཞལ་དུ་ཞུགས་

p. 641

ཏེ་ཐུགས་ཀའི་ཧཱུཾ་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། འགྲོ་བ་རིགས་དྲུག་གི་སྡིག་སྒྲིབ་སྦྱངས། ཚུར་འདུས་པས་རྡོ་རྗེ་གསུམ་གྱི་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་[བསམ་ལ། ཞི་ཁྲོ་ཡོངས་རྫོགས་འདུས་པའི་སྙིང་པོ་ལན་བདུན་ནམ་གསུམ་བཟླ།] འདི་ལྟར་སྒྲ་རུ་གྲགས་པ་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་རྡོ་རྗེ་སྔགས་ཀྱི་འཁོར་ལོ་དག་པའོ། །[ཞེས་དག་པ་བརྗོད། གནས་ལུགས་རང་བཞིན་མ་བཅོས་པའི་ངང་དུ་མཉམ་པར་བཞག་ལ།] ཧཱུཾ༔ རང་བྱུང་ཡེ་ཤེས་སྙིང་པོ་བྱང་ཆུབ་སེམས༔ ལྷ་སྔགས་ཆོས་སྐུ་ཐམས་ཅད་དེ་ལ་རྫོགས༔ དབྱིངས་དང་རིག་པ་གཉིས་མེད་ཧེ་རུ་ཀ༔ ཡང་དག་ངེས་པའི་དོན་མཆོག་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ འདི་ལྟར་གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་དབྱེར་མེད་ཐུགས་རྡོ་རྗེ་བདེ་ཆེན་འོད་གསལ་གྱི་འཁོར་ལོར་དག་པའོ། །[ཞེས་དག་པ་བརྗོད།] དེ་ལྟ་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །[ཞེས་བུམ་དབང་གི་རྟོགས་པ་བསྐྱེད།]

p. 642

བླ་མ་སྤྱི་དཔལ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཏེ་ལུས་ལ་ཞུགས་ལྷག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བའི་རྒྱུན་མཁའ་ལས་ཐོན། ཐོད་པའི་བདུད་རྩི་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཅན་དང་རོ་གཅིག་ཏུ་འདྲེས་པ་ལྕེ་ཐོག་ཏུ་བཞག་སྟེ་དབང་བསྐུར་བར་[མོས་ཤིང་། གསང་ཐོད་ཐོགས་ལ།] ཧཱུཾ༔ སྣོད་ནི་མཚན་ལྡན་རང་བྱུང་ཀ་པཱ་ལར༔ བཅུད་ཀྱི་དྭངས་མ་ཤ་ལྔ་བདུད་རྩི་ལྔ༔ གཉིས་མེད་མཉམ་སྦྱར་བྱང་ཆུབ་སེམས་ཀྱི་ཆུས༔ དཔལ་ཆེན་ལྷ་ཚོགས་གསུང་གི་དབང་ཐོབ་ནས༔ རྩ་ཡི་མདུད་གྲོལ་རླུང་ལྔ་དབང་དུ་འདུས༔ ཐིག་ལེ་ཟག་མེད་བདེ་བ་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུཾ་སྭཱཧཱ༔ བཛྲ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཿ ཨ་ཧོ་མ་ཧཱ་སུ་ཁ་ཧོཿ [ཞེས་བདུད་རྩི་མྱང་།] བདུད་རྩིའི་རྒྱུན་གྱིས་ལུས་ཁམས་ཐམས་ཅད་ཁྱབ། འཆིད་བྱེད་རྩའི་མདུད་པ་གྲོལ། གཡོ་བའི་རླུང་ལྔ་དབུ་མར་ཐིམ། ཐིག་ལེའི་འཕོ་བ་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་བརྟན་པར་བྱས་པར་མོས། དེ་ལྟ་ན་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་རློབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་

p. 643

བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །[ཞེས་གསང་དབང་གི་རྟོགས་པ་བསྐྱེད།] སློབ་དཔོན་ཧེ་རུ་ཀས་ཡུམ་ཁྲོ་མོའི་དབང་ཕྱུག་མ་ལས་རིགས་མཐུན་གྱི་ཤེས་རབ་མ་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་[མོས་ཤིང་། རིག་ཙཀ་གམ་དྲིལ་བུ་བླང་ལ།] ཧཱུཾ༔ བཀྲ་ཤིས་མཚན་ལྡན་རིགས་ལྔ་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱིས་བསྟེན་བྱའི་དམ་ཚིག་མཆོག༔ ཟག་མེད་བདེ་བའི་འབྱུང་གནས་འདི་གཏད་པས༔ ཧེ་རུ་ཀ་དཔལ་ཐུགས་ཀྱི་དབང་ཐོབ་ནས༔ ལུགས་འབྱུང་དགའ་བ་རྣམ་བཞི་འཕེལ་བ་དང་༔ ལུགས་ལྡོག་ལྷན་སྐྱེས་ཡེ་ཤེས་རྟོགས་པར་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ༔ ཤེས་རབ་མ་དང་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་ཡས་བབ་དང་མས་བརྟན་གྱི་དགའ་བ་བཞིའི་མཐར་ཐུག་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་[མོས་ལ།] མ་ཧཱ་སུ་ཁ་ཛྙཱ་ན་ཨ་ཨཱ༔ [ཞེས་འཁྱུད་རྒྱ་བྱ།] དེ་ལྟ་ན་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་

p. 644

ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །[ཞེས་ཤེར་དབང་གི་རྟོགས་པ་བསྐྱེད།] བླ་མ་ཧེ་རུ་ཀའི་ཞལ་ནས་སྐྱེ་མེད་རྡོ་རྗེའི་ཚིག་གིས་རང་བྱུང་དོན་གྱི་དགོངས་པ་ངོ་སྤྲད་དེ་དབུགས་ཕྱུངས་པར་[མོས་ལ།] ཨཿ ཀ་དག་དབྱིངས་ནི་ཤེལ་ལྟ་བུ༔ ལྷུན་གྲུབ་རིག་པ་འཇའ་ཚོན་བཞིན༔ དབྱིངས་རིག་ཟུང་འཇུག་རྫོགས་པ་ཆེ༔ ཡེ་ཤེས་རྡོ་རྗེའི་་དབང་ཐོབ་ཤོག༔ སརྦ་ཀྲོ་དྷ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ༔ [ཞེས་བློ་འདས་ཁྱབ་བརྡལ་ཆེན་པོའི་དགོངས་པ་ལ་མཉམ་པར་བཞག །]དེ་ལྟ་ན་འོད་གསལ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །ཨ་ཏི་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། [ཞེས་དབང་བཞི་པའི་རྟོགས་པ་བསྐྱེད། རྗེས་ནི།] གཙོ་བོས་ཇི་ལྟར་[སོགས་ཀྱིས་དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ་དང་།] དེང་ནས་བརྩམས་ཏེ་[སོགས་ཀྱིས་ལུས་ལོངས་སྤྱོད་དབུལ་ཞིང་དགེ་བ་བསྔོ། ཆོ་གའི་རྗེས་ཀྱི་བྱ་བ་རྣམས་གཞུང་བཞིན་བྱའོ། །ཚུལ་འདི་ནི་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བ་རྣམས་ནས་ལམ་དུས་ཀྱི་དམ་ཚིག་གསོ་ཞིང་ཡེ་ཤེས་སྤེལ་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན་ལ། མོས་ལྡན་

p. 645

གྱི་སྐྱེ་བོ་རྩ་བའི་དབང་བསྐུར་གྱི་ཆ་རྐྱེན་མ་འབྱོར་ཞིང་སྤྲོས་པས་མ་ལྕོགས་པ་རྣམས་ལ་འདི་ཁོ་ན་བསྐུར་བས་ཀྱང་ལམ་ལ་ངེས་པར་འཇུག་རུང་གི་སྐལ་བ་ཅན་དུ་འགྱུར་བ་ཡིན་ནོ། །མཆོག་གསང་བཀའ་འདུས་སྨན་གྲོལ་བདུད་རྩིའི་རྒྱུན། །སྔོན་མེད་ལེགས་བཤད་ཡུར་བར་དྲངས་འདི་ལས། །སྐལ་བཟང་ཐར་པའི་ཞིང་ས་རབ་བརླན་ཏེ། །དོན་གཉིས་ཕྲན་ལས་འབྲས་བཟང་གཡུར་ཟ་ཤོག །ཅེས་པའང་རང་ལོ་ལྔ་བཅུ་ང་གཅིག་ཏུ་སོན་པ་ཤིང་ཕོ་རྟའི་ལོ་སྟོན་ཟླ་འབྲིང་པོའི་ཡར་ཚེས་དགེ་བ་ལ་བླ་བྲང་ཆེན་པོ་ཀུན་བདེ་གླིང་གི་ཚོམས་ཆེན་ཉི་འོད་ཀུན་གསལ་འདོད་འཁྱིལ་དུ་ཚུལ་འདིའི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་ཆེན་བཙུགས་པའི་སྐབས་སུ་ཉེར་མཁོར་གྱུར་ཏེ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྩ་བའི་དབང་གཞུང་ལས་དོན་གྱི་བཅུད་ཕྱུངས་ཏེ་འཇུག་བདེའི་ངག་འདོན་དུ་བསྡེབས་པ་ལས་ཡི་གེ་པ་ནི་ཀུན་སྤངས་རྣལ་འབྱོར་གྱི་དབང་ཕྱུག་ཁྲོ་རྒྱལ་རྡོ་རྗེས་སོ། །འདིས་ཀྱང་ལམ་འདིའི་ཕྲིན་ལས་མཁའ་ཁྱབ་ཏུ་རྟག་པའི་རྒྱུར་གྱུར་ཅིག། །།] སརྦ་དཱ་མངྒ་ལཾ།། །།

དཔལ་བཀའ་འདུས་ཀྱི་ཕྲིན་ལས་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་ཡེ་ཤེས་རབ་འབར།

p. 646
p. 647

༄༅། །དཔལ་བཀའ་འདུས་ཀྱི་ཕྲིན་ལས་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་ཡེ་ཤེས་རབ་འབར་ཞེས་བྱ་བ་བཞུགས་སོ། །

p. 648

ཨོཾ་སྭསྟི། བླ་མ་མཆོག་དང་དབྱེར་མེད་ཧེ་རུ་ཀ ། སྤྱི་དཔལ་ཆེ་བའི་མཆོག་དེར་གུས་བཏུད་ནས། །རྣམ་མང་ཕྲིན་ལས་མྱུར་སྒྲུབ་བསྲེག་བླུགས་ཀྱི། །ཆོ་གའི་ལས་རིམ་དག་གསལ་ཁྲིགས་སུ་སྤེལ། །[དེ་ཡང་དཔལ་ཆེན་བཀའ་འདུས་རོལ་པའི་དཀྱིལ་འཁོར་ལ་བརྟེན་ནས་ཕྲིན་ལས་མྱུར་འགྲུབ་བསྲེག་བླུགས་ཀྱི་ཆོ་ག་ཟབ་མོ་བསྒྲུབ་པའི་ཚུལ་ལ་གཉིས་ཏེ། ཞི་བ་དང་། རྒྱས་པའོ། །སྔ་མ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་ནི། དུས་ར་བ་བཞིའི་ཡར་ངོའི་ཚེས་གཅིག་ལ་སོགས་པའི་སྔ་དྲོའི་ཆར། གང་དུ་བྱ་བའི་གཞི་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བསྔོ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་བདག་པོའི་སྔགས་ཀྱིས་སྦྱོང་བ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་

p. 649

དམ་པའི་སྦྱོང་བ་ཙམ་བྱས་རྗེས། བཀྲ་ཤིས་པའི་ས་ལས་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་། དཔངས་སུ་ཁྲུ་ཕྱེད་པ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བཞི་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། མུ་རན་ལ་མེ་རི་གཡས་བསྐོར། ཐབ་དབུས་སུ་རྡོ་རྗེ་དཀར་པོ་སོར་བརྒྱད་པའི་ཚད་ཅན་རྩེ་མོ་ཤར་དུ་ཕྱོགས་པས་མཛེས་པ། ཐབ་སྟེགས་ཀྱི་སྟེང་ཕྱི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། བྲིས་ཐབ་ཏུ་བྱེད་ན་སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་སྟེ་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་གིས་ཟླུམ་པོར་བསྐོ ར་བའི་ཕྱི་རོལ་སོར་བཞི་པའི་ཚད་ཀྱི་མཆུ་དང་ཁ་ཁྱེར་བསྐོར་ལ། དབུས་སུ་རྡུལ་ཚོན་གྱིས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་དཀར་པོ་རྃ་ཡིག་གིས་མཚན་པ། པདྨའི་ཕྱི་སྐོར་གྱི་ཟླུམ་སྐོར་བར་མར་

p. 650

མེ་རི་དཀར་པོ་གཡས་བསྐོར་དུ་འབར་བ་དང་། ཕྱི་མར་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བཅས་བྲི། དེར་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་བུད་ཤིང་ཟླུམ་པོས་ཁྲུ་གང་ཙམ་དུ་ཟླུམ་པོར་བརྩིགས་པའི་ནང་གི་ཤར་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་སྟེགས་དང་གཡོན་དུ་རྫས་སྟེགས་གཉིས་ཀ་དར་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་དང་། མདུན་དུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཉེར་སྤྱོད་གཉིས་བཅས་ཕྲེང་ཚར་དུ་བཀོད། རྫས་སྟེགས་སུ་བལ་དཀར་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བ་སྣེ་གཉིས་མར་དང་སྦྲང་རྩིས་ཉུག་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་ཕྱེ་འོ་མར་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དུརྦ། ཀུ་ཤ་རྣམས་དང་། དར་དཀར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་མེ་དར་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་

p. 651

ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་དཀར་པོ་བགོས་ཏེ་ཞི་ཞིང་དེས་པའི་སེམས་ཀྱིས་ཀུ་ཤ་སོགས་གཙང་མའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཤར་དུ་ཕྱོགས་པར་འཁོད་དེ་བདག་གི་རྣལ་འབྱོར་གནས་པས། ལས་བུམ་བསྒྲུབ་པའམ་བསང་གཏོར་རྣམས་བདུད་རྩི་ཉིད་ཀྱིས་བྱས་ཀྱང་རུང་། སྒྲུབ་མཆོད་དང་འབྲེལ་བའི་ཚེ།] ཨོཾ་བཛྲ་ཀྲོ་ངྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ་ཕཊ་ཛཿ [ཞེས་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྤྱི་དཔལ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ཤིང་། རྡོར་དྲིལ།] ཨ་མྲྀ་ཏ[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མཧཱ་བཛྲ་ཧཱུྃ༔ [ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།] ཨོཾ་བཛྲ་གཎྜེ་ཨཱཿ [ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།] ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ༔ [ཞེས་པད་སྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་ལ་བློ་བཞག །དགང་བླུགས་སྔར་བཞིན་བསང་སྦྱང་།] སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་དགང་གཟར་བླུགས་མཚན་ཉིད་

p. 652

ཐམས་ཅད་དང་ལྡན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་[པར་བསམ། ཕྱི་ནང་གི་མཆོད་རྫས་རྣམས་བསང་སྦྱངས་ཏེ་བྱིན་གྱིས་བརླབ་པ་ལས་བྱང་ལྟར་བྱ། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་།] ཨོཾ་སྭཱ་ཧཱ། [ཡམ་ཤིང་ལ།] ཨོཾ་ཨཱ་སྭཱ་ཧཱ། [ཞུན་མར་ལ།] ཨོཾ་ཤྲཱི་སྭཱ་ཧཱ། [འབྲུ་རྣམས་ལ།]ཨོཾ་ཛྲིཾ་སྭཱ་ཧཱ། [རྫས་གཞན་རྣམས་ལ།] ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་[བསམ་ལ།] ཨོཾ་བི་མ་ལ་ཨགྣ་ཡེ་སྭཱཧཱ། [ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། དེ་ནས་བཀྲ་ཤིས་པའི་གནས་ལས་བྱུང་བའི་མེ་དུ་བ་མེད་པ་གཡས་སུ་བསྐོར་ཏེ།] ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ༔ [ཞེས་ཐབ་ཀྱི་ཤར་ལྷོ་ནས་བཅུག]ཧཱུྃ་ཧཱུྃ་ཧཱུྃ༔ [ཞེས་རླུང་གཡབ་ཀྱིས་མེ་སྦར་ཞིང་།]ཧཱུྃ་[ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུའི་

p. 653

ཐིག་པས་ཀྱང་གསོ། དེ་ནས་ཀུ་ཤ་སྔོ་ལྗང་དྲིམ་མེད་པ་ལས་བུམ་གྱི་ཆུས་བྲན་ཏེ།] ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་བིགྷྣཱན་ན་ཤ་ཡ་ཧཱུྃ་ཕཊ༔ [ཅེས་བསང་ལ།] ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། སྭཱཧཱ། [ཞེས་ཀུ་ཤ་ཐབ་ཀྱི་གཡས་བསྐོར་དུ་བཀྲམ་ཞིང་སླར་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ ། གཉིས་པ་ལ། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འདས་པའི་མེ་ལྷ་མཆོད་པ་གཉིས་ཀྱི། །དང་པོ་ནི། ཐབ་བསང་སྦྱང་།] སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཐོ་དཀར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་

p. 654

ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། [དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ།] དེའི་སྤྱི་བོར་ཨོཾ་དཀར། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀླུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་[བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་།] ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེགས་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨ་གཙྪ་ཡ༔ མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། [ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བགེགས་བསྐྲད།] ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ [ལྕགས་ཀྱུའི་ཕྱག་རྒྱས་དགུག །] ཨོཾ་བཛྲ་པཱ་ཤ་ཧཱུྃ། [ཞགས་པའི་ཕྱག་རྒྱས་གཞུག །]ཨོཾ་བཛྲ་སྥོ་ཊ་བ། [ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱས།] ཨོཾ་བཛྲ་གྷཎྜེ་ཧོཿ [དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད།] སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས༔ མི་

p. 655

གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག༔ ཨོཾ་སྭ་བྷཱ་ཝ་ཤུངྔྷོ༔སྭཱ་ཧཱ༔ བདག་ཅག་མེ་ཏོག་སྤོས་རབ་དང་༔ སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ[ནས།] ཤཔྡའི་[བར་གྱིས་མཆོད།]ཧཱུྃ༔ གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྩོལ་མཛད་པའི༔ བདག་གཞན་དོན་གྲུབ་ས་ལ་བཞུགས༔ འཛིན་བྱེད་མེ་ལྷ་ཉིད་ལ་འདུད༔ [ཅེས་བསྟོད། བུམ་ཆུས་གཏོར་ཞིང་།]ཇི་ལྟར་བལྟམས་པ་[སོགས་ཀྱི་མཐར།] ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ [ཞེས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར།] ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ༔ [ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི།] མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་[བསམ་ལ་ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས།] ཨོཾ་བིམ་ལ་ཨགྣ་ཡེ་སྭཱ་ཧཱ། [ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་

p. 656

བས་གཡས་སུ་བསྐོར་ཞིང་།] ཨོཾ་པཱ་བ་ཀ་ཨགྣ་ཡེ་[ཞེས་པའི་མཐར།] བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགའ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། [ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟགས་པས་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་བསྲུང་བ་བྱ་ཞིང་།] བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ [ཞེས་སྦྱར་བས་སྲེག་བླུགས་བདུན་ལ་སོགས་པ་འབུལ་ལོ། །དེ་ནས་རྫས་རྣམས་ལས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་དུརྦ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་དང་རིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་པས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་།] ཨོཾ་བྷོ་དྷི་བྲྀཀྵ་ཡ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ [མར་ཁུ།] ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ [ཏིལ།]ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ སྡིག་སྒྲིབ་ཞི་བ་ལ་བར་དུ་གཅོད་པ་ཐམས་ཅད༴

p. 657

[ཞོ་ཟན་ནམ་ཟས་མཆོག །]ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ [འབྲས།] ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ [ནས།] ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ༔ ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ [སོ་བ།] ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ [གྲོ།] ཨོཾ་བཛྲ་གྷ་སྨ་རི་ཡ་སྭཱ་ཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ [སྲན་མ།] ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ༔ སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ [དུརྦ།] ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ [ཀུ་ཤ།] ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ལ་བར་དུ་གཅོད་པ་ཐམས་ཅད༴ [དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར།] ཨ་ཀཱ་རོ[འི་སྔགས་ལན་གསུམ་གྱིས་གཏོར་མ་བསྔོ། བསྟོད་པ་ནི།] ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ༔ རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ༔ ཉོན་

p. 658

མོངས་སྲེག་པའི་ཤེས་རབ་འོད༔ བསྐལ་པའི་མེ་བཞིན་གཟི་བརྗིད་འབར༔ མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན༔ ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས༔ བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་༔ བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ༔ ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད༔ འཇིག་རྟེན་གནས་ཀྱང་མྱ་ངན་འདསཿ ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ༔ དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ [ཅེས་བསྟོད། ཡིག་བརྒྱ་བརྗོད་པས་ནོངས་པ་བཤགས་ལ།] ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། [ཞེས་འདོད་དོན་གསོལ།] ཨོཾ་ཨཱཿཧཱུྃ་མུཿ[ས་]ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་[བསམ་མོ། །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཅུང་ཟད་ཁ་གསོས་ལ་བསང་སྦྱང་།] ཧཱུྃ༔ དམ་ཚིག་མེ་ལྷའི་ལྟོ་བ་འབྱམས་ཀླས་དབྱིངས། །རང་བྱུང་ལྷུན་གྲུབ་རིན་ཆེན་གཞལ་ཡས་ཁང་། །

p. 659

ཕྱི་ནི་རིན་ཆེན་སྣ་ལྔའི་རྩིག་པས་མཛེས༴ [སོགས་དང་།] རུ་ཏྲ་ཏི་ར་བཾ༔ [ཞེས་པའི་བར་གྱིས་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། སྐབས་འདིར་སྦྱིན་སྲེག་རྐྱང་པའི་ཚེ་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་བྱེད་པ་ཡིན་ཅིང་། སྒྲུབ་མཆོད་དང་འབྲེལ་བའི་སྐབས།] ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ [ཞེས་སོགས་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་སྔགས་བཟླ་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་ལྷན་ཅིག་གཙོ་འཁོར་སོ་སོའི་བསྐྱེད་སྔགས་བརྗོད་པའི་མཐར།] ཧཱུྃ༔ དབུས་ཕྱོགས་དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ༔ ཀུན་ཏུ་འཆང་བ་སྤྱི་དཔལ་ཆེ་བའི་མཆོག༔ སྐུ་མདོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག༔ [ཅེས་སོགས་ནས།] སྣང་སྟོང་ཟུང་འཇུག་འཇའ་ཚོན་ལྟ་བུར་གསལ༔ [ཞེས་པའི་བར་གྱི་སྔགས་རྣམས་དོར་བས་ལྷ་ཚོགས་གསལ་གདབ། གང་ལྟར་ཡང་མཆོད་བསྟོད་བར་ལས་བྱང་གི་དཀྱུས་བཞིན་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ།] དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པ་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་[ཞེས་སོགས་འདོན་པ་སྤོས་ལ་ཞི་ཁྲོ་ཡོངས་འདུས་སམ་གཙོ་སྔགས་ཀྱིས་དགང་ཞིང་ཁྲོ་བོ་སྤྱི་

p. 660

སྔགས་ཀྱིས་འབུལ། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་ཞི་ཁྲོ་སྤྱི་སྔགས་ཀྱིས་ཐུན་མོང་ངམ། ཞི་བ་དང་ཁྲོ་བོ་སོ་སོའི་སྔགས་ལན་རེའི་མཐར་རྫས་སྔགས་ཀྱིས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་ཕུལ་མཐར་སྤེལ་ཚིག་གོང་ལྟར་སྦྲེལ། ཚུལ་དེ་ལྟ་བུས་བརྒྱའམ་སུམ་ཅུ་ཉེར་གཅིག་སོགས་སྐབས་དང་སྦྱར་ཏེ་ཕུལ། རྫས་རྣམས་རྫོགས་ཏེ་ལས་བཅོལ་བ་ནི།] ཧོཿ བཅོམ་ལྡན་འདས་ཁྲག་འཐུང་སྤྱི་དཔལ་ཞི་ཁྲོ་འདུས་པའི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་དཔོན་སློབ་[སོགས་གོང་བཞིན་འདོད་དོན་གསོལ་བས།]ལྷ་རྣམས་ཀྱིས་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་ནད་གདོན་ལ་སོགས་པའི་ཉེས་པ་ཐམས་ཅད་དག་ཅིང་ཞི་བར་[བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར།] ཨོཾ་བཛྲ་ཝ་སྟྲ་ཡ་སྭཱཧཱ༔[ཞེས་གོས་ཟུང་དང་།] ཨོ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ༔ [ཞེས་སོ་རྩི་འབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤློ་ཀ་གཅིག་གིས་བསྟོད།] མ་རྙེད་ཡོངས་སུ་མ་ཚང་དང་། [སོགས་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས།] ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། [ཅེས་སོགས་ནས།] བཛྲ་མུཿ[ཞེས་སེ་གོལ་གྱི་སྒྲས་ཡེ་ཤེས་བ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་མཆོད་དང་

p. 661

འབྲེལ་བའི་ཚེ།] དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་[བསམ་ཞིང་མཎྜལ་མེ་ཏོག་གིས་མཚོན་པར་སྒྲུབ་དཀྱིལ་གལ་བར་སྤྱན་དྲངས།] གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་[བསམ་མོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་།]བཛྲ་ས་མཱ་ཛཿ[ས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས།] ཛཿཧཱུྃ་བཾ་ཧོཿ[ས།]དམ་ཚིག་པ་དང་དབྱེར་མེད་དུ་གྱུར་[པ་ལ་སྔར་བཞིན་དགང་བླུགས་དང་ཡམ་ཤིང་ལ་སོགས་པའི་སྲེག་རྫས་ལྷག་མ་རྣམས་སོ་སོའི་སྔགས་མཐར།] ཨོཾ་པཱ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས༔ རྫས་དང་ཡོ་བྱད་མ་ཚོགས་པ་དང་༔ ཏིང་འཛིན་མ་གསལ་བ་དང་༔ ཆོ་ག་ལྷག་པ་དང་༔ ཉམས་པ་དང་༔ ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱནྟིཾ་ཀུ་སུ་སྭཱ་ཧཱ༔ [ཞེས་སྦྱར་བས་འབུལ། གོས་ཟུང་དང་སོ་རྩིའང་གོང་གི་སྔགས་ཀྱིས་ཕུལ་མཐར།] པུཥྤེ་[སོགས་ཉེར་སྤྱོད་ལྔས་མཆོད།] མེ་སྟེ་བསྲེགས་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །[ཞེས་བསྟོད།] ཨ་ཀཱ་རོ[ས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་དབུལ་ཞིང་།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། [སོགས་ཀྱིས་ཕྲིན་ལས་

p. 662

བཅོལ།]མ་རྙེད་ཡོངས་སུ་[སོགས་ཀྱིས་ནོངས་པ་བཤགས།] བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཿ [ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམ་ཞིང་། དགེ་བའི་རྩབ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤེས་པ་བརྗོད་པས་མཐའ་རྒྱས་སུ་བྱ། མེ་རང་ཞིར་གཏོང་བའམ་དྲི་བཟང་གི་ཆུས་གཞིལ་ཐལ་སོལ་རྣམས་རྒྱ་མཚོར་འབབ་བའི་ཆུ་བོ་ཆེན་པོར་བསྐྱལ་ལོ། །]༈ ། [གཉིས་པ་རྒྱས་པའི་སྦྱིན་སྲེག་གི་ཁྱད་པར་ནི། དུས་རབ་བཞིའི་ཡང་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་ས་བཟང་པོ་སོགས་དཔལ་ཅན་གྱི་ས་ལས་བསྐྲུན་པའི་ཐབ་སྟེགས་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་གང་བ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བརྒྱད་དོར་བའི་རྒྱར་དབངས་སོར་བརྒྱད་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ། མུ་རན་ལ་མེ་རི་གཡས་བསྐོར། ཐབ་དབུས་སུ་སོར་དྲུག་པའི་རིན་པོ་ཆེ་སེར་པོས་མཚན་པ། བྲིས་ཐབ་ཏུ་བྱེད་ན་སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་

p. 663

སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུའམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བ་རེ་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག ། གཏོར་མའི་རྒྱུ་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་དབྱིབས་གྲུ་བཞི་པད་འདབ་ཅན། ཡམ་ཤིང་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་བཟང་དང་མངར་གསུམ་མར་ཁུས་སྦགས་པ། བསྲེག་རྫས་ཞི་བ་དང་མཚུངས་པ་ལས་བིཝ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དང་དར་གོས་སེར་པོའི་རིགས། སྣོད་དང་རྫས་ཐམས་ཅད་དབྱིབས་གྲུ་བཞི་ཁ་དོག་སེར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ལ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་པས་འཁོད་ནས་ལས་རིམ་ལ་འཇུག །མེ་རྒྱལ་རིགས་ཀྱི་ཁྱིམ་དང་རྩུབས་ཤིང་ལས་བྱུང་བས་སྤར། ཕྲིན་ལས་ཞི་བའི་སྐབས་ཁོ་ན་ལྟར་ལས། ཐབ་བསྐྱེད་སྐབས།] སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་རྒྱ་དཔངས་སོགས་

p. 664

མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་སེར་པོ་ལས་དབྱུག་ཐོ་སེར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་སེར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་སེར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་པ་དང་པོས་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དྲང་སྲོང་གི་ཚོགས་ཀྱིས་[སོགས་སྔར་ལྟར་དང་། མ་མ་ཤཱནྟིཾ་ཀུ་རུའི་མལ་དུ།] མ་མ་པུཥྚིཾ་ཀུ་རུ་ཨོཾ༔ [ཞེས་དང་། ཞི་བའི་མལ་དུ་རྒྱས་པ་ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་། སྤེལ་ཚིག་སྐབས།] ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ཞས་མཛད་དུ་གསོལ། [ཞེས་དང་།]གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ [ཞེས་པར་འགྲེས་སྦྱར།] འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་[སོགས་གོང་ལྟར་ལ།] བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་དུ་གསོལ། [ཞེས་སྦྱར། འདས་པའི་དགང་བླུག་སྐབས།]

p. 665

དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་བྷཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་[ཞེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ།] ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་[བསམ། རྗེས་མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བར་འོ་ཐུག་སྒྲུབ་ན་དེའི་ལག་ལེན་ནི་སྤྱི་ལྟར་ཤེས་པར་བྱའོ། །མི་འགྱུར་བདེ་ཆེན་དགྱེས་པའི་ཞལ་གྱི་སྒོ། །བསྲེགས་བླུགས་བདུད་རྩིས་མཉེས་བྱེད་ཆོ་གའི་ཁྲིགས། །བརྗོད་པ་འདིས་ཀྱང་ཕྲིན་ལས་འདོད་པ་རྒུ། །བདེ་བླག་ཉིད་དུ་འཇོ་བའི་གཞིར་གྱུར་ཅིག ། ཅེས་དཔལ་བཀའ་འདུས་ཀྱི་ཕྲིན་ལས་སྦྱིན་སྲེག་གི་ཆོ་ག་བདེ་ཆེན་ཡེ་ཤེས་རབ་འབར་ཞེས་བྱ་བ་འདིའང་། སྒྲུབ་པ་ཆེན་པོའི་ལས་རིམ་སོགས་ལ་ཉེ་བར་མཁོ་བར་མཐོང་ནས་བདེ་གཤེགས་འདུས་པའི་གཞུང་ལ་བརྟེན་ཅིང་ལག་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྣམ་འགྱུར་གྱི་ལོ་མགོ་ཉ་བའི་ཤེས་རབ་ཀྱི་ཕྱོགས་ལ་རིག་འཛིན་དགའ་

p. 666

བའི་ཚལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ཡེ་ཤེས་ཆོས་ལྡན་གྱིས་བགྱིས་པའོ། །འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག ། སརྦ་དཱ་མངྒ་ལཾ།། །།]

སྒྲུབ་ཆེན་གྱི་གཏོང་ཐུན་སྤྱི་ཁྱབ་ལྷའི་ཏམྦུ་རའི་དབྱངས་སྙན།

p. 667

༄༅། །སྒྲུབ་ཆེན་གྱི་གཏོང་ཐུན་སྤྱི་ཁྱབ་ལྷའི་ཏམྦུ་རའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །

p. 668

ཨོཾ་སྭསྟི། [སྒྲུབ་པ་པོ་རྣམས་གནས་སུ་འགོད་པའི་སྐབས་སུ་བབས་པ་ན་རྡོ་རྗེ་རྒྱལ་ཚབ་བམ་རྒྱལ་ཐེབས་ཀྱིས་གཙོ་བོས་གསལ་དག་བརྡ་དོན་འཕྲོད་པའི་སྒོ་ནས་འདི་སྐད་ཅེས་བྱ་སྟེ།]དེང་བཀྲ་ཤིས་པའི་དགེ་མཚན་རབ་ཏུ་འཆར་བའི་དུས་ཀྱི་ཆར། དཔལ་ཆེན་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་གནང་བ་ལ། ཇི་སྐད་དུ། གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། རྒྱུད་དོན་གསང་བའི་སྒྲུབ་ཆེན་ལ། །བཞི་སྟེ་ཕུན་སུམ་ཚོགས་གཞི་བཟུང་། །སྟ་གོན་རིམ་པས་སྒྲོམ་དུ་གཞུག །དངོས་གཞི་བསྙེན་སྒྲུབ་གཞུང་བསྲང་སྟེ། །མཐའ་རྒྱས་ཆོ་གས་རྗེས་བསྐྱང་ངོ་། །ཞེས་གསུངས་པ་ལྟར། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། སྔོན་འགྲོ་སྟྭ་

p. 669

གོན་གྱི་རིམ་པས་སྒྲུབ་པ་སྒྲོམ་དུ་གཞུག །བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་། ལས་མཐའ་རྒྱས་ཀྱི་རིམ་པས་སྒྲུབ་པའི་རྗེས་བསྐྱང་བ་རྣམས་སུ་ཡོད་པ་ལས། ཐོག་མར་ས་བརྟག་བསླང་སྦྱོང་ཞིང་ཕྱི་ནང་གསང་བའི་མཚམས་བཅད། དཀྱིལ་འཁོར་བྲི་ཞིང་རྒྱན་འགོད་པ་སོགས་སྔོན་དུ་སོང་ནས། ད་ལམ་རྒྱལ་བའི་གདུང་འཛིན་སྟོན་པ་རྡོ་རྗེ་རྒྱལ་པོ་ལ་སོགས་པ་རིག་འཛིན་འདུས་པའི་ཚོམ་དུ་ཐམས་ཅད་གསང་བ་ཟབ་མོའི་དཀྱིལ་འཁོར་འདིར་ལྷག་པའི་ལྷ་དང་གཉིས་སུ་མེད་ཕྱིར་རང་རང་གི་ལས་ལ་འཇུག་པར་མངའ་གསོལ་ཏེ་ཆེ་བ་བསྐྱེད་པར་བགྱིད་པ་སྐབས་སུ་བབས་པ་སྟེ། དེ་ཡང་གནས་ཕུན་སུམ་ཚོགས་པ་སྤྱིར་བསྐལ་

p. 670

བཟང་སྒྲོན་མེ་སྟོང་ཕྲག་གཅིག་གིས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞིང་ཁམས་ཁྱད་འཕགས་ལྷོ་རྒྱལ་འཛམ་བུ་གླིང་གི་ནང་ཚན་ཡུལ་ཆེན་ཉེར་བཞིའི་གཙོ་བོ་བོད་ཡུལ་ཁ་བ་ཅན་གྱི་ལྗོངས། འཕགས་མཆོག་ཕྱག་ན་པདྨོའི་འདུལ་ཞིང་། བྱེ་བྲག་སློབ་དཔོན་སངས་རྒྱས་གཉིས་པས་བྱིན་གྱིས་བརླབས་པའི་སྦས་ཡུལ་ཆེན་པོ་བཅུ་དྲུག་གི་ཡ་གྱལ་བདེ་ཆེན་པདྨ་རྣམ་པར་བཀོད་པའི་གྲོང་ཁྱེར་རྡོ་རྗེ་ཕག་མོ་ཀླུ་འདུལ་མའི་སྐུའི་བཀོད་པ་ལས་ཕྱག་གཡས་སྡིག་པ་འཛིན་པ་ཀོང་ཡུལ་ལྗོན་པའི་ལྗོངས་ཀྱི་ཐིག་ལེ་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་འོག་མིན་པདྨ་འོད་ཀྱི་གཞལ་མེད་ཁང་གཉིས་པ་ག་ལ་བར། དུས་ཕུན་སུམ་ཚོགས་པ་རབ་རྒྱལ་ལྕགས་ཡོས་ས་ཟླ་ཕྱི་མའི་ཡར་ངོ་། བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པ་ལུམྦི་ནིའི་སྐྱེད་ཚལ་དུ་བལྟམས་པ་དང་། རྡོ་རྗེ་གདན་དུ་མངོན་པར་སངས་རྒྱས་པ་དང་། རྩྭ་མཆོག་གྲོང་དུ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་འཛོམ་དུ་མ་ཟད་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་ཨོ་རྒྱན་རྒྱལ་བློན་རྣམས་ཀྱིས་གསོན་བསྲེག་གི་སྦྱོར་བས་ཐོ་བརྩམས་པ་ན་མེ་དཔུང་མཚོར་བསྒྱུར་བའི་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བས་རྒྱལ་ཁམས་ཆོས་ལ་བཀོད་དེ་སྲས་མཆོག་པདྨ་རྒྱལ་པོ་ཞེས་པའི་མཚན་གྱི་དྲིལ་ཆེན་ས་གསུམ་སྐྱེ་

p. 671

རྒུའི་རྣ་བའི་བཅུད་ལེན་དུ་བསྒྲགས་པར་མཛད་པའི་དུས་ཀྱི་ཆར། ཡོ་བྱད་ཕུན་སུམ་ཚོགས་པ་ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་པ་ལྟར། འཚོ་བ་ཟས། རྐྱེན་ཟློག་སྨན། སྒྲུབ་པ་རྫས། མཆོད་པའི་ཡོ་བྱད་སྤྱི་དང་བྱེ་བྲག་མཐའ་དག་གཙང་ཞིང་མ་ཚང་བ་མེད་པ། སྒྲུབ་པ་པོ་སྟོན་འཁོར་ཕུན་སུམ་ཚོགས་པ། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཛིན་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བརྟེན། །ཞེས་ལྟ་བ་ཏིང་ངེ་འཛིན་སྤྱོད་པའི་མཛོད་ཡོ་ག་གསུམ་ལ་མཁས་པའི་དོན་དང་ལྡན་ཞིང་ཕན་ནུས་ཟབ་མོའི་དབང་ཆུ་རྫོགས་པ། གསང་བའི་གཉེར་ཐུབ་ཅིང་རྒྱུད་ཀྱི་དངོས་པོ་བཅུ་ལ་མཁས་པ། སྒྲུབ་པའི་ལས་རིམ་ལ་མ་རྨོངས་ཤིང་མན་ངག་ཉམས་མྱོང་དང་ལྡན་པ། འཁོར་ཡང་རྒྱུད་རྒྱལ་གསང་བ་སྙིང་པོ་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པའི་དོན་དང་ལྡན་ཅིང་། སྣོད་ཀྱི་སྐྱོན་གསུམ་བྲལ་ལ་ཡོན་ཏན་ལྔ་པོས་རྒྱུད་ཕྱུག་

p. 672

པ། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་གསང་སྔགས་གསར་མ་ལས་ཆེ་བ་དྲུག་གི་འཕགས་པ་སྔ་འགྱུར་རྙིང་མ། དེ་ལའང་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་གཉིས་ལས་ཟབ་མོ་གཏེར་གྱི་ཕྱོགས། རྒྱུད་ལུང་མན་ངག་རྒྱ་མཚོའི་ཉིང་ཁུ་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མར་ཡོངས་སུ་གྲགས་པ་ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱལ་མཚོ་ཞེས་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོའི་རྣམ་རོལ་གཏེར་སྟོན་ཆེན་པོ་ཨོ་རྒྱན་གླིང་པས་ཡར་ལུང་ཤེལ་བྲག་པདྨ་བརྩེགས་པ་ནས་སྤྱན་དྲངས་པར་མཛད་པ་ཉིད་སླར་ཡང་བཀའ་བབས་བདུན་གྱི་ཤིང་རྟ་གངས་ཅན་མཁས་གྲུབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་ཉེ་བརྒྱུད་དུ་བཀའ་བབས་པའི་ཟབ་ཆོས་གཞན་ལས་དགོས་པ་ཁྱད་པར་འཕགས་པའི་ངོ་མཚར་ཤིན་ཏུ་ཆེ་བ་ཉིད་དེ། གསང་སྙིང་ལས། གནས་དང་ལོངས་སྤྱོད་ཅི་བདེ་དང་། མ་ཉམས་བློ་ནི་རབ་ལྡན་པས། །དང་པོར་དམ་ནོས་བཞིན་དུ་བྱ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེའི་གསང་མཆོག་དམ་པ་ཐོབ། །ཅེས་པ་ལ་སོགས་ཇི་སྐད་གསུངས་པ་མཐའ་དག་ལེགས་པར་ཚོགས་ཏེ་སྒྲུབ་པའི་ལས་རིམ་དངོས་ལ་འཇུག་པའི་སྐབས་སུ་ལགས་ན། དཀྱིལ་

p. 673

འཁོར་ཀུན་གྱི་ཁྱབ་བདག་སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་རིག་འཛིན་འདུས་པ་རྒྱ་མཚོའི་མགོན་དུ་བཞུགས་ཏེ་ཏིང་འཛིན་ཟབ་མོའི་དགོངས་པ་ལས་ནམ་ཡང་གཡེལ་བ་མེད་པས་བྱིན་གྱིས་རློབ་པ་དང་། འདུས་པ་རྣམས་ལ་གང་ལ་གང་འཚམས་པའི་བསླབ་བྱ་དུས་ལས་མི་ཡོལ་བར་སྐྱོང་བའི་བཀའ་དྲིན་མཛད་པར་ཞུ། རྡོ་རྗེ་རྒྱལ་ཚབས་དང་རིགས་བཞིའི་རྒྱལ་ཐེབས་རྣམས་ཀྱིས་དམ་ཚིག་དང་ལྟ་སྤྱོད་ཀྱི་གནད་སྟོན་པ་དང་ཕྲིན་ལས་ཀྱི་གཞུང་སྲོང་བ་སོགས་སྔགས་ཀྱི་བྱ་བ་ཕལ་མོ་ཆེ་ལ་དབང་བསྒྱུར་ནས་སློབ་དཔོན་གྱི་གྲོགས་དན་མཛད་པར་ཞུ། རྡོ་རྗེ་གཟུངས་མས་ཁོག་ཡངས་ཆགས་སྡང་མིག་སེར་མེད་པར་ཏན་གན་གྱི་སྦྱོར་བ་ཟབ་མོས་བདེ་ཆེན་ཡེ་ཤེས་སྐྱེད་པའི་སྒྱུ་ཐབས་ལ་མཁས་པར་ཞུ། རྡོ་རྗེ་ལས་པས་སྒྲུབ་རྫས་མཆོད་པ་མཆེད་ལྕམ་ཐམས་ཅད་ཀྱི་བསྙེན་བཀུར་ཡོ་བྱད་སོགས་གང་ཡང་རྒྱུ་དངོས་དག་ཅིང་གཙང་སྦྲ་དང་ལྡན་པ་ཆགས་ཐོགས་མེད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལ་དབང་བསྒྱུར་བ་ལྟ་བུར་མཛད་པར་ཞུ། རྡོ་རྗེ་གིང་པས་ལས་ཀྱི་ཁྲོ་བོའི་ང་རྒྱལ་ལ་གནས་པས་དྲག་པོའི་ལས་སྔགས་སྲུབ་དབར་གང་བྱུང་དུ་བཟླ་བ་དང་བར་གཅོད་དམ་སྲི་འདུལ་བའི་སྟངས་སྟབས་དང་ཏིང་འཛིན་ལ་མཁས་པར་ཞུ། རྡོ་རྗེ་མཚམས་པས་སྒྲུབ་

p. 674

ཁང་དུ་མཆེད་ལྕམ་དམ་ཚིག་མི་གཅིག་པ་སོགས་དངོས་གྲུབ་བཞུད་པར་བྱེད་པའི་རིགས་སྡོམ་གཅོད་ཀྱིས་མཚོན་བར་ཆད་སྲུང་བ་དང་ཕྱི་ནང་བརྡ་སྦྱོར་གྱི་ལས་ལ་མཁས་པར་ཞུ། རྡོ་རྗེ་སྤྱན་པས་ཟག་མེད་ཏིང་འཛིན་གྱིས་རྟོགས་པའམ་མེད་ན་ཟག་བཅས་མངོན་ཤེས་རྟོགས་པའི་ཐབས་དང་ལྡན་པས་བར་གཅོད་དང་དངོས་གྲུབ་ཀྱི་ལྟས་བརྟག་ལ་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་ལ་བསྐུལ་མ་འདེབས་པར་ཞུ། རྡོ་རྗེ་དུས་མཚམས་པས་གཉིད་རྨུག་ལེ་ལོ་ཆུང་བས་སྒྲུབ་པའི་ནམ་ཚོད་དང་ཐུན་ཚོད་དུས་ལས་མི་ཡོལ་བར་ཞུ། རྡོ་རྗེ་ཕྱག་ཚང་པས་ཚོགས་དང་མཆོད་པའི་རྒྱུ་དངོས་ཕུད་མ་ཉམས་ཤིང་གཙང་སྦྲ་དང་ལྡན་པས་གསོལ་ཟས་དུས་ལས་མི་ཡོལ་བ་བདེ་བླག་དང་ལྡན་པར་ཞུ། རྡོ་རྗེ་བྱན་པ་ཕོ་མོས་གཙང་སྦྲ་དང་ལྡན་ཅིང་ཕུད་མ་ཉམས་པར་སྐྱེམས་འདྲེན་པའི་གོ་རིམ་དང་བྱ་བཞག་ལ་མཁས་པར་ཞུ། རྡོ་རྗེ་རྡུལ་ཕྱག་པས་སྒྲུབ་ཁང་ཕྱི་ནང་ཀུན་ཏུ་གད་བདར་བྱ་བ་དང་གང་དགོས་ཀྱི་བྱ་བ་ཕལ་མོ་ཆེ་སྒྲུབ་པ་ལ་སྒྱིད་ལུག་ཆུང་ཞིང་ཕྱིའི་ཉུལ་ལེ་སྐྲོད་པའི་གྲོགས་དན་མཛད་པར་ཞུ། དེར་མ་གཏོགས་པའི་རྡོ་རྗེའི་མཆེད་ལྕམ་གསེར་ཕྲེང་བྱིངས་ཐམས་ཅད་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་བཀའ་ལས་མི་འདའ་ཞིང་བསྐྱེད་རྫོགས་ཏིང་འཛིན་ལྟ་སྒོམ་ལ་གནས་པས་ཆོ་གའི་གཞུང་སྲོང་བ་དང་། མཆེད་ལྕམ་ཐམས་ཅད་

p. 675

གཅིག་གིས་གཅིག་ལ་བརྙས་སྨོད་ལོག་ལྟ་སོགས་སྤངས་ཏེ་དག་སྣང་སྦྱངས་ཤིང་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་རྟོགས་པའི་གདིང་དང་ལྡན་པས་ཛཔྲ་ལ་བརྩོན་པ་དྲག་པོས་སྒྲུབ་འབྲས་བདེ་བླག་ཏུ་མཐར་ཕྱིན་པར་མཛད་པར་ཞུ་བ་ལགས་པས། དེང་འདིར་སྐྱེམས་དང་བཅས་སྙན་པའི་གདངས་ཀྱིས་བསྒོ་བའི་ཚེ་ན་རང་རང་གི་ལས་བསྒྲུབ་པར་སྤྲོ་བ་ཆེན་པོའི་ངང་ནས་འདི་དག་གི་རྗེས་ཟློས་གནང་བར་ཞུ། ༈ [དཔལ་གྱི་རྟགས་གདབ་པའི་སྐབས་སུ།] ད་ལམ་འདིར་འདུས་པའི་སྒྲུབ་པ་པོ་རྣམས་དོན་གྱི་དག་པ་སྦྱར་བས་ལྷ་དང་གཉིས་སུ་མེད་པར་རྟོགས་པ་དང་། རྟགས་ཀྱི་ཕྱག་རྒྱ་བཅིངས་པས་མཁའ་འགྲོ་དམ་ཅན་ཕོ་མོ་རྣམས་ཀྱིས་སྒྲུབ་པ་པོར་ཤེས་པ་དང་། བར་ཆད་བདུད་ཀྱིས་མི་ཚུགས་ཤིང་ཐབས་ཀྱི་ཐེག་པའི་རིགས་སུ་ངེས་པའི་འབྲས་བུ་མྱུར་དུ་འགྲུབ་པ་སོགས་དགོས་པ་དུ་མ་དང་ལྡན་པའི་ཧེ་རུ་ཀ་རོལ་པ་ཆེན་པོའི་ཆས་སུ་འཇུག་པའི་སྐབས་སུ་བབས་པ་སྟེ། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། མ་འོང་དུས་ན་སྐྱེས་བུ་དག༔ དུས་གསུམ་སངས་རྒྱས་ཀུན་ངོ་བོ༔ སྐུ་གསུམ་ཕྲིན་ལས་ཆེ་བའི་མཆོག༔ ཀུན་ཏུ་བཟང་པོ་ཀུན་གྱི་བདག༔ ཧེ་རུ་ཀ་ཡི་ཚུལ་འཆང་བ༔ བརྟུལ་ཞུགས་བཟང་པོ་དེ་ལ་ནི༔ མ་རིག་ལོག་པར་ལྟ་བའི་ཚོགས༔ བདུད་བཞིའི་ཕྱོགས་སུ་གཏོགས་རྣམས་

p. 676

ཀྱིས༔ འཚེ་ཞིང་བར་དུ་གཅོད་པའམ༔ གདུག་ཅིང་འདའ་བར་ནུས་མ་ཡིན༔ ཞེས་གསུངས། དེ་ཡང་རྟགས་ཕྱག་རྒྱའི་དབང་དུ་བྱས་ན། སྔོན་དཔལ་ཆེན་པོས་ཡི་དྭགས་ཀྱི་གཙོ་བོ་དུར་ཁྲོད་བདག་པོ་མ་ཏྲཾ་རུ་ཧ་བཏུལ་ཞིང་དེའི་ཆས་རྣམས་དཔའ་བའི་རྟགས་སུ་བཞེས་པ་ལས་བྱུང་བ་ཡིན་ཅིང་། བརྡའི་དག་སྦྱོར་གྱི་དོན་ཡང་། ཡེ་ཤེས་ལྔ་པོ་དོན་དམ་སྤྲོས་བྲལ་གྱི་དབྱིངས་སུ་གཅིག་པས་ཐོད་སྐམ་ལྔའི་དབུ་རྒྱན་རྒྱུ་མའི་ཁོང་སེང་གིས་སྦྲེལ་བ། ཟབ་མོ་ཐེག་ཆེན་གྱི་དོན་སྟོན་པས་གཏི་མུག་རྨོངས་པ་སེལ་བའི་གླང་ཆེན་གྱི་ཀོ་རློན། འཁོར་བ་མི་སྤངས་པའི་སྤྱོད་པས་འདོད་ཆགས་རྩད་ནས་གཅོད་པ་ཞིང་གི་གཡང་གཞི། ཕྱིན་ཅི་ལོག་དང་བྲལ་བས་ཞེ་སྡང་གི་རྟོགས་པ་འཇོམས་པ་སྤྲུལ་གྱི་ཆུན་པོ། ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པས་ང་རྒྱལ་གྱི་རི་བོ་བསྙིལ་བ་སྟག་གི་ཤམ་ཐབས། རྒྱུ་དྲུག་འཁོར་བའི་བཅུད་ཚོགས་གཉིས་ཀྱི་གསོས་སུ་བླངས་པ་ཞག་ཆེན་གྱི་ཟོ་རིས། ཁམས་གསུམ་གྱི་ཆགས་པ་དབང་དུ་སྡུད་པ་ཁྲག་ཆེན་གྱི་ཐིག་ལེ། འགྲོ་བའི་སྐྱེ་ཤི་རྩད་ནས་གཅོད་པ་ཐལ་ཆེན་གྱི་ཚོམ་བུ། དུག་གསུམ་སྐུ་གསུམ་དུ་ལྷུན་གྱི་རྫོགས་པ་ཐོད་ཕྲེང་ཚར་གསུམ། སྟོང་པ་ཉིད་ལ་ཅིས་ཀྱང་མི་ཤིགས་པའི་རྡོ་རྗེའི་གོ་ཁྲབ། མ་རིག་རྣམ་རྟོག་གི་ནགས་ཚོགས་ཡེ་ཤེས་ཆེན་པོའི་དབྱིངས་

p. 677

སུ་སྲེག་བའི་མེ་དཔུང་བཅས་ཞིང་བཅུ་ཡོངས་སུ་སྒྲོལ་བ་དཔལ་གྱི་ཆས་བཅུ་སྟེ། ཁྲག་འཐུང་ཧེ་རུ་ཀའི་དཀྱིལ་འཁོར་འཁོར་ལོའི་གསལ་སྣང་དང་སྙེམས་པ་བརྟན་པོས་ཆས་རྣམས་མངས་གསོལ་དུ་བཞེས་པས། དུག་ལྔ་རྩད་ནས་གཅོད། སྟོབས་བཅུ་དང་མི་འཇིགས་པ་ལྡན། མ་མོ་མཁའ་འགྲོ་ཐམས་ཅད་ལ་དབང་བསྒྱུར། གདུག་པ་ཅན་ཟིལ་གྱིས་མནན། ཡི་དམ་འཁོར་ལོ་ཚོགས་ཆེན་གྱིས་ལ་མངའ་མཛད་པ་དཔལ་ཆེན་ཁྲག་འཐུང་ལྷའི་ཚོམ་བུའི་དགོངས་པ་ལས་གཡེལ་བ་མེད་པའི་ངང་ནས་འདིའི་རྫེས་ཟློས་གནང་བར་ཞུ། ༈[མར་མེ་སྨོན་ལམ་གྱི་སྐབས་སུ།] དེ་ཡང་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་དང་ནུས་སྟོབས་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་སློབ་དཔོན་ཆེན་པོ་པདྨ་ཀཱ་རའི་ཐུགས་བསྐྱེད་སྨོན་ལམ་གྱི་སྣང་ཆར་ཤར་བ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་དབང་ཕྱུག་རྒྱལ་བའི་གདུང་འཚོབ་རྣམ་འདྲེན་རྡོ་རྗེ་འཛིན་པ་ཆེན་པོས་དབུ་མཛད། གསང་བ་ཟབ་མོའི་ལམ་གྱིས་རྒྱུད་སྦྱངས་ཤིང་བསྙེན་སྒྲུབ་ཀྱི་དྲོད་རྟགས་ཚད་དུ་ཐེམས་པ། སྒྲུབ་པ་ཆེན་པོའི་ལས་རིམ་ལ་རང་བྱན་ཚུད་ཅིང་འདའ་དཀའ་རྡོ་རྗེའི་དམ་ཚིག་གཉན་པོས་སྦྲེལ་བའི་མཆེད་ལྕམ་རིག་པ་འཛིན་པའི་ཚོམ་བུ་དཀྱིལ་འཁོར་གཅིག་ཏུ་ཚོགས་པ་རྣམས་ཀྱི་སྙན་དུ་ཅུང་ཟད་

p. 678

གསོལ་བར་བགྱི་པ་ལ། གང་ཡང་བདེ་བར་གཤེགས་པའི་ཐུགས་དམ་ཐུགས་བསྐྱེད་དཔག་པར་དཀའ་བས་ནམ་མཁའི་ཇི་སྲིད་བར་གདུལ་བྱའི་དོན་སྤྱོད་པ་ལ་ཆགས་ཐོགས་མེད་པར་འཇུག་པ་ནི་ཆོས་ཉིད་ཡིན་ལ། དེ་ལས་རྡོ་རྗེའི་གསུམ་གི་གསང་བ་ཟབ་མོའི་ཆོས་ཕུང་ཇི་སྙེད་པ་གདུལ་བྱའི་མོས་བསམ་སྐལ་བ་དང་འཚམས་པར་བསྟན་པས་འགྲོ་རྣམས་ཐེག་པ་གསུམ་གྱི་བྱང་ཆུབ་ཏུ་དབུགས་དབྱུང་བར་མཛད་པ་ནི་ཕྲིན་ལས་ཀྱི་གཙོ་བོ་ཞིག་ཡིན་པ་ལས། འདིར་ནི་སློབ་དཔོན་ཆེན་པོའི་རྡོ་རྗེའི་བཀའ་ལས། རྒྱལ་བ་རྣམས་ཀྱིས་བློ་རིམ་བཞིན། །བསམ་ཡས་ཐེག་པའི་ཆོས་ཀྱི་སྒོ། །ཇི་སྙེད་གསུངས་པ་ཐམས་ཅད་ཀྱང་། །འདིར་འཇུག་ལམ་སྟེ་འདི་ཉིད་ཀྱིས། །གྲུབ་པའི་མཐའ་ཀུན་གཏན་ལ་འབེབས། །འདི་ཕྱིར་འདི་ནི་ཆོས་ཀུན་གྱི། །བླ་མ་ཉིད་དུ་ངེས་པའོ། །ཞེས་གསུངས་པར་ལྟར་རྒྱུ་འབྲས་ཀྱི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ལུང་མ་བུ་བཤད་འགྲེལ་དང་བཅས་པ། སྒོམ་ཁོག་གནད་གདམས་དང་བཅས་པ། ཕྲིན་ལས་ཕྱག་ལེན་དང་བཅས་པ། ལས་ཁ་ཚར་དགོས་དོན་དང་བཅས་པ། སྤྱི་བཤད་སྐོར་འགོ་དང་བཅས་པ། ཡིད་ཆེས་ལོ་རྒྱུས་དང་བཅས་པ། དཀྱིལ་འཁོར་གྱི་རིགས་སུ་གྱུར་པའི་ལྷ་ཚང་བ། ཐེག་པ་གོང་འོག་གང་དང་

p. 679

ཡང་མི་འགལ་ཞིང་ཐམས་ཅད་གཅིག་ཏུ་འདྲིལ་བ། དྲུག་ལྡན་བརྒྱུད་པའི་བླ་མ་ཟམ་མ་ཆད་པ། དམ་ཉམས་དང་འདྲེས་ཁྱེར་གྱིས་ཤན་མ་ཞུགས་པ། གཏེར་བརྒྱུད་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་གདམས་པ་ཟབ་མོ་དཔལ་ཆེན་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒོ་ནས་སྒྲུབ་གཞི་ཕུན་སུམ་ཚོགས་པས་སྒྲུབ་ཆེན་གྱི་གཞི་བཟུང་བ་དང་། སྔོན་འགྲོ་སྟྭ་གོན་གྱི་རིམ་པས་སྒྲུབ་ཆེན་སྒྲོམ་དུ་གཞུག་པ་དང་། དངོས་གཞི་བསྙེན་སྒྲུབ་ཁྲིགས་ཆགས་ཀྱི་སྒོ་ནས་སྒྲུབ་ཆེན་གྱི་གཞུང་བསྲང་བ་བཅས་བར་ཆད་མེད་པར་ལེགས་པར་གྲུབ་ནས། ད་ལམ་མཐའ་རྒྱས་ལས་ཀྱི་རིམ་པས་སྒྲུབ་ཆེན་གྱི་རྗེས་སྐྱོང་བའི་ནང་ཚན་བྱ་བ་ལས་ཀྱི་འཁོར་ལོ་མཐར་ཕྱིན་པའི་འབྲས་བུ་དོན་དུ་བྱ་བའི་ཕྱིར་རྟེན་འབྲེལ་ཁྱད་འཕགས་མར་མེ་སྨོན་ལམ་གདབ་པ་སྐབས་སུ་ཕབས་པ་ལགས། དེ་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་རང་རང་གི་དགེ་བའི་རྩ་བ་ཇི་སྙེད་པ་བསྐྲུན་པར་མཛད་པའི་འབྲས་བུ་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ནས་གཞན་དོན་འབའ་ཞིག་ཏུ་བསྔོས་ཏེ་སྨོན་ལམ་གདབ་པར་མཛད་པ་དེ་བཞིན་དུ། དེང་འདིར་ཚོམ་དུ་གཅིག་ཏུ་ཚོགས་པའི་དཔོན་སློབ་མཆེད་ལྕམ་འདུས་པ་རྒྱ་

p. 680

མཚོ་རྣམས་དང་རྒྱུ་སྦྱོར་བ་ཡོན་གྱི་བདག་པོས་མཚོན་མཐོང་ཐོས་དྲན་རེག་གི་འགྲོ་བ་མ་ལུས་པ་ཐམས་ཅད་གསང་ཆེན་བླ་མེད་རྡོ་རྗེ་ཐེག་པའི་སྒྲུབ་ཆེན་གྱི་ལམ་ལ་ཞུགས་པའི་དགེ་ཚོགས་ཟད་མི་ཤེས་པ་འདིའི་མཐུ་ལ་བརྟེན་ནས། དེང་ནས་བཟུང་སྟེ་ངན་འགྲོ་ལོག་པའི་ལམ་རྣམས་སུ་ནམ་ཡང་མི་ལྟུང་བར་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཟབ་མོ་ཐོབ་པའི་སྣོད་ལྡན་དུ་གྱུར་ནས་བརྩོན་པ་ཆེན་པོས་ཉམས་སུ་ལེན་ཅིང་། ས་ལམ་གྱི་སྤངས་རྟོགས་ཡོན་ཏན་མ་ལུས་པ་མཐར་ཕྱིན་ནས་ཀུན་བཟང་ཡངས་པ་ཆེན་པོའི་ཞིང་ཁམས་འཁོར་ལོ་ཚོགས་ཆེན་ཡོངས་སུ་རྫོགས་པའི་ས་མངོན་དུ་བྱས་ཏེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་རླབས་པོ་ཆེ་ལ་དབང་འབྱོར་བར་བྱ་བའི་ཕྱིར། རྒྱུ་འབྲས་རྟེན་འབྲེལ་མི་འཆོལ་བའི་མཆོད་སྤྲིན་མར་མེའི་ཀོང་བུ་ཆོས་དབྱིངས་རྣམ་པར་དག་པའི་མཁའ་ཀློང་ནས། སྡོང་བུ་རིག་པར་རང་བྱུང་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རྩ་བ་དྲང་ཞིང་འགྱུར་བ་མེད་པ། མར་ཁུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས་ཡོངས་སུ་གཏམས་པ། རང་གསལ་ཡེ་ཤེས་མར་མེའི་འོད་སྣང་མུ་མེད་པས་མ་དག་འཁོར་བའི་མུན་ཁང་བཅོམ་སྟེ་འོད་གསལ་མུ་མཐའ་མེད་པ་དག་པ་སྐུ་གསུམ་ཡེ་ཤེས་ཀྱི་

p. 681

རོལ་པར་ཤར་བའི་ཀུན་བཟང་མཆོད་སྤྲིན་བླ་ན་མེད་པ་མཁའ་ཁྱབ་རྒྱལ་བའི་འཁོར་ལོར་ཤར་བའི་སྤྱན་སྔར་བཤམས་ཤིང་ཕུལ་ཏེ། ལྷག་པའི་བསམ་པ་རྣམ་པར་དག་པ་དང་ལྡན་པའི་ངང་ནས་རྡོ་རྗེ་རྒྱལ་ཐེབས་ཀྱི་རྗེས་སུ་ཟློས་པའི་མར་མེ་སྨོན་ལམ་འདི་ལྟར་ལྷན་གཅིག་ཏུ་ཐུགས་ལ་འདོགས་པར་ཞུ། །[དེ་ལྟར་སྒྲུབ་ཆེན་བཀའ་འདུས་ཀྱི་དཔེར་མཚོན་ནས་སྒྲུབ་པའི་དཀྱིལ་འཁོར་ཟབ་གཏེར་གང་ཡིན་གྱི་ལོ་རྒྱུས་དང་། གནས་དུས་ཀྱི་ཁྱད་པར་སྐབས་ཐོབ་བཞིན་ཁ་བསྒྱུར་བས་འབྲེལ་སྡེབས་ཤེས་པ་དང་། ཞི་བའི་རིགས་ལ་དཔལ་གྱི་རྟགས་གདབ་མི་དགོས་པའང་ཤེས་པར་བྱའོ། །ཞེས་པའང་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་དུ་འཆི་མེད་བདུད་རྩིའི་དགའ་སྟོན་སྤྲོ་བའི་ཆ་རྐྱེན་དུ་ཉེར་མཁོར་གྱུར་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིངྔྷི་རསྟུ།། །།]

རྡོར་གླིང་བླ་མ་ཚེ་དཔག་མེད་སྦྲགས་སྒྲུབ་ཀྱི་ཕྲིན་ལས་འཆི་མེད་གྲུབ་པའི་དགའ་སྟོན།

p. 682
p. 683

༄༅། །བླ་མ་ཚེ་དཔག་མེད་སྦྲགས་སྒྲུབ་ཀྱི་ཕྲིན་ལས་འཆི་མེད་གྲུབ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །

p. 684

ཨོཾ་སྭསྟི་ཨ་མཱ་ར་སིངྔྷི་རསྟུ། མི་ཤིགས་ཚེ་ལམ་གྲུབ་པའི་ཉིམ་ཡིས། །འཆི་བདག་མུན་པའི་གཡུལ་ངོ་མཐར་བྱས་ཏེ། །ངོ་མཚར་རིང་འཚོའི་པདྨོ་བཞད་མཛད་མགོན། །བླ་མ་ཚེ་མཐའ་ཡས་པས་དགེ་བར་སྲུངས། །འཆི་མེད་རིག་འཛིན་གྲུབ་པའི་མགུལ་ཁུག་མ། །ཚེ་དབང་བཅུད་དུ་འཁྱིལ་བའི་དགའ་སྟོན་ནི། སྐལ་བཟང་སྲོག་རྩ་རྡོ་རྗེར་སྡོམ་བྱེད་ཕྱིར། །རྣམ་གསལ་ལེགས་བཤད་སྒོ་འཕར་འདིར་དབྱེའོ། །[དེ་ཡང་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་ཨོ་རྒྱན་རྡོ་རྗེ་གླིང་པའི་ཟབ་གཏེར་ཀུན་གྱི་བཅུད་བསྡུས་པ་བླ་མ་ཚེ་སྦྲགས་མར་གྲགས་པའི་ཕྲིན་ལས་ཟབ་མོ་ཉམས་སུ་

p. 685

ལེན་པའི་ཚུལ་གསལ་བདེར་འཆད་པ་ལ་གསུམ་སྟེ། རང་དོན་དུ་ཚེ་སྒྲུབ་པ། གཞན་དོན་དུ་དབང་བསྐུར་བ། གཉིས་ཀའི་དོན་དུ་ལས་ལ་སྦྱར་བའོ། །དང་པོ་ནི། སྦྱོར་བ་གནས་གཙང་ཞིང་ཡིད་དུ་འོང་བར་མཚན་མའི་དཀྱིལ་འཁོར་སྤྱི་མཐུན་རྟ་བབ་བཞི་ལྡན་ལྷ་གནས་པདྨ་འདབ་བཞི་ལྟེ་བ་སྣ་ཚོགས་རྡོ་རྗེས་མཚན་པ་ཅན་ཆོ་ག་བཞིན་བྲི་བའམ། བསྡུ་ན་མཎྜལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་གཡུ་མཚོ་གཏན་འཁྱིལ་དང་རྒྱུན་འབབས་ཀྱི་ཆུ་གཙང་སོ་ལྔའི་བཅུད་ལྡན་གྱིས་དགང་བ་དུང་ཞལ་གཟུངས་རྡོར་དང་བཅས་པ་འགོད། དེའི་མདུན་དུ་ཚེ་གལ་མཐུན་སྡེབས་ཀྱི་རྒྱུ་ལས་བསྐྲུན་པའི་ཚེའི་འབྲང་རྒྱས་བུམ་གཟུགས་རྒྱ་གྲམ་རྟ་མགོ་ཉི་ཟླས་མཚན་པ། གཡས་སུ་

p. 686

བཅུད་ལེན་གྱི་རྫས་དང་སྦྱར་བའི་ཚེ་རིལ། གཡོན་དུ་ཀ་པཱ་ལར་བདུད་རྩི་ཨ་མྲྀ་ཏས་སྦྲན་པའི་ཚེ་ཆང་ནང་མར་གྱི་རིལ་བུ་སྒྲུབ་པ་པོའམ་སློབ་མའི་གྲངས་མཉམ་གྱིས་གཏམས་པ། རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་མ་དར་ཚོན་སྣ་ལྔ་མེ་ལོང་བླ་གཡུ་བཏགས་པ་བཅས་དང་། གཞན་ཡང་ཆུ་གཉིས་ཉེར་སྤྱོད་ལྔ་སྨན་རཀ་གཏོར་མ་སོགས་མཆོད་པ་འོས་ཟིང་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པར་འདུ་བྱས་ནས། ཆོ་ག་དངོས་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི།] ཧྲཱིཿ འགྲོ་བའི་དཔལ་མགོན་ཐུགས་རྗེ་ཅན༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ དེང་བཟུང་བྱང་ཆུབ་མ་ཐོབ་པར༔ བདག་དང་འགྲོ་ཀུན་སྐྱབས་སུ་མཆི༔ [ལན་གསུམ། སེམས་བསྐྱེད་པ་ནི།] ཧྲཱིཿ བདག་གཞན་འགྲོ་བ་ཀུན་དོན་དུ༔ འཆི་མེད་ལྷ་ཚོགས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་སེམས་བསྐྱེད་དོ༔ [ལན་གསུམ། བགེགས་བསྐྲད་པ་ནི།] རང་ཉིད་དབང་ཆེན་རྟ་མཆོག་དཔལ། །རབ་འཇིགས་འབར་བའི་སྐུ་རུ་གྱུར། །[གཏོར་མ་]རྃ་ཡྃ་ཁྃ་[གིས་བསང་སྦྱང་།] བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ༔ འབྲུ་གསུམ་འོད་ཞུ་གཏོར་མའི་ཚོགས༔ འདོད་ཡོན་ལྔ་ལྡན་ཟག་མེད་ཀྱི༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུཾ[ལན་གསུམ།]

p. 687

སརྦ་བྷུ་ཏ་ཨཱ་ཀརྵ་ཡ་ཛཿ[ས་མགྲོན་བཀུག །] སརྦ་བིགྷྣཱན་བ་ལིང་ཏ་ཁཱ་ཧི། [ལན་གསུམ་གྱིས་གཏོར་མ་བསྔོས་ནས།] ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བསྒྲུབ་པའི་ལྷ་རྣམས་མ་གཏོགས་པ༔ ཚེ་སྲོག་བར་དུ་གཅོད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ [དྲག་སྔགས་དང་]སམྦྷ་ནི་[སོགས་ཀྱིས་བསྐྲད་ལ། མཚམས་བཅད་པ་ནི།] ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས༔ སྟེང་ནི་རྡོ་རྗེ་བླ་བྲེ་ལ༔ འོག་ཀྱང་རྡོ་རྗེའི་ས་གཞིར་བརྡལ༔ ཕྱོགས་མཚམས་རྡོ་རྗེའི་ར་བས་གཏམས༔ ཀུན་ཀྱང་རྡོ་རྗེའི་གུར་ཁང་ཆེ༔ དེ་ཡི་ཕྱི་རོལ་མཚོན་ཆའི་གུར༔ དེ་ཕྱིར་ཡེ་ཤེས་མེ་དཔུང་འབར༔ ཆུ་ཡང་འཛག་པར་མི་འགྱུར་ཞིང་༔ རླུང་ཡང་རྒྱུ་བའི་སྐབས་མེད་པས༔ གནོད་བྱེད་གདོན་བགེགས་སྨོས་ཅི་དགོས༔ ཡེ་སྲུང་ཆེན་པོར་རྒྱས་གདབ་བོ༔ བཛྲ་ཀྲོ་ངྷ་རཀྵ་རཀྵ་ཧཱུྃ་ཕཊ༔ [བྱིན་དབབ་པ་ནི། སྤོས་རོལ་དབྱངས་ཀྱིས་བསྐུལ་ཏེ།] ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ ངོ་བོ་ཆོས་སྐུའི་ཞིང་ཁམས་ནས༔ བདེ་གཤེགས་སྣང་བ་མཐའ་ཡས་ཀྱིས༔ གནས་འདིར་དབང་བསྐུར་བྱིན་

p. 688

ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་པའི་ཞིང་ཁམས་ནཡི་ དངོས་གྲུབ་སྩོལ༔ གཞོ་སྟོད་མཁའ་འགྲོའི་ཚོགས་ཁང་ནས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ འཆི་མེད་གཉུག་མའི་ཞིང་ཁམས་ནས༔ ལོ་ཆེན་བཻ་རོ་ཙ་ན་ཡིས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཟུང་འཇུག་དབུ་མའི་ཞིང་ཁམས་ནས༔ ཨོ་རྒྱན་རྡོ་རྗེ་གླིང་པ་ཡིས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡིས་དངོས་གྲུབ་སྩོལ༔ སྤྱི་གཙུག་ཉི་ཟླ་པད་སྟེང་ནས༔ དྲིན་ཅན་རྩ་བརྒྱུད་བླ་མ་ཡིས༔ གནད་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷ༔ རྫུ་

p. 689

འཕྲུལ་ཐོགས་མེད་མཁའ་འགྲོའི་ཚོགས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ [མཆོད་རྫས་བརླབ་པ་ནི།] ཧྲཱིཿ ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། མཆོད་རྫས་ཉེས་སྐྱོན་བསྲེག་གཏོར་བཀྲུས། །ཕྱི་ནང་གསང་སོགས་མཆོད་པའི་སྤྲིན། །ཟག་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ [དངོས་གཞི་ལྷ་བསྐྱེད་པ་ནི།] ཨོ། ཆོས་རྣམས་བདག་མེད་སྤྲོས་དང་བྲལ། །ནམ་མཁའ་ལྟ་བུའི་ངང་ཉིད་ལས། །རང་གདངས་འགག་མེད་སྙིང་རྗེའི་སྤྲིན། །འཁོར་འདས་ཀུན་ལ་ཁྱབ་པར་སྤྲོས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི ། རིག་པ་རྒྱུ་ཡི་ཡི་གེར་ཤར། །དེ་ལས་ཡེ་ཤེས་འོད་ཟེར་གྱིས། །སྣང་

p. 690

སྲིད་དངོས་འཛིན་སྟོང་པར་སྦྱངས། །སྣོད་བཅུད་རྣམ་དག་ཚེ་ཡི་ཞིང་། །རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས། །སྣ་ཚོགས་པདྨའི་ཟེའུའཕྲུལ། །རྡོ་རྗེརྒྱ་གྲམ་བརྡལ་བའི་ལྟེར། །དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པའི། །དབུས་སུ་ཟླ་སྟེང་ཧྲཱིཿཡིག་ལས། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །ཚུར་འདུས་ཡོངས་གྱུར་རང་ལུས་ནི། །གསེར་གྱི་རྡོ་རྗེརྩེ་ལྔ་པ། །ཤིན་ཏུ་ཆེ་བརྗིད་རི་རབ་ཙམ། །ཉི་ཟླ་གཉིས་ཀྱང་སྐེད་ནས་འཁོར། །རྡོ་རྗེའི་འོག་གི་རྭ་བཞིའི་ནང་། །བསྲུངབྱམ་ལུས་སྤུངས་ཀྱིས་ཚུད། །ལྟེ་བ་ཁོང་སྟེང་རྒྱ་ཆེའི་ནང་། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས། །རངཉིད་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་གསལ་ལི་ཁྲིའི་མདངས། །ཞི་འཛུམ་མཚན་དཔེའི་ལང་ཚོ་འབར། །ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ལོངས་སྤྱོད་ཡོངས་རྫོ་གས་རྒྱན་གྱིས་སྤྲས། །འཇའ་ཟེར་འོད་ཕུང་ཀློང་དུ་རོལ། །ཐུགས་ཀར་བད་ཉི་བམ་ཆེན་སྟེང་། །ཡེ་ཤེས་སེམས་དཔའ་རྟ་མཆོག་དཔལ། །དམར་ནག་ཁྲོ་གཏུམ་གྲི་ཐོད་འཛིན། །ཕག་མོ་གྲི་ཐོད་འཛིན་

p. 691

པས་འཁྱུད། །ཞབས་གཉིས་བརྐྱང་བསྐུམ་འགྱིང་ཚུལ་སྦྱོར། །སྤྱི་གཙུག་རྟ་ཕག་ཞལ་སྦྱོར་བས། །ཧི་ཧི་ངར་ངུར་རྐན་སྒྲ་སྒྲོགས། དུར་ཁྲོད་ཆས་རྫོགས་མེ་དཔུང་འབར། །གཉིས་ཀའི་གནས་ལྔར་འཁོར་ལོ་ནི། །རྩིབས་བཞིའི་ལྟེ་བར་ཧྲཱིཿདངམ། །རྩིབས་རྣམས་ར་ཙ་ཧྲི་ཡ་དང་། །ཧ་རི་ནི་སའི་ཡིག་འབྲུས་མཚན། ཟླ་གམ་སྒོ་རུ་པད་ཉི་དང་། །བམ་སྟེང་བླ་མ་ཐོད་ཕྲེང་རྩལ། །སྨུག་ནག་ཁྲོ་གཏུམ་མི་བཟང་རྔམས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར། །གཡོན་པས་གནམ་ལྕགས་ཕུར་བུ་འདྲིལ། །དབུ་སྐྲ་སྣུམ་འབོལ་གྱེན་དུ་འཁྱིལ། །ཐོད་སྐམ་དབུ་རྒྱན་དར་དཔྱངས་དང་། །མི་མགོ་ཁྲག་འཛག་སྙན་རྒྱན་ཅན། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཞབས་ཟུང་གྱད་ཀྱི་དོར་སྟབས་ཀྱིས། །བསྐལ་མེ་འབར་བའི་ཀློང་དུ་རོལ། །བ་སྤུའི་བུ་ག་ཐམས་ཅད་ནས། །ཁྲོ་ཆུང་སྨུག་ནག་ཚྭ་ཚྭ་ནི། །གྲངས་མེད་ཉེ་རྡུལ་ལྟར་འཁྲུགས་པས། །ཚེ་བདུད་བར་གཅོབ་གདོན་བགེགས་རྣམས། །ཕྱག་གཡོན་ལྕགས་ཀྱུས་བཀུག་ཅིང་བཟུང་། །གཡས་པས་ཐོ་བས་བརྡུང་བྱས་པས། །གནོད་བྱེད་ལུས་ངག་ཐལ་བར་རློག །

p. 692

རྒྱ་གྲམ་ཕྱོགས་བཞིའི་རྡོ་རྗེ་ལ། །རྡོ་རྗེ་དཔའ་བོ་ཡབ་ཡུམ་དཀར། །རརཏྣ་དཔའ་བོ་ཡབ་ཡུམ་སེར། །པདྨ་དཔའ་བོ་ཡབ་ཡུམ་དམར། །ཀརྨ་དཔའ་བོ་ཡབ་ཡུམ་ལྗང་། ཀུན་ཀྱང་སྟག་ཤམ་རུས་རྒྱན་སྤྲས། །རང་རང་རིགས་ཀྱི་མཚན་པ་ཡི། །ཚེ་བུམ་མདའ་དང་ཕྱག་ན་བསྣམས། །ཐམས་ཅད་གཙོ་ལ་ཞལ་བསྟན་བཞུགས། །གཙོ་འཁོར་རྣམས་ཀྱི་སྤྱི་བོའི་གཙུག །རིགས་བདག་གུ་རུ་ཐོད་ཕྲེང་རྩལ། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་རྡོ་རྗེ་ཚེ་བུམ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །པང་གཡོན་དབྱིངས་ཕྱུག་མཐིང་ག་འཁྲིལ། །ཕྱག་གཡས་གྲི་གུག་ཡབ་ལ་འཁྱུད། །གཡོན་པ་ཐོད་ཁྲག་ཡབ་ཞལ་སྟོབ། །རྒྱན་ལྡན་ཞི་མ་ཁྲོ་ཡི་ཚུལ། །ཡབ་ཡུམ་གནས་ལྔར་པད་འདབ་ལ། །ཧཱུཾ་དང་ར་ཙ་ཧྲི་ཡ་དང་། །ཨ་དང་ཧ་རི་ནི་ས་ས་མཚན། །ཕྱི་རིམ་བར་སྣང་འོད་ལྔའི་ཀློང་། །སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ། །རྒྱ་གྲམ་ཕྱི་ཡི་པད་འདབ་བཞིར། །ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར། །ལྷོ་རུ་རིན་ཆེན་མཁའ་འགྲོ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་། །ཀུན་

p. 693

ཀྱང་མདའ་དར་ཚེ་བུམ་བསྣམས། །སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི། །རང་རང་རིགས་ཀྱི་ཕྱག་མཚན་དང་། །མདའ་དར་ཚེ་བུམ་ཐོགས་པར་བསྐྱེད། །སྣ་ཚོགས་པད་སྐོར་ཕྱི་མ་ལ། །བདག་སྐྱོབ་ལྷ་དང་རིག་འཛིན་དང་། །རིགས་འདུས་མཁའ་འགྲོ་འབུམ་སྡེ་རྣམས། །དངོས་གྲུབ་སྟེར་ཅིང་བར་ཆད་སེརལ། །གླུ་ལེན་གར་བྱེད་རོལ་མོ་སྒྲོགས། །འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ། །ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད། །དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱི། །གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན། །དེ་ལས་འོད་ཟེར་རབ་འཕྲོས་པས། །བདེ་ཅན་པདྨ་འོད་ཞིང་སོགས། །རབ་འབྱམས་ཞིང་ཁམས་ཐམས་ཅད་ནས། །དུས་གསུམ་རྒྱལ་བ་སྲས་བཅས་རྣམས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱི། །རྣམ་པར་སྐད་ཅིག་སྤྱན་དྲངས་གྱུར། །[ཅེས་བདག་མདུན་བུམ་གསུམ་གཅིག་ཆར་དུ་གསལ་བཏབ་ནས། སྤྱན་འདྲེན་པ་ནི། སྤོས་རོལ་དབྱངས་དང་བཅས་ཏེ།] ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང་ཁམས་ནས༔ བླ་མ་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ རྩ་གསུམ་ཚེ་བདག་ལྷ་མོ་མགྱོགས་མ་དང་༔ ཕོ་

p. 694

ཉ་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ འགྲོ་བ་ཚེ་དང་ལོངས་སྤྱོད་སྤེལ་བའི་ཕྱིར༔ སྨོན་ལམ་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ༔ སྒྲུབ་མཆོག་སྐལ་ལྡན་རྣམས་ལ་བྱིན་གྱིས་རློབས༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་ས་མ་ཡ་ཛཿཛཿ [བཞུགས་སུ་གསོལ་བ་ནི།]ཧྲཱིཿ རང་བྱུང་རྣམ་དག་ཚེ་ཡི་དཀྱིལ་འཁོར་འདིར༔ རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང་༔ འཆི་མེད་རིག་འཛིན་ཚེ་ཡི་ལྷ་ཚོགས་རྣམས༔ དགྱེས་པར་བཞུགས་ལ་ཚེ་དབང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔[ཕྱག་འཚལ་བ་ནི།]ཧྲཱིཿ སྣང་སྲིད་རྣམ་དག་གཞལ་ཡས་འདིར༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་ལ༔ སྤང་བླང་དགག་སྒྲུབ་མེད་པའི་ཕྱིར༔ རང་རིག་རང་གསལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ [མཆོད་པ་འབུལ་བ་ལས། ཕྱི་མཆོད་ནི།] ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ མཁའ་མཉམ་རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་སྣང་གསལ་མར་མེ་དྲི༔ ཞལ་ཟས་རོལ་མོར་བཅས་པའི་མཆོད་པ་འབུལ༔ འཆི་མེད་

p. 695

ཚེ་ཡི་དངོས་གྲུབ་སྩོལ་དུ་གསོལ༔ ཨོཾ་བཛྲ་པུཥྤེ། དྷུ་པེ། ཨཱ་ལོ་ཀེ ། གནྡྷེ། ནཻ་ཝི་དྱ། ཤཔྡ་པྲ་ཏཱིཙྪ་སྭཱཧཱ༔ [ནང་མཆོད་ནི།] ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ མཁའ་མཉམ་རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་མཆོད་སྤྲིན་རྒྱ་མཚོའི་མཆོད་པ་འབུལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་རཱུ་པ། ཤཔྡ། གནྡྷེ། ར་ས། སྤརྴེ། དྷརྨ། པཱུ་ཛ་ཨཱཿཧཱུཾ༔ [གསང་མཆོད་ནི།] ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ མཁའ་མཉམ་རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཚོགས་གཏོར་ཞལ་ཟས་བདུད་རྩི་ཨ་མྲྀ་ཏ༔ རཀྟ་དམར་གྱི་ཨརྒའི་མཆོད་པ་འབུལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་མ་ཧཱ་པཱུ་ཛ་བ་ལིཾ་ཏ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིཿ [དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི།] ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ མཁའ་མཉམ་རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཕྱི་ནང་གསང་བ་ལུས་དང་ལོངས་སྤྱོད་དང་༔ ཟག་མེད་བདེ་བ་མཆོག་གི་མཆོད་པ་འབུལ༔

p. 696

འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ སརྦ་ཛྙཱ་ན་པའུ་ཛ་ཧོཿ [བསྟོད་པ་ནི།] ཧྲཱིཿ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་མ་ལུས་རྣམ་པར་སྤངས༔ མཁའ་དང་མཉམ་པའི་སྐུ་མཆོག་མངའ་བའི་ལྷ༔ མཉམ་ཉིད་ལྷ་ཡི་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་མ་ལུས་རྣམ་པར་སྤངས༔ མཁའ་དང་མཉམ་པའི་གསུང་མཆོག་མངའ་བའི་ལྷ༔ མཉམ་ཉིད་ལྷ་ཡི་གསུང་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་མ་ལུས་རྣམ་པར་སྤངས༔ མཁའ་དང་མཉམ་པའི་ཐུགས་མཆོག་མངའ་བའི་ལྷ༔ མཉམ་ཉིད་ལྷ་ཡི་ཐུགས་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སྒྲུབ་པའི་དྲི་མ་མ་ལུས་རྣམ་པར་སྤངས༔ མཁའ་དང་མཉམ་པའི་འཁོར་ཚོགས་མངའ་བའི་ལྷ༔ མཉམ་ཉིད་ལྷ་ཡི་འཁོར་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད། ཛཔྲ་བཟླ་བ་ནི།] སྙིང་གའི་ཡེ་ཤེས་སེམས་དཔའ་རྟ་མགྲིན་གྱི། །ཐུགས་ཀར་སྣ་ཚོགས་རྡོ་རྗེ་བརྡལ་བ་ཡི། །ལྟེ་

p. 697

བར་ཉི་ཟླའི་གྭའུ་ཁ་སྦྱོར་སྦུབས། །རླུང་སེམས་དྭངས་མ་ཧྲཱིཿ ཡིག་དམར་གསལ་མཐར། །སྔགས་ཕྲེང་གཡས་སུ་འཁོར་ལས་འོད་ཟེར་འཕྲོས༔ ། འཇིག་རྟེན་འཇིག་རྟེན་འདས་པའི་ཚེ་བསོད་ནམས། །བསྟོད་གསུམ་ཚེ་བཅུད་འབྱུང་ལྔའི་དྭངས་མ་ཀུན༔ ། འུབ་བསྡུས་བདག་ཐིམ་གཟི་བྱིན་མཐུ་སྟོབས་བསྐྱེད། །མི་ཤིགས་འཆི་མེད་རྡོ་རྗེའི་སྐུ་འགྲུབ་འགྱུར། །ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་སིདྡྷི་ཧཱུཾ༔ [ཞེས་གཙོ་བོར་བཟླ་ཞིང་།] ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ཨཱ་ཡུ་ཛྙཱ་ན་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུཾ་ཨཱཿ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཛ་ཛཿ ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་ཚེ་བྷྲཱུཾ་ཨ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུཾ༔ [ཅེས་པའང་ཅི་རིགས་བཟླ། བུམ་བཟླས་ཟུར་དུ་སྤྲོ་ན། གཟུངས་ཐག་ལ་འཇུས་ཏེ།] རང་སྲོགས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །[ཅེས་བཟླས་པ་ཅི་རིགས་བྱས་མཐར་མཆོད་ཡོན་ཕུལ་བས་ལྷ་བདུད་རྩིར་ཞུ་བར་བསམ། སླར་ཡང་སྒྲུབ་རྫས་ཐམས་ཅད་ལ་དམིགས་ཏེ།] ཚེ་ཡི་རིག་འཛིན་ཆོས་སྲུང་ཚོགས་

p. 698

རྣམས་ཀྱིས། །འཁོར་འདས་ཀུན་གྱི་ཚེ་ཡི་དངོས་གྲུབ་ཀུན༔ ། དཀར་དམར་འོད་ཀྱི་རྣམ་པ་ཅན་དུ་བསྡུས། །ཚེ་ཡི་རྗས་རྣམས་ཀུན་ལ་ཐིམ་ཡིས། །འཆི་བ་མེད་པའི་བདུད་རྩིའི་མཆོག་ཏུ་གྱུར། །[ཅེས་བཟླས་པ་གང་འགྲུབ་བྱ། ཐུན་མཚམས་སུ་ཚེ་འགུགས་བསྐུལ་བ་ནི། མདའ་དར་གཡབ་ལ།] ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་ནི་མཁའ་མཉམ་དཔག་ཏུ་མེད༔ ཕྱག་གཡས་རྡོ་རྗེ་མདའ་དར་འཛིན༔ གཡོན་པ་ཚེ་བུམ་རིན་ཆེན་ཕྲེང་༔ ཡང་གསང་ཐུགས་ཀྱི་གྭའུ་ནས༔ སྙིང་པོ་ཚེ་ཡི་ཨཱ་ཡུ་འདི༔ མགོན་པོའི་ཚེ་བཞག་གནས་འདིར་ཡིན༔ བདག་ཅག་ཚེ་འདི་གནས་པར་མཛོད༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་སིདྡྷི་ཧཱུཾ༔ ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་ཨཱ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུཾ༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ༔ ལོངས་སྤྱོད་རྫོགས་སྐུ་ཐོད་ཕྲེང་རྩལ༔ ཡབ་ཡུམ་མཚན་བརྒྱད་མཁའ་འགྲོ་མ༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀྱིས༔ སྣང་སྲིད་ཀུན་ནས་ཚེ་བསྡུས་ལ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཨོཾ་ཨཱཿཧཱུཾ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུ་སིདྡྷི་ཧའུཾ༔ ཨོཾ་བྷྲཱུཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཧྲཱི་ཧཱུཾ་ཛ༔ ཧཱུཾ༔ ཤ་ཡི་

p. 699

ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་བསྡུས་ལ༔ སངས་རྒྱས་སྤྱན་མས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་བསྡུས་ལ༔ མཱ་མ་ཀི་ཡིས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་བསྡུས་ལ༔ གོས་དཀར་མོ་ཡིས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་བསྡུས་ལ༔ དམ་ཚིག་སྒྲོལ་མས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་བསྡུས་ལ༔ ཀུན་ཏུ་བཟང་མོས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ ཤར་ཕྱོགས་གངས་རི་དཀར་པོའི་གཞལ་ཡས་ནས༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དཀར་མོ་མགྱོགས་མ་འབུམ༔ རྡོ་རྗ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ལྷོ་ཕྱོགས་

p. 700

བཻཌཱུརྻ་ཡི་གཞལ་ཡས་ནས༔ སེར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཡོན་ཏན་སྤྲུལ་པ་སེར་མོ་མགྱོགས་མ་འབུམ༔ རཏྣ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ནུབ་ཕྱོགས་པདྨ་རཱ་གའི་གཞལ་ཡས་ནས༔ དམར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ གསུང་གི་སྤྲུལ་པ་དམར་མོ་མགྱོགས་མ་འབུམ༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ བྱང་ཕྱོགས་ཨིནྡྲ་ནཱི་ལའི་གཞལ་ཡས་ནས༔ ལྗང་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཕྲིན་ལས་སྤྲུལ་པ་ལྗང་མོ་མགྱོགས་མ་འབུམ༔ ཀརྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་སིངྔྷི་ཨཱ་ཡུ་སིདྡྷི་ཧཱུཾ༔ ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུཾ༔ ཧྲཱིཿ གཞན་ཡང་ཚེ་ཡི་ཕོ་ཉ་ནི༔ རིག་འཛིན་དཔའ་བོ་རྣལ་འབྱོར་མ༔ ཆོས་སྐྱོང་སྲུང་མ་གཏེར་བདག་དང་༔ བཀའ་ཉན་ལས་མཁན་གཏོར་ལེན་ཚོགས༔ སྤྲུལ་པ་མི་ཟད་ཅིར་ཡང་སྟོན༔ འཁོར་ཡང་རང་འདྲ་འབུམ་ཕྲག་རེ༔ རིན་ཆེན་དབུ་རྒྱན་རོངས་སེར་རོང་༔ དར་གྱི་ཅོད་པན་པུ་རུ་རུ༔ ཚེ་ཡི་མདའ་དར་རོངས་སེ་རོང་༔ དྲི་ཞིམ་ངད་པ་ཆི་ལི་ལི༔

p. 701

དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དཀར་ལ་འཚེར་བའི་ཚེ་ཁུ་ཅིག༔ སྣུམ་ལ་འདྲིལ་བའི་ཚེ་ཁུག་ཅིག༔ ཡར་གྱི་བདུད་པོའི་ལག་ནས་ཚེ་ཁུག་ཅིག༔ མར་གྱི་བདུད་མོའི་ལག་ནས་ཚེ་ཁུག་ཅིག༔ ལྷ་སྲིན་སྡེ་བརྒྱད་ལག་ནས་ཚེ་ཁུག་ཅིག༔ ཕྱོགས་སྐྱོང་འབྱུང་པོའི་ལག་ནས་ཚེ་ཁུག་ཅིག༔ རྒྱལ་ཆེན་སྡེ་བཞིའི་ལག་ནས་ཚེ་ཁུག་ཅིག༔ ཉི་ཟླ་གཟའ་སྐར་ལག་ནས་ཚེ་ཁུག་ཅིག༔ གཤིན་རྗེའི་མགོ་ལུས་ཕྲལ་ལ་ཚེ་ཁུག་ཅིག༔ བདུད་ཀྱི་ཁང་རུལ་ཤིག་ལ་ཚེ་ཁུག་ཅིག༔ བཙན་གྱི་གྭའུ་ཆོག་ལ་ཚེ་ཁུག་ཅིག༔ དམ་སྲི་དབང་དུ་སྡུད་ལ་ཚེ་ཁུག་ཅིག༔ གདོན་བགེགས་ཐལ་བར་རློག་ལ་ཚེ་ཁུག་ཅིག༔ འགྲོ་བ་ཡོངས་ཀྱི་བླ་ཚེ་མི་འགུག་སྟེ༔ དེང་འདིར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བླ་ཚེ་ཉམས་ན་བླ་ཚེ་ཁུག༔ སྲོག་ཚེ་ཉམས་ན་སྲོག་ཚེ་ཁུག༔ ནོར་ཚེ་ཉམས་ན་ནོར་ཚེ་ཁུག༔ ཟས་ཚེ་ཉམས་ན་ཟས་ཚེ་ཁུག༔ གོས་ཚེ་ཉམས་ན་གོས་ཚེ་ཁུག༔ ཡོ་བ་སྲོང་བ་གས་པ་སྦྱོར༔ ཆད་པ་མཐུད་ལ་འཐོར་བ་སྡུས༔ ལོ་བརྒྱ་འཚོ་བའི་ཚེ་ཁུག་ཅིག༔ སྟོན་བརྒྱ་མཐོང་བའི་

p. 702

དཔལ་སྩོལ་ཅིག༔ རོ་མཆོག་བརྒྱ་ལྡན་ཟས་ཁུག་ཅིག༔ བང་མཛོད་ཁྲི་ལྡན་ནོར་ཁུག་ཅིག༔ ཕོ་བྲགྱུད་བརྒྱུད་རིང་ཚར་ཁུག་ཅིག༔ མོ་བརྒྱུད་སྲིད་འཕེལ་ཚེ་ཁུག་ཅིག༔ ཚེ་རྣམས་འཛིན་པའི་ཕོ་ཉ་རྣམས༔ ཐོགས་པ་མེད་པར་འདིར་ཁུག་ཅིག༔ ཚེ་འབྲས་འདི་ལ་པྲ་ཅིག་ཕོབ༔ བུམ་པ་འདི་ལ་དཔལ་ཅིག་སྐྱེད༔ ཚེ་ཟན་འདི་ལ་བཅུད་ཅིག་ཕོབ༔ ཚེ་ནས་འདི་ལ་གཡབ་ཅིག་ཁུག༔ ཚེ་བཅུད་མ་ལུས་འདིར་ཁུག་ལ༔ བཀྲ་ཤིས་བུམ་པའི་ནང་དུ་སྩོལ༔ ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུཾ༔ [ཞེས་བཀུག་ཅིང་བསྟིམ་ལ། རྒྱས་གདབ་པ་ནི།] ཨོཾ་བྷྲཱུཾ་ཏྲ་ཏྲ་ཤག༔ མུ་དྲ་ཧོ༔ ཏིཥྛ་ལྷན༔ [ཞེས་བདུན་ནམ་ཉེར་གཅིག་ཙམ་བཟླས་ནས།] སྙིང་པོ་བསྐྱོད་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་གཡང་འདི༔ སྤྲོས་པས་སྟོང་གསུམ་བཀྲག་དང་ལྡན༔ བསྡུས་པས་ཐུགས་སྲོག་ནྲྀ་ལ་ཐིམ༔ བསྲུངས་པས་ལུས་ལ་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་བརྒྱུད༔ མི་ཤིགས་རྡོ་རྗེའི་ལྕགས་སྒྲོག་འདྲ༔ མི་འགྱུར་དབྱིངས་སུ་ཚེ་སྦའོ༔ ཆོས་དབྱིངས་ཀློང་དུ་ཚེ་སྦས་པས༔ དུས་གསུམ་སངས་རྒྱས་དགྲར་

p. 703

ལངས་ཀྱང་༔ དེ་ལ་བཟུང་ཞིང་སྤྱད་དུ་མེད༔ བློ་འདས་འཆི་མེད་དགོངས་པའོ༔ ཨ་ཨ་ཨ་ཛྙཱ་ན་བྷྲཱུཾ༔ [ཞེས་རྒྱས་གདབ་བོ། །ཚོགས་མཆོད་བྱ་བར་སྤྲོ་ན། དམ་ཚིག་གི་རྫས་བཤམས་ལ་བྱིན་གྱིས་བརླབ་པ་ནི།] རྃ་ཡྃ་ཁྃ༔ ཨོཾ་གྱིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུཾ་གིས་རྒྱུ་དྲུག་དག་པར་བྱས༔ ཚོགས་ཀྱི་དངོས་ཐམས་ཅད་རྣམས༔ འདོད་པའི་ཡོན་ཏན་ལྔ་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ༔ [ཚོགས་ཞིང་སྤྱན་འདྲེན་པ་ནི།] ཧཱུཾ༔ རང་བཞིན་རྣམ་པར་དག་བའི་གཞལ་ཡས་ནས༔ བླ་མ་རིག་འཛིན་བཅོམ་ལྡན་ཚེ་ཡི་བདག༔ ཡི་དམ་མཁའ་འགྲོ་བཀའ་སྡོད་སྲུང་མར་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛཿ [ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི།] ཧཱུཾ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན༔ སྣ་ཚོགས་ཚོགས་ཀྱི་ལོངས་སྤྱོད་རྣམས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཐུགས་དམ་སྐོང་ལ་བར་ཆད་སོལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གུ་

p. 704

རུ་ངྷེ་བ་དྷཱ་ཀི་ནཱི་ག་ཎ་ཙ་ཀྲ་ཁ་རཾ་ཁཱ་ཧི༔ [བར་པ་བཤགས་པ་ནི།] ཨོཾ་ཨཱཿཧཱུཾ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ [ཞེས་དང་ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བསྟབ་ནི།] ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿ ཧཱུཾ་བཾ་ཧོ༔ ཧཱུཾ༔ བདག་ཉིད་ཁྲོ་རྒྱལ་ཆེན་པོའི་སྐུ༔ གཟུང་འཛིན་ཚེ་ཡི་བར་ཆད་བདུད༔ གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ༔ གསལ་སྟོང་ཆེན་པོར་མཱ་ར་ཡ༔ ཧཱུཾ༔ དུག་ལྔ་བསྒྲལ་བའི་གཟུགས་ཕུང་ལྔ༔ ཡེ་ཤེས་ལྔ་ཡི་རང་བཞིན་དུ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ༔ ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ གུ་རུ་ངྷེ་བ་ངྷཱ་ཀི་ནཱི་དྷརྨ་པཱ་ལ་མཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [དེ་ནས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུག་ཏུ་ལོངས་སྤྱད་ལ། སྨོན་ལམ་ནི།] ཧོཿ ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་༔ ཡེ་ཤེས་སྣང་བ་རབ་གསལ་ནས༔ དག་པ་ཆེན་

p. 705

པོའི་ས་ཐོབ་ཤོག༔ [ཅེས་གདབ། ལྷག་མ་བསྔོ་བ་ནི།] ཨོཾ་ཨཱཿཧཱུཾ་ཕེཾ༔ ཧྲཱི༔ ཚེ་དཔག་མེད་མགོན་བཀའ་འཁོར་ནས༔ ལྷག་ལ་དབང་བའི་ཕོ་ཉ་ཀུན༔ ཕུད་ལྷག་མཆོད་པ་འདི་བཞེས་ལ༔ སྒྲུབ་མཆོག་ཚེ་ཡི་བར་ཆད་སོལ༔ ཨུ་ཙྪིཥྚ་བ་ལིངྟ་ཁཱ་ཧི༔ [ཆད་ཐོ་བསྒྲགས་ཤིང་བརྟན་མ་བསྐྱང་བ་ནི།] ཨོཾ་ཨཱཿཧཱུཾ༔ ཧྲཱིཿ སྔོན་ཚེ་བར་དང་བསྐལ་པ་ཐ་མའི་དུས༔ སྐུ་གསུམ་སྟོན་པ་བརྒྱུད་གསུམ་རིག་འཛིན་གྱིས༔ བཀའ་བསྒོས་དམ་བཞག་སྣང་སྲིད་དྲེགས་ཚོགས་ཀུན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ པདྨའི་བཀའ་བཞིན་བཤལ་ཆུའི་བདུད་རྩི་བཞེས༔ སྒྲུབ་པོའི་ཚེ་སྲིང་རྐྱེན་ཟློག་འཁོར་སློབ་སྤེལ༔ ཡང་ཟབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ སརྦ་དྷརྨ་པཱ་ལ་མ་མ་ང་ལིཾ་ཏ་ཁཱ་ཧི༔ [རྟ་བྲོ་བརྡུང་བ་ནི།] ཧཱུཾ་ཧྲཱིཿ ཚེ་བདུད་བར་ཆད་སེལ་བའི་ལྷ༔ དབང་ཆེན་རྔམས་པའི་རྟ་བྲོ་བརྡུང་༔ དམ་སྲི་འབྱུང་པོའི་ཚོགས་རྣམས་ཀུན༔ རྡོ་རྗེ་ལྷུན་པོའི་འོག་ཏུ་མནན༔ ཧྲཱིཿ ཧྲཱིཿ ཧྲཱིཿ ཧཱུཾ་ཧཱུཾ་ཧཱུཾ་སྟམྦྷ་ཡ་ནན༔

p. 706

དངོས་གྲུབ་བླང་བ་ནི། སྒྲུབ་རྫས་གནས་གསུམ་དུ་རེག་ཅིང་།] ཧོཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ རིགས་འདུས་ཚེ་ཡི་ལྷ་ཚོགས་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ༔ བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ དམ་པ་ཆོས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ༔ ཨཱ་ཡུ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧོཿ

p. 707

[ཞེས་ཚེ་ཆུ་ཚེ་ཟན་ཚེ་ཆང་ལ་ལོངས་སྤྱད། སླར་ཡང་།] ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་[བར་གྱིས་མཆོད།] ཧྲཱིཿ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ རྩ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད། ཡི་གེ་བརྒྱ་པ་དང་།]མ་རྙེད་ཡོངས་སུ་མ་ཚང་དང་། [སོགས་ཀྱིས་ནོངས་པ་བཤགས། མདུན་བསྐྱེད་དང་འབྲེལ་བ་ནི།] འདིར་ནི་གཟུགས་དང་ལྷན་ཅིག་ཏུ་[སོགས་ཀྱིས་ཡེ་ཤེས་པ་རྟེན་ལ་བསྟིམ། གཞན་དུ་དམ་ཡེ་མ་ཕྱེ་བར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་བསྡུ་བ་ནི།] སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་ལ་བསྡུ༔ བཅུད་ཀྱི་སེམས་ཅན་དཀྱིལ་འཁོར་ལྷ་ལ་བསྡུ༔ དཀྱིལ་འཁོར་ལྷ་ཚོགས་ཚེ་བཅུད་ཨ་ལ་བསྡུ༔ ཨ་ནི་སྐྱེ་མེད་སེམས་ཀྱི་སྟེང་དུ་བསྡུ༔ སེམས་ཉིད་སྤྲོས་བྲལ་ཆོས་སྐུ་དྲི་མེད་འདི༔ བདེ་གཤེགས་སྙིང་པོ་འགྱུར་མེད་ཚེ་ཡི་རྟེན༔ གསལ་སྟོང་འཛིན་མེད་ཆེན་པོའི་ངང་ལ་བཞག༔ [རྒྱུན་གྱི་སྤྱོད་ལམ་ལ་འཇུག་པ་ནི།]སླར་ཡང་ཚེ་ཡི་བར་ཆད་བསྲུང་བའི་ཕྱིར༔ རང་ཉིད་རིགས་འདུཡས་ཚེ་དཔག་མེད་པར་བཞེངས༔

p. 708

ཚད་མེད་བཞི་ལྡན་བྱང་ཆུབ་སེམས་ཀྱི་ངང་༔ རྒྱུན་དུ་འགྲོ་བའི་དོན་ལ་བརྩོན་པར་བྱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ༔ [བསྔོ་བ་སྨོན་ལམ་ནི།] བདག་གིས་བླ་མེད་ཚེ་ཡི་དཀྱིལ་འཁོར་དུ༔ བསྒོམས་བསྒྲུབ་བཟླས་མཆོད་གསོལ་བ་བཏབ་པའི་མཐུས༔ འགྲོ་རྣམས་རིག་འཛིན་ཚེ་ཡི་སྣོད་གྱུར་ནས༔ ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག༔ [བཀྲ་ཤིས་བརྗོད་པ་ནི།] ཧོཿ སྐུ་གསུམ་དབྱེར་མེད་སྟོབས་བཅུའི་ཡོན་ཏན་རྫོགས༔ མཐོང་ཐོས་དྲན་རེག་འཆི་མེད་དངོས་གྲུབ་སྩོལ༔ བཀྲ་ཤིས་རིགས་འདུས་ཚེ་ཡི་ལྷ་ཚོགས་ཀྱིས༔ བདག་ཅག་སྐྱེ་རྒུ་ཀུན་ལ་བདེ་ལེགས་ཤོག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་ལ་མེ་ཏོག་གི་ཆར་དབབ་པས་བདེ་ལེགས་སུ་བྱའོ། །]༈ ། [འདིའི་བསྙེན་སྒྲུབ་བྱེད་ན། བྱིན་བརླབས་གྲུབ་པའི་གནས་དང་སྒྲུབ་ཁང་བཀྲ་ཤིས་པའི་ཕྱོགས་སུ་ར་བ་བཞི་གང་རུང་གི་ཡར་ངོའི་གཟའ་སྐར་དགེ་བའི་སྔ་དྲོ་ལ་མཚམས་དམ་དུ་བཅད། བཅའ་གཞིའི་རིམ་པ་གོང་དུ་སྨོས་པ་ལྟར་ལ་གཞན་གྱིས་མ་མཐོང་བ་དང་། ཚེ་སྒྲུབ་པ་སུས་ཀྱང་མ་ཤེས་པར་བྱེད། དངོས་གཞི་ཐུན་བཞིའམ་དྲུག་ཏུ་བཅད་ལ་ཕྲིན་ལས་ཀྱི་གཞུང་བསྲང་། རང་ཉིད་རིགས་འདུས་ཚེ་དཔག་མེད་སྣང་སྟོང་འཇའ་ཚོན་ལྟ་བུར་གསལ་བའི་ལྷར་སྣང་དང་ང་

p. 709

རྒྱལ་ལ་སེམས་བཟུང་ཞིང་གསལ་སྣང་བརྟན་པོར་འཆར་བ་ལ་བསླབ། གསལ་ཐེབས་ནས་ཁྱད་པར་གྱི་བཟླས་དམིགས་ནི། རང་གི་སྙིང་གར་ཕ་ལམ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་སྲུབ་མེད་པའི་དབུས་སུ་ཐུགས་སྲོག་ཧྲཱིཿདམར་པོ་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོ་བ། དེའི་ཁོག་པར་ཚེ་རྟེན་ནྲྀ་ལྗང་གུའི་ཁོག་པར་ཨས་མཚན་པ། བཟླས་པས་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་བུན་བུན་འཕྲོས། རང་གི་བླ་སྲོག་ཚེ་བཅུད་ཆད་ཉམས་ཡར་བ་དང་། སྣང་སྲིད་འཁོར་འདས་ལྷ་སྔགས་སུ་གསལ་བའི་ཚེ་བཅུད་དྭངས་མ་ཐམས་ཅད་ཡིག་འབྲུ་འོད་ཟེར་བདུད་རྩིའི་རྣམ་པར་བསྡུས་ཏེ་ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ། ཚེ་བསོད་ཡེ་ཤེས་ཐམས་ཅད་རྒྱས། དྭངས་མ་སྙིང་གའི་ཚེ་རྟེན་ལ་འུབ་ཀྱིས་འདྲིལ་བས་རྡོ་རྗེའི་སྲོག་ཐོབ་པར་བསམ་ཞིང་། ལས་མཐུན་གྱི་ཕྲེང་བ་བྱིན་གྱིས་བརླབས་པ་བཟུང་སྟེ་བཟླས་པ་ལ་རྩེ་གཅིག་ཏུ་འབད། ཚེ་བསྡུ་བའི་དུས། རང་གི་བླ་འཁྱམས་པ་ཐམས་ཅད་དབྱངས་ཡིག་བཅུ་དྲུག ། ཚེ་ཉམས་པ་དང་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འཆི་མེད་བདུད་རྩི། སྲོག་གི་དྭངས་མ་རླུང་ལྔ་འོད་ཟེར་གྱི་རྣམ་པར་བསྡུ་བར་བྱ། བཟླས་པའི་སྐྱོན་ལྔ་སྤང་། ངག་ཁོར་ཡུག་ཏུ་བཅད།

p. 710

མེ་དང་ཉི་མ་ལ་མི་སྡོད། སྟན་གྱི་དྲོད་མ་ཡལ་བར་བྱ། བཅུད་ལེན་དང་འབྲེལ་ན་མཆོག་ཡིན། ཐུན་དང་ཐུན་མཚམས་ཐམས་ཅད་དུ་ལྷ་དང་རང་སེམས་དབྱེར་མེད་འཆི་མེད་གཉུག་མ་ཟང་ཐལ་དུ་བསྐྱང་། ཐུན་ཞབས་སུ་ཚེ་འགུགས་བསྐུལ་བའི་རྗེས་ཚེ་བཅུད་དྭངས་མ་རླུང་གི་སྟོག་རྟེན་ལ་ཐིམ་པས་ཚེའི་སྲོག་ཕུར་ཐེབས། ཉི་ཟླ་ཁ་སྦྱོར་ཤིན་ཏུ་མཁྲེགས་པ་སྲུབ་མེད་པའི་ཕྱི་རོལ་སྣ་ཚོགས་རྡོ་རྗེའི་རྭ་སྟེང་དུ་མདུད་པ་རྡོ་རྗེ་ཕྱེད་པའི་ཟེར་གྱིས་བཏབ་པས་ཅིས་ཀྱང་མི་ཤིགས་པར་བསམ་ལ་རང་རིག་པའི་ངང་དུ་རྒྱས་གདབ། བསྙེན་པའི་ཚད་ནི། རྒྱུད་ལས། འབུམ་ཚོ་རེ་བཟླས་ལོ་རེའི་བར་ཆད་སེལ༔ འབུམ་ཕྲག་བཞི་ཡིས་ཚེ་ཡི་དངོས་གྲུབ་ཐོབ༔ འབུམ་ཕྲག་བཅུ་བཟླས་འཆི་མེད་རིག་འཛིན་འགྱུར༔ ཞེས་གསུངས་པས། རྩ་བའི་སྙིང་པོ་ཇི་ཙམ་ནུས་ཀྱི་བར་དང་། ཐོད་ཕྲེང་རྩལ་ལས་སྔགས་སྦྲེལ་བ་བསྙེན་པའི་བཅུ་ཆ་ཙམ་དུ་བཟླ། དེ་ལྟར་བརྩོན་པས་རབ་དངོས་དང་། འབྲིང་ཉམས། ཐ་མ་རྨི་ལམ་དུ་རིགས་འདུས་ཚེ་ལྷའི་ཞལ་མཐོང་བ། ཛཔྲ་སྒྲ་ཐོས་པ། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ། གཞན་ཡང་རྨི་ལམ་དུ་ཉི་ཟླ་ཤར་བ། ཆུ་བོ་རྒྱས་པ། རྩི་ཤིང་ལོ་ཏོག་ཆེས་ཆེར་འཕེལ་བ། ཟམ་པ་འཛུག་པ། དཀར་མངར་ཤིང་ཏོག་བདུད་རྩི་སོགས་ཁ་ཟས་བཟང་པོ་བཟའ་བཏུང་བྱེད་པ། མདའ་དང་སཱཙྪ་རྙེད་པ་སོགས་རྨིན་བཟང་། དངོས་སུ་ཡང་ལུས་ཁམས་ཉམས་

p. 711

པ་སོར་ཆུད་པ་དང་། དབང་པོ་དྭངས་པ། སྤོས་དང་མར་མེ་སོགས་ཡུན་དུ་ཐུབ་པ། དྲི་བཟང་པོ་འཐུལ་བ། ཁ་ཟས་གང་ཟོས་ཀྱང་རོ་བཅུད་སྔར་ལས་ཆེ་ཞིང་ལུས་སེམས་ལ་ཕན་པ་སོགས་དགེ་བའི་རྟགས་མང་དུ་འབྱུང་། དེ་ལྟ་བུའི་རྟགས་མཐོང་ནས་ཚེའི་སྒྲུབ་རྫས་ལས་དབང་དང་དངོས་གྲུབ་བླང་། ཚོགས་དང་དགའ་སྟོན་རྒྱ་ཆེར་སྤེལ། རྒྱུན་དུ་ལྷ་སྔགས་ནར་མར་ཉམས་སུ་བླང་བར་བྱ་སྟེ། གཏེར་ཆེན་ཉིད་ཀྱི་གསུང་ལས། དེ་ལྟར་སྒྲུབ་པའི་མཚམས་ཐེམས་ནས་རང་དོན་དུ་ཉམས་སུ་བླང་བའི་ཕྱིར་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་བརྒྱ་རྩ་རེ་ནམ་མ་ལངས་པའི་གོང་དུ་མི་ཚིག་མ་འདྲེས་པར་བཟླའོ། །ཚེའི་སྲུང་བ་རྡོ་རྗེ་གོ་ཆ་གསེར་གྱི་བྲིས་ལ་གདག་གོ ། འདིའི་ཡོན་ཏན་ནི། བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྗེ་ཐམས་ཅད་རང་རྒྱུད་ལ་བབས་ནས་བྱིན་གྱིས་རློབས༔ ཉམས་དང་རྨི་ལམ་དུ་གྲུབ་རྟགས་ཐུན་མོང་དང་ཐུན་མོང་མ་ཡིན་པ་འབྱུང་། ཚེའི་བར་ཆད་ཐམས་ཅད་ཟློག །བཅུ་ཐུབ་པ་བརྒྱ་ཚོར་འགྱུར། དབང་ཐེབ་རེས་ས་ཐེབ་རེ་ནོན་པའི་ཡོན་ཏན་ཡོད། ཨུ་རྒྱན་པདྨའི་དབང་སྒྲུབ་ཚེ་དང་སྦྱར་བའི་ལག་ལེན་ཞག་རེ་མ་བྱེད་ཀྱང་རུང་། བདུན་གསུམ་བྱེད་ཀྱང་རུང་། རྩ་བ་གསུམ་གྱི་ལས་སྦྱོར་དང་སྦྱར་བ། ལག་ལེན་ཡོངས་སུ་བདེ་བའི་པྲ་ཁྲིད་ཁྱེར་བདེ་བའོ། ། ཞེས་གསུངས་པ་ལྟར་རོ།། །།] ༈ ། [གཉིས་པ་གཞན་དོན་དུ་དབང་བསྐུར་བའི་རིམ་པ་

p. 712

ལོགས་སུ་བཤད་པ་ལས་ཤེས་པར་བྱའོ།། །།] ༈ ། [གསུམ་པ་གཉིས་ཀའི་དོན་དུ་ལས་ལ་སྦྱོར་བ་ལ། འཆི་བ་བསླུ་བའི་སྒོ་ནས་ཚེ་བསྲིང་བ་དང་། རྒྱས་པའི་སྲེག་བླུགས་ཀྱི་སྒོ་ནས་ཚེ་སྤེལ་བ་གཉིས་ལས། དང་པོ་ནི། གུང་དུ་ཚེ་རྟེན་གྱི་དཀྱིལ་འཁོར་ལེགས་པར་བཤམས་པའི་མདུན་དུ། འབྱུང་ལྔའི་རྟེན་འབྲེལ་མཚོན་པའི་ས་སྤྱིན་བཟང་པོ་དང་འབྲུ་སྣའི་ངར་ཕྱེ་ལ། ཚ་སྣ་གསུམ། ཚ་བ་གསུམ། དར་ལྗང་གུ ། ཤེལ་རང་བྱུང་། གཞན་ཡང་འབྲུ་སྨན་དཀར་མངར་བཅས་བསྲེས་པ་ལས་བསྒྲུབ་བྱའི་འདྲ་གླུད་སྐྱེ་མཆེད་དོད་ཅིང་ལུང་ཏང་གི་མིག་སོགས་རྫས་དང་ལྡན་པ་མཛེས་བརྗིད་ཅན་ལ། ནམ་མཁའ་དང་རྒྱང་བུ་བཙུག ། མདའ་བཀྲ། འཕང་བཀྲ། ཤིང་རིས། གཏོར་མ། ཏིང་ལོ། ཆངས་བུ། ཤ་ཆང་། འབྲུ་སྣ་དར་ཟབ་བྱ་གཅན་རི་དྭགས་གཡུང་དྭགས་ཀྱི་གཟུགས་སོགས་དཀོར་ཆ་སྣ་ཚོགས་པས་བསྐོར། སོ་སོའི་ལུས་དྲི་མ་དང་བསྲེས་པའི་གླུད་ཕྲན་ཆངས་བུ་རིལ་བུ་བཅས་མང་དུ་འདུ་བྱས་ལ། ཚེ་སྒྲུབ་ཀྱི་གཞུང་བསྲངས་ཏེ་བཟླས་པ་ཅི་མང་མཐར་ཚེ་འགུགས་བསྐུལ། དེ་ནས་ཡས་ལ་བསང་ཆུ་འཐོར་ཞིང་།] རཾ་ཡཾ་ཁཾ་[གིས་མ་དག་པའི་དངོས་པོ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་བར་བསམ་ཞིང་།]ཨོཾ་ཨཱཿཧཱུཾ་[གིས་བྱིན་གྱིས་བརླབ། བྱེ་བྲག་ཏུ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ་པ་ལ། ཆོས་ཉིད་རྣམ་

p. 713

དག་ནི། ཝལ་མོ་ཁོང་སྟོང་སྙིང་གར་སྦྱར་ཏེ།] ཨོཾ་སྭ་བྷཱ་བ་ཤུངྔྷཿ སརྦ་དྷརྨཱཿ སྭ་བྷཱ་བ་ཤུངྔྷོ་ཉཧཾ། [ལན་གསུམ་མམ་བདུན་བརྗོད།] རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། [ནམ་མཁའ་མཛོད་ནི། ཐལ་མོ་ཁོང་སྟོང་དུ་སོར་རྩེ་སྤྲད་པའི་ཚིག་རྣམས་བཅག་པ་སྨིན་མཚམས་སུ་བཞག་ལ།] ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱོཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བསམ། བདུད་རྩི་ཐབས་སྦྱོར་ནི། ཐལ་མོ་ཁ་སྦྱར་བ་ཕྱིར་བསྐྱེད། མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་བཞག་ལ།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར་པར་[བསམ། རྒྱལ་ཆེན་ཤུགས་ལྡན་ནི། གཡས་རྡོ་རྗེ་ཁུ་ཚུར་བཅངས་པའི་མཛུབ་མོ་སྒྲེང་། གཡོན་པས་གནོན་བྱས་ལ།] ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་[བསམ། ཡེ་ཤེས་སྐར་མདའ་ནི། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས་ཤིང་། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་བྱས་ལ།] ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿ

p. 714

ས་མནྟ་སྥར་ཎ་རསྨིབྷ་བ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲིད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ཐམས་ཅད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་[བསམ། དབང་སྒྱུར་འཁོར་ལོ་ནི། ལག་གཉིས་ཀྱི་སོར་མོ་ནང་དུ་བསྣོལ་ནས་མཁྲིགས་མ་སྦྱར། མཐེ་བོང་གཉིས་གཤིབ་སྟེ་སྒྲེང་བ་སྤྱི་བོར་བཞག་ནས།] ན་མ༔ སམནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མཧཱ་ས་མ་ཡ་སྭཱཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་འདུས་པར་[བསམ། དེ་ལྟར་སྔགས་རྣམས་ལན་གསུམ་མམ་བདུན་རེ་བརྗོད་པའི་ཕྱག་རྒྱ་བཀྲོལ་བ་ན་སེ་གོལ་བྱའོ། །]ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། ། དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །[ཅེས་བདེན་པའི་སྟོབས་བརྗོད། མགྲོན་དགུག་པ་ནི།] ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ ཆོས་ཅན་ཆོས་ཉིད་བདེན་པའི་མཐུས༔ བསྒྲུབ་བྱའི་བླ་རྐུ་སྲོག་ལ་འཇབ༔

p. 715

ཚེ་དང་མདངས་འཕྲོག་འབྱུང་པོའི་ཚོགས༔ ཞི་བའི་སེམས་ཀྱིས་འདིར་ཁུག་ཅིག༔ བདག་གིས་བསྒོ་བའི་བཀའ་ལ་ཉོན༔ ཕན་པའི་སེམས་ཀྱིས་གནས་པར་གྱིས༔ ཊ་ཀི་ཧཱུཾ་ཛཿ སརྦ་བིགྷྣཱན་ཨཾ་ཀུ་ཤ་ཡ་ཛཿ ཛཿ [ཞེས་ལན་གསུམ་སོགས་ཀྱིས་མགྲོན་བཀུག་སྟེ་དགའ་ཞིང་གུས་པས་མདུན་དུ་འཁོད་པར་བསམ། གླུད་ཀྱི་སྨྲེང་ནི།] ཧཱུྃ༔ སྟོང་གསུམ་ཁམས་ན་གནས་བཅས་ཤིང་༔ སྟེང་འོག་བར་གསུམ་འཁད་པ་ཡི༔ ལྷ་ཀླུ་ས་བདག་མཐུ་བོ་ཆེ༔ སྤར་སྨེ་ལོ་ཟླ་དུས་ཚོད་དང་༔ འབྱུང་ལྔ་ལ་དབང་དྲེགས་པ་ཅན༔ བདུད་དང་གཤིན་རྗེ་མན་ཆད་ནས༔ ཡི་དྭགས་ཕྲ་མོ་ཡན་ཆད་རྣམས༔ རྒྱུ་སྦྱོར་སྦིན་པའི་བདག་པོ་ལ༔ སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་༔ བླ་ལ་བརྐུ་ཞིང་སྲོག་ལ་རྔམས༔ ཚེ་ལ་བར་དུ་གཅོད་པ་ཀུན༔ རིགས་འདུས་ཚེ་དཔགམེད་པ་ཡི༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ རིན་ཆེན་འབྲུ་མཆོག་ངར་གྱི་མི༔ ནམ་མཁའི་སེམས་ལ་ཞོ་ཤའི་སྙིང༔ དུང་གི་རུས་ལ་བསེ་ཡི་ཤ༔ མཚལ་གྱི་ཁྲག་ལ་མེ་ཡི་དྲོད༔ རླུང་གི་དབུགས་ལ་ཆུ་ཡི་ཁམས༔ ཟེར་

p. 716

མོའི་སྐྲ་ལ་མུ་ཏིག་ཀླད༔ ལུང་ཐང་མིག་ལ་མགྲོན་བུའི་སོ༔ ལེ་བརྒན་ལྕེ་ལ་དབང་པོའི་ལག༔ ཟངས་ལྕགས་རྐང་ལག་དར་ཟབ་གོས༔ རིན་ཆེན་རྒྱན་ཆ་དཀོར་ཆའི་ནོར༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ གཟུགས་མཛེས་གོམ་སྟབས་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ནི་རྟོག་དཔྱོད་ཧྲིགས་སེ་ཧྲིག༔ བཅས་བཅས་དེ་ནི་བརྡར་བརྡར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ བརྒྱན་བརྒྱན་དེ་ནི་སྤུངས་སྤུངས་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ བཙལ་བཙལ་དེ་ནི་བསགས་བསགས་ནས༔ རྒྱལ་པོའི་བང་མཛོད་ཕྱེས་པ་འདྲ༔ དེ་འདྲའི་གླུད་བཟང་ངོ་མཚར་ཅན༔ མི་བས་གླུད་འདི་མི་དགའ་རྒྱུ༔ དངོས་ལས་ཡོན་ཏན་དུ་མས་འཕགས༔ ནོར་ལས་དཀོར་འདི་མི་རྔམས་རྒྱུ༔ ཅི་འདོད་འབྱུང་ཞིང་ཟད་མི་ཤེས༔ མང་པོར་ཏིང་འཛིན་མཐུ་ཡིས་སྤྲུལ༔ སོ་སོར་ཐོབ་པ་སྔགས་ཀྱིས་སྤེལ༔ ཕྱག་རྒྱས་འཐབ་རྩོད་ཉེ་རིང་མེད༔ ཕུང་ཁམས་སྐྱེ་མཆེད་མཛེས་ཤིང་བརྗིད༔ ནམ་མཁའ་འོད་ལྔའི་པ་ཏྲ་འཁྱིལ༔ ལུས་ངག་ཡིད་གསུམ་རྒྱང་བུས་མཚོན༔

p. 717

ཐབས་ཤེས་ཕོ་མོའི་གདོང་པ་དང་༔ མདའ་བཀྲ་འཕང་བཀྲ་ལྡེམས་སེ་ལྡེམ༔ ཤིང་རིས་སྲིད་པའི་མིག་བསྒྱུར་ཆེ༔ དཀོར་ཆ་འདོད་ཡོན་བསམ་མི་ཁྱབ༔ དེ་བས་མདོས་གླུད་བཟང་པོ་འདི༔ དགའ་ཞིང་མགུ་བས་ད་ལོངས་ལ༔ ཞི་ཞིང་མཛའ་བའི་སེམས་ཀྱིས་ནི༔ སྦྱིན་བདག་བླ་སྲོག་ཚེ་གསུམ་ལ༔ བཟུང་བ་ཐོངས་ལ་བཅིངས་པ་འཁྲོལ༔ བསྡམས་པ་གློད་ལ་མནན་པ་ཐེག༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ [ཅེས་གྱེར་ལ།] བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། ། འཇམ་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། ། [ཞེས་དང་།]སམྦྷ་ར་[ལན་བདུན་སོགས་ཀྱིས་བསྔོས་ཏེ།] ཀྱེ༔ སྲིད་གསུམ་འདི་ན་སུ་ཡང་རུང་༔ བསྒྲུབ་བྱའི་ཚེ་ལ་བར་གཅོད་པའི༔ སྔོན་ལས་འཕྲལ་རྐྱེན་གདོན་བགེགས་རིགས༔ འཆི་བདག་གཤིན་རྗེ་མན་ཆད་ནས༔ ཐེའུ་རང་ཕྲ་མོ་ཡན་ཆད་ཀུན༔ བྱམས་པའི་སེམས་ཀྱིས་གནས་འདིར་འདུས༔ དགའ་བའི་མིག་གིས་གླུད་ལ་ལྟོས༔ སྙིང་རྗེས་

p. 718

མ་གདུང་བུ་ཡི་ཚུལ༔ ཚེ་རབས་འབྲེལ་བའི་བདེན་པ་སོམས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ བྱིན་རླབས་རྟེན་འབྲེལ་ནུས་པའི་རྫས༔ མི་བས་དགའ་བའི་གླུད་བཟང་པོ༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་འདི༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ ཤ་རིན་ཁྲག་ཚབ་སྲོག་གི་གླུད༔ མཐུན་པའི་རྫས་སུ་ད་ལོངས་ཤིག༔ སྲེད་དང་ཆགས་དང་ཞེན་པ་སྤོངས༔ དྲན་དང་བཟུང་དང་བསམ་དང་རེག༔ ཞི་དང་གློད་ལ་གྲོལ་བར་མཛོད༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ [ཞེས་བརྒྱ་རྩའམ་ལོ་གྲངས་སོགས་ཚར་ཅིང་ཅི་རིགས་བསགས་ཤིང་། སྐབས་སུ་ཚེ་བསྙེན་མང་དུ་བཟླས་ལ།] ན་མོ༔ ཚེ་དཔག་མེད་ཀྱི་བདེན་པ་དང་༔ རིགས་སྔགས་ཟབ་མོའི་བྱིན་རླབས་ཀྱིས༔ འབྱུང་པོ་གདུག་པའི་ཚོགས་རྣམས་ཀུན༔ མདོས་དང་གླུད་ཀྱིས་རབ་ཏུ་ཚིམས༔ ཕན་བདེ་བྱང་ཆུབ་སེམས་དང་ལྡན༔ སྦྱིན་བདག་བླ་ཚེ་རང་སོར་ཆུད༔ ཚེ་བསོད་དཔལ་འབྱོར་བདེ་ལེགས་འཕེལ༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་ཤོག༔ [ཅེས་བརྫོད་ཅིང་མེ་ཏོག་འཐོར།

p. 719

དེ་ལྟ་བུ་གྲངས་རྫོགས་པ་ན་མལ་བསྟན་པ་ནི། མདོས་ཡས་ཁ་ཕྱིར་བསྒྱུར། མར་མེ་སྦར་ཞིང་རྫོང་བཏབ་ལ།] ཧཱུྃ༔ ད་ནི་གཤེགས་སོ་སོ་སོར་གཤེགས༔ ད་ནི་བཞུད་དོ་རང་གནས་བཞུད༔ ཡས་གླུད་བཟང་པོ་འདི་ཁྱེར་ལ༔ དགའ་ཞིང་བྱམས་པའི་སེམས་བསྐྱེད་ནས༔ ཕྱི་མིག་མ་བལྟ་བདེ་བར་དེངས༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ བདག་ཉིད་རྟ་མཆོག་ཧེ་རུ་ཀ༔ སྤྲུལ་པའི་ཁྲོ་བའོ་ཚོགས་བཅས་ཀྱིས༔ ཁྱེད་རྣམས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ སརྦ་བིགྷྣཱན་གཙྪ༔ [ཞེས་དང་དྲག་སྔགས་དང་ཐུན་གྱིས་གཟིར། མདོས་གླུད་ཆུ་བོའི་གཞུང་ངམ་འདྲེ་ལྔ་བདུད་གཅོད་ཀྱི་སར་རྒྱང་རིང་དུ་བསྐྱལ། བསྲུང་འཁོར་བསྒོམ། བསྒྲུབ་བྱ་ལ་སྤྲོ་ན་ཚེ་དབང་བསྐུར་བའམ། ཚེ་འགུགས་བསྐུལ་ལ་རྒྱས་གདབ་ཅིང་བཀྲ་ཤིས་རྒྱས་པར་བརྗོད་པས་གྲུབ་བོ། ། ། །] ༈ ། [ཡང་འདི་དང་འབྲེལ་བར་བླ་བསླུའི་ཆོ་ག་མདོར་བསྡུས་བྱ་བར་འདོད་ན། གུང་དུ་ཚེ་རྟེན་གྱི་དཀྱིལ་འཁོར་བཤམས་པའི་མདུན་སོགས་ཕྱོགས་གང་བདེར། རིན་པོ་ཆེའི་སྣོད་ཆུ་སྣས་བཀང་བར་བླ་ལུག་ཕོ་མོའི་སྐྱེ་མཆེད་དོད་པར་བཟོས་པའི་ཁོག་པར་གྲོ་གའམ་ཤོག་གུར་གསེར་རམ་མཚལ་གྱིས་བསྒྲུབ་བྱའི་མིང་

p. 720

བྱང་བྲིས་པ་དང་། བླ་གཡུ། ནས་དཀར་ལོ་གྲངས་བཅས་དར་དམར་གྱིས་དྲིལ་བ་བཅུག་སྟེ་བཞག་པ་དང་། ཉེ་ལོགས་སུ་བསྒྲུབ་བྱའི་འདྲ་གླུད་ཡས་སྟག་རྣམས་སྔར་བཤད་པ་བཞིན་འདུ་བྱས་ལ། ཚེ་སྒྲུབ་ཀྱི་གཞུང་བསྲངས་ཏེ་བཟླས་པ་དང་།] ཨོཾ་རྫབ་རྫབ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀ་ཁུག་ཛཿ ཛཿ [ཞེས་བཏགས་པ་ཅི་མང་བཟླས་མཐར་ཚེ་འགུགས་བསྐུལ། དེ་ནས་ཡས་གླུད་བྱིན་གྱིས་བརླབས་ནས་བསྔོ་བའི་བར་གོང་བཞིན་བཏང་ལ་ལོ་གྲངས་སོགས་ཚར་ཅི་རིགས་བསགས་རྗེས།] རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས། གདོན་བགེགས་རྣམས་ལ་ཕོག་པས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་བྱས། འོད་ཟེར་ཚུར་འདུས་པས་བླ་ཚེ་ཉམས་པ་ཐམས་ཅད་འོད་དང་ཐིག་ལེ་ཡི་གེའི་རྣམ་པར་རྟེན་དང་བསྒྲུབ་བྱར་ཐིམ་པས་བླ་ཚེ་སོར་ཆུད། བཀྲག་མདངས་རྒྱས་ཤིང་བརྟན་གཡོའི་ཚེ་བཅུད་ཐོབ་པར་[བསམ་ལ། མདའ་དར་གཡབ་ཅིང་ཚེ་འགུགས་མཐར་གོང་གི་སྔགས་ཅི་རིགས་པ་བཟླ་ཞིང་། བར་སྐབས་སུ།] ན་མོ། མཆོག་གསུམ་རྩ་བ་གསུམ་གྱི་བྱིན་རླབས་དང་། །དྲང་སྲོང་རིག་འཛིན་ལྷ་ཡི་བདེན་ཚིག་དང་། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཡིས། །

p. 721

རྟེན་འབྲེལ་ལེགས་ཉེས་མ་འདྲེས་གསལ་གྱུར་ཅིག ། [ཅེས་དང་རྟེན་འབྲེལ་སྙིང་པོ་བཟླ་བཞིན་བླ་ལུག་བསྐོར་བས་ལན་གཅིག་མ་ཡན་པར་རྟེན་ལ་ཁ་ཕྱོགས་ན་ཁུག་པའི་རྟགས་སོ། །མཐར་གླུད་རྫོང་བཏབ་ལ་ལམ་བསྟན་ཏེ་ཡས་གླུད་ཕྱི་རོལ་དུ་བསྐྱལ། དྲག་སྔགས་སོགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ། སླར་ཡང་ཚེ་དབང་བསྐུར་བའམ་ཚེ་འགུགས་བསྐུལ་བ་བླ་རྟེན་རྣམས་བསྒྲུབ་བྱའི་ལག་ཏུ་གཏད་དེ་རྒྱུན་དུ་འཆང་བར་གདམས། བཀྲ་ཤིས་རྒྱས་པར་སྤེལ་བས་གྲུབ་བོ།། །།] ༈ ། [གཉིས་པ་རྒྱས་པའི་སྲེགས་བླུགས་ཀྱི་སྒོ་ནས་ཚེ་སྤེལ་བ་ནི། ཤིས་པའི་ས་ལས་ཐབ་སྟེགས་གྲུ་བཞི་པའི་ངོས་སུ་རྡུལ་ཚོན་སེར་པོས་ཐབ་ཁུང་ཁྲུ་གང་གྲུ་བཞི་པའི་ལྟེ་བར་རིན་པོ་ཆེས་མཚན་པ། དེ་རྒྱབ་མཆུ་དང་ཁ་ཁྱེར་སོར་བརྒྱད་རེ་བཅད་པར་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་རིན་པོ་ཆེའི་ཕྲེང་བ། དེ་རྒྱབ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་མགོ་ཕྱིར་བསྟན་དུ་བྲིས་ལ་མེ་ཏོག་སེར་པོ་གཅལ་དུ་བཀྲམ། འཕྲུལ་མགྱོགས་ལྟ་བུར་བྲིས་ཐབ་མི་འགྲུབ་ན་ཐབས་སྟེགས་སེར་པོ་གྲུ་བཞི་པའི་དབུས་སུ་མེ་ཏོག་སེར་པོའི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་། གང་ལྟར་ཡང་དེར་ཡམ་ཤིང་གི་རྒྱུ་ལས་བྱུང་བའི་བུད་ཤིང་ཁྲུ་གང་བས་གྲུ་བཞིར་བརྩིག །རང་གི་གཡོན་ཕྱོགས་སུ་མཆོད་གཏོར་སྨན་རཀ་ཆུ་གཉིས་ཉེར་སྤྱོད། འབུལ་གཏོར་སེར་པོ་གྲུ་བཞི་པད་འདབ་ཅན་རྒྱན་

p. 722

ལྡན། གཡས་ཕྱོགས་སུ་བསྲེག་རྫས་ཡམ་ཤིང་སྟར་གའམ་ཤུག་པ་སོགས་འབྲས་བུ་ཅན་གྱི་ཤིང་མཐེ་བོང་གི་ཚད་ཁྲུ་གང་བ་སྦྲང་དང་མར་ཁུས་ཉུག་པ། འབྲུ་མར་གྱི་ཁུ་བ། རིན་ཆེན། འབྲུ་སྣ་གོས་སྣ་སོགས་ཅི་འབྱོར་པ་དང་། ཁྱད་པར་གྱི་རྫས་དཱུརྦ་མང་དུ་བསགས། མདུན་དུ་རྡོར་དྲིལ། དགང་བླུགས། བསང་ཆུ་རྣམས་བཞག །སྒྲུབ་པ་པོ་ཆས་གོས་སེར་པོ་བགོས་ཏེ་འཇམ་པའི་སྟན་ལ་ཁ་བྱང་དུ་ཕྱོགས་པར་བཟང་པོའི་འདུག་སྟངས་ཀྱིས་འཁོད་དེ་ལྷའི་རྣལ་འབྱོར་ལ་གནས་པས། བསང་ཆུ་རྟ་སྔགས་ཀྱིས་བྱིན་བརླབ་ལ།] ཨོཾ་མཧཱ་བཛྲ་ཧཱུྃ་[གིས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།]ཨོཾ་བཛྲ་གཎྜེ་ཨཱཿ[ས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།] ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་[གིས་རྡོར་དྲིལ་བསྣོལ་བའི་འཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང་། མཆོད་རྫས་རྣམས་ལས་བྱང་ལྟར་བྱིན་བརླབ། བསྲེག་རྫས་ལ་བསང་ཅུ་འཐོར་ཞིང་།] རཾ་ཡཾ་ཁཾ་[གིས་སྦྱང་།] སྟོང་པའི་ངང་ལས་བསྲེག་རྫས་ཀུན། །ངོ་བོ་ཟག་མེད་བདུད་རྩི་ལ། །རྣམ་པ་ལྷ་ཚོགས་དགྱེས་སྐོང་རྫས། །ཟག་མེད་འདོད་ཡོན་ཆར་འབེབས་གྱུར། །ཨོཾ་ཨཱཿཧཱུྃ་[ལན་གསུམ་གྱིས་བྱིན་བརླབ།] ཨོཾ་ཨགྣེ་ཛྭ་ལ་རཾ། [ཞེས་མེ་དུ་བ་མེད་པར་འབར་བ་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །]ཧཱུྃ་ཧཱུྃ་ཧཱུྃ་[བརྗོད་ཅིང་རླུང་

p. 723

གཡབ་ཀྱིས་མེ་སྦར།] ཧཱུྃ་[ལན་བདུན་གྱིས་བླུགས་གཟར་གྱི་མར་ཁུས་མེ་གསོ། ཐབ་རྟ་སྔགས་ཀྱིས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་རང་མདུན་དུ། །བྷྲཱུྃ་ལས་རྒྱས་པའི་ཐབ་ཁུང་ནི། །ཚད་དང་མཚན་ཉིད་ཡོངས་རྫོགས་པ། །མེ་ཕུང་སེར་གསལ་འབར་བའི་དབུས། །སྣོད་བཅུད་རྣམ་དག་ཚེ་ཡི་ཞིང་། །རང་བྱུང་ལྷུན་གྲུབ་[སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་ལ།] ཚེ་བདག་དགྱེས་པའི་ལྗགས་དང་ནི། །གཟར་བུའི་ཁ་ལ་ཧྲཱིཿཡིས་མཚན། །བདུད་རྩིའི་རྒྱུན་གྱིས་རབ་མཉེས་ཏེ། །འཆི་མེད་དངོས་གྲུབ་སྟེར་བར་གྱུར། །[ཅེས་དམིགས་ལ་རྩ་སྔགས་ཀྱིས་དགང་བླུགས་བདུན་ལ་སོགས་པ་འབུལ་ཞིང་། སྤྱི་དྲིལ་ལས་སྔགས་ཤམ་བུ་ཅན་གྱི་མཐར།] བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། [ཅེས་གསོལ་ལ་མེ་པྲ་བརྟག །དེ་ནས་ཡམ་ཤིང་དང་མར་ཁུ་ལ་སོགས་པའི་བསྲེག་རྫས་གཞན་རྣམས་རྩ་སྔགས་ལ།] ཛྭ་ལ་རཾ་ཨཱ་ཡུརྫྙཱ་ན་སིདྡྷི་ཧོཿ [ཞེས་བཏགས་པ་ཁོ་ནས་འབུལ་ཞིང་། བར་སྐབས་སུ་སྤེལ་ཚིག་ཀྱང་གོང་བཞིན་ལས།]

p. 724

མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། [ཞེས་སྦྱར། རྫས་རྣམས་རྫོགས་མཐར་ཡུངས་ཀར་ལ་རྩ་སྔགས་བཟླས་པ་ཐབ་ཏུ་འཐོར་ཞིང་དགང་བླུགས་སྐབས་ལྟར་ཕྲིན་ལས་གསོལ།] དེ་ལྟར་བསྲེག་རྫས་བདུད་རྩིའི་དྭངས་མ་དགྱེས་པ་ཆེན་པོས་བཞེས་ཏེ་མཉེས་ཤིང་ཚིམས་ནས་འབར་བའི་འོད་ཟེར་གསེར་མདོག་འདོད་རྒུ་རིན་པོ་ཆེའི་རང་བཞིན་ཅན་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་བདག་གཞན་གྱི་ཚེ་བསོད་དཔལ་ཡོན་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡིད་བཞིན་རྩོལ་མེད་དུ་འགྲུབ་པར་[མོས། སླར་ཡང་གོང་བཞིན་དགང་བླུགས་ལན་གསུམ་དུ་ཕུལ་ལ་མཆོད་ཅིང་བསྟོད། གཏོར་མ་རྩ་སྔགས་ལ།] ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱཧི་ཁཱཧི། [བཏགས་པ་ལན་གསུམ་གྱིས་དབུལ་ཞིང་།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །[ཞེས་སོགས་ཀྱིས་འདོད་དོན་གསོལ།] འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ། །སྲེག་བླུགས་དམ་ཚིག་ལས་འདས་ཤིང་། །ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས། །ཉེས་པའི་ཚོགས་རྣམས་བཟོད་མཛད་གསོལ། །[ཞེས་དང་ཡིག་བརྒྱས་ནོངས་པ་བཤགས།] ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། [ཅེས་སོགས་ནས།] བཛྲ་མུཿ[ས་ཡེ་ཤེས་པ་གཤེགས།

p. 725

དམ་ཚིག་པ་རང་ལ་བསྡུ། མེ་རང་ཞིར་བཏང་སྟེ་ཐལ་སོལ་རྣམས་བང་མཛོད་དུ་སྦ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །བཀའ་བབས་བྱིན་རླབས་ངད་རླངས་མ་ཡལ་བའི། །ངོ་མཚར་དོན་ཟབ་བདུད་རྩིའི་ཉིང་ཁུ་ནི། །ཟེག་མ་ཙམ་གྱིས་སྲོག་གི་ཟུངས་སྟེར་བ། །འདི་ཀོ་སྐལ་བཟང་བགོ་སྐལ་གཅིག་ཏུ་རྙེད། །ཚུལ་དེའི་ཕྲིན་ལས་གསལ་བདེར་བརྗོད་པ་ལས། །ཡོངས་ཐོབ་ཕུལ་བྱུང་བསོད་ནམས་གྲུ་ཆར་རྒྱུན། །རིང་ལུགས་དབྱར་གྱི་གངྒཱ་སླར་འཕེལ་བའི། །རྒྱུར་སྨིན་ཕན་བདེའི་དགའ་སྟོན་རྒྱས་བྱེད་ཤོག །དེ་ལྟར་བླ་མ་ཚེ་དཔག་མེད་སྦྲགས་སྒྲུབ་ཀྱི་ཕྲིན་ལས་འཆི་མེད་གྲུབ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། །གཏེར་ཆེན་རྡོ་རྗེ་གླིང་པའི་རིགས་ཆོས་ཀྱི་བརྒྱུད་པ་འཛིན་པ་སྲིན་ཕུག་བླ་མ་འཇམ་དབྱངས་ཡེ་ཤེས་སེང་གེའི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་ནན་ཏན་ཆེན་པོས་བསྐུལ་བར་མཛད་པ་བཞིན། གཏེར་ཆེན་ཉིད་ཀྱི་ལྗགས་བསྒྲིགས་འཁྲུལ་མེད་ཀྱི་དགོངས་པ་རྩ་བར་བཟུང་ཞིང་ཁ་སྐོང་འོས་པ་རྣམས་རིགས་མཐུན་གྱི་གཏེར་ཁ་ལས་བླངས་ཏེ་རྣམ་གསལ་བཀླག་ཆོག་གི་ཚུལ་དུ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་དགུར་སོན་པ་ཆུ་ཕོ་འབྲུག་གི་ལོ་འབྲས་བུ་བཅུད་རྫོགས་ཀྱི་ཟླ་བའི་ཡར་ངོའི་ཚེས་གཅིག་ལ་ལྷ་ལྡན་ར་ས་འཕྲུལ་སྣང་གི་སྐྱེད་མོས་ཚལ་དུ་སྦྱར་བ་ལས་ཡི་གེ་པའང་བསྐུལ་བ་པོ་ཉིད་ཀྱིས་མཛད་པའོ། །འདིས་ཀྱང་བསྟན་འཛིན་རྣམས་

p. 726

ཀྱི་ཞབས་པད་ཡུན་རིང་དུ་བརྟན་ཅིང་། འགྲོ་བ་ཐམས་ཅད་འཆི་མེད་ཡེ་ཤེས་དྭངས་མའི་སྐུར་སྨིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།]

Pecha page