← Search

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ།

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

པད་གླིང་བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོ།

བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་པདྨའི་ལྗོན་ཤིང་ཁྲིགས་སུ་བསྡེབས་པ་རིག་འཛིན་དགོངས་རྒྱན།

p. 1

༄༅། །བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་པདྨའི་ལྗོན་ཤིང་ཁྲིགས་སུ་བསྡེབས་པ་རིག་འཛིན་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

p. 2

ཨོཾ་སྭསྟི་སིདྡྷཾ། ཇི་སྙེད་དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུའི་བདག །རྒྱལ་ཀུན་ཡེ་ཤེས་སྤྱི་གཟུགས་ཐོད་ཕྲེང་རྩལ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཁན་ཁྱོད་ཞབས་གང་། །བདག་སྙིང་པདྨོའི་ཟེའུ་འབྲུར་མི་འབྲལ་བསྟི། །ཐུགས་སྒྲུབ་བྱེ་བའི་ཡང་བཅུད་ལྷོ་གཏེར་གྱི། །ཟབ་བཅུད་མཐར་ཐུག་གསང་འདུས་ནོར་རྒྱམ་སྲོལ། །གཏེར་གཞུང་རྩ་བའི་དགོངས་དོན་མ་འཁྲུལ་བར། །རྣམ་གསལ་འཇུག་བདེའི་ཁྲིགས་སུ་བསྡེབས་ལ་སྤྲོ། །[དེའང་བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་པདྨའི་ལྗོན་ཤིང་ཉམས་སུ་ལེན་པ་ལ། སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་

p. 3

པ་སྟེ། ཐོག་མར་སྦྱོར་བའི་ཆོས་ལའང་རྣམ་གྲངས་བཅུ་གཅིག་ཏུ་ངེས་པ་ལས། དང་པོ་རྟེན་མཆོད་བཤམ་པ་ནི། ཡིད་དང་མཐུན་པའི་གནས་སུ་ཟླ་བ་ཡར་གྱི་ངོའི་ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ་སྒྲུབ་པའི་ཁང་པ་བྱི་དོར་བྱས་པར་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། དམ་ཚིག་གི་སྣང་བརྙན་སོགས་རྟེན་གྱི་དཀྱིལ་འཁོར་ཚུལ་བཞིན་ལེགས་པར་བཀྲམ་པའི་མདུན་དུ་གཏོར་མ་རིན་ཆེན་འབར་བ་ཁ་ཟས་བཟང་རྒུས་བྲན་པ་དང་། བདུད་རྩི་རཀྟ་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་ཕྱི་ནང་གི་མཆོད་པར་འོས་པའི་ཡོ་བྱད་རྣམས་བཟང་ཞིང་ཕུན་སུམ་ཚོགས་པ་བཀོད་པས་མཛེས་པར་བཤམ གཞན་ཡང་ཚོགས་དང་གཏོར་མ་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་མཐོང་བརྒྱུད་ཀྱི་ལག་ལེན་བཞིན་ཚང་བར་འདུ་བྱའོ། །གཉིས་པ་

p. 4

སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི།] རང་ཉིད་སྐད་ཅིག་གིས་དབང་ཆེན་དཔའ་བོ་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རིག་འཛིན་བླ་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ[ས་སད་པར་མོས་ལ།] ན་མོཿ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་སོགས་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ [ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།] ན་མོཿ སེམས་བསྐྱེད་འགྲོ་བ་གཞན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས་༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ [ཞེས་ལན་གསུམ་གྱིས་སེམས་བསྐྱེད། གསུམ་པ་ཚོགས་བསག་པ་ནི།] སྐུ་གསུམ་བླ་མ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ དུས་གསུམ་དགེ་ཚོགས་རྗེས་ཡི་རང་༔ བླ་མེད་གསང་སྔགས་ཆོས་འཁོར་བསྐོར༔

p. 5

མྱ་ངན་མི་འདའ་གཞན་དོན་བཞུགས༔ དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་[བསམ། བཞི་པ་བཀའ་བསྒོ་བ་ནི། བགེགས་ཀྱི་གཏོར་མ་བཤམ་ལ།] རྃ་ཡྃ་ཁྃ་གིས་བསྲེག་གཏོར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་[བལྟས་ལ།] ཨོཾ་ཨཱཿཧཱུྃ་ཧོཿ[ས་བྱིན་བརླབས།] སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ[ས་མགྲོན་རྣམས་བཀུག་པ་ལ།] སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིནྟེ་སྭཱཧཱ། [ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ།] ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་སྡོད་གྱུར་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ ཁྱོད་ཀྱི་ལུས་ངག་

p. 6

ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་རླག་པར་བྱེད༔ དེ་བས་འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀ་ཧྞ་ཧཱུྃ༔ གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོཿ བྷ་ག་ཝཱན༔ བཛྲ་བིདྱཱ་རཱ་ཙ་ཡ་ཧཱུྃ་ཕཊ༔ [ཅེས་བསྐྲད། ལྔ་པ་མཚམས་བཅད་པ་ནི།] ཧཱུྃ༔ ང་ནི་ཡེ་ནས་ངང་གི་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ [དྲུག་པ་བརྡ་སྒོ་དབྱེ་བ་ནི།] ཧྲཱིཿ སྣང་སྲིད་འཁོར་འདས་གཞལ་ཡས་ཁང་༔ སྣོད་བཅུད་གཟུགས་སྣང་ཡེ་ནས་ལྷ༔ གཉིས་འཛིན་ལོག་ལྟ་སྒོ་བཅད་ཅིང་༔ རང་གསལ་སྙིང་པོ་བརྡ་སྒོ་ཕྱེ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ [བདུན་པ་བརྡ་ཕྱག་འཚལ་བ་ནི།] ཧྲཱིཿ རིག་པ་རང་བྱུང་ཡེ་ཤེས་ལྷ༔ མ་རིག་རྟོག་པའི་རྐྱེན་དབང་གིས༔ ཡེ་ནས་རང་དང་གཉིས་མེད་པས༔ རང་ངོ་ཤེས་པས་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ[བརྒྱད་པ་དམ་ལ་བཅའ་བ་ནི།] ཧྲཱིཿ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ དུས་གསུམ་འབྲལ་མེད་དཀྱིལ་འཁོར་འདི༔ བདག་དང་གཉིས་མེད་ཡོངས་རྫོགས་ལྷ༔ སྲོག་གི་ཕྱིར་ཡང་མི་སྤོང་བསྒྲུབ༔

p. 7

བཛྲ་ཙིཏྟ་ས་མ་ཡ་ཏིཥྛ་ཧཱུྃ༔ [དགུ་པ་བྱིན་དབབ་པ་ནི། བླ་མ་རིག་འཛིན་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས་ལ།] ཧཱུྃ༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ སྐྱེ་འགགས་འགྱུར་མེད་སྤྲོས་དང་བྲལ༔ ཐུགས་རྗེ་དམ་བཅའ་མི་གཡེལ་བར༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ མི་མངོན་དབྱིངས་ནས་འདིར་གཤེགས་ཤིག༔ གསང་བའི་དཀྱིལ་འཁོར་འདིར་བཞུགས་ལ༔ དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་ཛཿ གུ་རུ་དེ་བ་ཌཱ་ཀི་ནཱི་བྷ་ག་ཝཱན་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ[ཞེས་སྤོས་དང་རོལ་མོར་བཅས་པས་བྱིན་དབབ་བོ། །བཅུ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི།] ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ[གིས་མཆོད་རྫས་ཐམས་ཅད་སྟོང་པར་སྦྱངས།] ཨོཾ་ཨཱཿཧཱུྃ༔ [ལན་གསུམ་བརྗོད་པས་རྒྱ་ཆེར་སྤེལ།] བྷནྡྷ་གཞལ་ཡས་ཁང་ནང་དུ༔ བཅུད་ནི་རིགས་ལྔ་ཡབ་ཡུམ་སྟེ༔ སྦྱོར་མཚམས་བྱང་སེམས་བདུད་རྩིར་ཞུ༔ འཆིང་གྲོལ་མེད་པའི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ [ཞེས་ལན་བདུན་བཟླ།] གཏོར་མ་འདོད་ཡོན་

p. 8

ཕུང་པོར་གྱུར་༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ།] རཀྟ་བྱང་སེམས་དམར་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ།] ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུཧྱ་པཱུ་ཛ་ཧོཿ[བཅུ་གཅིག་པ་བཤགས་པ་བྱ་ཞིང་རང་གསལ་ལ་གདབ་པ་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཧྲཱིཿ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ སྐྱེ་མེད་ངང་ལས་ཐུགས་རྗེའི་ཟེར༔ བདག་དང་དབྱེར་མེད་དཀྱིལ་འཁོར་འདིར༔ རྩ་གསུམ་བླ་མ་གཙོ་འཁོར་བཅས༔ ཡེ་ནས་རང་བྱུང་རང་གསལ་ཤར༔ སྟོང་པའི་ངང་དུ་མ་འདྲེས་གསལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་

p. 9

ས་མ་ཡ་སྟྭཾ༔ [དེ་དག་ནི་སྔོན་འགྲོའི་ལས་རིམ་མོ། །གཉིས་པ་དངོས་གཞི་ལ་རྣམ་གྲངས་བཅུ་གཅིག་ལས། དང་པོ་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི།] ཨོཾ༔ ཆོས་རྣམས་དམིགས་མེད་སྨྲ་བརྗོད་བྲལ༔ བློ་འདས་ཆོས་སྐུ་དེ་བཞིན་ཉིད༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཨཱཿ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེས་འགྲོ་དོན་མཛད༔ རང་རིག་ཧྲཱིཿ ལས་རྡོ་རྗེར་གསལ༔ འོད་འཕྲོས་འབྱུང་ལྔའི་བསྐལ་པ་སྟོངས༔ [གཉིས་པ་འབྱུང་རིམ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི།] ཧྲཱིཿ སྟོང་ཉིད་ནམ་མཁའ་ལྟ་བུ་ལ༔ རང་བྱུང་སྐྱེ་རྒྱུའི་ཡི་གེ་བདུན༔ ཨེཿཡྃཿརྃཿསུྃཿརཿཀེཾཿབྷྲཱུྃ༔ ཨེ་ལས་ནམ་མཁའ་མཐའ་དབུས་བྲལ༔ ཡཾ་ལས་རླུང་གཡོས་རཾ་མེ་འབར༔ སུྃ་ལས་ཆུ་བྱུང་ས་གཞི་བརྡལ༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ ཀེཾ་ལས་རུས་པའི་རི་རབ་དཀར༔ དེ་སྟེང་བྷྲཱུྃ་ལས་གཞལ་ཡས་ཁང་༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ པད་འདབ་ཕྱི་ནང་མུ་ཁྱུད་མཛེས༔ གྲུ་ཆད་བར་ཁྱམས་སྒོ་

p. 10

རྣམས་རྫོགས༔ གཟའ་དང་རྒྱུ་སྐར་ལྷ་ཀླུ་ཡིས༔ གདུང་དང་གྲལ་ཕྱམ་ཀ་བ་དང་༔ རྡོ་རྗེ་ཐེམ་པ་ཀ་ཞུ་རྣམས༔ གནམ་ལྕགས་ཁྲོ་ཆུའི་གཟེར་གྱིས་བསྡམས༔ ཐོག་ནི་ཞིང་ཆེན་བརྡལ་བ་ལ༔ རྟ་བབས་ཆོས་འཁོར་གསེར་གདུགས་མཛེས༔ ཉི་ཟླ་འཇའ་ཚོན་འོད་དུ་འབར༔ ཕྱི་ནང་མེད་པ་འོད་ཀྱི་ཀློང་༔ [གསུམ་པ་བརྟེན་པ་ལྷ་བསྒོམ་པ་ནི།] ཧཱུྃ༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཐུགས་སྲོག་ཧྲཱིཿ ལས་འོད་འཕྲོས་པས༔ བདུད་བཞི་ཉི་ཟླ་པདྨའི་སྟེང་༔ བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ནས༔ དུར་ཁྲོད་རུས་བརྒྱན་མེ་ཀློང་བཞུགས༔ དབུ་གཙུག་པད་སྡོང་ཉི་ཟླའི་སྟེང་༔ གུ་རུ་པདྨ་ཐོད་ཕྲེང་ནི༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ལོ་བརྒྱད་བྱིས་པའི་ངང་ཚུལ་ཅན༔ ཕྱག་གཡས་རྡོ་རྗེ་བྷནྡྷ་གཡོནཿ པད་ཞྭ་རྒོད་སྒྲོ་ཅོད་པན་ཅན༔ སྙན་ཆ་མགུལ་རྒྱན་ཁ་ཊྭཱྃ་འཛིན༔ ཟ་འོག་

p. 11

སྨུག་བེར་ཆོས་གོས་དམར༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་གསལ༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང་༔ ཧྲཱིཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐྱིལ་ཀྲུང་རྡོར་དྲིལ་རུས་རྒྱན་ཅན༔ པང་གཡོན་མཚོ་རྒྱལ་དཀར་མོ་འཁྲིལ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ གཡས་པས་གྲི་གུག་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ གསལ་འཚེར་གཟི་བརྗིད་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རོལ་པད་འདབ་བཞིར༔ ཤར་དུ་བཛྲ་ཐོད་ཕྲེང་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས༔ རྡོ་རྗེ་ཕག་མོ་ཡུམ་དང་འཁྱུད༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ ལྷོ་རུ་རཏྣ་ཐོད་ཕྲེང་ནི༴ སེར་པོ་རིན་ཆེན་དྲིལ་བུ་བསྣམས༔ རིན་ཆེན་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ ནུབ་ཏུ་པདྨ་ཐོད་ཕྲེང་ནི༔ དམར་པོ་པདྨ་དྲིལ་བུ་བསྣམས༔ པདྨ་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ བྱང་དུ་ཀརྨ་ཐོད་ཕྲེང་ནི༔ ལྗང་གུ་རྒྱ་གྲམ་དྲིལ་བུ་བསྣམས༔ ཀརྨ་ཕག་མོ་ཡུམ་དང་འཁྲིལ༔

p. 12

གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་མཛེས༔ ཤར་དུ་པདྨ་འབྱུང་གནས་མཐིང་༔ རྩེ་ལྔ་གཡས་པ་སྡིགས་མཛུབ་གཡོན༔ གཅེར་བུ་ཡུམ་དང་འཁྲིལ་བར་བསྐྱེད༔ ལྷོ་རུ་བློ་ལྡན་མཆོག་སྲེད་དཀར༔ ཐོད་རྔ་གཡས་ལ་པད་ཕོར་གཡོན༔ སྐྱིལ་ཀྲུང་དར་དཀར་ན་བཟའ་གསོལ༔ དར་ཐོད་རིན་ཆེན་དབུར་བརྒྱན་བསྐྱེད༔ ནུབ་ཏུ་ཉི་མ་འོད་ཟེར་སེར༔ གཡས་པས་ཁ་ཊྭཱྃ་གཡོན་སྡིགས་མཛུབ༔ ཉི་ཟེར་ཞགས་པ་སྟག་ཤམ་ཅན༔ རུས་པའི་རྒྱན་དྲུག་ལྡན་པར་བསྐྱེད༔ བྱང་དུ་སེང་གེ་སྒྲ་སྒྲོགས་མཐིང་༔ གཡས་པས་ལྕགས་རྡོར་གཡོན་སྡིགས་མཛུབ༔ སེང་གླང་སྟོད་གཡོགས་ཅོད་པན་ཅན༔ སྟག་ཤམ་ཞབས་གཉིས་དོར་སྟབས་བསྐྱེད༔ ཤར་ལྷོར་པདྨ་སཾ་བྷ་དཀར༔ གཡས་པས་པད་ཕོར་གཡོན་སྐྱབས་སྦྱིན༔ དར་དམར་ཤམ་ཐབས་ཆོས་གོས་སེར༔ གཞོན་ཚུལ་དགེ་སློང་ཆས་ལྡན་བསྐྱེད༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ ཌཱ་རུ་གཡས་ལ་མེ་ལོང་གཡོན༔ དར་དམར་ཤམ་ཐབས་སྐུ་ལ་གསོལ༔ རྒྱལ་པོ་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ ས་གནོན་གཡས་ལ་ལྷུང་བཟེད་གཡོན༔ རབ་

p. 13

བྱུང་ཆ་ལུགས་ཆོས་གོས་དམར༔ སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྐྱེད༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ རྡོ་རྗེ་གཡས་ལ་པུར་པ་གཡོན༔ སྤྱན་གསུམ་སྟག་གི་སྟེང་ན་འགྱིང་༔ གཏུམ་དྲག་རྔམས་ཤིང་བརྗིད་པར་བསྐྱེད༔ སྣ་ཚོགས་པད་འཁོར་ཕྱི་མ་ལ༔ རིགས་བཞི་མཁའ་འགྲོ་དཔའ་བོ་དང་༔ ཕྱོགས་བཞི་ཤུགས་འགྲོ་འཁོར་དང་བཅས༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་བསྣམས༔ ཕྱི་རོལ་བར་ཁྱམས་ཁོར་ཡུག་ལ༔ རིག་འཛིན་ཆོས་སྐྱོང་དམ་ཅན་ཚོགས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་ལེན་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་གཏིབས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཆར་སྤྲིན་ལྟ་བུར་འཐིབས་པར་བསམ༔ སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ཤིང་༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿ ཧཱ༔ [བཞི་པ་ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་འདྲེན་པ་ནི། སྤོས་དང་རོལ་མོ་དབྱངས་དང་བཅས་པས།] ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔

p. 14

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱིཿ ཨོ་རྒྱན་ནུབ་བྱང་དྷ་ནའི་མཚོཿཔདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷ་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་ངོས༔ ཕོ་བྲང་རི་བོ་ཏ་ལ་རུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་བྱང་ཤར་མཚམས༔ དགའ་བ་ཚལ་གྱི་དུར་ཁྲོད་དུཿ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ལྷོ་མཚམས༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་གཤེགས་སུ་གསོལ༔ ཡུལ་གྱི་

p. 15

མིང་ནི་རྒྱ་གར་ཡུལ༔ གྲོང་ཁྱེར་མིང་ནི་མ་ག་དྷ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོགས་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ ཧྲཱིཿ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་

p. 16

བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱིཿ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང་༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔

p. 17

ཞུབ་ཆེན་སྟོང་སྒྲ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དར་གྱི་རུ་མཚོན་ལྷུབས་སེ་ལྷུབ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་ཀྱུ་རུ་རུ༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག༴ སྒྲུབ་མཆོག༴ བགེགས་དང༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཧྲཱིཿ མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿཛཿཧཱུྃ་བཾ་ཧོཿ[ལྔ་པ་བཞུགས་སུ་གསོལ་བ་ནི། ཧྲཱིཿ རིན་ཆེན་གཞལ་ཡས་ཉམས་རེ་དགའ༔ དུར་ཁྲོད་གནས་མཆོག་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ རྟོག་མེད་རོ་གདན་བག་རེ་བྲོ༔ བཞུགས་པའི་གནས་མཆོག་དང་རེ་སྤྲོ༔ བླ་མ་ཡི་

p. 18

དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་དཀྲོལ་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཏིཥྛ་ལྷན༔ [དྲུག་པ་ཕྱག་འཚལ་བ་ནི།] ཨེ་མ་ཧོཿསྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདྲེན༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདྲེན༔ དྲག་པོའི་ཚུལ་གྱིས་དགྲ་བགེགས་སྒྲོལ༔ དབང་ཆེན་རྟ་ཕག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ སྲུང་མའི་ཚོགས་

p. 19

ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ[བདུན་པ་མཆོད་པ་འབུལ་བ་ལ། ཕྱི་མཆོད་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་དང་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤཔྡ་པཱུ་ཛ་ཧོ༔ [ནང་མཆོད་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་ལྔ་ཡི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ འཁོར་འདས་ཐམས་ཅད་གཉིས་མེད་བཞེས༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀཱི་ནཱི་མ་ཧཱ་པཉྩ་པཱུ་ཛ་ཧོཿ[གསང་མཆོད་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་

p. 20

མེད་མཁའ་གསང་ནས༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་ཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ[སྨན་མཆོད་ནི།] ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་ཨ་མྲྀ་ཏ༔ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་འདིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ [ཞེས་དང་།] ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ༴ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ༴ མངའ་བདག་ཆོས་རྒྱལ་ཡབ་སྲས་ཞལ་དུ་སརྦ་པཉྩ༴ གཏེར་ཆེན་པདྨ་གླིང་པའི་ཞལ་དུ སྔགས་འཆང་ཆོས་རྗེ་

p. 21

རྣམ་གཉིས་ཞལ་དུ༴ རྒྱལ་དབང་བསྟན་འཛིན་གྲགས་པའི་ཞལ་དུ༴ རྒྱལ་སྲས་པདྨ་ཕྲིན་ལས་ཞལ་དུ༴ ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེའི་ཞལ་དུ༴ བསྟན་འཛིན་འགྱུར་མེད་རྡོ་རྗེའི་ཞལ་དུ༴ ངག་དབང་ཀུན་བཟང་རྡོ་རྗེའི་ཞལ་དུ༴ འགྱུར་མེད་མཆོག་གྲུབ་དཔལ་འབར་ཞལ་དུ བསྟན་འཛིན་གྲུབ་མཆོག་རྡོ་རྗེའི་ཞལ་དུ འགྱུར་མེད་པདྨ་ཁྱབ་བདག་ཞལ་དུ བསྟན་འཛིན་སྲིད་ཞི་རྣམ་རྒྱལ་ཞལ་དུ༴ ལྷུན་གྲུབ་བདེ་ཆེན་རྡོ་རྗེའི༴ ཀུན་བཟང་རིག་འཛིན་རྡོ་རྗེའི༴ ཀུན་བཟང་བསྟན་པའི་ཉི་མའི༴ འཇིགས་མེད་ཚེ་དབང་ནོར་བུའི༴ མཚུངས་མེད་དགེ་འདུན་རྒྱ་མཚོའི༴ དྲིན་ཅན་རྩ་བརྒྱུད་བླ་མའི༴ བླ་མ་རིག་འཛིན་རྒྱ་མཚོའི་ཞལ་དུ་སརྦ༴ ཡི་དམ་རྟ་ཕག་ཡབ་ཡུམ་ཞལ་དུ༴ རིགས་ལྔ་མཁའ་འགྲོ་ཡབ་ཡུམ་ཞལ་དུ༴ མ་མགོན་དམ་ཅན་གཏེར་སྲུང༴ མཆོད་པར་འོས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ [རཀྟའི་མཆོད་པ་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ སྲིད་གསུམ་གདུག་པ་བསྒྲལ་བའི་ཁྲག༔ འཁོར་འདས་

p. 22

མཉམ་ཉིད་བྷནྡྷ་རུ༔ ཡེ་ཤེས་གསལ་བའི་བཅུད་དུ་གཏམས༔ འཁོར་བ་ཆོས་སྐུར་དག་བྱའི་ཕྱིར༔ བདེ་ཆེན་རཀྟའི་མཆོད་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ [གཏོར་མའི་མཆོད་པ་ནི།] ཧྲཱིཿ རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ ཧྲཱིཿ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ༴ དཔའ་མོའི་ཚོགས་རྣམས༴ གིང་གི་ཚོགས་རྣམས༴ དམ་ཅན་ཚོགས་རྣམས༴ སྲུང་མའི་ཚོགས་རྣམས༴ རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་བྲེའི་རྒྱན་དང་ལྡན༔ ཤ་སྣ་སྙིང་

p. 23

སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ ཧྲཱིཿ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རྒྱལ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མར་བྲན་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་བདའ༔ རཀྟ་དམར་གྱི་ཨརྒྷཾ་བྲན་པ་འདི༔ རྒྱ་མཚོ་ཆེན་པོ་བས་ཀྱང་རྒྱ་རེ་ཆེ༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང་༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང་༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང་༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང་༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་རྣམས་དང་༔ ཟན་དང་ཁུར་བ་

p. 24

ཐུག་པའི་བྱེ་བྲག་དང་༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མ་དང་༔ རྩི་དང་རྩྭ་རུ་རྩི་ཆེན་གོ་སྙོད་དང་༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང་༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང་༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་རྣམ་ལྔའི་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་རྒྱུད་དག་པས་བྱིན་བརླབས་ཤིང་༔ བདུད་རྩིར་བསྒྱུར་བའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོའི་ཚོགས་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་གིང་བཞིའི་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ལ་ཧི༔ མ་ཧཱ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མཧཱ་མཱཾ་ས་ལ་ཁཱ་ཧིཿམ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧིཿམ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ག་ཎ་

p. 25

ཙཀྲ་ལ་ཁཱ་ཧི༔ [བརྒྱད་པ་བསྟོད་པ་བྱ་བ་ནི།] ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་

p. 26

བྷའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་དབང་དུ་སྡུད་མཛད་པའི༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོགས་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ སྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཡུམ༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགགས་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགགས་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི༔ མ་ཧཱ་ཧྲྀ་ད་ཡ་ཨོཾ༔

p. 27

[དགུ་པ་བཤགས་པ་བྱ་བ་ནི།] ན་མོཿབླ་མ་ཡི་དམ་མཁའ་འགྲོ་དགོངས༔ རང་རིག་བླ་མ་རྡོ་རྗེ་འཛིན༔ མ་རྟོགས་གཉིས་འཛིན་བློས་བཟུང་བ༔ དབྱེར་མེད་ཀློང་དུ་བཟོད་པར་གསོལ༔ ཨོཾ་གུ་རུ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་གུ་རུ་སཏྭ༔ ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཾ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ་ན༔ སརྦ་ཏ་ཐཱ་ག་ཏ་བཛྲ་གུ་རུ་མཱ་མེ་མུཉྩ་བཛྲ་གུ་རུ་སཾ་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱཿ [བཅུ་བ་ཛཔྲ་བཟླ་བ་ནི།] ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ ཕོ་བྲང་མཐའ་དབུས་མེད་པ་ཡི༔ བདེ་ཆེན་འོད་ཀྱི་གཞལ་ཡས་སུ༔ པདྨ་སྟོང་ལྡན་ཉི་ཟླའི་སྟེང་༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བཅས༔ མཁའ་འགྲོ་སྡེ་ལྔ་ཤུགས་འགྲོ་དང་༔ དཔའ་བོ་དཔའ་མོ་གིང་ལངྐ༔ དམ་ཅན་བཀའ་སྡོད་སྲུང་མའི་ཚོགས༔ སྐྱེ་མེད་སྐུའི་ཀློང་ཡངས་ནས༔ འགག་མེད་གསུང་གི་སྔགས་སྒྲ་སྒྲོག༔ ཛཔྲ་ཀྱིས་སྐུ་གསུང་གནད་ནས་བསྐུལ༔ སྤྲོས་པས་

p. 28

རྒྱལ་བ་མཆོད་བས་མཉེས༔ བསྡུས་པས་དངོས་གྲུབ་བདག་ལ་ཐིམ༔ བསྙེན་སྒྲུབ་མཐའ་རུ་མ་ཕྱིན་བར༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ་༔ [ཞེས་ཛཔྲ་བསྐུལ་སྔོན་དུ་འགྲོ་བས།] བདག་ཉིད་རྟ་མགྲིན་སྤྱི་བོ་རུ། །བླ་མ་པད་འབྱུང་སྤྲུལ་པ་སྐུའི། །ཐུགས་ཀའི་ཧྲཱིཿ ཡི་འོད་ཟེར་གྱིས། །འཕགས་མཆོད་བྱིན་བསྡུས་དེ་ཉིད་ལ། །མོས་གུས་གདུང་བས་གསོལ་བཏབ་པས། །སྐུ་གསུང་ཐུགས་བྱིན་བདག་ལ་ཐིམ། །[ཞེས་དམིགས་ལ།] ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ [ཞེས་ཅི་ནུས་སུ་བཟླ་བ་བསྙེན་པའི་ཚུལ་དང་།] བདག་ཉིད་རྟ་མགྲིན་སྙིང་ག་རུ། །བླ་མ་ཐོད་ཕྲེང་ཡབ་ཡུམ་གསལ། །ཐུགས་ཀའི་ཧྲཱིཿ ཡིག་སྔགས་ཕྲེང་གི །འོད་ཀྱིས་རྩ་གསུམ་སྤྱན་དྲངས་ཐིམ། །མཆོད་བསྟོད་དགྱེས་བསྐྱེད་བྱིན་རླབས་ཀྱིས། །སྒྲིབ་སྦྱངས་སྐུ་བཞིའི་བདག་ཉིད་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ[ཞེས་གཙོ་བོར་བཟླ་བ་སྒྲུབ་པའི་ཚུལ་དང་། བདག་ཉིད་རྟ་ཕག་འཁོར་ལོ་བཞིར། །རིགས་བཞིའི་དཔའ་བོ་ཡབ་ཡུམ་གྱི། །ཐུགས་སྲོག་ར་ཧ་ཙ་རི་དང་། །ཧྲིཿནི་ཡ་སའི་འོད་ཟེར་གྱིས། །ཞི་རྒྱས་དབང་དྲག་ཕྲིན་ལས་

p. 29

བཞིས། །སྣང་སྲིད་དབང་བསྡུས་བདག་ལ་ཐིམ། །[སྒྲུབ་སྔགས་ཤམ་དུ།] ཧྲཱིཿ མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཛཿཧཱུྃ་བྃ་ཧོཿ[ཞེས་བསྙེན་པའི་བཞི་ཆ་ཙམ་བཟླ་བ་ལས་སྦྱོར་གྱི་ཚུལ་ལོ། །བཅུ་གཅིག་པ་རྫོགས་རིམ་ནི།] ཧཱུྃ༔ འཛིན་མེད་རང་གསལ་པདྨ་འབྱུང་། །རང་རིག་རྣམ་དག་ཐོད་ཕྲེང་རྩལ། །སྣང་སྟོང་ཟུང་འཇུག་རྟ་ཕག་སྐུ། །ཡེ་ཤེས་ལྔ་ལྡན་རིགས་ལྔའི་ལྷ། །རྣམ་ཤེས་བརྒྱད་དག་གུ་རུ་བརྒྱད། །འབྱུང་ཁམས་རྣམ་དག་མཁའ་འགྲོའི་ཚོགས། །སྨྲ་བརྗོད་བྲལ་བའི་སེམས་ལ་ལྟོས། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཐམས་ཅད་རང་བྱུང་རང་ལ་རྫོགས། །རང་བྱུང་རང་གསལ་རང་ལ་ལྟོས། །བལྟ་བྱེད་རྟོག་པ་རང་སར་གྲོལ། །རེ་དོགས་བལྟས་པས་ལྷ་མི་མཐོང་། །མ་བལྟས་བཞག་པས་ལྷ་དང་མཇལ། །མ་བསྒྲུབས་བཞག་པས་གསང་སྔགས་འགྲུབ། །མ་ཡེངས་མི་བསྒོམ་གཟེར་གྱིས་ཐོབ། །རང་བྱུང་ཛཔྲ་ཀྱི་སྔགས་སྒྲ་སྒྲོག །[ཅེས་ཐོད་ཕྲེང་རྩལ་གྱི་བཟླས་པ་བྱ་བ་རྫོགས་རིམ་མོ། །བཟླས་པའི་མཐར་ཛཔྲ་བསྟོད་སྟོང་ཚིག་ནི།] ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་པུཥྤེ་[ནས་]ཤཔྡ་པཱུ་ཛ་ཧོཿ[ས་མཆོད་ཅིང་།] མ་བཅོས་སྤྲོས་བྲལ་

p. 30

[སོགས་ཀྱིས་བསྟོད། དེ་དག་ནི་དངོས་གཞིའི་ལས་རིམ་མོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་བཅུ་གཅིག་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། མ་དན་དང་མཱཾ་ས་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་བ་རྣམས་ལེགས་པར་བཤམས་ལ་བདུད་རྩིས་བྲན་ཅིང་།] ཨོཾ་སརྦ་དྲ་བྱཾ་ཤྭ་དྷ་ནི་ཧཱུྃ་ཕཊ༔ [ཅེས་བསངས།] ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱོང་ཕྱིར་ཡི་གེ་སྤྲོ༔ རྃ་ཡྃ་ཁྃ༔ རྃ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡྃ་ལས་རླུང་བྱུང་བག་ཆགས་གཏོར༔ ཁྃ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ དེ་ཕྱིར་རྃ་ཡྃ་ཁྃ་ཞེས་བྱ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང་༔ ཧྲཱིཿ ཡིས་ལྷ་ཚོགས་དགྱེས་པར་བསམ༔ [ཚོགས་ཞིང་སྤྱན་འདྲེན་པ་ནི།] ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ བླ་མེད་གསང་བའི་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྐུ་དང་གསུང་དང་ཐུགས་སུ་བསྐང་༔ གཟུགས་སྒྲ་

p. 31

དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་བདའ་ཞིང་༔ རེག་བདེ་གླུ་གར་ཆོས་ཡིད་ཚིམས༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང་༔ [ཐུགས་དམ་སྐོང་བ་ལས། རྫས་ཀྱིས་སྐུ་ལ་བསྐང་བ་ནི། མཆོད་རྫས་སུ་འོས་པ་སྤྱི་དང་ཁྱད་པར་བདུད་རྩི་དང་མར་མེ་ཐོགས་ལ་འཚམས་སྟབས་ཀྱིས་དཀྱིལ་འཁོར་བསྐོར་བའོ། །བཤགས་ཚིག་གིས་གསུང་ལ་བསྐང་བ་ནི།] ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ [ལྟ་བས་ཐུགས་ལ་བསྐང་བ་ནི།] ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་ཉམས་པ་མེད༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔

p. 32

ཐུགས་དམ་ཉམས་ཆག་གཉན་བསྐང་ལ༔ རྣལ་འབྱོར་བདག་གི་གཡར་དམ་སྩོལ༔ [ཅེས་དང་། དེའི་མཐར་སླར་ཡང་ཐུན་མོང་དུ་མཆོད་ཅིང་བསྐང་བ་ནི།] དམ་རྫས་གཏོར་ཆེན་བཤམས་པ་དང་༔ བདུད་རྩི་སྨན་མཆོད་སྦྲེང་བ་དང་༔ བྷནྡྷ་རཀྟས་བཀང་བ་དང་༔ དུར་ཁྲོད་ཆས་བརྒྱད་བཤམས་པ་དང་༔ རྐང་གླིང་ཐོད་རྔ་སྒྲོག་པ་དང་༔ ཞུན་ཆེན་སྣང་གསལ་མར་དང་༔ མཱཾ་སའི་གསུར་དུད་གཏོང་བ་དང་༔ འདོད་ཡོན་ལོངས་སྤྱོད་སྤུངས་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་གཏེར་བདག་རྣམས༔ ཐུགས་དམ་ཉམས་ཆག་གཉན་བསྐང་ལ༔ གཡར་དམ་སོར་སྩོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ [ཞེས་ཐུགས་དམ་སྐོང་བའི་རིམ་པ་སྔོན་དུ་འགྲོ་བས། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་པའི་ཆ་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་

p. 33

ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ ཨོ་རྒྱན་པདྨ་འབྱུང་གནས་དང་༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ [བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི།] སྔོན་བྱུང་དུས་ནས་ད་ལྟ་ཐུག་གི་བར༔ མ་རིག་དབང་གིས་བདག་ལུས་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཤུདྡྷེ་ཨཿ[ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཚོགས་ཟན་ནམ་གཟུགས་བརྙན་ལ་དམིགས་བྱ་དགུག་བསྟིམ་བྱས་པར་ཕུར་པ་ཡཀྴ་ཀྲོ་དྷར་གསལ་བས་གཟིར་ཞིང་།] ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ གཏུམ་དྲག་རྔམས་པའི་རང་བཞིན་ལས༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང་༔ གཡས་བས་རྡོ་རྗེ་ཕུར་པ་བསྒྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ནྲྀ་ཏྲི་

p. 34

ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ [ཅེས་ཚེ་ཁྲུས་ཀྱི་དགོངས་པས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་ཤ་ཁྲག་གི་ཕུང་པོ་བདུད་རྩིའི་རང་བཞིན་དུ་སྤར་ཏེ།] བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམས་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ ཟ་བྱེད་མི་འགྱུར་ཆོས་ཀྱི་དབྱིངས་སུ་རོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་དགྲ་བགེགས་འབྱུང་པོ་བསྒྲལ་བའི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་ཕུལ་བས་དགྱེས་ཤིང་ཚིམས་པར་བསམ། སླར་ཡང་ཛ་གད་གསང་ནན་དུ་འབུལ་ཞིང་།] འཆི་མེད་སརྦ་པཉྩ་ཨ་མྲྀ་ཏ༔ རོ་ཡིས་ཁམས་ནི་སློང་བར་བྱེད༔ དུག་གིས་ཕུང་པོ་འཇོམས་པར་བྱེད༔ རྩི་ཐོག་སྨན་གྱི་མཆོད་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ [དེ་ནས་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་།] ཧོཿགཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང་༔ བྲམ་ཟེ་གདོལ་པ་ཁྱི་ཕག་རྗེ༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ [ཞེས་དྲངས། ལེན་པ་པོས་པདྨའི་ཕྱག་རྒྱ་གཡས་སུ་

p. 35

བསྐོར་ཞིང་།] ཧོཿརིན་ཐང་མེད་ལས་ལེགས་འོངས་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོཿ[ཞེས་བླང་། འདུས་པ་རྣམ་ལའང་བྲིམ་སྟེ།] ཧོཿཞལ་ཟས་ཚོགས་མཆོད་དམ་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང་༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོཿ[ཞེས་ནང་གི་སྦྱིན་སྲེག་མངོན་དུ་བྱས་ནས་ཚིམས་པར་ལོངས་སྤྱད་པའི་མཐར།] ཚོགས་འཁོར་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་༔ ཡེ་ཤེས་སྣང་བ་རང་གསལ་ནས༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ [ཅེས་སྨོན་ལམ་གདབ། ལྷག་མ་གཏོང་བ་ནི། ལྷག་མ་བསྡུས་པའི་རྨེ་གཏོར་དང་ཕུད་ལྷག་བསྲེས་པར་དམ་ཚིག་གི་ཁ་ཕྲུ་བཏབ་ཅིང་།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས།] ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ[ཞེས་དང་། བཤུགས་པའི་སྒྲ་དྲག་པོས་སྤྱན་དྲངས་ཏེ།] ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔

p. 36

བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མ་དང་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆེད་དུ༔ དཔལ་གྱི་བཀའ་ཉན་ལྷག་ལ་དགྱེས༔ དབང་ཕྱུག་མ་སྲིང་མཁའ་འགྲོ་མ༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ འབུམ་ཕྲག་ཡངས་པའི་སྡེ་བརྒྱད་རྣམས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བཛྲ་ཨ་ཏི་ཏྲ་ཤ་ས་མ་ཡ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧྲཱིཿ བྷྱོ་བྷྱོ༔ [ཞེས་ཕྱི་རོལ་གྱི་ཟ་ལམ་དུ་བསྐྱལ་ལོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། མོས་ཤིང་གདུང་བའི་ཤུགས་ཀྱིས་བསྐུལ་བས་ལྷ་རྣམས་སྔོན་གྱི་ཐུགས་དམ་དགོངས་པ་དབྱིངས་ནས་བསྐྱོད་པར་བསམ་ཞིང་།] ཧཱུཾ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཡི་དམ་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་དཔའ་བོའི་ཚོགས༔ མ་གཡེལ་མ་གཡེལ་དཔའ་མོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ རྗེས་འཇུག་བྱིན་གྱིས་བརླབ་པའི་ཕྱིར༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔

p. 37

ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་འབྱུང་གནས་ཐུགས་དམ་བསྐུལ༔ སྡེ་སྣོད་ཐུགས་ཀྱི་ཀློང་ན་གསལ༔ པདྨ་སཾ་བྷའི་ཐུགས་དམ་བསྐུལ༔ ཐོས་བསམ་ལྡན་པས་འགྲོ་བ་འདུལ༔ བློ་ལྡན་མཆོག་སྲེད་ཐུགས་དམ་བསྐུལ༔ འཁོར་བ་མ་ཆགས་རོལ་རྩེད་མཛད༔ པདྨ་རྒྱལ་པོའི་ཐུགས་དམ༴ གཞན་དོན་ཕྲིན་ལས་ལོ་འདབ་རྒྱས༔ ཉི་མ་འོད་ཟེར་ཐུགས་དམ༴ འདུལ་ཁྲིམས་ལྡན་པས་དགེ་སློང་མཛད༔ ཤཱཀྱ་སེང་གེའི་ཐུགས་དམ༴ གནོད་སྦྱིན་རྫོང་དུ་དམ་སྲི་བཏུལ༔ སེང་གེ་སྒྲ་སྒྲོགས༴ སྙན་པའི་སྒྲ་ཡིས་ཀུན་ལ་ཁྱབ༔ རྡོ་རྗེ་གྲོ་ལོད༴ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ ཐོད་ཕྲེང་རྩལ་གྱི༴ བདེ་ཆེན་དབང་གི་གཞལ་ཡས་ནས༔ རྟ་ཕག་ཡབ་ཡུམ༴ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་དང་རིགས་བཞི་མཁའ་འགྲོ་ནི༔ ཡབ་ཡུམ་སྲས་འཁོར་བཅས་པ་རྣམས༔ ལས་བཞི་བསྒྲུབ་ཕྱིར་ཐུགས་དམ་བསྐུལ༔ གིང་དང་ཤུགས་འགྲོ་དམ་ཅན་བཅས༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་

p. 38

སྙན་མང་པོ་སི་ལི་ལི༔ ཅོད་པན་དར་དཔྱངས་པུ་རུ་རུ༔ རོལ་མོ་མང་པོ་དི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་རྣམ་བཞི་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ ལྷ་འདྲེ་མི་གསུམ་ཁྱེད་ཀྱིས་ཐུལ༔ འབྱུང་བཞིའི་ནད་རྣམས་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ [ཅེས་བསྐུལ། གསུམ་པ་དངོས་གྲུབ་བླང་བ་ནི། གཏོར་མ་ལྷར་གསལ་བ་ལ་ཛཔྲ་ཀྱིས་ཐུགས་དམ་བསྐུལ་ཏེ།] ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཧྲཱིཿ ཧྲཱིཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཡུམ་དང་གཉིས་མེད་བདེ་བར་རོལ༔ རིགས་བཞི་སྤྲུལ་པའི་མཚན་བརྒྱད་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

p. 39

པདྨ་དབང་ཆེན་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་ཤེས་རབ་ཡུམ༔ གཉིས་མེད་ཐབས་ཤེས་རོལ་པ་ལས༔ ཟུང་འཇུག་བདེ་ཆེན་དངོས་གྲུབ་སྩོལ༔ ཆོས་རྣམས་ཀུན་གཞི་ཡངས་པའི་ཀློང་༔ སྐུ་གསུམ་བླ་མ་འཁོར་དང་བཅས༔ སྐུ་གསུམ་མཉམ་སྦྱོར་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ༴ འགག་མེད་གསུང་གི་དངོས༴ འཁྲུལ་མེད་ཐུགས་ཀྱི་དངོས༴ ཡོན་ཏན་རེ་སྐོང་དངོས༴ ཕྲིན་ལས་རྣམ་བཞིའི༴ འཆི་མེད་ཚེ་ཡི་འཛད་མེད་ནོར་གྱི༴ བརྒྱུད་འཛིན་གྲོགས་ཀྱི༴ པུ་ཏྲ་མི་ཡི༴ འཇམ་འཁྲིལ་གོས་ཀྱི་དངོས༴ ཞིམ་མངར་ཟས་ཀྱི༴ དྲག་པོ་མཐུ་ཡི༴ དམ་པ་ཆོས་ཀྱི༴ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ [རྩ་སྔགས་ཐོད་ཕྲེང་རྩལ་གྱི་མཐར།] ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོཿ[ཞེས་གཏོར་མའི་ཡེ་ཤེས་པ་བདག་ལ་བསྟིམ། དམ་ཚིག་པ་འདོད་ཡོན་བདུད་རྩིར་ཞུ་བར་བསམ་ལ་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ། དབང་བསྐུར་གཙོ་བོར་བྱེད་ན་ཚོགས་ལ་རོལ་པའི་སྔོན་

p. 40

དུ་བྱེད་པ་ཕྱག་ལེན་ནོ། །བཞི་པ་ཆད་མདོ་གཏོང་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྣུར་དུ་བཞག་ལ་སྨན་དང་རཀྟས་བྲན་པ་]ཨོཾ་ཨཱཿཧཱུྃ་[གིས་བརླབས་ནས།] ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེང་གསུམ་སྣང་སྲིད་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུཾ༔ དེ་འོག་དུས་ཀྱི་བསྐལ་པའི་དབུས་མ་ལ༔ བྲག་དམར་བསམ་ཡས་ཨཱརྱ་པཱ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མའི་དམ་པ་རྗེ་འབངས་གྲོགས་གསུམ་གྱིས༔ དབང་ཆེན་ཡོངས་

p. 41

རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་བརྒྱད་དང་༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག༴ སྒྲུབ་པ་པོ་ལ༴ བཀའ་ཡི་གཏོར་མ༴ རྣལ་འབྱོར་ཚེ་སྲོག༴ བཅོལ་བའི་ཕྲིན་ལས༴ སྔོན་ཚེ་ཞལ་བཞེས༴ ཤ་ཁྲག་བརྒྱན་པའི༴ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ༔ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་༔ རིག་འཛིན་སྔགས་འཆང་པདྨ་གླིང་པ་ཡིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྔགས་བདག་དྲེགས་པ་ཆོས་སྐྱོང་གཏེར་བདག་གིས༔ སོ་སོའི་གཟུགས་མཆོག༴ སྒྲུབ་པ་པོ་ལ༴ བཀའ་ཡི་གཏོར་མ༴ རྣལ་འབྱོར་ཚེ་སྲོག༴ བཅོལ་བའི་ཕྲིན་ལས༴ སྔོན་ཚེ་ཞལ་བཞེས༴ ཤ་ཁྲག་བརྒྱན་པའི༴ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ [ཅེས་གཏོར་མ་ཕྱི་རོལ་དུ་འབུལ་ལོ། །ལྔ་བ་བརྟན་མ་བསྐྱོང་བ་ནི། བཤལ་ཆུའི་གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ།] ཧཱུྃ་བྷྱོ༔ དམ་ལ་བཏགས་པའི་མ་སྲིང་བརྟན་

p. 42

མའི་ཚོགས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ འབྲོག་ཆེན་འཁོར་འདུས་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་སྒྲོན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྩལ༔ གནོད་སྦྱིན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ བཙན་ལ་རག་མོ་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྨན་བཙུན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས༔ བྲན་གཡོག་འཁོར་བཅས་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་

p. 43

བདག་ཅག་འཁོར་དང་བཅས་པ་ཡི༔ བར་ཆད་དགྲ་བགེགས་ནད་དང་གནོད་པའི་ཚོགས༔ མི་མཐུན་ཕྱོགས་རྣམས་ཞི་དང་བཟློག་པ་དང་༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པའི་ཕྲིན་ལས་མཛོད༔ མ་མ༔ ཧྲཱིང་ཧྲཱིང་༔ བ་ལིཾ་ཏ་ཁཱ་ཧི༔ [ཞེས་གཙང་སར་འབུལ་ལོ། །དྲུག་པ་རྟ་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་རྣམས་བཀུག་ཅིང་མནན་པར་བསམ་ལ།] ཧཱུཾ༔ ཀུན་བཟང་ཡབ་ཡུམ་མཁའ་དབྱིངས་སུ༔ ཞིང་བཅུ་བསྒྲལ་བའི་ལྔ་ཕུང་ལ༔ རྩ་གསུམ་ཁྲོས་པའི་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔ་གཏན་ནས་བཅོམ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་ཆེན་པོར་དགོངས༔ དབང་ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་བྲོ་བརྡུངས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ མཁའ་འགྲོའི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ལྟ་ངན་འཇོམས་པའི་བྲོ་བརྡུངས་པས༔ རྣལ་འབྱོར་སྐོང་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཚོགས་ཀྱི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་བྲོ་བརྡུངས་པས༔ རུ་ཏྲ་མཐར་མནན་ཆོ་ག་རྫོགས༔ ཨོཾ་ལཾ་

p. 44

ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ དགྲ་བགེགས་སརྦ་ཤ་ཏྲཱུཾ་སྟྭ་མྦྷ་ཡ་རཀྵ་མཱ་ར་ཡ་ནན༔ [ཞེས་བྲོ་བརྡུང་། བདུན་པ་ནོངས་པ་བཤགས་པ་ནི། གཏང་རག་གི་དོན་དུ་སླར་ཡང་མཆོད་ཅིང་བསྟོད་ནས།] གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ ཆོ་ག་ལྷག་ཆད་གྱུར་པ་དང་༔ མ་འབྱོར་བ་དང་ཉམས་པ་སོགས༔ དེ་ཀུན་མགོན་པོས་བཟོད་པར་གསོལ༔ [ཞེས་ཡི་གེ་བརྒྱ་པ་དང་ཨ་ལི་ཀ་ལི་བཟླའོ། །བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི།] ཧཱུྃ༔ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ འགགས་མེད་རང་གསལ་སྐུ་གསུམ་ཤར༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས༔ སླར་ཡང་སྐྱེ་མེད་ངང་དུ་བསྡུ༔ ཨོཾ་ཨཱཿཧཱུྃ་བཛྲ་མུཿ[རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ།] ཧཱུྃ༔ སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ༔ སྒོ་གསུམ་དཀྱིལ་འཁོར་ངང་ཉིད་ལས༔ ཐུགས་རྗེ་རང་བཞིན་དཔལ་དུ་ཤར༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་བྱ༔ [ཞེས་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་། དགུ་པ་དགེ་བ་བསྔོ་བ་ནི།] ན་མོཿབདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཅི་བསགས་པ༔ རྣམ་པ་ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་གཞན་དོན་གཉིས་བླ་མེད་རབ་ཐོབ་ཤོག༔ [བཅུ་པ་སྨོན་ལམ་གདབ་པ་ནི།] རྩ་

p. 45

གསུམ་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་གང་བསགས་རྣམས༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང་༔ བདག་གཞན་ཆོས་སྐུ་ཐོབ་པར་ཤོག༔ [བཅུ་གཅིག་པ་བཀྲ་ཤིས་བརྗོད་པ་ནི། མེ་ཏོག་གི་ཆར་དབབ་ལ།] ཧྲཱིཿ ཆོས་སྐུའི་བཀྲ་ཤིས་མཐའ་ཡས་འོད་དཔག་མེད༔ རྡོ་རྗེ་མི་འགྱུར་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཅན༔ འགག་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ གདུལ་བྱ་དཔག་མེད་འབྱོར་རྒྱས་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ ཆོས་ཀྱི་བཀྲ་ཤིས་བླ་མའི་ཡང་སྙིང་མཛོད༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིསས་ཤོག༔ བསྙེན་སྒྲུབ་

p. 46

མཐར་ཕྱིན་དེ་ཡི་བྱིན་རླབས་ཀྱིས༔ འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བ་དང་༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང་༔ གདོད་མའི་ས་ལ་ཕྱིན་པའི་བཀྲ་ཤིས་ཤོག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །རྒྱས་འགེབས་སྤྲོས་པའི་མཐའ་རུ་མ་ལྷུང་ཞིང་། །བསྡུས་དྲག་གཏེར་གཞུང་རས་སུ་བོར་མིན་པར། །མ་འཁྲུལ་འཇུག་བདེའི་ཁྲིགས་སུ་བསྡེབས་འདི་ཀོ །རིག་འཛིན་པདྨའི་དགོངས་རྒྱན་ཉིད་དུ་མཚོན། །འདིར་འབད་བསོད་ནམས་གང་དེས་ལམ་མཆོག་འདི། །ས་དང་ལྷུན་པོ་ཇི་སྲིད་གནས་ཀྱི་བར། །མི་ཉམས་རྟག་ཁྱབ་འཕེལ་བའི་བཙས་གྱུར་ནས། །ཕན་བདེའི་འདོད་རྒུ་འཇོ་བའི་གཞིར་གྱུར་ཅིག །ཅེས་བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་པདྨའི་ལྗོན་ཤིང་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་དགོངས་རྒྱན་ཅེས་བྱ་བ་འདི་ནི། ཚུལ་འདིར་གཏེར་སྟོན་ཆོས་བདག་རིམ་བྱོན་བཅས་པའི་ཞལ་སྐོང་ལྷན་ཐབས་སོགས་རྒྱས་འགེབས་ཀྱི་སྤྲོས་པ་ཤིན་ཏུ་མང་ཞིང་ཕྱིས་སུ་གྲོང་སྔགས་མཁས་བླུན་མང་པོའི་ཕྱག་ལེན་འདྲ་མིན་རྒྱས་བསྡུས་ཀྱི་མཐར་ལྷུང་བ་སོགས་ལ་བརྟེན་ནས་དེང་དུས་ཀྱི་གདུལ་བྱའི་བློ་དང་འཚམས་པར་པད་གླིང་ཆོས་ཀྱི་བརྒྱུད་འཛིན་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། ལྷོ་མོན་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་

p. 47

སྔགས་བཙུན་བསྟན་འཛིན་ཀུན་ལེགས་ནས་གཏེར་གཞུང་ངག་འདོན་འཇུག་བདེ་བཀླག་ཆོག་མ་ཞིག་བགྱིད་པར་ཡང་དང་ཡང་དུ་བསྐུལ་བ་དོན་ཡོད་བར་བྱ་བའི་ཕྱིར། སྙོམས་ལས་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ལོ་དྲུག་ཅུ་རྩ་བརྒྱད་དུ་སོན་པ་ལྕགས་ཕག་ས་ཟླའི་ཡར་ཚེས་བཅོ་ལྔ་ལ་གྲུབ་པར་བསྡེབས་པ་ལས་ཐོག་མའི་ཡི་གེ་པའང་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པའོ། །འདིས་ཀྱང་ལམ་འདིའི་རིང་ལུགས་མི་ནུབ་དར་ཞིང་རྒྱས་པའི་གཞིར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།]

པདྨ་གླིང་པའི་བླ་སྒྲུབ་བརྒྱུད་འདེབས།

p. 48
p. 49

ཀུན་བཟང་སྣང་མཐའ་པདྨ་གར་གྱི་དབང། །རྡོ་རྗེ་ཐོད་ཕྲེང་ཌཱ་ཀི་མཚོ་རྒྱལ་མ། །མུ་ཏིག་བཙན་པོ་ལྷ་ལྕམ་པདྨ་གསལ། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །ཟབ་གཏེར་མངའ་བདག་རིག་འཛིན་པདྨ་གླིང་། །རྒྱལ་བ་དོན་གྲུབ་སྣ་ཚོགས་རང་སར་གྲོལ། །བསྟན་འཛིན་གྲགས་པ་པདྨ་ཕྲིན་ལས་ལ། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །ཚུལ་ཁྲིམས་རྡོ་རྗེ་བསྟན་འཛིན་འགྱུར་མེད་ཞབས། །ཀུན་བཟང་རྡོ་རྗེ་མཆོག་གྲུབ་དཔལ་འབར་སྡེ། །གྲུབ་མཆོག་རྡོ་རྗེ་པདྨ་ཁྱབ་བདག་རྗེ། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །སྲིད་ཞི་རྣམ་རྒྱལ་བདེ་ཆེན་རྡོ་རྗེ་དཔལ། །རིག་འཛིན་རྡོ་རྗེ་ཀུན་བཟང་བསྟན་པའི་ཉི། །ཚེ་དབང་ནོར་བུ་དགེ་འདུན་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །བརྒྱུད་སྲོལ་ཀུན་འདུས་དྲིན་ཆེན་འཁོར་ལོའི་མགོན། །བླ་མ་རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷ། །མཁའ་འགྲོ་དམ་ཅན་གཏེར་སྲུང་ཚོགས་བཅས་ལ། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །ཐ་མལ་

p. 50

སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། །དག་བ་རབ་འབྱམས་རྩ་གསུམ་འཁོར་ལོའི་སྤྲིན། །སྐུ་དང་ཡེ་ཤེས་རོལ་པར་ཡོངས་སྨིན་ནས། །མཁའ་མཉམ་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །[ཅེས་པའང་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་གི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བ།

ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་མཆོག་གི་དགའ་སྟོན།

p. 51

༄༅། །ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་མཆོག་གི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །

p. 52

ཨོཾ་སྭསྟི། ཚེ་དབང་བདུད་རྩིའི་ཟིལ་དངར་འབུམ་འཇོ་བས། །སྐལ་བཟང་སྲོག་རྩ་མི་ཤིགས་རྡོ་རྗེ་རུ། །བསྒྲུབ་མཛད་བླ་མ་འཆི་མེད་མགོན་པོ་དེར། །གུས་པས་འདུད་དོ་རིང་འཚོའི་མཆོག་སྩོལ་ཅིག །ལྷོ་གཏེར་རྒྱ་མཚོའི་འཛིང་རུམ་ལས་ཐོན་པའི། །ཚེ་ཁྲིད་གདམས་ཟབ་ཡིད་བཞིན་དབང་གི་རྒྱལ། །ཁྲིགས་བསྡེབས་རྒྱལ་མཚན་རྩེ་མོར་མཆོད་འདི་ལས། །བྱིན་ཆེན་དངོས་གྲུབ་འདོད་རྒུར་ཅིས་མི་འཇོ། །[དེའང་རྡོ་རྗེའི་ཚེ་སྒྲུབ་པའི་མན་ངག་མཐར་ཐུག་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པས།]

p. 53

[སྦྱོར་བ་བཀྲ་ཤིས་ཉམས་དགའ་རང་དབང་དུ་གྱུར་པའི་གནས་ཁང་གཙང་ཞིང་མཛེས་པར་བྱས་པའི་གུང་དུ་བྱིན་རླབས་ཅན་གྱི་རྟེན་བཀྲམ་པའི་མདུན་ཕྱོགས་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ་རྡུལ་ཚོན་ནམ་རས་བྲིས་སོགས་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ་པའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་སྐྱོན་མེད་རྒྱུན་འབབ་ཀྱི་ཆུ་གཙང་སོ་ལྔའི་རྫས་སྦྱར་གྱིས་སུམ་གཉིས་བཀང་བ་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་ཅན་བརྟན་པོར་བཀོད། དེའི་གཡོན་དུ་ཐོད་པ་བཟང་པོར་ཨ་མྲྀ་ཏས་བྲན་པའི་ཆང་གིས་བཀང་བ་ལ་མར་གྱི་འཁོར་ལོ་དང་ལས་བཞིའི་དབྱིབས་རིལ་བུ་ཉི་ཤུ་རྩ་གཅིག་བཅས་པའི་ཚེ་འབྲས་དང་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་ཁ་དགབ་ཅན། གཡས་སུ་པད་སྣོད་དུ་གཏེར་བྱོན་

p. 54

གོང་མའི་ཚེ་ཕབ་བསྲེས་པའི་ཕྱེ་དཀར་འོ་མས་སྒྲུས་པའི་ཚེ་རིལ་བརྒྱ་རྩ་ནས་ཉེར་གཅིག་གིས་མཐའ་བརྟེན་པ་རྩེ་མོར་ཉི་ཟླས་མཚན་པ། རྒྱབ་ཏུ་ཚེ་མདའ་རྒོད་སྒྲོམ་ལྕགས་མདེའུ་ཅན་སྐྱོན་མེད་ཀྱི་མགུལ་དུ་དར་མཚོན་སྣ་ལྔ། བྱང་བུ་མིག་དགུ། གསེར་གཡུ་དུང་བྱི་རུ་མུ་མེན་རྣམས་བཏགས་པ་ནས་དཀར་མོའི་ཁར་བཙུགས་པ། དེ་དག་གི་མདུན་རྒྱབ་གང་བདེར་སྨན་གཏོར་རཀྟ། མཐའ་སྐོར་དུ་མཚམས་འཛིན་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་གཡས་སྐོར་དུ་བཤམ། གཞན་ཡང་ཚོགས་དང་གཏོར་མ་སྤོས་དང་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚང་བར་འདུ་བྱས་ཏེ། ཆོ་ག་དངོས་ལ་སྔོན་དངོས་རྗེས་གསུམ་གྱི། དང་པོ་སྔོན་འགྲོའི་ཆོས་ལ་རྣམ་གྲངས་བདུན་ལས། དང་པོ་སྐྱབས་སུ་འགྲོ་བ་ནི།] བླ་མ་རིག་འཛིན་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ[ས་སད་པར་མོས་ལ།] ཧྲཱིཿ འགྲོ་བའི་དཔལ་མགོན་ཐུགས་རྗེ་ཅན༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ དེང་བཟུང་འཆི་མེད་མ་ཐོབ་བར༔ བདག་དང་འགྲོ་ཀུན་སྐྱབས་སུ་མཆི༔ [ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི།] ཧྲཱིཿ བདག་གཞན་འགྲོ་བ་ཀུན་དོན་དུ༔ འཆི་མེད་ལྷ་ཚོགས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ [ལན་གསུམ། གསུམ་པ་ཚོགས་བསགས་ནི།]

p. 55

འཆི་མེད་ལྷ་ཚོགས་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ དུས་གསུམ་དགེ་ཚོགས་རྗེས་ཡི་རང་༔ བླ་མེད་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ འཆི་མེད་རིག་འཛིན་ཐོབ་པར་ཤོག༔ ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་མོས། [བཞི་པ་བགེགས་ལ་བཀའ་བསྒོ་བ་ནི།] རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་འབར་བའི་སྐུར་གྱུར། [གཏོར་མ་]རྃ་ཡྃ་ཁྃ་[གིས་བསྲེག་གཏོར་སྦྱངས།] སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་[བལྟས་ལ།] ཨོཾ་ཨཱཿཧཱུྃ་ཧོཿ[ས་བྱིན་བརླབས།] སརྦ་བྷུ་ཏ་ཨ་ཀརྵ་ཛཿ[ས་མགྲོན་རྣམས་བཀུག་པ་ལ།] སརྦ་བིགྷྣཱན་ན་མཿསརྦ་[ནས།] གྲྀ་ཧྞེ་དཾ་བ་ལིཾ་ཏེ་སྭཱཧཱ། [ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ།] ཧྲཱིཿ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བསྒྲུབ་པའི་ལྷ་ནི་མ་གཏོགས་པ༔

p. 56

ཚེ་སྲོག་བར་དུ་གཅོད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ [ཞེས་ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་གྱིས་བསྐྲད། ལྔ་པ་སྲུང་མཚམས་བཅད་པ་ནི།] ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས༔ ཕྱི་ནི་རྡོ་རྗེའི་གུར་ཁང་ལ༔ ནང་ནི་ཡེ་ཤེས་གཞལ་ཡས་ཁང་༔ བདག་གཞན་སྲུང་འཁོར་གནས་པ་ལ༔ སྐུ་གསུང་དགོངས་པ་ཡེ་ཤེས་སྤྲས༔ དུག་གསུམ་གནས་པའི་སྐབས་མེད་པས༔ ཆུ་ཡང་འཛག་པར་མི་འགྱུར་ན༔ རླུང་ཡང་ཐར་བར་ག་ལ་འགྱུར༔ བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ [དྲུག་པ་བྱིན་དབབ་པ་ནི་སྤོས་དང་རོལ་མོ་སོགས་ཀྱིས་གཟི་བྱིན་བསྐྱེད་ལ།] ཧྲཱིཿ ཞིང་ཁམས་སུམ་བརྩེགས་ཕོ་བྲང་ནས༔ བླ་མེད་ཕྱི་ཡི་དཀོན་མཆོག་གསུམ༔ སངས་རྒྱས་ཆོས་དང་དགེ་འདུན་གྱིས༔ ཨཱ་ཡུ་ཚེ་ཡི་བྱིན་ཕོབ་ཅིག༔ འཇའ་འོད་འཁྱིལ་བ་འོད་ལྔའི་ཀློང་༔ བླ་མེད་ནང་གི་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ ཨཱ་ཡུ་ཚེ་ཡི་བྱིན་ཕོབ་ཅིག༔ གནས་གསུམ་དག་པ་ཐིག་ལེའི་

p. 57

ཀློང་༔ བླ་མེད་གསང་བའི་དཀོན་མཆོག་གསུམ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡིས༔ ཨཱ་ཡུ་ཚེ་ཡི་བྱིན་ཕོབ་ཅིག༔ བདེ་བ་ཆེན་པོའི་ཞིང་ཁམས་ནས༔ རང་བྱུང་སྤྲོས་པ་མི་མངའ་བ༔ སྣང་བ་མཐའ་ཡས་ཚེ་ཡི་བདག༔ ཆོས་དབྱིངས་ཀློང་ནས་བྱིན་ཕོབ་ཅིག༔ ལྔ་ལྡན་ཐིག་ལེའི་གཞལ་ཡས་ནས༔ འོད་ལྔ་མ་འདྲེས་ལོངས་སྤྱོད་རྫོགས༔ རིགས་ལྔ་ཡབ་ཡུམ་ཚེ་ཡི་བདག༔ ཡེ་ཤེས་ལྔ་ཡི་བྱིན་ཕོབ་ཅིག༔ དཔལ་རི་པདྨའི་གཞལ་ཡས་སུ༔ རང་བཞིན་སྐྱེ་འཆི་མི་མངའ་བ༔ པདྨ་འབྱུང་གནས་ཚེ་ཡི་བདག༔ འཆི་མེད་ཚེ་ཡི་བྱིན་ཕོབ་ཅིག༔ མཁའ་སྤྱོད་རྣམ་དག་ཕོ་བྲང་ནས༔ གཞན་དོན་རྣམ་དག་གྲུབ་པ་མོ༔ མཁའ་འགྲོ་མཚོ་རྒྱལ་ཚེ་ཡི་བདག༔ ཉམས་རྟོགས་སྤོར་བའི་བྱིན་ཕོབ་ཅིག༔ གར་བཞུགས་དག་པའི་ཕོ་བྲང་དུ༔ ཨོ་རྒྱན་ཐུགས་སྲས་འགྲོ་བའི་མགོན༔ ཟབ་གཏེར་གདམས་པའི་བཀའ་བབ་མཆོག༔ པད་གླིང་ཡབ་སྲས་བྱིན་ཕོབ་ཅིག༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ རྩ་བརྒྱུད་བླ་མས་བྱིན་ཕོབ་

p. 58

ཅིག༔ རང་སྣང་དག་པའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་བྱིན་ཕོབ་ཅིག༔ རྣལ་འབྱོར་བུ་བཞིན་སྐྱོང་མཛད་པ༔ མཁའ་འགྲོ་ཆོས་སྐྱོང་བྱིན་ཕོབ་ཅིག༔ ཚེ་ཡི་ཕོ་ཉ་ལས་བྱེད་རྣམས༔ རང་རང་གནས་ནས་བྱིན་ཕོབ་ཅིག༔ བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་ལྟར་ཉི་ལི་ལི༔ འཆི་མེད་ན་བུན་ཐུ་ལུ་ལུ༔ ཉམས་དང་རྟོགས་པ་བུན་ནི་བུན༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་༔ ལུས་ངག་ཡིད་གསུམ་སྨིན་གྲོལ་ནས༔ འཆི་མེད་རིག་འཛིན་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿལཱ་སྱ། མཱ་ལ། གཱི་རྟི། ནཱི་རྟི། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ཛཿཧཱུྃ་བྃ་ཧོཿཨཱ་བེ་ཤ་ཡ་ཨ་ཨཱཿ[འདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི།] རྃ་ཡྃ་ཁྃ་[གིས་བསང་སྦྱང་།] བདག་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དྲི་མ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་གནས་ཁང་འོག་མིན་བདེ་ཆེན་འབར་བའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་རིན་པོ་ཆེ་དང་པདྨ་ལ་

p. 59

སོགས་པའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་[ཁས་བྱུང་བའི་ཕྱི་ནང་གསང་བའི་]མཆོད་པའི་ཡོ་བྱད་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་འཆི་མེད་ཚེ་ལྷའི་དཀྱིལ་འཁོར་གྱི་འཁོར་ལོའི་ཞིང་ཀུན་ཏུ་ཁྱབ་པར་འཆར་བས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་[བསམ་ཞིང་།] ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མཧཱ་བོ་དྷི་ཅིཏྟ་ག་ཎ་གུ་ཧྱ་སརྦ་པཱུ་ཛ་ཧོཿ[ཞེས་དང་། བདུད་རྩི་བསང་སྦྱང་།] སྟོང་པའི་ངང་ལས་རང་བྱུང་བྷནྡྷ་འབར་བའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་བཞིན་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོས་གང་བར་[བསམ་ལ།] ཨོཾ་ཨཱཿཧཱུྃ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ [ལན་བདུན། རཀྟ་བསང་སྦྱང་།] སྟོང་པའི་ངང་ལས་དུང་ཆེན་བདེ་བ་ཆེན་པོའི་སྣོད་དུ་ཆགས་མེད་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་[བསམ་ལ།] ཨོཾ་ཨཱཿཧཱུྃ་མཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ [ལན་བདུན།] གཏོར་མ་

p. 60

[བསང་སྦྱང་།] སྟོང་པའི་ངང་ལས་གཏོར་གཞོང་པདྨ་འདབ་མ་སྟོང་ལྡན་གྱི་སྙིང་པོར་གཏོར་མ་ཟག་མེད་འདོད་ཡོན་ལྔ་ལྡན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར་པར་[བསམ་ལ།] ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ [ལན་བདུན། དེ་དག་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞིའི་ཆོས་ལ་རྣམ་གྲངས་བདུན་ལས། དང་པོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་གདབ་པ་ནི།] ཧྲཱི༔ ཆོས་རྣམས་རང་བཞིན་སྤྲོས་དང་བྲལ༔ ནམ་མཁའ་ལྟ་བུའི་ངང་ཉིད་ལས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བརྩེ་བའི་སྙིང་རྗེ་ཉི་ལྟར་གསལ༔ དེ་ལས་རྒྱུ་ཡི་རིག་པ་ནི༔ གསེར་གྱི་རྡོ་རྗེ་རྩེ་ལྔར་བསྒོམ༔ དེ་ལས་འོད་འཕྲོས་འབྱུང་རིམ་བརྩེགས༔ དེ་སྟེང་བྷྲཱུྃ་ལས་གཞལ་ཡས་ཁང་༔ མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ༔ འཇའ་ཚོན་འོད་ལྔ་འཁྱིལ་བའི་ཀློང་༔ མཛེས་བྱེད་པདྨ་ཉི་ཟླའི་སྟེང་༔ རྡོ་རྗེ་གནས་གྱུར་དྲན་རྫོགས་སུ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གསང་བ་ཡེ་ཤེས་ཡུམ་དང་སྦྱོར༔ མཉམ་གཞག་

p. 61

ཡུམ་འཁྱུད་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ ཞབས་གཉིས་སྐྱིལ་ཀྲུང་དྲང་པོར་བཞུགས༔ དཀྱིལ་འཁོར་ཚོམ་བུའི་དབུས་ཕྱོགས་ན༔ བཅོམ་ལྡན་མགོན་པོའི་མདུན་ཕྱོགས་ཀྱི༔ དཀར་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་བུདྡྷ་ཚེ་དཔག་མེད༔ སྐུ་མདོག་དཀར་གསལ་འཛུམ་དང་ལྡན༔ ནམ་མཁའི་དབྱིངས་ཕྱུག་ཡུམ་དང་སྦྱོར༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ སེང་ཆེན་ཉི་ཟླ་པད་གདན་བཞུགས༔ དཀྱིལ་འཁོར་ཚོམ་བུའི་ཤར་ཕྱོགས་ན༔ མཐིང་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་བཛྲ་ཚེ་དཔག་མེད༔ སྐུ་མདོག་མཐིང་གསལ་འཛུམ་དང་ལྡན༔ མཱ་མ་ཀི་མཐིང་ཡུམ་དང་སྦྱོར༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ གླང་ཆེན་ཉི་ཟླ་པད་གདན་བཞུགས༔ དཀྱིལ་འཁོར་ཚོམ་བུའི་ལྷོ་ཕྱོགས་ན༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་རཏྣ་ཚེ་དཔག་མེད༔ སྐུ་མདོག་སེར་གསལ་འཛུམ་དང་ལྡན༔ སངས་རྒྱས་སྤྱན་སེར་ཡུམ་

p. 62

དང་སྦྱོར༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ རྟ་མཆོག་ཉི་ཟླ་པད་གདན་བཞུགས༔ དཀྱིལ་འཁོར་ཚོམ་བུའི་ནུབ་ཕྱོགས་ན༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ སྐུ་མདོག་དམར་གསལ་འཛུམ་དང་ལྡན༔ ལྷ་མོ་གོས་དཀར་ཡུམ་དང་སྦྱོར༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ རྨ་བྱ་ཉི་ཟླ་པད་གདན་བཞུགས༔ དཀྱིལ་འཁོར་ཚོམ་བུའི་བྱང་ཕྱོགས་ན༔ ལྗང་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ སྐུ་མདོག་ལྗང་གསལ་འཛུམ་དང་ལྡན༔ དམ་ཚིག་སྒྲོལ་མ་ཡུམ་དང་སྦྱོར༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ ཤང་ཤང་ཉི་ཟླ་པད་གདན་བཞུགས༔ དེ་ཡི་འཁོར་དུ་ཚེ་ཡི་ལྷ༔ ཤར་དུ་ལཱ་སྱ་དཀར་མོ་ནི༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ ལྷོ་རུ་མཱ་ལེ་མཐིང་སྐྱ་མ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ ནུབ་ཏུ་གཱིརྟི་དམར་མོ་ནི༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ བྱང་དུ་ནཱིརྟི་ལྗང་གུ་མ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔

p. 63

ཤར་ལྷོ་མགྱོགས་མ་པུཥྤེ་མ༔ དཀར་མོ་མདའ་དར་ཚེ་བུམ་འཛིན༔ ལྷོ་ནུབ་མགྱོགས་མ་དྷུ་པེ་མ༔ སེར་མོ་མདའ་དར་ཚེ་བུམ་འཛིན༔ ནུབ་བྱང་མགྱོགས་མ་ཨཱ་ལོ་ཀེ༔ དམར་མོ་མདའ་དར་ཚེ་བུམ་འཛིན༔ བྱང་ཤར་མགྱོགས་མ་གནྡྷེ་མ༔ ལྗང་མོ་མདའ་དར་ཚེ་བུམ་འཛིན༔ ཤར་སྒོར་ཁྲོ་བོ་རྣམ་པར་རྒྱལ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ ལྷོ་སྒོར་ཁྲོ་བོ་གཤིན་རྗེ་གཤེད༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ ནུབ་སྒོར་ཁྲོ་བོ་རྟ་མཆོག་དཔལ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ ཤར་གྱི་ཕྱོགས་ནས་སྒོ་མ་ནི༔ མདའ་དར་ལྕགས་ཀྱུ་ཚེ་བུམ་བསྣམས༔ ལྷོ་ཡི་ཕྱོགས་ནས་སྒོ་མ་ནི༔ མདའ་དར་ཞགས་པ་ཚེ་བུམ་བསྣམས༔ ནུབ་ཀྱི་ཕྱོགས་ནས་སྒོ་མ་ནི༔ མདའ་དར་ལྕགས་སྒྲོག་ཚེ་བུམ་བསྣམས༔ བྱང་གི་ཕྱོགས་ནས་སྒོ་མ་ནི༔ མདའ་དར་དྲིལ་བུ་ཚེ་བུམ་བསྣམས༔ གཞལ་ཡས་

p. 64

ཕྱི་ཁྱམས་ཁོར་ཡུག་ཏུ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་༔ གཏེར་བདག་དམ་ཅན་བཀའ་ཉན་ཚོགས༔ ཆར་སྤྲིན་ལྟ་བུར་གཏིབས་པར་གྱུར༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿསརྦ་ཨ་བྷིཥིཉྩ་ཧྲཱིཿ [གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི།] ཧྲཱིཿ བདེ་ཆེན་རྣམ་པར་དག་པའི་དབྱིངས༔ ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྤྱན་འདྲེན་གཤེགས༔ ཉོན་མོངས་གཏི་མུག་འཇོམས་པའི་དཔལ༔ བཅོམ་ལྡན་བུདྡྷ་ཚེ་དཔག་མེད༔ ཆོས་དབྱིངས་ཡེ་ཤེས་ཀློང་དཀྱིལ་ནས༔ ཡབ་ཡུམ་གཉིས་མེད་སྤྱན༴ ཉོན་མོངས་ཞེ་སྡང་འཇོམས་པའི་དཔལ༔ བཅོམ་ལྡན་བཛྲ་ཚེ་དཔག་མེད༔ མེ་ལོང་ཡེ་ཤེས་ཀློང་དཀྱིལ་ནས༔ ཡབ་ཡུམ་གཉིས་མེད༴ ཉོན་མོངས་ང་རྒྱལ་འཇོམས་པའི་དཔལ༔ བཅོམ་ལྡན་རཏྣ་ཚེ་དཔག་མེད༔ མཉམ་ཉིད་ཡེ་ཤེས་ཀློང༴ ཡབ་ཡུམ་གཉིས་མེད༴ ཉོན་མོངས་འདོད་ཆགས་

p. 65

འཇོམས་པའི་དཔལ༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ སོར་རྟོག་ཡེ་ཤེས་ཀློང་དཀྱིལ་ནས༔ ཡབ་ཡུམ་གཉིས་མེད་སྤྱན༴ ཉོན་མོངས་ཕྲག་དོག་འཇོམ༴ བཅོམ་ལྡན་ཀརྨ་ཚེ༴ བྱ་གྲུབ་ཡེ་ཤེས་ཀློང་༴ ཡབ་ཡུམ་གཉིས་མེད༴ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱསྱ་དཀར་མོ་གཤེགས་སུ་གསོ༔ ལྷོ་ཡི་ཕྱོགས་ནས༴ མཱ་ལེ་མཐིང་སྐྱ༴ ནུབ་ཀྱི་ཕྱོགས་ནས༴ གཱིརྟི་དམར་མོ༴ བྱང་གི་ཕྱོགས་ནས༴ ནཱིརྟི་ལྗང་གུ༴ ཤར་ལྷོ་ཚེ་ཡི་ལས་མཛད་མ༔ མགྱོགས་མ་དཀར་མོ་གཤེགས་སུ་གསོལ༔ ལྷོ་ནུབ་ཚེ་ཡི༴ མགྱོགས་མ་སེར་མོ༴ ནུབ་བྱང་ཚེ་ཡི༴ མགྱོགས་མ་དམར་མོ༴ བྱང་ཤར་ཚེ་ཡི༴ མགྱོགས་མ་ལྗང་གུ༴ ཤར་གྱི་ཕྱོགས་ནས་ཚེ་ཡི་ཁྲོ༔ རྣམ་པར་རྒྱལ་བ་གཤེགས་སུ་གསོལ༔ ལྷོ་ཡི་ཕྱོགས་ནས་ཚེ་ཡི་ཁྲོ༔ གཤིན་རྗེ་གཤེད་པོ་གཤེགས་སུ་གསོལ༔ ནུབ་ཀྱི་ཕྱོགས་ནས་ཚེ་ཡི་ཁྲོ༔ རྟ་མཆོག་རྒྱལ་པོ༴ བྱང་གི་ཕྱོགས་ནས་ཚེ་ཡི་ཁྲོ༔ བདུད་རྩི་འཁྱིལ་བ༴ ཤར་སྒོར་རྡོ་

p. 66

རྗེ་ལྕགས་ཀྱུ་མ༔ ཞི་བའི་ལས་མཛད་གཤེགས་སུ་གསོལ༔ ལྷོ་སྒོར་རིན་ཆེན་ཞགས་པ་མ༔ རྒྱས་པའི་ལས་མཛད༴ ནུབ་སྒོར་པདྨ་ལྕགས་སྒྲོག་མ༔ དབང་གི་ལས་མཛད༴ བྱང་སྒོར་ལས་ཀྱི་དྲིལ་བུ་མ༔ དྲག་པོའི་ལས་མཛད༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་༔ གཏེར་བདག་དམ་ཅན་འཁོར་བཅས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་མཆོག་བདག་ལ་ཚེ་དབང་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ཡུ་ཚེ་བྷྲཱུྃ་ཨཱ་ཡུ་ཛྙཱ་ན་ཡུ་ཚེ་བྷྲཱུྃ༔ ས་མ་ཡ་ཛ་ཛ་ཛཿ སིདྡྷི་ཕ་ལ་ཧོཿ[གསུམ་པ་བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་ནི།] ཧྲཱིཿ རང་བྱུང་རྣམ་དག་ཕོ་བྲང་འདིར༔ སེང་གེ་གླང་ཆེན་རྟ་རྨ་བྱ༔ ཤང་ཤང་པདྨ་ཉི་ཟླའི་སྟེང་༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ འཆི་མེད་དངོས་གྲུབ་སྩོལ་བའི་ཕྱིར༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏི་ཥྛ་ལྷན༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ[བཞི་པ་མཆོད་པ་འབུལ་བ་ལ།

p. 67

ཕྱི་མཆོད་ནི།] ཧྲཱིཿ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ མཛེས་པའི་མེ་ཏོག་སྤྱན་ལ་འབུལ༔ རོལ་མོ་སྒྲ་སྙན་སྙན་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ རོ་མཆོག་བརྒྱ་ལྡན་ལྗགས་ལ་འབུལ༔ འཇམ་འཁྲིལ་སྣུམ་པོ་ལ་སྐུ་ལ་འབུལ༔ ཡིད་འོང་མཆོད་སྤྲིན་ཐུགས་ལ་འབུལ༔ སྣང་གསལ་མར་མེ་ལ་སོགས་པའི༔ ཕྱི་ཡི་མཆོད་པ་སྣ་ཚོགས་འབུལ༔ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤཔྡ་པཱུ་ཛཿཧོ༔ [ནང་མཆོད་ནི།] བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ དབང་པོ་སྣ་ལྔའི་མཆོད་པ་འབུལ༔ གོ་རོ་ཙ་ནའི་མཆོད་པ་འབུལ༔ བ་སུ་ཏ་ཡི་མཆོད་པ་འབུལ༔ ཚིལ་ཆེན་མར་མེའི༴ དྲི་ཆེན་དྲི་ཆུའི༴ ཤ་སྣ་སྙིང་སྣའི༴ གསུར་ཆེན་དུད་པའི༴ འཁོར་འདས་ཐམས་ཅད་གཉིས་མེད་བཞེས༔ མ་ཧཱ་པཉྩ་པཱུ་ཛ་ཧོཿ[གསང་མཆོད་ནི།] བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔

p. 68

སྣང་བ་ཡབ་ལ་སྟོང་པ་ཡུམ༔ ཐབས་ཤེས་གཉིས་མེད་བདེ་སྦྱོར་གྱི༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ༔ བོ་དྷི་ཙིཏྟ་བཱུ་ཛ་ཧོཿ[སྨན་མཆོད་ནི།] བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཁྱད་པར་རྨད་བྱུང་བདུད་རྩི་འདི༔ དུག་ལྔ་རྣམ་དག་ཡེ་ཤེས་འགྲུབ༔ བཅོམ་ལྡན་ཚེ་ཡི་ལྷ་ལ་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ [ཞེས་དང་།] ཆོས་སྐུ་སྣང་མཐའ་ལོངས་སྐུ་འཆི་མེད་ལྷ། །སྤྲུལ་སྐུ་པད་འབྱུང་གཏེར་ཆེན་པདྨ་གླིང་། །སྐལ་ལྡན་ཆོས་བདག་དངོས་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །དཀྱིལ་འཁོར་གཙོ་མཆོག་རིགས་ལྔ་ཚེ་དཔག་མེད། །ཚེ་བདག་བཀྲ་ཤིས་ལྷ་མོ་མགྱོགས་མ་བརྒྱད། །ལས་མཛད་སྒོ་བ་སྒོ་མ་བཞི་རྣམས་ལ། །སྨན་མཆོད༴ །སརྦ་པཉྩ༴ །དཔའ་བོ་མཁའ་འགྲོ་དམ་ཅན་གཏེར་སྲུང་སོགས་

p. 69

ཞིང་སྐྱོང་གཞི་བདག་མཆོད་འོས་རྒྱ་མཚོ་དང་། །སྣང་སྲིད་རྣམ་དག་ཚེ་ཡི་དཀྱིལ་འཁོར་ལ། །སྨན་མཆོད༴ །སརྦ་པཉྩ་ཨ་མྲྀ༴ ཨོཾ་ཨཱཿཧཱུྃ༔ [གིས་དངོས་གྲུབ་བླངས། རཀྟའི་མཆོད་པ་ནི།] བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ སྲིད་གསུམ་གདུག་པ་བསྒྲལ་བའི་ཁྲག༔ ཆོས་ཉིད་སྟོང་གསལ་ཀ་པཱ་ལར༔ ཡེ་ཤེས་སྣ་ལྔའི་བཅུད་དུ་གཏམས༔ དུག་ལྔ་ཆོས་ཉིད་བཟློག་པའི་ཕྱིར༔ བདེ་ཆེན་རཀྟའི་མཆོད་པ་བཞེས༔ མ་ཧཱ་རཀྟ་ལ་ཁཱ་ཧིཿ[གཏོར་མའི་མཆོད་པ་ནི།] བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ བ་ལིཾ་གཏོར་མཆོད་འབུལ་བ་ནི༔ ཆོས་ཉིད་བྷནྡྷ་ཡངས་པ་རུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱར༔ འབྱུང་ལྔ་དག་པའི་མཐེབ་ཀྱུས་བྲན༔ ཡེ་ཤེས་སྣ་ལྔའི་ཛ་གད་གསལ༔ སྐུ་ལྔ་ལྷུན་གྲུབ་གཏོར་མ་འདི༔ སྲིད་གསུམ་དག་པའི་ཞིང་དུ་བཞེས༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧིཿ[ལྔ་པ་བསྟོད་པ་བྱ་བ་ནི།] ཧྲཱིཿ ཆོས་དབྱིངས་ངང་ལས་རང་བྱུང་སྐུར་སྟོན་པ༔ འགྲོ་བའི་མགོན་པོ་བཅོམ་ལྡན་ཚེ་དཔག་མེད༔

p. 70

གསང་བ་ཡེ་ཤེས་ཆོས་དབྱིངས་ཡུམ་དང་སྦྱོར༔ བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ གཟུགས་ཕུང་རྣམ་དག་བུདྡྷ་ཚེ་དཔག་མེད༔ ནམ་མཁའ་རྣམ་དག་ཡུམ་མཆོག་དབྱིངས་ཕྱུག་སྦྱོར༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་སྐུ༔ བུདྡྷ་ཚེ་དཔག་མེད་ལ་ཕྱག་འཚལ༴ ཡིད་ཕུང་རྣམ་དག་བཛྲ་ཚེ་དཔག་མེད༔ ཆུ་ཁམས་རྣམ་དག་ཡུམ་མཆོག་མཱ་ཀི་སྦྱོར༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ༔ བཛྲ་ཚེ་དཔག་མེད་ལ༴ ཚོར་ཕུང་རྣམ་དག་རཏྣ་ཚེ་དཔག་མེད༔ ས་ཁམས་རྣམ་དག་ཡུམ་མཆོག་སྤྱན་མར་སྦྱོར༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ༔ རཏྣ་ཚེ་དཔག་མེད་ལ༴ འདུ་ཤེས་རྣམ་དག་པདྨ་ཚེ་དཔག་མེད༔ མེ་ཁམས་རྣམ་དག་ཡུམ་མཆོག་གོས་དཀར་སྦྱོར༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་སྐུ༔ པདྨ་ཚེ་དཔག་མེད་ལ༴ འདུ་བྱེད་རྣམ་དག་ཀརྨ་ཚེ་དཔག་མེད༔ རླུང་ཁམས་རྣམ་དག་ཡུམ་མཆོག་སྒྲོལ་མར་སྦྱོར༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ༔ ཀརྨ་ཚེ་དཔག་མེད་ལ༴ ཕྱོགས་བཞི་ཚེ་ཡི་ལས་

p. 71

མཛད་མ༔ ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད༔ མཚམས་བཞི་དག་ནས་ཚེ་འགུགས་མ༔ མགྱོགས་མ་བཞི་ལ༴ ཚད་མེད་བཞི་ལྡན་སྒོ་སྲུང་མ༔ ཡབ་ཡུམ་བརྒྱད་ལ་ཕྱག༴ དམ་ཚིག་བཀའ་ཡི་བྱ་ར་མཛད༔ མཁའ་འགྲོའི་ཚོགས་ལ༴ འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་སྒྲུབ༔ སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ [དྲུག་པ་ཛཔྲ་བཟླ་བ་ནི། དབང་དང་སྒྲུབ་ཆེན་སྐབས་སོགས་སུ་བསྙེན་སྔགས་ལ་ཕཊ་ཛཿབཏགས་པ་བརྗོད་པས་ཛཔྲ་ཁང་དབྱེ།] རང་གི་ཐུགས་ཀར་པད་ཟླའི་སྟེང་། །སྲོག་གི་སྙིང་པོ་ཧྲཱིཿ དམར་གསལ། །ཁོག་པར་ཨ་དཀར་ནྲྀ་ལྗང་མཚན། །མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར། །དེ་ལས་འོད་ཟེར་དཔག་ཡས་འཕྲོས། །རྒྱལ་བ་རབ་འབྱམས་མཆོད་པས་མཉེས། །ཁམས་གསུམ་འགྲོ་བའི་ལས་སྒྲིབ་སྦྱངས། །འཁོར་འདས་སྲིད་ཞིའི་དྭངས་བཅུད་ཀུན། །འཇའ་འོད་ཟེར་ཐིག་རྣམ་པས་བསྡུས། །བདག་ལ་ཐིམ་པས་འཆི་མེད་གྲུབ། །རྫས་ལ་ཐིམ་པས་བདུད་རྩིར་འཁྱིལ། །སྐྱེ་ཤི་འཕོ་འགྱུར་དང་བྲལ་བའི། །རྡོ་རྗེའི་

p. 72

ཚེ་དང་ལང་ཚོ་ལ། །དབང་བསྒྱུར་དངོས་གྲུབ་ཀུན་ཐོབ་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་ཨ་ཡུ་ཥེ་བྷྲཱུྃ་ནྲྀ་ཛཿཨཱ་མ་ར་ཎི་ཛི་བཱནྟི་སྭཱ་ཧཱ༔ [ཞེས་གཙོ་བོར་བཟླ་ཞིང་།] ཨོཾ་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ཡུ་ཚེ་བྷྲཱུྃ་ཨ་ཡུ་ཛྙཱ་ན་ཡུ་ཚེ་བྷྲཱུྃ༔ [ཞེས་པའང་ཅི་འགྲུབ་བཟླ། ཐུན་མཚམས་སུ།] འཆི་མེད་ཚེ་ཡི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་ཉམས་ཆག་འགལ་འཁྲུལ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །[ཞེས་སྟོང་ཚིག་གི་མཆོད་བསྟོད་བྱའོ། །བདུན་པ་ཚེ་འགུགས་པ་ནི། སྤོས་བཏུལ་ལ་མདའ་དར་གཡབ་ཅིང་།] ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ རང་འདྲའི་ཡུམ་མཆོག་ཆོས་དབྱིངས་སྦྱོར༔ གཡས་པ་མདའ་དར་མགུལ་ནས་འཁྱུད༔ གཡོན་པ་ཚེ་བུམ་ཡབ་ཞལ་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་གི༔ ཡང་གསང་ཐུགས་ཀྱི་གྭའུ་ནས༔ སྙིང་པོ་ཚེ་ཡི་ཨཱ་ཡུ་ནི༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཨོཾ་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ཡུ་

p. 73

ཚེ་བྷྲཱུྃ་ཨ་ཡུ་ཛྙཱ་ན་ཡུ་ཚེ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ཚོམ་བུའི་དབུས་ཕྱོགས་ན༔ བཅོམ་ལྡན་མགོན་པོའི་མདུན་ཕྱོགས་ཀྱི༔ དཀར་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་བུདྡྷ་ཚེ་དཔག་མེད༔ སྐུ་མདོག་དཀར་གསལ་འཛུམ་དང་ལྡན༔ སྐྱིལ་ཀྲུང་མཉམ་གཞལ་ཚེ་བུམ་འཛིན༔ ཤེལ་གྱི་བུམ་པ་ཚེ་ཡིས་བཀང་༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་འཁོར་ལོ་འབར༔ འཁོར་ལོ་འབར་བས་བསོད་ནམས་བསྐྱེད༔ བུམ་པའི་མགུལ་ཆིངས་ལེ་བརྒན་དཀར༔ ལེ་བརྒན་དཀར་པོས་གཏི་མུག་འཇོམས༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་སྲོག་གི་རྟེན༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ ཨོཾ་ཚེ་བྷྲཱུྃ་ཡུ་བྷྲཱུྃ་ཡུ་ཚེ་བྷྲཱུྃ༴ ཧྲཱིཿ རང་འདྲའི་ཡུམ་མཆོག་དབྱིངས་ཕྱུག་མ༔ གཡས་པ་མདའ་དར་མགུལ་ནས་འཁྱུད༔ གཡོན་པ་ཚེ་བུམ་ཡབ་ཞལ་སྟོབ༔ འབྱུང་བ་མཁའ་ལ་དབང་བསྒྱུར་མ༔ གནས་འདིར་སྒྲུབ་མཆོག་འཁོར་བཅས་ཀྱི༔

p. 74

སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་བསྡུས་ལ༔ བླ་ཚེ་ཉམས་པ་བླ་ཚེ་ཁུག༔ སྲོག་ཚེ་ཉམས་པ་སྲོག་ཚེ་ཁུག༔ གཟུགས་ཚེ་ཉམས་པ་གཟུགས་ཚེ་ཁུག༔ དབུགས་ཚེ་ཉམས་པ་དབུགས་ཚེ་ཁུག༔ ཚེ་ཡོ་བ་འཐོར་བ་ཁ་བྲི་བ༔ ཡོ་བ་སྲོང་ལ་ཆད་པ་མཐུད༔ འཐོར་བ་བསྡུས་ལ་བྲུལ་བ་རུག༔ གས་པ་སྦྱོར་ལ་ཚེ་སྲིངས་ཤིག༔ ཨོཾ་ཚེ་བྷྲཱུྃ་ཡུ་བྷྲཱུྃ༴ ཧྲཱིཿ དཀྱིལ་འཁོར་ཚོམ་བུའི་ཤར་ཕྱོགས་ན༔ མཐིང་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་བཛྲ་ཚེ་དཔག་མེད༔ སྐུ་མདོག་མཐིང་གསལ་འཛུམ་དང་ལྡན༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ མཐིང་གི་བུམ་པ་ཚེ་ཡིས་བཀང་༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ གཞལ་ཡས་ཁང་ལ་ཕྱི་ནང་མེད༔ བུམ་པའི་ཁ་རྒྱན་རྡོ་རྗེ་འབར༔ རྡོ་རྗེ་འབར་བས་མི་ཤིགས་སྲ༔ བུམ་པའི་མགུལ་ཆིངས་ལེ་བརྒན་མཐིང་༔ ལེ་བརྒན་མཐིང་ཁས་ནད་གདོན་ཞི༔ བུམ་པའི་གཟུགས་ཐག་ལུ༴ ལུ་གུ་རྒྱུད་ཀྱང་སྲོག༴ གནས་

p. 75

འདིར་ཚེ་ཁུག༴ ཨོཾ་ཚེ་བྷྲཱུྃ༴ ཧྲཱིཿ རང་འདྲའི་ཡུམ་མཆོག་མཱ་མ་ཀི༔ གཡས་པ་མདའ་དར་མགུལ༴ གཡོན་པ་ཚེ་བུམ་ཡབ༴ འབྱུང་བ་ཆུ་ལ་དབང་བསྒྱུར་མ༔ གནས་འདིར་སྒྲུབ་མཆོག་འཁོར་བཅས་ཀྱི༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་བསྡུས་ལ༔ བླ་ཚེ་ཉམས་པ༴ སྲོག་ཚེ་ཉམས་པ༴ གཟུགས་ཚེ་ཉམས་པ༴ དབུགས་ཚེ༴ ཚེ་ཡོ་བ་འཐོར་བ༴ ཡོ་བ་སྲོང་ལ་ཆད༴ འཐོར་བ་བསྡུས་ལ༴ གས་པ་སྦྱོར་ལ༴ ཨོཾ་ཚེ་བྷྲཱུྃ༴ ཧྲཱིཿ དཀྱིལ་འཁོར་ཚོམ་བུའི་ལྷོ་ཕྱོགས་ན༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་རཏྣ་ཚེ་དཔག་མེད༔ སྐུ་མདོག་སེར་གསལ་འཛུམ་དང་ལྡན༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ གསེར་གྱི་བུམ་པ་ཚེ་ཡིས་བཀང་༔ བུམ་པའི་རང་བཞིན༴ གཞལ་ཡས་ཁང་ལ༴ བུམ་པའི་ཁ་རྒྱན་རིན་ཆེན་འབར༔ རིན་ཆེན་འབར་བས་དགོས་འདོད་བྱུང་༔ བུམ་པའི་མགུལ་ཆིངས་ལེ་བརྒན་སེར༔ ལེ་བརྒན་སེར་པོས་

p. 76

དཔལ་འབྱོར་རྒྱས༔ བུམ་པའི་གཟུངས་ཐག༴ ལུ་གུ་རྒྱུད་ཀྱང༴ གནས་འདིར་ཚེ་ཁུག༴ ཨོཾ་ཚེ་བྷྲཱུྃ༴ ཧྲཱིཿ རང་འདྲའི་ཡུམ་མཆོག་སངས་རྒྱས་སྤྱན༔ གཡས་པ་མདའ་དར་མགུལ༴ གཡོན་པ་ཚེ་བུམ་ཡབ༴ འབྱུང་བས་ལ་དབང་བསྒྱུར་མ༔ གནས་འདིར་སྒྲུབ་མཆོག་འཁོར་བཅས་ཀྱི༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་བསྡུས་ལ༔ བླ་ཚེ༴ སྲོག་ཚེ༴ གཟུགས་ཚེ༴ དབུགས་ཚེ༴ ཚེ་ཡོ་བ༴ ཡོ་བ་སྲོང་ལ༴ འཐོར་བ༴ གས་པ་སྦྱོར་ལ༴ ཨོཾ་ཚེ་བྷྲཱུྃ༴ ཧྲཱིཿ དཀྱིལ་འཁོར་ཚོམ་བུའི་ནུབ་ཕྱོགས་ན༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ སྐུ་མདོག་དམར་གསལ་འཛུམ་དང་ལྡན༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ བྱེ་རུའི་བུམ་པ་ཚེ་ཡིས་བཀང་༔ བུམ་པའི་རང་བཞིན༴ གཞལ་ཡས་ཁང་ལ༴ བུམ་པའི་ཁ་རྒྱན་པདྨ་འབར༔ པདྨ་འབར་བས་སྐྱོན་མ་གོས༔ བུམ་པའི་མགུལ་ཆིངས་ལེ་བརྒན་དམར༔ ལེ་བརྒན་དམར་པོས་ཁམས་

p. 77

གསུམ་དབང་༔ བུམ་པའི་གཟུངས་ཐག༴ ལུ་གུ་རྒྱུད་ཀྱང་༴ གནས་འདིར་ཚེ་ཁུག༴ ཨོཾ་ཚེ་བྷྲཱུྃ༴ ཧྲཱིཿ རང་འདྲའི་ཡུམ་མཆོག་གོས་དཀར་མོ༔ གཡས་པ་མདའ་དར་མགུལ༴ གཡོན་པ་ཚེ་བུམ་ཡབ༴ འབྱུང་བ་མེ་ལ་དབང་བསྒྱུར་མ༔ གནས་འདིར་སྒྲུབ་མཆོག་འཁོར་བཅས་ཀྱི༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་བསྡུས་ལ༔ བླ་ཚེ་ཉམས་པ༴ སྲོག་ཚེ་ཉམས་པ༴ གཟུགས་ཚེ༴ དབུགས་ཚེ༴ ཚེ་ཡོ་བ༴ ཡོ་བ་སྲོང་ལ༴ འཐོར་བ༴ གས་པ༴ ཨོ་ཚེ༴ ཧྲཱིཿ དཀྱིལ་འཁོར་ཚོམ་བུའི་བྱང་ཕྱོགས་ན༔ ལྗང་གསལ་ཐིག་ལེའི་གཞལ་ཡས་སུ༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ སྐུ་མདོག་ལྗང་གསལ་འཛུམ་དང་ལྡན༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ ཨིནྡྲ་ནཱི་ལའི་བུ་མ་པ་ཚེ་ཡིས་བཀང་༔ བུམ་པའི་རང་བཞིན༴ གཞལ་ཡས་ཁང་ལ༴ བུམ་པའི་ཁ་རྒྱན་རྒྱ་གྲམ་འབར༔ རྒྱ་གྲམ་འབར་བས་ལོག་འདྲེན་འདུལ༔ བུམ་པའི་མགུལ་ཆིངས་

p. 78

ལེ་བརྒན་ལྗང་༔ ལེ་བརྒན་ལྗང་ཁུས་བར་ཆད་འཇོམས༔ བུམ་པའི་གཟུངས་ཐག༴ ལུ་གུ་རྒྱུད་ཀྱང༴ གནས་འདིར༴ ཨོཾ་ཚེ་བྷྲཱུྃ༴ ཧྲཱིཿ རང་འདྲའི་ཡུམ་མཆོག་དམ་ཚིག་སྒྲོལ༔ གཡས་པ་མདའ་དར་མགུལ༴ གཡོན་པ་ཚེ་བུམ༴ འབྱུང་བ་རླུང་ལ་དབང་བསྒྱུར་མ༔ གནས་འདིར་སྒྲུབ་མཆོག་འཁོར་བཅས་ཀྱི༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་བསྡུས་ལ༔ བླ་ཚེ་ཉམས་པ༴ སྲོག་ཚེ༴ གཟུགས་ཚེ༴ དབུགས་ཚེ༴ ཚེ་ཡོ་བ༴ ཡོ་བ་སྲོང་ལ༴ འཐོར་བ༴ གས་པ༴ ཨོཾ་ཚེ༴ ཧྲཱིཿ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལྷ་མོ་ལཱ་སྱ་དཀར་མོ་ནི༔ གཡས་ཀྱི་ཕྱག་ན་མདའ་དར་བསྣམས༔ གཡོན་གྱི་ཕྱག་ན་ཚེ་བུམ་འཛིན༔ གཡས་ཀྱི་མདའ་དར་གཡབ་དོར་ནས༔ སྣང་སྲིད་ཀུན་ནས་ཚེ་བསྡུས་ཤིང་༔ གཡོན་གྱི་བུམ་པའི་ནང་དུ་སྩོལ༔ ཤར་ཕྱོགས་དྲི་ཟ་དབང་སྡུས་ལ༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ ཨོཾ་ཚེ་བྷྲཱུྃ༴ ཧྲཱིཿ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ ལྷ་མོ་

p. 79

མཱ་ལེ་མཐིང་སྐྱ་མ༔ གཡས་ཀྱི་ཕྱག་ན༴ གཡོན་གྱི་ཕྱག་ན༴ གཡས་ཀྱི་མདའ་དར༴ སྣང་སྲིད་ཀུན་ནས༴ གཡོན་གྱི་བུམ་པའི༴ ལྷོ་ཕྱོགས་གྲུལ་བུམ་དབང་༴ གནས་འདིར༴ ཨོཾ་ཚེ༴ ཧྲཱིཿ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ ལྷ་མོ་གཱི་རྟི་དམར་མོ་ནི༔ གཡས་ཀྱི་ཕྱག་༴ གཡོན་གྱི་ཕྱག་ན༴ གཡས་ཀྱི་མདའ་དར༴ སྣང་སྲིད་ཀུན་ནས༴ གཡོན་གྱི་བུམ་པའི༴ ནུབ་ཕྱོགས་ཀླུ་དབང་དབང་༴ གནས་འདིར༴ ཨོཾ་ཚེ༴ ཧྲཱིཿ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལྷ་མོ་ནཱི་རྟི་ལྗང་གུ་ནི༔ གཡས་ཀྱི་ཕྱག་ན༴ གཡོན་གྱི་ཕྱག་ན༴ གཡས་ཀྱི་མདའ་དར༴ སྣང་སྲིད་ཀུན་ནས༴ གཡོན་གྱི་བུམ༴ བྱང་ཕྱོགས་གནོད་སྦྱིན་དབང་༴ གནས་འདིར༴ ཨོཾ་ཚེ༴ ཧྲཱིཿ ཤར་ལྷོ་མཚམས་ཀྱི་མགྱོགས་མ་ནི༔ ལྷ་མོ་པུཥྤེ་སྐུ་མདོག་དཀར༔ གཡས་ཀྱི་ཕྱག་ན༴ གཡོན་གྱི་ཕྱག་ན༴ གཡས་ཀྱི་མདའ་དར༴ སྣང་སྲིད་ཀུན་ནས༴ གཡོན་གྱི་བུམ་པའི༴ ཤར་ལྷོ་མེ་ལྷ་དབང་༴ གནས་

p. 80

འདིར༴ ཨོཾ་ཚེ༴ ཧྲཱིཿ ལྷོ་ནུབ་མཚམས་ཀྱི་མགྱོགས་མ་ནི༔ ལྷ་མོ་དྷུ་པེ་སྐུ་མདོག་སེར༔ གཡས་ཀྱི་ཕྱག་ན༴ གཡོན་གྱི་ཕྱག་ན༴ གཡས་ཀྱི་མདའ་དར༴ སྣང་སྲིད་ཀུན་ནས༴ གཡོན་གྱི་བུམ་པའི༴ ལྷོ་ནུབ་སྲིན་པོ་དབང་༴ གནས་འདིར་ཚེ་ཁུག༴ ཨོཾ་ཚེ༴ ཧྲཱིཿ ནུབ་བྱང་མཚམས་ཀྱི་མགྱོགས་མ་ནི༔ ལྷ་མོ་ཨཱ་ལོ་ཀེ་སྐུ་མདོག་དམར༔ གཡས་ཀྱི་ཕྱག་ན༴ གཡོན་གྱི་ཕྱག་ན༴ གཡས་ཀྱི་མདའ་དར༴ སྣང་སྲིད་ཀུན་ནས༴ གཡོན་གྱི་བུམ་པའི༴ ནུབ་བྱང་རླུང་ལྷ་དབང་༴ གནས་འདིར༴ ཨོཾ་ཚེ༴ ཧྲཱིཿ བྱང་ཤར་མཚམས་ཀྱི་མགྱོགས་མ་ནི༔ ལྷ་མོ་གནྡྷེ་སྐུ་མདོག་ལྗང་༔ གཡས་ཀྱི་ཕྱག་ན༴ གཡོན་གྱི་ཕྱག༴ གཡས་ཀྱི་མདའ་དར༴ སྣང་སྲིད་ཀུན་ནས༴ གཡོན་གྱི་བུམ་པའི༴ བྱང་ཤར་དབང་ལྡན་དབང་༴ གནས་འདིར༴ ཨོཾ་ཚེ༴ ཧྲཱིཿ དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ན༔ ཚེ་ཡི་ཁྲོ་བོ་རྣམ་པར་རྒྱལ༔ ཡུམ་མཆོག་ལྷ་མོ་ལྕགས་ཀྱུར་སྦྱོར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ གཡས་གཡོན་མདའ་དར་ཚེ་བུམ་

p. 81

འཛིན༔ ཞི་བ་ལྷུན་གྲུབ་སྒོ་བསྲུང་ལ༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ལོ་བརྒྱ་ཐུབ་པའི་ཚེ་ཁུག་ཅིག༔ སྟོན་བརྒྱ་མཐོང་བའི་ཚེ་ཁུག་ཅིག༔ ཕོ་རྒྱུད་སྟོང་འཕེལ་ཚེ་ཁུག་ཅིག༔ མོ་རྒྱུད་རྒྱུན་བསྲིང་ཚེ་ཁུག་ཅིག༔ རོ་མཆོག་བརྒྱ་ལྡན་ཟས་ཁུག་ཅིག༔ བང་མཛོད་ཁྱིམ་གང་ནོར་ཁུག་ཅིག༔ སྲ་ལ་བརྟན་པ་མི་ཡི་ཚེ༔ མང་ལ་སྙོམས་པ་ནོར་གྱི་གཡང་༔ སྣུམ་ལ་འཁྲིལ་བ་ཟས་ཀྱི་བཅུད༔ དར་ལ་རྒྱས་པ་བསོད་ནམས་དཔལ༔ དེ་རྣམས་མ་ལུས་ཐོབ་བྱའི་ཕྱིར༔ བུམ་པ་འདི་ལ་དཔལ་ཅིག་བསྐྱེད༔ ཚེ་ཟན་འདི་ལ་བཅུད་ཅིག་ཕོབ༔ ཚེ་འབྲས་འདི་ལ་པྲ་ཞིག་སྟོན༔ དཀྱིལ་འཁོར་འདི་ལ་མདངས་ཤིག་ཕྱུངས༔ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཨོཾ་པུཎྱེ་པུཎྱེཿམཧཱ་པུཎྱེ༔ ཨ་པ་ར་མི་ཏ་ཨཱ་ཡུ་ཛྙཱ་ན་སརྦ་རཱུ་པ་སིདྡྷི་སྭཱ་ཧཱ༔ ཧྲཱིཿ དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ་ན༔ ཚེ་ཡི་ཁྲོ་བོ་གཤིན་རྗེ་གཤེད༔ ཡུམ་མཆོག་ལྷ་མོ་ཞགས་པར་སྦྱོར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ གཡས་གཡོན་

p. 82

མདའ་དར་ཚེ་བུམ་འཛིན༔ རྒྱས་པ་རང་བྱུང་སྒོ་བསྲུང་ལ༔ འབྱུང་པོའི་ཚོགས་རྣམས༴ ལོ་བརྒྱ༴ སྟོན་བརྒྱ༴ ཕོ་རྒྱུད༴ མོ་རྒྱུད༴ རོ་མཆོག༴ བང་མཛོད༴ སྲ་ལ༴ མང་ལ༴ སྣུམ་ལ༴ དར་ལ༴ དར་རྣམས༴ བུམ་པ༴ ཚེ་ཟན༴ ཚེ་འབྲས༴ དཀྱིལ་འཁོར༴ སྒྲུབ་མཆོག༴ ཨོཾ་པཎྱེ༴ ཧྲཱིཿ དཀྱིལ་འཁོར་ཆེན་པོའི་ནུབ་སྒོ་ན༔ ཚེ་ཡི་ཁྲོ་བོ་རྟ་མཆོག་དཔལ༔ ཡུམ་མཆོག་ལྷ་མོ་ལྕགས་སྒྲོག་སྦྱོར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ རྩལ་ལྡན་དབང་གི་སྒོ་བསྲུང་ལ༔ འབྱུང་པོའི་ཚོགས་རྣམས༴ ལོ་བརྒྱ༴ སྟོན་བརྒྱ༴ ཕོ་རྒྱུད༴ མོ་རྒྱུད༴ རོ་མཆོག༴ བང་མཛོད༴ སྲ་ལ༴ མང་ལ༴ སྣུམ་ལ༴ དར་ལ༴ དེ་རྣམས༴ བུམ་པ༴ ཚེ་ཟན༴ ཚེ་འབྲས༴ དཀྱིལ་འཁོར༴ སྒྲུབ་མཆོག༴ ཨོཾ་པུཎྱེ༴ ཧྲཱིཿ དཀྱིལ་འཁོར་ཆེན་པོའི་བྱང་སྒོ་ན༔ ཚེ་ཡི་ཁྲོ་བོ་བདུད་རྩི་འཁྱིལ༔ ཡུམ་མཆོག་ལྷ་མོ་དྲིལ་བུར་སྦྱོར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔

p. 83

གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ སྟོབས་ལྡན་དྲག་པོའི་སྒོ་བསྲུང་ལ༔ འབྱུང་པོའི་ཚོགས་རྣམས༴ ལོ་བརྒྱ༴ སྟོན་བརྒྱ༴ ཕོ་རྒྱུད༴ མོ་རྒྱུད༴ རོ་མཆོག༴ བང་མཛོད༴ སྲ་ལ༴ མང་ལ༴ སྣུམ་ལ༴ དར་ལ༴ དར་རྣམས༴ བུམ་པ༴ ཚེ་ཟན༴ ཚེ་འབྲས་དཀྱིལ་འཁོར༴ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཨོཾ་པུཎྱེ་པུཎྱེ༔ མཧཱ་པུཎྱེ་ཨ་པ་ར་མི་ཏ་ཨཱ་ཡུ་ཛྙཱ་ན་སརྦ་རཱུ་པ་སིདྡྷི་སྭཱཧཱ༔ ཧྲཱིཿ ཞིང་ཁམས་སུམ་བརྩེགས་ཕོ་བྲང་ནས༔ བླ་མེད་ཕྱི་ཡི་དཀོན་མཆོག་གསུམ༔ སངས་རྒྱས་ཆོས་དང་དགེ་འདུན་གྱིས༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ འཇའ་འོད་འཁྱིལ་བ་འོད་ལྔའི་ཀློང་༔ བླ་མེད་ནང་གི་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ ཚེ་ཡི་དངོས་གྲུབ༴ གནས་གསུམ་དག་པ་ཐིག་ལེའི་ཀློང་༔ བླ་མེད་གསང་བའི་དཀོན་མཆོག་གསུམ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡིས༔ ཚེ་ཡི་དངོས་གྲུབ༴ བླ་མ་སངས་རྒྱས་ཆོས་ཀྱི་སྐུ༔ ལོངས་

p. 84

སྤྱོད་རྫོགས་སྐུ་རིགས་ལྔ་དང་༔ ཞི་ཁྲོ་བཀའ་བརྒྱད་ཡི་དམ་ལྷ༔ མན་ངག་ཡང་སྙིང་བཅུད་བསྡུས་ལ༔ ཚེ་ཁུག་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོ་རྒྱན་པདྨ་མནྡ་ར༔ ཆོས་རྒྱལ་མཁའ་འགྲོ་མཚོ་རྒྱལ་དང་༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་༔ ཚེ་ལ་དབང་བའི་རིག༴ ལྷུན་གྱིས་གྲུབ་པའི༴ རྣམ་པར་སྨིན་པའི༴ ས་ལ་གནས་པའི་རིག་འཛིན་གྱིས༔ ཚེ་ཡི་དངོས་གྲུབ༴ ཞི་བའི་ལས་མཛད་རྡོ་རྗེ་མཁའ་འགྲོ་དང་༔ རྒྱས་བའི་ལས་མཛད་རཏྣ་མཁའ༴ དབང་གི་ལས་མཛད་པདྨ༴ དྲག་པོའི་ལས་མཛད་ཀརྨ༴ ལྷུན་གྲུབ་ལས་མཛད་བུདྡྷ་མཁའ་འགྲོ་ཡིས༔ ཚེ་ཡི་དངོས་གྲུབ༴ ཆོས་སྐྱོང་སྲུང་མ་གཏེར་བདག་དང་༔ བཀའ་གཉན་ལས་བྱེད་གཏོར་ཟན་རྣམས༔ ཚེ་ཡི་དངོས་གྲུབ༴ ཚེ་ཡི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཀྱི༔ ཡང་གསང་ཐུགས་ཀྱི་ཧྲཱིཿ དམར་ལས༔ ཚེ་ཡི་འོད་ཟེར་ཏ་ལ་ལ༔ སུ་ལ་མི་འཆར་སྒྲུབ་མཆོག་རྣམས་

p. 85

ལ་འཆར༔ མཆོག་དང་ཐུན་མོང་དངོས་གྲུབ་ཆི་ལི་ལི༔ རྟགས་དང་མཚན་མ་ད་ལྟ་བསྟན་དུ་གསོལ༔ ཨོཾ་པུཎྱེ་པུཎྱེ༔ མཧཱ་པུཎྱེ༔ ཨ་པ་ར་མི་ཏ་ཨཱ་ཡུ་ཛྙཱ་ན་སརྦ་རཱུ་པ་སིདྡྷི་སྭཱ་ཧཱ༔ [ཞེས་ཚེ་བཀུག་ལས་ལ། བརྟན་པར་བྱ་བའི་སླད་དུ།] ཧཱུྃ་ཏྲ་ཏྲ་ཤག་མུ་ཏྲ་ཧོ༔ ཏཥྛྰི་ལྷན༔ [ཞེས་ཉེར་གཅིག་ཙམ་བཟླས་ལ།] ཧཱུྃ༔ སྙིང་པོ་བསྐྱོད་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་དང་ལྡན༔ བསྡུས་པས་ལུས་ལ་གཟི་མདངས་འབར༔ བཅིངས་པས་རྡོ་རྗེའི་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ སྐལ་ལྡན་རྡོ་རྗེའི་དམ་ཚིག་ཅན༔ སྐུ་གསུང་ཐུགས་མཆོག་དངོས་གྲུབ་སྩོལ༔ ཚེ་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔ [ཅེས་རྒྱས་གདབ་བོ། །དེ་དག་ནི་དངོས་གཞིའི་ལས་རིམ་མོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་རྣམ་གྲངས་བདུན་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་ཀྱི་རྫས་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་གྱ་ནོམ་པ་བཤམས་ལ་བདུད་རྩིས་བྲན་ཏེ།] ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རྃ་ཡྃ་ཁྃ་གསུམ་ཚོགས་ལ་འཕྲོས༔ དངོས་འཛིན་

p. 86

དྲི་མ་བསྲེག་གཏོར་སྦྱངས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ [ལན་གསུམ། ཚོགས་ཞིང་སྤྱན་དྲང་བ་ནི།] ཧྲཱིཿ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ བླ་མེད་གསང་བའི་དཀྱིལ་འཁོར་བཞུགས༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ ཨ་ལ་ལ་ཏེ་བཞེས་སུ་གསོལ༔ [ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པའི་ཚུལ་དུ་འབུལ་ཞིང་།] ཧྲཱིཿ འཆི་མེད་གསང་བའི་དཀྱིལ་འཁོར་དུ༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ [ཆ་བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་ཞིང་།] སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་དབང་གིས་བདག་ལུས་ངག་སེམས་ཀྱིས༔ འཆི་མེད་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ [ཞེས་དང་ཡི་གེ་བརྒྱ་པ་བཟླ། ཚོགས་ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཆ་གསུམ་པ་འདི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གིས་རང་ལ་བསྡུས་ནས།] ཧཱུྃ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ འཆི་མེད་ལྷ་ཚོགས་བདེན་པའི་མཐུས༔ ཚེ་བདུད་བར་ཆད་དགྲ་

p. 87

བགེགས་རྣམས༔ དམིགས་རྟེན་ཚོགས་རྫས་འདིར་ཁུག་ཅིག༔ ནྲྀ་ཏྲི་བཛྲ་ཨདྐུ་ཤ་ཛ༔ ཛཿཧཱུྃ་བྃ་ཧོཿ[ཞེས་དགུག་བསྟིམས་བྱས་ལ། ཕུར་བུས་གཟིར་ཞིང་།] ཧཱུྃ༔ དུག་ལྔར་སྤྱོད་པའི་ལས་ངན་ཀུན༔ རིགས་ལྔ་དག་གི་ཕྱག་རྒྱས་བསྒྲལ༔ ཉོན་མོངས་བསྒྲལ་བའི་ཡེ་ཤེས་བཅུད༔ ཟ་བྱེད་མི་འགྱུར་ཆོས་དབྱིངས་རོལ༔ ཧྲཱིཿ པདྨནྟ་ཀྲྀ་ཏ་ཨ་མུ་ཀཱ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཁ་ཁ་ཁཱཧི་ཁཱཧི༔ [ཞེས་བསྒྲལ་བསྟབ་བྱ། དེ་ནས་ཚོགས་ཀྱི་དམ་རྫས་བརྡ་དང་བརྡའི་འབུལ་ལེན་དང་བཅས་ནང་གི་སྲེག་བླུག་ཏུ་ཚིམས་པར་ལོངས་སྤྱོད་པའི་མཐར།] ཚོགས་འཁོར་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་༔ ཡེ་ཤེས་སྣང་བ་རང་གསལ་ནས༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ [ཅེས་སྨོན་ལམ་གདབ། ལྷག་མ་བསྡུས་ཏེ་ཕུད་ལྷག་བསྲེས་པར་བདུད་རྩིའི་ཁ་ཕྲུ་བཏབ་ཅིང་།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བལྟས་ལ།] ཨེ་ཨཱ་རལླི་ཧྲཱི་ཧྲིཾ་ཛཿ[ས་མགྲོན་སྤྱན་དྲངས་ལ།] ཧྲཱིཿ ལྷག་ལ་དབང་བའི་འབྱུང་པོ་རྣམས༔ ལྷག་མའི་གཏོར་མ་འདི་

p. 88

བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ལ་ཁཱ་ཧི༔ [ཞེས་ཕྱི་རོལ་དུ་འབུལ། གཉིས་པ་ཐུགས་དམ་བསྐུལ་བ་ནི།] ཧྲཱིཿ ཤར་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ བཅོམ་ལྡན་བཛྲ་ཚེ་དཔག་མེད༔ ཡུམ་ནི་ལྷ་མོ་མཱ་མ་ཀི༔ སེམས་མ་ཆེན་མོ་ལཱ་སྱ་མ༔ མགྱོགས་མ་ཆེན་པོ་པུཥྤེ་མ༔ ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ མ་མོ་ཆེན་མོ་ཀེའུ་རི་མ༔ ཕྲ་མེན་ཆེན་མོ་སིང་ཧ་མ༔ སྒོ་མ་ཆེན་པོ་ལྕགས་ཀྱུ་མ༔ ཁྱེད་རྣམས་འཁོར་དང་བཅས་པ་ཡིས༔ ཤར་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བཅུད་བསྡུས་ལ༔ བདག་ཅག་སྐལ་ལྡན་རྣམས་ལ་སྤྲོད༔ འགལ་རྐྱེན་བར་ཆད་སྲུང་བྱེད་ཅིང་༔ ཚེ་དང་སྲོག་གི་བརྟེན་མ་མཛོད༔ ཧྲཱིཿ ལྷོ་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ བཅོམ་ལྡན་རཏྣ་ཚེ་དཔག་མེད༔ ཡུམ་ནི་ལྷ་མོ་སངས་རྒྱས་སྤྱན༔ སེམས་མ་ཆེན་མོ་མཱ་ལེ་མ༔ མགྱོགས་མ་ཆེན་མོ་དྷུ་པེ་མ༔ ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད༔ མ་མོ་ཆེན་མོ་ཙིའུ་རི་མ་༔

p. 89

ཕྲ་མེན་ཆེན་མོ་བྱ་གྲྀ་མ༔ སྒོ་མ་ཆེན་མོ་ཞགས་པ་མ༔ ཁྱེད་རྣམས་འཁོར་དང་བཅས༴ ལྷོ་ཕྱོགས་ཚེ་ཡི་དཀྱིལ༴ འཆི་མེད་ཚེ་ཡི༴ བདག་ཅག་སྐལ་ལྡན༴ འགལ་རྐྱེན་བར་ཆད ཚེ་དང་སྲོག་གི༴ ཧྲཱིཿ ནུབ་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ ཡུམ་ནི་ལྷ་མོ་གོས་དཀར་མོ༔ སེམས་མ་ཆེན་མོ་གཱི་རྟི་མ༔ མགྱོགས་མ་ཆེན་མོ་ཨཱ་ལོ་ཀེ༔ ཁྲོ་བོ་ཆེན་པོ་རྟ་མཆོག་དཔལ༔ མ་མོ་ཆེན་པོ་པྲ་མོ་ཧ༔ ཕྲ་མེན་ཆེན་མོ་སྲི་ལ་མ༔ སྒོ་མ་ཆེན་མོ་ལྕགས་སྒྲོག་མ༔ ཁྱེད་རྣམས་འཁོར་དང་༴ ནུབ་ཕྱོགས་ཚེ་ཡི༴ འཆི་མེད་ཚེ་ཡི༴ བདག་ཅག་སྐལ་ལྡན འགལ་རྐྱེན་བར་ཆད༴ ཚེ་དང་སྲོག་གི༴ ཧྲཱིཿ བྱང་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ ཡུམ་ནི་ལྷ་མོ་དམ་ཚིག་སྒྲོལ༔ སེམས་མ་ཆེན་མོ་ནཱིརྟི་མ༔ མགྱོགས་མ་ཆེན་མོ་གནྡྷེ་མ༔ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ མ་མོ་ཆེན་མོ་བཻ་ཏ་ལི༔ ཕྲ་མེན་ཆེན་མོ་ཤྭ་ན་མ༔ སྒོ་མ་

p. 90

ཆེན་མོ་དྲིལ་བུ་མ༔ ཁྱེད་རྣམས་འཁོར་དང་༴ བྱང་ཕྱོགས་ཚེ་ཡི༴ འཆི་མེད་ཚེ་ཡི བདག་ཅག་སྐལ་ལྡན༴ འགལ་རྐྱེན་བར་ཆད༴ ཚེ་དང་སྲོག་གི་བརྟེན་མ་མཛོད༔ [ཅེས་ཐུགས་དམ་བསྐུལ། གསུམ་པ་དངོས་གྲུབ་བླང་བ་ནི་འཁྲུགས་སྡེབས་ཀྱི་དགོངས་པས་འོག་ཏུ་སྟོན་ནོ། །བཞི་པ་གཏོར་མ་བསྐྱང་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་སྨན་རཀ་བྲན་ནས་]ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ་ལ།] ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེང་གསུམ་སྣང་སྲིད་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་གྱི་ཐ་ཚིག་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔

p. 91

ཧྲཱིཿ དེ་འོག་འདས་དུས་བསྐལ་པའི་བར་མ་ལ༔ བསམ་ཡས་མཆིམས་ཕུ་བྲེ་གུའི་གཙུག་ལག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མའི་དམ་པ་ཡེ་ཤེས་མཚོ་རྒྱལ་གྱིས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གྱིས༔ སོ་སོའི་གཟུགས་མཆོག༴ བཀའ་ཡི་གཏོར་མ༴ རྣལ་འབྱོར་ཚེ་སྲོག༴ བཅོལ་བའི་ཕྲིན་ལས༴ སྔོན་གྱི་ཐ་ཚིག༴ ཤ་ཁྲག་བརྒྱན་པའི༴ རྣལ་འབྱོར་བདག་གིས༴ ཧྲཱིཿ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔ རིག་འཛིན་ཆེན་པོ་པདྨ་གླིང་པ་ཡིས༔ ལྷོ་བྲག་སྨན་མདོའི་སེང་གེའི་གདོང་ཅན་ནས༔ ཚེ་སྒྲུབ་ཟབ་མོ་གཏེར་ནས་གདན་དྲངས་ཚེ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གྱིས༔ སོ་སོའི་གཟུགས་མཆོག༴ བཀའ་ཡི་གཏོར་མ༴ རྣལ་འབྱོར་ཚེ་སྲོག༴ བཅོལ་བའི་ཕྲིན་ལས༴ སྔོན་གྱི་ཐ་ཚིག༴ ཤ་ཁྲག་བརྒྱན་པའི༴ རྣལ་འབྱོར་བདག་གི་བཅོལ་བའི་ཕྲིན་ལས་མཛོད༔ [ཅེས་གཏོར་མ་གཙང་སར་

p. 92

འབུལ། བཤལ་ཆུའི་བདུད་རྩི་བརྟན་མའི་གཏོར་མར་བྲན་ཅིང་བྱིན་བརླབ་ལ།] བྷྱོ༔ དམ་ལ་བཏགས་པའི་མ་སྲིང་བརྟན་མའི་ཚོགས༔ རྡོ་རྗེ་ཀུན་གྲགས་རྡོ་རྗེ་གཡའ་མ་སྐྱོང་༔ རྡོ་རྗེ་ཀུན་བཟང་རྡོ་རྗེ་བགེགས་ཀྱི་གཙོ༔ རྡོ་རྗེ་གཡུ་སྒྲོན་རྡོ་རྗེ་དཔལ་གྱི་ཡུམ༔ རྡོ་རྗེ་ཀླུ་མོ་རྡོ་རྗེ་དྲག་མོ་རྒྱལ༔ རྡོ་རྗེ་བོད་སྐྱོང་རྡོ་རྗེ་སྨན་གཅིག་མ༔ རྡོ་རྗེ་གཡུ་དྲིལ་རྡོ་རྗེ་གཡར་མོ་བསིལ༔ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཞིང་ཆེན་བསྒྱེལ་བའི་གདན་སྟེང་དུ༔ དམར་ཆེན་ཨརྒྷའི་ཕུད་བཤགས་ནས་༔ དམ་ཚིག་རྡོ་རྗེ་གཏད་ནས་ཀྱང་༔ དམ་ཚིག་བསྲུང་བར་ཁས་བླངས་ནས༔ རྡོ་རྗེ་འཆང་གི་གྲལ་དུ་བཞག༔ ཐར་པ་ཐོབ་པར་ལུང་བསྟན་ཅིང་༔ དབང་རྟགས་ཅོད་པན་མིང་ཡང་བཏགས༔ རྣལ་འབྱོར་རྣམས་ཀྱི་གྲོགས་བགྱིད་ཅེས༔ གསང་སྔགས་དམ་ཚིག་མི་འདའ་བར༔ དཔལ་གྱི་གཏོར་མ་འདི་ལོངས་ལ༔ མི་མཐུན་ཕྱོགས་རྣམས་ཞི་བ་དང་༔ དགྲ་བགེགས་འབྱུང་པོ་འདུལ་བ་དང་༔ བསམ་པ་

p. 93

ཐམས་ཅད་འགྲུབ་པ་དང་༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ སྔོན་གྱི་པདྨའི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལ་ལ་ཏིང་ཏིང་༔ རག་མོ་རག་མོ༔ མ་མ་ཧྲིང་ཧྲིང་༔ བ་ལིཾ་ཏ་ལ་ཁཱ་ཧི༔ [ཞེས་བརྟན་མ་བསྐྱང་། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་བཀུག་ཅིང་མནན་པར་བསམ་ལ།] ཧྲཱིཿ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ བར་གཅོད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམས་པའི་སྒྲ་སྒྲོག་ཅིང་༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་དི་རི་རི༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློག༔ ཧྲཱི༔ པདྨ་ཏ་ཀྲྀ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སྟྭཾ་བྷ་ཡ་ནན༔ [ཞེས་བྲོ་བརྡུང་ངོ་། །འདིར་དངོས་གྲུབ་བླང་བ་ནི། མདུན་གྱི་སྒྲུབ་རྟེན་ལྷར་གསལ་བ་ལ་དམིགས་ཏེ།] ཧྲཱིཿ ནམ་མཁའི་མཐའ་ཁྱབ་སྐུ་མངའ་འགྲན་དུ་མེད༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་དྲུག་སྒྲོལ་མཛད་ཆོས་ཀྱི་འབྲུག་སྒྲ་སྒྲོགས༔ འགེགས་མེད་

p. 94

གསུང་གི་དངོས་གྲུབ༴ ཡེ་ཤེས་རྡོ་རྗེ་སྤྲོས་བྲལ་འགྱུར་བ་མེད༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ས་གཞི་ལྟ་བུར་ཡོན་ཏན་ཟད་མི་ཤེས༔ ཡོན་ཏན་ལྷུན་གྲུབ་དངོས་གྲུབ༴ ཆོ་འཕྲུལ་སྣ་ཚོགས་འགྲན་མེད་ཉི་ཟླའི་ཚུལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ འཛད་མེད་ནོར་གྱི་དངོས་གྲུབ༴ ཐུན་མོང་ཡིད་བཞིན་དངོས་གྲུབ༴ བླ་མེད་མཆོག་གི་དངོས་གྲུབ༴ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ རྟག་པར་བསྐུལ་ཏ་མི་འཚལ་ཏེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ སྒྲུབ་པའི་ཞག་གྲངས་ཐེམས་ལགས་སོ༔ རྡོ་རྗེ་སྲིན་པོའི་ནམ་ལངས་སོ༔ ཛཔྲ་བསྙེན་ཀུན་ཀྱང་ཐེམས་ལགས་སོ༔ དབང་བཞི་བསྐུར་བའི་དུས་ལ་བབ༔ བྱིན་ཆེན་འབེབས་པའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ དབང་ཆེན་རྣམས་ཀྱིས་དབང་བསྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དངོས་གྲུབ་ཆེན་པོ་སྩོལ་རེ་རན༔ ཚེ་ཡི་དངོས་གྲུབ་མ་ལུས་ཀུན༔ སྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ༔ ཨོཾ་པུཎྱེ་པུཎྱེ༔ མཧཱ་པུཎྱེ༔ ཨ་པ་ར་མི་ཏ་ཨཱ་ཡུ་ཛྙཱ་ན་སརྦ་རཱུ་པ་སིདྡྷི་སྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་

p. 95

སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧོཿ[ཞེས་ཚེ་རྟེན་གྱི་དཔང་བླང་ཞིང་ཚེ་རྫས་ལ་ལོངས་སྤྱད། ལྔ་པ་བཟོད་གསོལ་བྱ་བ་ནི། གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས།] ཆོ་ག་ལྷག་ཆད་གྱུར་པ་དང་༔ མ་འབྱོར་པ་དང་ཉམས་པ་དང་༔ བསྐྱེད་རྫོགས་བཟླས་བརྗོད་ཉུངས་པ་རྣམས༔ འཆི་མེད་ལྷ་ཚོགས་བཟོད་པར་གསོ༔ [ཞེས་དང་ཡི་གེ་བརྒྱ་པ་བཟླ། དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། མདུན་རྟེན་གྱི་ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་བྱ། རྟེན་མེད་ན།] བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཀྱིས༔ རྣལ་འབྱོར་རེ་བ་བསྐང་བྱས་ནས༔ དེ་རིང་ཉིད་དུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ [ཞེས་གཤེགས་སུ་གསོལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར།] ཐུགས་སྲོག་ཧྲཱིཿ ཡིག་འོད་ཟེར་གྱིས། །སྣང་སྲིད་འོད་ཞུ་རྟེན་གཞལ་ཡས། །དེ་ཡང་བརྟེན་ལ་ལྷ་ལ་འདུས། །འཁོར་རྣམས་རིམ་བཞིན་གཙོ་བོ་དང་། །གཙོ་བོ་ཐུགས་སྲོག་ཧྲཱིཿ ལ་ཐིམ། །ཧྲཱིཿ སྲོག་ཚེ་རྟེན་དང་བཅས་པ། །འོད་དུ་ཞུ་ལུགས་འདྲེས་པ་ལས། །རང་ལུས་

p. 96

གསེར་རྡོར་འོད་འབར་བ། །རྟག་བརྟན་གཞོམ་གཞིག་བྲལ་བར་གྱུར། །[ཅེས་མཉམ་པར་བཞག །དེ་ལས་ལྡང་བ་ན}སླར་ཡང་ཧྲཱིཿ ཡི་རང་སྒྲ་ལས། །རང་ལུས་ཚེ་དཔག་མེད་པའི་སྐུ། །སྣང་གྲགས་སྐུ་གསུང་ཐུགས་ཀྱི་ངང་། །མཁའ་མཉམ་འགྲོ་བའི་དོན་ལ་འཇུག །ཨོཾ་ཨཱཿཧཱུྃ༔ [ཞེས་ཐུན་མཚམས་ཀྱི་རྣལ་འབྱོར་བསྐྱང་། བདུན་པ་བསྔོ་སྨོན་ཤིས་བརྗོད་བྱ་བ་ནི།] ཧོཿ བདག་གཞན་འགྲོ་བ་ཀུན་དོན་དུ༔ དཀྱིལ་འཁོར་ཆོ་ག་འདི་བསྔོས་པས༔ བདག་དང་ཕ་མ་རིགས་དྲུག་རྣམས༔ བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་གྱིས༔ འཆི་མེད་དཀྱིལ་འཁོར་འདི་བསྒྲུབས་པས༔ རིག་འཛིན་ཚེ་ལ་མངའ་བརྙེས་ཤིང་༔ མཆོག་ཏུ་བླ་མེད་ཐོབ་པར་ཤོག༔ [ཅེས་སྨོན་ལམ་གདབ། མེ་ཏོག་ཆར་དུ་བསྙིལ་ལ]ཧྲཱིཿ གཏི་མུག་འཇོམས་མཛད་བུདྡྷ་ཚེ་དཔག་མེད༔ ཆོས་དབྱིངས་ཡེ་ཤེས་ཀློང་ནས་སྐུར་སྟོན་ཅིང་༔ ལྷུན་གྲུབ་ཕྲིན་ལས་ཐམས་ཅད་མཐར་ཕྱིན་པའི༔ བུདྡྷ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ཞེ་སྡང་འཇོམས་མཛད་བཛྲ་ཚེ་དཔག་མེད་

p. 97

མེ་ལོང་ཡེ་ཤེས་ཀློང་ནས་སྐུར་སྟོན་ཅིང་༔ ཞི་བའི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་པའི༔ བཛྲ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ང་རྒྱལ་འཇོམས་མཛད་རཏྣ་ཚེ་དཔག་མེད༔ མཉམ་ཉིད་ཡེ་ཤེས་ཀློང་ནས་སྐུར་སྟོན་ཅིང་༔ རྒྱས་པའི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་པའི༔ རཏྣ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ འདོད་ཆགས་འཇོམས་མཛད་པདྨ་ཚེ་དཔག་མེད༔ སོར་རྟོག་ཡེ་ཤེས་ཀློང་ནས་སྐུར་སྟོན་ཅིང་༔ དབང་གི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་པའི༔ པདྨ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ཕྲག་དོག་འཇོམས་མཛད་ཀརྨ་ཚེ་དཔག་མེད༔ བྱ་གྲུབ་ཡེ་ཤེས་ཀློང་ནས་སྐུར་སྟོན་ཅིང་༔ དྲག་པོའི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་པའི༔ ཀརྨ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད༔ དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ༔ མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས༔ བཅོམ་ལྡན་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ བདེ་ལེགས་ཀུན་འབྱུང་

p. 98

རིན་ཆེན་གཏེར་གྱི་མཛོད༔ འདོད་པའི་ཡོན་ཏན་མང་པོས་རབ་བཀང་ནས༔ དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུའི་གཏེར༔ ཟད་མེད་སྐལ་ལྡན་ལོངས་སྤྱོད་བཀྲ་ཤིས་ཤོག༔ བདེ་ལེགས་ཀུན་འབྱུང་ཡོན་ཏན་གཏེར་གྱི་མཛོད༔ སྡེ་གསུམ་རིམ་དགུའི་ཆོས་ཀྱིས་རབ་བཀང་ནས༔ ཕ་རོལ་ཕྱིན་དྲུག་ལམ་ལ་སྤྱོད་པ་དང་༔ དབྱིངས་རིག་འབྲལ་མེད་རྟོགས་པའི་བཀྲ་ཤིས་ཤོག༔ བདེ་ལེགས་ཀུན་འབྱུང་ནམ་མཁའི་གཏེར་ཆེན་པོ༔ བསྐལ་པ་གྲངས་ལས་འདས་པའི་སངས་རྒྱས་ཀྱིས༔ ཐུགས་རྗེའི་ཆར་རྒྱུན་སྐལ་ལྡན་ཕབ་ནས་ཀྱང་༔ རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་བཀྲ་ཤིས་ཤོག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་བདེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །འཆི་མེད་སྒྲུབ་པའི་ལམ་ཟབ་རྨད་བྱུང་བ། །འཆི་མེད་པདྨའི་དགོངས་བཅུད་རྡོ་རྗེ་ཕྲེང་། །གཏེར་གཞུང་རྩ་བའི་ངག་འདོན་འཇུག་བདེའི་ཁྲིགས། །གཏེར་ཆེན་པད་གླིང་བརྒྱུད་པའི་ཁྱད་ནོར་ཡིན། །ཚེ་ལམ་ཉི་མས་འཆི་བདག་མུན་རུམ་བཅོམ། །ཚེ་དབང་བདུད་རྩིས་རྡོ་རྗེའི་སྲོག་རྩ་གྲུབ། །ཚེ་འོད་དཔག་མེད་མགོན་པོའི་གསང་བ་གསུམ། །ཚེ་འདིར་འགྲུབ་པའི་སྐལ་བཟང་ཐོབ་གྱུར་ཅིག །ཅེས་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་མཆོག་

p. 99

གི་དགའ་སྟོན་ཅེས་བྱ་བ་འདི་ནི། ཚུལ་འདིར་གཏེར་གཞུང་རྩ་བ་ལ་ལྷན་ཐབས་ཞལ་སྐོང་སོགས་མཐའ་གཅིག་ཏུ་མ་ངེས་པས་ཕྱིས་སུ་གྲོང་སྔགས་མཁས་བླུན་མང་པོས་ཕྱག་ལེན་འདྲ་མིན་རྒྱས་བསྡུས་ཀྱི་མཐར་ལྷུང་བ་སོགས་ལ་བརྟེན་ནས་དེང་དུས་ཀྱི་གདུལ་བྱའི་བློ་དང་འཚམས་པར་པད་གླིང་ཆོས་ཀྱི་བརྒྱུད་འཛིན་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། ལྷོ་མོན་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་སྔགས་བཙུན་བསྟན་འཛིན་ཀུན་ལེགས་ནས་གཏེར་གཞུང་ངག་འདོན་འཇུག་བདེ་ཀླག་ཆོག་མ་ཞིག་བགྱིད་པར་ཡང་དང་ཡང་དུ་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། སྙོམས་ལས་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བརྒྱད་དུ་སོན་པའི་རིན་ཆེན་བཞི་པའི་ཁམས་འཛིན་འཁོར་ལོའི་སྣ་ཅན་གྱི་ལོ་ས་ག་ཉ་བའི་ཐབས་ཀྱི་ཆའི་དགའ་བ་གསུམ་པ་ལ་རང་གནས་རིན་ཆེན་སྤུངས་རི་ལྷ་ཆེན་དགའ་ཚལ་དུ་གྲུབ་པར་བསྡེབས་པ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོའང་བསྐུལ་བ་པོ་ཉིད་ཀྱིས་ཡིད་གཞུངས་པའི་སྒོ་ནས་ལེགས་པར་འདུ་བགྱིས་པའོ། །འདིས་ཀྱང་ལམ་འདིའི་རིང་ལུགས་དབྱར་གྱི་ཆུ་གཏེར་བཞིན་འཕེལ་ཞིང་ཀུན་ཏུ་རྟག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།]

ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་བརྒྱུད་འདེབས།

p. 100
p. 101

སྣང་མཐའ་ཚེ་དཔག་མེད་མགོན་ཙཎྜ་ལཱི། །པདྨ་ཐོད་ཕྲེང་མཁར་ཆེན་མཚོ་རྒྱལ་མ། །པདྨ་གསལ་སྒྲོན་གཏེར་ཆེན་པདྨ་གླིང་། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །རྒྱལ་བ་དོན་གྲུབ་སྣ་ཚོགས་རང་གྲོལ་དཔལ། །བསྟན་འཛིན་གྲགས་པ་པདྨ་ཕྲིན་ལས་ཞབས། །ཚུལ་ཁྲིམས་རྡོ་རྗེ་བསྟན་འཛིན་འགྱུར་མེད་སྡེ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །ཀུན་བཟང་རྡོ་རྗེ་མཆོག་གྲུབ་དཔལ་འབར་ཞབས། །གྲུབ་མཆོག་རྡོ་རྗེ་པདྨ་ཁྱབ་བདག་རྗེ། །སྲིད་ཞི་རྣམ་རྒྱལ་བདེ་ཆེན་རྡོ་རྗེ་རྩལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །རིག་འཛིན་རྡོ་རྗེ་ཀུན་བཟང་བསྟན་པའི་ཉི། །ཚེ་དབང་ནོར་བུ་དགེ་འདུན་རྒྱ་མཚོའི་དཔལ། །བརྒྱུད་སྲོལ་ཀུན་འདུས་དྲིན་ཆེན་བླ་མ་ལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །དཀྱིལ་འཁོར་གཙོ་བོ་ཚེ་བདག་རིགས་མཆོག་ལྔ། །མགྱོགས་མ་སྒོ་སྐྱོང་དམ་ཅན་གཏེར་གྱི་བདག །སྣང་སྲིད་རྣམ་དག་རྡོ་རྗེའི་མཎྜ་ལར། །གསོལ་བ་འདེབས་སོ་ཚེ་དབང་དངོས་

p. 102

གྲུབ་སྩོལ། །ཚེ་ལམ་སྣང་བས་འཆི་བདག་མུན་དཔུང་བཅོམ། །ཚེ་དབང་བདུད་རྩིས་འཆི་མེད་སྲོག་རྩ་གྲུབ། །ཚེ་བདག་མགོན་པོ་པདྨ་བདེ་བ་ཆེ། །ཚེ་འདིར་འགྲུབ་པའི་སྐལ་བཟང་བདག་ཐོབ་ཤོག །[ཅེས་པའང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ལས་བྱང་གི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

ཚེ་ཁྲིད་རྡོ་རྗེ་ཕྲེང་བ་ལས་ཚེ་རྟ་སྐུ་ལྔའི་སྒྲུབ་ཐབས།

p. 103

༁ྃ༔ ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ ཚེ་ལྷ་སྐུ་ལྔའི་སྒྲུབ་ཐབས་བཞུགས་སོ༔

p. 104

༁ྃ༔ [བརྡ་ཡིག]འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཚེ་སྒྲུབ་བརྒྱ་སྟོང་བསམ་འདས་ཀྱང་༔ མཆོག་ཏུ་གསང་བའི་སྒྲུབ་ཐབས་བསྟན༔ འདི་ལ་རིམ་པ་ལྔ་ཡིན་ནོ༔ ཕྱི་སྒྲུབ་འབྱུང་བའི་བཅུད་སྡུད་དང་༔ ནང་སྒྲུབ་སྐྱེ་འགྲོའི་སྟོབས་མཐུ་སྡུད༔ གསང་སྒྲུབ་རྒྱལ་བའི་ཐུགས་རྗེ་སྡུད༔ ཡང་གསང་རྟོགས་པའི་རང་སྣང་སྡུད༔ བླ་མེད་ཡེ་ཤེས་མངོན་སུམ་སྡུད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ [བརྡ་ཡིག]དང་པོ་ནི་གནས་ཡིད་དུ་འོང་བར༔ ལུས་ཆོས་བདུན་དང་ལྡན་པའི་ངང་ནས༔

p. 105

སྐྱབས་སུ་འགྲོ་བ་ནི༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ འདི་བཟུང་བླ་མེད་མ་ཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ རྩ་གསུམ་བླ་མ་དགོངས་སུ་གསོལ༔ འདི་བཟུང་བླ་མེད་མ་ཐོབ་པར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་དང་མ་ཡི་འདུ་ཤེས་ཀྱིས༔ མ་སྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ བླ་མའི་རྣལ་འབྱོར་ནི༔ སྟོང་པའི་ངང་ལས་སྤྱི་བོ་

p. 106

རུ༔ པདྨ་ཉི་ཟླའི་གདན་གྱི་སྟེང་༔ རིག་པ་ཧྲཱིཿ དམར་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་འཛིན༔ སྤྲུལ་པའི་སྐུ་ཡི་ཆ་ལུགས་ཅན༔ དར་དམར་ཤམ་ཐབས་ཆོས་གོས་གསོལ༔ མཛུམ་པའི་མདངས་དང་ལྡན་པར་བསྒོམ༔ ཐུགས་ནས་འོད་ཟེར་འཕྲོས་པ་ཡིས༔ ཡེ་ཤེས་པ་རྣམས་སྤྱན་དྲངས་བསམ༔ བདེ་ཆེན་རྣམ་པར་དག་པའི་དབྱིངས་༔ ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ནས༔ བཅོམ་ལྡན་སྤྲུལ་སྐུ་ཚེ་དཔག་མེད༔ འཆི་མེད་དངོས་གྲུབ་སྩོལ་ཕྱིར་གཤེགས་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་འབུལ༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གདུང་བས་གསོལ་བ་འདི་ལྟར་བཏབ༔ ཧྲཱིཿ འགྲོ་བའི་དཔལ་མགོན་སྤྲུལ་སྐུ་ཚེ་དཔག་མེད༔ སྐྱེ་ཤི་མི་མངའ་འཆི་མེད་རྡོ་རྗེའི་སྐུ༔ འཆི་རྐྱེན་གདུང་བའི་སྐྱེ་བོ་བདག་འདྲ་ལ༔ སྔོན་ལས་འཕྲལ་རྐྱེན་ཚེ་ལ་གནོད་པའི་བགེགས༔ ནད་གདོན་བར་ཆད་ཞི་བར་གསོལ་བ་འདེབས༔ འོད་གསལ་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབས༔ གདུང་བས་གསོལ་བ་བཏབ་པ་ཡིས༔ ཐུགས་ཀའི་ཧྲཱིཿ ལས་འོད་འཕྲོས་པས༔ གཡའ་རི་གངས་རི་རྫ་རི་དང་༔ གསེར་གྱི་རི་བདུན་སྤོས་ངད་ལྡན༔ རིན་ཆེན་ས་གཞི་ལ་སོགས་དང་༔

p. 107

གསེར་གཡུ་ཤེལ་དང་མུ་མེན་དང་༔ དངུལ་དང་ཟངས་ལྕགས་ལ་སོགས་དང་༔ འབྲས་དང་ནས་དང་གྲོ་སྲན་དང་༔ དེ་དག་ཀུན་གྱི་བཅུད་རྣམས་བསྡུས༔ བུམ་པའི་ནང་དུ་བྱོན་པར་བསམ༔ བུམ་པ་ཁོལ་ཞིང་ལུད་པ་ཡིས༔ རང་གི་སྤྱི་གཙུག་ཚངས་བུག་ཐིམ༔ གཟི་བརྗིད་རྡོ་རྗེའི་སྐུ་རུ་གྱུར༔ འོད་ཟེར་སྔར་བཞིན་འཕྲོས་པ་ལས༔ རོལ་མཚོ་བདུན་དང་བ་ཚྭ་ཅན༔ གཡའ་ཆུ་གངས་ཆུ་ཆུ་ཀུན་ལས༔ དེ་དག་ཀུན་གྱི་བཅུད་རྣམས་བསྡུས༔ བུམ་པའི་ནང་དུ་བྱོན་པར་བསམ༔ བུམ་པ་ཁོལ་ཞིང་ལུད་པ་ཡིས༔ རང་གི་སྤྱི་གཙུག་ཚངས་བུག་ཐིམ༔ སྣུམ་པ་རྡོ་རྗེའི་སྐུ་རུ་གྱུར༔ འོད་ཟེར་སྔར་བཞིན་འཕྲོས་པ་ཡི༔ བསྐལ་པའི་མེ་དང་རྡོ་སའི་མེ༔ ཁྱིམ་ན་གནས་པའི་མེ་ལ་སོགས༔ དེ་དག་ཀུན་གྱི་བཅུད་རྣམས་བསྡུས༔ བུམ་པའི་ནང་དུ་བྱོན་པར་བསམ༔ བུམ་པ་ཁོལ་ཞིང་ལུད་པ་ཡིས༔ རང་གི་སྤྱི་གཙུག་ཚངས་བུག་ཐིམ༔ བཀྲག་མདངས་རྡོ་རྗེའི་སྐུ་རུ་གྱུར༔ འོད་ཟེར་སྔར་བཞིན་འཕྲོས་པ་ཡིས༔ རྡོ་རྗེ་རྒྱ་གྲམ་བསྐལ་པའི་རླུང་༔ འབྱུང་བཞིའི་རླུང་ལ་སོགས་པ་ཡི༔ དེ་དག་ཀུན་གྱི་བཅུད་རྣམས་བསྡུས༔ བུམ་པའི་ནང་དུ་བྱོན་པར་བསམ༔ བུམ་པ་ཁོལ་ཞིང་ལུད་པ་ཡིས༔ རང་གི་སྤྱི་གཙུག་ཚངས་བུག་ཐིམ༔ མགྱོགས་པ་རྡོ་རྗེའི་སྐུ་རུ་གྱུར༔ ལུས་

p. 108

ནི་སྣང་ལ་རང་བཞིན་མེད༔ འཆི་མེད་བདུད་རྩིས་མེར་ཏེ་ཁེངས༔ སྟེང་རླུང་མནན་ལ་འོག་རླུང་བསྡམ༔ བུམ་ཅན་ཡང་ཡང་བསྒོམ་པར་བྱ༔ ངག་ཏུ་བསྙེན་པ་འདི་ཉིད་བཟླས༔ ཨོཾ་ཨ་མཱ་ར་ཎི་ཛི་ཝནྟཱི་ཡེ་སྭཱ་ཧཱ༔ རྗེས་ནི་ལྷ་ཉིད་རང་ལ་བསྟིམ༔ སྟོང་གསལ་དམིགས་མེད་ངང་ཉིད་ལས༔ བུམ་པ་ཅན་གྱི་རླུང་ལ་འབུངས༔ རྗེས་ལ་བསྔོ་བ་འདི་ལྟར་བྱ༔ བདག་གཞན་འགྲོ་བ་ཀུན་དོན་དུ༔ ཚེ་དཔག་མེད་མགོན་བསྒྲུབས་པའི་མཐུས༔ བདག་དང་ཕ་མ་རིགས་དྲུག་རྣམས༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཕྱི་སྒྲུབ་བསྟན་པའི་ལེའུ་སྟེ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ [བརྡ་ཡིག]གཉིས་པ་ནང་གི་སྒྲུབ་པ་ནི༔ བདེ་བའི་སྟན་ལ་ཆོས་བདུན་བྱ༔ སྐྱབས་འགྲོ་སེམས་བསྐྱེད་གོང་དང་མཐུན༔ སྐད་ཅིག་མི་དམིགས་སྟོང་པའི་ངང་༔ རང་གི་སྤྱི་གཙུག་ཉི་ཟླའི་སྟེང་༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་པའི་ཚུལ་དུ་བསྒོམ༔ ཤར་དུ་བཛྲ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ སྐྱིལ་ཀྲུང་མཉམ་བཞག༴ ལོངས་སྤྱོད་རྫོགས་པའི་ཚུལ་དུ་བསྒོམ༔ ལྷོ་རུ་རཏྣ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ སྐྱིལ་ཀྲུང་༴ ལོངས་

p. 109

སྤྱོད་རྫོགས་པའི༴ ནུབ་ཏུ་པདྨ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྐྱིལ་ཀྲུང་༴ ལོངས་སྤྱོད༴ བྱང་དུ་ཀརྨ་ཚེ་དཔག༴ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་༔ སྐྱིལ་ཀྲུང་༴ ལོངས་སྤྱོད༴ ཐུགས་ནས་འོད་ཟེར་འཕྲོས་པ་ཡིས༔ ཡེ་ཤེས་པ་རྣམས་བྱོན་པར་བསམ༔ བདེ་ཆེན་རྣམ་པར་དག་པའི་དབྱིངས༔ ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ནས༔ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད༔ དུག་ལྔ་འདུལ་ཕྱིར་གནས་འདིར་གཤེགས༔ ཤ་ལྔ་བདུད་རྩི་ལྔ་པོ་དང་༔ རྐང་གླིང་ཐོད་རྔ་ལ་སོགས་དང་༔ མཆོད་པའི་རིགས་གྱུར་དཔག་མེད་འབུལ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་སྐུ༔ བཅོམ་ལྡན་རིགས་ལྔ་སྐུ་ལ་ཕྱག་འཚལ་ལོ༔ དེ་ནས་གསོལ་བ་འདི་ལྟར་བཏབ༔ འགྲོ་བའི་དཔལ་མགོན་ལོངས་སྐུ་ཚེ་དཔག་མེད༔ སྐྱེ་འཆི་མི་མངའ་འཆི་མེད་རྡོ་རྗེའི་སྐུ༔ འཆི་རྐྱེན་གདུང་བའི་སྐྱེ་བོ་བདག་འདྲ་ལ༔ སྔོན་ལས་འཕྲལ་རྐྱེན་ཚེ་ལ་གནོད་པའི་བགེགས༔ ནད་གདོན་བར་ཆད་ཞི་བར་གསོལ་བ་འདེབས༔ འོད་གསལ་ལོངས་སྐུར་འགྲུབ་པར་བྱིན་གྱིས་རློབས༔ གདུང་པས་གསོལ་བ་བཏབ་པ་ཡིས༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ འཁོར་ལོ་བསྒྱུར་

p. 110

རྒྱལ་ལ་སོགས་སྟོབས་ཆེན་དང་༔ ཚངས་པའི་རྒྱལ་པོ་ལ་སོགས་མཐུ་ནོར་ཅན༔ འཇིག་རྟེན་དབང་ཕྱུག་ལ་སོགས་ནོར་ཅན་དང་༔ གཞན་ཡང་མཐུ་དང་རྫུ་འཕྲུལ་སྟོབས་དང་ནི༔ དཔལ་དང་འབྱོར་པ་གང་ཡོད་ཐམས་ཅད་ཀྱི༔ མཐུ་དང་རྫུ་འཕྲུལ་ཐམས་ཅད་ཚུར་བསྡུས་ནས༔ རིགས་ལྔ་སོ་སོའི་བུམ་པའི་ནང་དུ་བྱོན༔ བུམ་པ་བདུད་རྩི་རང་གི་སྤྱི་གཙུག་བསྟིམ༔ རང་ཉིད་འཆི་མེད་བདུད་རྩིས་མེར་ཏེ་ཁེངས༔ སྟེང་རླུང་མནན་ཅིང་འོག་རླུང་འཐེན་པར་བྱ༔ བུམ་ཅན་རླུང་ནི་དྲག་ཏུ་བསྒོམ་པར་བྱ༔ དེ་ནས་ངག་ཏུ་བསྙེན་པ་འདི་ཉིད་བཟླས༔ ཨོཾ་ཨཱ་ཡུཿནྲྀ་ཛཿཏདྱ་ཐཱ༔ ཨོཾ་ཨ་དྡྷེ་ བྷི་དྷེ་ ཀུ་ནནྡྷེ་ ཏ་ཀེ་ཐ་གེ་ཏ་ར་ཀེ་ ཧུ་རཱུ་མརྟེ་ ཧི་ལི་ཧི་ལི་ མི་ལི་མི་ལི་ ས་བྷག་ཛྙཱ་ བིབྷ་ཀྵ་ བྷ་མུཉྫ་ཏ་ནཾ༔ སི་སན་རྒྱུ་བྷནྡྷ་སྭཱ་ཧཱ༔ ཨོཾ་ཨཱ་ཡུཿཛྙཱ་ན་ཡུཿཚེ་ཨ་མ་ར་སྭཱཧཱ༔ ཞེས་བཟླས་པའི་རྗེས་ལ༔ དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་༔ རང་གི་དཔྲལ་བར་ཐིམ༔ སྐུ་ཡི་བྱིན་རླབས་ཞུགས༔ མགྲིན་པ་ནས་ཨཱཿལས་འོད་ཟེར་དམར་པོ་བྱུང་༔ རང་གི་མགྲིན་པར་ཐིམ༔ གསུང་གི་བྱིན༴ ཐུགས་ཀ་ནས་འོད་ཟེར་མཐིང་ཁ་བྱུང་༔ རང་གི་སྙིང་གར༴ ཐུགས་ཀྱི་བྱིན་རླབས་ཞུགས༔ རིགས་ལྔ་འོད་དུ་

p. 111

ཞུ༔ རང་ལ་ཐིམ་རང་ཡང་ཚེ་དཔག་མེད་དུ་གྱུར༔ བུམ་ཅན་བཟུང་ལ་མཉམ་པར་བཞག༔ རྗེས་ཀྱི་བསྔོ་བ་གོང་བཞིན་བྱ༔ ནང་སྒྲུབ་བསྟན་པའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ [བརྡ་ཡིག] གསུམ་པ་གསང་སྒྲུབ་བསྟན་པ་ནི༔ ལུས་ནི་རྣམ་སྣང་ཆོས་བདུན་བྱ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ རང་གི་ཙིཏྟ་འབར་བའི་དབུས༔ པདྨ་འདབ་བཞི་མཛེས་པའི་སྟེང་༔ རང་གི་རིག་པ་ཧྲཱིཿ དམར་གསལ༔ འོད་ཟེར་ཕར་འཕྲོས་འཕགས་པ་མཆོད༔ མར་འཕྲོས་སེམས་ཅན་སྡིག་སྒྲིབ་སྦྱངས༔ རང་གི་བ་སྤུའི་བུ་ག་ནས༔ འོད་ཟེར་ཕྱིར་བྱུང་སྣོད་བཅུད་སྦྱངས༔ དེ་ནས་མདུན་གྱི་ནམ་མཁའ་ལ༔ ཉི་ཟླ་པདྨ་མཛེས་པའི་སྟེང་༔ རང་བྱུང་ཡེ་ཤེས་ཚེ་དཔག་མེད༔ སྐུ་མདོག་དམར་པོ་རབ་ཏུ་འཚེར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ ནམ་མཁའ་དབྱིངས་ཕྱུག་སྦྱོར་བར་བསྒོམ༔ ཤར་དུ་བཛྲ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་འཛིན༔ མཱ་མ་ཀི་དང་སྦྱོར་བར་བསྒོམ༔ ལྷོ་རུ་རཏྣ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར་

p. 112

སྐྱིལ་ཀྲུང་༴ སངས་རྒྱས་སྤྱན་དང་སྦྱོར་བར་བསྒོམ༔ ནུབ་ཏུ་པདྨ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྐྱིལ་ཀྲུང་མཉམ་བཞག༴ གོས་དཀར་མོ་དང་སྦྱོར་བ༴ བྱང་དུ་ཀརྨ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་༔ སྐྱིལ་ཀྲུང་མཉམ་བཞག༴ དམ་ཚིག་སྒྲོལ་དང་སྦྱོར་བར༴ དེ་ལྟར་རིགས་ལྔ་ཡབ་ཡུམ་རྣམས༔ དབུ་རྒྱན་སྙན་ཆ་མགུར་ཆུ་དང་༔ དོ་ཤལ་སེ་མོ་དོ་དང་ལྡན༔ ཕྱག་གདུབ་ཞབས་གདུབ་སྐ་རགས་དང་༔ སྨད་དཀྲིས་ཕྱག་གི་ཕུ་དུང་བཅས༔ ལོངས་སྤྱོད་རྫོགས་པའི་ཚུལ་དུ་བསྒོམ༔ ཤར་དུ་ལཱ་སྱ་དཀར་མོ༔ ལྷོར་མཱ་ལེ་མཐིང་སྐྱ༔ ནུབ་ཏུ་གཱིརྟི་དམར་མོ༔ བྱང་དུ་ནཱིརྟི་ལྗང་ཁུ༔ ཤར་ལྷོར་པུཥྤེ་དཀར་མོ༔ ལྷོ་ནུབ་དྷུ་པེ་སེར་མོ༔ ནུབ་བྱང་དུ་ཨཱ་ལོ་ཀེ་དམར་མོ༔ བྱང་ཤར་དུ་གནྡྷེ་ལྗང་ཁུ༔ ཤར་དུ་ཁྲོ་བོ་རྣམ་རྒྱལ་དཀར་པོ༔ ལྷོ་རུ་གཤིན་རྗེ་སེར་པོ༔ ནུབ་ཏུ་རྟ་མགྲིན་དམར་པོ༔ བྱང་དུ་བདུད་རྩི་འཁྱིལ་བ་ལྗང་ཁུ༔ དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ༔ གཡས་ཐམས་ཅད་མདའ་དར༔ གཡོན་ཐམས་ཅད་བུམ་པ༔ སྐུ་ཐམས་ཅད་ལ་དབུ་རྒྱན༔ སྙན་རྒྱན༔ ཕྱག་གདུབ་ཞབས་གདུབ་སྐ་རགས༔ དོ་ཤལ་སོགས་རིན་པོ་ཆེ་སྣ་ཚོགས་

p. 113

ཀྱིས་བརྒྱན་པའོ༔ ཁྲོ་བོ་བཞི་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའོ༔ ཐུགས་ནས་འོད་ཟེར་འཕྲོས་པ་ཡིས༔ ཡེ་ཤེས་སེམས་དཔའ་བྱོན་པར་བསམ༔ བདེ་ཆེན་རྣམ་པར་དག་པའི་དབྱིངས༔ ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ནས༔ བཅོམ་ལྡན་ཆོས་སྐུ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྤྱན་འདྲེན་གཤེགས༔ དུག་གསུམ་སྐུ་གསུམ་ཐུགས་སུ་འབུལ༔ དུག་ལྔ་ཡེ་ཤེས་ལྔ་རུ་འབུལ༔ སྣང་སྲིད་ཕྱག་རྒྱ་བཞི་རུ་འབུལ༔ དེ་རྗེས་གསོལ་བ་འདི་ལྟར་འདེབས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་གཟི་བརྗིད་ཀྱི་རྒྱལ་པོ༔ ཐུགས་རྗེ་དང་ལྡན་པས་བདག་རྒྱུད་བྱིན་གྱིས་རློབས་ཤིག༔ ཚེ་དང་བསོད་ནམས་རྒྱས་པར་མཛད་དུ་གསོལ༔ ཞེས་གསོལ་བ་ལན་གསུམ་གདབ་བོ༔ དེ་ནས་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས༔ ཆོས་སྐུའི་སངས་རྒྱས་དངས་པ་དང་༔ ལོངས་སྐུའི་སངས་རྒྱས་ཐུགས་རྗེ་དང་༔ སྤྲུལ་སྐུའི་སངས་རྒྱས་གདུལ་བྱ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེས་དང་༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ འཇམ་དཔལ་གཞོན་ནུའི་མཁྱེན་པ་དང་༔ རྒྱལ་བ་རྣམས་ཀྱི་བྱིན་རླབས་དང་༔ གྲུབ་ཐོབ་རྣམས་ཀྱི་རྟོགས་

p. 114

པ་དང་༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་བཅུད་ཟབ་མོ་ཚེ་ཡི་བཅུད༔ ཚུར་འདུས་གཙོ་བོའི་བུམ་པར་ཐིམ༔ རང་གི་སྣ་བུག་གཡོན་པ་ནས༔ འོད་ཟེར་བུ་གུ་ཅན་ཞིག་འཕྲོས༔ བུམ་པའི་ཆུ་དང་འདྲེས་པར་བསམ༔ འོག་རླུང་བསྡམས་ལ་སྟེང་རླུང་འབུད༔ ཚེ་ཆུ་དྲངས་པས་ལུས་གང་བསམ༔ རླུང་ཡང་དེ་ལྟར་ཐུན་རེ་བསྒོམ༔ ངག་ཏུ་བསྙེན་པ་འདི་ལྟར་བཟླས༔ ཨོཾ་ཨ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ༔ དེ་རྗེས་འཁོར་རྣམས་གཙོ་བོ་ལ་ཐིམ༔ གཙོ་བོ་ཉིད་ཀྱང་རང་ལ་ཐིམ༔ རང་ལུས་གནས་གྱུར་ཚེ་དཔག་མེད༔ སྣང་ལ་རང་བཞིན་མ་གྲུབ་པ༔ འཇའ་མཆུ་ཟླ་ལྟ་བུར་བསྒོམ༔ བསྔོ་བ་སྨོན་ལམ་གོང་བཞིན་བྱ༔ གསང་སྒྲུབ་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ [བརྡ་ཡིག]བཞི་པ་ཡང་གསང་སྒྲུབ་པ་ནི༔ རང་ལུས་རྣམ་སྣང་ཆོས་བདུན་བྱ༔ བདག་ཉིད་བཅོམ་ལྡན་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ དར་དམར་ཤམ་ཐབས་ཆོས་གོས་གསོལ༔ རབ་བྱུང་ཆ་ལུགས་གཙུག་ཏོར་ཅན༔ དེ་ལྟར་བསྐྱེད་པའི་རང་ལུས་ནང་༔ དབུ་མ་རྐྱང་མ་རོ་མ་གསུམ༔ ལུས་ཀྱི་སྲོག་ཤིང་ལྟ་བུར་བསྒོམ༔ ཡར་ལ་སྤྱི་གཙུག་ཚངས་བུག་ཟུག༔ མར་ལ་ཆུ་ལམ་

p. 115

ཨྃ༔ ནང་དུ་ཟུག༔ རྩ་གསུམ་རྒྱུ་མ་ཕུས་བཏབ་འདྲ༔ སྟོང་པ་ཟང་ཐལ་དམར་སངས་བསྒོམ༔ རྩ་གསུམ་དེ་ལས་གྱེས་པའི་རྩ༔ སྐྱོད་བྱེད་གསང་གནས་འཁོར་ལོ་རུ༔ རྩ་འདབ་ཉི་ཤུ་རྩ་བརྒྱད་བསྒོམ༔ ཆགས་བྱེད་ལྟེ་བའི་འཁོར་ལོ་རུ༔ རྩ་འདབ་དྲུག་ཅུ་རྩ་བཞི་བསྒོམ༔ དྲན་བྱེད་སྙིང་གའི་འཁོར་ལོ་རུ༔ རྩ་འདབ་བརྒྱད་དུ་ཡོད་པར་བསྒོམ༔ རོ་དུས་མགྲིན་པའི་འཁོར་ལོ་རུ༔ རྩ་འདབ་བཅུ་དྲུག་ཡོད་པར་བསྒོམ༔ རྩེ་མོ་རྣམ་བཀོད་དུང་ཁང་དུ༔ རྩ་འདབ་སུམ་བརྒྱ་དྲུག་ཅུ་བསྒོམ༔ རྩ་ཕྲན་གྲངས་ཀྱི་མི་ལང་སྟེ༔ ཐམས་ཅད་སྟོང་པ་ཟང་ཐལ་བསྒོམ༔ རང་ལུས་དེ་ལྟར་བསྒོམ་པ་ཡི༔ སྤྱི་གཙུག་ཉི་ཟླ་པདྨའི་སྟེང་༔ རང་གི་རིག་པ་ཧྲཱི༔ དམར་ལས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་རིན་ཆེན་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ འོད་ལྔའི་ཀློང་ན་བཞུགས་པར་བསྒོམ༔ དེ་ཡི་ཐུགས་ཀའི་འོད་ཟེར་ལས༔ རིན་ཆེན་ཡི་གེ་འབྲུ་ལྔར་ཤར༔ ལུས་ཀྱི་རྩ་མདུད་ལྔ་ལ་ཕོག༔ ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ སྤྱི་བོ་བདེ་ཆེན་རྩ་འདབ་ནང་༔ བཅོམ་ལྡན་བུདྡྷ་ཚེ་དཔག་མེད༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ སྐུ་མདོག་མཐིང་ག་འོད་ཟེར་འཕྲོ༔ ཡུམ་མཆོག་དབྱིངས་

p. 116

ཕྱུག་མ་དང་སྦྱོར༔ འོད་ལྔའི་ཀློང་ན་བཞུགས་པའོ༔ མགྲིན་པ་ལོངས་སྤྱོད་རྩ་འདབ་ན༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཡུམ་མཆོག་གོས་དཀར་མོ་དང་སྦྱོར༔ འོད་ལྔའི་ཀློང་ན་བཞུགས་པའོ༔ སྙིང་ག་ཆོས་འཁོར་རྩ་འདབ་ན༔ བཅོམ་ལྡན་བཛྲ་ཚེ་དཔག་མེད༔ སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་འཛིན༔ སྐུ་མདོག་དཀར་ལ་འོད་ཟེར་འཕྲོ༔ ཡུམ་མཆོག་མཱ་མ་ཀི་དང་སྦྱོར༔ འོད་ལྔའི་ཀློང་ན་བཞུགས་པའོ༔ ལྟེ་བ་སྤྲུལ་འཁོར་རྩ་འདབ་ན༔ བཅོམ་ལྡན་རཏྣ་ཚེ་དཔག་མེད༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ སྐུ་མདོག་སེར་ལ་འོད་ཟེར་འཕྲོ༔ ཡུམ་མཆོག་སངས་རྒྱས་སྤྱན་དང་སྦྱོར༔ འོད་ལྔའི་ཀློང་ནས༴ གསང་གནས་བདེ་བྱེད་འཁོར་ལོ་ན༔ བཅོམ་ལྡན་ཀརྨ་ཚེ༴ སྐྱིལ་ཀྲུང་མཉམ་གཞག་ཚེ༴ སྐུ་མདོག་ལྗང་ཁུ་འོད་ཟེར་འཕྲོ༔ ཡུམ་མཆོག་དམ་ཚིག་སྒྲོལ་དང་སྦྱོར༔ འོད་ལྔའི་ཀློང་ན༴ དེ་ལྟར་རིགས་ལྔ་ཡབ་ཡུམ་རྣམས༔ སྦྱོར་བ་བྱས་པའི་བྱང་སེམས་ཀྱིས༔ རྩ་འདབ་ཐམས་ཅད་གང་བར་བསམ༔ ལུས་ནི་ཚེ་ཆུས་གང་བར་བསམ༔ དེ་ལྟར་བསམ་ཞིང་བུམ་ཅན་བསྒོམ༔ སྟེང་རླུང་མནན་ཅིང་འོག་རླུང་བསྡམས༔ རྔུབ་ཅུང་བྱས་ཤིང་གཤིལ་བར་བྱ༔ ངག་

p. 117

ཨྃ༔ ནས་བསྙེན་པ་འདི་ལ་འབད༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་ཡུཿསིདྡྷི་ས་མ་ཡ༔ སྡུས་སྡུས༔ ཙིཏྟ་ཧྲིཾ་ཧྲིཾ་སིདྡྷི་ཕ་ལ་ཧོ༔ རྗེས་སུ་ཚེ་དཔག་མེད་པ་རྣམས༔ སྙིང་གའི་ཚེ་དཔག་མེད་ལ་ཐིམ༔ སྙིང་གའི་ཚེ་དཔག་ཡབ་ཡུམ་ཡང་༔ དབུ་མའི་ནང་དུ་འོད་དུ་ཡུལ༔ ལུས་ནི་མི་འགྱུར་རྡོ་རྗེར་གྱུར༔ ངག་ནི་སྒྲ་དབྱངས་རྒྱལ་བའི་གསུང་༔ ཐུགས་ནི་སྨྲ་བསམ་བརྗོད་ལས་འདས༔ འཆི་མེད་རིག་འཛིན་འགྲུབ་པར་འགྱུར༔ མི་དམིགས་ཆོས་དབྱིངས་ངང་ལ་བཞག༔ སྣང་བ་སེམས་ལ་ངོ་བོ་ལྟོས༔ སྟོང་པ་ཐམས་ཅད་རིག་པར་འདུས༔ རིག་པ་སྐྱེ་མེད་སྟོང་གསལ་ངང་༔ མ་ཡེངས་ལྷང་ངེ་ལྷན་ནེ་བཞག༔ བཞག་མཁན་བྱུང་ན་ངོ་བོས་ལྟོས༔ ངོ་བོ་གཞི་མེད་རྩ་བྲལ་ཡིན༔ རྟོགས་པ་གནས་ལུགས་ལྟ་བ་ཡིན༔ རང་སྣང་འགག་མེད་སྣང་བ་ཡིན༔ བསྡུ་ན་ཡེངས་མེད་དྲན་པ་ཡིན༔ ཕུང་པོ་ལྔ་ནི་རིགས་ལྔ་ཡིན༔ འབྱུང་བ་ལྔ་ནི་ཡུམ་ལྔ་ཡིན༔ དུག་ལྔ་ཡེ་ཤེས་ལྔ་རང་ཡིན༔ དེ་ལྟར་ཡབ་ཡུམ་བཅུ་པོ་ཡང་༔ མ་ཡེངས་དྲན་པའི་སྟེང་ན་བཞུགས༔ ཆོས་དབྱིངས་སྤྲོས་དང་བྲལ་བ་ཡིན༔ མེ་ལོང་འགག་མེད་སྣང་བ་ཡིན༔ མཉམ་ཉིད་སྤང་བླང་མེད་པ་ཡིན༔ སོར་རྟོག་རིག་པའི་ཡེ་ཤེས་ཡིན༔ བྱ་གྲུབ་ལྷུན་

p. 118

གྱིས་གྲུབ་པ་ཡིན༔ དེ་ལྟར་ཡེ་ཤེས་ལྔ་པོ་ཡང་༔ མ་ཡེངས་དྲན་པའི་སྟེང་ལ་ཚང་༔ མ་ཡེངས་དྲན་པ་སུས་བརྟེན་པ༔ དེས་ནི་ཚེ་ཡི་རིག་འཛིན་ཐོབ༔ པདྨ་ང་བཞིན་སྐྱེ་ཤི་མེད༔ ཡང་གསང་སྒྲུབ་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ [བརྡ་ཡིག]ལྔ་པ་བླ་མེད་སྒྲུབ་པ་ནི༔ རི་རྩེའམ་ནི་དབེན་པའི་སར༔ ལུས་གནད་དྲང་སྲོང་ཙོག་བུ་བྱ༔ རླུང་རོ་ལན་གསུམ་ཕྱིར་བུས་ཤིང་༔ མདུན་གྱི་བར་སྣང་སྟོང་པ་ལ༔ པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ འོད་ཟེར་ཁ་དོག་ལྔ་ལྡན་དབུས༔ ཧྲཱིཿ དམར་ཡོངས་སུ་གྱུར་པ་ལས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཉིས་ཚེ་བུམ་ཐུགས་ཀར་འཛིན༔ ཞབས་གཉིས་དྲང་སྲོང་བཞེངས་པ་ལ༔ ལོངས་སྤྱོད་རྫོགས་པའི་ཚུལ་དུ་བསྒོམ༔ རེ་དོགས་བྲལ་བའི་ངང་ཉིད་ལས༔ ཟིམ་བུའི་མིག་གིས་མཁའ་ལ་བལྟ༔ ཟུར་ལྟ་ཟུར་ཁྲིད་རབ་ཏུ་གཅེས༔ སྐུ་གསུམ་འོད་ཟེར་འཕྲོས་པ་ལས༔ མངོན་སུམ་སྣང་བ་མཆེད་པར་འགྱུར༔ དུད་སྤྲིན་ཁུ་རླངས་འཇའ་ཤར་དང་༔ སྐུད་པ་སྐར་མདའ་ཁུ་རླངས་གློག༔ ཟ་འོག་མིག་ཚགས་ཕྲེང་བ་དང་༔ དཀར་སེར་དམར་ལྗང་མཐིང་ག་དང་༔ དེ་ནི་ཡར་ནས་འཕེལ་བ་ཡི༔ ཐིག་ལེ་དང་ནི་ཐིག་ཕྲན་དང་༔ འཕུར་བ་དང་ནི་འགུལ་བ་དང་༔ འཕྲིག་པ་ལ་

p. 119

སོགས་དཔག་མེད་འཆར༔ དེ་ནས་ཡར་ནི་ཆེར་འཕེལ་ཏེ༔ མཁར་གཞོང་ཙམ་དང་ཕུབ་ཙམ་དང་༔ འཇའ་ཚོན་འོད་ཟེར་ལྔ་ཡིས་བསྐོར༔ ལུ་གུ་རྒྱུད་དུ་འབྲེལ་བཞིན་དུ༔ འགུལ་འཁྲིག་མེད་པར་གནས་པ་དང་༔ ཁྲི་དང་ཡོལ་བ་ལ་སོགས་འཆར༔ རྡོ་རྗེ་འཆང་དང་འོད་དཔག་མེད༔ པདྨ་འབྱུང་གནས་སྐུ་ཡང་འཆར༔ གཞན་ཡང་ཞི་ཁྲོའི་ལྷ་ཚོགས་དང་༔ ཡི་དམ་སྐུ་གསུམ་དཔག་མེད་འཆར༔ གཞན་ཡང་རིགས་དྲུག་གཟུགས་བརྙན་དང་༔ རྒྱལ་བའི་སྐུ་གཟུགས་ཅི་ཡང་འཆར༔ དེ་ལྟར་ཤར་དུས་འཛིན་རྟོག་ཟད༔ དབྱིངས་རིག་གཉིས་པོ་འདྲེས་པར་འགྱུར༔ ཟས་གོས་གཉིས་ཀྱི་འཛིན་པ་སྟོར༔ ཆོས་ཉིད་ཟད་པའི་སྣང་བ་མཐོང་༔ ཟག་བཅས་མི་སྣང་འོད་དུ་ཡལ༔ ཕྱིར་མི་ལྡོག་པའི་ས་ཐོབ་སྟེ༔ མངོན་སུམ་སྣང་བ་འདི་ཉིད་ལ༔ འོད་ཟེར་དང་ནི་ཁ་དོག་དང་༔ སྐུ་དང་ཞིང་ཁམས་གང་ལ་ཡང་༔ ཆགས་ན་འཁོར་བ་ཉིད་དུ་འཁོར༔ དེས་ན་ཆགས་མེད་སྐྱོང་བར་བྱ༔ ཆགས་མེད་བསྐྱངས་ན་གོལ་ས་མེད༔ ཆོས་ཉིད་བཙན་ས་ཟིན་པར་འགྱུར༔ མངོན་སུམ་འཆར་བའི་ཡེ་ཤེས་འདི༔ ཕྱི་ནས་འབྱུང་བ་མ་ཡིན་ཏེ༔ རང་གི་རིག་པའི་རྩལ་ཡིན་ནོ༔ འདི་ཡིས་སངས་རྒྱས་སྐུ་གསུམ་ཐོབ༔ འདི་ནི་ཚེ་ཁྲིད་ཀུན་གྱི་མཆོག༔ བླ་མེད་སྒྲུབ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ་༔ [བརྡ་ཡིག]

p. 120

སྒྲུབ་ཐབས་ལྔ་བོ་རེ་རེ་ལ༔ ཞག་གི་གྲངས་ནི་བདུན་བདུན་བྱ༔ ཁྲིད་གཞུང་མ་སོང་མི་བྱའོ༔ ལུང་དང་མགྱོགས་མྱུར་མི་བྱའོ༔ འདི་སུས་ཉམས་སུ་བླངས་པ་དེ༔ ཚེ་འདིར་རིག་འཛིན་ཐོབ་ནས་སངས་རྒྱའོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆི་མེད་གསང་རྒྱུད་ནང་ནས་བསྡུས༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ མ་འོངས་པད་གླིང་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ བདག་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པའོ། །

ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་བསྙེན་སྒྲུབ་ཀྱི་ལག་ལེན་གསལ་བྱེད་འཆི་མེད་མཆོག་སྦྱིན།

p. 121

༄༅། །ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་བསྙེན་སྒྲུབ་ཀྱི་ལག་ལེན་གསལ་བྱེད་འཆི་མེད་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །

p. 122

མཐའ་ཡས་ཡེ་ཤེས་མཆོག་གི་འོད་སྣང་གིས། །མ་རིག་འཇིག་བཅས་འཁྲུལ་རྟོག་མུན་པ་ཀུན། །རབ་བཅོམ་འཆི་མེད་དབྱིངས་རིག་རྡོ་རྗེའི་སྐུ། །བླ་མ་ལྷར་བཅས་འཆི་མེད་མཆོག་སྦྱིན་སྩོལ། །རིག་འཛིན་གཏེར་སྟོན་པདྨ་གླིང་པའི་གཏེར་བྱོན་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་བསྙེན་སྒྲུབ་ཀྱི་རིམ་པ་ཉམས་སུ་ལེན་པ་ལ་གསུམ་སྟེ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པ་ལམ་གྱི་སྔོན་འགྲོའི་རྣལ་འབྱོར་གྱིས་རྒྱུད་སྦྱངས་ཤིང་སེམས་ཀྱི་གཞི་རྩ་བཅད་པའི་གནས་ལུགས་ལ་ངོ་སྤྲོད་ལེགས་

p. 123

པར་ཐོབ་པས་ཉམས་སུ་ལེན་པར་བྱ་སྟེ། ཁྲིད་གཞུང་མ་སོང་མི་བྱའོ༔ ལུང་དང་མགྱོགས་མྱུར་མི་བྱའོ༔ ཞེས་གསུངས་པས། དེ་ལྟ་བུའི་སྒྲུབ་པ་པོས་གང་དུ་བྱ་བའི་གནས་བཀྲ་ཤིས་དང་ལྡན་པ་རང་དབང་དུ་གྱུར་པ་དག་ཏུ་མཚམས་ཀྱི་དམ་བཅའ་མ་གྲོལ་བར་གྱི་རིང་རྐྱེན་དབང་མི་འགྱུར་བའི་མཐུན་རྐྱེན་ཐམས་ཅད་ཚོགས་པར་བྱས་ལ། འགྲུབ་ན་སྰཙྪ་ཆུ་གཏོར་གསུང་སྒྲོགས་སོགས་དགེ་བའི་དཔུང་བསྐྱེད་ཅི་ནུས་སུ་བསྒྲུབ་ནས། དངོས་གཞི་ཡར་གྱི་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་སྔ་དྲོ་གནས་ཁང་ཕྱག་བདར་དང་དྲི་བཟང་

p. 124

པོའི་སྤོས་སོགས་ཀྱིས་དག་པར་བྱས་ལ། རྟེན་གྱི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ཅན་གྱི་ཁར་སྨན་གཏོར་རཀྟ་ཆུ་གཉིས་སྔོན་འགྲོས་ཉེར་སྤྱོད་ལྔ་བཅས་བཀོད་ལེགས་པར་བཤམ། དེ་དང་ཁ་སྤྲོད་དུ་གཡུང་དྲུང་དཀར་པོ་བྲིས་པའི་སྟེང་དུ་རང་གི་སྟན་ནང་ཚང་ཅན་དང་། རྡོར་དྲིལ་སོགས་ཉེར་མཁོ་རྣམས་འདུ་བྱས་ནས། བསྙེན་པ་དངོས་ལ་ཕྱི་ནང་གསང་བ་ཡང་གསང་བླ་མེད་ལྔ་ལས། དང་པོ་ཕྱི་སྒྲུབ་ནི། ཉིན་དེའི་ཕྱི་ཐུན་ལ་བབས་པ་དང་། བརྒྱུད་པའི་བླ་མར་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་ལས་བྱང་གི་སྐྱབས་སེམས་དང་། རང་རྟ་མགྲིན་གྱི་ང་རྒྱལ་བཟུང་ནས་བགེགས་གཏོར་ཕྱིར་བཏང་ནས་བསྐྲད། སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས་པ་རྒྱལ་ཆེན་བཞིར་མོས་པ་ལ་མཆོད་གཏོར་ཕུལ་ལ་ཕྲིན་ལས་གསོལ། སྟན་ལ་འཁོད་ནས་རང་གི་ཐུགས་ཀ་ནས་ཡེ་ཤེས་ལྔའི་འོད་ཟེར་འཕྲོས་པ་རྡོ་རྗེའི་སྤྲིན་དུ་འཁྲིགས་པའི་ས་གཞི་རྭ་གུར་བླ་བྲེ་མེ་རབ་ཏུ་འབར་བའི་སྲུང་འཁོར་ནན་ཏན་དུ་གསལ་བཏབ་ནས་མཚམས་གཅོད་འདོན། འདི་མཚམས་གྲོལ་རྒྱུའི་ཉེར་བསྡུའི་བར་དུ་མི་བསྡུ། དེ་རྗེས་མཆོད་རྫས་རྣམས་སོ་སོའི་རྣམ་པ་གསལ་

p. 125

བ་ལ་སྔགས་རྣམས་བརྗོད་པས་བྱིན་གྱིས་བརླབ། ཐུན་ཐོག་མ་འདི་ལ་ཏིང་འཛིན་གསུམ་ནས་བསྟོད་པའི་བར་གྱི་ལས་བྱང་གྱེར་བསྒོམ་བྱས་རྗེས། སྟོང་པའི་ངང་ལས་སྤྱི་བོ་རུ༔ སོགས་ཀྱི་རང་ལུས་ཐ་མལ་ཆེད་འཛིན་དང་བྲལ་བའི་སྤྱི་བོར་ཚེ་དཔག་མེད་སྤྲུལ་སྐུའི་རྣམ་པར་བསྒོམས་པ་ལ་སྤྱན་འདྲེན་མཆོད་པ་མོས་གདུང་རྩེ་གཅིག་པས་གསོལ་འདེབས་ལ་སོགས་པ་དང་། བཟླས་དམིགས་སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་ཀར་ཟླ་དཀྱིལ་ལ་གནས་པའི་ཧྲཱིཿ མཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བའི་འོད་ཀྱིས་འབྱུང་བཞིའི་བཅུད་སྡུད་པའི་དམིགས་སྐོར་ཐུན་གྱི་ཆ་བགོས་པ་རེ་རེའི་ཐོག་མར་བུམ་རླུང་བཟུང་ནས་ཡིད་བཟླས་བྱ་ཞིང་། རླུང་སྦྱོར་མ་སྦྱང་བས་སྟེང་རླུང་སྣ་སྒོར་བསྟེན་ཙམ་བྱས་ནས་ཧ་ཅང་དྲག་པ་མ་ཡིན་པའི་བར་རླུང་བཅིངས་པའི་ངང་ཡིད་བཟླས་ཅི་རིགས་པ་དང་། དེ་ཕྱིན་དམིགས་གནད་སྦྱར་ནས་ངག་བཟླས་བྱེད། བཟླས་པ་འཇོག་མཚམས་སུ་དབྱངས་གསལ་ལ་འགྲུབ་པར་གྱུར་ཅིག་སྭཱ་ཧཱ་བཏགས་པ་ལན་གསུམ་དང་། ཚོགས་ཀྱི་ཆོ་ག་སྐབས་འདིར་བྱ་བའམ་འཇུག་པ་བདེ་བའི་ཕྱིར་ལས་བྱང་གི་

p. 126

རྗེས་སུ་བྱས་ཀྱང་མི་འགལ། ཐུན་མཐར་སྤྱི་བོའི་ལྷ་རང་ལ་ཐིམ་པས་རང་ཉིད་ཚེ་དཔག་མེད་དུ་གྱུར་པའི་གསལ་སྣང་གི་ངང་ལ་རྫོགས་རིམ་ལ་འཇོག་ཅིང་མཐར། བདག་གཞན་འགྲོ་བ་ཀུན་དོན་དུ༔ ཚེ་དཔག་མེད་མགོན་བསྒྲུབས་པའི་མཐུས༔ སོགས་ཀྱིས་དགེ་བ་བསྔོ། སྲོད་ཐུན་ལ། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ སོགས་ཀྱིས་སྐྱབས་འགྲོ་དང་། རྩ་གསུམ་བླ་མ་དགོངས་སུ་གསོལ༔ སོགས་ཀྱིས་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ལྷ་བསྒོམ་ནས་བཟུང་སྔ་མ་དང་འདྲ། བཟླས་པའི་དབྱངས་གསལ་གྱི་རྗེས་སུ་ལྷ་རང་ལ་བསྟིམ་ནས་རྫོགས་རིམ་དང་བསྔོ་བ། ཁ་སྐོང་གི་ཡིག་བརྒྱ་ཅི་ནུས། བཀའ་སྲུང་མ་ནིང་ལྕམ་དྲལ་སོགས་གཏོར་བསྔོ་དགོས་པ་རྣམས་བྱ། རྒྱུན་དུ་ཐུན་བཞིར་བཅད་པའི་ཐོར་ཐུན་གྱི་འགོར་མཆོད་གཏོར་རྣམས་ཁ་གསོ། བརྒྱུད་འདེབས་སྲུང་འཁོར་མཆོད་རྫས་བྱིན་བརླབ་བྱ་བ། སྲོད་ཐུན་གྱི་མཐར་ཡིག་བརྒྱ་དང་གཏོར་བསྔོ་བྱ་བའི་ཁྱད་པར་ཙམ་ལས་སྐྱབས་སེམས་ནས་བསྔོ་བའི་བར་གྱི་བསྒོམ་བཟླས་ཁོ་ན་ཉམས་སུ་ལེན་ཅིང་། ཐུན་མཚམས་

p. 127

ཀྱི་བྱ་བ་བཟའ་བཏུང་ཉལ་ལྡང་གི་རྣལ་འབྱོར་དང་། སྲུང་མཚམས་མཐའ་དག་བསྙེན་པ་སྤྱི་ལྟར་ཤེས་པར་བྱ་བ་ཉིད་དོ།། །།གཉིས་པ་ནང་སྒྲུབ་ནི། ཕྱི་སྒྲུབ་སྔ་ཐུན་ལ་ཐེམས་པའི་ཕྱི་ཐུན་དེ་ལ་མཆོད་གཏོར་རྣམས་ཁ་གསོ། བརྒྱུད་འདེབས་སྲུང་འཁོར་མཆོད་རྫས་བྱིན་བརླབ་རྣམས་སྔོན་འགྲོས་སྐྱབས་སེམས་དང་། དངོས་གཞི། སྐད་ཅིག་མི་དམིགས་སྟོང་པའི་ངང་༔ སོགས་ཀྱིས་རང་དང་སྤྱི་བོར་ཚེ་ལྷ་རིགས་ལྔ་བསྒོམ་པ་སོགས་ནང་གཞུང་གི་དཀྱུས་བཞིན་ཉམས་སུ་ལེན་ལ། འདི་དམིགས་སྐོར་དུ་བཅད་པ་མེད་པས་གཙོ་བོའི་ཐུགས་ཀར་ཧྲཱིཿ མཐར་བཟླ་བྱའི་སྔགས་ཕྲེང་གི་འོད་ཀྱིས་མཐོ་རིས་ཀྱི་སྐྱེ་འགྲོའི་སྟོབས་སྡུད་ཀྱི་དམིགས་བཟླས་རླུང་ངག་གི་སྦྱོར་བ་སྔར་ལྟར་དང་། རྗེས་སུ་དབང་བཞི་བླང་ལ་རྫོགས་རིམ་བསྒོམ་པ། ཐུན་བཞི་ཐོར་སྲོད་གཉིས་ལ་ཆོ་གའི་ཁྱད་པར་སོགས་ཕྱི་སྒྲུབ་ཀྱི་སྐབས་ལྟར་བྱའོ།། །།གསུམ་པ་གསང་སྒྲུབ་ནི། ཆོ་གའི་ཆིངས་སྔར་དང་འདྲ་བ་ལས། དངོས་གཞིའི་དམིགས་རིམ་རང་གི་སྙིང་གར་པད་ཟླའི་སྟེང་དུ་ཧྲཱིཿ

p. 128

དམར་པོ། དེའི་འོད་ཀྱིས་དོན་གཉིས་བྱས། སླར་ཡང་ཧྲཱི༔ འི་འོད་ཉི་ཟེར་ལྟ་བུ་བ་སྤུའི་བུ་ག་ནས་ཕྱིར་ཐོན་པས་ཐ་མལ་སྣོད་བཅུད་ཀྱི་སྣང་བ་དང་རང་ལུས་ཀྱི་འཛིན་པ་སྦྱངས། སྤྱི་བོར་འོད་ལྔའི་ཀློང་དུ་ཚེ་ལྷ་ཉི་ཤུ་རྩ་གཅིག་གི་ལྷ་ཚོགས་གསལ་འདེབས་སོགས། རང་གི་ཙིཏྟ་འབར་བའི་དབུས༔ སོགས་གཞུང་གི་ཚིག་ཟིན་ལྟར་འདོན་བསྒོམ་བྱས་ནས། གཙོ་བོའི་ཐུགས་ཀར་ཧྲཱིཿ མཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བའི་འོད་ཀྱིས་རྒྱལ་བའི་ཐུགས་རྗེ་སྡུད་པའི་དམིགས་བཟླས་དང་། མཐར་ཚེ་ལྷ་རིགས་ལྔ་གཙོ་བོར་བསྡུས། དེ་རང་ལ་ཐིམ་ནས་རྫོགས་རིམ་ལ་འཇོག་པ་སོགས་སྔར་དང་འདྲ་བའོ།། །།བཞི་པ་ཡང་གསང་སྒྲུབ་པ་ནི། ཆོ་གའི་ཆིངས་སྔ་མ་རྣམས་དང་འདྲ་བ་ལས། དངོས་གཞིའི་སྐབས་ལུས་གནད་ཆོས་བདུན་མི་གཡོ་བར་བྱས་ཏེ། བདག་ཉིད་བཅོམ་ལྡན་ཚེ་དཔག་མེད༔ སོགས་ཀྱིས་རང་ལྷར་བསྒོམ་ལ་རྩ་གསུམ་འཁོར་ལོ་ལྔའི་སྤྱི་བོར་ཨོཾ་ལས་བུདྡྷ་ཚེ་དཔག་མེད་ཡབ་ཡུམ། མགྲིན་པར་ཧྲཱིཿ ལས་པདྨ་བསྐྱེད་རིམ་ཚེ་དཔག་མེད་ཡབ་ཡུམ། སྙིང་གར་ཧཱུཾ་ལས་བཛྲ་ཚེ་དཔག་མེད་ཡབ་ཡུམ།

p. 129

ལྟེ་བར་ཏྲཱྃ་ལས་རཏྣ་ཚེ་དཔག་མེད་ཡབ་ཡུམ། གསང་བར་ཨཱཿལས་ཀརྨ་ཚེ་དཔག་མེད་ཡབ་ཡུམ་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་གྱིས་མཚན་པ་དང་བཅས་པ། རང་གི་ཕུང་ཁམས་སྐུ་ལྔ་ཡེ་ཤེས་ལྔར་ཡེ་ནས་གྲུབ་པར་ཤེས་པའི་རྟོགས་པའི་གསལ་སྣང་དང་། བུམ་ཅན་གྱི་རླུང་སྦྱོར་ལ་གཙོ་བོར་བྱ་ཞིང་ངག་གི་བཟླ་བ་སོགས་ཀྱང་སྔ་མ་རྣམས་དང་འདྲ་ལ། མཐར་སྤྱི་བོའི་ལྷ་མགྲིན་པ། གསང་གནས་ཀྱི་ལྷ་ལྟེ་བ། བདག་ཉིད་སྙིང་གི་ལྷ་ལ་ཐིམ། དེ་ཡང་དབུ་མའི་ནང་དུ་མི་དམིགས་པར་ཡལ། རང་ལྷར་གསལ་བ་གཙོ་འཁོར་དང་བཅས་པ་ཡང་མི་དམིགས་པའི་དབྱིངས་སུ་ཡལ་བའི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་གནས་ལུགས་རིག་སྟོང་ཀ་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རྡོ་རྗེ་གསུམ་གྱི་ངང་དུ་རྣམ་པར་རྟོག་པས་མི་གཡོ་བར་མཉམ་པར་གཞག་པའི་རྫོགས་རིམ་བསྐྱང་། ཐུན་རྗེས་སུ་དགེ་བ་བསྔོ། དེ་ལྟར་བསྐྱེད་རིམ་ཐབས་ཀྱི་སྒོམ་དང་རྫོགས་རིམ་ཤེས་རབ་ཀྱི་རྣལ་འབྱོར་གཉིས་པོ་ཐུན་རེ་རེ་བཞིན་ཆ་མཉམ་དུ་བསྒོམ་མོ།། །།ལྔ་པ་བླ་མེད་ཀྱི་སྒྲུབ་པ་ནི། མངོན་སུམ་

p. 130

སྣང་བའི་ཉམས་ལེན་ཏེ་རྫོགས་རིམ་ཚེ་ཁྲིད་ཀྱི་སྐབས་བཞིན་ཉམས་སུ་ལེན་པའོ། །དེ་ལྟར་སྒྲུབ་པ་བཞི་པོ་རེ་རེ་ལ་གྲངས་འབུམ་ཕྲག་རེ་དང་དུས་ཞག་བདུན་རེས་མཐའ་བརྟེན་པ་སོགས་གྲངས་དུས་གང་བྱེད་ཀྱང་ཆ་མཉམ་དུ་བྱེད་ཅིང་། རྟགས་མཚན་ནི་སྐབས་གང་དུ་མཐོང་ཡང་ཁྱད་པར་མེད་པ་ཉིད་དོ། །ཡང་གསང་བའི་སྒྲུབ་པ་ཐེམས་ན་གྲོལ་རྒྱུའི་སྔ་ཐུན་དེ་ལ་མཆོད་གཏོར་རྙིང་པ་རྣམས་གསོ་ཞིང་གསར་པ་ཡང་བཤམ། ཆོ་ག་སྲུང་འཁོར་མཆོད་རྫས་བྱིན་བརླབ་སྐྱབས་སེམས་ལས་བྱང་གི་ཏིང་འཛིན་གསུམ་ནས་བསྟོད་པའི་བར་གྱི་གྱེར་སྒོམ་རྣམས་སོང་རྗེས་ཡང་གསང་སྒྲུབ་པའི་བསྒོམ་བཟླས་རྫོགས་རིམ་གྱི་བར་དང་། སླར་ཡང་མདུན་རྟེན་ཚེ་ལྷ་ཉི་ཤུ་རྩ་གཅིག་གི་ལྷ་ཚོགས་དང་། རང་ཚེ་དཔག་མེད་ཡབ་ཡུམ་གཙོ་རྐྱང་གི་སྐུར་བསྒོམ་པ་ནས་ཚོགས་བྱིན་བརླབ་ནས་ལྷག་གཏོར་བར་དང་། ཤར་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ སོགས་དང་། ཞིང་ཁམས་གསུམ་བརྩེགས་ཕོ་བྲང་ནས༔ ཞེས་སོགས་ནས། སྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ༔ ཞེས་པའི་བར་གྱིས་ཐུགས་དམ་གནད་ནས་བསྐུལ་བས། མདུན་རྟེན་གྱི་[ཕོ་ཉ་འགུག་བྱེད་ཀྱི་]

p. 131

ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚེ་བཅུད་ཐམས་ཅད་སྐུ་བརྙན་ཡིག་འབྲུ་ཕྱག་མཚན་འོད་ཟེར་གྱི་རྣམ་པར་ཉི་ཟེར་གྱི་རྡུལ་ལྟར་བྱོན་ནས་རང་གི་གནས་གསུམ་དུ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུས་འདི་ཉིད་དུ་ཐོབ་པར་བསམས་ནས་ཡང་གསང་སྒྲུབ་པའི་སྔགས་ཛཔྲ་བརྒྱ་རྩ་གཅིག་ཏུ་བཟླས་མཐར། མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱང་རང་ལ་བསྟིམ་ནས་འཆི་མེད་གཉུག་མའི་ཡེ་ཤེས་ཀྱི་ངང་དུ་བཞག །ཆོས་སྐྱོང་གི་གཏོར་མ་ཆད་ཐོ་གཏོང་ཞིང་བཤལ་ཆུས་བརྟན་མ་བསྐྱང་། ནོངས་བཤགས་ཀྱི་ཡིག་བརྒྱ་མང་དུ་བཟླས་ནས་ཡེ་ཤེས་པ་རྟེན་ལ་བཞུགས་སུ་གསོལ། དམ་ཚིག་སྲུང་འཁོར་ནས་བཟུང་ཉེར་བསྡུ་བྱས་པའི་འོད་གསལ་སྟོང་ཉིད་ཀྱི་ངང་ལས་རྒྱུན་སྤྱོད་ཀྱི་ལྷར་ལངས་ཏེ་བསྔོ་སྨོན་ཤིས་བརྗོད་བྱ་བ་རྣམས་ལས་བྱང་གི་དཀྱུས་བཞིན་དང་། སྐབས་དེར་སྒྲུབ་པ་མི་སྦྲེལ་བར་བསྙེན་པ་རྐྱང་པ་ཡིན་ན་ཐོ་འགྲོལ་གནས་བསྲུང་བ་ལ་སོགས་པ་བྱའོ།། །།གཉིས་པ་སྒྲུབ་པ་ནི། མཚམས་ཁོངས་དེ་ཉིད་དུ་[བསྙེན་སྒྲུབ་སྦྲེལ་མར་བྱེད་ན་བསྙེན་པ་གྲོལ་བའི་

p. 132

སང་ཉིན་དགེ་སྒྲུབ་པ་ཚུགས་ན་ལེགས།] སྦྲེལ་བའི་སྐབས་སམ་གནས་གཞན་དུ་བྱ་བ་གང་ཡིན་ཀྱང་། རྟེན་གྱི་དཀྱིལ་འཁོར་སྒོ་རྫོགས་ཅན་གྱི་རས་བྲིས་བཀྲམ་པའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའམ་རྫ་བུམ་རིགས་ལྔའི་ཕྱག་རྒྱ་ལྔས་མཚན་པ་རྫས་སོ་ལྔ་དང་རྒྱུན་འབབ་ཀྱི་ཆུ་གཙང་གིས་སུམ་གཉིས་བཀང་བ་ཀུ་ཤ་སྒྲོ་མདོངས་འབྲས་བུ་ཅན་གྱི་ཤིང་རྣམས་ཀྱི་ཁ་རྒྱན་དང་དར་དམར་གྱི་མགུལ་ཆིངས་བྱས་པའི་ཁར་ཤེལ་རྡོ་མེ་ལོང་གཟུངས་རྡོར་དང་བཅས་པས་མཚན་པ་འགོད། གཡོན་དུ་ཐོད་པ་བཟང་པོར་ཆང་ལ་ཨ་མྲྀ་ཏས་བྲན་པ་ལ་མར་གྱི་འཁོར་ལོ་དང་ལས་བཞིའི་དབྱིབས་རིལ་བུ་ཉི་ཤུ་རྩ་གཅིག་བཅས་པའི་ཚེ་འབྲས་དང་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་ཁ་དག་བ་ཅན། མདུན་དུ་བདུད་རྩི་རིལ་བུའམ་དེའི་ཕབ་བསྲེས་པའི་ཕྱེ་དཀར་པོའོ་[འདི་ནི་ཟླ་གམ་ལ་ཟླ་བ་དང་ཟླུམ་པོ་ལ་ཉི་མར་ངོས་འཛིན།] མས་སྦྲུས་པ་ལས་ཚེ་རིལ་བརྒྱ་རྩའམ་ཉི་ཤུ་རྩ་གཅིག་གིས་མཐའ་བརྟེན་པ་རྩེ་མོར་ཉི་ཟླས་མཚན་པ། རྒྱབ་ཏུ་མདའ་རྒོད་སྒྲོམ་ལྕགས་མདེའུ་ཅན་སྐྱོན་མེད་ཀྱི་མགུལ་དུ་དར་ཚོན་སྣ་ལྔ། བྱང་བུ་མིག་དགུ། གསེར་གཡུ་དུང་བྱེ་རུ་མུ་མེན་རྣམས་བཏགས་པ་ནས་དཀར་མོའི་ཁར་བཙུགས་པ།

p. 133

དེ་དག་གི་མདུན་དུ་སྨན་གཏོར་རཀྟ་མཚམས་འཛིན་ཆུ་གཉིས་དང་བཅས་པའི་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཤམ། དེ་ལ་ཕྱོགས་པར་རང་གི་སྟན་འདིང་བ་སོགས་བྱས་ནས། ཕྱི་ཐུན་སྒྲུབ་པ་དངོས་ལ་འཇུག་སྟེ། བརྒྱུད་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས། བགེགས་གཏོར་གཏོང་བ། ཕྱི་མཚམས་རྒྱལ་ཐོ་རྣམས་བསྙེན་པ་དང་འདྲ་བ་ལས་བགེགས་བསྐྲད་དུས་གནས་ཡོ་རྣམས་གུ་གུལ་གྱིས་བདུག་པ་དང་ཡུངས་ཐུན་གྱིས་བྲབ་པའང་བྱ། སྒྲུབ་ཁང་གི་སྒོ་ལ་རྟ་མགྲིན་གྱི་སྐུ་[བསྙེན་སྒྲུབ་སྦྲེལ་དུས་ཐོ་སྔ་མ་མ་གཤེགས་པར་དེ་ཀ་ལ་སྐབས་དེའི་མཆོད་གཏོར་ཕྲིན་གསོལ་བྱ།] བཏེགས་ཏེ་བསྐྱེད་བསྟིམ་མཆོད་གཏོར་ཕྲིན་གསོལ་གྱིས་ནང་མཚམས་དང་། སྲུང་འཁོར་རྡོ་རྗེའི་རྭ་གུར་གྱི་ཕྱིར་རིན་པོ་ཆེ་པདྨ་རྒྱ་གྲམ་འཁོར་ལོ་རྣམས་ཀྱི་གུར་ཁང་གི་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ཚོགས་སུ་འབར་བར་བསྒོམ། ཐུན་འགོར་གསལ་འདེབས་བྱེད་ཅིང་སྒྲུབ་པ་མ་གྲོལ་བར་མི་བསྡུ། དེ་ནས་མཆོད་རྫས་བྱིན་གྱིས་བརླབས་ནས། དངོས་གཞིའི་བསྒོམ་དོན་ཏིང་འཛིན་གསུམ་ནས་བཟུང་ལས་བྱང་བཞིན་འདོན་བསྒོམ་བྱ་སྟེ།

p. 134

རྒྱུའི་རྡོ་རྗེ་ཧྲཱིཿ ཡིག་ལས་ཨེ་ཡཾ་ཝཾ་ལཾ་སུཾ་རྣམས་ཆད་པ་ལས་མཁའ་རླུང་ཆུ་སའི་དཀྱིལ་འཁོར་རི་རབ་དང་བཅས་པའི་ཁར་བྷྲཱུྃ་ལས་པདྨའི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བ་ལ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྩིག་པ་འདོད་སྣམ་ཕ་གུ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དབུས་ཕྱུར་རིན་པོ་ཆེའི་ཏོག་དང་སྒོ་ཁང་རྟ་བབས་བཞི་ལྡན་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་མཛེས་བྱེད་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་མདུན་དང་ཕྱོགས་ཀྱི་པད་འདབ་བཞི་ལ་རིགས་ལྔ་ཡབ་ཡུམ་འོད་ལྔས་བསྐོར་བའི་རང་མདོག་གི་ཐིག་ལེའི་ནང་དུ་བཞུགས་པ། དེའི་ཕྱིར་པད་འདབ་བརྒྱད་ལ་སེམས་མ་བརྒྱད། ཁྱམས་ཀྱི་ཕྱོགས་བཞིར་ཁྲོ་བོ་བཞི། སྒོ་ཁྱུད་དུ་སྒོ་མ་བཞི་སྟེ་དཀྱིལ་འཁོར་གྱི་རྩ་བའི་ལྷ་རྣམས་དང་། སྣ་ཚོགས་པདྨ་ལ་གནས་ཡུལ་གྱི་གཽ་སིང་། བར་ཁྱམས་ལ་བླ་མ་རིག་འཛིན་ཡི་དམ་མཁའ་འགྲོ་དམ་ཅན་ལ་སོགས་པའི་མགྲོན་ཐབས་དང་བཅས་པ། འདོད་སྣམ་ལ་འདོད་ཡོན་དྲུག་གི་ལྷ་མོ་མཆོད་པའི་སྤྲིན་སྤྲོ་བ་རྣམས་བསྒོམ་ཞིང་།

p. 135

དེ་ཉིད་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་མདུན་གྱི་སྒྲུབ་རྫས་ཀྱང་ལྷ་ཚོགས་དཀྱིལ་འཁོར་མེ་རི་འདབ་འབྱར་དུ་གསལ་བཏབ་ནས། སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་རྣམས་དང་རྣམ་དག་དྲན་པས་བསྟོད་པ་བྱ། བཟླས་དམིགས་ནི། བདག་མདུན་གྱི་གཙོ་བོའི་ཐུགས་ཀར་པད་ཟླ་ལ་གནས་པའི་ཧྲཱིཿ ཡིག་མཐར་སྔགས་ཕྲེང་གཡས་སྐོར་དུ་སྤུས་བྲིས་པ་ལྟ་བུ་མར་མེ་ལྟར་འབར་བ་དང་། བདག་བསྐྱེད་ཧྲཱིཿའི་ཁོག་པར་ཚེ་རྟེན་ཨ་ཡིག་དཀར་པོ་ནྲྀ་ལྗང་གིས་མཚན་པ་དང་བཅས་པ་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་སྣོད་བཅུད་ཀྱི་ཚེ་དཔལ་མ་ལུས་པ་བསྡུས་པ་ཐུགས་ཀ་ནས་ཨ་དཀར་པོ་འོད་ཟེར་འཕྲོ་བའི་རྣམ་པར་ཉི་ཟེར་གྱི་རྡུལ་ལྟར་བྱོན་ནས་རང་གི་སྙིང་གའི་ས་བོན་ཚེ་རྟེན་དང་བཅས་པ་ལ་ཐིམ་པས་ཚེ་བཅུད་བདུད་རྩིས་ལུས་ཐམས་ཅད་ཡོངས་སུ་གང་ནས་འཆི་མེད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྲུབ་པར་བསམ་ལ། སྒྲུབ་སྔགས། ཨོཾ་ཨཱཿཧཱུྃ༔ ཨཱ་ཡུ་ཥེ་བྷྲཱུྃ་ནྲྀ་ཛཿ ཨ་མཱ་

p. 136

ར་ནིཛཱི་ཝནྟི་ཡེ་སྭཱཧཱ༔ ཞེས་པ་ཁོ་ན་ལ་ཆིག་དྲིལ་དུ་བཟླ་ཞིང་། རླུང་སྦྱོར་དང་ངག་གི་བཟླ་བ་སོགས་བསྙེན་པ་དང་འདྲ་ལ། འཇོག་པ་ན་དབྱངས་གསལ་ལ་འགྲུབ་པར་གྱུར་ཅིག་སྭཱ་ཧཱ༔ བཏགས་པ་ལན་གསུམ་བཟླ། བུམ་བཟླས་བྱེད་ན། བུམ་པ་གཞལ་ཡས་ཁང་གི་ནང་དུ་བུམ་བཅུད་ལྷ་ཚོགས་སུ་གསལ་བའི་སྐུ་ལས་བྱང་སེམས་བདུད་རྩིར་བབས་པ་གཟུངས་ཐག་འོད་ཀྱི་སྦུ་གུའི་ལམ་ནས་བྱུང་བ་རང་གི་སྙིང་གར་ཐིམ་པར་བསམ་ནས་བུམ་སྒྲུབ་ཀྱི་སྔགས་ཚན་བཞི་པོ་བརྒྱ་རྩའམ་ཉེར་གཅིག་རེ་ངག་བཟླས་དང་། ཚེ་འགུག་ནི། བདག་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱི་ཐུགས་ཀའི་འོད་ཟེར་དང་ཕྱག་གི་མདའ་དར་གཡབ་པས་སྣང་སྲིད་ཀྱི་ཚེ་བཅུད་ཐམས་ཅད་ཕྱག་གི་བུམ་པར་བསྡུས། ཚུར་བྱུང་ནས་རང་གི་ཚེ་རྟེན་ལ་ཐིམ་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་ཚེ་དང་ཡེ་ཤེས་རྒྱས་པའི་དྭངས་མས་ལུས་ཐམས་ཅད་གང་བར་བསམས་ཏེ་མདའ་དར་གཡབ་པ་དང་བཅས་པས། ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཅེས་

p. 137

པ་ནས། རྟགས་དང་མཚན་མ་ད་ལྟ་བསྟན་དུ་གསོལ༔ ཞེས་པའི་མཐར་ཛཔྲ་དབྱངས་དང་བཅས་པའི་ཕོ་ཉ་དགུག་བྱེད་བཏང་། དེ་རྗེས་ཚོགས་ཆོག་ལྷག་མའི་བར་དང་། ཐུན་མཐར་ཡིག་བརྒྱ་བཟླས་རྗེས་དམ་ཡེ་མ་ཕྱེ་བར་བདག་གི་ཐུགས་ཀའི་འོད་ཀྱིས་མདུན་གྱི་རྟེན་དང་བརྟེན་པར་བཅས་པ་བདག་བསྐྱེད་ལ་ཐིམ། དེ་གཞལ་ཡས་ཁང་ལ། འཁོར་རྣམས་རིམ་པས་གཙོ་བོ་ལ། དེ་སྔགས་ཕྲེང་ལ། དེ་ས་བོན་ཧྲཱིཿ ཡིག་ལ་ཐིམ། ཧྲཱིཿ ཚེ་རྟེན་དང་བཅས་པ་ཞུ་ལུགས་སུ་འདྲེས་པ་ལས་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གྱེན་ལངས་ཀྱི་རྣམ་པར་བསམས་ནས་འཆི་མེད་གཉུག་མའི་ངང་དུ་རྫོགས་རིམ་ལ་བློ་བཞག་མཐར། བདག་གཞན་འགྲོ་བ་ཀུན་དོན་དུ༔ དཀྱིལ་འཁོར་ཆོ་ག་འདི་བསྔོས་པས༔ སོགས་ཀྱིས་དགེ་བ་བསྔོ། ཐུན་མཚམས་ཐམས་ཅད་དུ་རང་ལུས་རྡོ་རྗེའི་རང་བཞིན་དུ་བསམ་མོ། །སྲོད་ཐུན་ལ། མཚམས་གཅོད་སྐྱབས་སེམས། མཆོད་རྫས་བྱིན་རླབས་རྣམས་སྔོན་འགྲོས། དངོས་གཞི་ཏིང་འཛིན་གསུམ་ནས་ཕོ་ཉ་དགུག་བྱེད་པར་སྔ་མ་ལྟར་དང་། བཟོད་གསོལ་དང་ཡིག་

p. 138

བརྒྱའི་རྗེས་ལ་བདག་མདུན་གྱི་དཀྱིལ་འཁོར་སྔར་བཞིན་བསྡུས་ནས་རྫོགས་རིམ་ལ་བཞག་པའི་བསྔོ་སྨོན་དང་། འཇིག་རྟེན་འདྲེན་པའི་ཤིས་བརྗོད་རྣམས་ལས་བྱང་བཞིན་བྱ་ཞིང། ཆོས་སྐྱོང་གི་གཏོར་བསྔོས་ཐུན་མཚམས་འདིའམ་བཟོད་གསོལ་གྱི་གོང་གང་རིགས་སུ་བྱའོ། །རྒྱུན་དུ་ཐུན་བཞིར། སྲུང་མཚམས་སྐྱབས་སེམས་མཆོད་རྫས་བྱིན་བརླབ། བདག་མདུན་བསྐྱེད་རིམ། སྤྱན་འདྲེན་བཞུགས་གསོལ། ཕྱག་མཆོད་བསྟོད་པ། བཟླས་པ་བུམ་བཟླས། ཚེ་འགུག །ཡིག་བརྒྱ་ཉེར་བསྡུ་རྣམས་འདྲ་བ་ལས། ཐོར་ཐུན་ལ་བརྒྱུད་འདེབས་དང་སྔོན་འགྲོ་རྒྱས་པ་ཙམ་དང་། སྲོད་ཐུན་ལ་ནོངས་བཤགས། ཡིག་བརྒྱ་བསྔོ་སྨོན་ཤིས་བརྗོད། ཆོས་སྐྱོང་གི་གཏོར་ཆོག་རྣམས་ཁྱད་པར་རོ། །ཚུལ་དེས་གྲངས་དུས་སམ། བུམ་པ་ལས་འོད་བྱུང་བ་ཚེ་ཆུ་ལུད་པ་སོགས་ཀྱི་མཚན་མ་མ་ཐོབ་བར་དུ་བསྒྲུབས་ནས། རྗེས་དངོས་གྲུབ་ཀྱི་བཟླས་པ་བྱ་བ་ནི། ནང་པར་འགྲོལ་རྒྱུའི་ཕྱི་ཐུན་དེ་ནས་མཆོད་གཏོར་སྔ་མ་རྣམས་གསོ་ཞིང་གསར་པ་རྒྱས་པར་བཤམ། ཆོ་ག་སྔར་དང་འདྲ་བ་ལས་མཆོད་རྫས་བྱིན་རླབས་ཀྱི་སྔོན་དུ་བརྒྱུད་པའི་བྱིན་འབེབས་དང་། བཟླས་པའི་སྔོན་

p. 139

དུ་ཕོ་ཉ་འགུགས་བྱེད་ལས་བྱུང་བའི། ཚེ་ཡི་དཀྱིལ་འཁོར་ཆེན་པོ་ནས༔ ཞེས་པ་ནས། སྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ༔ ཞེས་པའི་བར་གྱིས་དངོས་གྲུབ་ལེན་ཆོག་བཞིན་བྱས་ནས། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་གནད་ནས་བསྐུལ་བས་གཙོ་འཁོར་ཐམས་ཅད་ཀྱི་སྐུའི་གནས་གསུམ་ནས་རྡོ་རྗེ་གསུམ་གྱི་བྱིན་རླབས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འོད་ཟེར་གྱི་རྣམ་པར་བྱོན་ནས་བདག་གི་གནས་གསུམ་དུ་ཐིམ་པ་དང་། གཙོ་བོའི་ཐུགས་ཀ་ནས་ཚེ་བཅུད་ཨ་དཀར་འོད་ཀྱི་རྣམ་པ་ཅན་བྱུང་བ་ཚེ་རྟེན་ལ་ཐིམ་པས་ཚེ་བཅུད་བྱིན་རླབས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་བསམ་ནས་གཟུངས་ཐག་བཟུང་སྟེ་སྒྲུབ་སྔགས་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ་བཏགས་པ་བཟླ་ཞིང་བུམ་བཟླས་ཚེ་འགུགས་སོགས་ཀྱང་རྒྱུན་དང་འདྲ་བས་ཐུན་གསུམ་སོང་ནས་གྲོལ་རྒྱུའི་སྔ་ཐུན་དེ་ལ་ལས་བྱང་རྒྱས་པར་གྱེར་ནས་བཟླས་པ་ཚེ་འགུགས་ཀྱི་མཐར་ཐུག་པ་སྔ་མ་བཞིན་གྱི་རྗེས་སུ་ཚོགས་ཆོག་དང་། ཤར་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ སོགས་ཀྱིས་ཐུགས་དམ་བསྐུལ་རྗེས། ཚེ་ཡི་དཀྱིལ་འཁོར་ཆེན་པོ་ནས༔ ཞེས་པའི་དངོས་གྲུབ་ལེན་ཆོག་གི་མཐར་སྒྲུབ་སྔགས་ཤམ་བུ་ཅན་གྱི་ཛཔྲ་བཟླ་བཞིན་པས་དངོས་གྲུབ་ཀྱི་དམིགས་གནད་དང་སྦྱར་ཏེ་

p. 140

སྒྲུབ་རྫས་རྣམས་ཀྱི་དབང་བླངས་རྗེས། མདུན་གྱི་ལྷ་ཚོགས་ཐམས་ཅད་རང་ལ་ཐིམ་པས་འཆི་མེད་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་དུས་དེ་ཉིད་དུ་ཐོབ་པར་ངེས་ཤེས་བརྟན་པོའི་ངང་ནས་སྟོང་ཉིད་ལ་བློ་བཞག་ལ་ཚེ་མདའ་གནས་གསུམ་དུ་གཏུགས་ཏེ། རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔ སོགས་ཀྱི་རྒྱས་འདེབས་བརྗོད། རྗེས་ནི། ཆད་ཐོ་བརྟན་སྐྱོང་དང་། ནོངས་བཤགས་ཡིག་བརྒྱ་མང་དུ་བཟླས་ནས། བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ སོགས་ཀྱིས་བདག་མདུན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་གི་དཀྱིལ་འཁོར་སྲུང་འཁོར་དང་བཅས་པ་བསྡུས་ནས་རྒྱུན་སྤྱོད་ཀྱི་རྡོ་རྗེའི་ལུས་སུ་ལྡང་ལ། བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བརྗོད་པས་མཐའ་རྒྱས་དང་། རྒྱལ་ཐོ་སྒོ་བྱང་ལ་མཆོད་གཏོར་ཕུལ་ནས་གཤེགས་སུ་གསོལ། ཞག་འགའི་བར་གཞན་དུ་མི་འགྲོ་བར་གནས་ཁང་དེ་ཉིད་དུ་འདུག་ནས་སྦྱིན་སྲེག་བཤགས་སྐོང་སྨོན་ལམ་སོགས་བྱས་ཏེ་གནས་བསྲུང་བར་བྱའོ། །བསྙེན་པ་མ་སོང་ཡང་སྒྲུབ་པ་ཉིད་བྱར་རུང་ལ་སྒྲུབ་རྫས་གཞན་རྣམས་མ་འབྱོར་ན་སྙིང་པོ་དཀྱིལ་འཁོར་ལ་བུམ་པ་བཀོད་པ་དང་མཆོད་གཏོར་ཙམ་ལ་བརྟེན་ནས་ཀྱང་གོང་ལྟར་བསྒྲུབ་ཏུ་རུང་ཞིང་། དབང་དང་འབྲེལ་བ་མ་ཡིན་པའི་ལས་བྱང་དཀྱུས་

p. 141

ཀྱི་ཉིན་ཆོག་ཙམ་ནི་གཏོར་མ་སྨན་རཀ་མཆོད་པ་རྐྱང་པ་ལ་བརྟེན་པ་ཡིན་ཏེ། ཞག་གཅིག་སྒྲུབ་ན་གཏོར་མར་བརྟེན༔ ཞེས་གསུངས་པ་ཡིན་ནོ། །གསུམ་པ་ལས་སྦྱོར་ནི། བུམ་སྒྲུབ། ཚེ་གཏོར། བདུད་རྩི། བདུད་རྩི་རིལ་བུ། ཚེ་འཁོར་གཏའ་སྡོམ་སོགས་ལས་ཁོལ་བུར་སྒྲུབ་པ་རྣམས་ཏེ་གཏེར་གཞུང་ཉིད་ལས་ཤེས་པར་བྱའོ། །དེ་ལྟར་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་བསྙེན་སྒྲུབ་ཀྱི་ལག་ལེན་གསལ་བྱེད་འཆི་མེད་མཆོག་སྦྱིན་ཞེས་བྱ་བ་འདི་ནི། རྒྱལ་སྲས་མཆོག་གི་སྤྲུལ་སྐུ་པདྨ་ཀུན་བཟང་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེའི་གསུང་གིས་བསྐུལ་བ་ལས། ཐུགས་སྲས་ཀུན་བཟང་འགྱུར་མེད་མཆོག་གྲུབ་དཔལ་འབར་བཟང་པོས་ལྷག་པའི་ལྷ་འདི་ཉིད་བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པའི་ཐུན་དབར་དུ་གྲུབ་པར་སྦྱར་བའི་ཡི་གེ་ཐོག་མར་སྤེལ་བ་པོ་ནི་གསུང་སྤྲུལ་རིན་པོ་ཆེ་ཀུན་བཟང་པདྨ་བསྟན་འཛིན་གྲུབ་མཆོག་རྡོ་རྗེས་མཛད་པའོ། །འདིས་ཀྱང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་པ་དང་། འགྲོ་ཀུན་ཚེ་མཐའ་ཡས་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །།

པད་གླིང་ཞི་ཁྲོ་ཀུན་བཟང་དགོངས་འདུས།

ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོ་གསང་འདུས་ལས་བྱང་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཀུན་ཁྱབ།

p. 142
p. 143

༄༅། །ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོ་གསང་འདུས་ལས་བྱང་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །

p. 144

ཨོཾ་སྭསྟི། ཀ་དག་རང་བྱུང་ཡེ་ཤེས་ཀུན་ཏུ་བཟང་། །ལྷུན་གྲུབ་རིག་རྩལ་སྒྱུ་འཕྲུལ་ཞི་ཁྲོའི་སྤྲིན། །ཐུགས་རྗེ་གང་འདུལ་དེར་སྣང་སྤྲུལ་པའི་གར། །དབྱེར་མེད་རིགས་བདག་པདྨ་ཀ་རས་སྐྱོངས། །པད་གླིང་ཟབ་གཏེར་ཡང་བཅུད་འཕྲད་ཆོག་ཆོས། །ཀུན་བཟང་དགོངས་འདུས་ཞི་ཁྲོའི་ཕྲིན་ལས་གཞུང་། །རྒྱུད་ལུང་མན་ངག་གནད་གསང་མ་ནོར་བར། །རྣམ་གསལ་འཇུག་བདེའི་ཁྲིགས་སུ་འདིར་བསྡེབས་བྱ། །[དེའང་ཡང་གསང་བླ་མེད་ཞི་ཁྲོ་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཆོ་ག་ཟབ་མོ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་རིག་འཛིན་བརྒྱུད་པའི་མན་ངག་ཕྱག་བཞེས་ཀྱིས་གཏན་ལ་

p. 145

ཕབ་པའི་དོན་ཉིད་རྣམ་གསལ་འཇུག་བདེའི་ངག་ཁྲིགས་ཆུ་འབབ་སུ་འགོད་པ་ལ་གསུམ་སྟེ། སྦྱོར་བ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ། དངོས་གཞི་ཆོ་གའི་ཕྲིན་ལས་གཞུང་བསྲང་བ། རྗེས་ཀྱི་ལས་རིམ་རྣམས་ཀྱིས་མཐའ་རྒྱས་པར་བྱེད་པའོ། །དང་པོ་ནི། དུས་ཉ་སྟོང་ཚེས་བརྒྱད་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་པོའམ་སྐབས་སུ་བབས་པའི་དུས་ནམ་དུའང་རུང་སྟེ་ཡིད་དང་མཐུན་ཅིང་ཤིས་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དང་སྤྱན་གཟིགས་ཅི་འབྱོར་བ་དགྲམ། སྔར་གཞི་མ་དུལ་བ་ཡིན་ན་སའི་ཆོ་ག་སྤྱི་ལྟར་བྱས་ལ། འགྲུབ་ཏུ་རུང་ན་རྡུལ་ཚོན་གྱིས་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་དཀྱིལ་འཁོར་གཞུང་བཞིན་བྲི་བའམ། མ་འགྲུབ་ན་སྟེགས་བུ་ཁེབས་ལྡན་ལ་ཚུལ་བཞིན་འདུ་བྱས་པའི་རས་བྲིས་དགྲམ་ཞིང་

p. 146

དེའང་མ་འབྱོར་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་། གང་ལྟར་ཡང་དེ་སྟེང་མཉྫིའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་གྱིས་སྤྲས་པ་འགོད། མཐའ་སྐོར་དུ་ཞི་ཁྲོ་ཡོངས་རྫོགས་ཀྱི་སྐུ་ཙཀ་དང་རྫོགས་ཆེན་འབྲུ་དྲུག །བདུད་རྩི་ཨ་མྲྀ་ཏས་བཀང་བའི་གསང་ཐོད། མེ་ལོང་སིནྡྷུ་རས་བྱུག་པར་ཆོས་འབྱུང་མཱུྃ་གྱིས་མཚན་པ་དྲིས་པ་རྣམས་དང་། ཕྱོགས་མཚམས་སུ་རྒྱན་བཀོད། རྒྱབ་ཕྱོགས་དབུས་སུ་རྩ་གསུམ་སྤྱིའི་བླ་གཏོར་དང་། གཡས་སུ་ཞི་བའི་ཟླུམ་གཏོར་རིལ་བུ་ཞེ་གཉིས་ཀྱིས་བསྐོར་བ། གཡོན་དུ་ཁྲོ་བོའི་དཔལ་གཏོར་མཐེབ་ཀྱུ་ང་བརྒྱད་ཀྱིས་བསྐོར་བ། དེའི་གཡས་གཡོན་དུ་ཆོས་སྐྱོང་སྤྱི་བྱེ་བྲག་གི་གཏོར་མ་སྨན་རཀ་དང་བཅས་པ། དཀྱིལ་འཁོར་གྱི་མཐའ་སྐོར་དུ། སྨན་གཏོར་རཀྟ་མར་མེ་རྣམས་བརྒྱ་རྩ་ཡན་ཆད་ཀྱི་ཕྲེང་བ་དང་། མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔ་བརྒྱ་རྩ་ལ་སོགས་པའི་ཅི་འབྱོར་པས་བསྐོར། ཉེ་འཁོར་ཀུན་ཏུ་ཚོགས་ཀྱི་ཡོ་བྱད་དང་། རོལ་མོའི་ཁྱད་པར་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་ཞིང་བཀོད་ལེགས་པར་བཤམ། སྟོན་འཁོར་མཆེད་ལྕམ་ཐམས་ཅད་ཡིག་བརྒྱ་བཟླས་པའི་ཁྲུས་ཀྱིས་དག་པར་སྦྱང་། ཡེ་ཤེས་དང་བསླབ་པ་རྒན་རིམ་གྱི་ངེས་པས་ཕྱག་དང་གྲལ་གྱི་རིམ་པ་ཚུལ་བཞིན་བྱས་ཏེ་སྒོ་གསུམ་བསྡམ་ཞིང་དད་བརྩོན་ལྷག་པར་བསྐྱེད་པའི་ངང་ནས་འཇུག་པར་བྱའོ། །གཉིས་པ་དངོས་གཞི་ཕྲིན་ལས་གཞུང་བསྲང་བ་ལ་གཉིས། སྔོན་འགྲོའི་ལས་རིམ་དང་། གཞུང་དངོས་གཞིའོ། །དང་པོ་ལ་བདུན། བསང་ཆུ་སྒྲུབ་པ། སྔོན་གཏོར་

p. 147

གཏོང་བ། བཀའ་བསྒོ་བ། མཚམས་བཅད་པ། རྒྱུད་སྦྱོང་བ། སྡོམ་པ་བཟུང་བ། མཆོད་རྫས་བྱིན་གྱིས་བརླབ་པའོ། །དང་པོ་བསང་ཆུ་སྒྲུབ་པ་ནི།] བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་ངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻ་མཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ན་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབང་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་[བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ།] ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་ཏཱི་སརྦ་བྱཱཾ་ཤྭ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། [བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས།] ཁྲོ་མོ་དབང་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་[པར་བསམ།] ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་བྱཱཾ་ཤྭ་དྷ་ཡ་ཧཱུྃ་ཕཊ། [ཅེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཉིས་པ་སྔོན་གཏོར་གཏོང་བ་ནི། གཏོར་མ་དཀར་དམར་རྒྱན་ལྡན་གཉིས་བཤམ་ལ།] ཀྲོ་དྷི་ཤྭ་རི[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་

p. 148

ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་[བསམ་ཞིང་།] ཨོཾ་ཨཱཿཧཱུྃ་[གིས་བྱིན་གྱིས་བརླབས།] སྠཱ་ན་པ་ཏི་ཀྵེ་ཏྲ་པ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལི་ནྟེ་སྭཱཧཱ། [ཞེས་ལན་གསུམ་གྱིས་བསྔོས་ལ།] གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ལུས་ངག་སེམས་ལ་གནོད་བྱེད་ཅིང་། །མཆོད་པའི་མདངས་འཕྲོག་མ་རིག་བགེགས། །མཆོད་སྦྱིན་བཟང་པོས་ཚིམ་བྱོས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །བྷུ་མི་པཱ་ཏི་ས་པ་རི་ཝཱ་ར་སརྦ་བྷུ་ཏ་གཙྪ། [ཞེས་གཏོར་མ་ཕྱི་རོལ་ཏུ་དོར། གསུམ་པ་བགེགས་ལ་བཀའ་བསྒོ་བ་ནི།] ཧཱུྃ༔ རྣམ་རྟོག་གཟུང་འཛིན་འཁྲུལ་པའི་བགེགས༔ ང་དང་བདག་ཏུ་འཛིན་པ་ལས༔ རང་ལས་སྐྱེས་ཤིང་རང་ལ་བསྡིགས༔ རྣམ་རྟོག་མཚན་མའི་བག་ཆགས་རྣམས༔ སྐྱེ་མེད་ཆོས་ཀྱི་ཀློང་དུ་བསྒྲལ༔ རྟོག་སེམས་བློ་ཡི་དྲི་མ་དག༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ གཉིས་འཛིན་ལོག་རྟོག་རྒྱུན་ཆོད་ཅིག༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲི་ཧྞ་ཧཱུྃ༔ གྲྀཧྞ་

p. 149

པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོཿ བྷ་ག་ཝཱན༔ བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ༔ [ཅེས་བསྐྲད། བཞི་པ་མཚམས་བཅད་པ་ལ། ཀུན་རྫོབ་བརྡས་མཚམས་བཅད་པ་ནི།] ཧཱུྃ༔ སྟོང་པའི་ངང་ལས་གསལ་བའི་མདངས༔ འོད་ཀྱི་ལུས་ལ་སྤྲུལ་པའི་ཟེར༔ སྟེང་འོག་ཕྱོགས་མཚམས་མེད་པ་རུ༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོ་འབར་བས་གཏམས༔ ཉི་ཟླ་བུམ་སྟོང་ཁ་སྦྱོར་གྱིས༔ འོད་དང་འོད་ཟེར་དཔག་མེད་འཕྲོ༔ བདག་དང་གཞན་དུ་འཛིན་པའི་བགེགས༔ བསྐལ་པ་ཞིག་ཀྱང་མི་ཐར་བས༔ སྐྱེ་གཉིས་བར་དུ་མཚམས་བཅད་དོ༔ ཨེ་ཨ་ཧོཿཕཊ༔ སྣང་སྲིད་འཁོར་འདས་གཉིས་མེད་ཀློང་༔ དཔལ་ཆེན་ཁྲག་འཐུང་ཐུགས་སྲོག་ཧཱུྃ༔ མཐིང་ནག་བསྐལ་པ་གཞིག་ཅིང་སྡུད༔ བར་མཚམས་མེད་པར་རབ་གང་བས༔ རླུང་ཡང་ཐར་བར་མི་འགྱུར་ཞིང་༔ ཆུ་ཡང་འཛག་པར་ག་ལ་འགྱུར༔ ཧཱུྃ་ལས་འོད་ཚོགས་ཧཱུྃ་འཕྲོས་པས༔ སྣང་བ་ཐམས་ཅད་ཧཱུཾ་དུ་གྱུར༔ གྲགས་སྟོང་ཧཱུྃ་སྒྲ་འབྲོག་སྟོང་ལྡིར༔ འོད་ཟེར་ཧཱུྃ་གི་རྩེ་མོ་ལས༔ ཁྲག་འཐུང་པདྨ་ཧེ་རུ་ཀ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་

p. 150

དམར༔ ཕྱག་ན་གདུག་པའི་མཚོན་ཆ་ཐོགས༔ ཁྲོ་ཆུང་དཔག་མེད་འཕྲོས་པ་ཡིས༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ [དོན་དམ་ལྟ་བས་མཚམས་བཅད་པ་ནི།] ཧཱུྃ༔ ཕྱི་དང་ནང་མེད་གཞལ་ཡས་འདིར༔ རང་རིག་ཞི་ཁྲོའི་ལྷ་ཚོགས་ཤར༔ ཡེ་ནས་རང་དང་གཉིས་མེད་ཅིང་༔ ཞི་རྒྱས་དབང་དྲག་ལས་རྣམས་རྫོགས༔ ཉོན་མོངས་དུག་ལྔ་དུག་གསུམ་རྣམས༔ རང་བྱུང་རིག་པའི་དབྱིངས་བསྒྲལ་ནས༔ ཕྱི་མཚམས་ཡུལ་སྣང་གཉིས་འཛིན་བཅད༔ ནང་མཚམས་སེམས་ཉིད་རིག་སྟོང་བཅད༔ གསང་མཚམས་གཉིས་མེད་ཀློང་དུ་བཅད༔ ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ[ལྔ་པ་རྒྱུད་སྦྱོང་བ་ནི།] བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ[ས་སད་པར་མོས་ལ།] ན་མོ༔ དག་པ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ ཐིག་ལེ་རང་གསལ་ཚོམ་བུར་བཀོད༔ རིག་སྟོང་གསལ་སྣང་ཆོས་ལོངས་སྤྲུལ༔ རང་རིག་གསལ་བའི་སྙིང་པོ་ཅན༔ སྒྲིབ་གཡོགས་བྲལ་བར་ཟང་ཐལ་ལེ༔ ངོ་ལྐོག་མེད་པར་རྗེན་ཅེ་རེ༔ ཕྱོགས་མཚམས་མེད་པར་ཁྱབ་གདལ་ལེ༔ གསལ་འགྲིབ་མེད་པར་

p. 151

དྭངས་སང་ངེ༔ རྒྱ་མཚོར་གཟའ་སྐར་ཤར་བ་ལྟར༔ འདུ་འབྲལ་མེད་པ་བུམ་པའི་སྐུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ བདག་གཞན་འཁོར་བ་ཐོག་མེད་ནས༔ རྣམ་རྟོག་ཕུང་པོ་གནས་དག་ཅིང་༔ ཆོས་དབྱིངས་ཀ་དག་དོན་རྟོགས་ཏེ༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ [ཅེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།] ཧཱུྃ༔ ཇི་ལྟར་ཐོག་མའི་མགོན་པོ་རྣམས༔ མ་བསྐྱེད་གཞི་ལ་རྫོགས་པའི་སེམས༔ ངང་ངམ་ཤུགས་ལས་གྲོལ་བ་ལྟར༔ དེ་བཞིན་བདག་སོགས་འཇུག་པར་བགྱི༔ གནས་ལུགས་རྟོགས་པའི་བྱང་ཆུབ་སེམས༔ ཡིན་ལུགས་འབྱུང་གཞི་རང་དག་ནས༔ སྣང་ལུགས་འཁོར་འདས་གཉིས་མེད་པར༔ བདེ་ཆེན་ཟག་མེད་དོན་ཐོབ་ཤོག༔ [ཅེས་ལན་གསུམ་གྱིས་སེམས་བསྐྱེད། བཤགས་པ་བྱ་བ་ནི།] ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོ་དང་༔ དབང་ཕྱུག་རྡོ་རྗེ་ཅན་རྣམས་དགོངས་སུ་གསོལ༔ ཞི་ཁྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ ཡེ་ནས་བདག་དང་དབྱེར་མེད་ཀྱང་༔ མ་རིག་མ་རྟོགས་ལས་དབང་གིས༔ སྣང་སྟོང་གཉིས་སུ་ཨ་འཐས་ནས༔ གཉིས་འཛིན་ལོག་ལྟ་ཐེ་ཚོམ་

p. 152

པ༔ རང་མདངས་རིག་པའི་ཀློང་དུ་བཤགས༔ ལྟ་བ་མ་རྟོགས་རྟོགས་རྫུ་བཏབ༔ ཁ་ལྟ་བདུད་དབང་སོང་དང་ལོག་པར་བལྟས༔ སྤྱོད་པ་མཐའ་བྲལ་ཀློང་དུ་མཐོལ་ལོ་བཤགས༔ དུས་ལ་མ་བབ་སྤྱོད་པ་ཆོས་དང་འགལ༔ མ་རིག་དབང་གིས་ལོག་ལྟ་ཅི་བགྱིས་པ༔ དམིགས་མེད་ཤར་གྲོལ་ཀློང་དུ་མཐོལ་ལོ་བཤགས༔ ཕྲིན་ལས་རྣམ་བཞིའི་བསྲུང་སྡོམ་དོན་མ་ཤེས༔ བྱ་བ་ལོག་པས་སྤྱོད་པ་ཅི་བགྱིས་པ༔ ཀུན་ཁྱབ་གསལ་བའི་དབྱིངས་སུ་མཐོལ་ལོ་བཤགས༔ ཡང་དག་དོན་གྱི་གནས་ལུགས་མ་ཤེས་ཏེ༔ ཐེ་ཚོམ་དབང་གིས་འབྲས་བུའི་དོན་དང་འགལ༔ རེ་དོགས་མཐའ་བྲལ་ཆེན་པོའི་ཀློང་དུ་བཤགས༔ རྒྱལ་བ་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུ༔ སེམས་དཔའ་སེམས་མ་ཐུབ་དྲུག་སྒོ་བ་བཞི༔ ཀཽ་རཱི་སིང་ཧ་སྒོ་མ་དབང་ཕྱུག་དང་༔ མ་དང་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་དང་༔ ལང་ཀ་བརྒྱད་དང་མ་བདུན་སྲིང་མོ་བཞི༔ གིང་ཆེན་བཅོ་བརྒྱད་ཕོ་ཉ་དྲུག་ཅུ་དང་༔ བརྟན་མ་བཅུ་གཉིས་འཇིག་རྟེན་སྐྱོང་མ་དང་༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས་པ་ཡི༔ ཀུན་གྱི་ཐུགས་དང་འགལ་བ་ཅི་བགྱིས་པ༔ མ་ཚོར་མ་རིག་ཉམས་ཆག་གྱུར་པ་རྣམས༔

p. 153

རྣལ་འབྱོར་བདག་གིས་བསྐང་ཞིང་བཤགས་པར་བགྱི༔ [ཅེས་ཡི་གེ་བརྒྱ་པ་བཟླ། དྲུག་པ་སྡོམ་པ་བཟུང་བ་ནི།] ཀྱཻ༔ འགྲོ་བའི་དཔལ་མགོན་ཐུགས་རྗེ་ཅན༔ ཡང་དག་གདོད་མའི་བྱང་ཆུབ་སེམས༔ སྐུ་གསུམ་ཡེ་ཤེས་བཞི་རྫོགས་ཡུལ༔ ལམ་མཆོག་འདི་བཟུང་མི་བཏང་ངོ་༔ ཆོས་ཀྱི་སྐུ་ཡི་དམ་ཚིག་ཏུ༔ དབྱིངས་རིག་གཉིས་པོ་འབྲལ་མི་བྱ༔ ལོངས་སྤྱོད་རྫོགས་སྐུའི་དམ་ཚིག་ཏུ༔ སྒྲོན་མ་བཞི་དང་ལུག་རྒྱུད་བསྟེན༔ སྤྲུལ་པ་སྐུ་ཡི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ཆོས་དབྱིངས་ཡེ་ཤེས་དམ་ཚིག་ཏུ༔ དངོས་པོའི་ཆོས་ལ་གནས་མི་བྱ༔ མེ་ལོང་ཡེ་ཤེས་དམ་ཚིག་ཏུ༔ སྒྲོན་མ་བཞི་ཡི་ཡུལ་དུ་ཕྱིན༔ མཉམ་ཉིད་ཡེ་ཤེས་དམ་ཚིག་ཏུ༔ སྣང་བ་བཞི་དང་འབྲལ་མི་བྱ༔ སོར་རྟོག་ཡེ་ཤེས་དམ་ཚིག་ཏུ༔ སྤངས་ཐོབ་མེད་པའི་རང་ངོར་བཞག༔ བྱ་གྲུབ་ཡེ་ཤེས་དམ་ཚིག་ཏུ༔ འཛིན་པའི་རྣམ་གཡེང་སྤང་བར་བྱ༔ ཧོཿདད་པའི་གཞི་དང་ལྷག་པའི་སེམས༔ དཀོན་མཆོག་གསུམ་བཟུང་མི་བཏང་འཚལ༔ འཛིན་མེད་ཆོས་དབྱིངས་ཕྱག་རྒྱ་ནི༔ དམ་ཚིག་བཞི་ལྡན་ཉིད་དུ་བཟུང་༔ ཡེ་ཤེས་

p. 154

རོལ་པའི་ཕྱག་རྒྱ་ནི༔ སྣང་བ་བཞི་ལྡན་ཡུལ་དུ་བཟུང་༔ མཚན་ཉིད་ཀ་དག་ཕྱག་རྒྱ་ནི༔ འགྲོ་དྲུག་རྣམས་ཀྱི་དོན་དུ་བཟུང་༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི༔ དབྱིངས་རིག་ཐབས་ཤེས་མཚོན་ཕྱིར་བཟུང་༔ [ཞེས་སྡོམ་པ་དང་ཕྱག་རྒྱ་བཟུང་མཐར།] ཚོགས་ཞིང་རྣམས་རང་ལ་ཐིམ་པར་[བསམ་ཞིང་ཀ་དག་གི་ངང་ལ་མཉམ་པར་བཞག །བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི།] ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾཿགིས་མཆོད་རྫས་རྣམས་སྟོང་པར་སྦྱང་། ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ འོད་ཟེར་སྣང་ལྔ་ཕར་འཕྲོས་ཤིང་༔ ཡྃ་ལས་རླུང་གཡོས་རྃ་མེ་སྤར༔ མེ་ཡིས་ཐོད་པའི་བདུད་རྩི་ཁོལ༔ རླངས་ལས་རིགས་ལྔའི་ས་བོན་བྱུང་༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ འབྲུ་ལྔ་འོད་དུ་ཞུ་བ་ལས༔ རིགས་ལྔ་ཡབ་ཡུམ་བཅུ་རུ་གྱུར༔ སྦྱོར་བ་མཛད་པའི་བྱང་སེམས་ཀྱིས༔ ཟླ་བའི་ཁ་ཆོད་རྡོ་རྗེར་གྱུར༔ སྦྱོར་མཚམས་བྱང་སེམས་བདུད་རྩིར་ཞུ༔ འཆིང་གྲོལ་མེད་པའི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཋཱ༔ [ཞེས་ལན་བདུན་དང་།] རཀྟ་བྱང་སེམས་དམར་པོ་ནི༔ ཟག་མེད་བདེ་བའི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ།] གཏོར་མ་

p. 155

ཤ་ལྔ་བདུད་རྩི་ལྔ༔ འཛད་མེད་འདོད་ཡོན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ།] ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མཱྃ་ས་རཀྟ་ཀེཾ་ནི་རི་ཏི་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུཧྱ་པཱུ་ཛ་ཧོཿ[ཞེས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ཆོ་གའི་གཞུང་བསྲང་བ་ལ་བཞི། རྩ་བ་བསྙེན་སྒྲུབ་ཀྱི་ཆོ་ག །སྒྲིབ་སྦྱོང་བཤགས་སྐོང་གི་ཆོ་ག །བྱིན་རླབས་གསོ་བ་དབང་གི་ཆོ་ག །གཞན་དོན་ཐུགས་རྗེ་རྗེས་འཛིན་གྱི་ཆོ་གའོ། །དེའི་དང་པོ་ལའང་དགུ། དམ་ཚིག་པ་བསྐྱེད་པ། བྱིན་གྱིས་བརླབས་ཤིང་དབང་བསྐུར་བ། དཀྱིལ་འཁོར་བརྡ་སྒོ་དབྱེ་བ། ཡེ་ཤེས་པ་སྤྱན་དྲང་བ། བཞུགས་སུ་གསོལ་བ། ཕྱག་འཚལ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཛཔྲ་བཟླ་བའོ། །དང་པོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དམ་ཚིག་པ་བསྐྱེད་པ་ནི།] ཧཱུྃ༔ ཆོས་རྣམས་རང་བཞིན་བདག་མེད་སྟོང་༔ སྨྲ་བསམ་བརྗོད་བྲལ་ངང་ཉིད་ལས༔ སྐད་ཅིག་རིག་པ་ཨ་མཐིང་ཤར༔ དེ་ལས་འབྱུང་རིམ་ས་བོན་

p. 156

འཕྲོས༔ ཨེ་ལས་སྐྱེ་མེད་ནམ་མཁའི་ཀློང་༔ ཡྃ་ལས་རླུང་དཀྱིལ་རྒྱ་གྲམ་ལྗང་༔ ཁྃ་ལས་ཆུ་དཀྱིལ་དཀར་པོ་ཟླུམ༔ ལྃ་ལས་ས་དཀྱིལ་གྲུ་བཞི་སེར༔ དེ་དབུས་ར་ལས་རཀྟའི་མཚོ༔ ཀེཾ་ལས་རུས་པའི་རི་རབ་སྟེང་༔ བྷྲཱུྃ་ལས་རང་བྱུང་ཕོ་བྲང་ནི༔ གྲུ་བཞི་སྒོ་བཞི་རྟ་བབས་ལྡན༔ རིན་ཆེན་སྣ་ལྔའི་རྩིག་པ་ལ༔ ལྷ་བརྒྱད་ཀ་བ་ཀླུ་བརྒྱད་གདུང་༔ གཟའ་བརྒྱད་ཀ་ཞུ་གདུང་འདེགས་ཅན༔ རུས་སྦལ་ཆུ་སྲིན་ཀ་གདན་བྱས༔ རྩིག་སྟེང་རིན་ཆེན་ཕ་གུ་ལ༔ མུ་ཏིག་དྲྭ་བ་དྲྭ་ཕྱེད་དང་༔ ཤར་བུ་མདའ་ཡབ་མིག་ཚག་ཕྲེང་༔ གཡེར་ཁ་རྩ་བརྒྱད་མཆོད་རྟེན་བསྐོར༔ གདུགས་དང་དར་དཔྱངས་བཀྲ་ཤིས་རྫས༔ རི་དྭགས་ཆོས་འཁོར་གདུགས་ཏོག་མཛེས༔ འདོད་སྣམ་གཟུངས་མས་མཆོད་སྤྲིན་སྤྲོ༔ མི་ནུབ་རྒྱལ་མཚན་ཕྱོགས་བཅུར་འཕྱར༔ ཕྱི་རིམ་དུར་ཁྲོད་གནས་བརྒྱད་དང་༔ རྡོ་རྗེ་མཚོན་ཆ་མེ་རིས་བསྐོར༔ ཕྱི་དང་ནང་མེད་གཞལ་ཡས་ཁང་༔ མཁའ་མཉམ་རྒྱ་ཁྱོན་དཔག་ཏུ་མེད༔ འཇའ་ཚོན་འོད་ལྔ་འཁྲུག་པའི་ཀློང་༔ འོད་ཟེར་ལྔ་ལྡན་མུ་ཁྱུད་བཅས༔ ཐིག་ལེ་པདྨ་རྩིབས་ལྡན་དབུས༔ སྐད་ཅིག་རིག་པ་ཨ་ཆོས་སྐུ༔ ཀུན་ཏུ་

p. 157

བཟང་པོ་སྐུ་མདོག་མཐིང་༔ ཆོས་དབྱིངས་བཟང་མོ་སྐུ་མདོག་དཀར༔ མཉམ་བཞག་མགུལ་འཁྱུད་ཡབ་ཞལ་ལྟ༔ སྐྱིལ་ཀྲུང་ཉི་ཟླ་པད་གདན་བཞུགས༔ མདུན་དུ་རྣམ་སྣང་སྐུ་མདོག་དཀར༔ གཡས་པས་འཁོར་ལོ་གཡོན་དྲིལ་བུ༔ ནམ་མཁའ་དབྱིངས་ཕྱུག་གཡོན་ནས་འཁྲིལ༔ སེང་ཆེན་པད་ཟླར་སྐྱིལ་ཀྲུང་བཞུགས༔ ཤར་དུ་རྡོར་སེམས་སྐུ་མདོག་མཐིང་༔ གཡས་པས་རྡོ་རྗེ་གཡོན་དྲིལ་བུ༔ མཱ་མ་ཀི་མཐིང་གཡོན་ནས་འཁྲིལ༔ གླང་ཆེན་པད་ཟླར་སྐྱིལ་ཀྲུང་བཞུགས༔ གཡས་ན་སེམས་དཔའ་ས་སྙིང་དཀར༔ རིན་ཆེན་མྱུ་གུ་དྲིལ་བུ་བསྣམས༔ གཡོན་ན་བྱམས་པ་མཻ་ཏྲི་དཀར༔ གཡས་པས་ཀླུ་ཤིང་གཡོན་དྲིལ་བུ༔ མདུན་ན་སེམས་མ་ལཱ་སྱ་དཀར༔ ཕྱག་གཉིས་མེ་ལོང་གཙོ་ལ་འབུལ༔ རྒྱབ་ན་ལྷ་མོ་པུཥྤེ་དཀར༔ ཕྱག་གཉིས་མེ་ཏོག་གཙོ་ལ་འབུལ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་སེར༔ གཡས་པས་རིན་ཆེན་གཡོན་དྲིལ་བུ༔ སངས་རྒྱས་སྤྱན་སེར་གཡོན་ནས་འཁྲིལ༔ རྟ་མཆོག་པད་ཟླར་སྐྱིལ་ཀྲུང་བཞུགས༔ གཡས་

p. 158

ན་ཀུན་བཟང་དམར་སྐྱ་བ༔ གཡས་པས་སྙེ་མ་གཡོན་དྲིལ་བུ༔ ནམ་མཁའ་སྙིང་པོ་མཐིང་སྐྱ་གཡོན༔ གཡས་པས་རལ་གྲི་གཡོན་དྲིལ་བུ༔ མདུན་ན་སེམས་མ་མཱ་ལེ་མཐིང་༔ ཕྱག་གཉིས་གར་བསྒྱུར་ཕྲེང་བ་བསྣམས༔ རྒྱབ་ཏུ་དྷུ་པེ་དུད་ཁ་མ༔ ཕྱག་གཉིས་སྤོས་མེ་གཙོ་ལ་འབུལ༔ ནུབ་ཏུ་སྣང་མཐའ་སྐུ་མདོག་དམར༔ གཡས་པས་པདྨ་གཡོན་དྲིལ་བུ༔ ཡུམ་མཆོག་གོས་དཀར་གཡོན་ནས་འཁྲིལ༔ རྨ་བྱ་པད་ཟླར་སྐྱིལ་ཀྲུང་བཞུགས༔ གཡས་ན་སྤྱན་རས་གཟིགས་དཀར་སྐྱ༔ གཡས་པས་པདྨ་གཡོན་དྲིལ་བུ༔ གཡོན་ན་འཇམ་དཔལ་དམར་སེར་ནི༔ གཡས་པས་ཨུཏྤལ་གཡོན་དྲིལ་བུ༔ མདུན་ན་གཱི་རྟི་དམར་སྐྱ་མ༔ ཕྱག་གཉིས་པི་ཝང་སྒྲ་བསྒྱུར་བསྣམས༔ རྒྱབ་ཏུ་སེམས་མ་ཨཱ་ལོ་ཀེ༔ ཕྱག་གཉིས་མར་མེ་གཙོ་ལ་འབུལ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་༔ གཡས་པས་རྒྱ་གྲམ་གཡོན་དྲིལ་བུ༔ དམ་ཚིག་སྒྲོལ་མ་གཡོན་ནས་འཁྲིལ༔ ཤང་ཤང་པད་ཟླར་སྐྱིལ་ཀྲུང་བཞུགས༔ གཡས་ན་སྒྲིབ་པ་རྣམ་སེལ་མཐིང་༔ གཡས་པས་པུསྟི་གཡོན་དྲིལ་བུ༔ གཡོན་ན་ཕྱག་ན་རྡོ་རྗེ་ལྗང་༔

p. 159

གཡས་པས་རྡོ་རྗེ་གཡོན་དྲིལ་བུ༔ མདུན་ན་སེམས་མ་གནྡྷེ་དཀར༔ ཕྱག་གཉིས་གར་བསྒྱུར་དུང་ཕོར་བསྣམས༔ རྒྱབ་ཏུ་སེམས་མ་ནཱིརྟི་ལྗང་༔ ཕྱག་གཉིས་ཞལ་ཟས་གཙོ་ལ་འབུལ༔ ཀུན་བཟང་གཡས་སུ་བརྒྱ་བྱིན་དཀར༔ པི་ཝང་སྒྲ་བསྒྱུར་བཞེངས་སྟབས་བཞུགས༔ གཡོན་ན་ཆོས་ཀྱི་རྒྱལ་པོ་ནག༔ མེ་ཆུ་བསྣམས་ནས་བཞེངས་སྟབས་བཞུགས༔ ཤར་ལྷོར་ལྷ་མིན་ཐུབ་པ་མཐིང་༔ གོ་མཚོན་བསྣམས་ནས་བཞེངས་སྟབས་བཞུགས༔ ལྷོ་ནུབ་མི་ཡི་ཐུབ་པ་སེར༔ གསེག་ཤང་པར་བུ་བཞེངས་སྟབས་བཞུགས༔ ནུབ་བྱང་བྱོལ་སོང་ཐུབ་པ་མཐིང་༔ པུསྟི་བསྣམས་ནས་བཞེངས་སྟབས་བཞུགས༔ བྱང་ཤར་ཡི་དྭགས་ཐུབ་པ་དམར༔ སྒྲོམ་བུ་བསྣམས་ནས་བཞེངས་སྟབས་བཞུགས༔ ཤར་དུ་རྣམ་རྒྱལ་ཡབ་ཡུམ་དཀར༔ གཡས་པ་ལྕགས་ཀྱུ་གཡོན་དྲིལ་བུ༔ ལྷོ་རུ་གཤིན་རྗེ་ཡབ་ཡུམ་སེར༔ གཡས་པ་དབྱུག་ཐོ་གཡོན་ཞགས་པ༔ ནུབ་ཏུ་རྟ་མགྲིན་ཡབ་ཡུམ་དམར༔ གཡས་པ་ལྕགས་སྒྲོག་གཡོན་སྡིགས་མཛུབ༔ བྱང་དུ་བདུད་རྩི་ཡབ་ཡུམ་ལྗང་༔ གཡས་པ་རྒྱ་

p. 160

གྲམ་གཡོན་དྲིལ་བུ༔ ཁྲོ་རྒྱལ་སྒོ་བ་ཡབ་ཡུམ་བརྒྱད༔ རྔམས་བཞད་དུར་ཁྲོད་ཆས་བརྒྱད་བརྒྱན༔ ཉི་ཟླ་པད་གདན་རོ་ཡི་སྟེང་༔ གཉིས་མེད་འཁྲོལ་སྦྱོར་ཞབས་གཉིས་བགྲད༔ དེ་ལྟར་ཞི་བ་བཞི་བཅུ་གཉིས༔ རིན་ཆེན་པྲོག་ཞུ་དབུ་བརྒྱན་དང་༔ མགུལ་རྒྱན་སྙན་ཆ་སེ་མོ་དོ༔ ཕྱག་གདུབ་ཞབས་གདུབ་སྨད་དཀྲིས་སོགས༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ སེང་གེ་གླང་ཆེན་རྟ་རྨ་བྱ༔ ཤང་ཤང་དར་ཟབ་ཁྲི་འཕང་མཛེས༔ པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ ཀུན་བཟང་རིགས་ལྔ་སྲས་འཁོར་བཅས༔ སྐྱིལ་ཀྲུང་ཕྱེད་སྐྱིལ་དོར་སྟབས་བཞུགས༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿ ལཱྃ་མཱུྃ་མཱྃ་པཱྃ་ཏྲཱྃ༔ ཀྵིཾ་མཻ་ཧཱུྃ་ཏྲཱྃ་ཧྲཱིཿ མཱུྃ་ཐླྷིཛྷི༔ ཧཱུྃ་ཧཱུྃ་ཏྲཱྃ་ཛཿཧྲཱིཿ བྃ་ཧོཿཨཿ ཀྲེཾ་པྲེཾ་ཏྲུཾ་ཀྵྃ་སྲུྃ་ཡེ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བྃ་ཧོཿ ཧཱུྃ༔ ཀུན་བཟང་སྐུ་རྒྱབ་བུདྡྷ་ཧེ་རུ་ཀ་སྨུག༔ གཡས་དཀར་གཡོན་དམར་དབུས་སྨུག་ཞབས་བཞི་བགྲད༔ གཡས་གསུམ་འཁོར་ལོ་རལ་གྲི་དགྲ་སྟྭ་འཕྱར༔ གཡོན་གསུམ་དྲིལ་བུ་ཐོང་གཤོལ་བྷནྡྷ་དམར༔ བུདྡྷ་ཀྲོ་དྷིས་དུང་དམར་སྟོབ་ཅིང་འཁྱུད༔ དུར་ཁྲོད་ཆས་གསོལ་བམ་ཆེན་གདན་ལ་བཞུགས༔

p. 161

རྡོར་སེམས་སྐུ་རྒྱབ་བཛྲ་ཧེ་རུ་ཀ་མཐིང་༔ གཡས་དཀར་གཡོན་དམར་དབུས་མཐིང་ཞབས་བཞི་བགྲད༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱྃ་དགྲ་སྟྭ་འཕྱར༔ གཡོན་གསུམ་དྲིལ་བུ་བྷནྡྷ་ཐོང་གཤོལ་བསྣམས༔ བཛྲ་ཀྲོ་དྷིས་དུང་དམར་སྟོབ་ཅིང་འཁྱུད༔ དུར་ཁྲོད་ཆས་གསོལ་བམ་ཆེན་གདན་ལ་བཞུགས༔ རིན་འབྱུང་སྐུ་རྒྱབ་རཏྣ་ཧེ་རུ་ཀ་སེར༔ གཡས་དཀར་གཡོན་དམར་དབུས་སེར་ཞབས་བཞི་བགྲད༔ གཡས་གསུམ་རིན་ཆེན་ཁ་ཊྭཱྃ་བེ་ཅོན་འཕྱར༔ གཡོན་གསུམ་དྲིལ་བུ་བྷནྡྷ་ཏྲི་ཤུལ་བསྣམས༔ རཏྣ་ཀྲོ་དྷིས་དུང་དམར་སྟོབ་ཅིང་འཁྱུད༔ དུར་ཁྲོད་ཆས་གསོལ་བམ་ཆེན་གདན་ལ་བཞུགས༔ སྣང་མཐའི་སྐུ་རྒྱབ་པདྨ་ཧེ་རུ་ཀ་དམར༔ གཡས་དཀར་གཡོན་ལྗང་དབུས་དམར་ཞབས་བཞི་བགྲད༔ གཡས་གསུམ་པདྨ་ཁ་ཊྭཱྃ་དབྱུག་ཏོ་འཕྱར༔ གཡོན་གསུམ་དྲིལ་བུ་བྷནྡྷ་རྡེའུ་ཆུང་བསྣམས༔ པདྨ་ཀྲོ་དྷིས་དུང་དམར་སྟོབ་ཅིང་འཁྱུད༔ དུར་ཁྲོད་ཆས་གསོལ་བམ་ཆེན་གདན་ལ་བཞུགས༔ དོན་གྲུབ་སྐུ་རྒྱབ་ཀརྨ་ཧེ་རུ་ཀ་ལྗང་༔ གཡས་དཀར་གཡོན་དམར་དབུས་ལྗང་ཞབས་བཞི་བགྲད༔ གཡས་

p. 162

གསུམ་རྒྱ་གྲམ་རལ་གྲི་ཁ་ཊྭཱྃ་བསྣམས༔ གཡོན་གསུམ་དྲིལ་བུ་བྷནྡྷ་ཐོང་གཤོལ་འཕྱར༔ ཀརྨ་ཀྲོ་དྷིས་དུང་དམར་སྟོབ་ཅིང་འཁྱུད༔ དུར་ཁྲོད་ཆས་གསོལ་བམ་ཆེན་གདན་ལ་བཞུགས༔ བཅོམ་ལྡན་ཧེ་རུ་ཡབ་ཡུམ་བཅུ༔ ཡུམ་ལྔ་ཞལ་གཅིག་ཕྱག་གཉིས་ཏེ༔ ཡབ་ལྔ་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ ཁྲོ་གཉེར་སྤྱན་གསུམ་སྡང་མིག་གཟིགས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ ཞལ་རྣམས་གདངས་ཤིང་མཆེ་བ་གཙིགས༔ སྨ་ར་ཨག་ཚོམ་མེ་སྟག་འཕྲོ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ རང་རང་གདན་ལ་བཞུགས་པར་གྱུར༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཤྲཱི་ཧེ་རུ་ཀ་ས་མ་ཡྰ་ཧཱུྃ༔ ཀྲོ་དྷི་ཤྭ་རི་བྷྲཱུྃ་ཧཱུྃ༔ ཧཱུྃ༔ དེ་ཕྱིར་འཁོར་ལོ་རྩིབས་བརྒྱད་ལ༔ ཤར་དུ་ཀཽ་རཱི་དཀར་མོ་ནི༔ དབྱུག་ཐོ་གཡས་ལ་བྷནྡྷ་གཡོན༔ ལྷོ་རུ་ཙཽ་རཱི་སེར་མོ་ནི༔ ཕྱག་གཉིས་བརྐྱང་བསྐུམ་མདའ་གཞུ་འགེངས་༔ ནུབ་ཏུ་པྲ་མོ་དམར་མོ་ནི༔ ཆུ་སྲིན་རྒྱལ་མཚན་ཕྱག་ན་བསྣམས༔ བྱང་དུ་བཻ་ཏཱ་ནག་མོ་ནི༔ རྡོ་རྗེ་བྷན་དམར་ཕྱག་ན་བསྣམས༔ ཤར་ལྷོར་པུཀྐ་དམར་སེར་ནི༔ རྒྱུ་མ་ཞལ་

p. 163

དུ་ཟ་ཞིང་རྒྱུག༔ ལྷོ་ནུབ་གྷསྨ་ལྗང་ནག་ནི༔ ཕྱག་གཉིས་བྷན་དམར་དཀྲུག་ཅིང་འཐུང་༔ ནུབ་བྱང་ཙཎྜ་སེར་སྐྱ་ནི༔ ཙིཏྟ་ཟ་ཞིང་རྒྱུག་པར་བྱེད༔ བྱང་ཤར་སྨེ་ཤཱ་མཐིང་ནག་ནི༔ ལག་གཉིས་མགོ་ལུས་ཕྲལ་ནས་ཟ༔ ཀཽ་རཱི་གནས་ཀྱི་མ་བརྒྱད་ནི༔ ཞིང་ཆེན་རློན་པའི་གདན་སྟེང་དུ༔ གར་སྟབས་འགྱིང་བག་ཚུལ་དུ་བཞུགས༔ དཔེར་ན་ཆུ་ཟླ་འཇའ་ཚོན་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧཱུྃ༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ ཤར་དུ་སེང་ཧ་སྨུག་ནག་ནི་༔ སེང་གདོང་ཕྱག་བསྣོལ་རལ་པ་གསིག༔ ལྷོ་རུ་བྱ་གྲྀ་མུ་ཁ་དམར༔ སྟག་གདོང་ལག་གཉིས་ཐུར་དུ་བསྣོལ༔ ནུབ་ཏུ་སྲི་ལ་མུ་ཁ་ནག༔ ཝ་གདོང་སྤུ་གྲི་ལྕགས་ཀྱུ་བསྣམས༔ བྱང་དུ་ཤྭ་ན་མུ་ཁ་མཐིང་༔ སྤྱང་གདོང་རོ་ལ་འབྲུ་ཚུགས་བལྟ༔ ཤར་ལྷོར་ཀྲྀ་ཌྷ་མུ་ཁ་སེར༔ རྒོད་གདོང་ཞིང་ཆེན་ཕྲག་ལ་བཀལ༔ ལྷོ་ནུབ་ཀདྐ་དམར་ནག་ནི༔ དུར་གདོང་ཞིང་ཆེན་ཕྲག་ལ་བཀལ༔ ནུབ་བྱང་ཀ་ཀ་མུ་ཁ་ནག༔ རོག་གདོང་བྷནྡྷ་རལ་གྲི་འཕྱར༔ བྱང་ཤར་ཨུ་ལུ་མུ་ཁ་མཐིང་༔ འུག་གདོང་

p. 164

འུག་པའི་རྒྱལ་མཚན་འཕྱར༔ ཕྲ་མེན་ཆེན་མོ་བརྒྱད་པོ་ནི༔ གཅེར་བུ་རལ་གསིག་གར་སྟབས་ཚུལ༔ མིག་བགྲད་མཆེ་གཙིགས་རོ་ཡི་གདན༔ རྔམས་བརྗིད་འགྱིང་བག་ཚུལ་དུ་བཞུགས༔ སྟོང་གསལ་འོད་ཀྱི་གཟུགས་སུ་བསྒོམ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཤར་སྒོར་རྟ་གདོང་དཀར་མོ་ནི༔ གཡས་པ་ལྕགས་ཀྱུ་གཡོན་བྷནྡྷ༔ ལྷོ་སྒོར་ཕག་གདོང་སེར་མོ་ནི༔ གཡས་པ་རྒྱུ་ཞགས་གཡོན་རྒྱལ་མཚན༔ ནུབ་སྒོར་སེང་གདོང་དམར་མོ་ནི༔ ལྕགས་སྒྲོག་འབར་བ་ལག་ཏུ་ཐོགས༔ བྱང་སྒོར་སྦྲུལ་གདོང་ཐལ་བྱེད་ལྗང་༔ དྲིལ་བུ་དཀྲོལ་ཞིང་གར་སྟབས་བཞུགས༔ སྒོ་བཞི་བསྲུང་བའི་ཕྲ་མེན་བཞི༔ གཅེར་བུ་རལ་གསིག་སྤྱན་མིག་བགྲད༔ ཞིང་ཆེན་བསྣོལ་བའི་གདན་སྟེང་དུ༔ གསལ་སྟོང་འགག་མེད་ཚུལ་དུ་བཞུགས༔ ཛཿཧཱུྃ་བྃ་ཧོཿ དེ་ཡི་ཕྱི་རིམ་སྣ་ཚོགས་ཁོར་ཡུག་ལ༔ སྲིན་མོ་སྨུག་ནག་གཡག་གདོང་རྡོ་རྗེ་ཐོགས༔ ཚངས་པ་སེར་མོ་སྦྲུལ་གདོང་པདྨ་འཛིན༔ ལྷ་ཆེན་དཀར་ལྗང་གཟིག་གདོང་སྟྭ་རེ་ཐོགས༔ གཏོགས་འདོད་སྔོན་མོ་སྤྲེལ་གདོང་འཁོར་ལོ་འཛིན༔ དགའ་བ་སེར་མོ་ཝ་གདོང་སྤུ་གྲི་བསྣམས༔ ཞི་བ་དམར་མོ་ཆུ་སྲིན་བུམ་པ་བསྣམས༔ རྡོ་རྗེ་དཀར་མོ་ཁྱུང་གདོང་ལྕགས་ཀྱུ་བདུན༔ ཡང་གསང་དཀྱིལ་འཁོར་ཤར་དུ་བཞུགས༔ ཟླ་བ་དཀར་མོ་ཁྲ་གདོང་རྡོ་རྗེ་འཛིན༔

p. 165

བེ་ཅོན་ལྗང་ནག་ཝ་གདོང་དབྱུག་ཐོ་འཕྱར༔ སྲིན་མོ་སྨུག་ནག་རྟ་གདོང་ཐོད་ཁྲག་འཐུང་༔ ཟབ་ལྗང་ནག་རྒོད་གདོང་བེ་ཅོན་བསྣམས༔ དགའ་བ་དམར་མོ་སྟག་གདོང་མི་རོ་ཐོགས༔ སྟོབས་ཆེན་དཀར་མོ་ཁྱུང་གདོང་དབྱུག་ཐོ་འཕྱར༔ རྡོ་རྗེ་སེར་མོ་ར་གདོང་ཞགས་འཛིན་བདུན༔ ཡང་གསང་དཀྱིལ་འཁོར་ལྷོ་རུ་བཞུགས༔ སྲིན་མོ་རྡོ་རྗེ་ཁྱི་གདོང་སྤུ་གྲི་ཐོགས༔ འདོད་པ་དམར་མོ་པུ་ཤུད་མདའ་གཞུ་འགེངས༔ ནོར་སྲུང་ལྗང་ཁུ་ཤ་གདོང་བུམ་པ་འཛིན༔ རླུང་ལྷ་སྔོན་མོ་སྤྱང་གདོང་བ་དན་འཕྱར༔ མི་མོ་དམར་མོ་སྐྱིན་གདོང་མེ་དམར་འཛིན༔ ཕག་མོ་ནག་མོ་ཕག་གདོང་མཆེ་ཞགས་འཛིན༔ རྡོ་རྗེ་དམར་མོ་སེར་གདོང་ལྕགས་སྒྲོག་བདུན༔ ཡང་གསང་དཀྱིལ་འཁོར་ནུབ་ཏུ་བཞུགས༔ རྡོ་རྗེ་དམར་མོ་ཁྲ་གདོང་ཞིང་ཆུང་བསྣམས༔ སྣ་ཆེན་ལྗང་ནག་གླང་གདོང་ཐོད་ཁྲག་འཐུང་༔ ཆུ་ལྷ་སྔོན་མོ་སྦྲུལ་གདོང་སྦྲུལ་ཞགས་འཛིན༔ རྡོ་རྗེ་ལྗང་ནག་གླང་ཆེན་བམ་དབྱུག་འཕྱར༔ ནོར་སྲུང་ལྗང་ནག་འུག་གདོང་བདུད་རྩི་ཐོགས༔ སྲིན་མོ་ཁྱུང་གདོང་རལ་གྲི་ཀླད་ལ་བསྐོར༔ རྡོ་རྗེ་ལྗང་ཁུ་ཁྱི་གདོང་དྲིལ་འཛིན་བདུན༔ ཡང་གསང་དཀྱིལ་འཁོར་བྱང་དུ་བཞུགས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ ཁྲག་འཐུང་ལྔ་བཅུ་རྩ་

p. 166

བརྒྱད་རྣམས༔ སྣང་ལ་རང་བཞིན་མ་གྲུབ་པ༔ སྒྱུ་མ་འོད་ལུས་ཟང་ཐལ་བསྒོམ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ རང་རིག་སྐྱེ་མེད་ཆོས་ཀྱི་སྐུ༔ བླ་མ་ཞི་ཁྲོའི་ལྷ་ཚོགས་ཤར༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ གཉིས་སུ་མེད་པ་སྟོང་གསལ་སྐུ༔ འོད་ཟེར་ཡེ་ཤེས་ལྔ་ལྡན་དང་༔ དཀྱིལ་འཁོར་ལྷ་དང་བདག་གསུམ་པོ༔ དབྱེར་མེད་གཅིག་གི་ངང་དུ་གནས༔ ཨ་ཨ་ཨཱཿ[གཉིས་པ་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་ནི། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་[པར་བསམ། རྡོ་རྗེ་བསྡམ་པ་ལས་རང་རིགས་ཀྱི་སོར་མོ་བརྐྱང་པ་མགོ་བོའི་གནས་ལྔར་འཇོག་ཅིང་།] ཨོཾ་མཧཱ་ཤཱུནྱ་ཏཱ་ཛྙཱ་ན་ཨ་བྷིཥིཉྩ་ཨོཾ༔ ཨོཾ་མ་ཧཱ་ཨ་དརྴ་ཛྙཱ་ན་ཨ་བྷིཥིཉྩ་ཧཱུྃ༔ ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་ཨ་བྷིཥིཉྩ་སྭཱ༔ ཨོཾ་མཧཱ་པྲ་ཏྱེ་བེཀྵ་ཛྙཱ་ན་ཨ་བྷིཥིཉྩ་ཨྰྃཿཨོཾ་མ་ཧཱ་ཀྲྀཏྱྰ་ནུཥྛ་ན་ཛྙཱ་ན་ཨ་བྷིཥིཉྩ་ཧཱཿ ཞེས་རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་

p. 167

ལས། དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། ཡེ་ཤེས་ལྔ་མངོན་དུ་གྱུར་[པའི་ང་རྒྱལ་བྱའོ། །གསུམ་པ་བརྡ་སྒོ་དབྱེ་ཞིང་སྙན་བརྣན་པ་ནི།] ཧཱུྃ༔ རང་བྱུང་ཡེ་ཤེས་འཆར་བའི་སྒོ༔ ཤར་ལྷོ་ནུབ་བྱང་སྒོ་བཞིར་གསལ༔ རིག་པ་ཡེ་ཤེས་སྒོ་ཕྱེ་བས༔ མ་བསྐྱེད་ཐིག་ལེའི་ལྷ་ཚོགས་བྱོན༔ ཤེས་རབ་རང་བྱུང་སྒོ་ཕྱེ་བས༔ འོད་ཚོགས་འདུས་པའི་ལྷ་ཚོགས་བྱོན༔ རང་བཞིན་ཡེ་ཤེས་སྒོ་ཕྱེ་བས༔ སེམས་ཉིད་རྟོག་བྲལ་ལྷ་ཚོགས་བྱོན༔ ཙིཏྟ་སྙིང་གི་སྒོ་ཕྱེ་བས༔ རང་སྣང་རིག་པའི་ལྷ་ཚོགས་བྱོན༔ རྩ་གསུམ་དབང་པོའི་སྒོ་ཕྱེ་བས༔ སྒྲོན་མ་བཞི་ཡི་ལྷ་ཚོགས་བྱོན༔ རྟོག་མེད་སེམས་ཀྱི་སྒོ་ཕྱེ་བས༔ རང་སྣང་ལྷུན་གྲུབ་ལྷ་ཚོགས་བྱོན༔ སྲིད་གསུམ་དྭངས་པའི་སྒོ་ཕྱེ་བས༔ སྐུ་གསུམ་ཡེ་རྫོགས་ལྷ་ཚོགས་བྱོན༔ དཀྱིལ་འཁོར་ལྷ་དང་ལྷ་མོ་རྣམས༔ ཡེ་ཤེས་རོལ་པ་ཆེན་པོའི་སྐུ༔ ལུག་རྒྱུད་ཐིག་ལེ་ཆིག་རྫོགས་དང་༔ ཕོ་བྲང་ཐམས་ཅད་གསལ་བར་གྱུར་ཅིག༔ ལྷ་དང་དཀྱིལ་འཁོར་གཉིས་མེད་ཅིང་༔ ཟང་ཐལ་ཆེན་པོ་རང་གྲོལ་ནས༔ དཀྱིལ་འཁོར་ཐམས་

p. 168

ཅད་རྫོགས་གྱུར་ཅིག༔ [བཞི་པ་ཡེ་ཤེས་པ་སྤྱན་དྲང་བ་ནི།] རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས་པར་བསམ་ལ།] ཧཱུྃ༔ སྐྱེ་མེད་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་རིགས་ལྔ་གཤེགས་སུ་གསོལ༔ ཡེ་ཤེས་འོད་ལྔའི་གུར་ཁང་ནས༔ ལོངས་སྐུ་ཞི་ཁྲོ་གཤེགས་སུ་གསོལ༔ རང་བཞིན་རྣམ་དག་གཞལ་ཡས་ནས༔ སྤྲུལ་སྐུ་རིག་འཛིན་གཤེགས་སུ་གསོལ༔ སྐུ་དང་ཐིག་ལེའི་གཞལ་ཡས་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ ཙིཏྟ་རིན་ཆེན་གཞལ་ཡས་ནས༔ ཞི་བ་ཞེ་གཉིས་གཤེགས་སུ་གསོལ༔ དུང་ཁང་ཀླད་རྒྱའི་གཞལ་ཡས་ནས༔ ཁྲག་འཐུང་ལྔ་བཅུ་གཤེགས་སུ་གསོལ༔ གནས་ལྔ་རྩ་འཁོར་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ དུར་ཁྲོད་ཐོད་མཁར་འབར་བ་ནས༔ ཆོས་སྐྱོང་དམ་ཅན་གཤེགས་སུ་གསོལ༔ དམ་ཚིག་བཀའ་ཡི་བྱ་ར་མཛད༔ གཏེར་བདག་བཀའ་ཉན་གཤེགས་སུ་གསོལ༔ མཆོད་པ་ཆེན་པོའི་དཀྱིལ་འཁོར་འདིར༔ ཐམས་ཅད་ཀུན་འདུས་བྱང་

p. 169

ཆུབ་སེམས༔ བཟང་ངན་མེད་པ་སྲིད་པའི་ཞིང་༔ ལྷུན་གྲུབ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿམཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་བྷྲྰུྃ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོཿས་མ་ཡ་བཛྲ་ཨཾ་ཀུ་ཤ་ཛཿ[ཞེས་སྤྱན་དྲངས། ལྔ་བ་བཞུགས་སུ་གསོལ་བ་ནི།] ཧཱུྃ༔ སྣང་སྲིད་རྣམ་དག་བདེ་ཆེན་ཞིང་༔ རང་བྱུང་བྲལ་གཞལ་སྤྲོས་བྲལ་གཞལ་ཡས་ཁང་༔ ལྔ་ལྡན་ཚོམ་བུ་འོད་ལྔའི་ཀློང་༔ བྱོལ་སོང་གཙོ་བརྒྱད་སྣ་ཚོགས་གདན༔ ཉི་ཟླ་པདྨ་དར་ཟབ་སྟེང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ འགྱུར་མེད་སྐུ་ཡི་ཞལ་སྟོན་འཚལ༔ འགག་མེད་གསུང་གི་གནད་བཀྲོལ་འཚལ༔ མཁྱེན་པ་ཐུགས་ཀྱི་བརྡའ་སྟོན་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ ཛཿཧཱུྃ་བྃ་ཧོཿབཛྲ་ས་མ་ཡ་ཏིཥྛ་ལྷན༔ [དྲུག་པ་ཕྱག་འཚལ་བ་ནི།] གཙོ་བོའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་ཉིད་གཙོ་བོ་གཉིས་པས་ཤར་སྒོར་ཐོན་ཏེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་མཆོད་སོགས་ལས་ཀྱི་རིམ་པ་ལ་འཇུག་པར་མོས་ལ།

p. 170

ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཀློང་དུ་སྦྱོར༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུར་སྦྱོར༔ རིགས་ལྔ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ༔ རྣམ་ཤེས་བརྒྱད་པོ་རང་སར་གྲོལ་བའི་ལྷ༔ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མོ༔ སེམས་མ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ འགྲོ་དྲུག་གནས་སྦྱོང་རྒྱུད་དྲུག་དག་པར་མཛད༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ ཉོན་མོངས་བདུད་བཞི་མ་ལུས་འཇོམས་མཛད་པའི༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་ལོ༔ དུག་ལྔ་ཆོས་ཀྱི་དབྱིངས་སུ་སྒྲོལ་མཛད་པའི༔ ཁྲག་འཐུང་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ༔ ཐུགས་རྗེས་འཁོར་བ་གནས་ནས་འདྲེན་མཛད་པའི༔ གནས་ཀྱི་ཀཽ་རཱི་བརྒྱད་ལ་ཕྱག་འཚལ་ལོ༔ ཡུལ་བརྒྱད་བག་ཆགས་དབྱིངས་སུ་སྒྲོལ་བར་མཛད༔ ཡུལ་གྱི་ཕྲ་མེན་བརྒྱད་ལ་ཕྱག་འཚལ་ལོ༔ ཉོན་མོངས་ཉི་ཤུ་རྩ་བརྒྱད་རང་སར་དག༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཚད་མེད་བཞི་ལྡན་ཕྱོགས་ཀྱི་སྒོ་བཞི་བསྲུང་༔ ཏཀྲྀ་

p. 171

སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ ཆོས་སྐུ་རང་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ལོངས་སྤྱོད་རྫོགས་སྐུ་ཞི་ཁྲོའི་དཀྱིལ་འཁོར་རྫོགས༔ སྤྲུལ་སྐུ་ཉི་མ་འོད་སྟོང་ཀུན་ལ་ཁྱབ༔ ཞི་ཁྲོའི་རང་བཞིན་དཀྱིལ་འཁོར་ཀུན་གྱི་བདག༔ སྣང་སྲིད་རྩ་བ་བདག་འཛིན་དག་པའི་ལྷ༔ སྒོ་གསུམ་དང་བས་བདག་ཉིད་སྐྱབས་སུ་མཆི༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ[བདུན་པ་མཆོད་པ་འབུལ་བ་ལ། སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ལ་ཕྱི་ནང་གསང་གསུམ་ལས། ཕྱི་མཆོད་ནི།] ཧཱུྃ༔ ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ སྤྱན་ལས་མཆོད་པའི་ལྷ་འཕྲོས་པས༔ གཟུགས་ཀྱི་མཆོད་པ་སྣ་ཚོགས་བྱུང་༔ ལག་གཉིས་གར་བསྒྱུར་པུཥྤེ་མ༔ རྒྱལ་བ་མཉེས་ནས་སྤྱན་ལ་ཐིམ༔ སྙན་ལས་མཆོད་པའི་ལྷ་འཕྲོས་པས༔ སྒྲ་ཡི་མཆོད་པ་སྣ་ཚོགས་བྱུང་༔ ལག་གཉིས་གར་བསྒྱུར་རོལ་མོ་མ༔ རྒྱལ་བ་མཉེས་ནས་སྙན་ལ་ཐིམ༔ ཤངས་ལས་མཆོད་པའི་ལྷ་འཕྲོས་པས༔ དྲི་ཡི་མཆོད་པ་སྣ་ཚོགས་བྱུང་༔ ལག་གཉིས་གར་བསྒྱུར་དྷུ་པེ་མ༔ རྒྱལ་བ་མཉེས་

p. 172

ནས་ཤངས་ལ་ཐིམས༔ ལྗགས་ལས་མཆོད་པའི་ལྷ་འཕྲོས་པས༔ རོ་ཡི་མཆོད་པ་སྣ་ཚོགས་བྱུང་༔ ལག་གཉིས་གར་བསྒྱུར་ནཻ་ཝིདྱ༔ རྒྱལ་བ་མཉེས་ནས་ལྗགས་ལ་ཐིམ༔ སྐུ་ལས་མཆོད་པའི་ལྷ་མོ་དག༔ སྤྲོས་ནས་རྒྱལ་བའི་སྐུ་ལ་མཆོད༔ ལག་གཉིས་གར་བསྒྱུར་ན་བཟའ་མ༔ རྒྱལ་བ་མཉེས་ནས་སྐུ་ལ་ཐིམ༔ མཆོད་པའི་ལྷ་མོ་དེ་དག་ཀྱང་༔ ལག་གིས་གར་བསྒྱུར་རྐང་པའི་སྟབས༔ གཉིས་མེད་མཆོད་པའི་རོལ་མོ་དང་༔ མཆོད་རྫས་སྣ་ཚོགས་འཛིན་བྱེད་ཅིང་༔ མཆོད་པའི་གླུ་དང་སྟང་སྟབས་དང་༔ གར་གྱིས་ཐམས་ཅད་ཚིམ་པར་བྱེད༔ ཡང་དག་སྐུ་དང་ཆོས་ཀྱི་དབྱིངས༔ སངས་རྒྱས་ཞིང་ཁམས་རབ་འབྱམས་དུ༔ ལྷ་མོ་ལྔ་ཡིས་ཁེངས་གྱུར་ཏེ༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ཨ་ལ་ལ་ཏེ་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷཻ་ནཻ་ཝིདྱ་ཤཔྡ་པཱུ་ཛཿཧོཿཨོཾ་བཛྲ་ཨཱ་རྻ་ཏེ་ཛ་རི་ཧཱུྃ་ཛཿ[ནང་མཆོད་ནི།] ཧཱུྃ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་དང་༔ གསུར་

p. 173

ཆེན་བདུག་སྤོས་དྲི་ཆེན་དང་༔ རྐང་གླིང་ཐོད་པའི་རྔ་སྒྲ་དང་༔ བདུད་རྩི་བྱང་སེམས་ལྔ་ཡིས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ འཁོར་འདས་ཐམས་ཅད་ཕྱམ་གཅིག་མཆོད༔ མ་ཧཱ་པཉྩ་པཱུ་ཛ་ཧོཿ[གསང་མཆོད་ནི།] ཧཱུྃ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ བླ་མེད་གསང་མཆོད་འབུལ་བ་ནི༔ སྣང་སྟོང་སྦྱོར་བའི་སྦྱོར་མཚམས་སུ༔ བདེ་སྟོང་གཉིས་མེད་བྱང་ཆུབ་སེམས༔ གསལ་སྟོང་དག་པའི་ལྷ་ལ་འབུལ༔ རིག་སྟོང་རོལ་པར་བཞེས་སུ་གསོལ༔ ཨོཾ་ཨཱ༔ ཧཱུྃ་མ་ཧཱ་སུ་ཁ་ཧཱུྃ༔ [གཉིས་པ་ཁྱད་པར་གྱི་མཆོད་པ་ལ་སྨན་རཀ་གཏོར་གསུམ་ལས། སྨན་མཆོད་ནི།] ཧཱུྃ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ ཀུན་བཟང་རིགས་ལྔའི་མཁའ་ཀློང་དུ༔ གཉིས་མེད་བྱང་སེམས་འཕྲོ་འདུ་མཛད༔ སྣང་སྲིད་རྩི་བཅུད་སྨན་དུ་བསྡུས༔ ཐོད་པ་མཚན་ལྡན་ནང་དུ་གཏམས༔ ཡེ་ཤེས་གསལ་བའི་བཅུད་དུ་སྨིན༔ དུག་ལྔ་དུག་གསུམ་རྣམ་པར་དག༔ སྐུ་ལྔ་སྐུ་གསུམ་

p. 174

ལྷུན་གྱིས་གྲུབ༔ འབྲས་བུ་ཀ་དག་རྫོགས་སངས་རྒྱས༔ ཁྱད་པར་རྨད་བྱུང་བདུད་རྩི་འདི༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ [ཞེས་དང་། སྤྲོ་ན་བརྒྱུད་མཆོད་ནི།] ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སེང་པདྨ་ཐོད་ཕྲེང་རྩལ། །དབྱིངས་ཕྱུག་མཚོ་རྒྱལ་ལྷ་ལྕམ་པདྨ་གསལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཟབ་གཏེར་མངའ་བདག་རིག་འཛིན་པདྨ་གླིང་། །སྣ་ཚོགས་རང་གྲོལ་རྒྱལ་དབང་བསྟན་འཛིན་གྲགས། །པདྨ་ཕྲིན་ལས་ཚུལ་ཁྲིམས་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ༴ །བསྟན་འཛིན་འགྱུར་མེད་ལེགས་པའི་དོན་གྲུབ་སྡེ། །ཀུན་བཟང་རྡོ་རྗེ་མཆོག་གྲུབ་དཔལ་འབར་ཞབས། །གྲུབ་མཆོག་རྡོ་རྗེ་པདྨ་ཁྱབ་བདག་རྗེ། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ༴ །སྲིད་ཞི་རྣམ་རྒྱལ་བདེ་ཆེན་རྡོ་རྗེ་དཔལ། །རིག་འཛིན་རྡོ་རྗེ་ཀུན་བཟང་བསྟན་པའི་ཉི། །ཚེ་དབང་ནོར་བུ་དགེ་འདུན་རྒྱ་མཚོའི་ཞབས། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ༴ །བརྒྱུད་སྲོལ་ཀུན་འདུས་

p. 175

དྲིན་ཆེན་འཁོར་ལོའི་མགོན། །གང་འདུལ་དེར་སྟོན་ཕྲིན་ལས་བསམ་མི་ཁྱབ། །དུས་གསུམ་བྱོན་པའི་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ༴ །[དཀྱིལ་འཁོར་གྱི་ལྷ་ལ།] བཅོམ་ལྡན་ཀུན་བཟང་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །འགྲོ་བའི་དོན་མཛད་སྤྲུལ་སྐུ་ཐུབ་དྲུག་ལ། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ༴ །ཚོགས་རྗེ་ཚོགས་བདག་ཆེ་མཆོག་ཧེ་རུ་ཀ ། འབར་བའི་རྒྱལ་པོ་ཁྲོ་རྒྱལ་ཡབ་ཡུམ་དང་། །གནས་ཡུལ་ཕྱག་རྒྱ་སྒོ་མ་བཞི་རྣམས་ལ། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ༴ །མ་ལྟར་བྱམས་ཤིང་སྲིང་ལྟར་རབ་གདུང་མ། །ལེགས་ཉེས་སྟངས་འཛིན་དམ་རྗེས་གཅོད་པའི། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ༴ །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །ཞིང་སྐྱོང་གཞི་བདག་རིགས་དྲུག་ཕ་མ་སོགས། །སྲིད་གསུམ་ཀ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ༴ །[དེ་ནས་བདུད་རྩི་ལྕེ་ཐོག་ཏུ་མྱང་ཞིང་།] ཀཱ་

p. 176

ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ [ཞེས་དངོས་གྲུབ་བླང་ངོ་། །རཀྟའི་མཆོད་པ་ནི།] ཧཱུྃ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ ཆོས་དབྱིངས་བྷ་ག་ཡངས་པ་རུ༔ དུག་གསུམ་བསྒྲལ་བའི་རཀྟ་ཕབ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མཆོད༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ [གཏོར་མའི་མཆོད་པ་ནི།] ཧཱུྃ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ བྷ་ལིང་གཏོར་མཆོད་འབུལ་བ་ནི༔ སྣོད་ཀྱི་འཇིག་རྟེན་བྷནྡྷ་རུ༔ བཅུད་ཀྱི་རིགས་གྱུར་གཏོར་མར་སྦྱར༔ དཔལ་གྱི་མཆོད་གཏོར་དམ་པ་འདི༔ མ་ལུས་འཁོར་བཅས་བཞེས་སུ་གསོལ༔ བྷ་ལིང་བརྒྱན་གྱི་མཆོད་པ་བཞེས༔ སྨན་རཀ་བདུད་རྩིའི་མཆོད་པ་བཞེས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཏིང་འཛིན་རྩེ་གཅིག་མཆོད་པ་བཞེས༔ བླ་མར་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ དཔའ་བོ་མཁའ་འགྲོ་མཆོད་པ་བཞེས༔ ཆོས་སྐྱོང་གཏེར་བདག་མཆོད་པ་བཞེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ [ཞེས་མཆོད་ལ་དེ་ལྟར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་འཁོར་གསུམ་ཡོངས་དག་མི་དམིགས་སྤྲོས་བྲལ་གྱི་ཡེ་ཤེས་སུ་རྒྱས་བཏབ་ལ་མཉམ་པར་བཞག་གོ །བརྒྱད་པ་བསྟོད་པ་བྱ་བ་ནི། [

p. 177

ཧཱུྃ༔ ཆོས་དབྱིངས་ངང་ལས་རང་བྱུང་དབྱེར་མེད་པའི༔ ཀུན་བཟང་ཡབ་ཡུམ་མཉམ་པའི་ཕྱག་རྒྱ་ཅན༔ ཆོས་དབྱིངས་གདལ་ཁྱབ་ཆེན་པོའི་དབྱིངས་རུམ་དུ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ༔ མཐིང་ག་ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས༔ ཐུགས་མཆོག་རྡོར་སེམས་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་སྐུ༔ དུང་མདོག་ཕྱག་ན་འཁོར་ལོ་དྲིལ་བུ་བསྣམས༔ སྐུ་མདོག་རྣམ་སྣང་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང་༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ༔ གསེར་མདོག་ཕྱག་ན་རིན་ཆེན་དྲིལ་བུ་བསྣམས༔ ཡོན་ཏན་རིན་ཆེན་འབྱུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་སྐུ༔ ལེ་བརྒན་ཕྱག་ན་པདྨ་དྲིལ་བུ་

p. 178

བསྣམས༔ གསུང་མཆོག་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ༔ ལྗང་ཁུ་ཕྱག་ན་རྒྱ་གྲམ་དྲིལ་བུ་བསྣམས༔ ཕྲིན་ལས་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འབྱུང་ལྔ་རྣམ་དག་བཅོམ་ལྡན་ཡུམ་ཆེན་ལྔ༔ དབྱིངས་ཕྱུག་སྤྱན་དང་མཱ་མ་གོས་དཀར་སྒྲོལ༔ ཐབས་ཀྱི་སྐུ་ལ་ཤེས་རབ་དགྱེས་འཁྲིལ་མ༔ རིགས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྣམ་ཤེས་རྣམ་དག་བྱང་ཆུབ་སེམས་དཔའི་ཚོགས༔ དུས་གསུམ་རྒྱལ་བ་ཀུན་གྱི་སྲས་མཆོག་སྟེ༔ ཡོན་ཏན་མི་ཟད་སྤྲུལ་པ་བསམ་མི་ཁྱབ༔ བསྐལ་བཟང་སེམས་དཔའ་བརྒྱད་ལ༴ ཧཱུྃ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ༔ མཁའ་མཉམ་མཆོད་པས་རྒྱལ་བ་རྒྱ་མཚོ་མཆོད༔ མཆོད་པའི་ལྷ་མོ་བརྒྱད་ལ༴ ཧཱུྃ༔ ཡེ་ཤེས་བཞི་ལ་རིགས་བཞིའི་ཕྲིན་ལས་ཀྱིས༔ དྲུག་གི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱས་རིགས་དྲུག་གི༔ དོན་མཛད་

p. 179

ཐུབ་པ་དྲུག་ལ༴ ཧཱུྃ༔ ཡེ་ཤེས་སྒོ་བ་ཆེན་པོ་ཡབ་ཡུམ་བརྒྱད༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ སྒོ་བ་ཡབ་ཡུམ་བརྒྱད་ལ༴ ཧཱུྃ༔ དུས་གསུམ་མི་འགྱུར་རྣམ་ཤེས་རྡོ་རྗེའི་སྐུ༔ ཞེ་སྡང་མཐར་ཕྱིན་བཛྲ་ཧེ་རུ་ཀ༔ དབྱིངས་ནས་རྒྱས་འདེབས་བཛྲ་ཁྲོས་པའི་ཡུམ༔ བཛྲ་ཧེ་རུ་ཀ་ལ༴ ཧཱུྃ༔ མ་འགག་རང་རྩལ་ཕུང་པོ་ཆོས་ཀྱི་སྐུ༔ གཏི་མུག་མཐར་ཕྱིན་བུདྡྷ་ཧེ་རུ་ཀ༔ དབྱིངས་ནས་མུན་སེལ་བུདྡྷ་ཁྲོས་པའི་ཡུམ༔ བུདྡྷ་ཧེ་རུ་ཀ་ལ༴ ཧཱུྃ༔ ཟ་བྱེད་ལྟར་རྫོགས་ཚོར་བ་རིན་འབྱུང་སྐུ༔ ང་རྒྱལ་མཐར་ཕྱིན་རཏྣ་ཧེ་རུ་ཀ༔ དབྱིངས་ནས་ཚེ་འཕེལ་རཏྣ་ཁྲོས་པའི་ཡུམ༔ རཏྣ་ཧེ་རུ་ཀ་ལ༴ ཧཱུྃ༔ ཆགས་མེད་དག་པ་འདུ་ཤེས་པདྨའི་སྐུ༔ འདོད་ཆགས་མཐར་ཕྱིན་པདྨ་ཧེ་རུ་ཀ༔ དབྱིངས་ནས་རྫོགས་བྱེད་པདྨ་ཁྲོས་པའི་ཡུམ༔ པདྨ་ཧེ་རུ་ཀ་ལ༴ ཧཱུྃ༔ དོན་དམ་མཐར་ཕྱིན་འདུ་བྱེད་སྤྲུལ་པའི་སྐུ༔ ཕྲག་དོག་མཐར་ཕྱིན་ཀརྨ་ཧེ་རུ་ཀ༔ དབྱིངས་ནས་ཟ་བྱེད་ཀརྨ་ཁྲོས་པའི་ཡུམ༔ ཀརྨ་ཧེ་རུ་ཀ་ལ༴

p. 180

ཧཱུྃ༔ ཡོན་ཏན་རྟགས་ཀྱི་དུར་ཁྲོད་གནས་བརྒྱད་ནས༔ ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་དོན་མཛད་པའི༔ གནས་ཀྱི་ཀཽ་རཱི་བརྒྱད་ལ༴ ཧཱུྃ༔ འཇིགས་བྱེད་བཞད་པའི་དུར་ཁྲོད་གནས་བརྒྱད་ནས༔ འཇོམས་བྱེད་རྩལ་འཕགས་སེང་གདོང་ཕྲ་མེན་བརྒྱད༔ ཐུགས་རྗེ་ཆེན་པོས་རྣལ་འབྱོར་དོན་མཛད་པའི༔ ཡུལ་གྱི་ཕྲ་མེན་བརྒྱད་ལ༴ ཧཱུྃ༔ ཕྱིན་ཅི་ལོག་གི་དུར་ཁྲོད་སྒོ་བཞི་ནས༔ ཚད་མེད་བཞི་ལ་མངའ་བརྙེས་འགྲོ་དོན་མཛད༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཡེ་ཤེས་སྒོ་མ་བཞི་ལ༴ བྷྱོ༔ དཀྱིལ་འཁོར་མུ་རན་སྐྱོང་བའི་རྣལ་འབྱོར་མ༔ ལྷ་ཆེན་རྣམས་ཀྱི་ཆུང་མ་དབང་མོའི་ཚོགས༔ འཁོར་བའི་ཆོས་ལ་མངའ་བརྙེས་སྲིན་མོའི་ཚུལ༔ མྱ་ངན་འདས་པའི་སྤྲུལ་སྐུ་མགོ་བརྙན་ཚོགས༔ སྐུ་མདོག་ཕྱག་མཚན་ངེས་མེད་ཅིར་ཡང་སྟོན༔ དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མ་ལུས་ཀུན༔ སྔོན་གྱི་དུས་ནས་བདག་དང་གཉིས་སུ་མེད༔ གཉིས་མེད་ལྷ་ཚོགས་རིག་པའི་ཀློང་དུ་

p. 181

བསྟོད༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ [ཅེས་བསྟོད། དགུ་པ་ཛཔྲ་བཟླ་བ་ལ་བཞི། རྩ་བའི་ཛཔྲ། བུམ་ཛཔྲ། ལས་སྦྱོར། སྐབས་ཀྱི་མཇུག་བསྡུ་བའོ། །དང་པོ་ནི།] གཟུགས་སྣང་ཐམས་ཅད་ཞི་ཁྲོའི་སྐུ༔ སྒྲ་གྲགས་ཐམས་ཅད་ཡང་སྙིང་སྒྲ༔ དྲན་རྟོག་ཐམས་ཅད་ཞི་ཁྲོའི་ཐུགས༔ སྣང་སྲིད་ཞི་ཁྲོའི་རོལ་པར་[བསམ༔ ཞེས་པའི་དགོངས་པ་སྲོག་ཏུ་བཟུང་ནས་བཟླས་པ་བྱ་སྟེ། སྤྱིར་འདི་ཉིད་ཨ་ཏིའི་བསྐྱེད་རིམ་སྣང་སྲིད་གཞིར་བཞེངས་ཡེ་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོར་གསལ་བ་ཡིན་པས་བདག་མདུན་གྱི་སྤྲོས་པ་མི་དགོས་མོད། དེ་ཙམ་རྟོགས་པ་ལྷོངས་སུ་མ་གྱུར་པའི་གང་ཟག་ལ་འཕྲོ་འདུའི་ཏིང་ངེ་འཛིན་གྱི་དམིགས་པའི་རྣམ་པ་གསལ་བདེ་བའི་ཕྱིར་དོང་སྤྲུགས་ཀྱི་དགོངས་པ་བཞིན་ཛཔྲ་ཁང་ཕྱེས་པ་ཉིད་ལེགས་པས་དེ་ལྟ་ན།] བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཧཱུྃ་ཨོཾ་སྭཱ་ཨོཾ་ཧཱ་ཕཊ་ཛཿ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རྃ་ཕཊ་ཛཿ[ཞེས་བརྗོད་པས།] དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་[བསམ་ཞིང་།] བདག་ཉིད་གཙོ་བོའི་ཐུགས་སྲོག་ཨ་ཡིག་སྔགས་ཕྲེང་གིས་བསྐོར་བ་ལས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་དཀྱིལ་

p. 182

འཁོར་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ལྷ་སོ་སོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་བྱུང་བའི་འོད་ཟེར་ནམ་མཁའ་གང་བར་སྤྲོས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་དཀྱིལ་འཁོར་གྱི་ལྷ་ལ་ཐིམ། དཀྱིལ་འཁོར་གྱི་ལྷ་རྣམས་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སད་པར་[བསམས་ལ།] ཨོཾ་ཨཱཿཧཱུྃ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷྰ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ [ཅེས་ཅི་ནུས་བཟླ། གཉིས་པ་བུམ་ཛཔྲ་ལ་གཉིས་ཀྱི། དང་པོ་རྣམ་བུམ་སྒྲུབ་པ་ནི། འདིར་བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་པའི་ལུགས་ཡིན་པས་བསྐྱེད་ཆོག་ཟུར་པ་མི་དགོས་མོད། འོན་ཀྱང་རྣམ་པ་གསལ་འདེབས་ཙམ་དུ་རང་གཙོ་བོ་དང་གཉིས་སུ་མེད་པར་བྱས་ཏེ།] ཕཊ་ཛཿ[ཞེས་པས།] བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་དུ་ཞི་

p. 183

ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀྲ་ལམ་གྱིས་གསལ་བ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་[བསམ་ལ། རྣམ་བུམ་གྱི་གཟུངས་ཐག་ལ་འཇུས་ནས། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་།] བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ཡི་ཆ་ཐམས་ཅད་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་[བསམ་ཞིང་། ཞི་ཁྲོའི་སྤྱི་སྔགས་སྔར་ལྟར་བཟླས་མཐར།] ཨོཾ་ཨཱཿཧཱུྃ་[ཞེས་མཆོད་ཡོན་ཕུལ་བས།] ལྷ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། [གཉིས་པ་ཁྲུས་བུམ་སྒྲུབ་པ་ནི།] ཁྲུས་བུམ་གྱི་ནང་དུ་པདྨ་འདབ་མ་བརྒྱ་པའི་དཀྱིལ་འཁོར་གྱི་དབུས་སུ་ཨ་ཡིག་དཀར་པོ་དྲི་མ་མེད་པ་ཟླ་བ་ལྟར་གསལ་བ་ལས་རིགས་བརྒྱའི་རང་བཞིན་ཡི་གེ་བརྒྱ་པའི་སྤྲིན་ཕྱུངས་ནས་པདྨའི་འདབ་མ་དང་པོ་ནས་བརྩམས་ཏེ་རིམ་པ་བཞིན་མུ་ཏིག་གི་ཕྲེང་བ་ལྟ་བུར་འཁོད་པ་ལས་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བུམ་པ་གང་བར་[བསམ་ཞིང་། ཡི་གེ་བརྒྱ་པ་ཅི་ནུས་དང་།] ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡྃ་ཧོ་ཤུདྡྷེ་ཤུདྡྷེ༔ བྃ་ཧོ་ཤུདྡྷེ་ཤུདྡྷེ༔ ལྃ་ཧོ་

p. 184

ཤུདྡྷེ་ཤུདྡྷེ༔ རྃ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་སྭཱ་ཧཱ༔ ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ༔ [ཞེས་ཁྲུས་བདུན་གྱི་རིགས་པའང་ཅི་རིགས་བཟླས་མཐར།] ཡི་གེའི་འཁོར་ལོ་བདུད་རྩིར་ཞུ་ནས་བུམ་ཆུ་དང་རོ་གཅིག་པ་ཉམས་ཆག་སྦྱོང་བའི་ནུས་ལྡན་དུ་གྱུར་[པར་བསམ། གསུམ་པ་ལས་སྦྱོར་གྱི་བཟླས་པ་ནི།] དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་ཐམས་ཅད་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་[བསམ་ལ། ཞི་ཁྲོའི་སྤྱི་སྔགས་དང་རྡོར་སེམས་ཡིག་བརྒྱའི་ཤམ་བུར།] དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཧཱུྃ་ཧཱུྃ་ཕཊ༔ སུ་མ་ཐ་མ་ཐ་སརྦ་ཏཱི་རྻ་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ༔ ནྲྀ་ཙྪིནྡྷ་ཙྪིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ ཏྲི་སརྦ་དུ་ལ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁཏྒ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ [ཅེས་བཏགས་པ་བཟླས་ནས་བྱེ་ཡུངས་སོགས་ལ་བསྔགས་སོ། །བཞི་པ་སྐབས་ཀྱི་མཇུག་བསྡུ་བ་ལ་གསུམ། མཆོད་ཅིང་བསྟོད་པ། བཤགས་པ་བྱ་བ། ཛཔྲ་ཁང་བསྡུ་བའོ། །

p. 185

དང་པོ་ནི།] དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཨོཾ་བཛྲ་ཨརྒྷཾ་[ནས་]ཤཔྡ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ[ཞེས་མཆོད་ཅིང་།] བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད། གཉིས་པ་བཤགས་པ་བྱ་བ་ནི།] ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །[ཞེས་བཟླས་པའི་ཉེས་བྱས་སུ་གྱུར་པ་རྣམས་བཤགས། གསུམ་པ་ཛཔྲ་ཁང་བསྡུ་བ་ནི། དམ་ཡེའི་

p. 186

དཀྱིལ་འཁོར་རང་བཞིན་དབྱེར་མེད་དུ་རྟོགས་པའི་ཕྱིར།] ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱོཾ་བཛྲ་ས་མ་ཡ་ཨཱོཾ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང་། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། [ཞེས་རིག་པའི་མེ་ཏོག་དོར་བས།] དམ་ཚིག་པ་དང་ཡེ་ཤེས་པ་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་རིག་སྟེ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ[ཞེས་དང་།] ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་ཡ་མ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ[ཞེས་དངོས་གྲུབ་བསྐུལ་ནས།] ཨོཾ་བཛྲ་ས་མ་ཡ་ཧཱུྃ། [ཞེས་བརྗོད་པས།] ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་མེད་དུ་ཐིམ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཛཿཧཱུྃ་བྃ་ཧོཿ

p. 187

[ཞེས་པས་གསལ་བརྟན་དབང་དུ་བྱས་ནས་ཡི་གེ་བརྒྱ་པའང་བཟླའོ། །འདིར་གཞན་རྗེས་སུ་འཛིན་པ་དང་འབྲེལ་ན་དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ།] ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །[ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །སྤྱི་དོན་གཉིས་པ་སྒྲིབ་སྦྱོང་བཤགས་སྐོང་གི་ཆོ་ག་ལ་གཉིས། འགྱོད་ཚངས་བཤགས་པའི་ལས་རིམ་དང་། ཐུགས་དམ་བསྐང་བའི་ཆོ་གའོ། །དང་པོ་ལའང་གཉིས། ཉེས་བྱས་ཉམས་ཆག་སྤྱིར་བཤགས་པ་དང་། སྒོ་གསུམ་སོ་སོས་བྱེ་བྲག་ཏུ་བཤགས་པའོ། །དང་པོ་ནི།] ཚོགས་རྟེན་གྱི་ཐུགས་ཀ་ནས་རང་ཉིད་ལོགས་སུ་བྱེ་བས་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་དྲུང་དུ་འཁོད་དེ་སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་སོགས་བཤགས་སྡོམ་གྱི་ལས་རིམ་ལ་འཇུག་པར་[མོས་ལ། ལྷག་པའི་བསམ་པ་ཤུགས་དྲག་པོས།] ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ༔ འདིར་གཤེགས་བདག་ལ་

p. 188

དགོངས་ཤིང་བཞུགས་སུ་གསོལ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ འབྱུང་དང་འབྱུང་

p. 189

འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ༔ མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལས༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར༔ བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་༔ བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས༔ དབང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཧཱུྃ༔ ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ བླ་མེད་གོ་འཕང་བགྲོད་

p. 190

པར་བྱ་བའི་ཕྱིར༔ བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔ ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་༔ དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་༔ གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ན༔ སྟོན་པའི་བཀའ་དང་དམ་ལས་འདས་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔ བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ༔ གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་༔ མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་༔

p. 191

ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་༔ ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གིས༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་༔ གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ༔ དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་༔ གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ༔ དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན༔ རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན༔ ནོངས་པ་མཆིས་ན་རབ་ནོངས་བཟོད་པར་གསོལ༔ [ཞེས་བཤགས། གཉིས་པ་སྒོ་གསུམ་སོ་སོས་བྱེ་བྲག་ཏུ་བཤགས་པ་ལ་གསུམ། ལུས་ཀྱི་ཕྱག་འཚལ་བའི་སྒོ་ནས་བཤགས་པ། ངག་གི་སྔགས་བཟླ་བའི་སྒོ་ནས་བཤགས་པ། ཡི་ད་མ་བཅོས་ལྟ་བའི་ཀློང་གི་བཤགས་པའོ། །དང་པོ་ལུས་ཀྱི་ཕྱག་འཚལ་བའི་སྒོ་ནས་བཤགས་པ་ནི།] རང་རང་

p. 192

རྣམས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བ་ཙམ་གྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ངན་པ་ཐམས་ཅད་དང་གནས་སྐབས་ཀྱི་མི་མཐུན་པའི་ཕྱོགས་ངན་པ་དང་བཅས་པ་ཐམས་ཅད་སངས་སངས་དག་པར་[བསམ་ལ། མཆེད་ལྕམ་རྣམས་ལུས་ས་ལ་བརྡབ་སྟེ་བརྐྱང་ཕྱག་འཚལ་བཞིན་དུ།] བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སེང་པདྨ་ཐོད་ཕྲེང་རྩལ། །དབྱིངས་ཕྱུག་མཚོ་རྒྱལ་ལྷ་ལྕམ་པདྨ་གསལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཟབ་གཏེར་མངའ་བདག་རིག་འཛིན་པདྨ་གླིང་། །སྣ་ཚོགས་རང་གྲོལ་རྒྱལ་དབང་བསྟན་འཛིན་གྲགས། །པདྨ་ཕྲིན་ལས་ཚུལ་ཁྲིམས་རྡོ་རྗེ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །བསྟན་འཛིན་འགྱུར་མེད་ལེགས་པའི་དོན་

p. 193

གྲུབ་སྟེ། །ཀུན་བཟང་རྡོ་རྗེ་མཆོག་གྲུབ་དཔལ་འབར་ཞབས། །གྲུབ་མཆོག་རྡོ་རྗེ་པདྨ་ཁྱབ་བདག་རྗེ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །སྲིད་ཞི་རྣམ་རྒྱལ་བདེ་ཆེན་རྡོ་རྗེ་དཔལ། །རིག་འཛིན་རྡོ་རྗེ་ཀུན་བཟང་བསྟན་པའི་ཉི། །ཚེ་དབང་ནོར་བུ་དགེ་འདུན་རྒྱ་མཚོའི་ཞབས། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །བརྒྱུད་སྲོལ་ཀུན་འདུས་དྲིན་ཆེན་འཁོར་ལོའི་མགོན། །གང་འདུལ་དེར་སྟོན་ཕྲིན་ལས་བསམ་མི་ཁྱབ། །དུས་གསུམ་བྱོན་པའི་རྩ་བརྒྱུད་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །[ཞེས་བླ་མ་བརྒྱུད་པའི་ཕྱག་འཚལ་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་ལྷའི་ཕྱག་ནི། ཧོ་ཀློང་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་དོན་དམ་པར་ཆོས་ཀྱི་དབྱིངས། ཡུམ་གྱི་མཁའ། བྷ་ག་ཡངས་པའི་ཀློང་། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཀུན་

p. 194

གཞི་གསང་བ་དག་པའི་དབྱིངས་ནས་ཡིད་རང་བྱུང་གི་ཡེ་ཤེས་རང་ཤེས་རིག་གི་རྒྱལ་པོ་ཡིད་བྱེད་པ་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡབ། ཆགས་མེད་སྐྱོན་དང་བྲལ་བས་གདན་པདྨ་ལ་བཞུགས་པ། སངས་རྒྱས་དང་སེམས་ཅན་མཉམ་པར་མཁྱེན་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སུ་སྡུད་མ་ཆོས་ཅན་མཚན་མའི་སྐྱོན་གྱིས་མ་གོས་པས་གདན་པདྨ་ལ་བཞུགས་པ། ཀུན་ལ་ཁྱབ་པར་གནས་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན། ཆོས་བྱ་བ་མོ་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་གཞི། ཡུམ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་

p. 195

དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། མི་འཇིགས་པ་སེང་གེའི་ཁྲི་ཅན། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མི་མངའ་བས་ཕྱག་རྒྱ་རྡོ་རྗེ་ཅན། བཅོམ་ལྡན་འདས་དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད། སྟོབས་གླང་པོ་ཆེའི་ཁྲི་ཅན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཀུན་ལ་དབང་བསྒྱུར་བས་ཕྱག་རྒྱ་འཁོར་ལོ་ཅན། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཚོར་བའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། ཤུགས་འཆང་རྟའི་ཁྲི་ཅན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མ་གཡོས་པར་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས། ཕྱག་རྒྱ་རིན་པོ་ཆེ་འབར་བ་ཅན། བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ།

p. 196

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། མཛེས་བྱེད་རྨ་བྱའི་ཁྲི་ཅན། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པས་ཕྱག་རྒྱ་པདྨ་ཅན། བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཅང་བྱེད་ཤང་ཤང་ཏེའུའི་ཁྲི་ཅན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲིན་ལས་མཐར་ཕྱིན་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ནམ་མཁའི་ངོ་བོ་གནས་སུ་དག་པ། །ཡུམ་ཆེན་མོ་ཀུན་ཏུ་བཟང་མོ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འབྱུང་བའི་གནས། ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་

p. 197

འབྱུང་བ་སའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་སངས་རྒྱས་སྤྱན་མ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་གཞི། ཡུམ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་ཆུའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་མཱ་མ་ཀི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་གཏེར་འཛིན་མ། ཡུམ་ཆེན་མོ་རིན་ཆེན་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་མེའི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་ན་བཟའ་དཀར་མོ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གསུང་མཆོག་མ། ཡུམ་ཆེན་མོ་པདྨ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་འབྱུང་བ་རླུང་གི་ངོ་བོ་གནས་སུ་དག་པ། ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ། འགྲོ་བ་རྣམས་འཕགས་པའི་ས་བཅུར་སྒྲོལ་མ། ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་

p. 198

རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སའི་སྙིང་པོ། འགྲོ་བ་རྣམས་བླ་ན་མེད་པའི་གནས་སུ་སྐྱེད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་མྱུ་གུ་ཅན། ཤར་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། ཉོན་མོངས་པའི་སྐྱེ་རྒྱུན་གཅོད་པས་ཕྱག་རྒྱ་རལ་གྲི་ཅན། ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་ཕྱག་རྒྱ་པདྨ་ཅན། ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པས་ཕྱག་རྒྱ་རྡོ་རྗེ་ཅན། བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །

p. 199

དོན་དམ་པར་སེམས་ཅན་གྱི་མིག་གི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་བྱམས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་རྒྱལ་བས་ཕྱག་རྒྱ་ཀླུ་ཤིང་མགོ་ལྕོགས་ཅན། ཤར་ལྷོ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ། ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཉོན་མོངས་པ་གནས་སུ་དག་པ་ལས་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བས་ཕྱག་རྒྱ་རིན་པོ་ཆེའི་སྙེ་མ་ཅན། ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ། ཉོན་མོངས་པའི་ཟུག་རྔུ་མི་མངའ་བར་ཤིན་ཏུ་མཛེས་

p. 200

པས་ཕྱག་རྒྱ་མེ་ཏོག་ཨུཏྤལ་ཅན། བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ། བཛྲ་ལཱ་སྱ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པས་མཉེས་པར་བྱེད་པ་ལས་མི་འགྱུར་བས་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ཅན། རྡོ་རྗེ་སྒེག་མོ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་སྣའི་དྲིར་སྣོམ་པ་གནས་སུ་དག་པ། བཛྲ་མཱ་ལྱ་སྟེ། མཆོད་པ་རྒྱུན་མི་ཆད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་ཕྲེང་བ་ཅན། རྡོ་རྗེ་ཕྲེང་བ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྣ་བའི་ཡུལ་སྒྲར་གྲགས་པ་གནས་སུ་དག་པ། བཛྲ་གཱིརྟི་སྟེ། སྒྲའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་པི་ཝང་ཅན། རྡོ་རྗེ་སྒྲ་དབྱངས་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྕེའི་ཡུལ་རོར་བྲོ་བ་གནས་སུ་དག་པ། བཛྲ་ནཱིརྟི་སྟི། ཕྱག་རྒྱའི་མཆོད་པས་མཉེས་པར་

p. 201

བྱེད་པས་ཕྱག་རྒྱ་གར་བསྒྱུར་ཅན། རྡོ་རྗེ་གར་བསྒྱུར་མ་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་འདས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་པུཥྤེ་སྟེ། སྤྱན་གྱི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་མེ་ཏོག་ཅན། རྡོ་རྗེ་མེ་ཏོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ད་ལྟ་བ་ཞེས་བྱ་བ་གནས་སུ་དག་པ། བཛྲ་དྷུ་པེ་སྟེ། ཤངས་ཀྱི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བདུག་སྤོས་ཅན། རྡོ་རྗེ་སྤོས་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་མ་འོངས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་ཨཱ་ལོ་ཀེ་སྟེ། སྐུའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་མར་མེ་ཅན། རྡོ་རྗེ་མར་མེ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དུས་ཕྱིས་འབྱུང་བར་མ་ངེས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་གནྡྷེ་སྟེ། ལྗགས་བྱུག་པའི་མཆོད་པས་མཉེས་པར་བྱེད་པས་ཕྱག་རྒྱ་བྱུག་པ་ཅན། རྡོ་རྗེ་དྲི་ཆབ་མ་ལ་ཕྱག་འཚལ་

p. 202

ལོ། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་པ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོ་སྟེ། བྱམས་པ་ཆེན་པོས་འགྲོ་བའི་དོན་ཚར་གཅོད་པར་མཛད་པས་ཕྱག་རྒྱ་ནྲྀ་མགོ་གདེངས་པ་ཅན། ཤར་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་དབང་པོ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་སྟེ། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དུ་ལྔ་ཡེ་ཤེས་ལྔས་འཇོམས་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་ཅན། ལྷོ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་བྱ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། དགའ་བ་ཆེན་པོས་འགྲོ་བའི་དོན་མཛད་པས་ཕྱག་རྒྱ་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་ཅན། ནུབ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་ཤེས་གནས་སུ་དག་པ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་སྟེ། བཏང་སྙོམས་ཆེན་པོས་འགྲོ་བའི་

p. 203

དོན་མཐར་ཕྱིན་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བྱང་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །ཏ་ཁྲི་ཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་རྟག་པར་ལྟ་བ་གནས་སུ་དག་པ། བཛྲ་ཨངྐུ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཛིན་པར་བྱེད་པས་ཕྱག་རྒྱ་ལྕགས་ཀྱུ་ཅན། རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཆད་པར་ལྟ་བ་གནས་སུ་དག་པ། བཛྲ་པཱ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འདྲེན་པར་བྱེད་པས་ཕྱག་རྒྱ་ཞགས་པ་ཅན། རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་བདག་ཏུ་ལྟ་བ་གནས་སུ་དག །བཛྲ་སྥོ་ཊ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་མི་འཆོར་བར་མཛད་པས་ཕྱག་རྒྱ་ལྕགས་སྒྲོག་ཅན། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མཚན་མར་ལྟ་བ་གནས་སུ་དག་པ། བཛྲ་གྷཎྜེ་སྟེ།

p. 204

འཁོར་བའི་ཉོན་མོངས་པ་ཐུགས་རྗེས་ཐལ་བར་རློག་པར་མཛད་པས་ཕྱག་རྒྱ་དྲིལ་བུ་ཅན། རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་དང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྷའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷའི་ཐུབ་པ་སྟེ། ཉོན་མོངས་པ་ང་རྒྱལ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་པི་ཝང་ཅན། ལྷའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ལྷ་མ་ཡིན་གྱི་ཐུབ་པ་སྟེ། ཉོན་མོངས་པ་ཕྲག་དོག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གོ་ཆ་ཅན། ལྷ་མ་ཡིན་གྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མིའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། མིའི་ཐུབ་པ་སྟེ། ཉོན་མོངས་པ་འདོད་ཆགས་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གསེག་ཤང་པར་བུ་ཅན། མིའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་

p. 205

གྱི་བྱོལ་སོང་གི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། བྱོལ་སོང་གི་ཐུབ་པ་སྟེ། ཉོན་མོངས་པ་གཏི་མུག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གླེགས་བམ་པོ་ཏི་ཅན། བྱོལ་སོང་གི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཡི་དྭགས་ཀྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། ཡི་དྭགས་ཀྱི་ཐུབ་པ་སྟེ། ཉོན་མོངས་པ་སེར་སྣ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་རིན་པོ་ཆེའི་སྒྲོམ་བུ་ཅན། ཡི་དྭགས་ཀྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་དམྱལ་བའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ། དམྱལ་བའི་ཐུབ་པ་སྟེ། ཉོན་མོངས་པ་ཞེ་སྡང་གནས་སུ་དག་པར་མཛད་པས་ཕྱག་རྒྱ་མེ་ཆུ་ཅན། དམྱལ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་མགོན། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱང་། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །ཧོ་སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་

p. 206

ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་གྱི་དཀྱིལ་འཁོར་འདི་ལྟར་སྣང་བ་ཐམས་ཅད་ལ་ཡང་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་། བརྗོད་ཀྱིས་མི་ལང་བའི་ལྷ་རྣམས་ལ་རྣལ་འབྱོར་པ་བདག་ཅག་གིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་གནོང་འགྱོད་དང་བཅས་པས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། གལ་ཏེ་རྣལ་འབྱོར་པ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་དམྱལ་བ་ཆེན་པོར་མི་ལྟུང་ངོ་། །དེ་བས་ན་གུས་པས་ཕྱག་འཚལ་ལོ། །རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ། །གང་ཞིག་གུས་པས་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་འབྱང་བར་འགྱུར། །དམ་ཚིག་བསྐངས་ནས་དངོས་གྲུབ་འཐོབ། །དེ་སྐད་ཅེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ་དང་། ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། ཨ་ལ་ལ་ཧོ། ཞེས་

p. 207

བརྗོད་ཅིང་ལུས་ས་ལ་བརྡེབ་ཅིང་བརྐྱང་ཕྱག་ལན་སྟོང་དུ་བཙལ་བས་རྣམ་འབྱོར་པ་རྣམས་ཀྱི་ཉམས་ཆག་བསྐངས་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་བསྙེན་པར་གྱུར་ཏོ། །རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ཉམས་ཆག་བསྐངས་ནས། སོར་ཆུད་པའི་རིག་འཛིན་གྱི་ས་ལ་ཁད་ཀྱིས་བསྙེན་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣལ་འབྱོར་གྱི་གྲལ་འདིར་འདུས་པའི་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས། ལྟ་སྤྱོད་དང་། དཀྱིལ་འཁོར་དང་། མར་མེ་གཅིག་ལ་བལྟ་བའི་རྡོ་རྗེ་སྤུན་གྲོགས་རྣམས་ཉོན་ཅིག །སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་བ། ཐུགས་ཞི་བ་ཆེན་པོ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་བར་སྐུ་ཐུགས་རྗེ་རོལ་པ་ཆེན་པོ་ཁྲོ་བོའི་ཆ་ལུགས་ཅན། ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་རྣམས་ལ་ཡང་ཕྱག་འཚལ་ཞིང་ཉམས་ཆག་སྐོངས་ཤིག །དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་

p. 208

པ། རོལ་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེའི་མཚན་རྣམས་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཨ་ལ་ལ་ཧོ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་མཚན་ནས་བརྗོད་དེ་བཀའ་སྩལ་པས། ཧོ་དགོངས་སུ་གསོལ། རང་རིག་པ་ཐབས་ཀྱི་རྒྱལ་པོ་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙན་ཆེན་པོ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ། བཅོམ་ལྡན་འདས་བླ་ན་མེད་པའི་དཔལ་ཆེན་པོ། ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་སྐུ་དུས་གསུམ་དུ་འགྱུར་བ་མི་མངའ་ཞིང་། ཞེ་སྡང་ཆེན་པོའི་ཐབས་ལ་མཁས་པས་དྲེགས་པ་ཕོ་མོའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ནས་སྐྱེ་བ་མེད་པའི་སྐུ་བརྙེས་པ། གཏི་མུག་ཆེན་པོའི་ཐབས་ལ་མཁས་པས་མ་ཧཱ་དེ་ཝའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་སྐུའི་བདག་ཉིད། བུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པ། ང་རྒྱལ

p. 209

ཆེན་པོའི་ཐབས་ལ་མཁས་པས་གཤིན་རྗེའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད། རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཆགས་པ་མེད་པའི་དབྱིངས་ནས་བྱང་ཆུབ་སེམས་དཔའི་སྐུ་བརྙེས་པ། འདོད་ཆགས་ཆེན་པོའི་ཐབས་ལ་མཁས་པས་ཀླུའི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་བདག་ཉིད། པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཕྲིན་ལས་གྲུབ་པའི་དབྱིངས་ནས་སྤྲུལ་པ་མཆོག་གི་སྐུ་བརྙེས་པ། ཕྲག་དོག་ཆེན་པོའི་ཐབས་ལ་མཁས་པས་གནོད་སྦྱིན་གྱི་གདན་ལ་བཞུགས་པ། ཁྲོ་བོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད། ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྦྱོར་བའི་དབྱིངས་ནས་ཕྱིན་ཅི་ལོག་གི་ལྟ་བ་འཇོམས་པའི་སྐུ་བརྙེས་པ། ག་ཎའི་ཐབས་ལ་མཁས་པས་དྲང་སྲོང་གི་གདན་ལ་བཞུགས་པ། རཀྴ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཉམས་པ་བསྐང་བའི་ཐབས་ལ་མཁས་པས་སྲིན་པོའི་གདན་ལ་

p. 210

བཞུགས་པ། ས་ནུ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། མཚན་མའི་ཐབས་ལ་མཁས་པས་རླུང་ལྷའི་གདན་ལ་བཞུགས་པ། གུ་ཧྱ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྒྲོལ་བའི་དབྱིངས་ནས་རེག་བྱའི་རྟོག་པ་འཇོམས་པའི་སྐུ་བརྙེས་པ། ཏ་ནའི་ཐབས་ལ་མཁས་པས་བགེགས་ཀྱི་གདན་ལ་བཞུགས་པ། ཡཀྵ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །ཧེ་རུ་ཀ་དཔལ་རྣམས་ལ་ཕྱག་འཚལ་ལོ། །རང་བཞིན་དག་པའི་དབྱིངས་ནས་ཡུམ་ཆེན་ཁྲོ་མོའི་སྐུ་བརྙེས་པ། སྐུ་དཔལ་དུ་འབར་བས་རྔམས་པའི་ཆ་ལུགས་ཅན། གསུང་དཔལ་དུ་འབར་བས་རྔམས་པའི་གདངས་སྐད་ཅན། ཐུགས་དཔལ་དུ་འབར་བས་ཐུགས་རྗེ་ཆེན་པོ་ཅན། དཔལ་འབར་ཁྲོས་མའི་རྒྱལ་མོ་ཆེ། ཁྲོ་མོ་ཆེན་མོ་གནམ་ཞལ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལས་རྣམ་པར་ཐར་པའི་སྐུ་བརྙེས་པ། ཐབས་དང་

p. 211

ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བཛྲ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །མཉམ་ཉིད་བླང་དོར་མེད་པའི་དབྱིངས་ནས་རོལ་པ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བྱམས་མགོན་ཆོས་ཉིད་ཀྱི་དབྱིངས་ནས་ཐུགས་རྗེ་ཡེ་ཤེས་ཀྱི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། རཏྣ་ཀྲོ་དྷཱི་ཤྭརཱི་མ་ལ་ཕྱག་འཚལ་ལོ། །ཆོས་ཉིད་པདྨའི་དབྱིངས་ནས་སྐྱོན་བྲལ་པདྨའི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། པདྨ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ལས་རབ་རོལ་པའི་དབྱིངས་ནས་དོན་གྲུབ་མཆོག་གི་སྐུ་བརྙེས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་མོ་དང་མཐུན་པ། ཀརྨ་ཀྲོ་དྷཱི་ཤྭ་རཱིམ་ལ་ཕྱག་འཚལ་ལོ། །དྲོད་ལས་

p. 212

སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། རཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །མངལ་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ས་ནུ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །བརྫུས་ནས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །སྒོ་ང་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ། ཡཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ཁྲོ་མོ་སྔོན་མོ་བམ་དབྱུག་འཛིན། །ཀཽ་རཱི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་སེར་མོ་མདའ་གཞུ་འཛིན། །ཙཽ་རཱི་མ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དམར་མོ་ཆུ་སྲིན་འཛིན། །པྲ་མོ་ཧཱ་ལ་ཕྱག་འཚལ་ལོ། །ཁྲོ་མོ་མཐིང་ནག་རྡོ་རྗེ་འཛིན། །བཻ་ཏཱ་ལཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་དམར་སེར་བྱིས་རྒྱུ་འདྲེན། །པུཀྐ་སྰི་ལ་ཕྱག་འཚལ་ལོ། །ཁྲོ་མོ་ལྗང་གུ་དུང་ཁྲག་འཐུང་། །གྷསྨ་རཱི་ལ་ཕྱག་འཚལ་ལོ། །ཁྲོ་མོ་ནག་མོ་བྱིས་སྙིང་ཟ། །སྨེ་ཤ་ནཱི་ལ་

p. 213

ཕྱག་འཚལ་ལོ། །ཁྲོ་མོ་སེར་སྐྱ་མཆོག་ལུས་འདྲལ། །ཙཎྜ་ལཱི་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་གྱད་ཀྱིས་བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །སིང་ཧ་ཁ་རོ་བསྣོལ་སེར་སེང་། །སེང་གེའི་དབུ་ལ་ཕྱག་འཚལ་ལོ། །བྱ་གྷྲི་མནན་བལྟ་བསྣོལ་དམར་སྟག །སྟག་གི་དབུ་ལ་ཕྱག་འཚལ་ལོ། །སྲི་ལ་ནག་མོ་བྱིས་ལྡག་ཝ། །ཝ་ཡི་དབུ་ལ་ཕྱག་འཚལ་ལོ། །ཤྭ་ན་འདྲལ་བལྟ་མཐིང་ག་སྤྱང་། །སྤྱང་མོའི་དབུ་ལ་ཕྱག་འཚལ་ལོ། །གྲྀ་ཌྷ་གྲི་དམར་རྒྱུ་འདྲེན་རྒོད། །བྱ་རྒོད་དབུ་ལ་ཕྱག་འཚལ་ལོ། །ཀངྐ་ཞིང་ཕྲག་སྨར་མགོ་རིང་། །དུར་བྱའི་དབུ་ལ་ཕྱག་འཚལ་ལོ། །ཀཱ་ཀ་ཁ་རོ་བྷ་ན་གྲི་ནག །བྱ་རོག་དབུ་ལ་ཕྱག་འཚལ་ལོ། །ཨུ་ལྰུ་མཐིང་ག་རྡོ་རྒྱུ་འུག །འུག་པའི་དབུ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །སྒོ་མ་

p. 214

སྔོན་མོ་ལྕགས་ཀྱུ་འཛིན། །རྟ་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ནག་མོ་ཞགས་པ་འཛིན། །ཕག་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་དམར་མོ་ལྕགས་སྒྲོག་འཛིན། །སེང་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ལྗང་གུ་དྲིལ་བུ་འཛིན། །སྤྱང་གདོང་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །ཆོས་ཉིད་རྣམ་དག་ངང་ལས་ཅིར་ཡང་སྣང་། །སྣ་ཚོགས་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ། །སྟོང་ཁམས་གནས་སྤོར་ཉི་ཟེར་ཞགས་པ་འཕེན། །སྤོར་བྱེད་ཉི་ཞགས་འཕེན་ལ་ཕྱག་འཚལ་ལོ། །རྣམ་རྟོག་ནད་རྣམས་རྟག་ཏུ་བསལ་བའི་ཕྱིར། །མི་འབྲལ་ཅིར་ཡང་བསྒྱུར་བའི་སྐུ་མངའ་ཞིང་། །ཉོན་མོངས་ལྔ་གཞོམ་ཐོད་ཁྲག་མདུང་ཐུང་འཕེན། །ཐུགས་རྗེ་ཐབས་མཁས་མི་རྣམས་གནས་སུ་སྤོར། །སྤོར་བྱེད་མདུང་ཐུང་འཕེན་ལ་ཕྱག་འཚལ་ལོ། །མ་རིག་སེམས་ཅན་དབྱིངས་སུ་གཟུད་པའི་

p. 215

ཕྱིར། །ཆོས་ཉིད་བདེ་བའི་སྐུ་ལས་གཡོས་པ་མེད། །སྟོང་ཁམས་དབང་སྡུད་དུང་ཁྲག་ཐུགས་ཀར་བསྐྱིལ། །བརྗིད་པའི་རོལ་པས་སྟོང་ཁམས་གནས་སུ་སྤོར། །སྤོར་བྱེད་དྲིལ་འཁྲོལ་མ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པས་ཀུན་ལ་ཁྱབ་པ་ཡི། །མདོག་བཟང་དཀར་སེར་ཞི་རྒྱས་ལྡན་པའི་སྐུ། །འདོད་ལྔ་དབང་སྡུད་དུང་ཁྲག་ཐུགས་ཀར་འཛིན། །ལྷ་རྣམས་གནས་སྤོར་རྡོ་རྗེ་ཁྱུང་ཆེན་འཛིན། །སྤོར་བྱེད་ཁྱུང་ཐོགས་མ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་མི་བཟད་ཡོངས་སུ་གཞིག་པའི་ཕྱིར། །མཐིང་ནག་ཆེན་མོ་རྔམས་པའི་སྐུ་མངའ་ཞིང་། གཡུལ་ཆེན་རབ་བཟློག་རྡོ་རྗེ་སྐར་མདའ་འཕེན། །ལྷ་མིན་གནས་སྤོར་དུང་ཁྲག་ཞལ་དུ་གསོལ། །སྤོར་བྱེད་སྐར་མདའ་འཕེན་ལ་ཕྱག་འཚལ་ལོ། །ལོག་པར་ལྟ་བ་དབང་དུ་མཛད་པའི་ཕྱིར། །སྐུ་མདོག་དམར་ནག་དབང་དྲག་འཛོམས་པའི་ཞལ། །ཕྱི་ནང་སྒྲིབ་གཉིས་སྦྱངས་ནས་བདེ་བའི་ཕྱིར། །རྡོ་རྗེ་གློག་ཕྲེང་ཡི་དྭགས་གནས་སུ་སྤོར། །སྤོར་བྱེད་གློག་

p. 216

ཕྲེང་ཅན་ལ་ཕྱག་འཚལ་ལོ། །གཏི་མུག་རྨོངས་པ་དབང་དུ་མཛད་པའི་ཕྱིར། །དཀར་ནག་ཕྱེད་མ་ཞི་དྲག་ལྡན་པའི་སྐུ། །གཏི་མུག་སྟོངས་མཛད་ཐོད་ཁྲག་ཞལ་དུ་གསོལ། །བྱོལ་སོང་གནས་སུ་སྤོར་བས་བླཀྴ་རྡེབ། །སྤོར་བྱེད་བླཀྴ་རྡེབ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་བརྒྱད་དང་བཅུ་དྲུག་སྦྱང་བའི་ཕྱིར། །སྐུ་མདོག་སེར་ནག་དྲག་པོ་རྒྱས་པའི་སྐུ། །དམྱལ་བ་སྟོངས་མཛད་ཐོད་ཁྲག་ཞལ་དུ་གསོལ། །དམྱལ་བ་གནས་སྤོར་རྡོ་རྗེ་རལ་གྲི་འཛིན། །སྤོར་བྱེད་རལ་གྲི་འཛིན་ལ་ཕྱག་འཚལ་ལོ། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རོལ་པ་ལས། །འགྲོ་དོན་མཛད་པའི་ཐུབ་པ་ཆེན་པོ་རྣམས། །ལས་ངན་ཞི་བས་འདུལ་བར་མི་འགྱུར་བའི། །རྒྱུད་དྲུག་རྣམས་ལ་དབང་དྲག་རོལ་པར་མཛད། །སྤོར་བྱེད་བརྒྱད་དུ་མཚན་གསོལ་མི་བཟད་མ། །ཀུན་ཀྱང་འཇིགས་ཚུལ་ཆེ་ལ་སྙིང་རྗེར་ལྡན། །སྐམ་གཤེར་སྤེལ་བའི་གདན་ལ་བརྐྱང་བསྐུམ་བཞུགས། །ཐོད་ཁྲག་མཚོན་ཆ་འཛིན་ཅིང་གཡང་གཞི་གྱོན། །རལ་པ་དབྱིངས་འབར་བཤུག་གླུས་སྟོང་ཁམས་འགེངས། །

p. 217

ཧ་ཧའི་གད་འདེབས་རྒྱུད་དྲུག་སེམས་ཅན་སྐྱོང་། །རྒྱུད་དྲུག་འཁོར་བའི་སེམས་ཅན་ཅི་འདྲ་བ། །ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་ས་ལེ་བའི། །འགྲོ་བ་རིགས་དྲུག་སེམས་ཅན་ཀུན་སྦྱངས་ནས། །ལྷ་མཆོག་ཁྱེད་ཀྱིས་དངོས་གྲུབ་སྩལ་དུ་གསོལ། །རྣལ་འབྱོར་དམར་ནག་ཏྲི་ཤུལ་འཛིན། གཡག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་རྩེ་ལྔ་འཛིན། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སེར་ནག་དབྱུག་སྡིག་འཛིན། གཟིག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་དུང་དམར་འཛིན། །སྲེ་མོའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སེར་མོ་འཁོར་ལོ་འཛིན། །ཕ་ཝང་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སྐྱ་བམ་དབྱུག་འཛིན། །དྲེད་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་རྒྱུ་ཞགས་འཛིན། །དོམ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་མོ་བུམ་པ་འཛིན། །ཆུ་སྲིན་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོ་སྐྱ་པུཎྜ་འཛིན། །སྡིག་པའི་

p. 218

མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་ཐོད་རློན་འཆང་། །ཁྲ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ནག་རྒྱུ་ཞགས་འཛིན། །ཝ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་བམ་ཆེན་འཛིན། །སྟག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་ཁོག་ཆེན་འཛིན། །རྒོད་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ནག་རྡོ་དབྱུག་འཛིན། །རྟ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་བྷནྡྷ་འཛིན། །ཁྱུང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་བྱིས་བམ་འཛིན། །ཁྱི་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དཀར་དམར་པདྨ་འཛིན། །པུ་ཤུད་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སྐྱ་བྷནྡྷ་འཛིན། །ཤ་བའི་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་རྔ་ཆུང་འཛིན། །སྤྱང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་སེར་མེ་སྒྲོན་འཛིན། །སྐྱིན་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་སེར་མཆེ་བ་འཛིན། །ཕག་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་སྔོན་

p. 219

དུང་ཁྲག་འཛིན། །ཁྭ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་ལྗང་བམ་ཆེན་འཛིན། །བ་གླང་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་བདུད་རྩི་འཛིན། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ནག་མོ་ལྕགས་ཀྱུ་འཛིན། །ཁུ་བྱུག་མགོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་མོ་ཞགས་པ་འཛིན། །ར་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དམར་མོ་ལྕགས་ཀྱུ་འཛིན། །སེང་མགོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྗང་ནག་དྲིལ་བུ་འཛིན། །སྐྱ་ཀའི་མགོ་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་ལོ། །འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་མཛད་པ། །ཁྲོ་ཆེན་ཧཱུྃ་ཀཱ་ར་

p. 220

ལ་ཕྱག་འཚལ་ལོ། །མ་བྱིན་ལེན་སྤངས་ཡོ་བྱད་དབང་མཛད་པ། །ཁྲོ་ཆེན་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། །ཁྲོ་ཆེན་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཕྲ་མའི་སྐྱོན་སྤངས་ཆོས་ལ་དབང་མཛད་པ། །ཁྲོ་ཆེན་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ། །ཁྲོ་ཆེན་དབྱུག་སྔོན་ཅན་ལ་ཕྱག་འཚལ་ལོ། །རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ། །ཁྲོ་ཆེན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། །ཁྲོ་ཆེན་འདོད་པའི་རྒྱལ་ལ་ཕྱག་འཚལ་ལོ། །གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། །ཁྲོ་ཆེན་ཁམས་གསུམ་རྒྱལ་ལ་ཕྱག་འཚལ་ལོ། །བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། །ཁྲོ་ཆེན་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཕ་རོལ་ཕྱིན་མ་སྟེ། །སྒྲ་འབྱིན་

p. 221

མ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་མ་སྟེ། །རྡོ་རྗེ་སྙེམས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་ཕ་རོལ་ཕྱིན་མ་སྟེ། རྡོ་རྗེ་སྡེར་ལ་ཕྱག་འཚལ་ལོ། །བསམ་གཏན་ཕ་རོལ་ཕྱིན་མ་སྟེ། །དུར་ཁྲོད་མ་ལ་ཕྱག་འཚལ་ལོ། །ཐབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གཏུན་ཁུང་མ་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་ཕ་རོལ་ཕྱིན་མ་སྟེ། །རབ་གཏུམ་མ་ལ་ཕྱག་འཚལ་ལོ། །སྦྱིན་པའི་ཕ་རོལ་ཕྱིན་མ་སྟེ། །མདའ་སྙེམས་མ་ལ་ཕྱག་འཚལ་ལོ། །སྨོན་ལམ་ཕ་རོལ་ཕྱིན་མ་སྟེ། །སྐྱོད་བྱེད་མ་ལ་ཕྱག་འཚལ་ལོ། །སྟོབས་ཀྱི་ཕ་རོལ་ཕྱིན་མ་སྟེ། །གསོད་བྱེད་མ་ལ་ཕྱག་འཚལ་ལོ། །བཟོད་པའི་ཕ་རོལ་ཕྱིན་མ་སྟེ། །སྐུལ་བྱེད་མ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན། །ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང་། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་

p. 222

ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །འབྱུང་བ་ལྔ་ལས་སྐུ་བཞེངས་མ། །རྟག་རྒྱལ་ལྔ་ལ་ཕྱག་འཚལ་ལོ། །རང་བཞིན་དབྱིངས་ལས་གྲུབ་པ་མོ། །དབྱིངས་ཕྱུག་ལྔ་ལ་ཕྱག་འཚལ་ལོ། །རྒྱུ་འབྲས་བྱང་ཆུབ་སེམས་ཀྱི་སྤྲུལ་པ་སྟེ། །མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ། །ག་ཎ་པ་ཏིའི་སྤྲུལ་པ་སྟེ། །ཀིང་ཀ་ར་ལ་ཕྱག་འཚལ་ལོ། །ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ། །ཀིང་ཀ་རཱི་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་ལ་དབང་མཛད་མ། །འཇིགས་བྱེད་དཔལ་འབར་རལ་པ་ཅན། །འདོད་པའི་རོ་ལ་ཆགས་པ་མོ། །མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ། །དམ་ཅན་རྒྱ་

p. 223

མཚོའི་ཚོགས་ལ་ཕྱག་འཚལ་ལོ། །[ཞེས་ཕྱག་བྱས་པས། སྟོན་པ་ཀུན་ཏུ་བཟང་པོའི་ཞལ་ནས།] ཨ་ལ་ལ་ཧོཿབུ་ཁྱོད་ཤིན་ཏུ་སྐལ་བ་བཟང་༔ གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆགས་ཀུན་ཀྱང་བྱང་བར་འགྱུར༔ མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་༔ ན་རཀ་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ༔ [ཅེས་དབུགས་དབྱུང་སྩལ་བར་མོས། གཉིས་པ་ངག་གིས་སྔགས་བཟླ་བའི་སྒོ་ནས་བཤགས་པ་ནི།] རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་གདན་ལ་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས་ནས་འདུས་པ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་ཞིང་༔ གཡོན་པས་དྲིལ་བུ་དཀུར་བསྟེན་པ༔ ཅུང་ཞིག་འགྱིང་བའི་ཚུལ་ཅན༔ ཞབས་སྐྱིལ་ཀྲུང་ཕྱེད་བཅས་ཀྱིས་གཡས་པའི་མཐེ་བོང་རང་གི་སྤྱི་བོར་རེག་པ༔ ཞལ་འཛུམ་

p. 224

སྤྱན་དྭངས་རབ་ཏུ་དགྱེས་པ༔ དར་སྣ་ཚོགས་ཀྱི་ན་བཟའ་དང་ཅོད་པན་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་ཐུགས་ཀར་ཟླ་བ་རྒྱས་པའི་སྟེང་དུ་ཧཱུྃ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་གཡས་སུ་སྒ་ར་ར་འཁོར་བ་ལས་འོད་ཟེར་སྐར་མའི་ཕྲེང་བ་ལྟར་འཕྲོས་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱང་༔ སླར་འོད་ཟེར་ཚུར་འདུས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་བདུད་རྩི་འོད་ཟེར་གྱི་རྒྱུན་བབས༔ ཞབས་གཡས་པའི་མཐེ་བོང་ནས་ངང་ནར་གྱིས་བྱུང་བ་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་༔ འཁོར་བ་ཐོག་མེད་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་དམ་ཚིག་ཆག་ཉམས་འགལ་འཁྲུལ་དུ་གྱུར་པའི་ཉེས་བྱས་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཅི་གནས་པ་ཐམས་ཅད་སང་སང་དག་ནས་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟར་གྱུར་[པར་བསམས་ལ། ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར། སླར་ཡང་འགྱོད་ཚིག་སྨྲེ་སྔགས་ཀྱི་བཤགས་

p. 225

པ་ནི།] ཨོཾ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཉི་ཟླ་འབུམ་བརྡལ་བཞིན༔ དཔའ་བོའི་འོད་ཟེར་སྟོང་ཁམས་ལམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས༔ སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད༔ དར་ཅིང་དྲག་པའི་ལས་དབང་དེ་བཙན་པས༔ འཁོར་བ་སྡུག་བསྔལ་རྒྱ་མཚོར་བྱིངས་གྱུར་ཏེ༔ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས༔ གཏི་མུག་མུན་པ་འཐིབ་པས་ཤེས་རབ་རྨོངས༔ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིངས༔ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན༔ ཕྲག་དོན་རླུང་དམར་འཚུབས་པས་འཁོར་བར་གཡེངས༔ བདག་ཏུ་

p. 226

ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང་༔ སྡུག་བསྔལ་དྲག་པོ་མི་བཟོད་ཆར་ལྟར་འབེབས༔ འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་༔ སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུང་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རུ་ཏྲར་སྐྱེས༔ སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆེ༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ཟློག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་རར་མུན་པར་འཁྱམས་པ་ལས༔ བྱམས་མགོན་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པ་གནས་སྦྱོངས་ནས་༔

p. 227

མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་བལྟ་བས་མི་ངོམས་ཀྱང་༔ ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས༔ ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་དེ་སྔ་གང་ན་བཞུགས༔ ལས་དབང་དྲག་པོ་ཤིན་ཏུ་མི་བཟད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང་༔ ཉམ་ཐག་ཕོངས་པའི་ང་རོ་འབོད་ལགས་ན༔ བྱམས་མགོན་ཐུགས་རྗེས་དུས་འདིར་མི་དགོངས་སམ༔ ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ༔ གཉེན་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་ཁྲིད༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱི༔ གང་གི་ཕྱི་བཤོལ་དུས་ལས་མ་གཡེལ་བར༔ ད་ལྟ་ཉིད་དུ་བཏུད་དེ་མངོན་སྤྱོད་མཛོད༔ ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་

p. 228

བ༔ ཐོག་མ་མེད་པའི་དུས་ནས་ལོག་རྟོག་པས༔ ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་པོ་ཅན་ལུས་གྲངས་མེད་བླངས་གྱུར་ཏེ༔ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསགས་ན་བསམ་མ་འདས་བརྗོད་མི་ལང་༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ༔ སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས༔ དོན་གྱི་ཡེངས་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་དྲྭ་བའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཚུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་༔ ཐུགས་རྗེ་ཆེན་པོས་

p. 229

ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་ཀྱི་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན༔ ཐུགས་རྗེའི་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ན༔ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོའམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིངས་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་ནས་སྦྱངས་སྦྱངས་ནས༔ ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིས༔ བདག་ཉིད་

p. 230

ལས་འཕྲོ་དབང་བཙན་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་༔ སྔོན་འབྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ༔ འཁོར་བའི་འདམ་ནས་དྲངས་ཏེ་སྐུ་གསུམ་གྱི༔ གོ་འཕང་མཆོག་ལ་མྱུར་དུ་དྲང་དུ་གསོལ༔ [ཞེས་སྨྲེ་བཤགས་གསོལ་བས།] བླ་མ་རྡོ་རྗེ་སེམས་དཔའི་ཞལ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས། རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་བསྐང་སྟེ། ངན་སོང་དུ་ལྷུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་སྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་

p. 231

བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་ནས་རང་ལ་ཐིམ་པར་[བསམ། གསུམ་པ་ཡིད་མ་བཅོས་ལྟ་བའི་ཀློང་གི་བཤགས་པ་ནི། ཉམ་དང་མ་ཉམས་ཀྱི་རྟོག་པ་རྣམས་མཉམ་ཉིད་ཀ་དག་ཡེ་གྲོལ་ཆེན་པོའི་ངང་ལ་མཉམ་པར་བཞག་སྟེ།] ཨོཾ༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ གཟུང་འཛིན་གཉིས་སུ་ལྟ་བ་ཡོངས་རེ་གོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད༔ གཙང་དང་རྨེ་བར་འཛིན་པ་སྙིང་རེ་རྗེ༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་ལྟ་བ་ཡོངས་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་འཆི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་འཆི་གཉིས་སུ་འཛིན་པ་ཉོན་རེ་མོངས༔

p. 232

འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་ལྟ་བ་ཡོངས་རེ་གོལ༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ཟླུམ་ཐིག་ལེའི་ཀློང་དུ་བཤགས་པར་བགྱི༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་ལྟ་བ་ཡོངས་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རང་བྱུང་རྩོལ་མེད་ཀློང་དུ་བཤགས་པར་བགྱི༔ རིག་པ་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་ལྟ་བ་སྙིང་རེ་རྗེ༔ གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རིག་པ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་གཉིས་སུ་ལྟ་བ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་དབྱིངས་

p. 233

རྣམ་དག་མཐའ་དབུས་མེད་པར་བཤགས༔ གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་དབྱིངས་མཐོ་དམན་མེད་པ་ལ༔ སྟེང་དང་འོག་ཏུ་ལྟ་བ་ཐང་རེ་ཆད༔ མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས་༔ ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ ཅི་མཛད་ཅི་སྤྱོད་ཡབ་ཀྱི་རོལ་པ་ལ༔ རྣམ་རྟོག་སོ་སོར་ལྟ་བ་ཐང་རེ་ཆད༔ མིང་གི་ལོག་པར་འཛིན་པ་ཉོན་རེ་མོངས༔ རོལ་པ་འཛིན་རྟོག་མེད་པའི་ཀློང་དུ་བཤགས༔ རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་

p. 234

ཀློང་དུ་མཐོལ་ལོ་བཤགས༔ སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན༔ གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་སྡུག༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་༔ བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་སེམས་ཀྱིས་ཆགས་པ་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་པས༔ དངོས་པོ་མཚན་མའི་ཆོས་ལ་བདག་ཏུ་འཛིན༔ མི་དགེའི་ལས་ཀྱིས་བདེ་བ་འཚོལ་བྱེད་པ༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་བཟུང་༔ མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ༔ མཉམ་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ནས༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ ཆོས་ཉིད་བདེ་

p. 235

ཆེན་ཀློང་དུ་མཐོལ་ལོ་བཤགས༔ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས༔ རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཡེ་ཤེས་ལྷ་ཚོགས་སྲུང་མ་དམ་ཚིག་ཅན༔ དམ་ཚིག་གཞུང་བཞིན་བསྒྲུབ་པའི་རྣལ་འབྱོར་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་བ་ན༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ [ཞེས་བཤགས་སོ། །གཉིས་པ་ཐུགས་དམ་བསྐང་བའི་ཆོ་ག་ལ་བརྒྱད། རྟོགས་སྐོང་། བདུད་རྩི། གཏོར་མ། རཀྟ། སྒྲོན་མེ། གནས་དག །གནས་གྱུར། ཚོགས་ཀྱི་མཆོད་པས་བསྐང་བའོ། དང་པོ་དོན་དམ་རྟོགས་པས་སྐོང་བ་ནི།] ཧཱུྃ། བསྐང་ངོ་ཀཝས་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་དུ་བསྐང་། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །སྐྱེ་བ་མེད་པའི་དབྱིངས་སུ་བསྐང་། །འགག་པ་མེད་པའི་མཁའ་ལ་བསྐང་། །སྐྱེ་འགག་གཉིས་མེད་ཀློང་དུ་བསྐང་། །

p. 236

ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །[གཉིས་པ་བདུད་རྩིས་སྐོང་བ་ན།] ཧཱུྃ། བསྐང་ངོ་བདུད་རྩིས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས་དམ་བསྐང་། །གདངས་གསལ་འབར་བའི་བྷཛྙ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །རྒྱལ་བ་སྤྲུལ་སྐུའི་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཁྲོ་བོའི་ལྷ་ཚོགས་

p. 237

ཐུགས་དམ་བསྐང་། །བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། [གསུམ་པ་གཏོར་མས་སྐོང་བ་ནི།] ཧཱུྃ། བསྐང་ངོ་གཏོར་མས་ཐུགས་དམག་བསྐང་། །བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་སྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྐོར། །རྣམ་ཤེས་ཚོགས་བརྒྱད་ཛ་གད་སྩལ། །རྩ་ཆེན་བཞི་ཡི་རཏྐས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །

p. 238

ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཁྱབ་བརྡལ་པགས་པའི་གཏོར་གཞོང་དུ། །རུས་པ་རང་སྣང་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་སྩལ། །ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཁོག་པ་སྟོང་བའི་གཏོར་གཞོང་དུ། །མཆིན་པ་རང་སྣང་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྐོར། །གུ་ཧྱ་ནང་ཁྲོལ་ཇ་གད་སྩལ། །རང་སྣང་མཁྲིས་པའི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །བ་ལིང་འདོད་ཡོན་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་བ་ལིངྟ་ཁཱ་ཧི། [བཞི་པ་རཀྟས་སྐོང་བ་ནི།] ཧཱུྃ། བསྐང་

p. 239

ངོ་རཀྟས་ཐུགས་དམ་བསྐང་། །སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བསྐང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མགྲིན་པ་ལོངས་སྤྱོད་བྷཉྫ་རུ། །སྣ་ཚོགས་ཡིད་ཀྱི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྙིང་ག་ཆོས་ཀྱི་བྷཉྫ་རུ། །བསམ་པ་བློ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ལྟེ་བ་སྤྲུལ་པའི་བྷཉྫ་རུ། །ཉོན་མོངས་སྲིད་རྩའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །གསང་བ་བདེ་སྐྱོང་བྷཉྫ་རུ། །བདེ་བ་ཐིག་ལེའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་

p. 240

འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །རཀྟ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། [ལྔ་པ་སྒྲོན་མེས་སྐོང་བ་ནི།] ཧཱུྃ། བསྐང་ངོ་སྒྲོན་མེས་ཐུགས་དམ་བསྐང་། །བརྡལ་ཁྱབ་པགས་པའི་ཀོང་བུ་རུ། །ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲག་མདངས་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །དུང་ཆེན་འབར་བའི་ཀོང་བུ་རུ། །གོ་རོ་ཙ་ནའི་མར་ཁུས་གཏམས། །གསལ་བྱེད་རྩ་ལྔའི་སྡོང་བུ་ལ། །དབང་པོ་སྒོ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་

p. 241

དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཨ་བ་དྷུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ཀྱི་མར་ཁུས་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་ལ། །བྱང་ཆུབ་སེམས་ཀྱི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མི་ཤིགས་ཐིག་ལེའི་ཀོང་བུ་རུ། །སྐྱེ་མེད་ཡེ་ཤེས་མར་ཁུས་གཏམས། །རྩ་ཕྲན་བཅུ་གཉིས་སྡོང་བུ་ལ། །རིག་པ་རང་བྱུང་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཡེ་ཤེས་རྩ་ལྔའི་ཀོང་བུ་རུ། །ཨ་དཀར་རྩ་གཅིག་མར་ཁུས་གཏམས། །ཡེ་ཤེས་འོད་ཟེར་སྡོང་བུ་ལ། །ཤེས་རབ་འབྲུ་ལྔའི་ཞུན་མར་

p. 242

སྦར། འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལྔ་ལྷུན་གྲུབ་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྒྲོན་མ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་སྩལ་དུ་གསོལ། །དྰི་པ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡྃ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། ལྃ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ།

p. 243

ཨ་ཨཱ་སྭཱ་ཧཱ། ཆག་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་ཏུ་སྭཱ་ཧཱ། [ཞེས་ཁྲུས་བདུན་གྱི་རིག་པ་ལན་བདུན་དུ་བྱའོ། །དྲུག་པ་ཞི་བ་གནས་དག་གི་སྐོང་བ་ནི།] ཨོཾ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཆོས་ཀྱི་ངོ་བོ་གནས་དག་པ། །ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་། །ཕུང་པོ་ལྔ་པོ་གནས་དག་པ། །རྒྱལ་བ་ཡབ་ལྔའི་ཐུགས་དམ་བསྐང་། །འབྱུང་བ་ལྔ་པོ་གནས་དག་པ། །རྒྱལ་བ་ཡུམ་ལྔའི་ཐུགས་དམ་བསྐང་། །རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི་ཐུགས་དམ་བསྐང་། །རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང་། །ལུས་ཀྱི་ཆོས་བཞི་གནས་དག་པ། །ཁྲོ་བོ་བཞི་ཡི་ཐུགས་དམ་བསྐང་། །རྟག་ཆད་མུ་བཞི་གནས་དག་པ། །ཁྲོ་མོ་བཞི་ཡི་ཐུགས་དམ་བསྐང་། །ཉོན་མོངས་དྲུག་པོ་གནས་དག་པ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །[བདུན་པ་ཁྲོ་བོ་གནས་གྱུར་གྱི་སྐོང་བ་ནི།] ཧཱུྃ། ཀུན་གཞི་ཡིད་ཆོས་གནས་གྱུར་པ། །དཔལ་ཆེན་ཡབ་ཡུམ་

p. 244

ཐུགས་དམ་བསྐང་། །ཉོན་མོང་དུག་ལྔ་གནས་གྱུར་པ། །ཁྲག་འཐུང་ཡབ་ལྔའི་ཐུགས་དམ་བསྐང་། །འབྱུང་ལྔ་ཡུལ་ལྔ་གནས་གྱུར་པ། །ཁྲག་འཐུང་ཡུམ་ལྔའི༴ །རྣམ་བཞིའི་རྟོག་པ་གནས་གྱུར་པ། །ཧེ་རུ་ཀ་བཞིའི༴ །སྐྱེ་གནས་བཞི་པོ་གནས་གྱུར་པ། །ཀྲོ་དྷཱི་རིགས་བཞིའི༴ །རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ། །ཁྲོ་མོ་བརྒྱད་ཀྱི༴ །རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ། །ཕྲ་མེན་བརྒྱད་ཀྱི༴ །རྟག་ཆད་མཐའ་བཞི་གནས་གྱུར་པ། །སྒོམ་བཞི་ཡི་ཐུགས་དམ་བསྐང་། །སྣ་ཚོགས་རྟོག་པ་གནས་གྱུར་པ། །དབང་མོ་ཉེར་བརྒྱད༴ །མི་ཤིགས་སྐུ་ཡི༴ །འགག་མེད་གསུང་གི༴ །འགྱུར་མེད་ཐུགས་ཀྱི༴ །ཡོན་ཏན་མི་ཟད༴ །ཕྲིན་ལས་རྒྱན་གྱི༴ །ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོངས་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །[ཞེས་བསྐང་བར་བྱའོ། །བརྒྱད་པ་བླ་མེད་ཚོགས་ཀྱི་མཆོད་པས་བསྐང་བ་ལ་དྲུག །བཤམས་ཤིང་བྱིན་བརླབ་པ། ཚོགས་ཞིང་སྤྱན་དྲང་པ། ཕུད་

p. 245

འབུལ་བ། བར་པ་བཤགས་པ་བྱ་བ། ཐ་མ་བསྒྲལ་ཞིང་སྟོབ་པ། བདུད་རྩི་གསང་ནན་དུ་འབུལ་བའོ། །དང་པོ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། མཱཾ་ས་ཛ་གད་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བའི་ཡོ་བྱད་ཅི་འབྱོར་པ་གྱ་ནོམ་པར་བཤམ་ལ། བདུད་རྩི་ཟེག་མ་འཐོར་ཞིང་།] ཨོཾ་སརྦ་དྲ་བྱཾ་ཤྭ་དྷ་ནི་ཧཱུྃ་ཕཊ༔ [ཅེས་བསང་།] ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རྃ་འཕྲོས་ཚོགས་ཀྱི་དངོས་འཛིན་བསྲེགས༔ ཡྃ་འཕྲོས་ཚོགས་ཀྱི་བདག་ཆགས་གཏོར༔ ཁྃ་འཕྲོས་ཚོགས་ཀྱི་གཉིས་འཛིན་བཀྲུས༔ དེ་ཕྱིར་རྃ་ཡྃ་ཁྃ་ཞེས་བྱ༔ བྱིན་གྱིས་བརླབས་པའི་ཡི་གེ་ནི༔ ཨོཾ་དང་ཨཱཿདང་ཧཱུྃ་དུ་འཕྲོས༔ འོད་ཟེར་ཕྱོགས་རྣམས་ཀུན་ལ་ཁྱབ༔ ཚོགས་ནི་ཡེ་ཤེས་བདུད་རྩིར་གྱུར༔ མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ ཚོགས་ཕུད་ལྷ་ཚོགས་དགྱེས་པར་[བསམ། གཉིས་པ་ཚོགས་ཞིང་སྤྱན་དྲང་བ་ནི།] ཧཱུྃ༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་ཀ་དག་ཕོ་བྲང་ནས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ བླ་མེད་གསང་བའི་དཀྱིལ་འཁོར་

p. 246

བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ ཐུགས་དམ་ཉམས་ཆག་གཉན་སྐོངས་ལ༔ གཡར་དམ་སོར་སྩོལ་དངོས་གྲུབ་ཞུ༔ ཨྃ་ཧཱུྃ་ཨཱཾ་སྭཱ་ཧཱ་ཧཱུྃ་ཧ་ཧེ་ཕཊ་བྷྱོ་ཨེ་ཧྱེ་ཧི་ཛཿཧཱུྃ་བྃ་ཧོཿ[ཞེས་པས་སྤྱན་དྲངས། གསུམ་པ་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་པའི། ཆ་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི།] ཧཱུྃ༔ སྐྱེ་འགག་འགྱུར་མེད་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ [བཞི་པ་ཆ་བར་པ་བཤགས་པའི་ཕྱིར་དུ་འབུལ་བ་ནི།] ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟ་ཐུག་གི་བར༔ མ་རིག་དབང་གིས་བདག་ལུས་ངག་སེམས་ཀྱིས༔ ཀུན་བཟང་ཞི་ཁྲོའི་ཐུགས་དང་ཅི་འགལ་བ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ [ཞེས་དང་ཡི་གེ་བརྒྱ་པས་འཁོན་གཅུག་སྦྱང་ངོ་། །ལྔ་པ་ཚོགས་ཐ་མ་བསྒྲལ་ཞིང་སྟོབ་པ་ནི། ལིང་ག་ལོགས་སུ་མ་བཅས་ན་སྔར་བྱིན་རླབས་མ་བྱས་གོང་ནས་ཚོགས་ཟན་བཅད་པ་མདུན་དུ་བཞག་ལ།] ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ [ཅེས་པས།] བདག་ཉིད་རྡོ་རྗེ་ཁྲོ་བོའི་

p. 247

སྐུར་ལངས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་མ་རུང་བའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ[ཞེས་ལྕགས་ཀྱུའི་རྒྱས་བཀུག་ལ།] ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིངས་ཏེ་མྱོས་པར་བྱས་ནས། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱི་ཆོ་འཕྲུལ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཁྲག་འཐུང་རྔམས་བརྗིད་འབར་བའི་སྐུར་བཞེངས་ལ༔ ཉོན་མོངས་མ་རིག་དུག་ལྔ་ཕུང་པོ་ལྔ༔ བསྟན་པ་བཤིག་པའི་དགྲ་བགེགས་མ་རུང་པ༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་

p. 248

མཛོད་ཅིག༔ སརྦ་དུཥྚྰན་མཱ་ར་ཡ་ཧཱུྃ་ཕཊ༔ [ཅེས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་ཤ་ཁྲག་བདུད་རྩིར་སྦར་བ་སྟོབ་པ་ནི།] ཧཱུྃ༔ དུག་ལྔར་སྤྱོད་པའི་ལས་ངན་ཀུན༔ རིགས་ལྔ་དག་གི་ཕྱག་རྒྱས་བསྒྲལ༔ ཉོན་མོངས་བསྒྲལ་བའི་ཡེ་ཤེས་བཅུད༔ ཟ་བྱེད་མི་འགྱུར་ཆོས་དབྱིངས་རོལ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ [དྲུག་པ་སྨན་ཕུད་རཀྟ་གསང་ནན་དུ་འབུལ་བ་ནི།] རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ དུག་ལྔ་དུག་གསུམ་རྣམ་པར་དག༔ སྐུ་གསུམ་སྐུ་ལྔ་ལྷུན་གྱིས་གྲུབ༔ འབྲས་བུ་ཀ་དག་རྫོགས་སངས་རྒྱས༔ ཁྱད་པར་རྨད་བྱུང་བདུད་རྩི་འདི༔ ཀུན་བཟང་ཞི་ཁྲོའི་ཞལ་དུ་ཁ་རཾ་ཁཱ་ཧི༔ ཆོས་དབྱིངས་བྷནྡྷ་ཀ་པཱ་ལར༔ སྲིད་གསུམ་ཞིང་བཅུ་བསྒྲལ་བའི་ཁྲག༔ ཡེ་ཤེས་གསལ་བའི་བཅུད་དུ་གཏམས༔ ཀུན་བཟང་ཞི་ཁྲོའི་ཞལ་དུ་བསྟབ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ [ཞེས་ཕུལ་ལ། བསྒྲལ་མཐར་སྦྱོར་བའི་དམ་ཚིག་གིས་ཚོགས་ཞིང་རྣམས་ཀྱང་རྗེས་

p. 249

ཆགས་ཀྱི་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ་རང་ལ་ཐིམ།] ཨོཾ་བཛྲ་སཏྭ་ཨཱཿ[ཞེས་པས་རྡོར་སེམས་སུ་ང་རྒྱལ་འཕོའོ། །སྤྱི་དོན་གསུམ་པ་བྱིན་རླབས་གསོ་བ་དབང་གི་ཆོ་ག་ལ་གསུམ། དཀྱིལ་འཁོར་དུ་འཇུག་པ། དབང་བླང་བ། རྗེས་ཀྱི་བྱ་བའོ། །དང་པོ་ལ་ལྔ། མཎྜལ་འབུལ་ཞིང་ཆས་སུ་གཞུག་པ། གསོལ་བ་གདབ་པ། ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ། མེ་ཏོག་དོར་བ། མིག་དབྱེ་ཞིང་མཐོང་བ་བསྟན་པའོ། །དང་པོ་ནི། མཎྜལ་འབུལ་བ་སྔོན་དུ་འགྲོ་བས།] ཨོཾ་ཨཱ༔ ཧཱུྃ་[གིས་མིག་དར་བཅིང་།] ཨཱ་ཁཾ་ཝི་ར་ཧཱུྃ་[གིས་མེ་ཏོག་བཟུང་། གཉིས་པ་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་བས་བཏུད་དེ།] ཧོཿབདག་ཅག་སྐལ་ལྡན་བུ་ཡིན་པས༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ འགྲོ་བའི་དཔལ་མགོན་བླ་མ་ལ༔ སྨིན་གྲོལ་དབང་དང་གདམས་པ་ཞུ༔ [ཞེས་ལན་གསུམ་གྱིས་གསོལ་བ་གདབ། གསུམ་པ་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་ནི།] རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྙིང་ཁར་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བའི་ལྟེ་བར་ཡྃ་དང་། ཡན་ལག་བཞི་ལ་ཧ་རི་ནི་ས་གནས་པ་རླུང་གིས་བསྐུལ་བས་དྲག་ཏུ་འཁོར་བའི་འོད་ཀྱིས་དཀྱིལ་འཁོར་བའི་ཐུགས་ཀ་ནས་སྐུ་དང་ཡིག་

p. 250

འབྲུ་ཕྱག་མཚན་གྲངས་མེད་འོད་ཟེར་གྱི་ཕུང་པོ་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་བྱུང་བས་ལུས་ཐམས་ཅད་མེར་ཁྲིག་གང་སྟེ་བདེ་བ་བཟོད་མེད་དུ་འབར་བར་[བསམ་ལ། ཁྱད་པར་གྱི་རྫས་བསྲེག་ཅིང་། ཌཱ་དྲིལ་རྐང་གླིང་སོགས་རོལ་མོ་སྣ་ཚོགས་དལ་བྲེལ་དུ་མ་དང་བཅས་པས། ཞི་ཁྲོའི་སྤྱི་སྔགས་མཐར།] ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་རཱ་ར་རཱ༔ ཙ་ལ་ཡ༔ ཙ་ལ་ཡ༔ ཧཱུྃ་ཨཱཿཧཱཿཛྷཻཾ༔ [ཞེས་དྲག་ཏུ་བཟླའོ། །ཕེབས་ནས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ།] ཏིཥྛ་བཛྲ༔ [ཞེས་བརྟན་པར་བྱ། བཞི་པ་མེ་ཏོག་དོར་བ་ནི། དཀྱིལ་འཁོར་གྱི་ཤར་སྒོ་ནས་མེ་ཏོག་ཐོགས་ལ།] ཧོཿ བདག་གི་རིག་པའི་མེ་ཏོག་འདི༔ རྩ་གསུམ་ཞི་ཁྲོའི་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབས་པར་ཤོག༔ པྲ་ཏཱིཙྪ་ཧོཿ[ཞེས་དོར་བས་གང་ལ་བབས་པར་བརྟགས་ཏེ། དབུས་སུ་བབས་ན་རབ། ཕོ་བྲང་ནང་དུ་འབྲིང་། ཁོར་ཡུག་ཏུ་ཐ་མ། རླུང་གིས་གཞན་དུ་བསྐྱོད་པ་སོགས་བྱུང་ན་ཉམས་པ་བསྐངས་མ་ཐུབ་པའི་རྟགས་སོ། །གང་ལྟར་ཡང་།] མེ་ཏོག་ཕུལ་བ་དཀྱིལ་འཁོར་གྱི་བདག་པོས་བཞེས་ཏེ་སླར་ཡང་དབང་རྟགས་སུ་བཅིངས་པར་[བསམ།]

p. 251

ཧོཿཅོད་པན་རང་བྱུང་རྣམ་པར་དག༔ འཕུར་ལྕེ་ཡེ་ཤེས་ལྔ་དང་ལྡན༔ ཉོན་མོངས་དུག་ལྔ་རྣམ་དག་ནས༔ ཡེ་ཤེས་སྐུ་ལྔ་ཐོབ་པར་ཤོག༔ ཨེ་མྃ་སཏྭ་མ་ཧཱ་བ་ལ་ཧཱུྃ༔ [ཞེས་མེ་ཏོག་མགོ་བོར་བཀོད། ལྔ་པ་མིག་དབྱེ་ཞིང་མཐོང་བ་བསྟན་པ་ནི། དཀྱིལ་འཁོར་གཙོ་བོ་དང་དབྱེར་མེད་པའི་སློབ་དཔོན་གྱིས།] ཧོཿསྟོན་པ་རྡོ་རྗེ་སློབ་དཔོན་ངས༔ ཁྱོད་ཀྱི་ཉོན་མོངས་འཁྲུལ་པའི་མིག༔ ཤེས་རབ་ཐབས་དང་ཏིང་འཛིན་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ ཨོཾ་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ [ཀྱིས་མིག་དར་བསལ་ལ།] ཀྱེ་མ་སྐལ་ལྡན་བུ་རྣམས་ལྟོས༔ ཁྱོད་རྣམས་ལས་དང་སྐལ་བ་བཟང་༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ནི་དད་པར་གྱིས༔ བསྐལ་པར་བསགས་པའི་སྡིག་སྒྲིབ་འདག༔ དངོས་གྲུབ་སྣ་ཚོགས་ཁྱེད་ལ་འབྱུང་༔ [ཞེས་མཐོང་བ་བསྟན་པས།] བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་བཞིན་དུ་མཐོང་བར་གྱུར་[པར་བསམ་མོ། །གཉིས་པ་དབང་བླང་བ་ལ་གཉིས། གསོལ་བ་གདབ་པ་དང་། དབང་བླང་བ་དངོས་སོ། །དང་པོ་ནི། མཎྜལ་འབུལ་བ་སྔོན་དུ་

p. 252

འགྲོ་བས།] ཀྱཻ༔ བླ་མ་ཀུན་བཟང་རིག་འཛིན་གཙོ༔ བདག་ཅག་སྐལ་ལྡན་བུ་རྣམས་ནི༔ དུས་གསུམ་རྒྱལ་བའི་གདུང་གསོབ་ཕྱིར༔ བླ་མས་སྨིན་གྲོལ་དབང་མཆོག་སྩོལ༔ [ཞེས་ལན་གསུམ་གྱིས་གསོལ་བ་གདབ། གཉིས་པ་དབང་དངོས་ལ་གཉིས། སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་དང་། དངོས་གཞི་ཡོན་ཏན་ཡར་འཕེལ་གྱི་དབང་ངོ་། །དང་པོ་སྡིག་སྒྲིབ་དག་བྱེད་ཀྱི་དབང་ནི། འབྲུ་དྲུག་ཙཀླི་རིམ་པར་ཐོགས་ལ།] ཧཱུྃ༔ སྐལ་ལྡན་བུ་ཡི་སྤྱི་གཙུག་ཏུ༔ ཡི་གེ་ཨ་ཡི་དབང་བསྐུར་བས༔ སྣང་སྲིད་ཐམས་ཅད་ཨ་རུ་གྱུར༔ ཨ་ལས་འོད་འཕྲོས་ཨ་དཀར་སྦྱངས༔ འཕོ་ལྟུང་སྡུག་བསྔལ་ཞི་ནས་ཀྱང་༔ ལྷ་ཡི་སྐྱེ་སྒོ་ཆོད་པར་ཤོག༔ ཨ་ཨ་བྷིཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་བུ་ཡི་ལྟག་རྩ་རུ༔ ཡི་གེ་འ་ཡི་དབང་བསྐུར་བས༔ སྣང་སྲིད་ཐམས་ཅད་འ་རུ་གྱུར་༔ འ་ལས་འོད་འཕྲོས་ཏྲི་སྔོན་སྦྱངས༔ འཐབ་རྩོད་སྡུག་བསྔལ་ཞི་ནས་ཀྱང་༔ ལྷ་མིན་སྐྱེ་སྒོ་ཆོད་པར་ཤོག༔ འ་ཨ་བྷིཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་བུ་ཡི་སྙིང་ཁ་རུ༔ ཡི་གེ་ཧ་ཡི་དབང་བསྐུར་བས༔ སྣང་སྲིད་ཐམས་ཅད་ཧ་རུ་གྱུར༔ ཧ་ལས་འོད་འཕྲོས་ནྲྀ་ལྗང་སྦྱངས༔ བྲེལ་

p. 253

འཕོངས་སྡུག་བསྔལ་ཞི་ནས་ཀྱང་༔ མི་ལུས་དག་པའི་དབང་ཐོབ་ཤོག༔ ཧ་ཨ་བྷིཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་བུ་ཡི་ལྟེ་བ་རུ༔ ཡི་གེ་ཤ་ཡི་དབང་བསྐུར་བས༔ སྣང་སྲིད་ཐམས་ཅད་ཤ་རུ་གྱུར༔ ཤ་ལས་འོད་འཕྲོས་སུ་སེར་སྦྱངས༔ གླེན་ལྐུག་སྡུག་བསྔལ་ཞི་ནས་ཀྱང་༔ བྱོལ་སོང་སྐྱེ་སྒོ་ཆོད་པར་ཤོག༔ ཤ་ཨ་བྷིཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་བུ་ཡི་གསང་གནས་སུ༔ ཡི་གེ་ས་ཡི་དབང་བསྐུར་བས༔ སྣང་སྲིད་ཐམས་ཅད་ས་རུ་གྱུར༔ ས་ལས་འོད་འཕྲོས་པྲེ་དམར་སྦྱངས༔ བཀྲེས་སྐོམ་སྡུག་བསྔལ་ཞི་ནས་ཀྱང་༔ ཡི་དྭགས་སྐྱེ་སྒོ་ཆོད་པར་ཤོག༔ ས་ཨ་བྷིཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་བུ་ཡི་རྐང་མཐིལ་དུ༔ ཡི་གེ་མ་ཡི་དབང་བསྐུར་བས༔ སྣང་སྲིད་ཐམས་ཅད་མ་རུ་གྱུར༔ མ་ལས་འོད་འཕྲོས་དུ་ནག་སྦྱངས༔ བཙོ་སྲེགས་སྡུག་བསྔལ་ཞི་ནས་ཀྱང་༔ དམྱལ་བའི་སྐྱེ་སྒོ་ཆོད་པར་ཤོག༔ མ་ཨ་བྷིཥིཉྩ་ཧཱུྃ༔ [ཞེས་བསྐུར། གཉིས་པ་ཡོན་ཏན་ཡར་འཕེལ་གྱི་དབང་ལ་བཞི། བུམ་དབང་། གསང་དབང་། གཤེར་དབང་། ཚིག་དབང་ངོ་། །དང་པོ་བུམ་པའི་དབང་ལའང་ཕན་ནུས་གཉིས་ཀྱི། དང་པོ་ཕྱི་ཕན་པའི་དབང་ལའང་

p. 254

རིག་པའི་དབང་ལྔ་ལས། དང་པོ་མི་བསྐྱོད་པ་ཆུའི་དབང་ནི།] སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མི་ཕྱེད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས། མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་དེ་བཞིན་གཤེགས་པ་ཡབ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས་དང་བཅས་པ་སྤྲིན་ལྟར་གཏིབས་པར་གྱུར་[པ་ལ།] ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། [དེ་བཞིན་དུ།] ཤཔྡའི་[བར་སྦྱར་བས་མཆོད།] ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་གྱུར། [རྣམ་བུམ་སྤྱི་བོར་བཞག་སྟེ།] སྐུ་གསུམ་དམ་ཚིག་ལས་བྱུང་བ༔ ཉོན་མོངས་ཞེ་སྡང་འཇོམས་པ་ཡི༔ ལྷ་ཡི་བདུད་རྩི་དག་པ་འདིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཨོཾ་བཛྲ་དྷརྨ་དྷྰ་ཏུ་ཛྙཱ་ན་ཨ་བྷིཥིཉྩ་མི༔ [ཞེས་བུམ་ཆུ་སྤྱི་བོར་གཏིགས་པས།] མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས། མི་བསྐྱོད་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་

p. 255

པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །[གཉིས་པ་རིན་འབྱུང་ཅོད་པན་གྱི་དབང་ནི། དབུ་རྒྱན་མགོ་བོར་བཅིང་ཞིང་རྣ་ལྟག་གཡས་སུ་བུམ་ཆུ་གཏིགས་ལ།] སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྭཱ་རཏྣ་ས་མཱ་ཏཱ་ཛྙཱ་ན་རཏྣ་སམྦྷ་བ་ཨ་བྷིཥིཉྩ་མི༔ རིན་འབྱུང་གི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས། རིན་འབྱུང་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །[གསུམ་པ་སྣང་མཐའ་རྡོ་རྗེའི་དབང་ནི། རྡོ་རྗེ་མགོ་ཐོག་དང་ལག་པ་གཡས་པར་གཏད་ཅིང་ལྟག་པར་བུམ་ཆུ་གཏིགས་ལ།] སངས་རྒྱས་ཀུན་གྱི་རྡོ་རྗེའི་

p. 256

དབང་༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་སུ་དབང་བསྐུར་རོ༔ ཨཱོཾ་པདྨ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷིཥིཉྩ་མི༔ སྣང་བ་མཐའ་ཡས་ཀྱི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས། སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །[བཞི་པ་དོན་གྲུབ་དྲིལ་བུའི་དབང་ནི། དྲིལ་བུ་གསིལ་ཞིང་ལག་གཡོན་དུ་གཏད་ནས་རྣ་ལྟག་གཡོན་དུ་བུམ་ཆུ་གཏིགས་ལ།] ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧཱ་རི་ཤ་ཀྲྀཏྱ་ནུཥྛ་ན་ཛྙཱ་ན་པཱ་དེ་བཛྲ་ཀརྨ་ཨ་བྷིཥིཉྩ་མི༔ དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་

p. 257

ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས། དོན་ཡོད་གྲུབ་པ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །[ལྔ་པ་རྣམ་སྣང་མིང་གི་དབང་ནི། རྡོར་དྲིལ་དཀྲོལ་ཞིང་གསང་མཚན་ཡིད་ལ་བྱ། བུམ་ཆུ་དབྲལ་བར་གཏིགས་ལ།] རྡོ་རྗེ་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་མིང་ནི་རབ་ཏུ་གྲགས༔ ཨོྃ་ཙཀྲ་ཨཱ་དརྴ་ཛྙ་ན་བཛྲ་ཨ་བྷིཥིཉྩ་མི༔ རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས། རྣམ་པར་སྣང་མཛད་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གནས་

p. 258

གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །[དེ་དག་གིས་མ་རིག་པ་ལྔ་སྦྱངས་ནས་རིག་པའི་ཡེ་ཤེས་ལྔ་ཐོབ་བྱེད་ཡིན་བས་ན་རིག་པའི་དབང་ལྔ་ཞེས་གྲགས་སོ། །སླར་ཡང་བུམ་པ་སྤྱི་བོར་འཇོག་ཅིང་།] ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བུམ་པ་ན༔ རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་སྦྱང་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷིཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ [ཞེས་བུམ་ཆུ་མྱང་།] དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཞི་ཁྲོ་རབ་འབྱམས་འདུས་པའི་རང་བཞིན་ཡེ་ཤེས་དྲུག་གི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་བ་ལས། རིགས་འདུས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བུམ་པའི་དབང་བསྐུར་བས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་ནོ། །[གཉིས་པ་ནང་ནུས་པ་འཇུག་པ་ལྷ་སྐུ་ཕྱག་རྒྱའི་དབང་ནི།] རང་ཉིད་སེང་གེས་བཏེགས་པའི་ཁྲི་ལ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་

p. 259

ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་གཉིས་མེད་དུ་ཐིམ་པར་གྱུར་པའི་[མོས་པ་དང་བཅས། སོ་སོའི་ཙཀླི་ཐོགས་ལ། གཙོ་བོ་ཡབ་ཡུམ་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཀུན་གཞིའི་བག་ཆགས་ཀུན་སྦྱང་ནས༔ ཀ་དག་ཆོས་སྐུ་ཐོབ་པར་ཤོག༔ དྷརྨ་ཀཱ་ཡ་ཨ་བྷིཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ[རིགས་ལྔ་ཡབ་ལྔ་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་བ་རིགས་ལྔའི་དབང་བསྐུར་བས༔ ཉོན་མོངས་ཕུང་ལྔ་གནས་དག་ནས༔ སྐུ་ལྔ་ལྷུན་གྲུབ་ཐོབ་པར་ཤོག༔ ཨོཾ་ཧཱུྃ་སྭཱ་ཨོཾ་ཧཱ༔ སམྦྷོ་ཀཱ་ཡ་ཨ་བྷིཥིཉྩ་ཨཱཿ[ཡུམ་ལྔ་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིགས་ཀྱི་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་བ་ལྔ་པོ་གནས་དག་ནས༔ ཁམས་ལྔ་དག་པའི་དབང་ཐོབ་ཤོག༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཨ་བྷིཥིཉྩ་ཨཱཿ[སེམས་དཔའ་བརྒྱད་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྣམ་ཤེས་ཚོགས་བརྒྱད་དག་

p. 260

པའི་ཕྱིར༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ སྐྱེ་མཆེད་དག་པའི་དབང་ཐོབ་ཤོག༔ བོ་དྷི་སཏྭ་ཨ་བྷིཥིཉྩ་ཨཱཿ[སེམས་མ་བརྒྱད་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྣམ་ཤེས་ཡུལ་བརྒྱད་དག་པའི་ཕྱིར༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་དག་པའི་དབང་ཐོབ་ཤོག༔ ཨཱ་ཨ་བྷིཥིཉྩ་ཨཱཿ[ཐུབ་པ་དྲུག་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིགས་དྲུག་སྐྱེ་སྒོ་བཅད་པའི་ཕྱིར༔ ཐུབ་པ་དྲུག་གི་དབང་བསྐུར་བས༔ རྒྱུད་དྲུག་བག་ཆགས་དག་པར་ཤོག༔ ནིརྨྰ་ཀཱ་ཡ་ཨ་བྷིཥིཉྩ་ཨཱཿ[སྒོ་བ་བཞི་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྟག་ཆད་མུ་བཞི་གནས་དག་ཕྱིར༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ ཚད་མེད་རྣམ་བཞི་མཐར་ཕྱིན་ཤོག༔ ཤཱནྟིཾ༔ པུཥྚི༔ ཝ་ཤཾ༔ མཱ་ར་ཡ་ཨ་བྷིཥིཉྩ་ཨཱཿ[སྒོ་མ་བཞི་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ བཛྲ་ཨངྐུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོཿ

p. 261

ཨ་བྷིཥིཉྩ་ཨཱཿ[ཁྲག་འཐུང་ཡབ་ལྔ་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་དག་ནས༔ ཞི་གྲོལ་ཆོས་སྐུའི་ས་གནོན་ཤོག༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷིཥིཉྩ་ཧཱུྃ༔ [ཡུམ་ལྔ་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཁྲག་འཐུང་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཕྱིར་མི་ལྡོག་པའི་དབང་ཐོབ་ཤོག༔ ཀྲོ་དྷི་ཤྭ་རཱི་པཉྩ་ཨ་བྷིཥིཉྩ་ཧཱུྃ༔ [མ་མོ་བརྒྱད་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀཽ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་གནས་དག་ནས༔ འཕགས་པའི་ལམ་བརྒྱད་མཐར་ཕྱིན་ཤོག༔ ཧ་ཨ་བྷིཥིཉྩ་ཧཱུྃ༔ [ཕྲ་མེན་བརྒྱད་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སིང་ཧ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་ཡུལ་བརྒྱད་གནས་དག་ནས༔ འཕགས་པའི་ལམ་བརྒྱད་མཐར་ཕྱིན་ཤོག༔ ཧེ་ཨ་བྷིཥིཉྩ་ཧཱུྃ༔ [སྒོ་མ་བཞི་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་

p. 262

ནས༔ ལས་བཞིའི་ཕྲིན་ལས་འགྲུབ་པར་ཤོག༔ ཛཿཧཱུྃ་བྃ་ཧོཿཨ་བྷིཥིཉྩ་ཧཱུྃ༔ [དབང་ཕྱུག་ཉེར་བརྒྱད་ནི།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ རིག་རྩལ་རྫོགས་པའི་དབང་ཐོབ་ཤོག༔ བྷྱོ་ཨ་བྷིཥིཉྩ་ཧཱུྃ༔ [ཞེས་བསྐུར། ཤིན་ཏུ་བསྡུ་ན་རྣམ་རྒྱལ་བུམ་པ་དང་། ཀུན་བཟང་ཡབ་ཡུམ་གྱི་སྐུ་སྤྱི་བོར་བཞག་ལ།] མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི༔ དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན༔ ཞི་ཁྲོ་རབ་འབྱམས་རྒྱལ་བས་དབང་བསྐུར་རོ༔ [ཞེས་དང་ཡིག་བརྒྱའི་མཐར།] བཛྲི་བྷ་ཝ་ཨ་བྷིཥིཉྩ་མི༔ [ཞེས་བསྐུར། གང་ལྟར་ཡང་།] འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་དམ་པ་རིགས་བརྒྱའི་ལྷའི་འཁོར་ལོ་རང་རིག་ཡེ་ཤེས་ཀྱི་ངོ་བོར་རྣམ་པར་དག་པའོ། །[ཞེས་ངོ་སྤྲད།] དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བུམ་པ་ལྷ་ཡི་དབང་བསྐུར་བས། ལུས་རྩའི་དྲ་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་

p. 263

ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །[ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་གསང་དབང་ནི།] བླ་མ་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པས། ཀུནྡ་བྱང་ཆུབ་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་མྱོང་བར་[བསམ་ལ། ཐོད་པའི་བདུད་རྩི་མྱང་ཞིང་།] ཨཱཿཐོད་པ་མཚན་ལྡན་ཀ་པཱ་ལར༔ ཡེ་ཤེས་བྱང་སེམས་བདུད་རྩིས་བཀང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ བོ་དྷི་ཙིཏྟ་ཨ་བྷིཥིཉྩ་ཧཱུྃ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོཿཞེས་བདུད་རྩི་མྱངས་པས་རྩ་ཁམས་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགག །བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་[བསམ་ལ། རྗེས་འབྲེལ་བཟླས་ལུང་བྱིན་པ་ནི།] ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སྔགས་ཕྲེང་ཐོན། སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་[བསམ་ལ། ཞི་ཁྲོའི་སྤྱི་སྔགས་བཅས་ལན་གསུམ་རེ་བཟླ།] དེ་ལྟར་སྐལ་ལྡན་རིག་པ་

p. 264

འཛིན་པ་ཁྱོད་ལ་གསང་བའི་དབང་བསྐུར་བས། ངག་རླུང་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །[གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི།] གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པར་[བསམ་ཞིང་། སིནྡྷུ་རའི་དཀྱིལ་འཁོར་བླང་ལ།] ཧཱུྃ༔ བདེ་བའི་གནས་སྦྱིན་ལྷ་མོ་ནི༔ གསང་སྔགས་གསང་ཆེན་སྒྲུབ་པའི་ལམ༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ པྲཛྙཱ་ཛྙཱ་ན་ཨ་བྷིཥིཉྩ་ཧཱུྃ༔ [ཞེས་སྙིང་གར་ཐིག་ལེ་བྱ།] ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱོར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་གྱུར་[པར་མོས་ལ།] ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། [ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ།] དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཐིག་ལེའི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་

p. 265

ལ་དབང་། ཆོས་ཐམས་ཅད་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །[བཞི་པ་ཚིག་དབང་རིན་པོ་ཆེ་ནི། མན་ཤེལ་བསྟན་ལ།] ཨ༔ རིག་པ་རང་བྱུང་ཆོས་ཀྱི་སྐུ༔ སངས་རྒྱས་ཀུན་གྱི་གནས་ལུགས་སྟོན༔ མན་ཤེལ་དྲི་མེད་དབང་བསྐུར་བས༔ རང་བྱུང་ཡེ་ཤེས་རྒྱས་པར་ཤོག༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷིཥིཉྩ་ཨཱ༔ [ཞེས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་བསྐྱང་ལ་ཅུང་ཟད་མཉམ་པར་བཞག །] དེ་ལྟར་སྐལ་ལྡན་རིག་པ་འཛིནཔ་ཁྱོད་ལ་དབང་བཞི་པ་བསྐུར་བས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །[ཞེས་རྟོགས་པ་བསྐྱེད་དོ། །འདིའི་དབང་ཚིག་རྣམས་རྒྱས་བསྡུས་འཚམས་ཕྱིར་གཏེར་ཁ་མ་བུ་གཅིག་པའི་གནད་ཀྱིས་ཀློང་གསལ་གསང་བ་སྙིང་བཅུད་ནས་བླངས་པའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ། དམ་ཚིག་ཁས་བླང་བ། དགའ་སྟོན་བྱ་བ། སྨོན་ལམ་གདབ་པའོ། །

p. 266

དང་པོ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་བཟུང་ལ།] ཨོཾ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བདག་བསྒྲུབ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱོད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་

p. 267

ཆེན་པོ་བདག་གིས་སྤྱད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤངས། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་

p. 268

རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུ་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེ་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩིའི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་པར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པར་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །

p. 269

ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང་། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐིག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱེད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་སྩལ་དུ་གསོལ། །[ཞེས་དང་།] གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །

p. 270

དེང་ནས་བརྩམ་སྟེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །[ཞེས་དམ་བཅའ། གཉིས་པ་དགའ་སྟོན་བྱ་བ་ནི། གཏང་རག་གི་མཎྜལ་སྔོན་དུ་འགྲོ་བས་ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་དང་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་།] ཧོ། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །[ཞེས་ཕུལ། སློབ་དཔོན་གྱི་པདྨའི་ཕྱག་རྒྱས་གཡས་སུ་བསྐོར་ཞིང་། ཨ་ལ་ལ་ཧོ། ཞེས་བླངས། འདུས་པ་རྣམས་ལའང་བྲི་མ་སྟེ་བཟའ་བའི་དམ་ཚིག་ནང་གི་སྲེག་བླུག་ཏུ་ཚིམ་པ་དྲུག་ལྡན་དུ་ལོངས་སྤྱད་ཅིང་། སྐབས་སུ་བབས་ན་རྡོ་རྗེའི་གླུ་གར་ཀྱང་གཞུང་བཞིན་དུ་བྱའོ། །གསུམ་པ་སྨོན་ལམ་གདབ་པ་ནི། མཆེད་ལྕམ་རྣམས་ལག་པ་བསྣོལ་བས་སྲིན་ལག་སྦྲེལ་ཏེ་མར་མེ་བཟུང་ལ་འདུན་པ་རྩེ་གཅིག་པས།] ཧཱུྃ། བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་གཟེར་མི་ཕོག །དགེ་བའི་བཤེས་

p. 271

གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བརྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་

p. 272

ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །[ཞེས་སྨོན་ལམ་སྙིང་ཐག་པ་ནས་གདབ་བོ། །སྤྱི་དོན་བཞི་པ་གཞན་དོན་ཐུགས་རྗེ་རྗེས་འཛིན་གྱི་ཆོ་ག་ལ་གཉིས། ཚེ་ལྡན་སྨིན་བྱེད་ཀྱི་ཆོ་གས་རྗེས་སུ་འཛིན་པ་དང་། ཚེ་འདས་གནས་ཡུང་གི་ཚོགས་རྗེས་སུ་འཛིན་པའོ། །དང་པོ་ནི། དོན་དུ་གཉེར་བའི་སློབ་མ་དད་བརྩོན་ཅན་རྣམས་ལ་སྨིན་བྱེད་སྤྲོས་བཅས་དང་སྤྲོས་མེད་སྤྱི་དང་བྱེ་བྲག་གི་དབང་བཀའ་བཅུ་པོ་ཚུལ་བཞིན་རྒྱས་པར་བསྐུར་བའམ། ཡང་ན་སྨིན་བྱེད་ཀུན་གྱི་སྙིང་པོ་ནོར་བུའི་སྒྲོན་མེའམ་ཀློང་གསལ་ལས་ཁ་བསྐང་བ་གསོན་བུམ་ཡང་དག་ཐུགས་རྗེ་གནས་ལུང་ལྟར་བསྐུར་བར་བྱ་ཞིང་། སྤྱི་ཙམ་དངོས་པ་འཚམས་པར་བྱེད་ན་སྙིང་པོ་དོན་གྱི་དབང་བསྐུར་གོང་གི་བདག་འཇུག་བཞིན་བསྐུར་བས་ཀྱང་དོན་འགྲུབ་བོ། །གཉིས་པ་ཚེ་འདས་གནས་ལུང་གི་ཆོ་གས་རྗེས་སུ་འཛིན་པའི་ཚུལ་ནི། རྒྱས་པར་སྤྲོ་ན་གཤིན་བུམ་ཡང་གསང་ཐུགས་རྗེ་ལྕགས་ཀྱུ་ལྟར་དང་། གཞན་དུ་དེ་ལས་སྤྲོས་པ་འཚམས་པར་བྱེད་ན་དེའི་དོན་བསྡུས་གནས་ལུང་གི་ཆོ་ག་ཐར་པའི་མྱུར་ལམ་བཞིན་ལག་ཏུ་བླང་བར་བྱའོ། །རྩ་བའི་གསུམ་པ་ཆོ་གའི་རྗེས་ཀྱི་རིམ་པ་ལ་བརྒྱད། ལྷག་མ་བསྔོ་བ། ཐུགས་དམ་བསྐུལ་བ། གཏོར་མ་གཏོང་བ། དངོས་གྲུབ་བླང་བ། གཏང་རག་འདུལ་བ། དཀྱིལ་འཁོར་བསྡུ་བ། བསྔོ་སྨོན་བྱ་བ། ཤིས་པ་བརྗོད་པའོ། །དང་པོ་ལྷག་མ་བསྔོ་བ་ནི། ལྷག་མ་བསྡུས་པ་ལ་ཕུད་ཀྱང་བསྲེ། སློབ་དཔོན་གྱིས་དམ་ཚིག་

p. 273

གི་ཁ་ཕྲུ་བཏབ་ཅིང་།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བལྟས་ལ་ལྷག་སྡུད་ཀྱི་ཕོ་ཉ་རྣམས།] ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ[ཞེས་སྤྱན་དྲངས་ནས།] ཧཱུྃ༔ དཔལ་གྱིས་བཀའ་ཕོགས་ལྷག་གཏོར་བཤགས་པ་འདི༔ ལུས་མེད་ལུས་ལ་ཆགས་ཤིང་ཡིད་དུ་འོང་༔ ཟ་འདོད་འབྱུང་པོ་ལྷག་ལ་དབང་བ་རྣམས༔ འདིར་འདུས་འབྱུང་པོ་ནམ་མཁའི་གཏེར་ཆེན་རོལ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་ཛཿ[ཞེས་ལྷག་མ་ཕྱིར་དོར་རོ། །གཉིས་པ་ཐུགས་དམ་བསྐུལ་ཞིང་བཟློག་པ་བྱ་བ་ནི།] ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སྐུ་བཞེངས་ཤིག༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཛོད་ཅིག་མཛོད་ཅིག་སེམས་ཅན་དོན་མཛོད་ཅིག༔ ཆོས་དབྱིངས་ཀ་དག་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐུལ༔ ལྔ་ལྡན་ཚོམ་བུའི་ཕོ་བྲང་ནས༔ རིགས་ལྔ་ཡབ་ཡུམ་ཐུགས་དམ༴ ཡབ་ཀྱི་ཆ་འཛིན་སེམས་དཔའ་བརྒྱད༔ ཚོགས་བརྒྱད་དག་ཕྱིར་ཐུགས་དམ༴

p. 274

ཡུམ་གྱི་ཆ་འཛིན་སེམས་མ་བརྒྱད༔ ཡུལ་བརྒྱད་དག་ཕྱིར༴ རིགས་དྲུག་གནས་འདྲེན་ཐུབ་པ་དྲུག༔ འགྲོ་དྲུག་འདྲེན་ཕྱིར༴ ཚད་མེད་བཞི་ལྡན་སྒོ་སྲུང་བརྒྱད༔ བདུད་བཞི་འདུལ་ཕྱིར༴ ཙིཏྟ་སྙིང་གི་གཞལ་ཡས་ནས༔ ཞི་བ་བཞི་བཅུའི༴ གཏི་མུག་དབྱིངས་སུ་སྒྲོལ་བའི་ཕྱིར༔ བུདྡྷ་ཧེ་རུ་ཀ་ཡབ་ཡུམ་བསྐུལ༔ ཞེ་སྡང་དབྱིངས་སུ་སྒྲོལ་བའི་ཕྱིར༔ བཛྲ་ཧེ་རུ་ཀ་ཡབ་ཡུམ༴ ང་རྒྱལ་དབྱིངས་སུ་སྒྲོལ་བའི་ཕྱིར༔ རཏྣ་ཧེ་རུ་ཀ་ཡབ་ཡུམ༴ འདོད་ཆགས་དབྱིངས་སུ་སྒྲོལ་བའི་ཕྱིར༔ པདྨ་ཧེ་རུ་ཀ་ཡབ་ཡུམ༴ ཕྲག་དོག་དབྱིངས་སུ་སྒྲོལ་བའི་ཕྱིར༔ ཀརྨ་ཧེ་རུ་ཀ་ཡབ་ཡུམ༴ ཀཽ་རཱི་ལ་སོགས་མ་མོ་བརྒྱད༔ རང་རང་གནས་ནས་སྐུ་བྱོན་ཅིག༔ སིང་ཧ་ལ་སོགས་ཕྲ་མེན་བརྒྱད༔ རང་རང་གནས་ནས༴ རྟ་གདོང་ལ་སོགས་སྒོ་མ་བཞི༔ རང་རང་གནས་ནས༴ ཞི་རྒྱས་དབང་དྲག་ལས་བྱེད་པ༔ དབང་ཕྱུག་ཉེར་བརྒྱད༴ དུང་ཁང་ཀླད་པའི་གཞལ་ཡས་ནས༔ ལྔ་བཅུ་རྩ་བརྒྱད༴ ཉོན་མོངས་དུག་ལྔ་ལ་སོགས་རྣམས༔ཐམས་ཅད་ཆོས་ཀྱི་དབྱིངས་སུ་སྦྱོར༔

p. 275

ཧཱུྃ༔ དེ་ལྟར་ཐུགས་དམ་བསྐུལ་བསྐུལ་ནས༔ ད་ནི་བཟློག་བསྒྱུར་དུས་ལ་བབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ གཏི་མུག་ཞེ་སྡང་འདོད་ཆགས་གསུམ༔ སྡུག་བསྔལ་ལས་ཀྱི་བག་ཆགས་རྣམས༔ ཞོར་ལ་འཕྲོ་ཞིང་ཉོན་མོངས་རྣམས༔ སྐུ་གསུམ་ཡེ་ཤེས་ལྔ་རུ་ཟློག༔ ལྟ་བ་ཆོས་ཉིད་ཀློང་དུ༴ སྒོམ་པ་ལྷུན་གྲུབ་ངང་དུ༴ སྤྱོད་པ་དྲན་བསམ་བྲལ་བར༴ ཕུང་པོ་རྒྱལ་བ་རིགས་ལྔར༴ ཁམས་ལྔ་རིགས་ཀྱི་ཡུམ་ལྔར༴ ཚོགས་བརྒྱད་སེམས་དཔའ་བརྒྱད་དུ༴ ཡུལ་བརྒྱད་སེམས་མ་བརྒྱད་དུ༴ ཚོགས་དྲུག་ཐུབ་པ་དྲུག་ཏུ༴ ཀུན་གཞི་ཆོས་ཉིད་ཀློང་དུ༴ སེམས་ཉིད་སྐྱེ་བ་མེད་པར༴ འགྱུ་བ་དྲན་བསམ་བྲལ་བར༴ ལུས་ནི་གསལ་སྟོང་སྐུ་རུ༴ ངག་ནི་གྲགས་སྟོང་གསུང་དུ༴ ཡིད་ནི་དྲན་སྟོང་ཐུགས་སུ༴ རིག་པ་ཀ་དག་ཆེན་པོར་ཟློག༴ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མཧཱ་སུ་ཁ་ཛྙཱ་ན་དྷྰ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཾ་ཧཱུྃ་ཕཊ༔ [གསུམ་པ་གཏོར་མ་གཏོང་བ་ནི།] སྲུང་མ་ཆད་མདོའི་གཏོར་མ་ཕྱིར་བསྣུར་ལ་སྨན་རཀ་བྲན་ཏེ་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ།

p. 276

བྷྱོཿ འདས་དང་མ་བྱོན་ད་ལྟ་མཚམས་ཤེད་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆས་འཛིན་ཏེ༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་དབང་མོ་མཛད༔ གདོས་བཅས་གཟུགས་སྤངས་འོད་ལུས་འཕྲུལ་མོ་ཆེ༔ འཁོར་བའི་ཚོགས་སྤངས་རང་རང་རྟ་སྐད་འདོན༔ དྲན་རྟོགས་སེམས་སྤངས་དཀྱིལ་འཁོར་མུ་རན་སྐྱོང་༔ ཞི་རྒྱས་དབང་དྲག་བཞི་ཡི་ལས་བྱེད་མ༔ ཀཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཚིག་ཅན༔ གིང་དང་ལང་ཀ་འབར་མའི་ཚོགས་རྣམས་དང་༔ མ་བདུན་སྲིང་བཞི་ཉུལ་ལེ་ལ་སོགས་རྣམས༔ ཨོ་རྒྱན་ཆེན་པོ་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཁྱེད་རྣམས་འཁོར་བཅས་ཀྱིས༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ [ཅེས་གཙང་སར་ཕུལ། བརྟན་མ་བསྐྱང་བ་ནི། སྔར་གྱི་གཏོང་གཞོང་བཤལ་བའི་ཕུད་བརྟན་གཏོར་ལ་བྲན་ཅིང་།] ཧཱུྃ་བྷྱོ༔

p. 277

སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པའི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང་༔ བྲན་གཡོག་འཁོར་བཅས་བཀའ་ཡི་གཏོར་མ་ལོངས་༔ མི་མཐུན་བར་ཆད་རྐྱེན་ངན་བཟློག་ཏུ་གསོལ༔ ཉམས་རྟོགས་བསོད་ནམས་སྤེལ་བའི་སྡོང་གྲོགས་མཛོད༔ བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་སྒྲུབ་པར་མཛོད༔ [ཅེས་གཏོར་མ་གཙང་སར་བསྐྱལ། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་ཉོན་མོངས་རང་གཟུགས་དགྲ་བགེགས་དམ་སྲི་རྣམས་མནན་ལ་སྣོད་བཅུད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་བཞེངས་ཏེ་བྲོས་གཟིར་བར་བསམ་ཞིང་།] ཨེ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་བིགྷྣཱན་ཛཿཧཱུྃ་བྃ་ཧོཿ[ཞེས་རྡོ་རྗེའི་རྒྱས་གདབ་དང་བཅས་པས།] ཧཱུྃ༔ བདག་ཉིད་བུདྡྷ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ རིགས་བཞིའི་ཁྲག་འཐུང་ཡབ་ཡུམ་བསྐོར༔ ཞབས་ཀྱིས་བྲོ་བརྡུངས་དུག་ལྔ་འཇོམས༔ རོལ་པའི་བྲོ་བརྡུང་ཆེམས་སེ་ཆེམ༔ དུག་ལྔ་འཇོམས་པའི་རོལ་བྲོ་འདི༔ འབྱུང་པོའི་ཚོགས་ལ་ད་བརྡུངས་ཤིག༔ འཁོར་བའི་གཅོང་ནད་རླག་པར་མཛོད༔ མནན་ནོ་རི་རབ་རྨང་འོག་མནན༔ བསྟན་འཇིག་རུ་ཏྲ་ཐལ་བར་རློག༔ ཨོཾ་སྟྭཾ་བྷ་ཡ་ནན༔ [ཞེས་མནན་

p. 278

བཞི་པ་དངོས་གྲུབ་བླང་བ་ནི། མདུན་བསྐྱེད་ཀྱི་གནས་གསུམ་ལས་འོད་ཟེར་འཕྲོས་པ་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མོས་ལ།] ཧཱུྃ༔ བདེ་གཤེགས་རྒྱལ་བཞི་ཁྲོའི་ལྷ་ཚོགས་ཀྱིས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགགས་མེད་གསུང་གི་དངོས་གྲུབ༴ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ཡོན་ཏན་རེ་སྐོངས་དངོས་གྲུབ༴ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ༔ [ཞི་ཁྲོའི་སྤྱི་སྔགས་མཐར།] ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ [ཞེས་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད། ལྔ་པ་གཏང་རག་འབུལ་ཞིང་བཟོད་པར་གསོལ་བ་ནི། མཆོད་པ་ཁ་གསོས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླག]ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། [སོགས་ནས་]ཤཔྡའི་[བར་གྱིས་མཆོད།] བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད།] མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །[ཞེས་དང་ཡི་གེ་བརྒྱ་བཟླས་པས་ནོངས་པ་བཟོད་པར་གསོལ། དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། མདུན་བསྐྱེད་ཀྱི་ལྷ་

p. 279

ཡེ་ཤེས་པ་མཚན་མའི་རྟེན་ལ་བསྟིམ་པའམ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བ་གང་འོས་བྱ་ཞིང་དམ་ཚིག་རང་ལ་བསྡུ། དམ་ཚིག་གི་དཀྱིལ་འཁོར།] ཧཱུྃ༔ ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདིར༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ཚོགས༔ དང་པོར་བསྐྱེད་ཅིང་བསྟིམ་པ་ཡང་༔ ཐུགས་རྗེས་འཁོར་བ་མི་གཏོང་ཕྱིར༔ གཞི་ལ་བསྐྱེད་ཅིང་གཞི་ལ་ཐིམ༔ གཞི་ལ་མཆོད་ཅིང་གཞི་ལ་བསྟོད༔ ཞི་ཁྲོ་སྤྲུལ་འཁོར་ཐམས་ཅད་ཀུན༔ ཡི་གེ་ཧཱུྃ་མཐིང་རྣམ་པར་བསྡུ༔ ཧཱུྃ་ཡང་སྣང་སྟོང་ཐིག་ལེར་བསྡུ༔ ཐིག་ལེ་དམིགས་མེད་ཆེན་པོར་ཡལ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཀུན༔ གཤེགས་ཤིང་སྤྲོ་བསྡུ་བྲལ་མོད་ཀྱང་༔ མ་རིག་རྣམ་རྟོག་སྦྱང་སླད་དུ༔ སྤྲོ་བསྡུའི་དམིགས་པ་དག་བྱས་ནས༔ བཟླས་བསྒོམ་རྒྱུན་ཡང་མི་བཅད་ཅིང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨོཾ་ཨཱཿབཛྲ་མྰུཿ[ཞེས་པས།] སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པར་བཅས་པ་རིམ་གྱིས་འོད་དུ་ཞུ་ནས་བདག་ཉིད་གཙོ་བོ་ཡབ་ཡུམ་ལ་ཐིམ། དེ་ཡང་ཐུགས་སྲོག་ན་དཱའི་

p. 280

བར་རིམ་གྱིས་ཐིམ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར་[པར་བསམ་ཞིང་མཉམ་པར་བཞག །དེའང་ནས།] ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ་[ཞེས་བརྗོད་པས།] རང་ཉིད་ཀུན་ཏུ་བཟང་པོ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུར་[ལངས་ཏེ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བར་སྦྱར་རོ། །བདུན་པ་བསྔོ་སྨོན་བྱ་བ་ནི།] ཧོཿ བདག་གཞན་འགྲོ་བ་མ་ལུས་རྣམས༔ བླ་མེད་དཀྱིལ་འཁོར་འདིར་བཞུགས་ནས༔ ཀུན་བཟང་མི་ཟད་རྒྱན་གྱི་ཀློང་༔ ཀ་དག་འབྲས་བུ་ཐོབ་པར་ཤོག༔ སྐུ་གསུམ་འདུ་འབྲལ་མེད་པ་ཡི༔ ཀུན་བཟང་ཞི་ཁྲོའི་དགོངས་པ་འདིས༔ འཁོར་བ་ངན་སོང་དོང་སྤྲུགས་ནས༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ གཞི་ཡི་ལྟ་བ་རྟོགས་པ་དང་༔ ལམ་གྱི་སྒོམ་པ་གསལ་བ་དང་༔ འབྲས་བུའི་སྤྱོད་པ་མ་འགག་པས༔ ཟང་ཐལ་ཆོས་སྐུ་མངོན་དུ་འགྱུར་བར་ཤོག༔ [བརྒྱད་པ་ཤིས་པ་བརྗོད་པ་ནི། མེ་ཏོག་ཆར་དུ་བསྙིལ་ལ། ཧཱུྃ༔ སྟོང་ཞིང་བདག་འཛིན་བྲལ་བའི་ཆོས༔ ཆོས་སྐུ་ཀུན་བཟང་བཀྲ་ཤིས་ཤོག༔ གསལ་ལ་དགག་བསྒྲུབ་མེད་པའི་ཆོས༔ ལོངས་སྐུ་རིགས་ལྔའི་བཀྲ་ཤིས་ཤོག༔ ཐུགས་རྗེ་རྒྱུན་ཆད་མེད་པའི་ཆོས༔ སྤྲུལ་

p. 281

སྐུ་ཞི་ཁྲོའི་བཀྲ་ཤིས་ཤོག༔ འཕོ་འགྱུར་མེད་པ་དོན་གྱི་ཆོས༔ གཞི་འཁྲུལ་པ་མེད་པའི་བཀྲ་ཤིས་ཤོག༔ རྩོལ་བྲལ་ལྷུན་གྱིས་གྲུབ་པའི་ཆོས༔ ལམ་དགག་བསྒྲུབ་བྲལ་བའི་བཀྲ་ཤིས་ཤོག༔ རེ་དོགས་སྤང་བླང་བྲལ་བའི་ཆོས༔ ཆོས་ཟད་འབྲས་བུའི་བཀྲ་ཤིས་ཤོག༔ ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར༔ བླ་མ་ཡི་དམ་རྣམས་ཀྱི་བཀྲ་ཤིས་ཤོག༔ རྒྱལ་བའི་བཀའ་བཞིན་བསྒྲུབ་པའི་གྲོགས་མཛད་པའི༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག༔ མཐོང་ཐོས་རེག་གསུམ་བྱ་བ་བསྒྲུབ་ལ་བརྩོན༔ དམ་ཚིག་རྡོ་རྗེ་སྤུན་གྱི་བཀྲ་ཤིས་ཤོག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་བདེ་ལེགས་སུ་བྱའོ། །] ཀུན་བཟང་དགོངས་བཅུད་གཏེར་གཞུང་ཡིད་བཞིན་ནོར། །འཐད་གྱུར་ཁ་སྐོང་གོས་བཟང་རྣམ་བཀྲ་བའི། །ཁྲིགས་བསྡེབས་རྒྱལ་མཚན་རྩེ་མོར་བཀོད་འདི་ཀོ །བརྒྱུད་འཛིན་ཁང་བཟང་མཛེས་པའི་ཏོག་ཏུ་མཚོན། །གདུལ་བྱའི་སྐལ་པར་འཇོ་བའི་ཕྲིན་ལས་རྒྱུན། །ནམ་ཡང་

p. 282

ནུབ་མེད་བཙས་སུ་འདི་གྱུར་ནས། །གང་འབྲེལ་འཁོར་བའི་སྒོ་འཕར་གཏན་བཅད་དེ། །ཞི་ཁྲོ་ཕྱག་རྒྱའི་ཚོམ་བུར་ཡོངས་སྨིན་ཤོག །[དེ་ལྟར་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོ་གསང་འདུས་ལས་བྱང་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་འདི་ནི། ཚུལ་འདིར་གཏེར་སྟོན་ཆོས་བདག་རིམ་བྱོན་བཅས་པའི་ཞལ་སྐོང་ལྷན་ཐབས་སོགས་རྒྱས་པར་བཞུགས་ཀྱང་རྣམ་གསལ་ཁྲིགས་སུ་བསྡེབས་པའི་ཡིག་ཆ་བཀླག་ཆོག་མ་མེད་པའི་རྐྱེན་གྱིས། ཕྱིས་སུ་གྲོང་སྔགས་མཁས་བླུན་མང་པོའི་ཕྱག་ལེན་འདྲ་མིན་རྒྱས་བསྡུས་ཀྱི་མཐར་ལྷུང་བ་མ་ཟད་མ་དག་རྒྱུན་འབྱམས་ཀྱི་དཔེ་ཚོགས་ཕ་ཕོར་གཙང་ཞེན་དུ་ཁྱེར་བ་ལས་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་ཆོ་ག་ཇི་སྙེད་ཅིག་མཐོང་བས་རྐྱེན་བྱས་ཏེ། ལྷོ་མོན་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་སྔགས་བཙུན་བསྟན་འཛིན་ཀུན་ལེགས་ནས་པད་གླིང་ཆོས་ཀྱི་བརྒྱུད་འཛིན་ཡོངས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་ངེས་པས་འཇུག་བདེའི་ངག་ཁྲིགས་བཀླག་ཆོག་མ་ཞིག་ཅི་ནས་གྲུབ་པར་གྱིས་ཞེས་ཡང་དང་ཡང་དུ་བསྐུལ་བ་དང་། ཉེ་ཆར་སྤྱི་ཏི་སྤྲིན་དགོན་གསང་སྔགས་ཆོས་གླིང་གི་འདུས་སྡེའི་ཆོས་མཛད་ཨོ་རྒྱན་ཚེ་རིང་ནས་ཀྱང་ཕྱི་མོ་སྤར་དུ་འདེབས་པའི་མཐུན་རྐྱེན་སྦྱར་བ་དང་བཅས་ནན་དུ་བསྐུལ་བ་ལ་བརྟེན་ནས། གཏེར་གཞུང་རྩ་བའི་དགོངས་པ་གཞིར་བཟུང་སྐབས་སུ་བབས་པའི་ཁ་སྐོང་དུ་འོས་པ་རྣམས་རྒྱུད་ལུང་མན་ངག་གི་གནད་གསང་བརྒྱུད་ལྡན་

p. 283

བླ་མའི་ཕྱག་བཞེས་ཀྱི་གཏན་ལ་ཕབ་པ་ལྟར་འཇུག་བདེའི་ལས་ཁྲིགས་སུ་བསྡེབས་ཏེ། བཀའ་གཏེར་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱི་ཟབ་གནད་ཆ་ཙམ་ཁོང་དུ་ཆུད་པའི་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་དགུ་པའི་ཐོག་ཏུ་སོན་པ་ཆུ་ཕོ་བྱི་བའི་ལོ་གྲོ་བཞིན་ཟླ་བའི་ཡར་ཚེས་བཅུ་ལ། གངས་ལྡན་གྱི་རི་བོའི་རྒྱུད་རྡོ་རྗེ་གླིང་གི་གྲོང་ཁྱེར་ཆེན་པོའི་ལྟེ་བ་རྣམ་གྲོལ་ཁང་བཟང་གི་བསྟི་གནས་སུ་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་མོན་གྱི་རིག་བྱེད་པ་དབང་དྲག་བསྟན་འཛིན་གྱིས་བགྱིས་པའོ། །འདིས་ཀྱང་ཟབ་ཆོས་མཆོག་གི་ཕྲིན་ལས་མཁའ་ཁྱབ་ཏུ་རྟག་ཅིང་མི་ནུབ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།

པད་གླིང་ཞི་ཁྲོ་བརྒྱུད་འདེབས།

p. 284
p. 285

ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །ལྷུན་གྲུབ་ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་སེམས། །ཐུགས་རྗེ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་འཁོར་བ་དོང་སྤྲུགས་ཤོག །འཕོ་ཆེན་རྡོ་རྗེ་སྐུ་མཆོག་ཤྲཱི་སེང་ཧ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང་། །གསང་བ་ཀུན་བདག་དབྱིངས་ཕྱུག་མཚོ་རྒྱལ་ཡུམ། །གསོལ་བ་འདེབས་སོ༴ །དག་པའི་ལས་སད་ལྷ་ལྕམ་པདྨ་གསལ། །ཆོས་ཀྱི་རྒྱལ་པོ་གཏེར་ཆེན་པདྨ་གླིང་། །སྤྲུལ་པའི་སྐུ་མཆོག་སྣ་ཚོགས་རང་གྲོལ་ལ། །གསོལ་བ་འདེབས་སོ༴ །ཟབ་གསང་བཀའ་བབ་རྒྱལ་དབང་བསྟན་འཛིན་གྲགས། །རྒྱལ་བའི་སྲས་མཆོག་པདྨ་ཕྲིན་ལས་ཞབས། །མཚུངས་མེད་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ །རྒྱལ་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེ་རྩལ། །ཁྱབ་བདག་བསྟན་འཛིན་ལེགས་པའི་དོན་གྲུབ་ཞབས། །ངག་གི་དབང་པོ་ཀུན་བཟང་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ །ཐུགས་སྲས་འགྱུར་མེད་མཆོག་གྲུབ་དཔལ་འབར་སྡེ། །

p. 286

རྣམ་འདྲེན་བསྟན་འཛིན་གྲུབ་མཆོག་རྡོ་རྗེ་རྩལ། །འདྲེན་མཆོག་འགྱུར་མེད་པདྨ་ཁྱབ་བདག་ལ། །གསོལ་བ་འདེབས་སོ༴ །མཚུངས་མེད་བསྟན་འཛིན་སྲིད་ཞི་རྣམ་པར་རྒྱལ། །གྲུབ་མཆོག་ལྷུན་གྲུབ་བདེ་ཆེན་རྡོ་རྗེ་རྩལ། །ངག་དབང་ཀུན་བཟང་རིག་འཛིན་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ །གསུང་སྤྲུལ་ཀུན་བཟང་བསྟན་པའི་ཉི་མ་ཆེ། །འགྲོ་འདུལ་འཇིགས་མེད་ཚེ་དབང་ནོར་བུའི་སྡེ། །རྣམ་འདྲེན་རིགས་བདག་དགེ་འདུན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ །སྨིན་གྲོལ་བཀའ་བབ་རྩ་བརྒྱུད་བླ་མ་དང་། །ཡི་དམ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལྷ། །མཁའ་འགྲོ་དམ་ཅན་གཏེར་སྲུང་ཚོགས་བཅས་ལ། །གསོལ་བ་འདེབས་སོ༴ །མ་དག་འཁྲུལ་པས་བསྐྱེད་པའི་སྒོ་གསུམ་པོ། །དག་པ་ལྷ་སྔགས་ཆོས་ཉིད་རོལ་པར་སྨིན། །འགགས་མེད་ཐུགས་རྗེ་རོལ་པའི་ཕྲིན་ལས་ཀྱིས། །ཁམས་གསུམ་འཁོར་བ་དོང་སྤྲུགས་མཐུ་ཐོབ་ཤོག །[ཅེས་པའང་ཞི་ཁྲོ་ཀུན་བཟང་དགོངས་འདུས་ཀྱི་ལས་བྱང་ཆོག་ཁྲིགས་ཕྲིན་ལས་ཀུན་ཁྱབ་དང་འབྲེལ་བར་འཇུག་བདེའི་ཆ་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་།

p. 287

༄༅། །ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོའི་ངག་འདོན་བྱང་ཆུབ་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

p. 288

ཨོཾ་སྭསྟི། རབ་འབྱམས་སྐྱབས་ཀུན་འདུས་པའི་བདག །དྲིན་ཅན་བླ་མར་གུས་བཏུད་ནས། །ཀུན་བཟང་དགོངས་པ་ཀུན་འདུས་ཀྱི། །སྔོན་འགྲོའི་ངག་འདོན་འཇུག་བདེར་སྤྲོ། །[འདི་ལ་གཉིས། ཐུན་སྤྱིའི་སྔོན་འགྲོ་དང་། སྐབས་དོན་སྒོས་ཀྱི་སྔོན་འགྲོའོ། །དང་པོ་ནི། བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་ནས་རླུང་རོ་ལན་གསུམ་ཕྱིར་བསལ། སྤྱི་བོར་རྩ་བའི་བླ་མ་དགྱེས་བཞིན་དུ་བཞུགས་པར་བསྒོམ་ལ། མོས་གུས་གདུང་ཤུགས་དྲག་པོས།] དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་

p. 289

ཀྱི་དངོས་གྲུབ་སྩལ་དུ་གསོལ། །[ཞེས་དང་།] དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། [ཞེས་གསོལ་བ་བཏབ་མཐར། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ཞིང་རང་བབས་སུ་ཀློད་དེ་འཇོག་གོ །གཉིས་པ་སྐབས་དོན་སྔོན་འགྲོ་དངོས་ལ། ཐུན་མོང་དང་། ཁྱད་པར་གཉིས་ཀྱི། དང་པོ་ཐུན་མོང་བློ་ལྡོག་རྣམ་བཞིས་རྒྱུད་སྦྱོང་བ་ནི།] དལ་

p. 290

འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །[ཞེས་པ་རྣམས་ངག་ཏུ་བརྗོད་པའམ་མ་བརྗོད་ཀྱང་རུང་སྟེ་དོན་ཡིད་ལ་བསམ་པས་སྣ་དྲངས་ནས།] མཁའ་ཁྱབ་འགྲོ་ཀུན་བདག་གི་ཕ་མ་སྟེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ཐར་མེད་འཁོར་བར་འཁྱམས་པ་སྙིང་

p. 291

རེ་རྗེ། །འདི་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང་། །འཕགས་པའི་བདེ་ཐོབ་བཏང་སྙོམས་ཆེར་འགོད་ཕྱིར། །ཟབ་ལམ་ཉམས་ལེན་མཐའ་རུ་དབྱུང་བར་བགྱི། །[ཞེས་ཚད་མེད་བཞི་ལ་བློ་སྦྱངས་པས་འོག་གི་ཉམས་ལེན་སོ་སོའི་དོན་རྣལ་མ་རྒྱུད་ལ་སྐྱེ་བའི་གཞི་འདིང་ངོ་། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་ལྔ་ལས། དང་པོ་ལམ་གྱི་འཇུག་སྒོ་སྐྱབས་སུ་འགྲོ་བ་ནི། ཐོག་མར་སྐྱབས་ཡུལ་གསལ་གདབ་པ་ལ།] རང་ཉིད་གནས་པའི་ས་ཕྱོགས་འདི་དག་ཀུན། །དག་པའི་ཞིང་ཁམས་མཚན་ཉིད་ཡོངས་རྫོགས་དབུས། །དཔག་བསམ་སྡོང་པོ་ཡལ་ག་ལྔ་ལྡན་པ། །ལོ་འདབ་མེ་ཏོག་འབྲས་བུ་ཕུན་ཚོགས་པས། །ནམ་མཁའ་གང་བར་རབ་ཏུ་གཏམས་པ་ཡི། །དབུས་ཀྱི་ཡལ་གར་རིན་ཆེན་སེང་གེའི་ཁྲི། །སྣ་ཚོགས་པདྨ་ཉི་ཟླའི་གདན་སྟེང་དུ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ཉིད། །གང་འདུལ་མོས་ངོར་ཅིར་ཡང་འཆར་བའི་ཚུལ། །དབུ་གཙུག་ཡས་རིམ་ཀུན་ཏུ་བཟང་པོའི་བར། །བརྒྱུད་པའི་བླ་མ་མ་ལུས་ཐོ་བརྩེགས་བཞུགས། །གཡས་ཀྱི་ཡལ་གར་ཐུབ་པའི་དབང་པོ་ལ། །ཕྱོགས་བཅུའི་བདེ་གཤེགས་སངས་རྒྱས་ཚོགས་ཀྱིས་བསྐོར། །རྒྱབ་ཀྱི་ཡལ་གར་དམ་ཆོས་དཀོན་མཆོག་ནི། །གསུང་རབ་གླེགས་བམ་

p. 292

བརྩེགས་པའི་རྣམ་པ་ཅན། །གཡོན་གྱི་ཡལ་གར་ཉེ་བའི་སྲས་བརྒྱད་ལ། །བྱང་སེམས་ཉན་རང་འཕགས་པའི་ཚོགས་ཀྱིས་བསྐོར། །མདུན་གྱི་ཡལ་གར་ཞི་ཁྲོ་རབ་འབྱམས་ལ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་དང་། །མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་བསྐོར། །ཀུན་ཀྱང་མཚན་དཔེའི་གཟི་བྱིན་འོད་སྟོང་འབར། །མཐོང་ཐོས་དྲན་རེག་སྒྲོལ་བའི་ཐུགས་རྗེ་ཅན། །བདག་སོགས་འགྲོ་ལ་བུ་གཅིག་མ་བཞིན་དུ། །དགྱེས་ཤིང་བརྩེ་བས་དགོངས་ཏེ་བཞུགས་པར་གྱུར། །[ཞེས་སྐྱབས་ཡུལ་གསལ་བཏབ་ནས། དེ་དག་གི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་མོས་གུས་གདུང་ཤུགས་དྲག་པོས།] ན་མོ༔ སྣང་བ་མ་བཀོད་དབྱིངས་ཀྱི་ངང་༔ རིག་པ་ཡེ་ཤེས་སྐུ་གསུམ་རྫོགས༔ གཞོན་ནུ་དབྱིངས་ཀྱི་བུམ་སྐུ་ལ༔ བདག་འཛིན་བྲལ་བར་སྐྱབས་སུ་མཆི༔ [ཞེས་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་འགྲོ་ཅི་ནུས་སུ་བྱ་བ་ཀུན་རྫོབ་རྒྱུའི་སྐྱབས་འགྲོ་དང་། མཐར།] སྐྱབས་ཡུལ་རྣམས་ལས་འོད་ཟེར་དཔག་ཡས་བྱུང་། །སེམས་ཅན་མ་ལུས་དག་པའི་ཞིང་དུ་དྲངས། །སྐྱབས་ཡུལ་ཐམས་ཅད་བླ་མའི་སྐུ་ལ་འདུས། །བླ་མ་འོད་ཞུ་རང་ཐིམ་གཉིས་མེད་གྱུར། །[ཞེས་སྐྱབས་ཡུལ་རང་སེམས་དབྱེར་མེད་རིག་སྟོང་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག་པ་དོན་དམ་འབྲས་བུའི་སྐྱབས་འགྲོའོ། །

p. 293

གཉིས་པ་སེམས་བསྐྱེད་པ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་ཅིང་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པར་འདོད་པའི་བློས།] སྣང་བ་བཀོད་པ་ཆེན་པོའི་དབྱིངས༔ ཡེ་ཤེས་འོད་ལྔ་རྫོགས་པའི་སྐུ༔ ཐིག་ལེ་རྣམ་དག་རྫོགས་ལྡན་ལ༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ [ཞེས་སྨོན་འཇུག་གི་བདག་ཉིད་ཅན་ལ་སློབ་པ་ཀུན་རྫོབ་སེམས་བསྐྱེད་དང་། རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་དུ་སེམས་རྩ་བྲལ་གྱི་ངང་ལ་འཇོག་པ་དོན་དམ་སེམས་བསྐྱེད་དོ། །གསུམ་པ་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི།] ཨོཾ་སྭ་བྷཱ་ཝ་ཤུདྡྷ༔ སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། མ་དག་སྣང་བ་མི་དམིགས་སྟོང་པར་སྦྱངས། །སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང་། །རང་སེམས་ཧཱུྃ་ཡིག་དཀར་གསལ་ཡོངས་འགྱུར་པ། །རྡོ་རྗེ་སེམས་དཔའ་དྲི་མེད་སྟོན་ཟླའི་མདངས། །ཞི་འཛུམ་མཚན་དཔེའི་རབ་མཛེས་རྡོ་དྲིལ་འཛིན། །ལོངས་སྤྱོད་ཆས་རྫོགས་ཞབས་ཟུང་སེམས་སྐྱིལ་བཞུགས། །ཐུགས་དབུས་པད་ཟླར་རྡོ་རྗེའི་ལྟེ་བར་ཧཱུཾ། །ཡན་ལག་བཞི་ལ་སྙིང་པོ་འབྲུ་དྲུག་དང་། །དེ་མཐར་ཡིག་བརྒྱའི་ཕྲེང་བས་བསྐོར་བ་ལས། །བདུད་རྩིའི་རྒྱུན་བབས་སྡིག་སྒྲིབ་བག་ཆགས་དང་། །སྡུག་བསྔལ་ནད་གདོན་མ་ལུས་ཕྱིར་སྦྱངས་ཏེ། །རང་ལུས་ཤེལ་གོང་ལྟར་དག་དེའི་འོད་ཟེར། །འགྲོ་ཀུན་ལ་ཕོག་

p. 294

སྡིག་སྒྲིབ་རྒྱུ་བཅས་སྦྱངས། །སྣང་གྲགས་ལྷ་དང་སྔགས་ཀྱི་རོལ་པར་གྱུར། །[ཞེས་དམིགས་ལ།] ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་[ཡི་གེ་བརྒྱ་པ་དང་།] ཨོཾ་བཛྲ་ས་ཏྭ་ཨཱཿ[ཞེས་སྙིང་པོ་འབྲུ་དྲུག་པ་ཉིད་ཅི་ནུས་སུ་བཟླ་བ་ཀུན་རྫོབ་རྒྱུའི་སྒྲིབ་སྦྱོང་དང་། མཐར།] ལྷ་སྔགས་སྣང་ཆའི་དངོས་ཀུན་རང་ལ་ཐིམ། །རང་ཉིད་རྡོར་སེམས་མེ་ལོང་གཟུགས་བརྙན་ལྟར། །གསལ་ལ་རྙོག་མེད་རང་བབས་གདོད་མའི་གཤིས། །རིག་སྟོང་རྡོར་སེམས་དགོངས་ཀློང་ཡངས་པར་བརྡལ། །[ཅེས་གནས་ལུགས་ཀྱི་ངང་ལ་མཉམ་པར་བཞག་པ་དོན་དམ་འབྲས་བུའི་སྒྲིབ་སྦྱོང་ངོ་། །བཞི་པ་ཚོགས་བསགས་པ་ནི། མདུན་མཁར་ཚོགས་ཞིང་སྐྱབས་ཡུལ་བཞིན་གསལ་ལ། རིན་པོ་ཆེ་ལ་སོགས་པའི་མཎྜལ་ཕྱིས་ནས་རིན་ཆེན་འབྲུ་སྨན་སོགས་ཀྱིས་ཚོམ་བུ་ལྔ་བཀོད་དེ།] ན་མོ༔ གདོད་མའི་ཞིང་ཁམས་རྣམ་པར་དག་པ་རུ༔ ཡེ་ཤེས་རིག་པ་འོད་ལྔའི་ཚོམ་བུ་བཀོད༔ གཞི་མེད་སྤྲོས་བྲལ་ཀུན་བཟང་ཡབ་ཡུམ་ལ༔ གྭའུ་ཁ་སྦྱོར་དབྱིངས་ཀྱི་མཎྜལ་འབུལ༔ [ཞེས་བླ་མ་ཆོས་སྐུར་འབུལ། ཡང་ཚོམ་བུ་ལྔ་བཀོད་ལ།] དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རུ༔ ཐིག་ལེ་རང་གསལ་འོད་ཀྱི་ཚོམ་བུ་བཀོད༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལ༔ སྣང་བ་བཀོད་པ་ཆེན་པོའི་མཎྜལ་འབུལ༔ [ཞེས་བླ་མ་ལོངས་སྐུར་འབུལ། ཡང་

p. 295

ཚོམ་བུ་སོ་བདུན་ནམ་བདུན་སོགས་གང་འོས་བཀོད་ལ།] སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་སུ༔ བྱེ་བ་ཕྲག་བརྒྱ་འཛམ་གླིང་ཚོམ་བུར་བཀོད༔ འབྱུང་བཞི་རང་སྣང་ལྕགས་རི་མུ་ཁྱུད་བཅས༔ རིག་སྣང་དག་པ་སྤྲུལ་པའི་སྐུ་ལ་འབུལ༔ [ཞེས་བླ་མ་སྤྲུལ་སྐུར་ཕུལ་ནས། སླར་ཡང་ཚོམ་བུ་གསོ་བཞིན་དུ།] ཆོས་སྐུའི་མཎྜལ་སྟོང་ཉིད་སྙིང་རྗེ་འབུལ༔ ལོངས་སྐུའི་མཎྜལ་མ་འགགས་རང་གསལ་འབུལ༔ སྤྲུལ་སྐུའི་མཎྜལ་སྣ་ཚོགས་ཡིད་འོང་འབུལ༔ སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན༔ ལྷ་རྫས་མཆོག་གི་མཎྜལ་བཀོད་པ་རྣམས༔ སྐྱབས་གནས་གུ་རུ་ཡི་དམ་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ [ཞེས་སྐུ་གསུམ་གྱི་ཞིང་ཁམས་གྲངས་ཅི་ནུས་སུ་འབུལ་བ་ཀུན་རྫོབ་རྒྱུའི་ཚོགས་བསགས་དང་། མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པ་འོད་དུ་ཞུ་བ་ཧཱུཾ་གི་རྣམ་པས་རང་ལ་བསྡུས་ཏེ་འཁོར་གསུམ་མི་རྟོག་པའི་ངང་ལ་འཇོག་པ་དོན་དམ་འབྲས་བུའི་ཚོགས་བསགས་སོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། ཟབ་ལམ་གྱི་རྟེན་འབྲེལ་མོས་གུས་ཀྱི་གནད་ལ་བརྟེན་ནས་བསྒྲིག་དགོས་པས་ན་ཡིད་ཁྱེད་ཤེས་ཀྱི་དད་པ་གཏིང་ཚུགས་པའི་སྒོ་ནས།] རང་མདུན་ནམ་མཁར་འོད་ལྔ་འཁྲུགས་པའི་ཀློང་། །སེང་ཁྲི་

p. 296

པདྨ་ཉི་ཟླའི་གདན་སྟེང་དུ། །ཁྱབ་བདག་དྲིན་ཅན་རྩ་བའི་བླ་མ་ཉིད། །མངོན་སུམ་བཞིན་དུ་བཞུགས་པའི་སྤྱི་བོ་ནས། །ཡང་རིམ་བརྒྱུད་པའི་བླ་མ་མཐོ་བརྩེགས་བཞུགས། །མཐའ་སྐོར་བླ་མ་ཡི་དམ་ཞི་དང་ཁྲོ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་ཚོགས་ཀྱི་སྤྲིན་ཕུང་གཏིབ་བཞིན་བསྐོར། །ཀུན་ཀྱང་སྐུ་མཆོག་མཚན་དཔེའི་གཟི་མདངས་འབར། །གསུང་དབྱངས་ཟབ་གསང་ཆོས་ཀྱི་སྒྲ་ཆེན་སྒྲོག །ཐུགས་ནི་བདེ་ཆེན་ཡེ་ཤེས་སྙིང་པོ་ཅན། །ཐོགས་མེད་ཐུགས་རྗེ་ཡོན་ཏན་ཕྲིན་ལས་ཀྱིས། །བདག་རྒྱུད་བྱིན་གྱིས་རློབ་པའི་མགོན་དམ་པར། །བརྩེ་བས་དགོངས་བཞིན་དགྱེས་པས་བཞུགས་པར་གྱུར། །[ཅེས་གསལ་བཏབ་ལ། སྤྲོ་ཞིང་ནུས་ན་གཞུང་གི་བླ་བརྒྱུད་གསོལ་འདེབས་རྒྱས་པའམ། དཀྱུས་སུ།] ཨོཾ་ཨཱ༔ ཧཱུྃ། རིག་སྟོང་ཟུང་འཇུག་ཀུན་ཏུ་བཟང་ཡབ་ཡུམ། །བདེ་ལྡན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ལྷ། །མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་འདེབས་རྗེས་བཟུང་བདག་རྒྱུད་སྨིན་གྲོལ་གསོལ། །རྒྱལ་ཀུན་ངོ་བོ་ཨོ་རྒྱན་ཐོད་ཕྲེང་རྩལ། །མཁའ་སྤྱོད་ཌཱ་ཀི་མཁར་ཆེན་བཟའ་མཚོ་རྒྱལ། །གདམས་པའི་བཀའ་བབས་ལྷ་ལྕམ་པདྨ་གསལ། །གསོལ་བ༴

p. 297

ཟབ་གཏེར་མངའ་བདག་ཨོ་རྒྱན་པདྨ་གླིང་། །སྐལ་ལྡན་སྔགས་འཆང་ཆོས་རྗེ་རྣམ་པ་གཉིས། །སྤྲུལ་པའི་སྐུ་མཆོག་བསྟན་འཛིན་གྲགས་པ་ལ། །གསོལ་བ༴ རྒྱལ་བའི་སྲས་མཆོག་པདྨ་ཕྲིན་ལས་རྩལ། །ཤེས་བྱ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེའི་ཞབས། །གྲུབ་མཆོག་བསྟན་འཛིན་འགྱུར་མེད་རྡོ་རྗེ་ལ། །གསོལ་བ༴ མཚུངས་མེད་བསྟན་འཛིན་ལེགས་པའི་དོན་གྲུབ་ཞབས། །ཁྱབ་བདག་ངག་དབང་ཀུན་བཟང་རྡོ་རྗེ་འཛིན། །ཀུན་བཟང་འགྱུར་མེད་མཆོག་གྲུབ་དཔལ་འབར་ལ། །གསོལ་བ༴ པདྨ་བསྟན་འཛིན་གྲུབ་མཆོག་རྡོ་རྗེའི་སྡེ། །རྒྱལ་དབང་འགྱུར་མེད་པདྨ་ཁྱབ་བདག་རྗེ། །བསྟན་འཛིན་སྲིད་ཞི་རྣམ་པར་རྒྱལ་བ་ལ། །གསོལ་བ༴ མི་འགྱུར་ལྷུན་གྲུབ་བདེ་ཆེན་རྡོ་རྗེ་རྩལ། །མཚུངས་མེད་ཀུན་བཟང་རིག་འཛིན་རྡོ་རྗེའི་ཞབས། །རྣམ་འདྲེན་ཀུན་བཟང་བསྟན་པའི་ཉི་མ་ལ། །གསོལ་བ༴ རྒྱལ་སྲས་འཇིགས་མེད་ཚེ་དབང་ནོར་བུའི་དཔལ། །རྡོ་རྗེ་འཛིན་དབང་དགེ་འདུན་རྒྱ་མཚོའི་དཔལ། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ལ། །གསོལ་བ༴ ཀུན་བཟང་ཐུགས་བཅུད་དགོངས་པ་ཀུན་འདུས་དང་། །ཡི་དམ་རྒྱལ་བ་ཞི་དང་ཁྲོ་བོའི་

p. 298

ཚོགས། །མ་དང་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ལ། །གསོལ་འདེབས་རྗེས་བཟུང་བདག་རྒྱུད་སྨིན་གྲོལ་གསོལ། །[ཞེས་བླ་མ་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། གཙོ་བོར།] ཨོཾ་ཨཱཿཧཱུྃ༔ བླ་མ་འཇའ་དང་འོད་དུ་འཁྱིལ་ལི་ལི༔ སྐུ་དང་ཐིག་ལེར་ཤིགས་སེ་ཤིག༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ རྡོ་རྗེའི་སྐུ་ལ་གསོལ་བ་འདེབས༔ ལུས་ལ་བདེ་བར་བྱིན་གྱིས་རློབས༔ རྡོ་རྗེའི་གསུང་ལ་གསོལ་བ་འདེབས༔ ངག་ལ་ནུས་པར་བྱིན་གྱིས་རློབས༔ རྡོ་རྗེའི་ཐུགས་ལ་གསོལ་བ་འདེབས༔ སེམས་ལ་རྟོགས་པར་བྱིན་གྱིས་རློབས༔ གནས་ལུགས་རྟོགས་པར༴ མཐོང་རྐྱེན་བྱས་པར༴ སྒྲོན་བཞི་ལོངས་པར་བྱིན་གྱིས་རློབས༔ སྣང་བཞི་འཆར་བར་བྱིན་གྱིས་རླབས༔ འོད་གསལ་འབྱོངས་པར་བྱིན་གྱིས་རློབས༔ ཟད་སར་འཁྱོལ་བར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ [ཞེས་བརྒྱ་སྟོང་སོགས་གྲངས་ཅི་ནུས་ཀྱིས་གསོལ་བ་བཏབ་པས།] ཀུན་བཟང་ནས་བཟུང་བརྒྱུད་པའི་བླ་མ་རྣམས། །ཡས་རིམ་འོད་ཞུ་བླ་མའི་སྐུ་ལ་ཐིམ། །དེ་དག་ཀུན་གྱི་མཁྱེར་བརྩེ་ནུས་པའི་སྟོབས། །གཅིག་བསྡུས་བདག་ཉིད་ཆེན་པོར་བཞུགས་པ་ཡི། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་གྱིས་

p. 299

མཚན་གྱུར། །[ཞེས་མོས་ལ་སླར་ཡང་གསོལ་བ་བཏབ་པས།] བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྒྲིབ་པ་སྦྱངས། སྐུའི་བྱིན་རླབས་ལུས་ལ་བཞུགས། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་རང་ལུས་དབྱེར་མེད་སྣང་སྟོང་གི་ངང་དུ་གྱུར། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་སྦྱངས། གསུང་གི་བྱིན་རླབས་ངག་ལ་ཞུགས། སངས་རྒྱས་ཐམས་ཅད་ཀྱི་གསུང་དང་རང་གི་ངག་དབྱེར་མེད་གྲགས་སྟོང་གི་ངང་དུ་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྒྲིབ་པ་སྦྱངས། ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་རང་གི་ཡིད་དབྱེར་མེད་བདེ་སྟོང་གི་ངང་དུ་གྱུར། སླར་ཡང་བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། སྒོ་གསུམ་གྱི་སྒྲིབ་པ་སྦྱངས། རྡོ་རྗེ་གསུམ་གྱི་བྱིན་རླབས་སྒོ་གསུམ་ལ་ཞུགས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་

p. 300

[བསམ་ལ་མ་བཅོས་རང་བབས་སུ་ཀློད་དེ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན་རང་དང་བླ་མ་དབྱེར་མེད་སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་ཤེས་པའི་ངང་ནས།] རང་བཞིན་དག་པའི་དགེ་བ་འདིས༔ འཁོར་བ་ངན་སོང་དོང་སྤྲུགས་ནས༔ སྲིད་ན་འགའ་ཡང་མི་གནས་པར༔ ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ སེམས་ཅན་རྣམས་ནི་ཐམས་ཅད་ཀྱི༔ གཞི་ནི་ལྷུན་གྱིས་གྲུབ་པ་ལ༔ ལམ་ནི་མངོན་སུམ་སྣང་བར་ཤར༔ འབྲས་བུ་གཞི་ལ་རྫོགས་གྱུར་ཅིག༔ [ཅེས་དགེ་བ་བསྔོས་ཏེ་སྨོན་ལམ་གྱིས་རྒྱས་བཏབ་ཅིང་། སྤྱོད་ལམ་ཀུན་ཏུ་ཚོགས་གཉིས་ཟུང་འཇུག་གི་རྣལ་འབྱོར་ལས་མི་འདའ་བས་གཏན་གྱི་འདུན་མ་བཟང་པོ་ཉམས་འོག་ཏུ་ཚུད་པར་བྱའོ། །ཀུན་བཟང་དགོངས་འདུས་རྫོགས་པ་ཆེའི། །ཐོག་མའི་སྒོ་འབྱེད་སྔོན་འགྲོའི་ཆོས། །གསལ་བདེར་སྤེལ་ལས་ཐོབ་པའི་དགེ །སྐལ་ལྡན་སྨིན་གྲོལ་དཔལ་དུ་ཤོག །ཅེས་པའང་སྔན་ལུང་སྒང་སྟེང་གསང་སྔགས་ཆོས་གླིང་གི་བསྟན་པའི་བདག་པོ་རྒྱལ་སྲས་པདྨ་ཕྲིན་ལས་ཀྱི་སྐུ་ཕྲེང་དགུ་པ་ཀུན་བཟང་པདྨ་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན་ལམ་འདིའི་གདུལ་བྱ་རྗེས་འཇུག་རྣམས་ལ་ཕན་པའི་བསམ་པས། རིག་འཛིན་གཏེར་བདག་གླིང་པའི་ཁྲིད་ཡིག་སྙིང་པོ་རབ་གསལ་གྱི་དགོངས་པ་གཞིར་བཟུང་། སྔར་གྱི་ཆོས་སྤྱོད་གསུང་རྒྱུན་དག་ལས་འཇུག་བདེའི་ངག་འདོན་བཅུད་དུ་

p. 301

དྲིལ་ཏེ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ལམ་འདིའི་རིང་ལུགས་ཕྱོགས་མཐར་ཁྱབ་ཅིང་འབྲེལ་ཚད་སྨིན་གྲོལ་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།]

ཞི་ཁྲོ་ཀུན་བཟང་དགོངས་འདུས་ཀྱི་སྒོ་ནས་ཚེ་འདས་རྗེས་འཛིན་གྱི་ཆོ་ག་འབྲེལ་ཚད་རང་གྲོལ།

p. 302
p. 303

༄༅། །ཞི་ཁྲོ་ཀུན་བཟང་དགོངས་འདུས་ཀྱི་སྒོ་ནས་ཚེ་འདས་རྗེས་འཛིན་གྱི་ཆོ་ག་འབྲེལ་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

p. 304

ཨོཾ་སྭསྟི། འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །བླ་མ་ཞི་ཁྲོ་རྒྱལ་བར་གུས་བཏུད་ནས། །ཉམ་ཐག་གཤིན་པོའི་གདུལ་བྱ་རྗེས་འཛིན་གྱི། །ཆོ་གའི་མན་ངག་སྙིང་པོ་འདིར་གསལ་བྱ། །[དེའང་ཡང་གསང་བླ་མེད་ཞི་ཁྲོ་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྒོ་ནས་གཤིན་པོའི་གདུལ་བྱ་ལ་ཕན་གདགས་པའི་ཆོ་ག་ལག་ཏུ་བླང་བ་ལ་གཉིས། གནས་ལུང་གི་སྒོ་ནས་རྗེས་སུ་འཛིན་པ་དང་། རོ་སྲེག་གི་ཆོ་གས་མཐའ་བསྐྱང་བའོ། །དང་པོ་གནས་ལུང་གི་ཆོ་ག་ལའང་གཉིས། ཡོ་བྱད་བཤམ་པ་དང་། ཆོ་ག་དངོས་པོ། །དང་པོ་ཡོ་བྱད་བཤམ་པ་ནི། རྩ་བའི་སྒྲུབ་མཆོད་ལ་དགོས་པའི་ཡོ་བྱད་རྣམས་གཞུང་བཞིན་བཤམ་ནས། ཁྱད་པར་གྱི་

p. 305

ཆོས་ལ་དམིགས་བྱའི་རོ་ཡོད་ན་དེ་ལ་བརྟེན་པའམ། མིན་ན་ཤོག་བུ་ལ་དམིགས་བྱའི་གཟུགས་བརྙན་ནམ་གུར་གུམ་གྱིས་མིང་ཡིག་ནྲྀ་དང་བཅས་དྲི་མའི་རྟེན་དང་མཉམ་དུ་པདྨ་འདབ་བརྒྱད་ཀྱི་སྟན་ལ་རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བཞག །དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་རིགས་དྲུག་གི་དལ་དམྱལ་བ་ནས་ཡས་རིམ་དུ་མི་ཡི་དལ་བར་བཀྲམ་པའི་རིགས་དྲུག་རང་རང་གི་ཐད་དུ་ཐུབ་པ་དྲུག་གི་སྐུ་ཙཀ་དང་ཉེ་ལོགས་སུ་གཏོར་མ་ཆངས་བུས་བརྒྱན་པ་རེ་བཤམ། དེ་དང་ཉེ་བར་བགེགས་སྦྱོང་བའི་གཏོར་མ་གསུམ་དང་། ཏིང་ལོ་གསུམ་གསུམ་དང་ཆངས་བུ་གསུམ་རེ། ཏིལ་དང་མེ་ཆུ། བྲབ་རྫས་བྱེ་མ་དང་ཡུངས་དཀར། འབྱུང་བཞིའི་རྫས། ཟས་གཏད་ཀྱི་བཟའ་བཏུང་སོགས་འོག་ཏུ་དགོས་པ་ཐམས་ཅད་ཚང་

p. 306

བར་བཤམ་མོ། །གཉིས་པ་ཆོ་ག་དངོས་ནི། རྩ་བའི་དཀྱིལ་འཁོར་སྒྲུབ་མཆོད་སྐོང་བཤགས་ཚོགས་མཆོད་བདག་ཉིད་འཇུག་ཅིང་དབང་བླང་སྟེ་སློབ་མ་གཞུག་པར་གནང་བ་ནོད་པའི་བར་སོང་ནས། གནས་ལུང་དངོས་ལ་བཅོ་ལྔ་ལས། དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་ལས་སྔགས་ཀྱིས་བསང་།] སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་དེ་ཉིད་གསོན་དུས་ཀྱི་རྣམ་པ་ཇི་ལྟར་[བསམ། གཉིས་པ་རྣམ་ཤེས་དགུག་པ་ནི། ལག་གཉིས་རྡོར་བསྡམས་ལས་ནང་བསྣོལ་མཛུབ་མོ་གཉིས་བརྐྱང་། མཐེ་ཆུང་བཀུག་པ་ལྕགས་ཀྱུའི་རྒྱ་དང་སྙིང་གའི་ས་བོན་གྱི་འོད་ཀྱིས་རྣམ་ཤེས་བཀུག་པར་བསམ་ཞིང་།] ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་[ཆེ་གེ་]ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་བ་རྣམ་བཞི་སྲིད་པ་བར་མདོ་གང་ན་གནས་ཀྱང་སྐད་ཅིག་གིས

p. 307

འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ[ཞེས་པས་རྣམ་ཤེས་དང་།] སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ༔ [ཞེས་པས་སྡིག་པ་བཀུག་ནས། སླར་ཡང་]ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཁྱོད་ཀྱི་མིང་ནི་ཤི་བ་ཡིན༔ འབྱུང་བཞི་སྒྱུ་མའི་འཁྲུལ་འཁོར་ཞིག༔ ཡིད་ལ་ཆགས་པའི་གཉེན་དང་བྲལ༔ སེར་སྣས་བསགས་པའི་ཟས་ནོར་ལུས༔ འཇིག་རྟེན་འདི་ཡི་སྣང་བ་ནུབ༔ ཕྱི་མ་བར་མ་དོ་རུ་འཁྱམས༔ བག་ཆགས་ལས་ཀྱི་རྗེས་འབྲང་ནས༔ བར་དོའི་གནས་ན་རང་དབང་མེད༔ འཆི་བདག་གཤིན་རྗེའི་ལག་ཏུ་ཚུད༔ འཁོར་བར་འཁྱམས་པའི་ཚེ་འདས་ཁྱོད༔ འཁོར་བའི་གནས་ནས་འདྲེན་པ་ཡིན༔ ཁྱོད་ལ་བླ་མ་ཡོད་དམ་མེད༔ ཁྱོད་ལ་བླ་མ་ཅི་ལ་མེད༔ མོས་གུས་དྲག་པོའི་གདུང་ཤུགས་ཀྱིས༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ ལྷ་དང་བླ་མ་དྲན་གྱིས་ལ༔ ང་ཡིས་བཀའ་སྩོལ་ཁྱོད་ཉོན་ཅིག༔ ཁྱོད་ཀྱི་བླ་མ་ང་ཡིན་པས༔ དྲིལ་བུ་སིལ་སིལ་སྒྲ་སྒྲོག་ཅིང་༔ འོ་དོད་ཏོང་ཏོང་ངས་འབོད་ན༔ གདུང་ཤུགས་དྲག་པོས་འདིར་ཤོག་

p. 308

ཅིག༔ རྩལ་ཤུགས་དྲག་པོས་འདིར་ཤོག་ཅིག༔ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་[བསམ། གསུམ་པ་ཤི་བ་ངོ་སྤྲོད་པ་ནི།] ཨེ་མ༔ གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ༔ ཚེ་འདས་སྒྱུ་མའི་འཁྲུལ་འཁོར་ཁྱོད༔ དང་པོ་སྐྱེས་ཀྱང་ལས་ཀྱིས་སྐྱེ༔ བར་དུ་འཁོར་ཡང་ལས་ཀྱི་འཁོར༔ ཐ་མ་ཤི་ཡང་ལས་ཀྱིས་ཤི༔ འདི་ལྟར་ཤི་བའི་དུས་བྱུང་དུས༔ ཁྱོད་ཀྱི་རྡོ་རྗེ་སློབ་དཔོན་ང་ཡིན་པས༔ འཁོར་བའི་གནས་ནས་ང་ཡིས་འདྲེན༔ ངན་སོང་སྒོ་མོ་ང་ཡིས་བཀག༔ མཐི་རིས་ཐར་ལམ་ང་ཡིས་བསྟན༔ སངས་རྒྱས་ས་ལམ་ང་ཡིས་སྦྱར༔ ང་ཡིས་བཀའ་སྩལ་ཁྱོད་ཉོན་ཅིག༔ དྲི་མ་འདི་ནི་སྐུ་ཡི་རྟེན༔ མིང་བྱང་འདི་ནི་གསུང་གི་རྟེན༔ མེ་ལོང་འདི་ནི་ཐུགས་ཀྱི་རྟེན༔ སྨྱུག་མ་འདི་ནི་བླ་ཡི་རྟེན༔ གདུགས་དཀར་འདི་ནི་སྐུ་ལ་སྐྱོབས༔ པདྨ་འདི་ནི་འདིངས་པའི་རྟེན༔ དྲི་མ་འདི་ལ་རྟེན་བཅས་ལ༔ བརྩེ་བའི་སེམས་སྟོབས་མ་ཆུང་བར༔ ཐེ་ཚོམ་དངངས་སྐྲག་མ་བྱེད་པར༔ དགའ་དང་སྤྲོ་བའི་

p. 309

མོས་གུས་ཀྱིས༔ ལྷ་དང་བླ་མའི་དྲུང་འདིར་བག་ཕོབ་ཅིག༔ [ཞེས་བརྗོད་པས་དྲི་མ་དང་གཉིས་སུ་མེད་པར་བསམ། བཞི་པ་བགེགས་སྦྱོང་བ་ནི། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་།] ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ༴ [ཞེས་པ་ནས།] གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། [ཞེས་སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུ་བསྐོར་ཞིང་།] ཨོཾ་སུམྦྷ་ནི་[སོགས་]ཧཱུྃ་[བཞི་པ་གསུམ་གྱིས་ཞི་དྲག་ཕྱེད་མ། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར།] བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཆིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། [ཞེས་པའི་མཐར་དྲག་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོ་དང་བཅས་པ་གསུམ་གྱི་མཐར་གཏོར་མ་རྒྱང་རིང་དུ་དོར་བ་ནི་དྲག་པོའི་སྦྱང་བའོ། །ལྔ་པ་སྡིག་པ་སྦྱང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ།] ཚེ་ལས་འདས་པའི་སྡིག་སྒྲིབ་

p. 310

ཐམས་ཅད་ཡི་གེ་ཀྃ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་ཏིལ་ལ་ཐིམ་པར་གྱུར། [ཏིལ་གཡས་གཡོན་གྱི་མེར་བསྲེག་ཚུར་དོར་ལ།] ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་ཏེ་སྦྱོངས་པར་[བསམ། དེ་ནས་རྩ་བའི་སྔགས་དང་སྒྲིབ་སྦྱོང་གི་གཟུངས་ཀྱིས་བསྔགས་པའི་བྱེ་མ་དང་ཡུངས་ཀར་བྲབ་ཅིང་། ཞི་ཁྲོའི་སྤྱི་སྔགས་དང་ཡི་གེ་བརྒྱ་པའི་མཐར།] ཚེ་ལས་འདས་པ་ཆེ་གེ་ཞེས་བགྱི་བའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་ཏུ་ཡེ་སྭཱཧཱ། [ཞེས་སྔགས་དེ་དག་གི་མཐར་ཚེ་འདས་ཀྱི་མིང་སྤེལ་སྒྲིབ་སྦྱོང་གི་ཤམ་བུ་ཅན་དང་།] ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏྲྰི་རྻ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ། [ཅེས་སོགས་ངན་སོང་སྦྱོང་བའི་སྔགས་ཅི་ནུས་བཟླས་ལ།] སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་ལྟར་དག་པར་[བསམ་མོ། །དྲུག་པ་ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་།] ཇི་ལྟར་བལྟམས་པ་[སོགས་དང་།] རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །

p. 311

ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །[ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱ་བཟླ་བཞིན་བཀྲུ། ཞེས་དང་།] དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿཀཱ་ཡ་བི་ཤྭ་དྷ་ནེ་སྭཱཧཱ། [ཞེས་སྐུ་ཕྱིས་ནས་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་།] ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ ཕྱི་ནི་དབང་གི་བུམ་པ་ལ༔ ནང་ནི་རང་བྱུང་གཞལ་ཡས་ཁང་༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི་ལྷ་ཚོགས་བཞུགས༔ མ་ཆགས་རྟོག་བྲལ་ཆུ་ཡིས་བཀང་༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་ཤེལ་བུམ་དྲི་མེད་ཟླུམ༔ མེ་ལོང་ཡེ་ཤེས་ཆུ་ཡིས་བཀང་༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ ཞེ་སྡང་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་གསེར་བུམ་དྲི་མེད་ནང་༔ མཉམ་ཉིད་ཡེ་ཤེས་ཆུ་ཡིས༴ ཚེ་འདས་ཁྱོད་ལ༴ ང་རྒྱལ་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་པདྨ་རཱ་གའི་ནང་༔

p. 312

སོར་རྟོག་ཡེ་ཤེས་ཆུ་ཡིས༴ ཚེ་འདས་ཁྱོད་ལ༴ འདོད་ཆགས་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་ཨིནྡྲ་ནཱི་ལའི་ནང་༔ བྱ་གྲུབ་ཡེ་ཤེས་ཆུ་ཡིས༴ ཚེ་འདས་ཁྱོད་ལ༴ ཕྲག་དོག་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་མཐིང་བུམ་དྲི་མེད་ནང་༔ ཆོས་དབྱིངས་ཡེ་ཤེས་ཆུ་ཡིས་བཀང་༔ ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས༔ གཏི་མུག་དྲི་མ་དག་གྱུར་ཅིག༔ ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང་༔ ཕ་རོལ་ཕྱིན་དྲུག་ཆུ་ཡིས༴ ཚེ་འདས་ཁྱོད་ལ༴ རྒྱུད་དྲུག་བག་ཆགས་དག་གྱུར་ཅིག༔ སྦྱིན་པ་ཆུ་ཡིས་རབ་དཀྲུས་པས༔ སེར་སྣའི་དྲི་མ་དག་གྱུར་ཅིག༔ ཚུལ་ཁྲིམས་ཆུ་ཡིས་རབ༴ ཕྲག་དོག་དྲི་མ༴ བཟོད་པ་ཆུ་ཡིས༴ ཁོང་ཁྲོའི་དྲི་མ༴ བརྩོན་འགྲུས་ཆུ་ཡིས༴ ལེ་ལོའི་དྲི་མ༴ བསམ་གཏན་ཆུ་ཡིས་རབ༴ རྣམ་གཡེང་དྲི་མ༴ ཤེས་རབ་ཆུ་ཡིས༴ ཤེས་འཆལ་དྲི་མ་དག་གྱུར་ཅིག༔ [ཞེས་རེ་རེ་བཞིན་སྔགས་དང་རོལ་མོ་བཅས་པས་ཁྲུས་བྱའོ། །བདུན་པ་དྲུག་སྦྱོར་བ་ནི། བུམ་ཆུས་རྟེན་ལ་བྱབ་ཅིང་།] འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ ཆོས་

p. 313

ཀྱི་སྐུ་ལ་དུག་མི་མངའ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ལུས་ཀྱིས་བསགས་པའི་སྡིག་སྒྲིབ་རྣམས༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་གཏི་མུག༴ འདི་དག་འཇིག་རྟེན་དུག༴ ལོངས་སྤྱོད་རྫོགས་ལ་དུག༴ དེ་བཞིན་ཚེ་འདས་རིགས་ཀྱི་བུ༔ ངག་གིས་བསགས་པའི་སྡིག༴ དམ་ཆོས་བདེན་པས༴ འདོད་ཆགས་ཞེ་སྡང་༴ འདི་དག་འཇིག་རྟེན༴ སྤྲུལ་པའི་སྐུ་ལ༴ དེ་བཞིན་ཚེ་འདས༴ ཡིད་ཀྱིས་བསགས་པའི་སྡིག༴ དགེ་འདུན་བདེན་པས༴ [འབྱུང་བ་སོ་སོས་བྱ་བ་ཅིང་།] ས་འདི་དུག་གི་ཕ་ཡིན་ཏེ༔ ས་འདི་དུག་གི་མ་ཡང་ཡིན༔ སངས་རྒྱས་སྤྱན་དང་གཉིས་སུ་མེད༔ ང་རྒྱལ་དུག་ནི་ས་ལ་ཐིམ༔ སངས་རྒྱས་སྤྱན་ལ་དུག་མི་མངའ༔ ཚེ་འདས་ང་རྒྱལ་དུག་བཅོམ་མོ༔ ཆུ་འདི་དུག་གི་ཕ༴ ཆུ་འདི་དུག་གི་མ༴ མ་མཱ་ཀི་དང་གཉིས་སུ༴ ཞེ་སྡང་དུག་ནི་ཆུ་ལ༴ མཱ་མ་ཀི་ལ་དུག་མི༴ ཚེ་འདས་ཞེ་སྡང་༴ མེ་འདི་དུག་གི་ཕ༴ མེ་འདི་དུག་གི་མ༴ གོས་དཀར་མོ་དང་གཉིས་སུ༴ འདོད་ཆགས་དུག་ནི་མེ་ལ་ཐིམ༔

p. 314

གོས་དཀར་མོ་ལ་དུག་མི་མངའ༔ ཚེ་འདས་འདོད་ཆགས༴ རླུང་འདི་དུག་གི་ཕ༴ རླུང་འདི་དུག་གི་མ༴ དམ་ཚིག་སྒྲོལ་དང་གཉིས་སུ༴ ཕྲག་དོག་དུག་ནི་རླུང་ལ༴ དམ་ཚིག་སྒྲོལ་ལ་དུག་མི༴ ཚེ་འདས་ཕྲག་དོག༴ ནམ་མཁའ་དུག་ནི་ཕ༴ ནམ་མཁའ་དུག་ནི་མ༴ དབྱིངས་ཕྱུག་མ་དང་གཉིས་སུ༴ གཏི་མུག་དུག་ནི་ནམ་མཁར་ཐིམ༔ དབྱིངས་ཕྱུག་མ་ལ་དུག་མི་མངའ༔ ཚེ་འདས་གཏི་མུག་དུག་བཅོམ་མོ༔ དེ་བཞིན་བདེན་ཚིག་འདི་བརྗོད་པས༔ དུག་གསུམ་སྐུ་གསུམ་ཀློང་དུ་ཐིམ༔ དུག་ལྔ་ཡེ་ཤེས་ལྔ་རུ་ཐིམ༔ ཆོས་དབྱིངས་སྟོང་གསལ་དཀྱིལ་འཁོར་དུ༔ སྐུ་ལྔ་ལྷུན་གྲུབ་དོན་རྟོགས་ཤོག༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ [བརྒྱད་པ་རིགས་དྲུག་གི་གནས་ནས་དྲང་བ་ལ་དྲུག་ལས། དང་པོ་དམྱལ་བའི་གནས་ནས་དྲང་བ་ནི། མིང་བྱང་དམྱལ་བའི་དལ་དུ་བཞག་ལ།] ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔

p. 315

རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ ཞེ་སྡང་བསགས་པའི་ལས་དབང་གིས༔ དམྱལ་བའི་གནས་སུ་སྐྱེ་སྲིད་དོ༔ དམྱལ་བའི་གནས་སུ་སྐྱེས་གྱུར་ན༔ ཚ་གྲང་སྡུག་བསྔལ་བསམ་མི་ཁྱབ༔ བཙོ་སྲེགས་སྡུག་བསྔལ་ཡ་རེ་ང་༔ ངུ་འབོད་སྡུག་བསྔལ་བསམ་མི་ཁྱབ༔ འབྲས་བུ་ཞེ་སྡང་བསགས་པས་ལན༔ ཞེ་སྡང་དེ་ཡིས་ཁྱོད་རེ་བསླུས༔ ཞེ་སྡང་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ བྱམས་དང་སྙིང་རྗེ་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ[གཏོར་མ་བསྔོ་བ་ནི།] ཧཱུྃ༔ ཞེ་སྡང་དམྱལ་བའི་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ ཞེ་སྡང་ལན་ཆགས་སྦྱོང་ཕྱིར་འབུལ༔ ཚ་གྲང་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཆང་ཐོབ་པར་ཤོག༔ [ཁྲུས་བྱ་བ་ནི།] འདི་ནི་བཟོད་པའི་རང་བཞིན་ཆུ༔ ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔

p. 316

ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ [ཡིག་བརྒྱའི་མཐར།] ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧྲྰུྃ་ཕཊ༔ [དམྱལ་བའི་ཐུབ་པ་སྤྱི་བོར་བཞག་ལ།] ཧཱུྃ༔ ཉོན་མོངས་ཞེ་སྡང་ཀུན་སྤངས་པའི༔ དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ༔ སྐུ་མདོག་ནག་པོ་མེ་ཆུ་བསྣམས༔ བཟོད་པའི་ཆོས་སྟོན་ཞེ་སྡང་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཚ་གྲང་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ [ས་མཚམས་བཅད་པ་ནི།] ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་དམྱལ་བའི་གནས་རིས་ཡིན༔ ཞེ་སྡང་བསགས་པའི་ལས་དབང་གིས༔ འབྲས་བུ་དམྱལ་ཁམས་བཅོ་བརྒྱད་སྨིན༔ ཚ་གྲང་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་དམྱལ་བའི་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ [ཅེས་དམྱལ་བའི་དལ་

p. 317

བསྡུ། གཉིས་པ་ཡི་དྭགས་ཀྱི་གནས་ནས་དྲང་བ་ནི།] མིང་བྱང་ཡི་དྭགས་ཀྱི་དལ་དུ་བཞག་ནས། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ སེར་སྣ་བསགས་པའི་ལས་དབང་གིས༔ ཡི་དྭགས་གནས་སུ་སྐྱེ་སྲིད་དོ༔ ཡི་དྭགས་གནས་སུ་སྐྱེས་གྱུར་ན༔ བཀྲེས་སྐོམ་སྡུག་བསྔལ་བསམ་མི་ཁྱབ༔ སེར་སྣ་འཇུག་གེགས་ཡ་རེ་ང་༔ ལས་ངན་འབུལ་ཕོངས་བསམ་མི་ཁྱབ༔ འབྲས་བུ་སེར་སྣ་བསགས་པས་ལན༔ སེར་སྣ་དེ་ཡིས་ཁྱོད་རེ་བསླུས༔ སེར་སྣ་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ སྦྱིན་པ་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ[གཏོར་མ་བསྔོ་བ་ནི།] ཧཱུྃ༔ སེར་

p. 318

སྣ་ཡི་དྭགས་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ སེར་སྣའི་ལན་ཆགས་སྦྱོང་ཕྱིར་འབུལ༔ བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ [ཁྲུས་བྱ་བ་ནི།] འདི་ནི་སྦྱིན་པའི་རང་བཞིན་ཆུ༔ སེར་སྣའི་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ [ཡིག་བརྒྱའི་མཐར།] ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ [ཡི་དྭགས་ཐུབ་པ་སྤྱི་བོར་བཞག་ལ།] ཧཱུྃ༔ ཉོན་མོངས་སེར་སྣ་ཀུན་སྤངས་པའི༔ ཡི་དྭགས་ཐུབ་པ་ཁ་འབར་རྒྱལ༔ སྐུ་མདོག་དམར་པོ་སྒྲོམ་བུ་བསྣམས༔ སྦྱིན་པའི་ཆོས་སྟོན་སེར་སྣ་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ བཀྲེས་སྐོམ་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་སྲུྃ་སྭཱ་ཧཱ༔ [ས་མཚམས་བཅད་པ་ནི།] ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་ཡི་དྭགས་གནས་རིས་ཡིན༔ སེར་སྣ་བསགས་པའི་ལས་དབང་གིས༔ འབྲས་

p. 319

བུ་ཡི་དྭགས་རྒྱུ་རུ་སྨིན༔ བཀྲེས་སྐོམ་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་ཡི་དྭགས་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ [ཅེས་ཡི་དྭགས་ཀྱི་དལ་བསྡུ། གསུམ་པ་དུད་འགྲོའི་གནས་ནས་དྲང་བ་ནི། མིང་བྱང་དུད་འགྲོའི་དལ་དུ་བཞག་ནས།] ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ གཏི་མུག་བསགས་པའི་ལས་དབང་གིས༔ བྱོལ་སོང་གནས་སུ་སྐྱེ་སྲིད་དོ༔ བྱོལ་སོང་གནས་སུ་སྐྱེས་གྱུར་ན༔ བླུན་རྨོངས་སྡུག་བསྔལ་བསམ་མི་ཁྱབ༔ གླེན་ལྐུག་འཐོམ་འཐིམ་ཡ་རེ་ང་༔ བཀོལ་སྤྱོད་སྡུག་

p. 320

བསྔལ་བསམ་མི་ཁྱབ༔ འབྲས་བུ་གཏི་མུག་བསགས་པས་ལན༔ གཏི་མུག་དེ་ཡིས་ཁྱོད་རེ་བསླུས༔ གཏི་མུག་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ ཤེས་རབ་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ[གཏོར་མ་བསྔོ་བ་ནི།] ཧཱུྃ༔ གཏི་མུག་བྱོལ་སོང་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ གཏི་མུག་ལན་ཆགས་སྦྱོང་ཕྱིར་འབུལ༔ བཀོལ་སྤྱོད་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ [ཁྲུས་བྱ་བ་ནི།] འདི་ནི་ཤེས་རབ་རང་བཞིན་ཆུ༔ ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ [ཡིག་བརྒྱའི་མཐར།] སུ་མ་ཐ་མ་ཐ་སརྦ་ཏཱིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ [བྱོལ་སོང་ཐུབ་པ་སྤྱི་བོར་བཞག་ལ།] ཧཱུྃ༔ གཏི་མུག་སྡུག་བསྔལ་ཀུན་སྤངས་པའི༔ བྱོལ་སོང་ཐུབ་པ་སེང་གེ་རབ༔ སྐུ་མདོག་སྔོ་ལྗང་པུསྟི་བསྣམས༔ ཤེས་རབ་ཆོས་སྟོན་གཏི་མུག་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔

p. 321

གླེན་ལྐུག་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཀྵྃ་སྭཱཧཱ༔ [ས་མཚམས་བཅད་པ་ནི།] ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་བྱོལ་སོང་གནས་རིས་ཡིན༔ གཏི་མུག་བསགས་པའི་ལས་དབང་གིས༔ འབྲས་བུ་བྱོལ་སོང་རྒྱུ་རུ་སྨིན༔ བཀོལ་སྤྱོད་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་བྱོལ་སོང་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ [ཅེས་དུད་འགྲོའི་དལ་བསྡུ། བཞི་པ་ལྷ་མིན་གྱི་གནས་ནས་དྲང་བ་ནི། མིང་བྱང་མམིན་གྱི་དལ་དུ་བཞག་ནས།] ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་

p. 322

ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ ཕྲག་དོག་བསགས་པའི་ལས་དབང་གིས༔ ལྷ་མིན་གནས་སུ་སྐྱེ་སྲིད་དོ༔ ལྷ་མིན་གནས་སུ་སྐྱེས་གྱུར་ན༔ འཐབ་རྩོད་སྡུག་བསྔལ་བསམ་མི་ཁྱབ༔ ང་རྒྱལ་རྒྱོབ་སོད་ཡ་རེ་ང་༔ བསད་ཅིང་རྨས་པ་བསམ་མི་ཁྱབ༔ འབྲས་བུ་ཕྲག་དོག་བསགས་པས་ལན༔ ཕྲག་དོག་དེ་ཡིས་ཁྱེད་རེ་བསླུས༔ ཕྲག་དོག་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ ཚུལ་ཁྲིམས་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ[གཏོར་མ་བསྔོ་བ་ནི།] ཧཱུྃ༔ ཕྲག་དོག་ལྷ་མིན་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ ཕྲག་དོག་ལན་ཆགས་སྦྱོར་ཕྱིར་འབུལ༔ འཐབ་རྩོད་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ [ཁྲུས་བྱ་བ་ནི།] འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ༔ ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ [ཡིག་བརྒྱའི་མཐར།] ཏྲི་སརྦ་དུ་ལ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ [ལྷ་མིན་ཐུབ་པ་སྤྱི་བོར་བཞག་ལ།]

p. 323

ཧཱུྃ༔ ཉོན་མོངས་ཕྲག་དོག་ཀུན་སྤངས་པའི༔ ལྷ་མིན་ཐུབ་པ་ཐགས་བཟང་རིས༔ སྐུ་མདོག་མཐིང་ཁ་གོ་མཚོན་བསྣམས༔ ཚུལ་ཁྲིམས་ཆོས་སྟོན་ཕྲག་དོག་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འཐབ་རྩོད་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་པྲེཾ་སྭཱ་ཧཱ༔ [ས་མཚམས་བཅད་པ་ནི།] ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་ལྷ་མིན་གནས་རིས་ཡིན༔ ཕྲག་དོག་བསགས་པའི་ལས་དབང་གིས༔ འབྲས་བུ་ལྷ་མིན་རྒྱུ་རུ་སྨིན༔ འཁྲུག་རྩོད་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་ལྷ་མིན་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ [ཅེས་ལྷ་མིན་གྱི་དལ་བསྡུ། ལྔ་པ་ལྷ་ཡི་གནས་ནས་དྲང་བ་ནི། མིང་བྱང་ལྷ་ཡི་དལ་དུ་བཞག་ནས།] ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་

p. 324

བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ ང་རྒྱལ་བསགས་པའི་ལས་དབང་གིས༔ ལྷ་ཡི་གནས་སུ་སྐྱེ་སྲིད་དོ༔ ལྷ་ཡི་གནས་སུ་སྐྱེས་གྱུར་ན༔ འཕོ་ལྟུང་སྡུག་བསྔལ་བསམ་མི་ཁྱབ༔ རྣམ་གཡེངས་འཁྲུལ་པ་ཡ་རེ་ང་༔ ལྟུང་བའི་སྡུག་བསྔལ་བསམ་མི་ཁྱབ༔ འབྲས་བུ་ང་རྒྱལ་བསགས་པས་ལན༔ ང་རྒྱལ་དེ་ཡིས་ཁྱོད་རེ་བསླུས༔ ང་རྒྱལ་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ བསམ་གཏན་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ[གཏོར་མ་བསྔོ་བ་ནི།] ཧཱུྃ༔ འཕོ་ལྟུང་ལྷ་ཡི་གནས་རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ ང་རྒྱལ་ལན་ཆགས་སྦྱོང་ཕྱིར་འབུལ༔ རྣམ་གཡེངས་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ [ཁྲུས་བྱ་བ་ནི།] འདི་ནི་བསམ་གཏན་རང་བཞིན་ཆུ༔ རྣམ་གཡེངས་

p. 325

དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ [ཡིག་བརྒྱའི་མཐར། ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁཏྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ལྷ་ཡི་ཐུབ་པ་སྤྱི་བོར་བཞག་ལ།] ཧཱུྃ༔ ། གཉིས་འཛིན་ང་རྒྱལ་ཀུན་སྤངས་པའི༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་དཀར༔ སྐུ་མདོག་དཀར་པོ་པི་ཝང་བསྣམས༔ བསམ་གཏན་ཆོས་སྟོན་ང་རྒྱལ་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འཕོ་ལྟུང་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ [ས་མཚམས་བཅད་པ་ནི།] ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་ལྷ་ཡི་གནས་རིས་ཡིན༔ ང་རྒྱལ་བསགས་པའི་ལས་དབང་གིས༔ འབྲས་བུ་འཕོ་ལྟུང་སྡུག་བསྔལ་སྨིན༔ རྣམ་གཡེངས་འཁྲུལ་པ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་ལྷ་ཡི་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་

p. 326

ས་ཐོབ་ཤོག་༔ [ཅེས་ལྷ་ཡི་དལ་བསྡུ། དྲུག་པ་མི་ཡི་གནས་ནས་དྲང་བ་ནི ། མིང་བྱང་མི་ཡི་དལ་དུ་བཞག་ནས།] ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ གཉིས་འཛིན་སེམས་ཀྱི་འཁྲུལ་སྣང་ལས༔ རྐྱེན་བཞི་འདུས་པའི་འཁྲུལ་འཁོར་བྱུང་༔ ཡུལ་ལྔ་བདག་ཏུ་འཛིན་པ་ལས༔ ཉོན་མོངས་དུག་ལྔའི་ལོ་འདབ་རྒྱས༔ རྒྱུད་དྲུག་ལམ་དུ་འཁྱམས་པས་ལན༔ ཚེ་འདས་བྱ་བ་རིགས་ཀྱི་བུ༔ རྣམ་སྨིན་ཚིག་བཤད་འདི་ལ་ཉོན༔ འདོད་ཆགས་བསགས་པའི་ལས་དབང་གིས༔ མི་ཡི་གནས་སུ་སྐྱེ་སྲིད་དོ༔ མི་ཡི་གནས་སུ་སྐྱེས་གྱུར་ན༔ སྐྱེ་རྒ་ན་འཆི་བསམ་མི་ཁྱབ༔ བྲེལ་ཕོངས་སྡུག་བསྔལ་ཡ་རེ་ང་༔ འགྱུར་བའི་སྡུག་བསྔལ་བསམ་མི་ཁྱབ༔ འབྲས་བུ་འདོད་ཆགས་བསགས་པས་ལན༔ འདོད་ཆགས་དེ་ཡིས་ཁྱོད་རེ་བསླུས༔ འདོད་ཆགས་དེ་ཡིས་ཁྱོད་རེ་ནོངས༔ བུ་ཁྱོད་དེ་རུ་མ་འཁྱམས་པར༔ བརྩོན་འགྲུས་ཆེན་པོའི་གོས་གྱོན་ལ༔ མ་ཆགས་མ་ཞེན་ཡར་ཤོག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛཿ[གཏོར་མ་བསྔོ་བ་ནི།] ཧཱུྃ༔ འདོད་ཆགས་མི་ཡི་གནས་

p. 327

རིས་སུ༔ མཆོད་སྦྱིན་མཆོག་གི་གཏོར་མ་འདི༔ འདོད་ཆགས་ལན་ཆགས་སྦྱོང་ཕྱིར་འབུལ༔ བྲེལ་ཕོངས་སྡུག་བསྔལ་ཀུན་ཞི་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ [ཁྲུས་བྱ་བ་ནི།] འདི་ནི་བརྩོན་འགྲུས་རང་བཞིན་ཆུ༔ ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ [ཡིག་བརྒྱའི་མཐར།] ནྲྀ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ [མིའི་ཐུབ་པ་སྤྱི་བོར་བཞག་ལ།] ཧཱུྃ༔ ཉོན་མོངས་འདོད་ཆགས་ཀུན་སྤངས་པའི༔ མི་ཡི་ཐུབ་པ་ཤཱཀྱ་སེང་༔ སྐུ་མདོག་སེར་པོ་གསེག་ཤང་བསྣམས༔ བརྩོན་འགྲུས་ཆོས་སྟོན་འདོད་ཆགས་སེལ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ བྲེལ་ཕོངས་སྡུག་བསྔལ་ཞི་ནས་ཀྱང་༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཏྲུྃ་སྭཱ་ཧཱ༔ [ས་མཚམས་བཅད་པ་ནི།] ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་མི་ཡི་གནས་རིས་ཡིན༔ འདོད་ཆགས་བསགས་པའི་ལས་དབང་གིས༔ འབྲས་བུ་མི་ཡི་

p. 328

རྒྱུ་རུ་སྨིན༔ སྐྱེ་འཆི་སྡུག་བསྔལ་གྲངས་ལས་འདས༔ དེ་ལས་ཐར་པའི་དུས་མ་མཆིས༔ བུ་ཁྱོད་དེ་རུ་མ་འཁྱམས་ཤིག༔ བུ་ཁྱོད་དེ་རུ་མ་འཁོར་ཅིག༔ བུ་ཁྱོད་དེ་རུ་ཡིད་མ་རྒྱུ༔ རིགས་དྲུག་མི་ཡི་ས་མཚམས་བཅད༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ [ཅེས་མི་ཡི་དལ་བསྡུས་ལ་དཀྱིལ་འཁོར་ཤར་ཕྱོགས་ཀྱི་ཁྱམས་སུ་བཞག་གོ །དགུ་པ་སྐྱབས་སུ་འགྲོར་འཇུག་པ་ནི།] ཚེ་འདས་ཉིད་དཀྱིལ་འཁོར་ཆེན་པོའི་ཤར་ཁྱམས་སུ་གནས་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་[བསམ་ལ།] གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །

p. 329

ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །[ཞེས་ཕྱག་འཚལ་སྔོན་དུ་འགྲོ་བས།] ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། དེ་རིང་སྙིང་ནས་སྐྱབས་སུ་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་

p. 330

གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །[ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོར་འཇུག །བཅུ་པ་དབང་བསྐུར་བ་ནི། དཀྱིལ་འཁོར་དུ་འཇུག་པ་ནས་བརྩམས་གཏང་རག་འབུལ་བའི་བར་སྔར་བདག་འཇུག་གི་སྐབས་བཞིན་བྱའོ། །བཅུ་གཅིག་པ་ཟས་གཏད་པ་ནི། རྟེན་བསྒྲུབ་བྱར་མོས་པ་ལ་དབང་བསྐུར་བས་སྡིག་པ་དག་སྟེ་རྡོ་རྗེ་སེམས་དཔའི་སྐུར་གསལ་བ་ལ། བཟའ་བཏུང་སོགས་འདོད་ཡོན་གཏད་འོས་པ་རྣམས།] རྃ་ཡྃ་ཁྃ་གིས་[བསང་སྦྱང་།] འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བསམ་ཞིང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབ་ལ།] ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་སཏྭ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ༴ །ཟག་མེད་དགའ་

p. 331

བདེས་རྟག་ཏུ༴ །ཤཔྡ༴ །ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི༴ ཟག་མེད་དགའ་བདེས༴ །གནྡྷེ༴ །ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི༴ །ཟག་མེད་དགའ་བདེས༴ །རཱ་ས༴ །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི༴ །ཟག་མེད༴ །སྤརྴེ༴ །ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་སེམས་དཔའི༴ །ཟག་མེད་དགའ་བདེས༴ །ཨོཾ་བཛྲ་སཏྭ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། [ཞེས་གཏད། བཅུ་གཉིས་པ་འཁོར་བར་མ་ཆགས་པར་གདམས་པ་ནི།] ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །[བཅུ་གསུམ་པ་ལམ་བསྟན་པ་ནི།] འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་

p. 332

དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །[བཅུ་བཞི་པ་ལམ་སྦྱོང་བ་ནི།] དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །[ཅེས་པས་]རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། འོག་མིན་གྱི་ཞིང་དུ་སོང་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀར་གཉིས་སུ་མེད་པར་ཐིམ་པར་[བསམ། བཅོ་ལྔ་པ་བྱང་བུ་བསྲེག་པ་ནི།] དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་[བསམ་ལ། ཞི་ཁྲོའི་སྔགས་ལན་གསུམ་གྱིས་མེ་སྦར་ཞིང་།] ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་

p. 333

འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །[ཡིག་བརྒྱའི་མཐར།] ཨགྣེ་ཛྭ་ལ་རྃ། [ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར་རོ། །དེ་ལྟར་བྱང་བུ་དང་རོ་སྲེག་གིས་མཚོན་ཏེ་སྒྲིབ་སྦྱོང་གི་མཚན་མ་མེའི་པྲ་ལས་ཤེས་པར་བྱ་བ་ནི། སྦྱོང་རྒྱུད་ལས། སྡིག་པ་བཅོམ་པའི་མཚན་མ་ནི། །དཀར་པོ་ཉིད་དང་གཡས་སུ་འབར། གྱེན་དུ་འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་བར། །བརྟན་པ་གློག་བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱིས་ནི། །བདག་ཉིད་དེ་བཞིན་སྟོན་བྱེད་དོ། །ཟླ་བ་དྲི་མེད་དཀར་འདྲ་བ། །བཞིན་མཆོག་བཟང་ཞིང་ལྷམ་མེ་འབར། །དེ་ཡི་མཚན་མ་འདི་དག་གིས། །དམྱལ་བ་ལ་སོགས་རྣམ་གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པས་ཤེས་པར་བྱ། །ཞེས་པས་སྟེང་དུ་དྲང་པོར་འབར་བ་དང་། དུ་བ་ལ་སོགས་པས་ནག་ནོག་མེད་པ་དང་། །ཟླུམ་ཞིང་སྟེང་དུ་མི་འཕྲོ་བ་དང་། དལ་ཞིང་མདངས་གསལ་བ་དང་། སྒྲ་ལ་སོགས་པ་ཆུང་བར་འབར་བ་དང་། མེ་ལྷ་ཉིད་ཀྱི་རང་གཟུགས་ཇི་ལྟ་བར་མེ་ཡི་གཟུགས་ལས་སྟོན་པ་རྣམས་ནི་དམིགས་ཡུལ་དེ་ངན་སོང་ལས་གྲོལ་ཞིང་ལྷ་ལ་སོགས་པའི་བདེ་

p. 334

འགྲོར་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །ཡང་མི་དགེ་བའི་མཚན་མ་ནི། དུ་བ་ཆེ་ཞིང་མེ་སྟག་འཕྲོ་བ་དང་། དལ་བུས་མདོག་མི་གསལ་བར་འབར་བ་དང་། མེ་ལྕེ་ཆད་པ་དང་། འོད་མེད་ཅིང་སྔོ་བ་དང་། མདུང་རྩེ་གསུམ་པ་ལྟ་བུ་དང་། ཞིབ་མ་ལྟ་བུ་མིག་ཚགས་ཅན་དང་། བ་ལང་གདོང་གི་དབྱིབས་ལྟ་བུ་དང་། མི་རོ་ལ་སོགས་པའི་དྲི་ང་བ་དང་། དྲི་མེད་པའམ། དྲག་ཏུ་འཚུབས་ཤིང་འབར་བ་རྣམས་ནི་དམིགསས་ཡུལ་དེ་ངན་འགྲོར་སྐྱེ་བའི་རྟགས་ཡིན་པས། དགེ་བར་མཐོང་ན་ཚོགས་གཉིས་ཀྱི་དཔུང་བསྐྱེད་པའི་དགེ་བའི་སྟོབས་ཇི་ལྟར་རིགས་པ་བསྒྲུབས་པས་བདེ་འགྲོར་སྐྱེ་འགྱུར་ཉིད་ཀྱང་འགལ་རྐྱེན་ཉུང་བ་དང་། མཐུན་རྐྱེན་མངོན་པར་མཐོ་བའི་རྟེན་དེ་ཡང་གཟུགས་དང་ལང་ཚོ་དང་འབྱོར་པ་ཕུན་སུམ་ཚོགས་པ་གོང་ནས་གོང་དུ་སྤེལ་ཞིང་ངེས་པར་ལེགས་པའི་ལམ་དུ་འཇུག་པ་ལ་སོགས་པར་གྱུར་ཞིང་། གལ་ཏེ་ངན་པར་མཐོང་ན་སྟོབས་བཞི་ལྡན་གྱིས་སྡིག་པ་སྦྱོང་བ་ལ་འབད་པར་བྱ་སྟེ། སྟོབས་བཞིའི་ནང་ནས་ཀྱང་སྐབས་འདིར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཉིད་གཙོ་བོར་བསྒྲུབ་པ་གལ་ཆེའོ། །དེ་ཡང་ཤེར་ཕྱིན་ལ་སོགས་པའི་མདོ་སྡེ་ཟབ་མོ་བཀླག་པ་སོགས་དང་། བདག་མེད་འོད་གསལ་གྱི་དོན་ལ་འཇུག་པ་དང་། ཡིག་བརྒྱ་ལ་སོགས་པའི་གཟུངས་ཁྱད་པར་ཅན་ཆོ་ག་བཞིན་དུ་བཟླ་བ་དང་། བདེ་བར་གཤེགས་པའི་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་བཞེངས་པ་དང་། སྰཙྪ་གདབ་པ་དང་། དེ་དག་དང་དགེ་འདུན་ལ་མཆོད་པ་དང་། བདེ་བར་གཤེགས་པ་རྣམས་ཀྱི་མཚན་བཟུང་ཞིང་བསྒྲག་པ་དང་། གཞན་

p. 335

ཡང་སྦྱིན་གཏོང་སྲོག་བསླུ་བ་ལ་སོགས་དགེ་བའི་དཔུང་བསྐྱེད་པའི་ཐབས་ཚུལ་མདོ་སྡེ་དང་རྒྱུད་སྡེ་རྣམས་སུ་གསུངས་པ་བཞིན་བསྒྲུབས་པས་ནི་ངན་སོང་སྡུག་བསྔལ་ཆེན་པོར་སྐྱེ་བའི་རྒྱུ་རྣམས་ནི་སྡུག་བསྔལ་ཆུང་བར་འགྱུར་བ་དང་། ངན་འགྲོར་སྐྱེས་ཀྱང་དེའི་སྡུག་བསྔལ་མི་མྱོང་བ་དང་། རིང་པོར་མྱོང་བ་རྣམས་ཡུན་ཐུང་དུའམ། གཏན་ནས་མྱོང་མི་དགོས་པར་འགྱུར་བ་སོགས་གཉེན་པོ་སྟོབས་ཆེ་ཆུང་ལས་སྡིག་པ་འདག་ཚུལ་ཡང་དེའི་རྗེས་སུ་འགྲོ་བས་བསགས་སྦྱོང་གི་ལས་གང་སྒྲུབ་ཀྱང་ལྷག་པའི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པས་ནན་ཏན་དུ་བསྒྲུབ་པ་གལ་ཆེ་སྟེ། རྒྱལ་བ་བདེན་པར་གསུངས་པའི་ལུང་གི་རྗེས་སུ་འབྲང་བའི་ཕྱིར་མི་བསླུ་བར་ངེས་སོ།། །།] ༈ ། [གཉིས་པ་རོ་སྲེག་གི་ཆོ་གའི་མཐའ་བསྐྱང་བ་ལ་གཉིས། ཡོ་བྱད་ཀྱི་ཤོམ་དང་། ཆོ་ག་དངོས་སོ། །དང་པོ་ནི། སྔར་སྦྱིན་སྲེག་མ་མྱོང་ས་ཡིན་ན་བརྟག་སློང་སྦྱོང་བ་སོགས་ཆོ་ག་གང་འགྲུབ་བྱ་ཞིང་། སྔར་འདུལ་ཟིན་དང་ཆོ་ག་རྒྱས་པ་མི་ནུས་ན་ནི། གང་དུ་བྱ་བའི་ས་དེར་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོ། ལྷའི་ང་རྒྱལ་གྱིས་རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ།] ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཅེས་བཟླས་པས་བྱིན་གྱིས་བརླབས་ནས་སར་འཛིན་གྱི་རྟོག་པ་སྦྱངས། དེར་ཐབ་སྟེགས་རྒྱར་འདོམ་གང་བ་གྲུ་བཞི་པ་བྱུང་གིས་བྱུགས་པའི་ཁར་ཚངས་ཟུར་གྱི་ཐིག་བཏབ། དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱི་ནས་མཆུ་དང་ཁ་ཁྱེར་སོར་བཞི་པ་རེ་བསྐོར། ནང་དུ་ཆ་ཕྲན་གཅིག་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་མ་

p. 336

བརྒྱད་པའི་ལྟེ་བ་དང་བཅས་པ་དང་། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པར་རྡུལ་ཚོན་དཀར་པོས་བྲིས་པའི་ཁར་རས་དཀར་པོ་པདྨ་འདབ་བརྒྱད་བྲིས་པ་བུམ་ཆུ་ལ་དྲངས་བས་བཀབ། ཐབ་ཀྱི་ཁ་ཁྱེར་གྱི་ཕྱི་ནས་ཕ་གུ་སོགས་ཀྱིས་རོ་ཁང་གི་རྒྱར་ཁྲུ་གང་གྲུ་བཞི་པ་ཇི་ལྟར་རིགས་པ་བརྩིགས་ནས། ཆོ་ག་དངོས་གཞིའི་ལམ་སྦྱོང་བསྟན་ཡན་ཆད་ཚར་བ་ན། རོ་ཁང་རྙིང་པ་ལས་གུད་དུ་ཕྱུངས་ཏེ། བགེགས་ལ་གཏོར་མ་བྱིན་ནས་དྲག་སྔགས་སྤོས་རོལ་ཡུངས་ཐུན་དང་བཅས་པས་བསྐྲད། སྒྲིབ་སྦྱོང་གི་གཟུགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱི་ཆུས་ཀྱང་བཀྲུ་ཞིང་དར་རས་ཀྱིས་ཕྱི། དྲི་བཟང་པོའི་ལྡེ་གུས་ཁྱབ་པར་བྱུག །སྤྱི་བོ་ལ་སོགས་གནས་གསུམ་དུ་འབྲུ་གསུམ་དང་སྙིང་གར་ཞི་ཁྲོའི་སྤྱི་སྔགས། གཞན་ཡང་བཏགས་གྲོལ་སོགས་གདགས་ཡིག་ཇི་ལྟར་འབྱོར་པ་རྣམས་མར་སྦྲང་གིས་གནས་སོ་སོར་སྦྱར། དར་རས་ཀྱིས་སྟོད་གཡོགས་དང་སྨད་དཀྲི། ལྷར་བསྐྱེད་ནས་ཅུང་ཟད་མཆོད་ཅིང་བསྟོད་པ་རྣམས་བྱ་སྟེ། འདུས་པ་མདོར། རོ་ཡི་རྫས་རྣམས་བསྲེགས་སྦྱངས་ཐིམ། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཤིན་ཏུ་དྲི་ཞིམ་སྣ་ཚོགས་ཀྱིས། །རོ་ལ་བྱུག་ཅིང་བཀྲུ་བར་བྱ། །བདུད་རྩི་ཞུན་ཆེན་ཁུ་བ་ཡིས། །རོ་ལ་བྱུགས་པས་རོ་དཀྲུས་ཏེ། །རོ་ཡི་གནས་རྣམས་གང་ཡིན་པར། །སྔགས་ཀྱི་སྦྱོར་བ་ཀུན་བཀོད་ནས། །ཕྱག་རྒྱའི་མཚན་མ་གདབ་པར་བྱ། །རྒྱལ་བའི་དཀྱིལ་འཁོར་བཀོད་པ་གང་། །དེ་ཡི་མཚན་མ་ཕྱག་རྒྱ་རྣམས། །གོང་དུ་བཀོད་པ་དེ་ཉིད་དུ། །སྙིང་པོའི་གྲངས་ཀྱང་དེ་ལྟར་བྱ། །ཞེས་སོགས་

p. 337

གསུངས་པ་བཞིན་དང་། དེ་ནས་ཕུང་པོ་རས་སོགས་སྟན་སྲབ་མོའི་ཁྱོགས་ལ་བཏེགས་ནས་རོལ་མོ་དང་བཅས་པས་ཐབ་ཀྱི་ནང་དུ་འབུད་ཤིང་ངམ་ལྕགས་སྟེགས་རྒྱབ་མཐོ་ཞིང་མདུན་དམའ་བའི་ཁར་ཙོག་བུའི་སྟབས་ཀྱིས་རྒུ་བར་བཞག་པའི་རྐང་པ་གཉིས་འོག་ཏུ་ཅུང་ཟད་བརྐྱངས་པའི་ནང་ཁོངས་སུ་མེ་ཚང་བཅས་ནས་མེའི་མཐིལ་རྒྱུ་ཞབས་སུ་ཕོག་པ་བྱ་ཞིང་། ཟ་འདྲེ་སྦུབས་ཞུགས་ཀྱི་དོགས་པ་ཡོད་ན་རྐང་མཐིལ་གཉིས་སུ་པོ་ཝི་བཙུགས་པའི་རྩེ་བོལ་གོང་དུ་འཐེན་པ་ཡང་བྱེད། དྲི་ཞིམ་པོའི་ཤིང་གཤགས་ཕྲ་བ་རྣམས་མདུན་དང་། སྦོམ་པ་རྣམས་ཀྱིས་རྒྱབ་ནས་དམ་དུ་གཅེར་བའི་བར་དུ་ཐོག་མར་མེ་མི་འགྲོ་བར་བྱས་པའི་ཕྱིའི་མདུན་གྱི་རྩ་བར་སྦར་ཁུང་། སྐེད་པར་རྫས་ཁུང་རྣམས་དང་། ཐད་མཉམ་པའི་ཕྱོགས་གསུམ་དུའང་རླུང་གསེང་མ་གཏོགས་སྔར་གྱི་རོ་ཁང་གི་འཕྲོ་ནས་སྤྱི་བོའི་ཐད་མཉམ་པར་གྲུ་བཞི་པར་བརྩིགས། དེའི་སྟེང་ནས་རྫ་ལ་སོགས་བུམ་པའི་དབྱིངས་རུང་མཐུན་སྟེང་དུ་དུད་ཁུང་དང་ལྡན་པ་མཆོད་རྟེན་ལྟ་བུའི་དབྱིབས་ཅན་མཛེས་ཤིང་བརྟན་པར་བརྩིགས་ཕྱི་ནས་འཇིམ་པ་བཟང་པོའི་ཞལ་བ་དང་དཀར་རྩིས་བྱུག །འཚིག་དཀའ་བ་ལ་སོགས་པའི་དོགས་པ་ཡོད་ན་རྫས་ཁུང་དང་ཐད་མཉམ་པའི་ཕྱོགས་གསུམ་དུའང་རླུང་གསེང་བྱ། སྟེང་ནས་གདུགས་དང་ཟུར་དང་ལོགས་བཞིར་རྒྱལ་མཚན་དང་བ་དན་མཛེས་པས་བརྒྱན། སློབ་དཔོན་གྱི་གཡོན་ཕྱོགས་ཐབ་དང་ཉེ་བར་ཉེར་སྤྱོད་ལྔ་དང་གཏོར་མ་སོགས་མཆོད་རྫས་དང་། གཡས་སུ་ཡམ་ཤིང་སོགས་བསྲེགས་རྫས་རྣམས་

p. 338

མེ་ལྷ་མཆོག་དམན་གྱི་དབྱེ་བས་ཉིས་རིམ་དུ་འགོད། མདུན་དུ་ཉེ་བའི་སར་བསང་ཆུ་ནང་མཆོད་རྡོར་དྲིལ་ཌཱ་མ་རུ་དགང་བླུགས་མར་ཁུའི་སྣོད་རྣམས་བཞག །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མཐོང་བརྒྱུད་བཞིན་ཚོགས་པར་བྱའོ། །གལ་ཏེ་དུར་ཁྲོད་ལ་སོགས་པར་ཁྱེར་ནས་སྲེག་ན་རོ་ཁྱེར་བ་པོ་ལ་སྲུང་སྐུད་འདགས་ཤིང་གཤིན་རྗེར་མོས། གྲོགས་གཞན་རྣམས་ཀྱང་དཀར་ཕྱོགས་སྐྱོང་བ་སོ་སོར་མོས། ཡོ་བྱད་ཐ་དད་པ་རྣམས་དང་རོལ་མོ་སྣ་ཚོགས་དང་བཅས་ནས་སློབ་དཔོན་གྱིས་རྡོར་དྲིལ་ཐོགས་ལ་སྙིང་པོ་དང་ཡིག་བརྒྱ་བཟླ་བཞིན་པས་སྣ་དྲངས་པར་བཤད་དོ། །གཉིས་པ་ཆོ་ག་དངོས་ལ་ལྔ་ལས། དང་པོ་སྔོན་དུ་བྱ་བའི་རིམ་པ་ནི། སློབ་དཔོན་ཆས་གོས་དཀར་པོ་དང་ལྡན་པས་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འཁོད་དེ། ཐུན་མཚམས་ཀྱི་ལྷའི་ང་རྒྱལ་ལ་གནས་པས་རྡོ་རྗེ་ཐབས་ཀྱི་རང་བཞིན་དང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ།] ཨོཾ་མཧཱ་བཛྲ་ཧཱུྃ། [ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་གསོར།] ཨོཾ་བཛྲ་གྷནྜཱེ་ཨཱཿ[ཞེས་ལག་གཡོན་གྱིས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན།] ཨོཾ་སརྦ་ཏ་ཐཱ་ག་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། [ཐུགས་ཀར་འཁྱུད་རྒྱ་བྱ་ཞིང་། རྡོ་རྗེ་ཐུགས་ཀྱི་དམ་ཚིག་དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུ་ཡི་དམ་ཚིག་སྟེ། ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་ངའོ་སྙམ་པས་དམ་ཚིག་གསུམ་དྲན་པར་བྱ། མཆོད་རྫས་རྣམས། ལས་སྔགས་ཀྱིས་བསང་།] སྭ་བྷཱ་

p. 339

ཝས་སྦྱང་། ཧཱུྃ༔ བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ འོད་ཟེར་སྣང་ལྔ་ཕར་འཕྲོས་ཤིང་༔ [ཞེས་སོགས་ཆོ་ག་གཞུང་བཞིན་བྱིན་གྱིས་བརླབ། བསྲེག་རྫས་རྣམས་བདུད་རྩིས་བྲན་ནས། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་།] ཨོཾ་ཧཱུྃ་སྭཱ་ཧཱ། [རྫས་བཀྲུ། ཡམ་ཤིང་ལ]ཨོཾ་ཨཱཿསྭཱ་ཧཱ། [ཞུན་མར་ལ།] ཨོཾ་ཤྲཱི་སྭཱ་ཧཱ། [འབྲུ་རྣམས་ལ།] ཨོཾ་ཛྲིཾ་སྭཱ་ཧཱ། [རྫས་གཞན་རྣམས་ལ།] ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། [ཞེས་པས།] སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པ་གསལ་བར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་[ལན་གཅིག་ལ།] ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། [ལན་གསུམ་བཏགས་པ་རྗོད། དེ་བཞིན་དུ།] ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡ་སྭ་ཧཱ། ཨོཾ་བཛྲ་བཱི་ཛྰ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་གྰ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རི་ཡ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། [ཞེས་རྫས་སྔགས་རྣམས་འབྲུ་གསུམ་དང་སྤེལ་བ་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབ། བྲམ་ཟེའི་རྒྱུན་བཞག་གི་མེའམ། དགེ་

p. 340

འདུན་ཚངས་མང་གི་མེ་སྦར་བའི་དཔལ་འབར་བཟུང་ནས།] ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཨགྣེ་ཛྭ་ལ་རཾ། [ཞེས་པས་གཡས་སུ་བསྐོར་ནས་ཐབ་ཀྱི་མེ་ཚང་དུ་བཅུག་ནས་ཏིང་ལོ་སྦར་ཞིང་།] ཧཱུྃ་[མང་དུ་བརྗོད་ལ་རླུང་གཡབ་ཀྱིས་མེ་སྦར། འབར་བ་ན།] ཨོཾ་ཨགྣ་ཡེ་སྭཱ་ཧཱ། [ཞེས་བླུགས་གཟར་གྱི་མར་ཁུའི་ཐིག་པས་གསོས་ལ།] ཨོཾ་བཛྲ་སཏྭ་ཨཱཿ[ཞེས་བཟླས་པའི་ཀུ་ཤ་རྩ་རྩེ་མ་ཉམས་པ་རྣམས།] ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །[ཞེས་ཐབ་ཀྱི་

p. 341

ཁར་རང་གི་གཡོན་ནས་རྩེ་མོ་ཤར་དུ་བསྟན་པ་གཉིས་བཞག་པའི་རྩེ་མོ་ཕྱི་མའི་རྩ་བས་ནོན་བ་ཕྱོགས་རེར་ཟུར་རེ་གཡས་བསྐོར་དུ་བཀྲམ། སླར་ཡང་ཆུན་པོ་གཅིག་ཐབ་ཀྱི་ཁར་རྩེ་མོ་ཤར་དུ་བསྟན་ནས་བཞག་གོ །གཉིས་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཐབ་ལས་སྔགས་ཀྱིས་བསང་།] སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཟླུམ་ཞིང་དཀར་བ་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་པད་ཟླ་ལ་གནས་པའི་རྃ་ཡིག་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་དབྱུག་པ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ལ། ལག་གཡས་མི་འཇིགས་པ་ལས་མཐེ་བོང་སྲིན་ལག་གི་རྩར་བསྣན་པས་གཡབ་ཅིང་།] ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་

p. 342

སུ་གསོལ། །ཨོཾ་ཨགྣ་ཡེ་ཨཱ་ཀརྵ་ཡ་ཛཿ[ཞེས་སྤྱན་དྲངས་ལ།] ཨོཾ་སུམྦྷ་ནི་[སོགས་ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད།] ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱས་[མཆོད་ཡོན། དེ་བཞིན་དུ་པཱདྱྃ་གྱིས་ཞབས་བསིལ་ཕུལ།] ཨོཾ་ཨགྣ་ཡེ་ས་མ་ཡ་སྟྭྃ། [ཞེས་དམ་ལ་བཞག །] ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། [དེ་ནས།] མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རྃ་ཡིག་གིས་མཚན་པར་[བསམ་ལ། བྱང་ཆུབ་མཆོག་གི་རྒྱས་དགང་བླུགས་བཟུང་སྟེ།] ཨོཾ་ཨགྣ་ཡེ་སྭཱ་ཧཱ། [ཞེས་བདུན་དང་། མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། དགང་བླུགས་ཁ་སྤྲོད་པ་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་།] ཨོཾ་ཨགྣ་ཡེ་དྰི་བྱ་དྰིབྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ༔ ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། [ཞེས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །མཚན་མ་ངན་ན་ལས་སྔགས་དང་བུམ་ཆུས་བསང་། དེ་ནས་]ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ།

p. 343

[དེ་བཞིན་དུ།] ཤཔྡའི་[བར་སྦྱར་བས་མཆོད།] ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །[ཅེས་བསྟོད་ནས་བསྲེག་རྫས་རྣམས་འབུལ་བ་ལས། ཡམ་ཤིང་།] ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། [ཞེས་པའི་མཐར།] ཚེ་ལས་འདས་པ་[ཆེ་གེ་མོའི་]སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། [དེ་བཞིན་དུ་རིགས་འགྲེ་བས། མར་ཁུ།] ཨོཾ་ཨགྣ་ཡེ་སྭཱ་ཧཱ། [ཏིལ།] ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། [ཞོ་ཟན།] ཨོཾ་སརྦ་སམྦ་དེ་སྭཱཧཱ། [འབྲས།] ཨོཾ་བཛྲ་པུཥྚ་ཡ་སྭཱཧཱ། [སོ་བ།] ཨོཾ་བཛྲ་བཱི་ཛྰ་ཡ་སྭཱཧཱ། [ནས།] ཨོཾ་མ་ཧཱ་བེ་གྰ་ཡ་སྭཱཧཱ། [སྲན་མ།] ཨོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ། [གྲོ།] ཨོཾ་བཛྲ་གྷ་སྨ་རི་ཡ་སྭཱཧཱ། [དུརྦ།] ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། [ཀུ་ཤ།] ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱཧཱ། [ཞེས་པ་རྣམས་བདུན་ནམ་ཉེར་གཅིག་རེ་ཕུལ། སྔགས་སོ་སོའི་མཐར།] ཚེ་ལས་འདས་པ་[ཆེ་གེ་མོའི་]སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། [ཞེས་བཏགས་པས་དབུལ་ཞིང་། གཞན་ཡང་བསྲེག་རྫས་ཅི་འབྱོར་པ་རྣམས།] ཨོཾ་ཨགྣ་ཡེ་དྰི་བྱ་[ཞེས་པའི་སྔགས་ཁོ་ནས་འབུལ་

p. 344

དེ་ནས་ཡུངས་ཀར་ཐབ་ཏུ་གཏོར་ཏེ།] དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ་ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། [ཞེས་གསོལ་ལ་བླུགས་གཟེར་གྱིས་མར་ཁུ་ཕུལ་ཏེ།] ཨོཾ་བཛྲ་ཛྭ་ལ་རྃ། མེ་ལྷ་འབར་བའི་རྣམ་པར་གྱུར་[པར་བསམ་མོ། །གསུམ་པ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། ལས་སྔགས་ཀྱིས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་ཐབ་ཀྱི་ནང་༔ ཡེ་ཤེས་མེ་དཔུང་འབར་བའི་དབུས༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནི༔ འཇའ་ཚོན་འོད་ལྔ་འཁྲུགས་པའི་ཀློང་༔ ཐིག་ལེའི་པདྨ་རྩིབས་ལྡན་དབུས༔ ཆོས་སྐུ་མི་འགྱུར་ཨ་མཐིང་ལས༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་༔ [ཞེས་སོགས་ལྷ་བསྐྱེད་ཡོངས་རྫོགས་ནས།] བླ་མེད་ཞི་ཁྲོའི་ལྷ་ཚོགས་ཤར༔ ཨ་ཨ་ཨཱཿ[ཞེས་གསལ་བཏབ་ལ།] ཧཱུྃ༔ སྐྱེ་མེད་ཆོས་སྐུའི་ཕོ་བྲང་ནས༔ [ཞེས་སོགས་སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། བསྟོད་པའི་མཐར་ཐུག་གི་བར་ལས་བྱང་གི་དཀྱུས་བཞིན་བཏང་ནས། དགང་བླུགས་འབུལ་བ་ནི།] དཀྱིལ་འཁོར་གྱི་ལྷ་རྣམས་ཅུང་ཟད་འཛུམ་པའི་

p. 345

ལྗགས་དང་གཟར་བུ་[སོགས་སྔར་དང་འདྲ་བ་ལས།] ཨོཾ་ཨཱཿཧཱུྃ་བོ་དྡྷི་ཙིཏྟ་[སོགས་རྩ་སྔགས་བདུན་གྱིས་བཀང་ནས།] ཨོཾ་ཨགྣ་ཡེ་དྰི་བྱ་[སོགས་ཀྱིས་ཕུལ།] ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་རྒྱལ་བ་ཞི་ཁྲོའི་གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛད་དུ་གསོལ། [ཞེས་ཕྲིན་ལས་བཅོལ་བ་སྤེལ་ཚིག་དང་བཅས་ལན་གསུམ་དུ་འབུལ། བསྲེག་རྫས་གཞན་རྣམས། ཡམ་ཤིང་ལ།] ཨོཾ་ཨཱཿཧཱུྃ་བོ་དྡྷི་ཙིཏྟ་མཧཱ་སུ་ཁ་ཛྙཱ་ན་དྷྰ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཾ་ཧཱུྃ་ཕཊ༔ [ཚར་གཅིག་གི་མཐར།] ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱཧཱ། [བཅུ་རེ་མཐར།] ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། [ཞེས་སྤེལ་ཚིག་དང་བཅས་འབུལ། དེ་བཞིན་དུ་མར་ཁུ་ནས་ཀུ་ཤའི་བར་རྫས་སྔགས་སྤེལ་ཚིག་དང་བཅས་པ་གོང་ལྟར་ལས། ཁྱད་པར་གྱི་རྫས་རྣམས་རིལ་བུའམ་ཁྲོལ་བུ་གང་ཡིན་ནའང་རྩ་བའི་སྔགས་ཁོ་ནས་ཕུལ་བའམ། ཚིག་མྱུར་བུལ་གྱི་སྐབས་དང་སྦྱར་ནས་རྫས་རྣམས་བཅུ་ཚན་རེའི་འགོར་རྩ་སྔགས་ཀྱིས་དྲངས་ཏེ་ཕུལ་བའི་མཐར་ཕྲིན་ལས་བཅོལ་བའི་སྤེལ་ཚིག་སྦྱར། མཐར་ཞི་ཁྲོའི་སྤྱི་སྔགས་དང་ཡིག་བརྒྱ་སྤེལ་བས་ཡུངས་ཀར་ཕུལ་ལ།] ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་

p. 346

བའི་ཕྲིན་ལས་མཛད་དུ་གསོལ། [ཅེས་ཕྲིན་བཅོལ་བྱ། དེ་ནས་སླར་གཤེགས་སྐྱེམས་ནི།] དཀྱིལ་འཁོར་གྱི་ལྷ་རྣམས་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་[སོགས་ནས།] གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛད་དུ་གསོལ། [ཞེས་པའི་བར་སྔར་བཞིན་ཚར་གསུམ་གྱིས་དགང་བླུགས་ཕུལ་ནས། གཏོར་མ་བསང་སྦྱང་བྱིན་གྱིས་བརླབ།] ཨོཾ་ཨཱཿཧཱུྃ་བོ་དྡྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷྰ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་[སོགས་ལན་བདུན་གྱིས་ཕུལ་ལ།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །[སོགས་ཀྱིས་ཕྲིན་ལས་གསོལ། གཏང་རག་གི་མཆོད་བསྟོད་པ་ནི།] ཨོཾ་གུ་རུ་མཎྜལ་ས་པ་རི་ཝཱ་ར་ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། [གནྡྷེའི་གནས་སུ།] དྷུ་པེ། པུཥྤེ། ཨཱ་ལོ་ཀེ། ནཻ་ཝིདྱཱ། ཤཔྡའི[བར་གྱིས་མཆོད།] བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ [སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད།] མ་རྙེད་ཡོངས་སུ་མ་ཚང་དང་། །[སོགས་དང་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ།] ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །[སོགས་ཀྱིས་ཡེ་ཤེས་གཤེགས།] དམ་ཚིག་པ་བདག་ལ་ཐིམ་པར་བསམ། བཛྲ་ས་མཱ་ཛཿ[ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ།] བླུགས་

p. 347

གཟར་གྱིས་མར་ཁུ་དང་། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། [ཞེས་བརྗོད་པས་མེ་གསོ་ཞིང་།] བཛྲ་ས་མཱ་ཛཿ[ཞེས་རྡོ་རྗེ་བསྡུ་བའི་རྒྱས།] སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་[སོགས་ཀྱིས་དགང་གཟར་བླུགས་ཕུལ་ནས་ཕྲིན་ལས་གསོལ་བ་ལན་གསུམ་སྔར་བཞིན་བྱ།] ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱཧཱ། [སོགས་ཡམ་ཤིང་ནས་ཀུ་ཤའི་བར་གྱི་བསྲེག་རྫས་རྣམས་ལན་བདུན་རེ་སོགས་སྔར་བཞིན་ཕུལ། གཏོར་མ།] ཨོཾ་ཨགྣ་ཡེ་དེ་ཝ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་[སོགས་ལན་གསུམ་གྱིས་ཕུལ་ལ།] མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །[ཞེས་བསྟོད་ཅིང་།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །[སོགས་ཀྱིས་ཕྲིན་ལས་བཅོལ།] མ་རྙེད་ཡོངས་སུ་[སོགས་དང་ཡིག་བརྒྱ་བཟླ་བཞིན་ནོངས་པ་བཤགས།] བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ༔

p. 348

[ཞེས་རང་གནས་སུ་གཤེགས་སུ་གསོལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །འདིའི་ཚེ་དམིགས་བསལ་གང་ཟག་མཆོག་ཡིན་ན་དམིགས་ཡུལ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བྱས་ནས་བསྲེག་རྫས་རྣམས་མཆོད་པའི་ཚུལ་དུ་ཕུལ་ནས་དེ་དང་འབྲེལ་བའི་འདོད་གསོལ་བྱ། གང་ཟག་དམན་པ་ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་བསྲེག་རྫས་སུ་དམིགས་ནས་འབུལ་ཞིང་འདོད་གསོལ་གོང་བཞིན་བྱ་བ་སྟེ། ཞིབ་མོར་ནི་མཐོང་བ་བརྒྱུད་པ་ལ་འདྲིས་པར་བྱའོ། །ལྔ་པ་རྗེས་བསྡུ་བ་ནི། ཉི་མ་དག་ནི་གསུམ་པ་ལ། །རུས་པའི་ཕྲེང་བ་བསྡུ་བར་བྱ། །འོ་མ་དྲི་བཟང་བསངས་གཏོང་ནས། །དེ་ཡི་མཆོད་རྟེན་ཡང་དག་བརྩིག །ཅེས་གསུངས་པས་ལོང་ཡོད་ན་ཞག་གསུམ་ལ་སོགས་པར་མི་བསྒུལ་བར་བཞག་ཅིང་། སྲུང་བ་པོ་རྣམས་ཀྱིས་ཤེས་རབ་སྙིང་པོའི་མདོ་འདོན། ལོང་མེད་ན་འོ་མ་དང་དྲི་བཟང་གིས་ཆུས་མེ་གཞིལ་བར་བྱས་ནས་ལྷའི་ང་རྒྱལ་གྱིས།] སཾ་ཧ་ར་ཎ་ཧཱུྃ། [ཞེས་རུས་པ་རྣམས་བསྡུས་ལ། རིན་པོ་ཆེའི་སྣོད་དུ་དྲི་བཟང་གི་པདྨ་འདབ་བརྒྱད་བྲིས་པའི་ཁར་བཞག །དེའི་སྟེང་དུ་མཉྫིལ་རིན་པོ་ཆེའི་བུམ་པ་སྨན་དང་དྲི་བཟང་གིས་གང་བ་དང་། ཉེ་ལོགས་སུ་འབྱུང་ལྔའི་སྣོད་དང་གུར་གུམ་སོགས་དྲི་བཟང་གི་ཆུའི་སྣོད་ཀྱང་སོ་སོར་བཤམ།] རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་[བསམས་ལ། རྩ་སྔགས་

p. 349

དང་ཡིག་བརྒྱ་སོགས་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ནས་བུམ་ཆུ་ལ་སོགས་པའི་རྫས་རྣམས་ལ་གདབ་ཅིང་། དེ་དག་གིས་རུས་བུ་རྣམས་དག་པར་བཀྲུ། དེ་ཉིད་ཞིབ་པར་སྦྱངས་ནས་སྔར་གྱི་རུས་བུ་དྲི་བཟང་བ་བྱུང་ལྔ་རྣམས་ས་བཟང་པོ་དང་སྦྱར་བའི་འཇིམ་པ་རྣམས་གོང་བུར་བྱས་ལ། འཇིམ་པ་བསང་སྦྱང་།] སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་ཕུང་པོར་གྱུར། རྣམ་སྣང་གི་ཐུགས་ཀ་ནས་ཡེ་ཤེས་པ་འོད་ཟེར་གྱི་རྣམ་པར་བཀུག །འཇིམ་པར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར། ཨོཾ་ཛི་ན་ཛི་ཀ་སྭཱཧཱ། [ལན་ཉེར་གཅིག་བརྗོད།] ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱས་[འཇིམ་པ་བཅད།] ཨོཾ་བཛྲོད་བྷ་ཝཱ་ཡ་སྭཱཧཱས་[འབི་འབི་བྱ།] ཨོཾ་ཨར་ཛེ་བི་ར་ཛེ་སྭཱཧཱས་[སྣུམ་བསྐུས།] ཨོཾ་དྷ་རྨ་དྷྰ་ཏུ་གརྦྷེ་སྭཱཧཱས་[བསྐོས་ཕོར་དུ་གཞུག །] ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་[གིས་བརྡུང་།] ཨོཾ་སརྦ་བིདྱཱ་སྭཱཧཱས་[ཟུངས་སམ་མེ་ཏོག་གཞུག །] ཨོཾ་དྷརྨ་ར་ཏི་སྭཱཧཱས་[ཕྱིར་འདོན།] ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ[ས་བཞུགས་སུ་གསོལ། དེ་ཉིད་རྣམ་སྣང་དུ་བསྐྱེད་ལ་ཡེ་ཤེས་པ་དགུག་ཅིང་བསྟིམ། མཆོད་ཅིང་བསྟོད་དེ་རང་གཟུགས་སུ་བསྒྱུར་ནས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱའོ། འབྲེལ་ཚད་དོན་ལྡན་ཕྲིན་ལས་ཕུལ་བྱུང་བ། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལ་བརྟེན་ནས། །ཚེ་འདས་རྗེས་འཛིན་ཆོ་ག་གསལ་བགྱིས་

p. 350

པ། འདིས་ཀྱང་འགྲོ་མང་ཐར་པར་དབུགས་འབྱིན་ཤོག །དེ་ལྟར་ཞི་ཁྲོ་ཀུན་བཟང་དགོངས་འདུས་ཀྱི་སྒོ་ནས་ཚེ་འདས་རྗེས་འཛིན་གྱི་ཆོ་ག་འབྲེལ་ཚད་རང་གྲོལ་ཞེས་བྱ་བ་འདི་ནི། ལམ་འདིའི་གདུལ་བྱར་གྱུར་པའི་ཉམ་ཐག་བར་མདོའི་སེམས་ཅན་མང་པོ་ལ་ཕན་འདོད་ཀྱི་བསམ་པའི་རྒྱུ་དང་། དོན་དུ་གཉེར་བའི་བློ་གྲོས་ཅན་རྣམས་ཀྱིས་ནན་ཏན་ཆེན་པོས་བསྐུལ་བ་རྐྱེན་དུ་གྱུར་ཏེ། གསང་བ་སྤྱིའི་ཕྲིན་ལས་ཆོག་གཞུང་གིས་ཁོག་ཕུབ་ཅིང་ཀློང་གསལ་མན་ངག་གཤིན་བུམ་ཡང་གསང་ཐུགས་རྗེའི་ལྕགས་ཀྱུའི་སྙིང་པོའི་བཅུད་བསྡུས་ནས་འཇུག་བདེ་དོན་གསལ་གྱི་ཚུལ་དུ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་རིག་བྱེད་པ་དབང་དྲག་བསྟན་འཛིན་གྱིས་བགྱིས་པ་ཀུན་ཏུ་དོན་ཡོད་པར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།]

དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་འཁོར་བཅས་ཀྱི་ལས་བྱང་ལས་བཞི་མྱུར་འགྲུབ།

p. 351

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་འཁོར་བཅས་ཀྱི་ལས་བྱང་ལས་བཞི་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །

p. 352

ཨོཾ་སྭསྟི། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་འཁོར་བཅས་ཀྱི་ལས་བྱང་ལས་བཞི་མྱུར་འགྲུབ་ཅེས་བྱ་བ། བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཁྱབ་བདག་དྲིན་ཅན་བླ་མ་གསང་བའི་བདག །དཀྱིལ་འཁོར་རྒྱ་མཚོར་ཞི་དང་ཁྲོ་བོ་ཡི། །རྣམ་རོལ་བསམ་མི་ཁྱབ་སྟོན་ལྷག་པའི་ལྷར། །གུས་པས་བདུད་དོ་བརྩེ་བས་མཆོག་སྦྱིན་མཛོད། །ཆེ་མཆོག་ཧེ་རུ་ཀ་དཔལ་གདུལ་དཀའི་འགྲོ། །འདུལ་ཕྱིར་གཏུམ་དྲག་འབར་བའི་སྐུར་བཞེངས་ལ། །འཆོལ་བའི་ཁྲོ་རྒྱལ་མ་ནིང་ནག་པོ་ཆེ། །འཁོར་བཅས་མཆོད་པའི་ཕྲིན་ལས་འདིར་གསལ་བྱ། །[དེ་ལ་དང་

p. 353

པོར་དབང་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པའི་སྔགས་པས། དོན་གཉིས་ཀྱི་བསམ་པ་མྱུར་དུ་འགྲུབ་པའི་ཆེད་དུ་དཔལ་མགོན་འཁོར་བཅས་ལེགས་པར་བསྟེན་ནས་མཆོད་ཅིང་ཐུགས་དམ་བསྐང་བའི་ཕྲིན་ལས་ཀྱི་རིམ་པ་ཚུལ་བཞིན་དུ་བསྒྲུབ་པ་ལ་གཉིས་ཏེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་ཆོ་གའི་རིམ་པ་གཉིས་ལས། དང་པོ་ནི། ཉི་ཤུ་དགུ་ལ་སོགས་པ་དུས་ཁྱད་པར་ཅན་ལ་ཡིད་དང་མཐུན་ཞིང་ཤིས་པའི་གནས་ཁང་གི་སྟེང་ལོགས་རྣམས་མཛེས་ཤིང་བརྗིད་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས་བརྒྱན། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཤམས་པའི་མདུན་དུ་རིན་པོ་ཆེའམ་ཐོད་པ་ལ་སོགས་པའི་སྣོད་དུ་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལས་དང་པོར་བླ་མ་ཡི་དམ་གྱི་གཏོར་མ་དཔལ་བཤོས་ཟླུམ་བརྗིད་

p. 354

ཅན་དང་། མགོན་པོ་འཁོར་བཅས་ལ་རྒྱས་པར་སྡེ་དགུའི་ལྷ་གྲངས་མཉམ་པའི་གཙོ་བོ་དགུ་ལ་སོ་སོའི་འཁོར་གྱིས་བསྐོར་བའི་བཤོས་བུ་ཅན་དང་བསྡུ་ན་བཤོས་བུ་གྲུ་གསུམ་ཆེ་བ་གཅིག་ལ་འཁོར་རྣམས་སྤྱི་སྤུངས་སུ་བསྐོར་བས་ཀྱང་ཆོག་ལ། གང་ལྟར་ཡང་མཐའ་མ་མཐེབ་ཀྱུས་བསྐོར། མདའ་བྱ་རྒོད་མདར་ནག་གི་ཅོད་པན་ཅན་བཙུགས། ཤ་ཁྲག་ཆང་ཕུད་ལ་དུ་ལ་ཕུག་ཁུར་བ་ཆན་སྒོག་བཙོང་སོགས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བརྒྱན་པ་དང་། གཞན་ཡང་ཆོས་སྐྱོང་ཡེ་ཤེས་པ་དང་འཇིག་རྟེན་པའི་རིགས་སོགས་གང་བརྟེན་དང་། གཞི་བདག་གཏོར་མའི་བར་རིམ་པ་མ་འཆོལ་བར་བཤམ། དེ་དག་གི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། མདུན་དུ་མཆོད་ཡོན་སོགས་གཙང་མར་སྤེལ་བ་ཕྱིའི་མཆོད་པ་དང་། དབང་པོའི་མེ་ཏོག་སོགས་ཁྱད་པར་དམ་རྫས་དང་འབྲེལ་བའི་མཆོད་པ་རྣམས་ཕྲེང་ཚར་དུ་བཀོད། གཞན་ཡང་ཕྱི་ནང་གསང་བའི་མཐུན་རྫས་རྟེན་རྫས་སྐོང་རྫས་སོགས་ཅི་འབྱོར་དང་། རྡོར་དྲིལ་རྔ་སིལ་གཡབ་དར་སོགས་དམ་རྫས་ཀྱི་རྣམ་གྲངས་ཐམས་ཅད་མཐོང་བརྒྱུད་ཀྱི་ལག་ལེན་བཞིན་ཚོགས་པར་བཤམ་མོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ལ་ཡང་སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྔོན་འགྲོ་ལ་གསུམ་གྱི། དང་པོ་བདག་བསྐྱེད་ཀྱི་རྣལ་འབྱོར་ནི། སྤྱིར་ཡི་དམ་ཞི་ཁྲོ་གང་ལ་བརྟེན་ཀྱང་རུང་མོད་ཁྱད་པར་སྒྲུབ་པ་བཀའ་བརྒྱད་ལྟ་བུ་ལ་བརྟེན་ན་ཤིན་ཏུ་འབྲེལ་ཆགས་ཤིང་དེ་ཡང་ཉིན་ཞག་དེ་ཉིད་ཁོ་ནར་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་སྙིང་པོ་ངག་ཏུ་བརྗོད་པའི་སྒོ་ནས་ཐུན་མཚམས་ཀྱི་ལྷར་སྐད་ཅིག་གིས་གསལ་བཏབ་པས་ཆོག་ལ་དེ་

p. 355

ལྟར་མ་སོང་ན་བདག་བསྐྱེད་རྒྱས་འབྲིང་བསྡུས་གསུམ་གང་རུང་ཞིག་སྐབས་འདིར་བྱའོ། །དེ་ཡང་མདོར་བསྡུས་ལ་མོས་ན་ཆེ་མཆོག་གཙོ་རྐྱང་གི་མངོན་རྟོགས་དངོས་གྲུབ་རོལ་མཚོར་སྨོས་པ་དེའམ། འདིའི་སྲོག་དབང་སོགས་ཕྱག་རྡོར་གྱི་རྣལ་འབྱོར་བསྒོམ་པའི་དབང་དུ་བྱེད་ན།] འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་བགྱི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །[ཅེས་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས།] ཨོཾ་སྭ་བྷཱ་ཝ་སོགས། འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོར་དག་པའི་དབུས། པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་མཆོག་ཏུ་འབར་བ་ཡོངས་སུ་གྱུར་པ་ལས་རང་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་

p. 356

མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་དང་སྨར་སྨིན་མེ་འབར་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གསོར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། གར་དགུའི་ཉམས་ཅན་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། ཐོད་སྐམ་ལྔའི་དབུ་རྒྱན་ཐོད་རློན་ལྔ་བཅུའི་དོ་ཤལ། སེང་གླང་གི་པགས་པ་དང་སྔོན་པོས་སྟོད་གཡོགས་ཤིང་མི་ལྤགས་ཀྱི་སྐེད་དཀྲིས་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་དང་ཁྲག་ཞག་ཐལ་བས་མཚན་པ། བ་སྤུ་ཧཱུྃ་ལས་རྡོ་རྗེ་མེའི་འོད་ཟེར་འབར་ཞིང་བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས། ཨརྒྷཾ་ལ་སོགས་པས་མཆོད།] ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཨརྒྷཾ་[སོགས་ཀྱིས་མཆོད།]

p. 357

དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེས་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་ཅོད་པན་གྱི་སྙིང་པོ་ལ་བཞུགས་པར་གྱུར་[པར་བསམ་ཞིང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་སྙེམས་པ་བརྟན་པོ་བྱ་ཞིང་། དེ་ནས།] ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་འཁོར་བ་ལ་[དམིགས་ཏེ། སྤྲོ་བསྡུའི་དམིགས་པ་རྒྱ་ཆེན་པོ་དང་སྦྱར་ནས།] ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ [ཅེས་ཅི་ནུས་སུ། བཟླ་བ་ནི་བདག་ཉིད་རྣལ་འབྱོར་རོ། །གཉིས་པ་མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་ནི།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཀྱིས་བསང་།] ཨོཾ་སྭཱ་བྷཱ་ཝ[ས་སྦྱང་]སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་

p. 358

སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ [ནས་]ཤཔྡ[འི་བར་གྱི་བྱིན་གྱིས་བརླབ། བདུད་རྩི་བསང་སྦྱང་།] སྟོང་པའི་ངང་ལས་ཡྃ་ལས་རླུང་རྃ་ལས་མེ་ཀྃ་ལས་མི་མགོའི་སྒྱེད་བུ་གསུམ་ལ་བསྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨོཾ་སྭཱ་ཨཱོཾ་ཧཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ་སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྤར་རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱ༔ ཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར་[པར་བསམ་ལ།] ཨོཾ་ཨཱ༔ ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ། རཀྟ་བསང་སྦྱང་།] སྟོང་པའི་ངང་ལས་ཨ་ལས་བྱུང་བའི་པདྨ་འབར་བའི་སྣོད་དུ་ར་ལས་ཆགས་མེད་རཀྟའི་རྒྱ་

p. 359

མཚོ་རྦ་རླབས་མཁའ་ལ་འཕྱོ་ཞིང་འཁྲུགས་པ་ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་གྱུར། ཨོཾ་ཨཱ༔ ཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ། གཏོར་མ་བསང་སྦྱང་།] སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་བཟའ་བཅའ་བལྡག་ཞི་བ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱ༔ ཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ་གྱིས་བྱིན་གྱིས་བརླབ། གསུམ་པ་བླ་མ་ཡི་དམ་གྱི་གཏོར་འབུལ་ནི། བདག་བསྐྱེད་ལས་གཞུང་རྒྱས་པ་དང་འབྲེལ་ནས་བྱས་ཀྱང་རུང་ཞིང་། དཀྱུས་ཀྱི་བདག་བསྐྱེད་ཙམ་ལ་བརྟེན་པ་ཡིན་ན།] རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སང་པར་[བསམ་ཞིང་།] ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་

p. 360

ཎི་ཀ་དྲྀ་ཥྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ། ཛཿ་ཧཱུྃ་བྃ་ཧོཿ[ཞེས་པས་སྤྱན་དྲངས།] ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱ༔ ཧཱུྃ་གུ་རུ་མཎྜལ་དེ་བ་ག་ཎ་ས་པ་རི་ཝཱ་རེ་བྷྱཿབཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། [ནས་ཤཔྡའི་བར་གྱི་ཕྱི་མཆོད་དང་།] བཛྲ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། [ཞེས་སྨན་རཀ་སྟོབ། རྡོ་རྗེའི་ཐལ་མོ་གྱེན་དུ་བཀྱེལ།] ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ཞིང་། སྔགས་སྔ་མའི་མཐར།] ཨི་དཾ་བ་ལིཾ་ཏ་གྲྀ་ཧྞནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། [ཞེས་གཏོར་མ་ཕུལ། བསྟོད་པ་ནི།] གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །ཕྱག་རྒྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་

p. 361

ཏུ་དད་པས་ཕྱག་འཚལ་ལོ། །[ཞེས་བསྟོད་ཅིང་འདོད་དོན་གསོལ་ནས་མགྲོན་རྣམས་གཤེགས་སུ་གསོལ་བའམ་བསྟིམ་པ་གང་བདེ་བྱ་སྟེ་སྔོན་འགྲོའི་བྱ་བའོ། །གཉིས་པ་དངོས་གཞིའི་ཆོ་ག་ལ་རྒྱུན་གྱི་ཕྲིན་ལ་སུ་བྱ་བ་དང་། ཁྱད་པར་སྐབས་ཀྱི་ཕྲིན་ལས་སུ་བྱ་བ་གཉིས། དང་པོ་ལ་དགུ་ལས། དང་པོ་མདུན་བསྐྱེད་གསལ་འདེབས་པ་ནི།] ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པ་ཉིད་ཀྱི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བ་རོ་གསར་རྙིང་སྣ་ཚོགས་གཅལ་དུ་བཀྲམ་ཞིང་ཕུང་པོར་སྤུངས་པ་ཁྲག་གིས་སྦགས་པའི་རོ་ལང་རྣམས་དགོད་ཅིང་གར་རྩེ་བ། ལས་ཀྱི་ཤན་པ་འབུམ་ཀུན་ཏུ་རྒྱུ་ཞིང་ཉམས་པ་རྣམས་འགུགས་འཆིང་གསོད་གཅོད་ཀྱི་ལས་བྱེད་པ། མ་རུངས་པའི་སྲོག་ཆགས་གདུག་པ་ཅན་རྣམས་ངུ་འབོད་ཀྱི་སྒྲ་དང་བཅས་པས་ཤ་ཟ་ཞིང་ལང་ལོང་དུ་འཕྱོ་བ་ཕྱོགས་ཐམས་ཅད་དུ་མེ་རླུང་དམར་ནག་དྲག་ཏུ་འབར་ཞིང་འཁྲུགས་པའི་དབུས་སུ་བྷྲཱུྃ་ལས་དུར་ཁྲོད་འབར་བའི་གཞལ་མེད་ཁང་ཆེན་པོ་གྲུ་བཞི་སྒོ་ཁང་རྟ་བབས་དང་བཅས་པ། དྲག་པོའི་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པ། ནང་ཁྲག་ཞག་གི་རྒྱ་མཚོར་འཁྱིལ་བའི་དབུས་

p. 362

སུ་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་བསྣོལ་མ་གནམ་ལྕགས་ཀྱི་འཁོར་ལོས་ཡོངས་སུ་བསྐོར་བའི་ལྟེ་བར་པདྨ་དང་ཉི་མ་རུ་དྲ་ཕོ་མོ་བསྣོལ་བའི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ་གཡས་འབར་བའི་རུ་མཚོན་རྣོན་པོ་གནམ་དུ་འཕྱར་ཞིང་གཡོན་གདུག་པ་ཅན་གྱི་སྙིང་དང་ཞགས་པ་འཛིན་པ། སྤྱན་གསུམ་དམར་ལ་ཟླུམ་པ་ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྦྲུལ་ནག་པོའི་རལ་པ་མཐུར་དུ་འཕྱང་ཞིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྙིང་ཕྲེང་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་གསེར་སྐེད་དང་མི་ལྤགས་རློན་པའི་སྐ་རགས་ཅན། ཙནྡན་གྱི་བིང་ཆེན་སྐེད་ལ་བཙུགས་པའི་སྒོ་གསུམ་ནས་སྤྲུལ་པའི་དམག་དཔུང་འགྱེད་པ། ཁ་དོག་སྣ་ཚོགས་པའི་ཅོད་པན་ལྷབ་ལྷུབ་དང་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་ཀླུབས་པ། སག་ཏིའི་ལྷྭམ་ཡུ་རིང་གསོལ་ནས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་བསྐལ་པའི་མེ་ཕུང་འབར་ཞིང་འཁྲུགས་

p. 363

པའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་ཆོས་འབྱུང་གི་ཟུར་དྲུག་ལ་གཙོ་བོའི་གཡོན་ཟུར་ནས་བརྩམས་ཏེ་རིམ་པ་བཞིན། ཡུམ་དཔལ་འབར་མ་དཀར་མོ་གཡས་ཤེལ་གྲི་འཕྱར་ཞིང་གཡོན་ཐོད་ཁྲག་གཙོ་ལ་སྟོབས་པ་མ་མོའི་ཆས་ཅན་རོལ་པའི་སྟབས་ཀྱིས་འགྱིང་བ། སྐུའི་མགོན་པོ་སྟ་གཞོན་ནག་པོ་གཡས་ཙནྡན་གྱི་བེང་གསོར། [མགོན་པོ་ལྔ་དང་ཡུམ་བཅས་གནམ་ལྕགས་ཕུར་གཅིག་མར་ཕྱིར་འགོད་པར་གསུངས་ཀྱང་། རྒྱུད་ལས་འཁོར་གྱི་གཙོ་བོར་གསུངས་པ་དང་ངོ་བོ་གཙོ་བོ་ཉིད་དང་དབྱེར་མེད་ཅིང་ཁྱད་པར་སྲོག་དབང་དུ་ཡང་གསུངས་པ་བཅས་འདི་ལྟར་རོ། །] ཞིང་། གཡོན་བདུད་ཀྱི་ཞགས་པ་ཐོགས་ནས་དཔའ་གཏུམ་སྟག་ལ་ཞོན་པ། གསུང་གི་མགོན་པོ་བེང་དམར་སྨུག་གཡས་ཙནྡན་གྱི་བེང་འཕྱར་ཞིང་གཡོན་བདུད་རྩིའི་ལྕགས་པར་འཛིན་པ། ཐུགས་ཀྱི་མགོན་པོ་གྲི་གུག་མཐིང་ནག་གཡས་གྲི་གུག་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ནག་པོ་གཡས་རིན་པོ་ཆེ་དང་གཡོན་ཐོད་ཁྲག་འཛིན་པ་སེང་གེ་ལ་ཞོན་པ། ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་མཐིང་ནག་གཡས་བེང་གསོར་ཞིང་གཡོན་དགྲ་སྙིང་བསྣམས་པ་བྲ་ནག་རྟིང་དཀར་ལ་ཆིབས་པ། ལྔ་ཀའང་མི་བཟད་པའི་ཁྲོ་

p. 364

བོ་གཏུམ་དྲག་འཇིགས་པའི་ཉམས་ཅན་དར་ནག་གི་འཇོལ་བེར་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཏེ་བམ་གྱི་ཁར་བཞུགས་པའོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ཀྱི་ཤར་དུ་དུ་ལས་ལས་ཀྱི་མགོན་པོ་སྲོག་བདུད་ནག་པོ་དུས་མཐའི་སྤྲིན་དང་མཚུངས་པ། ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ལྕགས་པར་བཟུང་ནས་མདའ་གཞུ་འགེངས་ཤིང་ཁ་ཊྭཱྃ་གྲུ་མོར་[ངོ་བོ་གཙོ་བོ་ཉིད་དང་དབྱེར་མེད་ཅིང་སྐུའི་རྣམ་འགྱུར་ཐ་དད་པ་ཙམ་ཡིན་པས་འདིར་བྱས།] བཀལ་བ། སྐུ་ལ་དར་ནག་གི་བེར་གསོལ་ཞིང་གསེར་གྱི་སྐེ་རགས་བཅིངས་པ། སྤྱན་མིག་ཁྲག་ལྟར་གཡོ་ཞིང་ཁ་རླངས་མེར་འབར་བ། སྟག་རལ་དང་གཟིག་ཤུབ་བཏགས་ནས་བྲ་ནག་རྟིང་དཀར་ལ་ཆིབས་པ། འཇིགས་པའི་སྤྱན་གསུམ་བྲང་ལ་ཤར་ཞིང་ལྷུ་ཚིགས་བཞིའི་སྤྱན་ལས་དམག་དཔོན་བཞི་འགྱེད་པ། བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ལྕགས་ཀྱི་བྱ་ཁྲར་སྤྲུལ་ནས་སྔོན་ལ་ལྡིང་ཞིང་སྔ་དགྲ་འདུལ་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་སྟག་གཟིག་དོམ་དྲེད་འཕར་སྤྱང་རྣམས་སུ་སྤྲུལ་ནས་ཕྱི་བཞིན་འབྲེང་བས་ཕྱི་དགྲ་སེམས་པ་རྡུལ་དུ་རློག་པ། གཞན་ཡང་ལས་བྱེད་ཀྱི་དམག་ཚོགས་

p. 365

དུ་མས་བསྐོར་བ། ལྷོར་ཨེ་ལས་མ་མོ་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན་དཔྲལ་བའི་དབྱིངས་ན་ཡེ་ཤེས་ཀྱི་སྤྱན་གཅིག་འབར་བ། ཞལ་གདངས་ཤིང་མཆེ་བ་གཅིག་མཐུར་དུ་གཙིགས་པ། ལྗགས་འདྲིལ་བ། རལ་པ་ཁམ་ནག་མཐུར་དུ་གྲོལ་བའི་དབུས་ན་ལྕགས་རལ་ཉག་གཅིག་གྱེན་དུ་གཟེངས་པ། ཐུགས་ཀ་ན་ནུ་མ་གཅིག་འཕྱང་བ། ཕྱག་གཡས་ཞིང་དབྱུག་ཀླད་ལ་འཕྱར་ཞིང་གཡོན་དགྲ་སྙིང་དང་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། ཐོད་སྐམ་གྱི་ཅོད་པན་དང་དོ་ཤལ་སོགས་འཇིགས་པའི་ཆས་ཀྱིས་བརྒྱན་ཏེ་གཡོན་བརྐྱང་བའི་སྟབས་ཀྱིས་རོའི་སྟན་ལ་རོལ་པ། འཁོར་སྤྲུལ་པའི་མ་མོ་རྣམ་གསུམ། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ། ཡེ་ཤེས་ཀྱི་མ་མོ་ལྔ། རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་སོགས་སྣང་སྲིད་མ་མོའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་ར་ལས་གཟའ་བདུད་རཱ་ཧུ་ལ་སྨུག་ནག་མགོ་བོ་དགུ་པ་ཕྱག་བཞིའི་དང་པོ་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས། འོག་མ་གཉིས་མདའ་གཞུས་དགྲ་སྙིང་གཟིར་བ། ལུས་

p. 366

ཀུན་མིག་གིས་གང་ཞིང་རོ་སྨད་སྦྲུལ་དུ་འཁྱིལ་བ། དུར་ཁྲོད་འཇིགས་པའི་ཆས་ཅན་གཟའ་དང་གདོང་མོ་རྒྱུ་སྐར་སོགས་འཇིགས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་དུ་བྷྱོ་ལས་བཤན་པ་སྲོག་སྒྲུབ་ནག་མོ་རྔམས་ཤིང་ཁྲོས་པ། གཡས་དགྲ་སྙིང་ཟ་ཞིང་གཡོན་ནད་རྐྱལ་ཐོགས་པ། མི་ལྤགས་ཀྱི་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན་ཅིང་སྲིད་པའི་རླུང་ནག་ཞོན་པ། གཡས་ན་ཅེ་སྤྱང་གདོང་མ། གཡོན་ན་ཝ་གདོང་མ། མདུན་ན་འུག་གདོང་མ་སོགས་ཤ་ཟ་དང་མ་མོ་འབུམ་སྡེས་བསྐོར་བ། ཤར་ལྷོར་ར་ལས་པེ་ཧར་དགྲ་ལྷ་དམར་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཁྲོ་འཛུམ་བཞད་པའི་ཉམས་ཅན། གཡས་གསེར་གྱི་གསེག་ཤང་དང་གཡོན་དངུལ་གྱི་པར་བུ་བསྣམས་པ་དབུ་ལ་དར་ནག་གི་འཐིབས་ཞུ་གསོལ་ཞིང་། ཟ་འོག་གི་བེར་དང་མན་ཏྲིའི་ཆོས་གོས་གྱོན་པ། མགུལ་དུ་ཤེལ་ཕྲེང་འཕྱང་ཞིང་སེང་གེ་དཀར་མོ་ལ་ཞོན་པ། ཡུམ་ཤཱནྟི་རོ་ཟན་མས་འདུད་ཅིང་ལས་མཁན་པུ་ཏྲ་ནག་པོ་སོགས་གར་མཁན་སྐྱོ་སངས་རུ་འདྲེན་སྡེ་བཞི་སོགས་ལྷ་མ་སྲིན་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་དུ་ལས་གནོད་སྦྱིན་བཤན་པ་དམར་

p. 367

ནག་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་རལ་གྲི་དང་གྲི་གུག་གཡོན་གཉིས་ཐོད་ཁྲག་དང་སྦྲུལ་ཞགས་འཛིན་པ། དར་དམར་གྱི་བེར་དང་དུར་ཁྲོད་ཀྱི་ཆས་ཅན་ཟངས་ཀྱི་མཁའ་ལྡིང་ལ་ཞོན་པ། ལས་བྱེད་ཕོ་ཉ་སྡེ་བརྒྱད་སོགས་ཤ་ཟ་བཤན་པའི་ཚོགས་ཀྱིས་བསྐོར་བ། ནུབ་བྱང་དུ་ཏྲི་ལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་དམར་པོ་ཕྱག་གཡས་རྡོ་རྗེས་དགྲ་མགོ་གཟིར་ཞིང་གཡོན་མི་སྙིང་འཛིན་པ། དར་དཀར་གྱི་བེར་དང་བརྗིད་པའི་ཆས་ཅན་ར་སྐྱེས་ཁམ་པ་ལ་ཞོན་པ། འཁོར་གིང་ཆེན་སྡེ་བཞི་ལྷ་བཙན་བདུད་ཀྱི་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་དགྱེས་སྡེ་མོ་བཅུ་གཉིས་ཟ་བྱེད་མཆེ་བ་ཅན་སོགས་འཇིགས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་མ་ལས་འདོད་ཁམས་དབང་ཕྱུག་རེ་མ་ཏི་ནག་མོ་སྐེམ་ཞིང་སྦེག་ལ་གཏུམ་པའི་གཟུགས་ཅན་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་གྲི་གུག་དང་རལ་གྲི་གཡོན་གཉིས་ཐོད་དབྱུག་དང་ནད་རྐྱལ་ཐོགས་པ། མ་མོའི་ཆས་བརྒྱད་ཀྱིས་སྤྲས་ཏེ་རྫུ་འཕྲུལ་དྲེལ་རྟའི་སྟེང་ན་བཙན་འཁྱིལ་གྱིས་[གཉིས་པ་གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་བྷཉྫ་བཟུང་བའི་མཆན་ན་ནད་རྐྱལ་ཐོགས་པ་གཞན་འདྲའོ། །རྒྱུད་ལས་འདི་ལྟར་རོ། །]

p. 368

བཞུགས་པ་སྣང་སྲིད་མ་མོའི་ཚོགས་ཀྱིས་བསྐོར་བ། གཞན་ཡང་དེ་དག་གི་ཕྱི་རོལ་དུ་རུ་འདྲེན་གྱི་དམག་དཔོན་སྡེ་བཞི། བཀའ་སྡོད་དྲེགས་པ་སྡེ་བརྒྱད། བདུད་དམག་ཉི་ཁྲི་ཆིག་སྟོང་། ལྷ་དམག་འབུམ་སྡེ་ལ་སོགས་པ་ཡེ་ཤེས་དང་ལས་ལ་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ་ཐམས་ཅད་ཀྱང་འཇིགས་ཤིང་རྔམས་པའི་གཟུགས་འཆང་ཞིང་ཕྲིན་ལས་འདོད་རྒུར་སྒྱུར་བས་སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ཚུལ་གྱིས་བཞུགས་པའོ། །[གཉིས་པ་སྤྱན་འདྲེན་པ་ནི།] གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མ་ལ་ཡ་གནམ་ལྕགས་འབར་བ། རྡོ་རྗེ་གདན། ན་ལེནྡྲ། བསིལ་བ་ཚལ་དང་ཨུ་ཙ་ལའི་དུར་ཁྲོད་ཆེན་པོ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་མགོན་པོ་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ[ས་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་ཞིང་།] རྐང་གླིང་གིས་དྲངས་པའི་རྔ་བོ་ཆེ་སོགས་སྙན་པའི་རོལ་མོ་དང་སྦྱར་སྤོས་ཀྱི་དུད་སྤྲིན། དབྱངས་ཀྱི་འགྱུར་བ་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་

p. 369

གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འོག་མིན་གནས་མཆོག་དམ་པ་དང་། །གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང་། །དུར་ཁྲོད་རབ་འཇིགས་གཞལ་ཡས་ནས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ལྷ་ཆེན་དཔལ་འབར་གཤེགས་སུ༴ །ལེགས་ལྡན་ནག་པོ༴ །ཚོགས་བདག་ཆེན་པོ༴ །མ་ནིང་ནག་པོ༴ །སྲོག་བདུད་ཆེན་པོ༴ །མཁའ་འགྲོའི་གཙོ་མོ༴ །མགོན་པོ་སྡེ་ལྔ༴ །སྲིང་གཅིག་ཆེན་མོ༴ །མཐུ་ཆེན་སྡེ་བརྒྱད༴ །བདུད་འདུལ་དམག་ཚོགས༴ །ཡེ་ཤེས་མགོན་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །[ཞེས་པ་ཙམ་མམ།] སྤྲོ་ན། ཧཱུྃ། ཨུ་ཙ་ལ་ནས་ལས་ཀྱི་མགོན། །སྲོག་བདུད་ནག་པོ་གཤེགས་སུ་གསོལ། །བདེ་ཆེན་དབྱིངས་ནས་ཀུན་བཟང་ཡུམ། །ཨེ་ཀ་ཛྰ་ཊི་གཤེགས་སུ་གསོལ། །བར་སྣང་ཁམས་ནས་འཇིགས་བྱེད་གཙོ། །ཁྱབ་འཇུག་ཆེན་པོ་གཤེགས༴ །དུར་ཁྲོད་གནས་ནས་མཁའ་འགྲོ་མ། །མི་བསྲུན་བཤན་པ༴ །ཧེ་ཆེན་བརྡལ་ནས་སྒྲོལ་བའི་གིང་། །

p. 370

གནོད་སྦྱིན་ཆེན་པོ༴ །དམ་ཚིག་གནས་ནས་ཐིག་ལེ་རྩལ། །རྡོ་རྗེ་ལེགས་པ༴ །བྱང་ཤར་མཚམས་ནས་རེ་མ་ཏཱི། །འདོད་ཁམས་བདག་མོ༴ །གཙུག་ལག་ཆོས་འཁོར་ལྷ་ཁང་ནས། །པེ་ཧར་དགྲ་ལྷ༴ །བསྟན་པ་སྐྱོང་བའི་དམ་ཅན་ཚོགས། །སོ་སོའི་མངག་གཞུག་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿཛཿཧཱུྃ། [ཞེས་པས་སྤྱན་དྲང་ངོ་། །གསུམ་པ་བཞུགས་སུ་གསོལ་བ་ནི།] ཧཱུྃ། དུར་ཁྲོད་རབ་འཇིགས་གཞལ་ཡས་དམ་པ་འདིར། །སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །རུ་ཏྲ་ཕོ་མོ་བསྣོལ་བའི་གདན་ཁྲི་ལ། །ཁྲོ་རྒྱལ་མ་ནིང་འཁོར་བཅས་བཞུགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། [ཞེས་བཞུགས་སུ་གསོལ། བཞི་པ་དམ་ལ་བཞག་པ་ནི། དམ་ཚིག་གི་རྒྱ་བཅིངས་ཏེ་རྡོ་རྗེ་སྤྱི་བོར་བཞག་བདུད་རྩི་ལྗགས་ལ་བྱིན་པར་མོས་ཏེ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་མ་ནིང་ནག་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་བཟང་ཧེ་རུ་ཀ་དཔལ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་ཐོད་ཕྲེང་། རིག་འཛིན་པདྨ

p. 371

གླིང་པ་ནས་འཁོར་ལོའི་མགོན་པོའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཨོཾ་བཛྲ་ས་མ་ཡ་རཀྵ་ནྟུ་པཉྩ་ཨ་མྲྀ་ཏོ་ད་ཀ་ཋ་ཋ་ཋ་ཧཱུྃ། [ཞེས་དམ་ལ་བཞག་བས་ཅི་བསྒོ་བའི་ལས་ཐམས་ཅད་སྒྲུབ་ཅིང་བཀའ་ནོད་པར་བསམ། ལྔ་པ་ཕྱག་བྱ་བ་ནི།] ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་ཕོ་བྲང་ནས། །སྐྱེ་བའི་ཆོ་འཕྲུལ་ཁྲོ་རྒྱལ་མ་ནིང་སྐུ། །མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །རུ་དྲ་འཇོམས་མཛད་

p. 372

བདུད་དཔུང་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུཧྱ་ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ[ཞེས་ཕྱག་བྱའོ། །] དྲུག་པ་མཆོད་པའང་དྲུག་ལས། ཕྱི་མཆོད་ནི། ཧཱུྃ ཡན་ལག་བརྒྱད་ལྡན་ཡིད་འོང་མཆོད་ཡོན་སྦྲེང་། །རབ་གཙང་དྭངས་པའི་ཞབས་བསིལ་རྒྱ་མཚོར་བསྐྱིལ། །སྣ་ཚོགས་ལྟ་སྡུག་ཆུ་སྐྱེས་ལང་ཚོ་བཞད། །གྲུབ་དང་སྦྱར་བའི་བདུག་པ་སྤྲིན་ལྟར་གཏིབས། །མུན་སྣང་མཐར་བྱེད་སྒྲོན་མེས་ཉིན་མོར་བྱེད། །ཡིད་འོང་བྱུག་པ་ལྷ་ཡི་ཆུ་བོའི་རྒྱུན། །རོ་བཅུད་ཕུན་ཚོགས་ཞལ་ཟས་ལྷུན་པོར་སྤུངས། །སྙན་བརྗིད་རོལ་མོ་སྒྲ་དབྱངས་དང་བཅས་པའི། །ཕྱི་ཡི་མཆོད་སྤྲིན་འདོད་ཡོན་འཛད་མེད་གཏེར། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་[ནས་]ཤཔྡའི་[བར་དང་།] པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱཧཱ། [ནང་གི་མཆོད་པ་ནི།] ཧཱུྃ། གདུག་པའི་སྙིང་ཁྲག་མཆོད་ཡོན་མཚོ་ལྟར་བསྐྱིལ། །མྱོས་བྱེད་དུག་ཁྲག་ཞབས་བསིལ་རྔམས་ཤིང་བརྗིད། །དབང་པོ་རྣམ་ལྔའི་མེ་ཏོག་ཚར་དུ་དངར། །ཤ་ཆེན་དུད་པའི་སྤྲིན་ཕུང་ལང་ལོང་གཡོ། །ཞུན་

p. 373

ཆེན་མར་མེ་བསྐལ་པའི་མེ་ལྟར་འབར། །ཁྲག་ཞག་བདུད་རྩིའི་དྲི་ཆབ་རླབས་ཕྲེང་གཡོ། །ཤ་ཁྲག་རུས་པའི་ཞལ་ཟས་ཆེ་བརྗིད་རྔམས། །དྲག་པོའི་རོལ་མོས་ས་གསུམ་འདར་ཞིང་གཡོ། །དུར་ཁྲོད་ནང་གི་མཆོད་སྤྲིན་བསམ་མི་ཁྱབ། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤ་ན་པཱུ་ཛ་ཨརྒྷཾ་[ནས་]ཤཔྡའི་[ར་བརྗོད། གསང་བའི་མཆོད་པ་ནི།] ཧཱུྃ། སྒྲིབ་པའི་དྲི་མ་ཀུན་སྤངས་ཤིང་། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཨ་ནུ་རཱ་ག་པྲ་ཏཱིཙྪ་སྭཱཧཱ། [སྨན་མཆོད་ནི།] ཧཱུྃ། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། [རཀྟའི་མཆོད་པ་ནི།] སྟོང་གསུམ་བྷཉྫའི་སྣོད་ཡངས་སུ། །དམ་ཉམས་བསྒྲལ་བའི་མཱཾ་ས་དང་། །རཀྟའི་རྒྱ་མཚོ་ཆེན་པོར་བསྐྱིལ། །བསད་ཁྲག་རྦ་ཀློང་འཁྲུགས་པས་མཆོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་

p. 374

ཝཱ་ར་མ་ཧཱ་རཀྟ་ཁཱ་ཧི། [གཏོར་མའི་མཆོད་པ་ནི།] ཧཱུྃ། དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་དགོངས། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཐོད་ཆེན་བྷཉྫ་རློན་པའི་སྣོད་མཆོག་ཏུ། །བ་ལིཾ་གཏོར་མའི་མཆོད་པ་རོངས་སེ་རོང་། །བདུད་རྩི་སྨན་གྱི་མཆོད་པ་བྲེངས་སེ་བྲེང་། །རཀྟ་དམར་གྱི་ཨརྒྷཾ་ཆི་ལི་ལི། །ཛ་གད་གསེར་སྐྱེམས་བཏུང་བ་མེ་རེ་རེ། །མཱཾ་ས་ཤ་ཆེན་གསུར་དུད་ཐུ་ལུ་ལུ། །བྷཉྫ་རུས་པའི་ཚོགས་ནི་ཁྲ་ལ་ལ། །བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན། །དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུཾ་ཕཊ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་སྤྱིར་ཕུལ་ནས། བྱེ་བྲག་ཏུ་འབུལ་བ་ནི།] ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་བདེ་བ་ཆེན་པོའི་རང་བཞིན་དུ་དགྱེས་ཤིང་ཚིམས་པར་[བསམ་ཞིང་རྡོ་རྗེའི་ཐལ་མོ་གྱེན་ཁ་ཕྱེས་ལྷ་སོ་སོའི་སྙིང་པོའི་མཐར།] ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་[སོགས་གཏོར་སྔགས་

p. 375

བཏགས་པ་ལན་གསུམ་མམ་བདུན་གྱིས་འབུལ་ལ།] དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། ལེགས་ལྡན་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ། ཡུམ་དཔལ་འབར་ཀླུ་མོ། ཡེ་ཤེས་ཀྱི་མགོན་པོ་སྡེ་ལྔ། ལས་མགོན་སྲོག་བདུད་ཆེན་པོ་ལ་སོགས་ཏེ་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [ཞེས་པ་ནས།] ཕྲིན་ལས་མཛོད་ཅིག །[ཅེས་པའི་བར་གྱི་འདོད་དོན་གསོལ། བདུན་པ་བསྟོད་པ་བྱ་བ་ནི།] ཧཱུཾ། འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །དཔལ་ཆེན་མངོན་སྤྲུལ་ནག་པོ་ཆེན་པོའི་སྐུ། །འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད། །ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ། །

p. 376

དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཐོར་མཁར་མེ་རླུང་འཚུབས་དཀྱིལ་ན། །རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི། །སྐུ་མདོག་མཐིང་ནག་ཞག་གཅིག་ཕྱག་གཉིས་པ། །སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས། །རབ་བརྗིད་ཁྲོ་གཉེར་གསུམ་ལྡན་གཏུམ་ལ་རྔམས། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ། །གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས། །ཙནྡན་བིང་ཆེན་སྐེད་བཙུགས་ལྷ་དམག་འགྱེད། །ཐོད་པ་སྐམ་རློན་སྙིང་ཕྲེང་སྦྲུལ་ཆུན་སྤྲས། །དར་ནག་བེར་གསོལ་གསེར་སྐེད་མི་ལྤགས་བཅིངས། །ལེགས་ལྡན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། ཧཱུཾ། ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན། །སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར། །དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན། །སྟག་རལ་གཟིག་ཤུབ་བཏགས་ནས་རྟ་ནག་ཞོན། བདུད་མདས་དགྲ་སྙིང་གཟེར་འདེབས་གླིང་བཞིར་རྒྱུག །

p. 377

སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར། །ཁ་ཊྭྰཾ་གྲི་གུག་ལྕགས་པར་ཐོགས་ནས་སུ། །སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད། །ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ལ་སྒྲུབ། །རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ། །མ་བསྐུལ་བར་ཡང་བརྣག་པའི་དགྲ་བགེགས་སྒྲོལ། །ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད། །གར་བསྐུལ་ས་རུ་མི་རོ་རགས་སུ་འཚེར། །བཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད། །གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད། །བསྟན་པ་གཉན་སྲུང་བཀའ་ཡི་བྱ་ར་བ། །དྲེགས་པ་ཀུན་འདུས་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོ། མཁའ་ལ་དབང་སྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དཔལ་ལྡན་ལྷ་མོ་གསང་བའི་མཁའ་འགྲོ་མ། །མ་མོ་འབུམ་སྡེའི་གཙོ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་རྣམ་རོལ་འགག་མེད་ཅིར་ཡང་སྟོན། །གདུག་ཅན་ཚར་གཅོད་བསྟན་པ་རྗེས་སྐྱོང་བ། །མགོན་པོ་སྡེ་ལྔའི་སྐུ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་གཙོ་མོ་ཨེ་ཀ་ཛྰ་ཊི་མ། །ཞལ་གཅིག་ཕྱག་གཉིས་རུ་ལུའི་སྒྲ་

p. 378

སྐད་སྒྲོག །ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་མཆོག །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་ལ་བསྟོད། །བཤན་པ་ནག་མོ་མི་ལྤགས་གཡང་གཞི་གསོལ། །ཕྱག་ན་སྙིང་དང་ནད་ཀྱི་རྐྱལ་པ་བསྣམས། །ལས་བྱེད་མཁའ་འགྲོ་བྱེ་བའི་ཚོགས་ཀྱིས་བསྐོར། །ནམ་གྲུ་ནག་མོ་འཇིགས་པའི་ཚོགས་ལ་བསྟོད། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཀ་དབུ་དགུ་སྤྱན་སྟོང་འབར། །ཕྱག་བཞི་མདའ་གཞུ་རལ་གྲི་རྒྱལ་མཚན་བསྣམས། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད། །གནོད་སྦྱིན་དམར་ནག་ཟངས་ཀྱི་ཁྱུང་དམར་ཆིབས། །ཞལ་གཅིག་ཕྱག་བཞི་གྲི་གུག་ཐོད་ཁྲག་དང་། །རལ་གྲི་དགྲ་སྙིང་སྦྲུལ་ནག་ཞགས་པ་བསྣམས། །དྲག་གཏུམ་ཆེན་པོ་འཁོར་དང་བཅས་ལ་བསྟོད། །དམ་ཅན་ཆེན་པོ་དམར་ནག་ཐིག་ལེ་རྩལ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དགྲ་སྙིང་བསྣམས། །ཐོད་ཕྲེང་གཡང་གཞི་སྟག་གི་ཤམ་ཐབས་ཅན། །སུམ་བརྒྱ་དྲུག་ཅུའི་འཁོར་དང་བཅས་ལ་བསྟོད། །ཤིན་ཏུ་མི་བསྲུན་བདུད་མོ་རེ་མ་ཏཱི། །ནམ་མཁའི་མ་དོག་ཅན་དྲེལ་རྟ་རྐང་གསུམ་ཆིབས། །སྟོད་ཁམས་མྱུལ་ཞིང་སྐྱེ་འགྲོའི་སྲོག་དབུགས་ལེན། །བསྟན་

p. 379

པ་སྲུང་མཛད་མ་ལ་ཕྱག་འཚལ་བསྟོད། །འགྱུར་མེད་དབྱིངས་ལས་འབར་བའི་སྐུར་སྟོན་པ། །འགྲོ་བའི་དོན་མཛད་ཐུགས་རྗེ་ཉི་མ་འདྲ། །དམ་ཉམས་རྩད་གཅོད་ལེགས་ཉེས་གཉེར་ཁ་འཛིན། །པེ་ཧར་དགྲ་ལྷ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་རང་རང་གི། །སྲོག་སྙིང་ཕུལ་ནས་ཁས་བླངས་དམ་བཅས་ལྟར། །ཕྲིན་ལས་རྣམ་བཞིས་བསྟན་པ་རྗེས་སྐྱོང་བའི། །དམ་ཅན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །[ཅེས་པའམ། །སྤྲོ་ན།] ཧཱུྃ། ཆོས་སྐུ་སྐྱེ་མེད་ཀུན་ཏུ་བཟང་། །ལོངས་སྐུ་ཆེ་མཆོག་ཧེ་རུ་ཀ ། སྤྲུལ་སྐུ་མ་ནིང་ཁྲོ་བོའི་རྒྱལ། །གསང་བདག་ཆེན་པོ་སྟོབས་པོ་ཆེ། །འཆོལ་བའི་ཁྲོ་རྒྱལ་སྲོག་གི་བདུད། །ལྷ་རྣམས་བསོད་ནས་རྒྱས་མཛད་པའི། །ལྷ་ཆེན་དཔལ་འབར་ཁྱོད་ལ་བསྟོད། །ལྷ་མིན་དམག་དཔུང་འཇོམས་མཛད་པའི། །དམག་དཔོན་ཆེན་པོའི་སྐུ་ལ་བསྟོད། །སངས་རྒྱས་བསྟན་པ་སྐྱོང་མཛད་པའི། །སྡེ་དཔོན་ཆེན་པོའི་སྐུ་ལ་བསྟོད། །[ཅེས་དང་།] དཔལ་ལྡན་ལས་ཀྱི་མགོན་པོ་ནི། །མཐིང་ནག་གྲི་གུག་ལྕགས་པར་ཐོགས། །

p. 380

ཁ་ཊྭཱྃ་བདུད་མདངས་དགྲ་སྙིང་གཟེར། །རྟ་ནག་ཞོན་ནས་རྒྱུག་ལ་བསྟོད། །མ་གཅིག་ལྷ་མོ་དཔལ་འབར་མ། །སྤུ་གྲི་འཕྱར་ཞིང་ཀླད་ཁྲག་ལྡགས། །མི་ལྤགས་གོས་གྱོན་ཐོད་ཕྲེང་འཕྱང་། །ཨུ་མ་དེ་བཱིའི་སྐུ་ལ་བསྟོད། །སྐུ་ལས་སྤྲུལ་པའི་མགོན་པོ་ནི། །ནག་པོ་སྟག་ཞོན་མི་བཟད་པ། །ཙནྡན་བེང་གསོར་བདུད་ཞགས་འཕེན། །གཏུམ་པོ་འཇིགས་བྱེད་ཁྱོད་ལ་བསྟོད། །མ་འགགས་གསུང་གི་རོལ་པའི་རྩལ། །བིང་ཆེན་དམར་སྨུག་ཁྲོས་པའི་ཞལ། །ཙནྡན་བེང་དང་ལྕགས་པར་འཛིན། །བདུད་འདུལ་མཐུ་ཆེན་ཁྱོད་ལ་བསྟོད། །ཐུགས་ཀྱི་སྒྱུ་མ་ཆེན་པོའི་འཕྲུལ། །ལྷ་མིན་གཡུལ་ཟློག་ནག་པོ་ཆེ། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །ཁྲག་འཐུང་དཔའ་བོ་ཁྱོད་ལ་བསྟོད། །ཡོན་ཏན་མགོན་པོ་ལེགས་ལྡན་ཆེ། །གཏུམ་དྲག་བཟོད་དཀའི་གཟི་བརྗིད་ཅན། །མཐིང་ནག་རིན་ཆེན་ཐོད་ཁྲག་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཕྲིན་ལས་དྲག་ཤུལ་ཆེན་པོའི་རྩལ། །ཏྲག་ཤད་བདུད་མགོན་མ་རུངས་པ། །ཙནྡན་བེང་དང་དགྲ་སྙིང་འཛིན། །དགྲ་བགེགས་གཤེད་མ་ཁྱོད་ལ་བསྟོད། །སྨུག་ནག་ཁྲོས་མ་རལ་

p. 381

གཅིག་མ། །ཞིང་དབྱུག་འཕྱར་ཞིང་དགྲ་སྙིང་ཟ། །འཇའ་སྤྲིན་གོས་གྱོན་མི་ལྤགས་འཕྱང་། །སྔགས་སྲུང་ཆེན་མོ་ཁྱོད་ལ་བསྟོད། །དཔལ་ལྡན་བཤན་པ་མི་བསྲུན་མ། །གཅེར་མོ་དོན་སྙིང་ཟ་ཞིང་རྒྱུག །དགྲ་བགེགས་མྱོས་བྱེད་རིམས་ནད་འབེབས། །ནམ་གྲུ་ནག་མོ་ཁྱོད་ལ་བསྟོད། །གཏུམ་ཆེན་གཟའ་བདུད་སྲིན་པོའི་གཟུགས། །མགོ་དགུ་རྒྱལ་མཚན་སྦྲུལ་ཞགས་དང་། །མདའ་གཞུ་འགེང་ཞིང་ཐོག་སེར་འབེབས། །སྡེ་བརྒྱད་དམག་དཔོན་ཁྱོད་ལ་བསྟོད། །སྒྲོལ་གིང་བཤན་པ་དམར་ནག་ནི། །གྲི་ཐོད་འཛིན་ཞིང་རལ་གྲི་གདེངས། །བསྟན་དགྲའི་སྙིང་འབྱིན་སྤྲུལ་ཞགས་འཕེན། །གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད། །དམ་ཅན་སྐྱེས་བུ་གིང་གི་བདག །དམར་ནག་རྡོ་རྗེ་དགྲ་སྙིང་འཛིན། །ཟ་འོག་བེར་གྱོན་ར་སྐྱེས་ཞོན། །མཐུ་ཆེན་དྲེགས་པ་ཁྱོད་ལ་བསྟོད། །འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །ལག་ན་ཁྲམ་ཤིང་ཐོད་པ་འཛིན། །དྲེལ་རྟ་ཞོན་ནས་སྟོང་གསུམ་མྱུལ། །ནག་མོ་སྟོང་གི་གཙོ་ལ་བསྟོད། །སྤྲུལ་པའི་ལས་མཁན་གིང་གི་གཙོ། །བདུད་ཞགས་དགྲ་འཆིངས་སྤུ་གྲིས་གཅོད། །

p. 382

སེང་གེ་ཞོན་ནས་སྟོང་གསུམ་ཉུལ། །བེ་ཧར་དགྲ་ལྷ་ཁྱེད་ལ་བསྟོད། །ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །[ཞེས་བསྟོད་པར་བྱའོ། །ཆོས་སྐྱོང་གཞན་འགའ་ཞིག་གི་མཆོད་གཏོར་བྱ་བར་འདོད་ན་ཡེ་ཤེས་པའི་རིགས་རྣམས་སྔོན་དང་དེའི་རྗེས་ལ་འཇིག་རྟེན་པའི་རིགས་རྣམས་དང་གཏེར་བདག་སྤྱི་གཏོར་དང་གཞི་བདག་སྤྱི་གཏོར་གྱི་བར་རིམ་པ་བཞིན་སྐབས་འདིར་བྱའོ། །བརྒྱད་པ་བཟླས་པ་བྱ་བ་ནི།] མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལ་སོགས་པའི་མཐར་རང་རང་གི་སྲོག་སྔགས་རིགས་ཀྱི་ཁ་དོག་ཅན་གྱིས་བསྐོར་བ། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་བས་ཅི་འདོད་བའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་[མོས་ལ་གོང་གནོན་གྱི་ཡི་དམ་གྱི་བཟླས་པ་སྔོན་དུ་འགྲོ་བས་བཟླ་བྱའི་སྔགས་ནི།] ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུཾ་ཕཊཿ[ཅེས་གཙོ་བོའི་སྙིང་པོའོ། །] ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཏྲི་ཡཾ་ཧཱུྃ་ཛཿ[སྐུ་མགོན་ནོ། །] ཨོཾ་ཤྲཱི་མཧཱ་ཀཱ་ལ་རཀྵ་དུ་བེང་ནི་ཛཿ[གསུང་མགོན་ནོ། །] ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེ་ཏྲ་ཧ་ན་ཧཱུྃ་ཕཊ༔ [ཐུགས་མགོན་ནོ། །] ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སི་ཧཾ་རཾ་ཧཱུྃ་ཕཊ༔ [ཡོན་ཏན་མགོན་པོའོ། །] ཨོཾ་

p. 383

ཤྲཱི་མ་ཧཱ་ཀཱ་ལ་ཏྲ་ཀྴད་ཧཱུྃ་ཛཿ[ཕྲིན་ལས་མགོན་པོའོ། །] ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་རུ་དྲ་ནག་པོ་ཛཿ ཏྲི་ལིང་གིང་ཀ་ར་རཱ་ཛ་སུ་ཏྲི་ཛཿཛཿ[སྲོག་བདུད་དོ། །] ཨོཾ་མ་མ་ཨེ་ཀ་ཛྰ་ཊི་ཏྲག་རཀྴ་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧྰུྃཿ[སྔགས་སྲུང་མའོ། །] ཨོཾ་ཁྱི་ཁ་ལེ་ནག་མོ་སོད་སྲོག་མ་ཏི་སོད༔ [སྲོག་སྒྲུབ་མའོ། །] ཧྲཱི་ཤག་རུ་རག་རཾན་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་གྲ་མ་ཧ་ཧི་ཡེ་གེ་ཤ་ལ་ཛ་ཛཿ[ཞེས་གཟའ་བདུད་དོ། །] ཨེ་རྨེ་རུ་ཙེ་གུ་ཎ་ཧྲཱི་ཏྲི་གྷྲཾ་བྷྱོཿ[ཞེས་གནོད་སྦྱིན་ནོ། །] ཨོཾ་བཛྲ་སྰ་དྷུ་ས་མ་ཡ་ཛཿཛཿ[ཞེས་དམ་ཅན་དང་།] ཨོཾ་མ་མ་ཏྲག་རཀྨོ་རཀྴ་རུ་ཏི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། [རེ་ཏིའོ། །] ཨོཾ་རཱ་ཛ་ཨ་ཧོ་བྷྲཱུྃ་རྦད༔ ཙིཏྟ་ཐིབས་ཐིབས་ཛཿ མ་དུ་ཏྲི་མ་ཧོ་ཛཿསརྦ་རཱ་ཛ་ས་མ་ཡ་ཐིབས་ཐིབས་ཛ༔ [པེ་ཧར་གྱིའོ། །དེ་ལྟར་གཙོ་འཁོར་རྣམས་ཀྱི་སྔགས་རྣམས་སྐབས་དང་སྦྱར་ནས་ཅི་ཙམ་མ་ནུས་བ་བཟླ་ཞིང་། གཙོ་སྔགས་ནི་རྒྱུད་ལས། བྱེ་བ་ཐེམས་ན་ལས་ཀུན་འགྲུབ། །ཅེས་གསུངས་པ་དང་། ལས་སྦྱོར་གྱི་སྔགས་ནི་མན་ངག་གི་གནད་ཤེས་པས་གཞན་དུ་འབྱུང་བ་བཞིན་བཟླའོ། །བཟླས་པ་རྫོགས་པའི་མཐར།] ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པརི་ཝཱ་ར་ཨརྒྷཾ་[ནས་]ཤཔྡའི་[བར་གྱིས་མཆོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ། དགུ་པ་ཚོགས་ཀྱི་མཆོད་པ་ནི། བདག་བསྐྱེད་གང་ལ་བརྟེན་པ་དེའི་གཞུང་བཞིན་སྦྱར་བར་བྱའོ། །གཉིས་པ་ཁྱད་པར་སྐབས་ཀྱི་ཕྲིན་ལས་སྒྲུབ་

p. 384

པ་ལ་སྐོང་བཤགས་དང་། དྲག་ལས་བསྒྲུབ་པ་གཉིས་ལས། དང་པོ་ལ་གསུམ་ལས། སྐོང་བ་ནི། སྐོང་རྫས་རྣམས་]ཨ་མྲྀ་ཏ[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བྷྲྰུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་བ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། བཛྲ་སྥ་ར་ཎ་ཁཾ། [ཞེས་པས་བྱིན་གྱིས་བརླབ་ཅིང་ཟད་མི་ཤེས་པར་སྤེལ་ལ། སྙན་པའི་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་པས།] ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །[གཏེར་གཞུང་ལས་བྱང་བཞིན་ལ་ཚིག་དངོས་བཅོས་མེད་ལས་ཅུང་ཟད་བསྡུས་པའོ། །] བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་ཕྲེང་། །ཁྱོད་ནི་སྲུང་མ་ཐུགས་དམ་ཅན། །ཁྱོད་ནི་མཐུ་རྩལ་དྲག་ཤུལ་ཅན། །དགོངས་ཤིག་ལེགས་ལྡན་ནག་པོའི་ཚོགས། །སྔོན་ཚེ་

p. 385

དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པ། །ཁྱོད་ཀྱི་དམ་བཅའ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །བསྒྲུབ་ཅིང་བསྐུལ་ཕྱིར་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །ལྷ་ཆེན་དཔལ་འབར་གནས་འདིར། །ཆོས་སྐྱོང་ཆེན་པོ་གནས། །ལེགས་ལྡན་ནག་པོ། །རིག་འཛིན་སྲུང་མ། །མ་ནིང་ནག་པོ། །སྲོག་བདུད་ཆེན་པོ། །བདུད་རྒྱལ་ཐོད་ཕྲེང་། །སྲིང་གཅིག་ལྷ་མོ། །འདོད་ཁམས་གཙོ་མོ། །འཁོར་ཚོགས་རྒྱ་མཚོ་གནས་འདིར་བྱོན། །ཀྱཻ། གསོན་དང་མ་ཧཱ་ཀཱ་ལའི་ཚོགས། །ཉོན་དང་ཆོས་སྐྱོང་ནག་པོ་ཆེ། །ཉོན་དང་མགོན་པོ་ཐོད་ཕྲེང་ཅན། །རྒྱལ་བའི་བཀའ་ལ་མི་བདེན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །མནའ་དང་ཁྲིམས་ལ་མི་བརྟེན་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །ནག་པོ་འཁོར་བཅས་དགོངས་སུ་གསོལ། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །དོ་ནུབ་ཉམས་ཆག་མ་ལུས་བསྐང་། །དོ་ནུབ་ཞིག་རལ་མ་ལུས་གསོ། །དོ་ནུབ་གནོང་འགྱོད་མ་ལུས་བཤགས། །དོ་ནུབ་ལྷ་ལ་སེམས་

p. 386

འཁོན་སྦྱོང་། །དོ་ནུབ་མཉེས་པའི་མཆོད་པ་འབུལ། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །བཤོས་ནག་རྒྱན་ལྡན་གཏོར་མས་བསྐང་། །རཀྟ་དམར་གྱི་ཨརྒྷས་བསྐང་། །བདུད་རྩི་སྨན་གྱི་མཆོད་པས་བསྐང་། །མཚན་ལྡན་ཤེལ་སྒོང་འབྲས་བུས་བསྐང་། །སྣང་གསལ་མདངས་ལྡན་མར་མེས་བསྐང་། །ཞལ་ཟས་ཚོགས་མཆོད་མང་པོས་བསྐང་། །ལུག་ནག་སྤྱི་དཀར་འདི་ཡིས་བསྐང་། །ཁྱི་ནག་གསེར་མིག་འདི་ཡིས་བསྐང་། །རྟེན་རྫས་འཕྱར་དར་ནག་པོས་བསྐང་། །མདའ་ནག་རྒོད་སྒྲོ་སྐུ་ཡི་རྟེན། །རཀྟ་དམར་པོ་གསུང་གི་རྟེན། །ཙིཏྟ་སྙིང་ཆེན་ཐུགས་དམ། །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས། །དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །ཁྱི་ནག་སྙིང་གིས། །མཱྃ་ས་ཟས་སུ་ཟ་བའི་ཕྱིར། །ཙིཏྟ་སྙིང་གིས། །མྱོས་བྱེད་སྐོམ་དུ་འཐུང་བའི་ཕྱིར། །ཛ་གད་

p. 387

ཕུད་ཀྱིས། །ཤངས་ཀྱི་དབང་པོ་ཚིམ་པའི་ཕྱིར། །གསུར་ཆེན་དུད་པས། །ལྗགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །དམར་ནག་བཤོས་བུས། །སྤྱན་གྱི་དབང་པོ་ཚིམ་པའི་ཕྱིར། །སྣང་གསལ་མར་མེས། །སྙན་གྱི་དབང་པོ་ཚིམ་པའི་ཕྱིར། །རོལ་མོ་སྒྲ་ཡིས། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །གཏའ་གཏོར་ཆེན་པོས། །རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར། །རྒྱུན་གཏོར་ནར་མས། །མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །ལུག་ནག་སྤྱི་དཀར། །སྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར། །གྲི་རྒོད་སྙིང་གིས། །གཞན་ཡང་དཔལ་གྱི་གཏོར་མ་ལ། །ཡེ་ཤེས་ལྔ་ཡི་རྒྱན་གྱིས་བརྒྱན། །རྣལ་འབྱོར་ཡོངས་ཀྱི་གླུད་དུ་འབུལ། །གཉིས་མེད་དོན་གྱི་ཞངས་པ་སྩོལ། །མདའ་ནག་སྟོང་དམར་བཅུ་གསུམ་ལ། །རྡོ་རྗེ་བོ་ཅོན་གྲི་གུག་རིས། །ཕྱག་མཚན་མང་པོས་བརྒྱན་བྱས་ནས། །ལེགས་ལྡན་ནག་པོའི་སྐུ་གསུང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ཀྱི་གླུད། །ཐབས་ཀྱི་རང་བཞིན་མདའ་ནག་དང་། །ཤེས་རབ་རང་བཞིན་རྒྱལ་མཚན་གཉིས། །གཉིས་མེད་དོན་

p. 388

རྟོགས་ཆོས་ཀྱི་སྐུ། །གཉིས་སུ་མེད་པར་ཐུགས་དམ་བསྐང་། །ཡང་གཅིག་མགོན་པོའི་ཐུགས་དམ། །ཆོས་སྐྱོང་ཆེན་པོའི། །མ་ནིང་ནག་པོའི། །མགོན་པོ་སྡེ་ལྔའི་མ་གཅིག་ལྷ་མོའི༴ །སྲོག་བདུད་ཆེན་པོའི། །སྒྲོལ་གིང་ཆེན་པོའི། །དམ་ཅན་ཆེན་པོའི། །རེ་ཏཱི་ཆེན་པོའི། །པེ་ཧར་དགྲ་ལྷའི། །བདུད་ཁ་དགྲ་ལ་བསྒྱུར་བའི་ཕྱིར། །དཔལ་ལྡན་ནག་པོའི་ཐུགས་དམ་བསྐང་། །དགྲ་བགེགས་གནས་ནས་འགུགས་པའི་ཕྱིར། །ཕྱག་བརྙན་ཆེན་པོའི། །དགྲ་བོ་ཆམ་ལ་དབབ་པའི་ཕྱིར། །བདུད་ཀྱི་དམག་ཚོགས། །དགྲ་བོའི་སྲོག་རྩ་གཅོད་པའི་ཕྱིར། །མོན་པ་ཚོགས་ཀྱི། །སྔོན་གྱི་ལམ་སྣ་འདྲེན་པའི་ཕྱིར། །མོན་པའི་བརྒྱད་ཀྱི། །གཡས་ཀྱི་རུ་སྣ་དྲང་བའི་ཕྱིར། །གཤིན་རྗེ་བརྒྱད་ཀྱི། །གཡོན་གྱི་རུ་སྣ་དྲང་བའི་ཕྱིར། །གནོད་སྦྱིན་བརྒྱད་ཀྱི། །སླད་ཀྱི་རྗེས་ཤུལ་འབྲང་བའི་ཕྱིར། །ནད་གཏོང་མ་མོའི། །དམག་གི་རུ་མཚོན་འཕྱར་བའི་ཕྱིར། །ལྷ་དམག་འབུམ་གྱི། །ཕྱོགས་སྐྱོང་བཅུ་ཡི་ཐུགས་དམ༴ །[རྒྱལ་ཆེན་བཞི་ཡི༴ །ལྷ་ཆེན་བརྒྱད་ཀྱི༴ །གཟའ་ཆེན་བརྒྱད་ཀྱི༴ །]

p. 389

རྒྱུ་སྐར་ཉེར་བརྒྱད༴ །འཇིགས་བྱེད་དགུ་ཡི༴ །ཐུགས་དམ་གཉན་པོ་བསྐང་བ་ཡིས། །ལྷ་དང་མི་འབྲལ་གྲིབ་ལྟར་འགྲོགས། །རྣལ་འབྱོར་བདག་དང་བདག་གི་འཁོར། །ཐུབ་པར་སྲུངས་ཤིག་ཐུགས་དམ་ཅན། །ཐུགས་དམ་སྐོང་ལ་གཡར་དམ་སྩོལ། །[ཞེས་དང་། གཞན་ཡང་།] ཧཱུྃ། རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཁྲོ་བོའི་སྐུར་སྟོན་ཅིང་། །བདུད་དཔུང་འཇོམས་མཛད་ཧེ་རུ་ཀ ། མཐུ་ཆེན་དཔའ་བོའི་ཐུགས་དམ་བསྐང་། །མིག་སྨན་མདངས་ཅན་རྟ་མཆོག་སོགས། །ཕྱི་ཡི་རྟེན་གྱིས་ཐུགས་དམ༴ །འདོད་ཡོན་བྱ་རོག་རྒྱལ་མཚན་བཅས། །ནང་གི་རྟེན་གྱིས། །གྲི་སྙིང་སྲོག་གི་འཁོར་ལོ་སོགས། །གསང་བའི་རྟེན་གྱིས༴ །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས། །གཤེགས་པའི་དམ་རྫས་ཡིན་པའི་ཕྱིར། །དབྱངས་རྔ་རོལ་མོས། །གནས་ཀྱི་དམ་རྫས་ཡིན་པའི་ཕྱིར། །ཐོད་མཁར་འབར་བས། །བཞུགས་པའི་དམ་རྫས་ཡིན་པའི་ཕྱིར། །པད་ཉི་རོ་ཡིས༴ །རྒྱན་གྱི་དམ་རྫས་ཡིན་པའི་ཕྱིར། །དུར་ཁྲོད་ཆས་ཀྱིས། །དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །བདུད་

p. 390

རྩི་སྨན་གྱིས༴ །ངོམས་པའི་དམ་རྫས་ཡིན་པའི་ཕྱིར། །དམར་ཆེན་རཀྟས༴ །ཚིམ་པའི་དམ་རྫས་ཡིན་པའི་ཕྱིར། །དཔལ་གྱི་གཏོར་མས༴ །མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །སྣ་ཚོགས་ནོར་གྱིས༴ །བརྟེན་པའི་དམ་རྫས་ཡིན་པའི་ཕྱིར། །གཟུགས་རྟེན་བླ་རྡོས༴ །བཟའ་བའི་དམ་རྫས་ཡིན་པའི་ཕྱིར། །ཤ་ཆེན་སྣ་ལྔས༴ །བཏུང་བའི་དམ་རྫས་ཡིན་པའི་ཕྱིར། །བདུད་རྩི་སྣ་ལྔས༴ །མཆོད་པའི་དམ་རྫས་ཡིན་པའི་ཕྱིར། །སྲིད་ཞིའི་འབྱོར་པས༴ །སྐུ་ཡི་ཐུགས་དམ་བསྐང་བའི་ཕྱིར། །ཕྱག་རྒྱ་གསལ་རྫོགས༴ །གསུང་གི་ཐུགས་དམ་བསྐང་བའི་ཕྱིར། །རླུང་སྔགས་བཟླས་པས༴ །ཐུགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གསལ་བརྟན་ཏིང་འཛིན༴ །ཡོན་ཏན་ཐུགས་དམ་བསྐང་བའི་ཕྱིར། །འདོད་ཡོན་མཁོ་རྒུས༴ །ཕྲིན་ལས་ཐུགས་དམ་བསྐང་བའི་ཕྱིར། །ལས་སྦྱོར་འབད་བས༴ །བསྐང་ངོ་གསོལ་ལོ་ཐུགས་དམ་བསྐང་། །དཔལ་འབར་མ་ཧཱ་ཀཱ་ལ་དང་། །སྤྲུལ་པ་རྣམ་ལྔ་མཐུ་ཆེན་བརྒྱད། །འཁོར་དང་བཅས་པས་ཐུགས་དམ་བསྐང་། །ཐུགས་དམ་གཉན་སྐོང་དངོས་གྲུབ་སྩོལ། །[ཞེས་བསྐང་ཞིང་གོང་དུ་མཆོད་གཏོར་ཕུལ་བའི་ཆོས་སྐྱོང་གཞན་གྱི་སྐོང་གསོ་བྱེད་དགོས་ན་ཡང་སྔར་གྱི་རིམ་པ་

p. 391

བཞིན་སྐབས་འདིར་སྦྲེལ་ལོ། །གཉིས་པ་བཤགས་པ་བྱ་བ་ནི།] ཧོཿརང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུགས་པས། །ལྷ་ཁྱོད་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང་། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུགས། །ཡིད་ཀྱི་ཏིང་འཛིན་བྱིང་རྒོད་རྟོག་པས་བསླད། །དམ་རྫས་མ་ཚང་རྟེན་རྫས་མ་ཚོགས་དང་། །རྒྱུ་ཆུང་ཕུད་ཉམས་འབག་བཙོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆག་པ་དང་། །བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་། །ཉམས་ཆག་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་

p. 392

དངོས་གྲུབ་སྩོལ། །[ཞེས་དང་འཁོན་གཅུགས་སྦྱོང་བའི་དམིགས་པ་དང་སྦྱར་ཏེ་ཡི་གེ་བརྒྱ་པ་ལན་གསུམ་སོགས་བཟླས་པས་བཤགས་པར་བྱའོ། །གསུམ་པ་ཕྲིན་ལས་གསོལ་བ་ནི།] ཧཱུྃ། རྒྱལ་བའི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་རྣམས་ལ། །ཕྲིན་ལས་རབ་འབྱམས་གསོལ་དང་བསྐུལ་བའི་ཕྱིར། །མཆོད་སྤྲིན་རྒྱ་མཚོ་བསྟབས་པས་དགྱེས་གྱུར་ཏེ། །ཀུན་བཟང་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང་། །མཆོག་གི་ས་བརྙེས་རྡོ་རྗེའི་རིག་འཛིན་ཚོགས། །རིམ་པར་བྱོན་པའི་རྩ་བརྒྱུད་བླ་མ་ཡིས། །རྒྱུད་གསུམ་དམ་ཅན་དྲེགས་པའི་དཔུང་ཚོགས་རྣམས། །ཕྱི་ནང་གསང་བའི་འདོད་ཡོན་རྒྱ་མཚོས་མཆོད། །བསྙེན་ཅིང་བསྒྲུབས་ནས་དབང་བསྐུར་དམ་བཞག་པའི། །ཞལ་བཞེས་ཐུགས་དམ་གཡེལ་བར་མ་མཛད་པར། །སྲིད་ཞིའི་ཕུན་སུམ་ཚོགས་ཀུན་འབྱུང་བའི་གཞི། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དེ་འཛིན་ལུང་རྟོགས་བཤད་སྒྲུབ་ཀྱིས་འཚོ་བའི། །བསྟན་འཛིན་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མཁའ་མཉམ་འགྲོ་བའི་ཉེར་འཚེ་ཀུན་ཞི་ཞིང་། །དགེ་བཅུའི་འབྱོར་པ་རྒྱ་མཚོས་

p. 393

འཚོ་བ་དང་། །འཇིག་རྟེན་ཁམས་ཀྱི་སྣོད་བཅུད་ལེགས་ཚོགས་ཀུན། །རབ་འཕེལ་རྫོགས་ལྡན་དཔལ་གྱིས་མཐོ་བར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བགེགས་དང་བར་དུ་གཅོད་པ་སོགས། །ཕྱི་ནང་མི་མཐུན་རྒུད་པ་ཀུན་ཞི་ཞིང་། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྟོབས། །ཐོས་བསམ་སྒོམ་པ་འཕེལ་ཞིང་རྒྱས་པ་དང་། །ས་གསུམ་འགྲོ་བ་རྣམས་དང་དེ་དག་གིས། །ཕུན་ཚོགས་དཔལ་ཀུན་དབང་དུ་བསྡུ་བར་མཛོད། །མི་བསྲུན་ལོག་བར་སེམས་པའི་དགྲ་དང་བགེགས། །ནག་ཕྱོགས་བདུད་སྡེའི་དཔུང་དང་བཅས་པ་རྣམས། །ཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པས། །ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད། །སེམས་ཉིད་གདོད་མའི་བསྟན་སྲུང་རོ་དོགས་དྲིས། །བསླད་མིན་མཐའ་བྲལ་བདེ་ཆེན་མངོན་གྱུར་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་རེ་སྐོང་བའི། །དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འབྱོར་བར་མཛོད། །[ཅེས་ལས་ཀྱི་གཉེར་གཏད་ཅིང་མངོན་པར་འདོད་པའི་ཕྲིན་ལས་གསོལ་ལོ། །

p. 394

གཉིས་པ་དྲག་པོའི་ཕྲིན་ལས་སྒྲུབ་པ་ལ་བཞི་ལས། དང་པོ་གཤོམ་ནི། ཐུན་གྱི་གཏོར་མ་གྲུ་གསུམ་གཙོ་འཁོར་གྱི་གྲངས་དང་མཉམ་པ་ཤ་ཁྲག་གིས་བརྒྱན་པ་མཉྫིའི་སྟེང་ལ་བཀོད། འབྱོར་ན་ཁྲག་སྐྱེམས་སོགས་དམ་རྫས་དང་འབྲེལ་བའི་ཁྱད་པར་གྱི་མཆོད་པའང་བཤམས་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས། གཉིས་པ་དྲག་བཟླས་ནི། རང་ཉིད་ཡི་དམ་གྱི་སྙེམས་པ་མཆོག་ཏུ་བརྟན་པོས་གོང་གནོན་གྱི་བཟླས་པ་ཅུང་ཟད་བྱས་ནས། མདུན་བསྐྱེད་སྔར་ཡོད་ཀྱང་བསྐྱར་དུ་གསལ་བཏབ་ལ།] རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེའི་ཕུང་པོ་ལྟ་བུ་འཕྲོས་མགོན་པོའི་ཐུགས་རྒྱུད་བསྐུལ་བས་དེ་ཉིད་ཁྲོས་འཁྲུགས་རྔམས་པར་བཞེངས་ནས་འཁོར་རྣམས་བསྐུལ། དེ་རྣམས་ཀྱིས་ཀྱང་སྤྲུལ་པའི་ཕོ་ཉ་མཚོན་ཆ་ཅན་དཔག་མེད་བུ་ཡུག་འཚུབས་པ་ལྟར་སྤྲོས་པས་དགྲ་བགེགས་ཐམས་ཅད་བསད་བཅད་ཚར་གཅོད་པའི་ལས་མཛད་པར་[བསམས་ལ། མགོན་པོའི་སྲོག་སྔགས་ཀྱི་མཐར།] ཏྲི་ཡཾ་རུ་དྲ་ཧཱུྃ་བྷྱོཿ མུན་ཤཾ་བྷྱོཿ མུན་ནག་ཤི་བྷྱོ༔ རུ་དྲ་ནག་པོ་དགྲ་བོའི་སྙིང་ལ་སུ་ཏྲི་རྦད༔ སུ་ནྲྀ་མཱ་ར་ཡ་རྦད༔ [ཅེས་གཙོ་བོའི་དྲག་སྔགས་དང་།] ཨོྃ་མ་ཧཱ་ཀཱ་ལ་ཏྲི་ཡཾ་རུ་དྲ་ནག་པོ་ཛཿ ཏྲི་ལིང་གིང་ཀ་ར༔ རཱ་ཛ་སུ་ཏྲི་ཛཿཛཿ[ཞེས་ལས་མགོན་གྱི་སྔགས་ཏེ་དམིགས་པ་ཤུགས་དྲག་བོས་ཅི་ནུས་སུ་བཟླ་ཞིང་། ལས་གལ་ཆེན། འདིའི་རྦད་བསད་ཀྱི་སྔགས་རྣམས་དང་འཁོར་

p. 395

གཞན་རྣམས་ཀྱི་དྲག་སྔགས་ཀྱང་ཅི་ནུས་བཟླས་ནས། གསུམ་པ་དམིགས་བྱ་དགུག་བསྟིམ་ནི། ཐུན་གཏོར་ལ་རཀྟ་བྲན་ཏེ།] སླར་ཡང་རང་གི་ཐུགས་ཀ་ནས་ཚ་ཞིང་རྩུབ་པའི་འོད་ཟེར་འཕྲོས་པས་མགོན་པོ་འཁོར་བཅས་ཀྱི་རྒྱུད་བསྐུལ་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དམིགས་བྱ་རང་དབང་མེད་པར་བཀུག་ནས་གཏོར་མ་ལ་བསྟིམ་པར་[བསམ་ཞིང་།] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡང་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་

p. 396

པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །[སྙིང་པོ་རྣམས་ཀྱི་མཐར།] ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛ༔ ཛཿཧཱུྃ་བྃ་ཧོཿ[ཞེས་ལན་གསུམ་ལ་སོགས་པས་དགུག་བསྟིམ་བྱས་ལ། སླར་ཡང་བདུད་རྩིས་བྲན་ཏེ།] རྃ་ཡྃ་ཁྃ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ་དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ནམ་མཁའ་དང་མཉམ་པར་གང་བ་ངོ་བོ་ཟག་པ་མེད་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་[པར་བསམ་ལ།] ཨོཾ་ཨཱཿཧཱུྃ་ཧོཿ[ཞེས་པས་བྱིན་གྱིས་བརླབས་ནས་མགོན་པོ་འཁོར་བཅས་ཀྱིས་རོལ་པར་བསམ་ལ། མགོན་པོའི་སྔགས་མཐར།] ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ[ཞེས་བཏགས་པ་བརྒྱའམ་ཉེར་གཅིག་སོགས་ཀྱིས་ཕུལ། དེ་བཞིན་དུ་འཁོར་སྔགས་ལ་གཏོར་སྔགས་བཏགས་པ་ཉེར་གཅིག་དང་བདུན་ལ་སོགས་པ་ཅི་རིགས་པར་ཕུལ་བའི་མཐར་འདོད་དོན་ཕྲིན་ལས་སུ་གསོལ་ལོ། །

p. 397

བཞི་བ་ཐུགས་དམ་བསྐུལ་བ་ནི། སྨན་རཀ་ཕུད་ཀྱིས་མཆོད་ཅིང་གསུར་ཆེན་གྱི་དུད་པ་དང་དར་ནག་གི་གཡབ་མོར་བཅས་བས་འདི་ལྟར་བསྐུལ་ལོ། །] ཧཱུྃ་བྷྱོ། སེམས་ཉིད་ཀློང་གསལ་འབར་བའི་དུར་ཁྲོད་ནས། །ཐོད་མཁར་སུམ་བརྩེགས་འབར་བའི་གཞལ་ཡས་ནས། །བདུད་པོ་བདུད་མོས་གཏམས་པའི་དུར་ཁྲོད་ནས། །བཤན་པ་ཕོ་མོ་ཚོགས་པའི་གྲོང་ཁྱེར་ནས། །མེ་རླུང་འཚུབས་མར་འཁྱིལ་བའི་དུར་ཁྲོད་ནས། །རྟོག་མེད་ངང་ལས་ལྷ་ཆེན་སྐུར་སྟོན་པ། །ལྷ་ཆེན་མགོན་པོ་དཔལ་འབར་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས། བྷ་ག་ནག་པོ་གཤེགས་སུ༴ །ཚོགས་བདག་ཆེན་པོ༴ །ཛམ་ལ་ནག་པོ༴ །ནག་པོ་ཐོད་ཕྲེང་༴ །ཆོས་སྐྱོང་ཆེན་པོ༴ །དགྲ་བོའི་གཤེད་མ༴ །བགེགས་ཀྱི་གཉེན་པོ༴ །བདག་གི་གྲོགས་པོ༴ །དམ་ཅན་ཆེན་པོ༴ །ཆོས་སྐྱོང་འཁོར་བཅས་བསྐྱོད་པའི་ཚེ། །ནག་པོ་གཟི་མདངས་ཡ་ལ་ལ། །སྲིན་མོ་མ་ཚོགས་ཐིབས་སེ་ཐིབ། །ལིང་པ་མདའ་འཕེན་བྲེངས་སེ་བྲེང་། །བྱ་རོག་ཤ་ཐོགས་ལིངས་སེ་ལིང་། །གཡབ་དར་ནག་པོ་ལྷབས་སེ་ལྷབ། །ཉི་མ་ཟླ་བ་ཏ་ལ་ལ། །མེ་སྟག་འཚུབས་མ་འཁྱིལ་ལི་ལི། །དོམ་ནག་ཁྱི་

p. 398

ནག་ང་ར་ར། །ལྕགས་སྤྱང་ཅེ་སྤྱང་འདུ་རུ་རུ། །དུག་སྤྲུལ་ནག་པོ་ཁྱུགས་སེ་ཁྱུག །རྟ་ནག་མང་པོ་ཙེ་རེ་རེ། །དུག་མཚོ་ཁོལ་མ་ཁྱི་ལི་ལི། །འུག་པ་རྐན་སྒྲ་ཆེམས་སེ་ཆེམ། ཐུན་གྱི་སེར་བ་ཤར་ར། །འགོང་པོ་ངུ་སྐད་ལྷངས་སེ་ལྷང་། །འདྲེ་ངན་སྐད་ངན་ཙེ་རེ་རེ། །རྒྱལ་བསེ་ན་སྨྱོས་སྒྲ་དི་རི་རི། །ཆོས་སྐྱོང་འཁོར་བཅས་ཐིབས་སེ་ཐིབ། །ཚུར་གཤེགས་ཚུར་བྱོན་དམ་ལ་འདུ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བྷྱོ། དོ་ནུབ་ནམ་གྱི་གུང་ཐུན་ལ། །བླ་རྐུན་ཇག་པ་ལས་ལ་ཆོ། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །[ཅེས་དང་།] ཧཱུྃ། ཀུན་བཟང་རྡོ་རྗེ་འཆང་ཆེན་དང་། །དཔལ་ཆེན་ཁྲག་འཐུང་གསང་བའི་བདག །སློབ་དཔོན་ཤཱནྟིང་གརྦྷ་དང་། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དམ་ལ་བཏགས་ནས་བསྟན་བསྲུང་ཞིང་། །རིག་འཛིན་སྐྱོང་བར་ཁས་བླངས་པའི། །དམ་བཅའ་གཉན་པོ་བཅས་པ་རྣམས། །ད་ལྟ་རྣལ་འབྱོར་བདག་བསྐུལ་ལོ། །མཆོད་

p. 399

སྦྱིན་གཏོར་མ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ལོག་ལྟ་གནོད་བྱེད་དགྲ་བགེགས་སྒྲོལ། །མཐུ་དང་རྫུ་འཕྲུལ་ད་ཕྱུངས་ལ། །བསྟན་པ་འཇིག་པའི་དགྲ་བོ་འདི། །ལོ་དང་ཟླ་བ་མ་བཞག་པར། །ཞག་དང་ཟ་མ་ཁོ་ན་ལ། །ཐུགས་དམ་མ་གཡེལ་སོད་ལ་ཤོག །བདག་གིས་བཅོལ་བའི་ཕྲིན་ལས་མཛོད། །[ཅེས་བསྐུལ་ཞིང་རྦད་བསད་ཀྱི་སྔགས་རྣམས་དྲག་ཏུ་བཟླ། རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་པས་དམོད་མོ་བྱ་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕངས་པས་སྲུང་མ་འཁོར་བཅས་དཔའ་པའི་ངར་སྒྲ་དང་བཅས་ཏེ་བསྐྱོད་པས་དགྲ་བོའི་གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་རྡུལ་ཕྲན་བཞིན་དུ་བརླག་པར་བསམ། ཐུན་མོང་མ་ཡིན་པའི་དྲག་ལས་བསྒྲུབ་པར་འདོད་པས་ནི། འབོད་རྦད་བསད་གསུམ་གྱིས་གཞི་བཟུང་ནས་མཐར་སྡུད་གསུམ་གྱིས་ལས་ལ་སྦྱོར་ཚུལ་རྣམས་གཏེར་གཞུང་གི་མན་ངག་བླ་མའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་ལག་ཏུ་བླང་བར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་ལྔ་ལས། དང་པོ་གཏོར་མ་བསྟབ་པ་ནི། ཆོ་ག་ཉིན་ཞག་སྦྲེལ་མར་བྱེད་པའི་སྐབས་འབུལ་གཏོར་ཟུར་དུ་བཅས་པ་དང་། ཉིན་ཐ་མའི་ཚེ་ན་བླ་མ་ཡི་དམ་གྱི་གཏོར་མ་མ་གཏོགས་གཏོར་མ་གཞན་རྣམས་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོ་གསེར་སྐྱེམས་ཀྱིས་མཚོན་པར་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་ནས་

p. 400

སྟེགས་ལ་བཀོད་རཀྟས་བྲན་ལ་དམིགས་བྱ་དགུག་གཞུག་བྱ།] ཨོཾ་ཨཱཿཧཱུྃ་ཧོཿ[སླར་ཡང་བྱིན་གྱིས་བརླབ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་མམ་བདུན་གྱིས་ཕུལ་ལ།] ཧཱུྃ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་པ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཕྱི་ནང་གསང་མཆོད་སྨན་རཀ་བ་ལིཾ་ཏ། །དགྲ་བགེགས་ཤ་ཁྲག་ལ་སོགས་མཁོ་དགུའི་རྫས། །སོ་སོའི་ཐུགས་ལ་ཅི་བཞེད་དེར་འཆར་བའི། །རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཆེན་པོ་འདི། །སྔར་མཛད་ལེགས་པའི་ལས་ཀྱི་གཏང་རག་དང་། །སླད་ནས་གཡེལ་བ་མེད་པའི་ཕྲིན་ལས་བཞིའི། །འདོད་པའི་དངོས་གྲུབ་སྩོལ་སླད་འབུལ་ལགས་ན། །དགྱེས་པ་ཆེན་པོས་བཞེས་ཤིང་རོལ་ནས་ཀྱང་། །བསྟན་དང་འགྲོ་བའི་ཕན་བདེ་ཀུན་སྤེལ་ཞིང་། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །ནད་མེད་པ་དང་མི་འགྱུར་ཚེ་སྲོག་དཔལ། །གྲགས་དང་འབྱོར་པ་རྒྱ་མཚོས་མཐོ་བ་དང་། །མ་རུངས་བདུད་དགྲའི་རྒོལ་བ་ཀུན་ཞི་ཞིང་། །རྣམ་མང་ཕྲིན་ལས་རྒྱ་མཚོ་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་

p. 401

མཚོན་ཕྱོར། །བྱང་ཆུབ་བར་དུ་བསྲུང་ཞིང་སྐྱོང་བར་མཛོད། །[ཅེས་གཏོར་མ་ཕུལ། རྒྱབ་ཆོག་ལས་གཞུང་གཞན་དང་འབྲེལ་ན་བརྟན་སྐྱོང་ཡོད་པ་ཤས་ཆེ་བས་དེས་ཁྱབ་ལ་གཞན་དུ་བརྟན་སྐྱོང་རྒྱས་བསྡུས་གང་རུང་རེ་བྱ་ན་ཤིན་ཏུ་ལེགས་པར་འགྱུར་རོ། །གཉིས་པ་གཏང་རག་གི་མཆོད་པ་ནི། སླར་ཡང་ཅུང་ཟད་མཆོད་ནས།] ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་བསྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །[ཞེས་བསྟོད། གསུམ་པ་ནོངས་པ་བཤགས་པ་ནི།] མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །[ཞེས་དང་ཡི་གེ་བརྒྱབ་ལན་གསུམ་ལ་སོགས་པར་བཟླ། བཞི་པ་རྗེས་བསྡུ་ནི། ཡེ་ཤེས་པ་རྟེན་ཡོད་རྣམས།] འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྠ་བཛྲ་ཡེ་སྭཱཧཱ། [ཞེས་བརྟན་བཞུགས་བྱ། རྟེན་མེད་པ་རྣམས།] ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་

p. 402

གསོལ། །བཛྲ་མུཿ[ས་ཡེ་ཤེས་པ་གཤེགས་དམ་ཚིག་བ་རང་ལ་བསྟིམ་ནས།] སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ། [ཞེས་པས་བདག་བསྲུང་། འཇིག་རྟེན་པའི་འཁོར་རྣམས།] གཙྪ་གཙྪ་སྭ་བྷཱ་ཝ་ནྰཾ། [ཞེས་རང་གནས་སུ་གཏང་། དགེ་བ་རྫོགས་བྱང་དུ་བསྔོ་བ་རྣམས་བྱའོ། །ལྔ་པ་ཤིས་བརྗོད་ནི།] རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །གསང་གསུམ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །འགྲོ་ལ་ཕན་བདེའི་མཆོག་སྩོལ་དཔག་བསམ་ཤིང་། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུའི་མཁའ་ལ་གྲངས་མེད་གཟུགས་སྐུའི་སྤྲིན། །ཞི་ཁྲོ་ཉམས་བརྒྱའི་རོལ་པར་འཆར་བ་ལས། །དངོས་གྲུབ་འདོད་རྒུ་ཆར་དུ་བསྙིལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །གཏུམ་ཆེན་བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ནག་པོའི་རྩ་ལག་སྡེར་བཅས་མཐར་མཛད་པའི། །དཔལ་འབར་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མི་བཟད་དྲག་ཤུལ་ཅན། །བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །

p. 403

[ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དུ་མས་བདེ་ལེགས་སུ་ཁྱབ་པར་བྱའོ། །ཕྱི་རོལ་ཞིང་ཀུན་ཁྱབ་པར་རྒྱུད་གསུམ་གྱི། དྲེགས་པ་ཡོངས་ཀྱི་རྗེར་གྱུར་ནག་པོ་ཆེ། །ནང་དུ་རྡོ་རྗེ་ལུས་ཀྱི་ཕོ་བྲང་དུ། །རྩ་རླུང་ཐིག་ལེ་ཡོངས་ཤར་ཡེ་ཤེས་མགོན། །གསང་བ་རང་སེམས་གསལ་སྟོང་ཟུང་འཇུག་ཏུ། །ཡང་དག་གདོད་མའི་བསྟན་སྲུང་ཧེ་རུ་ཀ ། འཁོར་བཅས་བསྙེན་ཅིང་མཆོད་པའི་ཕྲིན་ལས་གཞུང་། །ལེགས་པར་བསྡེབས་ལ་དབྱིངས་ནས་ཅིས་མི་དགྱེས། །དེ་ཕྱིར་རྒྱལ་བསྟན་གཡེལ་བ་མེད་སྐྱོང་ཞིང་། །རང་གཞན་འདོད་པའི་ཕྲིན་ལས་ཐོགས་མེད་དུ། །ཡོངས་གྲུབ་བདུད་ལས་རྣམ་རྒྱལ་ཧེ་རུ་ཀའི། །གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་འཁོར་བཅས་ཀྱི་ལས་བྱང་ལས་བཞི་མྱུར་འགྲུབ་ཅེས་བྱ་བ་འདི་ནི་སྔན་ལུང་གསང་སྔགས་ཆོས་གླིང་ནས་རྒྱལ་སྲས་སྤྲུལ་པའི་སྐུ་བསྟན་འཛིན་ལེགས་པ་དོན་གྲུབ་ཀྱི་བཀའ་ལུང་བཞིན་གང་གི་ཞབས་རིམ་པ་ཨོ་རྒྱན་བསྟན་འཛིན་ཕུན་ཚོགས་པས་གསེར་གྱི་མེ་ཏོག་དང་བཅས་པས་བསྐུལ་བ་ལས་གཏེར་གཞུང་རྩ་བའི་སྙིང་བོ་རྣམས་སྲོག་ཏུ་བཟུང་། ཡིག་རྙིང་བརྗོད་བདེ་བ་རྣམས་ཁྲིགས་སུ་བསྡེབས། ཁ་སྐོང་འགའ་ཞིག་གསར་དུའང་སྤེལ་ཏེ། སྙོམས་ལས་པ་འགྱུར་མེད་རྡོ་རྗེས་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོའི་འདབས་གསང་སྔགས་ཕོ་བྲང་དུ་ཡི་གེར་སྤེལ་བའོ།། །།

པད་གླིང་ཕུར་པ་ཡང་གསང་སྲོག་གི་སྤུ་གྲི།

དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་རྒྱན།

p. 404
p. 405

༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་རྒྱན་ཅེས་བྱ་བ་བཞུགས་སོ། །

p. 406

དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་རྒྱན་ཅེས་བྱ་བ། བླ་མ་ཁྲག་འཐུང་བདུད་འདུལ་འབར་བ་ཆེན་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་ཉིད་དུ་མའི་གར་ནི་ཅི་ཡང་བསྒྱུར། །བརླང་པོར་སྤྱོད་པའི་མི་སྲུན་ཅན་ངོར་སྙིང་རྗེ་ཁྲོས་པའི་རྣམ་འགྱུར་བཟོད་དཀའི་བརྟུལ་ཞུགས་ངོམས། །བདུད་ཀྱི་བདུད་དེ་སྐལ་བ་ཅན་ལ་བདེ་བ་དམ་པའི་བདུད་རྩི་རབ་སྟེར་བུམ་པ་བཟང་། །ལྷ་ཡི་ལྷ་མཆོག་ཧེ་རུ་ཀ་དཔལ་དཔའ་བོ་ཆེན་པོས་

p. 407

གྲུབ་གཉིས་གནས་ལ་དབུགས་འབྱིན་མཛོད། །དེ་ཡི་ཕྲིན་ལས་སྤུ་གྲིའི་གཞུང་། །རིག་འཛིན་རྣམ་པར་རོལ་པའི་གནས། །པདྨའི་དགོངས་རྒྱན་མ་འཁྲུལ་བར། །བདུད་ལས་རྒྱལ་བའི་དཔྱིད་དུ་སྤྲོ། །[འདིར་རྡོ་རྗེ་ཕུར་པ་རིག་པ་མཆོག་གི་རྒྱུད་བིདྱ་ཏྟོ་མ་ལ་འབུམ་སྡེའི་ཡང་སྙིང་བཀོལ་བ་དུམ་བུར་ཕྱུངས་པ་ཕྲིན་ལས་ལ་དགོངས་པ་རྡོ་རྗེ་གཞོན་ནུ་རྩ་བའི་རྒྱུད་དྲག་སྔགས་སྤུ་གྲིར་འབྲེལ་པ་རྣོ་ལ་ཚན་ཆེ་བ་ཡང་སྙིང་གསང་སྒྲུབ་ཀྱི་ལས་གཞུང་སྲོང་བར་བྱེད་པའི་རིམ་པ་ལ་སྤྱི་དོན་རྣམ་པ་གསུམ་སྟེ། རྩ་བའི་སྡོམ་བྱང་ལས། བིདྱཏྟོ་མ་འབུམ་སྡེའི་བཅུད༔ རྩ་བ་ཡང་སྙིང་དྲག་སྔགས་འབྲེལ༔ ཡང་གསང་ཕུར་བུའི་གཞུང་

p. 408

བསྲང་སྡོམ༔ སྔོན་འགྲོ་དངོས་གཞི་རྗེས་རིམ་གསུམ༔ ཞེས་པས། སྦྱོར་བ། དངོས་གཞི། རྗེས་སོ། །སྔ་མ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ནི། ཡིད་དང་མཐུན་པའི་གནས་ཁང་བྱི་དོར་བྱས་ལ་སྤྱན་གཟིགས་སྣ་ཚོགས་པས་མཛེས་པར་བརྒྱན། དམ་ཚིག་གི་བྲིས་སྐུ་སོགས་མཚན་མའི་རྟེན་བཀྲམ་པའི་སྤྱན་སྔར་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་རྣམས་གཙང་ཞིང་མཛེས་པར་བཤམ། ཚོགས་དང་གཏོར་མ་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཀྱང་མ་ཚང་བ་མེད་པར་འདུ་བྱས་ནས། ཐོག་མར་ཉམས་ལེན་ཀུན་གྱི་སྔོན་དུ་འགྲོ་བ་སྐྱབས་སེམས་ཚོགས་གསོག་གི་རིམ་པ་ནི།] ཕྱོགས་བཅུ་དུས་གསུམ་གྱི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བཛྲ་ས་མཱ་ཛཿ[ས་མདུན་གྱི་ནམ་མཁར་སད་པར་བལྟས་ལ།] ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ [ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།] ཀྱེ་མ༔ བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ༔ ཚད་མེད་བཞི་རུ་སེམས་བསྐྱེད་ནས༔ འཁོར་བ་

p. 409

དོང་ནས་སྤྲུགས་པར་བགྱི༔ [ཞེས་ལན་གསུམ་གྱིས་སེམས་བསྐྱེད།] རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བསྒྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །[ཞེས་ཚོགས་བསགས་པའི་མཐར།] ཛཿཧཱུྃ་བྃ་ཧོཿས། སྐྱབས་ཡུལ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་[བསམ་མོ། །གཉིས་པ་ཁྱད་པར་གྱི་སྦྱོར་བ་ལ་བདུན་ཏེ། དང་པོ་མཚམས་བཤགས་བརྡ་སྒོ་དབྱེ༔ ཕྱག་འཚལ

p. 410

དམ་བཅའ་བྱིན་དབབ་བརླབ༔ ཅེས་པས། དང་པོ་མཚམས་བཅད་པ་ནི།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ [ཅེས་པའི་སྔགས་ཀྱི་སྒྲ་གདངས་ཀྱིས་སད་པས།] བདག་ཉིད་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་རང་སྣང་གི་ཡུམ་དང་བཅས་པ་དུར་ཁྲོད་དྲག་པོའི་རྒྱན་ཐམས་ཅད་རྫོགས་ཤིང་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར་པར་[མོས་པའི་ང་རྒྱལ་བསྐྱེད་དེ། བགེགས་ཀྱི་གཏོར་མ།] ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷི་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾཿགིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་[བལྟས་ལ།] ཨོཾ་ཨཱཿཧཱུྃ། [ཞེས་བརླབས།] སརྦ་བྷུ་ཏ་ཨཱ་ཀརྵ་ཡ་ཛཿ[ས་མགྲོན་བཀུག །] སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣེ་དཾ་བ་ལདྟིེ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་བསྔོས་ལ།] ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔

p. 411

ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་སརྦ་བིགྷྣཱན་ཨུཙྪི་ཥྚ་ཡ་ཕཊ༔ ཨོཾ་སུམྦྷ་ནི་ སུམྦྷ་ནི་ཧཱུྃ་༔ གྲྀཧྞ་གྲྀ་ཧྞ་ཧཱུྃ༔ གྲྀཥྚ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོཿབྷ་ག་ཝཱན༔ བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ༔ [ཅེས་དྲག་པོའི་ཚམ་རྔམས་དང་བཅས་པས་བསྐྲད་དེ།] ཧཱུྃ༔ སྟེང་ཡང་ཕུར་བུའི་བླ་བྲེལ༔ ཕུར་བུའི་ཐོག་ཆེན་ཆར་ལྟར་འབེབས༔ འོག་ཀྱང་ཕུར་བུའི་ས་གཞི་ལ༔ ཕུར་བུའི་འདུ་འཕྲོ་མེ་ལྟར་འབར༔ ཕྱོགས་མཚམས་ཕུར་བུས་གཏམས་པ་ལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཕུར་བུའི་མཚམས་ལས་མ་འདའ་ཞིག༔ [ཅེས་དང་། སྤྲོ་ན།] ཧཱུྃ༔ རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཇིགས་པའི་ཁྲོ་རྒྱལ་བཅུ་རྣམས་དབྱུང་ནས་ནི༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་རིམ་པ་བཞིན༔ དྲེགས་པ་བསྒྲལ་ནས་རྡོ་རྗེའི་གདན་ལ་བཞུགས༔ མ་དག་བགེགས་རྣམས་ཀུན་དང་མཚམས་བཅད་ཕྱིར༔ ཁྲོ་བཅུས་བསྲུང་དང་མཚམས་ཀྱི་ལས་མཛོད་ཅིག༔ ཨོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ གརྫ༔ ཧ་ན༔ ད་ཧ༔ པ་ཙ༔

p. 412

བྷནྡྷ༔ ཧུ་ལུ༔ ཏིཥྛ༔ ཚིནྡྷ༔ བྷིནྡྷ༔ སྥོ་ཊ་ཡ༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ [ཅེས་མཚམས་བཅད། གཉིས་པ་བཤགས་པ་བྱ་བ་ནི།] བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སད་པའི་[སྤྱན་སྔར་གནོང་འགྱོད་དང་བཅས་པས།] ཧཱུྃ༔ བཅོམ་ལྡན་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཆོས་སྐུ་རྣམ་དག་ལོངས་སྐུའི་དབྱིངས་ནས་ཤར༔ སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་ཕུར་བུའི་ལྷ༔ རྡོ་རྗེ་གཞོན་ནུ་སྲས་འཁོར་མ་ལུས་དགོངས༔ ཐོག་མེད་དུས་ནས་འཁོར་འདས་བདག་གཞན་ཚུལ༔ ཆོས་རྣམས་མཉམ་ཡངས་སྤྲོས་བྲལ་ངང་ཉིད་ལས༔ ལས་ཀྱི་དབང་གིས་ཐ་དད་སོ་སོར་བཟུང་༔ དོན་དམ་དབྱེར་མེད་ངང་དུ་མཐོལ་ལོ་བཤགས༔ མ་རིག་བག་ཉལ་རྣམ་རྟོག་རྐྱེན་དབང་གིས༔ རྒྱལ་བའི་དགོངས་སྤྱོད་ཟབ་མོའི་གཏིང་མ་རྟོགས༔ ཐབས་དང་ཤེས་རབ་ཡ་བྲལ་བླང་དོར་སྤྱོད༔ བདེ་གཤེགས་བཀའ་དང་འགལ་སྤྱད་མཐོལ་ལོ་བཤགས༔ ཐུན་མོང་ཁྱད་པར་རྩ་ལག་དམ་ཚིག་རྣམས༔ ཇི་ལྟར་བཤད་པའི་གཞུང་བཞིན་མ་བསྲངས་པ༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་

p. 413

ལ༔ གནོང་འགྱོད་དྲག་པོས་མཐོལ་བཤགས་ཚངས་པར་གསོལ༔ [ཞེས་དང་། སྤྲོ་ན་བརྗོད་མེད་དོན་བཤགས་ཀྱང་བྱའོ། །གསུམ་པ་བརྡའ་སྒོ་དབྱེ་བ་ནི།] ཧཱུྃ༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་དུ༔ བདག་ཅག་དད་པས་འཇུག་འཚལ་གྱིས༔ ཚད་མེད་བཞི་ལྡན་སྒོ་མ་བཞིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ཤིག༔ ཨོྃ་བཛྲ་པྲ་བེ་ཤ་ཡ་ཕཊ༔ [བཞི་པ་བརྡ་ཕྱག་འཚལ་བ་ནི།] ཧོཿཡང་དག་གསང་བའི་དཀྱིལ་འཁོར་དུ༔ ལྷ་དང་སློབ་དཔོན་རྡོ་རྗེ་མཆེད༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿ[ལྔ་པ་དམ་བཅའ་བ་ནི།] ཧོཿལྷག་པའི་ལྷ་ཁྱེད་བདག་ལ་དགོངས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ རྟག་ཏུ་འགྲོ་དོན་མི་སྐྱོ་ཞིང་༔ བྱང་ཆུབ་སེམས་བསྐྱེད་དམ་བཅའ་འོ༔ ཨོཾ་བོ་དྷི་ཙིཏྟ་ས་མ་ཡ་སྟྭཾཿ[དྲུག་པ་བྱིན་དབབ་པ་ནི། སྤོས་དང་རོལ་མོར་བཅས་པས་གདུང་བའི་དབྱངས་ཀྱིས།] ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ གཉིས་མེད་དག་པའི་མཁའ་དབྱིངས་ནས༔ ཡེ་ཤེས་

p. 414

ཁྲོ་བོ་གཤེགས་སུ་གསོལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཅིག༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དེ་བ་ག་ཎ་ཨ་དྷི་ཥྛ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ། བདག་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་བག་ཆགས་དང་བཅས་པ་བསྲེགས་གཏོར་བཀྲུས་ཏེ་དག་པར་བྱས། སྟོང་པའི་ངང་ལས་གནས་ཁང་འོག་མིན་དུར་ཁྲོད་མེ་རི་འབར་བའི་གཞལ་མེད་ཁང་ཆེན་པོར་ཨ་ལས་རིན་པོ་ཆེ་དང་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་ཕྱི་ནང་གི་ཉེ་བར་སྤྱོད་པའི་དམ་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཁྲག་འཐུང་ཁྲོ་བོའི་ཞིང་ཀུན་ཏུ་ཁྱབ་པར་འཆར་བས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་[པར་བསམ་ལ།] ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ [དེ་བཞིན་དུ་སྦྱར་ཏེ། པཱདྱཾ་ནས། ཤཔྡའི་བར་གྱིས་སྤྱིར་བྱིན་བརླབས། བྱེ་བྲག་ཏུ།] རང་གི་ཐུགས་ཀ་ནས་ཨོཾ་

p. 415

དཀར་པོ་འཕྲོས། བདུད་རྩིའི་སྟེང་གི་ནམ་མཁའ་ལ་ཡེ་ཤེས་ཀྱི་འོད་ཟེར་འབར་བས་རྫས་རང་ག་མའི་རྟོག་པ་སྦྱངས། ཨཱཿདམར་པོ་འཕྲོས་ཡེ་ཤེས་ཀྱི་མེ་འབར་བས་བག་ཆགས་ངན་པའི་གཉིས་རྟོག་བསྲེགས། ཧཱུྃ་མཐིང་ག་འཕྲོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བས་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པའི་སྨན་ཕུད་རིགས་ལྔ་ཡེ་ཤེས་ལྔའི་བྱང་སེམས་དཀར་གསལ་དངུལ་དཀར་ལུགས་སུ་བླུགས་པ་ལྟར་དཀར་མེར་གྱིས་འཁྱིལ་བར་[བསམ་ལ།] ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཥྰ༔ [ཞེས་བརྒྱའམ་ཉེར་གཅིག་བརྗོད། ཡང་།] རང་གི་ཐུགས་ཀ་ནས་ར་ཡིག་དམར་པོ་འཕྲོས་རཀྟའི་སྟེང་གི་ནམ་མཁའ་ལ་ཡེ་ཤེས་ཀྱི་འོད་ཟེར་འབར་བས་འཁོར་བ་རྒྱུན་གཅོད་ཀྱི་རཀྟའི་རྒྱ་མཚོ་ཁ་ཞག་དང་བཅས་པ་ཤ་ཆེན་གྱི་ལྷུ་དུམ་གྱིས་བརྒྱན་པ་རྒྱ་མཚོ་ཙམ་དུ་འཁྱིལ་བར་[བསམ་ལ།] ཨོཾ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུྃ་ཕཊ༔ [ཅེས་བདུན་ནམ་ཉེར་གཅིག །ཡང་།] རང་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་གཏོར་མའི་སྟེང་གི་ནམ་མཁའ་ལ་ཡེ་ཤེས་ཀྱི་འོད་ཟེར་འབར་བས་གཏོར་གཞོང་རིན་པོ་ཆེའི་གཞལ་ཡས་ཁང་ས་གཞི་དང་མཉམ་པའི་ནང་དུ་གཏོར་མ་འདོད་ཡོན་ལྔའི་ཕུང་པོ་ནམ་

p. 416

མཁའ་དང་མཉམ་པར་[བསམ་ལ།] ཨོཾ་ཁ་ཏ་ལི་བྷྲཱུྃ་མ་ཧཱ་བ་ལིཾ་ཏ་ཨཱ༔ [ཞེས་བདུན་ནམ་ཉེར་གཅིག་བཟླས་ལ།] ཧཱུྃ༔ རྟོག་བྲལ་ཡེ་ཤེས་བདུད་རྩི་འབར༔ ཆགས་མེད་རཀྟའི་རྒྱ་མཚོ་འཁྱིལ༔ འདོད་ཡོན་ལྔ་ཡི་གཏོར་ཆེན་སྤུངས༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱ་ཧཱུྃ༔ [ཞེས་བྱིན་བརླབ་བོ། །སྤྱི་དོན་གཉིས་པ་ལ། དངོས་གཞི་ཏིང་འཛིན་རང་བཞིན་ལས༔ ཞེས་རྣམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་གཉིས་ལས། དང་པོ་ལ་དོན་བརྒྱད་དེ། ཐོག་མར་ཏིང་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་གདན་བཅས་རྟེན་གནས་སུ༔ རྩ་བ་ཁྲོ་བཅུ་ཕུར་བུ་རྣམས༔ སྒོ་སྐྱོང་སྲུང་མའི་ཚོགས་བསྐྱེད་བྱ༔ ཞེས་པས། དང་པོ་ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ་ནི།] ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ ཆོས་དབྱིངས་སྤྲོས་བྲལ་སྟོང་པ་ཆེ། །བློ་འདས་མི་འགྱུར་དེ་བཞིན་ཉིད། །མཚོན་ཆ་སྔོན་པོར་འབར་བ་ཡིས༔ མ་རྟོགས་འཁྲུལ་པའི་འགྲོ་བ་ལ། །མཁའ་ཁྱབ་སྙིང་རྗེ་ཀུན་ཏུ་སྣང་། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ རང་བྱུང་རིག་པའི་ཡེ་ཤེས་ནི། །རྒྱུ་ཡི་ཧཱུྃ་མཐིང་གསལ་བརྟན་འབར། །དེ་ལས་རཾ་ཡཾ་ཁཾ་གསུམ་

p. 417

འཕྲོས། །སྣོད་བཅུད་ཐམས་ཅད་བསྲེགས་སྦྱངས་བཀྲུས། །འཇིག་རྟེན་ཁམས་ཀུན་སྟོང་པར་གྱུར། །[གཉིས་པ་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི།] སྟོང་ཉིད་དེ་ཡི་མཁའ་དབྱིངས་སུ། །ཧཱུྃ་ལས་མཐིང་སྐྱའི་ཨེ་ཆད་པས། །གོ་བྱེད་ནམ་མཁའ་གྲུ་གསུམ་པ། །ནམ་མཁའི་མཐའ་མཉམ་གསལ་བར་གྱུར། །ཨེ་མཎྜ་ལ༔ ཧཱུྃ་ལས་ཡཾ་ཆད་རླུང་ལྗང་གི །དཀྱིལ་འཁོར་རྒྱ་གྲམ་རྣམ་པར་གསལ། །ཡཾ་ཀརྨ་རཀྵ་ཧཾ༔ ཧཱུྃ་ལས་ར་ཡིག་དམར་པོ་ཆད། །རཀྟའི་རྒྱ་མཚོ་ཟླུམ་ཞིང་འཁྱིལ། །རཀྟ་ཛྭ་ལ་མཎྜ་ལ༔ ཧཱུྃ་ལས་སུཾ་སེར་ཆད་པ་ལས། །ཤ་ཆེན་ས་གཞི་གྲུ་བཞིར་བརྡལ། །སུཾ་ཏིཀྞ་མཎྜ་ལ༔ ཧཱུྃ་ལས་ཀེཾ་ཆད་ཀེང་རུས་ཀྱི། །རི་རབ་བང་རིམ་བཞི་པར་གྱུར། །ཀེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ༔ ཧཱུྃ་ལས་རཾ་ཆད་ཡེ་ཤེས་ཀྱི། །མེ་དཔུང་འབར་བའི་ཀློང་ཆེན་གྱུར། །[གསུམ་པ་གཞལ་ཡས་ཁང་བསྐྱེད་པ་ནི།] ཧཱུྃ་ལས་ལྔ་ལྡན་བྷྲཱུཾ་ཡིག་ཆད། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་རཏྣ་བནྡྷ་ཨེ་ཛྙཱ་ན་མཎྜ་ལ་བྷྲཱུཾ༔ བྷྲཱུཾ་ལས་རཏྣའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་སྒོ་ཁྱུད་ཅན། །ཕ་གུ་སེར་

p. 418

པོ་ཐོད་པས་དཀྲིགས། །ཐོད་ཚལ་རྒྱུ་རློན་དྲྭ་ཕྱེད་འཕྱང་། །པུ་ཤུ་མཆོད་རྟེན་རྣམ་པས་བསྐོར། །འདོད་སྣམ་ལྷ་མོས་མཆོད་སྤྲིན་སྤྲོ། །རྟ་བབས་རུས་ཕྲེང་ཆུ་སྲིན་བརྒྱན། །ཕོ་བྲང་ནང་མ་ཚར་གསུམ་གྱི། །ཐོད་པའི་རྩིག་པ་གནམ་ལྕགས་གཟེར། །ཁྲག་ཞག་ཤ་ཆེན་འཇིམ་ཞལ་བྱུག །ས་བདག་ལྷ་ཀླུ་གཟའ་སྐར་གྱི། །ཀ་གདན་ཀ་གདུང་དྲལ་ཕྱམ་ཅན། །ཞིང་ལྤགས་ཐོག་ཕུབ་ཙིཏྟའི་ཏོག །སྒོ་ཁྱུད་སྤངས་པའི་སྒོ་བཞི་པོ། །སྦྲུལ་ནག་མཁའ་ལྡིང་རུས་སྦལ་གྱི། །གཞི་དང་ཡ་ཐེམ་མ་ཐེམ་བྱས། །ཆུ་སྲིན་ཞིང་གི་སྒོ་གླེགས་སོགས། །དུར་ཁྲོད་དྲག་པོའི་ཆས་རྫོགས་ནང་། །མཐིང་ནག་རིན་ཆེན་ཟུར་བརྒྱད་དབུས། །གྲུ་གསུམ་ཟླ་གམ་ཐོད་བསྐོར་ཅན། །ཐོག་བརྩེགས་རིམ་གསུམ་ཕྱོགས་མདོག་གསལ། །ཕྱི་ནི་མཆོད་རྟེན་རྣམ་པ་ལ། །ནང་ནི་རང་བྱུང་གཞལ་ཡས་ཁང་། །ཁོར་ཡུག་འཇིགས་པའི་དུར་ཁྲོད་བརྒྱད། །རྡོ་རྗེའི་ར་བ་མེ་རིས་བསྐོར། །ཧཱུྃ༔ རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་༔ གྲུ་གསུམ་མཐིང་ནག་ཟླ་གམ་རིན་ཆེན་འབར༔ གྲུ་

p. 419

ཆད་བར་ཁྱམས་སྒོ་བཞི་མུ་ཁྱུད་རྫོགས༔ ངོ་མཚར་ཕོ་བྲང་ཡེ་ཤེས་མེ་འོང་གསལ༔ [བཞི་པ་གདན་བསྐྱེད་པ་ནི།] བཛྲ་ཏཾ༔ རྡོ་རྗེ་བྲག་ཆེན་གཏམས་པར་གྱུར། །རུ་དྲ་ཀྲོ་དྷི་ཏི་ར་བཾ༔ ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །ཕྱོགས་སྐྱོང་བཅུ་དང་ལྷ་ཆེན་བཀུག །དབུས་སུ་ལྷ་ཆེན་སྟེང་ཉི་ཟླ། །ཤར་དུ་དྲི་ཟ་ཤར་ལྷོར་མེ། །ལྷོ་རུ་གཤིན་རྗེ་ལྷོ་ནུབ་སྲིན། །ནུབ་ཏུ་ཆུ་བདག་ནུབ་བྱང་རླུང་། །བྱང་དུ་གནོད་སྦྱིན་བྱང་ཤར་དུ། །དབང་ལྡན་འོག་ཏུ་ས་བདག་རྣམས། །ཕོ་མོ་ཉག་ཆིངས་བསྣོལ་བར་གྱུར། །མ་སཱུརྱ་མཎྜ་ལ༔ ཨ་ཙཎྜ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ དྲེགས་སྟེང་མ་ལས་ཉི་མ་དང་། །ཨ་ལས་ཟླ་བ་བཅུ་གཅིག་གདན། །པཾ་ལས་པད་གདན་བཅུ་གཅིག་བསམ། །རྡོ་རྗེ་བྲག་ཆེན་གཏམས་པའི་ས་གཞི་ལ༔ དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་ཕོ་མོ་བསྣོལ༔ ཐབས་ཤེས་ཉི་མ་ཟླ་བ་འོད་འབར་དབུས༔ མ་ཆགས་པདྨ་འབར་བ་གདན་དུ་གསལ༔ [ལྔ་བ་བདག་རྩ་བའི་ལྷན་བསྐྱེད་པ་ནི།] ཧཱུཾ། རྒྱུ་ཡི་ཧཱུྃ་དེ་གདན་སྟེངས་སུ། །སྐར་ཆེན་ཐང་ལ་ལྷགས་

p. 420

བཞིན་བབས། །སྥ་ར་ཎ་ཕཊ༔ འོད་འཕྲོས་རྒྱལ་མཆོད་ཐུགས་དམ་བསྐུལ། །སེམས་ཅན་ལ་ཕོག་ཀུན་དོན་བྱས། །སཾ་ཧ་ར་ཎ་ཧཱུཾ༔ ཚུར་ཐིམ་རྡོ་རྗེ་རྩེ་དགུར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་ན་བཾ་ཧཱུཾ་ཕཊ༔ འཕྲོ་འདུའི་སྦྱོར་བ་ལས་བྱུང་བའི། །ཚོགས་གཉིས་ཡོངས་སུ་རྫོགས་པའི་སྐུ། །བདག་ཉིད་བཅོམ་ལྡན་དཔལ་ཆེན་པོ། །རྡོ་རྗེ་གཞོན་ནུ་མཐིང་ནག་འབར། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཞལ་གཡས་དཀར་བཞད་གཡོན་དམར་གཤེ། །དབུས་མཐིང་གཏུམ་རྔམས་མི་བཟད་འཇིགས། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །ཐོད་སྐམ་རིགས་ལྔའི་དབུ་རྒྱན་ཅན། །གཡས་གཉིས་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་ཁ་ཊྭཱྃ་བསྣམས། །ཐ་གཉིས་རི་རབ་ཕུར་པ་འདྲིལ། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །སྐྲ་དང་བ་སྤུའི་ཉག་མ་རྣམས། །རྡོ་རྗེ་ཕྲ་མོའི་རྣམ་པས་གཏམས། །སྤྱན་དགུ་སྡང་མིག་གློག་སྟོང་འགྱུ། །ཤངས་ནས་ཧཱུཾ་གི་ང་རོ་དང་། །ཞལ་ནས་ཕཊ་ཀྱི་སྒྲ་ཆེན་སྒྲོགས། །སྦྲུལ་རིགས་ལྔ་ཡིས་ཕྱག་ཞབས་བརྒྱན། །གླང་ཆེན་ཞིང་གི་ན་བཟའ་དང་། །སྟག་

p. 421

ཤམ་ཐོད་ཕྲེང་ག་ཤ་ཅན། །ཁྲག་ཞག་ཐལ་བའི་ཚོམ་བུས་བརྒྱན། །མཐིང་ནག་དར་གྱི་ཅོད་པན་འཕུར། །ས་བརྟན་རྡོ་རྗེའི་གོ་ཁྲབ་གསོལ། །ཙིཏྟ་རིན་ཆེན་ཟུར་བརྒྱད་ནང་། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རིན་ཆེན་རྒྱན་མཛེས་བརྐྱང་བསྐུམ་བཞུགས། །དེ་ཡི་ཐུགས་དབུས་འོད་གུར་སྦུབས། །ཉི་དཀྱིལ་སྲན་གཤགས་ཙམ་པའི་སྟེང་། །རྡོ་རྗེ་ནས་འབྲས་ཙམ་པ་ཡི། །ལྟེ་བར་ཧཱུཾ་ལ་ཀཱི་ལ་ཡ། །འབྲུ་དགུ་སྤུ་རིས་ཙམ་པ་ནི། །མགལ་མེ་ལྟ་བུ་གཡས་ཕྱོགས་འཁོར། །སྲོག་གི་གོ་རུ་ཤར་བ་དང་༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ ཙིཏྟའི་སྒོ་སྲུང་རྟ་མགྲིན་དམར། །པདྨ་བྷནྡྷ་ཡུམ་འཁྱུད་འཁྲིལ། །སྐུ་དང་གྲིབ་མའི་ཚུལ་དུ་ཡུམ། །འཁོར་ལོ་རྒྱས་འདེབས་མཐིང་ག་གཡས། །ཨུཏྤལ་ཡབ་འཁྱུད་བྷནྡྷ་གཡོན། །རིགས་ལྔས་དབུ་རྒྱན་གཟིག་ཤམ་གསོལ། །འཁྲིལ་སྦྱོར་བདེ་ཆེན་སྙོམས་པར་ཞུགས། །མི་བཟད་གར་དགུའི་ཉམས་དང་ལྡན། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །ཧཱུྃ༔ སངས་རྒྱས་

p. 422

ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག༔ [དྲུག་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི།] བདག་ཉིད་རྩ་བའི་སྦྱོར་མཚམས་ནས། །བྱང་སེམས་འོད་ཀྱི་གོང་བུ་ནི། །ཧཱུྃ་ཟུང་རེ་རེ་ཕྱོགས་བཅུ་རུ། །ཕྱོགས་སྐྱོང་ཉི་ཟླའི་གདན་ལ་འཁོར། །ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ༔ གརྫ་གརྫ་ཧཱུཾ་ཕཊ༔ ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར་སྔོ། །གཡས་དཀར་གཡོན་དམར་དབུས་སྔོ་སྐྱ། །བར་ཕྱག་མདའ་གཞུ་འགེང་ཞིང་འཕེན། །ཡུམ་མཆོག་རྡོ་རྗེ་སྒྲ་འབྱིན་སྔོ། །ཟ་གསོད་ཕག་དང་སྨིག་བུའི་མགོ །སྒྲོགས་ཤིག་སྒྲོགས་ཤིག་སྒྲ་དང་བཅས། །སྟེང་ཕྱོགས་མེ་དཔུང་ཀློང་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཁྲོ་བོ་ཆེན་པོ་རྣམ་རྒྱལ་དཀར། །གཡས་སྔོ་གཡོན་ལྗང་དབུས་ཞལ་དཀར། །བར་ཕྱག་འཁོར་ལོ་ཏྲི་ཤུལ་འཛིན། །ཡུམ་མཆོག་རྡོ་རྗེ་སྙེམས་མ་དཀར། །ཟ་གསོད་སྟག་དང་བྱ་རྒོད་མགོ །རྒྱོབ་

p. 423

ཅིག་རྒྱོབ་ཅིག་སྒྲ་དང་བཅས། །ཤར་ཕྱོགས་མེ་དཔུང་ཀློང་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དནྜ་ཧཱུཾ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཁྲོ་བོ་ཆེན་པོ་དབྱུག་སྔོན་མཐིང་། །གཡས་དཀར་གཡོན་དམར་དབུས་ཞལ་མཐིང་། །བར་ཕྱག་མེ་དབལ་དབྱུག་ཏོ་ཐོགས། །ཡུམ་མཆོག་རྡོ་རྗེ་སྡེར་མོ་དཀར། །ཟ་གསོད་གཡག་དང་བྱ་རོག་མགོ །བསྲེགས་ཤིག་བསྲེགས་ཤིག་སྒྲ་དང་བཅས། །ཤར་ལྷོ་མེ་དཔུང་ཀློང་ན་བཞུགས། །ཨོྃ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུཾ་ཕཊ༔ ཁྲོ་བོ་ཆེན་པོ་གཤིན་རྗེ་ནག །གཡས་སྔོ་གཡོན་ལྗང་དབུས་སྔོ་ནག །བར་ཕྱག་བེ་ཅོན་དགྲ་སྟྭ་འཛིན། །ཡུམ་མཆོག་དུར་ཁྲོད་བདག་མོ་སྔོ། །ཟ་གསོད་ཤ་བ་འུག་པའི་མགོ །ཚོས་ཤིག་ཚོས་ཤིག་སྒྲ་དང་བཅས། །ལྷོ་ཕྱོགས་མེ་དཔུང་ཀློང་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུཾ་ཕཊ༔ ཁྲོ་བོ་ཆེན་པོ་མི་གཡོ་ལྗང་། །གཡས་སྔོ་གཡོན་སྨུག་དབུས་ལྗང་སྔོ། །བར་ཕྱག་རལ་གྲི་སྡིགས་མཛུབ་ཞགས། །ཡུམ་མཆོག་རྡོ་རྗེ་གཏུན་ཁུང་ལྗང་། །ཟ་གསོད་གཟིག་

p. 424

དང་ཁྭ་ཏའི་མགོ །ཆིངས་ཤིག་ཆིངས་ཤིག་སྒྲ་དང་བཅས། །ལྷོ་ནུབ་མེ་དཔུང་ཀློང་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཁྲོ་བོ་ཆེན་པོ་རྟ་མགྲིན་དམར། །གཡས་དཀར་གཡོན་སྔོ་དབུས་ཞལ་དམར། །བར་ཕྱག་ཞགས་པ་སྤུ་གྲི་བསྣམས། །ཡུམ་མཆོག་རྡོ་རྗེ་གཏུན་མོ་དམར། །ཟ་གསོད་བྱི་ལ་པུ་ཤུད་མགོ །བསྡུས་ཤིག་བསྡུས་ཤིག་སྒྲ་དང་བཅས། །ནུབ་ཕྱོགས་མེ་དཔུང་ཀློང་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛཱི་ཏེ་ཧཱུཾ༔ ཏིཥྛ་ཏིཥྛ་ཧཱུཾ་ཕཊ༔ ཁྲོ་བོ་ཆེན་པོ་འདོད་རྒྱལ་དམར། །གཡས་གསེར་གཡོན་ལྗང་དབུས་དམར་སྐྱ། །བར་ཕྱག་བྷནྡྷ་རྔ་ཡབ་འཛིན། །ཡུམ་མཆོག་རྡོ་རྗེ་མདའ་སྙེམས་དམར། །ཟ་གསོད་སྤྱང་ཀི་ཁྲ་ཡི་མགོ །གཏོགས་ཤིག་གཏོགས་ཤིག་སྒྲ་དང་བཅས། །ནུབ་བྱང་མེ་དཔུང་ཀློང་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུཾ༔ ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༔ ཁྲོ་ཆེན་བདུད་རྩི་འཁྱིལ་བ་ལྗང་། །དབུས་ལྗང་གཡས་སེར་གཡོན་དུད་ཁ། །བར་ཕྱག་རྒྱ་གྲམ་དབྱུག་ཐོ་འཕྱར། །ཡུམ་མཆོག་རྡོ་རྗེ་རླུང་འབྱིན་ལྗང་། །ཟ་གསོད་

p. 425

སེང་གེ་ཕ་ཝང་མགོ །ཆོད་ཅིག་ཆོད་ཅིག་སྒྲ་དང་བཅས། །བྱང་ཕྱོགས་མེ་དཔུང་ཀློང་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ༔ བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ༔ ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ་སེར། །གཡས་དཀར་གཡོན་དམར་དབུས་ཞལ་སེར། །བར་ཕྱག་གཉིས་ཀྱིས་མདའ་གཞུ་འགེང་། །ཡུམ་མཆོག་རྡོ་རྗེ་གསོད་བྱེད་སེར། །ཟ་གསོད་དོམ་དང་སྲེ་མོང་མགོ །བརྡུངས་ཤིག་བརྡུངས་ཤིག་སྒྲ་དང་བཅས། །བྱང་ཤར་མེ་དཔུང་ཀློང་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ༔ སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ༔ ཁྲོ་བོ་ཆེན་པོ་སྟོབས་ཆེན་ནག །གཡས་ནག་གཡོན་དམར་དབུས་དུད་ཁ། །བར་ཕྱག་ཐོ་བ་ཞགས་པ་བསྣམས། །ཡུམ་མཆོག་རྡོ་རྗེ་བསྐྱོད་བྱེད་ནག །ཟ་གསོད་དྲེད་དང་བྱི་ལའི་མགོ །ཆོམས་ཤིག་ཆོམས་ཤིག་སྒྲ་དང་བཅས། །འོག་ཕྱོགས་མེ་དཔུང་ཀློང་ན་བཞུགས། །བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །དང་པོས་རྡོ་རྗེ་དུང་ཁྲག་འཛིན། །བར་པས་རང་རྟགས་ཕྱག་མཚན་གདེངས། །ཐ་

p. 426

མས་ཕུར་བུ་འདྲིལ་ཞིང་འདེབས། །ཞབས་བཞི་འདོར་སྟབས་ཕྱོགས་སྐྱོང་བརྫིས། །རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ། །དུར་ཁྲོད་ཆས་སོགས་གཙོ་དང་མཚུངས། །ཡུམ་རྣམས་དྲིལ་འཁྱུད་བྷན་དམར་སྟོབ། །གཟིག་ཤམ་རུས་རྒྱན་འཁྲིལ་སྦྱོར་རོལ། །ཟ་གསོད་རང་རང་ཁྲོ་བོའི་མདོག །གཡས་པས་ཕུར་བུ་གཡོན་ལྕགས་ཀྱུ། །གཅེར་བུ་རང་རང་ཁྲོས་པའི་ཉམས། །འབར་བའི་ཆས་རྫོགས་འཕྲུལ་གྱི་གཟུགས། །ཧཱུྃ༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེངས་སུ༔ ཧཱུཾ་དང་ཕཊ་སྒྲོགས་སྲིད་གསུམ་འཁོར་བ་འཇིག༔ བདུད་འདུལ་ཁྲོ་རྒྱལ་ཆེན་པོ་ཡབ་ཡུམ་དང་༔ ཟ་བྱེད་གསོད་བྱེད་གཏུམ་རྔམ་ཚོགས་བཅས་གསལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཀྲོ་དྷི་ཤྭ་རི༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ་ཧཱུཾ་ཕཊ༔ [བདུན་པ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པ་ནི།] ཁམས་གསུམ་སྙིང་རྗེས་བསྒྲལ་བའི་ཕྱིར། །གཙོ་བོའི་ཐུགས་ལས་ཧཱུཾ་འཕྲོས་ཏེ། །མཐིང་ནག་བདུན་དང་ལྗང་ནག་བདུན། །དམར་ནག་བདུན་རྣམས་མདུན་དང་ནི། །གཡས་

p. 427

གཡོན་ཟླ་གམ་སྟེང་དུ་འཁོད། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ༔ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ༔ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ༔ ཧཱུཾ་ལས་འོད་ཟེར་ཕུར་བུའི་ཚོགས། །ཕྲ་མོ་གྲངས་མེད་ཕྱོགས་བཅུར་འཕྲོས། །ཁམས་གསུམ་སེམས་ཅན་ཐུགས་རྗེས་བསྒྲལ། །རྣམ་པར་ཤེས་པ་རྡོ་རྗེར་གྱུར། །ཧཱུཾ་ལ་ཐིམ་པས་ཧཱུཾ་ཉེར་གཅིག །ཡོངས་གྱུར་སྲས་མཆོག་ཕུར་བུ་ནི། །སྐུ་སྟོད་ཁྲོ་བོ་འཇིགས་པའི་གཟུགས། །དབུ་གསུམ་མཐིང་དཀར་དམར་བའི་ཞལ། །ཕྱག་དྲུག་ཕྱག་མཚན་གཙོ་དང་མཚུངས། །སྐེད་པ་ཆུ་སྲིན་ནས་ཐོན་པའི། །སྐུ་སྨད་རྣོ་ངར་ཕུར་བུའི་དབལ། །དགྲ་བགེགས་སྙིང་ལ་གཟིར་ཞིང་འབིག །དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན། །འབར་བའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཧཱུཾ༔ སྙིང་རྗེས་བསྒྲལ་བའི་དམ་ཚིན་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ [བརྒྱད་པ་སྒོ་སྐྱོང་སྲུང་མར་བཅས་པ་བསྐྱེད་པ་ནི།] ཛཿཧཱུཾ་བྃ་ཧོཿཚད་མེད་བཞི་དངོས་སྒོ་མ་བཞི། །རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ༔

p. 428

ཞགས་ཐོགས། །ཉི་ཟླ་དམར་མོ་ལྕགས་སྒྲོགས་སྡོམ། །ཐལ་བྱེད་ལྗང་ཁུ་དྲིལ་འཁྲོལ་དགྱེས། །དྲག་མོ་དུར་ཁྲོད་རྒྱན་ཆ་ཅན། །ཐར་པ་ཆེན་པོའི་གྲོང་ཁྱེར་གྱི། །སྒོ་སྐྱོང་རྡོ་རྗེའི་དམ་ཚིག་མ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མོ་ཧཱ་གྷྰ་ཏ་ཡ་མ་མ་ཤྰི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུཾ་ཕཊ༔ དཀྱིལ་འཁོར་བར་ཁྱམས་ཕྱོགས་མཚམས་སུ། །དཔལ་ཆེན་དམ་ཚིག་ཀཱི་ལ་ཡའི། །སྲུང་མ་ཆེན་མོ་བཅུ་གཉིས་དང་། །བསེ་ལྕགས་དུང་སོགས་གིང་ཆེན་བཞི། །ཕྱི་ཡི་ཁོར་ཡུག་ལྕགས་རི་ལ། །མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། །མ་མོ་བདུན་དང་སྲིང་མོ་བཞི། །དབང་ཕྱུག་ཉེར་བརྒྱད་ལ་སོགས་པ། །རང་རང་ཆ་བྱད་ལག་ཆར་བཅས། །རྒྱན་དང་བགོ་བ་བཞོན་པ་འཁོར། །སོ་སོའི་དམ་ཚིག་བཞིན་སྟོན་པ། །མུ་རན་ཁོར་ཡུག་གང་བར་གྱུར། །[དེས་རྗེ་ལས་འབངས་བཞིན་མགྲོན་ཐབས་སུ་བསྐྱེད་དོ། །གཉིས་པ་ལ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པ་ལ་ཡན་ལག་བཅུ་གཉིས་ཏེ། རང་བཞིན་དགོངས་གསོལ་སྤྱན་དྲངས་ལ༔ ཕྱག་བྱ་དབང་ཞུ་གཉིས་མེད་བསྟིམ༔ སྨན་གཏོར་རཀྟ་དུག་གསུམ་དང་༔ སྦྱོར་སྒྲོལ་མཆོད་བསྟོད་བཟླས་པ་བྱ༔ ཞེས་པས་དང་པོ་

p. 429

དགོངས་གསོལ་ནི།] རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་རང་བཞིན་རྡོ་རྗེ་ཕུར་བུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས་སྲིད་པའི་ཕུར་བུ་གཟུགས་ཀྱི་སྐུ་གང་ལ་གང་འདུལ་གྱི་མོས་པ་དང་འཚམས་པར་སད་པར་[བསམ་ལ།] ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨོཾ་བཛྲ་ས་མཱ་ཛཿ[གཉིས་པ་སྤྱན་དྲང་བ་ནི།] ཧཱུཾ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཏིང་འཛིན་དཀྱིལ་འཁོར་འདི་ལ་དགོངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱེ་ཧི་བྷ་ག་ཝཱན་ས་མ་ཡ་ཛ་ཛཿ[ཞེས་ཡེ་ཤེས་ཀྱི་འཁོར་ལོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཕྱོགས་པས་མདུན་གྱི་ནམ་མཁར་བཞུགས་པར་བསམ། གསུམ་པ་ཕྱག་བྱ་བ་ནི།] ཧཱུཾ༔ སྲིད་གསུམ་གདུག་པ་འདུལ་བ་དང་༔ ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿཔྲ་ཏཱི་ཙྪ་ཧོཿ[བཞི་པ་དབང་ཞུ་བ་ནི།] ཧཱུཾ༔ ཐབས་

p. 430

ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ དབང་དང་བྱིན་རླབས་བདག་སྩོལ་ཅིག༔ ཨོཾ་ཨཱཿཧཱུཾ་ཨོཾ་ཧཱུཾ་སྭཱ་ཨཱཾཿཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སིངྔྷི་ཨ་བྷིཥིཉྩ་ཧཱུྃ༔ ཡེ་ཤེས་འཁོར་ལོའི་གནས་གསུམ་ནས། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས། །དམ་ཚིག་འཁོར་ལོའི་གནས་གསུམ་དུ། །རྒྱས་བཏབ་སྐུ་གསུང་ཐུགས་བྱིན་བརླབས། །སླར་ཡང་སྤྱི་བོར་རིགས་ལྔ་ཡིས། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག །རིགས་ལྔའི་ཅོད་པན་དབུ་བརྒྱན་གྱུར། །[ལྔ་པ་དབྱེར་མེད་དུ་བསྟིམ་པ་ནི།] ཧཱུཾ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་པ༔ བདག་དང་དབྱེར་མེད་ཐིམ་གྱུར་ལ༔ རབ་ཏུ་དགྱེས་ཤིང་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་སྟྭཾ༔ [ཞེས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་དབྱེར་མེད་དུ་གྱུར་པར་བསམ། འདིར་གཞུང་གི་རྩིས་བགོས་མ་བསྡུས་ཀྱང་སྤྱི་ཁྱབ་བཞིན་ཕྱི་ནང་ཉེར་སྤྱོད་ཀྱིས་མཆོད་པ་སྐབས་སུ་བབས་པར་འགྱུར་བས། ཕྱི་མཆོད་ནི།]

p. 431

ཧཱུཾ༔ རང་བྱུང་རྣམ་དག་ཡིད་འོང་ཆུ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་སྒེག་བཞད་ཕྲེང་༔ ལྷ་རྫས་ཕྱི་མཆོད་འདི་དག་ཀུན༔ ཁྲོ་རྒྱལ་འབར་བའི་ཚོགས་ལ་འབུལ༔ བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ༔ བླ་མེད་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ། པུཥྤེ་ནས། ཤཔྡ་བཛྲ་ལཱ་སྱ་ཧཱ་སྱ་མཱ་ལེ་ཨཱཿཧཱུཾ༔ [ནང་མཆོད་ནི།] ཧཱུཾ༔ འཇིག་རྟེན་ཁམས་ཀྱི་དགྲ་བགེགས་ཀུན༔ བསྒྲལ་བའི་ཁྲག་གི་ཨརྒྷཾ་དང་༔ དབང་པོའི་མེ་ཏོག་གསུར་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་ཆབ༔ ཤ་རུས་ཞལ་ཟས་ཐོད་རྔའི་སྒྲ༔ བདུད་འདུལ་ཁྲོ་བོའི་ལྷ་ལ་འབུལ༔ བཞེས་ནས་དགྲ་བགེགས་སྒྲོལ་བར་མཛོད༔ ཀརྨ་མ་ཧཱ་ཀྲོ་དྷ་ཨརྒྷཾ། པུཥྤཾ། དྷུ་པཾ། དི་པཾ། གནྡྷཾ། ནཻ་ཝིདྱཾ། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ༔ [དྲུག་པ་སྨན་མཆོད་འབུལ་བ་ལ། མཆོད་པ་དང་། དངོས་གྲུབ་བླང་བ་གཉིས་ཀྱི། དང་པོ་ནི།] ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རྩ་བ་འབུམ་ཕྲག་ཡངས་པའི་བཅུད༔ ར་སྰ་ཡ་ན་ལ་སོགས་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔

p. 432

ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བ༔ དུག་ལྔ་སེལ་བ་སྨན་གྱི་མཆོག༔ དཔའ་བོའི་རོ་དང་མཉམ་སྦྱར་ནས༔ རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ༔ བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཧཱུཾ། རྒྱལ་བ་དགོངས་བརྒྱུད་རིག་འཛིན་རིག་པའི་བརྒྱུད། །གང་ཟག་སྙན་བརྒྱུད་བླ་མ་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། །ཧཱུཾ༔ གྲུ་གསུམ་མཐིང་ནག་འབར་བའི་གདན་སྟེང་དུཿདཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ༔ རྣམ་དག་བདུད་རྩི་དམ༴ ཐུགས་རྗེས་བརྩེར་དགོངས༴ མ་ཧཱ་པཉྩ༴ ཕྱོགས་བཅུའི་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ བདུད་འདུལ་འཇིགས་བྱེད་ཁྲོ་རྒྱལ་ཡབ་ཡུམ་ལ༔ རྣམ་དག་བདུད་རྩི༴ ཐུགས་རྗེས་བརྩེར་དགོངས༴ མ་ཧཱ༴ ཁྲོ་བོ་ཁྲོ་མོ་རོལ་པའི་བྱིན་རླབས་པས༔ སྤྲུལ་པའི་མགོ་བརྙན་ཁྲ་ཐབས་ཉི་ཤུ་ལ༔ རྣམ་དག་བདུད་རྩི་དམ་རྫས༴ ཐུགས་རྗེས་

p. 433

བརྩེར་དགོངས༴ མ་ཧཱ༴ ཟླ་གམ་ཀློང་ཆེན་ཨེ་ཡི་གདན་སྟེང་དུ༔ གདུག་པའི་ཚོགས་སྒྲོལ་སྲས་མཆོག་ཕུར་བུ་ལ༔ རྣམ་དག་བདུད་རྩི་དམ་རྫས༴ ཐུགས་རྗེས་བརྩེར་དགོངས༴ མ་ཧཱ༴ ཤར་ལྷོ་ནུབ་བྱང་སྒོ་བཞི་སྲུང་མཛད་པའི༔ ཡེ་ཤེས་སྒོ་མ་ཆེན་མོ་རྣམ་བཞི་ལ༔ རྣམ་དག༴ ཐུགས་རྗེས་བརྩེར་དགོངས༴ མ་ཧཱ། མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་སེམས་ཅན༔ ཤྭ་ན་བདག་ཉིད་ས་བདག་མཆེད་རྣམས་ལ༔ རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ འབར་བའི་ཕོ་ཉ་མི་བཟད་དྲག་ཤུལ་ཅན༔ བསེ་ལྕགས་དུང་སོགས་གྱད་ཆེན་གིང་བཞི་ལ༔ རྣམ་དག༴ ཐུགས་རྗེས། མ་ཧཱ། ཅི་བགྱིའི་བཀའ་ཉན་ཕྲིན་ལས་ཐོགས་མེད་སྒྲུབ། །མ་སྲིང་འབར་མ་དབང་ཕྱུག་ཉེར་བརྒྱད་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ གཞན་ཡང་བཀའ་ཡི་བསྟན་སྐྱོང་གཡར་དམ་ཅན། །ཞིང་སྐྱོང་གཞི་བདག་དཀར་ཕྱོགས་སྐྱོང་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ༴ སྣང་སྲིད་རྣམ་དག་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །ཁྲག་འཐུང་ཕུར་བུའི་འཁོར་ལོར་སད་

p. 434

པ་ལ། རྣམ་དག༴ ཐུགས་རྗེས༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ [གཉིས་པ་དངོས་གྲུབ་བླང་བ་ནི།] ཨོཾ་ཨཱཿཧཱུཾ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུཾ༔ [བདུན་པ་གཏོར་མས་མཆོད་པ་ནི།] ཧཱུཾ༔ དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ ཆོས་ཉིད་སྐྱེ་མེད་ཀློང་ནས་སྤྲུལ༔ འདོད་ཡོན་རྣམ་ལྔས་རབ་ཏུ་སྤྲས༔ དཔལ་ཆེན་འཁོར་བཅས་ཐུགས་དམ་བསྐང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བ་ལིངྟ་ཁཱ་ཧི༔ [བརྒྱད་པ་རཀྟས་མཆོད་པ་ནི།] ཉོན་མོངས་རྩ་བ་འཁོར་བའི་ཁྲག༔ ཁམས་གསུམ་འཁོར་བ་སྟོང་བྱའི་ཕྱིར༔ དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཁཱ་ཧི༔ [དགུ་པ་དུག་གསུམ་མཆོད་པ་ནི།] གཏི་མུག་ཤ་ཆེན་ཕུངས་སེ་ཕུང་༔ འདོད་ཆགས་ཁྲག་མཚོ་མེ་རེ་རེ༔ ཞེ་སྡང་རུས་གྲམ་ཉི་ལི་ལི༔ དཔལ་ཆེན་མཁའ་འགྲོའི་ཚོགས་ལ་འབུལ༔ མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་

p. 435

རཾ་ཁཱ་ཧི༔ [བཅུ་པ་སྦྱོར་སྒྲོལ་གྱི་མཆོད་པ་ནི།] ཧཱུཾ༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་སྟེ་བསྒྲལ་བར་བྱ༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ [བཅུ་གཅིག་པ་བསྟོད་པ་ནི།] ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལ༔ རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཤེས་རབ་གསལ་བའི་དོན༔ འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད༔ ས་བཅུའི་མངའ་བདག་ཞིང་བཅུ་ཚར་གཅོད་དཔལ༔ ཁྲོ་རྒྱལ་ཆེན་པོ་བཅུ་ལ་ཕྱག་འཚལ་བསྟོད༔ ཕ་རོལ་ཕྱིན་བཅུའི་རང་བཞིན་ཤེས་རབ་དངོས༔ ཁྲོ་མོ་ཆེན་མོ་བཅུ་ལ་ཕྱག་འཚལ་བསྟོད༔ ཉོན་མོངས་ཉི་ཤུ་གནས་སུ་སྒྲོལ་མཛད་པ༔ ཁྲ་ཐབས་ཉི་ཤུའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེའི་ཤུགས་ཀྱིས་གནོད་གདུག་ཐམས་ཅད་སྒྲོལ༔ སྲས་མཆོག་འབར་བའི་ཚོགས་ལ༴ ཕྱི་ནང་བར་ཆད་སྲུང་བའི་ལས་ལ་བརྩོན༔ དྲག་མོ་སྒོ་མ་བཞི་

p. 436

ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་སྤྱན་སྔར་ཁས་བླངས་དབང་མོ་ཆེ༔ ཕུར་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ [བཅུ་གཉིས་པ་ཛཔྲ་བཟླ་བ་ལ།] ཛཔྲ་དགོངས་རྣམ་པ་ལྔ་ལས། དང་པོ་སྐུ་ཕྱག་རྒྱ་ལ་དམིགས་པའི་ཛཔྲ་དགོངས་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པའི༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག༔ [ཅེས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྱི་དང་ཁྱད་པར་བདག་ཉིད་རྩ་བའི་དཀྱིལ་འཁོར་ཡབ་ཡུམ་ཤིན་ཏུ་གསལ་བརྟན་འབར་བར་གྱུར་པའི་ང་རྒྱལ་ལ་བློ་བཞག་སྟེ་བཟླའོ། །གཉིས་པ་གསུང་ཡི་གེ་ལ་དམིགས་པའི་ཛཔྲ་དགོངས་ནི། ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས། །འབར་བའི་འོད་ཟེར་མཁའ་ཁྱབ་འཕྲོས། །རྒྱལ་མཆོད་རྒྱུད་བསྐུལ་བྱིན་རླབས་བསྡུས། །འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད། །དམ་ཅན་སྲུང་མ་ལས་ལ་བཙུད། །རིག་འཛིན་མཆེད་ལྕམ་ཐུགས་དམ་བསྐངས། །དགྲ་བགེགས་གདུག་པ་ཚར་ཐག་བཅད། །འཁོར་འདས་དྭངས་བཅུད་བདུད་རྩིའི་སྤྲིན། །སླར་འདུས་དཀྱིལ་འཁོར་གསུམ་ལ་ཐིམ། །སྐུ་གསུང་

p. 437

ཐུགས་ཡོན་ཕྲིན་ལས་ཀྱི། །དབང་ཐོབ་ཆེ་བའི་ཡོན་ཏན་བསྐྱེད། །སྣང་གྲགས་རིག་པ་ལྷ་དང་སྔགས། །ཆོས་ཉིད་གཉུག་མའི་ཕྱག་རྒྱར་རྫོགས། །[ཞེས་སྔགས་ཀྱི་འོད་ཟེར་འཕྲོ་འདུའི་ཏིང་ངེ་འཛིན་དང་སྦྱར་ཏེ་བཟླའོ། །གསུམ་པ་ཐུགས་ཆོས་ཉིད་ལ་དམིགས་པའི་ཛཔྲ་དགོངས་ནི།] སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ [ཞེས་ཐུགས་དམིགས་མེད་སྟོང་བའི་དབྱིངས་ལས་རིག་རྩལ་སྣ་ཚོགས་འགགས་པ་མེད་པར་ཤར། ཤར་དུས་ཉིད་ནས་སྐྱེ་མེད་ཀྱི་ཀློང་དུ་དག་པ་ཆོས་ཉིད་རང་གྲོལ་གྱི་དགོངས་པས་བཟླའོ། །བཞི་པ་ཡོན་ཏན་ལ་དམིགས་པ་དབང་དང་དངོས་གྲུབ་ལེན་པའི་ཛཔྲ་དང་། ལྔ་པ་ཕྲིན་ལས་ལ་དམིགས་པ་སྤུ་གྲིའི་སྔགས་དྲུག་བཟླ་ཚུལ་ནི་དེ་དང་དེའི་མན་ངག་ཏུ་གསལ་ལོ། །བཟླ་བྱའི་སྔགས་ནི།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱ༔ [ཞེས་སྲོག་སྔགས་འབྲུ་དགུ་དང་། ལས་སྔགས་འབྲུ་ལྔ། མཁའ་འགྲོའི་འཕྱོང་སྔགས་འབྲུ་གསུམ་སྟེ། དེ་ལྟར་ཡི་གེ་བཅུ་བདུན་ནི་བསྙེན་པའི་སྔགས་སོ། །བསྙེན་སྒྲུབ་ཆིག་ཆོད་ལ་དྲག་སྔགས་འདུས་པ་འདི་ཉིད་བསྙེན་སྔགས་ལ་སྦྲེལ་ནས་བཟླ་སྟེ། མ་རཀ་མོ་ཡག་མོ༔ ཀཱ་ལ་

p. 438

རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ སོད་སོད༔ དྷ་ཏི་མ་མ་ཀརྨ༔ ཤྰིགྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན༔ པྲ་མ་རྡྷ་ན་ཡེ་ཧཱུྃ་ཕཊ༔ [ཅེས་ཐེམ་ཡིག་ལས་ཡི་གེ་བདུན་ཅུ་རྩ་དྲུག་འབྱུང་ངོ་། །དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་གྱི་འགྲོས་དང་སྦྱར་ཏེ་བཟླ་ཞིང་། ཐུན་མཚམས་སུ།] ཧཱུྃ༔ ཡེ་ཤེས་ཁྲོ་རྒྱལ་ཕུར་པའི་ལྷ་ཚོགས་གཤེགས༔ ཛཔྲ་བསྙེན་གྲངས་དང་སྨན་རཀ་གཏོར་ཚོགས་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས༔ རང་སེམས་དཔང་བཙུགས་བཀའ་བཞིན་བསྒྲུབ་ལགས་ན༔ དབྱིངས་ལས་སྐུ་བཞེངས་ཕྲིན་ལས་མཐར་ཕྱིན་མཛོད༔ ཐུན་མོང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ [ཞེས་སྟོང་ཚིགས་ཀྱི་མཆོད་བསྟོད་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལ་བརྒྱད་དེ། རྗེས་ཚོགས་བསྐུལ་ལྷག་སྨོན་ལམ་གསོལ༔ གཏོར་གཏོང་དལ་བསྡུ་རྒྱུན་ཏིང་བྱའོ༔ ཞེས་པས། དང་པོ་ཚོགས་མཆོད་ལའང་།

p. 439

བྱིན་བརླབ། སྤྱན་འདྲེན། མཆོད་པ་གསུམ་གྱི། དང་པོ་བྱིན་བརླབ་པ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་པ་བཤམས་པ་བདུད་རྩིས་བྲན་ལ།] ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ཡ་ཧུྃ་ཕཊ༔ [ཅེས་པས་སྤྱིར་བསང་།] བྷྲཱུྃ་རཾ་ཡཾ་ཁཾ༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་ཐམས་ཅད་སྒྱུ་མར་རིག༔ རིག་པའི་ཡེ་ཤེས་རཾ་ཞེས་བྱ༔ རཾ་ལས་ཡེ་ཤེས་མེ་བྱུང་བས༔ ཕྱི་ནང་དངོས་པོར་འཛིན་པ་ཀུན༔ ཐམས་ཅད་མ་ལུས་བསྲེག་པར་བྱའོ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་ཐམས་ཅད་སྒྱུ་མར་རིག༔ རིག་པའི་ཡེ་ཤེས་ཡཾ་ཞེས་བྱ༔ ཡཾ་ལས་ཡེ་ཤེས་རླུང་བྱུང་བས༔ རྣམ་རྟོག་དངོས་པོར་འཛིན་པ་ཀུན༔ ཐམས་ཅད་མ་ལུས་གཏོར་བར་བྱའོ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་ཐམས་ཅད་སྒྱུ་མར་རིག༔ རིག་པའི་ཡེ་ཤེས་ཁཾ་ཞེས་བྱ༔ ཁཾ་ལས་ཡེ་ཤེས་ཆུ་བྱུང་བས༔ གཟུང་འཛིན་མཚན་མའི་བག་ཆགས་ཀུན༔ ཐམས་ཅད་མ་ལུས་བཀྲུ་བར་བྱའོ༔ ཧཱུྃ་མཱུྃ༔ ཨོྃ་ལྰཾ༔ སྭཱ་མཱཾ༔ ཨཱ་པྰཾ༔ ཧཱ་ཏྰཾ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ༔ རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་བའི། །བྱང་ཆུབ་

p. 440

སེམས་ཀྱི་དམ་ཚིག་རྫས། །ཟག་མེད་འདོད་ཡོན་ལྔ་ལྡན་གྱི། །ལོངས་སྤྱོད་ནམ་མཁའ་མཉམ་པར་གྱུར། །[གཉིས་པ་ཚོགས་ཞིང་སྤྱན་དྲང་བ་ནི།] ཧཱུྃ༔ སྲིད་བའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཞལ་ཟས་ཚོགས་ཀྱི་མཆོད་པ་ལ༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ[གསུམ་པ་མཆོད་པ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་སྤྱིར་མཆོད་པ་ནི།] ཧཱུཾ༔ འབྱུང་བ་ཆེན་པོ་ནམ་མཁའ་ཆེ༔ ནམ་མཁའ་ལས་ནི་འདོད་པ་འབྱུང་༔ འདོད་ཡོན་མཆོད་པ་བཞེས་སུ་གསོལ༔ ཨོཾ༔ གཟུགས་མ་ལག་གཉིས་མེ་ལོང་ཐོགས༔ གཟུགས་མཛེས་སྤྱོད་པ་ཕྱོགས་བཅུར་གཡོ༔ ཤིན་ཏུ་སྒེག་པའི་གཟི་ལྡན་འབར༔ གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ༔ ཨོཾ༔ སྒྲ་མ་ལག་གཉིས་པི་ཝཾ་ཐོགས༔ བདེན་པའི་སྒྲ་སྙན་ཕྱོགས་བཅུར་གཡོ༔ དབྱངས་སྙན་ཡིད་འཕྲོག་འཇམ་པོའི་དབྱངས༔ སྒྲ་ཡི་ལྷ་མོ་སྙན་ལ་ཐིམ༔ ཨོཾ༔ དྲི་མ་ལག་གཉིས་སྤོས་ཕོར་ཐོགས༔ སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ༔ དྲི་ཞིམ་སྤོས་ཀྱི་ངད་ལྡངས་མ༔ དྲི་ཡི་ལྷ་མོ་ཤངས་ལ་ཐིམ༔ ཨོཾ་

p. 441

རོ་མ་ལག་གཉིས་ཟས་གཞོང་ཐོགས༔ བཅུད་ལེན་རོ་མཆོག་ལྔ་བརྒྱ་ལྡན༔ ཀུན་ཏུ་རོ་མཆོག་ཚིམ་བྱེད་མ༔ རོ་ཡི་ལྷ་མོ་ལྗགས་ལ་ཐིམ༔ ཨོཾ༔ རེག་གི་ལྷ་མོ་ཡོངས་འཁྱུད་མ༔ ཐུགས་ཀ་དག་ནས་ཡོངས་སུ་འཁྱུད༔ ཀུན་ཏུ་རེག་ནི་ཚིམ་བྱེད་མ༔ རེག་བྱའི་ལྷ་མོ་སྐུ་ལ་ཐིམ༔ ཨོཾ༔ ཆོས་ཀྱི་ལྷ་མོ་པུསྟི་བསྣམས༔ ཡིད་ནི་ཚིམ་པར་བྱེད་པ་སྟེ༔ ཐམས་ཅད་མ་ལུས་ཆོས་ཀྱི་དབྱིངས༔ ཆོས་ཀྱི་ལྷ་མོ་ཐུགས་ལ་ཐིམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཏ་ཐཱ་ག་ཏ་ནཾ༔ རཱུ་པ༔ ཤཔྡ༔ གནྡྷེ༔ ར་ས༔ སྤརྴེ༔ དྷརྨ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་པྲ་ཏཱིཙྪ་ཧོཿ[ཞེས་འདོད་ཡོན་ལྔས་སྤྱིར་མཆོད་ནས། ཚོགས་རྫས་ཐུན་མོང་དུ་བཏེགས་ལ།] ཧཱུཾ༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ བླ་མ་ཡི་དམ་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་ཁཱ་ཧི༔ [ཞེས་འབུལ་ཞིང་། སྤྲོ་ན་སྐབས་འདིར་སྐོང་བའི་ལས་རིམ་གཞན་ཡང་བྱའོ། །གཉིས་པ་བྱེ་བྲག་ཏུ་མཆོད་པ་ནི། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་

p. 442

ལ། དང་པོ་མཆོད་པ་ནི།] ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཚོགས་ཕུད་མཆོད་པ་བཞེས་སུ་གསོལ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཚོགས་ཕུད༴ ཕྱག་བརྙན་ཆེན་པོའི་དུས་ལ༴ ཚོགས་ཕུད༴ ཤྭ་ན་མུ་ཁའི་དུས་ལ༴ ཚོགས་ཕུད༴ བདག་ཉིད་ཆེན་མོའི་དུས༴ ཚོགས་ཕུད། ས་བདག་ཆེན་མོའི་དུས། ཚོགས་ཕུད་མཆོད་པ་བཞེས་སུ་གསོལ༔ བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི༔ [བར་པ་བཤགས་པ་ནི།] ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ན་བར་ཆད་རྩོམ༔ བདག་ཅག་མ་རིག་སྒོ་གསུམ་བག་མེད་པས༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བྱས་བཤགས༔ ཚོགས་ཀྱིས་མཆོད་དོ་ཚངས་དབང་དངོས་གྲུབ་སྩོལ༔ ས་མ་ཡ་ཧོཿས་མ་ཡ་ཏིཥྛ་སྟྭཾ༔ [ཐ་མ་བསྒྲལ་སྟོབ་ནི། བྲུབ་ཁུང་དུ་ལིངྒ་བཅས་པའམ་ཚོགས་ཐ་མ་ལ་དམིགས་རྟེན་བྱས་ཏེ།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ༔ [ཅེས་བརྗོད་པས།] བདག་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་ཕོ་ཉ་གྲངས་མེད་

p. 443

པ་སྟོང་ཁམས་གང་བར་འཕྲོས་པས་དམིགས་བྱ་རང་དབང་མེད་པར་བཀུག་སྟེ་མདུན་གྱི་ལིངྒ་ལ་ཐིམ་པར་[བསམ་ཞིང་། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུཾ་བཾ་ཧོཿཤྰི་གྷ྄ཾ་ཨཱ་ན་ཡ་ཧཱུཾ་ཕཊ༔ [ཅེས་དགུག་གཞུག་བྱས་ལ།] ཧཱུྃ་ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི༴ ཤྭ་ན་མུ་ཁའི༴ བདག་ཉིད་ཆེན་མོའི༴ ས་བདག་ཆེན་མོའི༴ ཁྱེད་ཀྱི་ཕྲིན་ལས༴ མཐུ་རྩལ་དབྱུང་བའི་དུས༴ ཅེས་[ཕོ་ཉ་བསྐུལ།] ཧཱུཾ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་ལཾ་ཧཱུཾ་ལཾ་སྟྭམྦྷ་ཡ་ནན་མོ་ཧཱ་གྷྰ་ཏ་ཡ་བྷ་ག་ཝཱན་ཧྲཱིཿ ཀྲི་ཤྰི་

p. 444

བི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿསརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ༔ ཧཱུྃ་ཀཱ་ར་ཧཱུྃ་ཨ་ཕཊ༔ [ཅེས་གསལ་བ་གསུམ་ལྡན་གྱི་ངང་ནས་སྲས་མཆོག་གི་ཕུར་བུ་བསྒྲིལ་ཞིང་བཏབ་སྟེ་ཚེ་ཁྲུས་ཀྱི་དགོངས་པས་རྣམ་ཤེས་བདེ་བ་ཆེན་པོའི་འཁོར་ལོར་སྦྱར་ནས་བརྟེན་པ་དབྱིངས་སུ་བསྒྲལ། སླར་ཡང་བག་ཆགས་ཀྱི་རྟེན་གཞི་བསྒྲལ་བའི་ཕྱིར།] དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྲར་ཆུ་གཅིག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་ལ་གཉན་པར་བྱོས༔ ཧཱུྃ་པ་ར་བིདྱཱ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ བིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཏྲྰ་ཤ་ཡ་ཏྲྰ་ཤཱ་ཡ་ཧཱུྃ་ཕཊ༔ ཧ་ས་ཡ་ར་ཧ་ས་ཡ་ར་ཧྲི་དཎྜ་ཧཱུྃ་ཕཊ༔ ཤྰི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ ཨཱ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་

p. 445

ཁས་བླངས་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ ཧ་ན་ཧ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཀ་ཊཾ་ཀ་ཊ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མཱརྡྷ་ནི་ཧཱུྃ་ཕཊ༔ [ཅེས་ཁྲོ་བོ་ཁྲོ་མོའི་ཕུར་བུའམ་ལས་ཕུར་དེར་མོས་པས་གནས་སོ་སོར་གདབ་ཅིང་སྤུ་གྲིའི་སྔགས་ཀྱིས་ཐུན་རྫས་སྣ་ཚོགས་པས་བྲབ།] རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཧཱུྃ་མ་མ་པཱ་ཤཾ་ཀུ་རུ་མ་ཏཾ་ཉ་ན་ཀ་ར་ཨི་དན་དྷ་ཏི་མ་མ་ཤྰི་གྷྲཾ་ཀ་རེ་ཡེ་ཧཱུྃ་ཕཊ༔ གདུག་ཅིང་སྡང་སེམས་ལྡན་པ་ཡི༔ ལྷའམ་འོན་ཏེ་བདུད་ཀྱང་རུང་༔ ང་ལ་བར་ཆད་བྱེད་པའི་བགེགས༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ སརྦ་ཨཱ་ན་ཡ་ཧཱུཾ་ཕཊ༔ ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ༔ [ཅེས་མཚོན་ཆའི་ཆར་བབས་པར་བསམ་ལ་རལ་གྲིས་གཏུབ་ཅིང་འཁོར་འདས་ཀྱི་མཐའ་བསལ།] རྡུངས་ཤིག་རྡོ་རྗེ་

p. 446

འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་འདི༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་སྟེ་བསྒྲལ་བར་བྱ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ་ཕཊ་ཕཊ་ཕཊ༔ [ཅེས་ཐོ་བས་བརྡུང་ངོ་། །] སྙིགས་མའི་ཕུང་པོ་བདུད་རྩིར་སྦར་བ་དཔལ་གྱི་གཏོར་མར་བསྟབ་ལ། ཧཱུྃ༔ དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག༔ དགྲ་བགེགས་བསྒྲལ་བའི་ལྔ་ཕུང་འདི༔ དཔལ་ཆེན་ཡབ་ཡུམ་ཞལ་དུ་བསྟབ༔ ཁྲོ་རྒྱལ་ཡབ་ཡུམ་ཞལ་དུ་བསྟབ༔ སྲས་མཆོག་འབར་བའི་ཞལ་དུ་བསྟབ༔ ཟ་གསོད་སྒོ་མའི་ཞལ་དུ་བསྟབ༔ མཁའ་འགྲོ་གིང་ཚོགས་ཞལ་དུ་བསྟབ༔ སྡང་དགྲ་གདོན་བགེགས་འཁོར་བཅས་རྣམས༔ རྡུལ་ཕྲན་ཙམ་ཡང་མེད་པར་རོལ༔ བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ [གཉིས་པ་བཅོལ་བསྐུལ་བྱ་བ་ནི། ཕོ་ཉ་འདུས་པའི་གཙོ་བོས་ཕུར་བུ་འདྲིལ། བཤུགས་པས་འབོད་ཅིང་རྔ་ཐབས་དང་བསྟུན་ལ།] ཧཱུྃ་ཛཿདམ་ཚིག་ཆེན་པོའི་

p. 447

དུས་ལ་བབ༔ [ཅེས་སོགས་བབ་བརྒྱད་ཀྱིས་ཕོ་ཉ་བསྐུལ་ནས]བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ [སོགས་ཕྲིན་ལས་བཅོལ་བ་ལས་རིམ་བདུན་གྱི་སྔགས་རྣམས་དོར་ལ་གོང་བཞིན་དྲག་ཏུ་བརྗོད་པས་བསྐུལ་ལོ། །དེ་ཡང་ཚོགས་ཐ་མར་ཕུར་གདབ་ཀྱིས་བརྟེན་པ་བསྒྲལ་བ་ཙམ་གྱི་མཐར་བསྟབ་པ་སྦྱར་ན་གོང་གི་བཅོལ་བསྐུལ་ངེས་པར་བྱ་ཞིང་། གདབ་ཁ་རྫོགས་པར་བྱས་ན་བཅོལ་བསྐུལ་མ་བྱས་ཀྱང་ཆོག་གོ །དེ་ནས་ཐ་མལ་གྱི་རྟོག་པའི་འཆིང་བ་དགྲོལ་ཕྱིར་ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་།] ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །[ཞེས་དྲངས། ལེན་པ་པོས།] ཨ་ལ་ལ་ཧོཿ[ཞེས་བརྗོད་ཅིང་བླང་། འདུས་པ་རྣམས་ལའང་བྲིམས་ཏེ་བཟའ་བའི་དམ་ཚིག་ནང་གི་སྲེག་བླུགས་ཀྱི་སྒོ་ནས་ཚིམས་བར་ལོངས་སྤྱད་དོ། །གསུམ་པ་ལྷག་མའི་ཆོ་ག་ནི། ལྷག་མ་བསྡུས་པའི་དམེ་གཏོར་དང་། ཕུད་སོ་སོར་བཤམས་པ་སྨན་རཀ་བྲན་ཏེ།] ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ རྡོ་རྗེ་གཞོན་ནུ་ཕུད་ཀྱི་བདག༔ བར་དུ་སྤྲིན་ལྟར་མི་གཏིབས་སུ༔ དགེ་བའི་བཤེས་གཉེན་གཉན་གྱི་བཀའ༔ ཐ་མ་གཅིག་ཏུ་མི་བསྲེ་རུ༔ མ་ཚོགས་དབང་ཕྱུག་ལྷག་མའི་གནས༔ ལྷག་མ་ཁ་

p. 448

ཆུས་མི་བྲན་དུ༔ ཁྱོད་དང་ངེད་གཉིས་དམ་ཚིག་གཅིག༔ ཡེ་ནས་འདུ་འབྲལ་མེད་དོན་དུ༔ ཚུལ་བཞིན་མཆོད་ཀྱིས་ད་ཚུར་བྱོན༔ [ཞེས་བརྗོད་ནས་ཕུད་ལྷག་བསྲེ།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ [ཞེས་བདུད་རྩིའི་ཁ་ཆུ་བྲན་པས།] ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བསམ་ལ།] ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ ལྷག་མའི་མཆོད་པ་འདི་བཞེས་ལ༔ བསྟན་པ་གཉན་པོ་བསྲུང་དུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ བུངྔྷ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ སརྦ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཀིང་ཀ་ར་མ་ཧཱ་པཉྩ་བ་ལིཾ་ཏ་ཁཱ་ཧི༔ [ཞེས་རོལ་མོའི་སྒྲ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར་དོ། །བཞི་པ་སྨོན་ལམ་གདབ་པ་དང་། ལྔ་པ་བཟོད་པར་གསོལ་བ་ནི་སྤྱིའི་འགྲོས་བཞིན་འཁྲུགས་སྡེབས་ཀྱིས་འོག་ཏུ་སྟོན་ནོ། །དྲུག་པ་གཏོར་མ་གཏོང་བ་ལ་གསུམ་ལས། དང་པོ་ཆད་མདོ་བསྒྲགས་པ་ནི། གཏོར་མ་ཕྱིར་བསྣུར་ལ་སྨན་རཀ་སྦྲེང་ཞིང་།] ཧཱུྃ༔

p. 449

སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ རིགས་ཀྱི་ཁྲོ་རྒྱལ་ཐམས་ཅད་དབང་བསྡུས་ནས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ མོན་ཁ་སྣ་རིང་སེང་གེ་རྫོང་གསུམ་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མ་ཇོ་མོ་མཁར་ཆེན་མཚོ་རྒྱལ་གྱིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཕུར་སྲུང་བཅུ་གཉིས་གིང་དང་དམ་ཅན་གྱིས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་༔ རིག་འཛིན་སྔགས་འཆང་པདྨ་གླིང་པ་ཡིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔

p. 450

བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད༔ [ཅེས་གཟའ་རྒྱུ་ཕྱོགས་དང་བསྟུན་ཏེ་གཏོང་། འདིར་གཏོར་མ་ཟོར་དུ་བསྐུལ་བའི་ཚུལ་འབྱུང་མོད། དཀྱུས་སུ་མི་དགོས་པས་མ་སྨོས་ཤིང་སྐབས་སུ་བབས་ན་ལོགས་སུ་བལྟའོ། །གཉིས་པ་བརྟན་མ་སྐྱང་བ་ནི། སྨན་ཕུད་ཀྱི་བཤལ་ཆུ་བྲན་ལ།] བྷྱོ༔ བསྟན་མ་བཅུ་གཉིས་འཁོར་དང་བཅས༔ ཁྱེད་ཅག་སྔོན་གྱི་ཡལ་གམ་ཅན༔ སློབ་དཔོན་པདྨ་ཐོད་ཕྲེང་དང་༔ སློབ་མ་མཁར་ཆེན་མཚོ་རྒྱལ་གྱིས༔ མོན་ཁ་སྣ་རིང་རྫོང་གསུམ་དུ༔ ཞིང་ཆེན་བསྒྲལ་བའི་གདན་སྟེངས་སུ༔ རྣལ་འབྱོར་གྲལ་ལ་བཞག་ནས་ནི༔ ཐར་པ་ཐོབ་པར་མཚན་ཡང་བཏགས༔ སྒྲུབ་པ་པོ་ལ་ཕན་གདགས་ཕྱིར༔ བྲན་གྱི་ཚུལ་དུ་ཁས་བླངས་ནས༔ དམ་ལ་མ་འདའ་ད་ཚུར་བྱོན༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ༔ ལ་ལ༔ ཏ་ཏ༔ ཏེ་ཏེ༔ པཉྩ་བ་ལིང་ཏ་ཁཱ་ཧི༔ [གསུམ་པ་བྲོ་བརྡུང་བ་ནི།] ཧཱུཾ༔ བཅོམ་ལྡན་

p. 451

དཔལ་ཆེན་ཧེ་རུ་ཀ༔ ང་ནི་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་རོལ༔ ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་བཅས༔ ཕྱག་བརྙན་ཁྲ་ཐབས་སྒོ་མར་བཅས༔ སྤྲུལ་པ་ཡང་སྤྲུལ་སྲུང་མས་བསྐོར༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ ཡེ་ཤེས་ཚྭ་ཚྭ་སྐར་ལྟར་འཁྲུག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ རྡོ་རྗེའི་གཤོག་པ་ཕྱོགས་བཅུར་གཏམས༔ ཧཱུྃ་གི་འབྲུག་སྒྲ་དི་རི་རི༔ ཕཊ་ཀྱི་རྐན་སྒྲ་ཆེམས་སེ་ཆེམ༔ ཁྲོ་བོའི་གར་སྟབས་ཤིགས་སེ་ཤིག༔ རྡོ་རྗེ་བྲོ་སྟབས་ཆེམས་སེ་ཆེམ༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་༔ དགྲ་ནི་དུམ་བུར་གཏུབ་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་༔ བདུད་ནི་ཕྱེ་མར་འཐག་པའི་བྲོ༔ གཡས་གཡོན་ཐབས་ཤེས་སྲི་ལ་བརྡུང་༔ དམ་སྲི་ཐལ་བར་རློག་པའི་བྲོ༔ མ་རུངས་དམ་མེད་དྲེགས་པའི་ཚོགས༔ གཞོབ་རྒོད་རྡོག་པས་བརྫིས་པ་ལྟར༔ ཐལ་བའི་རྡུལ་དུ་བརླག་པར་བྱ༔ བསྐལ་པའི་མཐའ་རུ་སྟྭམ་བྷ་ནན༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭམ་བྷ་ཡ་

p. 452

ནན༔ ཡ་མ་དམ་སྲི་ནྰ་ག་རཱ་ཙ་ཛ༔ ནན༔ [ཞེས་མནན་ནོ། །བདུན་པ་དཀྱིལ་འཁོར་བསྡུ་བ་ནི། ཐོག་མར་གཏང་རག་གི་དོན་དུ།] ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིནྡ་ཁཱ་ཧི༔ [ཞེས་མཆོད་ཅིང་།] ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་བ་དང་༔ ང་རྒྱལ་ཆེན་པོ་གཞོམ་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་བསྟོད༔ [ཅེས་བསྟོད།] ཧོཿདཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ༔ ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང་༔ ག་ན་སྦྱོར་བ་བྱིན་གྱིས་མ་རློབ་པ་དང་༔ མཆོད་སྔགས་ཏིང་འཛིན་མ་དག་ཅིང་ཉམས་པ་དང་༔ དགེ་བ་བཅུ་དང་དུ་མ་ལོངས་ཤིང་མི་དགེ་བ་བཅུ་རྩ་བ་ནས་མ་ཆོད་པ་དང་༔ བཀའ་བཞིན་གཞུང་མ་བསྲངས་པ་དང་༔ དམ་ཚིག་རྩ་བ་དང་ཡན་ལག་ཉམས་ཆག་ཏུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་ན་བཟོད་པ་དམ་པ་མཛད་དུ་གསོལ་ལོ༔ ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་པའི་ཚངས་པ་སྩལ་དུ་གསོལ༔ [ཞེས་དང་ཡི་གེ་བརྒྱ་བ་བཟླས་པས་ནོངས་པ་བཟོད་པར་

p. 453

གསོལ། མདུན་དཀྱིལ་དང་འབྲེལ་བའི་ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་སམ་གཤེགས་སུ་གསོལ་བ་གང་མོས་བྱས་ལ། བདག་བསྐྱེད་ཀྱི་དཀྱིལ་འཁོར།] ཧཱུྃ་ཧཱུྃ་ཧཱུྃ། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ཡང་། །མཐའ་ནས་བསྡུས་ཏེ་གཙོ་ལ་ཐིམ། །དེ་ཡང་ཐུགས་སྲོག་ཧཱུྃ་ཡིག་ལ། །ཧཱུྃ་ཡང་རིམ་བཞིན་གྱེན་རྫོགས་ངང་། །ཆོས་ཉིད་གསལ་སྟོང་ཀློང་དུ་བཞག །[ཅེས་བསྐྱེད་པའི་སྣང་ཆ་འོད་གསལ་དུ་བསྡུས་པས་རྟག་མཐའ་བསལ། བརྒྱད་པ་རྒྱུན་གྱི་ཏིང་ངེ་འཛིན་ནི། ཕཊ་ཕཊ་ཕཊ། སླར་ཡང་ཆུ་ལས་ཉ་ལྡང་བཞིན། །དཔལ་ཆེན་སྐུ་རུ་ལམ་གྱིས་གསལ། །གནས་གསུམ་འབྲུ་གསུམ་རྡོ་རྗེའི་གོ །སྣང་སྲིད་ལྷ་སྔགས་ཡེ་ཤེས་ཆེ། །ཧཱུྃ་ཧཱུྃ་བཛྲ་ཀཱ་ཝཱ་ཙི་ཧཱུྃ། བཛྲ་ཙཀྲ་ཏིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རྃ་ཧཱུྃ་ཕཊ༔ [ཅེས་ཟུང་འཇུག་གི་སྐུར་ལྡངས་ཏེ་སྣོད་བཅུད་ལྷའི་འཁོར་ལོར་སྦྱང་བས་ཆད་མཐའ་བསལ་ཏེ།] ཧོ་དགོངས་སུ་གསོལ་ལོ༔ ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙརྻའི་དུས་ལ་བབས་སོ༔ བརྣག་པ་དེ་ཁོ་ནའོ༔ དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་

p. 454

བ་སྤྱད་པའི་མཐུ་བྱིན་གྱིས༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་སྐལ་བ་མཉམ་པར་གྱུར་ཅིག༔ [ཅེས་སྨོན་ལམ་གདབ། ཤིས་པར་བྱ་བའི་ཕྱིར་མེ་ཏོག་གི་ཆར་དབབ་ལ།] རྡོ་རྗེའི་དབྱིངས་ནས་སྨིན་གྲོལ་བྱིན་རླབས་སྩོལ། །རིག་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །ཡེ་ཤེས་ཀློང་ནས་དངོས་གྲུབ་ཆར་བཞིན་འབེབས། །ཡི་དམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག །དམ་ལྡན་སྐྱོང་ཞིང་ཕྲིན་ལས་ཐོགས་མེད་སྒྲུབ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །གནས་སྐབས་ཞི་རྒྱས་དབང་སོགས་ཕྲིན་ལས་ཀྱིས། །དགོས་འདོད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །མཐར་ཐུག་ཡེ་ཤེས་རྡོ་རྗེ་གཞོན་ནུའི་སྐུ། །ཟུང་འཇུག་མཆོག་དངོས་འགྲུབ་པའི་བཀྲ་ཤིས་ཤོག །[ཅེས་སོགས་ཤིས་པ་བརྗོད་པའི་ཚིགས་ཕྲེང་རྒྱ་ཆེར་སྤེལ་བས་བདེ་ལེགས་སུ་བྱའོ། །ཚུལ་འདི་ལ་གཏེར་སྟོན་ཆེན་པོ་ཉིད་ཀྱི་ལྗགས་བསྒྲིགས་ཀྱིས་མཚོན་རྒྱས་བསྡུས་འདྲ་མིན་ཁ་ཅིག་སྣང་བ་ལས། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེས་མཛད་པ་ཉིད་གཏེར་གཞུང་གི་དགོངས་པར་འབྱོར་ཆེ་བས་དེ་ཉིད་གཞིར་བཟུང་། རྩ་བའི་སྡོམ་བྱང་ལས་

p. 455

གཞུང་ཁ་སྐོང་དང་བཅས་པ་དང་། རང་དོན་བྱང་ཆུབ་ནར་མར་སྒྲུབ་པའི་མདོ་བྱང་རྣམས་གུང་བསྡེབས། མངོན་རྟོགས་རྣམས་གུ་རུའི་ཆོག་ཁྲིགས་རྒྱུད་གཞུང་གི་མཆན་བུ་ཁོ་ན་གྱེར་སྒོམ་བདེ་བར་ཚིགས་བཅད་དུ་བསྒྲིག །འདོན་བྱ་ཕལ་ཆེར་གཏེར་གཞུང་རྩ་བའི་རྒྱུད་ཚིག་ཤ་སྟག་བཅས་བཅོས་མ་སོང་བར་བྱས། ཆོ་གའི་ཡན་ལག་མེད་དུ་མི་རུང་བ་འགའ་ཞིག་གསང་བ་སྤྱིའི་འགྲོས་དང་བསྟུན་ནས་རིགས་མཐུན་གྱི་གཏེར་ཚིག་དང་ངག་རྩོམ་ཇི་ལྟར་རིག་པས་བརྒྱན་ཏེ་འཇུག་བདེ་རྣམ་གསལ་གཙང་དག་ཏུ་སྤེལ་བར་བགྱིས་པའོ། །ཕྲིན་ལས་ཕུར་པའི་མདོ་ཏིག་ཀུན་དྲིལ་བ། །སྤུ་གྲིར་འབྲེལ་བ་ཡང་སྙིང་གསང་སྒྲུབ་གཞུང་། །ཨོ་རྒྱན་མཁན་པོའི་ཐུགས་དམ་མགུལ་ཁུག་མ། །བསེ་སྒྲོམ་ནག་པོའི་དབྱིག་ཏུ་གཏམས་པ་གང་། །གཏེར་སྟོན་རྒྱལ་པོ་པདྨ་གླིང་པ་ཡིས། །ཌཱ་ཀི་གསང་བའི་མཛོད་རྒྱ་བཀྲོལ་བ་ལས། །གདམས་ཟབ་རིན་ཐང་བྲལ་བ་དབང་གི་རྒྱལ། །སྐལ་བཟང་འདོད་པ་འཇོ་བའི་དཔྱིད་དུ་ཕྱུངས། །ཚུལ་དེ་ཉེས་བཤད་འདམ་གྱིས་མ་སྦག་པར། །ལེགས་བཤད་གོས་བཟང་ལྷབ་ལྷུབ་གཡོ་ལྡན་པ། །ལྷག་བསམ་གསེར་གྱི་ཡུ་བ་ལ་བརྟེན་ནས། །ཁྲིགས་བསྡེབས་རྒྱལ་མཚན་རྩེ་མོར་དེང་འདིར་བཀོད། །བསོད་ནམས་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལས། །དངོས་གྲུབ་འདོད་རྒུའི་གྲུ་ཆར་རབ་འཇོ་བའི། །རིང་ལུགས་དབྱར་གྱི་ཆུ་གཏེར་ཕྱིར་ཞིང་དུ། །སྲིད་པའི་མཐར་ཡང་འཕེལ་རྒྱས་བཙས

p. 456

གྱུར་ཅིག །སྙིང་པོའི་བསྟན་དང་བསྟན་འཛིན་སྡེ་དང་བཅས། །བར་ཆད་ཡིད་སྲུབས་དཔུང་ལས་རྣམ་པར་རྒྱལ། །ཕུར་བུ་རྣམ་བཞི་གྲུབ་པའི་མཐར་ཕྱིན་ཏེ། །འཁོར་འདས་ཐལ་བར་འབྱིན་པའི་མཆོག་ཐོབ་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་རྒྱན་ཅེས་བྱ་བ་འདི་ནི། གསང་ཆེན་བསྟན་པའི་རྩ་ལག་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་དུ་འདི་ཉིད་ཀྱི་སྒྲུབ་རྒྱུན་གསར་འཛུག་མཛད་པའི་ཚེ་དུས་དང་རྒྱུན་གྱི་ཉམས་བཞེས་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟ་བུ་ཞིག་གྱིས་ཞེས་རྣམ་འདྲེན་གསུང་སྤྲུལ་བཅུ་པ་པདྨ་ངག་དབང་ཆོས་ཀྱི་རྒྱལ་མཚན་གང་གི་བཀའ་སྩལ་རིན་པོ་ཆེའི་ཅོད་པན་སྤྱི་བོའི་རྒྱན་དུ་མཆོད་པར་བྱ་བའི་ཕྱིར། དུས་མཐའི་སྔགས་འཆང་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་དགུར་སོན་པ་ཆུ་ཕོ་འབྲུག་གི་ལོ་སྟོན་ཟླ་འབྲིང་པོ་འབྲས་བུ་བཅུད་དུ་སྨིན་པའི་དུས་བཟང་པོ་ལ། གངས་ཅན་གྱི་ཡུལ་དབུས་ར་ས་འཕྲུལ་སྣང་གི་གྲོང་ཁྱེར་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུན་ས་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ནོར་བུ་དབང་རྒྱལ་གྱིས་བགྱིས་པའོ། །འདིས་ཀྱང་སྐལ་བ་ཅན་གྱི་གདུལ་བྱ་མཐའ་དག་རྡོ་རྗེ་ཕུར་བུའི་ལམ་ལ་བརྟེན་པའི་དངོས་གྲུབ་ཀྱི་དགའ་སྟོན་རང་དབང་དུ་སྤྱོད་པའི་གཞིར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།

དཔལ་རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་བརྒྱུད་འདེབས།

p. 457

[ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་བརྒྱུད་འདེབས་བཞུགས།] ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སེང་པྲ་བྷ་ཧསྟི་རྩལ། །པདྨ་ཐོད་ཕྲེང་མཁར་ཆེན་མཚོ་རྒྱལ་མར། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །མུ་ཏིག་བཙན་པོ་གཏེར་ཆེན་པདྨ་གླིང་། །རྒྱལ་བ་དོན་གྲུབ་སྣ་ཚོགས་རང་གྲོལ་དཔལ། །བསྟན་འཛིན་གྲགས་པ་པདྨ་ཕྲིན་ལས་ཞབས། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །ཚུལ་ཁྲིམས་རྡོ་རྗེ་བསྟན་འཛིན་འགྱུར་མེད་རྗེ། །ཀུན་བཟང་རྡོ་རྗེ་མཆོག་གྲུབ་དཔལ་འབར་སྡེ། །གྲུབ་མཆོག་རྡོ་རྗེ་པདྨ་ཁྱབ་བདག་རྩལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །སྲིད་ཞི་རྣམ་རྒྱལ་བདེ་ཆེན་རྡོ་རྗེའི་ཞབས། །རིག་འཛིན་རྡོ་རྗེ་ཀུན་བཟང་བསྟན་པའི་ཉི། །ཚེ་དབང་ནོར་བུ་དགེ་འདུན་རྒྱ་མཚོའི་དཔལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །བརྒྱུད་སྲོལ་ཀུན་འདུས་དྲིན་ཅན་འཁོར་ལོའི་མགོན། །ཡི་དམ་ཁྲག་འཐུང་དཔལ་ཆེན་དཀྱིལ་འཁོར་ལྷ། །མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །སྣང་གྲགས་འགྱུ་རྟོག་དག་པ་

p. 458

རབ་འབྱམས་ངང་། །དཀྱིལ་འཁོར་གསུམ་གྱི་ཕྱག་རྒྱར་ཡོངས་སྨིན་ནས། །བདུད་ལས་རྣམ་པར་རྒྱལ་བའི་ཧེ་རུ་ཀ ། མཆོག་གི་གནས་ཐོབ་དོན་གཉིས་ལྷུན་གྲུབ་ཤོག །[ཅེས་པའང་རྣམ་འདྲེན་གསུང་སྤྲུལ་བཅུ་པའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་རྒྱུན་ཁྱེར།

p. 459

[ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་རྒྱུན་ཁྱེར་བཞུགས། རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་པ་སྔོན་དུ་འགྲོ་བས།] ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །རང་བྱུང་རྒྱུ་ཡི་ཧཱུྃ་མཐིང་ལས། །འོད་འཕྲོས་སྣོད་བཅུད་སྟོང་པར་སྦྱངས། །སྟོང་ཉིད་དེ་ཡི་མཁའ་དབྱིངས་སུ། །འབྱུང་བ་རིམ་བརྩེགས་རི་རབ་སྟེང་། །རབ་འཇིགས་དུར་ཁྲོད་གཞལ་ཡས་དབུས། །བྲག་ཆེན་པདྨ་ཉི་ཟླའི་གདན། །ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང་། །རྒྱུ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་རྡོ་རྗེ་རྩེ་དགུར་གྱུར། །དེ་ལས་ཚོགས་གཉིས་རྫོགས་པའི་སྐུ། །བདག་ཉིད་བཅོམ་ལྡན་དཔལ་ཆེན་པོ། །རྡོ་རྗེ་གཞོན་ནུ་མཐིང་ནག་འབར། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཞལ་གཡས་དཀར་བཞད་གཡོན་དམར་གཤེ། །དབུས་མཐིང་གཏུམ་རྔམས་མི་བཟད་འཇིགས། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །ཐོད་སྐམ་རིགས་ལྔའི་དབུ་རྒྱན་ཅན། །

p. 460

གཡས་གཉིས་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་ཁ་ཊྭྰཾ་བསྣམས། །ཐ་གཉིས་རི་རབ་ཕུར་པ་འདྲིལ། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །སྐྲ་དང་བ་སྤུའི་ཉག་མ་རྣམས། །རྡོ་རྗེ་ཕྲ་མོའི་རྣམ་པས་གཏམས། །སྤྱན་དགུ་སྡང་མིག་གློག་སྟོང་འགྱུ། །ཤངས་ནས་ཧཱུཾ་གི་ང་རོ་དང་། །ཞལ་ནས་ཕཊ་ཀྱི་སྒྲ་ཆེན་སྒྲོགས། །སྦྲུལ་རིགས་ལྔ་ཡིས་ཕྱག་ཞབས་བརྒྱན། །གླང་ཆེན་ཞིང་གི་ན་བཟའ་དང་། །སྟག་ཤམ་ཐོད་ཕྲེང་ག་ཤ་ཅན། །ཁྲག་ཞག་ཐལ་བའི་ཚོམ་བུས་བརྒྱན། །མཐིང་ནག་དར་གྱི་ཅོད་པན་འཕུར། །སྲ་བརྟན་རྡོ་རྗེའི་གོ་ཁྲབ་གསོལ། །ཙིཏྟ་རིན་ཆེན་ཟུར་བརྒྱད་ནང་། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རིན་ཆེན་རྒྱན་མཛེས་བརྐྱང་བསྐུམ་བཞུགས། །དེ་ཡི་ཐུགས་དབུས་འོད་གུར་སྦུབས། །ཉི་དཀྱིལ་སྲན་གཤགས་ཙམ་པའི་སྟེང་། །རྡོ་རྗེ་ནས་འབྲས་ཙམ་པ་ཡི། །ལྟེ་བར་ཧཱུཾ་ལ་ཀཱི་ལ་ཡ། །འབྲུ་དགུ་སྤུ་རིས་ཙམ་པ་ནི། །མགལ་མེད་ལྟ་བུ་གཡས་ཕྱོགས་འཁོར། །སྲོག་གི་གོ་རུ་

p. 461

ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཙིཏྟའི་སྒོ་སྲུང་རྟ་མགྲིན་དམར། །པདྨ་བྷནྡྷ་ཡུམ་འཁྱུད་འཁྲིལ། །སྐུ་དང་གྲིབ་མའི་ཚུལ་དུ་ཡུམ། །འཁོར་ལོ་རྒྱས་འདེབས་མཐིང་ག་གཡས། །ཨུཏྤལ་ཡབ་འཁྱུད་བྷནྡྷ་གཡོན། །རིགས་ལྔས་དབུ་རྒྱན་གཟིག་ཤམ་གསོལ། །འཁྲིལ་སྦྱོར་བདེ་ཆེན་སྙོམས་པར་ཞུགས། །མི་བཟད་གར་དགུའི་ཉམས་དང་ལྡན། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །གདོད་མ་ཉིད་ནས་དམ་ཚིག་དང་། །ཡེ་ཤེས་འཁོར་ལོ་དབྱེར་མེད་པ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཡོངས་རྫོགས་གྱུར། །ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས། །འབར་བའི་འོད་ཟེར་མཁའ་ཁྱབ་འཕྲོས། །རྒྱལ་མཆོད་རྒྱུད་བསྐུལ་བྱིན་རླབས་བསྡུས། །འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད། །དམ་ཅན་སྲུང་མ་ལས་ལ་བཙུད། །རིག་འཛིན་མཆེད་ལྕམ་ཐུགས་དམ་བསྐངས། །དགྲ་བགེགས་གདུག་པ་ཚར་ཐག་བཅད། །འཁོར་འདས་དྭངས་བཅུད་སླར་འདུས་ཏེ། །བདག་

p. 462

ཐིམ་ཆེ་བའི་ཡོན་ཏན་བསྐྱེད། །སྣང་གྲགས་རིག་པ་ལྷ་དང་སྔགས། །ཆོས་ཉིད་གཉུག་མའི་ཕྱག་རྒྱར་རྫོགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱཿཞེས་ཅི་ནུས་སུ་བཟླས་མཐར། ཧཱུཾ་ཧཱུཾ་ཧཱུཾ། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །རང་ཡང་ཐུགས་སྲོག་ཧཱུཾ་ཡིག་ལ། །ཧཱུཾ་ཡང་རང་བཞིན་གྱེན་རྫོགས་དང་། །ཆོས་ཉིད་གསལ་སྟོང་ཀློང་དུ་བཞག །ཕཊ་ཕཊ་ཕཊ། སླར་ཡང་ཆུ་ལས་ཉ་ལྡང་བཞིན། །དཔལ་ཆེན་སྐུ་རུ་ལམ་གྱིས་གསལ། །གནས་གསུམ་འབྲུ་གསུམ་རྡོ་རྗེའི་གོ །སྣང་སྲིད་ལྷ་སྔགས་ཡེ་ཤེས་ཆེ། །ཧཱུཾ་ཧཱུཾ་བཛྲ་ཀཱ་ཝཱ་ཙི་ཧཱུཾ། བཛྲ་ཙཀྲ་ཏིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུཾ་ཕཊ། དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །སྐྱེ་མེད་ཆོས་སྐུ་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུ་སྤྲུལ་པ། །རྡོ་རྗེ་གཞོན་ནུ་མི་འགྱུར་རྟག་པའི་སྐུ། །དགེ་ལེགས་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག།

p. 463

[ཅེས་པའང་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བའི་སླད་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།]

ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་ཕྲིན་ལས་ཚེ་སྒྲུབ་ཀྱི་ཆོ་ག་འཆི་མེད་བདུད་རྩིའི་ཟ་མ་ཏོག

p. 464
p. 465

༄༅། །ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་ཕྲིན་ལས་ཚེ་སྒྲུབ་ཀྱི་ཆོ་ག་འཆི་མེད་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །

p. 466

ཨོཾ་སྭསྟི། སྐྱེ་འཆི་གཉིས་སྤངས་བདེ་ཆེན་ཐིག་ལེའི་གཟུགས། །རྡོ་རྗེ་གཞོན་ནུ་ཚེ་ཡི་བདག་པོ་དེར། །བཏུད་ནས་འཆི་མེད་ཚེ་མཆོག་སྒྲུབ་པའི་ཚུལ། །མན་ངག་རྩ་བའི་དགོངས་དོན་འདིར་གསལ་བྱ། །[དེའང་དཔལ་ཆེན་ཕུར་བུའི་དཀྱིལ་འཁོར་དང་འབྲེལ་བར་རྡོ་རྗེའི་ཚེ་སྒྲུབ་པར་འདོད་བས། སྦྱོར་བ་རྩ་བའི་དཀྱིལ་འཁོར་གྱི་ལྷོ་ཕྱོགས་རྒྱས་པའི་སར་གངས་རྒྱུད་མ་ཆད་པའི་རི་བཀྲ་ཤིས་པའི་ས་ལས་མཎྜལ་ཁྲུ་གང་གྲུ་བཞི་པ་འཁོར་ལོ་གསེར་པོ་རྩིབས་བརྒྱད་པ་བྲིས་པའི་ཁར་རྫ་འབུམ་དཀར་པོ་སོ་ལྡན་ནམ་ཀ་པཱ་ལ་མཚན་ལྡན་དུ་རྒྱུན་བབས་གཙང་ཆུས་བསིངས་པའི་ཆང་བཟང་པོ་བདུད་རྩི་ཨ་མྲྀ་ཏེ་མངར་གསུམ་སྦྱར་བས་བཀང་བར་འབྲི་ལོ་ལོན་གྱི་མར་རིལ་མཆེད་ཀྱི་གྲངས་

p. 467

མཉམ་བླུག །རྒན་པོ་བཀྲ་ཤིས་པའི་ལག་ནས་བླངས་པའི་ཕྱེ་ཟན་ཚེ་གལ་མཐུན་སྡེབས་སུ་བྱས་པའི་ཚེའི་འབྲང་རྒྱས་ཟླུམ་བརྗིད་རྒྱན་སྤྲོས་ཅན་གྱིས་ཁ་བཅད་ལ་གཟུངས་ཐག་དཀར་པོ་བཏགས་ཏེ་རྒྱས་པའི་ཚེ་ཕུར་ལ་གཏོད། ཚེ་མདའ་རྒོད་སྒྲོམ་མདེའུ་ལྡན་དར་ཚོན་སྣ་ལྔ་མེ་ལོང་བླ་གཡུ་བཏགས་པའང་འདུ་བྱས་ལ། དངོས་གཞི་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་རྩ་བའི་བཟླས་པ་གྲུབ་ནས་ཁྱད་པར་གྱི་དམིགས་བཟླས་བྱ་བ་ནི།] བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སྲས་མཆོག་སྒོ་སྐྱོང་དམ་ཅན་དང་བཅས་པའི་ཐུགས་དམ་བསྐུལ། དེ་རྣམས་ལས་ཡང་སྤྲུལ་ཕོ་ཉའི་ཚོགས་དང་

p. 468

འོད་ཟེར་སྣ་ཚོགས་ལྕགས་ཀྱུའི་དབྱིབས་ཅན་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་སྣོད་བཅུད་ཐམས་ཅད་ཁྱབ། རང་གི་བླ་ཚེ་ཆད་ཉམས་ཡར་བ་རྣམས་དང་། ཕྱི་སྣོད་འབྱུང་བ་ལྔའི་དྭངས་བཅུད། ནང་བཅུད་ཁམས་གསུམ་སྐྱེ་འགྲོའི་ཚེ་བསོད་དཔལ་འབྱོར། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུམ་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འཇའ་ཟེར་ཐིག་ལེ་ཡིག་འབྲུའི་རྣམ་པར་འུབ་ཀྱིས་བསྡུས་ཏེ་རང་ལ་ཐིམ་པས་འཆི་མེད་རྡོ་རྗེ་ཚེའི་སྲོག་ཕུར་ཐེབས། མདུན་གྱི་ཚེ་རྫས་བྷྲཱུྃ་ལས་གཞལ་ཡས་ཁང་རྡོ་རྗེའི་གུར་ཆེན་དུ་བསྐྱིལ་བས་འཆི་བ་མེད་པའི་དམ་རྫས་བཅུད་ལེན་གྱི་སྙིང་པོར་འཁྱིལ་བར་[བསམ་ཞིང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་ཨ་ཡུ་ཤེ་ཧཱུཾ་ཛཿསརྦ་སིདྡྷི་ཕ་ལ་ཧཱུཾ་ཨཱཿ[ཞེས་བརྒྱ་སྟོང་སོགས་ཅི་འགྲུབ་བཟླ། ཐུན་མཚམས་སུ་ཚེ་འགུགས་བསྐུལ་བ་ནི། མདའ་དར་གཡབ་ལ།] ཧཱུཾ༔ དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་རྗེའི་འོད་འཕྲོས་ཚེ་འགུགས་ལྷ༔ ཁྲོ་རྒྱལ་ཡབ་ཡུམ་སྲས་འཁོར་བཅས༔ ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ ཧཱུཾ་ཀཱར་སྒྲ་འབྱིན་ཕག་དང་སྨིག་བུའི་མགོ༔ རྡོ་རྗེ་

p. 469

ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ རྣམ་རྒྱལ་སྙེགས་མ་སྟག་དང་བྱ་རྒོད་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ འདོད་རྒྱལ་མདའ་སྙེམས་སྤྱང་ཁུ་ཁྲ་ཡི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝང་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ ཁམས་གསུམ་གསོད་བྱེད་དོམ་དང་སྲེ་མོའི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ སྟོབས་ཆེན་བསྐྱོད་བྱེད་དྲེད་དང་བྱི་བའི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡ༔ རྡོ་རྗེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔

p. 470

ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ མ་ལྟར་བྱམས་མཛད་དམ་ཅན་རྒྱ་མཚོའི་ཚོགས༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨ་ཡུ་ཥེ་ཧཱུཾ་ཛཿཛཿ[ཞེས་བསྐུལ་ལ་ཚེ་བཅུད་རང་དང་སྒྲུབ་རྫས་ལ་ཡང་ཡང་བསྟིམ་མོ། །རྗེས་ཚེ་དབང་བླང་ཞིང་རྒྱས་གདབ་པ་ནི། སྒྲུབ་པ་ཐེམས་ནས་ཚེའི་ཛ་གད་ཀྱི་བུམ་པ་འབྲང་རྒྱས་དང་མ་འབྲལ་བ་སྤྱི་བོར་བཏེགས་ལ།] ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་ཚེ་དབང་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་ཨ་ཡུ་ཤེ་ཨ་བྷིཥིཉྩ་ཧཱུྃ་ཛ༔ ཀཱ་ཡ་ཨཱ་ཡུ་ཤེ་ཨོཾ༔ ཝཱ་ཀ་ཨཱ་ཡུ་ཤེ་ཨཱཿཙིཏྟ་ཨཱ་ཡུ་ཤེ་ཧཱུཾ༔ [ཞེས་གནས་གསུམ་གཏུགས་ཤིང་ཚེ་རིལ་གཡས་བསྐོར་དང་ཆང་གཡོན་བསྐོར་དུ་རོལ་མཐར།] བྷྲཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་དཀྱིལ་དུ་བསྟིམ༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་གཞོན་ནུའི་སྲོག་ཐོབ་ཤོག༔ ཨཱ་ཡུརྫྙྰ་ན་ཨ་ཨ་ཨ༔ ཞེས་རྒྱས་བཏབ་ལ་ཚེ་མར་སྤྱི་གཙུག་ཏུ་བྱུག་པས། ལུས་རྡོ་རྗེའི་རང་བཞིན་ཅིས་ཀྱང་མི་ཤིགས་པར་བསམ། ངག་གྲགས་སྟོང་ཀཱི་ལ་ཡར་གྲགས་པར་

p. 471

[བསམ། ཡིད་སྟོང་གསལ་གཡུང་དྲུང་ཀློང་དུ་འཁྱིལ་བར་བསམ། མེ་ཏོག་འཐོར་ཞིང་ཤིས་པ་རྒྱ་ཆེར་བརྗོད་པས་བདེ་ལེགས་ཡུན་དུ་སྤེལ་བར་བྱའོ། །འཆི་མེད་རིག་འཛིན་པདྨའི་མན་ངག་ཕུལ། །འཆི་མེད་སྒྲུབ་པའི་ཆོ་ག་གསལ་བྱས་དགེས། །རྡོ་རྗེའི་ཚེ་དང་ལང་ཚོའི་མཆོག་གྲུབ་སྟེ། །རྡོ་རྗེ་གཞོན་ནུའི་ཕྲིན་ལས་ཡོངས་འགྲུབ་ཤོག །ཅེས་པའང་རྒྱལ་བའི་མྱུ་གུ་རྣམ་འདྲེན་གསུང་སྤྲུལ་བཅུ་གཅིག་པའི་གསང་གསུམ་མི་ཤིགས་རྡོ་རྗེའི་རང་བཞིན་དུ་རྟག་ཅིང་ཕྲིན་ལས་མཁའ་ཁྱད་ཏུ་བརྡལ་བའི་རྟེན་འབྱུང་བཟང་པོར་དམིགས་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་གི་མན་ངག་འཇུག་བདེའི་ཆོག་ཁྲིགས་སུ་བསྡེབས་པ་སྟེ། རྣམ་འཕྱངས་ཟླའི་ཡར་ངོའི་ཚེས་བཅུད་ལ་ཀ་ལི་སྤུངས་ཀྱི་རི་སུལ་བཀྲ་ཤིས་འཆི་མེད་པའི་སྐྱེད་ཚལ་ཉམས་དགའ་བའི་གནས་སུའོ།། །།ཨ་ཡུ་སིདྡྷི་རསྟུ།། །།]

དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྒྲུབ་ཆེན་གྱི་ཁོག་དབུབ་དངོས་གྲུབ་འདོད་པ་འཇོ་བའི་ཟ་མ་ཏོག

p. 472
p. 473

༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྒྲུབ་ཆེན་གྱི་ཁོག་དབུབ་དངོས་གྲུབ་འདོད་པ་འཇོ་བའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །

p. 474

དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྒྲུབ་ཆེན་གྱི་ཁོག་དབུབ་དངོས་གྲུབ་འདོད་པ་འཇོ་བའི་ཟ་མ་ཏོག་ཅེས་བྱ་བ། བླ་མ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ངང་ཉིད་ཆོས་དབྱིངས་ཞི་བའི་ཡེ་ཤེས་ནི། །རྗེས་ཆགས་འབར་བའི་ཕྱག་རྒྱར་མངོན་སྣང་བ། །སྲོག་གི་གོ་རུ་ཤར་བའི་ལྷ་མཆོག་དེས། །བརྟན་གཡོའི་སྙིང་ལ་བདེ་ཆེན་རྒྱས་ཐེབས་མཛོད། །དཔའ་བོ་གང་གི་དཀྱིལ་འཁོར་ཆེ། །ཚོམ་བུ་ཚོགས་སུ་བསྒྲུབ་པ་ལས། །དངོས་གྲུབ་འདོད་རྒུར་འཇོ་མཐོང་ནས། །ཚུལ་འདིར་འབད་ལ་སྤྲོ་བ་སྐྱེས། །དེ་ཡང་བར་ཆད་བདུད་བཞིའི་གཡུལ་

p. 475

ལས་རྣམ་པར་རྒྱལ་དཔལ་ཏེ་ཧེ་རུ་ཀ་མཆོག་གི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་དངོས་གྲུབ་ཆེན་པོ་བདེ་མྱུར་དུ་སྒྲུབ་པར་བྱེད་པའི་ལས་ཀྱི་རིམ་པ་འདི་ལ་སྤྱི་དོན་རྣམ་པ་གསུམ་སྟེ། གང་ཞིག་སྒྲུབ་པར་བྱ་བའི་གཞི། གང་གིས་སྒྲུབ་པར་བྱེད་པའི་ཐབས། དེ་ཉིད་མངོན་པར་གྲུབ་པའི་འབྲས་བུའོ། །དང་པོ་ནི། འདི་ལྟར་འགྲོ་བ་ཡོངས་ལ་ཀུན་ཁྱབ་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པ་ལྷའི་བདག་ཉིད་ཆེན་པོར་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པ་ཉིད་གློ་བུར་གྱི་དྲི་མ་དང་འབྲེལ་བས་གནས་ལུགས་ཀྱི་ཡོན་ཏན་མངོན་དུ་གྱུར་བ་དེ་མངོན་དུ་འགྱུར་བར་བྱ་བ་ལ་དམིགས་པའོ། །གཉིས་པ་ནི། སྤྱིར་ཕྲིན་ལས་ཕུར་བུ་རོལ་པའི་ལམ་རིམ་མཐའ་དག་ཐལ་འབྱིན་རྣམ་པ་བཞིའི་

p. 476

སྒོ་ནས་བསྒྲུབ་པ་ཡིན་ལ། བྱེ་བྲག་སྒྲུབ་ལུགས་ལག་ལེན་གྱི་ཆིངས་སུ་སྔ་མ་གཉིས་སྲོག་ཏུ་བཞག་ནས་ཕྱི་མ་གཙོར་བཏོན་གྱི་དབང་དུ་བྱས་ཏེ་སྟོད་སྨད་ཀྱི་ལས་གཉིས་སུ་ཕྱེ་བ་ལས། འདིར་སྟོད་ལས་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་ལས་རིམ་ཉིད་འཆད་པར་བྱ་བ་ཡིན་ཅིང་། དེའང་སྒྲུབ་ཐབས་རྩ་བ་ལས། གཞུང་དངོས་བྱང་ཆུབ་ནར་མ་དང་༔ ཐུན་མོང་ཚོམ་བུར་སྒྲུབ་པ་ཆེ༔ ཞེས་རྣམ་གྲངས་གཉིས་སུ་འབྱུང་བས། འདིར་ཕྱི་མ་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་པྲ་ཁྲིད་ལག་ལེན་དུ་བསྡེབས་པར་བྱ་བ་ལ་གཉིས། སྒྲུབ་པའི་གཞི་བཟུང་བ་དང་། སྒྲུབ་པ་དངོས་ལ་འཇུག་པའོ། །དང་པོ་ནི། བི་ཏོ་ལས། དང་པོ་སྟོན་འཁོར་གནས་ཡོ་བྱད༔ སྒྲུབ་ཆོས་ཕུན་ཚོགས་ལྔས་གཞི་བཟུང་༔ ཞེས་གསུངས་པས། གང་གིས་སྒྲུབ་པའི་སློབ་དཔོན་བདག་ཉིད་ཡོན་ཏན་དང་ལྡན་པ། གང་དང་ལྷན་ཅིག་སྒྲུབ་པའི་ཚོམ་བུར་འབྲེལ་བའི་འཁོར་དམ་ཚིག་གཙང་བ། གང་དུ་སྒྲུབ་པའི་གནས་བཀྲ་ཤིས་དགེ་མཚན་ཚང་བ། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད་ཀྱི་རྫས་ཐམས་ཅད་ཚོགས་པ། གང་ཞིག་བསྒྲུབ་བྱའི་ཆོས་སྤྱི་དང་ཁྱད་པར་གཞུང་འདིའི་ཁོག་དོན་ཁྲོལ་ཞིང་མན་ངག་ཚང་བས་སྒྲོ་འདོགས་ཆོད་པ་སྟེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔས་ལས་ཀྱི་གཞི་བཟུང་བར་བྱའོ། །གཉིས་པ་སྒྲུབ་པའི་རིམ་པ་དངོས་ལ་གསུམ། སྦྱོར་བ་སྔོན་འགྲོའི་ལས་རིམ་གྱིས་ཁོག་དབུབ་པ། དངོས་གཞི་བསྙེན་སྒྲུབ་ཕྲིན་ལས་ཀྱི་གཞུང་བསྲང་བ།

p. 477

རྗེས་མཐའ་རྒྱས་ཀྱི་བྱ་བས་མཇུག་བསྡུ་བའོ། །དང་པོ་ལ་བཞི། སའི་ཆོ་ག །ལྷག་པར་གནས་པ། རྟེན་གྱི་དཀྱིལ་འཁོར་བཅའ་བ། ཕྲིན་ལས་ལ་འཇུག་པའི་ཡན་ལག་གོ །དང་པོ་ལའང་ལྔ། ས་བརྟག་པ། བསླང་བ། སྦྱོང་བ། བཟུང་བ། བསྲུང་བའོ། །དང་པོ་ནི། ལྟོ་འཕྱེ་དང་རྟེན་འབྲེལ་བརྟག་པ་སོགས་ཏེ་སྒྲུབ་གནས་རྙིང་པ་ལ་མི་དགོས་པའི་ཕྱིར་འདིར་མ་སྨྲོས་ལ། ཤེས་པར་འདོད་ན་གཞུང་གཞན་དུ་བལྟའོ། །གཉིས་པ་ལ་གཉིས་ལས། དང་པོ་སྣང་བ་མི་ལས་བསླང་བ་ནི། རྒྱལ་པོ་ལ་སོགས་པས་ཡུལ་དེ་བདག་ཏུ་བཟུང་བ་ཡོད་ན་དགོས་པའི་རིན་དང་བདེན་པའི་གཏམ་གྱིས་བཀྲོལ་ཏེ་གནང་བ་ཞུ་ཞིང་སླད་མར་བར་ཆད་མི་འབྱུང་བར་བྱའོ། །གཉིས་པ་མི་སྣང་བ་ལས་བསླང་བ་ནི། གང་དུ་བྱ་བའི་གཞི་དེར་དྲིའི་མཎྜལ་མེ་ཏོག་གི་ཚོམ་བུ་ཅན་གྱི་མཐར་མཆོད་པ་དང་ས་བདག་སྤྱི་སྒོས་ཀྱི་གཏོར་མ་བཤམ། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཉེར་བསྡོག་བྱས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་ཨ་མྲྀ་ཏས་བསང་།] སྭ་བྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་

p. 478

པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻདྱ་ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ [ཞེས་དང་།] གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ [ཞེས་ལན་གསུམ་གྱིས་བྱིན་བརླབ། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བརྡེག་པའི་ཚུལ་བྱ་ཞིང་། ཧ་ཧ་ཧཱུྃ་ཧཱུྃ་ཧེ་ཧེ༔ རྡོ་རྗེའི་གད་མོས་ལྷ་མོའི་རྒྱུད་བསྐུལ་བས་ས་དེ་བརྡོལ་བ་ལས་ལྷ་མོ་བརྟན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་བུམ་པ་བསྣམས་པ༔ ཞི་ཞིང་འཛུམ་པའི་ཉམས་ཅན། དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་སྟེང་དུ་འཐོན་པར་[བལྟས་ལ།] ཨོཾ་པྲི་ཐི་དེ་ཝྰི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། [སོགས་ནས།] ཤཔྡའི་[བར་གྱིས་མཆོད།] ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎྰཾ་ཨཱདྱ་ནུཏྤནྣ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ས་གནོན་གྱི་རྒྱས།] སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱེད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་

p. 479

བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་[བསམ། དེ་ནས་བྱེ་བྲག་གི་སའི་བདག་པོ་རྣམས།] བྷྰུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] སྠཱ་ན་པ་ཏིཀྵེ་ཏྲ་པཱ་ལཉྩ་ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ནས།] གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །བྷྰུ་མི་པ་ཏི་ས་པ་རི་ཝཱ་ར་སརྦ་བྷྰུ་ཏ་གཙྪ། གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་[བསམ་ལ། ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །གསུམ་པ་ས་སྦྱོང་བ་ནི། སྨན་སྣ་དང་བ་བྱུང་ལྔ་སྦྱར་བའི་དྲིའི་ཆུས་དཀྱིལ་འཁོར་གྱི་གཞིར་དབང་ལྡན་ནས་བརྩམས་ཏེ་བྱུགས་ཤིང་།] ཨོཾ་བྷྰུ་ཁཾ༔ ས་གཞི་ནམ་མཁར་[བསམ།] ཧཱུྃ་ལཾ་ཧཱུྃ། རྡོ་རྗེའི་ས་གཞིར་བསྐྱེད། ཨོཾ་མེ་དེ་ནཱི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུྃ། རྡོ་རྗེའི་རང་བཞིན་དུ་

p. 480

བཅིངས་ཏེ་བྱིན་གྱིས་བརླབས་པར་གྱུར། ས་ལ་སོགས་པ་སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་[མོས་པར་བྱའོ། །བཞི་པ་ས་བཟུང་བ་ནི། སློབ་དཔོན་སྟེགས་བུའི་དབུས་སུ་གནས་པས་རྡོ་རྗེའི་འགྲོས་ཀྱིས་དཔྱིད་གསུམ་ལྷོ། དབྱར་གསུམ་ནུབ། སྟོན་གསུམ་བྱང་། དགུན་གསུམ་ཤར་དུ་ཕྱོགས་ཏེ། ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿ ཧྲཱིཿ ཕེཾ་ཕེཾ། [ཞེས་པའི་གད་མོ་ཆེར་བསྒྲག །] རང་ཉིད་དཔལ་ཆེན་པོར་གསལ་བའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་མིག་འབྲས་ཧཱུྃ་ལས་བསྐལ་པའི་མེར་འབར་བ་ཁྲོས་པའི་སྡང་མིག་བལྟས་པ་ཙམ་གྱིས་བགེགས་ཐམས་ཅད་ཐལ་བར་བརླག་པར་[བསམ་ལ། རྡོ་རྗེའི་ཁྲོ་བོའི་ལྟ་སྟངས་ཀྱིས་ཕྱོགས་ཀུན་ཏུ་བལྟ་ཞིང་།] ཀཱི་ལ་ཡ་[བརྗོད་པས་ཆེ་བའི་ང་རྒྱལ་བསྐྱེད་དེ་རྐང་མཐིལ་ཧཱུཾ་ལས་འབར་བའི་རྡོ་རྗེར་བྱས་ནས། སྒེག་པ་དང་བཅས་པས་རྡོ་རྗེ་གསོར། དྲིལ་བུ་འཁྲོལ་ཞིང་རྡོ་རྗེའི་གོམ་པས་གཡས་སུ་བསྐོར་ནས་དབང་ལྡན་དུ་སོང་སྟེ། ལས་བྱང་བཞིན་བགེགས་ལ་གཏོར་མ་བྱིན་ནས་བཀའ་བསྒོ་ཞིང་དྲག་པོའི་ཚམ་རྔམས་དང་བཅས་པས་བསྐྲད།] ཁྲོ་བོ་དུ་མ་སྤྲོས་པས་བགེགས་བཅོམ། དཀྱིལ་འཁོར་གྱི་གཞི་ཧཱུྃ་ལས་རྡོ་རྗེའི་རང་བཞིན་དུ་གྱུར་[པར་བསམ། གཞན་ཡང་སྤྲོས་པ་

p. 481

ལ་དགའ་བས་ཆས་སུ་ཞུགས་ཏེ་ཁྲོ་བོའི་ཉམས་དང་ལྡན་པས་ཧཱུྃ་སྒྲ་དྲག་པོར་བརྗོད་ཅིང་ཁྲོ་བོ་བཅུའི་རྣམ་འགྱུར་སོགས་འབར་བའི་སྟངས་སྟབས་ཇི་ལྟར་རིགས་པས་ཀྱང་གཅག་ཅིང་གཟུང་བར་བྱའོ། །ལྔ་པ་ས་བསྲུང་བ་ནི། སློབ་དཔོན་གྱིས་དབང་མཆོག་གི་ཕུར་བུ་བཟུང་ལ།] ཕུར་བུ་སྐད་ཅིག་གིས་བཛྲ་ཀཱི་ལ་ཡ་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ། སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་[གྱུར་པར་བསམ་ལ། ཕུར་བུ་འདྲིལ་ཞིང་།] ཨོྃ་གྷ་གྷ་གྷྰ་ཏ་ཡ་གྷྰ་ཏ་ཡ་སརྦ་དུ་ཥྚན་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ༔ [ཅེས་ལན་གསུམ་གྱིས་སྟེགས་བུའི་དབུས་སུ་གདབ་པས།] ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཁེངས་པར་[བསམ་མོ། །དེ་དག་ནི་སའི་ཆོ་གའོ། །སྐབས་འདིར་རྒྱབ་རིམ་གྱི་དཔུང་དུ་སྤྱི་བཤགས་བྱ་སྟེ། སྰཙྪ་གདབ། སྲོག་བསླུ། ཉེའུ་འདོན། བཤགས་སྐོང་། སྦྱིན་སྲེག །མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར་དང་། གཟུངས་མདོ་སྒྲོག །ཁྱད་པར་སྒྲུབ་ཁང་གི་ཤར་དུ་ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་ཤེར་ཕྱིན། ལྷོར་བདུད་འཇོམས་ཕྱིར་སྟོབས་པོ་ཆེ། ནུབ་ཏུ་རྒྱུ་འབྲས་གོ་ཕྱིར་ལང་གཤེགས། བྱང་དུ་བར་ཆད་ཞི་ཕྱིར་ཏོག་གཟུངས་རྣམས་བཀླག་པ་སོགས་དགེ་བའི་དཔུང་བསྐྱེད་པའི་ཕྱིར་རང་ངམ་གཞན་གྱིས་

p. 482

ཀྱང་ཅི་འགྲུབ་ཏུ་བྱའོ། །གཉིས་པ་ལྷག་པར་གནས་པའི་རིམ་པ་ནི། ལྷ་དང་བུམ་པ་སློབ་མ་རྣམས་སྟ་གོན་དུ་བསྒྲུབ་པ་སྟེ། སྒྲུབ་ཆེན་དབང་བསྐུར་དང་འབྲེལ་བའི་སློབ་མ་རྗེས་སུ་བཟུང་བ་གཙོ་བོར་བྱེད་པའི་ཚེ་སྨིན་བྱེད་ཀྱི་ཆོ་གའི་སྐབས་བཞིན་ལག་ཏུ་བླང་བར་བྱ་ཞིང་། མོས་སློབ་སྒྲུབ་ཆེན་འདྲ་འབག་སྤྱི་ཙམ་ལ་ནི་དེ་དག་ངེས་པར་དགོས་པ་མ་ཡིན་པས་སྒྲུབ་གཞུང་ཆེན་པོ་གཞན་དག་ལས་ཀྱང་མི་འབྱུང་བ་བཞིན་འདིར་ཡང་མ་སྨོས་སོ། །གསུམ་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་བདུན། མཚམས་བཅད་པ། མ་ཏྲཾ་བསྒྲལ་བ། ཆག་ཆག་གདབ་པ། ཐིག་གདབ་བ། ཚོན་དགྱེ་བ། ཕུར་བུ་དགོད་པ། རྒྱན་རྫས་དགྲམ་པའོ། །དང་པོ་ལ་གསུམ་གྱི། ཐོག་མར་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱིའི་ཕྱོགས་བཞིར་ཐོ་བཞི་བརྩིགས་ལ་རྒྱལ་ཆེན་བཞིའི་སྐུ་རྟེན་རབ་གནས་ཅན་གཟུག །དེ་དག་གི་མདུན་དུ་མཆོད་པ་ཆུ་གཉིས་ཉེར་སྤྱོད་ལྔ་དང་གཏོར་མ་རེ་བཤམས་ལ། སྒྲུབ་པ་པོ་རྣམས་དཔལ་ཆེན་པོའི་སྙེམས་པ་དང་བཅས་པས་ཤར་དུ་སོང་སྟེ། མངོན་པར་བཤམས་པའི་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ནས།] རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ལ།] ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་

p. 483

སྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡའི་[བར་གྱིས་མཆོད། རྩ་སྔགས་མཐར།] ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ།] ཧཱུྃ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་པི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །[ཅེས་བསྟོད་ཅིང་ཕྲིན་ལས་བཅོལ།] ཨོཾ་དྷྲིཥྚ་རཥྚ་ཡ་སྭཱ་ཧཱ། ཏིཥྛ་བཛྲ། [ཞེས་བརྟན་བཞུགས་བྱ། དེ་བཞིན་དུ་ལྷོ་ལ་སོགས་པའི་ཕྱོགས་གཞན་གསུམ་དུ་རིམ་བཞིན་སོང་སྟེ། ཆོ་ག་གཞན་སྔ་མ་ལྟ་བུ་ལས་ཤར་ཕྱོགས་ཀྱི་མལ་དུ་ལྷོ་ནུབ་བྱང་རྣམས་དང་།] ཡུལ་འཁོར་སྲུང་[ཞེས་པའི་ཚབ་ཏུ།] འཕགས་སྐྱེས་པོ། མིག་མི་བཟང་། རྣམ་ཐོས་སྲས། [ཞེས་བསྒྱུར་བས་སྤྱན་

p. 484

འདྲེན་མཆོད་གཏོར་འབུལ་བ་རྣམས་ཤེས་པར་བྱས་ལ། བསྟོད་པའི་ཚེ།] ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། །མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བཻ་རཱུ་ཌཱ་ཀཱ་ཡ་སྭཱ་ཧཱ། ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་མི་བཟང་། །དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བི་རཱུ་པཀྵ་ཡ་སྭཱ་ཧཱ། ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ། །གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བཻ་ཤྲ་མ་ཎྰ་ཡ་སྭཱ་ཧཱ། [ཞེས་དང་། ཕྲིན་ལས་བཅོལ་བ་སོགས་གོང་བཞིན་བྱ། ཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིས་རྡོ་རྗེའི་གུར་ཕུབ་པར་བསམ་མོ། །གཉིས་པ་ནང་མཚམས་བཅད་པ་ལ་གསུམ་གྱི། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་གཟུགས་རྟེན་ཚུལ་བཞིན་དུ་བྲིས་པ་སྒྲུབ་ཁང་གི་སྒོ་དྲུང་དོང་གྲུ་གསུམ་པར་བཀོད། སྡོང་གྲོགས་བཅོལ་བའི་ཕྱིར་གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས། ཀཱི་ལ་ཡའི་སྔགས་ཀྱིས་ང་རྒྱལ་བསྐྱེད་དེ།] ཨེ་ཡཾ་ཛྭ་ལ་རྃ། བྲུབ་

p. 485

ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་[གསལ་ལ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།] སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པར་བྱེད་པའི་དམ་སྲི་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ཁུག་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོཿ[ཞེས་དགུག་གཞུག་བྱ། ལས་བྱང་བཞིན་བབ་བརྒྱད་སོགས་ཀྱིས་བསྐུལ་ནས།] ཨོཾ་ལཾ་[སོགས་བརྗོད་ལ་ཕུར་སྐོར་ཚམ་རྔམས་དང་བཅས་ཚེ་ཁྲུས་ཀྱི་དགོངས་པས་རྣམ་པར་ཤེས་པ་རྡོར་སེམས་ཡབ་ཡུམ་གྱི་སྲས་སུ་བསྐྲུན། རྣམ་སྨིན་བག་ཆགས་ཀྱི་ལུས་རྟེན་དོང་ནང་དུ་སྤྱི་ཚུགས་སུ་མནན་ནས་རོ་གཡམ་ལ་སྣ་ཚོགས་རྡོ་རྗེ་དང་རི་རབ་གླིང་བཞི་བྲིས་པས་བཀབ་སྟེ།] ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་ནི་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་མ་མོ་བདུན་གྱི་རྒྱ༔ བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་རྒྱ༔ དགུ་ནི་ཧེ་རུ་ཀློང་དགུའི་རྒྱ༔ བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་མནན༔ རི་རབ་བརྗིད་པའི་འོག་ཏུ་

p. 486

མནན༔ དཔལ་གྱི་བྲོ་ར་བྱས་ཏེ་མནན༔ བསྐལ་པ་བྱེ་སྙེད་མཐའ་རུ་མནན༔ [ཞེས་རྒྱ་བཅུས་གདབ་ཅིང་ལས་བྱང་བཞིན་བྲོ་བརྡུང་ངོ་། །གཉིས་པ་སྒོ་སྲུང་བ་ནི། བསེ་བྱང་གཉིས་ཀྱི་མདུན་ངོས་ལ་གཤིན་རྗེ་གཤེད་དང་བདུད་རྩི་འཁྱིལ་བའི་སྐུ་བྲི་ཞིང་རྒྱབ་ཏུ་སོ་སོའི་སྙིང་པོ་འདོད་དོན་སྤེལ་ཚིག་ཅན་ཕུར་བུ་རེ་དང་བཅས་པའི་གཤིན་རྗེ་སྒོའི་ཕྱི་རོལ་དང་འཁྱིལ་བ་སྒོའི་ནང་ལོགས་ཀྱི་སྟེང་དུ་བཀོད། མདུན་དུ་མཆོད་པ་ལྔ་གཏོར་མ་དང་བཅས་པ་བཤམས་ཤིང་བྱིན་གྱིས་བརླབས་ཏེ། རྟེན་བསང་སྦྱང་།] སྟོང་པའི་ངང་ལས་པད་ཉི་དྲེགས་པའི་སྟེང་དུ་ཡ་ལས་གཤིན་རྗེ་ནག་པོ་ཐོད་དབྱུག་དང་ཞགས་པ་ཐོགས་པ། ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་ནག་རལ་གྲི་དང་རྒྱ་གྲམ་འཛིན་པ། གཉིས་ཀའང་སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་པོའི་དབུས་ན་གནས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿས། གཉིས་སུ་མེད་པར་[བསྟིམ། པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད་ཅིང་། སྔགས་གཉིས་ཀྱི་མཐར་གཏོར་སྔགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ།] ཧཱུཾ། བཅོམ་ལྡན་ཁྲོ་བོའི་

p. 487

རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །[ཅེས་བསྟོད། བརྟན་པར་བྱ་བའི་ཕྱིར།] ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ [ལན་བདུན་བཟླས་ནས།] ཁྲོ་བོ་གཤིན་རྗེའི་གཤེད་ཀྱིས་སྒྲུབ་པའི་གནས་འདིར་ཕྱིའི་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །[ཅེས་དང་།] ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ [བདུན་བཟླས་ནས།] ཁྲོ་བོ་བདུད་རྩི་འཁྱིལ་བས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །[ཅེས་འདོད་དོན་གསོལ་ལོ། །གསུམ་པ་ཁྲོ་བཅུའི་མཚམས་གཅོད་ནི། སེང་ལྡེང་ལ་སོགས་པའི་ཕུར་བུ་སོར་བཅུ་གཉིས་པ་ཙནྡན་དམར་པོས་བྱུག་པ་བཅུའམ་མགུལ་དུ་ཁ་དོག་ལྔའི་སྲད་བུས་དཀྲིས་ཤིང་རྩེ་མོར་མེ་ཏོག་དང་ཡུངས་དཀར་གྱི་ཐུམ་བུ་བཅིངས་པ་རྣམས་བསང་སྦྱང་།] སྟོང་པའི་ངང་ལས་ཧཱུྃ་ཡོངས་སུ་གྱུར་པ་ལས་ཕུར་བུ་རྣམས་སྟོད་ཁྲོ་བོ་བཅུ་ལ་སྨད་ཕུར་བུའི་དབལ་ཅན་རྩེ་མོ་རབ་ཏུ་འབར་བའི་མེ་ལྟ་བུར་[བསམ་ནས། ཕུར་བུ་རྣམས་བསྒྲིལ་ཞིང་།] ཀཱི་ལ་ཡ་[དང་ཁྲོ་བཅུའི་སྔགས་བརྗོད་པས་བྱིན་གྱིས་བརླབས་

p. 488

ཏེ།] དབང་པོ་ལ་སོགས་པའི་བགེགས་རྣམས་ཀྱི་སྤྱི་བོ་ནས་བསྡིགས་པས་གསང་བའི་བར་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་[པར་བསམ་ལ།] ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ [ཅེས་པ་ནས་སྟོབས་པོ་ཆེའི་བར་གྱི་སྔགས་ཚིག་རྣམས་བརྗོད་བཞིན་ཕུར་བུ་རྣམས་དཀྱིལ་འཁོར་ཁང་པའི་ཕྱོགས་མཚམས་བརྒྱད་དང་སྟེང་འོག་གི་ཕུར་བུ་ཤར་ནུབ་ཏུ་གདབ་ཅིང་།] དེ་རྣམས་ཀྱིས་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་[བསམ་མོ། །གསུམ་པ་གསང་མཚམས་ནི། བར་དུ་བཅད་བྱ་གཅོད་བྱེད་ཐམས་ཅད་གཟུང་འཛིན་སེམས་ཀྱི་རྣམ་པར་རྟོག་པའི་ངོར་སྣང་བ་ཙམ་སྟེ། སེམས་ཉིད་ཡེ་ནས་སྟོང་གསལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ངོ་བོ་ལ་བར་ཆད་ཀྱི་མཚན་མ་ནམ་ཡང་གྲུབ་པ་མེད་པས་ན་སྲིད་ཞི་མཉམ་ཉིད་དུ་རིག་པ་ནི་མི་ཤིགས་རྡོ་རྗེའི་མཚམས་གཅོད་བླ་ན་མེད་པའོ། །གཉིས་པ་མ་ཏྲཾ་བསྒྲལ་བ་ནི། ཁམས་ལ་མ་ཏྲཾ་གི་གཟུགས་ཐལ་སྐྱ་མི་སྡུག་པའི་རྣམ་པ་ཅན་ཞིག་བཅོས་པ་དཀྱིལ་འཁོར་གྱི་གཞིར་མགོ་ལྷོ་ནུབ་ཏུ་ཕྱོགས་པར་གན་རྐྱལ་དུ་བཞག་ལ།] རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་ལྕགས་ཀྱུས་བར་དུ་གཅོད་

p. 489

པའི་བདུད་བགེགས་ལོག་འདྲེན་བཀུག་པར་[བསམ་ཞིང་། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།] རྣམ་པ་མ་ཏྲཾ་རུ་དྲ་ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་དྲ་ཨཱ་ཀརྵ་ཡ་ཛཿཏྲི་ཡཾ་ཛཿཛཿཧཱུྃ་བྃ་ཧོཿ[ཞེས་དགུག་བསྟིམ་བྱ། དེ་ནས་ལས་ཀྱི་གིང་དཀར་ནག་གཡས་ཟངས་གྲི་དང་གཡོན་སྙིང་ཐོགས་པ་གཉིས་ཆས་སུ་བཅུག་པ་ལ་སློབ་དཔོན་གྱི་ཐུགས་ཀ་ནས་སྒྲོལ་བྱེད་ཌཱ་ཀྐི་རཱ་ཛ་དཀར་ནག་གཉིས་སྤྲོས་ཏེ་སོ་སོ་ལ་བསྟིམས་ནས་སྒྲོལ་གིང་དུ་མངའ་གསོལ། དེས་ཀྱང་སྙེམས་པ་བརྟན་ཅིང་དྲག་པོའི་གོམ་སྟབས་དང་བཅས་པས།] ཧཱུྃ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །དུག་གསུམ་ཉོན་མོངས་དབང་དུ་སོང་། །གསང་བའི་དཀྱིལ་འཁོར་གཉན་པོ་བཤིག །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །དེ་ཚེ་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་བརྒྱད་དུ་བྱས། །དེ་བཞིན་ཞིང་བཅུའི་རུ་དྲ་ཁྱོད། །བདག་མེད་ཆོས་ཀྱི་དབྱིངས་སུ་བསྒྲལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཏྲཾ་རུ་དྲ་པྲ་བྷཉྩ་ཀྲ་ཧཱུྃ་ཕཊ། ཙིཏྟ་པྲ་བེ་ཤ་ཡ་ཕཊ༔ [ཅེས་མ་ཏྲཾ་བསྒྲལ། སློབ་དཔོན་གྱིས་དེའི་སྙིང་ཕྱུངས་ཏེ་ཞལ་དུ་གསོལ་བར་བསམ་ཞིང་།] ཏི་ཧཱུྃ། ཨེ་སྥ་ར་ཎ་ཕཊ། [ཅེས་རྣམ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་སྦྱར།

p. 490

ཉོན་མོངས་པའི་ཡིད་དཔལ་ཆེན་པོའི་ཞབས་འོག་ཏུ་མནན་ལ་དོན་སྙིང་ནང་རོལ་རྣམས་ཕོ་ཉའི་ཚོགས་ཀྱིས་རོལ་པར་བསམ།] བྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ། ཁོག་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པར་[བལྟས་ལ། མགོ་བོ་དཀྱིལ་འཁོར་གྱི་ལྷོ་ནུབ། སྙིང་ནུབ། ལག་གཡོན་ནུབ་བྱང་། རྐང་གཡོན་བྱང་། མཚན་མ་བྱང་ཤར། རྐང་གཡས་ཤར། ལག་གཡས་ཤར་ལྷོ། གློ་བ་ལྷོ། ཁོག་པ་དབུས་རྣམས་སུ་འགོད་དོ། །གསུམ་པ་ཆག་ཆག་གདབ་པ་ནི། ཀ་པཱ་ལར་ཁྲག་ཆེན་བདུད་རྩི་ལྔ་དྲི་དང་སྦྱར་བ་ཐོགས་ལ།] ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པས༔ དེ་བཞིན་གཤེགས་པའི་ཕྲིན་ལས་མཆོག་བསྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་མཎྜལ་ཧཱུྃ༔ [ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་གཞི་དེའི་དབང་ལྡན་ནས་གཡས་བསྐོར་དུ་ཁྱེམ་མེད་པར་ཆག་ཆག་གདབ་བོ། །བཞི་པ་ཐིག་གདབ་པ་ལ་གཉིས་ཀྱི། དང་པོ་ཡེ་ཐིག་ནི། རྒྱུས་ཆེན་ནམ། ཁ་དོག་ལྔ་པའི་སྲད་བུ་མཚན་ཉིད་དང་ལྡན་པ་བསང་སྦྱང་།] སྟོང་པའི་ངང་ལས་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ཁ་དོག་ལྔ་ལས་ཁྲག་འཐུང་རིགས་ལྔ་ཡུམ་དང་བཅས་པའི་སྐུར་གྱུར་པའི་ཐུགས་ཀའི་འོད་ཟེར་

p. 491

གྱིས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བཾ་ཧོཿ[ས་བསྟིམ། ཉེར་སྤྱོད་ལྔས་མཆོད།] བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །[སོགས་ཤྭ་ལོ་ཀས་བསྟོད།] དེ་རྣམས་ཞུ་བ་ལས་བྱུང་བའི་ཐིག་སྐུད་དུ་གྱུར་[པར་བསམ་ལ།] ལས་ཀྱི་རྡོ་རྗེ་ཡུམ་དུ་གསལ་བའི་ལག་ཏུ་གཏད་དེ། ཧཱུྃ༔ མཚན་ལྡན་བཀྲ་ཤིས་སྦྱོར་བའི་ཡུམ༔ དྲག་པོས་སྒྲོལ་བའི་ཡུམ་ཆེན་ནི༔ གདོལ་བ་ནག་པོ་གཉེར་ཕྲེང་མ༔ རྡོ་རྗེ་དྲག་པོའི་ལས་རྣམས་སྒྲུབ༔ གསང་བ་རྡོ་རྗེའི་ཐིག་འདེབས་ཀྱིས༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ ཨོཾ་བྷྲཱུྃ་ཛྙཱ་ན་ཨེ་མཎྜལ་བྷྲཱུྃ༔ [ཞེས་བརྗོད་ཅིང་སློབ་དཔོན་ནུབ་དང་སློབ་མ་ཤར་དུ་གནས་པས་ཚངས་ཐིག་དང་པོ་མཁའ་ལ་གདབ་ཅིང་། དེ་བཞིན་དུ་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་བས་ཚངས་ཐིག་གཉིས་པ་དང་ཟུར་ཐིག་རྣམས་ནུབ་ནས་ལྷོ་བྱང་། ལྷོ་ནས་ནུབ་ཤར་གྱི་རྩ་ཐིག་རྣམས་གདབ། ཡུམ་གྱི་མཁའ་ཀློང་དུ་ཡབ་ཀྱི་བྱང་སེམས་མཁའ་མཉམ་གྱི་ཐིག་ལེར་འདྲེས་ཏེ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པར་བལྟའོ། །གཉིས་པ་ལས་ཐིག་ནི། ཐིག་ཆལ་གྱིས་སྦགས་པའི་སྐུད་པ་བསྐྱང་སྟེ། ཧཱུཾ༔ ནམ་མཁའ་བར་སྣང་ཨེ་ཡི་ངང་༔ གསང་བ་ཡེ་ཤེས་ཐིག་

p. 492

བཏབ་པས༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་གནས༔ ཕོ་བྲང་ཡིད་བཞིན་ལྷུན་གྱིས་གྲུབ༔ བྷྲཱུྃ་བི་ཤྭ་བི་ཤུངྔྷེ་རཏྣ་བྷཉྫ་ན་ཨེ་མ་མཎྜལ་བྷྲཱུྃ༔ [ཞེས་བརྗོད་ཅིང་འདུག་གནས་སྤྱོད་ལམ་ཡེ་ཐིག་གི་སྐབས་ལྟ་བུས་འདི་ལྟར་གདབ་སྟེ། ཐོག་མར་ཤར་ནུབ་ཚངས་ཐིག་གདབ། །ལྷོ་བྱང་མཚམས་བཞིར་བྱ་རྗེས་བཙལ། །དེ་སྟེང་ཚངས་ཐིག་གཉིས་པ་དང་། །ཟུར་ཐིག་གཉིས་གདབ་གྲུ་བཞིར་བཅད། །ཚངས་པའི་ཐིག་གི་གཡས་གཡོན་ཏུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་དང་། །ཆ་ཆུང་ཚངས་ངོས་དང་པོ་ཉིད། །ཕྱེད་བཏབ་ཕྱི་བསིལ་གཉིས་པ་བཞིར། །གསུམ་མཐར་ཆ་ཕྲན་གཅིག་བཏབ་བཞི། །དོར་རྗེས་ལྔ་པའི་མཐའ་བསིལ་དབུས། །བཞག་ལ་དྲུག་ཕྱེད་ཕྱི་མ་བསིལ། །བདུན་པ་བཞིར་བགོས་བརྒྱད་དབུས་དོར། །གསུམ་པའི་ཆ་ཕྲན་ནང་ཟླུམ་པོར། །གཅིག་ཕྱེད་ཕྱེད་དྲུག་གཅིག་བསྐོར་དབུས། །གྲུ་གསུམ་དེ་རྣམས་རིམ་པ་བཞིན། །ཐོད་ཕྲེང་རིན་ཆེན་ཆ་བརྒྱད་དང་། །མུ་ཁྱུད་མེ་རི་ནང་ཁྱམས་རྩིག །ཁྱམས་རྩིག་འདོད་སྣམ་ཕ་གུ་མུན། །མདའ་ཡབ་པུ་ཤུ་རྟ་བབ་དང་། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །སྒོ་ངོས་ཐིག་དྲུག་ཕྱི་ནང་སྒོ། །སྒོ་ཁྱུད་འགྲམ་ལོག་མུན་ཀྭ་བ། །པུ་ཤུའི་ཟུར་ནས་ཆ་ཕྲན་གཉིས། །བཞི་གཉིས་གཅིག་བཞི་པད་དུར་ཁྲོད། །དམ་ཅན་རྡོར་མེ་

p. 493

རིའི་གནས། །མཐོང་བརྒྱུད་གནད་ཀྱིས་ཤེས་པར་བྱའོ། །དེ་ནས་སྲད་བུ་ལྔ་ཆོ་ག་བཞིན་མཆོད་ནས་ཡེ་ཤེས་ཀྱི་ཐིག་བཛྲ་མུཿས་གཤེགས་སུ་གསོལ། ལས་ཐིག་ཀྱང་དབེན་བར་བཞག་གོ །ལྔ་པ་ཚོན་དགྱེ་བ་ནི། རྡུལ་ཚོན་ཁ་དོག་ལྔ་ལ་རང་རིགས་ཀྱི་ཡི་གེ་བྲིས་པ་དབུས་དང་ཕྱོགས་བཞིར་བཀོད། བསང་སྦྱང་ལྷར་བསྐྱེད་དེ་བསྟོད་པའི་བར་ཐིག་གི་སྐབས་བཞིན་བྱས་ལ།] དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་[བསམ་ལ།] ས་བོན་ལྔ་བརྗོད་པས་བྱིན་གྱིས་བརླབས་ནས་ཚོན་ཇི་ལྟར་དགྱེ་བའི་ཚུལ་ནི། དབུས་ཀྱི་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་གསུམ་དམར་ཐོད་ཕྲེང་དཀར། །རིན་ཆེན་ཆ་བརྒྱད་མཐིང་ག་སྟེ། །མུ་སྐོར་སེར་པོ་མུ་མཆན་དམར། །ཁྱུད་སྐོར་མེ་རི་ལྔ་ལྡན་འབར། །ནང་ཁྱམས་དམར་སྨུག་རྩིག་པ་ནི། །དཀར་དམར་སྔོན་པོ་རིམ་པ་གསུམ། །སྒོ་དང་ཁྱམས་ནི་ཕྱོགས་ཀྱི་མདོག །རྩིག་པ་ནང་ནས་རིམ་པ་བཞིན། །མཐིང་དཀར་སེར་དམར་ལྗང་གུའོ། །འདོད་སྣམ་དམར་ལ་ཕ་གུ་སེར། །མུན་པ་ནག་པོ་དྲྭ་ཕྱེད་དཀར། །མདའ་ཡབ་སྔོན་པོ་པུ་ཤུ་དཀར། །རྟ་བབ་བཞི་ནི་མཛེས་པའི་ཚོན། །ཀ་བ་དང་ནི་སྣ་ཚོགས་ཀྱི། །རྡོ་རྗེའི་ར་རྣམས་ཕྱོགས་ཀྱི་མདོག །མུན་པ་གླང་རྒྱབ་ནག་པོ་ལ། །སྒོ་རྒྱན་བདུན་གྱིས་མངོན་པར་སྤྲས། །ཆོས་འཁོར་རི་དྭགས་གསེར་གྱི་མདོག །

p. 494

ཕྱི་ཁྱམས་ཁོར་ཡུག་ལྗང་གུ་སྟེ། །པདྨའི་ཕྲེང་བ་སྣ་ཚོགས་མདོག །དམ་ཅན་གནས་ནི་ཁྲག་གི་མཚོ། །དུར་ཁྲོད་གཞི་ནག་ཁྱད་ཆོས་བཀྲ། །རྡོ་ར་སེར་ལ་གཞི་མ་ནག །མེ་རི་སྣ་ལྔ་ཚྭ་ཚྭ་འཕྲོ། །ལྷ་གནས་རྣམས་སུ་ཕྱག་མཚན་ནམ། །མ་འགྲུབ་རང་མདོག་ཚོན་སྤུང་བྱ། །ཞིབ་པར་མཐོང་བརྒྱུད་ལ་གོམས་བྱོས། །ཞེས་གཟབ་ནས་འབྲི་བ་སྟེ་དེ་དག་ནི་ཉིན་དང་པོའི་བྱ་བའོ། །གལ་ཏེ་རྡུལ་ཚོན་མི་འགྲུབ་པའི་རས་བྲིས་ཀྱི་ཕྱོགས་ལ་ཐིག་ཚོན་གྱི་བྱ་བ་རྣམས་དོར་ནས་ཆག་ཆག་གདབ་པའི་རྗེས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་མོ། །དྲུག་པ་ཕུར་བུ་འགོད་པ་ནི། ལྕགས་སམ་སེང་ལྡེང་དུག་ཤིང་ཚེར་མ་ཅན་རྣམས་གང་རུང་ལས་བྱས་པའི་གཙོ་ཕུར་སོར་བཅུ་དྲུག །ཁྲོ་བོ་སོར་བཅུ་གཉིས། ཟ་གསོད་སྒོ་སྐྱོང་མཐོ་རེ། སྲས་མཆོག་མར་བཅད་སོར་བརྒྱད་པ། ཁྲོ་བོ་སོགས་རང་རང་གི་ཞལ་ཅན་རྒྱ་མདུད་ཉིས་རིམ་ཆངས་བཟུང་ཟུར་བརྒྱད་ཆུ་སྲིན་གྱི་ཁ་ནས་ཐོན་པའི་དབལ་ཟུར་གསུམ་པ། གཙོ་ཕུར་རྣམས་འགྱིང་ཞིང་བརྗིད་ཆགས་པ། ལས་ཕུར་རྣམས་གསོར་བདེ་བ། དམ་ཅན་རྣམས་རྩང་ཕུར་ཁོ་ན་སྟེ། ཀུན་ལ་དར་སྣ་ལྔའི་ཅོད་པན་གྱེན་དུ་འཕུར་ཞིང་རང་རྟགས་ཀྱི་སྙིང་པོས་མཚན་པ་རྫས་དགུས་ངར་བླུད་པ་རྣམས་རུས་སྦལ་གྱི་ཁོག་པའམ་ཐོད་པ་སོགས་སུ་དར་ནག་གིས་བཀབ་སྟེ་བཞག་ལ། ཕུར་པའི་ལས་དགུའི་དང་པོ་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་པ་ནི། གུ་གུལ་གྱིས་བདུག་

p. 495

ལ། ཧཱུྃ༔ གུ་གུལ་སྦྱར་བའི་རྫས་མཆོག་དམ་པ་འདི༔ སྡང་བའི་དགྲ་ལ་ཕོག་ན་ལྷ་དང་བྲལ༔ གནོད་པའི་བགེགས་ལ་ཕོག་ན་མྱོས་པར་བྱེད༔ སྲས་མཆོག་ཀཱི་ལ་ཡ་ནི་གཟི་མདངས་བསྐྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་དྷི་ཏིཥྛ་རྨུགས་རྨུགས་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱགས་མཱ་ར་ཡ་ཧཱུྃ་ཕཊ༔ [ཡུངས་དཀར་གྱིས་བྲབ་ཅིང་།] ཧཱུྃ༔ ཡུངས་དཀར་རྒྱལ་པོའི་རྫས་མཆོག་དམ་པ་འདི༔ གསེར་མདོག་གཟི་མདངས་འོད་ཟེར་ཕྱོགས་བཅུར་འཕྲོ༔ དགྲ་དང་བགེགས་ནི་ཐལ་བའི་རྡུལ་དུ་རློག༔ སྲས་མཆོག་ཀཱི་ལ་ཡ་ནི་གཟི་མདངས་བསྐྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་རཱ་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ [རཀྟས་བྱུག་ཅིང་།] ཧཱུྃ༔ རཀྟ་ཁོལ་བའི་རྫས་མཆོག་དམ་པ་འདི༔ སྡང་བའི་དགྲ་ལ་ཕོག་ན་དབང་དུ་སྡུད༔ གནོད་པའི་བགེགས་ལ་ཕོག་ན་ཐལ་བར་རློག༔ སྲས་མཆོག་ཀཱི་ལ་ཡ་ནི་གཟི་མདངས་བསྐྱེད༔ ཨོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜལ་རཀྵ་རཀྵ་དགྲ་བགེགས་ཝཱ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ༔ [གཉིས་པ་རྫས་ཀྱི་ཕུར་བུ་དམ་ཚིག་གི་ཁྲོ་བོར་སྒྲུབ་པ་ནི།] ཤཱུ་ནྱ་ཏ[ས་བསང་སྦྱང་།]

p. 496

ཕུར་བུ་རྣམས་སྟོང་ཉིད་ཆོས་ཀྱི་སྐུའི་རང་བཞིན་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་མཐིང་ནག་རེ་རེ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རེར་གྱུར། [གཙོ་འཁོར་རྣམས་ཀྱི་སྔགས་རྣམས་ཚར་རེ་བརྗོད་པས།] གཙོ་ཕུར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། འཁོར་རྣམས་ཐམས་ཅད་རང་རང་གི་སྐུའི་རྣམ་པ་བརྒྱན་ཆ་ལུགས་ཕྱག་མཚན་དང་བཅས་པ་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གསལ་བར་གྱུར་[པར་མོས་ལ། གསུམ་པ་ཡེ་ཤེས་པ་ཆོས་ཀྱི་དབྱིངས་ནས་བཞེངས་སུ་གསོལ་ཞིང་སྤྱན་དྲང་བ་ནི།] ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ནས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ ཀུན་གྱི་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ ཕྱོགས་བཅུའི་ཁྲོ་རྒྱལ་མ་ལུས་ཐམས་ཅད་དང་༔ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ གདུག་པའི་འཁོར་ཚོགས་མ་ལུས་ཐམས་ཅད་ཀུན༔ སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པའི་ཕྱིར༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ རྡོ་རྗེ་ཕུར་བུ་སྒྲུབ་པའི་དུས་ལ་བབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ [ཅེས་དང་།] ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་

p. 497

བཅུ༔ ཀུན་ཀྱང་རྡོ་རྗེ་གཞོན་ནུའི་སྐུ༔ ཞལ་གསུམ་ཕུར་པའི་ཛཔྲ་ཟློས་ཤིང་༔ སྲིད་པའི་ཕུར་བུ་སྒྲུབ་ཕྱིར་གཤེགས་སུ་གསོལ༔ དྲེགས་པ་ཕྱོགས་སྐྱོང་བསྣོལ་བའི་ཁྲི་སྟེངས་སུ༔ རྡོ་རྗེ་སྲིན་པོ་ཁྲོ་བོ་བཅུ་ལ་སོགས༔ སྤྲུལ་པའི་ཕྲ་མེན་མགོ་བརྙན་ཚོགས་དང་བཅས༔ ཀུན་ཀྱང་ཞལ་གསུམ་ཕུར་པའི་ཛཔྲ་ཟློས་ཤིང་༔ སྲིད་པའི་ཕུར་བུ་སྒྲུབ་ཕྱིར་གཤེགས་སུ་གསོལ༔ མི་གཡོ་ཆོས་མཆོག་སྐུ་གསུང་ཐུགས་ཀྱི་བདག༔ སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས༔ དབྱེར་མེད་སྐུ་གསུང་ཐུགས་སུ་བསྒྲལ་བའི་ཕྱིར༔ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ སྲིད་པའི་ཕུར་བུ་སྒྲུབ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛཿབཞི་པ་བསྟིམ་ཞིང་བརྟན་པར་བཞུགས་སུ་གསོལ་བ་ནི། ཧཱུྃ༔ མི་འགྱུར་མཐིང་ནག་གྲུ་གསུམ་གཞལ་ཡས་ནས༔ དབྱིངས་ལས་སྐུ་བཞེངས་རྡོ་རྗེ་གཞོན་ནུའི་སྐུ༔ བདག་དང་གཉིས་སུ་མེད་པར་སྒྲུབ་པའི་ཕྱིར༔ སྒྲུབ་ཕུར་ཕྱག་རྒྱ་ཆེན་པོར་ཐིམ་དུ་གསོལ༔ འཁོར་ལོ་རྒྱས་འདེབས་བྷ་ག་དབྱིངས་ཕྱུག་མ༔

p. 498

བཀྲ་ཤིས་གསང་བའི་ཡུམ་དུ་མངའ་གསོལ་ནས༔ ཐབས་དང་ཤེས་རབ་གཉིས་མེད་སྒྲུབ་པའི་ཕྱིར༔ འབར་བ་ཡུམ་གྱི་ཀློང་དུ་ཐིམ་དུ་གསོལ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ ཐབས་མཁས་སྤྱོད་པ་ཁྲོ་བོའི་ཚོགས་སུ་སྟོན༔ ཁྲོ་རྒྱལ་ཕྱག་རྒྱ་ཆེན་པོར་མངའ་གསོལ་ཕྱིར༔ ཏ་ཀྲྀཏ་འགྱིང་ཕུར་ཚོགས་ལ་ཐིམ་དུ་གསོལ༔ དབྱིངས་ཉིད་གཏིང་མཐའ་མེད་པའི་མཁའ་ཀློང་ནས༔ སྐྱེ་འགྲོ་ཐམས་ཅད་ཕུར་བུའི་གཟུགས་སུ་སྣང་༔ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ གདབ་ཕུར་སྤྲུལ་པའི་ཚོགས་ལ་ཐིམ་དུ་གསོལ༔ མཉམ་ཉིད་ངང་ལས་སྤྲུལ་པའི་མཁའ་འགྲོ་མ༔ ཡེ་ཤེས་མཁའ་འགྲོ་ཐབས་མཁས་ཕྱག་རྒྱར་གསལ༔ གཉིས་མེད་མཁའ་ལ་བསྐྱེད་ཅིང་ཐུགས་ལས་སྤྲུལ༔ མགྱོགས་ཕུར་ཕོ་ཉའི་ཚོགས་ལ་ཐིམ་དུ་གསོལ༔ བསྐལ་པ་སྔོན་ནས་བསྒྲུབས་པའི་འཕྲོ་ལྡན་པས༔ རྟེན་དུ་བཙུགས་པས་རང་དབང་མེད་པར་འདུ༔ དམ་བཅས་བཞིན་དུ་ཅི་བདེར་གཤེགས་ནས་ཀྱང་༔ སྒོ་བཞི་མངགས་ཕུར་ཚོགས་ལ་ཐིམ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་

p. 499

ཛཿཧཱུྃ་བཾ་ཧོཿདིཔྟ་ཙཀྲ་ཨཱ་བེ་ཤ་ཡ་ཨཿ[ལྔ་པ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་ནི། ཐལ་མོ་སྦྱར་བའི་བར་དུ་སྦམ་ཕུར་རྣམས་བཟུང་ལ་འདྲིལ་ཞིང་།] ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པའི༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནཾ༔ ཛྭ་ལ་ཛྭ་ལ་པྲ་ཛྭ་པུཏ་པུ་སརྦ་ན་ཡེ་ཧཱུྃ་ཕཊ༔ ཅེས་བརྗོད་པས་ཕུར་བུ་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་བདེ་གཤེགས་ཐམས་ཅད་ཀྱི་སྐུ་ལ་ཕོག །མཉེས་མཆོད་ཕུལ། སྐུའི་དངོས་གྲུབ་སླར་འདུས། སྤྱི་གཙུག་རྣམས་སུ་ཐིམ་པས་སྐུ་རྡོ་རྗེར་བྱིན་གྱིས་བརླབས། སྲས་མཆོག་གི་སྐུར་སྐུ་ཕྲ་མོས་གཏམས་པས་སྐུས་སྲིད་པ་མ་ལུས་མྱ་ངན་ལས་འདས་པའི་སྐུར་གྲོལ་ནུས་པའི་དབང་ཐོབ་པར་གྱུར། [ཡང་སོར་མོ་བསྣོལ་བའི་བར་དུ་འདྲིལ་ཞིང་།] ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང་༔ ངང་ཉིད་རྡོ་རྗེ༴ འབར་བའི་ཁྲོ༴ གསུང་གི་དབྱིག་ཏུ་བདག་བསྐྱེད་ཅིག༔ ཨྰཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་བཛྲ་ནཾ༔ སརྦ་དུཥྛན་ཧྲིཏ་ཤོ་དྷ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་པས་

p. 500

ཕུར་བུ་རྣམས་ཀྱི་ཞལ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་བདེ་གཤེགས་ཐམས་ཅད་ཀྱི་གསུང་ལ་ཕོག །མཉེས་མཆོད་ཕུལ། གསུང་གི་དངོས་གྲུབ་སླར་འདུས། མགྲིན་པ་རྣམས་སུ་ཐིམ་པས་གསུང་རྡོ་རྗེར་བྱིན་གྱིས་བརླབས། ལྗགས་པདྨ་འདབ་བརྒྱད་དུ་གྱུར་པའི་ལྟེ་བར་ཟླ་བ་ལ་རྡོ་རྗེ་རྒྱ་གྲམ་དམར་ནག་ཨཱོཾ་དམར་པོས་མཚན་པའི་མཐར་ཀཱི་ལ་ཡ་འབྲུ་དགུ་ལྗང་དམར་གྱིས་བསྐོར་བར་གསུང་གི་སྲིད་པ་མ་ལུས་པ་མྱ་ངན་ལས་འདས་པའི་དབྱིངས་སུ་སྒྲོལ་ནུས་པའི་དབང་ཐོབ་པར་གྱུར། [ཡང་ཐལ་མོ་རྟིང་པ་སྦྱར་བས་འདྲིལ་ཞིང་།] ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ངང་ཉིད༴ འབར་བའི་ཁྲོ་བོ༴ ཐུགས་ཀྱི་དབྱིག་ཏུ་བདག་བསྐྱེད་ཅིག༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་བཛྲ་ནཾ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ ཅེས་བརྗོད་པས་ཕུར་བུ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་ལ་ཕོག །མཉེས་མཆོད་ཕུལ། ཐུགས་ཀྱི་དངོས་གྲུབ་སླར་འདུས་ཐུགས་ཀ་རྣམས་སུ་ཐིམ་པས་ཐུགས་རྡོ་རྗེར་བྱིན་གྱིས་བརླབས། ཐུགས་རིན་པོ་ཆེ་མར་གད་གུར་ཕུབ་པ་ལྟ་བུའི་ནང་དུ་ཉི་ཟླའི་གདན་ལ་ཡེ་ཤེས་

p. 501

སེམས་དཔའ་དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་པ་རྒྱན་དང་བྲལ་བའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་མཆོང་གུར་ལྟ་བུའི་ནང་དུ་ཟླ་བ་སྲན་མ་བཀས་པ་ཙམ་ལ་རྡོ་རྗེ་མཐིང་ནག་ནས་འབྲུ་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ནག་ཡུངས་འབྲུ་ཙམ་གྱི་མཐར་ཀཱི་ལ་ཡ་ལྗང་དམར་སྤུས་བྲིས་པ་ཙམ་གནས་པས་ཐུགས་ཀྱིས་སྲིད་པ་མ་ལུས་པ་མྱ་ངན་ལས་འདས་པའི་ཀློང་དུ་སྒྲོལ་ནུས་པའི་དབང་ཐོབ་པར་གྱུར། [དབང་བསྐུར་བ་ནི།] ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བར༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་བྱིན་རླབས་བདག་སྩོལ་ཅིག༔ ཅེས་གསོལ་བ་བཏབ་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཨོཾ་འབའ་ཞིག་ཏུ་གྱུར་ཏེ་ཕུར་བུ་རྣམས་ཀྱི་སྤྱི་བོར་འདུས་ཐོད་པ་དུང་ཁང་གི་དབུས་སུ་བུདྡྷ་ཧེ་རུ་ཀ་ཚོན་གང་བར་གྱུར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱུ་ནྱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་གསུངས་ཤིང་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་གནས་པར་གྱུར། ཡང་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཧཱུྃ་འབའ་ཞིག་ཏུ་

p. 502

གྱུར་ཏེ་ཕུར་བུ་རྣམས་ཀྱི་དཔྲལ་བར་འདུས། དུང་ཁང་གི་མདུན་དུ་བཛྲ་ཧེ་རུ་ཀ་ཚོན་གང་བར་གྱུར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དརྴ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཞེས་གསུངས་ཤིང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་གནས་པར་གྱུར། ཡང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྭཱ་འབའ་ཞིག་ཏུ་གྱུར་ཏེ་དུང་ཁང་གི་རྣ་ལྟག་གཡས་སུ་འདུས། རཏྣ་ཧེ་རུ་ཀ་ཚོན་གང་བར་གྱུར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཏ་ཛྙཱ་ན་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་གསུངས་ཤིང་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོར་གནས་པར་གྱུར། ཡང་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཨྰཾ་འབའ་ཞིག་ཏུ་གྱུར་ཏེ་དུང་ཁང་གི་ལྟག་པར་འདུས། པདྨ་ཧེ་རུ་ཀ་ཚོན་གང་བར་གྱུར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་གསུངས་ཤིང་སོར་རྟོག་ཡེ་ཤེས་ཀྱི་ངོ་བོར་གནས་པར་གྱུར། ཡང་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཧཱ་འབའ་ཞིག་ཏུ་གྱུར་ཏེ་དུང་ཁང་གི་རྣ་ལྟག་གཡོན་དུ་འདུས་ཀརྨ་ཧེ་རུ་ཀ་ཚོན་གང་བར་གྱུར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲྀཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་གསུངས་ཤིང་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོར་གནས་པར་

p. 503

གྱུར། དེ་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་དུ་ཞུ་ཕུར་བུའི་དཀྱིལ་འཁོར་ལ་ཐིམ། དེ་དག་གཙོ་བོ་ལ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་ཐུགས་རྡོ་རྗེ་ལ། དེ་ཧཱུྃ་ལ། ཧཱུྃ་ཟླ་ཚེས་ཐིག་ལེར་ཐིམ། ཐིག་ལེ་མྱ་ངན་ལས་འདས་པའི་གཞི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉག་གཅིག་བརྗོད་མེད་སྤྲོས་བྲལ་ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པའི་ངང་དུ་མཉམ་པར་བཞག་པ་ནི་ཐུགས་ཡེ་ཤེས་རྩེ་གཅིག་པར་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའི་དོན་ཏེ། སླར་ཡང་སྐྱེ་མེད་ཆོས་ཀྱི་སྐུ་ལས་འགག་མེད་ཀྱི་རྩལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་སུ་ཤར་ནས་འགྲོ་བའི་དོན་མཛད་པར་གྱུར། [དྲུག་པ་གཟི་བརྗིད་བསྐྱེད་པ་ནི།] ཧཱུྃ༔ ཁྲོ་རྒྱལ་འཇིགས་བྱེད་བཛྲ་ཀཱི་ལ་ཡ༔ དུག་ལྔ་འཇོམས་པའི་སྤྱི་བོའི་རྒྱ་མདུད་ནི༔ སྲིད་གསུམ་མ་ལུས་དབྱིངས་སུ་སྒྲོལ་མཛད་པའི༔ མ་སྐྱེས་ལྷུན་གྱིས་གྲུབ་པར་གཟི་བརྗིད་བསྐྱེད༔ ཟུར་བཞི་ལོགས་བརྒྱད་ཡེ་ཤེས་བརྒྱད་ཀྱི་ངང་༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་བསྒྲལ་བའི་ཕྱིར༔ དྲུག་ཅུ་ལོན་པའི་ཕོ་ཉར་གཟི་བརྗིད་བསྐྱེད༔ སྐེད་པ་རྒྱ་མདུད་ཟུར་དྲུག་

p. 504

ཡེ་ཤེས་དྲུག༔ ཆུ་སྲིན་ཁ་དང་སྦྲུལ་ཆེན་ཆུན་པོས་སྤྲས༔ མ་བཅོས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་༔ འབྱུང་ལྔ་ཡུམ་གྱི་ལྷུམས་སུ་གཟི་བརྗིད་བསྐྱེད༔ རྩེ་མོ་ཟུར་གསུམ་མངོན་སྤྱོད་དྲག་པོའི་ལྷ༔ དུག་གསུམ་གདུག་པ་གནས་སུ་བསྒྲལ་བའི་ཕྱིར༔ འབྲས་བུ་སྐུ་གསུང་ཐུགས་སུ་གཟི་བརྗིད་བསྐྱེད༔ རྩེ་མོ་ཟུར་བཞི་ཕྲིན་ལས་རྒྱས་པའི་དོན༔ ཕྱོགས་བཞི་མཚམས་བརྒྱད་ཟིལ་གྱིས་མནོན་པའི་ཕྱིར༔ ཡེ་ཤེས་ཆེན་པོ་བཞི་རུ་གཟི་བརྗིད་བསྐྱེད༔ རྩེ་མོ་ཟླ་གམ་མ་ལུས་དབང་དུ་སྡུད༔ བདེ་ཆེན་དབྱིངས་སུ་འགྲོ་དྲུག་བསྒྲལ་བའི་ཕྱིར༔ མ་ཆགས་ཡུམ་གྱི་ལྷུམས་སུ་གཟི་བྱིན་བསྐྱེད༔ རྩེ་མོ་ཟླུམ་པོ་ཞི་བར་མཛད་པའི་དོན༔ ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ༔ བྱམས་དང་སྙིང་རྗེ་ཆེན་པོར་གཟི་བྱིན་བསྐྱེད༔ རྩེ་མོ་རྣོ་མགྱོགས་ཐོགས་མེད་ལས་ཀྱི་མཚོན༔ རྫོགས་པ་ཆེན་པོའི་ཕྲིན་ལས་ཡིན་པའི་ཕྱིར༔ ཀཱི་ལ་ཡ་ཡི་ཐུགས་སུ་གཟི་བྱིན་བསྐྱེད༔ ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ༔ འདུལ་སྦྱོང་ལས་ཀྱི་སྲས་མཆོག་ཀཱི་ལ་ཡ༔ མ་བཅོས་ལྷུན་

p. 505

གྱིས་གྲུབ་པར་གཟི་བྱིན་བསྐྱེད༔ དྲག་པོས་ཚར་གཅོད་ཞི་བས་དཔའ་ཡང་བཀོད༔ དབང་གིས་མངའ་བསྡུས་རྒྱས་པས་ཟིལ་གྱིས་གནོན༔ མངོན་སྤྱོད་ལས་ཀྱི་སྲས་མཆོག་ཀཱི་ལ་ཡས༔ གང་བ་བྱ་བའི་དགྲ་བགེགས་བརླག་པར་བྱེད༔ གདུག་པའི་མཚོན་དང་རྣོ་བའི་དབལ་ངར་ཅན༔ གཅིག་ལ་རྒྱབ་པས་ཀུན་ཀྱང་བརླག་པར་བྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ [བདུན་པ་བསྟོད་པ་བྱ་བ་ནི།] ཧཱུྃ༔ དིཔྟ་ཙཀྲ་ཕུར་པའི་ལྷ༔ མཐིང་ནག་གཅེར་བུ་རལ་པ་ཅན༔ སྐུ་སྟོད་ཁྲོ་བོ་ཆེན་པོ་ལ༔ ཨུཏྤལ་སྔོན་པོའི་མདོག་འདྲ་ཞིང་༔ ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ༔ རལ་གྲིའི་སྐྲ་ལ་ཕུར་པའི་སོ༔ ལྟེ་བ་ཡན་ཆད་ཆས་རྣམས་ནི༔ པདྨ་རཱ་གའི་མདོག་འདྲ་ཞིང་༔ འབར་བའི་ཕྲེང་བ་འཁྲིགས་པའི་འོད༔ ལྕགས་ཀྱི་ཕུར་པ་ཟུར་གསུམ་རྣོ༔ དྲག་པོར་གྱུར་པའི་ཕུར་པ་སྟེ༔ མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ༔ བཏབ་ན་ལྷ་ཡང་བརླག་པར་གྱུར༔ གནོད་བྱེད་བགེགས་ལ་སྨོས་ཅི་

p. 506

དགོས༔ བཟླས་པ་ཙམ་གྱིས་རྡུལ་དུ་རློག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ གནོད་བྱེད་དགྲ་བགེགས་སརྦ་བིགྷྣཱ་བྃ་ཧཱུྃ་ཕཊ༔ [དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་ཨེ་ཁྲམ་གྱི་གདན་ལ་རིམ་བཞིན་འགོད་ཅིང་།] ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་བཅས༔ ལྷ་ཆེན་བསྣོལ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྰིཔྟ་ཙཀྲ་ས་མ་ཡ་ཏིཥྛནྟུ༔ [ཞེས་གཙོ་ཕུར་དབུས་ནས་ཞལ་ཤར་བསྟན་དང་ཡུམ་བདུན་ནས་ཡབ་ལ་ཕྱོགས་པས་འགོད།] ཧཱུྃ༔ ཕྱོགས་བཅུ་རང་བྱུང་གྲུབ་པའི་ལྷ༔ ཁྲོ་རྒྱལ་ཡབ་ཡུམ་ཟ་གསོད་བཅས༔ ཕྱོགས་སྐྱོང་ཕོ་མོའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཁྲོ་བཅུའི་རྩ་སྔགས་མཐར། ས་མ་ཡ་ཏིཥྛནྟུ། [ཞེས་ཤར་སྟོད་སྟེང་དང་ནུབ་སྨད་འོག་ཏུ་བྱས་ཏེ་ཕྱོགས་མཚམས་ཀྱི་རྩིབས་བཅུར་ཁྲོ་བོ་རྣམས་ཞལ་ནང་བསྟན་དང་ཡུམ་རྣམས་ཡབ་ལ་ཕྱོགས་ཤིང་ཟ་གསོད་གཉིས་ཀྱིས་གཡས་གཡོན་ནས་བརྟེན་པའི་ཚུལ་གྱིས་འགོད།] ཧཱུྃ༔ སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི༔ སྲས་མཆོག་ཉི་ཤུ་རྩ་

p. 507

གཅིག་ཀྱང་༔ ཟླ་གམ་ཨེ་ཡི་གདན་སྟེང་དུ༔ དགྲ་བགེགས་གཟིར་ཞིང་དགྱེས་པར་བཞུགས༔ ཨོཾ་ཀརྨ་ཀྲོདྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏྀཥྛནྟུ། [ཞེས་ཟླ་གམ་གསུམ་ལ་སྲས་མཆོག་བདུན་བདུན་ཞལ་ནང་བསྟན་དུ་འགོད།] ཧཱུྃ༔ གྲུ་ཆད་བཞི་ཡི་ཕོ་བྲང་དུ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཞུགས༔ ཙ་ཏུརྐྲྀ་ཏྱ་ས་མ་ཡ་ཏིཥྛནྟུ། [ཞེས་གྲུ་ཆད་བཞི་ལ་འགོད།] ཧཱུྃ༔ ཚད་མེད་བཞི་ལྡན་སྒོ་བཞི་རུ༔ ཡེ་ཤེས་སྒོ་སྐྱང་བརྟན་པར་བཞུགས༔ ཛཿ ཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛནྟུ། [ཞེས་སྒོ་བཞི་ལ་ཞལ་ཕྱིར་བསྟན་དུ་འགོད།] ཧཱུྃ༔ དཀྱིལ་འཁོར་བར་ཁྱམས་ཕྱོགས་བཞི་རུ༔ ཤྭ་ན་བདག་ཉིད་ས་བདག་ཚོགས༔ བསེ་ལྕགས་དུང་གིང་གྱད་ཆེན་སོགས༔ བསྟན་པ་བསྲུང་ཕྱིར་དགྱེས་པར་བཞུགས༔ མོ་ཧཱ་གྷྰ་ཏ་ཡ་མ་མ་ཤྰི་གྷྲཾ་ཀརྨ་ཀ་ར་ཡེ་ས་མ་ཡ་ཏིཥྛནྟུ། [ཞེས་སོ་སོའི་གནས་སུ་ཇི་ལྟ་བ་བཞིན་འགོད་དོ། །དགུ་པ་སྙན་བསྙུན་གསོལ་བ་ནི།] ཧཱུྃ༔ རྒྱ་མདུད་མགོ་ལ་སྙན་བསྙུན་གསོལ་བ་ནི༔ ཆོས་ཀྱི་སྐུ་ཡི་ངོ་བོར་བཞུགས་ནས་ཀྱང་༔ བརྡལ་བ་ཆོས་ཉིད་ཕུར་པ་བསྒྲུབ་པ་

p. 508

དང་༔ སྐྱེ་མེད་ཆོས་སྐུར་རྟོགས་པའི་དངོས་གྲུབ་སྩོལ༔ རྒྱ་མདུད་བར་ལ་སྙན་བསྙུན་གསོལ་བ་ནི༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས་ནས་ཀྱང་༔ རིག་པ་ཡེ་ཤེས་ཕུར་བུ་བསྒྲུབ་པ་དང་༔ བདེ་ཆེན་ལོངས་སྐུ་རྟོགས་པའི་དངོས་གྲུབ་སྩོལ༔ རྒྱ་མདུད་སྨད་ལ་སྙན་བསྙུན་གསོལ་བ་ནི༔ མི་འགྱུར་རྡོ་རྗེའི་སྐུ་རུ་བཞུགས་ནས་ཀྱང་༔ གསང་བ་བྱང་སེམས་ཕུར་བུ་བསྒྲུབ་པ་དང་༔ བདེ་ཆེན་མངོན་བྱང་རྟོགས་པའི་དངོས་གྲུབ་སྩོལ༔ ཆུ་སྲིན་དབལ་ལ་སྙན་བསྙུན་གསོལ་བ་ནི༔ ཐུགས་རྗེ་སྤྲུལ་པའི་སྐུ་རུ་བཞུགས་ནས་ཀྱང་༔ མཚན་མ་རྫས་ཀྱི་ཕུར་བུ་བསྒྲུབ་པ་དང་༔ འགྲོ་བའི་དོན་རྣམས་མཐར་ཕྱིན་མཛད་དུ་གསོལ༔ ཐུར་བཞི་ལོགས་བརྒྱད་སྙད་བསྙུན་གསོལ་བ་ནི༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་བསྒྲལ་དུ་གསོལ༔ རྩེ་ཟུར་ཟླུམ་པོར་སྙན་བསྙུན་གསོལ་བ་ནི༔ དགྲ་བགེགས་རྣམ་གཉིས་དཔའ་ཡང་བཀོང་དུ་གསོལ༔ རྩེ་མོ་ཟུར་བཞིར་སྙན་བསྙུན་གསོལ་བ་ནི༔ ཚད་མེད་བཞི་ཡི་ཕྲིན་ལས་མཛད་དུ་གསོལ༔ རྩེ་མོ་ཟླ་གམ་

p. 509

སྙན་བསྙུན་གསོལ་བ་ནི༔ དགྲ་བགེགས་གདུག་པ་དབང་དུ་སྡུད་དུ་གསོལ༔ རྩེ་མོའི་ཟུར་ལ་སྙན་བསྙུན་གསོལ་བ་ནི༔ དུག་གསུམ་གདུག་པ་གནས་སུ་བསྒྲལ་དུ་གསོལ༔ ཕུར་པ་སྤྱི་ལ་སྙན་བསྙུན་གསོལ་བ་ནི༔ སྒྲོལ་བའི་ཕྲིན་ལས་མཐའ་རུ་དབྱུང་དུ་གསོལ༔ [ཞེས་ཐུགས་རྟེན་ཕུར་བུ་འགོད་པའི་ལས་དགུ་ཟིན་ནས། དེའི་ཞར་ལ་བུམ་པ་སོགས་འགོད་པ་ནི། སྔར་ནས་འདུ་བྱས་པའི་སྒྲུབ་རྫས་རྣམས་སྤོས་ཀྱིས་སྣ་དྲངས་ནས་དཀྱིལ་འཁོར་ལ་གཡས་སུ་བསྐོར་སྟེ།] ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ ཕོ་བྲང་གནས་འདིར་བཞུགས་སུ་གསོལ༔ དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛ་ལྷན༔ [ཞེས་དཀྱིལ་འཁོར་སྟེང་གི་ཁྲིའུའི་རིམ་པ་དང་པོ་སྐུ་རྟེན་རྣམ་རྒྱལ་བུམ་བ་རྒྱུན་འབབ་ཀྱི་ཆུ་གཙང་སོ་ལྔའི་བཅུད་དང་སྦྱར་བས་སུམ་གཉིས་དགང་ཞིང་ཁ་རྒྱན་མགུལ་ཆིངས་དང་ལྡན་པ། གསུང་རྟེན་ཐོད་པ་མཚན་ལྡན་བདུད་རྩི་ཨ་མྲྀ་ཏ་དང་བཅས་པའི་ཛ་གད་ཀྱིས་བཀང་བའི་ཁ་མེ་ལོང་ལ་རྩ་སྔགས་བྲིས་པས་བཀབ་པ། ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་རྟེན་དཔལ་གྱི་

p. 510

གཏོར་ཆེན་རྒྱན་ལྡན། གཞན་ཡང་ཚེའི་འབྲང་རྒྱས་ལ་སོགས་པ་ཕྱི་ནང་གསང་བའི་རྟེན་རྫས་སུ་འོས་པ་རྣམས་ལེགས་པར་འགོད་དོ། །བདུན་པ་རྒྱན་རྫས་དགྲམ་པ་ནི། དཀྱིལ་འཁོར་གྱི་སྟེང་དུ་ཞིང་གི་བླ་བྲེ་དང་གདུགས་ཀྱིས་ཕུབ་ཅིང་། ཁོར་ཡུག་རྣམས་སུ་ལྡ་ལྡི། བ་དན། རྒྱལ་མཚན། ཕྱེ་ཕུར། དར་གྱི་ཆུན་འཕྱངས་སོགས་དཔལ་གྱི་ཆས་གོས་རྒྱན་ཕྲེང་། རྒྱུ་མ་དང་དོན་སྙིང་གི་འཕྱང་འཕྲུལ། གོ་མཚོན་སོགས་སྤྱན་གཟིགས་སྣ་ཚོགས་པས་ཀུན་ཏུ་བཟང་པོའི་ཞིང་ལྟ་བུར་མཛེས་ཤིང་བརྗིད་ཆགས་པར་བྱས་ནས། བདུད་རྩི་ལྔ་དང་བཅས་པའི་དྲིས་དཀྱིལ་འཁོར་གྱི་མཐའ་རིམ་དུ་བྱུག་ཅིང་། ཟུར་བཞི་མདའ་དར་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ་བ་དང་རལ་གྲི་ལ་སོགས་པའང་ཚུལ་བཞིན་དུ་བཀོད་པའི་དཀྱིལ་འཁོར་གྱི་ཤར་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོར་འདོད་ཡོན་ལྔ་རིན་པོ་ཆེ་བདུན་བཀྲ་ཤིས་པའི་རྫས་བརྒྱད་སོགས། ནུབ་ཏུ་བཟའ་བཅའ་བཏུང་བ་ལྡག་གཞིབ་མྱང་བའི་དཔལ་གྱི་གཏོར་མ་དར་ཚོན་གྱི་འཕུར་ལྡིང་གཡོ་བ། དེའི་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་ཀྱི་གཏོར་མ་དང་བདུད་རྩི་རྩ་བརྒྱད་སྟོང་སྦྱར་གྱིས་སྦགས་པའི་སྨན་ཕུད། གཡོན་དུ་སྲུང་མ་མོ་རྒྱུད་ཀྱི་གཏོར་མ་དང་སོ་ལྔ་པ་སྦྱར་བའི་རཀྟ། བྱང་དུ་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་ཉེར་སྤྱོད། ཤར་ལྷོར་ལས་བཞིའི་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་ཡོ་བྱད། ལྷོ་ནུབ་ཏུ་དྲག་པོའི་བྲུབ་ཁུང་ལིང་ག་དང་ཐུན་རྫས། ནུབ་བྱང་དུ་དམ་ཅན་བཅུ་དྲུག་

p. 511

སོགས་བཀའ་སྲུང་གི་གཏོར་མ། བྱང་ཤར་དུ་སྲེག་འཕང་མནན་པ་སོགས་མཐའ་སྡུད་ཀྱི་ཡོ་བྱད། གཞན་ཡང་མཆོད་པར་འོས་པའི་རྫས་ཐམས་ཅད་ཀྱིས་ལེགས་པར་བསྐོར་ཞིང་། རྡོ་རྗེ། དྲིལ་བུ། ཐོད་རྔ། རྔ་བོ་ཆེ། སིལ་ཆོལ་སོགས་རོལ་མོའི་ཁྱད་པར་དང་། གར་འཆམས་ཀྱི་ཆ་བྱད་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ།] ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཕུན་སུམ་ཚོགས་པའི་མཆོད་སྤྲིན་རབ་ཏུ་སྤྲས༔ དཔལ་ཆེན་འཁོར་བཅས་ཐུགས་དམ་གཉན་བསྐངས་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ [ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་བར་བྱའོ། །བཞི་པ་ཕྲིན་ལས་ལ་འཇུག་པའི་ཡན་ལག་ལ་ལྔ་ལས། དང་པོ་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། རྡོ་རྗེ་རྒྱལ་ཚབ་པས་སྐབས་སུ་བབ་པའི་གཏོང་ཐུན་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས་དབྱངས་སྙན་བོར་ལེན་ཚུལ་གྱིས།] ཧཱུྃ༔ རྡོ་རྗེ་རྒྱལ་པོ་ཚོགས་རྗེ་ཚོགས་ཀྱི་བདག༔ ཤེས་རབ་ཡུམ་མཆོག་གཙོ་བོའི་ཐུགས་དམ་སྐོང་༔ སྲས་མཆོག་རྒྱལ་ཐེབས་ཀརྨ་འཆམས་གར་

p. 512

བཅས༔ གིང་དང་ལས་མཁན་སྤྱན་པ་དུས་འཛིན་དང་༔ བརྡ་སྦྱོར་ཕྱག་ཚང་རྡུལ་ཕྱག་སྐྱེས་བུའི་ཚོགས༔ ཀུན་ཀྱང་དཀྱིལ་འཁོར་ཕོ་བྲང་གནས་འདི་རུ༔ ཕྲིན་ལས་མངའ་བརྙེས་བསྐོས་པའི་དོན་སྤྱོད་སྒྲུབ༔ སྐྱེ་བ་སྔོན་ནས་ཚོགས་གཉིས་ལམ་སྦྱངས་པས༔ དུས་འདིར་རླབས་ཆེན་སྤྱོད་པའི་ལམ་སྣ་ཟིན༔ འཁོར་ལོས་སྒྱུར་རྒྱལ་རྣམས་ལ་མངའ་གསོལ་ལོ༔ [ཞེས་མངའ་གསོལ་ཞིང་བདུད་རྩིའི་སྐྱེམས་སོ་སོར་དྲངས་ཏེ་ལས་ཀྱི་གཉེར་གཏད་དོ། །གཉིས་པ་ཆས་སུ་གཞུག་པ་ནི། སླར་ཡང་སྔོན་བྱུང་གི་ལོ་རྒྱུས་ཇི་ལྟར་འཚམས་པའི་གཏོང་ཐུན་སྔོན་དུ་འགྲོ་བས།] ཧཱུྃ། ཐེག་མཆོག་གླང་པོ་ཆེ་ཡི་ཀོ་རློན་ནི། །གཏི་མུག་འཁོར་བ་རྩད་ནས་བཅད་པ་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །མ་ཉམས་བྱང་སེམས་ཞིང་གི་གཡང་གཞི་ནི། །འདོད་ཆགས་འཁོར་བ་རྩད་ནས་བཅད་པ་དང་། །སོ་སོར་རྟོག་པའི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །དཔའ་གཏུམ་ཟ་བྱེད་སྟག་གི་ཤམ་ཐབས་ནི། །ང་རྒྱལ་འཁོར་བ་རྩད་ནས་བཅད་པ་དང་། །མཉམ་

p. 513

པ་ཉིད་ཀྱི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །མཉེན་ལྕུག་འཁྲིལ་ལྡེམ་སྦྲུལ་གྱི་ཆུན་པོ་ནི། །ཞེ་སྡང་འཁོར་བ་རྩད་ནས་བཅད་པ་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །ཐོད་ཕྲེང་ཚར་གསུམ་ཕྲེང་བའི་ག་ཤ་ནི། །ཕྲག་དོག་འཁོར་བ་རྩད་ནས་བཅད་པ་དང་། །བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག་པ་དང་༔ སངས་རྒྱས་ས་གསུམ་དག་ལ་འགོད་བྱའི་ཕྱིར༔ སྨིན་མཚམས་ཐལ་ཆེན་ཚོམ་བུའི་མཚན་མས་གདབ༔ [དེ་བཞིན་དུ་འགྲེས་ཏེ།] ལྐོག་མར་ཞག་གི་ཟོ་རིས་མཚན་མས་གདབ༔ [ཞེས་དང་།] འབུར་བཞིར་ཁྲག་གི་ཐིག་ལེའི་མཚན་མས་གདབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་བྷ་སྨ་མ་ཧཱ་ཀེཾ་ནི་རི་ཏི་མ་ཧཱ་རཏྐ་ཧཱུྃ༔ [ཞེས་རྡོ་རྗེ་རྒྱལ་པོ་ནས་བརྩམས་འདུས་པ་ཐམས་ཅད་ལ་རྟགས་གདབ་བོ། །གསུམ་པ་བསྲེ་བསྣན་བྱ་བ་ནི། སྔར་དམ་མ་འདྲེས་པའི་སློབ་བུ་གསར་པ་

p. 514

ཡོད་ན་དེ་རྣམས་དཀྱིལ་འཁོར་དུ་བཅུག་ནས་དམ་བསྲེ་བ་སྟེ། མཆེད་གསར་བུ་རྣམས་ལོགས་སུ་འཁོད་པས་ཁྲུས་བྱ། ལས་བྱང་བཞིན་འབྱུང་གཏོར་བསྔོས་ཏེ་བགེགས་བསྐྲད།] རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། [ཅེས་སོགས་ཀྱི་རྒྱུན་བཤགས་བྱས་ཏེ། སློབ་དཔོན་གྱིས་ནང་མཆོད་བྱིན་གྱིས་བརླབས་ནས་སྨན་མཆོད་རྒྱས་པར་ཕུལ་བའི་ལྷག་མ་ལ།] ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཅེས་བཟླས་པས་དམ་ཆུ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ལ་ལན་གསུམ་རེ་བཞག་པས།] ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུྃ་མཐིང་ནག་རེར་གྱུར་ཏེ་སྙིང་དབུས་སུ་ཐིམ་པར་[བསམ་དུ་བཅུག་ལ།] འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ [ཅེས་བྱིན། སློབ་བུས།] ས་མ་ཡ་ན་ར་ཀན༔ [ཞེས་བྲོ་བོར་ཞིང་མྱང་། དེ་ནས་འདྲེས་ཟིན་བསྣན་པ་ནི། མཆེད་གསར་རྙིང་ཐམས་ཅད་ཀྱི་གནས་གསུམ།] ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ [ཞེས་བདུད་རྩིས་ཐིག་ལེ་རེ་བྱ་ཞིང་། ལྕེ་ལ་བཞག་སྟེ།] རྣལ་འབྱོར་རྣམས་ཀྱི་དཀའ་ཐུབ་དམ། །རྟོགས་ན་སྐུ་གསུང་ཐུགས་ཡིན་ཏེ། །མ་རྟོགས་ན་ནིང་ངན་སོང་གསུམ། །སུ་ཡང་འདའ་བར་མ་བྱེད་ཅིག །[ཅེས་བྱིན་ལ།] ས་མ་ཡ་

p. 515

ན་ར་ཀན༔ ། [ཞེས་བྲོ་བོར་དུ་བཅུག་ནས། གསར་རྙིང་གྲལ་བསྲེ་བ་ནི།] ཧཱུྃ། རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་སྒྲུབ་པ་དང་། །ཡི་དམ་ལྷ་མཆོག་ཛཔྲ་བསྙེན་བགྲང་བའི་ཕྱིར། །དམ་ཚིག་རྡོ་རྗེའི་གྲལ་དུ་མཆིས་པར་གནང་། །དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་པ་ཡིན་པས་གྲལ་གཅིག་ལ་འདུག་པས་ཆོག་པ་ཡིན་ནོ། །[ཞེས་བསྒོས་པ་ལྟར་རང་རང་གི་གྲལ་ལ་འཁོད་དོ། །བཞི་པ་བརྡ་སྦྱར་བ་ནི། ལས་བྱང་བཞི་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་སྔོན་དུ་འགྲོ་བས། ཡི་དམ་ལྷའི་ང་རྒྱལ་བརྟན་པོས།] ཨོཾ་མ་ཧཱ་བཛྲ་ཧཱུྃ་[གིས་རྡོ་རྗེ་ཐུགས་ཀར་གསོར།] ཨོཾ་བཛྲ་གྷཎྜེ་ཧོཿ[ས་དྲིལ་བུ་བསིལ་ཞིང་དཀུར་བརྟེན།] ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། [ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་དམ་ཚིག་གསུམ་དྲན་པའི་ངང་ནས་རོལ་མོའི་སྒྲ་སྣ་ཚོགས་བརྒྱ་ཆེར་བསྒྲག་གོ །ལྔ་པ་སྣོད་བཅུད་བྱིན་དབབ་པ་ནི། སློབ་དཔོན་སོགས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་དར་གྱི་གཡབ་མོ་དང་དྲི་བཟང་པོའི་སྤོས་བཏུལ། རོལ་མོའི་སྒྲ་དང་སྙན་པའི་དབྱངས་ཀྱི་ང་རོ་དང་བཅས།] ཨོཾ་བཛྲ་ས་མ་ཡ་ཧོཿས་མ་ཡ་སྟྭཾ༔ ཧཱུྃ༔ དབུས་ཀྱི་ཕོ་བྲང་གདན་སྟེང་ནས༔

p. 516

བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཀྱིས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ ཕྱོགས་བཅུ་དྲེགས་པའི་གདན་སྟེང་ནས༔ ཁྲོ་རྒྱལ་ཡབ་ཡུམ་ཕྲ་མེན་བཅས༔ སྤྲུལ་པ་ཡབ་ཡུམ་འཁོར་བཅས་ཀྱིས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ ཟླ་གམ་ཨེ་ཡི་གདན་སྟེང་ནས༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་སྲས༔ མཐུ་ཆེན་ཉི་ཤུ་རྩ་གཅིག་གིས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ དཀྱིལ་འཁོར་གྲུ་ཆད་སྒོ་བཞི་ནས༔ ཕྲིན་ལས་བཞི་བདག་ཐུགས་རྗེའི་སྲས༔ སྒོ་སྐྱོང་བཞི་དང་རིག་འཛིན་བཅས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ རང་རང་སྤྲུལ་པའི་གནས་ཆེན་ནས༔ ཤྭ་ན་མ་བཞི་བདག་ཉིད་བཞི༔ ས་བདག་བསེ་ཡི་ལྷ་མོ་བཞིས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ དུར་ཁྲོད་གཡའ་གངས་བྲག་རྩེ་ནས༔ བསེ་ལྕགས་དུང་སྐྱེས་བཀའ་སྡོད་དང་༔ གིང་ཆེན་བཅོ་བརྒྱད་དབང་ཕྱུག་ཉེར་བརྒྱད་ཀྱིས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ སྒྲུབ་མཆོག་རྣམས་ལ་དབང་ཆེན་སྐུར༔ རྟགས་དང་མཚན་མ་བསྟན་པ་དང་༔

p. 517

དངོས་གྲུབ་ཆེན་པོ་མྱུར་དུ་ཕོབ༔ འགྲོ་བ་མ་ལུས་དོན་སླད་དུ༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་བསྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཞིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ [ཞེས་བྱིན་དབབ་པས་བདག་གནས་དཀྱིལ་འཁོར་ཡོ་བྱད་དང་བཅས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པར་བྱིན་བརླབས་པར་བསམ་མོ། །དེ་དག་ནི་ཉིན་གཉིས་པའི་བྱ་བ་སྟེ་སྦྱོར་བའི་ལས་ཀྱི་རིམ་པ་རྣམས་གྲུབ་པ་ཡིན་ནོ། །སྤྱི་དོན་གཉིས་པ་དངོས་གཞི་བསྙེན་སྒྲུབ་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ་བཞི། ཐུན་བཞིའི་རིམ་པས་སྒྲུབ་པའི་གཞུང་བསྲང་བ། དེའི་བར་ཆད་བརྟག་ཅིང་བསལ་བ། གྲུབ་པའི་མཚན་མ་བརྟག་ནས་དངོས་གྲུབ་བླང་བ། ཕྲིན་ལས་ལས་ལ་སྦྱར་བའོ། །དང་པོ་ནི། སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་ཁྲུས་བྱས་དྲིས་བྱུགས་ཤིང་རྒྱན་གོས་བཟང་པོས་བརྒྱན། དང་བའི་ཡིད་ཀྱིས་དཀྱིལ་འཁོར་ལ་ཕྱོགས་པར་འཁོད་དེ་བརྒྱུད་པའི་གསོལ་འདེབས་ནས་བརྩམས་ཕྲིན་ལས་ཀྱི་སྔོན་འགྲོའི་ཆོས་རྣམས་རྒྱས་པར་བཏང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་རྩ་བའི་དཀྱིལ་འཁོར་སྒོམ་པའི་ཚེ་རྒྱུའི་ཧཱུྃ་དེ་ཉིད་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་བབས་པ་ལས་བདག་ཉིད་གཙོ་བོར་བསྐྱེད་ཅིང་བདག་

p. 518

མདུན་དབྱེར་མེད་དཀྱིལ་འཁོར་གསུམ་ལྡན་དུ་བསྒོམ་ནས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་བསྟིམས་ཤིང་ཕྱག་མཆོད་བསྟོད་པའི་བར་གཞུང་བཞིན་བྱ། བཟླས་པ་ལ་འཇུག་པའི་སྔོན་དུ།] ཧཱུྃ༔ ཆོས་དབྱིངས་འཁོར་ལོའི་གཞལ་ཡས་སུ༔ ལྷ་ཆེན་ཕྱོགས་སྐྱོང་ཉི་ཟླའི་སྟེང་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཁྲོ་བཅུ་ཕྱག་བརྙན་དམ་ཅན་ཚོགས༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་གི་སྒྲ་སྒྲོགས་ཀཱི་ལ་ཡ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་བཏང་ངོ་༔ [ཞེས་ཛཔྲ་ལ་བསྐུལ་ཏེ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཆོས་ཉིད་ལ་དམིགས་པའི་ཛཔྲ་དགོངས་གསུམ་པོ་ལྷ་ཐམས་ཅད་ལ་འགྲེལ་བ་བྱས་ལ། ཐུན་རེ་རེ་བཞིན་གཙོ་བོ་ལ་སྟོང་། ཁྲོ་བོ་བཅུ་ལ་བརྒྱ་རེ། སྲས་མཆོག་སྒོ་སྐྱོང་རྣམས་ལ་ལྔ་བཅུ་རེ་བཟླ། བསྙེན་གྲོགས་ཀྱིས་ཁོར་ཡུག་ཀུན་ཏུ་བཟླས་པ་མ་ཆད་པར་བྱ་ཞིང་། སྐབས་སུ་དབྱངས་ཀྱི་རྟ་ལ་སྦྱར་ཏེ་ཐུན་མོང་དུ་འུར་འདོན་ཡང་བྱ། འདིར་སྟོད་ལས་བསྙེན་སྒྲུབ་ལས་སྦྱོར་ཆིག་ཆོད་བྱེད་པར་འདོད་ན། གོང་གི་ཡེ་ཤེས་ལྷ་བསྙེན་གཙོ་བོར་བཟླ་བ་བསྙེན་པའི་ཚུལ་གྱི་མཐར། ཐུགས་སྲོག་འོད་ཟེར་ལྕགས་ཀྱུས་བསྐུལ་བས་དམ་ཅན་རྣམས་ཤ་རུལ་ལ་སྦྲང་མ་འདུབ་ལྟར་ཐིབས་ཀྱིས་བྱོན་ཏེ་ཕྲིན་ལས་

p. 519

སྒྲུབ་པར་བསམ་ཞིང་བཞི་སྙིང་གཅིག་དྲིལ་བཟླ་བ་དམ་ཅན་ཉེ་བསྙེན་སྒྲུབ་པའི་ཡན་ལག་དང་། སྔགས་ཀྱི་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུས་དགྲ་བགེགས་ཐམས་ཅད་ཐུལ་ཐུལ་བསྲེགས་པར་བསམ་ཞིང་གདབ་པའི་སྔགས་དྲུག་གམ་ཆིག་ཆོད་དུ་སྤུ་གྲིའི་དྲག་སྔགས་བཟླ་བ་ངན་སྔགས་ཉེ་བསྙེན་ལས་སྦྱོར་གྱི་ཚུལ་ཏེ། མོས་སློབ་ཀྱི་སྐབས་སུ་གྲངས་ཉེར་གཅིག་ཙམ་རེ་བཟླས་པས་ཆོག་གོ །མཐར་བརྟན་གཡོའི་ཚེ་བཅུད་བསྡུ་བའི་དམིགས་གནད་དང་བཅས།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་ཨ་ཡུ་ཤེ་ཧཱུྃ་ཛ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ[ཞེས་ཚེ་ཛཔྲ་ཀྱང་བརྒྱ་རྩ་ཙམ་བཟླ། ཐུན་མཚམས་སུ་སྟོང་ཚིག་གིས་མཆོད་ཅིང་བསྟོད་ནས་དངོས་གྲུབ་བསྐུལ། ཐུན་གཞན་རྣམས་ལ་ཏིང་འཛིན་གསུམ་ནས་བཟླས་པའི་བར་དང་། དགོངས་ཐུན་གྱི་མཐར་དམ་ཅན་གཏེར་སྲུང་རྣམས་ཀྱི་གཏོར་ཆོག་དང་ཚོགས་ཀྱི་མཆོད་པ་སོགས་རྗེས་ཀྱི་བྱ་བ་རྣམས་མཐར་དབྱུང་། དེ་ལྟ་བུའི་འགྲོས་ཀྱིས་སྔ་དྲོ་དགོངས་མོ་སྲོད་དང་ཐོ་རངས་བཞི་སྟེ་ཐུན་བཞིའི་རིམ་པས་ཉམས་སུ་བླང་བར་བྱའོ། །གཉིས་པ་ནི། དམ་སྲིའི་ཉམས་ལོན་གྱི་རྟགས་སུ་དོན་མེད་པར་སེམས་འཁྲུགས་ཤིང་འཐབ་རྩོད་འབྱུང་བ། དཀྱིལ་འཁོར་དང་མར་མེའི་མདངས་ཉམས་པ། ཆགས་སྡང་རང་གར་སྐྱེ་ཞིང་སྐྱོ་འཇིགས་སྙིང་མི་དགའ་བ། ནད་དང་སྡུག་བསྔལ་སློངས་པ། གྱེར་བཟླས་ཀྱི་

p. 520

སུན་པ་སོགས་ཕྱི་ནང་གི་འགལ་རྐྱེན་མང་ན། སྤྱིར་རེ་དོགས་ཀྱི་བསྙེངས་བཅད་དེ་ལྟ་བས་ཟིལ་གྱིས་གནོན། བྱེ་བྲག་ཉུ་ལེ་བསྐྲད་པའི་ཆོ་ག་བྱ་སྟེ། བྲུབ་ཁུང་དུ་དམ་སྲིའི་ལིང་ག་བཅས་པ་མདུན་དུ་བཀོད་ལ།] ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་འབྱུང་པོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་[པར་གསལ་ཞིང་།] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཡི་དམ་རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་

p. 521

ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ཁུག་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ཛ༔ ཧཱུྃ་བཾ་ཧོ༔ [ཞེས་དགུག་བསྟིམ་ནན་ཏན་ཏུ་བྱས་ལ། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི།] ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུའི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཕུར་པའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུག༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ [ཅེས་དྲག་སྔགས་ཕུར་བསྐོར་དང་བཅས་སྲས་མཆོག་གི་ཕུར་བུ་ལིང་གའི་གནས་རྣམས་སུ་གདབ་ཅིང་། སྤུ་གྲིའི་སྔགས་བཟླ་བཞིན་དུ་ཐུན་གྱིས་བྲབ། ཁྱད་པར་དཔལ་

p. 522

གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི།] ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས༔ བཞེད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔ ཞབས་ཀྱི་ཕུར་བས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་

p. 523

མཆིན་པའི་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབས་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབས་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་རྣམས་ཀྱི༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེག༔ དམ་ཉམས་ཉུལ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ་གྲུ་བུ་གྲུ་ཨ་པ་ཙེ༔ རུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟྭཾ་བྷ་ཡ༔ ཡཀྴ་བྱིན༔ ཡཀྴ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ [ཞེས་ཀུན་ཐུབ་མའི་ཕྱག་མཚན་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་གཟིར། ཊྰཀྐི་དཀར་པོས་གྲི་ཤར་བྱེད་ཅིང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ པུ་ན་རཀྴ་རྦུད་ལིང་༔ ཏྲིའུ་ཏྲིའུ་མ་ཡ་ན་མོ་ཤོ་ཛ་མཱ་ར་ཡ་རྦད་རྦད༔ [ཊྰཀྐི་ནག་པོས་གྲི་ལག་ལ་མི་ལྤགས་ཀྱི་ལྕགས་འབྲས་བཏགས་པས་བྲབ་ཅིང་།] ཨོཾ་སུམྦྷ་ནི་[སོགས་ཧཱུྃ་

p. 524

བཞི་པའི་སྔགས་བརྗོད་ལ་ཐུན་གྱིས་བྲབ་པ་སོགས་ཚམ་རྔམས་དྲག་པོས་བསྐྲད་པ་རྣམས་དུས་དྲུག་བྱས་པའི་རྗེས་སུ་སྒྲུབ་པ་པོ་རྣམས་རྒྱན་དང་ཆས་གོས་བསྟར་ནས་དཀྱིལ་འཁོར་ལ་བསྐོར་ཏེ་རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོག་ཅིང་ཚིལ་ཆེན་དང་གུ་གུལ་སྲེག །དར་ནག་དང་ལྕང་ལོ་མི་ལྤགས་ཀྱིས་གཡབ་ཅིང་དད་པ་མཆོག་ཏུ་བསྐྱེད་ལ་བྱིན་དབབ་པར་བྱའོ། །གསུམ་པ་ནི། དེ་ལྟར་བརྩོན་པས་བསྒྲུབ་པས་མཚན་མའི་ལྟས་རབ་འབྲིང་ཐ་མ་གསུམ་གྱི་སྒོ་ནས་འབྱུང་བར་གསུངས་ཏེ། གནད་འཕྱང་ལས། རབ་ཕུར་པ་འགུལ་བ༔ འཁྲབ་པ༔ རཀྟ་མི་སྐམ་ཞིང་ཁོལ་བ༔ མར་མེ་གསལ་ཞིང་ཞག་གསུམ་འཛིན་པ་དང་༔ ཏིང་ངེ་འཛིན་གསལ་བ༔ ཉམས་དགའ་བ༔ དྲི་བཟང་འཐུལ་བ་ལ་སོགས་པ་འབྱུང་ངོ་༔ འབྲིང་དུ་རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་༔ ཉི་ཟླ་ལུས་ལ་ཤར་བ་དང་༔ ཉི་ཟླ་ལག་གིས་བཟུང་བ་དང་༔ ཉི་ཟླ་ལ་ཞོན་པ་དང་༔ དར་ཕྱར་དུང་འབུད་མེ་འབར༔ ཕུར་པ་ལ་སོགས་ཕྱག་མཚན་རྙེད་པ་འབྱུང་ངོ་༔ ཐ་མ་མེ་ཏོག་སྔོན་པོའི་གླིང་དུ་འདུག་པ་དང་༔ ནམ་མཁའ་ལ་འཕུར་བ༔ ཆུ་ཆེན་བརྒལ་བ༔ མཚོན་རྣོན་ཐོགས་པ༔ ཉམས་དཔའ་གདིང་སྐྱེ་བ་ལ་སོགས་པ་འབྱུང་ངོ་༔ ཞེས་གསུངས་པ་ལྟར་གྲུབ་པའི་མཚན་མ་དགེ་བར་མཐོང་བའམ་དུས་དང་གྲངས་ཀྱི་དམ་བཅའ་བརྟན་པོ་ཐེམས་ནས་དངོས་གྲུབ་བླང་བར་བྱ་སྟེ། སླར་ཡང་མཆོད་གཏོར་གསར་པ་བཟང་དུ་བཤམས་ཤིང་དངོས་གྲུབ་ཀྱི་རྫས་སོགས་ཁ་གསོ།

p. 525

ཕྲིན་ལས་ཀྱི་གཞུང་བསྲང་ནས་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་བསྐྲད་ཅིང་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། འཁོན་ལྕུགས་དང་ཉམས་གྲིབ་བཤགས་ལ་བྱིན་དབབ་པ་སྔོན་དུ་འགྲོ་བས། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔྲ་དགོངས་ནི།] བདག་ཉིད་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་སྡུད་བྱེད་ཀྱི་སྙིང་པོ་བུ་གར་ཨོཾ་དཀར་པོས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨེ་གྲུ་གསུམ་གྱི་དབུས་སུ་འབེབས་བྱེད་ཀྱི་སྙིང་པོ་ཨེ་དམར་པོས་མཚན་པ། མཁའ་གསང་སྦྱར་ཏེ་སྙོམས་པར་ཞུགས་པས། ཡུམ་གྱི་དུང་ཁང་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཚོན་གང་བ་བཞུགས་པ་རྣམས་བསྐུལ། སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་དཀར་པོ་ལྟ་བུ་དང་། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་རྩ་དབུ་མ་ནས་བྱུང་། ཡུམ་གྱི་མཁར་བབས་དཀར་དམར་འདྲེས་ནས་དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་དུ་འཁྱིལ་བ་དེ་ཨོཾ་ཨཱཿཧཱུྃ་གསུམ་དུ་གྱུར་པ་བདག་གི་རྡོ་རྗེའི་ནང་དུ་རྔུབས་ཏེ་ཐུགས་སྲོག་ལ་ཐིམ་པས་བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་[བསམས་

p. 526

ལ། དཀྱིལ་འཁོར་གསུམ་གྱི་ཛཔྲ་མཐར།] ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཨཱཿ[ཞེས་བཏགས་པ་ཅི་ནུས་སུ་བཟླ་ཞིང་།] སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཁྱབ། འབྱུང་བཞི་རིན་ཆེན་སྨན་རྫས་ཐམས་ཅད་ཀྱི་ཚེ་རིང་ནད་གདོན་སེལ་བྱེད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་གཟི་མདངས་བསྐྱེད། སེམས་ཅན་ཐམས་ཅད་ལ་འཕྲོས་པས་ལས་ཉོན་མ་རིག་པའི་བག་ཆགས་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འཕྲོས། མཉེས་མཆོད་ཕུལ། དགྱེས་པ་བསྐྱེ། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཨོཾ་ཨཱཿཧཱུྃ་གི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པས་ལས་ཉོན་བག་ཆགས་དང་བཅས་པ་སྦྱངས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དངོས་གྲུབ་ཐོབ། ཡང་འབྲུ་གསུམ་གྱི་རྣམ་པར་བསྡུས་ནས་རྟེན་རྫས་ཐམས་ཅད་ལ་ཐིམ་པས་འཕར་འཁྲབ་ཁོལ་ཞིང་དྲི་བཟང་དང་དུ་བ་སོགས་འབྱུང་བར་[བསམས་ལ། སྔགས་ཅི་འགྲུབ་བཟླས་པའི་མཐར་གདུང་དབྱངས་དྲག་པོས།] ཧཱུྃ༔

p. 527

དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང་༔ སྲས་མཆོག་སྒོ་བཞིའི་སྲུང་མར་བཅས༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ འདིར་གཤེགས་ཕོ་བྲང་གཉན་པོར་བཞུགས༔ ས་མ་ཡ་ཛཿཧཱུྃ་བཾ་ཧོཿ[ཞེས་བསྐུལ་ལ། ཀ་པཱ་ལ་མཚན་ལྡན་དུ་ཁྲག་ཆང་ཨ་མྲྀ་ཏ་དང་མངར་གསུམ་སྦྱར་བ་བདུད་རྩིར་སྦར་བ་ཐོགས་ཏེ།] ཧོཿདཔལ་ཆེན་ཡབ་ཡུམ་འཁོར་དང་བཅས་༔ དང་པོ་ཆོས་དབྱིངས་ཡེ་ཤེས་ལྷ༔ བར་དུ་བདག་གི་ཡི་དམ་ལྷ༔ ད་ལྟ་ལྷ་དང་གཉིས་སུ་མེད༔ གཉིས་མེད་རོལ་པའི་མཁའ་དབྱིངས་སུ༔ སྨན་རཀ་བདུད་རྩི་སྦྱར་བས་མཆོད༔ མཆོད་འབུལ་ཛཔྲ་དགོངས་དངོས་གྲུབ་སྩོལ༔ [ཞེས་ཁྲག་ཆང་མཐེབ་སྲིན་གྱིས་འཐོར་ཞིང་སོ་སོའི་མཚན་སྔགས་མཐར།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ [ཞེས་བཏགས་པས་མཆོད། དངོས་གྲུབ་བསྡུ་བའི་ཛཔྲ་དབྱངས་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང་ཤར་དུ་འཁོད་པས།] ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་

p. 528

གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་དགོངས༔ དང་པོ་བསྙེན་པའི་དབུ་བཙུགས་ནས༔ དོ་ནུབ་ཕན་ཆད་ཞག་གྲངས་ཐེམས༔ བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཚང་༔ འགྲོ་བ་མ་ལུས་བསྒྲལ་སླད་དུ༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ༔ བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་སྦྱོར༔ གསང་བ་བྱང་སེམས་དངོས་གྲུབ་སྩོལ༔ ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་དང་༔ ཟ་བྱེད་གསོད་བྱེད་སྤྲུལ་པར་བཅས༔ ཕྱོགས་བཅུར་དབང་དང་ཕྱོགས་སྐྱོང་འདུལ༔ དབང་བཅུ་ཡོངས་རྫོགས་དངོས་གྲུབ་སྩོལ༔ དཔལ་ཆེན་སྐུ་གསུང་ཐུགས་ལས་འཁྲུངས༔ ཁྲོ་རྒྱལ་འབུམ་བས་མཐུ་སྟོབས་འཕགས༔ ཁྲོ་རྒྱལ་ཀུན་འདུས་ཀཱི་ལ་ཡ༔ ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་སྩོལ༔ གསེར་དངུལ་ཟངས་ལྕགས་ལྷ་ཕུར་བཞི༔ བསྙེན་ཅིང་བསྒྲུབ་པའི་ལྷ་ལགས་ཀྱིས༔ ཞི་རྒྱས་དབང་དྲག་དངོས་གྲུབ་སྩོལ༔ དཔལ་གྱི་བཀའ་ཉན་སྒྲུབ་མཆོག་སྐྱོང་༔ ཤྭ་ན་བདག་ཉིད་ས་

p. 529

བདག་བཞི༔ ཚེ་དབང་ལོངས་སྤྱོད་གྲུབ་རྟགས་རྣམས༔ མཐུ་བྱིན་དྲེགས་པའི་དངོས་གྲུབ་སྩོལ༔ བསེ་ལྕགས་དུང་གསུམ་སྐྱེས་བུ་གིང་༔ མ་བདུན་སྲིང་བཞི་དབང་ཕྱུག་ཚོགས༔ དྲག་རྩལ་དངོས་གྲུབ་རྒྱ་མཚོའི་མཛོད༔ ཕྲིན་ལས་ཡིད་བཞིན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་གུ་ཎ་ཕ་ལ་ཧོཿསིདྡྷི་སིདྡྷི་ཧཱུྃ་ཧཱུྃ་ཨ་ཨ་ཨཱ༔ [ཞེས་བརྗོད་ལ་སྒྲུབ་རྟེན་གནས་གསུམ་དུ་གཏུག་ཅིང་དམ་རྫས་རྣམས་ལ་ལོངས་སྤྱོད་ནས།] ལྷ་དང་དངོས་གྲུབ་འོད་དུ་ཞུ་བ་བདག་གི་ཐུགས་སྲོག་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་[པར་བསམ། འདིར་རྒྱས་པ་དང་ཞི་བའི་སྦྱིན་སྲེག་སོ་སོའི་ཆོ་ག་བཞིན་དུ་བྱ་ཞིང་ཚོགས་ཀྱི་མཆོད་པ་རྒྱ་ཆེར་སྤེལ་ལོ། །བཞི་པ་ནི། སྲེག་འཕང་མནན་པའི་ཆོ་ག་གསུམ་གྱིས་ངན་སྔགས་དྲག་པོའི་ཕྲིན་ལས་ཀྱི་མཇུག་བསྡུ་བ་སྟེ། རྒྱས་པར་སོ་སོའི་གཞུང་དུ་བལྟ་བར་བྱ་ཞིང་། བསྡུས་པར་གཏོར་ཟོར་རྣམས་ཕྱིར་བཏེགས་ལ་ཟོར་ལས་ཀྱིས་དགྲ་ཕྱོགས་སུ་འཕང་། ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་པར་མེ་ཉིད་རྡོ་རྗེ་སྲིན་པོའི་ལྷ་ཚོགས་སུ་གསལ་བའི་ཞལ་དུ་སྲེག་ལིང་ཞུན་མར་དང་བཅས་པ་སྤུ་གྲིའི་སྔགས་མཐར་སྲེག་སྔགས་བཏགས་པས་བསྲེག །མནན་

p. 530

རྫས་རྣམས་སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པར་མནན་ལ་རོ་གཡམ་རྒྱ་གྲམ་བྲིས་པས་བཀབ་སྟེ་དམིགས་བྱ་གཤིན་རྗེའི་བཙོན་ཁང་དུ་ཚུད་པའི་སྟེང་དུ་རི་རབ་ཀྱིས་མནན་པར་བསམ་ལ་བྲོ་བརྡུང་གཞུང་བཞིན་དུ་བྱ། གཞན་ཡང་ཞི་བ་ལ་སོགས་པའི་ཕྲིན་ལས་རབ་འབྱམས་གང་གིས་སེམས་ཅན་གང་འདུལ་བ་དེ་དང་དེའི་མོས་བློ་དང་འཚམས་པའི་སྤྱོད་པ་ལ་འཇུག་པར་བྱའོ། །དེ་དག་གིས་དངོས་གཞིའི་ལས་ཀྱི་རིམ་པ་རྣམས་གྲུབ་པ་ཡིན་ནོ། །སྤྱི་དོན་གསུམ་པ་རྗེས་མཐའ་རྒྱས་ཀྱི་བྱ་བས་མཇུག་བསྡུ་བ་ལ་བརྒྱད། གཏོར་མ་གཏང་བ། གཏེར་སྦ་བ། དཀྱིལ་འཁོར་བསྡུ་བ། མཚམས་གྲོལ་བ། རྡུལ་མཚོན་གཤེགས་པ། སྨོན་ལམ་གདབ་བ། ཤིས་པར་བྱ་བ། དགའ་སྟོན་དང་གནས་སྲུང་བའོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་དངོས་གྲུབ་ཀྱི་དོན་དུ་བཞག །དམ་ཅན་ལ་སོགས་པའི་འཕྲལ་གཏོར་རྣམས་རོལ་མོའི་སྒྲ་དང་བཅས་པས་ཡང་ཐོག་ཏུ་ཁྱེར་ལ་ཐ་ཚིག་བསྒྲག་ཅིང་བརྟན་མ་བསྐྱང་སྟེ་ཛ་གད་ཕུད་སྐྱེམས་དང་བཅས་པས་ཀྱང་མཆོད་དོ། །གཉིས་པ་གཏེར་སྦ་བ་ནི། རིན་པོ་ཆེའམ་རྫའི་བུམ་པར་ལྔ་ཚན་ལྔ་དང་འབྲུ་སྨན་རིན་ཆེན་རྟེན་གཏོར་དངོས་གྲུབ་ཀྱི་རྫས་ལ་སོགས་པས་གཏམས་ཏེ་ཁ་དམ་པར་བཅད་ནས་རིགས་ལྔའི་ཕྱག་མཚན་བྲིས་པ་ཐོགས་ལ།] ཏྲཱཾ་ལས་རིན་པོ་ཆེའི་མཆོད་སྡོང་དགོས་འདོད་ཐམས་ཅད་འབྱུང་བའི་གཏེར་དུ་གྱུར་[པར་བསམ་ཞིང་།] ཨོཾ་ཨཱཿཧཱུྃ། [ལན་གསུམ་གྱིས་

p. 531

བྱིན་རླབས་ཏེ།] ཧཱུྃ༔ ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས༔ ས་ཡི་ལྷ་མོ་མཁའ་ཕྱེ་ཅིག༔ དབང་ཆེན་ཡུམ་ལྔའི་མཁའ་ཀློང་དུ༔ སྒྲུབ་པ་ལས་ཀྱི་གཏེར་སྦའོ༔ དཔལ་ཆེན་ཡབ་ཡུམ་གཏེར་སྦའོ༔ ཁྲོ་རྒྱལ་ཡབ་ཡུམ་གཏེར་སྦའོ༔ ཁྲ་ཐབས་ཡབ་ཡུམ་གཏེར་སྦའོ༔ སྲས་མཆོག་ཕུར་པའི་གཏེར་སྦའོ༔ དམ་ཅན་ཚོགས་ཀྱི་གཏེར་སྦའོ༔ དམ་རྫས་གཏོར་མའི་གཏེར་སྦའོ༔ གཏེར་ཆེན་སྦས་པའི་བྱིན་རླབས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས༔ ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ གཏེར་ཆེན་ཁྱེད་ཀྱིས་མདུན་ནས་བསུ༔ འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག༔ ཡེ་ཤེས་ལྷ་ཡིས་བར་སྣ་དྲོངས༔ ཕྲ་མེན་ཚོགས་ཀྱིས་གཡས་གཡོན་སྐྱོར༔ འཁོར་གྱི་མ་ཚོགས་རྒྱབ་ནས་སྐྱོབས༔ བཅུ་གསུམ་ས་ལ་བགྲོད་པར་ཤོག༔ [ཞེས་སྒྲུབ་ཁང་གི་ཕུག་སོགས་ཕྱོགས་གང་བདེར་སྦ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་རོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། གཏང་རག་གི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་སྔོན་དུ་འགྲོ་བས་ཕྱི་ནང་གི་མཆོད་པ་འབུལ་ཞིང་བསྟོད་པ་བྱས་ལ་ནོངས་པ་བཟོད་པར་གསོལ། དེ་ནས་མངོན་པར་འདོད་པའི་དོན་གྲུབ་

p. 532

པར་གསོལ་བ་གདབ་པ་ནི།] ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །[ཅེས་སོགས་དང་།] བཛྲ་མུཿ[ས། རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། རྣམ་པ་དམ་ཚིག་གི་དཀྱིལ་འཁོར་ལས་བྱང་བཞིན་ཉེར་བསྡུ་བྱས་ཏེ་རྒྱུན་གྱི་ཏིང་ངེ་འཛིན་ལ་འཇུག་གོ །བཞི་པ་མཚམས་དགྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པར་སྔར་བཞིན་སོང་སྟེ་རྒྱལ་ཆེན་བཞི་དང་སྒོ་ཕྱི་ནང་གི་ཁྲོ་བོ་གཉིས་རྣམས་ལ་མཆོད་ཅིང་བསྟོད་ནས་ཡེ་ཤེས་པ་སྐུ་གཟུགས་ཀྱི་བྱང་བུ་རྣམས་ལ་བསྟིམས་ཏེ་ལྷག་གནས་ཀྱི་མེ་ཏོག་འཐོར། ནང་དུ་ཞུགས་ལ་ཧཱུྃ་མཛད་ཀྱི་རྒྱ་དང་ལྡན་པས་སུམྦྷ་ནི་བརྗོད་ཅིང་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ།] ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སྰ་དྷ་ནི་སྭཱ་ཧཱ། [ཞེས་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་ཁུང་བུར་ཡང་འཐོར། ལྷ་རྣམས་ཀྱང་གཤེགས་ལ་ཁུང་བུ་དགང་ངོ་། །ལྔ་པ་རྡུལ་ཚོན་བསྡུ་ཞིང་གཤེགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་ཨ་ཀཱ་རོ་བརྗོད་བཞིན་པས་གཡས་པའི་རྡོ་རྗེས་ཤར་གྱི་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་ལྷག་མ་རྣམས་རྗེས་མི་མངོན་པར་འཕྱག་ལ། དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་ཏེ་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གི་ཆུས་དབྱི། དུས་དེ་ཉིད་དུའམ་གཞན་གྱི་ཚེ་ནའང་རུང་སྟེ་རྡུལ་ཚོན་ཉིད་སློབ་དཔོན་སློབ་

p. 533

མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ་རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་པས་རྒྱུན་མི་འཆད་པའི་ཆུ་ཀླུང་ཆེན་པོའི་འགྲམ་དུ་ཁྱེར་ནས། དེར་དྲིའི་མཎྜལ་དཀར་པོ་འདབ་མ་བརྒྱད་པའི་དབུས་དང་པད་འབད་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཉེར་སྤྱོད་དཀར་སྐྱེམས་ལྷ་བཤོས་དང་བཅས་པ་དང་། དེའི་མདུན་རྒྱབ་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞུགས་སུ་གསོལ། མཆོད་པ་རྣམས་བྱིན་གྱིས་བརླབས་ནས། རྟེན་བསང་སྦྱང་།] སྟོང་པའི་ངང་ལས་བྃ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་སྣང་གི་ཡུམ་དང་བཅས་པའོ། །སྙིང་གནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པའི་སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་[བལྟས་ལ།] ཨོཾ་བཛྲ་སཏྭ་ཨཱཿམ་ཧཱ་ནྰ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་པུཥྤེ་[སོགས་ཀྱི་མཆོད།]

p. 534

གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནྰ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝ༔ ཕྲུཾ་ཕུ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་འོ་ཐུག་གི་གཏོར་མ་ཕུལ་ནས།] ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། [ཞེས་རྡུལ་ཚོན་གཏད་དེ་ཆུ་ལ་བསྐུར་བ་དེ་རྣམས་ཀྱིས་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་སྤྱན་དྲངས་པར་བསམ་ལ།] ཨོཾ་མ་ཧཱ་ནྰ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། [ཞེས་པས་ཀླུ་རྣམས་རང་གནས་སུ་གཤེགས།] ཛཿཧཱུྃ་བྃ་ཧོཿས། རྡོ་རྗེ་སེམས་དཔའ་རང་ལ་[བསྟིམ། མཆོད་གཏོར་དང་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་བཀྲུ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས་སྔར་བཞིན་ཁྱེར་ཏེ་ཞི་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་ལ་

p. 535

སོགས་པར་བསང་གཏོར་བྱའོ། །དྲུག་པ་སྨོན་ལམ་གདབ་པ་ནི། སློབ་དཔོན་འདུས་པར་བཅས་པ་རྣམས་ཀྱི་ལག་བསྣོལ་བས་སྲིན་ལག་སྦྲེལ་ཏེ་གཡོན་པས་མར་མེ་ཐོགས། རྒྱལ་ཚབ་པས་གཏོང་ཐུན་གྱིས་དྲངས་པའི་དབྱངས་སྙན་པོས།] ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལམ་དུ་ཞུགས་པའི་ཚེ༔ དམྱལ་བའི་ཟངས་ཁར་ནམ་ཡང་མི་སྐྱེ་ཞིང་༔ གཅན་གཟན་གདུག་པའི་སྒྲ་སྐད་མི་ཐོས་ཤིང་༔ བག་ཆགས་ངན་པའི་ནད་རོ་མི་ལྡང་བར༔ རིགས་དྲུག་འཁོར་བའི་སྡུག་བསྔལ་འབྱུང་མི་འགྱུར༔ མཚོན་རྣོན་གདུག་པའི་དབལ་གྱིས་མི་ཕོག་ཤོག༔ དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེའི་མཆེད་གྲོགས་རྣམས༔ ཐབས་དང་ཤེས་རབ་འབྲེལ་བའི་གཟུངས་མ་གསུམ༔ ཚེ་རབས་འདི་ནས་སྐྱེ་བ་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་འཆི་བའི་དུས་བྱུང་ཚེ༔ གཏི་

p. 536

མུག་མུན་པའི་གླིང་དུ་འཁྱམས་གྱུར་ཅིང་༔ འཁོར་བའི་གཡང་ས་ཆེན་པོར་ལྟུང་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ སེམས་ཅན་ལས་ཀྱིས་མནར་བའི་སྡུག་བསྔལ་གྱིས༔ དམྱལ་བའི་ཟངས་ཁར་ནང་དུ་ལྟུང་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ང་རྒྱལ་ཁྲོ་གཏུམ་ཁེངས་པའི་སྡུག་བསྔལ་གྱིས༔ གཅན་གཟན་གདུག་པའི་སྒྲ་སྐད་ཐོས་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ འདོད་ཆགས་འཛིན་པ་ལས་ཀྱི་སྡུག་བསྔལ་གྱིས༔ གཅོང་རོང་ཟབ་མོའི་ནང་དུ་སྐྱེ་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ཕྲག་དོན་ཟུག་རྔུ་ལས་ཀྱི་སྡུག་བསྔལ་གྱིས༔ མི་བཟད་

p. 537

མཚོན་ཆའི་དབལ་གྱིས་ཕོག་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས་༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ནམ་ཞིག་ས་དང་ལམ་གྱི་ཡོན་ཏན་རྫོགས༔ སྟོབས་བཅུའི་ཡོན་ཏན་ཉེ་བར་གྱུར་པའི་ཚེ༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས་༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ༔ ཉོན་མོངས་བག་ཆགས་མ་ལུས་བྱང་གྱུར་ནས༔ ཕ་རོལ་ཕྱིན་དྲུག་འགྲོ་དོན་དཔག་མེད་ཅིང་༔ ས་བཅུའི་རྒྱུན་མཐར་གཅིག་ཆར་རྫོགས་གྱུར་ཅིག༔ ས་བཅུའི་ཁྱད་པར་རྩེ་མོར་ཕྱིན་པའི་ཚེ༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདུན་བསུས་ཤིག༔ བྱང་ཆུབ་སེམས་མ་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ ཁྲོ་བ་ཁྲོ་མོ་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ འགྱུར་མེད་རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ ཀུན་ཏུ་འོད་ཀྱིས་ལ་ཕྱིན་པའི་ཚེ༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་མདུན་བསུས་ཤིག༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་

p. 538

མཐའ་སྐྱོངས་ཤིག༔ ཡེ་ཤེས་ཁྲོ་བོ་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་པར་ཤོག༔ རྡོ་རྗེ་འཛིན་པའི་ས་ལ་ཕྱིན་པའི་ཚེ༔ སྔོན་ནས་འབྲེལ་བའི་ལྷ་ཡིས་མདུན་བསུས་ཤིག་༔ མཁའ་སྤྱོད་རིག་འཛིན་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ སྤྲུལ་པའི་དཀྱིལ་འཁོར་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ ཡང་དག་རྡོ་རྗེའི་ལམ་མཆོག་ཐོབ་པར་ཤོག༔ འཁོར་ལོ་ཚོགས་ཆེན་ས་ལ་ཕྱིན་པའི་ཚེ༔ འདས་པའི་སངས་རྒྱས་རྣམས་ཀྱིས་མདུན་བསུས་ཤིག༔ ད་ལྟར་བཞུགས་པ་རྣམས་ཀྱིས་མཐའ་སྐྱོངས་ཤིག་༔ སླད་ནས་འབྱོན་པ་རྣམས་ཀྱིས་རྒྱབ་སྐྱོར་ཅིག༔ ཡང་དག་རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ ཡེ་ཤེས་བླ་མའི་ས་ལ་ཕྱིན་པའི་ཚེ༔ ཀརྨ་ཧེ་རུ་ཀ་ཡིས་མདུན་བསུས་ཤིག༔ རང་བྱུང་ཁྲོ་རྒྱལ་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ རང་སྣང་དག་པའི་དཀྱིལ་འཁོར་དེར་གྲུབ་ཚེ༔ ཉིད་ལས་མི་གཞན་དག་པའི་འཁོར་རྣམས་ལ༔ མི་དམིགས་དགོངས་རྒྱུད་

p. 539

དག་པའི་དཀྱིལ་འཁོར་གྱིས༔ ཏིང་འཛིན་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག༔ སྤྲོས་མེད་དག་པའི་དཀྱིལ་འཁོར་དེ་ཉིད་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དཔལ་ཤར་ཚེ༔ གང་འདུལ་འགྲོ་བའི་དོན་རྣམས་ཡོངས་རྫོགས་ཏེ༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ [ཅེས་འདུས་པ་ཀུན་གྱིས་རྗེས་ཟློས་དང་བཅས་སྨོན་ལམ་ནན་ཏན་དུ་གདབ་ཅིང་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །བདུན་པ་ཤིས་པ་བརྗོད་པ་ནི། ལས་བྱང་ནས་འབྱུང་བས་མཚོན་ཤིས་པ་བརྗོད་པའི་ཚོགས་རྒྱ་ཆེར་སྤེལ་ཞིང་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །བརྒྱད་པ་དགའ་སྟོན་དང་གནས་སྲུང་བ་ནི། སླར་ཡང་ཞག་ལྔའམ་གསུམ་ལ་སོགས་པར་བཟའ་བཅའ་མྱང་བ་ལྡག་པ་དང་ཆང་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་དང་ལྡན་པས་སྐྱེ་བོ་དམ་པའི་འདུས་པ་དང་དགའ་སྟོན་རྒྱ་ཆེན་པོར་བྱ་ཞིང་། བཀྲ་ཤིས་ཀྱི་ཆོ་གས་ཕྱོགས་ཐམས་ཅད་དུ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །ཞར་བྱུང་འཕྲོས་དོན་དུ་མོས་སློབ་ཀྱི་སྒྲུབ་ཆེན་འདྲ་འབག་ཙམ་ཡང་མི་ལྕོགས་པས་སྒྲུབ་མཆོད་སྤྱི་འགྲོ་ལྟར་བྱེད་པར་འདོད་ན། ནུབ་དང་པོ་ས་ཆོག་གི་ས་བཟུང་བ་ཡན་ཆད་སྔར་བཞིན་ལས། ས་བསྲུང་གི་ཚེ་ནང་མཚམས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ཕུར་གདབ་རྣམས་བྱས་ལ་ཆག་ཆག་གདབ་ཅིང་

p. 540

ཐིག་དང་ཚོན་གྱི་དཀྱིལ་འཁོར་བྲི། ནུབ་གཉིས་པ་ལ་ཕུར་བུ་བྱིན་གྱིས་བརླབས་ནས་ཕུར་ཁྲོམ་སྒྲུབ་རྫས་མཆོད་གཏོར་དཀྱིལ་འཁོར་གྱི་རྒྱན་སོགས་སྡེབས་འགོད་བྱས་ཏེ་སྔགས་རྒྱས་སྤེལ་བའི་བར་ཙམ་བྱའོ། །དེ་ནས་སྒྲུབ་མཆོད་དངོས་གཞི་ཞག་གྲངས་ཇི་ཙམ་བྱེད་ཀྱི་བར་ཉིན་རེ་བཞིན་ལས་བྱང་གི་གཞུང་སྲོང་ལུགས་འདྲ་བ་ལས། ཐུན་བཞིའི་ངེས་པ་མི་དགོས་ཤིང་། འགྲུབ་ན་བདག་འཇུག་རེ་ལེན། ནུབ་ཐ་མར་དངོས་གྲུབ་ལེན་པ་དང་། ལྕོགས་ན་སྦྱིན་སྲེག་བྱ། དཀྱིལ་འཁོར་བསྡུ་བ་དང་། ཕུར་བུ་ཕྱུང་ལ་རྡུལ་ཚོན་དབྱི་ཞིང་ཆུ་བོར་དོར་བ་རྣམས་ལྷག་པོར་བསྒྲུབ་པ་སྟེ། འདོར་ལེན་གྱི་དམིགས་ཕྱེད་པར་བྱ་བ་ཡིན་ནོ། །སྤྱི་དོན་གསུམ་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་ནི། བདག་དོན་སྒྲུབ་གཞུང་ལས། དེ་ལྟར་ཉམས་སུ་བླངས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་རྫོགས་སུ་ཐོབ་ནས༔ ཕྲིན་ལས་རྣམ་བཞི་རྩོལ་མེད་ལྷུན་གྲུབ་སྟེ༔ འགྲོ་དོན་རྒྱ་ཆེན་པོ་འབྱུང་ངོ་༔ དགྲ་བགེགས་རང་བཞིན་གྱིས་ཐུལ་ལོ༔ ཕྱི་མ་ཕྱག་རྒྱ་ཆེན་པོ་མཆོག་གྲུབ་རིག་འཛིན་ལྷུན་གྱིས་གྲུབ་པར་འགྱུར་ངེས་སོ༔ ཞེས་དང་། སྔགས་ཀྱི་དངོས་གྲུབ་ཅི་འདོད་སྟེར༔ རིག་འཛིན་རྣམ་བཞི་གང་བསྒྲུབ་འགྲུབ༔ ཚེ་དབང་བསོད་ནམས་དབང་ཐང་འཕེལ༔ འབྱོར་པ་ཀུན་རྫོགས་ལོངས་སྤྱོད་ལྡན༔ ལྷ་སྲིན་ཀུན་གྱི་རྗེ་བཞིན་འཁུར༔ དགྲ་བགེགས་ཀུན་ཀྱང་གཞོབ་བཞིན་འདུལ༔ བསྟན་པ་ཀུན་ཀྱང་དར་ཞིང་རྒྱས༔ དམ་ཚིག་འདི་དག་གཙོར་

p. 541

ལེན་ན༔ འགྲུབ་པར་འགྱུར་ཏེ་གདོན་མི་ཟ༔ ཞེས་གསུངས་ཤིང་། ཁྱད་པར་ཕུར་པ་མཁན་པོ། བཀྲ་ཤིས། དཔལ་ཆེ། ཚེ་རིང་། ནོར་ཕྱུག །འཁོར་རྒྱས། སྲིད་འཕེལ། མཐུ་ཆེ། མཐའ་བཙན་པ་སྟེ་ཡོན་ཏན་བརྒྱད་དང་ལྡན་པར་གསུངས་པ་སོགས་ཕུར་པ་རོལ་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བརྩོན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། སྒྲུབ་ཆེན་འདི་ལྟ་བུ་ནི་འཁོར་ཚོམ་བུ་དང་བཅས་པ་བཙན་ཐབས་སུ་འཚང་རྒྱ་བའི་ཐབས་མཁས་རྨད་དུ་བྱུང་བའི་གསེང་ལམ་ཡིན་པས་མཐོང་ཐོས་དྲན་རེག་ཙམ་གྱིས་འབྲེལ་བ་ཐམས་ཅད་ཀྱང་སྐལ་བ་དང་འཚམས་པར་རིག་པ་འཛིན་པའི་ས་ལ་དབུགས་ཆེན་འབྱིན་པར་འགྱུར་བ་ནི་ནམ་ཡང་མི་བསླུ་བའི་ཚད་མ་ཉིད་དུ་ངེས་པའོ། །ཕྲིན་ལས་རོལ་པའི་དཀྱིལ་འཁོར་འཁོར་ལོ་གང་། །ཚོམ་བུ་ཚོགས་སུ་སྒྲུབ་པའི་ལས་ཀྱི་ཁྲིགས། །རྒྱུད་ཀྱི་གཞུང་དང་གྲུབ་པའི་མན་ངག་གནད། །ཇི་བཞིན་མ་ནོར་བསྡེབས་འདི་འཇུག་བདེའི་དཔྱིད། །ཅུང་ཞིག་འབད་པའི་བསོད་ནམས་གང་ཐོབ་པ། །བསྟན་དང་འགྲོ་བའི་ཉེར་འཚོའི་གཞིར་གྱུར་ནས། །ཕུར་བུ་གྲུབ་པས་ལྗོངས་ཀུན་ལེགས་གཏམས་ཏེ། །འགྲོ་འདུལ་ཕྲིན་ལས་རྟག་ཁྱབ་དཔལ་འབར་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྒྲུབ་ཆེན་གྱི་ཁོག་དབུབ་དངོས་གྲུབ་འདོད་པ་འཇོ་བའི་ཟ་མ་ཏོག་ཅེས་བྱ་བ་འདི་ནི། གསང་ཆེན་བསྟན་པའི་རྩ་ལག་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་དུ་འདི་ཉིད་ཀྱི་སྒྲུབ་རྒྱུན་གསར་

p. 542

འཛུག་མཛད་པའི་ཆ་རྐྱེན་དུ་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟ་བུ་ཞིག་གྱིས་ཞེས་རྣམ་འདྲེན་གསུང་སྤྲུལ་བཅུ་པ་པདྨ་ངག་དབང་ཆོས་ཀྱི་རྒྱལ་མཚན་གང་གི་བཀའ་སྩལ་རིན་པོ་ཆེའི་ཅོད་པན་སྤྱི་བོའི་རྒྱན་དུ་མཆོད་པར་བྱ་བའི་ཕྱིར། སྤུ་གྲི་རྩ་བའི་སྒྲུབ་འབུམ་ཆེན་མོ་དང་རང་དོན་བྱང་ཆུབ་སྒྲུབ་པ་དབང་གི་མདོ་བྱང་གལ་འགག་ལས་བཀོལ་དང་བཅས་པའི་དགོངས་པ་མ་འཁྲུལ་བར་མན་ངག་ཁྲིགས་བསྡེབས་ཀྱིས་གཏན་ལ་ཕབ་ཅིང་། མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་རྗེས་སུ་འབྲང་སྟེ་དཀྱུས་ཀྱི་ལག་ལེན་རྣམ་གསལ་བཀླག་ཆོག་གི་ཚུལ་དུ་བྱས་ཏེ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་དགུར་སོན་པ་དགའ་བའི་ལོ་ཁྲུམས་སྟོད་ཉ་བའི་ཤེར་ཕྱོགས་ཀྱི་ཚེས་བཅུ་ལ། ཡུལ་གངས་ཅན་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གྲོང་ཁྱེར་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུན་ས་ཆེན་པོར་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་རིག་བྱེད་སྨྲ་བའི་སློབ་དཔོན་ནོར་བུ་དབང་རྒྱལ་གྱིས་བགྱིས་པའོ། །འདིས་ཀྱང་དངོས་གྲུབ་རྣམ་གཉིས་རང་དབང་དུ་སྤྱོད་པས་སྲིད་པ་ཐམས་ཅད་རྡོ་རྗེ་ཕུར་བུ་འགྲུབ་པའི་རྒྱུར་གྱུར་ཅིག།། །།སརྦ་དཱ་མངྒ་ལཾ།། །།

དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་མངོན་པར་རོལ་བའི་དབྱིག

p. 543

༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་མངོན་པར་རོལ་བའི་དབྱིག་ཅེས་བྱ་བ་བཞུགས་སོ། །

p. 544

དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་མངོན་པར་རོལ་པའི་དབྱིག་ཅེས་བྱ་བ། བླ་མ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་རྟག་བརྟན་གཉུག་མའི་རྡོ་རྗེ་སེམས། །འཕོ་འགྱུར་བགྲེས་རྒུད་མཚན་བྲལ་གཞོན་ནུའི་གར། །སྲིད་པ་ཐལ་བར་འབྱིན་པའི་ཧེ་རུ་ཀས། །ངོ་མཚར་ཕྲིན་ལས་གྲུབ་པའི་མཆོག་སྩོལ་ཅིག །གང་གི་རིག་སྔགས་ནུས་པའི་མཐུ། །ཐོགས་མེད་བདེ་བླག་འབྱིན་པའི་ཐབས། །མཆོད་སྦྱིན་སྲེག་བླུགས་ཆོ་གའི་ཚུལ། །དངོས་གྲུབ་འདོད་འཇོའི་དབྱིག་ཏུ་

p. 545

བསྐྲུན། །[དེ་ཡང་མངོན་པར་འདོད་པའི་ལས་དང་དངོས་གྲུབ་སྒྲུབ་བའི་འབྲས་བུ་བདེ་བླག་ཏུ་འབྱིན་པར་བྱེད་པ་སྲེག་བླུགས་ཀྱི་ཆོ་ག་ཟབ་མོ་སྒྲུབ་པའི་ཚུལ་ལ་གཉིས་ཏེ། ཞི་བ་དང་། རྒྱས་བའོ། །སྔ་མ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་ནི། དུས་རབ་བཞིའི་ཡར་ངོའི་ཚེས་གཅིག་ལ་སོགས་པའི་སྔ་དྲོའི་ཆར། །གང་དུ་བྱ་བའི་གཞི་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བསྔོ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་བདག་པོའི་སྔགས་ཀྱིས་སྦྱོང་བ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བ་ཙམ་བྱས་རྗེས། བཀྲ་ཤིས་པའི་ས་ལས་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་

p. 546

དཔངས་སུ་ཁྲུ་ཕྱེད་པ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བཞི་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། མུ་རན་ལ་མེ་རི་གཡས་བསྐོར། ཐབ་དབུས་སུ་རྡོ་རྗེ་དཀར་པོ་སོར་བརྒྱད་པའི་ཚད་ཅན་རྩེ་མོ་ཤར་དུ་ཕྱོགས་པས་མཛེས་པ། ཐབ་སྟེགས་ཀྱི་སྟེང་ཕྱིའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། བྲིས་ཐབ་ཏུ་བྱེད་ན་སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་སྟེ་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་གིས་ཟླུམ་པོར་བསྐོར་བའི་ཕྱི་རོལ་སོར་བཞི་པའི་ཚད་ཀྱི་མཆུ་དང་ཁ་ཁྱེར་བསྐོར་ལ། དབུས་སུ་རྡུལ་ཚོན་གྱིས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་དཀར་པོ་རྃ་ཡིག་གིས་མཚན་པ། པདྨའི་ཕྱི་སྐོར་གྱི་ཟླུམ་སྐོར་བར་མར་མེ་རི་དཀར་པོ་གཡས་བསྐོར་དུ་འབར་བ་དང་། ཕྱི་མར་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བཅས་བྲི། དེར་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་བུད་ཤིང་ཟླུམ་པོས་ཁྲུ་གང་ཙམ་དུ་ཟླུམ་པོར་བརྩིགས་པའི་ནང་གི་ཤར་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་སྟེགས་དང་གཡོན་དུ་རྫས་སྟེགས་གཉིས་ཀ་དར་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་དང་། མདུན་དུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཉེར་

p. 547

སྤྱོད་གཉིས་བཅས་ཕྲེང་ཚར་དུ་འགོད། རྫས་སྟེགས་སུ་བལ་དཀར་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བ་སྣེ་གཉིས་མར་དང་སྦྲང་རྩིས་ཉུག་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་ཕྱེ་འོ་མར་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དུརྦ། ཀུ་ཤ་རྣམས་དང་། དར་དཀར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་བ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་མེ་དར་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་དཀར་པོ་བགོས་ཏེ་ཞི་ཞིང་དེས་བའི་སེམས་ཀྱིས་ཀུ་ཤ་སོགས་གཙང་མའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཤར་དུ་ཕྱོགས་པར་འཁོད་དེ་བདག་གི་རྣལ་འབྱོར་ལ་གནས་པས། ལས་བུ་བསྒྲུབ་པའམ་བསང་གཏོར་རྣམས་བདུད་རྩི་ཉིད་ཀྱིས་བྱས་ཀྱང་རུང་། སྒྲུབ་མཆོད་དང་འབྲེལ་བའི་ཚེ། རྩ་སྔགས་མཐར་ཕཊ་ཛཿཞེས་བཏགས་པ་བརྗོད་པས།] རང་ཉིད་དཀྱིལ་འཁོར་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ཧེ་རུ་ཀ་

p. 548

ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་[མོས་ཤིང་། རྡོར་དྲིལ། ཨ་མྲྀ་ཏས་བསང་།] སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ༔ [ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།] ཨོཾ་བཛྲ་གཎྜེ་ཨཱཿ[ཞེས་དྲིལ་བུ་བསིལ་ཞིང་དཀུར་བརྟེན།] ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾཿ[ཞེས་བད་སྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་ལ་བློ་བཞག །དགང་བླུགས་སྔར་བཞིན་བསང་སྦྱང་།] སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུག་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་[པར་བསམ། ཕྱི་ནང་གི་མཆོད་རྫས་རྣམས་བསང་སྦྱངས་ཏེ་བྱིན་གྱིས་བརླབ་པ་ལས་བྱང་ལྟར་བྱ། བསྲེག་རྫས་

p. 549

རྣམ་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་།] ཨོཾ་སྭཱ་ཧཱ། [ཡམ་ཤིང་ལ།] ཨོཾ་ཨཱཿསྭཱ་ཧཱ། [ཞུན་མར་ལ།] ཨོཾ་ཤྲཱི་སྭཱ་ཧཱ། [འབྲུ་རྣམས་ལ།] ཨོཾ་ཛྲིཾ་སྭཱ་ཧཱ། [རྫས་གཞན་རྣམས་ལ།] ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ༔ [ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། དེ་ནས་བཀྲ་ཤིས་པའི་གནས་ལས་བྱུང་བའི་མེ་དུ་བ་མེད་པ་གཡས་སུ་བསྐོར་ཏེ།] ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ༔ [ཞེས་ཐབ་ཀྱི་ཤར་ལྷོ་ནས་བཅུག །] ཧཱུྃ་ཧཱུྃ་ཧཱུྃ[ཞེས་རླུང་གཡབ་ཀྱིས་མེ་སྤར་ཞིང་།] ཧཱུྃ་[ལན་བདུན་བཟླས་པའི་བླུག་གཟར་གྱི་མར་ཁུའི་ཐིག་པས་ཀྱང་གསོ། དེས་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་བུམ་གྱིས་ཆུས་བྲན་ཏེ།] ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་བིགྷྣཱན་ན་ཤ་ཡ་ཧཱུྃ་ཕཊ༔ [ཅེས་བསང་ལ།] ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་

p. 550

མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། [ཞེས་ཀུ་ཤ་ཐབ་ཀྱི་གཡས་བསྐོར་དུ་བཀྲམ་ཞིང་སླར་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །གཉིས་པ་ལ། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འདས་པའི་མེ་ལྷ་མཆོད་པ་གཉིས་ཀྱི། དང་པོ་ནི། ཐབ་བསང་སྦྱང་།] སྟོང་བའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཐོ་དཀར་པོ་རཾ་གྱི་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཞི་ཞིང་འཛུམ་ལ་ཤ་སྐེམ་བ་ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་

p. 551

རིལ་བ་སྤྱི་བླུགས། གཉིས་པས་ཞི་བའི་དངུལ་ཕུར་འདྲིལ་བ། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། [དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ།] དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་[བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་།] ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨ་གཙྪ་ཡ༔ མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། [ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད།] ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ[ལྕགས་ཀྱུའི་ཕྱག་རྒྱས་དགུག །] ཨོཾ་བཛྲ་པཱ་ཤ་ཧཱུྃ། [ཞགས་པའི་ཕྱག་རྒྱས་གཞུག །] ཨོཾ་བཛྲ་སྥོ་ཊ་བྃ། [ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱས།] ཨོཾ་བཛྲ་གྷཎྜེ་ཧོཿ[དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད།] སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ སྤོས་དང་སྨན་སྦྱར་ཆུ་

p. 552

གཙང་དམ་པ་འདིས་༔ མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག༔ ཨོཾ་སྭཱ་བྷཱ་ཝ་ཤུདྡྷོ྅སྭཱ་ཧཱ༔ བདག་ཅག་མེ་ཏོག་སྤོས་རབ་དང་༔ སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿནས། ཤཔྡའི་[བར་གྱིས་མཆོད།] ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྩོལ་མཛད་པའི༔ བདག་གཞན་དོན་གྲུབ་ས་ལ་བཞུགས༔ འཛིན་བྱེད་མེ་ལྷ་ཉིད་ལ་འདུད༔ [ཅེས་བསྟོད། བུམ་ཆུས་གཏོར་ཞིང་།] ཇི་ལྟར་བལྟམས་པ་ཙམ་[སོགས་ཀྱི་མཐར།] ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ [ཞེས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར།] ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ༔ [ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི།] མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་[བར་བསམ་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་གང་བླུགས་བཟུང་ནས།] ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ།

p. 553

[ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བ་གཡས་སུ་བསྐོར་ཞིང་།] ཨོཾ་པཱ་བ་ཀ་ཨགྣ་ཡེ་[ཞེས་པའི་མཐར] བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། [ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དུ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག་པས་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་བསྲུང་བ་བྱ་ཞིང་།] བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ [ཞེས་སྦྱར་བས་སྲེག་བླུགས་བདུན་ལ་སོགས་པ་འབུལ་ལོ། །དེ་ནས་རྫས་རྣམས་ལས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་དུརྦ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་པས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་།] ཨོཾ་བྷོ་དྷི་བྲྀཀྵ་ཡ་སྭཱ་ཧཱ༔ གཟི་བརྗིད་ཕུན་གསུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་

p. 554

སྭཱ་ཧཱ། [མར་ཁུ།] ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ [ཏིལ།] ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ སྡིག་སྒྲིབ་ཐམས་ཅད་ཞི་བ་ལ་བར་དུ་གཅོད་པ་ཐམས་ཅད༴ [ཞོ་ཟན་ནམ་ཟས་མཆོག །] ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ [འབྲས།] ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ [ནས།] ཨོཾ་མ་ཧཱ་བེ་གྰ་ཡ་སྭཱ་ཧཱ༔ ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ [སོ་བ།] ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ གྲོ། ཨོཾ་བཛྲ་གྷསྨ་རི་ཡ་སྭཱ་ཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ [སྲན་མ།] ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ༔ སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ [དུརྦ།] ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ [ཀུ་ཤ]ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ལ་བར་དུ་གཅོད་པ༴ [དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར།] ཨ་ཀཱ་རོའི་[སྔགས་ལན་གསུམ་གྱིས་གཏོར་མ་བསྔོ། བསྟོད་པ་ནི།] ཧཱུྃ༔ ཚངས་

p. 555

པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ༔ རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ༔ ཉོན་མོངས་སྲེག་པའི་ཤེས་རབ་འོད༔ བསྐལ་པའི་མེ་བཞིན་གཟི་བརྗིད་འབར༔ མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན༔ ཐབས་ཀྱི་སྒྲུབ་པའི་ཐེག་པ་བཅིབས༔ བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་༔ བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་བསིམ༔ ཉེས་པའི་སྐྱོན་བྲལ་ཚངས་བར་སྤྱོད༔ འཇིག་རྟེན་གནས་ཀྱང་མྱ་ངན་འདས༔ ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ༔ དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ [ཅེས་བསྟོད། ཡིག་བརྒྱ་བརྗོད་པས་ནོངས་པ་བཤགས་ལ།] ན་མོ། རིག་པའི་རྒྱལ་པོ་ཁྱེད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་

p. 556

མཛད་དུ་གསོལ། [ཞེས་འདོད་དོན་གསོལ།] ཨོཾ་ཨཱཿཧཱུཾ་མུཿས་ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་[བསམ་མོ། །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཅུང་ཟད་ཁ་གསོལ་ལ་བསང་སྦྱང་།] ཧཱུྃ། དམ་ཚིག་མེ་ལྷའི་ལྟོ་བའི་དབྱིངས། །རང་བྱུང་ལྷུན་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་སྒོ་ཁྱུད་ཅན། །[སོགས་ནས།] མ་ཆགས་པདྨ་འབར་བའི་གདན་དུ་གསལ། །[ཞེས་པའི་བར་གྱིས་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། སྐབས་འདིར་སྦྱིན་སྲེག་རྐྱང་པའི་ཚེ་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་བྱེད་པ་ཡིན་ཅིང་། སྒྲུབ་མཆོད་དང་འབྲེལ་བའི་སྐབས།] ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ [ཞེས་སོགས་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་སྔགས་བཟླ་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་ལྷན་ཅིག་གཙོ་འཁོར་སོ་སོའི་བསྐྱེད་སྔགས་བརྗོད་པའི་མཐར།] ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ། །[ཞེས་སོགས་ནས།] མུ་རན་ཁོར་ཡུག་གང་བར་གྱུར། །[ཅེས་པའི་བར་གྱིས་ལྷ་ཚོགས་གསལ་བཏབ། གང་ལྟར་ཡང་མཆོད་པ་དང་བསྟོད་པའི་རིམ་པ་ལས་བྱང་བཞིན་སོང་ནས།] བསྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ། དཀྱིལ་

p. 557

འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ། [ཞེས་སོགས་འདོན་པ་སྤོས་ལ། གཙོ་སྔགས་ཀྱིས་དགང་ཞིང་བཞི་སྙིང་གཅིག་དྲིལ་སྤེལ་ཚིག་དང་བཅས་པས་ཕུལ། དེ་ནས་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་གཞན་ཐམས་ཅད་གཙོ་སྔགས་ལ།] ས་པ་རི་ཝཱ་ར་[བཏགས་པ་ཁོ་ནའམ། སྤྲོ་ན་གཙོ་བོ། ཁྲོ་བཅུ། སྲས་མཆོག །སྒོ་སྲུང་རྣམས་སོ་སོའི་སྔགས་དང་། དམ་ཅན་སྤྱི་ལ་བཞི་སྙིང་གཅིག་དྲིལ་བཅས། ཐོག་མར་དེ་དག་ལན་རེའི་མཐར་རྫས་སྔགས་ཁོ་ནས་བཅུ་ལ་སོགས་པ་ཇི་ལྟར་རིགས་པས་ཕུལ་མཐར་སྤེལ་ཚིག་གོང་ལྟར་སྦྱར། ཚུལ་དེ་ལྟ་བུས་གཙོ་འཁོར་གྱི་འགྲོས་དང་སྦྱར་ཏེ་འབུལ། རྫས་རྣམས་རྫོགས་ནས་ལས་བཅོལ་བ་ནི།] ཧོཿབཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་དཔོན་སློབ་[སོགས་གོང་བཞིན་འདོད་དོན་གསོལ་བས།] ལྷ་རྣམས་ཀྱིས་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོའི་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་ནད་གདོན་ལ་སོགས་པའི་

p. 558

ཉེས་པ་ཐམས་ཅད་དག་ཅིང་ཞི་བར་[བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར།] ཨོཾ་བཛྲ་ཝ་སྟྲ་ཡ་སྭཱ་ཧཱ༔ [ཞེས་གོས་ཟུང་དང་།] ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ༔ [ཞེས་སོ་རྩི་འབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤྭ་ལོ་ཀ་གཅིག་གིས་བསྟོད།] མ་རྙེད་ཡོངས་སུ་མ་ཚང་དང་། །[སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས།] ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། [ཅེས་སོགས་ནས།] བཛྲ་མུཿ[ཞེས་སེ་གོལ་གྱི་སྒྲས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་མཆོད་དང་འབྲེལ་བའི་ཚེ།] དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་[བསམ་ཞིང་མཎྜལ་མེ་ཏོག་གིས་མཚོན་པར་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས།] གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་[བསམ་མོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་།] བཛྲ་ས་མཱ་ཛཿ[ས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས།] ཛཿཧཱུྃ་བཾ་ཧོཿས། དམ་ཚིག་པ་དང་དབྱེར་མེད་དུ་གྱུར་[པ་ལ་སྔར་བཞིན་དགང་བླུགས་དང་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་ལྷག་མ་རྣམས་སོ་སོའི་སྔགས་མཐར།] ཨོཾ་པཱ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས༔ རྫས་དང་ཡོ་བྱད་

p. 559

མ་ཚོགས་པ་དང་༔ ཏིང་འཛིན་མ་གསལ་བ་དང་༔ ཆོ་ག་ལྷག་པ་དང་༔ ཉམས་པ་དང་༔ ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ [ཞེས་སྦྱར་བས་ཕུལ། གོས་ཟུང་དང་སོ་རྩིའང་གོང་གི་སྔགས་ཀྱིས་ཕུལ་མཐར།] པུཥྤེ་[སོགས་ཉེར་སྤྱོད་ལྔས་མཆོད།] མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །[ཞེས་བསྟོད།] ཨ་ཀཱ་རོ[ས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་འབུལ་ཞིང་།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །[སོགས་ཀྱིས་ཕྲིན་ལས་བཅོལ] མ་རྙེད་ཡོངས་སུ་[སོགས་ཀྱིས་ནོངས་པ་བཤགས།] བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཿ[ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམ། ལས་མཇུག་བྲོ་ཡིས་བསྡུ་བའི་སླད་དུ། ཞི་བའི་ཕུར་བུ་འདྲིལ། མཆེད་རྣམས་ལག་གཡས་སྟེང་དང་གཡོན་འོག་ཏུ་བྱས་པའི་འཛུབ་མོ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་ར་ཟླུམ་པོར་བསྐོར་བའམ་དེར་མོས་ལ།] ཧཱུྃ༔ དངུལ་ལམ་དཀར་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ༔ ངོས་

p. 560

ལ་ཞི་བའི་ལྷ་བསྒོམས་ཏེ༔ བཏབ་པས་འཇིགས་བརྒྱད་ཞི་བར་འགྱུར༔ བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཨོཾ་ལས་དེ་བཞིན་འཁོར་དང་བཅས༔ རྨུགས་པར་གྱུར་པའི་སེམས་ཅན་རྣམས༔ ཞི་བར་གྱུར་ལ་དབྱིངས་སུ་རོལ༔ [ཧཱུྃ་བཞི་པའི་སྔགས་དང་།] ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ སྟེང་གི་ལྷ་ཡང་ཞི་གྱུར་ཅིག༔ འོག་གི་ཀླུ་ཡང་ཞི་གྱུར་ཅིག༔ སྡང་བའི་དགྲ་ཡང་ཞི་གྱུར་ཅིག༔ གནོད་པའི་བགེགས་ཀྱང་ཞི་གྱུར་ཅིག༔ ནད་དང་སྡུག་བསྔལ་ཞི་གྱུར་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ [ཞེས་བྲོ་བརྡུང་། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། མེ་རང་ཞིར་གཏོང་བའམ་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་འབབས་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ། །༈གཉིས་པ་རྒྱས་བའི་སྦྱིན་སྲེག་གི་ཁྱད་པར་ནི། དུས་རབ་བཞིའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་ས་བཟང་པོ་སོགས་དཔལ་ཅན་གྱིས་ལས་བསྐྲུན་པའི་ཐབ་སྟེགས་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ། དཔངས་སུ་ཁྲུ་གང་ལ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བརྒྱད་དོར་བའི་རྒྱར་དཔངས་སོར་བརྒྱད་ཀྱི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ། མུ་རན་ལ་མེ་རི་གཡས་བསྐོར། ཐབ་དབུས་

p. 561

སུ་སོར་དྲུག་པའི་རིན་པོ་ཆེ་སེར་པོས་མཚན་པ། བྲིས་ཐབ་ཏུ་བྱེད་ན་སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱི་ཆ་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུའམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བའི་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག །གཏོར་མའི་རྒྱུ་གསེར་ཕྱེ་མེ་ཏོག །སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་དབྱིབས་གྲུ་བཞི་པད་འདབ་ཅན། ཡམ་ཤིང་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་བཟང་དང་མངར་གསུམ་མར་ཁུས་སྦགས་པ། བསྲེག་རྫས་ཞི་བ་དང་མཚུངས་པ་ལས་བིལྦ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དང་དར་གོས་སེར་པོའི་རིགས། སྣོད་དང་རྫས་ཐམས་ཅད་དབྱིངས་གྲུ་བཞི་ཁ་དོག་སེར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ལ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་པས་འཁོད་ནས་ལས་རིམ་ལ་འཇུག །མེ་རྒྱལ་རིགས་ཀྱི་ཁྱིམ་དང་རྩུབ་ཤིང་ལས་བྱུང་བས་སྦར། ཕྲིན་ལས་ཞི་བའི་སྐབས་ཁོ་ན་ལྟར་ལས། ཐབ་བསྐྱེད་སྐབས།] སྟོང་བའི་ངང་ལས་ཧཱུྃ་

p. 562

ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་སེར་པོ་ལས་དབྱུག་ཐོ་སེར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་སེར་པོ་དྲང་སྲོང་གི་ཆ་བྱད་ཅན། སྒེག་པའི་ཉམས་ཅན་ཤ་རྒྱས་པ་ཚངས་པའི་སྐུད་པ་སེར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཉིས་པས་རྒྱས་པའི་གསེར་ཕུར་འདྲིལ་བ། དྲང་སྲོང་གི་ཚོགས་ཀྱིས་[སོགས་སྔར་ལྟར་དང་།] མ་མ་ཤཱནྟིཾ་ཀུ་རུ[འི་མལ་དུ།] མ་མ་པུཥྚིཾ་ཀུ་རུ་ཨོཾ། ཞེས་དང་། ཞི་བའི་མལ་དུ་རྒྱས་པ་ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་། སྤེལ་ཚིག་སྐབས།] ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་

p. 563

གསོལ། [ཞེས་དང་།] གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ [ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས།] ན་མོ། རིག་པའི་རྒྱལ་པོ་[སོགས་གོང་ལྟར་ལ།] བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། [ཞེས་སྦྱར། འདས་པའི་དགང་བླུགས་སྐབས།] དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་[ཞེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ།] ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་[བསམ། བྲོ་བརྡུང་པའི་སྐབས་རྒྱས་པའི་ཕུར་བུ་འདྲིལ། གོང་མོ་སྦྲེལ་བའི་བྲོ་ར་གྲུ་

p. 564

བཞིའམ་དེར་མོས་ལ།] ཧཱུྃ༔ གསེར་རམས་སེར་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟུར་བཞི༔ ངོས་ལ་རྒྱས་པའི་ལྷ་བཀོད་དེ༔ བཏབ་པས་ཚེ་དབང་བསོད་ནམས་རྒྱས༔ མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ སྭཱ་ལས་རིན་ཆེན་འཁོར་དང་བཅས༔ ང་རྒྱལ་དྲེགས་པའི་སེམས་ཅན་རྣམས༔ རྒྱས་པར་གྱུར་ལ་དབྱིངས་སུ་རོལ༔ [ཧཱུྃ་བཞི་པའི་སྔགས་དང་།] རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཚེ་དང་བསོད་ནམས་རྒྱས་གྱུར་ཅིག༔ བཀྲག་དང་གཟི་བརྗིད་རྒྱས་གྱུར་ཅིག༔ གདུལ་བྱ་ཕྲིན་ལས་རྒྱས་གྱུར་ཅིག༔ སྭཱ་རཏྣ་ཀཱི་ལི་ཀཱི་ལ་ཡ་པུཥྚི་ཀུ་རུ་ཡེ་སྭཱ་ཧཱ༔ [ཞེས་བརྡུང་། རྗེས་མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བར་འོ་ཐུག་སྒྲུབ་ན་དེའི་ལག་ལེན་ནི་སྤྱི་ལྟར་ཤེས་པར་བྱའོ། །ཇི་སྙེད་སྔགས་ཀྱི་དངོས་གྲུབ་ནུས་པའི་སྒོ། །མྱུར་འབྱིན་མཆོད་སྦྱིན་སྲེག་བླུག་ཆོ་གའི་ཚུལ། །གསལ་བར་བརྗོད་ལས་ཕྲིན་ལས་ཡིད་བཞིན་དུ། །འཇོ་བའི་ངོ་མཚར་མཆོག་གི་རྒྱུར་གྱུར་ཅིག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་མངོན་པར་རོལ་པའི་དབྱིག་ཅེས་བྱ་བ་འདི་ནི། གསང་ཆེན་བསྟན་པའི་རྩ་ལག་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་དུ་འདི་ཉིད་ཀྱི་སྒྲུབ་རྒྱུན་གསར་འཛུག་མཛད་པའི་ཆ་རྐྱེན་དུ་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟ་བུ་ཞིག་གྱིས་ཞེས་རྣམ་

p. 565

འདྲེན་གསུང་སྤྲུལ་བཅུ་པ་པདྨ་ངག་དབང་ཆོས་ཀྱི་རྒྱལ་མཚན་གང་གི་བཀའ་སྩལ་རིན་པོ་ཆེའི་ཅོད་པན་སྤྱི་བོའི་རྒྱན་དུ་མཆོད་པར་བྱ་བའི་ཕྱིར། རིགས་མཐུན་གྱི་གཞུང་ལ་བརྟེན་ནས་དོན་གསལ་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། སྔགས་ཀྱི་བནྡྷེ་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ནོར་བུ་དབང་རྒྱལ་གྱིས་བགྱིས་པའོ། །འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ། །]

དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྨད་ལས་བདུད་དཔུང་མཐར་བྱེད་གནམ་ལྕགས་ཐོག་ཆེན།

p. 566
p. 567

༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྨད་ལས་བདུད་དཔུང་མཐར་བྱེད་གནམ་ལྕགས་ཐོག་ཆེན་ཞེས་བྱ་བ་བཞུགས་སོ། །

p. 568

དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྨད་ལས་བདུད་དཔུང་མཐར་བྱེད་གནམ་ལྕགས་ཐོག་ཆེན་ཞེས་བྱ་བ། བླ་མ་ཁྲག་འཐུང་བདུད་འདུལ་འབར་བ་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་ཕྲིན་ལས་མི་བཟད་ནུས་པའི་སྟོབས། །རབ་འཇིགས་གར་དགུའི་ཉམས་ཀྱིས་རྣམ་རོལ་པ། །སྲིད་པ་ཐལ་བར་འབྱིན་པའི་ཧེ་རུ་ཀས། །དེང་འདིར་བདུད་ལས་རྣམ་རྒྱལ་མཐུ་སྩོལ་ཅིག །གང་གི་རིག་སྔགས་རྡོ་རྗེའི་མཚོན། །མན་ངག་རྣོ་དབལ་རེག་གཅོད་ཀྱི། །སྤུ་གྲི་ངར་མའི་འཁོར་ལོ་ནི། །ཉམས་པའི་སྙིང་ལ་འདི་ལྟར་བསྐོར། །[དེའང་གསང་བའི་དཀྱིལ

p. 569

འཁོར་ཆེན་པོར་ཡོངས་སུ་སྨིན་ཅིང་བསྙེན་སྒྲུབ་མཐར་སོན་པ། ལྟ་བ་གཏན་ལ་ཕེབས་བས་བདེན་འཛིན་གྱི་དབལ་བཅོམ་སྟེ་ཆོས་ཐམས་ཅད་སྒྱུ་མའི་རོལ་རྩེད་དུ་ཤེས་པའི་སྔགས་པ་སྙིང་རྗེ་ཆེན་པོའི་ཀུན་སློང་དང་ལྡན་པ་དག་གིས་བསྟན་དགྲ་སྒྲོལ་བའི་ལས་ལ་མངོན་དུ་ཕྱོགས་པ་ན་ཚུལ་འདི་ལ་འབད་པར་བྱ་བ་ཡིན་ནོ། །དེ་ལ་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་སྔོན་དུ་འགྲོ་བས་ངན་སྔགས་ཉེ་བར་བསྙེན་པ་རྐང་ཐོན་དུ་སྒྲུབ་པའི་ཚུལ་ནི་མན་ངག་ལས་ཤེས་ཤིང་། འདིར་སྤྱིའི་ཁོག་དབུབ་གདབ་ཁ་དཀྱུས་སུ་ཚང་བ་དམར་ཆེན་གཏོར་ཟློག་གི་ལས་རིམ་ཟབ་མོ་བསྒྲུབ་པ་ལ་གསུམ་ཏེ། སྦྱོར་བ་ཡོ་བྱད་ཀྱི་ཤོམ། ཆོ་གའི་རིམ་པ་དངོས། རྗེས་ཀྱི་བྱ་བའོ། །དང་པོ་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། མར་ངོའི་གཟའ་སྐར་ཚེས་གྲངས་སོགས་

p. 570

དྲག་ཅིང་རྩུབ་པའི་དུས་སམ་གློ་བུར་གྱི་ཚེ་ཡང་རུང་ཏེ། ལས་དང་མཐུན་པའི་གནས་སམ་སྒྲུབ་པའི་ཁང་པར་དཔལ་ཆེན་པོ་དམ་ཅན་དང་བཅས་པའི་སྐུའི་རྟེན་དགྲམ་ཞིང་ངོ་མཚར་བརྗིད་ཆགས་པའི་སྤྱན་གྱི་གཟིགས་མོ་ཚར་དུ་དངར་བར་བསྟར། གུང་དུ་སྟེགས་བུ་མཐོ་བ་ལ་བླ་མ་ཡི་དམ་ནས་གཞི་བདག་གི་གཏོར་མའི་བར་མཆོད་པ་དང་བཅས་པ་སྤྱི་ལྟར་བ་ཤམ། ལས་དཀྱིལ་གྱི་གཞི་དེར་དུག་ཁྲག་གིས་ཆག་ཆག་གདབ། ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ་རྗེས་ཁྲུ་གང་ལས་མི་ཆུང་བ་ཟླུམ་པོར་བསྐོར་ལ་སྐོར་ཐིག་དང་ཤར་གྱི་ཚངས་ཐིག་འཕྲད་མཚམས་ནས་བཟུང་སྟེ་ནུབ་བྱང་གི་རྩ་ཐིག་བར་གྱི་ཟླུམ་ཐིག་ཆ་གསུམ་དུ་བགོས་པའི་ཆ་གཉིས་བྱང་དང་ཆ་གཅིག་ནུབ་ཏུ་བོར་བའི་འཕྲད་མཚམས་ནས་ཆོས་འབྱུང་གི་གཡོན་གྱི་ལོགས་ཐིག་བཏབ། དེ་བཞིན་དུ་ལྷོ་དང་ལྷོ་ནུབ་ཀྱི་བར་ལ་གཡས་དང་དེ་གཉིས་རྩེ་སྦྲེལ་བས་རྒྱབ་ཀྱི་ལོགས་ཐིག་འབྱུང་ངོ་། །ཟུར་གསུམ་དུ་སོར་གཉིས་རེ་བསྣན་པའི་རྩེ་རྣམས་སྦྲེལ་ཏེ་མུ་རན་དང་། དེའི་ཕྱིར་མེའི་ར་བ་གྲུ་གསུམ་ཆེ་ཆུང་ཇི་ལྟར་འོས་པ། ཆོས་འབྱུང་གི་ནང་གི་གྲྭ་གསུམ་ནས་ཟླུམ་ཐིག་བཞི་བསྐོར་བ་ལ། མུ་ཁྱུད། རྩིབས་བརྒྱད། ཐོད་པ། ལྟེ་བ་དང་། དབུས་སུ་ཆོས་འབྱུང་གི་གྲྭ་མདུན་བསྟན་མུ་རན་དང་བཅས་པའི་ཐིག་བཏབ། རྒྱས་པ་ལ་དགའ་ན་ཆོས་འབྱུང་གི་ཕྱིར་རྡོར་མེ་རིས་ཀྱང་བསྐོར། རྡུལ་ཚོན་དགྱེ་བ་ནི། ཆོས་འབྱུང་གི་ནང་ནག་པོ། མུ་རན་སྔོན་པོ། ཟླ་གམ་ཁྲག་མཚོ། མུ་ཁྱུད་ཐོད་སྐམ། རྩིབས་བརྒྱད་སེར་པོ། རྩིབས་མཆན་ཁྲག་མཚོ། མུ་ཁྱུད་

p. 571

ཕྱི་མ་དམར་སེར། ཆོས་འབྱུང་དང་མུ་རན་སྔར་བཞིན། མེ་རི་དམར་སེར་འབར་བ། རྡོ་ར་སོགས་ཡོད་ན་སྤྱི་མཐུན། ཆོས་འབྱུང་གི་ལྟེ་བར་ཉི་གདན་ལ་ཁྲོ་བོའི་རྡོ་རྗེ་རྭ་གདེངས་པ། ལྷ་གནས་གཞན་དུ་ས་བོན་ནམ་མེ་ཏོག་ནག་པོའི་ཚོམ་བུ་བཀོད། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་རྗེན་ཕྱེ་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་རྣོ་དབལ་ཅན་ལ་འཁོར་དམར་གྱི་བཤོས་ཕྲན་ཉེར་གཅིག་གིས་བསྐོར་བའི་རྩེ་མོར་སྐུ་རྟེན་བྱ་ཁྱུང་བ་དན་ནག་པོ་མེ་ལོང་བཙུག་ཅིང་། ཁྲག་ཀོང་། མཚེ་ཡུངས། རྩང་དམར། ཁྲམ་བྱང་། རྒྱུ་རློན་གྱི་ལྡ་ལྡི་སོགས་དྲག་རྒྱན་རྔམས་བརྗིད་དང་ལྡན་པ་འགོད། དེ་མཐར་ཁྲོ་བོ་བཅུའི་དམར་གཏོར་རང་རང་གི་འཁོར་ཅན་གཙོ་བོ་དང་དབྱིབས་མཚུངས་པ་སོ་སོའི་སྐུ་ཙཀ་བ་དན་གྱིས་སྦུད་པ་རྩིབས་སོ་སོ་དང་སྟེང་འོག་གི་ཁྲོ་བོ་ཤར་ནུབ་ཀྱི་ཐོད་རའི་ཁར་འགོད། དེའི་ཕྱི་རོལ་གྱི་ཕྱོགས་བཞིར་སྒོ་སྐྱོང་བཞིའི་གཏོར་མ་དང་། ཆོས་འབྱུང་ཕྱི་མའི་ཟུར་མདུན་མར་ཤྭ་ན་མ་བཞི། གཡས་ཟུར་དུ་བདག་ཉིད་མ་བཞི། རྒྱབ་ཏུ་ས་བདག་མ་བཞི། གཡོན་ཟུར་དུ་སྐྱེས་བུ་གིང་བཞི་རྣམས་ཀྱི་བཤོས་བུ་སོ་སོའི་མཐུན་རྫས་ཀྱིས་གཏམས་ཤིང་མདའ་དར་སོགས་རྒྱན་གྱིས་བརྒྱན་པ། ཕྱི་རོལ་དབང་མོ་ཉེར་བརྒྱད་ཀྱི་ཀོང་ཟོར་གྲུ་གསུམ་དུག་ཁྲག་གིས་བྱུགས་ཤིང་མཚེ་ཡུངས་བཙུགས་པ་ལོགས་རེར་བདུན་བདུན་བཀོད། མཐར་ཁྲག་ཆེན་དང་སྦྱར་བའི་མཆོད་ཡོན། དུག་དང་ཆུ་སེར་སྦྱར་བའི་

p. 572

ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་བྱུགས་པའི་སྤོས་རེངས། ཞུན་མར་རམ་མར་ནག་གི་སྒྲོན་མེ། ཆར་ལ་མཁྲིས་ཆེན་སྦྱར་བའི་དྲི་ཆབ། ཤ་རུས་ཀྱིས་གཏམས་པའི་བཤོས་བུ་ཟུར་གསུམ་དམར་ནག་སྟེ་དྲག་པོའི་མཆོད་པས་གཡས་སུ་བསྐོར། སྒྲུབ་དཀྱིལ་དེའི་ལྷོ་ནུབ་སྲིན་པོའི་ཕྱོགས་སུ་དངོས་སམ་བྲིས་པའི་བྲུབ་ཁུང་མཐའ་མ་རྩང་ཕུར་གྱིས་བསྐོར་བའི་ནང་དུ། དུར་ཁྲོད་ཀྱི་འཇག་མ། གྲོག་མཁར་གྱི་ས། དགྲ་བོའི་ཁང་ས་དང་དྲི་མ་རྣམས་སྦྱར་བའི་ལིངྒ་དབང་པོ་དོད་པ་ཞིག་བྱས་ལ་དེའི་སྙིང་གར་རོ་རས་ལ་དགྲ་སྲོག་སྤུ་གྲིའི་འཁོར་ལོ་བྲིས་པ་བསླན་ཅིང་ཡན་ལག་བྱད་ཐག་སྔོ་དམར་གྱིས་བཅིངས་པའི་སྣེ་མོ་ཐུན་ཕུར་ལ་བཏགས། དེའི་ཉེ་ལོགས་སུ་བྱ་རོག་དང་འུག་པའི་དང་རུ། གུ་གུལ་སོགས་དབྱེ་རྫས། འབེབས་པའི་ཡུངས་ཀར། ཚོན་སྐུ་དང་ཤི་ཡུག་གི་སྐྲའི་བྱད་ཐག །མྱོས་བྱེད་ཀྱི་དུག་ཁྲག །གཙོ་འཁོར་ཡོངས་རྫོགས་ཀྱི་ཕུར་བུ། གྲི་ལྕགས་ཀྱི་རལ་གྲི། ཐོ་བ། ཧོམ་གཟར་དང་བཅས་པ་བཤམས། སྒྲུབ་དཀྱིལ་གྱི་མེ་མཚམས་སུ་ཟོར་གདན་གཡང་གཞིར་རོ་སོལ་གྱིས་ཆོས་འབྱུང་རྒྱར་སོར་ཉི་ཤུ་དཔངས་སོར་གསུམ་པ་འཁོར་ལོ་རྩིབས་བརྒྱད་དང་བཅས་པ་བྲིས་པའི་ལྟེ་བར་མཉྫིའི་ཁར་སྲས་མཆོག་གི་གཏོར་ཟོར་རཀྟས་བྱུགས་ཤིང་ཡུངས་ཀར་གྱི་གོང་བུ་བཙུག་པ། ལྷོ་ནས་བརྩམས་ཏེ་ཕྱོགས་བཞིའི་རྩིབས་ལ་སྐྱེར་མདའ་དུག་ཤིང་གི་མདེའུ་ཕུར་གཟུགས་ཚོན་དོ་པ་ཅན་རིམ་བཞིན་འུག་པ། ཁྲ། སྲིན་བྱ། བྱ་རོག་རྣམས་

p. 573

ཀྱི་སྒྲོས་བསྒྲོན་པ་དུག་ཁྲག་གུ་གུལ་ཚིལ་ཆེན་གྱིས་སོ་སོར་བྱུགས་པ་བཞག་ལ་གཤིན་རྗེ་ལ་སོགས་པ་ཕྱོགས་ཀྱི་ཁྲོ་བོ་བཞིར་བསྐྱེད་ཅིང་། ཕྱོགས་གང་བདེར་མི་རྩིབས་ཀྱི་གཞུ་ཞིང་རྒྱུས་ཀྱིས་དྲངས་པའང་བཀོད། ཤར་ལྷོར་རབས་ཆད་ནག་པོའི་ཐོད་པའམ་གཡག་རྒོད་ཀྱི་རྭ་གཡས་པར་མི་ཁྱི་རའི་ཁྲག་དང་དམེ་ཁྲག་སོགས་སྦྱར་བའི་རོ་རས་ཀྱིས་བཀབ་པ། ལྷོ་ནུབ་ཏུ་དུར་ཁྲོད་ཀྱི་རྡོ་ལ་དུག་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པའི་རྡོ་ཐུན་ཚོན་སྐུད་ཀྱི་སྒུལ་མོ་ཞིང་ལྤགས་ཀྱི་མཐིལ་ཡུག་སྐྲའི་འཇག་ཅན་དང་བཅས་པ། ནུབ་བྱང་དུ་ཕུང་ཤུལ་དུར་ཁྲོད་གཡུལ་བཀྱེ་བ་འདྲེ་ཅན་སོགས་ཕུང་ས་སྣ་ཚོགས་རྔ་མོང་ཁྱི་ཕག་སྤྱང་ཀིའི་བྲུན་དང་དུག་ཁྲག་གིས་སྦྲུས་པའི་ཀོང་བུ་གྲུ་གསུམ་གདེངས་ཀ་ཅན་ཁ་དཔངས་མཉམ་པ་སོར་བཞི་པ་ནང་དུག་ཁྲག་གིས་དམར་པོ་དང་ཕྱི་རོ་སོལ་གྱིས་ནག་པོར་བྱུགས་པའི་ནང་དུ་ཡུངས་ཀར་གྱི་གོང་བུ་བཙུགས་པ། བྱང་ཤར་དུ་ཐོད་ནག་གླིང་དྲུག་པའམ་ཀོང་བུང་བོང་ང་སྤྱང་ཚེར་རེ་ལྕགས་སྦྱར་དུག །ཐར་ནུ་དྷ་དུ་ར་སོགས་དུག་སྣ་མྱོས་བྱེད་ཀྱིས་སྦྱར་བའི་དུག་ཐུན་རྣམས་ལག་ལེན་བཞིན་བཤམ། གཞན་ཡང་ཕྱི་ནང་གི་མཆོད་པ། ཚོགས་ཀྱི་ལོངས་སྤྱོད། གསེར་སྐྱེམས་ཀྱི་ཆས། དམར་སྦྲེང་གི་ཐོད་པ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་ག་དངོས་ཀྱི་རིམ་པ་ལ་གཉིས། ཏིང་ངེ་འཛིན་གྱི་རྫོང་བཅའ་བ་དང་། དྲག་པོའི་ལས་ཀྱི་གཡུལ་འགྱེད་པའོ། །དང་པོ་ནི། སྐྱབས་

p. 574

སེམས་ཚོགས་བསགས་ནས་བཟུང་སྔོན་འགྲོའི་ལས་རིམ་རྣམས་རྫོགས་པའི་རྗེས་སུ་ཕུར་བུ་བྱིན་གྱིས་རློབ་པ་ལ། ཕུར་བུ་རྣམས་གུ་གུལ་གྱིས་བདུག་ཅིང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་དྷི་ཏིཥྛ་རྨུགས་རྨུགས་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱགས་མཱ་ར་ཡ་ཧཱུྃ་ཕཊ༔ [ཡུངས་ཀར་གྱིས་བྲབ་ཅིང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་བྲ་ཏ་ལ་ཤ་ཏ་རཱ་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ [རཀྟས་བྱུག་ཅིང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྡལ་རཀྵ་རཀྵ་དགྲ་བགེགས་ཝཱ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བྱུགས་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་ལ།] ཤུ་ནྱ་ཏ[ས་བསང་སྦྱང་།] སྟོང་པའི་ངང་ལས་ཨེ་ལས་ཕུར་གདན་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་པད་ཉེར་དགྲ་བགེགས་ཀྱི་གདན་ལ་རང་གི་ཐུགས་ཀ་ནས་ཧཱུྃ་སྤྲོས། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཕུར་བུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་པའི་སྐུར་གྱུར། [སྙིང་པོ་ལན་བདུན་བཟླས།] དེ་ཞུ་བ་ལས་བྱུང་བའི་ཕུར་བུར་གྱུར་པའི་རྩེ་མོར་དཔལ་ཆེན་པོ། རྒྱ་མདུད་གོང་མ་ལ་ཁྲོ་བཅུ། ཆངས་བཟུང་ལ་ཟ་གསོད། རྒྱ་མདུད་འོག་མ་ལ་སྒོ་སྐྱོང་། དབལ་ཟུར་ལ་སྲས་མཆོག །ལོགས་གསུམ་ལ་དམ་ཅན་སྲུང་

p. 575

མ་དང་བཅས་པའི་ཕོ་བྲང་དུ་གྱུར་[པར་བསམ། དེ་ནས་དངོས་གཞི་ལ། རྒྱུ་ཏིང་ངེ་འཛིན་གསུམ་ལས་འབྲས་བུ་དཀྱིལ་འཁོར་གསུམ་དུ་བསྐྱེད་བའི་ཚུལ་དཀྱུས་བཞིན་ལ་དམིགས་པའི་ཁྱད་པར་དཔེར་ན་བཞིན་གཅིག་ལ་མེ་ལོང་གཉིས་སུ་གཟུགས་བརྙན་སོ་སོར་འཆར་བ་བཞིན་བདག་མདུན་གཅིག་ཅར་དུ་གསལ་བཏབ་སྟེ་ཡེ་ཤེས་བ་དྲང་བསྟིམ་སོགས་ནས་བསྟོད་པའི་བར་དཀྱུས་བཞིན་ལས། བཟླས་པའི་ཚེ་སྐུ་གསུང་ཐུགས་ལ་དམིགས་པའི་ཛཔྲ་དགོངས་ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐུལ་བའི་འཁོར་ལོའི་དགོངས་པ་དང་སྦྱར་ཏེ་བཟླ་བ་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་གཞུང་བཞིན་དང་། སྲུང་འཁོར་གྱི་དམིགས་པ་ནི།] སྲུང་འཁོར་གྱི་མེ་རིའི་ནང་དུ་མཚོན་ཆ་ལྔའི་གུར་ཁང་། དེའི་ནང་དུ་མཚམས་གཅོད་ཀྱི་ཁྲོ་བོ་འབར་བའི་གུར་ཁང་། དེའི་ནང་དུ་ཐབས་ཤེས་དབྱངས་གསལ་ཉི་ཟླའི་གུར་ཁང་རྣམས་ཀྱིས་རིམ་པར་དཀྲིགས་ཏེ་བར་ཆད་གང་གིས་ཀྱང་མི་ཕྱེད་པའི་དབུས་སུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གསལ་བའི་གཙོ་བོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་མཐིང་ནག་གི་ཐིག་ལེར་བླ་མ་སློབ་དཔོན་ཁོག་པར་རང་གཞན་བསྲུང་བྱ་མཐའ་དག་ཚུད་པར་[བསམ་ཞིང་། སྒོ་གསུམ་སྲུང་བའི་དམིགས་གནད་དང་བཅས་འབྲུ་དགུའི་ཤམ་དུ།] མ་མ་ཀཱ་ཝཱ་ཙི་རཀྵ་

p. 576

ཀུ་རུ་བྷྲཱུྃ༔ [ཞེས་བཏགས་པ་ཅི་ནུས་སུ་བཟླ། དམ་ཅན་ཉེ་བར་བསྙེན་པ་ནི།] རང་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་འབར་བའི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པ་འཁོར་གྱི་དམ་ཅན་རྣམས་ལ་ཕོག །སྔོན་གྱི་ཐ་ཚིག་གནད་ནས་བསྐུལ་ཏེ་དྲག་པོའི་ལས་ལ་རྔམས་ཤིང་རིངས་པའི་ཚུལ་དུ་འདུག་པ་ལ། སླར་ཡང་སྔགས་ཀྱི་འོད་ཟེར་རྩུབ་ཅིང་གདུང་བས་རང་དབང་མེད་པར་དྲག་ཏུ་བསྐུལ་ཏེ་ཤ་ཁྱི་ཚོམ་ནས་བཀྱེ་བའམ་བྱ་གཅན་ཤ་ལ་རུབ་པ་ལྟར་ལས་བྱེད་པར་[བསམ་ཞིང་། དམ་ཅན་གནད་འབེབས་ཀྱི་འཁོར་ལོའི་དགོངས་པ་དང་སྦྱར་ཏེ་བཞི་སྙིང་གཅིག་དྲིལ་དྲག་ཏུ་བཟླ། ཁྱད་པར་ངན་སྔགས་ཉེ་བར་བསྙེན་པ་ཕྲིན་ལས་ལ་དམིགས་པ་དྲག་པོའི་བཟླས་པ་བྱེ་བྲག་ཏུ་བྱ་བ་ནི།] རང་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་ལྷག་པར་གསལ་བས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་བཾ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ [ཅེས་བརྗོད་པས།] ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་ལྗང་ནག་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་སྲས་མཆོག་ལྟ་བུའི་ཁྲོ་བོའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས། སྟོང་གསུམ་ཐམས་ཅད་གང་། དངོས་སྣང་སྐུ། སྒྲ་གྲགས་གསུང་། རྟོག་ཚོགས་ཐུགས་སྒྲོལ་བྱེད་དུ་

p. 577

གསལ་བས་དཀྱིལ་འཁོར་གསུམ་སོགས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐངས། སྲུང་མ་དམ་ཅན་ཐམས་ཅད་ཀྱི་སྲོག་གཅུད་ལ་ཕབ་ནས་སྒྲོལ་བའི་ལས་ལ་བཙུད། རྣལ་འབྱོར་པ་ཐམས་ཅད་ཀྱི་གཡར་དམ་སོར་སྩོལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། བླ་ན་མེད་པའི་གནས་སུ་བསྒྲལ། གཟས་པོའི་གནས་སུ་འཕྲོས་པས་གང་ལ་བྱ་བ་དེ་དག་བཀུག་ནས་ལིངྒ་ལ་བསྟིམས་པས་དངོས་སུ་གྱུར་ནས་འཁུ་མི་ནུས་པར་འབྲུབ་ཁུང་དུ་གསལ། འོད་ཟེར་སླར་འདུས་ནས་བདག་དང་ཕུར་བུ་རྣམས་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་དཔག་མེད་དུ་གྱུར། འཕྲོས་པའི་ཁྲོ་བོ་ཕུར་བུའི་གཟུགས་ཅན་རྣམས་བསྒྲལ་བྱའི་ཞིང་རྣམས་ལ་བཏབ་པས་སྤྱི་གཙུག་ནས་རྐང་མཐིལ་དུ་ཕྱུང་ལུས་བསྒྲལ། ལྕེ་སྟེང་ནས་ལྐོག་མར་ཕྱུང་ངག་བསྒྲལ། སྙིང་གར་ཐོག་ལྟར་ལྷུང་བས་སྲོག་རྩ་ཐལ་བར་བྱས་སེམས་ཀྱི་བག་ཆགས་བསྒྲལ། མདོར་ན་ཕུར་བུའི་ཆར་རྒྱུན་མ་ཆད་པར་ལྷུང་བས་དགྲ་བགེགས་ཀྱི་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ཕྱེ་མར་བརླག་པར་[བསམ་ཞིང་། སྤྲོ་ན་གཙོ་འཁོར་སོ་

p. 578

སོའི་སྔགས་ལ་ཕྲིན་ལས་ཀྱི་སྤེལ་སྔགས་གོང་བཞིན་སྦྱར་ཏེ་བཟླ་བའམ། ཆིག་ཆོད་དུ་སྤུ་གྲིའི་དྲག་སྔགས་འདུས་པ་ཉིད་དྲག་ཏུ་བཟླའོ། །དེ་ནས་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མའི་ཆོ་ག་དང་། ཚོགས་ཀྱི་མཆོད་པ་བྱིན་གྱིས་བརླབ་པ་ནས་བར་པ་བཤགས་པའི་མཐར་ཐུག་པར་བཏང་ངོ་། །གཉིས་པ་དྲག་པོའི་ལས་ཀྱི་གཡུལ་འགྱེད་པ་ལ། སྔོན་དུ་བྱ་བ་གཉིས། བར་དུ་བྱ་བ་ལྔ། རྗེས་སུ་བྱ་བ་དྲུག་གི། སྔ་མར་ཐུགས་དམ་བསྐུལ་བ་དང་། མཁྱེན་དཔང་གསོལ་བ་གཉིས་ལས། དང་པོ་ཐུགས་དམ་བསྐུལ་བ་ནི།] བླ་མ་རིག་འཛིན་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ་རྔམས་པའི་ཧཱུཾ་སྒྲ་དིར་གྱིས་མངོན་སྤྱོད་དྲག་པོའི་ལས་ལ་ཆས་པར་[བསམ་ཞིང་། ཐོག་མར་རིག་འཛིན་བསྐུལ་བ་ནི།] ཧཱུཾ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣམས་ཀྱི་དུས་ལ་བབ༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཙན་དན་ནགས་ཚལ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ པཎ་ཆེན་བི་མ་མི་དྲ་ཡིས༔ གྰངྒ་ལྷ་ཡི་ཆུ་བོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔

p. 579

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ བལ་པོ་ཤྰི་ལ་མཉྫུ་ཡིས༔ མནྡྷ་ལ་ཡི་མཁར་སྒོང་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ དགུང་གྱི་ཕོ་རོག་ནག་པོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མིང་པོ་དཔལ་གྱི་དབང་ཕྱུག་གིས༔ རྩིབས་ཀྱི་སྤྱང་ཀི་སྔོན་པོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ གཏེར་སྟོན་རིག་འཛིན་ཆེན་པོ་ཡིས༔ གནམ་ལྕགས་འབར་བའི་བྲག་ལོགས་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ གཞན་ཡང་རིག་འཛིན་བརྒྱུད་པའི་ཚོགས༔ ཕྲིན་ལས་དྲག་རྩལ་ཅན་རྣམས་ཀྱིས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མ་གཡེལ་མ་གཡེལ་རིག་འཛིན་རྣམས་༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ མཐུ་རྩལ་ནུས་པའི་དཔུང་བསྐྱེད་ཅིང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ [དཀྱིལ་འཁོར་རྩ་བའི་ལྷ་

p. 580

རྣམས་བསྐུལ་བ་ནི༔ ]ཧཱུྃ༔ གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ མི་གནས་དཔལ་ཆེན་ཁྲོ་བོའི་རྒྱལ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཤིན་ཏུ་མི་བཟད་འཇིགས་པའི་སྐུ༔ མཐིང་ནག་གཅེར་བུ་རལ་པ་ཅན༔ ཞིང་ཆེན་ཀོ་རློན་གོས་སུ་གྱོན༔ སྟག་ལྤགས་གྲོལ་བའི་ཤམ་ཐབས་ཅན༔ རྡོ་རྗེ་མེ་དཔུང་འཁྲུགས་པའི་ཚུལ༔ ཁྲག་དང་ཞག་གི་ཚོམ་བུ་སོགས༔ དུར་ཁྲོད་འཇིགས་པའི་རྒྱན་ཆ་ཅན༔ དེ་དང་གཉིས་མེད་སྦྱོར་བའི་ཡུམ༔ བདེ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཡབ་ཡུམ་ཐབས་ཤེས་རོལ་པ་ལས༔ སྤྲུལ་པ་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ ཟ་གསོད་ཕོ་ཉའི་དམག་ཚོགས་དང་༔ འཁོར་གྱི་མ་མོ་དམ་ཅན་རྣམས༔ རེ་བ་ཐམས་ཅད་བསྐང་བའི་ཕྱིར༔ དམ་ཚིག་བཞིན་དུ་གཤེགས་སུ་གསོལ༔ དམ་ཚིག་བཞིན་དུ་གཤེགས་ནས་ཀྱང་༔ སློབ་དཔོན་ལ་ནི་བརྙས་བྱེད་དང་༔ དམ་ཚིག་གཉན་པོ་དྲལ་བྱེད་དང་༔ རྡོ་རྗེའི་མཆེད་ལ་འཁུ་བྱེད་དང་༔ མི་བྱམས་སྡང་ལ་ཉེ་རིང་མེད༔ དམ་ལས་འདས་ན་མཆེད་ཀྱང་རུང་༔ གནོད་པར་བྱེད་ན་

p. 581

ལྷ་ཡང་རུང་༔ ཡས་ཀྱི་བདུད་དང་མས་ཀྱི་སྲི༔ རྣོ་བའི་མཚོན་དང་སྦྱར་བའི་དུག༔ སྔ་དགྲ་ལ་བདར་ཕྱི་དགྲ་སེམས༔ ད་དགྲ་བསམ་ངན་སྦྱོར་རྩུབ་པ༔ དཀོན་མཆོག་དབུ་འཕང་དམོད་པ་དང་༔ བསྟན་པ་གཉན་པོ་འཇིག་པ་རྣམས༔ ལོ་ཡི་དུས་ལས་འདས་ཏ་རེ༔ ཟླ་བའི་མལ་ནས་ཡོལ་ཏ་རེ༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ ཐམས་ཅད་མ་ལུས་མྱུར་དུ་ཁུག༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་དྲོངས༔ ཞགས་པ་ཅན་གྱིས་རྐེ་ནས་ཆིངས༔ ལྕགས་སྒྲོགས་ཅན་གྱིས་དབང་པོ་སྡོམས༔ དྲིལ་བུ་ཅན་གྱིས་རྣམ་ཤེས་སྒྱུར༔ རྡོ་རྗེ་ཅན་གྱིས་རྒྱབ་ནས་ཕུལ༔ མཆེ་བ་ཅན་གྱིས་སྤྱི་ནས་ཆོམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་གཞིབས༔ གཤོག་པ་ཅན་གྱིས་མཐའ་ནས་ཆུམས༔ ནུ་མ་ཅན་གྱིས་སྡེབས་སུ་གཞིབས༔ གན་བུབ་ནག་པོ་བསྲེས་ལ་ཤོག༔ ལས་ཀྱི་རླུང་གིས་གཤམ་ནས་འདེགས༔ འཇིགས་པའི་མུན་པས་མདུན་ནས་སུས༔ ལྷག་པའི་བདུད་སྒོ་ཕྱེས་ལ་ཤོག༔ དཔྲལ་བའི་མིག་ཕྱུང་ཁོང་སྙིང་ཐོན༔ རང་དབང་མེད་པར་དྲོངས་ཤིག་ཁུག༔

p. 582

ཡུད་ཙམ་གྱིས་ནི་འདིར་བཀུག་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་ཤིགས༔ རྣམ་ཤེས་ཚངས་པའི་ལམ་ནས་སྤོར༔ མ་གཡེལ་བཅོལ་བའི་ཕྲིན་ལས་རྣམས༔ དམ་ཚིག་ཚུལ་བཞིན་གྲུབ་པར་མཛོད༔ [དམ་ཅན་རྣམས་བསྐུལ་བ་ནི།] ཧཱུཾ་བྷྱོ༔ སྔོན་ཚེ་སྒྲུབ་པའི་གནས་མཆོག་ནས༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ ཟངས་ཀྱི་ཝ་མོ་རྐང་གསུམ་མ༔ བསེ་ཡི་འཕར་བ་ལྕེ་བརྒྱད་མ༔ གཡུ་ཡི་ཁྱི་མོ་རལ་པ་ཅན༔ ང་རོ་འབྲུག་ཏུ་ལྡིར་ཞིང་ཟུག༔ ཁ་རླངས་སྤྲིན་དུ་འཁྱིལ་ཞིང་འཐིབས༔ མིག་ནི་ཉི་མའི་ཟེར་བཞིན་འབར༔ བང་ནི་གློག་གི་འགྲན་མི་ནུས༔ སྤུ་ནི་མཚོན་ཆའི་སོ་ལྟར་རྣོ༔ དེ་འདྲའི་ཆིབས་ཀྱི་བརྗིད་ཚུལ་ལ༔ འཇིགས་པའི་མི་མོ་བཟང་མོ་ཞོན༔ གཡས་པ་རྡོ་རྗེ་ཐོད་ཕྲེང་འདྲེན༔ གཡོན་པ་རིན་ཆེན་ཕུར་བུ་འདྲིལ༔ མུ་ཁ་མཆེད་བཞིའི་དུས་ལ་བབ༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ དམ་རྫས་མཆོད་པ་འདི་བཞེས་ལ༔ སྲིད་པའི་ཕུར་བུ་བདག་སྒྲུབ་པས༔ སྔོན་གྱི་ཁས་བླངས་དམ་བཅས་བཞིན༔ བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔

p. 583

སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ ཧཱུཾ༔ བྱིང་བྱེད་མཚོ་ལ་གནས་བཅས་ཤིང་༔ རླུང་ནག་འཚུབས་མའི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཏཱི༔ སྐུ་མདོག་མཐིང་ནག་འབར་བ་ལ༔ མི་ལྤགས་རློན་པ་སྐུ་ལ་གསོལ༔ ཕྱག་ན་སྤུ་གྲི་རྣོན་པོ་བསྣམས༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུཾ༔ བར་སྣང་ཁམས་སུ་བརྟེན་བཅས་ཤིང་༔ འབྲུག་དང་གློག་གི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཛུ༔ སྐུ་མདོག་དམར་ནག་འབར་བ་ལ༔ བཙོས་མར་ལའུ་སྐུ་ལ་གསོལ༔ ཁྲག་སྐམ་ལྕགས་ཀྱུ་ཕྱག་ན་བསྣམས༔ ཆུ་གླང་སྔོན་པོ་ཆིབས་སུ་བཅིབས༔ འདིར་སྤྱོན ཧཱུཾ༔ རི་རབ་རྩེ་ནས་རྟེན་བཅས་ཤིང་༔ སད་དང་སེར་བའི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཛ༔ སྐུ་མདོག་སེར་ནག་འབར་བ་ལ༔ བྱ་ཡི་ཐུལ་པ་སྐུ་ལ་གསོལ༔ ཕྱག་ན་གསེར་གྱི་ཟེར་བ་བསྣམས༔ ཆིབས་སུ་ཤ་བ་ཡུ་མོ་བཅིབས༔ འདིར་སྤྱོན ཧཱུཾ༔ ས་ཡི་གླིང་དུ་རྟེན་བཅས་ཤིང་༔ ཁ་བ་བུ་ཡུག་སྣ་འདྲེན་

p. 584

མ༔ དཔལ་ལྡན་ནག་མོ་རེ་མ་ཛི༔ སྐུ་མདོག་ལྗང་ནག་འབར་བ་ལ༔ ཆུ་དར་ཐུག་པ་སྐུ་ལ་གསོལ༔ ཕྱག་ན་བདུད་ཀྱི་ཁྲམ་བབ་བསྣམས༔ རྔ་མོ་སྔོ་ནག་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ དམ་རྫས་མཆོད་པ༴ སྲིད་པའི་ཕུར་བུ སྔོན་གྱི་ཁས་བླངས༴ བཅོལ་བའི་ཕྲིན་ལས༴ ཧཱུཾ་མ་མ་ཝ་ཤཾ་ཀུ་རུ་མ་དྷཾ་ཨེ་ཀ་ར་ཨི་དནྡྷ་ཏི་མ་མ་ཀརྨ་ཤྰིགྷྲཾ་ཀ་ར་ཡེ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ ཧཱུཾཿབལ་ཡུལ་ཡ་བྱིན་ཡུལ་ལ་བརྟེན༔ མར་ཁའི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་ཡ་བྱིན་མཐུ་མོ་ཆེ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ མཐིང་ནག་བེར་ཆེན་སྐུ་ལ་གསོལ༔ ཕྱག་ན་བདུད་ཞགས་ལྕགས་ཀྱུ་བསྣམས༔ བདུད་རྟ་ནག་པོ་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུཾཿརོང་གི་དེ་བྱིན་ཡུལ་ལ་བརྟེན༔ ཞག་གི་མཚོ་ལ་མངའ༴ རྡོ་རྗེ་དེ་བྱིན་རྩལ་མོ་ཆེ༔ སྐུ་མདོག་སེར་ནག་སྐུ་ལ་གསོལ༔ གསེར་ཞགས་གསེར་ཕུར་ཕྱག་ན་བསྣམས༔ ཆིབས་སུ་གཟའ་རྟ་སེར་པོ་ཆིབས༔ འདིར་སྤྱོ༴ ཧཱུཾཿམང་ཡུལ་བསེ་བྱིན་ཡུལ་ལ་བརྟེན༔

p. 585

ཁྲག་གི་མཚོ་ལ༴ རྡོ་རྗེ་བསེ་བྱིན་འཕྲུལ་མོ་ཆེ༔ སྐུ་མདོག་དམར་ནག་འབར་བ་ལ༔ བེར་ཆེན་དམར་ནག་སྐུ་ལ་གསོལ༔ བཙན་ཞགས་སེང་ལྡེང་ཕུར་བུ་བསྣམས༔ ཆིབས་སུ་བཙན་རྟ་དམར་པོ་བཅིབས༔ འདིར་སྤྱོན༴ ཧཱུཾ༔ སྙེ་ནམ་ཕག་བྱིན་ཡུལ་ལ་བརྟེན༔ འོ་མའི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ༔ སྐུ་མདོག་སྔོ་ནག་འབར་བ་ལ༔ བེར་ཆེན་སྔོ་ནག་སྐུ་ལ་གསོལ༔ གཡུ་ཞགས་མཆོང་ཕུར་ཕྱག་ན་བསྣམས༔ གཡུ་རྟ་སྔོན་པོ་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ དམ་རྫས་མཆོད་པ་འདི་བཞེས་ལ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ སྔོན་གྱི་ཁས་བླངས་དམ་བཅས་བཞིན༔ བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད༔ ཀ་ཊ་ཀ་ཊ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་མཱ་ར་སེ་ནྰ་པྲ་མཱརྡྷ་ནི༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ [ཅེས་སྨན་རཀ་གཏོར་མར་སྦྲེང་ཞིང་བསྐུལ་ལོ། །གཉིས་པ་མཁྱེན་དཔང་གསོལ་བ་ནི། ཛ་གད་གསེར་དང་སྦྱར་བའི་སྨན་ཕུད་ཕྱོགས་བཅུར་འཐོར་ཞིང་།] ཧཱུཾ༔ བདག་ནི་མ་ཉེས་མ་ཡོའོ༔ གཟུ་དང་དཔང་དུ་དཀོན་

p. 586

མཆོག་བཞུགས་༔ སྟེང་གི་ལྷ་ཡང་མི་འགུགས་སོ༔ སྟེང་ན་གནས་པའི་ལྷ་རྣམས་ཀུན༔ མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ༔ དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག༔ འོག་གི་ཀླུ་ཡང་མི་འགུགས་སོ༔ འོག་ན་གནས་པའི་ཀླུ༴ མཆོད་སྦྱིན༴ དོ་ནུབ༴ བན་གྱི་སྲུང་མ་མི་འགུགས་སོ༔ བན་གྱི་སྲུང་མ་ཐམས་ཅད་ཀྱང་༔ མཆོད་སྦྱིན༴ དོ་ནུབ༴ བོན་གྱི་ལྷགས་ས་མི་འགུགས་སོ༔ བོན་གྱི་ལྷགས་ས་ཐམས་ཅད་ཀྱང་༔ མཆོད་སྦྱིན༴ དོ་ནུབ༴ འགོ་བའི་ལྷ་ལྔ་མི་འགུགས་སོ༔ འགོ་བའི་ལྷ་ལྔ་ཐམས་ཀྱང་༔ མཆོད་སྦྱིན༴ དོ་ནུབ༴ ཡུལ་གྱི་ལྷ་ཡང་མི་འགུགས་སོ༔ ཡུལ་ལྷ་གཉན་པོ་ཐམས་ཅད་ཀྱང་༔ མཆོད་སྦྱིན༴ དོ་ནུབ༴ སྣང་སྲིད་ལྷ་འདྲེ་མི་འགུགས་སོ་༔ སྣང་སྲིད་ལྷ་འདྲེ་ཐམས་ཀྱང་༔ མཆོད་སྦྱིན༴ དོ་ནུབ་གཟུ་དཔང་གྲོགས་མཛོད་ཅིག༔ དུས་གསུམ་རྒྱལ་བའི་བཀའ་འབྱུང་བས༔ ལུས་ངན་འདི་ལ་མ་ཆགས་པར༔ བག་ཟོན་བྱོས་ལ་རང་སར་དེངས༔ དམ་ཉམས་འདི་ཉེས་ང་མ་ལེན༔ མཉེས་མ་ཡོ་ཡེ་ཤེས་ལྷ༔ དམ་ཅན་རྒྱ་མཚོ་ར་མདའ་ཟློག༔ སྲིད་པའི་ལྷ་འདྲེ་

p. 587

གྲོགས་ལ་བྱོན༔ ལྷ་སྲིན་སྡེ་བརྒྱད་དམ་ལ་འདུ༔ ལེགས་ཉེས་ཞལ་ལྕེ་ལྷ་འདྲེས་ཆོད༔ བདག་དང་འགྲས་པའི་དགྲ་བོ་འདི༔ བསྒྲལ་བའི་ཞིང་བཅུ་ཚང་བ་སྟེ༔ ཉམས་པ་བདུན་དང་སྐུ་དགྲ་ལྔ༔ ཀུན་ལ་འདི་གཏོགས་ཆད་པ་ཆོད༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ དྲིན་ལན་གཏང་རག་ཁྱེད་ལ་གཏོང་༔ བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད༔ [ཞེས་གསོལ་པས་རང་ལ་གནང་བ་སྩལ་ཞིང་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས་དྲག་པོའི་ལས་ལ་མངོན་དུ་ཕྱོགས་པས་བཞུགས་པར་བསམ་མོ། །གཉིས་པ་བར་དུ་བྱ་བའི་ལས་ལ། དམིགས་བྱ་བསྐྱེད་དགུག །སྒྲོལ་ཆོག་དངོས། ཐུགས་དམ་བསྐུལ་བ། ཟློག་ལས་འཆོལ་བ། ཐུན་གཏོར་གཏོང་བ་དང་ལྔ་ལས། དང་པོ་དམིགས་བྱ་བསྐྱེད་ཅིང་དགུག་གཞུག་བྱ་བ་ནི། བྲུབ་ཁུང་]སྭ་ཝ་[ས་སྦྱང་།] སྟོང་པའི་ངང་ལས་ཨེ་ལས་ལྕགས་སྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ནས་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབ་པ། སྟེང་ནས་གཏི་མུག་གི་མུན་པ་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་

p. 588

འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་དུད་ཁ་ཡོངས་སུ་གྱུར་པ་ལས། དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན་བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར་[པར་བསམ་ལ།] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་

p. 589

མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུཾ་བཾ་ཧོཿཤྰི་གྷྲཱ་ཨཱ་ན་ཡ་ཧཱུཾ་ཕཊ༔ [ཞེས་ལན་གསུམ་སོགས་ཀྱིས་དགུག །དེ་ནས་ཕོ་ཉ་བཏང་བ་ནི།] ཛཿ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ༔ ལོག་འདྲེན་འགུགས་པར་བྱེད་པའི་ལྕགས་ཀྱུ་ཐོགསཿ འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་བླ་སྲོག་རྣམས༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ ཧཱུཾ༔ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ༔ ལོག་འདྲེན་འཆིང་བར་བྱེད་པའི་ཞགས་པ་ཐོགས༔ འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་ཡན་ལག་རྣམས༔ བྱད་དུ་ཆིངས་

p. 590

ཤིག་བཛྲ་པཱ་ཤ་ཧཱུཾ༔ བྃ༔ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ༔ ལོག་འདྲེན་སྡོམ་པར་བྱེད་པའི་ལྕགས་སྒྲོགས་ཐོགས༔ འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་དབང་པོ་རྣམས༔ དམ་པར་བསྡོམས་ཤིག་བཛྲ་སྥོ་ཊ་བྃ༔ ཧོཿདཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ༔ ལོག་འདྲེན་མྱོས་པར་བྱེད་པའི་དྲིལ་བུ་ཐོགས༔ འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་རྣམ་ཤེས་ཡིད༔ མྱོས་སུ་ཆུ་ཅིག་བཛྲ་གཎྡེ་ཧོཿ[ཞེས་དགུག་འཆིང་སྡོམ་མྱོས་ཀྱི་ལས་བསྐུལ། གཉིས་པ་བསྒྲལ་བའི་ཐབས་དངོས་ནི། རིག་པ་མཆོག་གི་རྒྱུད་ལས། ལྷ་ཕྲལ་གཟུགས་ལ་དབབ་པ་དང་། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །དེ་ལ་ཕོ་ཉ་འཕྱོང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་འབྱུང་བའི། དང་པོ་ལྷ་དང་ཕྲལ་བ་ལ་ཡང་དྲུག་གི །ཕོ་ཉ་ནི།] ཧཱུཾ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི༴ ཤྭ་ན་མུ་ཁའི༴ བདག་ཉིད་ཆེན་མོའི༴ ས་བདག་ཆེན་མོའི༴ ཁྱོད་ཀྱི་ཕྲིན་ལས༴ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ [ཅེས་བབ་བརྒྱད་བསྐུལ་རྗེས་སུ། འཕྱོང་ནི།] གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །[ཞེས་སྦྱར། སྔགས་ནི།] ཨོཾ་བཛྲ་ཛ

p. 591

ཀཱི་ལི་ཀཱི་ལ་ཡ་[ཆེ་གེ་མོ་]ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱི༔ དཎྡ་ཧཱུཾ་ཕཊ༔ [རྫས་ནི། གུ་གུལ་སོགས་དབྱེ་རྫས་ཀྱིས་བདུག་ཅིང་བྱ་རོག་དང་འུག་པའི་དང་རུས་ཕྱིར་དབྱེར་བའི་ཚུལ་བྱ། ཏིང་ངེ་འཛིན་ནི།] དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་དང་རྡོ་རྗེ་ལེགས་པ་འགོང་པོ་འཁོར་བཅས་ཀྱིས་བསྒྲུབ་བྱ་བསྲུང་སྐྱོབ་བྱེད་པའི་ལྷ་དང་ཕྲལ་ནས་བྱ་སྤུ་རླུང་གིས་གཏོར་བ་ལྟར་བྱེད་པར་[བསམ་དམོད་པ་ནི།] དགྲ་དང་དགྲ་སྐྱོབ་པའི་ལྷ་གཉིས་བྲལ་བར་གྱུར་ཅིག །[ཅེས་བརྗོད། གཉིས་པ་གཟུགས་ལ་དབབ་པ་ལ་དྲུག་གི །ཕོ་ཉ་ནི། བབ་བརྒྱད་བསྐུལ། འཕྱོང་ནི།] ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ [ཞེས་སྦྱར། སྔགས་ནི།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་[ཆེ་གེ་མོ་]ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ༔ [རྫས་ནི། ཡུངས་ཀར་གྱིས་བྲབ་ཅིང་ཐལ་མོ་གཉིས་སྦུབས་ལ་འབེབས་པའི་ཚུལ་བྱ། ཏིང་ངེ་འཛིན་ནི།] དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་པ་ཡང་སྤྲུལ་ལྕགས་ཀྱུ་ཐོགས་པ་མང་པོ་དང་ཀླུ་ཆེན་འཇོག་པོ་འཁོར་བཅས་ཀྱིས་དགྲ་བོའི་རྣམ་ཤེས་བཀུག་ནས་ལིངྒ་ལ་བསྟིམ་པར་[བསམ། དམོད་པ་ནི།] དགྲ་བགེགས་ཀྱི་རྣམ་ཤེས་ལིངྒ་ལ་ཐིམ་པར་གྱུར་ཅིག༔ [ཅེས་བརྗོད། གསུམ་པ་བྱད་དུ་གཞུག་པ་ལ་དྲུག་གི །ཕོ་ཉ་ནི། བབ་བརྒྱད་བསྐུལ། འཕྱོང་ནི།] ཟུངས་

p. 592

ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ [ཞེས་སྦྱར། སྔགས་ནི།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་[ཆེ་གེ་མོ་]ཛཿཧཱུཾ་བཾ་ཧོཿཤྰི་གྷྲཱཾ་ཨཱ་ན་ཡ་ཧཱུཾ་ཕཊ༔ [རྫས་ནི། ཚོན་སྣ་ལྔའི་སྐུད་པ་དང་ཡུགས་སའི་སྐྲ་སྐུད་ཀྱིས་ཡན་ལག་རྣམས་འཆིང་བའི་ཚུལ་བྱ། ཏིང་ངེ་འཛིན་ནི།] དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པ་རྣམས་དང་སྲོག་བདག་སྒྲོལ་གིང་འཁོར་བཅས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་ཐོགས་པ་རྣམས་ཀྱིས་དགྲ་བོ་རི་དྭགས་རྒྱར་ཚུད་པ་ལྟར་བཅིངས་པར་[བསམ། དམོད་པ་ནི།] དགྲ་བགེགས་གནོད་བྱེད་འདི་གྲུ་གུ་ཐུལ་དུ་ཆིངས་ཤིག་སྡོམས་ཤིག༔ [ཅེས་བརྗོད། བཞི་པ་སྨྱོ་རུ་གཞུག་པ་ལ་དྲུག་གི། ཕོ་ཉ་ནི། བབ་བརྒྱད་བསྐུལ། འཕྱོང་ནི།] རིངས་པར་ཁུག་ལ་སྨྲར་ཆུ་གཅིག༔ [ཅེས་སྦྱར། སྔགས་ནི།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཛྭ་ལ་པ་ཡ་ཆེ་གེ་ཛྭ་ལ་པ་ཡ་ཧཱུཾ་ཕཊ༔ [རྫས་ནི། དུག་སྣ་ཚོགས་དང་དྷ་དུ་རའི་ཁུ་བས་བྲབ། ཏིང་ངེ་འཛིན་ནི།] དཀྱིལ་འཁོར་གསུམ་ཡང་སྤྲུལ་དང་བཅས་པ་དང་གནམ་ཐེལ་འཁོར་བཅས་ཀྱིས་སྨྱོ་དུག་གི་ཆར་ཕབ་པས་དམིགས་བྱ་སྨྱོས་སྐྲངས་དྲན་མེད་མུ་འཆལ་དུ་སྨྲ་བར[བསམ། དམོད་པ་ནི།] དགྲ་བགེགས་སྨྱོ་རུ་ཆུག་འབོག་ཏུ་ཆུག་དྲན་པ་ཉམས་པར་གྱུར་ཅིག༔ [ཅེས་བརྗོད་དོ། །ལྔ་པ་རྡུལ་དུ་བརླག་

p. 593

པའི་ཁོངས་སུ་སྤུ་གྲི་ཆིག་ཤུར་གྱི་གདབ་ལས་འབྱུང་བས། དེ་ལ་ཕུར་བུ་བྱིན་གྱིས་རློབ་པ་དང་། གདབ་པའི་གཟེར་ཁ་དངོས་དང་གཉིས་ཀྱི། དང་པོ་ཕུར་བུ་བྱིན་གྱིས་རློབ་པ་ནི། སླར་ཡང་རྣོ་ལ་ངར་འདོགས་པའི་ཚུལ་དུ་བྱ་བ་སྟེ། བསྙེན་ཕུར་ཐལ་མོ་སྦྱར་བའི་བར་དུ་བཟུང་ལ།] རང་གི་ལག་པ་གཡས་གཡོན་གྱི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་གསལ་བའི་བར་དུ་ཧཱུཾ་མཐིང་ནག་ལས་འོད་ཟེར་འཕྲོ་འདུས་སྲས་མཆོག་ཀཱི་ལ་ཡ་སྐུ་སྟོད་མཐིང་དཀར་དམར་བའི་ཞལ་གསུམ་དང་། ཕྱག་དྲུག་གི་གཡས་དང་པོ་གཉིས་རྡོ་རྗེ་རྩེ་དགུ་དང་དགྲ་སྟྭ། གཡོན་གཉིས་མེ་དཔུང་དང་ཁ་ཊྭྰཾ། ཐ་མ་གཉིས་ན་རི་རབ་ཀྱི་ཕུར་བུ་འདྲིལ་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རྡོ་རྗེའི་གཤོག་པ་ཅན། སྐུ་སྨད་ཕུར་བུ་འབར་བ་མགར་གྱི་སོལ་མལ་ནས་དྲངས་པ་ལྟ་བུའི་རྣམ་པ་ཅན་ཆུ་སྲིན་གྱི་ཁ་ནས་སྦྲུལ་གྱི་ཆུན་པོ་འཆང་བ། དེའི་རྒྱ་མདུད་གོང་མ་ལ་བླ་མ་རིག་འཛིན་ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། ཆངས་བཟུང་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ། རྒྱ་མདུད་འོག་མ་ལ་དཔལ་གྱི་བཀའ་སྡོད་ཕུར་སྲུང་རྒྱ་མཚོའི་ཚོགས་རྣམས་

p. 594

ཡོངས་སུ་རྫོགས་པ། རྩེ་མོ་ཟུར་གསུམ་མཚོན་ཐུན་སྣ་ཚོགས་ཀྱི་ཚྭ་ཚྭ་རླུང་ལྟར་འཚུབས་པ། བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་བར་བྱེད་པ། འཕྱར་བ་ཙམ་གྱིས་ཁམས་གསུམ་དངངས་པར་བྱེད་པ། བཏབ་པ་ཙམ་གྱིས་སྟོང་གསུམ་བརླག་ནུས་པ་གཅིག་ཏུ་གྱུར་[པར་བསྐྱེད་ལ།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷིཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ༔ སྐུ་སྟོད་ཁྲོ་བོ་ཆེན་པོ་སྟེ༔ ཞལ་གསུམ་ཕྱག་ཀྱང་དྲུག་པ་ལ༔ དབུ་ལ་རིགས་ལྔའི་དབུ་རྒྱན་རྫོགས༔ ལྟེ་བ་མན་ཆད་སྐུ་ཡི་ཆ༔ ཆུ་སྲིན་གདུག་པའི་ཁ་ནང་ནས༔ ཨུཏྤལ་སྔོན་པོའི་འདབ་འདྲ་བ༔ འབར་བའི་ཕྲེང་བ་འཁྲིགས་པའི་དབུས༔ གནམ་ལྕགས་ཕུར་བུ་ཟུར་གསུམ་པ༔ དྲག་པོར་གྱུར་པའི་ཕུར་པ་སྟེ༔ བཏབ་ན་ལྷ་ཡང་བརླག་འགྱུར་ན༔ གནོད་བྱེད་བགེགས་ལ་སྨོས་ཅི་དགོས༔ འཁོར་བ་དོང་ནས་སྤྲུགས་ཤིག་བཛྲ་ཀཱི་ལ་ཡ༔ ཕོ་རྒྱུད་རྩད་ནས་ཆོད་ཅིག་བཛྲ་ཀཱི་ལ་ཡ༔ མོ་རྒྱུད་མངལ་ནས་སྐོམ་ཅིག་བཛྲ་ཀཱི་ལ་ཡ༔ ཁམས་གསུམ་དབང་དུ་སྡུས་ཤིག་བཛྲ་ཀཱི་ལ་ཡ༔ རྣལ་འབྱོར་འཁོར་བཅས་སྲུངས་ཤིག་བཛྲ་ཀཱི་ལ་ཡ༔ དུག་ལྔའི་བག་ཆགས་སྦྱོངས་ཤིག་བཛྲ་

p. 595

ཀཱི་ལ་ཡ༔ ཚེ་སྲོག་དྭངས་མ་སྡུས་ཤིག་བཛྲ་ཀཱི་ལ་ཡ༔ རྣམ་ཤེས་དབྱིངས་སུ་སྤོར་ཅིག་བཛྲ་ཀཱི་ལ་ཡ༔ ལྔ་ཕུང་རྡུལ་དུ་རློག་ཅིག་བཛྲ་ཀཱི་ལ་ཡ༔ རིགས་དྲུག་སྐྱེ་སྒོ་ཆོད་ཅིག་བཛྲ་ཀཱི་ལ་ཡ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་མ་ཏི་ས་མ་ཡ༔ ཨ་བྷི་ཙརྻའི་དུས་ལ་བབ་བོ༔ [ཞེས་བསྐུལ། གཉིས་པ་གདབ་པའི་གཟེར་ཁ་དངོས་ལ། བརྟེན་པ་དབྱིངས་སུ་སྒྲོལ་བ་དང་། བག་ཆགས་ཀྱི་རྟེན་གཞི་བཅོམ་པ་གཉིས་ཀྱི། དང་པོ་བརྟེན་པ་དབྱིངས་སུ་བསྒྲལ་བ་ནི།] ཨེ་མ་ཁམས་གསུམ་སེམས་ཅན་རྣམས༔ མ་རྟོགས་འཁྲུལ་པ་སྙིང་རེ་རྗེ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཐུགས་རྗེའི་ཐབས་ཀྱི་སྦྱོར་བ་ཡིས༔ ཕུང་པོ་བསྒྲལ་བའི་ཞིང་དུ་བཅས༔ གཟུགས་ཀྱི་ལྷ་རྣམས་མཆོད་པར་བྱ༔ རྣམ་ཤེས་ཡུམ་གྱི་མཁའ་ལ་སྦར༔ ཡེ་ཤེས་སེམས་དཔར་བྱིན་བརླབས་པའི༔ ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེད༔ ཨོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧཱ་གྷ་ཏ་ཡ་བྷ་ག་ཝཱན་ཧྲཱི༔ ཀྲི་ཤྰི་བི་ཀྲི་བཛྲ་ཧཱུཾ་ཀ་ར་ཧཱུཾ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿསརྦ་བི་གྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ༔ ཧཱུཾ་ཀཱ་ར་ཧཱུཾ་ཨ་ཕཊ༔ [ཅེས་སྤུ་གྲིའི་གདབ་སྔགས་བརྗོད་བཞིན་

p. 596

ཕུར་པ་དམིགས་བྱའི་སྙིང་དཀར་ནག་མཚམས་སུ་བསྒྲིལ་ཞིང་བཏབ་པས། ཁོའི་གཟུགས་ཕུང་གི་འབྱུང་བཞིའི་དྭངས་མ་རིམ་བཞིན་འདུས་ནས་ཡལ། སྙིང་གར་ཚེའི་རྟེན་ཨ་དཀར་པོ་འོད་ཀྱི་ཐིག་ལེའི་དབུས་སུ་ཀུན་གཞི་ནྲྀ་དུད་ཁའི་གཟུགས་སུ་འདུས་པར་ཕུར་རྩེ་ཧཱུཾ་ལྡན་བཏབ་པས་ནྲྀ་ཐིག་ལེ་ཨར་བཅས་བསྡུས་ནས་རང་ལ་བསྟན་པས། ཨ་དཀར་པོ་འོད་ཀྱི་གོང་བུ་ཅན་དེ་བདག་གི་སྙིང་གར་ཐིམ། ཚེ་དཔལ་གཟི་བརྗིད་འབར། སླར་ཡང་ཧཱུཾ་ལས་འཕྲོས་པའི་འོད་ཀྱི་རྩེ་ལས་གཟས་པོའི་རྣམ་ཤེས་ཨ་ཡིག་གི་གཟུགས་ཀྱིས་འོག་མིན་དུ་ཕཊ་ཕཊ་ཕཊ༔ ཅེས་གནས་སྤར་བས་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཞུགས། ཀཱི་ལ་ཡ་བརྗོད་པས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་ཐུགས་རྗེ་རྗེས་འཛིན་གྱི་ཕུར་བུ་ཞེས་བྱ་སྟེ། ལས་ངན་རྣམ་སྨིན་གྱི་སྐྱེ་སྒོ་བཅད་ནས་སྐྱེ་མེད་ཀྱི་དབྱིངས་སུ་སྦྱོར་བར་བྱེད་དོ། །གཉིས་པ་བག་ཆགས་ཀྱི་རྟེན་གཞི་བཅོམ་པ་ནི། འདི་མན་ཆད་ཀྱི་ཕུར་བུ་རྣམས་མི་ལྡོག་པའི་ཕྲིན་ལས་མཐར་འབྱིན་པའི་དོན་དུ་གཙོ་བོའི་གྲོགས་སུ་འདེབས་པ་སྟེ། སྒོ་མ་བཞིའི་ཕུར་བུ་བླངས་ལ།] ཧཱུཾཿཕྱག་བརྙན་ཆེན་མོའི་དུས་ལ་བབ༔ འཛིན་འཆིང་སྡོམ་སྡིག་ཐལ་བར་རློག༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་ཡ་བིང་བིང་ཧཱུཾ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མ༔ ས་མནྟ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ༔

p. 597

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ༔ [ཅེས་ལྕགས་ཀྱུ་མ་སོགས་རིམ་པ་བཞིན་གློ་སྙིང་དབུགས། མཆིན་པ་ཁྲག །མཁལ་མ་ཤ། ཀླད་པ་བྱང་སེམས་ཏེ་ལུས་ཀྱི་མཚོ་བཞི་ལ་གདབ། དེ་ནས་ཡུམ་བརྒྱད་ཀྱིས་སྲིད་པ་ཆགས་རིམ་ནས་གདབ་སྟེ།] ཧཱུཾ་ཛཿདམ་ཚིག་ཆེན་པོའི་དུས་ལ་བབ[ཅེས་སོགས་བབ་བརྒྱད་དང་།] བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་འདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིང་པར་ཁུག་ལ་སྨྱོར་ཆུ་གཅིག༔ ཕོབ་ཅིག་རྣམ་པར་གཟིར་

p. 598

བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་རྣམས་ཉན་པར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་སྥ་ར་བཱིདྱ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ [ཅེས་སྙེམས་མའི་ཕུར་བུ་སྲིད་པ་ཆགས་པའི་རྟེན་ལྟེ་བར་གདབ། སྔགས་ཐོག་མཐའ་དེས་འགྲེས་པར།] ཙྪིནྡྷ་ཙྪིནྡྷ་[ས་སྡེར་མོ་རྣམ་ཤེས་རྟེན་སྙིང་གར་གདབ།] བྷིནྡྷ་བྷིནྡྷས་[དུར་ཁྲོད་མ་དང་གཏུམ་མོ་རྒ་ཤིའི་རྟེན་དཔུང་པ་གཡས་གཡོན་དུ་གདབ།] གྲྀཧྞ་གྲིཧྞ[ས་གཏུན་ཁུང་མ་དང་མདའ་སྙེམས་ཕུང་པོ་ཆགས་ཐོགས་རྟེན་དཔྱི་མིག་གཡས་གཡོན་དུ་གདབ། ཧ་ན་ཧ་ནས་[རླུང་འབྱིན་མ་ཉིང་མཚམས་སྦྱོར་བའི་རྟེན་གསང་གནས་སུ་གདབ།] བྷནྡྷ་བྷནྡྷ[ས་གསོད་མ་ཕུང་པོ་བླང་དོར་གྱི་རྟེན་དཔྲལ་བར་གདབ། གསོད་བྱེད་རྣམས་ཀྱང་རང་རང་གི་གཡོན་དུ་གདབ་བོ། །དེ་ནས་ཁྲོ་བོ་བཅུའི་ཕུར་བུ་རིག་པའི་གནས་རིམ་ནས་གདབ་སྟེ། བབ་བརྒྱད་ཀྱིས་བསྐུལ་ནས།] སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ [བར་གོང་བཞིན་ལ།] ཧཱུཾཿ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ན་ཧ་ན་བཛྲ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ [ཅེས་རྣམ་རྒྱལ་ཚེའི་རྟེན་དཔྲལ་བར་གདབ། དེ་

p. 599

བཞིན་དུ།] ད་ཧ་ད་ཧ་བཛྲས་[དབྱུག་སྔོན་ང་རྒྱལ་རྟེན་དཔུང་པ་གཡོན་དུ་གདབ།] པ་ཙ་པ་ཙ་བཛྲ[ས་གཤིན་རྗེ་གཤེད་གཏི་མུག་རྟེན་ལྟེ་བར་གདབ།] མ་ཐ་མ་ཐ་བཛྲ[ས་མི་གཡོ་བ་ཕྲག་དོག་རྟེན་དཔྱི་གཡོན་དུ་གདབ།] ཛྭ་ལ་ཛྭ་ལ་བཛྲ[ས་རྟ་མགྲིན་འདོད་ཆགས་རྟེན་མགྲིན་པར་གདབ།] སུ་རུ་སུ་རུ་བཛྲ[ས་འདོད་རྒྱལ་སེར་སྣའི་རྟེན་དཔྱི་གཡས་སུ་གདབ།] མུ་རུ་མུ་རུ་བཛྲས་[ཧཱུཾ་ཀཱ་ར་སྒོ་ལྔའི་རྟེན་སྤྱི་བོར་གདབ། ཀ་ཏཾ་ཀ་ཡེས་སྟོབས་པོ་ཆེ་སྐྱེ་བའི་རྟེན་གསང་བར་གདབ།] ཛ་ཡེ་བི་ཛ་ཡེ[ས་སུམ་རྒྱལ་ཞེ་སྡང་རྟེན་དཔུང་པ་གཡས་སུ་གདབ།] ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་མ་ར་སེ་ན་པྲ་མརྡྷ་ན་ཡེ[ས་བདུད་རྩི་ལུས་ཀྱི་རྟེན་སྙིང་གར་གདབ། ཟ་བྱེད་རྣམས་རང་རང་གི་གཡས་སུ་གདབ་བོ། དེ་ནས་ཡུམ་ལྷག་མ་གཉིས་ཀྱིས་དགེ་སྡིག་ཆ་སྙོམས་ནས་གདབ་སྟེ། བབ་བརྒྱད་ཀྱི་བསྐུལ་སོགས་གོང་ལྟར་ལ] གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷའམ་འོན་ཏེ་བདུད་ཀྱང་རུང་༔ ངལ་བར་ཆད་བྱེད་པའི་བགེགས༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཨཱ་ན་ཡ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ [ཅེས་སྒྲ་འབྱིན་མ་མཐོ་རིས་ཀྱི་སྒོ་དགག་ཕྱིར་སྤྱི་བོར་གདབ། དེ་བཞིན་དུ།] ཏ་ཐཱ་ཡ་ཏ་ཐཱ་ཡས་[སྐྱོད་བྱེད་མ་ངན་འགྲོའི་སྒོ་གཅོད་ཕྱིར་རྐང་མཐིལ་དུ་གདབ། གསོད་བྱེད་གཉིས་ཀྱང་རང་རང་གི་གཡོན་དུ་གདབ་བོ། །དེ་ནས་སྲས་

p. 600

མཆོག་གི་ཕུར་བུ་སོགས་ཀྱིས་ཐལ་བྱུང་དུ་གདབ་སྟེ། སྤུ་གྲིའི་དྲག་སྔགས་ཀྱིས་སྲས་མཆོག་ཉེར་གཅིག་གི་ཕུར་བུ་རྣམས་གནས་ངེས་མེད་དུ་གདབ། བཞི་སྙིང་གཅིག་དྲིལ་སྔགས་ཤམ་སྦྱར་བས་དམ་ཅན་བཅུ་གཉིས་ལྷུ་བཅུ་གཉིས་དང་གིང་བཞི་ཉིང་ལག་བཞི་ལ་གདབ། བྷྱོ་ཤམ་ཅན་གྱིས་དབང་ཕྱུག་ཉེར་བརྒྱད་བདུན་ཚན་བཞིར་བགོས་ཏེ་མཐིལ་བཞི་རྣམས་སུ་གདབ་ལ།] དགྲ་བགེགས་ཀྱི་སྙིང་ནང་དུ་ངོ་བོ་སྔགས་ལ་རྣམ་པ་སྤུ་གྲིའི་འཁོར་ལོ་རྩིབས་དགུ་པ་འཁོར་བས་ལྔ་ཕུང་རྡུལ་དུ་བརླག་པར་[བསམ་ཞིང་སྤུ་གྲིའི་སྔགས་ཀྱིས་ཐུན་རྫས་སྣ་ཚོགས་པས་བྲབ།] སྤྲུལ་པའི་ཁྲོ་ཚོགས་བྲན་དང་བཅས་པ་རྣམས་ཀྱིས་མཚོན་ཆའི་ཆར་ཕབ་པས་དགྲ་བགེགས་ཀྱི་ཤ་རུས་དུམ་བུར་གཏུབ་པར་[བསམ་ལ།] ཧཱུཾཿབྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཁས་བླངས་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ མ་མ་པཱ་ཤཾ་ཀུ་རུ༔ མ་ཏཾ་ཉ་ན་ཀ་ར་ཨི་དན་དྷ་ཏི༔ མ་མ་ཀརྨ་ཤྰིགྷྲཾ་ཀཱ་ར་ཡེ་ཧཱུཾ་ཕཊ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ [ཅེས་སྒྲོལ་གྲིས་མགོ་བོ་ནས་བརྩམས་ཡན་ལག་ལྔ་གཡོན་སྐོར་དུ་བཅད། མཐར་ཁོག་པ་ཁ་ཕྱེས་ལ་ཅི་བདེར་གཏུབ་བོ། །དེ་ནས་རྡུལ་དུ་བརླག་པ་དངོས་ལ་

p. 601

དྲུག་གི། ཕོ་ཉ་ནི་བབ་བརྒྱད་ཀྱི་བསྐུལ་དང་། འཕྱོང་ནི།] ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ [སྔགས་ནི།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ད་ཧ་ཡ་ད་ཧ་ཡ་ཧཱུཾ་ཕཊ༔ [རྫས་ནི། རྡོ་རྗེའི་ཐོ་བ་དང་གཏུན་ཁུང་གྲུ་གསུམ་བར་དུ་བརྡུང་། ཏིང་ངེ་འཛིན་ནི།] དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པ་དང་ལྷ་བདུད་རྣམ་རོལ་འཁོར་དང་བཅས་པས་རྡོ་རྗེ་རི་རབ་ཀྱི་ཐོ་བ་ཐོགས་ནས་དམིགས་བྱ་རྡུལ་དུ་བརླག་པར་[བསམ། དམོད་པ་ནི།] དགྲ་བགེགས་ཐལ་བའི་རྡུལ་དུ་རློག་ཅིག༔ [ཅེས་བརྗོད། སླར་ཡང་མཐའ་རྟེན་ཐུན་མིན་མཁའ་གསང་སྦྱོར་བའི་གཏུན་བརྡུང་ནི།] བདག་ཉིད་དཔལ་ཆེན་ཁྲོས་པའི་རྡོ་རྗེ་ཐོ་ལུམ་གྱི་རྣམ་པ་ཅན་དང་སྒྲོལ་ཡུམ་ཁྲོས་པའི་པདྨ་གྲུ་གསུམ་མཐིང་ནག་གི་ནང་དུ་དགྲ་བགེགས་ཐམས་ཅད་ཆུད་པ་ལ། སྦྱོར་བའི་སྒྲ་དྲག་སྔགས་དང་བཅས་ཏེ་གཅར་ཞིང་འཐག་པས་ཕྱེ་མར་བྱས། བྱང་སེམས་མེ་ལྕེ་ལྟ་བུས་དགྲ་བགེགས་ཀྱི་ཉོན་མོངས་པ་ཐམས་ཅད་བསྲེགས། དབྱིངས་དང་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོར་བཅོམ་པར་[བསམ་ཞིང་།] ཧཱུཾཿརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་

p. 602

སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ན༔ ལྷ་ཡང་རུང་སྟེ་བརླག་པར་འགྱུར༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུཾ་ཧཱུཾ་ཧཱུཾ༔ ཕཊ་ཕཊ་ཕཊ༔ [ཅེས་བརྡུང་ངོ་། །དྲུག་པ་ཞལ་དུ་སྟོབ་པ་ལའང་དྲུག་གི། ཕོ་ཉ་ནི་བབ་བརྒྱད་ཀྱི་བསྐུལ་དང་། འཕྱོང་ནི།] བཛྲ་ཡཀྵ་ཀྲོདྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [སྔགས་ནི།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུཾ་ཕཊ༔ [རྫས་ནི། ཧོམ་གཟར་དུ་སྙིགས་མའི་ཤ་ཁྲག་སྟབ་ཅིང་། ཏིང་ངེ་འཛིན་ནི།] དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་རེ་མ་ཏཱིས་གྲོགས་བྱས་ཤིང་བསྟབས་པས་དགྱེས་པའི་རྐན་སྒྲ་དང་བཅས་པས་རོལ་པར་[བསམ། དམོད་པ་ནི།] དགྲ་བགེགས་ཀྱི་ཤ་ཁྲག་ལྷག་མ་མེད་པར་རོལ་ཅིག༔ [ཅེས་བརྗོད། དེ་ནས་སླར་ཡང་ལིང་རོ་རྣམས་བདུད་རྩིར་སྤར་བ་དཔལ་གྱི་གཏོར་མར་སྟོབ་ཅིང་།] ཧཱུཾ༔ དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག༔ དགྲ་བགེགས་བསྒྲལ་བའི་ལྔ་ཕུང་འདི༔ དཔལ་ཆེན་ཡབ་ཡུམ་ཞལ་དུ་བསྟབ༔ ཁྲོ་རྒྱལ་ཡབ་ཡུམ་ཞལ་དུ་བསྟབ༔ སྲས་མཆོག་འབར་བའི་ཞལ་དུ་བསྟབ༔ ཟ་གསོད་སྒོ་མའི་ཞལ་དུ་བསྟབ༔ མཁའ་འགྲོ་གིང་ཚོགས་ཞལ་དུ་བསྟབ༔ སྡང་དགྲ་

p. 603

གདོན་བགེགས་འཁོར་བཅས་རྣམས༔ རྡུལ་ཕྲན་ཙམ་ཡང་མེད་པར་རོལ༔ བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་བསྟབས་པས་དཀྱིལ་འཁོར་པ་རྣམས་དགྱེས་བཞིན་རོལ་ཏེ་ཧ་ཧ་ཧ་ཞེས་བཞད།] ཧཱུཾ་ཧཱུཾ་ཧཱུཾ་[ཞེས་དངོས་གྲུབ་སྩལ་ནས་འོད་གསལ་དུ་ཞུ།] ཕཊ་ཕཊ་ཕཊ་[ཅེས་དེ་ལས་གསལ་སྟོང་ལྷ་སྐུར་ཤར་བས་དབྱིངས་དང་ཡེ་ཤེས་དབྱེར་མེད་སྤྲོས་བྲལ་མཁའ་ལྟར་དག་པའི་རང་བཞིན་བསྒྲལ་བྱ་སྒྲོལ་བྱེད་བསྒྲལ་བའི་ཕྲིན་ལས་གང་ཡང་མ་གྲུབ་པ་ནི་རང་བྱུང་གི་ཡེ་ཤེས་ཞེས་བྱ་བ་ཆོས་ཉིད་བདེན་པ་སྟེ་བརྣག་པ་དེ་ཁོ་ན་ཉིད་དོ། །སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ལས་བྱང་བཞིན་བྱའོ། །གསུམ་པ་བཟློག་པའི་དཔུང་བསྐྱེད་པའི་ཕྱིར་སླར་ཡང་བསྐུལ་བ་ནི། འོག་གི་ཚིག་མཚམས་སོ་སོར་ལིང་རོ་སྦྱར་བའི་ཁྲག་སྐྱེམས་གཏོར་མ་རྣམས་ལ་དམིགས་ཕྱེད་པར་སྟོབ་ཅིང་།] ཧཱུཾ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ བདུད་འདུལ་ཁྲོ་བོ་ཆེན་པོའི་སྐུར་སྟོན་པ༔ བརྗོད་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་བཞེངས་ཤིག༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་

p. 604

སྐུ་བཞེངས་ཤིག༔ དུག་གསུམ༴ མངོན་སྤྱོད༴ ཡབ་ཡུམ་གཉིས་སུ་མེད་པའི་དཀྱིལ་འཁོར་ནས༔ བདུད་འདུལ་ཁྲོ་རྒྱལ་ཡབ་ཡུམ་སྐུ་བཞེངས་ཤིག༔ དུག་གསུམ༴ མངོན་སྤྱོད༴ ཅི་བགྱིའི་ལས་ལ་འདུ་བའི་དཀྱིལ་འཁོར་ནས༔ ཟ་གསོད་མགོ་བརྙན་ཚོགས་རྣམས༴ དུག་གསུམ༴ མངོན་སྤྱོད༴ ཡེ་ཤེས་སྐར་ལྟར་འཁྲུགས་པའི་དཀྱིལ་འཁོར་ནས༔ ཡང་སྤྲུལ་སུམ་སྤྲུལ་མང་པོ༴ དུག་གསུམ༴ མངོན་སྤྱོད༴ ཚད་མེད་བཞི་ལྡན་དཀྱིལ་འཁོར་སྒོ་བཞི་ནས༔ རྟ་གདོང་སྒོ་སྐྱོང་རྣམ་བཞི་སྐུ་བཞེངས་ཤིག༔ དུག་གསུམ༴ མངོན་སྤྱོད༴ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་སེམས་ཅན༔ བསྟན་སྐྱོང་ཤྭ་ན་མཆེད་བཞི༴ དུག་གསུམ༴ མངོན་སྤྱོད༴ སྤྲུལ་པ་མང་པོ་འབྱུང་བའི་དཀྱིལ་འཁོར་ནས༔ བདག་ཉིད་ཆེན་པོ་འཁོར་བཅས༴ དུག་གསུམ༴ མངོན་སྤྱོད༴ མཚོ་བཞི་ཕོ་བྲང་གཏམས་པའི་དཀྱིལ་འཁོར་ནས༔ དམ་ཅན་བསེ་ཡི་ལྷ་མོ༴ དུག་གསུམ༴ མངོན་སྤྱོད༴ ཙིཏྟ་སྒོང་ལྟར་འདྲིལ་བའི་དཀྱིལ་འཁོར་ནས༔ སྐྱེས་བུ་གིང་ཆེན་བཅོ་བརྒྱད༴ དུག་གསུམ༴

p. 605

མངོན་སྤྱོད༴ རཀྟ་མཚོ་ལྟར་བསྐྱིལ་བའི་དཀྱིལ་འཁོར་ནས༔ མ་བདུན་སྲིང་བཞིའི་ཚོགས་རྣམས༴ དུག་གསུམ༴ མངོན་སྤྱོད༴ གངྒྰའི་རྡུལ་ལྟར་སྤུངས་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཉེར་བརྒྱད་ལ་སོགས་ལྷག་མའི་གནས༔ ལངྐ་དུར་ཁྲོད་མཁའ་འགྲོ་སུམ་ཅུ་གཉིས༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་སྐུ་བཞེངས་ཤིག༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ [ཅེས་བསྐུལ་ལོ། །བཞི་པ་ཟློག་ལས་འཆོལ་བ་ལ། རྩ་བ་དང་། ཡན་ལག་གཉིས་ཀྱི། དང་པོ་ཟློག་པའི་ཕྲིན་ལས་བཅོལ་བ་ནི།] ཧཱུཾ༔ ཆོས་དབྱིངས་ངང་ལས་སྙིང་རྗེ་ཡི༔ རྩལ་སྣང་དུར་ཁྲོད་གཞལ་ཡས་ཁང་༔ རབ་འབར་འཁོར་ལོ་རྩིབས་བཅུའི་དབུས༔ ལྷ་ཆེན་ཕོ་མོའི་གདན་སྟེང་ན༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས༔ སྲས་མཆོག་ཉེར་གཅིག་འཁོར་གྱིས་བསྐོར༔ ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འགྱེད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ དབུས་ཀྱི་ཕྱོགས་ནས་བདུད་གཡོས་པ༔ བཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག༔ བསྒྱུར་རོ་

p. 606

དམར་ཆེན་གཏོར་མས་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུཾ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས༔ ཡབ་ཡུམ་ཐབས་ཤེས་རོལ་པ་ལས༔ ཁྲོ་བོའི་ཚོགས་ཆེན་སྤྲུལ་པ་ནི༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ཚངས་པ་ཕོ་མོའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་ཧཱུཾ་ཀཱ་ར༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་སྨྲིག་བུའི་མགོ༔ ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ༔ སྟེང་ཕྱོགས་ཚངས་པའི་གདོན་དང་བགེགས༔ བཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག༔ སྒྱུར་ཅིག་དན་སྡིག་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུཾ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ དྲི་ཟ་ཕོ་མོའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ ཡུམ་ཆེན་རྡོ་རྗེ་སྙེམས་མར་བཅས༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ༔ ཤར་ཕྱོགས་དྲི་ཟའི་གདོན་དང་བགེགས༔ བཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག༔ སྒྱུར་ཅིག་དན་སྡིག་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུཾ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་

p. 607

དུ༔ མེ་ལྷ་ཕོ་མོའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ ཡང་སྤྲུལ་གྲངས་མེད༴ ཤར་ལྷོ་མེ་ལྷའི༴ བཟློག་གོ༴ སྒྱུར་ཅིག༴ བཟློག་བསྒྱུར༴ ཧཱུཾ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ གཤིན་རྗེ་ཕོ་མོའི༴ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ཡུམ་ཆེན་རྡོ་རྗེ་དུར་ཁྲོད་བདག༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ཡང་སྤྲུལ་གྲངས་མེད༴ ལྷོ་ཕྱོགས་གཤིན་རྗེའི༴ བཟློག་གོ ༴ སྒྱུར་ཅིག༴ བཟློག་བསྒྱུར༴ ཧཱུཾ༔ ལྷོ་ནུབ་འཁོར་ལོའི༴ སྲིན་པོ་ཕོ་མོའི༴ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ ཡང་སྤྲུལ་གྲངས་མེད༴ ལྷོ་ནུབ་སྲིན་པོའི༴ བཟློག་གོ༴ སྒྱུར་ཅིག༴ བཟློག་བསྒྱུར༴ ཧཱུཾ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ཀླུ་དབང་ཕོ་མོའི༴ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ ཡང་སྤྲུལ༴ ནུབ་ཕྱོགས་ཀླུ་དབང་༴ བཟློག་གོ༴ སྒྱུར་ཅིག༴ བཟློག་

p. 608

ཧཱུཾ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང༴ རླུང་ལྷ་ཕོ་མོའི༴ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༴ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ ཡང་སྤྲུལ༴ ནུབ་བྱང་རླུང་ལྷའི༴ བཟློག་གོ༴ སྒྱུར་ཅིག༴ བཟློག༴ ཧཱུཾ༔ བྱང་ཕྱོགས་འཁོར་ལོའི་རྩིབས༴ གནོད་སྦྱིན་ཕོ་མོའི༴ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝང་མགོ༔ ཡང་སྤྲུལ༴ བྱང་ཕྱོགས་གནོད་སྦྱིན༴ བཟློག་གོ༴ སྒྱུར་ཅིག༴ བཟློག༴ ཧཱུཾ༔ བྱང་ཤར་འཁོར་ལོའི་རྩིབས༴ དབང་ལྡན་ཕོ་མོ༴ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ ཡང་སྤྲུལ༴ བྱང་ཤར་དབང་ལྡན༴ བཟློག་གོ༴ སྒྱུར་ཅིག༴ བཟློག༴ ཧཱུཾ༔ འོག་ཕྱོགས་འཁོར་ལོའི༴ ས་བདག་ཕོ་མོའི༴ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ ཡུམ་ཆེན་རྡོ་རྗེ་སྐྱོད་བྱེད་མ༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ༔ འོག་ཕྱོགས་ས་བདག་གདོན་དང་བགེགས༔ བཟློག་གོ་ཁྲོ་རྒྱལ་ཁྱོད་ཀྱིས་ཟློག༔ སྒྱུར་

p. 609

ཅིག་དན་སྡིག་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ [ཅེས་དང་། གཞན་ཡང་།] བྷྱོཿབཟློག་བསྒྱུར་ལས་ལ་ཁྱེད་རང་མཁས༔ ལྕི་ཡང་རི་བོ་པང་དུ་ལོང་༔ དཀའ་ཡང་བདུད་ལ་རྒྱུ་ཞགས་ཐོབ༔ ཡས་ཀྱི་བདུད་གཡོས་ཁྱོད་ཀྱིས་ཟློག༔ མས་ཀྱི་སྲི་ལངས་ཁྱེད་ཀྱིས་ཟློག༔ ཉེ་བའི་བྱོལ་པོ་ཁྱེད༴ ཕ་ཚན་རྒྱ་འདྲེ༴ མ་བུའི་བྱུར་འདྲེ༴ གཤིན་རྗེའི་འཁྲུལ་འཁོར༴ མ་མོའི་ཁྲག་ཟོར༴ བདུད་ཀྱི་ཁྲམ་ཁ༴ བཙན་གྱི་གཟེར་ཁ༴ ས་བདག་བྱད་ཁ༴ རྒྱལ་པོའི་སྨྱོ་འབོག༴ གཟའ་ཡི་ཀི་ཀང་༴ མུ་སྟེགས་ངན་སྔགས༴ ཐེ་བྲང་སྲི་རྐུན ནད་ཁ་རིམས་ཁ༴ སྔགས་པའི་ཕུར་ཁ༴ བོན་པོའི་བོན་ཟོར༴ སུམ་པའི་གླང་ཟོར༴ མེ་ཉ་འབོལ་ལེ༴ ལོ་ཟླ་ཞག་ཀེག་ཁྱོད་ཀྱིས་ཟློག༔ མོ་ངན་རྩིས་ངན༴ ལྟས་ངན་མཚན་ངན༴ ཕོ་བརྒྱས་མདའ་བདར་མཚོན་ཁ་ཟློག༔ མོ་བརྒྱས་དུག་གཡོས་ཟས་ཁ་ཟློག༔ མི་ནག་སྐྱེ་བོའི་ཡ་ག་ཟློག༔ བྲན་འཁོར་ངན་པའི་དམོད་མཆུ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ གདོན་རིགས་ཉི་ཁྲི་ཆིག་སྟོང་ཟློག༔

p. 610

བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་དང་འཇིགས་བརྒྱད༴ མི་མཐུན་འགལ་རྐྱེན་ཐམས་ཅད་ཟློག༔ བྷྱོ༔ ང་ནི་འཁོར་འདས་ཀུན་གྱི་བདག༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྟེ༔ སྐུ་ཆེན་ང་ཡིས་བསྒྱུར་ཙ་ན༔ གཟུགས་ཁམས་མི་འགྱུར་གང་ཡང་མེད༔ གསུང་ཆེན་ང་ཡིས་བསྒྱུར་ཙ་ན༔ སྒྲ་སྐད་མི་འགྱུར་གང་ཡང་མེད༔ ཐུགས་ཆེན་ང་ཡིས༴ སེམས་ཁམས་མི་འགྱུར་གང་ཡང་མེད༔ དེ་ཕྱིར་ཕས་རྒོལ་མི་མཐུན་པའི༔ འགལ་རྐྱེན་བར་ཆད་ཐམས་ཅད་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དཔལ་ཆེན་མཐུ་ཡིས་བསྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ དཔལ་ཆེན་ཕུར་བུའི་ལྷ་ཚོགས་རྣམས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ [ཅེས་བཟློག་པའི་ཕྲིན་ལས་བསྐུལ་ལོ། །གཉིས་པ་ཟབ་པའི་མདེའུ་ཁ་སྦྱོར་བ་ནི།] ལྷ་ཚོགས་རྣམས་ཀྱི་ཞལ་ནས་དྲག་སྔགས་འབྲུག་སྟོང་ལྡིར་བ་ལྟར་སྒྲོག་ཅིང་འཁོར་གྱི་ཁྲོ་བོ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་དང་བཅས་པ་རྣམས་ཞལ་ཕྱིར་གཟིགས་ཏེ་གནོད་པ་ཕྱིར་བཟློག་པའི་ཕྲིན་ལས་མཛད། སྤྲུལ་པའི་

p. 611

ཕོ་ཉ་ནམ་མཁའ་གང་བར་སྤྲོས་པ་རྣམས་དང་ཕྱི་རོལ་གྱི་མཚོན་ཆ་འཁོར་ལོ་དང་བཅས་པ་དྲག་ཏུ་འཁོར་བས་དགྲ་བགེགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ཕྱེ་མར་བརླག་སྟེ་མིང་གཞི་ཙམ་ཡང་མ་ལུས་པར་[བསམ་ཞིང་། དྲག་སྔགས་འདུས་པའི་ཤམ་དུ།] གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་བྷྱོ་ཟློག༔ [ཅེས་བཏགས་བ་མང་དུ་བཟླས་ལ། བདེན་སྟོབས་བརྗོད་པའི་མཐར།] རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་དགྲ་འདྲེ་ཆག་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་གནོད་བྱེད་དགྲ་བགེགས་བྱད་མའི་སྟེང་དུ་མཱ་ར་ཡ་བྷྱོ་ཟློག༔ [ཅེས་ཐལ་རྡེབ་བྱའོ། །ལྔ་པ་ཐུན་གཏོར་གཏོང་བ་ནི། དམར་གྱི་གཏོར་མར་དམིགས་བྱ་བཀུག་ནས་གཉིས་མེད་བསྟིམ།] རཾ་ཡཾ་ཁཾ་གིས་[བསང་སྦྱང་།] སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་

p. 612

གྱི་རྣམ་པ་མ་ཚང་བ་མེད་པ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་[བསམ་ལ།] ཨོཾ་ཨཱ༔ ཧཱུཾ་[གིས་བྱིན་བརླབས།] ལྷ་ཚོགས་རྣམས་ཀྱིས་གཏོར་མ་བདུད་རྩིའི་ངོ་བོ་རྣམ་པ་ཤ་ཁྲག་གི་རང་བཞིན་ཆལ་ཆོལ་དུ་གསོལ་བར་[བསམ་ཞིང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤ་ཏྲུཾ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ [ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་བས་དགྱེས་ཤིང་ལྷག་མེད་དུ་བཞེས་པར་བསམ། མཐར་གཏོར་མ་ཁྲོ་བོའི་དམག་ཚོགས་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་པ་དུག་མཆོད་རྡོ་རྗེའི་ཆར་དུ་མོས་ཏེ།] ཧཱུཾ༔ དམར་ཆེན་གཏོར་ཟོར་ཕུར་བུའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་པོ་མཐུ་རྩལ་སྐྱེད། །[ཅེས་དྲག་སྔགས་ཟློག་ཤམ་ཅན་དམོད་ཚིག་ཐལ་རྡེབ་དང་བཅས་གནོད་པའི་ཕྱོགས་སུ་འཕངས་པས་དམིགས་བྱ་གནས་ལུས་ལོངས་སྤྱོད་དང་བཅས་པ་རྗེས་

p. 613

མེད་དུ་བརླག་པར་བསམ། དེ་ནས་རྒྱུན་གྱི་རྗེས་ཆོག་རྣམས་ཕྲིན་ལས་ཀྱི་དཀྱུས་བཞིན་བྱའོ། །གསུམ་པ་རྗེས་སུ་བྱ་བའི་ལས་ལ། ཟོར་བསྒྲུབ་པ། ཟོར་ལམ་བསལ་བ། དཔུང་བསྐྱེད་པ། ཟོར་བསྐུལ་བ། ཟོར་འཕང་བ། ཟོར་རྗེས་གཅོད་པ་དང་དྲུག་གི། དང་པོ་ཟོར་བསྒྲུབ་པ་ནི། སྒྲུབ་ཞག་རྫོགས་པའི་ཉིན་རྗེས་མར་ཟློག་པའི་ཕྲིན་ལས་བཅོལ་བའི་མཐར་གཏོར་མའི་ལྷ་ཚོགས་རྣམས་ལ་མཆོད་ཅིང་བསྟོད་ནས་ནོངས་པ་བཟོད་པ་གསོལ། རྩ་སྔགས་ཤམ་དུ།] ས་མ་ཡ་མ་ཏི་ཀྲ་མ་ཏི། ཨོཾ་བཛྲ་ཏིཥྛ། [ཞེས་པས།] སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཞུགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་བ་ལས་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཐབས་ཕྱག་བརྙན་སྒོ་མ་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་པར་གྱུར་[པར་བསམ་ལ། གཙོ་འཁོར་རྣམས་ཀྱི་སྔགས་སྤེལ་ཚིག་ཅན་ནམ་སྤུ་གྲིའི་དྲག་སྔགས་འདུས་པ་མང་དུ་བཟླས་ལ་ཟོར་རྫས་ནུས་ལྡན་དུ་བསྒྲུབ། དམར་གཏོར་ཁྲག་སྐྱེམས་བཅས་པར་དམིགས་

p. 614

བྱ་འགུགས་འདྲེན་དང་ཞལ་སྟོབས་ཀྱི་དམིགས་པ་དྲག་པོ་དང་བཅས་གཏོར་ཆེན་དུ་ཕུལ་ལ།] ཧཱུཾ། རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཡི་དམ་ཞི་ཁྲོ་རབ་འབྱམས་དང་། །ཁྱད་པར་ཕུར་བུའི་ལྷ་ཚོགས་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །འདོད་ཡོན་མཆོད་པ་འདི་བཞེས་ལ། །ཟོར་ཆེན་རྫས་ཀྱི་དཔུང་བསྐྱེད་ཅིག །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །དཔལ་ལྡན་མགོན་པོ་ལྕམ་དྲལ་དང་། །ཤྭ་ན་བདག་ཉིད་ས་བདག་སོགས། །དཔལ་ཆེན་བཀའ་ཡི་སྲུང་མ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །འདོད་ཡོན་མཆོད་པ་འདི་བཞེས་ལ། །ཟོར་ཆེན་རྫས་ཀྱི་དཔུང་བསྐྱེད་ཅིག །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །ཕོ་རྒྱུད་མོ་རྒྱུད་དྲེགས་པའི་ཚོགས། །བསྟན་ལ་མངོན་པར་དགའ་བ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །འདོད་ཡོན་མཆོད་པ་འདི་བཞེས་ལ། །ཟོར་ཆེན་རྫས་ཀྱི་དཔུང་བསྐྱེད་ཅིག །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །[ཅེས་འདོད་དོན་གསོལ་བས་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་ཀྱིས་ཟོར་ཆེན་དཔུང་བསྐྱེད་པའི་ཕྲིན་སལ་མཛད། སྤྲུལ་པ་ཟོར་རྫས་ཕོ་ཉར་བཅས་པ་

p. 615

དཔའ་བོ་གཡུལ་དུ་ཞུགས་པ་ལྟར་ཟ་ཟ་རྔམ་རྔམ་དུ་བསྐྱེད་པར་བསམ་མོ། །གཉིས་པ་ཟོར་ལམ་བསལ་བ་ནི། སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ཏེ་དཀྱིལ་འཁོར་ལ་བསྐོར། ཕྱི་རོལ་དུ་ཕུད་སྐྱེམས་འཐོར་ཞིང་བདེན་པའི་ཡུས་ཀྱིས།] ཧཱུཾ། བདག་ནི་མ་ཉེས་མ་ཡོའོ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་ཆོད། །རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན། །སྣང་སྲིད་ལྷ་འདྲེ་བཞུགས་པ་རྣམས། །མཐོ་བ་རྣམས་ཀྱི་ཞབས་སྡུས་ཤིག །དམའ་བ་རྣམས་ཀྱི་དབུ་ཆུམས་ཤིག །བར་ན་བཞུགས་པ་སྐུ་བཟུར་ཅིག །དབུ་ཞབས་ཀུན་ལ་ཕོག་པར་སྲིད། །སོ་སོའི་ཕོ་བྲང་སྒོ་སྡོམས་ཤིག །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །གསེར་སྐྱེམས་དམ་པ་འདི་གསོལ་ལ། །དཔལ་གྱི་གཏོར་ཟོར་ལམ་ཕྱེས་ཤིག །དོ་ནུབ་དྲག་པོའི་ཟོར་ཆེན་འདི། །སྡང་དགྲ་གནོད་བགེགས་རྣམས་ལ་འཕེན། །ཟ་འདྲེ་ཕུང་སྲི་རྣམས་ལ་འཕེན། །ཕར་འཕེན་ཚུར་ལ་མ་ལྡོག་ཅིག །རྣལ་འབྱོར་བསམ་པ་འགྲུབ་པར་མཛོད། །[ཅེས་ཟོར་ལམ་བསལ། ལས་བྱང་བཞིན་བསྐུལ་དང་ཆད་

p. 616

མདོ་བསྒྲག་གོ །གསུམ་པ་ཟོར་གྱི་དཔུང་བསྐྱེད་པ་ནི། འཕྱར་དར་དང་རུ་འདྲེན་གྱི་རྣམ་པ་དུ་མས་སྣ་དྲངས་ཏེ་སྐྱེས་བུ་གིང་ཆས་སུ་ཞུགས་པ་སོགས་ཀྱིས་དཀར་གཏོར་དང་གསེར་སྐྱེམས། ཟོར་གྱི་རྫས་རྣམས་ནས་གཙོ་བོའི་གཏོར་ཆེན་གྱི་བར་རིམ་བཞིན་ཁྱེར། རྣལ་འབྱོར་བ་ལྟ་བའི་གདིང་སྒོམ་པའི་གསལ་སྣང་དང་མ་བྲལ་བས་རིག་པ་ཧུར་ཕྱུང་ཏེ་དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་དེ་དག་གི་ཕྱི་བཞིན་གཟའ་དང་སྡེ་བརྒྱད་ཀྱི་རྒྱུ་ཕྱོགས་དང་བསྟུན་གང་དུ་འཕེན་པའི་སར་ཕྱིན་ལ། ཕུད་ཕྱོགས་བཅུར་འཐོར་ཞིང་།] ཧཱུཾ་བྷྱོ། བླ་མ་ཡི་དམ་ལྷ་ཚོགས་དང་། །ཁྱད་པར་ཕུར་བུའི་ལྷ་ཚོགས་ཀྱིས། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ཤྭ་ན་བདག་ཉད་ས་བདག་སོགས། །དམ་ཅན་ཆོས་སྐྱོང་སྲུང་མ་ཡིས། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་གཉན་པོ་ཡིས། །མཆོད་སྦྱིན༴ དོ་ནུབ་ཟོར་གྱི་ལས་མཛོད་ཅིག །[ཅེས་དང་།] ཧཱུཾ། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་སྲིན་ཕམ་གྱུར་ཏེ། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས། །

p. 617

དགྲ་བགེགས་རྣམས་ནི་ཕམ་པར་མཛད། །རིག་སྔགས་བདེན་པའི་མཐུ་འདི་ནི། །ཐོགས་པ་མེད་པར་འགྲུབ་པར་མཛོད། །[ཅེས་བདེན་སྟོབས་ཀྱིས་དཔུང་བསྐྱེད། བཞི་པ་ཟོར་བསྐུལ་བ་ནི། བདེན་སྟོབས་བཅས་འགུགས་གཞུག་གིས་དགྲ་བགེགས་བཀུག་སྟེ་དམིགས་པའི་འབེན་བཅས་ལ།] ཧཱུཾ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཡིན༔ ང་ལས་ཆེ་བཙན་སུ་ཡང་མེད༔ ངས་ནི་དྲག་པོའི་གཏོར་ཟོར་འཕེན༔ ཕྱོགས་མཚམས་སྟེང་འོག་གནས་རྒྱུ་བའི༔ སྡེ་བརྒྱད་ལྷ་ཀླུ་གཞི་བདག་རྣམས༔ གཏོར་ཆེན་མཚོན་ཐུན་ཟེར་འཕྲོས་པས༔ ལུས་སེམས་མ་ལུས་བརླག་པར་མཆིས༔ ང་ནི་མ་ཉེས་དགྲ་བགེགས་ཉེས༔ ཟོར་ལམ་ཕྱེས་ལ་སྐུ་བཟུར་ཅིག༔ བརྣག་པའི་དགྲ་བགེགས་མ་གཏོགས་པ༔ ཉེས་མེད་རྣམས་ལ་ཟོར་མི་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔུང་བསྐྱེད༔ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔ ཉམས་པའི་དགྲ་བགེགས་སྡིག་ཅན་འདི༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ [ཅེས་རིག་པ་ངར་དང་ལྡན་པས་བརྗོད། ལྔ་པ་ཟོར་འཕང་བ་ནི། ཟོར་རྣམས་རིམ་པར་ཐོགས་ལ།] བྷྱོ།

p. 618

དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ཕོ་ཉར་མངགས་པའི་ཟོར་གྱི་བདག །དགྲ་བགེགས་བསྒྲལ་ཕྱིར་ལས་ལ་ཡྰ། །དམར་ཆེན་དྲག་པོ་གཏོར་མའི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས། །དགྲ་བགེགས་ལུས་སེམས་འབེན་ལ་ཡྰ། །[ཅེས་དྲག་སྔགས་བརྗོད་བཞིན་པར་བརྡེག །དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས་ཁྱད་པར་གཏོར་ཟོར་གྱི་ཚབ་ཏུ།] རྦ་ཀློང་འཁྲུག་པ་ཁྲག་གི་ཟོར། །རི་བོ་རྙིལ་བ་རྡོ་ཡི་ཟོར། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །མཚོན་རྩེ་ཟིངས་པ་ཡུངས་ཀར་ཟོར། །མུན་པ་འཁྲིགས་པ་དུག་གི་ཟོར། །[ཞེས་བསྒྱུར་ལ་འཕང་། དེ་ནས་གཏོར་ཆེན་སོགས་བཏེགས་ལ།] ཧཱུཾཿང་ནི་བདུད་འདུལ་ཧེ་རུ་ཀ ༔ ཁྲག་འཐུང་ཀུན་གྱི་རྒྱལ་པོ་ཡིན༔ བཀའ་འཁོར་ལས་བྱེད་སྟོང་གསུམ་གང་༔ ཐམས་ཅད་དྲག་པོའི་ལས་ལ་ཆོས༔ སྒྲོལ་བྱེད་དྲག་པོ་ཟོར་གྱི་རྫས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ གཏོར་ཟོར་ཐོག་ལྟར་ཤ་ར་ར༔ དཔལ་ཆེན་དྲག་པོའི་གཏོར་ཟོར་འདི༔ སྡང་བ་དགྲ་ཡི་སྙིང་ལ་ཡ༔ བདུན་རྒྱུད་ཆོད་ཅིག་མཱ་ར་ཡ༔ གནོད་པ་བགེགས་ཀྱི་སྙིང་ལ་ཡ༔ མེད་པར་ཆོམས་ཤིག་མཱ་ར་ཡཿཡུལ་མཁར་ཁྱིམ་ལ་གཏོར་ཟོར་ཡ༔ རྡུལ་དུ་

p. 619

རློག་ཅིག་མཱ་ར་ཡ༔ བདག་འཛིན་བདུད་ལ་གཏོར་ཟོར་ཡ༔ གཉིས་མེད་སྒྲོལ་ཅིག་མཱ་ར་ཡ༔ [ཞེས་དྲག་སྔགས་ཟློག་ཤམ་ཅན་དྲག་པོར་བཟླ་བཞིན་པས་དབང་མོ་ཉེར་བརྒྱད་ཀྱི་ཀོང་ཟོར་དང་དམ་ཅན་གྱི་གཏོར་མ་ནས་བཟུང་གཙོ་གཏོར་གྱི་བར་བརྡེག་ཅིང་། དགྲ་བོའི་གཟུགས་ཕུང་བཤིག །རྣམ་ཤེས་མར་མེ་བསད་པ་ལྟར་ཡལ། གནས་གཞིས་ལོངས་སྤྱོད་དང་བཅས་པ་རྗེས་མེད་དུ་བརླག་པར་བསམ་ལ་དམོད་མོར་བཅས་པས་ཐལ་མོ་དང་རྡུལ་མོ་བརྡབ་བོ། །དྲུག་པ་ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་ཞིག་གིས་མཚམས་བཅད་པར་བསམ་ལ།] ཧཱུཾ་ཁྲོཾ་བཛྲ་ག་རུ་ཌ་བྷྱོ་ཟློག༔ [ཅེས་བཟླ་ཞིང་རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ལོག །ཕྱིར་རྙོགས་གཅོད་ཕྱིར་གདོང་ཕྱིར་བལྟས་ཏེ་ལས་ཕུར་བསྒྲིལ་ཞིང་གདེངས་ལ་དྲག་སྔགས་གནམ་ལྕགས་ཐོག་གི་སྤུ་གྲི་བདུན་ནམ་ཉེར་གཅིག་ཙམ་བཟླ། རྡོ་རྗེའི་གུར་དུ་རང་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ཞིང་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། དེ་ནས་སྒྲུབ་ཁང་གི་སྒོ་དྲུང་དུ་བཤལ་ཆུའི་བདུད་རྩིས་བརྟན་མ་བསྐྱང་། གཏོར་གཞོང་ཁ་སྦུབས་ལ་བྲོ་ར་བསྐོར་ཏེ་ཨེ་གྲུ་གསུམ་པར་དགྲ་བགེགས་དམ་སྲི་ཐམས་ཅད་བཀུག་ནས་མནན་པར་བསམ་ཞིང་བྲོ་བརྡུང་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ནང་དུ་ལོག་ནས་ཚེ་འགུགས་བསྐུལ་ཞིང་དངོས་གྲུབ་ལེན། མཆོད་པ་ཁ་གསོས་ལ་བྱིན་གྱིས་བརླབས་ཏེ་ཕུལ་ནས་

p. 620

བསྟོད་པ་བྱ། ནོངས་པ་བཟོད་པར་གསོལ། ནམ་མཁར་བཞུགས་པའི་ཡེ་ཤེས་པ་གཤེགས་སུ་གསོལ་བའམ་བྲི་སྐུ་སོགས་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་རྣལ་འབྱོར་འོད་གསལ་དུ་བསྡུ་ཞིང་ལྷར་ལྡངས་ཏེ་གོ་བགོ། ལས་དཀྱིལ་གྱི་རྡུལ་ཚོན་ཨ་ཀཱ་རོས་བསྡུས་ལ་ཐིག་ཤུལ་དབྱི། དགེ་བ་བསྔོ་ཞིང་སྨོན་ལམ་ནན་ཏན་དུ་གདབ། ཤིས་པ་རྒྱ་ཆེར་བརྗོད་དེ་མེ་ཏོག་གི་ཆར་དབབ་པས་བདེ་ལེགས་སུ་བྱའོ། །ཡང་སྐབས་འགའ་ཞིག་གི་ཚེ་སྤྲོས་པ་བསྡུ་བའི་གཏོར་ཟློག་ཙམ་བྱེད་པར་འདོད་ན། ལས་དཀྱིལ་གྱི་གཞིར་ཐིག་ཚོན་གྱི་བྱ་བ་རྣམས་དོར་ནས་རས་བྲིས་ཀྱི་འདིང་དཀྱིལ་ཡོད་ན་བཀྲམ། མེད་ན་ཞིང་དམ་གཅན་གཟན་གྱི་ལྤགས་པ་ལ་འབྲུ་ནག་དུག་ཁྲག་གིས་གཤེར་བའི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པའི་ཁར་ཟོར་གཏོར་གཙོ་འཁོར་ཕྱོགས་བསྡུས་སུ་འགོད། ཟོར་ཆས་གཞན་རྣམས་ཀྱི་བཅས་མི་དགོས་ཤིང་། ལིངྒ་ཡང་འཕྲལ་གྱི་རྐྱེན་སེལ་ཙམ་ལ་ཟན་ལིང་གིས་འཐུས། ཕུར་ཁྲོམ་ཡོངས་རྫོགས་ལས་ཉི་ཚེ་བ་ལ་འབྱོར་དཀའ་བས་སྲས་མཆོག་གི་ཕུར་བུ་གཅིག །ཁྲོ་བཅུ་ཡབ་ཡུམ་ཐུན་མོང་དུ་རེ་རེ། སྲས་ཕུར་ཐུན་མོང་དུ་གཅིག །སྒོམ་དམ་ཅན་དབང་ཕྱུག་ཐུན་མོང་དུ་གཅིག་སྟེ་ཕུར་བུ་ལྡ་འདུ་བྱ། གཞན་བཅས་གཤོམ་དང་ཆོ་གའི་འགྲོས་གཞུང་བཞིན་ལས། འཕང་བའི་སྐབས་ཟོར་བསྐུལ་གྱི་རྗེས་སུ་གཏོར་ཟོར་དངོས་ལ་འཇུག་པ་སོགས་ལག་ལེན་དབྱེ་བསྡུའི་འདོར་ལེན་གྱི་དམིགས་ཕྱེད་ཤེས་པར་བྱའོ། །འཁོར་ལོ་གསུམ་དང་རྫོང་འཕྲང་

p. 621

སྲོག་གསུམ་གྱི། །དཔའ་ངར་གདིང་ལྡན་སྔགས་པ་འགའ་མཆིས་ན། །རེག་གཅོད་སྤུ་གྲིའི་མཚོན་ཆ་འདི་ཐོགས་ནས། །བསྟན་དགྲ་སྒྲོལ་བའི་ལས་ལ་ཅིས་མི་བརྩོན། །དེ་སླད་བདུད་འདུལ་པདྨའི་མན་ངག་གང་། །མ་འདྲེས་ཚུལ་བཞིན་བཀྲལ་བའི་ཆོ་གའི་ཁྲིགས། །འདི་ཀོ་སྔགས་རིག་འཛིན་པའི་ཕྱག་མཚན་དུ། །གྱུར་ནས་རྒྱལ་བསྟན་སྲུང་བའི་བཙས་སུ་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྨད་ལས་བདུད་དཔུང་མཐར་བྱེད་གནམ་ལྕགས་ཐོག་ཆེན་ཞེས་བྱ་བ་འདི་འང་། སྔ་སོར་རྣམ་འདྲེན་གསུང་སྤྲུལ་བཅུ་པའི་ཞལ་སྔ་ནས་བཀའ་སྩལ་རིན་པོ་ཆེ་སྤྱི་བོར་ལྷུང་བ་རྗེས་སུ་སྒྲུབ་པར་སེམས་པའི་དམ་བཅའ་མ་བོར་ཡང་གཞན་དབང་མི་ཟད་པའི་ཁོལ་པོར་འཕྱན་ཏེ་ཡུན་དུ་འགྱང་བར་འགྱུར་བ་ལས། ཉེ་ཆར་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་རིག་འཛིན་འདུས་པའི་སྡེས་གྱ་ནོམ་པའི་སྐྱེས་དང་བཅས་ནན་བསྐྱར་དུ་བསྐུལ་བར་མཛད་པ་ལ་བརྟེན་ནས། སྤུ་གྲིའི་ངན་སྔགས་རྩ་བ་དང་གློ་བུར་ལྕོགས་རྡུང་ལས་སྦྱོར་གྱི་འཁྲུལ་འཁོར་སོགས་གབ་དཀྲུགས་འཐོར་སྟབས་སུ་བཞུགས་པ་རྣམས་གཏེར་གཞུང་གི་དགོངས་པ་མ་འཁྲུལ་བར་མཁས་གྲུབ་རིག་འཛིན་བརྒྱུད་པའི་མན་ངག་གིས་གཏན་ལ་ཕབ་ཅིང་། འདོན་ཆ་དཀྱུས་སུ་མི་གསལ་བ་འགའ་ཞིག་སྤུ་གྲི་གོང་མ་ཆོས་དབང་གི་གཞུང་ལས་བླངས་ཏེ། ཕྲིན་ལས་ཕུར་པ་རོལ་པའི་གསང་བའི་དེ་ཉིད་ཆ་ཙམ་རིག་པའི་སྔགས་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ལྔ་བཅུ་

p. 622

ང་ལྔ་པའི་ཐོག་ཏུ་སོན་པ་ས་ཕོ་ཁྱིའི་ལོ་ནག་པ་ཉ་བའི་དམར་པོའི་ཕྱོགས་ལ། སྦས་ཡུལ་འབྲས་མོ་གཤོངས་ཀྱི་བྱེ་བྲག་ཉེ་བའི་ཞིང་མཆོག་ཀ་པཱ་ལ་སྤུངས་པར་གྲགས་པའི་རི་སུལ་འོག་མིན་རྡོ་རྗེ་བཀོད་པའི་རྫོང་དུ་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་སྨྲ་བའི་སྔགས་བཙུན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་བསྟན་འགྲོར་འཚེ་བའི་ཡིད་སྲུབས་དཔུང་ཚོགས་མིང་མཐར་བྱས་ཏེ་གསང་ཆེན་བསྟན་པའི་མངའ་ཐང་དགུང་དུ་བདོ་བའི་ཆ་རྐྱེན་མཆོག་ཏུ་ཡང་དག་པར་གྱུར་ཅིག། །།ཛ་ཡནྟུ།། །།

ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་སྨད་ལས་བཅས་ཤོམ་ལག་ལེན་གསལ་བྱེད།

p. 623

༄༅། །ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་སྨད་ལས་བཅས་ཤོམ་ལག་ལེན་གསལ་བྱེད་བཞུགས་སོ། །

p. 624

ཤྲཱི་བི་ཛ་ཡནྟུ། ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་སྨད་ལས་མངོན་སྤྱོད་དམོད་པའི་གཟེར་ཁ་ལག་ཏུ་ལེན་པའི་སྐབས་སུ་སྦྱོར་བ་བཅས་ཤོམ་གྱི་རིམ་པ་ལས། ཐོག་མར་འཁོར་ལོ་དང་ལིངྒ་ཇི་ལྟར་བཅའ་བའི་ཚུལ་ལ། དང་པོ་འཁོར་ལོ་ལའང་སྲུང་ཟློག་གཉིས་ཀྱི། དང་པོ་སྲུང་བའི་འཁོར་ལོ་ནི། འབྲི་མཁན་ལྷའི་རྣལ་འབྱོར་དང་ལྡན་པས་བསང་སྦྱང་སྔགས་ཀྱིས་ཡོ་བྱད་རྣམས་བྱིན་གྱིས་རློབ་པ་སྔོན་དུ་འགྲོ་བས། དར་དཀར་རམ་རྒྱ་ཤོག་ལ་མཚལ་ལམ་རྒྱ་སྣག་གིས་མུ་ཁྱུད་རིམ་པ་བརྒྱད་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐར་སྙིང་

p. 625

པོ་འབྲུ་བཅུ་བདུན་པ་དང་། མ་མ་ཀྲ་ཝ་ཙི་རཀཱ་རཀཱ༔ ཞེས་སྤེལ་སྔགས་སྦྱར་བ་བྲི། དེ་རྒྱབ་མུ་ཁྱུད་འཁོར་ལོ་རྩིབས་བཅུ་པར་ལྟེ་བའི་ཧཱུཾ་གི་མདུན་ཕྱོགས་ཤར་སྟོད་སྟེང་དང་ནུབ་སྨད་འོག་ཏུ་བྱས་ཏེ་ཕྱོགས་མཚམས་མ་འཆོལ་བར། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ༔ ཅེས་སོགས་ཁྲོ་བཅུའི་སྔགས་དང་། རྩིབས་མཆན་རྣམས་སུ་རིམ་བཞིན། སྟེང་ཕྱོགས་ལྷའི་གནོད་པ་སྲུངས་ཤིག་རཀྵ༔ ཤར་ཕྱོགས་དྲི་ཟའི་གནོད་པ་སྲུངས༴ ཤར་ལྷོ་མེ་ལྷའི་གནོད་པ༴ ལྷོ་ཕྱོགས་གཤིན་རྗེའི༴ ལྷོ་ནུབ་སྲིན་པོའི༴ ནུབ་ཕྱོགས་

p. 626

ཀླུའི འོག་ཕྱོགས་ས་བདག་གི༴ ནུབ་བྱང་རླུང་ལྷའི༴ བྱང་ཕྱོགས་གནོད་སྦྱིན་གྱི༴ བྱང་ཤར་འབྱུང་པོའི༴ ཞེས་བྲི། དེ་རྒྱབ་མུ་ཁྱུད་ཆ་བཞིར་བགོས་པར་སྒོ་སྐྱོང་གཞིའི་སྙིང་པོར་གོང་བཞིན་སྤེལ་སྔགས་སྦྱར་བ་འབྲི། དེ་རྒྱབ་མུ་ཁྱུད་ལ་བཞི་སྙིང་གཅིག་དྲིལ་ཚར་གཅིག་གིས་འཁོར་བ་བྲི། མ་ཁེང་ན་སྤེལ་ཚིག་གང་འོས་སྦྱར། དེ་རྒྱབ་མུ་ཁྱུད་ལ། དེང་འདིར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཕ་རོལ་གྱི་བྱད་ཕུར་རྦོད་གཏོང་ལྷ་སྲིན་སྡེ་བརྒྱད་ཕྱོགས་བཅུའི་གདོན་བགེགས་ཀྱི་གནོད་པ་ལོ་ཟླ་ཞག་དུས་ཀྱི་ཀེག་སྲི་རྨི་ལྟས་མཚན་ངན་མི་ཁ་བྲ་མཆུ་ཆགས་ཆེ་ཉམ་ང་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་བར་མཛད་དུ་གསོལ། སྐྱོབ་པར་མཛད་དུ་གསོལ། །སྦ་བར་མཛད་དུ་གསོལ། ཞེས་སོགས་འདོད་གསོལ་ཇི་ལྟར་རིགས་པ་བྲི། དེ་རྒྱབ་མུ་ཁྱུད་ལ་དབྱངས་གསལ་དང་རྟེན་སྙིང་། དེ་རྒྱབ་རྡོ་ར། དེ་རྒྱབ་མེ་རི་གཡས་སུ་འཁོར་བ་བྲི། ཡི་གེ་རྣམས་མགོ་ཕྱིར་བསྟན་བྱ། བཟང་པོ་དྲུག་དང་བདུད་རྩི་ཆོས་སྨན་གྱིས་བྱུགས། ཚོན་ཐོབ་ལྟེ་བ་མཐིང་། རྩིབས་རྣམས་སྔོ། རྩིབས་མཆན་སེར། མྱུ་ཁྱུད་མཛེས་

p. 627

ཚོན། རྡོ་ར་མེ་རི་སྤྱི་མཐུན་ནོ། །གཉིས་པ་ཟློག་འཁོར་ནི། དུག་ཤོག་ལ་དུག་ཁྲག་བསྲེས་པའི་སྣག་ཚས་མུ་ཁྱུད་རིམ་པ་བརྒྱད་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐར་སྙིང་པོ་འབྲུ་བཅུ་བདུན་པའི་གཤམ་དུ། དགྲ་བགེགས་འབྱུང་པོ་ནྲྀ་ཤ་ཀྲོ་དྷ་མཱ་ར་ཡ་བྷྱོ་ཟློག༔ དེ་རྒྱབ་རྩིབས་བཅུ་ལ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ༔ ཅེས་སོགས་ཁྲོ་བཅུའི་སྔགས་གོ་རིམ་མ་ལོག་པ་དང་། རྩིབས་མཆན་རྣམས་སུ། སྟེང་ཕྱོགས་ལྷ་ཡི་གནོད་པ་ཟློག༔ ཅེས་སོགས་སྲུང་བའི་སྐབས་ལྟར་ཁ་བསྒྱུར་བ་བྲི། དེ་རྒྱབ་མུ་ཁྱུད་ཀྱི་ཕྱོགས་བཞིར་སྒོ་སྐྱོང་བཞིའི་སྔགས་ལ་ཟློག་སྔགས་ཤམ་བུ་སྦྱར་བ་བྲི། དེ་རྒྱབ་མུ་ཁྱུད་ལ་བཞི་སྙིང་གཅིག་དྲིལ་ཟློག་ཤམ་ཅན། དེ་རྒྱབ་མུ་ཁྱུད་ལ་སྤུ་གྲིའི་དྲག་སྔགས་ཟློག་ཤམ་ཅན་དང་དེ་རྒྱབ་མུ་ཁྱུད་ལ། དེང་འདིར་བདག་ཅག་སོགས་འདོད་གསོལ་སྲུང་བའི་སྐབས་ལྟར་ལས། མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ་མཚོན་ཆ་སྣ་ཚོགས་རྩེ་མོ་ཕྱིར་བསྟན་པ། དེ་རྒྱབ་མེ་རི་གཡོན་འཁོར་དུ་བྲི། ཡི་གེ་

p. 628

རྣམས་མགོ་ནང་དུ་བསྟན་པ། བོང་ང་ཐང་ཕྲོམ་གྲི་ཁྲག་ཐལ་ཆེན་གུ་གུལ་ནག་པོས་བྱུགས། ཚོན་ཐོབ་གོང་བཞིན་ནོ། །དེ་ལྟར་སྲུང་ཟློག་སོགས་ཀྱི་འཁོར་ལོ་གང་ལའང་འབྲི་གཞི་ལ་རལ་རྡོལ་མེད་པ། རྩིབས་ཀྱི་རྩ་རྩེ་མུ་ཁྱུད་ལ་མ་རེག་ཅིང་། མུ་ཁྱུད་རྣམས་མ་ཆད་པ། སྟེང་འོག་གི་དབྱེ་བ་ཐ་དད་པའི་སྔགས་དང་ཤམ་བུ་སོགས་མ་འཁྲུགས་པ། ཡི་གེ་འབྲི་འཕྲོ་ལུས་པ་ལྟར་མ་ཁེངས་པས་འབྱམས་པ་དང་། མ་ཤོང་བས་ཡི་གེ་ཕན་ཚུན་འབྲེལ་བ་སོགས་མ་ཡིན་ཅིང་། ཡིག་ཕྲེང་འཁྱོགས་འཆུས་མ་འཁྲུགས་པ། མིག་ཟུམ་པ་བྲིས་བསུབས་ལྷག་ཆད་སོགས་ཀྱི་སྐྱོན་མེད་པར་དཔེའུ་རིས་དང་སྔགས་བྱང་གུང་སྤྲད་དེ་དག་ཅིང་ཡིད་གཞུངས་པར་བྱས་ལ་བྲི། བྲིས་ཟིན་པ་ན་སྟེགས་བུའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་སྲུང་བའི་འཁོར་ལོ་བཀྲམ་ལ་མཐར་མཆོད་པས་བསྐོར། བདག་གི་རྣལ་འབྱོར་ལ་གནས་པས་འཁོར་ལོ་ལ་སྦྱོང་ཁྲུས་མདོར་བསྡུས་ཙམ་སྤྱི་ལྟར་བྱས་ནས། བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེའི་གུར་ཁང་མེའི་རབས་ཡོངས་སུ་བསྐོར་བའི་ནང་དུ་འཁོར་ལོ་རྟེན་

p. 629

གྱི་དཀྱིལ་འཁོར་ཆེན་པོར་གྲུབ་པའི་ལྷ་གནས་སུ་ཧཱུཾ་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་རང་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་གིས་མཚན་པ། ཧཱུཾ་གིས་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་མོས་ལ། ཧཱུཾ༔ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དབྱིངས་ནས་སྤྱན་འདྲེན་ན༔ འཁོར་ལོ་འདི་ལ་བརྟན་པར་བཞུགས༔ མཐུ་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཚེ་སྲིངས་དཔལ་སྐྱེད་གཟི་བརྗིད་སྤེལ༔ གདོན་དང་ནད་དང་གནོད་པ་སྲུངས༔ ས་མ་ཡ་ཨ་བེ་ཤ་ཡ་ཨཱ༔ ཞེས་ཡེ་ཤེས་ཀྱི་འཁོར་ལོ་བསྲུང་བྱའི་མིང་ཡིག་དང་པོའི་རྣམ་པས་སྤྱན་དྲངས་པ་དམ་ཚིག་གི་འཁོར་ལོ་ལ་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་ཐིམ་པར་བསམ་ཞིང་། མཆོད་བསྟོད་མདོར་བསྡུས་ཙམ་བྱ། ལྷག་རྣམས་འོད་དུ་ཞུ་བ་འཁོར་ལོར་གྱུར་པའི་སྔགས་ཕྲེང་རྣམས་ལས་ཡེ་ཤེས་བདུད་རྩིའི་རང་བཞིན་ཅན་གྱི་འོད་ཟེར་འཕྲོས་པ་སྤྲིན་བཞིན་འཁྲིགས་ནས་

p. 630

བསྲུང་བྱའི་མིང་ཡིག་ལ་གོ་ཆ་བཞིན་བགོས་ཏེ་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་བཅིངས་པར་བསམ་ལ། རྩ་སྔགས་ལ་སྲུང་སྔགས་བཏགས་པ་བརྒྱ་རྩ་དང་། རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིས་བསྔགས་པའི་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱ། སྒྲུབ་པ་ཐོན་ནས་ལྟེ་བ་མ་ཉམས་པར་བལྟེབས་ལ་ཚོན་སྐུད་སྣ་ལྔས་བཅིངས་ཏེ་བསྲུང་བྱའི་མགུལ་དུ་གདགས་པའམ། པུ་རིའི་ལྟེ་བའམ་གནས་ཁང་གི་ཐོག་ཁར་དབུབ་པ་སོགས་བྱའོ། །ཟློག་འཁོར་རབ་གནས་ལ། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་འཁོར་ལོ་རྟེན་གྱི་དཀྱིལ་འཁོར་གོང་བཞིན་གསལ་ནས། སྤྱན་འདྲེན་སྐབས་ཚེ་སྲིངས་དཔལ་སྐྱེད་སོགས་ཚིག་རྐང་གཉིས་ཀྱི་མལ་དུ། གནོད་བྱེད་དགྲ་བགེགས་ཉམས་པའི་ཚོགས། །ཕྱིར་ཟློག་ཚར་གཅོད་ཕྲིན་ལས་མཛོད། །ཅེས་བསྒྱུར། མཐར་ལྷ་རྣམས་འོད་དུ་ཞུ་བ་འཁོར་ལོར་གྱུར་པའི་སྔགས་ཕྲེང་རྣམས་ལས་འོད་ཟེར་དྲག་ཅིང་རྩུབ་པ་མེ་སྟག་གི་ཚྭ་ཚྭ་ལྟ་བུ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྩ་སྦུར་མེས་བསྲེགས་པ་བཞིན་དུ་སོང་བར་བསམ་ཞིང་རྩ་སྔགས་ལ་ཟློག་སྔགས་བཏགས་པ་བརྒྱ་རྩ་

p. 631

སོགས་ཀྱིས་བྱིན་གྱིས་བརླབ། ཟློག་པ་གྲུབ་ནས་གཏོར་ཆེན་དང་ལྷན་དུ་མེར་བསྲེག་གོ །གཉིས་པ་ལིངྒ་ལ། ཐོག་མར་ཉ་བོ་བཅའ་བ་ནི། དུར་ཁྲོད་ཀྱི་འཇག་མ་ཡུག་ས་སྐྲའམ་རོ་རས་ཀྱི་སྐུད་པས་བསྡམས་པའི་རུས་ཤིང་ལ། དགྲ་བོ་ལ་རྒྱུད་ལས་བཤད་པའི་རྒྱུ་དྲུག་ཕར་རྐན་ཚུར་རྐན། མི་བསྐྱོད་ཤུལ་ཏེ་ས་གཉིས། གངས་ཀྱི་དུམ་བུ། རྣམ་སྣང་། ཤུན་རས་ཏེ་དྲི་མ་གསུམ། དཔག་བསམ་གྱི་ལོ་མ་བཅས་གྲོག་མཁར་དང་ཕུང་ཤུལ་གྱི་ས་ལ་བསྲེས་ཏེ་རཱུ་པ་སྐྱེ་མཆེད་དོད་པའི་གནས་གང་འདོད་དུ་དུག་ཁྲག་ཚད་ནད་གྲིར་བསད་པའི་ལས་དང་སྦྱར་ལ་དུག་ཁྲག་དྲོད་སྨན་གྲི་ཁྲག་བསྣན། བགེགས་ལ་བྱེད་ན། རི་རུལ་གྲོག་པོ་ཕུག་རྡུག་ལྷ་ཁང་དང་མཆོད་རྟེན་རྙིང་པ་འདྲེ་འཚུབས་པ་རྣམས་ཀྱི་སའམ། བགེགས་གང་ཡིན་དེའི་རྟེན་གྱི་ས་བོང་བུའི་གཅིན་གྱིས་སྦྲུས་ལ་རྐང་པ་ཕྱིར་བསྟན་པའི་གཟུགས་སམ། རྨི་ལམ་དུ་གང་གནོད་ཀྱི་གཟུགས་ལ་སོགས་པ་བྱ། དེའི་སྙིང་གར་ལིང་ག་བཅའ་སྟེ། འབྲི་མཁན་གིང་གི་ཏིང་ངེ་འཛིན་དུ་ཞུགས་ལ་ཤ་ཆེན་ཁྲག་ཆེན་མུར། སྐྲ་སྤྱི་བོར་བཅིངས། ལག་གཡས་དཔུང་པ་མན་ཆད་

p. 632

ཁྲག་ཆེན་གྱིས་བྱུགས་ལ། བྲི་གཞི་ཕོ་མོ་གང་བྱེད་སོ་སོར་གྲིར་ཤི་བའི་པགས་པའམ་རོ་རས་དེའི་སྙིང་ཁྲག་གི་སྣག་ཚ་མཆོག་ཕུར་གྱི་སྨྱུ་གུའམ། སྤྱི་ཙམ་དུ་དུག་ཤོག་ལ་དུག་ཁྲག་སྦྱར་བས་དུག་ཤིང་ཚེར་མ་ཅན་ནམ་མི་གསོད་པའི་མདས་སྨྱུ་གུ་བྱས་ཏེ། རྒྱལ་པོ་ལ་རྐྱང་ཁྲུ་གང་། བནྡྷེ་ལ་བསྐུམ་ཁྲུ་གང་། སྐྱེས་པ་ལ་མཐོ་གང་། བུད་མེད་ལ་མཛུབ་གད། བྱིས་པ་སོར་བཞི། བགེགས་ལ་ཆག་གང་བའི་རང་གཟུགས་རིད་ཅིང་སྐྱེ་མཆེད་དོད་པ་བསོད་ནམས་དང་མཐུན་པའི་ཚད་ཅན་དུ་བྲི། དངོས་གཞི་སྲོག་གཅོད་སྤུ་གྲིའི་འཁོར་ལོ་ནི། མུ་ཁྱུད་གསུམ་པའི་ལྟེ་བ་ཤིན་ཏུ་ཡངས་པར་འཁོར་ལོ་རྩིབས་དྲུག་པར་ལག་གཉིས་མགོ་བོ་བཅས་རྩིབས་གསུམ་ལ་གཟུད། རྐང་པ་གཉིས་གསང་བ་བཅས་རྩིབས་གསུམ་ལ་གཟུད། སྙིང་གར་ཛ་ཁ་སྤྲོད་ཀྱི་བར་དུ་ནྲྀའམ་ཏྲིའི་མཐར་མིང་དང་། དཔྲལ་བར་རུས། བརླར་བླ་དྭགས། ཡན་ལག་བཞིར་ཛཿཧཱུཾ་བཾ་ཧོཿསྟེང་དུ་ནན། འོག་ཏུ་ཁུག །གསང་གནས་སུ་ཕཊ། རྐང་མཐིལ་དུ་ཡཾ། རྣ་བར་འོན། མིག་ལ་ལོང་། ཁ་ལ་དུང་དུང་། དཔྲལ་བར་ལྷ་དང་དབྲལ་བ། ལྟེ་བར་

p. 633

གཟུགས་ལ་དབབ་པ། ལག་ངར་རྗེ་ངར་ལ་བྱད་དུ་གཞུག་པ། ལྕེ་ལ་སྨྱོ་རུ་གཞུག་པ། སྤྱི་བོར་རྡུལ་དུ་བརླག་པ། འདོམས་ལ་ཞལ་དུ་བསྟབ་པ་སྟེ་གབ་པའི་སྔགས་དྲུག་བྲི། ཕྱི་རིམ་མུ་ཁྱུད་ཀྱི་ནང་ངོས་སུ་འཁོར་ལོ་རྩིབས་དགུའི་རྩེ་མོ་ནང་དུ་བསྟན་པའི་རྩིབས་རེ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ ཅེས་འབྲུ་རེ་བྲི། དེ་རྒྱབ་མུ་ཁྱུད་ལ་ལིངྒའི་མགོ་ཕྱོགས་ནས་བརྩམས་ཏེ་སྤུ་གྲིའི་དྲག་སྔགས་དང་། དེ་རྒྱབ་མུ་ཁྱུད་ལ་ཨོཾ་ལཾ་ཧཱུཾ་ལཾ་སོགས་སྤུ་གྲིའི་གདབ་སྔགས་ཀྱིས་བསྐོར་བ་བྲི། མཐར་ཛ་ཁྲམ་ཉེར་བརྒྱད་ཀྱིས་བསྐོར་རོ། །དེ་ལྟར་ལིངྒ་འབྲི་བའི་ཚེ་བྲི་མཁན་གྱི་ཁ་རླངས་མི་བཏང་། ལག་རྗེན་གྱིས་མི་འཇུ། སྣག་ཚ་སོགས་གསར་དུ་སྦྱར་ཏེ་ཆད་ལྷག་བྲིས་བསྲུབས་བསྐུང་ཡིག་གི་སྐྱོན་མེད་པར་བྲིས་ལ། ལིང་ཁྲུས་བྱ་བའི་ཐོག་མར་རང་གྲིབ་སྦྱོང་བ་ནི། རང་ཉིད་ཐ་མལ་གནས་པ་ཡི༔ སྤྱི་མགྲིན་སྙིང་གའི་གནས་གསུམ་དུ༔ རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་༔ གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན༔ བབས་པས་སྒོ་གསུམ་སྒྲིབ་དག་གྱུར༔ ཅེས་མོས་ལ་ཡིག་བརྒྱ་བཟླ༔ སླར་ཡང་གནས་གསུམ་རྡོར་སེམས་

p. 634

ཀྱི༔ སྐུ་ལས་འོད་ཟེར་ཡར་འཕྲོས་པས༔ རབ་འབྱམས་ཞིང་གི་རྒྱལ་བ་མཆོད༔ ཐུགས་རྗེའི་བྱིན་རླབས་ཚུར་འདུས་པ༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ ཉམས་ཆག་ཉེས་ལྟུང་དྲི་མ་སྦྱངས༔ ཕ་རོལ་བྱད་མའི་བསམ་ངན་གྱིས༔ གནོད་བྱས་ཉེས་ཚོགས་ཐམས་ཅད་སྦྱངས༔ ཡིག་བརྒྱའི་ཤམ་བུར། ཨེ་ཧོཿཤུདྡྷེ་ཤུདྡྷེ༔ ཡཾ་ཧོཿཤུདྡྷེ་ཤུདྡྷེ༔ བཾ་ཧོཿཤུདྡྷེ་ཤུདྡྷེ༔ རཾ་ཧོཿཤུདྡྷེ་ཤུདྡྷེ༔ ལཾ་ཧོཿཤུདྡྷེ་ཤུདྡྷེ༔ ཨ་ཧ་རཾཿ ཨེ་ནེ་རཾ༔ བི་ན་ཤུདྡྷེ་སྭཱ་ཧཱ༔ ཨ་ཨ་ཨ་སྭཱ་ཧཱ༔ ཞེས་པ་བདུན་ནམ་ཉེར་གཅིག་བཟླས༔ སྨན་སྤོས་ཆུར་བཏབ་བཏུང་ཞིང་བྱུག༔ ཉེས་ཚོགས་ཐམས་ཅད་དག་པར་བསམ༔ དེ་དག་ལིངྒའི་དྲི་མ་སྦྱོང་བ་ནི། བྱེ་མ་གཤེར་ལྡན་གྱིས་ལིངྒའི་ཕྱི་ནང་ལེགས་པར་འཕུར་ཞིང་། སྲིད་པ་བྱེ་མའམ་ཞིང་ས་གཙང་མས་བསྐོར་ལ༔ ལཾ་ཧོཿཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཆུ་མིག་ལྐུག་པའམ་ཕུག་རྡུགས་ཀྱི་ཆུས་འཐོར་ཞིང་། བཾ་ཧོཿཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ བྲ་རྐང་ངམ་ཤིང་ཚེ་ཟད་ཀྱི་མེས་བསྐོར་ཞིང་། རཾ་ཧོཿཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཕོ་རོག་དང་འུག་སྒྲོས་རླུང་གཡབ་ཅིང་། ཡཾ་ཧོཿཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཞེས་

p. 635

ལན་གསུམ་གསུམ་དང་། གོང་གི་རང་གྲིབ་སྦྱོང་བའི་སྔགས་བརྒྱ་རྩ་གཅིག་བཟླས་རྗེས། ཨེ་ཧོཿཤུདྡྷེ་ཤུདྡྷེ་སོགས་ཉེར་གཅིག་རེའི་མཇུག་ཏུ་ལིངྒ་བར་སྣང་ལ་གཡབ་ཅིང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ལུས་ཀྱི་དྲི་མས་མ་གོས། ངག་གི་དྲི་མས་མ་གོས། ཡིད་ཀྱི་དྲི་མས་མ་གོས། ལུས་ངག་ཡིད་གསུམ་གྱི་དྲི་མས་མ་གོས་སོ། །ཨེ་ཧོཿ སོགས་དང་དབུགས་ཐེངས་གཅིག་ལ་ཨ་ཉེར་གཅིག་བརྗོད་པས་ཐམས་ཅད་སྟོང་པར་བལྟའོ། །དེ་ནས་དགྲ་ལ་དམིགས་བྱའི་དྲི་མ་དྲུག་དང་། །བགེགས་ལ་གནས་རྟེན་ས་སྣ་གང་ཡིན་ལྕགས་སྣོད་དུ་རླངས་པ་ཐོན་ཙམ་མེ་ལ་བསྲོས་ནས་བྱུགས་ཤིང་གུ་གུལ་གྱིས་བདུག་ལ། བལྟབ་ཚུལ་མཚོན་ཆ་བལྟབ་བམ་གཤེད་བལྟབ་ནྲྀ་ཁར་འཇུག །རོ་བལྟབ་གསང་གནས་ཁར་འཇུག །འདྲེ་བལྟབ་ཏྲི་གཅོག་པ་སྟེ་གང་བྱེད་ཀྱང་ཕོ་མོའི་དབྱེ་བས་གཡས་གཡོན་ནས་བལྟབ་ཚུལ་མ་ལོག་པར་བྱས་ལ་ཉ་བོའི་སྙིང་གར་གན་རྐྱལ་དུ་གཞུག །ཚོན་སྐུད་སྔོ་དམར་དང་ཤི་སྐྲའི་བྱད་ཐག་ནྲྀ་མིག་ནས་དྲངས་པའམ་རྐེ་ལ་བཏགས་ཏེ་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་པ་ལ་འདོག་གོ །བྲུབ་ཁུང་

p. 636

ནི། ཕུང་ཤུལ་གཡུལ་འཐབ་རོ་བསྲེག་གྲོག་མཁར་དམར་པོ་འདྲེ་འདུལ་རེ་ལྕག་པའི་ས་རྣམས་དང་དུག་ཁྲག་བོང་གཅིན་རྣམས་སྦྱར་ཏེ་ཕྲིན་ལས་བཞི་རྫོགས་ཀྱི་ཚུལ་ལམ། ཡང་ན་གྲུ་གསུམ་རྒྱ་དཔངས་ཁྲུ་གང་བ། ཁ་ཁྱེར་སོར་བཞིའི་ཕྱེད་ཕྱིར་འཕྱངས་པའི་ཟུར་གསུམ་དུ་ཁྲོ་ཞལ། ལོགས་གསུམ་དུ་མདའ་གཞུས་མཚན་པ། ཁ་ཁྱེར་ལ་རྩང་དམར་སྲིན་མོ་འགྲོས་སུ་བཙུག་ཅིང་། རྨང་གི་བང་རིམ་ལ་མཚོན་ཆ་ལྔས་བསྐོར། རོ་གཡམ་གྲུ་གསུམ་རྒྱ་གྲམ་བྲིས་པས་ཁ་གཅོད་བྱའོ། །༈དེ་ནས་དངོས་གཞི་བཅས་གཤོམ་གྱི་རིམ་པ་ནི་གཞུང་གསལ་ལྟར་ལ། གཙོ་བོའི་གཏོར་ཆེན་ཁྲུ་གང་ལས་མི་ཆུང་བ་དང་། ཁྲོ་བོ་བཅུ་དེ་ལས་ལྔ་ཆས་དམན་པ། སྒོ་སྐྱོང་དམ་ཅན་རྣམས་དེ་ལས་ཀྱང་ལྔ་ཆས་དམན་པར་བྱ། མདའ་ཟོར་བཞི་ལས་རྩིབས་བརྒྱད་ཀྱི་ཕྱོགས་བཞིའི་ལྷོ་ལ། རྦད་ཐུཾ་རི་ལི་ལི། ཨོཾ་བཛྲ་ཀྲོདྷ་ཡ་མནྟ་ཀ་ཧཱུཾ། སྤུ་གྲིའི་སྔགས་ཟློག་ཤམ་ཅན་མཐར། རིལ་ཤག་སྲོག་ཁྱེར་རྒྱོ། ཏྲི་མྱག་ཀ་པ་ཡེ། ཞེས་བྲིས་ཏེ་དུག་གིས་བྱུགས་ཤིང་འུག་སྒྲོས་བརྒྱན་པ་གཤིན་རྗེར་བསྐྱེད། ནུབ་ཀྱི་མདར་ཤམ་སྡེབས་སོགས་གོང་བཞིན་ལས།

p. 637

ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཞེས་བྲིས་ཏེ་ཁྲག་གིས་བྱུགས་ཤིང་ཁྲ་སྒྲོས་བརྒྱན་པ་རྟ་མགྲིན་བསྐྱེད། བྱང་གི་མདར། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུཾ། ཞེས་གུ་གུལ་བྱུགས་ཤིང་སྲིན་བྱའི་སྒྲོས་བརྒྱན་པ་འཁྱིལ་བར་བསྐྱེད། ཤར་གྱི་མདར། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཞེས་ཚིལ་ཆེན་བྱུགས་ཤིང་བྱ་རོག་སྒྲོས་བརྒྱན་པ་རྣལ་རྒྱལ་དུ་བསྐྱེད་པ་དེ་རྣམས་འཇིམ་ལྕོག་ལ་བཙུག་ནས་འགོད། ཤར་ལྷོར་ཁྲག་ཟོར་གྱི་སྣོད་དང་ཉིན་ཐ་མ་འཕང་བའི་སྐབས་སུ་བླུག་སྣོད་ཀོང་བུ་བཞི། ལྷོ་ནུབ་ཏུ་རྡོ་ཟོར་བཞི། ནུབ་བྱང་དུ་ཡུངས་ཟོར་བཞི། བྱང་ཤར་དུ་ཀོང་བུར་རྫས་རྣམས་སྦྱར་བའི་གཏོར་མ་ནག་པོ་ཅན་གྱི་དུག་ཟོར་བཞི། ཟུར་བཞིར་རུ་དར་བཞི་གཏོར་ཟོར་བཞི་བཅས་བཀོད་ལ་མཐར་སྒབ་དཀྲིས་བྱ། མདུན་དུ་མཉྫིའི་ཁར་ཐོད་པ་མཚན་ལྡན་ནང་ཆང་དང་མངར་གསུམ་གྱིས་སྦྲུས་པའི་ཟན་ལས་བམ་རོ་ཙོག་པུར་འདུག་པ། རྐང་ལག་གཉིས་བསྣོལ་བའི་ལག་གཉིས་སུ་སྨན་རཀ་གི་ཐོད་ཆུང་དང་། སྤྱི་བོར་གཏོར་མ་ཟུར་གསུམ། རུས་ཕྲེང་རྒྱན་ཆས་ལྡན་པའི་མདུན་དུ་ཚིལ་ཞུན་གྱི་ཏིང་ལོ་བཞག་པ་བཅས་འགོད། ཕྱོགས་གང་

p. 638

བདེར་ཐོད་པའི་ཁྲག་མཆོད་རྐང་གཟར་དང་བཅས་པ། བྲུབ་ཁུང་དུ་ཟན་ལིང་། དབྱེ་འབེབས་བྱད་སྨྱོའི་རྫས་དང་བསྒྲལ་ཆས། བྱུག་བདུག་བྲབ་གསུམ་གྱི་རྫས། གསེར་སྐྱེམས། གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་དང་། སློབ་དཔོན་མདུན་སྲས་ཕུར་དང་གདབ་ཕུར་རིགས་བསྡུས་པ་བཅས་འབྲུ་ནག་ཏུ་བཙུག་པ། གཡབ་དར་སོགས་མདུན་ཆས། གཞན་ཡང་རྔ་སིལ་སོགས་རོལ་མོའི་བྱེ་བྲག །ཞྭ་ནག་ཕོད་ཀ་སོགས་དྲག་པོའི་རྒྱན་ཆས་ཏེ། མདོར་ན་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མཆོང་བརྒྱུད་བཞིན་མ་ཚང་བ་མེད་པར་འདུ་བྱའོ། །སྨད་ལས་རྗེས་འབྲེལ་ཚེ་འགུགས་བསྐུལ་ཞིང་དབང་བླང་བའི་སྐབས་ཆོས་དབང་སྤུ་གྲི་སོགས་སུ་དངོས་གྲུབ་རྫས་བམ་ཁོ་ནར་བརྟེན་པ་ལས་ཆ་རྫས་ལོགས་སུ་བཤམ་པར་མི་མཛད་ཀྱང་། ཚེ་སྒྲུབ་ཡིན་ཕྱིར་ཚེ་རྟེན་དུ་བྱ་བ་དོན་ལ་གནས་པས་ན་ལས་དཀྱིལ་གྱི་ལྷོ་སོགས་ཕྱོགས་གང་བདེར་གཞུང་གསལ་ཚེ་རྟེན་བཅའ་བ་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་བར་སེམས་ལ། འོན་ཀྱང་ཚེ་སྒྲུབ་དམིགས་བསལ་མིན་པའི་སྐབས་འདིར་མ་གྲུབ་རུང་ཆད་པའི་སྐྱོན་མེད་ཅིང་།

p. 639

དེ་ལྟ་ན་བརྟན་གཡོའི་ཚེ་བཅུད་བསྡུ་བསྟིམ་གྱི་སྐབས་སུ་བུམ་པའི་དོད་པོར་མདུན་གྱི་བམ་ལ་དམིགས་པས་ཁྱབ་པར་བྱས་པས་དགོས་པ་འགྲུབ་པ་ཡིན་ནོ། །ཞེས་པའང་ལག་ལེན་འཇུག་པ་བདེ་བའི་ཆ་རྐྱེན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། །ཛ་ཡནྟུ།། །།

རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་མངོན་སྤྱོད་སྲེག་པ་ཧོམ་གྱི་ལས་རིམ་གདུག་པ་ཀུན་སྲེག

p. 640
p. 641

༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་མངོན་སྤྱོད་སྲེག་པ་ཧོམ་གྱི་ལས་རིམ་གདུག་པ་ཀུན་སྲེག་ཅེས་བྱ་བ་བཞུགས་སོ། །

p. 642

ཤྲཱི་བི་ཛ་ཡནྟུ། ཡེ་ཤེས་རྡོ་རྗེ་ཁྲོས་པའི་མེ་དཔུང་གིས། །གདུག་ཅན་ཉམས་པའི་རྩ་སྦུར་སྲེག་མཛད་པ། །བླ་མ་ཧེ་རུ་ཀ་དཔལ་ལ་བཏུད་ནས། །དྲག་པོའི་ཧོམ་གྱིས་ལས་རིམ་འདིར་གསལ་བྱ། །[དེ་ཡང་མངོན་སྤྱོད་དྲག་པོའི་གཟེར་ཁ་བསད་པའི་མཐའ་སྡུད་སྲེག་པ་ཧོམ་གྱི་ལས་རིམ་ལ་འཇུག་པར་འདོད་པས། དྲག་པོའི་ལས་ལ་བསྔགས་པའི་གནས་སུ་ཤིན་ཏུ་རྩུབ་པའི་དུས་གནད་ངེས་པ་ཅན་གྱི་སྐབས། གདུག་པའི་ས་སྣ་གསུམ་གྱི་ཐབ་སྟེགས་རོ་སོལ་གྱིས་ནག་པོར་བྱུགས་ཤིང་དུག་ཁྲག་གིས་ཆག་ཆག་བཏབ་པར་ཐལ་ཚོན་གྱིས་ཐབ་ཁུང་གྲུ་གསུམ་ཁ་ཁྱེར་སུམ་རིམ་གྱི་རྣམ་པ་རྒྱར་སོར་ཉི་

p. 643

ཤུ་པའི་ཕྱི་མར་མེ་རི་འབར་བ་དང་ལྟེ་བར་རཾ་གྱིས་མཚན་པ་བྲིས་པའི་ཕྱི་རོལ་མེ་ཏོག་ནག་པོ་གཅལ་དུ་བཀྲམ། དེར་དུག་ཤིང་ཚེར་མ་ཅན་གྱི་བུད་ཤིང་དུག་ཁྲག་གིས་སྦགས་པས་ཧོམ་གྲུ་གསུམ་འཚམས་པར་བརྩིགས་པའི་ནང་དུ་མེ་ཚང་བཅའ་ཞིང་ཐབ་ཀྱི་ཟུར་གསུམ་དུ་རྩང་གསུམ་མཆེ་བའི་ཚུལ་དུ་བསླང་། སློབ་དཔོན་གྱི་གཡས་ངོས་སུ་མེ་སྲོག་འཛིན་པའི་རྫས་བུད་ཤིང་གི་རྒྱུ་ལས་ཡམ་ཤིང་ཟུར་གསུམ་སོར་བཅུ་གཉིས་པ་མར་ནག་དང་ཚིལ་ཞུན་གྱིས་སྤགས་པ། རྩ་བའི་རྫས་དུག་ཤོག་ལ་དགྲ་བགེགས་ཀྱི་རཱུ་པ་མིང་རུས་བླ་དྭགས་གནས་ཡིག་དང་བཅས་པ་གྲངས་ལྡན། དྲག་པོའི་རྫས་ཤ་སྣ་བག་ཕྱེ་དང་བསྲེས་པའི་རིལ་བུ་མིང་རུས་ཅན། གནད་དབབ་ཀྱི་རྫས་སྦལ་སྦྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་

p. 644

སྣ་དང་བསྲེས་པའི་རིལ་བུ། གསོད་པའི་རྫས་ལྕགས་ཟངས་རྦབ་རྡོའི་ཕྱེ་མ་དང་ཚེ་གསུམ། མྱོས་པའི་རྫས་མར་ནག་རྨེ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་བའི་རྫས་ཏིལ་དང་ཡུངས་དཀར་ཚ་བ་གསུམ་ཏེ། དེ་ལྟར་རྫས་བདུན་པོ་རྣམས་ལྕགས་སམ་བསེ་ཕོར་ཐོད་པ་ལ་སོགས་པའི་སྣོད་དུ་གྲལ་རིམ་གྱིས་འགོད། རྩ་བའི་རྫས་ཤོག་ལིང་ཅིས་ཀྱང་མ་འབྱོར་ན་རཱུ་པ་འབྲུ་ནག་གི་ཟན་ལ་བཟོས་པས་ཀྱང་རུང་། གཡོན་ངོས་སུ་ལྕགས་ཕྱེ་དུག་སྣ་རྡོ་ཕྱེར་ཁྱིའི་ཁྲག་ཤ་ཆེན་སྲན་ཆེན་རྣམས་མར་ནག་ལ་བསྲེས་པའི་གཏོར་མ་གྲུ་གསུམ་ཐེབ་ཀྱུ་གསུམ་ལྡན་དང་། མེ་ལྷའི་གཏོར་མ་ཟུར་གསུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཁྲག་གི་མཆོད་ཡོན་སོགས་དྲག་མཆོད་ཕྲེང་ཚར་ཆ་གཉིས་བཅས་འདས་མ་འདས་ཉིས་རིམ་དུ་བཤམ། སྣོད་དང་རྫས་ཐམས་ཅད་དབྱིངས་གྲུ་གསུམ་ཁ་དོག་ནག་པོ་འབའ་ཞིག་པ་བྱ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ། འབྲུ་ནག་གི་མེ་ཏོག་བཅས་འགོད། གཞན་ཡང་གདབ་ཁའི་ཆས། ཚིལ་ཞུན་དང་མར་ནག་བསྲེས་པའི་མར་ཁུ། ཐུན་རྫས། རླུང་གཡབ། གོས་ཟུང་། སོ་རྩི་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚང་བར་འདུ་བྱས་ལ། སློབ་དཔོན་བདག་གི་རྣལ་འབྱོར་ལ་གནས་པས་རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་བྱང་སེམས་ཀྱིས་དྲངས་པའི་ཞིང་

p. 645

བཅུ་སྒྲོལ་བའི་ཞེ་སྡང་གི་དཔའ་ངར་ལྡན་པས་དྲག་པོའི་ཆས་གོས་ཀྱིས་བརྒྱན་ཏེ་མགར་བའི་འདུག་སྟངས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད་ལ། མཆོད་རྫས་རྣམས་བསང་ཆུ་དང་ལས་སྔགས་ཀྱིས་བསང་།] སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་གསང་ཆེན་རོལ་པའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཁྲག་གི་མཆོད་ཡོན། ཆུ་སེར་གྱི་ཞབས་བསིལ། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་དུད་སྤྲིན། ཞུན་ཆེན་གྱི་སྒྲོན་མེ། མཁྲིས་པའི་དྲི་ཆབ། མཱཾ་སའི་ཞལ་ཟས། ཐོད་རྔའི་རོལ་མོ་སོགས་རང་བྱུང་དུར་ཁྲོད་ཀྱི་དམ་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོའི་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ནམ་མཁའི་མཐའ་ཀླས་པར་གང་བར་[བསམ་ལ།] ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ༔ [སོགས་ནས།] ཤཔྡ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུཾ༔ [ཞེས་དང་།] ཨོཾ་ཨཱ༔ ཧཱུྃ་མཧཱ་སརྦ་པཉྩ་ཨཱ་མྲྀ་ཏ་མཧཱ་རཀྟ་མཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ། བསྲེག་རྫས་རྣམས་བསང་སྦྱང་།] སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དམར་གྱི་དུང་ཆེན་སྟོང་

p. 646

གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་བསྲེག་རྫས་རྣམས་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ནམ་མཁའི་ཁམས་གང་བར་[བསམ་ཞིང་། རྩ་སྔགས་དང་།] ནྲྀ་ཏྲི་ཨ་མུ་ཀཱ་མཱ་ར་ཡ་ཛ་ཛཿ[ཞེས་ལན་གསུམ་གྱིས་བརླབ་བོ། །དེ་ནས་གདོལ་བཤན་རྨེ་ཡུག་ལ་སོགས་པའི་ལག་ནས་བྱུང་བའི་མེ་ཐོགས་ལ།] ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཛཿ[ཆེ་གེ་མོ་]མཱ་ར་ཡ་ཛྭ་ལ་རཾ། [ཞེས་རླུང་གཡབ་དང་བཅས་ཏེ་སྦར།] ཨོཾ་ཨགྣ་ཡེ་[ཆེ་གེ་མོ་]ཛྭ་ལ་རཾ། [ཞེས་བླུགས་གཟར་གྱིས་མར་ནག་ཁུ་བས་མེ་གསོ། ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པའི་དོན་དུ། མེ་ཐབ་བསང་སྦྱང་།] སྟོང་བའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་མཐིང་ནག་གྲུ་གསུམ་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། ར་སྐྱེས་ཁམ་ནག་ཞིང་གི་ཐོད་པའི་སྒ་དང་མིའི་ལྤགས་པས་གཡོགས་ཤིང་། སྦྲུལ་ནག་གི་གོང་སྨེད་བྱས་པའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་ལས། ཟ་བྱེད་མེ་ལྷ་མཐིང་ནག་ཁྲོ་གཏུམ་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞིའི་དང་པོས་ཧོམ་གཟར་དང་མེ་ཕུང་།

p. 647

འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་དབྱུག་གུ་བསྣམས་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཤར་ལྷོའི་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ཞིང་། སྐྱབས་སྦྱིན་རྒྱས་མཐེ་བོང་རྣ་བའི་དྲུང་དུ་གཡབ་ལ།] ཨོཾ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ༔ དགྲ་བགེགས་གདུག་པ་ཚར་གཅོད་ཕྱིར༔ དྲང་སྲོང་ཆེན་པོ་ད་ཚུར་གཤེགས༔ ཆིབས་སུར་སྐྱེས་ཁམ་པ་ཆིབས༔ ཕྱག་ན་མེ་ཡི་འཁོར་ལོ་བསྣམས༔ ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་ས་མཱ་ཛཿ[ཞེས་སྤྱན་དྲངས། ཁྲག་གི་མཆོད་ཡོན་དང་ཆུ་སེར་གྱི་ཞབས་བསིལ་སྦྲེང་ལ།] ཨོཾ་ཨགྣེ་དེ་བ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ༔ [དེ་བཞིན་དུ།] བཛྲ་པཱ་དྱཾ་[སྦྱར་བས་ཕུལ། བཞུགས་སུ་གསོལ་བ་ནི།] འབར་བའི་རྒྱལ་པོ་ཆེན་པོ་ཁྱོད༔ འདོད་པའི་བསམ་པ་བསྒྲུབ་བྱའི་ཕྱིར༔ བདག་གི་གནས་མཆོག་དམ་པ་འདིར༔ འབར་བའི་གདན་ལ་བཞུགས་སུ་

p. 648

གསོལ༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ [ཕྱག་འཚལ་བ་ནི།] ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ བདུད་དང་དགྲ་བགེགས་བརླག་མཛད་ཅིང་༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿཔྲ་ཏཱི་ཙྪ་ཧོཿ[མཆོད་པ་ནི།] ཧཱུཾཿསྟོང་གསུམ་ཞིང་ཀུན་ཡོངས་གང་བའི༔ རྨད་བྱུང་འདོད་པའི་ཉེར་སྤྱོད་ལྔ༔ ཤ་ཁྲག་དབང་པོ་ཚིལ་རུས་དང་༔ གཉིས་མེད་མཉམ་སྦྱོར་ཨ་མྲྀ་ཏ༔ བ་ལིང་གཏོར་མ་རཀྟ་སོགས༔ ཟ་བྱེད་མེ་ལྷའི་ཚོགས་ལ་འབུལ༔ དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨགྣེ་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པྲ་ཏཱི་ཙྪ་སྭཱ་ཧཱ༔ [དེ་བཞིན་དུ་]ཁཤཔྡའི་བར་དང་། པཉྩ་ཀཱ་མ་གུ་ཎ། སརྦ་པཉྩ་ཨ་མྲྀ་ཏ། མཧཱ་རཀྟ། མ་ཧཱ་བ་ལིང་ཏ། [སོ་སོ་ལ་གོང་གི་སྔགས་དང་། མཇུག་ཏུ་]པཱུ་ཛ་ཁཱ་ཧི་[སྦྱར་བས་འབུལ། དེ་ནས་རྫས་རྣམས་ལས་ཐོག་མར་དགང་བླུགས་འབུལ་བ་ལ།] མེ་ལྷ་ཁྲོས་པའི་ཞལ་རབ་ཏུ་གདངས་པའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་དགང་བླུགས་ཀྱི་རྩེར་ཧཱུྃ་ཡིག་མཐིང་ནག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་རྫས་ཀྱི་བདུད་རྩིའི་རྒྱུན་

p. 649

དྲངས་ཏེ་གསོལ་བར་[བསམ་ཞིང་། ལག་གཉིས་ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས།] ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ [ཞེས་གཡོན་པའི་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་བའི་དགང་བླུགས་ཁ་སྦྱར་པུས་མོའི་ཕྱི་ལས་ནང་དུ་མི་འདའ་བས་གཡོན་དུ་བསྐོར་ཞིང་།] ཨོཾ་ཨགྣ་ཡེ་དྰི་བྱ་དྰི་བྱ་བི་ཤུདྡྷེ་མཧཱ་ཤྲཱི་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་[ཆེ་གེ་མོ་]ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛད་དུ་གསོལ། སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ [ཅེས་ལན་གསུམ་དུ་འབུལ། ཡམ་ཤིང་ལ།] ཨོཾ་རཱུ་དྲ་བྲྀཀྵ་ཡ་སྭཱ་ཧཱ༔ [ཞེས་དང་། མར་ཁུ་ལ།] ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ [ཞེས་སོ་སོ་སྤེལ་ཚིག་གོང་ལྟར་ལས།] ཐམས་ཅད་མཱ་ར་ཡ་རྦད། [ཅེས་བསྒྱུར་ཏེ་འབུལ། རྫས་གཞན་རྣམས་ལ།] ཧཱུྃ༔ དམར་ནག་མེ་ཡི་ཀློང་དཀྱིལ་ནས། །ཟ་བྱེད་མེ་ལྷ་འཁོར་བཅས་ལ། །དགྲ་བགེགས་ཕུང་ཁམས་བླ་ཚེ་སྲོག །འདོད་རྒུར་འཆར་བའི་མཆོད་པ་འབུལ། །དྲག་པོའི་གནད་

p. 650

འབེབས་གསོད་པའི་དུག །མྱོས་བྱེད་ཚ་བའི་རྫས་རྒོད་འདིས། །དམིགས་བྱ་དགྲ་བགེགས་བརླག་པར་མཛོད། །ཨོཾ་ཨགྣ་ཡེ་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ [ཅེས་རྩ་བའི་རྫས་ནས་ཚ་རྫས་ཀྱི་བར་ལན་བདུན་སོགས་ཇི་ལྟར་རིག་པ་ཕུལ་བའི་མཐར། བསྟོད་པ་ནི།] ཧྰུྃཿམེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བདུད་བཞི་འཇོམས་མཛད་ཕྱག་བཞི་པ༔ ལས་ཀུན་སྒྲུབ་མཛད་འོད་པོ་ཆེ༔ སྔོན་ཚེ་དུས་ན་ལྷ་ཡི་མཆེད༔ ད་ལྟ་རྣལ་འབྱོར་སྒྲུབ་པའི་མཆེད༔ གདུག་པ་ཀུན་སྒྲོལ་ཁྱོད་ལ་བསྟོད༔ [ཅེས་བསྟོད།] ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། ལོག་འདྲེན་འབྱུང་པོ། དམ་སྲི་སྒབ་འདྲེ། རྒྱ་འདྲེ་འགོང་པོ། མཐའ་བཞིའི་དམག་དཔུང་། བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། ཁྱད་པར་རྣལ་འབྱོར་བ་བདག་ཅག་འཁོར་དང་བཅས་

p. 651

པ་ལ་གནོད་ཅིང་བར་དུ་གཅོད་པར་བྱེད་པ་བསྒྲལ་བའི་ཞིང་དུ་གྱུར་པའི་དགྲ་བགེགས་[ཆེ་གེ་མོ་]གཟུགས་ལིངྒ་ལ་བྲིས་ཤིང་མིང་བྱང་དམར་གྱི་དཀྱུས་སུ་བཀོད་པ་འདི་ཉིད་ལོ་དང་ཟླ་བར་མ་བཞག་ཞག་དང་ཟ་མར་མ་འགྱངས་པར་མྱུར་བ་ཉིད་དུ་སོད་ལ་མིང་ཙམ་བརྡ་ཙམ་ཡང་མ་ལུས་པར་ཐལ་བའི་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ [ཅེས་འདོད་དོན་གསོལ།] ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་གཙྪ་མུཿས། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་དཔང་པོར་མཛད་པར་[བསམ་མོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཁ་གསོས་ལ་བསང་སྦྱང་།] ཧཱུྃ༔ དམ་ཚིག་མེ་ལྷའི་ལྟོ་བའི་དབྱིངས། །རང་བྱུང་ལྷུན་གྲུབ་གཞལ་ཡང་ཁང་། །གྲུ་བཞི་སྒོ་བཞི་སྒོ་ཁྱུད་ཅན། །[སོགས་ནས།] མ་ཆགས་པདྨ་འབར་བའི་གདན་དུ་གསལ། །ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ། །བཅོམ་ལྡན་ཁྲག་འཐུང་དཔལ་ཆེན་པོ། །རྡོ་རྗེ་གཞོན་ནུ་མཐིང་ནག་འབར། །[སོགས་ནས།] བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །ཕྱི་རོལ་ཕྱོགས་སྐྱོང་ཉི་ཟླའི་སྟེང། །ཁྲོ་བོ་ཆེན་པོ་ཧཱུཾ་ཀར་སྔོ། །[སོགས་བསྐྱེད་སྔགས་

p. 652

རྣམས་དོར་ནས།] ཟ་བྱེད་གསོད་བྱེད་གཏུམ་རྔམས་ཚོགས་བཅས་གསལ། །[བར་དང་།] མདུན་དང་གཡས་གཡོན་ཟླ་གམ་སྟེང་། །སྲས་མཆོག་ཁྲོ་བོ་ཉེར་གཅིག་ནི། །སྐུ་སྟོད་ཁྲོ་བོ་འཇིགས་པའི་གཟུགས། །[སོགས་ནས།] འབར་བའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕོ་བྲང་ཆེན་པོའི་སྒོ་བཞི་རུ། །ཚད་མེད་བཞི་དངོས་སྒོ་མ་བཞི། །[སོགས་ནས།] སྒོ་སྐྱོང་རྡོ་རྗེའི་དམ་ཚིག་མ། །དཀྱིལ་འཁོར་བར་ཁྱམས་ཕྱོགས་མཚམས་སུ། །[སོགས་ནས།] མུ་རན་ཁོར་ཡུག་གང་བར་གྱུར། །[ཅེས་པའི་བར་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་གསལ་གདབ།] ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །[ཞེས་སོགས་དགོངས་གསོལ་དང་སྤྱན་འདྲེན་ནས་བརྩམ་དབང་ཞུ་བ་དང་ཕྱི་མཆོད་དོར་བ་ཙམ་ལས་གཞན་བསྟོད་པ་གྲུབ་ཀྱི་བར་ལས་བྱང་བཞིན་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ནི།] ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པའི་ལྗགས་རྡོ་རྗེ་[ཞེས་པ་ནས་གཡོན་དུ་བསྐོར་བའི་བར་གཞན་སྔར་བཞིན་ལས། ཁྱད་པར་རྩ་སྔགས་ཀྱིས་དགང་ཞིང་]ཨགྣ་ཡེ་དྰི་བྱ་[སོགས་ཀྱི་སྤེལ་ཚིག་བཅས་འབུལ། དེ་ནས་དྲག་བསྐུལ་

p. 653

གསེར་སྐྱེམས་ནས་བརྩམ་གཏུམ་བརྡུང་གི་བར་སྨད་ལས་བཞིན་བསྒྲལ་ལས་རྫོགས་པར་བཏང་ལ་ལིངྒ་རྣམས་དུམ་བུར་གཏུབ། སླར་ཡང་ཐུགས་དམ་བསྐུལ་བ་སྔོན་དུ་འགྲོ་བས།] ཛཿསྲིད་པའི་བཙོན་ཁང་དྲག་པོའི་ཨེ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་༔ གདུག་པའི་ཡམ་ཤིང་མར་ནག་ཚིལ༔ དམིགས་པའི་གཟུགས་རྟེན་དྲག་པོའི་རྫས༔ གནད་འབེབས་མྱོས་བྱེད་གསོད་པའི་མཚོན༔ ཚ་བའི་ནད་སྐྱེད་རྫས་རྒོད་རྣམས༔ བསྲེག་པས་དགྲ་བསྲེགས་གདུག་པའི་ཚོགས༔ ལུས་ངག་རྡུལ་དུ་བསྲེག་ནས་ཀྱང་༔ རྗེས་ཤུལ་ལྷག་མ་མེད་པར་མཛོད༔ [ཅེས་དང་། སྙིང་པོའི་ཤམ་དུ།] སརྦ་ཤ་ཏྲུཾ་བིགྷྣཱན་རཱུ་པ་ཙིཏྟ་ཨགྣེ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི༔ [ཞེས་བཏགས་པས་མེ་སྲོག་འཛིན་པ་ནས་ཚ་བའི་རྫས་ཀྱི་བར་བརྒྱ་རྩ་སོགས་འབུལ་ཞིང་། རྫས་རེ་རེའི་མཇུག་ཏུ་དགང་བླུགས་སྐབས་ལྟར་སྤེལ་ཚིག་སྦྱར། དེ་ལྟར་རྫས་རྣམས་རྫོགས་ནས་དམིགས་བསལ་བགེགས་མི་བསྲུན་པ་སོགས་ལ་ལྕགས་སླང་དུ་མར་ནག་བསྐོལ་བའི་མེ་ལྕེ་སླེབ་པའི་སར་དམིགས་བྱའི་ལིངྒ་བཀྲམ་ལ་དྲག་བསྐུལ་གསེར་སྐྱེམས་འགུགས་འདྲེན་རྣམས་བྱས་ནས་བཞེས་སྒྲ་དྲག་པོ་དང་བཅས་ཛ་གད་རྫས་ལྡན་གྱིས་མེ་སྤར་ཏེ་ཧོམ་མཆོད་བྱ་བ་ཡིན་ནོ། །གང་ལྟར་ཡང་མཐར་ཡུངས་ཀར་ཐབ་ཏུ་འཐོར་ཞིང་།

p. 654

ན་མོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད། ཁྲག་འཐུང་ཁྲོ་བོ་ཐམས་ཅད་ཀྱི་སྤྱི་དཔལ། བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་སྒྲོལ་བའི་དཔའ་བོ། དཔལ་ཆེན་རྡོ་རྗེ་གཞོན་ནུ་སྤྲུལ་འཁོར་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། སངས་རྒྱས་ཀྱི་བསྟན་པ་དང་སོགས་[གོང་བཞིན་འདོད་དོན་གསོལ། སླར་ཡང་དགང་བླུགས་སྔར་ལྟར་ཕུལ་མཐར།] ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ། [ཞེས་སོ་རྩི་དང་།] ཨོཾ་བཛྲ་ཝ་སྟྲ་ཡེ་སྭཱ་ཧཱ། [ཞེས་གོས་ཟུང་ཕུལ། སྔགས་ཙམ་གྱིས་མཆོད་ཅིང་ཤླཽ་ཀ་གཅིག་གིས་བསྟོད།] མ་རྙེད་ཡོངས་སུ་མ་ཚང་དང་། །[སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས།] ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། [ཅེས་སོགས་དང་།] བཛྲ་མུཿ[ས་ཡེ་ཤེས་པ་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། དེ་ནས་མེ་ལྷའི་གཏང་རག་གི་དོན་དུ་བུད་ཤིང་བསྣན་ལ་བསང་ཆུས་བྲན་ཏེ།] སླར་ཡང་འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛཿ་ས། དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་[བསམ་ལ། སྔར་བཞིན་དགང་བླུགས་དང་བསྲེག་རྫས་ལྷག་མ་རྣམས་

p. 655

སྤེལ་ཚིག་མེད་པའི་སྔགས་ཀྱིས་འབུལ་ཞིང་། སོ་རྩི་དང་གོས་ཟུང་ཀྱང་ཕུལ་མཐར་ཉེར་སྤྱོད་ཀྱིས་མཆོད།] མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །[ཅེས་བསྟོད།] ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་མཧཱ་བ་ལིཾཏ་པཱུ་ཛ་ཁཱ་ཧི། [ཞེས་ལན་གསུམ་གྱིས། གཏོར་མ་ཕུལ་ལ།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །[སོགས་ཀྱིས་ནོངས་པ་བཤགས་ནས།] བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །[ཞེས་སྙན་མནན་ཏེ།] བཛྲ་མུཿས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་འབར་བའི་རྣམ་པར་གྱུར་[བར་བསམ་ལ། མེ་ལོངས་སྐབས་ཡོད་ཀྱང་མི་བཞག་པར་དུག་ཁྲག་གི་ཆུས་བསད་པའི་ཐལ་བ་ཟློག་པའི་ཐལ་རྡེབ་དང་འབྲེལ་བར་དགྲ་ཕྱོགས་སུ་རླུང་ལ་བསྐུར་བའམ། སྣོད་ངན་དུ་བླུགས་ལ་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་མནན། ལས་གསོར་མི་རུང་བའི་གཟིར་མནན་བྲོ་ཡིས་རྒྱས་གདབ་པའི་སླད་དུ། དྲག་པོའི་ཕུར་བུ་འདྲིལ། མཆེད་རྣམས་ལག་གཡོན་སྟེང་དང་གཡས་འོག་ཏུ་བྱས་པའི་མཐེའུ་

p. 656

ཆུང་རྣམས་ལུ་གུ་རྒྱུད་དུ་སྤྲེལ་ནས་བྲོ་ར་གྲུ་གསུམ་དུ་བསྐོར་བའམ་དེར་མོས་ལ།] ཧཱུྃ༔ ལྕགས་སམ་དྲག་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ༔ ངོས་ལ་དྲག་པོའི་ལྷ་བཀོད་དེ༔ བཏབ་པས་དགྲ་བགེགས་བརླག་པར་འགྱུར༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཧཱ་ལས་རྡོ་རྗེ་འཁོར་དང་བཅས༔ ཕྲག་དོག་གྱུར་པའི་སེམས་ཅན་རྣམས༔ བརླག་པར་གྱུར་ལ་དབྱིངས་སུ་རོལ༔ [ཧཱུཾ་བཞི་པའི་སྔགས་དང་།] བརླག་མཛད་ལྷ་ལ་ཕྱག་འཚལ་ལོ༔ སྡང་བའི་དགྲ་ཡང་རྡུལ་དུ་རློག༔ གནོད་པའི་བགེགས་ཀྱང་རྡུལ་དུ་རློག༔ བར་གཅོད་དམ་སྲི་རྡུལ་དུ་རློག༔ འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློག༔ ཧཱ་ཀརྨ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ༔ [ཅེས་བྲོ་བརྡུང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེ་སྡང་རྡོ་རྗེ་ཁྲོས་པའི་མེ་དབལ་གྱི། །ལོག་འདྲེན་དཔུང་དང་བཅས་པའི་སྙིང་བསྲེག་སྟེ། །མ་དག་འཁྲུལ་རྟོག་རྡུལ་བྲལ་ཞི་བའི་དབྱིངས། །འོད་གསལ་བདེ་ཆེན་སྙིང་པོར་ཕྱམ་གདལ་ཤོག །དེ་ལྟར་རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་མངོན་སྤྱོད་སྲེག་པ་ཧོམ་གྱི་ལས་རིམ་གདུག་པ་ཀུན་སྲེག་ཅེས་བྱ་བ་འདིའང་། རྣམ་འདྲེན་གསུང་སྤྲུལ་བཅུ་པའི་དགོངས་པ་རྗེས་སུ་སྒྲུབ་པའི་སླད་དུ། རྩ་བའི་གཞུང་གི་དགོངས་པ་

p. 657

བཞིན་གཏེར་ཁ་རིགས་མཐུན་གྱི་ཁ་སྐོང་བཀླག་ཆོག་ཏུ་བསྡེབས་ཏེ། དུས་མཐའི་སྔགས་འཆང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྣམ་འཕྱང་རྒྱལ་ཟླའི་དམར་ཕྱོགས་དགྲ་བོ་འཆི་བའི་སྦྱོར་བ་དང་ལྡན་པའི་དུས་སུ་མྱུར་བར་སྦྱར་བའི་ཡི་གེ་པ་ནི་མོན་གྱི་སྔགས་བན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་གདུག་ཅན་ཉམས་པའི་དཔུང་རྣམས་གཞོབ་ཏུ་བསྲེག་པའི་རྒྱུར་གྱུར་ཅིག། །།ཛ་ཡནྟུ། །།

རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་དྲག་པོའི་ལས་ཀྱི་མཐའ་སྡུད་མནན་པའི་མན་ངག་རྡོ་རྗེའི་རི་དབང་།

p. 658
p. 659

༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་དྲག་པོའི་ལས་ཀྱི་མཐའ་སྡུད་མནན་པའི་མན་ངག་རྡོ་རྗེའི་རི་དབང་ཞེས་བྱ་བ་བཞུགས་སོ། །

p. 660

ཤྲཱི་བི་ཛ་ཡནྟུ། རྒྱལ་ཀུན་མཐུ་སྟོབས་ཕྲིན་ལས་འདུས་པའི་དཔལ། །བདུད་འདུལ་ལྷག་པའི་ལྷ་མཆོག་དེར་བཏུད་ནས། །མངོན་སྤྱོད་ལས་ཀྱི་མཐའ་སྡུད་མནན་པའི་གཟེར། །འཁྲུལ་མེད་གནད་ཀྱི་མན་ངག་འདིར་གསལ་བྱ། །[དེ་ཡང་བསྙེན་སྒྲུབ་ཐེམ་ཞིང་དམ་ཚིག་དང་ལྡན་པའི་སྔགས་པས་སྲུང་བའི་མཐའ་སྡུད་དགྲ་བགེགས་གདུག་པ་ཅན་མནན་པའི་ལས་རིམ་ལ་འཇུག་པར་འདོད་པས། སྦྱོར་བ་ཤིན་ཏུ་རྩུབ་པའི་དུས་གནད་ངེས་པ་ཅན་གྱི་སྐབས་སུ་བབས་པ་ན། དུར་ཁྲོད་སོགས་དྲག་པོའི་ལས་ལ་ཤིས་པའི་གནས་སུ་གདུག་པའི་ས་སྣ་གསུམ་ལས་སྟེགས་བུ་མདའ་གང་གྲུ་བཞིར་བརྩིགས་པའི་དབུས་སུ།

p. 661

བྲུབ་ཁུང་གྲུ་གསུམ་ཁ་ཁྱེར་གསུམ་ལྡན་དུག་ཁྲག་དང་རོ་སོལ་གྱིས་བྱུགས་པའི་ནང་དུ། དམིགས་བྱའི་ལིངྒ་མན་ངག་བཞིན་བྲིས་ཏེ་དྲི་བྲལ་དུ་བྱས་པ་བཅུག་པའི་མཐའ་མར་རྩང་དམར་སྲིན་མོ་འགྲོས་སུ་བཙུགས་པས་བསྐོར། དེ་སྟེང་གཏོར་ཆེན་དྲག་རྒྱན་རྔམས་བརྗིད་ཅན་འཕང་བའི་སྐབས་ལྟར་འདུ་བྱས་པ་བཀོད་ལ་དྲག་པོའི་མཆོད་པས་བསྐོར། དྲག་ཤིང་གི་ཨེ་ཁྲོམ་ལ་བརྟེན་པའི་ཕུང་རེ་སོགས་ཀྱི་གུར་ཕུབ་ལ་ཉི་ཟླའི་ཟེར་དང་མར་མེའི་མདངས་མི་ཕོག་ཅིང་བདུད་རྩིའི་ཟེག་མ་མི་འཐོར་བར་བྱ། ཕུགས་ལོགས་སུ་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་བླ་མ་ཡི་དམ་སྲུང་མ་སྤྱི་སྒོས་ཀྱི་གཏོར་མ་སྨན་རཀ་ཕྱི་ནང་གི་ཉེར་སྤྱོད་རྣམས་བཤམ། གཞན་ཡང་དབྱེ་རྫས། ཐུན་རྫས། མནན་

p. 662

ཐོད། ཕུང་རེ། བྱད་ཐག །རོ་གཡམ་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ། དངོས་གཞི་ལས་བྱང་གི་བརྒྱུད་འདེབས་ནས་བརྩམ་འཛབ་བཟླས་ཀྱི་བར་བདག་མདུན་གཉིས་ཀ་གྱེར་ཚིག་གིས་མཉམ་དུ་བསྒྲུབ་ལ་ཁྱད་པར་བཟླས་པའི་སྐབས་སུ་ལས་སྔགས་སྤུ་གྲི་དྲག་ཏུ་བཟླ། དེ་ནས་ཐོག་མར་འགུགས་པའི་ལས་ལ། སྨད་ལས་བཞིན་ཐུགས་དམ་བསྐུལ་བ། གསེར་སྐྱེམས། གཟུ་དཔང་། བྲུབ་ཁུང་དམིགས་བྱ་བསྐྱེད་པ་རྣམས་སྔོན་དུ་འགྲོ་བས། བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་གཏུམ་དྲག་འཇིགས་པའི་ཉམས་ཅན་བསམ་གྱིས་མི་ཁྱབ་པ་བུ་ཡུག་འཚུབས་པ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་དམ་ཉམས་པའི་གནོད་བྱེད་འཁོར་བཅས་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མྱོས་པར་བྱས་ཏེ་རང་དབང་མེད་པར་ལས་ཀྱི་རླུང་དམར་གྱི་རྟ་ལ་བསྐྱོན་ཏེ་བྲུབ་ཁུང་གི་ལིངྒ་ལ་ཐིམ་པར་[བསམ་ཞིང་། འགུགས་གཞུག་དྲག་པོ་ལན་ཅི་མང་དང་ཕོ་ཉ་བསྐུལ་ནས།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛཿཧཱུྃ་བཾ་ཧོཿདགྲ་བགེགས་ཀྱི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔

p. 663

ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ[ཞེས་བླ་འགུགས་ཀྱི་སྔགས་སྟོང་ངམ་བརྒྱ་རྩ་ལས་མི་ཉུང་བས་བཀུག་ལ་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བྱ། ཐུན་མཚམས་སུ་ཐུན་གཏོར་ལ་རཀྟ་བྲན་ཅིང་འགུགས་བསྟིམས་བདུད་རྩིར་སྤེལ་བ་རྩ་སྔགས་ལ་གཏོར་སྔགས་བཏགས་པས་ཕུལ་ནས།] ཧཱུྃ། བདུད་འདུལ་འཇིགས་བྱེད་ཁྲོ་རྒྱལ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིང་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་བཞེས་ལ་བདག་ཅག་གི །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ལོ་ཟླ་ཞག་དུས་ཟ་མའི་སྲི་ངན་སོགས། །ཐམས་ཅད་ཞི་ཞིང་བཟློག་ལ་མཐུ་ནུས་ཤིག །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །[ཅེས་གཏོར་ཆེན་ལ་སྟོབ། །དེ་ལྟར་ཐུན་དྲུག་གམ་བཞིར་བཅད་དེ་ཁུག་རྟགས་མ་བྱུང་གི་བར་རམ་ཞག་གྲངས་ཇི་ཙམ་བྱེད་པ་ཆ་གཉིས་སུ་བགོས་པའི་ཆ་གཅིག་ལ་འབད་དོ། །དེ་ནས་བར་དུ་གཟིར་བའི་ལས་

p. 664

ལ།] བདག་གི་ཤངས་སྒྲོམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བར་སྤྲོས། ཁོའི་ལྷ་སྲུང་ཐམས་ཅད་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་བསྐྲད་པར་[བསམ་ཞིང་། ཁྱད་པར་གྱི་རྫས་དུད་སྒྲོ་གཉིས་ཀྱིས་བྱབས་པ་སོགས་དང་བཅས་ལྷ་དབྱེ་བྱས་མཐར།] བདག་མདུན་གྱི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་འཕྲོས་པ་དམིགས་བྱའི་སྙིང་གི་སྒོར་བཞུགས། ཁོག་པར་སླེབས་པས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པ་རྣོ་དབལ་གཅོད་པའི་ངར་དང་ལྡན་པ་རླུང་སྤུ་གྲི་རེག་གཅོད་ལྟར་འཁོར་བས་ཤ་རུས་ནང་ཁྲོལ་ཐམས་ཅད་དམར་ཐར་ར་བཏང་བ་ལས་བྱེད་ཕོ་ཉ་རྣམས་ཀྱིས་དུར་ཁྲོད་ཀྱི་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་དིར་གྱིས་ཟ་བར་[བསམ་ཞིང་། ལས་སྔགས་སྤུ་གྲིའི་མཐར།] ཨོཾ་བཛྲ་ཡཀྴ་ཏྲིག་ནན༔ ཨེ་ཧུར་ཐུམ་ཛ༔ གཟིར་ནན༔ ཀཱ་ཝཱ་ཙི་རྦད་རྦད༔ [ཅེས་ཏིང་འཛིན་ངར་དང་ལྡན་པས་བཟླ་ཞིང་ཐུན་རྫས་ལ་ཁ་རླངས་མ་ཤོར་བར་ཕུལ་འདེབས།] ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་སྙིང་གར་གཟིར་ཞིང་བསྡིག་པས་གཟུགས་བྱེ་མའི་མཁར་ཆུས་བཤིག་པ་ལྟར་བཅོམ་ནས་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀ་འམ་ཏྲི་

p. 665

དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་དེ་ཡང་ནག་སྐེམ་གྱིས་བསད་པར་[བསམ།] ཧྰུྃཿཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན༔ གཏུམ་དྲག་ཕོ་ཉ་འབར་བའི་ཐུན༔ རྣོ་མྱུར་ཤུགས་དྲག་རྡོ་རྗེའི་མེ༔ མི་བཟད་མཚོན་ཆའི་འཁྲུལ་འཁོར་ནི༔ གནམ་ས་འཁྲུགས་པའི་ཐོག་སེར་བཞིན༔ དགྲ་བགེགས་གཟུགས་ཕུང་རྟེན་ལ་ཡ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་ཡཀྴ་ཏྲིག་ནན་ཨེ་ཧུར་ཐུཾ་ཛཿགཟིར་ནན་ཀཱ་ཝཱ་ཙི་རྦད་རྦད༔ [ཅེས་ལིངྒ་ལ་ཐུན་བརྡེག །ཐུན་མཚམས་སུ་གོང་བཞིན་ཐུན་གཏོར་ཕུལ་ལ་ཕྲིན་ལས་བཅོལ། དེ་ལྟར་བསད་རྟགས་མངོན་དུ་མ་གྱུར་གྱི་བར་རམ་འགུགས་པའི་ཕྱེད་ཆ་ཙམ་དུ་འབད་དོ། །དེ་ནས་ཐ་མ་མནན་པའི་ལས་ལ།] སླར་ཡང་བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་གཏུམ་དྲག་ཉམས་བརྒྱར་འབར་བས་གནོད་བྱེད་ཀྱི་ལུས་ངག་ཡིད་གསུམ་མནན་པའི་ལས་མཛད་པར་གྱུར། མདུན་གྱི་ལིངྒ་དམིགས་བྱ་དངོས་སུ་གསལ་བའི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་སྣ་ཚོགས་རྡོ་རྗེས་མཚན་པ་ལྕི་ཞིང་འཐས་པ་རེ་རེས་

p. 666

མནན་ཅིང་ཡན་ལག་དང་ཚིག་བཞི་ཐམས་ཅད་རྡོ་རྗེ་རྒྱ་གྲམ་རེས་གཟིར་བས་ཉམ་ཐག་ཅིང་གཡོ་འགུལ་ཙམ་ཡང་མི་ནུས་པར་[བསམ་ཞིང་། ལས་སྔགས་སྤུ་གྲི་དང་།] ཨོཾ་ཀརྨ་རཀྴ་ཀྲོ་དྷ་སརྦ་དུཥྚཾ་ཏྲིག་ནན་གནོད་བྱེད་[ཆེ་གེ་མོ་]ཧཾ་ཤཾ་གིང་ཀ་ར་ཏྲིག་ནན་སྟྭཾ་བྷ་ཡ་རྦད་ནན་ཧཱུཾ་ལཾ་ཀཱ་ཝཱ་ཙི་མཱ་ར་ཡ་ནན༔ [ཅེས་དྲག་ཏུ་བཟླས་ལ་མཐར་ཐུན་གོང་ལྟར་བརྡེག །ཐུན་གཏོར་སྐབས།] ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིག །ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས། །ནམ་ཡང་ལྡང་མེད་མནན་པའི་ཕྲིན་ལས་མཛོད། །མདོར་ན་བདག་གི་[སོགས་སུ་བསྒྱུར་ལ་འབུལ། དེ་ལྟར་མནན་རྟགས་མཐོང་གི་བར་རམ་བསད་པའི་ཕྱེད་ཆ་ཙམ་དུ་འབད་ནས། མནན་པ་དངོས་ལ།] དགྲ་བགེགས་དེ་རྣམས་དབང་པོ་ཉམས་ཤིང་དབུགས་དང་བྲལ་ནས་འགུལ་ཙམ་ཡང་མི་ནུས་པར་བྱད་ཐག་སྣ་ལྔས་གྲུ་གུ་ལྟར་བསྡམས། སྙིང་ནང་དུ་འཁོར་ལོ་རྩིབས་དགུ་གནམ་ལྕགས་ལས་གྲུབ་པ་རྣོ་ངར་དང་ལྡན་པ་གཡོན་བསྐོར་དུ་དྲག་ཏུ་འཁོར་བས་སྙིང་སོགས་ནང་ཁྲོལ་རྣམས་བཅད། ཁོ་ལ་ཟུག་གཟེར་དང་ན་ཚ་སྡུག་བསྔལ་མི་སྐྱེ་བར་བདེ་བའི་ངང་དུ་བརྒྱལ་བར་[བསམ་ཞིང་། དྲག་སྔགས་བཟླ་བཞིན་པར་ལིངྒ་བྲུབ་ཁུང་ནས་ཕྱུངས་ཏེ་ལྟེབས་

p. 667

ལུགས་གསུམ་པོ་གང་རུང་བྱས་པ་ཤི་སྐྲ་དང་བྱད་ཐག་གིས་བཅིང་། མནན་ཐོད་སོ་སོར་རང་གཤེད་ཀྱི་གནད་དང་ལྡན་པར་གཞུག་ཅིང་ཐུན་རྫས་ཀྱིས་སེང་མེད་པར་བཀང་སྟེ་ལ་ཆས་བཀག །ཕུང་རེའམ་ཡུག་སའི་ཤ་གོས་ཀྱིས་དྲིལ་ལ་བྱད་ཐག་གིས་བཅིངས་པར་རྩང་རྒྱ་གྲམ་དུ་གཟེར།] བདག་མདུན་རྣམས་དང་རང་བཞིན་གྱི་དབྱིངས་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་མཚན་སོགས་ལས་འོད་ཟེར་དམར་ནག་མེ་རླུང་འཚུབས་ཤིང་སྲ་མཁྲེགས་མཚོན་ཆའི་རང་བཞིན་ཐོད་པ་ལ་བསྟིམས་པས། ཐོད་པ་ཤིན་ཏུ་སྲ་ཞིང་བརྟན་པ་དགྲ་བགེགས་བསྐལ་པའི་བར་དུ་མི་ལྡང་བའི་བཙོན་ཁང་སྲུབས་སེང་མེད་པར་[བསམ་ཞིང་།] དྲིལ་ཆས་ཀྱང་བསྐལ་པའི་མུན་པ་དང་། རྩང་རྣམས་གཤིན་རྗེའི་ལས་བྱེད་ཤན་པ་ཕོ་མོས་བསྐོར་ནས་ལྡང་མེད་དུ་ཐུབ་པར་བསྲུང་བར་[ནན་ཏན་དུ་གསལ་གདབ་ལ། རིག་སྔགས་ཀྱི་བཅིང་རྒྱ་དང་མནན་སྔགས་རྟེན་འབྲེལ་ནག་པོའི་མན་ངག་བཞིན་རབ་ཏུ་གནས། དེ་ནས་ཟློག་གཞུང་ལྟར་སྒོ་དབྱེ། བསྐུལ་དང་ཆད་མདོ་བསྒྲག་ནས། མནན་རྫས་དང་གོང་གནོན་གྱི་གཏོར་མ་སོགས་ཁྱེར་ཏེ་གང་དུ་མནན་པའི་ས་མིག་ཏུ་མནན་དོང་ཚུལ་བཞིན་བྲུས་པའི་སར་སླེབས་པ་དང་གསེར་སྐྱེམས་ཕུལ་ཞིང་གཟུ་དཔང་བྱས་ལ།]

p. 668

བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །རྔམ་བརྗིད་མེ་ལྟར་འབར་བའི་ཕྱག་མཚན་ནི། །ཕུར་བུ་བསྣུན་པས་ས་གཞི་གཤགས་ཤིང་གས། །ཕྱི་ཡི་རྒྱ་མཚོ་ཆེན་པོ་སྔོ་མེར་གསལ། །དེ་དབུས་དུག་རླངས་ན་བུན་ནད་ཀྱི་ཀློང་། །ས་འོག་སྲིད་པའི་བདག་པོ་ཀླུ་བདུད་ནག །འཛིན་ཤེས་གཏོང་མི་ཤེས་པ་མགོ་དགུ་པ། །སྦྲུལ་ཞགས་ནད་རྐྱལ་འཛིན་པ་ཞལ་གདངས་ཤིང་། །མཆེ་གཙིགས་རྔམས་པའི་ང་རོ་འབྲུག་ལྟར་ཁོལ། །ཀླུ་གཉན་ས་བདག་བྱེ་བའི་འཁོར་དང་བཅས། །སྐད་ཅིག་དམ་ཚིག་དབང་གིས་ལྷགས་པར་གྱུར། །ནྰ་ག་རཀྴ་བཛྲ་ས་མ་ཡ། [ཤ་དུམ་རཀྟས་བྲན་པའི་དམར་གཏོར་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ།] ཧཱུྃ༔ ཀླུ་བདུད་ནག་པོ་འཁོར་བཅས་ལ༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི༔ འབུལ་གྱིས་དགྱེས་པར་རོལ་ནས་ཀྱང་༔ དམ་ཉམས་ལས་ངན་འཁོར་བཅས་རྣམས༔ སྡོམ་འཛིན་མནན་པའི་ཕྲིན་ལས་མཛོད༔ [ཅེས་གཏོར་མ་ཕུལ། སླར་ཡང་འགུགས་འདྲེན་བླ་འགུགས་ལྷ་དབྱེ་རྣམས་ཡིད་ཆེས་པར་བྱས་ནས་མནན་ཆས་ཐོགས་ལ།] ཧཱུྃ༔ ས་འོག་རིམ་པ་དགུ་ཡི་འོག །སྒོ་མེད་ལས་ཀྱི་བཙོན་ཁང་ནས། །

p. 669

གདུག་བྱེད་ཀླུ་བདུད་མགོ་དགུ་པ། །བསྡོམས་འཛིན་ཕོ་ཉའི་འཁོར་དང་བཅས། །དེ་རིང་དྲག་པོའི་ཕྲིན་ལས་མཛོད། །ཡིད་ལ་བརྣག་པའི་དགྲ་བགེགས་འདིས། །དཀོན་མཆོག་གསུམ་གྱི་བསྟན་པ་བཤིག །སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་འཕྲོག །འགལ་རྐྱེན་ཉེས་ཚོགས་སྤྲིན་ལྟར་གཏིབས། །མཐུན་རྐྱེན་ལེགས་ཚོགས་རླུང་ལྟར་གཏོར། །དེ་ཕྱིར་སྐྱབས་འོས་ཉམས་ཆུང་མིན། །བྱང་ཆུབ་སེམས་ནི་མ་སྐྱེ་བར། །ཟུངས་ཤིག་ཆིངས་ཤིག་ཤོར་ར་རེ། །མཐུ་སྟོབས་ནུས་པའི་རྩལ་བསྐྱེད་ལ། །མིང་ཙམ་བརྡའ་ཙམ་མ་ལུས་པར། །ཐར་མེད་མནན་པའི་ཕྲིན་ལས་མཛོད། །[ཅེས་བརྗོད་ལ་དོང་ནང་དུ་བསྐྱུར་བས་ཀླུ་བདུད་ཀྱི་ཁ་ནང་དུ་འཁྱུར་རེ་སོང་བར་བསམ་ལ་དམོད་མོ་ཐལ་རྡེབ་བྱ།] ཁོང་ཆུད་ས་བདག་ཀླུ་གཉན་ཀུན་དགའ་ཞིང་། །ཕྲུ་གུ་ཐམས་ཅད་རྩེར་སྒྲ་དིར་དིར་སྒྲོག །མནན་པའི་ལས་བྱེད་དམ་ཉམས་དགྲ་བོ་རྣམས། །བསྐལ་པ་མ་སྟོང་བར་དུ་མི་ཐར་བར། །ཆུ་སྲིན་ཁ་བསྡམས་ཉི་ཟླ་གཟས་ཟིན་བཞིན། །མུན་ནག་དུག་གི་རང་གནས་རྒྱ་མཚོའི་གཏིང་། །རིམ་བདུན་ས་འོག་གཤིན་

p. 670

རྗེའི་གྲོང་ཁྱེར་སོང་། །[ཞེས་རོ་གཡམ་ལ་སྣ་ཚོགས་རྡོ་རྗེ་དང་སྟོང་ཁམས་བྲིས་པས་ཁ་བཀབ་ལ།] མཁའ་དབྱིངས་རླུང་མེ་ཆུ་སའི་དཀྱིལ་འཁོར་སྟེང་། །སུཾ་ལས་རིན་ཆེན་རི་རབ་སྲ་ཞིང་བརྟན། །རབ་འབར་སྣ་ཚོགས་རྡོ་རྗེ་དང་བཅས་པས། །རྟག་ཏུ་ཐར་མེད་གཟིར་མནན་རྒྱས་གདབ་བོ། །ཨེ་ཡཾ་རཾ་ཁཾ་སུཾ་ནྲྀ་ཏྲི་མཱ་ར་ཡ་སྟྭཾ་བྷ་ཡ་ནན། [ཅེས་འབྱུང་བ་སོ་སོའི་རྒྱས་བཏབ། ས་རྡོ་ལག་ཚགས་དམ་པོས་མི་མངོན་པར་བཀབ་ལ་བྲོ་བརྡུང་བྱ། དེ་ནས་གཏོར་ཆེན་ནང་དུག་མཚོན་ཆའི་ཕུང་པོར་བསྒྱུར་ལ།] ཧཱུཾ། ང་ནི་རྡོ་རྗེ་གཞོན་ནུ་ཆེ། །[ཞེས་སོགས་ཀྱིས་དགྲ་ཕྱོགས་སམ་ཐེབས་ཕྱོགས་སུ་འཕང་། སྒོ་དྲུང་དུ་བཤལ་ཆུས་བརྟན་མ་བསྐྱང་། ནང་དུ་ལོག་ནས་ཚེ་འགུགས་དང་དངོས་གྲུབ་བླང་བ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་ལྟར་བྱའོ། །དུག་ལྔས་རབ་མནན་ལས་ངན་གདུག་ཅན་ཚོགས། །ནམ་ཡང་ལྡང་མེད་གཟིར་མནན་ཆོ་གའི་ཁྲིགས། །བརྗོད་པ་འདིས་ཀྱང་བསྟན་དང་བསྟན་འཛིན་སྡེ། །བར་ཆད་གཡུལ་ལས་རྒྱལ་བའི་གཞིར་གྱུར་ཅིག །ཅེས་རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་ལས་མཐའ་དགྲ་བགེགས་མནན་པའི་མན་ངག་རྡོ་རྗེའི་རི་དབང་ཞེས་བྱ་བ་འདི་ཡང་། རྣམ་འདྲེན་གསུང་སྤྲུལ་བཅུ་པའི་དགོངས་པ་རྗེས་སུ་སྒྲུབ་པའི་སླད་དུ། རིགས་མཐུན་གྱི་གཞུང་དང་མན་ངག་ལ་

p. 671

བརྟེན་ནས། རྒྱལ་ཁམས་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྣམ་འཕྱང་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྫོགས་པ་གཉིས་པར་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་གདུག་ཅན་ཉམས་པའི་དཔུང་རྣམས་ལྡང་མེད་བསྐལ་པར་གནོན་པའི་རྒྱུར་གྱུར་ཅིག། །།ཛ་ཡནྟུ།། །།]

རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་བསྙེན་སྒྲུབ་ཀྱི་ཡི་གེ་གྲུབ་གཉིས་མཆོག་སྟེར།

p. 672
p. 673

༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་བསྙེན་སྒྲུབ་ཀྱི་ཡི་གེ་གྲུབ་གཉིས་མཆོག་སྟེར་ཅེས་བྱ་བ་ཞུགས་སོ། །

p. 674

ཨོཾ་སྭསྟི། དངོས་ཀུན་ཁྱབ་བདག་གདོད་མའི་ཧེ་རུ་ཀ ། རྡོ་རྗེ་གཞོན་ནུ་བླ་མར་གུས་བཏུད་ནས། །གུ་རུའི་ཐུགས་དམ་ཐུན་མིན་མགུལ་ཁུག་མ། །སྲོག་གི་སྤུ་གྲིའི་བསྙེན་ཡིག་འདིར་གསལ་བྱ། །དེའང་རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་མདོ་ཙམ་འཆད་པ་ལ། །ཇི་སྐད་དུ་སྒྲུབ་ཐབས་རྩ་བ་ལས། གཞུང་དངོས་བྱང་ཆུབ་ནར་མ་དང་༔ ཐུན་མོང་ཚོམ་བུར་སྒྲུབ་པ་ཆེ༔ གློ་བུར་ཅོག་བརྡུང་ལས་སྦྱོར་གསུམ༔ རེ་ལ་བསྙེན་སྒྲུབ་ལས་ཚང་བ༔ ཞེས་པ་ལྟར་སྒྲུབ་ལུགས་

p. 675

གསུམ་ལས་འདིར་བདག་དོན་བྱང་ཆུབ་ནར་མར་སྒྲུབ་པ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ། ལྷག་པའི་ལྷ་ལ་ཡིད་རྩེ་གཅིག་གདུང་བའི་མོས་པ་དང་བརྩོན་འགྲུས་རབ་ཏུ་གྱུར་པའི་སྒྲུབ་པ་པོས། སྒྲུབ་གནས་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་ཤིང་དམ་སེལ་ཅན་གྱིས་མ་བསྟེན་པ། དབེན་ཅིང་ཉམས་དགའ་བའི་ས་ཕྱོགས་སུ། སྒྲུབ་གཡོག་འཚོ་བའི་ཡོ་བྱད་སོགས་མཐུན་པའི་རྐྱེན་རྣམས་སྔ་ཚགས་སུ་ཚུད་པར་བྱས་ནས། སྒྲུབ་

p. 676

དུས་ཉི་མ་བྱང་བགྲོད་སོགས་དགེ་ཞིང་ཤིས་པའི་སྐབས་སུ་བསྙེན་པ་དངོས་ལ་འཇུག་པར་བྱ་སྟེ། དེའི་སྔ་རོལ་དུ་རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་། དངོས་གྲུབ་ཀྱི་མཚན་མ་མྱུར་དུ་འཐོབ་པའི་སླད་དུ་རྒྱབ་རིམ་གྱིས་དཔུང་བསྐྱེད་པའི་ཕྱིར་དཀོན་མཆོག་གི་རྟེན་མཆོད་པ། གསུང་རབ་བཀླག་པ། དགེ་འདུན་བསྙེན་བཀུར། སྰཙྪ་གདབ་པ། སྲོག་བསླུ་བ། ཉེའུ་འདོན་པ། ལམ་འཕྲང་བཟོ་བ། ཆུ་གཏོར་སྦྱིན་གཏོང་སོགས་རང་ཉིད་ཀྱིས་སམ་མ་ལྕོགས་ན་གྲོགས་གཞན་ལ་བཅོལ་ཀྱང་རུང་སྟེ་ཅི་གྲུབ་ཏུ་བྱ། དེ་ནས་ཐོག་མར་གནས་ཁང་གསར་པ་ཡིན་ན་ས་ཆོག་རྒྱས་པར་བྱ་དགོས་མོད། འདིར་རྙིང་པའི་དབང་དུ་བྱས་ཏེ་གནས་ཁང་ཕྱགས་བརྡར་སོགས་ཀྱིས་ཡིད་དུ་འོང་བར་བྱས་ལ། དུས་ཚོད་བཟང་པོའི་ཉིན་དབུ་བརྩམས་ཏེ། དགོང་ཐུན་ལ་བདག་བསྐྱེད་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བསྒོམ་ནས་བཟླས་པ་བརྒྱ་རྩ་ཙམ་གྱི་མཐར་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ཞིང་སྐྱོང་སྡེ་བརྒྱད་གཞི་བདག་སོགས་དཀར་ཕྱོགས་པ་ལ་གཏོར་མ་ཕུལ་ནས་ཕྲིན་ལས་

p. 677

བཅོལ། ནག་ཕྱོགས་པ་རྣམས་ལ་བགེགས་གཏོར་བཏང་ནས་རྡོ་རྗེ་སྲིན་པོའི་ང་རྒྱལ་གྱིས་བཀའ་བསྒོ་ཞིང་དྲག་སྔགས་ཡུངས་ཐུན་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམས་དང་བཅས་བགེགས་བསྐྲད་ནན་ཏན་དུ་བྱས་རྗེས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུ་དང་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམས་པ་སྒྲུབ་ཁོག་ལྟར་བྱིན་བརླབ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། །ཧཱུཾ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་སྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་དྷྲིཥྚ་རཱཥྚ་ཡ་སྭཱ་ཧཱ། ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བཻ་རུ་པཱཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་སྔགས་སོ་སོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱཧི་ཁཱཧི། ཞེས་

p. 678

ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱས་པས་སྒྲུབ་ཁང་གི་ཕྱོགས་སོ་སོ་ནས་རྒྱལ་ཆེན་སྡེ་བཞི་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་པས་བསྲུང་བར་བསམ། དེ་ནས་ལས་བྱང་གི་མཚམས་གཅོད་བཞིན་བདག་ཉིད་དཔལ་ཆེན་པོའི་ཐུགས་ལས་སྤྲུལ་པའི་ཁྲོ་བཅུ་སྤྲུལ་པ་ཡང་སྦྲུལ་ཁྲོ་ཆུང་གི་ཚོགས་དང་རྡོ་རྗེ་ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས་པས་ཕྱོགས་མཚམས་ཐམས་ཅད་བར་མེད་དུ་གཏམས་པར་བསྒོམ། དེ་ལྟར་མཚམས་བཅད་ཕྱིན་ཆད་སྔར་དམིགས་འོག་ཏུ་མ་ཆུད་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཀྱང་སྤང་། སྲུང་འཁོར་འདི་དག་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་མཐར་མ་གཏོགས་མི་

p. 679

བསྡུ་ཞིང་། ཐུན་མགོ་ཐམས་ཅད་དུའང་བར་ཆད་མི་འཇུག་པའི་ཕྱིར་གསལ་འདེབས་བསྐྱར་མ་རེ་བྱའོ། །དེ་ནས་བཅས་བཤམ་བྱ་བ་ནི། རང་གི་མདུན་ངོས་སུ་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་བཀྲམ། དེའི་མདུན་དུ་བི་ཏྱོ་ཏ་མ་ལས། གླིང་བཞི་པ་ཡི་བྷཉྫ་ལ། །འཁོར་ལོ་རྩིབས་བརྒྱད་ཨེ་དང་བཅས། །ཕུར་བུ་སྤུངས་ལ་བསྙེན་པ་བྱ། །ཞེས་གསུངས་པ་ལྟར། སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། །ཐིག་ཚོན་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་མཚན་ཉིད་རྫོགས་པར་བྲིས་པའམ། རས་བྲིས་དཀྲམ་པ་གང་བདེ་བྱ་ཞིང་། ཡང་ན་བསྙེན་པའི་སྐབས་འདིར་དཀྱིལ་འཁོར་མ་གྲུབ་ནའང་ཆད་སྐྱོན་མེད། གང་ལྟར་ཡང་དཀྱིལ་འཁོར་བཤམ་ན། དེའི་ལྟེ་བའི་གྲུ་གསུམ་མཐིང་ནག་གི་སྟེང་དུའམ། དཀྱིལ་འཁོར་མི་བཤམ་པའི་ཕྱོགས་ལ་སྟེགས་བུ་ཁེབས་ལྡན་བཀོད་ལེགས་པའི་སྟེང་དུ། ཐོད་པ་གླིང་བཞི་པ་ལ་ཆུ་ཚོན་གྱིས་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་བྲིས་པའི་ནང་འབྲུ་ནག་གིས་བཀང་བ་ལ། བྱུགས་

p. 680

བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་སོགས་ཚུལ་བཞིན་དུ་འདུ་བྱས་པའི་ཕུར་བུ་འབྱོར་ན་ལྷ་ཕུར་ཚང་བ་སྦམས་ཏེའམ། མ་འབྱོར་ན་གཙོ་ཕུར་ཉིད་བཙུགས་པ་བཀོད། དེའི་མདུན་རྒྱབ་གང་བདེར་མཉྫི་ལ་སྙིང་པོའི་གཏའ་གཏོར་སྐུ་རྟེན་དར་གདུགས་ཀྱིས་སྤྲས་པ་དང་། གཡས་གཡོན་དུ་སྟེགས་བུ་ཅུང་ཟད་དམའ་བར་ཡི་དམ་གྱི་མཆོད་གཏོར་དང་། ཕུར་སྲུང་སོགས་སྤྱི་བྱེ་བྲག་གི་སྲུང་མའི་གཏོར་མ་རྣམས་ཀྱང་བཤམས་པའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མཐའ་བསྐོར་དུ་ཕྱི་ནང་གི་མཆོད་པའི་ཡོ་བྱད་སོགས་ལག་ལེན་ལྟར་བཀོད་ལེགས་པར་བཤམ། རང་ཉིད་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་སྟན་ནང་ཚངས་ཅན་འཇམ་ཞིང་བདེ་བའི་འོག་ཏུ་འབྲས་སམ་ས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུ་བྲིས། མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་འཐོར་ནས་རྣམས་བཞག །གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ནས། དེ་ནུབ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་ཕུལ་ཏེ་ཚོགས་བསགས།

p. 681

ཉམས་ཆག་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོས་བཤམས་པ་བྱ། བླ་མ་དང་ཡི་དམ་གྱི་ལྷ་ལ་མོས་གུས་ཆེན་པོས་བསྙེན་སྒྲུབ་ལ་བར་ཆད་མི་འབྱུང་བ་དང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་བ་བཏབ་ནས་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །དེ་ནས་བསྙེན་པ་དངོས་གཞི་ནི། འདིར་སྔ་ཐུན་ནས་མགོ་འཛིན་པར་གསུངས་པས་སང་ཞོག་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས། ནམ་ལངས་པ་དང་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འཁོད་དེ་བརྒྱུད་འདེབས་དང་སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས། གཞི་བགེགས་ཀྱི་གཏོར་མ་བསྔོ་བ་རྒྱུན་དུ་མི་དགོས་པས་བཀའ་བསྒོ་ནས་བརྩམ་སྔོན་འགྲོའི་ལས་རིམ་རྣམས་དང་། དངོས་གཞི་ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་བྱང་གི་གཞུང་བསྲང་རྗེས། བཟླས་པ་བྱ་བའི་ཐོག་མར་བགྲང་ཕྲེང་བྱིན་གྱིས་བརླབ་པ་ནི། ཕྲེང་བ་ལག་གཡོན་པའི་སྙིམ་པར་བསྐྱིལ་བའི་མདོ་འཛིན་སྟེང་དུ་གནས་པར་བྱས་ལ་བསང་སྦྱང་། སྟོང་བའི་ངང་ལས་ཧཱུཾ་ཡིག་ལས་སྐྱེས་པའི་ཕྲེང་བ་དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་ཡོངས་

p. 682

སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། དེའི་གནས་གསུམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསྟིམ། ལག་གཡས་སུ་མེ་ཏོག་ཐོགས་ལ་ལྷའི་རྩ་སྔགས་དང་དབྱངས་གསལ་རྣམས་ཚར་བདུན་བཟླ། ཁྱད་པར་བཟླས་པའི་རྐྱེན་གྱིས་བསྐུལ་བའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་སྦྱངས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདུད་རྩི་སྔགས་ཀྱི་ཡིག་འབྲུ་ཁ་དོག་ལྔའི་རང་བཞིན་ཆར་ལྟར་བབས་ནས་ཕྲེང་བའི་ལྷ་ལ་ཐིམ་པར་བསམ་ཞིང་ཕྲེང་བ་བདུད་རྩིར་རློབ་པའི་སྙིང་པོ། ཨོཾ་རུ་ཙི་པྲ་མརྟ་ན་ཡེ་རཏྣ་མ་ཎི་ར་ཛྙཱ་ན་དེ་ཝ་ཨ་བྷིཥིཉྩ་ཧཱུཾ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་མཐར། ལྷ་རྣམས་འོད་དུ་ཞུ་ནས་མགོ་བོ་རློན་པ་ཁྲག་འཛག་པའི་ཕྲེང་བར་གྱུར་པར་བསམ། རྟེན་འབྲེལ་སྙིང་པོ་བདུན་གྱིས་མེ་ཏོག་འཐོར་ལ་ཤིས་པའང་བརྗོད། སླར་ཨོཾ་ཨཱཿཧཱུཾ་བརྒྱ་རྩ་དང་། དབྱངས་གསལ། རྟེན་སྙིང་། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ཡེ་ཧཱུཾ་ཕཊ་རྣམས་ཉེར་གཅིག་བཟླས་ལ་ཧུས་འདེབས། །

p. 683

དེ་ལྟར་བྱིན་གྱིས་བརླབས་པའི་ཕྲེང་བ་དེ་མི་ལག་མི་འགྲིམས་ཤིང་མོ་དང་གྲངས་རྩིས་ས་རྗེན་དང་ནམ་མཁར་འཕང་བ་སོགས་སྤང་། ཁྱི་དང་བྱི་ལ་བུད་མེད་སོགས་ཀྱིས་འགོང་དུ་མི་འཇུག་པར་ལུས་ཀྱི་དྲོད་དང་མི་འབྲལ་བར་བཅང་། ཛཔྲ་དགོངས་དངོས་ལ། ལྷ་ལ་སེམས་བཟུང་བའི་གནད་སྐུ་ཕྱག་རྒྱ་ལ་དམིགས་པ། སྦྱང་བའི་གནད་གསུང་ཡི་གེའི་ཕྲེང་བ་ལ་དམིགས་པ། རྣམ་པར་གྲོལ་བའི་གནད་ཐུགས་ཀཱི་ལ་ཡ་ཆོས་ཉིད་ལ་དམིགས་པ། སྨིན་པའི་གནད་ཡོན་ཏན་དངོས་གྲུབ་ལ་དམིགས་པ། རྩལ་སྦྱང་བའི་གནད་ཕྲིན་ལས་སྒྲོལ་བ་ལ་དམིགས་པ་སྟེ་ལྔ་ལས། སྔ་མ་གསུམ་པོ་བསྙེན་དུས། བཞི་པ་སྒྲུབ་པ། ལྔ་པ་ལས་སྦྱོར་ལ་གཙོ་བོར་གསུངས་པའི་ཕྱིར། འདིར་དང་པོ་སྐུ་ཕྱག་རྒྱ་ལ་དམིགས་པའི་ཛཔྲ་དགོངས་ནི། རང་རྡོ་རྗེ་གཞོན་ནུར་གསལ་བ་བདག་རྩ་བའི་དཀྱིལ་འཁོར། ཁྲོ་བཅུ་ཕྲ་མེན་སོགས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། སྲས་མཆོག་མཚན་མ་རྫས་ཀྱི་དཀྱིལ་འཁོར་རྣམས་རིག་པའི་གསལ་ཆ་མེ་ལོང་གི་གཟུགས་བརྙན་ལྟར་འཛིན་ཞེན་མེད་པར་

p. 684

གསལ་ཅི་ཐེབས་བྱས་པར་སེམས་འཛིན་བཞིན་བཟླའོ། །གཉིས་པ་གསུང་ཡིག་འབྲུ་ཕྲེང་བ་ལ་དམིགས་པའི་ཛཔྲ་དགོངས་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱི་དང་ཁྱད་པར་གཙོ་བོའི་སྐུའི་གསལ་སྣང་ཅི་རིགས་ཐེབས་ནས། བདག་ཉིད་དཔལ་ཆེན་པོའི་སྐུ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གྱི་ཐུགས་ཙིཏྟ་ཟུར་བརྒྱད་སྨུག་པོ་མཆོང་གུར་ཕུབ་པ་ལྟ་བུའི་ནང་དབུས་པད་དཀར་འདབ་བརྒྱད་གྱེས་པའི་ཟེའུ་འབྲུར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་ཐུགས་ཞི་བ་ཆོས་ཉིད་ལས་མི་གཡོ་བ་མཚོན་ཕྱིར་རྡོ་རྗེ་སེམས་དཔའ་ཚོན་གང་བ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། ཞབས་གཉིས་ཕྱེད་སྐྱིལ། ཞི་བའི་རྒྱན་ཆས་རྫོགས་པའམ། ཡང་ན་རྒྱན་མེད་འོད་ཀྱི་སྐུ་ཅན་དུ་བསྒོམ་པའི་ཐུགས་རཏྣ་སྨུག་པོ་ཟུར་བརྒྱད་པའི་ནང་དབུས་ཉི་མའི་དཀྱིལ་འཁོར་ལེབ་ཆགས་སྲན་གཤགས་ཙམ་གྱི་སྟེང་ན་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱེན་ལངས་ཀྱི་ལྟེ་བའི་ནང་ཁོངས་སུ་ཧཱུྃ་མཐིང་ནག་ཡུངས་འབྲུ་ཙམ་གྱི་མཐའ་མར་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊཿ ཅེས་བཛྲ་གཅིག་ཏུ་བགྲང་བའི་འབྲུ་

p. 685

དགུ་པོ་ལྗང་གུ་སྤུས་བྲིས་པ་ཙམ་གྱིས་གཡས་སྐོར་དུ་བསྐོར་བའི་ཡིག་འབྲུ་ཐམས་ཅད་གྱེན་ལངས་འོད་ཟེར་འཕྲོ་བར་གསལ་གདབ། དེ་ཡང་རྡོ་རྗེ་སེམས་དཔའ་སྐུ། རྡོ་རྗེ་ཐུགས། ཡིག་འབྲུ་གསུང་། འོད་ཡོན་ཏན། འཕྲོ་འདུ་ཕྲིན་ལས་མཚོན་བྱེད་དོ། །བཟླ་བྱའི་སྔགས་ལ་འབྲུ་བཅུ་བདུན་ཡོད་ཀྱང་ཐུགས་ཀར་བསྒོམ་དུས་འབྲུ་དགུ་ལས་མ་གསུངས་ཏེ། འབྲུ་དགུ་སྲོག་སྔགས། སརྦ་བིགྷྣཱན་སྟེ་འབྲུ་ལྔ་ལས་སྔགས། ཛཿཧཱུཾ་ཨཱཿནི་མཁའ་འགྲོས་ལུང་བསྟན་པའི་འཕྱོང་སྔགས་འབྲུ་གསུམ་ཡིན་པས་སརྦ་མན་ཆད་བསྒོམ་མི་དགོས་པར་གསུངས། རྡོ་རྗེ་སྲིན་པོའི་ངུར་སྒྲས་སྔགས་བཟླས་པས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུའི་ཚྭ་ཚྭའམ། གསེར་གྱི་བ་ཐག་གཟིངས་པའམ། ཉི་ཟེར་ལྟར་ཕྱིར་འཕྲོས་པས། ཡེ་ཤེས་སེམས་དཔའ་དང་གཙོ་བོའི་སྐུའི་ནང་གང་ཞིང་གསལ་བར་བྱས། རིམ་པས་ཞལ་དང་ཤངས་བ་སྤུའི་བུ་ག་སོགས་ནས་ཕྱིར་འཕྲོས་པའི་སྣེ་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་སྤྲོས་པས་

p. 686

བདག་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཕོག་པས་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ། ཁམས་གསུམ་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་ཕོག །ལས་དང་ཉོན་མོངས་པའི་སྡིག་སྒྲིབ་བྱང་ནས་སྣོད་ཀྱི་འཇིག་རྟེན་དཔལ་ཆེན་པོའི་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་རྡོ་རྗེ་ཕུར་བུའི་གོ་འཕང་ལ་བཀོད། དམ་ཅན་སྲུང་མའི་ཚོགས་ལ་ཕོག་པས་སྔོན་གྱི་ཐ་ཚིག་བསྐུལ་ཏེ་ལས་ལ་བཙུད། རིག་འཛིན་བླ་མ་མཆེད་ལྕམ་རྣམས་ལ་ཕོག་པས་ཐུགས་དམ་དབྱིངས་སུ་བསྐང་། དགྲ་བགེགས་གདུག་པ་ཅན་ལ་འོད་ཟེར་མེ་དང་མཚོན་ཆའི་རང་བཞིན་དུ་ཕོག་པས་གནམ་ལྕགས་ཀྱི་ཐོག་བབས་པའམ་བྱ་སྒྲོ་མེས་བསྲེག་པ་ལྟར་ཚར་བཅད། ཚུར་འདུས་དཀྱིལ་འཁོར་གསུམ་ལ་ཐིམ་པས་རང་རྒྱུད་ཀྱི་སྒྲིབ་པ་བྱང་། ལྷ་ཚོགས་རྣམས་ཀྱི་སྐུ་དང་གཟི་བྱིན་བསྐྱེད། དབང་བཞི་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་བཟླ། འདིར་བསྙེན་དུས་རང་གི་གནས་སྦྱོང་ཕྱིར་འོད་ཟེར་དཀར་པོ་

p. 687

འཕྲོས་པས་བདེ་གཤེགས་མཆོད་པས་མཉེས། ཚུར་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བྱིན་རླབས་འོད་ཟེར་དམར་པོའི་རྣམ་པས་བསྡུ་བར་སྤྱི་སྡོམ་ནས་གསུངས། གསུམ་པ་ཐུགས་ཆོས་ཉིད་ལ་དམིགས་པའི་ཛཔྲ་དགོངས་ནི། སེམས་ཉིད་སྟོང་པའི་གསལ་མདངས་དཀྱིལ་འཁོར་གསུམ་དང་འོད་ཟེར་སྤྲོ་བསྡུའི་སྣང་ཆར་ཤར་ཡང་ཤར་བ་དེ་ཉིད་སེམས་ཉིད་ཀྱི་ངོ་བོ་ལས་གཞན་མ་ཡིན་པར་ཐག་བཅད་དེ་རང་གི་ཉམས་སུ་མྱོང་བའི་གནས་ལུགས་སྣང་སྟོང་ཟུང་འཇུག་གམ་བསྐྱེད་རྫོགས་དབྱེར་མེད་ཀྱི་དོན་བློར་ཤོང་ན་དེའི་ངང་ནས་བཟླས་པ་བྱེད་པ་ཉམས་ལེན་གྱི་སྙིང་པོ་ཡིན་ཅིང་། དེ་ལྟར་མ་རྟོགས་པའི་གསར་བུ་རྣམས་ཀྱིས་དྲན་རིག་མ་བཅོས་པའི་རང་སོ་མ་ཤོར་ཞིང་བསྐྱེད་རིམ་གྱི་གསལ་སྣང་ཅི་རིགས་སམ། མ་མཐའ་ཡང་ལྷའི་ང་རྒྱལ་མ་བརྗེད་ཙམ་གྱི་ངང་ནས་སྔགས་བཟླ་བའོ། །དེ་ཡང་སྔགས་ཕྲེང་མི་གཡོ་བར་གནས་པ་ལ་སེམས་གཏད་དེ་བཟླ་བ་ནི་བསྙེན་པའི་ཡན་ལག་དང་། ཐུགས་ཀའི་སྔགས་ཕྲེང་བར་མ་ཆད་པ་འོད་ཟེར་ལྕགས་སྒྲོགས་སྦྲེལ་བ་ལྟ་བུ་ཤད་ཀྱིས་བྱུང་བ་ཡེ་ཤེས་སེམས་དཔའི་ཞལ་

p. 688

བརྒྱུད་རང་གི་ཞལ་ནས་ཐོན། ཡུམ་གྱི་ཞལ་ནས་སྐུའི་དབྱིབས་བརྒྱུད་གསང་བའི་པདྨོ་ནས་རྡོ་རྗེའི་སྦུབས་བརྒྱུད་ཡེ་ཤེས་སེམས་དཔའི་གསང་བ་ནས་སྙིང་གའི་དྭངས་སྲོག་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་མཆོག་ཏུ་འབར་བར་བསམ། ཡང་དེའི་རྐྱེན་གྱིས་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ། རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་དེ་དག་གི་དབང་བྱིན་དངོས་གྲུབ། སྣང་སྲིད་ཁམས་ཀྱི་དྲེགས་པ་ཅན་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་མངའ་ཐང་། འབྱུང་བ་ལྔའི་དྭངས་བཅུད་བཀྲག་མདངས། སྣོད་བཅུད་ཀྱི་དགེ་མཚན་དཔལ་ཡོན་མ་ལུས་པ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་སྤྲིན་ཕུང་ལྟ་བུའི་རྣམ་པར་བསྡུས་ཏེ་དྭངས་སྲོག་ལ་ཐིམ་པས་མཐུ་རྩལ་གཟི་བྱིན་ནུས་པ་མཆོག་ཏུ་འབར་བར་བསམ་ཞིང་། སྔགས་ཕྲེང་རྒྱུན་མི་འཆད་པར་མགལ་མེ་ལྟར་འཁོར་བ་ལ་སེམས་གཏད་དེ་བཟླ་བ་ནི་ཉེ་བར་བསྙེན་པའི་ཡན་ལག་སྟེ། སྐབས་འདིར་མགལ་མེ་ཀླད་སྐོར་གྱི་འཕྲོ་འདུ་འདི་ཉིད་རྩ་བར་བཟུང་ནས་བཟླས་པའི་སྐྱོན་ཐམས་ཅད་སྤངས་ཏེ་སེམས་རྩེ་

p. 689

གཅིག་པའི་ཏིང་ངེ་འཛིན་གྱིས་འབྲུ་བཅུ་བདུན་པ་ཁོ་ན་ཆིག་དྲིལ་དུ་བཟླ། ཐུན་མཐར་ཐབས་ཀྱི་ཡི་གེ་ཀ་ལི་ལན་གསུམ་གྱིས་སྐུ་བསྐྱེད་རིམ་མ་གསལ་བ། སྒོམ་ཚུལ་མ་ཤེས་པ། བརྡ་དོན་རྟགས་གསུམ་མ་འཕྲོད་པ་ལ་སོགས་པ་དང་། ཤེས་རབ་ཀྱི་ཡི་གེ་ཨ་ལི་ལན་གསུམ་གྱིས་གསུང་བཟླས་བརྗོད་སྔགས་ཀྱི་སྒྲ་མ་དག་པ། གྲངས་མ་ཚང་བ། གོ་རིམ་ནོར་ཞིང་སྔགས་དོན་མ་ཤེས་པ། བཟླས་པའི་སྐྱོན་དུ་གྱུར་པ་ལ་སོགས་པ་དང་། ཞི་ཁྲོ་ཀུན་འདུས་ཀྱི་སྙིང་པོ་ཡིག་བརྒྱ་ལན་གསུམ་གྱིས་ཐུགས་ཏིང་ངེ་འཛིན་གྱི་འཕྲོ་འདུའི་རིམ་པ་ནོར་འཁྲུལ་ཡེངས་པ་དང་མ་གསལ་བ་སོགས་འགལ་ཉམས་ཀྱི་ལྷག་ཆད་ཁ་བསྐང་ཞིང་། ཡེ་དྷ་རྨྰས་ནུས་པ་བརྟན་པར་བྱས་ལ། སྟོང་ཚིག་གི་མཆོད་བསྟོད་ཕུལ་མཐར། སྲུང་འཁོར་མི་བསྡུ་བར་སྦྲ་ཕུབ་པ་ལྟར་བཞག་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྣང་ཆ་ཐམས་ཅད་མི་དམིགས་པའི་དབྱིངས་སུ་བསྡུས་ཏེ་མཉམ་པར་འཇོག །སླར་ཡང་ཐུན་མཚམས་ཀྱི་ལྷར་ལངས་ཏེ་གོ་བགོས་ལ་སྣོད་བཅུད་ཐམས་ཅད་ལྷ་སྔགས་འོད་གསལ་གྱི་འཁོར་ལོས་

p. 690

རྒྱས་བཏབ་ནས་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །དེ་ནས་དགོང་ཐུན་དང་སྲོད་ཐུན་ལ་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས་ཏིང་ངེ་འཛིན་གསུམ་ལ་འཇུག་པས་ཆོག་ཅིང་། ཕྲེང་བ་བྱིན་རླབས་ཀྱང་དོར། སྲོད་ཐུན་གྱི་མཐར་ཆོས་སྐྱོང་སྤྱི་དང་བྱེ་བྲག་ཕུར་སྲུང་དམ་ཅན་གྱི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། ཕྱིར་ནང་ཐོར་ཐུན་གྱི་མགོར་སྔོན་འགྲོ་རྣམས་དང་ཕྲེང་བ་བྱིན་རླབས་སོགས་སྦྱར་སྔ་ཐུན་མན་ཆད་སྔ་ཉིན་ཕྱི་ཐུན་དང་འདྲ། ཚོགས་མཆོད་འབྱོར་ན་སྲོད་ཐུན་ལ་མ་ཆག་པར་བྱ་དགོས་ཀྱང་མི་འགྲུབ་ན་བསྙེན་པ་ཚུགས་པའི་ཐུན་དང་པོ་དང་། གྲོལ་བའི་ཐུན་ཕྱི་མ། ཡར་མར་གྱི་ཚེས་བཅུ་ཉ་སྟོང་བརྒྱད་གསུམ་ལ་ངེས་པར་ཆག་ཏུ་མི་རུང་། མཉམ་བཞག་གི་དུས་སུ་ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་། རྗེས་ཐོབ་ཏུ་སྣང་གྲགས་རིག་གསུམ་ཐམས་ཅད་བདེ་བ་ཆེན་པོའི་རྣམ་རོལ་འབའ་ཞིག་ཏུ་འཆར་བ་ལ་སློབ་ཅིང་། ལེ་ལོ་དང་སྙོམས་ལས་ཀྱི་དབང་དུ་མི་གཏོང་བར་བརྩོན་འགྲུས་དང་འདུན་པ་དྲག་པོས་རིག་པ་དྭངས་སྙིགས་ཕྱེད་པར་བྱས་ཏེ་དྲན་པའི་བྱ་ར་དང་མ་

p. 691

བྲལ་བའི་སྒོ་ནས་བསགས་སྦྱོང་སོགས་བསྒྲིག་ཆགས་ཀྱི་དགེ་སྦྱོར་གཞན་བྱེད་པར་སྤྲོ་ནའང་ཐུན་མཚམས་ངལ་གསོའི་སྐབས་གང་བདེར་བྱས་པས་ཆོག་ཅིང་། གཞན་དུ་ན་ཐུན་མཚམས་སུའང་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་ཞིང་གྲངས་ཚད་ལ་མི་བརྩི། ཁམས་གསེང་ལ་འགྲོ་བ་སོགས་སྟན་ལས་འཕགས་དུས་ཕྲེང་བ་ལ་རྡོ་རྗེའི་མདུད་པ་བྱས་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་བསྲུང་། གཞན་འགྲོ་འཆག་མང་པོ་སྤངས་ཏེ་སྟན་གྱི་དྲོད་མ་ཡལ་བར་སྡོད་ཚུགས་པ་གལ་ཆེ། སྲོད་ལ་སྒྱུ་ལུས་མཆོད་སྦྱིན་དང་ཕྱིར་ཟློག་སོགས་སྦྱོར་བར་སྤྲོ་ནའང་ལེགས་ཤིང་ཉལ་ཁར་ཉིན་རེའི་བསྙེན་པའི་བསྲུང་མཚམས་ལས་ཕྲ་མོ་ཞིག་འགལ་བ་བྱུང་ཡང་ཞག་ཏུ་མི་འགྲོགས་པར་རྩ་བ་གསུམ་ལ་བཤགས་པ་བྱས་ཏེ་ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་གསོལ་བ་དྲག་ཏུ་གདབ། རྣམ་དཀར་གྱི་ཕྱོགས་རྣམས་རློམ་སེམས་དང་བྲལ་བའི་རྫོགས་བྱང་དུ་བསྔོས་ཏེ་གནས་ལུགས་འཛིན་མེད་ཀྱི་རང་ངོ་བསྐྱང་། འདིར་ངེས་པར་གལ་ཆེ་བ་མཉམ་པར་མ་བཞག་པའི་རྣལ་

p. 692

འབྱོར་ཞེས་གཞུང་རྣམས་ལས་མང་དུ་འབྱུང་བའི་དོན་བསྡུ་ན། བིདྱོ་ཏྟ་མ་ལས། བཟའ་བཏུང་གོས་གྱོན་རིམ་པ་དང་། །འགྲོ་ཉལ་འདུག་ལྡང་རྒྱུན་རིང་བྱ། །ཞེས་གསུངས་པ་ལྟར། དགོང་མོ་ཉལ་བའི་དུས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤུནྱ་ཏ་ཧཱུཾ། ཞེས་བརྗོད་ལ་རང་རྡོ་རྗེ་གཞོན་ནུར་གསལ་བའི་ངང་ནས་སེང་གེའི་ཉལ་སྟབས་ཀྱིས་ཆོས་དབྱིངས་ཀྱི་ངང་དུ་ཉལ། ཐོ་རངས་ལྡང་བའི་དུས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཧཱུཾ། ཞེས་བརྗོད་པས་ཆོས་ཉིད་སྐྱེ་བ་མེད་པ་ལས་ལངས་ཏེ། འགག་པ་མེད་པ་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་པར་བསམ། འགྲོ་བའི་དུས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཝཾ་མ་ཡ་དྷརྨ་ཀཱ་ཡ་ཧཱུྃ། ཞེས་བརྗོད་ཅིང་འགྲོ་བ་འདྲེན་པའི་དོན་དུ་འགྲོ་བར་བསམ། འདུག་པའི་དུས་སུ། རང་ཉིད་ལྷའི་ང་རྒྱལ་ལ་གནས་པའི་ངང་ནས་གང་དུ་གནས་པའི་ཁང་པ་དེ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བསྒོམ་ཞིང་འཁོར་དང་ཉེ་གནས་ཐམས་ཅད་སྤྲུལ་པའི་འཁོར་དུ་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཎྜལ་ཧཱུཾ་ཧཱུཾ། ཞེས་བརྗོད། ཁ་ཟས་ཟ་བའི་དུས་སུ། ཨོཾ་ཨཱཿཧཱུཾ་གིས་

p. 693

ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ནས་ལྷ་མཆོད་པའི་ཚུལ་དུ་རོལ་ཞིང་མཁའ་འགྲོ་མ་རྣམས་ལ་ལྷག་མའི་གཏོར་མ་སྔགས་ཙམ་གྱིས་སྦྱིན། བཏུང་བ་སྤྱི་དང་བྱེ་བྲག་ཛ་གད་བཏུང་བ་ལ། ཛ་གད་དེ་ཉིད་ཏྲཾ་ལས་ཡེ་ཤེས་ཀྱི་བདུད་རྩིར་བསམ་ཞིང་། ཨོཾ་ན་མོ་གུ་རུ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷ་ཏི་མ་མ་ཀརྨ་ཛ་གད་པྲ་བ་ཡ་ཁ་རཾ་ཁཱཧི། ཞེས་ལྷ་དང་བླ་མ་མཁའ་འགྲོའི་ཚོགས་ལ་གཡོན་པའི་མཐེབ་སྲིན་གྱིས་འབུལ། ཨོཾ་ཨཱཿཧཱུཾ་གིས་དངོས་གྲུབ་བསྡུས་ནས་ལྷ་ལ་མཆོད་པའི་ཚུལ་དུ་རོལ་པར་བཤད་དོ། །གཙོ་བོ་རང་ཉིད་ལྷག་པའི་ལྷ་རྡོ་རྗེ་གཞོན་ནུའི་ང་རྒྱལ་དང་མི་འབྲལ་བ་དང་། ངག་ཀཱི་ལ་ཡའི་སྒྲ་དང་མི་འབྲལ་བ་དང་། ཡིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་བུ་རྩེ་གཅིག་པ་གསལ་སྟོང་དབྱེར་མེད་པ་དང་མི་འབྲལ་བ་རྣམ་པ་གསུམ་ལ་དྲན་པ་རྒྱུན་ཆད་མེད་པར་བྱས་ཏེ་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར། གཞན་ཡང་བསྙེན་སྒྲུབ་ཀྱི་སྐབས་སུ། གདན་མི་སྤྲུག་ཅིང་དྲོད་མི་ཡལ་བར་བྱེད། སྔས་བླ་མར་མོས་ལ་མི་འགོང་། སྐྲ་སེན་དང་ཁ་སྤུ་མི་འདྲེག །མཚོན་རྩེ་ཁ་ལ་མི་འཇུག་

p. 694

ཅིང་ལུས་ཀྱི་ཆ་ཤས་གང་དུའང་མཚོན་ཁ་མི་བཏབ། ཁ་བཤལ་བ་སོགས་ཁྲུས་མི་བྱ། སྔགས་ནུས་འཇོམས་པའི་ཟས་ཀྱི་སྤང་བྱ་ནི། དུག་རིགས་འདྲེས་པའི་བཟའ་བཏུང་། ཉམས་གྲིབ་དང་འདྲེ་ཅན་གྱི་ཁ་ཟས། སྒོག་བཙོང་དང་། ལ་ཕུག །ལྒ་གཡེར། དམར་ཚྭ། ཟྭ་ཐུག །ཁུར་བ། ལྕེའི་དབང་པོ། ཤ་ཆང་སོགས་ཀྱིས་ནུས་པ་འགྱང་བར་བཤད། འོན་ཀྱང་བག་མེད་མ་ཡིན་པར་བྱིན་གྱིས་བརླབས་ནས་ཤ་ཆང་སོགས་ཁ་ཟས་བཅུད་ཅན་བསྟེན་དགོས་ཏེ། དེའི་དགོས་པ་ལྷ་སྔགས་ཡེ་ཤེས་ཀྱི་རྣལ་འབྱོར་གང་ཡང་རྗེས་ཆགས་བདེ་བ་ཆེན་པོས་རྒྱས་ཐེབས་ཤིང་མཉམ་རྗེས་ཀུན་ཏུ་བདེ་སྟོང་གི་ངར་གདངས་ཤིག་མེད་ཐབས་མེད་པས། དེ་སྐྱེ་བའི་རྒྱུ་ཀུན་རྫོབ་རྒྱུའི་ཐིག་ལེའི་འཕེལ་འགྲིབ་ལ་ལྟོས་པའི་ཕྱིར། རྒྱུད་ལས། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་ཟ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་གསུངས་པ་ལྟར་ཤ་ཆང་བླང་བྱ་དང་། ཐིག་ལེ་ཉམས་པའི་སྐྱོན་ཐམས་ཅད་སྤང་བྱར་གསུངས་པས་དེས་ན་ཐིག་ལེ་ཉམས་པ་ཁྱད་དུ་མི་གསོད་པའི་ཁར་

p. 695

རྨི་ལམ་སོགས་སུ་འཕོ་བའི་རིགས་བྱུང་ནའང་མན་ངག་གཞན་ལས་འབྱུང་བ་བཞིན་བསྲུང་ཐབས་བྱས་ལ་འཕོ་མེད་དུ་འཆིང་བ་གལ་ཆེ། ཐུན་ཚུགས་ནས་བསྡུ་རིམ་མ་གྲུབ་ཀྱི་བར་དུ་ཁམས་གསེང་ལ་འགྲོ་བ་སོགས་ཀྱིས་མཚོན་ལྡང་བའི་རིགས་གཏན་ནས་མི་བྱེད། བཟླ་དུས་མིད་པ་རྒྱུན་གཅོད་ངེས་པར་དགོས་ནའང་གང་ཟག་ཁྲག་རླུང་ཤས་ཆེ་བའི་རིགས་ལ་མིད་པ་འཇུར་བས་རླུང་སྟོད་དུ་འཚང་ཞིང་གྲེ་བ་སྐམ་ནས་བསྐྱེད་བཟླས་བྱེད་དུ་མི་སྟེར་བའི་ཚེ་བཏུང་བ་སོགས་ལོངས་སྤྱད་དགོས་པ་བྱུང་ན། སྤྱད་བྱའི་བཟའ་བཏུང་གང་ཡིན་དེ་བདུད་རྩིར་བྱིན་གྱིས་བརླབས། སྤྱོད་ཡུལ་གྱི་དཀྱིལ་འཁོར་ལེགས་པར་གསལ་བཏབ། སྔགས་བཟླ་འཕྲོས་སྣ་ཕུག་ཏུ་ཕུས་བཏབ་ནས་སྣ་སྒོའི་རླུང་ལས་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་མོས་ལ། ཕྲེང་བ་འཁོར་མཚམས་ནས་བཟའ་བཏུང་བདུད་རྩིའི་ཚོགས་མཆོད་ཕུལ་ཏེ། དེ་འཕྲལ་བཟླས་པར་འཇུག་པ་ལས་བག་མེད་དུ་བཟའ་བཏུང་གང་དགར་མི་སྤྱོད། སྔགས་བཟླ་འཕྲོ་བཞག་ནས་དཔེ་ཆ་བལྟ་བ་དང་ཡི་གེ་འབྲི་བས་མཚོན་ལུས་

p. 696

ངག་ཡིད་གསུམ་གྱི་གཡེང་ཤོར་བའི་རིགས་མི་བྱེད། འོག་སྒོ་ནས་དྲི་ངན་ཤོར་ན་ཐུན་དེའི་སྔ་རོལ་བཟླས་པ་ཇི་ཙམ་སོང་ཡང་གྲངས་ལ་མི་གཏོང་། ཧ་སྦྲིད་དང་སྦྲེག་པ་ཤོར་ན་ཕྲེང་བའི་འཁོར་མཚམས་གང་སླེབས་གྲངས་སུ་མི་གཏོང་བར་དོར་ནས་སླར་མདུད་འཛིན་བསུས་ཏེ་འདྲེན། བཟླས་པའི་མཚམས་སུ་ཅིས་ཀྱང་མི་ལ་ངག་གཏོང་དགོས་པ་བྱུང་ན་ཕ་རོལ་པོ་དེ་ཡི་དམ་གྱི་སྐུར་གསལ་བ་ལ་རང་གི་སྨྲ་བརྗོད་ཐམས་ཅད་སྔགས་ཀྱི་རྣམ་པར་འཕྲོས་ནས་ཐིམ་པར་བསམ་པས་སྔགས་ནུས་མི་ཉམས་པར་བཤད། ཐུན་མཚམས་སུ་གསུར་དང་གཏོར་མ་སོགས་གཏོང་ནའང་རང་ཉིད་ཡི་དམ་ཧེ་རུ་ཀ་གནས་གྱུར་པ་ལས་ཐུགས་རྗེ་ཆེན་པོ་སོགས་སུ་བསྐྱེད་པས་ལས་བྱེད་པར་བསམ་ལ་བསྔོ། ལྷ་གཞན་གྱི་རྒྱུན་ཁྱེར་དམ་ཚིག་གི་བཟླས་པ་བྱེད་པར་འདོད་ན་རང་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་བསྐུལ་ཏེ་ལྷ་གང་དང་གང་གི་སྐུའི་རྣམ་པར་བྱོན་ཏེ་རང་ལ་ཐིམ་པར་བསམ་ཤིང་སྔགས་བརྒྱའམ་ཉེར་གཅིག་བདུན་སོགས་བཟླས་པས་འགྲུབ། དེ་ཡང་ལྷའི་སྣང་ཆ་གསལ་མ་ཐེབས་ན་བསྐྱེད་རིམ་གྱིས་གོ་མི་ཆོད། ང་རྒྱལ་མེད་ན་ཐ་མལ་གྱི་སྣང་ཞེན་

p. 697

མི་ལྡོག །དག་དྲན་མེད་ན་ལྷ་ཞི་བ་བསྒོམ་ཀྱང་རྒྱལ་འགོང་དང་། དྲག་པོ་བསྒོམ་ན་རཱུ་དྲར་གོལ་བར་འགྱུར་བས་ན་གསལ་བརྟན་དག་གསུམ་གྱི་གནད་ལ་འབད། གཞན་ཡང་བདུད་ཀྱིས་ལྷར་བརྫུས་ནས་བར་གཅོད་འབྱུང་བའང་སྲིད་པས་རྟགས་དང་ཆོ་འཕྲུལ་འཚུབས་ལྷོང་སོགས་བཟང་ངན་གྱི་མཚན་མ་ཇི་ལྟར་བྱུང་ཡང་དགག་སྒྲུབ་རེ་དོགས་ཀྱི་བློས་མ་བཅིངས་པར་གདོད་མའི་གནས་ལུགས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཀློང་ཆེན་པོར་ལ་བཟླ། གཞན་ཡང་བསྙེན་པའི་བསླབ་བྱ་ཁྱད་པར་གནད་ཀྱི་ཞལ་ཤེས་ནི། རྩ་བར། བསྙེན་སྒྲུབ་ལ་རྟགས་མ་ཐོན་བར་དུ༔ དང་པོ་ནས་རྣལ་འབྱོར་པ་རེ་དོགས་ཅན་གྱིས་ལྷ་མི་བསྲེལ་ཏེ༔ གང་ཞེ་ན༔ གདོན་ཆེན་པོ་ལ་བྱིན་རླབས་མི་བྱ་སྲིའུ་མི་གསོ༔ སེར་རྒོད་མི་བཟློག༔ གཞན་གྱི་ཟས་གོས་གྲིབ་ཅན་ལ་མི་འབག་གོ༔ བྱས་ན་སྒྲུབ་པ་པོ་ཟག་ལ་འགྲོ་བས་རྟགས་མི་འབྱིན༔ རྟགས་མཚན་མི་ལ་མི་བཤད༔ རེ་དོགས་དང་འཁུ་འཕྲིག་མི་བྱ་སྟེ༔ རྟགས་བཟང་བ་ལ་དགའ་མི་བྲོད༔ ངན་པ་ལ་དོགས་མི་འཚེར༔ ཐམས་ཅད་རྒྱུ་འབྲས་

p. 698

དང་རྟེན་འབྲེལ་དུ་ཤེས་པས་ལྟ་བའི་གདིང་བསྐྱེད་དོ༔ ཞེས་གསུངས་པ་ལྟར་དང་། བསྙེན་པ་མ་རྫོགས་པར་གནས་སྤོས་ན་དངོས་གྲུབ་བོ་ཟག་དོན་མེད་དུ་འགྱུར་བས་གནས་མི་སྤོ༔ ཞེས་ཆོས་དབང་གི་གཞུང་ལས་གསུངས་པ་ལྟར་སྤང་བླང་ཚུལ་བཞིན་དུ་བྱ། སྤྱིར་ལམ་ཟབ་མོ་ཉམས་སུ་ལེན་པའི་སྐབས་འདིར་འཚེ་བའི་རྐྱེན་མང་བས་ལུས་ལ་འབྱུང་བཞིའི་ནད་དྲག་པོས་བཏབ་ནས་གློ་བུར་དུ་སྨན་པ་དང་གྲོགས་སོགས་མཚམས་ནང་དུ་འབོད་དགོས་པའང་སྲིད་པས། དེས་ན་བྱ་བྱེད་སྤྲོ་བསྡུ་གང་ཡང་རྣམ་རྟོག་གི་རྗེས་སུ་འབྲང་བས་དང་པོར་མཚམས་ལ་འཇུག་སྐབས་ནས་ཞེ་མཐུན་གྱི་སྨན་པ་དང་གྲོགས་འཁོར་དངོས་ཆས་སོགས་ཀྱང་དགོས་པ་བྱུང་ན་ཇི་སྙེད་ཅིག་གཏོང་ལེན་བྱེད་སྙམ་པའི་དམིགས་འོག་ཏུ་ཆུག་པ་དགོས། ཕྱིས་དེ་དག་གཏོང་དགོས་བྱུང་ཚེ་མཚམས་ལ་ཧར་གྱིས་གྲོལ་བའི་བར་ཆད་མི་འཇུག་པའི་དགོས་པ་ཡོད་དོ། །དེ་ལྟར་ཐུན་བཞིའི་རིམ་པས་དུས་གྲངས་རྟགས་ཀྱི་བསྙེན་པ་གསུམ་གང་རུང་བྱ་སྟེ། དེ་ལ་དུས་ནི་དགོངས་རྒྱུད་ལས། ཡུན་ནི་ལོ་ཟླ་ཙམ་དུ་བསྲིང་༔ ཞེས་པས་རང་གི་ནུས་པ་དང་སྦྱར་ཏེ་

p. 699

ལོའམ་ཟླ་བའི་གྲངས་འདི་ཙམ་ཞིག་བྱའོ་ཞེས་ཇི་ལྟར་དམ་བཅས་པ་ལས་མི་འདའ་བར་བྱ་ཞིང་། གཞན་ཡང་ཇི་སྐད་དུ། ཞག་ནི་སུམ་ཅུ་ཕྲག་དྲུག་གམ༔ ཞེས་པས་བསྙེན་སྒྲུབ་སོ་སོར་ཟླ་བ་དྲུག་རེ་སྟེ་ཁྱོན་ལོ་གཅིག་ཡན་ཆད་དམ། ཡང་ན་བསྙེན་སྒྲུབ་སྤྱིར་ཟླ་བ་དྲུག་གི་དབང་དུ་བྱས་ཏེ། འདིར་བསྙེན་པ་ལ་དེའི་ཕྱེད་ཆ་ཟླ་བ་གསུམ་ཡན་ཆད་དོ། །གྲངས་ཀྱི་བསྙེན་པ་ནི། དགོངས་རྒྱུད་ལས། བསྙེན་སྒྲུབ་ཆོ་ག་ཚང་བྱས་ནས༔ ཛཔྲ་གྲངས་བདུན་འབུམ་ཉི་ཁྲི་འདོན༔ ཞེས་པ་ལྟར་གྲངས་ཚད་བདུན་འབུམ་ཉི་ཁྲི་ཡན་ཆད་སྤྱིར་བཏང་ཡིན་ལ། དམིགས་བསལ་དུ་དབང་པོ་རབ་ཀྱིས་འབྲུ་འབུམ། འབྲིང་གིས་དེ་ཉིས་འགྱུར། ཐ་མས་སུམ་འགྱུར་གྱིས་ངེས་པར་འགྲུབ་པར་གསུངས། ཤིན་ཏུ་སྙིགས་མའི་དུས་འདིར་འགྲུབ་ན་བྱང་གཏེར་ཕུར་པ་ལས། ས་ཡ་དྲུག་འབུམ་བསྙེན་པའི་ཚད༔ འབུམ་ཚོ་བརྒྱ་དང་དྲུག་ཡིན་ནོ༔ ཞེས་གསུངས་པ་ལྟར་འགྲུབ་ན་མཆོག་ཏུ་འགྱུར། འོན་ཀྱང་གང་ཟག་སྦྱངས་པ་སྔོན་སོང་བསྙེན་སྒྲུབ་ཀྱི་ལས་འཕྲོ་ཅན་ལ་ནི་དུས་གྲངས་མི་ངེས་ཏེ།

p. 700

གཞུང་ལྟར་རྟགས་དང་མཚན་མ་ཞག་གཅིག་ནས་ཐོན་ནའང་བསྙེན་པ་རྫོགས་པ་སྟེ་གང་དགོས་ལས་ལ་སྦྱར་བས་འགྲུབ་པ་ཡིན་ནོ། རྟགས་སམ་མཚན་མའི་བསྙེན་པ་ནི། རྣལ་འབྱོར་པ་རབ་ལ་སྐུ་གསུང་ཐུགས་ཀྱི་རྟགས་བདུན་གསུམ་ཉེར་གཅིག་མངོན་སུམ་འབྱུང་། འབྲིང་ལ་དེ་དག་ཉམས་སྣང་དུ་འབྱུང་། ཐ་མ་རྣམས་ལའང་གཞུང་ལས། སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་གནས་ཤིང་གསལ་བ་དང་༔ བླ་མ་ལ་མོས་གུས༔ ཡི་དམ་ལ་དག་སྣང་༔ སྒྲུབ་པ་ལ་སྤྲོ་ཞིང་བློ་དཔའ་བ་དང་གདིང་ཡོད་པ༔ རྨི་ལམ་དུ་མཆོད་རྟེན་དང་རི་མགོ་རྩེར་འདུག་པ༔ རྔ་བརྡུང་༔ དར་འཕྱར༔ དུང་འབུད༔ ཉི་ཟླའི་སྟེང་དུ་འདུག་པ༔ ལྷའི་ཞལ་མཇལ༔ སྒྲུབ་ཕུར་རྣམས་ལས་འོད་འཕྲོ༔ འཕར་ལྡིང་བཞད་པ་ལྷ་མོའི་གཟུགས་སྟོན་པ༔ དབང་བསྐུར་ཆོས་བཤད་ཁྲི་ཆེན་ལ་འདུག་པ༔ གྲུ་ཆེན་ལ་འདུག་པ༔ གྲུ་པ་མཉན་པ་སྡེ་དཔོན༔ ཁྲོམ་གྱི་ཁ་ལོ་བསྒྱུར་བ་འབྱུང་ངོ་༔ ཞེས་གསུངས་པ་ལས་སྐུ་གསུང་ཐུགས་ཀྱི་རྟགས་སྣ་གསུམ་རྫོགས་ན་བསྙེན་ཚད་རྫོགས་པའི་རྟགས་སུ་

p. 701

གསུངས་སོ། །སྐབས་འདིར་སྔོན་ལས་ཀྱི་དབང་གིས་ཇི་ལྟར་བསྒྲུབས་ཀྱང་བར་ཆད་ན་ཚ་སོགས་མི་ཤིས་པ་མང་ཞིང་རྟགས་མཚན་གང་ཡང་མ་མཐོང་བའམ་ལོག་པར་མཐོང་ན་སྔོན་གྱི་ལས་འཕྲོ་མེད་པའམ། དམ་ཚིག་ཉམས་པ་དང་། ཆོ་ག་ཕྱག་ལེན་འཁྲུགས་པ། སྔགས་དང་བཟླས་བརྗོད་མ་དག་པ། བརྒྱུད་པ་ལ་སེལ་ཞུགས་པ། སྒྲུབ་རྫས་མ་ཚང་བ། དམིགས་པའི་ཏིང་ངེ་འཛིན་མ་གསལ་བ། གཡེང་བ་ལ་སོགས་པའི་སྐྱོན་ཅན་ཡིན་པས། དེ་ལ་བསོད་ནམས་ཚོགས་ཀྱི་དཔུང་བསྐྱེད། བཤགས་པ་དང་ཡིག་བརྒྱ་མང་དུ་བཟླ། བདག་ཉིད་དང་སྒྲུབ་རྫས་ལག་ཆ་རྣམས་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ནས་དབྱུང་། རབ་གནས་བསྐྱར། བླ་མ་བརྒྱུད་པ་མཚན་ཉིད་དང་ལྡན་པ་ལས་དབང་ལུང་ལག་ལེན་ཐམས་ཅད་བསྐྱར་ནས་ཞུ་ཞིང་ཞུན་ཐར་བཅད། ཡི་དམ་ལ་ཚོགས་དང་བསྐང་གསོལ་བྱ། ཡན་ལག་བདུན་པ་དང་མཎྜལ་མང་དུ་ཕུལ་ཞིང་གསོལ་བ་གདབ་ལ་དངོས་གྲུབ་ཞུ། ཚེ་འདིའི་ཆེད་གཉེར་ཆགས་ཞེན་གྱི་བློ་སྣ་རིང་དུ་དོར། སྟོང་པ་ཉིད་ཀྱི་གདིང་བཅའ། བྱམས་

p. 702

སྙིང་རྗེ་བྱང་ཆུབ་ཀྱི་སེམས་དཔང་དུ་བཙུགས་ཏེ་བརྩོན་འགྲུས་དྲག་པོས་བསྒྲུབ། དེས་ཀྱང་མ་འགྲུབ་ན་སྒྲུབ་པ་ལན་གསུམ་མ་ལྔའམ་བདུན་སོགས་རྫོགས་ན་ལས་འཕྲོ་ཇི་ལྟར་ངན་ཀྱང་འགྲུབ་པར་གསུངས་སོ། །དེ་ལྟར་བསྙེན་པ་ཐེམས་ནས་བསྙེན་སྒྲུབ་སྦྲེལ་མར་བྱེད་པའི་སྐབས་སུ་འདིར་དངོས་གྲུབ་ལེན་ཆོག་རྒྱས་པ་མི་དགོས་ཤིང་། སྤྲོ་ན་མདུན་རྟེན་ལྷར་གསལ་བ་ལས་ཏིང་ངེ་འཛིན་གྱི་དབང་ཙམ་བླང་ནས་སྒྲུབ་པ་ལ་འཇུག་པར་བྱའོ། །གཉིས་པ་སྒྲུབ་པ་ནི། གོང་གི་བསྙེན་པ་གྲུབ་པའི་དགོང་མོར་སྔར་བསྙེན་དུས་དཀྱིལ་འཁོར་བཤམས་ཚེ་དེ་ཀའི་སྟེང་དུ་སྦམ་ཕུར་བཀོད། གལ་ཏེ་སྔར་ཐོད་དཀྱིལ་ཁོ་ནར་བརྟེན་པ་ཡིན་ན་འདིར་དཀྱིལ་འཁོར་རས་བྲིས་བཀྲམ་པའི་སྟེང་སྔར་གྱི་ཐོད་དཀྱིལ་ལ་ལྷ་ཕུར་ཚང་མ་སྦམས་ཏེ་བཙུགས་པ་ཉིད་བཀོད། སྔར་གཙོ་ཕུར་ལས་མེད་ན་སྐབས་འདིར་ལྷ་ཕུར་ཚང་མའམ། མ་འབྱོར་ན་དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་ཚོན་སྤུངས་སམ་ཕྱག་མཚན་ནམ་འབྲུའི་ཚོམ་བུ་བཀོད། སྒྲུབ་གཏོར་དང་ཆོས་སྲུང་གི་གཏོར་མ་སྨན་རཀ་རྣམས་སྔར་གྱི་དེ་ཀ་གསོས་པས་ཆོག །སྐབས་འདིར་ཕྱི་ནང་གི་མཆོད་པ་དང་

p. 703

དཀྱིལ་འཁོར་གྱི་རྒྱན་ཅི་འབྱོར་བཀྲམ། དེ་ལྟར་གྲབ་ཤོམ་ཚར་བའི་ནུབ་རྒྱུན་བསྙེན་མ་ཆག་ཙམ་བཟླས་རྗེས་ཉལ། སང་ཉིན་ཞོག་ཐུན་ནས་བརྩམས་ཏེ་སྐྱབས་སེམས་བཀའ་བསྒོ་སོགས་སྔོན་འགྲོའི་རིགས་གྲུབ་ནས། ཏིང་འཛིན་རྣམ་གསུམ་ནས་བཟུང་རང་དང་མདུན་གྱི་དཀྱིལ་འཁོར་སྒྲུབ་རྟེན་ཕུར་བུ་དང་བཅས་པ་དམ་ཚིག་གི་འཁོར་ལོར་དབྱེར་མེད་དུ་བསྐྱེད་པའི་ཁྱད་པར་ཙམ་མ་གཏོགས་གཞན་བསྟོད་པའི་བར་བསྙེན་པ་ལྟར་ལས་གཞུང་བསྲང་ཞིང་། སྐུ་གསུང་ཐུགས་ཀྱི་ཛཔྲ་དགོངས་གསུམ་བསྙེན་དུས་ལྟར་ལས། ཁྱད་པར་སྒྲུབ་པའི་ཡན་ལག་གི་དམིགས་པ་ནི། བདག་གི་ཞལ་གསུམ་ཀ་ནས་ཀཱི་ལ་ཡ་བཟླས་པས་དབུ་རྒྱན་གྱི་ཁྲག་འཐུང་རིགས་ལྔ། བ་སྤུའི་བུ་གའི་ཁྲོ་ཆུང་རྣམས་དང་། ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྒོ་སྐྱོང་དམ་ཅན་བཀའ་སྡོད་སོགས་ལྷར་གསལ་བ་ཐམས་ཅད་ཀྱིས་དུས་གཅིག་ཏུ་སྔགས་བཟླ་ཞིང་། དེ་བཞིན་དུ་མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བཞུགས་པ་རྣམས་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་ཡི་དམ་གྱི་སྐུར་གྱུར་པས་སྔགས་སྒྲ་དི་རི་རི་སྒྲོགས་པར་

p. 704

བསམ་པ་བུང་བ་ཚང་ཞིག་གི་ཚུལ་ཁྱད་པར་དུ་བྱས་པའི་བཟླས་པ་སྔོན་དུ་བཏང་རྗེས། འདིར་ཡོན་ཏན་ལ་དམིགས་པའི་ཛཔྲ་དགོངས་གཙོ་བོར་བྱ་སྟེ། བདག་ཉིད་ལས་མདུན་རྟེན་གྱི་དཀྱིལ་འཁོར་ཕཊ་ཛཿས་ཕྱེས་པ་མདུན་གྱི་ནམ་མཁར་བཞུགས་པར་མོས། བདག་གི་ཐུགས་ཀའི་སེམས་དཔའ་སུམ་བརྩེགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་དང་། གཙོ་བོ་ཁྲོ་ཚོགས་སྲས་མཆོག་སྒོ་མ་དམ་ཅན་གྱི་ཕུར་བུ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་དམར་པོའི་རྣམ་པར་ལྷ་སོ་སོའི་ལྟེ་བ་ནས་བྱུང་། བདག་གི་ལྟེ་བར་བཞུགས། ཐུགས་ཀའི་ས་བོན་ལ་ཐིམ། སླར་ཐུགས་ཀ་ནས་སྔར་བཞིན་སྤྲོས་པ་མགལ་མེ་ལྟར་འཁོར་བར་དམིགས་ནས་ཛཔྲ་བཟླ་ཞིང་། ཐུན་མཐར་མཆོད་ཅིང་བསྟོད། ཐུན་བཞིའི་གཅོད་ཚུལ་དང་སྔོན་འགྲོ་རྒྱས་བསྡུས་ཀྱི་འདོར་ལེན་སོགས་སྔར་བསྙེན་པ་ལྟར་ལས། འདིར་སྲོད་ཐུན་གཅིག་ལ་ཚོགས་གཏོར་ཀྱང་ཅི་འགྲུབ་བྱ་ཞིང་ལྷག་མ་བཙོན་དུ་འཛིན་པ་སོགས་སྤྱི་ལྟར་རོ། །

p. 705

ཚུལ་དེས་སྒྲུབ་པ་རྫོགས་པར་ཉེ་བའི་མཐའི་ཞག་བདུན་ཕྲག་གསུམ་ཙམ་གྱི་རིང་སྔར་བཞིན་སྐུ་གསུང་ཐུགས་ཡོན་ཏན་བཞིའི་ཛཔྲ་དགོངས་དང་ལྡན་པས་ཛཔྲ་བཟླས་མཐར་དམིགས་པ་འདི་ཉིད་བསྣན་ཏེ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཁྱབ། འབྱུང་བཞི་རིན་ཆེན་སྨན་རྫས་ཐམས་ཅད་ཀྱི་ཚེ་རིང་ནད་མེད་གདོན་སེལ་བྱེད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་ཚེ་བསོད་དཔལ་གྲགས་གཟི་མདངས་བསྐྱེད། ཁྱད་པར་འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར། བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་འཕྲོས་པས་ལས་ཉོན་མ་རིག་པའི་བག་ཆགས་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འཕྲོས། མཉེས་མཆོད་ཕུལ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཨོཾ་ཨཿཧཱུཾ་གི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པས་ལས་ཉོན་བག་ཆགས་དང་བཅས་པ་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་

p. 706

ཀྱི་དངོས་གྲུབ་ཐོབ་པར་བསམ། ཡང་འབྲུ་གསུམ་གྱི་རྣམ་པར་བསྡུས་ནས་རྟེན་རྫས་ཐམས་ཅད་ལ་ཐིམ་པས་འབར་འཁྲབ་འཁོར་ཞིང་དྲི་བཟང་དང་དུ་བ་སོགས་བྱུང་བར་བསམ་ལ་འབྲུ་བཅུ་བདུན་པ་ཉིད་བཟླའོ། །དེའང་རྩ་སྒྲུབ་ལས། དེ་ལྟར་འོད་ཟེར་སྤྲོ་བསྡུ་མ་ཡེངས་པར་ཞག་སུམ་ཅུ་ཕྲག་གསུམ་མམ་མཚན་རྟགས་མ་བྱུང་གི་བར་འབད་པས༔ རྟགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ༔ རབ་རྣམ་སྨིན་གྱི་ལུས་འདི་ལྷར་འགྱུར་བའམ༔ འབྲིང་དུ་ཞལ་མཐོང་ལུང་སྟོན་གསུང་དང་ཆོས་སྟོན་པ༔ ངག་བདེན་པ་འགྲུབ་པ་རྣམས་འབྱུང་༔ ཐ་མ་ཡང་རྨི་ལམ་དུ་ཞལ་མཇལ༔ དགྲ་བགེགས་ཚར་བཅད་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ༔ དེ་ཚེ་སྒྲུབ་ཕུར་རྣམས་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་གཏུགས་ཏེ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་ཐོབ་པར་བསམ༔ ཐོབ་ཀྱང་ངེས་པར་འཐོབ་པ་ཡྀན་ནོ༔ ཞེས་གསུངས་པ་དང་། དེར་མ་ཟད་གྲུབ་པའི་རྟགས་ཕུར་བུ་འཕར་ཞིང་མེ་ལྟར་འབར་ན་རིག་འཛིན་གྱི་རྒྱལ་པོར་འགྱུར་བ་དང་། སངས་རྒྱས་ཀྱི་ཞལ་མཐོང་བ་སོགས་འགྱུར། འབྲིང་དུ་བ་

p. 707

བྱུང་ན་མི་སྣང་བ་སོགས་དང་། དྲོ་བར་གྱུར་ན་རྐང་མགྱོགས་སོགས་ཀྱི་དངོས་གྲུབ་ཐོབ་པར་གསུངས་མོད། དེ་ལྟར་མ་འགྲུབ་ནའང་ཐ་མ་ཞི་རྒྱས་སོགས་ལས་ཕྲན་ཚེགས་རྣམས་བཏབ་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །དུས་བཤད་མ་ཐག་པ་ལྟར་ལ། གྲངས་བདུན་འབུམ་ཉི་ཁྲི་གཙོ་བོར་བཟུང་ངོ་། །གསུམ་པ་ལས་སྦྱོར་ནི། རང་དོན་བྱང་ཆུབ་ནར་མར་སྒྲུབ་པའི་སྐབས་འདིར་སྒྲུབ་པ་ཆེན་པོའི་ཡན་ལག་དངོས་བསྟན་དངོས་གྲུབ་ལེན་པ་སྟེ། དེའང་གྲུབ་པའི་མཚན་མ་མཐོང་བའམ་དུས་གྲངས་ཐེམས་ནས་སང་ནངས་པར་དངོས་གྲུབ་ལེན་པའི་དེ་རིང་གི་དགོང་ཐུན་ནས་མཆོད་གཏོར་བཟང་དུ་བཤམ། གཏའ་གཏོར་རྙིང་པ་ཁ་གསོ། བྷཉྫ་མཚན་ལྡན་དུ་ཆང་བཟང་པོ་ལ་ཨ་མྲྀ་ཏ་མངར་གསུམ་བཏབ་པ་ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ་བཞག །སྣོད་བཟང་པོར་ཕྱེ་མར་ཨ་མྲྀ་ཏ་དང་སྤོད་ཀྱིས་བྲན་པ་ལས་དངོས་གྲུབ་ཀྱི་རྫས་དབུས་སུ་རིན་ཆེན་འབར་བའི་ནང་དུ་འདོད་དོན་གྱི་གསོལ་བྱང་བཅུག་པ། དེའི་ཤར་དུ་འབྲང་རྒྱས་ཟླུམ་པོ། ལྷོར་གྲུ་བཞི། ནུབ་ཏུ་ཟླ་གམ། བྱང་དུ་ཟུར་གསུམ་

p. 708

རྣམས་བཀོད། རིལ་བུ་དང་བདར་བུ་ཅི་རིགས་པས་ཟླུམ་ཐབས་སུ་བསྐོར་ཞིང་། ཚེ་འབྲང་དང་ཚེ་ཆང་ཡང་བཤམ། ནུབ་ཐ་མའི་ཐོར་ཐུན་ལ་སྔོན་འགྲོ་ནས་བརྩམས་བཟླས་པའི་བར་སྔར་གྱི་དཀྱུས་བཞིན་དང་། ཚོགས་བསྒྲལ་བསྟབ་ཀྱི་བར་ལས་གཞུང་བསྲང་རྗེས། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔྲ་དགོངས་སྙིང་པོ་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ། སྡུད་བྱེད་ཀྱི་སྙིང་པོ་བུ་གར་ཨོཾ་དཀར་པོས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨེ་གྲུ་གསུམ་གྱི་དབུས་སུ་འབེབས་བྱེད་ཀྱི་སྙིང་པོ་ཨེ་དམར་པོས་མཚན་པར་བསམ་ལ། མཁའ་གསང་སྦྱར་ཏེ་སྙོམས་པར་ཞུགས་པས་ཡུམ་གྱི་དུང་ཁང་ན་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཚོན་གང་བ་བཞུགས་པ་རྣམས་བསྐུལ། སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་དཀར་པོ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་རྩ་དབུ་མ་ནས་བྱུང་། ཡུམ་གྱི་མཁར་བབས་དཀར་དམར་འདྲེས་ནས་དངོས་གྲུབ་ཀྱི་རང་བཞིན་དུ་འཁྱིལ་བ་དེ་ཨོཾ་ཨཱཿཧཱུཾ་གསུམ་དུ་གྱུར་པ་བདག་ཉིད་ཀྱི་རྡོ་རྗེ་

p. 709

ནང་དུ་རྔུབས་ཏེ་ཐུགས་སྲོག་ཧཱུཾ་ལ་ཐིམ། ཐུན་མོང་གི་ཚེ་བསོད་དཔལ་གྲགས་རྒྱས། སྣང་བ་དབང་དུ་འདུས། གཟི་བརྗིད་འོད་དུ་འབར། ལོ་བཅུ་དྲུག་གི་ན་ཚོད་དུ་གྱུར། མཆོག་གི་དངོས་གྲུབ་བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ། སྙིང་པོ་ལ་ཨོཾ་ཨཱཿཧཱུཾ་སརྦ་སིངྡྷི་ཨཱཿཞེས་བཏགས་པ་བརྒྱ་སྟོང་སོགས་དྲག་ཏུ་བཟླ། མཐར་ཕྲེང་བ་ལག་གཡས་སུ་ཐོགས། གཡོན་པའི་མཛུབ་མོ་དང་མཐེའུ་ཆུང་བསྒྲེང་། གུང་སྲིན་མཐེ་བོང་སྦྱར་བ་རྟ་མགོའི་ཕྱག་རྒྱ་བྱས་ཏེ། ཐུགས་སྲོག་འོད་ཟེར་གྱིས་བསྐུལ་བས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་དང་། ཁྱད་པར་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་མཆོག་དང་ཐུན་མོང་ཡིད་ལ་ཅི་འདོད་པ་ཐམས་ཅད་དངོས་གྲུབ་ཀྱི་རྫས་ལ་དྲག་ཏུ་ཐིམ་ནས་རྫས་རྣམས་འདོད་རྒུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛ༔ ཧཱུཾ་བཾ་ཧོ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུཾ༔ སརྦ་སིདྡྷི་ཧྲཱིཿ ཞེས་

p. 710

བཟླས་པས་རྫས་རྣམས་ལ་རབ་འོད་འབར། འབྲིང་ཁོལ། ཐ་མ་རླངས་སམ་དྲི་བྱུང་བའམ། གལ་ཏེ་དེ་ཙམ་མ་བྱུང་ནའང་ཐོར་ཐུན་གྱི་མཐའི་སྐྱ་རེངས་ཤར་བ་དང་དངོས་གྲུབ་བླང་སྟེ། ཀ་པཱ་ལ་མཚན་ལྡན་དུ་ཁྲག་ཆང་ཨ་མྲྀ་ཏ་དང་མངར་གསུམ་སྦྱར་བ་ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་སྦར་བ་ཐོགས་ཏེ། ཧོཿདཔལ་ཆེན་ཡབ་ཡུམ་འཁོར་དང་བཅས༔ དང་པོ་ཆོས་དབྱིངས་ཡེ་ཤེས་ལྷ༔ བར་དུ་བདག་གི་ཡི་དམ་ལྷ༔ ད་ལྟ་ལྷ་དང་གཉིས་སུ་མེད༔ གཉིས་མེད་རོལ་པའི་མཁའ་དབྱིངས་སུ༔ སྨན་རཀ་བདུད་རྩི་སྦྱར་བས་མཆོད༔ མཆོད་འབུལ་ཛཔྲ་དགོངས་དངོས་གྲུབ་སྩོལ༔ ཞེས་དང་། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མཧཱ་རཀྟ་ཁ་རཾ་ཁཱཧི༔ བདག་ཉིད་རྩ་བའི་ལྷ་ཚོགས་ཞལ་དུ༴ ཕྱོགས་བཅུ་ཁྲོ་བོའི་ལྷ་ཚོགས་ཞལ་དུ མཚན་མ་རྫས་ཀྱི་ལྷ་ཚོགས་ཞལ་དུ ཕུར་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ ཞེས་ཁྲག་ཆང་མཐེབ་སྲིན་གྱིས་འཐོར་ཞིང་མཆོད། དངོས་གྲུབ་ཀྱི་རྫས་རྣམས་ཐོགས་ལ། ཧཱུཾ༔ སྲིད་པའི་ཕུར་བུ་སྒྲུབ་

p. 711

པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་དགོངས༔ དང་པོ་བསྙེན་པའི་དབུ་ཚུགས་ནས༔ དོ་ནུབ་ཕར་བཅད་ཞག་གྲངས་ཐེམས༔ བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཚང་༔ འགྲོ་བ་མ་ལུས་བསྒྲལ་སླད་དུ༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་སྦྱོར༔ གསང་བ་བྱང་སེམས་དངོས་གྲུབ་སྩོལ༔ ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་དང་༔ ཟ་བྱེད་གསོད་བྱེད་སྤྲུལ་པར་བཅས༔ ཕྱོགས་བཅུར་དབང་དང་ཕྱོགས་སྐྱོང་འདུལ༔ དབང་བཅུ་ཡོངས་རྫོགས་དངོས་གྲུབ་སྩོལ༔ དཔལ་ཆེན་སྐུ་གསུང་ཐུགས་ལས་སྤྲུལ༔ ཁྲོ་རྒྱལ་འབུམ་ལས་མཐུ་སྟོབས་འཕགས༔ ཁྲོ་རྒྱལ་ཀུན་འདུས་ཀཱི་ལ་ཡ༔ ཁམས་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ༔ གསེར་དངུལ་ཟངས་ལྕགས་ལྷ་ཕུར་བཞི༔ བསྙེན་ཅིང་སྒྲུབ་པའི་ལྷ་ལགས་ཀྱི༔

p. 712

ཞི་རྒྱས་དབང་དྲག་དངོས་གྲུབ་སྩོལ༔ དཔལ་གྱི་བཀའ་གཉན་སྒྲུབ་མཆོག་སྐྱོང་༔ ཤྭ་ན་བདག་ཉིད་ས་བདག་བཞི༔ ཚེ་དབང་ལོངས་སྤྱོད་གྲུབ་རྟགས་རྣམས༔ མཐུ་བྱིན་དྲག་པོའི་དངོས་གྲུབ་སྩོལ༔ བསེ་ལྕགས་དུང་ཚོགས་སྐྱེས་བུ་གིང་༔ མ་བདུན་སྲིང་བཞི་དབང་ཕྱུགས་ཚོགས༔ དྲག་རྩལ་དངོས་གྲུབ་རྒྱ་མཚོའི་མཛོད༔ ཕྲིན་ལས་ཡིད་བཞིན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་ཡུ་ཥེ་ཛྙཱ་ན་ན་ན་ཁ་དྷེ་སརྦ་སིདྡྷི་གུ་ཎ་ཕ་ལ་ཧོཿསིདྡྷི་སིདྡྷི་ཧཱུཾ་ཧཱུཾ་ཨ་ཨ་ཨ༔ ཞེས་བརྗོད་ལ་སྒྲུབ་རྟེན་གནས་གསུམ་དུ་གཏུག་ཅིང་དམ་རྫས་རྣམས་ལ་ལོངས་སྤྱད་ནས། ལྷ་དང་དངོས་གྲུབ་འོད་དུ་ཞུ་བ་བདག་གི་ཐུགས་སྲོག་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ། དེའི་ཚེ་སྒྲུབ་རྟེན་ཕུར་བུ་རྣམས་འཕར་ཞིང་འབར་བ་དང་དུ་བ་སོགས་ཀྱི་རྟགས་བྱུང་ན་ཐེ་ཚོམ་མེད་པར་ལྷ་ལ་ཕྱག་བྱས་ནས་གཡས་པས་བླངས་ཏེ་དངོས་གྲུབ་བླང་བ་ཡིན་མོད་ཀྱི། རྟགས་མཚན་མངོན་དུ་མ་བྱུང་ནའང་འདིར་རང་གི་གནས་གསུམ་དུ་གཏུག་ཅིང་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པར་གསོལ་བ་བཏབ། སྒྲུབ་གཏོར་ལྷར་

p. 713

གསལ་བའང་གནས་གསུམ་དུ་རེག་ཅིང་དབང་བླངས་ནས་ལྷ་འོད་དུ་ཞུ་བའི་གཏོར་རྫས་བདུད་རྩིར་མོས་ཏེ་མྱང་བས་རྩ་ཁམས་ཐམས་ཅད་ཡེ་ཤེས་ཀྱིས་ཁྱབ་པར་བསམ། དངོས་གྲུབ་ཀྱི་རྫས་ཆ་བཞིར་བགོས་པའི་གཅིག་བླ་མ་དང་། གཅིག་རིག་འཛིན་ལ་འབུལ། གཅིག་བདག་གིས་རོལ། གཅིག་སྒྲུབ་གྲོགས་ལ་སྟེར། དེ་ནས་ནམ་ལངས་པ་དང་རང་གཞུང་གི་རྒྱུན་གཏོར་དང་སྲུང་མའི་གཏོར་ཆོག་རྣམས་རྒྱས་པར་བྱ་ཞིང་། དེ་ཉིན་ལྷག་ཆོག་དང་སྦྲེལ་ཏེ་སྔར་གྱི་ལྷག་མ་རྣམས་ཀྱང་ཕྱི་རོལ་དུ་བཏང་ལ་སྨོན་ལམ་བྱ། སྒྲུབ་གཏོར་ཆ་གསུམ་དུ་བགོས་པའི་ཆ་གཅིག་སྒྲུབ་ཁང་གི་འོག་ཏུ་སྒྲུབ་གཞུང་ལྟར་གཏེར་དུ་སྦ། ཆ་གཅིག་སྦྱིན་སྲེག་གི་དུས་རྫས་ལ་འབུལ། ཆ་གཅིག་གཏོར་མ་གཞན་རྣམས་དང་བསྡེབ་ནས་ཕྱིར་བསྣུར་ཏེ་ཐ་ཚིག་གི་ཆད་མདོ་བསྒྲག་ཅིང་གཏོར་ཟོར་འཕང་། བརྟན་མ་བསྐྱངས་ལ་དཔལ་གྱི་བྲོ་བརྡུང་། ཚེ་འགུགས་བྱ། དེ་ནས་དཀྱིལ་འཁོར་པ་ལ་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་མཐར་རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ། རས་བྲིས་ཡིན་ན་བརྟན་

p. 714

བཞུགས་བྱ། དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལངས་པས་རྟག་ཆད་ཀྱི་མཐའ་བསལ་ནས་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན། བསྙེན་མཚམས་ཀྱི་ཁོངས་དེ་གར་ཞི་བའི་སྲེག་བླུགས་ཀྱང་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསགས་དགོས་པ་ལས། དེའི་ཆོ་ག་རྒྱས་པ་ལོགས་སུ་ཤེས་ལ། འདིར་ཁ་སྐོང་འཇུག་བདེའི་མེ་མཆོད་སྤྲོས་པ་བསྡུ་བར་འདོད་ན། མདུན་དུ་ཞི་བའི་ཐབ་དཀྱིལ་སྤྱི་ལྟར་རམ་མེ་སྣོད་སོལ་མེས་བཀང་བས་ཀྱང་རུང་། ཡམ་ཤིང་། མར་ཁུ། ཏིལ་དང་ཡུངས་ཀར་མེ་ཏོག་འབྲུ་སྣ་དཀར་པོའི་རིགས་འདུ་བྱ། རྫས་རྣམས་འབྲུ་གསུམ་ཞུ་བ་ལས་བྱུང་བའི་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུཾ་ལན་བདུན་གྱིས་བརླབ། མེ་ཐབ་བསང་སྦྱང་། སྟོང་བའི་ངང་ལས་མདུན་དུ་ཧཱུཾ་ཡིག་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་གདབ། ཨགྣེ་ཛྭ་ལ་རཾ་གྱིས་མེ་དུ་བ་མེད་པར་འབར་བ་ཐབ་ཏུ་བཞག་ནས། མེའི་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་རང་རྩལ་སྤྲུལ་པའི་འཁོར་ཚོགས་

p. 715

དང་བཅས་པ་སྐད་ཅིག་གིས་སད་པར་མོས། གཙོ་འཁོར་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ནས་འོད་ཟེར་དཀར་པོ་ཟླ་བའི་བདུད་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཞི་བའི་ལས་རབ་འབྱམས་བསྒྲུབ་པར་བསམ་ལ། རྩ་སྔགས་འབྲུ་བཅུ་བཞི་པའི་ཤམ་དུ། ཛྭ་ལ་རཾ་སརྦ་ཀརྨ་ཀུ་རུ་ཧོཿཞེས་བཏགས་པ་ཁོ་ནས་བརྒྱ་སྟོང་སོགས་འབུལ་ཞིང་། མཚམས་སུ། རྣལ་འབྱོར་པ་བདག་གི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པ་མི་མཐུན་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ། མཐར་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་མེ་ལྷ་རང་གི་སྙིང་གར་བསྡུ། ཚུལ་དེ་ལྟ་བུས་ཁ་སྐོང་གྲངས་རྫོགས་པ་ན། རྒྱལ་ཐོ་ལ་མཆོད་བསྟོད་སྔར་བཞིན་ཕུལ་ནས་གཤེགས་སུ་གསོལ་ལ་ཐོ་འགྲོལ། དེ་ནས་སྒྲུབ་ཁང་དུ་ཉེ་འཁོར་མཆེད་གྲོགས་སོགས་དམ་ལྡན་དང་འཕྲད་དེ་རིམ་གྱིས་ཕྱི་རོལ་དུ་བདག་གསེང་ཞིང་། ཞག་ཁ་ཡར་ཐག་རིང་དུ་མི་འགྲོ་བར་གནས་སྲུང་བ་བཅས་ཀྱིས་ལེགས་པར་གྲུབ་བོ། །འདི་ནི་བདག་དོན་བྱང་ཆུབ་ནར་མའི་སྒྲུབ་པ་གང་ཟག་གཅིག་

p. 716

གིས་ཉམས་སུ་ལེན་པར་བྱ་བ་ཁོ་ན་སྟེ། གཞན་དུ་ཕྱི་ལྟར་སྤྲོས་བཅས་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཚུལ་ནི་དེ་ཉིད་ཀྱི་ཁོག་དབུབ་ལོགས་སུ་བཤད་པ་ལྟར་ལ། དེ་རྣམས་ནི་སྟོད་ལས་བྱང་ཆུབ་སྒྲུབ་པའི་རིམ་པའོ། ༈ ། ཡང་བདག་གཞན་ཐུན་མོང་དུ་བྱང་ཆུབ་སྒྲུབ་ཅིང་བར་ཆད་འདུལ་ཕྱིར་སྟོད་ལས་སྨད་ལས་སྦྲེལ་ནས་བསྙེན་སྒྲུབ་ལས་གསུམ་ཡོངས་རྫོགས་ཀྱི་ལུགས་ལྟར་ཉམས་སུ་ལེན་པར་འདོད་ན། འཁོར་མང་པོ་དང་བཅས་པའི་ཚོགས་སྒྲུབ་ཡུན་རིང་དེང་དུས་འགྲུབ་དཀའ་བས་སྒྲུབ་གྲོགས་དམ་ཚིག་གཙང་བ་བརྒྱད་དམ་བཞི་སོགས་གང་འབྱོར་ལ་བརྟེན་ནས། ས་ཆོག་དང་ཐིག་ཚོན་གྱི་ཆོ་ག་སོགས་དགོས་མིན་སྐབས་དང་སྦྱར་བ་མ་གཏོགས་སྒྲུབ་ཆེན་གྱི་ས་བཅད་སྦྱོར་དངོས་རྗེས་གསུམ་སྤྱིའི་ཁོག་དབུབ་རག་པ་ཙམ་ཚང་བ་བྱས་ལ། བསྙེན་པའི་སྐབས་རིན་ཆེན་ཟུར་བརྒྱད་ཅན་གྱི་དཀྱིལ་འཁོར་ལ་ལྷ་ཕུར་བཀོད་ནས་སྐུ་གསུང་ཐུགས་ཀྱི་ཛཔྲ་དགོངས་གསུམ་དང་ལྡན་པས་ཐུན་རེར་ཀཱི་ལ་ཡ་འབྲུ་བཅུ་བཞི་སྟོང་ཕྲག །ཁྲོ་བཅུ་བརྒྱ། སྲས་མཆོག་ལྔ་བཅུ་སོགས་འཕྱོང་འབྲུ་གསུམ་དོར་བར་གཙོ་འཁོར་གྱི་འགྲོས་

p. 717

སྦྱར་བ་དང་། སྒྲུབ་པའི་སྐབས་ཕོ་བྲང་གི་དབུས་ཨེ་ཁྲམ་དུ་བསྒྱུར་ལ་ཛཔྲ་དགོངས་སྔ་མ་གསུམ་གྱི་སྟེང་དུ་ཡོན་ཏན་ལ་གཉིས་ཀྱི། རྒྱུན་ཛཔྲ་ཀྱི་དགོངས་པ་ཐུགས་ཀ་ནས་ལྟེ་བར་འཁོར་བ་དོ་ལིའི་དམིགས་པས་གཙོ་འཁོར་ཐམས་ཅད་ཀྱི་སྔགས་ལ་ཛཿཧཱུཾ་ཨཱཿསྦྲེལ་ནས་བཟླ། ལས་སྦྱོར་སྐབས་དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་བྲུབ་ཁུང་ལིངྒ་བཅས་ལ་ཛཔྲ་དགོངས་སྔ་མའི་སྟེང་དུ་དམ་ཅན་ཉེ་བར་བསྙེན་པའི་དམིགས་གནད་དང་བཞི་སྙིང་གཅིག་དྲིལ་བཟླ་བ་སྔོན་དུ་འགྲོ་བས། ཕྲིན་ལས་ལ་དམིགས་པ་དྲག་པོ་སྒྲོལ་བའི་ཛཔྲ་དགོངས་སྦྱར་ཏེ། ལྷ་ཐམས་ཅད་ཀྱི་སྔགས་མཇུག་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་ཕཊ༔ ཅེས་མིང་དང་བསད་སྔགས་སྦྱར་བ་དང་། གཙོ་བོར་སྤུ་གྲིའི་དྲག་སྔགས་བཟླ་ཞིང་། དེ་ཐམས་ཅད་ལ་སྟོང་ཚིགས་ཀྱི་མཆོད་བསྟོད་སོགས་ཕྱག་བཞེས་ལྟར་བསྙེན་སྒྲུབ་ལས་གསུམ་སོ་སོར་རྟགས་གྲངས་དུས་གང་རུང་མཐར་ཕྱིན་པ་དང་། མི་གྲངས་ཀྱིས་ལྕོགས་ན་སྔགས་རྒྱུན་གསུང་མི་འཆད་པ་འགྲུབ་ན་མཆོག་ཏུ་བཟང་། མཐར་གབ་པའི་སྔགས་དྲུག་དང་འབྲེལ་བར་གདབ་ལས་རྒྱས་པར་བྱས་ལ་མནན་སྲེག་འཕང་གསུམ་གྱིས་ལས་མཐའ་བསྡུས་ཏེ་གསོ་བ་གསུམ་

p. 718

བྱ། དེ་ནས་ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔྲ་དགོངས་དང་འབྲེལ་བར་དངོས་གྲུབ་ལེན་ཆོག་བྱ་བ་སོགས་མདོར་ན་སྒྲུབ་ཆེན་སྟོད་ལས་སྨད་ལས་སྦྲེལ་བའི་ཆོ་ག་ཉིད་སྤྲོས་མེད་ཚུལ་གྱིས་གནད་དུ་བསྣུན་པ་སྟེ་མཆོག་ཏུ་ལེགས་པའི་སྒྲུབ་ལུགས་གཅིག་གོ །༈ ། ཡང་རྩ་བའི་བསྙེན་སྒྲུབ་སྔོན་དུ་སོང་ངམ་མ་སོང་ཡང་རུང་སྟེ་གློ་བུར་ཅོག་བརྡུང་རལ་གྲི་ཕྱུང་རྡེག་ཏུ་སྒྲུབ་པར་འདོད་ན། མཚམས་གཅོད་སོགས་སྔོན་དུ་འགྲོ་བས་དཀྱིལ་འཁོར་ཕོ་བྲང་ཨེ་ཁྲམ་དུ་བཞེངས་པ་ལ་ཕུར་བུ་དང་རྒྱན་རྫས་བཀོད་ནས། ཐུན་བཞིར་ལས་གཞུང་བསྲང་ཞིང་དཀྱིལ་འཁོར་གསུམ་གྱིས་བཟླས་བསྙེན་ཅི་འགྲུབ་བྱ་བ་བསྙེན་པ་དང་། སྒྲུབ་པ་ནི། བྲུབ་ཁུང་དུ་ལིང་འཁོར་བཅས་ལ། ཉིན་མཚན་དུ་ལས་བྱང་ཐུན་བཞི་རེ་བསྲང་ནས་དྲག་པོ་སྒྲོལ་བའི་ཛཔྲ་དགོངས་དང་ལྡན་པས་སྤུ་གྲི་དྲག་སྔགས་ཁོ་ན་ཆིག་དྲིལ་དུ་བཟླ། དམ་ཅན་ཉེ་བར་བསྙེན་པའི་དམིགས་གནད་དང་བཅས་བཞི་སྙིང་གཅིག་དྲིལ་བཟླ་ཞིང་དྲག་ཏུ་རྦད། ཚོགས་ཀྱི་སྐབས་ལིང་ཆུང་རེ་ལ་སྔགས་དྲུག་གི་གདབ་ལས་བྱ། ཕུར་ཐུན་

p. 719

སོར་བཞི་པ་ཉེར་གཅིག་སྲས་མཆོག་ཏུ་བསྐྱེད་པ་དང་། ལྕགས་ཟངས་རྡོ་ཕྱེ། ཡུངས་དཀར་ནག །ཐང་ཕྲོམ་འབྲུ། ཀེ་ཚེ། ཤངས་ཚེ། བྲག་ཚེ་རྣམས་ཐུན་དོང་དུ་བླུགས་པ་སྤུ་གྲིས་བསྔགས་ཤིང་སྐབས་འགར་མཚོན་ཆའི་ཆར་དུ་དམིགས་ནས་ལིང་གར་བརྡེག །ལས་སྦྱོར་ནི། རྟགས་བྱུང་ནས་ལས་གཞུང་ཚར་གཅིག་གྱེར་ལ་ལྷ་ཚོགས་ཐམས་ཅད་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཕུར་བུ་འདྲིལ་བར་བསྐྱེད། ཛཔྲ་དགོངས་སྒྲུབ་ཆེན་ལས་བྱང་ལྟར་སྦྱར་ཏེ་སྤུ་གྲི་ལ་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་རྦད་ཕཊ་ཅེས་བཏགས་པ་དྲག་ཏུ་བཟླ། གསེར་སྐྱེམས་གཟུ་དཔང་གི་མཐར་སྔགས་དྲུག་གི་དགོངས་པས་གདབ་ལས་རྒྱས་བར་བྱས་རྗེས་མནན་སྲེག་འཕང་བ་རྒྱས་བསྡུས་གང་འགྲུབ་དང་། དངོས་གྲུབ་བླང་བ་སོགས་རྗེས་ཆོག་རྣམས་གོང་ལྟར་བྱས་པས་འགྲུབ་སྟེ། འདི་ནི་སྨད་ལས་ཀྱི་བསྙེན་སྒྲུབ་ལས་གསུམ་རྐྱང་སྒྲུབ་ཏུ་བྱེད་པའི་སྒྲུབ་ལུགས་གཅིག་གོ །༈ཡང་ཤིན་ཏུ་བསྡུས་པ་བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་དུ་བྱེད་པར་འདོད་ན། དཀྱིལ་འཁོར་གྱི་དབུས་སུ་ཐོད་

p. 720

དཀྱིལ་ཕུར་བུ་དང་བཅས་པ་བཀོད་ཅིང་གཏོར་མཆོད་ཀྱིས་བསྐོར་ལ། ཐུན་བཞིར་ལས་གཞུང་བསྲངས་ཏེ་ཛཔྲ་དགོངས་དང་ལྡན་པས་བཟླ་བྱའི་སྔགས་ཀཱི་ལ་ཡ་འབྲུ་བཅུ་བདུན་གྱི་ཤམ་བུར་མ་རཀྨོ་ཡཀྨོ་སོགས་སྤུ་གྲིའི་དྲག་སྔགས་འདུས་པ་སྦྲེལ་ནས་བཟླས་པས་འགྲུབ་པར་གསུངས་ཏེ། དེའི་ཚེ་ཕྲིན་ལས་ལ་དམིགས་པའི་ཛཔྲ་དགོངས་གཙོ་བོར་བྱ་ཞིང་། ལིངྒ་དངོས་སུ་བཤམས་པ་མེད་རུང་ཏིང་ངེ་འཛིན་གྱི་སྤྲུལ་བའི་བྲུབ་ཁུང་དགྲ་གཟུགས་དང་བཅས་པར་དགུག་བསྟིམ་སོགས་བགྱིས་པས་རུང་སྟེ་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཡིན་པའི་ཕྱིར་རོ། །མཐར་དངོས་གྲུབ་བླང་བ་སོགས་རྗེས་ཀྱི་རིམ་པ་རྣམས་གོང་དང་རིགས་འགྲེ་སྦྱར་བས་འགྲུབ་སྟེ་འཇུག་བདེ་ཟབ་པའི་སྒྲུབ་ཚུལ་གཅིག་གོ །གོང་གི་བདག་དོན་བྱང་ཆུབ་ནར་མར་སྒྲུབ་པའི་བསྙེན་སྒྲུབ་ཐེམས་ནས་དངོས་གྲུབ་ལེན་པ་མ་བྱས་པའི་གོང་དུ་ཡང་སྒྲིལ་གྱི་སྒྲུབ་ལུགས་འདི་བཞིན་སྦྱར་ན་མཆོག་ཏུ་ལེགས་པར་འགྱུར་ཞིང་། གང་ཡང་སྒྲུབ་པ་པོ་རང་རང་གི་བློའི་རྀམ་པ་དང་འཚམས་པར་ཉམས་སུ་བླང་བར་བྱའོ། །དེ་ལྟར་ཕྲིན་ལས་ཕུར་པ་རོལ་པའི་རྣལ་འབྱོར་ལ་ཡི་དམ་དུ་བརྩོན་པའི་ཕན་ཡོན་ཀྱང་

p. 721

རྩ་བར། དེ་ལྟར་ཉམས་སུ་བླངས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་རྫོགས་སུ་ཐོབ་ནས་ཕྲིན་ལས་རྣམ་བཞི་ལྟོས་མེད་དུ་འགྲུབ་སྟེ་འགྲོ་དོན་རྒྱ་ཆེན་པོ་འབྱུང་༔ དགྲ་བགེགས་རང་བཞིན་གྱིས་ཐུལ་ལོ༔ ཕྱི་མ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རིག་འཛིན་ལྷུན་གྱིས་གྲུབ་པར་འགྱུར་ངེས་སོ༔ ཞེས་དང་། ཁྱད་པར་ཕུར་པ་མཁན་པོ། བཀྲ་ཤིས། དཔལ་ཆེ། ཚེ་རིང་། ནོར་ཕྱུག །འཁོར་རྒྱས། སྲིད་འཕེལ། མཐུ་ཆེ། མཐའ་བཙན་པ་སྟེ་ཡོན་ཏན་བརྒྱད་དང་ལྡན་པར་གསུངས་ཤིང་། ལྷག་པར་སྙིགས་དུས་བདུད་བགེགས་དམ་སྲི་ཁ་རྒྱལ་བའི་སྐབས་འདིར་ལྷ་སྔགས་ཀྱི་བྱིན་རླབས་ཕྲིན་ལས་ཀྱི་ནུས་པ་ཡི་དམ་གཞན་ལས་ཁྱད་པར་དུ་འཕགས་པ་མཐོང་ཆོས་སུ་གྲུབ་པ་ཉིད་ཀྱི་ཕྱིར་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཆེ་ཐང་བརྩོན་པར་བྱ་བའི་གནས་སུ་རིག་པ་ཡིན་ནོ། །ཁྱད་པར་བཞི་ལྡན་སྲོག་གི་སྤུ་གྲིའི་གཞུང་། །ཆུ་བོ་བཞི་འདུས་སྒོ་ནས་ཚུལ་བཞིན་དུ། །བསྙེན་སྒྲུབ་བཞི་ལྡན་བརྩོན་པས་ཉམས་བླང་ན། །ཕྲིན་ལས་བཞི་སོགས་དངོས་གྲུབ་གཞན་ལས་མྱུར། །

p. 722

འོན་ཀྱང་དེང་དུས་སྐལ་ལྡན་ཉིན་སྐར་ཙམ། །དེས་ན་བརྩམས་འདི་རང་ཉིད་ངལ་ཕྱིར་ལས། །བསྟན་དང་གཞན་དོན་འགྱུར་བར་ཆེས་དཀའ་ཡང་། །བཀའ་སྲོལ་རྒྱུན་ཙམ་གནས་པར་རེ་བློས་བཀོད། །འདི་ལས་རྡོ་རྗེ་ཕུར་པའི་བཤད་སྒྲུབ་རྒྱུན། །ཕྱི་མའི་དུས་ངན་འདིར་ཡང་སླར་གསལ་ཏེ། །དོན་གཉིས་ལྷུན་གྲུབ་སྤྱོད་པས་ཡོངས་གང་ནས། །ཕྲིན་ལས་རོལ་པའི་རྣམ་ཐར་མངོན་བྱེད་ཤོག །དེ་ལྟར་རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་བསྙེན་སྒྲུབ་ཀྱི་ཡི་གེ་གྲུབ་གཉིས་མཆོག་སྟེར་ཅེས་བྱ་བ་འདིའང་། སྔ་སོར་རྣམ་འདྲེན་གསུང་སྤྲུལ་བཅུ་པའི་བཀའ་སྩལ་སྤྱི་བོར་ལྷུང་བ་དགོངས་པ་རྗེས་སུ་སྒྲུབ་པའི་དམ་བཅའ་མ་བོར་ཡང་གཞན་དབང་མི་བཟད་པའི་ཁོལ་པོར་འཕྱན་ཏེ་ཡུན་དུ་འགྱང་པར་གྱུར་པ། ཕྱིས་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་རིག་འཛིན་འདུས་པའི་སྡེས་གསུང་བསྐུལ་ནན་ཆགས་སུ་བྱུང་བ་བཞིན་རིང་ལུགས་འདིའི་བརྒྱུད་འཛིན་རྣམས་ཀྱི་ཉམས་བཞེས་གསལ་བྱེད་དུ་མེད་དུ་མི་རུང་བར་མཐོང་ནས། གཏེར་གཞུང་གི་དགོངས་པ་མཁས་གྲུབ་གོང་མ་རྣམས་ཀྱི་ལེགས་པར་བཤད་

p. 723

པའི་ཆ་ཤས་ཀྱིས་བཀྲལ་ནས་འཇུག་བདེ་མདོ་རྒྱས་འཚམས་པའི་ཚུལ་དུ། རྗེ་རིགས་ཀྱི་སྔགས་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ང་དྲུག་པའི་ཐོག་ཏུ་སོན་པ་སྒྱུར་བྱེད་ཀྱི་ལོ་རྒྱལ་པའི་ཆོ་འཕྲུལ་ཆེན་པོས་ཡིད་སྲུབས་ཀྱི་དཔུང་རྣམས་ཕམ་པར་མཛད་པའི་དུས་ཀྱི་ཆར། ཡུལ་རྒྱ་བོད་མཚམས་ཀྱི་རོང་ཆེན་ཀ་པཱ་ལ་སྤུངས་པར་གྲགས་པའི་རི་བོ་རིན་ཆེན་སྤུངས་ཀྱི་ནགས་ཁྲོད་དུ་སྦྱར་བ་ལས། །ཐོག་མའི་ཡི་གེ་པ་ནི་ཟབ་མོའི་ལམ་ལ་མི་འཕྲོག་པའི་དད་བརྩོན་གྱི་ནོར་ཅན་སྔགས་བན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་སྐལ་བཟང་རྣམས་ཕུར་བུ་ཐལ་འབྱིན་གྱི་དགོངས་པ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ། །

པད་གླིང་ཚེ་སྒྲུབ་ནོར་བུ་ལམ་ཁྱེར།

ཚེ་སྒྲུབ་ནོར་བུ་ལམ་ཁྱེར་གྱི་དབང་ཆོག་ཁྲིགས་སུ་བསྡེབས་པ་འཆི་མེད་བདུད་རྩིའི་ཟ་མ་ཏོག

p. 724
p. 725

༄༅། །ཚེ་སྒྲུབ་ནོར་བུ་ལམ་ཁྱེར་གྱི་དབང་ཆོག་ཁྲིགས་སུ་བསྡེབས་པ་འཆི་མེད་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །

p. 726

ཨོཾ་སྭསྟི། འཆི་མེད་བདེ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ། །ཁྱབ་བདག་ཐོད་ཕྲེང་རྩལ་ལ་གུས་བཏུད་ནས། །ཚེ་སྒྲུབ་གསང་རྒྱུད་ནོར་བུ་ལམ་ཁྱེར་གྱི། །དབང་ཆོག་འཇུག་བདེའི་ཁྲིགས་སུ་བསྡེབས་ལ་སྤྲོ། །[འདི་ལ་གསུམ། སྦྱོར་བ་དཀྱིལ་འཁོར་འགོད་ཅིང་སྒྲུབ་པ། དངོས་གཞི་དབང་གི་ལས་རིམ། རྗེས་མཐའ་སྡུད་ཀྱི་བྱ་བའོ། །དང་པོ་ནི། བཀྲ་ཤིས་པའི་གནས་སུ་ཡར་ངོའི་དུས་ཚེས་བཟང་པོར་གང་དུ་བྱ་བའི་སྒྲུབ་ཁང་གཙང་ཞིང་མཛེས་པར་བྱ། གུང་དུ་བྱིན་རླབས་ཅན་གྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པའི་ཁར་གཞུང་བཞིན་བྲིས་པའི་རས་བྲིས་ཀྱི་

p. 727

དཀྱིལ་འཁོར་བཀྲམ། མེད་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་སྦག་པས་ཚོམ་བུ་ལྷ་གྲངས་བཀོད། དེའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་རྒྱུན་འབབ་ཀྱི་ཆུ་གཙང་བླ་མེད་བུམ་རྫས་སོ་ལྔ་དྲི་བཟང་དང་སྦྱར་བས་གཏམས་པ་ལ་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་འགོད། དེའི་མདུན་དུ་ཚེ་ཟན་འབྲང་རྒྱས་བུམ་གཟུགས་ཤིང་ལོ་མེ་ཏོག་སོགས་རྒྱན་སྤྲོས་ཅན་གྱི་ཁ་རྡོ་རྗེ་རྒྱ་གྲམ་བསྒྲལ་སྟབས་ཀྱི་ས་བཅད་པའི་ལྟེ་བར་རྡོ་རྗེ་ཕྱེད་པའི་ཏོག་ཅན་མཐའ་སྐོར་དུ་རིལ་བུས་བསྐོར་བ། གཡས་སུ་རིན་པོ་ཆེའི་པད་སྣོད་དུ་ཚེ་རྫས་མངར་གསུམ་དང་སྦྱར་བའི་ཚེ་རིལ། གཡོན་དུ་ཀ་པཱ་ལ་མཚན་ལྡན་དུ་ཚེའི་ཛ་གད་ཕབ་ལྡན་བུར་སྦྲང་

p. 728

གིས་གཤེར་བའི་ཚེ་ཆང་། རྒྱབ་ཏུ་སྨྱུག་རྒོད་ཀྱི་ཚེ་མདའ་རྒོད་སྒྲོ་མ་ལྕགས་ཀྱི་མདེའུ་ཅན་དར་སྣ་ལྔ་དང་བླ་གཡུ། དུང་། གསེར། བྱེ་རུ། མུ་མེན་སྟེ་རིན་ཆེན་ལྔ་དང་མེ་ལོང་གིས་བརྒྱན་པ། བར་མཚམས་རྣམས་སུ་ཚེ་རྟེན་མར་མེ། རྡོ་རྗེ་དྲིལ་བུ། བྱེ་རུའམ་ཙནྡན་དམར་པོའི་ཕྲེང་བ། དབུ་རྒྱན་རིགས་ལྔ་ཅོད་པན་ཅན་བཅས་བཀོད། མཐའ་སྐོར་དུ་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དང་། མདུན་རྒྱབ་གང་བདེར་རྩ་བའི་མཆོད་གཏོར་དམར་པོ་རྒྱན་སྤྲོས་ཅན་གྱི་གཡས་སུ་ཆོས་སྐྱོང་སྤྱི་དང་གཡོན་དུ་གཏེར་སྲུང་སྒོས་ཀྱི་མཆོད་གཏོར། དེ་དག་གི་གཡས་སུ་རྩ་བརྒྱད་སྟོང་སྦྱར་གྱི་སྨན་དང་གཡོན་དུ་སོ་ལྔ་པ་སྦྱར་བའི་རཀྟ། མདུན་དུ་ཉེར་སྤྱོད་ཕྲེང་ཚར་བཅས་དང་། འཛོམ་ན་དཀྱིལ་འཁོར་ཕྱི་རོལ་གྱི་ཕྱོགས་མཚམས་སུ་འཕན་དང་རྒྱལ་མཚན། སྟེང་དུ་གདུགས་སོགས་བཀོད་པས་མཛེས་པར་བཀྲམ། གཞན་ཡང་སྔོན་གཏོར། ཆད་བརྟན། ཚོགས་ཀྱི་ཡོ་བྱད། མཎྜལ། མིག་དར། མེ་ཏོག །འགྲིམ་དཀྱིལ། གསེར་ཐུར་སོགས་འདིར་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱས་ལ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། རིག་འཛིན་ཁམས་གསུམ་ཡོངས་གྲོལ་གྱིས་མཛད་པའི་ལས་བྱང་བདུད་རྩིའི་ཉིང་ཁུའི་གཞུང་བསྲང་ལ། བདག་མདུན་འོད་ཟེར་སྤྲོ་

p. 729

བསྡུའི་དམིགས་གནད་དང་སྦྱར་ཏེ་ཚེའི་སྤྱི་ཛཔྲ་ཉིད་གཙོ་བོར་བཟླ་ཞིང་། སྒོས་ཛཔྲ་ལྔ་པོའང་རེ་རེ་བཞིན་སྤྱི་ཛཔྲ་ཀྱི་བཅུ་ཆ་རེ་ཙམ་བཟླས་རྗེས་གཟུངས་སྔགས་གཉིས་ཀྱང་ཅི་རིགས་པར་བཟླ། མཐར་སྔགས་ཙམ་གྱིས་མཆོད། མདའ་དར་གཡབ་བཞིན་བསྟོད་ཅིང་ཚེ་འགུགས་བསྐུལ་ལ་རྒྱས་གདབ་པར་བྱ། སྲུང་མའི་གཏོར་ཆོག་སྤྱི་ལྟར་དང་། ཚོགས་ཀྱི་འཁོར་ལོས་མཆོད། ལས་བུམ་དུ་རྟ་མགྲིན་དམར་ནག་དབྱུག་ཏོ་དང་མེ་ཞགས་འཛིན་པ་གསལ་ལ།] ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ [ཅེས་བརྒྱ་རྩ་ཙམ་བཟླས་མཐར། ལྷ་བུམ་ཆུར་འདྲེས་པར་བསམ། འོག་གི་དབང་ཆོག་བཞིན་སློབ་དཔོན་རང་ཉིད་ཀྱིས་དབང་རྫོགས་པར་བླང་བའམ་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དབང་བསྐུར་དངོས་ནི། སློབ་མ་རྣམས་སྒོའི་ཕྱི་རོལ་དུ་བོས་ལ།] ཇི་ལྟར་བལྟམས་པ་[སོགས་ཀྱིས་ཁྲུས་ནས་དབྱུངས་ཏེ།] ཁྱེད་རང་རྣམས་དཀྱིལ་འཁོར་ཕོ་བྲང་ཆེན་པོའི་སྒོའི་ཕྱི་རོལ་ནས་སྒོ་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ སྒོ་བ་ཆེན་པོ་བདག་ལ་གསོན༔ བདག་ཅག་མ་རིག་སེམས་ཅན་རྣམས༔ འཆི་མེད་རིག་འཛིན་ཐོབ་པ་དང་༔ ཡེ་ཤེས་

p. 730

ལམ་ལ་འཇུག་པའི་ཕྱིར༔ ལྷ་དང་གུ་རུ་མཇལ་འདོད་པ༔ གཞལ་ཡས་ཁང་གི་སྒོ་ཕྱེས་ཤིག༔ [ལན་གསུམ།] ནང་ནས་སྒོ་བས་འདི་སྐད་ལན་བཏབ་པར་མོས་ཤིག །ཁྱེད་རྣམས་སུ་ཡིན་ཅི་བྱེད་པ༔ གཞལ་ཡས་ཁང་གི་ནང་ཉིད་དུ༔ འཇུག་པར་སླ་སྟེ་དམ་སྲུང་དཀའ༔ དམ་ཚིག་ཚུལ་བཞིན་མི་བསྲུང་ན༔ བདག་གཞན་རྡོ་རྗེ་དམྱལ་བར་སྐྱེ༔ དེས་ན་སུ་ཡང་མ་འོངས་ཤིག༔ ཅེས་བརྗོད་པའི་ལན་དུ་སླར་ཡང་ཞུ་བ་ཕུལ་བ་འདིའི་རྗེས་ཟློས། ཀྱཻ༔ སྒོ་བ་ཁྱེད་རྣམས་བདག་ལ་དགོངས༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ ད་ནི་བླ་མེད་མཆོག་འདོད་པས༔ ད་ལྟ་ཕན་ཆོད་འཁོར་བ་དང་༔ མི་དགེའི་ལས་ལ་སྐྱོ་བ་སྐྱེས༔ དགེ་བཅུ་དང་བླང་བདེ་འདོད་པས༔ ད་ལྟ་གཞལ་ཡས་དྲུང་དུ་མཆིས༔ སྐལ་ལྡན་དངོས་གྲུབ་ཐོབ་བྱའི་ཕྱིར༔ ད་ལྟ་ཉིད་དུ་སྒོ་ཕྱེས་ཤིག༔ ཅེས་བརྗོད་པའི་ལན་འདི་སྐད་བཏབ་པར་མོས། ཀྱཻ་ཧོ་སྐལ་ལྡན་བུ་རྣམས་ཉོན༔ བླ་མ་ཐོད་བཞིན་འཁུར་ནུས་སམ༔ ཡི་དམ་སྙིང་བཞིན་བསྒོམ་ནུས་སམ༔ གསང་སྔགས་ཆུ་བོའི་གཞུང་བཞིན་དུ༔ རྒྱུན་ཆད་མེད་པར་བཟླ་

p. 731

ནུས་སམ༔ གཞན་ཡང་གསང་སྔགས་དམ་ཚིག་རྣམས༔ ཚུལ་བཞིན་བསྲུང་བའི་མི་ཡོད་དམ༔ ཞེས་དྲིས་པའི་ལན་དུ་སླར་ཡང་འདིའི་རྗེས་ཟློས། ཀྱཻ༔ སྒོ་བ་ཆེན་པོ་བདག་ལ་གསོན༔ བླ་མ་ཐོད་བཞིན་འཁུར་ནུས་སོ༔ ཡི་དམ་སྙིང་བཞིན་བསྒོམ་ནུས་སོ༔ གསང་སྔགས་ཆུ་བོའི་གཞུང་བཞིན་དུ༔ རྒྱུན་ཆད་མེད་པར་བཟླ་ནུས་སོ༔ གཞན་ཡང་གསང་སྔགས་དམ་ཚིག་རྣམས༔ གཞུང་བཞིན་བདག་གིས་སྲུང་ལགས་སོ༔ ཞེས་དམ་ཚིག་ཁས་བླངས་པ་ན་སྒོ་བས་སྒོ་ཕྱེས་ཏེ་ནང་དུ་ཁྲིད་ནས་ཕྱག་དང་བཅས་སོ་སོའི་གྲལ་དུ་འཁོད་པར་མོས་ཤིག །[དེ་ནས་བགེགས་གཏོར་རྟ་སྔགས་ཀྱིས་བསང་།] སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ[ས་མགྲོན་དགུག །] སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་བསྔོས་ལ།] ན་མོ། དཀོན་

p. 732

མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེང་འདིར་རྡོ་རྗེ་སློབ་མ་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་ཚེ་བདུད་ལན་ཆགས་འབྱུང་པོ་ཐམས་ཅད་གཏོར་མ་འདིས་མགུ་ཞིང་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་བདེ་བར་དེངས་ཤིག །གལ་ཏེ་མི་འགྲོ་ན་བདག་ཉིད་དབང་ཆེན་འབར་བའི་ཐུགས་ཀ་ནས་ཁྲོ་བོའི་ཚོགས་དང་མཚོན་ཆའི་ཆར་ཆེན་པོ་སྤྲོས་པས་བགེགས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། [རྟ་སྔགས་དང་ཧཱུྃ་བཞིའི་སྔགས་བརྗོད་ལ་གུ་གུལ་བདུག་ཅིང་ཡུངས་ཐུན་གྱིས་བྲབ་སྟེ་བསྐྲད།] བཛྲ་རཀྵ་རཀྵ་ཧཱུྃ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་གྱིས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། [ཅེས་མཚམས་བཅད།

p. 733

མཎྜལ་བཀྱེ་བསྡུ་བྱས་ལ།] འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་སུ་དུས་མིན་འཆི་བའི་འཇིགས་པ་ལས་བསྐྱབ་ཅིང་མཐར་ཐུག་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འཆི་མེད་ཚེའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་དབང་བསྐུར་བ་ཟབ་མོ་ནོད་དེ་བསྙེན་སྒྲུབ་ཕྲིན་ལས་ཀྱི་རིམ་པ་ཚུལ་བཞིན་ཉམས་སུ་བླང་བར་བྱའོ་སྙམ་པའི་སྒོ་ནས་ལེགས་པར་གསན་འཚལ། དེའང་སྤྱིར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་ཅིང་སྒོས་སུ་སྙིགས་མའི་འགྲོ་བ་རྣམས་ཚེ་ཐུང་ཞིང་བར་ཆད་ཤིན་ཏུ་མང་བས་ན། དེ་དག་སྐྱོབ་པའི་ཐབས་སུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་གཟུགས་འགྲོ་བ་རྣམས་དུས་ཀྱི་ཆད་པ་ལས་སྐྱོབ་ཅིང་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཇི་ལྟར་བསམ་པ་བཞིན་དུ་སྩོལ་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཆེན་པོས་ཁྱད་པར་དུ་འཕགས་པ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཉིད་གྲུབ་པའི་སློབ་དཔོན་ཆེན་པོའི་སྐུར་བསྟན་པ་འཆི་མེད་རྡོ་རྗེ་བདེ་བ་ཆེན་པོ་པདྨ་ཀཱ་ར་སོགས་སྐུ་གཅིག་ལ་མཚན་བརྒྱད་

p. 734

ལ་སོགས་པར་གྲགས་ཤིང་རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་དང་ཕྲིན་ལས་ཀྱང་ཕུལ་དུ་བྱུང་བ་གང་ཉིད། བོད་ལྗོངས་མུན་པའི་རྒྱལ་ཁམས་སུ་དམིགས་པ་མེད་པའི་ཐུགས་རྗེས་གཟིགས་ནས་སྐུ་དངོས་ཀྱི་ཕེབས་པའི་ཚེ། ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་རྡོ་རྗེ་ཐེག་པའི་ལམ་ཟབ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་བསྩལ་ཅིང་། ཁྱད་པར་འཆི་མེད་ཚེའི་སྒྲུབ་ཐབས་ལའང་རྒྱུད་དང་འབྲེལ་བ་དང་མན་ངག་ལ་བརྟེན་པ་རྩ་བ་དང་ཡན་ལག་གི་ཚུལ་བསམ་གྱིས་མི་ཁྱབ་པ་སྐབས་དེ་དང་མ་འོངས་པའི་གདུལ་བྱ་སོ་སོ་ལ་དགོངས་ཏེ་བསྩལ་བ་རྣམས་བོད་ཡུལ་མཐའ་དབུས་ཡོངས་སུ་ཁྱབ་པར་ནམ་ཡང་ཉམས་མེད་གཏེར་གྱི་ཕྱག་རྒྱས་བཏབ་པར་མཛད་ཅིང་། དེ་དག་ལ་དབང་བའི་ལས་ཅན་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས་སྐབས་སུ་བབས་པ་ན་གཏེར་ནས་བཏོན་ཏེ་འགྲོ་དོན་ཤིན་ཏུ་རྒྱས་པར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་ཐུགས་སྲས་རྗེ་འབངས་གྲོགས་གསུམ་ལ་ཐུན་མིན་མནོག་ཆོས་སུ་བསྩལ་ཞིང་ལྷ་ལྕམ་པདྨ་གསལ་ལ་གཏད་རྒྱ་དང་བཅས་ཟབ་མོའི་གཏེར་དུ་སྦ་བར་

p. 735

མཛད་པ་སྟེ། ཇི་སྐད་དུ། རྩོད་ལྡན་དུས་ཀྱི་སྙིགས་མ་ལ༔ འགྲོ་བའི་སྡུག་བསྔལ་བསལ་བ་དང་༔ ཚེ་གཅིག་ཐར་ལམ་སྟོན་པའི་ཕྱིར༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ཞེས་སོགས་དང་། དེ་ཉིད་འདོན་པ་པོའང་འདིའི་ལོ་རྒྱུས་ལས། དེ་ཉིད་འདོན་པའི་གང་ཟག་ནི༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ དག་པའི་སྐྱེ་བ་ལྔ་བརྒྱུད་མཐར༔ འདི་ནས་ལྷོ་མོན་བུམ་ཐང་ཕྱོགས༔ ཧོམ་ཁུང་འདྲ་བའི་ཡུལ་ནང་དུ༔ ལྕགས་ཁམས་རྟ་སྦྲུལ་ལོ་པ་སྟེ༔ ང་ཡི་ཐུགས་སྲས་སྙིང་སྟོབས་ཅན༔ སྐྱེས་བུ་པདྨའི་མིང་ཅན་འབྱུང་༔ ཞེས་གསུངས་པ་ལྟར་མངའ་བདག་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔ་པ་རིག་འཛིན་ཆེན་པོ་པདྨ་གླིང་པ་ཞེས་བྱ་བ་དེ་ཉིད་ཀྱིས་སྤྱིར་གཏེར་ཁ་ཆེན་པོ་སུམ་ཅུ་རྩ་གཉིས་ཙམ་འདོན་པར་མཛད་པའི་ནང་ཚན་འདིར་ནི་བུམ་ཐང་སྐུ་རྗེས་རྡོ་རྗེ་བརྩེགས་པའི་བྲག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ནོར་བུ་ལམ་ཁྱེར་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་དེ་ཉིད་ཡིན་ཏེ། ཁ་བྱང་ལས། བདག་འདྲ་བུད་མེད་མཚོ་རྒྱལ་གྱིས༔ ཚེ་སྒྲུབ་བརྒྱ་སྟོང་བསམ་འདས་ཞུས༔ ཁ་ཚང་དོན་འདྲིལ་འདི་

p. 736

ལས་མེད༔ ཟབ་པའི་ནང་ནས་ཡང་ཟབ་བཅུད༔ ཅེས་གསུངས་པའི་གདམས་པ་ཁྱད་པར་ཅན་འདི་ཉིད་སྤྲུལ་སྐུ་རིག་འཛིན་ཆེན་པོས་སྐུའི་སྲས་ཟླ་བ་རྒྱལ་མཚན་ལ་སོགས་པ་དང་། ཐུགས་ཀྱི་སྲས་སྤྲུལ་པའི་སྐྱེས་མཆོག་སྣ་ཚོགས་རང་གྲོལ་རྣམས་ལ་བསྩལ་བ་ལས་རིམ་པར་བརྒྱུད་པ་དང་། དེང་སང་ཕྱི་མའི་དུས་འདིར་སྔོན་མེད་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྨིན་གྲོལ་ཉེ་བརྒྱུད་དུ་བཀའ་བབས་པའི་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་དུ་གྱུར་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་འཆི་མེད་ཚེའི་དབང་བསྐུར་བ་ཟབ་མོ་བསྒྲུབ་པ་ལ། བདག་སློབ་དཔོན་གྱིས་བགྱི་བར་འོས་པའི་བྱ་བ་རྣམས་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། [ཅེས་མཎྜལ་འབུལ།] ཁྱེད་རང་རྣམས་སྔོན་ཆད་དཀྱིལ་འཁོར་ཆེན་པོ་འདིར་མ་ཞུགས་པ་མཚོན་པའི་བརྡར་དར་རས་དམར་པོ་རེས་གདོང་གཡོགས་པར་མོས་ཤིག །ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎ་ཡེ་སྭཱ་ཧཱ། [ཞེས་གདོང་

p. 737

གཡོགས་བཅིང་།] དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་མཇལ་མི་རུང་བས་ཕྱག་རྟེན་དུ་མེ་ཏོག་གསར་པའི་ཆུན་པོ་རེ་ཐོགས་པར་མོས། ཨ་ཁཾ་བཱི་ར་ཧཱུྃ། [ཞེས་མེ་ཏོག་སྦྱིན།] ཐལ་མོ་མེ་ཏོག་དང་བཅས་མོས་གུས་དྲག་པོའི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཐུགས་ཆོས་ཉིད་ངང་ལས་མ་གཡོས་ཀྱང་༔ འགྲོ་བ་སེམས་ཅན་དོན་སླད་དུ༔ ཚེ་དཔག་མེད་དུ་སྐུ་སྤྲུལ་པས༔ ཚེ་ཡི་དབང་ཆེན་བསྐུར་དུ་གསོལ༔ [ལན་གསུམ།] ཐོག་མར་རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་འཆི་མེད་མགོན་པོའི་དཀྱིལ་འཁོར་ནམ་མཁའ་གང་བར་སད་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་མི་ཕྱེད་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ ཕྱི་ནང་དཀོན་མཆོག་འདུས་པའི་སྐུ༔ འཆི་མེད་ཚེ་ཡི་ལྷ་ཁྱེད་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆིའོ༔ [ལན་གསུམ།] མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། འགྲོ་བ་སེམས་ཅན་དོན་ཕྱིར་

p. 738

དུ༔ ཚེ་ཡི་ལྷ་ཚོགས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ [ལན་གསུམ།] གསང་སྔགས་ཀྱི་གཞི་དབང་ལ་བརྟེན་ཀྱང་དབང་གི་སྲོག་དམ་ཚིག་ལ་རག་ལས་པས་ན་སྤྱི་དང་ཁྱད་པར་གྱི་དམ་ཚིག་གཉན་པོ་རྣམས་ཚུལ་བཞིན་བསྲུང་བར་གྱིས་ཤིག་ཅེས་དམ་ལ་བཞག་པའི་ཚུལ་རྣམས་རིམ་པར་འབྱུང་བ་ལ་སྙན་གཏོད་ཅིག །[རྡོ་རྗེ་སྤྱི་བོར་བཞག་ལ།] ཧཱུྃ༔ ང་ནི་དམ་ཚིག་རྡོ་རྗེ་སྟེ༔ རྒྱལ་བ་ཀུན་དང་གཉིས་སུ་མེད༔ གལ་ཏེ་ཁྱོད་ཀྱིས་སུ་ཡང་ནི༔ རུང་བའི་མདུན་དུ་སྨྲ་བྱེད་ན༔ མགོ་བོ་ཚལ་པ་བརྒྱར་འགས་འགྱུར༔ ཨོཾ་བཛྲ་ཏ་ཀ་ཧཱུྃ༔ [དམ་ཆུ་བདུད་རྩི་ལྕེ་ལ་བཞག་སྟེ།] ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ མྱང་བས་ཡོན་ཏན་བསམ་མི་ཁྱབ༔ ཁྱོད་ལ་སྦྱིན་ནོ་ཐུབ་པར་སྲུངས༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ དམ་ཚིག་ཉམས་ན་དམྱལ་བར་སྐྱེ༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ༔ [ཚེ་དཔག་མེད་ཀྱི་སྐུ་མེ་ལོང་དུ་འཆར་བ་སྙིང་གར་བཞག་ལ།] ཧེ་རུ་ཀ་དཔལ་དེང་འདིར་ཁྱོད༔ སྐལ་ལྡན་བུ་ཡི་སྙིང་ལ་ཞུགས༔ གལ་ཏེ་དམ་ལས་འདས་གྱུར་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ བཛྲ་ཙིཏྟ་ཧཱུྃ༔ [སླར་ཡང་རྡོ་རྗེ་

p. 739

སྤྱི་བོར་བཞག་ལ།] ཀྱེ་ཧོ་ཉོན་ཅིག་རིགས་ཀྱི་བུ༔ འདི་དང་ཕྱི་མ་བར་དོ་ལ༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ མོས་གུས་གདུང་སེམས་མ་ཆུང་ཞིག༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ རང་བྱུང་ཡེ་ཤེས་ཚེ་ཡི་ལྷ༔ འདི་ཕྱི་གཉིས་ཀྱི་རེ་ལྟོས་ལགས༔ ཁོང་པའི་སྙིང་བཞིན་བསམ་པར་གྱིས༔ འཆི་མེད་ཚེ་ཡི་སྙིང་པོ་འདི༔ རྒྱུན་ཆད་མེད་པར་ཆུ་རྒྱུན་བཞིན༔ བཟླས་ན་ཚེ་ཡི་རིག་འཛིན་ཐོབ༔ བདེ་ཆེན་ཞིང་དུ་རང་གྲོལ་ལོ༔ ཞེས་ཇི་སྐད་བསྒོས་པའི་དམ་ཚིག་གཉན་པོ་ལས་ནམ་ཡང་མི་འདའ་བར་བསྲུང་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དཾ་ན་ར་ཀན། [ཞེས་དམ་ལ་བཞག །] དེ་ནས་ཡེ་ཤེས་ལྷའི་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། རྟ་སྔགས་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་སེམས་ཧྲཱིཿ དམར་ལས༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྟོང་པར་སྦྱངས༔ བྷྲཱུཾ་ལས་གནས་ཡུལ་རིན་ཆེན་གཞལ་ཡས་ཁང་༔ མཚན་ཉིད་ཡོངས་རྫོགས་བདེ་ཆེན་ཕོ་བྲང་དབུས༔ རབ་མཛེས་པདྨ་ཉི་ཟླའི་གདན་གྱི་སྟེང་༔ སྐད་ཅིག་ཁྱེད་རང་མགོན་

p. 740

པོ་ཚེ་དཔག་མེད༔ དམར་གསལ་སྐུ་མདོག་པདྨ་རཱ་གའི་མདངས༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ མཚན་དཔེའི་གཟི་འབར་དར་དང་རིན་ཆེན་བརྒྱན༔ ལོངས་སྤྱོད་ཡོངས་རྫོགས་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ རང་སྣང་ཡུམ་མཆོག་པདྨ་དབྱིངས་ཕྱུག་མ༔ དམར་མོ་མདའ་དར་ཚེ་ཡི་བུམ་པ་བསྣམས༔ ཡབ་ལ་འཁྱུད་ཅིང་བདེ་སྟོང་ཟུང་འཇུག་སྦྱོར༔ དྭངས་མ་འོད་ལྔ་འཁྱིལ་བའི་ཀློང་དུ་རོལ༔ དེ་ཡི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་ཞིང་ཁམས་ནས༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས་ཏེ༔ ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པ་ཡིས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར༔ ཞེས་བསྒོམ་ལ། སྤོས་རོལ་བཅས་ལས་བྱང་གི་བྱིན་འབེབས་སྔགས་དང་བཅས་པས་ཡེ་ཤེས་པ་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པའི་རྒྱུན་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །[ཅེས་རྡོ་རྗེ་མེ་ཏོག་སྤྱི་བོར་རྒྱ་གྲམ་དུ་བཀོད་ལ།] ཏིཥྛ་བཛྲ༔ [ཞེས་བརྗོད།] དེ་ནས་གཞལ་ཡས་ཕོ་བྲང་ཆེན་པོའི་སྒོ་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧོཿདཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས༔ ཕྱི་ནང་

p. 741

སྡོམ་པའི་སྒོ་མ་བཞིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ལ༔ ཡི་དམ་ལྷ་ཞལ་བསྟན་དུ་གསོལ༔ [ལན་གསུམ།] བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ ཅེས་སྒོ་བཞི་ཤག་གི་ས་ཕྱེ་བར་[བསམ་ལ་ཡོལ་བ་བསལ།] སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་གི་ཚེ་རབས་ནས་འབྲེལ་བའི་ལྷ་ལ་འབུལ་བའི་མོས་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་དཀྱིལ་འཁོར་དུ་དོར་མཛོད། ཧོཿདཀྱིལ་འཁོར་དབུས་བཞུགས་ལྷ་ཡི་ཚོགས༔ ཐོག་མེད་དུས་ནས་ཡི་དམ་ལྷ༔ མོས་ལྡན་མེ་ཏོག་འདི་བཞེས་ལ༔ ཡི་དམ་ལྷ་སྐལ་བསྟན་དུ་གསོལ༔ ཨ་ཏི་པུ་ཧོཿ[ཞེས་མེ་ཏོག་དཀྱིལ་འཁོར་དུ་དོར་བས་དབུས་སུ་བབས་ན་རྡོ་རྗེ་ཚེ་མཆོག་རྩལ། དེས་འགྲེས་ཏེ་ཕྱོགས་བཞིའི་གསང་མཚན་རྣམས་སོ་སོར་བཏགས།] རིགས་ཀྱི་ལྷས་མེ་ཏོག་བཞེས་པ་དེ་ཉིད་སླར་དབང་རྟགས་སུ་སྩལ་བར་མོས་ཤིག །དབང་རྟགས་ཅོད་པན་འདི་ཟུངས་ལ༔ དཀྱིལ་འཁོར་གསུམ་དང་མ་བྲལ་ཞིག༔ [ཅེས་ཅོད་པན་སླར་སྤྱི་བོར་བཅིང་།] སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་སྤྲོས་པས་ཁྱེད་རང་རྣམས་ཀྱི་སྒྲིབ་གཉིས་མ་རིག་པའི་མུན་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །

p. 742

[གསེར་ཐུར་ཐོགས་ལ།] ཧོཿཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ མ་རིག་ལིང་ཏོག་བསལ་བ་ལྟར༔ ཁྱོད་ཀྱི་གཉིས་འཛིན་རྟོག་པ་ཡང་༔ དེང་འདིར་བདག་གིས་བསལ་བར་བྱ༔ ཨོཾ་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ [ཅེས་མིག་དར་བསལ།] དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ལ་བརྟེན་ནས་ཕྱི་ཀུན་རྫོབ་མཚན་མའི་དཀྱིལ་འཁོར་འདིས་མཚོན་ཏེ་ནང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྐུ་དང་ཡེ་ཤེས་ཀྱི་ཚོམ་བུར་མ་བཅོས་ལྷུན་གྲུབ་ཏུ་བཞུགས་པའི་རང་ཞལ་སྒྲིབ་མེད་མངོན་སུམ་དུ་མཇལ་བར་མོས་ལ་སྤྲོ་བ་བསྐྱེད་མཛོད། དེ་ནས་དབང་བསྐུར་བ་དངོས་ལ། ཐོག་མར་ཚེ་འགུག་ཅིང་བཅུད་བསྡུ་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་འོད་ཟེར་ལྷ་མོ་མགྱོགས་མའི་ཕོ་ཉ་ནམ་མཁའ་གང་བར་སྤྲོས་པ་རྣམས་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བརྟན་གཡོའི་དྭངས་མ་རྣམས་དང་། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་དང་མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་མོས་ཤིག། [མདའ་དར་གཡབ་ལ།] ཧྲཱིཿ ཉོན་མོངས་

p. 743

གནས་དག་དུག་ལྔ་རང་སར་དག༔ [སོགས་ལས་བྱང་ལྟར་ཚེ་འགུགས་ཡོངས་རྫོགས་མཐར་ཆགས་སུ།] བཛྲ་གཎྜེ་ཧོཿ[ཞེས་པའི་བར་བཏང་།] བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་འཆི་མེད་ཚེ་ལྷ་རིགས་ལྔའི་ལྷ་ཚོགས་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་རྡོ་རྗེ་སྐུའི་ཚེ་དབང་ལུས་ལ་ཐོབ་པར་མོས་ཤིག །[བུམ་པ་ཐོགས་ལ།] ཧཱུྃ༔ བུམ་པའི་རང་བཞིན་གཞལ་ཡས་ཁང་༔ འཆི་མེད་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་དབང་ལུས་ཀྱི་ཐོབ་པར་ཤོག༔ ཧཱུྃ༔ འཆི་མེད་སྐུ་ཡི་དབང་བསྐུར་བས༔ ཚེ་རིང་ནད་མེད་བདེ་དང་ལྡན༔ དུས་མིན་འཆི་བ་ཟློག་པ་དང་༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་གུ་རུ་ཨཱ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷིཥིཉྩ་ཨོཾ༔ ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ [ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བྱིན།] རང་བྱུང་བདེ་སྐྱོང་ཀ་པཱ་ལའི་ནང་དུ་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་མཉམ་པར་སྦྱོར་བའི་

p. 744

བྱང་སེམས་བདུད་རྩིའི་རྒྱུན་གྱིས་གང་བས་དབང་བསྐུར་བ་མགྲིན་པ་ནས་ཞུགས་ལུས་ཀྱི་རྩ་ཁམས་ཐམས་ཅད་ཁྱབ་པས་འགགས་མེད་གསུང་གི་ཚེ་དབང་ངག་ལ་ཐོབ་པར་མོས་ཤིག །[ཚེ་ཆང་ཐོགས་ལ།] ཧཱུྃ༔ རང་བྱུང་ཀ་པཱ་ལ་ཡི་ནང་༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་བཀང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསུང་དབང་ངག་གིས་ཐོབ་པར་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷིཥིཉྩ་ཨཱཿཝཱཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ[ཞེས་ཐོད་པ་མགྲིན་པར་བཞག་ཅིང་བདུད་རྩི་བྱིན།] ཚེ་ཟན་བུམ་གཏོར་འཆི་མེད་ཚེ་ལྷ་འདུས་པའི་ངོ་བོ་ཉིད་སྙིང་གར་བཞག་ཅིང་ཚེའི་དམ་རྫས་རིལ་བུ་མྱང་བ་ཉིད་སྙིང་དབུས་མི་ཤིགས་རྡོ་རྗེའི་སྲོག་དང་འདྲེས་ཏེ་འཁྲུལ་མེད་ཐུགས་ཀྱི་ཚེ་དབང་ཡིད་ལ་ཐོབ་པར་མོས་ཤིག །[ཚེ་གཏོར་ཐོགས་ལ།] ཧཱུྃ༔ ཡེ་ཤེས་ལྔ་ལྡན་ཚེ་གཏོར་ལ༔ འཆི་མེད་བདུད་རྩིའི་འོད་ཟེར་འཕྲོ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐུགས་དབང་སེམས་ཀྱིས་ཐོབ་པར་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷིཥིཉྩ་ཧཱུྃ༔ ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ[ཞེས་ཚེ་གཏོར་སྙིང་ཁར་བཞག་ཅིང་ཚེ་རིལ་བྱིན།] དེ་ལྟར་རྩ་བ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་གྲུབ་ནས་མཐའ་བརྟེན་ཡོན་ཏན་ཕྲིན་ལས་ཡོངས་

p. 745

སུ་རྫོགས་པའི་དབང་རྣམས་བསྐུར་བ་ལ། མར་མེ་ཡེ་ཤེས་ཀྱི་རང་འོད་གསལ་བ་སྙིང་གར་བཞག་པས་མ་རིག་པའི་མུན་པ་དྲུང་ནས་ཕྱུངས་ཏེ་ཡེ་ཤེས་ཀྱི་རང་འོད་ཁོང་ནས་གསལ་བར་མོས་མཛོད། [མར་མེ་ཐོགས་ལ།] ཧཱུྃ༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ ཐུགས་ཀ་དཔལ་གྱི་བེའུ་ནས༔ ཡེ་ཤེས་མར་མེ་འོད་གསལ་བས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཉོན་མོངས་མ་རིག་མུན་སེལ་ནས༔ ཡེ་ཤེས་ཡོན་ཏན་གསལ་བར་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷི་ཥི་ཉྩ་སྭཱ༔ གུ་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ[ཞེས་མར་མེ་སྙིང་གར་བཞག །] ཐབས་ཤེས་ཕྱག་མཚན་རྡོ་རྗེ་དྲིལ་བུས་དབང་བསྐུར་བས་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དབང་དམ་པ་ཐོབ་པར་མོས་ཤིག །རྡོ་དྲིལ་ཐོགས་ལ། ཧཱུྃ༔ ཉོན་མོངས་རྣམ་དག་རྡོ་རྗེ་དང་༔ ཆོས་ཀྱི་སྙན་སྒྲོགས་དྲིལ་བུ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བག་ཆགས་ཉེས་པའི་སྐྱོན་བྲལ་ཞིང་༔ ཐབས་ཤེས་འབྲེལ་བའི་ཕྲིན་ལས་ཀྱིས༔ འགྲོ་རྣམས་འདྲེན་པའི་དབང་ཐོབ་ཤོག༔ ཨོ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷིཥིཉྩ་ཧཱ༔ ཀརྨ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ[ཞེས་རྡོར་

p. 746

དྲིལ་ལག་གཡས་གཡོན་དུ་བཏད།] རིན་ཆེན་བརྒྱ་རྩའི་ཕྲེང་བ་ལག་ཏུ་གཏད་པས་གསུང་སྙིང་པོ་ལུང་གི་དབང་ཐོབ་སྟེ་བསྙེན་སྒྲུབ་ཕྲིན་ལས་རབ་འབྱམས་ལ་མངའ་བརྙེས་པར་མོས་ཤིག །ཕྲེང་བ་ཐོགས་ལ། ཧཱུྃ༔ འདི་ནི་སྔགས་ཀྱི་ཕྲེང་བ་སྟེ༔ རིན་ཆེན་གཏེར་ལས་བྱུང་བ་ཡིན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་རིག་འཛིན་སྙིང་པོ་བགྲང་༔ ཚེ་དབང་རིན་ཆེན་མྱུར་འགྲུབ་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧོཿ རཏྣ་མཱ་ལ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧྃཿ[ཞེས་ཕྲེང་བ་ལག་ཏུ་གཏད།] དབུ་རྒྱན་རིགས་ལྔ་ཅོད་པན་བཅས་ཀྱི་དབང་རྟགས་སྤྱི་བོར་བཅིང་སྟེ་དབང་བསྐུར་བས། ཚེ་དབང་རིག་པ་འཛིན་པའི་གོ་འཕང་ལ་མངའ་དབང་བསྒྱུར་བར་མོས་ཤིག །[དབུ་རྒྱན་ཅོད་པན་ཐོགས་ལ།] ཧཱུྃ༔ འཆི་མེད་རྡོ་རྗེ་ཚེ་ཡི་གཏེར༔ བཅོམ་ལྡན་ཨ་ཡུ་རིགས་མཆོག་ལྔ༔ ཡེ་ཤེས་ལྔ་ལྡན་ཅོད་པན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚེ་དབང་རིག་འཛིན་ཐོབ་པར་ཤོག༔ ཨོཾ་གུ་རུ་ཨ་ཡུ་དེ་ཝ་ཌཱ་ཀི་ནཱི༔ སཾ་ཧ་ར་ཀ་དྷ་ཤེ་རེ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ སྭཱ་ཧཱ༔ [ཞེས་རིགས་ལྔའི་ཅོད་པན་སྤྱི་བོར་བཀོད།] དེ་ལྟར་ཚེ་ཡི་དབང་བསྐུར་བས། ཚེ་མི་ཤིགས་

p. 747

པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ་འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར་པ་དེ་ཉིད་ནམ་ཡང་མི་འགྱུར་མི་ཤིགས་རྟག་བརྟན་འགྱུར་མེད་ཆོས་ཀྱི་དབྱིངས་སུ་རྒྱས་བཏབ་པར་མོས་ཤིག །ཧྲཱིཿ གཅིག་པ་རྩེ་གཅིག་ཐུགས་ཀྱི་རྒྱ༔ [སོགས་ལས་བྱང་ལྟར་བརྗོད་ལ། མདའ་དར་རམ་རྡོ་རྗེ་གནས་གསུམ་ལ་རྒྱ་གྲམ་དུ་བཀོད། མཐར་ཤིས་བརྗོད་རྒྱས་པར་སྤེལ་ལོ། །] དེ་དག་རྣམས་ཀྱི་སྒོ་ནས་ཚེ་སྒྲུབ་ནོར་བུ་ལམ་ཁྱེར་བདུད་རྩིའི་རྒྱ་མཚོའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་མ་ཧཱ་གུ་རུ་པདྨ་ཚེ་དཔག་མེད་འདི་ཉིད་ཡི་དམ་གྱི་ལྷར་འཛིན་པ་དང་། དངོས་དང་བརྒྱུད་ནས་གཞན་གྱི་སྲོག་གཅོད་པ་སྤང་ཞིང་འཆི་ངེས་པའི་སྲོག་བསླུ་བ་དང་། ཚེ་ཐར་སྲོག་བསླུ་གང་མང་གཏོང་བས་མཚོན་ཚེའི་བར་ཆད་ཞི་ཞིང་ཚེ་བསྲིང་བའི་ཐབས་ལ་འབད་པ་སོགས་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་[སོགས་ལན་གསུམ།] དེ་ལྟར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་

p. 748

སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་ལྟོས་མེད་དུ་འབུལ་བ་ལགས་ན་ཆ་ཤས་རེ་རེ་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་[སོགས་ལན་གསུམ།] དེ་ལྟར་ཐོབ་པ་ལས་བྱུང་བའི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བར་མཛོད། བསོད་ནམས་འདི་ཡིས་[སོགས་ཀྱིས་དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་མཐའ་སྡུད་ཀྱི་བྱ་བ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། གཏོར་སྐྱོང་བྲོ་བརྡུང་བཅས་ཟིན་ནས། དམིགས་གནད་བཅས་བསྙེན་པ་ཅུང་ཟད་ཁ་གསོས་ལ་དངོས་གྲུབ་བླང་། གཏང་རག་གི་མཆོད་བསྟོད་བཟོད་གསོལ་མཐར། མདུན་རྟེན་ལ་བརྟན་བཞུགས་དང་བདག་བསྐྱེད་འོད་གསལ་གྱི་སྐུར་ལྡང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །] འཆི་མེད་སྒྲུབ་པའི་གདམས་སྲོལ་བྱེ་བའི་ཕུལ། །ནོར་བུ་ལམ་ཁྱེར་སྙིང་པོའི་དབང་གི་ཁྲིགས། །གསལ་བདེར་སྤེལ་བ་འདིས་ཀྱང་འགྲོ་བ་ཀུན། །འཆི་མེད་ཡེ་ཤེས་དྭངས་མའི་སྐུར་སྨིན་ཤོག །[ཅེས་པའམ་མོན་ཡུལ་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་སྔགས་སྟོན་ཚེ་དབང་དཔལ་འབྱོར་སོགས་དོན་དུ་གཉེར་བ་ཅན་དུ་མས་བསྐུལ་བ་ལ་བརྟེན་ནས། ནོར་བུ་ལམ་ཁྱེར་རྩ་བའི་

p. 749

གསང་རྒྱུད་ཀྱི་དགོངས་དོན་མན་ངག་ཕྱག་ལེན་གྱིས་བཀྲལ་ཏེ་འཇུག་བདེ་བཀླག་ཆོག་གི་ཚུལ་དུ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་རྩ་ལྔ་པར་སོན་པ་ས་ཕོ་རྟའི་ལོ་ཆོ་འཕྲུལ་ཟླ་བའི་ཡར་ངོ་རྒྱལ་བ་གསུམ་པའི་ཚེས་ལ་བལ་ཡུལ་ཨེ་ཡི་གཙུག་ལག་ཁང་གི་ཉེ་འགྲམ་དུ་བསྡེབས་པ་ལས། ཐོག་མའི་ཡི་གེར་འགོད་པ་པོ་སྔགས་རིགས་རིན་ཆེན་ཕུན་ཚོགས་ཀྱིས་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་མི་ནུབ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།

Pecha page