← Search

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ།

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

དགོངས་གཏེར་འཇམ་དཔལ་བློ་ལྡན་མཆོག་སྲེད་ཀྱི་སྒྲུབ་ཐབས་ཁྲིགས་སུ་བསྡེབས་པ་བློ་གྲོས་མཆོག་སྟེར།

p. 1

༄༅། །དགོངས་གཏེར་འཇམ་དཔལ་བློ་ལྡན་མཆོག་སྲེད་ཀྱི་སྒྲུབ་ཐབས་ཁྲིགས་སུ་བསྡེབས་པ་བློ་གྲོས་མཆོག་སྟེར་ཞེས་བྱ་བ་བཞུགས་སོ། །

p. 2

ན་མོ་གུ་རུ་པདྨ་ཀ་ར་ཡེ། [འཇམ་དཔལ་བློ་ལྡན་མཆོག་སྲེད་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པས། གཙང་མའི་གནས་སུ་སྒྲུབ་རྟེན་དཀྱིལ་འཁོར་པདྨ་འདབ་བརྒྱད་མཛེས་ཚོན་ཅན་གྱི་ལྟེ་བར་ཚུལ་བཞིན་བྲིས་པའི་དམ་ཚིག་གི་སྐུ་རྟེན་བཤམས་པར་དཀར་པོའི་གུར་ཕུབ། ཤེས་རབ་བློ་འཕེལ་གྱི་རིལ་བུ་སྦྱར་བ་ཡོད་ན་རིན་པོ་ཆེའི་བུམ་པ་སོགས་བླུག་ལ་དར་དཀར་པོས་ཁ་བཅད་ལ་མདུན་དུ་འགོད། མཆོད་རྫས་སྨན་གཏོར་རཀྟ་ཆུ་གཉིས་ཉེར་སྤྱོད་ལྔ་རྣམས་བཀོད་པས་མཛེས་པར་བཀྲམ། གཞན་ཡང་ཚོགས་གཏོར་སོགས་འདིར་དགོས་པའི་ཡོ་བྱད་ཚང་བར་འདུ་བྱས་ཏེ། ཆོ་ག་དངོས་ལ། ཐོག་མར་སྦྱོར་བའི་ཆོས་ལ།] སྐྱབས་ཡུལ་བླ་མ་

p. 3

རྒྱལ་བ་སྲས་དང་བཅས་པ་བ་ཛྲ་ས་མཱ་ཛཿ[ས་མདུན་མཁར་སད་པའི་སྤྱན་སྔར།] ན་མོཿ བླ་མ་སྐུ་བཞིའི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སྒོ་གསུམ་རྡོ་རྗེའི་གྲོང་ཞུགས་ཏེ༔ འགྲོ་ཀུན་བསྒྲལ་བར་དམ་བཅའོ༔ [ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་མཐར།] ཛཿཧཱུྃ་བྃ་ཧོཿ[ས་སྐྱབས་ཡུལ་རང་ལ་བསྡུ། བགེགས་གཏོར་ཡོད་ན།] རྃ་ཡྃ་ཁྃ་[གིས་བསང་སྦྱང༌།] ཨོཾ་ཨཱཿཧཱུཾ་ཧོཿ[ས་བྱིན་བརླབ།] སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ[ས་མགྲོན་བཀུག །]སརྦ་བྷུ་སརྦ་གྷྣཱ་བ་ལིཾ་ཏ་ཁཱ་ཧི། [ཞེས་ལན་གསུམ་གྱིས་གཏོར་མ་བསྡོས་ལ།] ཧཱུྃ༔ ང་ནི་རང་བྱུང་ཡེ་ཤེས་ལྷ༔ ཉོན་མོངས་

p. 4

བདུད་བགེགས་དབྱིངས་སུ་བསྐྲད༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བཛྲ་རཀྵ་ཧཱུཾ༔ [ཞེས་བགེགས་བསྐྲད་ཅིང་མཚམས་བཅད། སྤོས་དང་རོལ་མོར་བཅས་བསང༌] ཧཱུྃ༔ སྐུ་གསུམ་རྒྱལབ་སྲས་བཅས་ཀྱི༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ ཁམས་གསུམ་སྣོད་བཅུད་འདོད་ཡོན་ཆོས༔ ཕྱི་ནང་གསང་མཆོད་སྤྲིན་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀ་ར་པྲ་ཛྙཱ་ཛྙཱ་ན་ས་མ་ཡ་ཛཿ ཨ་བེ་ཤ་ཡ་ཧོཿ ཨོཾ་ཨཱཿཧཱུྃ་ས་རྦ་པཉྩ་པཱུ་ཛ་ག་ཎ་ཙཀྲ་ཧོཿ [ཞེས་བྱིན་དབབ་ཅིང་མཆོད་རྫས་བྱིན་བརླབས། དངོས་གཞི་བདག་མདུན་དབྱེར་མེད་ཆོས་ཉིད་མཉམ་པ་ཆེན་པོའི་དགོངས་པ་ལ་གནས་པའི་ངང་ནས།] ཨ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་དེ་བཞིན་ཉིད་དུ་བརྡལ༔ ཀུན་ཁྱབ་ཀུན་གཟིགས་ཡེ་ཤེས་ཀྱི༔ ལྷུན་གྲུབ་རོལ་པ་ཀུན་ཏུ་སྣང་༔ སྐད་ཅིག་མཁའ་ལ་འཇའ་ཚོན་བཞིན༔ རིག་པ་རྒྱུ་ཡི་ཡི་གེ་ཧྲཱིཿ འོད་དང་འོད་ཕུང་རབ་འཕྲོས་པས༔ བཀོད་པ་རབ་རྫོགས་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ ཚད་དང་མཚན་ཉིད་རྫོགས་པའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་

p. 5

དུ༔ ཧྲཱིཿཡིག་འོད་ཀྱི་རང་བཞིན་བབས༔ སླར་ཡང་འོད་དང་འོད་ཟེར་འཕྲོས༔ ཁམས་གསུམ་སྐུ་གསུང་ཐུགས་སུ་བསྒྲལ༔ བརྟན་གཡོའི་དཔལ་ཡོན་གཅིག་ཏུ་དྲིལ༔ དུས་གསུམ་རྒྱལ་བ་སྲས་དང་བཅས༔ མཁྱེན་བརྩེ་ནུས་པའི་དབང་ཕྱུག་གི༔ ཤེས་རབ་ཡེ་ཤེས་དབང་དངོས་གྲུབ༔ ཚུར་འདུས་ཧྲཱིཿཡིག་ཉིད་ལ་ཐིམ༔ ཡོངས་རྒྱུར་རིགས་འདུས་བླ་མའི་སྐུ༔ གུ་རུ་བློ་ལྡན་མཆོག་སྲེད་དཀར༔ ཕྱག་གཡས་ཐོད་རྔ་ཁྲོལ་བའི་སྒྲས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོ་དབང་དུ་སྡུད༔ གཡོན་པས་པད་ཕོར་བསྣམས་པ་ཡིས༔ སེམས་ཅན་ཀུན་གྱི་བློ་ཡིད་སེམས༔ རྒྱལ་དང་རྒྱལ་སྲས་ཤེས་རབ་དཔལ༔ འུབ་ཏུ་འདུས་ཤིང་བཅུད་དུ་དྲིལ༔ ཞབས་གཉིས་རྣལ་འབྱོར་རོལ་སྟབས་ཅན༔ དར་བེར་དམར་ལ་ནང་གོས་སྔོ༔ དབུ་ལ་དར་དམར་ལ་ཐོད་གསོལ༔ སྤྱན་ཟུང་གདུལ་བྱའི་ཡུལ་ལ་གཟིགས༔ ཡེ་ཤེས་སྤྱན་གྱིས་འཁོར་འདས་གསལ༔ ཞི་མ་ཁྲོ་འཛུམ་མཚན་དཔེས་སྤྲས༔ གཞོན་ནུ་བཅུ་དྲུག་ལོན་པའི་ཚུལ༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ སྐུ་དབྱིངས་

p. 6

གཏིང་གསལ་ཆེན་པོའི་ཀློང་༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཀུན༔ ཆུ་ལ་གཟའ་སྐར་བཀྲ་བཞིན་ཤར༔ སྤྱི་བོར་མཁྱེན་རབ་དབང་ཕྱུག་དང་༔ མགྲིན་པར་བརྩེ་བ་ཆེན་པོའི་གཏེར༔ ཐུགས་ཀར་མཐུ་སྟོབས་ནུས་པའི་བདག༔ ཡེ་ཤེས་འོད་ཀྱི་ཕུང་པོར་གསལ༔ དཔྲལ་བར་ཨོཾ་དང་མགྲིན་པར་ཨཱཿ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་དང་༔ ཁྱད་པར་རྔ་ཡབ་པདྨ་འོད༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ རིག་འཛིན་བློ་ལྡན་མཆོག་སྲེད་རྩལ༔ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྤྱན་དྲངས་གཉིས་སུ་མེད་པརཐིམ༔ [ཞེས་གསལ་བཏབ་ལ།] ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ གུ་རུ་བློ་ལྡན་མཆོག་སྲེད་རྩལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷ་ར་ཨེ་ཨཱ་རལླི་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿ [ཞེས་སྤྱན་དྲངས།] ཧཱུྃ༔ རིག་འཛིན་བླ་མའི་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་རང་བཞིན་ཏེ༔ གདན་གསུམ་ཚང་བའི་ངོ་བོ་རུ༔ མི་འབྲལ་རྟག་ཏུ་བརྟན་བཞུགས་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷ་ར་ས་མ་ཡ་སྟྭཾ༔

p. 7

ཏིཥྛ་བཛྲ༔ [ཞེས་བཞུགས་སུ་གསོལ།] ཧཱུྃ༔ གདོད་ནས་རང་རིག་སྐུ་གསུམ་ཞལ༔ ཡོངས་གྲུབ་དོན་གྱི་བླ་མ་ལ༔ རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ སྐུ་དང་ཡེ་ཤེས་རང་ཞལ་སྤྲོད༔ ན་མོ་གུ་རུ་བིདྱཱ་དྷ་ར་ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ [ཞེས་ཕྱག་འཚལ།] ཨོཾ་ཨཱཿཧཱུཾ༔ ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔ ཕྱི་ནང་གསང་མཆོད་རྒྱན་དུ་ཤར༔ རིག་འཛིན་བླ་མ་དགྱེས་ཕྱིར་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨ་རྒྷཾ་པདྱཾ་པུཥྤེ་[སོགས་]ཤཔྡ་རཱུ་པ་ཤཔྡ་གནྡྡྷེ་ར་ས་སྦརྴེ་མ་ཧཱ་ས་རྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་པཱུ་ཛ་ཧོཿ [ཞེས་མཆོད་པ་ཕུལ།] ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་སྐུའི་རོལ་པ་ལས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་གདུལ་བྱ་འདུལ་མཛད་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད།]རང་རིག་རིག་འཛིན་རྒྱལ་པོ་ཡི༔ ཐུགས་དཀར་པདྨ་ཉི་གདན་ལ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ སྟེ་བར་ཉི་ཟླའི་གའུའི་ནང་༔ ཧྲཱིཿདཀར་ཉིད་ལ་སྔགས་ཀྱིས་བསྐོར༔ བདེ་གཤེགས་སྲས་དང་བཅས་རྣམས་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ མདོ་སྔགས་རྒྱུད་སྡེ་

p. 8

རྒྱ་མཚོ་ཡི༔ བཅུད་དང་སྙིང་པོ་གཅིག་བསྡུས་ཏེ༔ ཐུགས་སྲོག་སྔགས་ཕྲེང་ལ་ཐིམ་པས༔ ཤེས་རབ་ཡེ་ཤེས་འབར་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀ་ར་པྲ་ཛྙཱ་ཛྙཱ་ན་ས་མ་ཏི་སིདྡྷི་ཧཱུྃ༔ [ཞེས་ཅི་ནུས་སུ་བཟླ་བ་ནི་བསྙེན་པའོ། །རང་ཉིད་ཡེ་ཤེས་སྒྱུ་མའི་སྐུ༔ ཐུགས་ཀར་པདྨ་ཟླ་གདན་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཁྱེན་རབ་དབང་ཕྱུག་འཇམ་དཔལ་དབྱངས༔ དམར་སེར་གཞོན་ནུ་གུར་གུམ་མདོག༔ ཞལ་གཅིག་ཕྱག་གཉིས་གཡས་པ་ན༔ ཤེས་རབ་རལ་གྲི་མེ་འབར་ཕྱར༔ གཡོན་པས་སྡིགས་མཛུབ་ས་ལ་གཟིར༔ རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན༔ དེ་ཡི་པང་དུ་གསང་བའི་ཡུམ༔ དབྱངས་ཅན་སྔོན་མོ་གཡས་རལ་གྲི༔ གཡོན་པས་ཤེལ་དཀར་མེ་ལོང་བསྣམས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ ཡབ་ཡུམ་ལོངས་སྐུའི་ཆས་རྒྱན་རྫོགས༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཡི་གེ་དྷཱིཿསེར་ཧྲཱིཿདཀར་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ དུས་གསུམ་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་བྱིན་དངོས་གྲུབ་མཐུ་དཔལ་དང་༔ རྒོལ་བ་

p. 9

ཐམས་ཅད་ཟིལ་གནོན་པའི༔ ཤེས་རབ་ཡེ་ཤེས་སྟོབས་ནུས་པ༔ བསྡུས་ཏེ་ཐུགས་སྲོག་ལ་དྲིལ་ཏེ༔ སྣང་སྲིད་ཟིལ་གྱིས་གནོན་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀ་ར་ཧཱུྃ་ཧྲཱིཿ དྡྷཱིཿཧྲཱིཿ་པྲ་ཛྙཱ་ཛྙཱ་ས་རྦ་སིདྡྷི་ཕ་ལ་ཧཱུྃ༔ [ཞེས་བཟླ་བ་སྒྲུབ་པའི་དགོངས་པ་སྟེ་འདི་ཉིད་གཙོ་བོར་བཟླའོ། །ཡང་རིལ་བུ་བསྒྲུབ་ན། རིལ་བུ་བསང་སྦྱང༌།] སྟོང་པའི་ངང་ལས་རིལ་བུ་རྣམས། །འཇམ་དཔལ་ཡབ་ཡུམ་སྐུར་གསལ་བའི། །ཞལ་ནས་སྔགས་ཀྱི་རང་སྒྲ་དང༌། །ཐུགས་ལས་འོད་ཟེར་དཔག་མེད་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །ཐུགས་རྗེ་བྱིན་རླབས་ནུས་སྟོབས་དང༌། །འཁོར་འདས་བརྟན་གཡོ་སྣོད་བཅུད་ཀྱི། །ཡོན་ཏན་དྭངས་བཅུད་ཀུན་བསྡུས་ནས། །རིལ་བུ་ལ་ཐིམ་གཟི་བྱིན་འབར། །གང་གིས་མྱོང་བ་ཙམ་གྱིས་ནི། །ཤེས་རབ་སྤོབས་པའི་སྣང་བ་གྲོལ། །ཀུན་མཁྱེན་མཆོག་ཐོབ་ནུས་ལྡན་གྱུར། །[ཞེས་བསྒོམ་ལ་གོང་གི་སྒྲུབ་སྔགས་ཉི་འོད་དང་དུ་བ་སྒྲ་ལ་སོགས་པ་རྟགས་ཐོན་གྱི་བར་དུ་འབད་ཅིང༌། མཐར་ལྷ་ཉིད་རིལ་བུར་བསྟིམ་མོ། །རྗེས་ཚོགས་ཀྱི་མཆོད་པ་བྱ་བར་སྤྲོ་ན། ཚོགས་རྫས་ཅི་འབྱོར་བ་བཤམ་ལ་བསང་ཆུ་འཐོར་ཏེ།] རྃ་ཡྃ་ཁྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་ཚོགས་ཀྱི་ཉེས་སྐྱོན་སྦྱངས༔

p. 10

འབྲུ་གསུམ་འོད་དུ་ཞུ་བ་ལས༔ འདོད་རྒུ་འཆར་བའི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུཾཿ [ལན་གསུམ་གྱིས་བྱིན་བརླབ།] ཧཱུྃ༔ འོག་མིན་བདེ་ཆེན་པདྨ་འོད༔ རང་སྣང་དོན་གྱི་འོག་མིན་སོགས༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ནས༔ འཇམ་དཔལ་བློ་ལྡན་མཆོག་སྲེད་རྩལ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿ [ཞེས་ཚོགས་ཞིང་སྤྱན་དྲངས།] ན་མོཿ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ རིག་འཛིན་བླ་མ་ཡོན་ཏན་མཛོད༔ ཁྱབ་བདག་མགོན་པོའི་དཀྱིལ་འཁོར་དུ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ བཛྲ་གུ་རུ་བིདྱཱ་དྷ་ར་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ [ཞེས་ཚོགས་མཆོད་དང་པོ་འབུལ།] ཨོཾ་ཨཱཿཧཱུཾ༔ བསྐང་རྫས་མི་ཟད་འདོད་རྒུའི་གཏེར༔ ཕྱི་ནང་གསང་མཆོད་བླ་ན་མེད༔ དཔག་ཡས་ནམ་མཁའི་ཁམས་གང་གྱུར༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ཞིང་ཁམས་ནས༔ སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཤེས་རབ་ཡེ་ཤེས་དཀྱིལ་

p. 11

འཁོར་ནས༔ བློ་ལྡན་མཆོག་སྲེད་ཐུགས་དམ་བསྐང་༔ གནས་ཡུལ་དུར་ཁྲོད་ཞིང་ཁམས་ནས༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཉམས་ཆག་ཉེས་ལྟུང་ཅི་མཆིས་པ༔ བཤགས་སོ་དག་པར་མཛད་དུ་གསོལ༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ མ་ལུས་བདག་ལ་སྩོལ་བ་དང་༔ ཚེ་འདིར་རྣམ་གྲོལ་ས་རུ་སྐྱོལ༔ [ཅེས་ཐུགས་དམ་བསྐང༌།] ཧོཿ བླ་མ་སྐུ་གསུམ་ལྷ་ཚོགས་དགོངས༔ བདག་གི་ཚེ་རབས་ཐམས་ཅད་དུ༔ སྒོ་གསུམ་བག་མེད་དམ་ཉམས་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ [སོགས་ཡིག་བརྒྱ་བཟླས་པས་བར་པ་བཤགས། ཚོགས་ཐ་མར།] ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ[ས་དམིགས་བྱ་བཀུག་བསྟིམ་བྱས་ལ།] ཧཱུྃ༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ རྒྱུ་རྐྱེན་འབྲེལ་བའི་དགྲ་བགེགས་རྣམས་༔ མཁྱེན་གཉིས་ཡེ་ཤེས་སྟོབས་ཀྱིས་བསྒྲལ༔ ཆོས་དབྱིངས་བདེ་བ་ཆེན་པོར་བསྟབ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཕཊ་ཁ་རཾ་ཁཱ་ཧི༔ [ཞེས་བསྒྲལ་བསྟབ་བྱ། འདིར་ཚོགས་ལ་རོལ་མཐར། ལྷག་མར་ཁ་ཆུ་བྲན།] ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ།] ཕེཾ་[གྱིས་མགྲོན་བོས་ལ།] ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྐྱོང་ཚོགས༔

p. 12

དམ་ཚིག་ཆད་དོན་ལྷག་ལ་རོལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ཨུཙྪི་ཥྚ་བ་ལིཾ་ཏ་ཁཱ་ཧི༔ [ཞེས་ལྷག་མ་བསྔོ། ཆད་བརྟན་ཆབ་གཅིག་ཏུ་བདུད་རྩིས་བྲན་ལ།] ཧོཿ སྔོན་ཚེ་བརྒྱུད་གསུམ་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བཀའ་སྲུང་ཕོ་མོ་བསྟན་སྐྱོང་སྡེ༔ ཀུན་ཀྱང་དམར་གྱི་གཏོར་མ་ལོངས༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ སརྦ་དྷརྨ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་མ་ཡ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧིཿ [ཞེས་ཆད་བརྟན་བཏང༌། གཏོར་གཞོང་ཁ་སྤུབས་པར་རྡོ་རྗེ་རྒྱས་བཏབ་ལ།] ཧཱུྃ༔ ཆོས་དབྱིངས་རོལ་པའི་བྲུབ་ཁུང་དུ༔ ཉོན་མོངས་འཁྲུལ་པའི་དགྲ་བགེགས་བྲུབ༔ བདག་མེད་བརྟུལ་ཞུགས་བྲོ་བརྡུང་ངོ་༔ རིག་པའི་ཡེ་ཤེས་སྟོབས་ཀྱིས་མནན༔ གནོད་བྱིན་སྟྭཾ་བྷ་ཡ་ནན༔ [ཞེས་བྲོ་བརྡུང༌། སྒྲུབ་པ་ཐེམས་པའམ་དུས་སུ་དངོས་གྲུབ་བསྐུལ་བ་ལ།] ཧཱུྃ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་དང་དངོས་གྲུབ་དགའ་བཞིའི་བཅུད༔ ད་ལྟ་ཉིད་དུ་སྩལ་དུ་གསོལ༔ [རྩ་སྔགས་མཐར།] ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིངྡྷི་ཕ་ལ་ཧཱུྃ་ཨཱཿ [ཞེས་དངོས་གྲུབ་བླང༌། མདུན་དཀྱིལ་དང་འབྲེལ་ན་གཏང་རག་གི་མཆོད་བསྟོད་དང་བཟོད་

p. 13

གསོལ་བརྟན་བཞུགས་བྱ། བདག་བསྐྱེད་དམ་ཡེ་གཉིས་སུ་མ་ཕྱེ་བར་ཕྱག་རྒྱ་སྒོ་བཅད་ནི།] ཧཱུྃ༔ གདོད་ནས་རང་རིག་བླ་མར་ཤར༔ དབྱེར་མེད་ཆེན་པོར་རྫོགས་སངས་རྒྱས༔ ལྷ་དང་རང་སྣང་གཉིས་མེད་ངང་༔ མ་བཅོས་ཡོངས་གྲུབ་རྫོགས་སངས་རྒྱས༔ ཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ [ཞེས་མཉམ་པར་བཞག །དེ་ལས་ལྡང་བ་ན།] ཧོཿ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ༔ དུག་གསུམ་རྒྱུད་འཁྲུལ་ཁམས་གསུམ་འགྲོ༔ སྐུ་གསུམ་འབྲས་བུའི་དཔལ་ཐོབ་ཤོག༔ [ཅེས་ལན་གསུམ་གྱིས་བསྔོ་སྨོན་བྱ། མེ་ཏོག་འཐོར་ཞིང་རྟེན་སྙིང་སྔོན་དུ་འགྲོ་བས།] ཧཱུྃ༔ སྐུ་གསུམ་བླ་མའི་བྱིན་རླབས་མཐུས༔ སྒྲུབ་པའི་རྣལའབྱོར་མཆེད་ལྕམ་དྲལ༔ མངོན་སུམ་སྣང་བ་གོང་འཕེལ་ནས༔ ཆོས་སྐུའི་རིག་པ་ཚད་ཕེབས་ཏེ༔ བློ་འདས་གཞོན་ནུ་བུམ་པའི་སྐུར༔ འཇའ་ལུས་འཕོ་ཆེན་བཀྲ་ཤིས་ཤོག༔ [ཅེས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །འདི་ལ་བརྟེན་ནས་བློ་འཕེལ་ཤེས་རབ་རིལ་བུ་བསྒྲུབ་པར་འདོད་ན། སྤང་རྒྱན་གླ་རྩི་མཚལ་དཀར་གསུམ། །ཡུང་བ་ཙནྡན་ཨ་ག་རུ། །སྤང་སྤོས་དབང་ལག་ཤུ་དག་གསུམ། །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར། །དཔའ་བོ་བཅུ་གཉིས་བསྡུས་ནས་ནི། །ཞིབ་པར་བཏགས་

p. 14

ལ་སྦྲང་རྩི་དང༌། །བ་དམར་འོ་མས་རིལ་བུར་བྱ། །ཞེས་པ་ལྟར་སྦྱར་བའི་རིལ་བུ་ཉིད་རིན་པོ་ཆེའི་བུམ་པའམ་ཀ་པཱ་ལར་བླུག་ལ་དར་དཀར་གྱིས་ཁ་བཀབ་སྟེ་དཀྱིལ་འཁོར་དུ་འགོད། སྒྲུབ་པའི་དམིགས་བཟླས་གོང་དུ་སྨོས་པ་ལྟར་འབད་དོ། །ཞེས་པའང་ལམ་འདིར་མི་འཕྲོག་པའི་མོས་པ་དགེ་བ་ཅན་ཚེ་རིག་འཛིན་པ་ལ་དྭགས་ནོ་ནོ་ཚེ་རིང་དཔལ་འབྱོར་བཟང་པོའི་གསུང་གིས་བསྐུལ་བ་ལས། རྩ་བའི་གཞུང་ལ་རིགས་མཐུན་གྱི་ཁ་སྐོང་དང་བཅས་འཇུག་བདེ་བཀླག་ཆོག་ཏུ་བཀོད་པ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དུས་ཀྱི་ཕོ་ཉའི་ལོ་ནག་པ་ཉ་བའི་ཡར་ངོའི་ཚེས་བཅུ་ལ། བལ་ཡུལ་ཉེ་བའི་ཚནྡྷོའི་གྲོང་ཁྱེར་དུ་སྦྱར་བའི་ཡི་གེ་པ་ནི་བློ་གསལ་རིན་ཆེན་ཕུན་ཚོགས་སོ། །ཤུབྷཾ།། །།]

ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས་ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོའི་རྩ་སྒྲུབ་བསྲུང་བའི་འཁོར་ལོ།

p. 15

ཐྃ། །༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོའི་རྩ་སྒྲུབ་བསྲུང་བའི་འཁོར་ལོ་བཞུགས་སོ༔

p. 16

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ [བརྡ་ཡིག]༔ མ་འོངས་དུས་ཀྱི་ཐ་མ་ལ༔ སངས་རྒྱས་བསྟན་པ་ཉམས་དམའ་ནས༔ དཀར་ཕྱོགས་ཕམ་ལྟུང་བདུད་ཁ་དྲག༔ དགེ་བཙུན་མཚོན་ཐོགས་མཆེད་གྲོགས་བཀུམ༔ བདུད་སྲིན་རང་སྤུལ་མིར་རྫུར་འཇུག༔ ས་འོག་འབྱུང་པོ་སྟེང་དུ་འདོན༔ ལྕགས་ལ་དུག་གི་མེ་ཏོག་བཞད༔ སྲིན་ཡུལ་སྡིག་བཤན་ཧ་ལ་ཟུང་༔ ར་སར་རྒྱལ་འགོ་དུག་སེར་བསྒྲིལ༔ གནམ་ལ་བདུད་གཟའ་དུད་འཇུག་ཤར༔ དམེ་འཁྲུགས་མཚོན་གྱི་འཚུབ་མ་ལངས༔ སྔགས་བཙུན་དམ་ཚིག་དཀོར་ལ་འཚོང་༔ དགེ་འདུན་ནོར་བུ་མཚལ་དུ་བརྗེ༔ དེ་དུས་མ་དང་

p. 17

མཁའ་འགྲོ་འཁྲུགས༔ གཉན་དང་རྒྱལ་བསེན་ཁ་དར་ནས༔ ནད་རིགས་མི་གཅིག་སྣ་ཚོགས་འབྱུང་༔ མ་མོ་ལས་བྱུང་ནད་རིམས་ནི༔ དགའ་བྱེད་བགད་པས་བརྒྱལ་ཏེ་འགུམ༔ གྲེ་ལོག་ཁྲག་ཏུ་སྐྱུག་སྟེ་འགུམ༔ དམར་བཤལ་ཞེས་བྱ་ཁོངས་ཁྲག་འཁྲུ༔ མིག་ཚ་བྱ་བ་མིག་འབྲས་འབྱིན༔ གཟེར་ཐུམ་བྱ་བ་གློ་བུར་འཆི༔ དབྱུག་པ་ཞེས་བྱ་མི་བཟོད་གཟེར༔ རྐང་པའི་མཐིལ་ནས་སྤྱི་བོར་ཐལ༔ ཡང་ན་གོ་ལྡོག་ལས་འབབ་འཆི༔ དེ་སོགས་མ་ངེས་སྣ་ཚོགས་འབྱུང་༔ གཉན་ནད་གག་ལྷོག་གཟེར་གསུམ་དང་༔ ཤུ་བ་རྒྱ་ཐོར་རྒྱུ་ལངས་འགགས༔ ཉྭ་གས་ཐོད་གས་སྐྲང་གས་དང་༔

p. 18

མཛེ་ཤུ་པགས་ནད་ལྕེ་ཆུ་འགགས༔ མགུལ་འགགས་མགུལ་འགྲམ་མགུལ་སྐྲང་གས་དང་༔ ལྐུག་སྟེ་འཆི་དང་རེངས་པ་སོགས༔ གཉན་རིམས་རྣམ་པ་སྣ་ཚོགས་འབྱུང་༔ གཉན་བྲན་རྒྱལ་པོའི་ནད་རིགས་ཡང་༔ སྨྱོ་འབོག་བརྒྱལ་དང་ཤ་འགུལ་འཐོན༔ སྦྲིད་པ་འཁུམ་པ་ལ་སོགས་པའི༔ ནད་དང་རིམས་ནད་སྣ་ཚོགས་དར༔ མདོར་ན་མ་མོའི་མངའ་འོག་ཏུ༔ སྲིད་པ་འདི་ན་མ་འདུས་མེད༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀྱི༔ ནད་རིགས་རྣམ་པ་སྣ་ཚོགས་དར༔ དེ་དུས་མི་རྣམས་དམུ་རྒོད་པས༔ ཕ་སྤུན་ནང་འཁྲུགས་རྐུ་ཇག་བྱེད༔ བསྟན་པའི་ཆོས་ཁྲིམས་ཟོག་ཏུ་སྤྱོད༔ སློབ་དཔོན་ལ་ནི་བརྙས་འགྲན་སྙོག༔ ནོར་ལ་གོད་ཡམས་སྣ་དགུ་འབྱུང་༔ དེ་འདྲའི་བསྐལ་ངན་དུས་ཤར་ཚེ༔ ལྷ་ལས་ལྷ་མཆོག་དྲག་ཏུ་ཁྲོས༔ དེ་ལས་ཡང་ཁྲོས་ནག་པོ་ནི༔ གདུལ་བྱ་ཕྲིན་ལས་དུས་ལ་བབས༔ པད་འབྱུང་ང་དང་དབྱེར་མེད་པའི༔ སྦས་པའི་རྣལ་འབྱོར་འཆོལ་པོ་འབྱུང་༔ དེ་ལ་གཤེ་ཞིང་སྐུར་འདེབས་པ༔ ད་ལྟ་སྨོན་ལམ་ལོག་པ་ཡི༔ བདུད་བློན་བཅུ་དྲུག་དེ་དུས་འབྱུང་༔ ལ་ལ་སྔགས་བཙུན་ལ་ལ་ནི༔ དགེ་བཙུན་གྲོགས་སྟོན་ཚུལ་དུ་འབྱུང་༔ ལ་ལ་མི་དཔོན་དེ་ཡི་མོ༔ ལ་ལ་བློན་རིགས་ལ་ལ་འབངས༔ དེ་ཡི་བར་བར་སྣ་ཚོགས་ནི༔ ལ་

p. 19

ལས་སྐུར་འདེབས་ལ་ལས་གཤེ༔ ལ་ལས་བརྙས་བཅོས་ཁྱད་དུ་གསོད༔ ལ་ལས་ཁ་ཡོག་ལ་ལས་བསྡིག༔ ལ་ལས་འཇིགས་པའི་ང་རོ་སྒྲོག༔ ༔ རྟེན་འབྲེལ་སྨ་འབེབས་སྣ་ཚོགས་བྱེད༔ གཞན་ཡང་རྒྱ་བོད་ལྷ་འདྲེ་ཡིས༔ འཇམ་རྩུབ་གང་རུང་སྣ་ཚོགས་སྟོན༔ མི་ནོར་མི་བདེའི་ཟུག་རྔུ་འགྱེད༔ དེ་དུས་པདྨའི་བུ་མཆོག་ལ༔ ཡ་ང་བག་ཚ་མ་མཆིས་ན༔ བདུད་ཀྱི་བར་ཆད་ག་ལ་འཛུག༔ དེ་དོན་སོམས་ཤིག་སྐལ་ལྡན་བུ༔ སྒྲུབ་པའི་སྙིང་པོ་ལྷུར་ལེན་གྱིས༔ འདུ་འཛི་རྣམ་གཡེང་ངོ་སྲུང་སྤང་༔ བཀའ་བབ་སྣོད་ལྡན་ཆོས་བདག་ལ༔ བཀའ་རྒྱ་བཀྲོལ་ཏེ་གཏད་རྒྱ་མཛོད༔ ཡང་གསང་ཐུགས་ཀྱི་སྒྲུབ་པ་འདི༔ དུས་གསུམ་རྒྱལ་བའི་ཐུགས་ཐིག་ཡིན༔ པདྨ་ང་ཡི་སྲོག་ཐིག་ཡིན༔ མཁའ་འགྲོ་བྱེ་བའི་སྙིང་ཁྲག་ཡིན༔ བཀའ་སྲུང་ཡོངས་ཀྱི་སྲོག་རྩ་ཡིན༔ འདི་ནི་སྙིང་གི་ཡང་ཏིག་སྟེ༔ བླ་མ་རྣམས་ཀྱིས་དགོངས་རྒྱས་བཏབ། ཡི་དམ་ལྷ་ཡིས་སྲོག་རྒྱས་བཏབ༔ མ་དང་མཁའ་འགྲོས་བརྡའ་རྒྱས་བཏབ༔ བཀའ་སྲུང་ཡོངས་ཀྱིས་དམ་རྒྱས་བཏབ༔ དམ་ཅན་རྒྱ་མཚོས་སྲུང་རྒྱས་བཏབ༔ བྱིན་རླབས་སྒྲོམ་དུ་གཏེར་རྒྱས་བཏབ༔ མི་ཞིག་གནས་ལ་སྦས་རྒྱས་བཏབ༔ བཀའ་ཡི་སྲུང་མས་གཏད་རྒྱས་བཏབ༔

p. 20

ཡང་ཟབ་རྡོ་རྗེས་རྒྱས་ཡང་བཏབ༔ གསང་བའི་ཡང་གསང་རྒྱ་ཡིས་བཏབ༔ མ་འོངས་བུ་ལ་བཀྲོལ་རྒྱས་བཏབ༔ སྨོན་ལམ་ལས་ཅན་སྨིན་རྒྱས་བཏབ༔ འགྲོ་དོན་ཕྱོགས་མེད་འབྱུང་འགྱུར་དུ༔ རྒྱལ་ཀུན་དགོངས་པ་འདུས་རྒྱས་བཏབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་གསུམ་རྒྱ་ཡིས་ཐེབས་པ་ཡི༔ པདྨ་འབྱུང་གནས་སྙིང་ཁྲག་འདི༔ ཤིན་ཏུ་གསང་བའི་རྒྱ་ཡིས་ཐོབ༔ བཀའ་སྐྱོང་རྒྱ་མཚོས་མ་གཡེལ་རེམ༔ དམ་མེད་རྣམས་ཀྱི་དབང་པོ་བསྣུབ༔ ལྟ་བ་ལོག་པའི་སྙིང་ཁྲག་རོལ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཀའ་དང་དམ་ཚིག་གཉན་གྱི་རྒྱ༔ ཚུལ་བཞིན་བསྒྲུབས་པའི་སྐལ་ལྡན་ལ༔ མཆོག་གི་དངོས་གྲུབ་སྦྱིན་བདག་གྱིས༔ ས་མ་ཡ༔ ཉམས་སུ་ལེན་པའི་སྐལ་ལྡན་རྣམས༔ པདྨ་ང་དང་གཉིས་སུ་མེད༔ ཚེ་འདིར་རིག་འཛིན་ས་འཐོབ་འགྱུར༔ མི་བསླུ་རྡོ་རྗེའི་དམ་ཚིག་གོ༔ བར་ཆད་གཡུལ་ལས་རྣམ་རྒྱལ་ཕྱིར༔ ཡང་ཁྲོས་ནག་པོ་བསྒྲུབ་པའི་བུ༔ བར་ཆད་འཇུག་ལམ་རྩ་དང་ནི༔ སློབ་པ་ཁམས་དང་རླུང་ལ་སློབ༔ དེ་ཕྱིར་བརྟེན་པ་རྩ་དང་ནི༔ གཡོ་བ་རླུང་དང་བཀོད་པ་ཁམས༔ རྟེན་དང་བརྟེན་པའི་དལ་དུ་འཕོ༔ རྩ་གསུམ་སྐུ་གསུམ་ངོ་བོ་ལ༔ རྣམ་པ་འོད་ཀྱི་གོང་བུར་གསལ༔ ཁམས་ནི་ཡེ་ཤེས་

p. 21

ལྷ་རུ་གསལ༔ རླུང་གི་རྔུབ་པ་བྱིན་རླབས་རླུང་༔ དབྱུང་བ་ཕག་སྡིག་ཁྱུང་མེར་བསྒོམ༔ སྲུང་བ་རྩ་ལ་བརྟེན་པས་ན༔ སྲུང་བ་ཀུན་གྱི་རྒྱལ་པོར་འགྱུར༔ ཧཱུཾ་ཧཱུཾ༌ཧཱུཾ༔ ཧཱུཾ་ཧྲཱིཿ སྣང་སྲིད་དུར་ཁྲོད་གཞལ་ཡས་ཁང་༔ པདྨ་ཉི་མ་སྡེ་བརྒྱད་སྟེང་༔ དུར་ཕག་ནག་མོ་མགོ་དགུ་པའི༔ སྟེང་དུ་རང་ཉིད་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོ་ཆེ༔ ཞལ་གཅིག་ཕྱག་བཞི་རྔམས་པའི་སྐུ༔ གཡས་གཉིས་རལ་གྲི་གྲི་གུག་དང་༔ གཡོན་གཉིས་སྦྲུལ་ཞགས་ཐོད་ཁྲག་བསྣམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཤངས་ནས་ཕག་སྡིག་ཁྱུང་ཆེན་འཕྲོ༔ སྤྱན་གསུམ་སྡང་མིག་གཡོ་ཞིང་འཁྲུག༔ སྨ་སྨིན་མར་མེ་ཞགས་འཕྲོ༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ སྤྱི་བོར་རྟ་མགོ་ལྗང་གུ་འཚེར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བགྲད༔ མེ་རླུང་དུག་མཚོའི་ཀློང་དུ་བསྐྱེད༔ དར་ནག་བེར་ཆེན་བརྗིད་པ་གསོལ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་པ་གསུམ་པོ་ཟིལ་གྱིས་གནོན༔ སྐུ་དབུས་དྲང་པོར་རྩ་དབུ་མ༔ དཀར་དམར་མཐིང་གསུམ་མདངས་ལྡན་སྦུབས༔ འཇམ་དཔལ་མཐིང་ནག་རལ་གྲི་དང་༔ གཡོན་པས་

p. 22

བརྒྱད་སྟོང་གླེགས་བམ་བསྣམས༔ འཁོར་ལོ་ལྔ་ཡི་དང་པོ་ནས༔ རིམ་བཞིན་བུདྡྷ་པདྨ་དང་༔ རྡོ་རྗེ་རིན་ཆེན་ཀརྨའི་རིགས༔ ཁྲག་འཐུང་ཡབ་ཡུམ་དཀར་དམར་མཐིང་༔ སེར་དང་ལྗང་ནག་འབར་བའི་སྐུ༔ དུག་ལྔ་དབྱིངས་སུ་སྒྲོལ་བའི་ཕྱིར༔ རབ་འཇིགས་དྲག་པོའི་སྐུ་རུ་བསྐྱེད༔ གཡས་སུ་རོ་མ་དཀར་གསལ་སྦུབས༔ རྟ་མགྲིན་དམར་པོ་དབྱུག་ཏོ་དང་༔ གཡོན་པས་དབང་གི་ཞགས་པ་བསྣམས༔ སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར༔ གཡོན་དུ་རྐྱང་མ་དམར་གསལ་སྦུབས༔ ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས༔ ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་དང་༔ དཔལ་གྱི་ཆས་དང་གར་དགུའི་ཉམས༔ རབ་རྫོགས་གྱད་ཀྱི་འདོར་སྟབས་བགྲད༔ ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས༔ རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས༔ གཞན་ཡང་རྩ་གསུམ་འཁོར་ལོ་ལྔར༔ ཡེ་ཤེས་རོལ་པའི་རྩལ་གྱི་ལྷ༔ རྣམ་པ་ཁྱུང་དང་ཕག་སྡིག་གིས༔ ཏིལ་གོང་ཕྱུར་བཞིན་གང་བར་བསམ༔ བུ་ག་དགུ་དང་བ་སྤུའི་སྒོར༔ མེ་ཁྱུང་ལྕགས་སྡིག་ཕག་ནག་དང་༔ རླུང་མེ་བཙན་དུག་ངད་རླངས་ནི༔ སེར་རླུང་འཚུབས་ལྟར་རབ་འཕྲོས་པས༔ ནད་རིམས་གདོན་བཅས་བརླག

p. 23

པར་བསམ༔ རང་སྣང་རང་དབང་བསྐུར་བ་ནི༔ ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བའི་དཔའ་བོ་རྒྱལ་བ་རྣམས་ཀྱི་རྒྱལ་ཚབ་དུ་མངའ་གསོལ༔ རྡོ་རྗེ་གསུམ་གྱི་རྒྱས་གདབ༔ བུམ་ཆུས་སྤྱི་བོ་ནས་དབང་བསྐུར༔ སྐུ་གང་དྲི་མ་དག་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་གྱིས་དབུ་བརྒྱན་པར་གྱུར༔ སླར་ཡང་ལྷ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་ཨཱཿབཛྲ་ཧཱུཾ་བཛྲ་སྭཱ་བཛྲ་ཧཱ་བཛྲ་ས་རྦ་ཨ་བྷི་ཥིཉྩ་ཨཱཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ༔ ཨ་བྷི་ཥིཉྩ་སྟྭཾ༔ ཨོཾ་ཛྙཱ་ན་པཉྩ་བཛྲ་ས་མ་ཡ་སྟྭཾ༔ ཨོཾ་ཨཱཿཧཱུཾ༔ ཞེས་ལན་གསུམ་བརྗོད༔ སྔགས་ཀྱི་དམིགས་གནད་འཁོར་ལོས་སྒྱུར་བ་ནི༔ ཧཱུྃ༔ རང་སྣང་ཡེ་ཤེས་གཞལ་ཡས་དབུས༔ རང་རིག་དོན་གྱི་ཧེ་རུ་ཀ༔ རང་རྩལ་འཁོར་གྱི་རོལ་པར་བཞེངས༔ བསྐུལ་ལོ་ཆོས་སྐུའི་ཀློང་ནས་བསྐུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྒོམ་བཟླས་དམིགས་པའི་རྣོ་ནུས་བསྐྱེད༔ འགྲོ་བ་འདྲེན་པའི་ཕྲིན་ལས

p. 24

མཛོད༔ བསྐུལ་ནས་བསྙེན་པའི་དམིགས་པ་ནི༔ ཧཱུཾ༔ རང་ཉིད་ཡང་ཁྲོས་སྐུར་གསལ་བའི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ མཐིང་ནག་གཅེར་བུ་གྲི་ཐོད་ཅན༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ ཕ་ལམ་རྡོ་རྗེའི་ལྟེ་བ་རུ༔ པདྨ་ཟླ་བ་ཉི་མའི་སྟེང་༔ ཧཱུཾ་མཐིང་ཁོང་གསེང་ཧྲཱིཿཡིག་ནག༔ ཧཱུཾ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རབ་ཏུ་འཁོར་བར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ རྩ་གདན་ཉི་མའི་གདན་འོག་ཏུ༔ གནོད་བྱེད་གདུག་པའི་སྲོག་ཡིན་མཐར༔ སྡེ་བརྒྱད་འདུས་པའི་སྲོག་ཡིག་ནི༔ མདུན་ནས་ཨཿདཀར་ལྷོར་ཡཿསྔོ༔ ནུབ་ཏུ་མཿནག་བྱང་དུཿནག༔ ཤར་ལྷོའི་མཚམས་སུ་རུཿཡིག་སེར༔ ལྷོ་ནུབ་མཚམས་སུ་ཙཿདམར་པོ༔ ནུབ་བྱང་མཚམས་སུ་ཤཿདམར་ནག༔ དེ་བཞིན་བྱང་ཤར་ནཿསྔོན་པོ༔ དེ་དག་ལས་ནི་འོད་འཕྲོས་པས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་དང་༔ ལྷ་སྲིན་དྲེགས་པ་སྡེ་བརྒྱད་དང་༔ སེམས་ཅན་ཀུན་གྱི་སྲོག་སྙིང་འཕྲོག༔ བསྡུས་ཏེ་རིག་སྔགས་སྲོག་ལ་བསྟིམ༔ ཐབས་དང་ཤེས་རབ་སྒྲོན་དུ་བཙུད༔ དྲག་སྔགས་འཁོར་ལོའི་ཟིལ་གྱིས་མནན༔ ཡེ་ཤེས་གྱི་དྲྭ་བས་བསྡམ༔

p. 25

ནུས་མཐུ་སྲོག་གི་སྙིང་པོར་གཅུན༔ འཁོར་འདས་ཡོངས་ཀྱི་སྲོག་འདུས་ཤིང་༔ འཁོར་བ་ཡོངས་སྒྲོལ་དབང་རྫོགས་སོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ ཁྲག་འཐུང་ཡོངས་འདུས་སྙིང་པོར་བཟླ༔ ཧཱུྃ་ཧྲཱིཿ ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་ཧཱུཾ་ལ་དྲག་སྔགས་འཁོར༔ རིགས་ཀུན་སྲོག་སྔགས་གཅིག་ཏུ་བསྒྲུབ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་སརྦ་ཛྙཱ་ན་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ བདག་ཉིད་དབང་ཆེ་ཡང་ཁྲོས་ཀྱི༔ སྤྱི་བོ་ནས་བཟུང་རྐང་མཐིལ་ཡན༔ ཡང་ཁྲོས་ཕྲ་རབ་རྡུལ་ཆ་ཙམ༔ བར་མེད་མ་འདྲེས་ཏིལ་གོང་བཞིན༔ ཚོགས་པའི་ཕུང་པོར་ལྷུན་གྲུབ་རྫོགས༔ ཀུན་ཀྱང་དྲག་སྔགས་སྒྲོགས་པར་བསྒོམ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ སོ་ནི་དཔའ་བོ་མཁའ་འགྲོ་དང་༔ ལྕེ་དབང་འཇམ་དཔལ་གཞོན་ནུར་བསྒོམ༔ བ་སྤུ་དཔའ་བོ་དཔའ་མོར་བསྒོམ༔ ཀུན་ཀྱང་དྲག་སྔགས་སྒྲོགས་པར་བསྒོམ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ སྣང་བ་ལྷ་དང་སྒྲ་གྲགས་སྔགས༔ དྲན་རྟོག་ཆོས་ཉིད་རོལ་པར་གསལ༔ མདོར་ན་འཁོར་འདས་དབང་དྲག་དལ༔ དབྱིངས་དང་དགོངས་པ་

p. 26

རོ་གཅིག་ཏུ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ རང་ཉིད་དྲག་པོའི་སྐུར་བསྒོམ་པའི༔ ཤངས་ནས་དྲག་སྔགས་མེ་དབལ་དང་༔ ཕག་ནག་ཁྱུང་དང་ལྕགས་སྡིག་འཕྲོས༔ གནོད་བྱེད་དམ་སྲི་རྒྱལ་བསེན་དང་༔ གཉན་དང་ས་བདག་ཀླུ་སྲིན་དང་༔ ནད་རིམས་ཡམས་ནད་གདོན་དང་བཅས༔ བསྲེག་གཏུབ་ཧབ་ཧབ་ཟས་སུ་ཟོས༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ སརྦ་ཛྭ་ར་པྲ་མ་ཎི་སྭཱ་ཧཱ༔ རྩ་གནས་ལྷ་ཡི་སྔགས་འཁོར་བཟླ༔ ཧཱུཾ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཁྲག་འཐུང་འབར་བའི་ལྷ་ཚོགས་ཀྱི༔ ཐུགས་ཀར་སྔགས་ཕྲེང་རབ་ཏུ་འཁོར༔ བཟླས་པས་ལྷ་ཚོགས་དབྱིངས་ནས་བསྐུལ༔ དབྱིངས་དང་དགོངས་པ་ཕྱམ་གཅིག་ཏུ༔ དྲག་སྔགས་འུར་ཆེམ་སྒྲོགས་པ་ཡིས༔ འོད་ཟེར་སྤྲུལ་པ་དཔག་མེད་ཀྱིས༔ རྩ་ཁམས་མ་ལུས་ཡོངས་སུ་ཁྱབ་སྟེ༔ གཞན་ཡང་ལྷ་སྔགས་རོལ་པར་དམིགས༔ སྣང་བ་སྣོད་དང་སྲིད་པ་བཅུད༔ མ་ལུས་འོད་དང་སྤྲུལ་པས་ཁེངས༔ བར་ཆད་གདོན་བགེགས་སྡེ་བརྒྱད་དང་༔ སྡུག་བསྔལ་སྡིག་སྒྲིབ་ལས་ཉོན་དང་༔ ནད་རིམས་ཡམས་ནད་གཉན་ཀླུ་གདོན༔ མ་ལུས་སྦུར་མ་མེར་

p. 27

བསྲེག་བཞིན༔ རྗེས་ཤུལ་ཙམ་ཡང་མེད་པར་བསྲེགས༔ སྣོད་བཅུད་རྡོ་རྗེ་གསུམ་ཀློང་བཟླུམ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ སརྦ་ཛྭ་ར་པྲ་མ་ཎི་སྭཱ་ཧཱ༔ འདི་ལ་འབུམ་ཕྲག་བཅུ་བཟླས་ཏེ༔ ཨོཾ་བཛྲ་ཛྙཱ་ན་པཉྩ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་སརྦ་ཛྭ་ར་མཱ་ར་ཡ་ཕཊ༔ འདི་ལ་འབུམ་ཕྲག་བདུན་བརྗོད་མཐར༔ ཨོཾ་པདྨནྟ་ཀྲིཏ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཡ་མནྟ་ཀ་ཁྲོཾ་ག་རུ་ཌ་ཡཀྴ་རཀྴ་མ་ཧཱ་ཀྲོ་དྷ་ཤྲཱ་ཧེ་རུ་ཀ་ཧཱུཾ་ཕཊ༔ སརྦ་ཛྭ་ར་པྲ་ཤ་མ་ཎི་སྭཱ་ཧཱ༔ ཀ་ལ་རཱུ་པ་ཨ་མུ་ཀ་དུ་ཏྲི་ཛྭ་ལ་རཾ་རཾ་མཱ་ར་ཡ་རྦད་སོད་ནན༔ ཨོཾ་པྲ་སོད༔ ཆུ་སོད༔ དུར་ཏ་སོད༔ དུར་མི་སོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཿཀཾ་ཤཾ་རྦད་ཕཊ༔ ཨོཾ་ཐིམ་ཐ་ར་ཏི་ས་ཏུ་ནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དྲག་སྔགས་མེ་ལྕེའི་འཁོར་ལོ་འདི༔ འབུམ་ཕྲག་བཟླས་པས་འགྲུབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲུང་བ་རྫས་སྔགས་འཁོར་ལོ་གསུམ༔ བསྟེན་པས་ནད་རིམས་འཇིགས་ལས་གྲོལ༔ དེ་ནས་རྫས་སུ་བསྟེན་པ་ནི༔ གླ་རྩི་ལྡོང་རོས་མུ་ཟི་ནག༔ བཙན་དུག་ཤིང་ཀུན་ཤུ་དག་ནག༔ མཚལ་དང་སེང་ལྡེང་མི་ཡི་ཚིལ༔ ཤི་སྐྲའི་གཞོབ་དང་ཉུང་དཀར་ནག༔ སྤུ་ནག་མཁན་ནག་རྩ་བ་དང་༔ རྟ་དང་དྲེའུའི་སྤུ་གཞོབ་དང་༔ གླང་དམར་རྭ་གཞོབ་སྒོག་གཅིག་པ༔ གུ་གུལ་ཚེར་ནག་ཐར་ནུ་བཅས༔ ཆ་མཉམ་སྦྱར་བ་ཟངས་སྣོད་

p. 28

བླུག༔ ཞག་ནི་ཉི་ཤུར་སྨྲ་བཅད་དེ༔ མེ་ལྕེའི་འཁོར་ལོ་བཟླས་ལ་བཏབ༔ སླར་ཡང་ཞིབ་བཏགས་རིལ་བུ་བྱ༔ དབང་ལག་ཁུ་བས་རིལ་བུར་བསྒྲིལ༔ དཀྱིལ་འཁོར་དབུས་གཞུག་ཟླ་གཅིག་བསྒྲུབ༔ བ་གླང་མཛོ་རྭ་སོགས་སུ་བླུག༔ ལོ་རེར་སྔགས་བསྒྲུབ་ངར་གསོས་ན༔ སྡེ་བརྒྱད་ལྷ་འདྲེའི་ནད་རིམས་གདོན༔ བྱད་ཁ་རྦོད་གཏོང་ཀླུ་གཉན་སོགས༔ མི་མཐུན་ཕྱོགས་ངན་ཐམས་ཅད་བསྲུང་༔ འདི་ཉིད་མགུལ་དུ་འཆང་བའི་མིར༔ ནད་རིམས་ཀུན་གྱིས་མི་ཚུག་གོ༔ གནམ་ལྕགས་རྡོ་རྗེའི་རྫོང་དུ་ཚུད༔ ས་མ་ཡ༔ སླར་ཡང་གཉན་རྫས་ཤ་ལྔ་ནི༔ བྱི་དམར་ཕོ་རོག་འོལ་བ་དང་༔ འཇོལ་མོ་ཁྲུང་ཁྲུང་ཤ་རྣམས་ལ༔ བོང་ནག་བོང་དཀར་བོང་སེར་དང་༔ བོང་དམར་ཐང་ཕྲོམ་མཉམ་སྦྱོར་བཏགས༔ རྩ་སྔགས་འབུམ་དང་ལས་སྦྱོར་ཁྲི༔ བཏབ་ནས་མགུལ་འཆང་གཉན་ལས་གྲོལ༔ ས་མ་ཡ༔ རྒྱལ་གདོན་བསྲུང་བའི་རྫས་བསྟན་པ༔ རྟ་དང་ས་བྱི་ཁྱི་སྤྱང་ཤ༔ གུ་གུལ་ཤིང་ཀུན་ཉུང་དཀར་དང་༔ སྡིག་པའི་ཤ་ཁྲག་ཁུ་བས་བསྒྲིལ༔ རྭ་ཡི་སྡིག་གཟུགས་ནང་དུ་བླུགས༔ སྔགས་ནི་འབུམ་གྱིས་བཏབ་སྟེ་འཆང་༔ སྡིག་པ་ར་ཙ་ནག་པོ་ལས༔ བྱེ་བ་དུང་ཕྱུར་དཔག་མེད་འཕྲོས༔ ནད་རིམས་རྒྱལ་གདོན་འཇོམས་པར་བསྒོམ། དེ་ཡིས་རྒྱལ་གདོན་ཐམས་

p. 29

ཅད་ཐུབ༔ ས་མ་ཡ༔ སླར་ཡང་རིམས་ནད་འཇོམས་པའི་རྫས༔ ཁྱི་རྟ་ཕག་དང་བྱི་བ་དང་༔ གྲུམ་པ་ཝ་དང་སྲེ་མོང་དང་༔ སྤྱང་ཀི་བྱི་ལ་ཏེ་ལོ་དང་༔ སྟག་གཟིག་དོམ་དྲེད་གཡི་འཕར་བ༔ མི་དང་སྤྲེའུ་རྣམས་ཀྱི་ཤ༔ སྒོག་གཅིག་པ་དང་ཐར་ནུ་དང་༔ བཙན་དུག་ར་དུག་ལ་སོགས་པ༔ བསྲེས་ཏེ་ཐུམ་བུར་བྱས་ནས་སུ༔ མགུལ་དུ་བཏགས་པས་རིམས་ནད་བསྲུང་༔ ཡང་གཅིག་ཨར་ནག་མུར་ནག་དང་༔ སྤྲུ་ནག་སྦྲུལ་ནག་གླ་རྩི་དང་༔ ཧ་ལ་ཤིང་ཀུན་ཤུ་དག་ནག༔ རྟ་བོན་མཁན་ནག་རྩ་བ་དང་༔ དེ་བཞིན་སེར་པོ་དགུ་ཡང་སྦྱོར༔ ཡུངས་དཀར་ཡུངས་ནག་ཀེ་ཤངས་ཚེ༔ ཏིལ་ནག་དང་བཅས་སྦྱར་བ་ལ༔ སྐྱོབ་བྱེད་སྔགས་འདི་འབུམ་ཕྲག་བཏབ༔ སྔགས་ནི༔ ནག་པོ་ཚལ་པ་ཤག་ཏི་རྦད༔ རྩ་སྔགས་དང་སྦྱར་བཏབ་པ་ཡིས༔ མགུལ་དུ་དྲོད་དང་མ་བྲལ་བར༔ བཅངས་པས་ནད་རིམས་ཀུན་བསྲུང་འགྱུར༔ ཡང་ཅིག་སྔགས་ཀྱི་རིམ་པ་ལ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཁྲོཾ་ཡིག་ནག་པོ་མེ་འབར་བ༔ དེ་ལས་འོད་ཟེར་ཡར་འཕྲོས་པས༔ རྒྱལ་བ་མཆོད་ཅིང་རྟེན་བརྟེན་པ༔ ཚུར་འདུས་ཁྲོཾ་ལ་བཅུད་དུ་དྲིལ༔

p. 30

མར་འཕྲོས་འགྲོ་བའི་རྒྱུད་སྦྱངས་ནས༔ སྣོད་བཅུད་བཀྲག་མདངས་གཟི་བརྗིད་དཔལ༔ བསྡུས་ཏེ་ཁྲོཾ་ཡིག་ཉིད་ལ་ཐིམ༔ ཁྲོཾ་ལས་འོད་ཟེར་འོག་ཏུ་འཕྲོས༔ དུག་མཚོ་ཁོལ་མ་འཁྱིལ་བའི་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ བསྣོལ་བའི་ཁྲི་སྟེང་ཁྲོཾ་བབས་ཏེ༔ ཁྲོ་ཆུ་ཁོལ་མ་ལས་གྲུབ་པའི༔ ཁྱུང་ནག་མེ་ཡི་གཤོག་པ་ཅན༔ རྭ་ཡིས་སྟེང་གི་ལྷ་གདོན་འབིགས༔ གཤོག་པས་བར་སྣང་སྡེ་བརྒྱད་སྲེག༔ རྐང་པས་འོག་གི་ཀླུ་གཉན་གནོན༔ ལག་པས་ཀླུ་བརྒྱད་དམ་དུ་བཅིང་༔ མགོ་བོ་ཁར་བཅུག་རྔམས་ཟས་བྱེད༔ མེ་ལྕེའི་སྤུ་ཕྲན་སྤྲུགས་པ་ལས༔ མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ སྤྱན་གསུམ་ཉི་སྟོང་འོད་འབར་བས༔ ཀླུ་གཉན་ས་བདག་ཐམས་ཅད་བསྲེག༔ རྭ་བར་ཡིད་བཞིན་ནོར་བུ་ལས༔ འདོད་རྒུའི་དཔལ་ཡོན་ཆར་དུ་འབེབས༔ ཡེ་ཤེས་མེ་དཔུང་འབར་ཀློང་ན༔ རང་འདྲའི་བྱ་ཁྱུང་དཔག་མེད་འཕྲོ༔ ཉོན་མོངས་དུག་ལྔའི་རྒྱུད་འཁྲུལ་གྱིས༔ འདྲེ་གདོན་འབྱུང་པོ་ཐམས་ཅད་ཀུན༔ གཤོག་པས་བརྡབ་ཅིང་སྡེར་མོས་བྲད༔ ཧབ་ཧབ་མྱག་མྱག་ཟས་སུ་རོལ༔ སྲིད་པའི་ཕག་ནག་མགོ་དགུ་ཞོན༔ ཐུགས་ཀར་ཉི་སྟེང་ཁྲོཾ་ནག་ལས༔

p. 31

ཡེ་ཤེས་མེ་དཔུང་རབ་འབར་བ༔ ལུས་ཀྱི་ཕྱི་ནང་ཐམས་ཅད་དུ༔ གནས་པའི་བག་ཆགས་ནད་རྣམས་ཀུན༔ རྩྭ་ཕུད་སྐམ་ལ་མེ་མཆེད་བཞིན༔ རྗེས་ཤུལ་མེད་པར་བསྲེག་བསམ་ཞིང་༔ ཁ་ནས་དྲག་སྔགས་ཚྭ་ཚྭ་ཡིས༔ གདོན་བགེགས་མ་ལུས་གཞོམ་པར་བསྒོམ༔ བཟླས་པའི་སྔགས་ནི༔ ཨོཾ་ལྷང་ལྷང་ཚེར་ཚེར་ཀྲིག་ཀྲིག་ཤག་ཤག་ཤེལ་ཤེལ་ཐུཾ་ཐུཾ་ཀས་པུར་ནམ་སོད་སོད༔ འདི་ལ་འབུམ་ཕྲག་གཅིག་བཟླས་ཏེ༔ རྟག་ཏུ་ཡི་དམ་ལ་བརྟེན་ན༔ ནད་གདོན་ཀུན་ལས་རྣམ་པར་གྲོལ༔ ཆུ་ལ་བཏབ་སྟེ་བཏུང་བའི་མི༔ འགོ་ནད་རིམས་ཡམས་ཐམས་ཅད་ལས༔ གྲོལ་བར་འགྱུར་བ་གདོན་མི་ཟ༔ རྟག་ཏུ་བརྒྱ་རྩ་མ་ཆག་ན༔ གདོན་བགེགས་ནད་རིམས་ཐམས་ཅད་ཀྱིས༔ ཚུགས་པར་མི་འགྱུར་ཉམ་མི་ང་༔ རང་གཞན་བསྲུང་དང་ནད་འཚོ་ཞིང་༔ གདོན་གསོད་བྱད་བཟློག་མཆོག་ཏུ་འགྱུར༔ ས་མ་ཡ༔ ཡང་ཅིག་རྒྱལ་བ་ཐམས་ཅད་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་ཐམས་ཅད་བཅུད་དྲིལ་བའི༔ ཀུན་ཐུབ་རིག་སྔགས་རྒྱལ་པོ་ནི༔ སྲུང་བ་རྡོ་རྗེའི་གོ་ཁྲབ་དང་༔ བཟླས་ཆོག་དཀར་པོའི་སྔགས་

p. 32

འབུམ་དང་༔ སླེབ་ཆོག་ཡེ་ཤེས་བདུད་རྩི་ལ༔ བཟློག་བྱེད་ཀུན་ཐུབ་རྡོ་རྗེ་ཞེས༔ གསོད་བྱེད་ཤེས་རབ་རལ་གྲིར་གྲགས༔ བསྲེག་བྱེད་ཡེ་ཤེས་མེ་ལྕེ་དང་༔ སྒྲོལ་བྱེད་འཁོར་བ་དོང་སྤྲུགས་ཞེས༔ སྔགས་ཀྱི་རྒྱལ་པོ་འདི་བཟླས་སོ༔ རང་ཉིད་ཕྱག་ན་རྡོ་རྗེར་བསྒོམ༔ ཨོཾ་བཛྲ་ཕཊ༔ ཨོཾ་པདྨ་ཤ་ཝ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏངྱ་ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན༔ བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ དང་པོ་ཞག་གྲངས་བཅུ་ཕྲག་གསུམ༔ བར་དུ་སྨྲ་བཅད་སྔགས་འདི་བཟླ༔ དེ་ནས་ཉིན་བཞིན་བརྒྱ་རྩ་རེ༔ ཆག་མེད་ཁ་ཏོན་བྱེད་པ་ཡི༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ སྟོང་ཕྲག་བརྒྱད་བཅུའི་བགེགས་རྣམས་དང་༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཀྱིས༔ མི་ཚུག་རྡོ་རྗེའི་སྲུང་དུ་ཚུད༔ ཁྱད་པར་ཕྱོགས་བཅུའི་གདོན་རྣམས་དང་༔ སྟེང་གི་ལྷ་དང་གཟའ་ཡི་གདོན༔ བར་གྱི་གཉན་དང་སྡེ་བརྒྱད་དང་༔ འོག་གི་ཀླུ་གཉན་ས་བདག་གདོན༔ ཀུན་གྱིས་ཚུག་པར་མི་འགྱུར་ཏེ༔ སྐབས་ཚོལ་གླག་ལྟ་ཐམས་ཅད་ཀུན༔ བསྐལ་པའི་མེ་ཡིས་གཞོབ་བཞིན་འགྱུར༔ འགོ་བའི་ནད་རིམས་ཐམས་ཅད་ལས༔ བསྲུང་ཞིང་རྒྱལ་འགྱུར་ཐེ་ཚོམ་མེད༔ མཛེ་ཤུ་པགས་ནད་

p. 33

ལ་སོགས་པ༔ ནད་ཀྱིས་ཐེབས་པའི་སྐྱེས་བུ་ཡིས༔ ནད་སོས་གྱུར་གྱི་བར་དུ་ནི༔ སྨྲ་བཅད་སྔགས་འདི་བཟླས་བྱས་ཏེ༔ བཙན་དུག་གླ་རྩིའི་ཁུ་བ་ལ༔ བཏབ་ཅིང་བཏུང་བྱུག་བྱས་པ་ན༔ ནད་སེལ་གདོན་འཇོམས་ཚེ་བསྲིང་འགྱུར༔ སྲིན་དང་ཡ་མ་རུས་ནད་ལ༔ ཚྭ་ཆུར་སྔགས་བཏབ་བཏུང་བས་སེལ༔ ཚད་པའི་རིགས་ཀྱི་ནད་རྣམས་ལ༔ གངས་ཆུ་ལ་བཏབ་བཏུང་བས་སེལ༔ གྲང་བའི་ནད་རིགས་ཐམས་ཅད་ལ༔ ཆང་ཉིད་ལ་བཏབ་བཏུང་བས་སེལ༔ རླུང་ལ་ཛ་ཏིའི་ཁུ་བར་བཏབ༔ མདོར་ན་རྒྱ་མཚོའི་ཆུ་རྣམས་ལ༔ ས་སྣ་ལྔ་དང་ཅོད་ཞི་བཅས༔ ཞིབ་བཏགས་ཕྱེ་བཏབ་སྐྱོབ་བྱས་ནས༔ སྔགས་འདི་བཏབ་པས་ནད་གང་ཡང་༔ ཕན་པར་འགྱུར་བ་གདོན་མི་ཟ༔ སྤྱིར་ན་གངས་ས་[གི་ཝཾ་ཅུ་གང་སིནྡྷུ་ར་ས་དམར་]ནད་རིགས་གང་ལ་ཡང་༔ རང་རང་སྨན་སྦྱོར་སྔགས་འདི་བཏབ༔ བརྟེན་པས་མི་སོས་གང་ཡང་མེད༔ འདི་ལ་རྟག་ཏུ་འབད་པའི་མིས༔ རང་དང་གཞན་གྱི་དོན་འགྲུབ་ཅིང་༔ ཕྱི་མར་རྣམ་པར་གྲོལ་འཐོབ་འགྱུར༔ འདི་ཕྱིའི་དགེ་ལེགས་ཐམས་ཅད་ཀུན༔ རིགས་སྔགས་རྒྱལ་པོ་འདི་ལས་འབྱུང་༔ གང་ལ་གཅུན་པ་འདི་དོན་ཡོད༔ ས་མ་ཡ༔ སུ་ལ་མ་སྤེལ་

p. 34

གསང་རྒྱ་རྒྱ༔ ཨོ་རྒྱན་པདྨ་ཐོད་ཕྲེང་ངས༔ སྲོག་གི་ཡང་ཐིག་དམ་པ་སྟེ༔ གདམས་ངག་ཀུན་གྱི་སྙིང་པོ་འདི༔ ནུབ་པར་ཕང་ནས་འཛམ་གླིང་གི༔ ས་མིག་བརྒྱ་དང་རྩ་བརྒྱད་དུ༔ གཏེར་དུ་སྦས་ཤིང་ཡང་ཡང་འབྱིན༔ འདི་འཕྲད་ལས་དང་སྐལ་ལྡན་གྱི༔ འདི་ཕྱིའི་དོན་ཀུན་ངེས་པར་འགྲུབ༔ གསང་སྔགས་གསང་རྒྱས་ཐོབ་ཅིག་བུ༔ བཀའ་སྲུང་སྔགས་ཀྱི་བདག་མོས་སྲུངས༔ ས་མ་ཡ༔ ཨ་ཐཾ་རྒྱ༔ རབ་མཛེས་ངོས་འཇམ་མཐིང་ཤོག་ངོས༔ རིན་ཆེན་གསེར་གྱིས་དབུ་ཅན་བྲི༔ རང་སྔགས་སྟོང་གིས་རབ་གནས་བྱ༔ འདི་ལ་ལྷག་ཆད་མེད་པ་གལ༔ འགོ་ནད་རིམས་ཡམས་ཐམས་ཅད་དང་༔ བྱད་ཕུད་རྦོད་གཏོང་ཐམས་ཅད་ལ༔ བསྲུང་དང་བཟློག་པའི་མཆོག་ཏུ་འགྱུར༔ བསྲུང་བ་རྡོ་རྗེ་ཕ་ལམ་ཡིན༔ ས་མ་ཡ༔ ཨ་ཐཾ་རྒྱ༔ དར་དམར་རླུང་གི་འཁོར་ལོ་ལ༔ འདི་དང་གཞན་གཉིས་བྲིས་ནས་སུ༔ དང་པོ་སྣ་སེལ་བྱ་བ་ལ༔ སྡེ་བརྒྱད་མཆོད་དང་ཆུ་སྦྱིན་དང་༔ མེ་མཆོད་དང་ནི་ཡས་གླུད་དང་༔ སཱཙྪ་སྐུ་འདྲ་བཏབ་པ་སོགས༔ འབྱུང་ལྔའི་སྣ་སེལ་གྲུབ་པའི་མཐར༔ འཁོར་ལོ་ལ་བཙུག་དར་འཕྱར་འབད༔ གག་ལྷོག་གཉན་དང་བྱད་རྦོད་གཏོང་༔ མི་ནད་ནོར་

p. 35

གྱི་གོད་ཁ་ཀུན༔ བཟློག་བསྒྱུར་དགེ་ལེགས་འཕེལ་རྒྱས་ཤིང་༔ ཀུན་གཉན་གདུག་པ་ཚར་གཅོད་འགྱུར༔ ས་མ་ཡ༔ ཨ་ཐཾ་རྒྱ༔ གཞན་ཡང་རྒྱལ་བ་རྒྱ་མཚོ་ཡིས༔ ཟབ་ཁྱད་བྲམ་ཟེ་འབར་བའི་སྔགས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སེམས་ཅན་བསོད་ནམས་དམན་པ་དང་༔ ལས་ངན་བསགས་པའི་རྣམ་སྨིན་གྱིས༔ བསྐྱེད་པའི་འདྲེ་བགེགས་གདུག་པ་དང་༔ གཟའ་ཀླུ་སྡེ་བརྒྱད་གཞི་བདག་དང་༔ གཉན་དང་ས་སྲིན་མ་མོའི་ཚོགས༔ མི་ཕྱུགས་སྲོལ་ལ་རྒོལ་བ་ཡི༔ ནད་རིམས་གོད་ཡམས་སྣ་ཚོགས་གཏོང་༔ ཁ་རླངས་ནད་དུ་སྤྲིན་བཞིན་གཡོ༔ དེ་དུས་སྔགས་མཆོག་འདི་ལ་འབད༔ སྔགས་ནི༔ ན་མོ་རཏྣ་ཏྲ་ཡ་ཡ༔ གུ་རུ་དྡྷེ་ཝ་ཌཱ་ཀི་ནི་ཧཱུཾ༔ ཨོཾ་བྷེ་ཧུ་ན་ཁེ༔ ཙ་ན་དུ་ཧེ་ཏུ་བྷི་ཤ་མ་༔ ཧིར་ཧོམ༔ ཏྲི་དུ་ཁེ༔ བྷེ་ཤེ་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ སརྦ་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད་བྷྱོ༔ དེ་ལྟར་ཀུན་ཐུབ་རྒྱལ་པོ་སྔགས་ཀྱི་མཆོག༔ སྨྲ་བཅད་ལྷག་ཆད་མེད་པར་འབྲུ་འབུམ་བྱ་བཟླ༔ སྔགས་འདིའི་ཚད་ནི་འབུམ་ཕྲག་བཞི་བཟླ་ནས༔ མི་བརྗེད་བློ་ལ་བཟུང་བའི་ཡོན་ཏན་ནི༔ ནད་ངན་ཁྲོད་དུ་འདུག་ཀྱང་ཉམ་མི་ང་༔ སྨན་མེད་སྔགས་ཆུ་གཅིག་གི་ནུས་པས་ཀྱང་༔ ནད་

p. 36

གདོན་ཀུན་འཇོམས་འཆི་བདག་བདུད་ལས་ཐར༔ གྲང་བའི་ནད་རིགས་མ་གཏོགས་ནད་གཞན་ལ༔ སྨན་སྦྱོར་སྔགས་འདི་སྟོང་རེ་བཏབ་པས་ན༔ ནད་གདོན་མ་ལུས་འཇོམས་པའི་མཆོག་ཏུ་འགྱུར༔ ཁྱད་པར་ཆམ་པ་རིམས་ལས་བྱུང་བ་ཡི༔ མགོ་ནད་སྟོད་གཟེར་དམར་བཤལ་རྒྱུ་གཟེར་རིགས༔ རྒྱ་ཚད་བལ་ཚད་གག་ལྷོག་གཟེར་གསུམ་དང་༔ མཛེ་ཤུ་པགས་ནད་ལ་སོགས་རྦོད་གཏོང་རིགས༔ སྨྱོ་བྱེད་བརྒྱལ་བྱེད་ལ་སོགས་གདོན་གྱི་རིགས༔ གཟའ་སོགས་སྡེ་བརྒྱད་དལ་ཡམས་སྣ་ཚོགས་པ༔ སྔགས་རྒོད་འདི་ཡིས་མི་ཐུབ་གང་ཡང་མེད༔ ཡ་མ་སྲིན་ནད་རུས་ནད་སྣ་ཚོགས་ཐུབ༔ མདོར་ན་འགོ་བའི་ནད་རིགས་མཐའ་དག་དང་༔ ཚད་པའི་ནད་རིགས་ཀུན་ལ་འདི་བསྔགས་སོ༔ སྦྲུམ་མ་རླུང་དང་གྲང་བར་འདི་མི་འགྲོ༔ དེ་མ་གཏོགས་པ་ཀུན་ལ་སླེབ་ཆོག་སྟེ༔ འདི་ཡི་ཆོ་ག་གཟའ་དང་སྡེ་བརྒྱད་ལ༔ སྔགས་ཆུ་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་ཀློང་༔ པད་ཉིའི་སྟེང་དུ་ཕྱག་ན་རྡོ་རྗེ་བསྒོམ༔ རྒྱལ་བ་སྲས་བཅས་དེ་ཡི་རྣམ་རོལ་དུ༔ མཚོ་ལ་ཁ་བ་བབས་ལྟར་བསྐྱེད་བསྟིམ་པས༔ ཏིང་འཛིན་ཡེངས་མེད་སྔགས་འདི་སྨྲ་བཅད་བཟླ༔ གཉན་དང་ས་བདག་རིམས་ཡམས་ཐམས་ཅད་

p. 37

ལ༔ ཁྱུང་ནག་ཕག་ཞོན་བསྒོམ་ཞིང་བཟླས་པ་བྱ༔ རྒྱལ་པོའི་ནད་ལ་རྟ་མགྲིན་ཡང་ཁྲོས་པ༔ ལྕགས་སྡིག་ནག་པོ་ཞོན་པ་ཞིག་ཏུ་བསྒོམ༔ ཡ་མ་སྲིན་རིགས་ཀུན་ལ་དུག་ཁྱུང་བསྒོམ༔ རྦོད་གཏོང་ནད་ལ་གཤིན་རྗེ་གཤེན་པོ་བསྒོམ༔ སྤྱི་འཇོམས་ཆེད་དུ་བདུད་རྩི་འཁྱིལ་བ་གསལ༔ གོང་བཞིན་བསྐྱེད་བསྟིམ་ཏིང་འཛིན་ཡེངས་མེད་གསལ༔ ཐུན་མཚམས་ལྷ་ཞུ་ཆུ་ལ་ཐིམ་པ་ཡིས༔ གང་ལ་གཅུན་པའི་ནད་དེ་མ་ལུས་པ༔ མེ་སྟག་ཆུ་ཡིས་བསད་བཞིན་བསྣུབ་པ་དང་༔ རྩྭ་ཕུང་སྐམ་ལ་མེ་མཆེད་བཞིན་བསྲེགས་པས༔ ནུས་མཐུ་དང་ལྡན་བསྒོམ་པ་གནད་དུ་ཤེས༔ དེ་ལྟར་གཞན་ལས་ཁྱད་དུ་འཕགས་པ་ཡིས༔ གསང་སྔགས་ཡང་སྙིང་སྔགས་ཀྱི་རྒྱལ་པོ་གསུམ༔ རླུང་འཁོར་བསྐོར་བ་དང་དར་ལྕོག་ལ་བྲིས་ཏེ༔ གྲོང་ཁྱེར་དབུས་སུ་གོང་བཞིན་བཙུགས་པ་ན༔ བསྲུང་དང་བཟློག་པའི་མཆོག་ཏུ་འདི་འགྱུར་རོ༔ རྟེན་འབྲེལ་སྙིང་པོའི་སྔགས་ཀྱིས་འགོ་འདྲེན་ཅིང་༔ ཙཀྲ་བཅུ་གསུམ་ཆོ་གས་མཐའ་བརྟེན་བྱ༔ གྲོང་དེ་མི་ཤིགས་རྡོ་རྗེའི་སྲུང་དུ་ཚུད༔ མི་ཕྱུགས་ཀུན་ལ་ཕན་པ་དཔག་ཏུ་མེད༔ བཀའ་སྲུང་དྲེགས་པ་ལེགས་ལྡན

p. 38

ནག་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ ཨྠྀི༔ གསུམ་པ་སྲུང་བའི་འཁོར་ལོ་བཅའ་བ་ལ༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར་བྱས་ཏེ༔ ལྟེ་བར་ཧཱུཾ་བྲི་དེ་མཐར་གང་བསྲུང་མིང་༔ འཆང་བ་པོ་ལ་འགོ་བའི་ནད་རིམས་ཐམས་ཅད་ཀྱིས་མི་ཚུག་པར་སྲུངས་ཤིག༔ ཨོཾརཀྴ༔ ཨཱཿརཀྴ༔ ཧཱུཾ་རཀྴ༔ སྭཱ་རཀྴ༔ ཧཱ་རཀྴ༔ བྷུཾ་བཛྲ་རཀྴ་རཀྴ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ གནོད་བྱེད་འབྱུང་པོ་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ འཆང་བ་པོ་ལ་རཀྴ་རཀྴ ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འཁོར་ལོ་རྩིབས་བརྒྱད་བྲིས་བྱས་ཏེ༔ རྩིབས་དང་པོ་ལ༔ ཨོཾ་པྲ་སོད༔ ཆུ་སོད༔ དུར་ཏ་སོད༔ དུར་མི་སོད༔ གཉན་མགོ་ལ་སོད༔ ཁ་ལ་ཛ༔ ཀཾ་ཤཾ་ཏྲཾ་རྦད་ཕཊ་སྭཱ་ཧཱ༔ ཨོཾ་ཐིམ་ཐ་ར་ཏིས་ཏུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ གཉིས་པ་ལ༔ ཨོཾ་ཧྲཱིཿཔདྨ་ཏ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ གསུམ་པ་ལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཧཱུཾ་ཕཊ༔ བཞི་པ་ལ༔ ཨོཾ་ག་རུ་ཌ་ཧཱུཾ༔ ནཱ་ག་ར་ཙ་སརྦ་ཏ་མཱ་ར་ཡ་རྦད་སོད་ནན༔ ལྔ་པ་ལ༔ ཨོཾ་བུདྡྷ་ཀྲོ་དྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ དྲུག་པ་ལ༔ ཨོཾ་རཏྣ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ ཨོཾ་

p. 39

པདྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ བདུན་པ་ལ༔ ཨོཾ་ཀརྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ བརྒྱད་པ་ལ༔ ཨོཾ་ཕེ་ཁྱི་མ་ཀ་ལི་ཧཱུཾ་ཕཊ༔ ནག་པོ་ཏི་པ་ར་ཙ་ཏྲི་ཏྲི་ཕཊ༔ ཅེས་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ ཨོཾ་རཏྣ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ ཨོཾ་ཀརྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ༔ བཛྲ་ཨཾ་ཀུ་ཤ་ཛཿཛཿརཏྣ་པ་ཤ་ཧཱུཾ་ཧཱུཾ༔ པདྨ་སྥོ་ཊ་བཾ་བཾ༔ ཀརྨ་གཎྜེ་ཧོ་ཧོ༔ སརྦ་ཛྭ་ར་པྲ་ཤ་མ་ཎ་ཡེ་སྭཱ་ཧཱ༔ སྔགས་མཆོག་རྒྱལ་པོ་གསུམ་ཀྱང་བྲི༔ མཐར༔ ནད་གདོན་སྡུག་བསྔལ་ཐམས་ཅད་མཱ་ར་ཡ་ཕཊ༔ སརྦ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ནན་སོད༔ རྦད་བྷྱོ༔ བཞི་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་མཐར༔ འཆང་བ་པོ་ལ་ནད་གདོན་ཆམ་རིམས་ཐམས་ཅད་ཀྱིས་མི་ཚུག་པར་སྲུངས་ཤིག༔ དེ་མཐར་མེ་རིས་བསྐོར༔ རྫས་ནི་བཙན་དུག་ནག་པོ་དང་༔ མུར་ནག་བོང་དམར་གླ་རྩི་དང་༔ སྦྲུལ་ནག་ཡུངས་དཀར་ཁྱི་སྤྱང་ཕག་བྲུན་བཅས༔ ཞིབ་བཏུལ་མགུལ་དུ་བཅངས་པ་ན༔ མི་ཤིགས་རྡོ་རྗེའི་སྲུང་དུ་ཚུད༔ ནད་རིམས་གཅིག་ཐུབ་བསྲུང་བའོ༔ ས་མ་ཡ༔ སླར་ཡང་གདོན་རིགས་སྤྱི་འཇོམས་སྔགས༔ ཨོཾ་ཧ་ཡ་ཧཱུཾ་བིདྱ་ཧྲཱིཿ་ཨོཾ༔ ནི་ཨ་པ་ར་ཀྲེ་ལོ

p. 40

ཁྲོཾ་ཕེ་ལཾ་བཛྲ་ནཱ་སརྦ་ཏ་ན་ག་རྦད་སོད༔ ཤག་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ག་ག་དུར་ག་ནན་ཤྲཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྔགས་རྒོད་འདི་ལ་ཁྲི་བཟླས་ཏེ༔ ཡུངས་དཀར་ཏིལ་ནག་འདྲེ་འཇིགས་སར༔ བསྔགས་ནས་བདུག་པས་བགེགས་རྣམས་བྲོས༔ སྟོང་ཕྲག་བརྒྱད་ཅུའི་བགེགས་བརླག་ཅིང་༔ ནད་རིམས་ཐམས་ཅད་གཞོམ་འགྱུར་རོ༔ ས་མ་ཡ༔ རྒྱལ་གཉན་འཇོམས་པའི་ཙཀྲ་ལ༔ ཡང་ཁྲོས་ནག་པོའི་སྐུ་བྲིས་ཏེ༔ སྤྱི་བོར་རྟ་མགོ་ཁྱུང་གདོང་ཅན༔ ལྟོ་བར་མུ་ཁྱུད་རིམ་ལྔར་བསྐོར༔ དེ་ཡི་ལྟེ་བར་ཧཱུཾ་ནྲྀ་བྷྲུཾ༔ དེ་མཐར༔ འཆང་བ་པོ་ལ་རྒྱལ་བསེན་གཉན་དང་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཁྲོཾ་ག་རུ་ཌ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ ཨོཾ་ཕེ་ལཾ་ཧཱུྃ༔ ཧྲཱི་པདྨ་ནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལཱི་ཧཱུཾ༔ ཧཱུཾ་བཛྲ་ཕཊ༔ ཆྒཻ་ལ་རཀྵ་རཀྵ་ཧཱུཾ་བྷཱུཾ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ འཁོར་ལོ་རྩིབས་བཅུར་ཧཱུཾ་བཅུ་བྲི༔ རྩིབས་མཆན་རྣམས་སུ༔ ནཱ་གར་ཙ་ཙིཏྟ་རྦད་སོད་བྷྱོ་ནན༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ དྲག་

p. 41

སྔགས་མེ་ལྕེའི་འཁོར་ལོ་དང་༔ གསང་སྔགས་རྒྱལ་པོ་ཚན་གསུམ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ བསྟན་པ་སྤྱི་ཡི་སྙིང་པོ་དང་༔ རྟེན་སྙིང་འདོད་གསོལ་བྲི་བར་བྱ༔ རྫས་ནི་ནག་པོ་དགུ་དང་སེར་པོ་དགུ་སྦྱོར་དག་གིས་བྱུག༔ སྒྲུབ་པའི་རྟེན་དུ་བཙུག་བྱས་ཏེ༔ རབ་གནས་ནན་བྱས་མགུལ་དུ་བཅང་༔ ནད་རིམས་ཐམས་ཅད་བསྲུང་བའི་མཆོག༔ གདོན་རྣམས་མ་ལུས་ཚར་གཅོད་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཡང་ཟབ་རྡོ་རྗེའི་བཅུད་འདི་དག་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས༔ རིག་འཛིན་རྒྱ་མཚོའི་དགོངས་རྒྱས་བཏབ༔ མ་དང་མཁའ་འགྲོའི་ཐུགས་བཅུད་བསྡུས༔ བཀའ་སྲུང་ཡོངས་ལ་གཉེར་དུ་གཏད༔ གང་གིས་ཉམས་སུ་ལེན་པས་ན༔ བདུད་དང་ལོག་ལྟའི་གཡུལ་ལས་རྒྱལ༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་འགྱུར༔ བཀའ་སྲུང་དྲེགས་པ་སྡེ་དགུས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྲོག་གི་ཡང་ཐིག་དམ་པ་རྟ་མགྲིན་ཡང་ཁྲོས་ནག་པོའི་གསང་སྒྲུབ་འདི་ཉིད་ཁྲག་འཐུང་བདུད་

p. 42

འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་གསུམ་བར་དུ་བཀའ་རྒྱས་བཏབ་ནས་མཐར་རྟེན་འབྲེལ་དུས་ལ་བབས་པ་ན་སློབ་བུ་བིངྱ་བྷ་དྲའི་བསྐུལ་ངོར་ལྷ་ལུང་ནོར་བུའི་གླིང་དུ་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་དོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།

དབང་དྲག་རྟ་མགྲིན་ཡང་ཁྲོས་ནག་པོའི་ལས་བྱང་བདུད་སྡེའི་གཡུལ་ལས་རྒྱལ་བའི་དགའ་སྟོན།

p. 43

༄༅། །དབང་དྲག་རྟ་མགྲིན་ཡང་ཁྲོས་ནག་པོའི་ལས་བྱང་བདུད་སྡེའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །

p. 44

ཨོཾ་ཤྲཱི་བི་ཛ་ཡནྟུ། རྒྱལ་ཀུན་གསུང་གི་རྡོ་རྗེ་རྟ་མཆོག་དཔལ། །ཕྲིན་ལས་མི་བཟད་ཡང་ཁྲོས་འབར་བའི་སྐུར། །ཡོངས་སྣང་དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །དེ་དང་གཉིས་མིན་པདྨ་རྒྱལ་པོས་སྐྱོངས། །གང་དེའི་སྒྲུབ་ཐབས་སྔོན་ཆད་མ་གྲགས་པ། །བཅུ་གསུམ་རྒྱས་ཐེབས་གུ་རུའི་ཐུགས་ཁྲག་དངོས། །ཡང་ཁྲོས་ནག་པོའི་སྒྲུབ་ཕྲིན་མན་ངག་བཞིན། །འདི་ན་འཇུག་བདེའི་ཁྲིགས་སུ་བསྡེབས་ལ་སྤྲོ། །[དེའང་ཇི་སྐད་དུ། གཏེར་གཞུང་རྩ་བར། མ་འོངས་དུས་ཀྱི་སྙིགས་མ་ལ༔ རྗེ་རིགས་འབངས་འབབ་འབངས་རིགས་རྗེ༔ ཉེས་མེད་ཆད་པའི་མལ་དུ་མནར༔ ཉེས་ཆེན་མཐོ་བའི་ཁྲི་རུ་བསྟོད༔ ཆོས་བྱེད་སྨོད་ཅིང་སྡིག་བྱེད་བསྟོད༔ ཟས་སུ་ལྕི་

p. 45

བའི་སྡིག་ཟས་སྤྱོད༔ ལས་ཀ་དམག་ཇག་འཕྲོག་བཅོམ་བྱེད༔ རང་ལས་བརྩེ་གྲོགས་མི་འོང་ཞིང་༔ ཉེ་འབྲེལ་གྲོགས་དང་སྤུན་གྱིས་བསླུ༔ སྔགས་པ་དགེ་བཙུན་དམ་སྡོམ་ཉམས༔ འདྲེ་རུ་རྒྱལ་བསེན་སྡེ་བརྒྱད་དང་༔ ཁྱད་པར་ཀླུ་གཉན་གདུག་པ་དར༔ ནད་རིམས་གོད་ཡམས་སྣ་ཚོགས་འཚུབས༔ དམ་ཉམས་འདྲེར་འཁྲུལ་དམ་སྲི་རྒོད༔ དམ་ཚིག་སྡོམ་པའི་ཚུལ་ཁྲིམས་ཞིག༔ དེ་དུས་སེམས་ཅན་དམུ་རྒོད་པས༔ ཆོས་ལམ་ཞུགས་ཀྱང་བདུད་འབངས་མཆི༔ རྣམ་པར་གཡེང་བའི་ལེ་ལོ་དང་༔ ཚོགས་དྲུག་ཡུལ་དུ་ལྷ་བདུད་ཀྱིས༔ བསླུས་ཏེ་སྡིག་པའི་སྒོ་རུ་འཛུད༔ གལ་སྲིད་ཆོས་བཞིན་སྤྱོད་པའི་བུ༔ ཉིན་མོའི་སྐར་མའི་དཔེར་སྲིད་ཀྱང་༔ དེ་ལ་ནག་ཕྱོགས་ཆད་གཅོད་ན༔ དབང་དྲག་རྡོ་རྗེ་གཏུམ་པོ་ཉིད༔ བསྒྲུབ་པས་ལོག་

p. 46

འདྲེན་ཚར་གཅོད་ཅིང་༔ བདུད་ལས་རྣམ་རྒྱལ་ནད་ལས་གྲོལ༔ འཁོར་འདས་ཡོངས་ཀྱི་དཔལ་ཐོབ་སྟེ༔ སྣང་སྲིད་དབང་སྡུད་རྒྱལ་པོར་འགྱུར༔ ཞེས་ཇི་ལྟར་ལུང་བསྟན་པའི་བདེན་དོན་དེང་སང་མངོན་སུམ་དུ་གྱུར་པའི་སྐབས་འདིར་ཡི་དམ་གཞན་ལས་ཀྱང་རྣོ་ནུས་བྱིན་རླབས་ཀྱི་ཚན་ཁ་འདི་ཁོ་ན་མཆོག་ཏུ་གྱུར་པ་ཡིན་པས་ཡི་དམ་གྱི་གཙོ་བོར་བསྟེན་ཅིང་སྒྲུབ་པ་ལ་བརྩོན་པར་བྱའོ། །དེས་ན་དེའི་ཚུལ་ལ་འཇུག་པར་འདོད་པས། རྩ་བར། སྒྲུབ་པའི་གནས་སུ་འོས་པའི་སར༔ དཀྱིལ་འཁོར་བདེ་འཇམ་གྲུ་བཞི་བྱ༔ གཏོར་མ་དཔེའུ་ཆུང་ལྟར་བསྟེན་ནོ༔ ཡང་ན་རས་བྲིས་དལ་དུ་བསྟེན༔ ཡང་ན་ཚོམ་བུའི་དཀྱིལ་འཁོར་བསྟེན༔ ཡང་ན་ཕུར་པ་སྐུ་གཟུགས་བསྟེན༔ མཆོད་རྫས་སྣ་ཚོགས་འབྱོར་ཚད་བཤམ༔ ཞེས་གསུངས་པས༔ དབང་ཐོབ་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་ཚུལ་འདི་ཉམས་སུ་ལེན་པའི་སྐབས་སུ་བབ་པ་ན་སྒྲུབ་ཁང་བྱི་དོར་བྱས་ལ་དམ་ཚིག་གི་རྟེན་བཀྲམ། མཚན་མའི་དཀྱིལ་འཁོར་སྤྲོས་འབྱོར་དང་བསྟུན་པ་བཀོད་པའི་སྤྱན་སྔར་ཕྱི་ནང་གི་མཆོད་པ་སྨན་གཏོར་རཀྟ་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་ཇི་ལྟར་ཚོགས་པ་བཀོད་མཛེས་སུ་བསྟར། གཞན་ཡང་གཏོར་མ་དང་ཚོགས་ཀྱི་ཡོ་བྱད། སྤོས་དང་རོལ་མོའི་བྱེ་བྲག་སོགས་ཆོ་གར་འོས་པའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱས་ནས། ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱི་བསྡུས་པ་ལས། སྔ་མ་སྦྱོར་བའི་ཆོས་ལ་བརྒྱད་ལས། དང་པོ་བླ་མ་བརྒྱུད་པའི་གསོལ་འདེབས་ནི།] ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ གཞི་

p. 47

དབྱིངས་སྐྱེ་མེད་བདེ་ཆེན་འོག་མིན་ནས༔ ཆོས་སྐུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེའི་ངང་༔ རང་གྲོལ་དབང་ཆེན་རྒྱལ་པོར་བྱིན་གྱིས་རློབས༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་ཞིང་ནས༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ལ༔ གསོལ་བ་འདེབས་སོ་སྒོ་གསུམ༴ རང་གྲོལ་དབང་ཆེན་རྒྱལ༴ སྟོང་གསུམ་མི་མཇེད་སྤྲུལ་པའི་ཞིང་ཁམས་ནས༔ སྤྲུལ་སྐུའི་སྟོན་པ་རིགས་གསུམ་མགོན་པོ་ལ༔ གསོལ་བ༴ རང་གྲོལ༴ སྐུ་གསུམ་རྒྱལ་བའི་ཕྲིན་ལས་ཕོ་ཉ་བ༔ སྨིན་གྲོལ་དབང་གི་ཆུ་བོ་གཅིག་འདྲེས་དཔལ༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་གནས་དང་༔ ཆོས་རྒྱལ་ཁྲི་སྲོང་མཚོ་རྒྱལ་བཻ་རོ་སོགས༔ རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ལ༔ གསོལ་བ༴ རང་གྲོལ༴ ཕ་གཅིག་རྩ་བའི་བླ་མ་རིན་པོ་ཆེའི༔ གསང་གསུམ་སྒྱུ་འཕྲུལ་རྟ་མགྲིན་རྒྱལ་པོ་དང་༔ རིགས་ལྔ་རིགས་གསུམ་སྤྲུལ་པའི་གདན་གསུམ་ལྷ༔ ཁྲག་འཐུང་རིགས་ལྔ་སྒོ་སྐྱོང་མ་བཞི་སོགས༔ ཡོངས་གྲུབ་དཀྱིལ་འཁོར་ཡེ་རྫོགས་ཆེན་པོ་ལ༔ གསོལ་བ༴ རང་གྲོལ༴ ཕྲིན་ལས་ཐོགས་མེད་དགྲ་བགེགས་སྒྲོལ་མཛད་པ། ཡེ་ཤེས་ལས་གྲུབ་

p. 48

བསྟན་སྲུང་དམ་ཅན་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེའི་ངང་༔ རང་གྲོལ་དབང་ཆེན་རྒྱལ་པོར་བྱིན་གྱིས་རློབས༔ མ་བཙས་རང་བྱུང་ལྷན་སྐྱེས་ཡེ་ཤེས་ལྷ༔ དོན་གྱི་རིག་སྐུ་རང་ངོར་སད་པར་ཤོག༔ [གཉིས་པ་སྐྱབས་སུ་འགྲོ་བ་ནི།] ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་ཡུལ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བླ་མ་དབང་ཆེན་ཡང་ཁྲོས་ནག་པོའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བཛྲ་ས་མཱ་ཛཿ[ས་མདུན་མཁར་སད་པ་ལ།] ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐུ་གསུམ་རྒྱལ་བ་སྲས་བཅས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ [ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།] [གསུམ་པ་སེམས་བསྐྱེད་པ་ནི།] ཧོཿ མ་གྱུར་འགྲོ་བ་སེམས་ཅན་རྣམས༔ མྱང་འདས་ཐོབ་པའི་རྒྱུར་བརྩོན་བྱ༔ རྒྱལ་བ་སྲས་བཅས་བདག་ལ་དགོངས༔ བྱང་ཆུབ་སེམས་བཟུང་བསླབ་ལ་གནས༔ [ཞེས་ལན་གསུམ་གྱིས་སེམས་བསྐྱེད] [བཞི་པ་ཚོགས་བསགས་པ་ནི།] ན་མོཿ དཔལ་ཆེན་ཚོགས་ལ་ཕྱག་འཚལ་ལོ༔ སྣང་སྲིད་འདོད་ཡོན་མཆོད་པ་འབུལ༔ དུས་གསུམ་བསགས་པའི་སྡིག་པ་བཤགས༔ རྣམ་དཀར་དགེ་ལ་རྗེས་ཡི་རང་༔ གང་འདུལ་ཆོས་འཁོར་བསྐོར་བར་

p. 49

བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ༔ འགྲོ་ཀུན་རྫོགས་སངས་རྒྱས་གྱུར་ཅིག༔ [ཅེས་ཚོགས་བསགས་མཐར།] ཛཿཧཱུྃ་བཾ་ཧོཿ[ས། ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་སྨིན་ཅིང་གྲོལ་བར་བསམ།] [ལྔ་པ་བགེགས་བསྐྲད་པ་ནི།] རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་ཡང་ཁྲོས་ཧེ་རུ་ཀ་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར་པར་བསམ་ཞིང༌། བགེགས་གཏོར་རྃ་ཡྃ་ཁྃ་[གིས་བསང་སྦྱང༌།] སྟོང་པའི་ངང་ལས་བྷུྃ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ [ལན་གསུམ་གྱིས་བརླབ།] སརྦ་བྷཱུ་ཏ་ཨཱ་ཀརྴ་ཡ་ཛཿ[ས་མགྲོན་དགུག །]སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུ་ཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀདཧྞེ་དཾ་བ་ལིཾ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། བཀའ་བསྒོ་བ་ནི།] ཧཱུྃ༔ ང་ནི་པདྨ་དྲག་པོའི་སྐུ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ལན་ཆགས་གཏོར་མ་འདི་ལོངས་ལ༔ གནས་འདིར་མ་འདུག་ཕྱིར་དེངས་ཤིག༔ ཚིག་ལས་འདའ་ན་བརླག་འགྱུར་རོ༔ [ཞེས་གཏོར་མ་

p. 50

ཕྱི་རོལ་དུ་དོར་ལ་རྩ་སྔགས་དང་ཧཱུྃ་བཞིའི་སྔགས་བརྗོད་བཞིན་ཡུངས་ཐུན་རོལ་མོ་ཚམ་རྔམས་དྲག་པོས་ཕྱིར་བསྐྲད།] [དྲུག་པ་སྲུང་འཁོར་བསྒོམ་པ་ནི།] ཧཱུྃ་ཧྲཱིཿ རང་རིག་ཡེ་ཤེས་རོལ་རྩལ་ལས༔ ཐབས་ཤེས་ཉི་ཟླའི་གྭའུའི་ཕྱིར༔ ཁྱུང་སྡིག་ཁྲོ་མཚོན་མེ་རླུང་ཆུས༔ སྲུང་བའི་གུར་ཁང་ལྷུན་གྱིས་གྲུབ༔ ཨ་ཙནྡྲ་མ་སུརྱ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་རྃ་ཡྃ་ཁྃ་ཁྲོཾ་ཡ་ཀྵ་སརྦ་རཀྵ་རཀྵ་ཧཱུྃ་སྭཱ་ཧཱ༔ [བདུན་པ་བྱིན་དབབ་པ་ནི།] སྤོས་དང་རོལ་མོ་གཟི་བྱིན་བསྐྱེད་ལ། ཧཱུྃ༔ དབང་དྲག་རོལ་པའི་དུར་ཁྲོད་ནས༔ རྟ་མགྲིན་གཏུམ་དྲག་ཡབ་ཡུམ་དང་༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་བཅས༔ འདིར་གཤེགས་དབང་བསྐུར་བྱིན་ཕོབ་ཅིག༔ ཨོཾ་བཛྲ་ཀྲོ་དྷ་གྲཱི་ཝ་ཀྲོ་དྷི་ཀ་ལི་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཨ་ཨཱ༔ [བརྒྱད་པ་མཆོད་རྫས་བྱིན་བརླབ་ནི།] ཨོཾ་ཨཱཿཧཱུཾ༔ སྣང་སྲིད་གདོད་ནས་རང་སྣང་སེམས༔ མ་བཙལ་རྫོགས་ལྡན་མཆོད་པའི་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ དྲན་པ་ཙམ་གྱིས་ཡོངས་སུ་རྫོགས༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱདྱཾ་ཨཱཿཧཱུྃ༔ [དེ་བཞིན་དུ་]ཤཔྡའི་[བར་དང༌།] ཨོཾ་བཛྲ་རཱུ་པ་ཤཔྡ་གྷནྡྷེ་ར་ས་སྤརྴེ་པྲ་ཏཱི་ཙྪ་ཨཱཿཧཱུྃ༔ [སྨན། རྃ་ཡྃ་ཁྃ་གིས་བསང་སྦྱང༌།] སྟོང་པའི་ངང་ལས་སྨན་སྣོད་

p. 51

བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་བཅུད་རྫས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཆེན་པོ་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོས་གང་བར་བསམ་ཞིང༌། ཨོཾ་ཨཱཿཧཱུཾ༔ མ་ཧཱ་སརྦ་པ་ཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ [ལན་བདུན་ནམ་གསུམ།] རཀྟ་[བསང་སྦྱང༌།] སྟོང་པའི་ངང་ལས་དམར་གྱི་དུང་ཆེན་འབར་བའི་སྣོད་དུ་ར་ལས་ཆགས་མེད་རཀྟའི་རྒྱ་མཚོ་ཟེགས་མ་ལས་ཞིང་ཆེན་གྱི་ལྷུ་དུམ་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་འདུས་པས་ཡོངས་སུ་གང་བར་བསམ་ཞིང༌། ཨོཾ་ཨཱཿཧཱུཾ༔ མ་ཧཱ་ར་ཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ [ལན་བདུན་ནམ་གསུམ། གཏོར་མ་བསང་སྦྱོང་།] སྟོང་པའི་ངང་ལས་ལྕང་ལོར་བཅས་པའི་ཀ་པཱ་ལ་སྟོང་གསུམ་གྱི་ཁྱོན་དང་མཉམ་པའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ལྷུན་པོའི་གཏོས་ལྟར་སྤུངས་ཤིང་བརྗིད་པ་ལས་འདོད་ཡོན་གྱི་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤྲོ་བའི་རང་བཞིན་ཅན་དུ་གྱུར་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ [ལན་བདུན་ནམ་གསུམ།] ཨོཾ་ཨཱཿཧཱུཾ༔ སརྦ་ག་ཎ་ཙཀྲ་པཉྩ་པཱུ་ཛ་ཨཱཿཧཱུཾ༔ སྭཱ་ཧཱ༔ [ཞེས་བྱིན་བརླབ་བོ། །][གཉིས་པ་དངོས་གཞིའི་ལས་

p. 52

རིམ་ལ་བརྒྱད་ལས། དང་པོ་རྟེན་དང་བརྟེན་པའི་དམ་ཚིག་པ་བསྐྱེད་པ་ནི།] ཨོཾ༔ འཁོར་འདས་དབྱེར་མེད་ཆོས་སྐུར་སད༔ ཨཱཿ ཡོངས་ཁྱབ་ཐུགས་རྗེ་ཆེན་པོའི་སྐུ༔ ཧཱུྃ༔ རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ལས༔ འོད་ཀྱིས་གྲུ་གསུམ་ཐོད་མཁར་དམར༔ མེ་རླུང་ཁྱུང་སྡིག་མཚོན་ཆ་ཐུན༔ སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས༔ ཁྲོ་ཆུ་བཙན་དུག་མཚོ་ངད་རླངས༔ རབ་ཏུ་ཁོལ་ཞིང་འཕྱོ་བའི་དབུས༔ པད་ཉི་སྡེ་བརྒྱད་བསྣོལ་ཁྲིའི་དབུས༔ དར་ཕག་ནག་མོ་མགོ་དགུའི་སྟེང་༔ ཧཱུྃ་ལས་དབང་དྲག་གཏུམ་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་རལ་གྲི་ལྕགས་ཀྱུ་དང་༔ གཡོན་གཉིས་ཐོད་ཁྲག་སྦྲུལ་ཞགས་བསྣམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་བསྡུས་ཤིང་སྤྱན་གསུམ་བགྲད༔ སྨ་ར་སྨིན་མར་མེ་ཞགས་འཕྱོ༔ དབུ་སྐྲ་དམར་སེར་གྱེན་དུ་བརྗེས༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བགྲད༔ སྤྱི་བོར་རྟ་ཞལ་ལྗང་ནག་མཚེར༔ རྡོག་མ་ལེ་བརྒན་མེ་དཔུང་འབར༔ ཁྲོས་མ་ནག་མོ་ཡུམ་གྱིས་འཁྱུད༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་སྟོབ༔ གཟིག་ཤམ་

p. 53

སྨད་དཀྲིས་རུས་རྒྱན་སྤྲས༔ སྤྱི་བོར་ཕག་དབུ་གྱེན་དུ་ངུར༔ ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བའི༔ སྐུ་དབུས་དྲང་པོར་རྩ་དབུ་མ༔ དཀར་དམར་མཐིང་གསུམ་མདངས་ལྡན་སྣུབས༔ འཇམ་དཔལ་མཐིང་ནག་རལ་གྲི་དང་༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ འཁོར་ལོ་ལྔ་ཡི་དང་པོ་ནས༔ རིམ་བཞིན་བུདྡྷ་པདྨ་དང་༔ རྡོ་རྗེ་རིན་ཆེན་ཀརྨའི་རིགས༔ ཁྲག་འཐུང་ཡབ་ཡུམ་དཀར་དམར་མཐིང་༔ སེར་དང་ལྗང་ནག་འབར་བའི་སྐུ༔ དུག་ལྔ་དབྱིངས་སུ་སྒྲོལ་བའི་ཕྱིར༔ རབ་འཇིགས་དྲག་པོའི་སྐུ་རུ་བསྐྱེད༔ གཡས་སུ་རོ་མ་དཀར་གསལ་སྦུབས༔ རྟ་མགྲིན་དམར་པོ་དབྱུག་ཏོ་དང་༔ གཡོན་པས་དབང་གི་ཞགས་པ་བསྣམས༔ སྤྱི་བོར་རྟ་མགོ་ལྗང་ཞུར་མཚེར༔ གཡོན་དུ་རྐྱང་མ་དམར་གསལ་སྦུབས༔ ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས༔ ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་དང་༔ དཔལ་གྱི་ཆས་དང་གར་དགུའི་ཉམས༔ རབ་རྫོགས་གྱད་ཀྱི་འདོར་སྟངས་བགྲད༔ ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས༔ རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས༔ གཞན་ཡང་རྩ་གསུམ་འཁོར་ལོ་ལྔ༔

p. 54

ཡེ་ཤེས་རོལ་པའི་རྩལ་གྱི་ལྷ༔ རྣམ་པ་ཁྱུང་དང་ཕག་སྡིག་གིས༔ ཏིལ་གོང་ཕྱུར་བཞིན་གང་བར་བསམ༔ བུ་ག་དགུ་དང་བ་སྤུའི་སྒོར༔ མེ་ཁྱུང་ལྕགས་སྡིག་ཕག་ནག་དང་༔ རླུང་མེ་བཙན་དུག་ངད་རླངས་ནི༔ སེར་རླུང་འཚུབས་ལྟར་རབ་འཕྲོས་པས༔ ནད་རིམས་གདོན་བཅས་བརླག་པར་བསྒོམ༔ ཕྱོགས་བཞིར་པདྨ་འདབ་བཞིའི་སྟེང་༔ ཡེ་ཤེས་སྒྱུ་མའི་རྣམ་རོལ་ལས༔ ཤར་དུ་རྡོ་རྗེ་གཏུམ་དྲག་དཀར༔ གཡས་གཡོན་རྡོ་རྗེ་ལྕགས་སྡིག་འཛིན༔ ལྷོ་རུ་རཏྣ་གཏུམ་དྲག་སེར༔ ཕྱག་གཡས་རིན་ཆེན་དབྱུག་ཏོ་དང་༔ གཡོན་པས་ཕག་ནག་མགོ་དགུ་འཛིན༔ ནུབ་ཏུ་པདྨ་དབང་ཆེན་དམར༔ གཡས་གཡོན་ལྕགས་ཀྱུ་ཁྱུང་ནག་བསྣམས༔ བྱང་དུ་ཀརྨ་དྲག་ཁྲོས་ལྗང་༔ གཡས་གཡོན་དགྲ་སྟྭ་སེང་དཀར་བསྣམས༔ ཀུན་ཀྱང་དར་གྱི་འཇོལ་བེར་གསོལ༔ སྤྱི་བོར་རྟ་མགོ་ལྗང་ཞུར་མཚེར༔ རིགས་བཞིའི་ཁྲོས་མ་ཡུམ་དང་སྦྱོར༔ ཞབས་གཉིས་འདོར་སྟབས་སྡེ་བརྒྱད་གནོན༔ མེ་དཔུང་རབ་འབར་ཀློང་དུ་བསྐྱེད༔ སྤྱི་བོར་རིགས་ལྔའི་ཁྱུང་ཆེན་ལྡིང་༔ ཤངས་ནས་ཕག་ཁྱུང་སྡིག་སེང་འཕྲོ༔ གནོད་བྱེད་མ་ལུས་ཟ་བར་བསྒོམ༔ སྒོ་བཞིར་ཡེ་ཤེས་སྒོ་མ་བཞི༔ དཀར་

p. 55

སེར་དམར་ལྗང་གར་སྟབས་ཅན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ འགུགས་འཆིང་སྡོམ་མྱོས་ལས་ཀྱི་མཚོན༔ གཡོན་རྣམས་དྲིལ་བུ་དཀུ་ལ་བརྟེན༔ ཕྱི་རིམ་དྲེགས་པ་སྡེབརྒྱད་ཚོགས༔ དཔག་མེད་ཉི་རྡུལ་འཐིབས་བཞིན་བསྒོམ༔ [ཞེས་གསལ་གདབ༔] [གཉིས་པ་རྒྱས་གདབ་ཅིང་དབང་བསྐུར་བ་ནི།] ལྷ་ཚོགས་དེ་དག་ཐམས་ཅད་ཀྱི། །སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿ ། ཐུགས་ཀར་ཧཱུྃ་སྔོན་མཚན་པ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །བདེ་ཆེན་དབང་དྲག་རོལ་པའི་ཞིང༌། །པདྨ་དབང་གི་དཀྱིལ་འཁོར་ནས། །ཕྱོགས་དུས་རྒྱལ་བ་སྲས་བཅས་རྣམས། །རྟ་མགྲིན་ཡང་ཁྲོས་ནག་པོ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རྣམ་པ་རྟ་མགྲིན་རིགས་ལྔའི་ཚུལ། །ཆར་བཞིན་བབས་ནས་བདག་ཉིད་ལ། །གཉིས་མེད་སིབ་སིབ་ཐིམ་པ་ཡིས། །སྒོ་གསུམ་རྡོ་རྗེ་གསུམ་དུ་སད། །ཉོན་མོངས་ཡེ་ཤེས་རོལ་པར་འཕྲོས། ཨོཾ་ཨཱཿཧཱུཾ༔ སླར་ཡང་མཁའ་ཁྱབ་རྒྱལ་བའི་ཚོགས། །ནམ་མཁའ་གང་བར་སད་རྣམས་ཀྱིས། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་སྤྱི་

p. 56

བོ་རུ། །སྣང་མཐའ་ཡབ་ཡུམ་གཙོར་གྱུར་པའི། །རིགས་ལྔའི་དབུ་རྒྱན་དབང་ལྷ་རྣམས། །འོད་ཞུ་རང་ཐིམ་གཉིས་མེད་གྱུར། །ཨོཾ་ཀཱ་ཡ་བཛྲ༔ ཨཱཿཝཱ་ཀ་བཛྲ༔ ཧཱུྃ་ཙིཏྟ་བཛྲ༔ སྭཱ་གུ་ཎ་བཛྲ༔ ཧཱ་ཀརྨ་བཛྲ༔ སརྦ་ཨ་བྷི་ཥི་ཉྩ་ཧཱུྃ༔ ཨོཾ་ཛྙཱ་ན་པཉྩ་བཛྲ་ས་མ་ཡ་སྟྭཾ༔ [གསུམ་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི།] ཧཱུྃ་ཧྲཱིཿ བདེ་ཆེན་དབང་གི་དཀྱིལ་འཁོར་ནས་རྟ་མགྲིན་ཡང་ཁྲོས་གཤེགས་སུ་གསོལ༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ནས༔ ཁྲོས་མ་ནག་མ་གཤེགས་སུ་གསོལ༔ བདེ་གཤེགས་སྐུ་ཡི་དཀྱིལ་འཁོར་ནས༔ ཡ་མཱནྟ་ཀ་གཤེགས་སུ་གསོལ༔ གཏུམ་དྲག་འཇིགས་པའི་དུར་ཁྲོད་ནས༔ རྡོ་རྗེ་གཏུམ་པོ་གཤེགས་སུ་གསོལ༔ ཟླ་གམ་དབང་གི་གཞལ་ཡས་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ དཔག་བསམ་ཤིང་གི་རྩེ་མོ་ནས༔ ཡེ་ཤེས་ཁྱུང་ཆེན་གཤེགས་སུ་གསོལ༔ ཡེ་ཤེས་ལྔ་ཡི་འོད་ཀློང་ནས༔ ཁྲག་འཐུང་རིགས་ལྔ་གཤེགས་སུ་གསོལ༔ ཚད་མེད་རྣམ་བཞིའི་ཀློང་ཡངས་ནས༔ སྒོ་མ་ཆེན་མོ་གཤེགས་སུ༴ ཕྲིན་ལས་ཀྱི་ཕོ་ཉ་བྲན༴ དྲེགས་པ་སྡེ་བརྒྱད༴ ཧྲཱི་ཛ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ༴ འགྲོ་བ་འདྲེན་ཕྱིར༴ རྒྱལ་

p. 57

བསེན་འདུལ་ཕྱིར༴ ཀླུ་གཉན་འདུལ་ཕྱིར༴ སྡུག་བསྔལ་གཞོམ་ཕྱིར༴ ནད་རིམས་འཇོམས་ཕྱིར༴ བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༴ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་ཧྱ་གྲའི་ཝ་ཀྲོ་ངྷི་ཀ་ལི་སརྦ་ཀྲོ་ངྷི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛཿ་ཧཱུྃ་བཾ་ཧོཿ [བཞི་པ་བཞུགས་སུ་གསོལ་བ་ནི།] ཧཱུྃ་ཧྲཱིཿ ཡེ་ཤེས་དབྱིངས་ནས་བཞེངས་པའི་ལྷ༔ ལྷན་སྐྱེས་ཡོངས་གྲུབ་དཀྱིལ་འཁོར་དང་༔ གཉིས་མེད་མཉམ་སྦྱོར་ཆེན་པོར་བཞུགས༔ འཁོར་བ་མྱང་འདས་ཀློང་དུ་རོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ས་མ་ཏི་བཛྲ་སྟྭཾ༔ [ལྔ་པ་ཕྱག་འཚལ་བ་ནི།] ཧཱུྃ་ཧྲཱིཿརང་རིག་ཡེ་ཤེས་ཡོངས་རྫོགས་དཔལ༔ སྒྱུ་འཕྲུལ་གར་གྱིས་རྣམ་རོལ་པ༔ ལྷ་དང་དཀྱིལ་འཁོར་ལྷུན་གྲུབ་ཆེ༔ རྫོགས་པ་ཆེན་པོར་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ [དྲུག་པ་མཆོད་པ་འབུལ་བ་ལ༔ ཐོག་མར་ཕྱི་མཆོད་ནི།] ཧཱུྃ༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་འཕྲུལ༔ མཆོད་ཡོན་དང་ཞབས་བསིལ་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོའི་ཚོགས༔ དབང་དྲག་རོལ་པའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་

p. 58

[སོགས་ནས་]ཤཔྡ་པྲ་ཏཱི་ཙྪ་པཱུ་ཛ་ཧོཿ ཧཱུྃ༔ རང་བྱུང་ཡེ་ཤེས་རོལ་པའི་འཕྲུལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་རང་བྱུང་མཆོད་པའི་སྤྲིན༔ དབང་དྲག་རོལ་པའི་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་རཱུ་པ་ཤཔྡ་[སོགས་ནས་]སྤ་རྴེ་པྲ་ཏཱི་ཙྪ་སརྦ་པཱུ་ཛ་ཧོཿ ཧཱུྃ༔ གདུག་པ་ཅན་རྣམས་ཚར་བཅད་པའི༔ རང་བྱུང་བདུད་རྩིའི་ཡོན་ཆབ་དང་༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས༔ ཞུན་ཆེན་མར་མེ་རཀྟའི་དྲི༔ ཤ་ཆེན་བཤོས་དང་ཐོད་རྔའི་སྒྲ༔ དབང་དྲག་རོལ་པའི་ལྷ་ལ་འབུལ༔ བཞེས་ནས་མཐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་ཤྨ་ཤ་ནཱ་པཱུ་ཛ་ཨརྒྷཾ། པཱངྱཾ། པཱཥྤཾ། དྷུ་པཾ། དཱི་པཾ། གྷནྡྷཾ། ནེ་ཝི་དྱ། ཤཔྡ་པྲ་ཏཱི་ཙྪ་སྭཱ་ཧཱ༔ [ནང་མཆོད་ལ། བདུད་རྩི་སྨན་མཆོད་ནི།] ཨོཾ་ཨཱཿཧཱུཾ༔ བརྡལ་ཁྱབ་ཡངས་པའི་ཀ་པཱ་ལར༔ ཁམས་གསུམ་ཡིག་འབྲུ་གསུམ་གྱི་ངང་༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་ཞུ༔ བདེ་སྟོང་ཡེ་ཤེས་ནུས་བཅུད་ལྡན༔ ཧཱུྃ༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་༔ གང་ཟག་སྙན་བརྒྱུད་ཤོག་སེར་ཚིག་བརྒྱུད་དང་༔ བཀའ་བབས་ལུང་བརྒྱུད་སྨོན་ལམ་གཏེར་

p. 59

བརྒྱུད་སོགས༔ རིག་འཛིན་རྩ་བརྒྱད་བླ་མ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་ཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ རྒྱུད་སྡེ་བཞི་དྲུག་ཐེག་དགུར་འབྲེལ་བ་ཡི ༔ ཡི་དམ་དཔའ་བོ་མཁའ་འགྲོ་སྤྱི་དང་ནི༔ ཁྱད་པར་རྟ་མགྲིན་ཡང་ཁྲོས་ཡབ་དང་ཡུམ༔ རིགས་བཞི་ཁྲག་འཐུང་ཡབ་ཡུམ་སྒོ་སྐྱོང་བཞི༔ སྤྲུལ་པ་ཡང་སྤྲུལ་སྒྱུར་འཕྲུལ་འཁོར་ལོ་ལ༔ རྣམ་དག་བདུད་རྩི་དམ་རྫས༴ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་སརྦ་པཉྩ་ཨ་མྲྀ་ཏ༴ ལས་མཁན་སྤྲུལ་པའི་ཁྱུང་ཆེན་རིགས་ལྔ་དང་༔ ཕག་ནག་མགོ་དགུ་སྡིག་ནག་མེ་དབལ་སོགས༔ མི་སྲུན་གདུག་པ་འདུལ་བའི་མཐུ་རྩལ་ལ༔ རྣམ་དག་བདུད་རྩི༴ ཐུགས་རྗེ་བརྩེར༴ སརྦ་པཉྩ༴ བཀའ་སྲུང་དབང་ཕྱུག་མ་ཧཱ་དེ་ཝ་དང་༔ གནོད་སྦྱིན་ཤན་དམར་གཟའ་བདུད་རཱ་ཧུ་ལ༔ དྲེགས་པ་དམ་ཅན་སྡེ་དགུ་འཁོར་བཅས་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཞིང་བཅུའི་དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ [དངོས་གྲུབ་

p. 60

བླང་བ་ནི།] ཨོཾ་ཨཱཿཧཱུཾ༔ སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ གསང་གསུམ་རྡོ་རྗེའི་དབང་དངོས་གྲུབ༔ ཡིག་འབྲུ་གསུམ་གྱི་རྣམ་པར་ཤར༔ རྡོ་རྗེ་སྙིང་པོའི་འོད་ཟེར་གྱིས༔ བླངས་ཏེ་གསང་གསུམ་འཁོར་ལོར་བསྟིམ༔ དབང་དང་དངོས་གྲུབ་མཆོག་ཐོབ་གྱུ[རཀྟའི་མཆོད་པ་ནི།] ཧཱུྃ༔ ཆོས་དབྱིངས་དང་མཉམ་བྷནྡྷའི་སྣོད་མཆོག་ཏུ༔ འཁོར་བ་དབྱིངས་བསྒྲལ་རཀྟའི་རྒྱ་མཚོར་བསྐྱིལ༔ ཁྲོ་ཆེན་རྡོ་རྗེ་དབྱིངས་ཀྱི་ཚོགས་ལ་འབུལ༔ བཞེས་ནས་འཁོར་བའི་འཁྲུལ་འཁོར་བཤིག་ཏུ་གསོལ༔ མ་ཧཱ་རཀྟ་ཁཱ་ཧི༔ [གཏོར་མའི་མཆོད་པ་ནི།] ཧཱུྃ༔ བརྡལ་ཁྱབ་ཆོས་དབྱིངས་ཡངས་པའི་གཏོར་གཞོང་དུ༔ སྣང་སྲིད་གཞིར་བཞེངས་མ་ཧཱ་བ་ལིཾ་ཏ༔ འདོད་དགུ་ལོངས་སྤྱོད་སྣ་ཚོགས་རྒྱན་དུ་ཤར༔ དབང་དྲགས་ཡང་ཁྲོས་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ [གསང་མཆོད་ལ། སྦྱོར་བའི་མཆོད་པ་ནི།] ཧཱུྃ༔ སྣང་བ་ཐབས་ཀྱི་རང་བཞིན་དབང་དྲག་ལྷ༔ སྟོང་པ་ཡུམ་གྱི་རང་བཞིན་ཝཱ་ར་ཧི༔ སྙོམས་འཇུག་བདེ་སྟོང་བཅུད་ཀྱི་བྱང་ཆུབ་སེམས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ལྷ་ལ་

p. 61

འབུལ༔ བདེ་སྟོང་དགའ་བཞིའི་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཧོཿ [བསྒྲལ་བའི་མཆོད་པ་ནི།] ཧཱུྃ༔ སྟོང་ཉིད་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ༔ ཐབས་མཆོག་ཧེ་རུའི་གཏུན་བུའི་སྟོབས་ཤུགས་ཀྱིས༔ བདག་ལྟའི་རུ་ཏྲ་ཕོ་མོ་ཕྱེ་མར་བཏུལ༔ ཤ་རི་ཁྲག་མཚོ་ཕུང་ཁམས་སྐྱེ་མཆེད་བཅས༔ མཉམ་ཉིད་རོལ་པ་ཆེན་པོའི་ཞལ་དུ་བསྟབ༔ འཁོར་བ་མྱང་འདས་ཆེན་པོར་ཆོམ་མཛོད་ལ༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་མཱཾ་ས་རཀྟ་ཙི་ཏྟ་ལ་ཁ་རཾ་ཁཱ་ཧི༔ [དེ་དག་རྣམས་ནི་ཅུང་ཟད་སྤྲོས་པའི་ཚུལ་ཏེ། དཀྱུས་སུ་གཞུང་ལས་འབྱུང་བ་ནི།] ཧཱུྃ༔ སྣོད་བཅུད་འཛིན་པ་སེམས་ཀྱི་ཆོས༔ འདོད་དགུའི་དཔལ་ཡོན་རྫོགས་པའི་སྤྲིན༔ སྟོབ་བྱེད་ལྷ་མོས་དགྱེས་གར་རྩེ༔ ཡང་ཁྲོས་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཁམས་གསུམ་ཕྱི་རུ་ཤར་བའི་ཡུལ༔ སོ་སོར་དབྱེ་བ་ནང་གི་སེམས༔ དོན་ལ་དབྱེར་མེད་གསང་ཆེན་པོ༔ ཡང་ཁྲོས་དཀྱིལ་འཁོར་དགྱེས་ཕྱིར་སྟོབ༔ ཕྱི་ནང་གསང་མཆོད་ཟད་མེད་གཏེར༔ སྣང་སྟོང་སྦྱོར་བའི་བདེ་ཆེན་བཅུད༔ འཁོར་བ་ཡོངས་སྒྲོལ་སྟོབས་ཆེན་ཤུགས༔ རྟ་མགྲིན་ཁྲོས་པའི་

p. 62

དལ་དུ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་པཱུ་ཛ་ག་ཎ་ཙཀྲ་ཏ་ན་ནས་སརྦ་པཱུ་ཛ་ཧོཿ [ཞེས་མཆོད།] [བདུན་པ་བསྟོད་པ་ནི།] ཧཱུྃ་ཧྲཱིཿ ཡེ་གཞི་ཀ་དག་ཀློང་ཆེན་པོར༔ བདེ་སྟོང་འཁྱིལ་བའི་གཞལ་ཡས་སུ༔ ཡེ་རིག་དོན་གྱི་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་དཔལ་ཆེན་པོ༔ རྡོ་རྗེ་གསུམ་གྱི་རྣམ་འཕྲུལ་གར༔ ཡ་མཱནྟ་ཀ་རྡོ་རྗེ་གཏུམ༔ པདྨ་དབང་ཆེན་ག་རུ་ཌ༔ སྤྲུལ་པའི་ཕག་སྡིག་ལས་ལ་འགྱེད༔ སྐུ་ཡི་བཀོད་པར་རྫོགས་པའི་དཔལ༔ གཡས་གཉིས་རལ་གྲི་ལྕགས་ཀྱུ་ཡིས༔ འཁོར་བ་ཡོངས་སྒྲོལ་ཁམས་གསུམ་དབང་༔ གཡོན་གཉིས་ཐོད་ཁྲག་སྦྲུལ་ཞགས་ཀྱིས༔ ཁམས་གསུམ་ཁྲག་རོལ་ལོག་རྟོག་འཇོམས༔ ཚོགས་བརྒྱད་གནས་དག་ཐེག་དགུ་རྫོགས༔ དུར་ཁྲོད་དཔལ་ཆས་གར་ཉམས་ལྡན༔ རྒྱན་དང་ཆ་ལུགས་རྫོགས་པའི་དཔལ༔ སྟོང་པའི་བདག་ཉིད་ཡུམ་ཆེན་མོ༔ རོལ་པའི་རྩལ་གྱི་སྒྱུ་འཕྲུལ་གར༔ རིགས་བཞིའི་ཁྲག་འཐུང་སྒོ་མ་བཞི༔ དྲེགས་པ་སྡེ་བརྒྱད་ལས་བྱེད་བྲན༔ ཡུམ་དང་སྤྲུལ་འཁོར་རྫོགས་པའི་དཔལ༔ ཡེ་ཤེས་མེ་དཔུང་འབར་འཁྲིགས་ཀློང་༔ མི་སྲུན་དྲེགས་པ་འདུལ་བའི་

p. 63

ཕྱིར༔ ཁྲོས་པའི་ཡང་ཁྲོས་ནག་པོར་སྟོན༔ རྟ་མགྲིན་མ་ཧཱ་ཀཱ་ལ་ཆེ༔ རང་རིག་ཡེ་ཤེས་འཁོར་ལོའི་ཀློང་༔ གཉིས་མེད་རིག་པས་ཕྱག་འཚལ་བསྟོད༔ [ཅེས་བསྟོད།] [བརྒྱད་པ་ཛཔྲ་བཟླ་བ་ལ། ཐོག་མར་ཛཔྲ་བསྐུལ་ནི།] ཧཱུྃ༔ རང་སྣང་ཡེ་ཤེས་གཞལ་ཡས་དབུས༔ རང་རིག་དོན་གྱི་ཧེ་རུ་ཀ༔ རང་རྩལ་འཁོར་གྱི་རོལ་པར་བཞེངས༔ བསྐུལ་ལོ་ཆོས་སྐུའི་ཀློང་ནས་བསྐུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྒོམ་བཟླས་དམིགས་པའི་རྣོ་ནུས་བསྐྱེད༔ འགྲོ་བ་འདྲེན་པའི་ཕྲིན་ལས་མཛོད༔ [ཅེས་བསྐུལ་ལ། བསྙེན་པའི་རིམ་པ་ནི།] ཧཱུྃ༔ རང་ཉིད་ཡང་ཁྲོས་སྐུར་གསལ་བའི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ མཐིང་ནག་གཅེར་བུ་གྲི་ཐོད་ཅན༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ ཕ་ལམ་རྡོ་རྗེའི་ལྟེ་བ་རུ༔ པདྨ་ཟླ་བ་ཉི་མའི་སྟེང་༔ ཧཱུྃ་མཐིང་ཁོང་གསེར་ཧྲཱིཿཡིག་ནག༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རབ་ཏུ་འཁོར་བར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ [ཅེས་གཙོ་བོར་བཟླ་ཞིང༌།] རྩ་གདན་ཉི་མའི་གདན་འོག་ཏུ༔ གནོད་བྱེད་གདུག་པའི་སྲོག་ཡིག་མཐར༔

p. 64

སྡེ་བརྒྱད་འདུས་པའི་སྲོག་ཡིག་ནི༔ མདུན་ནས་ཨཿདཀར་ལྷོར་ཡཿསྔོན༔ ནུབ་ཏུ་མཿནག་བྱང་དུཿནག༔ ཤར་ལྷོའི་མཚམས་སུ་རུཿཡིག་སེར༔ ལྷོ་ནུབ་མཚམས་སུ་ཙཿདམར་པོ༔ ནུབ་བྱང་མཚམས་སུ་ཤཿདམར་ནག༔ དེ་བཞིན་བྱང་ཤར་ནཿསྔོན་པོ༔ དེ་དག་ལས་ནི་འོད་འཕྲོས་པས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་དང་༔ ལྷ་སྲིན་དྲེགས་པ་སྡེ་བརྒྱད་དང་༔ སེམས་ཅན་ཀུན་གྱི་སྲོག་སྙིང་འཕྲོག༔ བསྡུས་ཏེ་རིགས་སྔགས་སྲོག་ལ་བསྟིམ༔ ཐབས་དང་ཤེས་རབ་སྒྲོམ་དུ་བཅུག༔ དྲག་སྔགས་འཁོར་ལོའི་ཟིལ་གྱིས་མནན༔ ཡེ་ཤེས་ཟེར་གྱི་དྲྭ་བས་བསྡམ༔ ནུས་མཐུ་སྲོག་གི་སྙིང་པོར་གཅུན༔ འཁོར་འདས་ཡོངས་ཀྱི་སྲོག་འདུས་ཤིང་༔ འཁོར་བ་ཡོངས་སྒྲོལ་དབང་རྫོགས་སོ༔ ཨོཾ་བཛྲ་ཀྲོ་དྷ་གྲཱི་ཝ་ཧཱུྃ་ཕཊ༔ [ཅེས་བཟླ་བ་བསྙེན་པའི་རིམ་པ་དང༌།] ཧཱུྃ་ཧྲཱིཿ ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་ཧཱུྃ་ལ་དྲག་སྔགས་འཁོར༔ རིགས་ཀུན་སྲོག་སྔགས་གཅིག་ཏུ་བསྒྲུབ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་སརྦ་ཛྙཱ་ན་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ [ཅེས་དང༌།] བདག་ཉིད་དབང་ཆེན་ཡང་ཁྲོས་ཀྱི༔ སྤྱི

p. 65

བོ་ནས་བཟུང་རྐང་མཐིལ་ཡན༔ ཡང་ཁྲོས་ཕྲ་རབ་རྡུལ་ཆ་ཙམ༔ བར་མེད་མ་འདྲེས་ཏིལ་གོང་བཞིན༔ ཚོགས་པའི་ཕུང་པོར་ལྷུན་གྲུབ་རྫོགས༔ ཀུན་ཀྱང་དྲག་སྔགས་སྒྲོགས་པར་བསྒོམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ སོ་ནི་དཔལ་བོ་མཁའ་འགྲོ་དང་༔ ལྕེ་དབང་འཇམ་དཔལ་གཞོན་ནུར་བསྒོམ༔ བ་སྤུ་དཔའ་བོ་དཔའ་མོའི་གྲོང་༔ ཀུན་ཀྱང་དྲག་སྔགས་སྒྲོགས་པར་བསྒོམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ སྣང་བ་ལྷ་དང་སྒྲ་གྲགས་སྔགས༔ དྲན་རྟོག་ཆོས་ཉིད་རོལ་བར་གསལ༔ མདོར་ན་འཁོར་འདས་དབང་དྲག་དལ༔ དབྱིངས་དང་དགོངས་པ་རོ་གཅིག་ངང་༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ [ཅེས་སོ་སོར་བཟླ་བ་སྒྲུབ་པ་དང༌།] རང་ཉིད་དྲག་པོའི་སྐུར་བསྒོམས་པའི༔ ཤངས་ནས་དྲག་སྔགས་མེ་དབལ་དང་༔ ཕག་ནག་ཁྱུང་དང་ལྕགས་སྡིག་འཕྲོས༔ གནོད་བྱེད་དམ་སྲི་རྒྱལ་བསེན་དང་༔ གཉན་དང་ས་བདག་ཀླུ་སྲིན་དང་༔ ནད་རིམས་ཡམས་ནད་གདོན་དང་བཅས༔ བསྲེགས་གཏུབ་ཧབ་ཧབ་ཟས་སུ་ཟོས༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ སརྦ་ཛྭ་ར་པྲ་ཤ་

p. 66

མ་ཎི་ས་སྭཱ་ཧཱ༔ [ཅེས་བསྙེན་སྒྲུབ་ཀྱི་འགྲོས་དང་སྦྱར་ཏེ་བཟླ་བ་ལས་སྦྱོར་ཏེ། ཁྱད་པར་ལས་སྔགས་དྲག་སྔགས་མེ་ལྕེའི་འཁོར་ལོ་སོགས་གཞུང་ལས་ཤེས་སོ། །ཐུན་མཚམས་སུ་བབས་པ་ན།] ཧཱུྃ། དབང་དྲག་འབར་བའི་ལྷ་ཚོགས་གཤེགས། ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །[ཞེས་སྟོང་ཚིག་གི་མཆོད་བསྟོད་བྱའོ། །][གསུམ་པ་རྗེས་ཀྱི་ལས་རིམ་ལ་བརྒྱད་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། རྩ་བར།] རྣལ་འབྱོར་ཉམས་པ་བསྐང་བ་དང་༔ ཚོགས་གཉིས་རྫོགས་ཕྱིར་ཚོགས་མཆོད་ནི༔ ཤ་ཆང་འབྲུ་ཟན་ཤིང་ཏོག་རིགས༔ དཀར་གསུམ་མངར་གསུམ་ཟས་སྣ་ཚོགས༔ ལྒ་ལྒོག་གོ་སྙོད་ཚྭ་སོགས་སྤོད༔ འབྱོར་ཚོགས་འདོད་ཡོན་སྣ་ཚོགས་བཤམས༔ [ཞེས་པ་ལྟར་ཅི་འབྱོར་བ་ལེགས་པར་བཤམ་ལ། བདུད་རྩིས་བྲན་ཅིང༌།] ཨོཾ་སརྦ་དྲ་བྱཾ་ཤྭ་དྷ་ནི་ཧཱུྃ་ཕཊ༔ [ཅེས་བསང༌།] རྃ་ཡྃ་ཁྃ༔ གཉིས་འཛིན་རྣམ་པར་རྟོག་པའི་སྒྲིབ༔ ཡེ་ཤེས་འོད་ཀྱིས་བསྲེག་གཏོར་བཀྲུས༔ འབྲུ་གསུམ་འོད་ཞུ་འདོད་ཡོན་ཚོགས༔ བདེ་སྟོང་བདུད་རྩིས་འཁོར་འདས་ཁྱབ༔ ཨོཾ་ཨཱཿཧཱུཾ༔ [ལན་གསུམ། ཚོགས་ཞིང་སྤྱན་དྲང་བ་ནི།] ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ལྷུན་གྲུབ་ཞིང་༔

p. 67

པདྨ་གསུང་གི་དཀྱིལ་འཁོར་ནས༔ དབང་ཆེན་ཁྲོས་པའི་རྒྱལ་པོ་ཉིད༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྟོང་པའི་བདག་ཉིད་ཁྲོས་མ་ཡུམ༔ རྡོ་རྗེའི་ངོ་བོ་གསང་གསུམ་ལྷ༔ སྤྲུལ་པའི་ལས་མཁན་ཁྱུང་ཆེན་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡེ་ཤེས་ལྔ་བདག་ཁྲོ་ཆེན་ལྔ༔ ཚད་མེད་རྣམ་བཞི་སྒོ་མ་སྐྱོང་༔ དྲེགས་པ་སྡེ་བརྒྱད་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿ [ཞེས་སྤྱན་དྲངས་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི།] ཧཱུྃ་ཧྲཱིཿ བླ་མ་རིག་འཛིན་རྒྱ་མཚོ་དང་༔ དབང་ཆེན་ཡང་ཁྲོས་དཀྱིལ་འཁོར་དུ༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མཎྜལ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ [རྗེས་འབྲེལ་ཐུགས་དམ་བསྐང་བའི་རིམ་པ་ནི།] ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ མངོན་པར་དགའ་བའི་ཞིང་ཁམས་ནས༔ རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཕྱག་

p. 68

ན་རྡོ་རྗེའི༴ གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་ནས༔ དགའ་རབ་རྡོ་རྗེའི་ཐུགས༴ འཕོ་བ་ཆེན་པོའི་གཞལ་ཡས་ནས༔ ཤྲཱི་སིང་ཧའི༴ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ པདྨ་འབྱུང་གནས༴ འཇའ་ལུས་སྒྱུ་མའི་སྐུ་བརྙེས་པ༔ ཡེ་ཤེས་མཚོ་རྒྱལ༴ སྐུ་གསུམ་དགོངས་པའི་ཀློང་ཆེན་རྡོལ༔ ཁྱེའུ་ཆུང་ལོ་ཙཱའི༴ ཟབ་གཏེར་སྒོ་འབྱེད་འགྲོ་བའི་མགོན༔ བདུད་འཇོམས་གླིང་པའི༴ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ནས༔ དྲིན་ཆེན་བླ་མའི༴ པདྨ་གསུང་གི་དཀྱིལ་འཁོར་ནས༔ ཡང་ཁྲོས་ནག་པོའི༴ སྣང་སྲིད་དུར་ཁྲོད་གཞལ་ཡས་ནས༔ ཁྲོས་མ་ནག་མོའི༴ སྐུ་ཡི་ངོ་བོ་ཡོངས་རྫོགས་དཔལ༔ འཇམ་དཔལ་ནག་པོའི༴ གསུང་གི་གསང་བ་འདུས་པའི་དཔལ༔ རྟ་མགྲིན་རྒྱལ་པོའི་ཐུགས་ཀྱི་ཡེ་ཤེས་ཡོངས་འདུས་དཔལ༔ རྡོ་རྗེ་གཏུམ་པོའི༴ ཕྲིན་ལས་མངོན་སྤྱོད་མཛད་པའི་དཔལ༔ ཡེ་ཤེས་ཁྱུང་ཆེན༴ དུག་ལྔ་དབྱིངས་སྦྱོར་ཡེ་ཤེས་སྐུ༔ རིགས་ལྔ་ཡབ་ཡུམ༴ ལས་བཞིའི་ཕྲིན་ལས་ཐོགས་མེད་བདག༔ སྒོ་མ་བཞི་ཡི༴ སྟེང་ཕྱོགས་ནམ་མཁའི་ཀློང་དཀྱིལ་ནས༔ གཟའ་བདུད་ཆེན་པོའི་༴ ཆོས་བཟང་ལྷ་ཡི་འདུན་ས་

p. 69

ནས༔ དབང་ཕྱུག་ཆེན་པོའི༴ ཧེ་ཆེན་དྷ་ནའི་དུར་ཁྲོད་ནས༔ གནོད་སྦྱིན་དམར་ནག༴ བཀའ་དང་དམ་ཚིག་གཞལ་ཡས་ནས༔ དྲེགས་པ་སྡེ་བརྒྱད༴ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟའི་རྒྱ་མཚོས་བསྐང་༔ ཞལ་ཟས་ཚོགས་དང་སུ་ར་ཆང་༔ ཤ་ལྔ་བདུད་རྩི་རྣམ་ལྔས་བསྐང་༔ ཏ་ན་ག་ན་བདེ་ཆེན་པོ༔ སྣང་སྲིད་རྣམ་དག་དགོངས་པས་བསྐང་༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས༔ རྩ་གསུམ་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཆ་བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི། ཧཱུྃ༔ བླ་མ་ཡང་ཁྲོས་དབྱེར་མེད་དགོངས༔ ཁྱེད་ལ་ཕྱག་འཚལ་མཆོད་ཚོགས་འབུལ༔ བདག་གི་ཚེ་རབས་ཐམས་ཅད་དུ༔ གསང་སྔགས་ཐེག་ཆེན་སྒོར་ཞུགས་ནས༔ རྒྱལ་བའི་བཀའ་དང་བླ་མའི་ལུང་༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨད༔ རྡོ་རྗེ་མཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་ངན་སེམས་ངག་ཏུ་སྨྲས༔ བརྡེག་བཙོག་གནོད་པ་དངོས་སུ་སྤྱད། ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ འཛབ་བཟླས་མ་དག་ཟུར་ཆག་ཉམས༔ གསང་བ་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་

p. 70

ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང་༔ ཉ་སྟོང་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྤྱང་སྤྱད༔ ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་སྐྱོན་དབང་གིས༔ སྒོ་གསུམ་བག་མེད་དམ་ཉམས་བཤགས༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པམེད་པའི་དགོངས་ཉམས་ལོན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པའི་བྱང་ཆུབ་སེམས༔ རྩ་བ་ཡན་ལག་ཐམས་ཅད་ཀྱི༔ ཆག་ཉམས་མ་བྱུང་མ་སྐྱེས་པ༔ བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ འགྲོ་བའི་དོན་དུ་ཆོས་འཁོར་བསྐོར༔ ཁྱེད་ཅག་མྱ་ངན་མི་འདའ་བཞུགས༔ དགེ་བ་མ་གྱུར་འགྲོ་ལ་བསྔོ༔ རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག༔ ཧོཿ བླ་མ་ཡང་ཁྲོས་དབྱེར་མེད་དགོངས༔ བདག་གི་དུས་གསུམ་

p. 71

སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་བཅས༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ་[སོགས་ཡི་གེ་བརྒྱ་པ་བཟླ། ཆ་ཐ་མ་བསྒྲལ་ཞིང་བསྟབ་པ་ནི། ལིངྒ་ལོགས་སུ་བཅས་པའམ་ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གིས་རང་ལ་བསྡུས་ནས།] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན༴ ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དབང་དྲག་རྟ་མགྲིན་ཡང་ཁྲོས་ནག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་

p. 72

སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ [ཞེས་བདེན་སྟོབས་ཀྱིས་བཀུག་ལ། ཕུར་བུས་གཟིར་ཞིང༌།] ཧཱུྃ༔ གསང་ཆེན་དབང་གི་དཀྱིལ་འཁོར་ནས༔ རྟ་མགྲིན་ཡང་ཁྲོས་སྐུ་བཞེངས་ཤིག༔ ཡེ་ཤེས་གར་གྱི་རྣམ་རོལ་བསྐུལ༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་ཕྱུངས༔ མངོན་སྤྱོད་དྲག་པོའི་འཕྲིན་ལས་ཀྱིས༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་སརྦ་ས་པ་རི་ཝཱ་ར་ཀ་ལ་རཱུ་པ་ཨ་མུ་ཀ་མཱ་ར་ཡ་རྦད་ཕཊ༔ [ཅེས་བསྒྲལ་བའི་སྙིགས་མ་བདུད་རྩིར་སྦར་ལ།] ཧཱུྃ༔ དབང་དྲག་འབར་བའི་ཞལ་ཕྱེས་ཤིག༔ ཉོན་མོངས་དུག་ལྔ་དུག་གསུམ་བགེགས༔ ལོག་པར་འདྲེན་པའི་རཱུ་དྲར་བཅས༔ ལྷག་མ་མེད་པར་བཞེས་ཤིག་རོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཙིཏྟ་ལ་ཁཱ་ཧི༔ [ཞེས་བསྟབ། དེ་ནས་ཚོགས་ལ་རོལ་པ་ནི། བརྡ་དང་བརྡའི་འབུལ་ལེན་བཅས་ཚོགས་ཀྱི་དམ་རྫས་རྣམས་ནང་གི་སྲེག་བླུགས་མངོན་དུ་བྱས་ནས་ཚིམས་པར་ལོངས་སྤྱད་དོ། །དེ་ནས་ལྷག་མ་ཕྱོགས་གཅིག་ཏུ་བསྡུས་ཤིང་ཕུད་ལྷག་བསྲེས་པ་ལ་དམ་ཚིག་ཁ་ཕྲུ་བཏབ་ཅིང༌།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ[ས།] ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ།

p. 73

ལྷག་སྡུད་ཀྱི་ཕོ་ཉ་རྣམས། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ [ཞེས་དང་བཤུགས་པའི་སྒྲ་དྲག་པོས་སྤྱན་དྲངས་ཏེ།] ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ གནམ་ལྕགས་འབར་བའི་རྩེ་མོ་ནས༔ དཔལ་ཆེན་བཀའ་ཉན་ལྷག་སྐྱོང་ཚོགས༔ ཆད་བཞིན་ལྷག་རོལ་ཕྲིན་ལས་སྒྲུབས༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ [ཞེས་རོལ་མོ་དང་བཅས་ཕྱི་རོལ་དུ་བསྐྱལ་ལོ། །][གཉིས་པ་ཐུགས་དམ་བསྐུལ་བ་ནི།] ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་གསུང་༔ རྟ་སྐད་བཞད་པས་སྲིད་གསུམ་དབང་དུ་སྡུད༔ ལོག་རྟོག་མ་རུང་བདུད་ཀྱི་སྡེ་ཚོགས་འཇོམས༔ དབང་ཆེན་ཁྲོས་པའི་རྒྱལ་པོ་རྟ་མགྲིན་རྒྱལ༔ དམར་ནག་གྲུ་གསུམ་ཨེ་ཡི་ཀློང་ནས་བཞེངས༔ སྙིང་རྗེའི་ཐུགས་ལ་འབར་བའི་ཕྱག་རྒྱ་ཡིས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཐོགས་མེད་སྒྲུབས༔ ཤེས་རབ་སྟོང་པ་ཡེ་ཤེས་ཕག་མོ་དང་༔ རྩ་གསུམ་འཁོར་ལོར་གསང་བ་གསུམ་གྱི་ལྷ༔ ཡ་མཱནྟ་ཀྲྀ་ཏ་པཱ་ཎི་ཁྲོ་བོའི་རྒྱལ༔ གང་འདུལ་ཐུགས་རྗེ་ཁྲོས་པའི་སྐུར་བཞེངས་ལ༔ མངོན་སྤྱོད་དྲག་པོའི༴ ཡེ་ཤེས་བཞི་དང་མཉམ་སྤྱོད་ཐུགས་རྡོ་རྗེ༔ ཡོན་ཏན་རཏྣ་གསུང་མཆོག་པདྨ་དང་༔ ཕྲིན་ལས་ཀརྨ་རིགས་བཞི་ཁྲོ་བོའི་རྒྱལ་༔ བུདྡྷ་བཛྲ་རིན་ཆེན་མ་

p. 74

ཆགས་པད༔ ལས་ཀྱི་རིགས་ཏེ་བྱ་ཁྱུང་ག་རུ་ཌ༔ ཡེ་ཤེས་གཅིག་ལ་རྣམ་པ་ཐ་དད་པ༔ རྣམ་འགྱུར་མ་ངེས་སྤྲུལ་པ་ཡང་སྤྲུལ་བཅས༔ དབྱིངས་ནས་སྐུར་བཞེངས་མངོན་སྤྱོད་ཕྲིན་ལས་མཛོད༔ ཚད་མེད་བཞི་ལྡན་སྒོ་སྐྱོང་སྲུང་མར་བཅས༔ ཡེ་ཤེས་ཁྲོས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དཔའ་སྐྱེམས་དམ་རྫས་དམར་གྱི་གཏོར་མ་རོལ༔ སྤྲུལ་པའི་དམག་གིས་སྣང་སྲིད་གང་བར་མཛོད༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཀྱི་སྡེ༔ མ་གཡེལ་མ་འགྱང་ཐལ་བའི་རྡུལ་བཞིན་རློག༔ བྱད་ཕུར་རྦོད་གཏོང་ཆགས་ཆེ་ཉམ་ང་ཟློག༔ མཐའ་དམག་དུས་འཁྲུག་སངས་རྒྱས་བསྟན་བཤིག་སྡེ༔ རྩ་ཕུང་སྐམ་ལ་མེ་དཔུང་མཆེད་པ་བཞིན༔ མངོན་སྤྱོད་དྲག་པོས་མིང་ཙམ་མེད་པར་མཛོད༔ སྔོན་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར༔ བརྒྱུད་འཛིན་རྗེས་སུ་བཟུང་ལ་རྣམ་གཉིས་ཀྱི༔ དངོས་གྲུབ་འབྲས་བུ་དུས་འདིར་སྨིན་པ་དང་༔ ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས༔ བོད་ཁམས་བདེ་སྐྱིད་ཕུན་ཚོགས་དཔལ་ལ་སྦྱོར༔ བསྟན་དང་བསྟན་འཛིན་སྐུ་ཚེ་མཛད་ཕྲིན་འཕེལ༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ ཐུགས་དམ

p. 75

དུས་ལ་བབ་བོ་ས་མ་ཡ༔ [ཞེས་བསྐུལ།] [གསུམ་པ་གཏོར་མ་བསྐྱང་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་]ཨོཾ་ཨཱཿཧཱུཾ་[གིས་བྱིན་གྱིས་བརླབ་ལ།] ཧཱུྃ་བྷྱོ༔ ཐོག་མཐའ་བར་གསུམ་རྩོད་ལྡན་ཡན༔ ཆེ་མཆོག་དབང་ཆེན་པད་འབྱུང་གི༔ ཞལ་མཇལ་གསུང་ཐོས་དབང་བསྐུར་ཞིང་༔ བྲན་དུ་བཀོལ་བའི་ལྷ་སྲིན་སྡེ༔ དེ་འཁོར་ཡང་འཁོར་ལྷ་འདྲེ་དང་༔ གློ་བུར་ལྷགས་དང་དུས་མཐའི་བགེགས༔ ཀུན་ཀྱང་སྔོན་གྱི་ཆད་དོན་ཁྲིམས༔ བསྲུང་ནས་རྡོ་རྗེའི་དམ་ལ་འདུས༔ [རྡོ་རྗེའི་རྭ་རྩེས་དམ་ཆུ་འཐོར་ལ།] ས་མ་ཡ་བཛྲ་ན་ར་ཀན་དེའོ༔ [ཞེས་སྣང་སྲིད་ཀྱི་ལྷ་འདྲེ་མ་ལུས་པའི་ལྕེ་ལ་དམ་ཚིག་གི་བདུད་རྩི་ཕོག་ནས་དམ་ཚིག་གི་སྲོག་ཐོབ་སྟེ་སྐད་ཅིག་ཙམ་ཡང་འདའ་བའི་གནས་མེད་པར་བསམ།] ཧཱུྃ༔ དམ་ལ་གནས་པའི་དམ་ཅན་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འགལ་རྐྱེན་དགྲ་བགེགས་དབྱིངས་སུ་སྒྲོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབས༔ ཡང་ཁྲོས་བསྟན་དང་བསྟན་འཛིན་སྐྱོངས༔ དམ་ལས་མ་འདའ་ས་མ་ཡ༔ [ཞེས་ཆད་མདོ་འབུལ། བརྟན་མ་སྐྱོང་བ་ལ། བཤལ་ཆུའི་བདུད་རྩི་གཏོར་མར་བྲན་ཅིང༌།] ཨོཾ་ཨཱཿཧཱུཾ་[གིས་བརླབ་ནས།] ཧཱུྃ་མ་བྷྱོ་ཛཿ བོད་ཁམས་སྐྱོང་བའི་མ་སྲིང་སྡེ༔ བརྟན་མ་བཅུ་

p. 76

གཉིས་འཁོར་དང་བཅས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་བཞེས༔ རྡོ་རྗེ་ཐོད་ཕྲེང་བཀའ་བཞིན་དུ༔ སྙིང་ཐིག་བསྟན་པ་སྤེལ་ཞིང་སྲུངས༔ རིག་འཛིན་བདག་གི་འདོད་དོན་སྒྲུབས༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་ཤིང་༔ བསྟན་དགྲ་སྒྲོལ་ཞིག་དམ་ཅན་མ༔ མ་མ་ལི་ལི་ཨ་ཕྱི་ཡོངས་ལ་ཕྱི་ལ་པྲ་མོ་ཧ་ཨི་དཾ་བ་ལིཾ་ཏ་ཁཱ་ཧིཿ བཛྲ་ས་མ་ཡ༔ [ཞེས་ཕུལ། བྲོ་བརྡུང་བ་ནི། གཏོར་སྣོད་སྦུབས་པའི་འོག་ཏུ་དགྲ་བགེགས་རྣམས།] ཨེ་ཎྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བྃ་ཧོཿ [ཞེས་འགུག་གཞུག་བཅིང་མནན་བྱས་ཏེ་རྡོ་རྗེའི་རྒྱས་བཏབ་ལ།] ཧཱུྃ་པདྨ་དབང་གི་དཀྱིལ་འཁོར་ནས༔ དབང་དྲག་རོལ་པའི་རྟ་བྲོ་ཆེམས༔ དྲག་པོའི་རྟ་སྐད་འུ་རུ་རུ༔ རྫུ་འཕྲུལ་གར་བསྒྱུར་ཤིགས་སེ་ཤིག༔ ཡེ་ཤེས་རྔམས་པའི་བརྟུལ་ཞུགས་ཀྱིས༔ དུག་གསུམ་སྐུ་གསུམ་ཧོམ་དུ་མནན༔ དུག་ལྔ་ཡེ་ཤེས་ཧོམ་དུ་བྲུབ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་༔ རྒྱུ་རྐྱེན་འབྲེལ་བའི་ལྷ་འདྲེ་རྣམས༔ ཆོས་ཕུང་བརྒྱད་ཁྲིའི་ཧོམ་དུ་བྲུབ༔ ཐེག་པ་རིམ་དགུའི་བྲོ་རྒྱས་གདབ༔ འུར་འུར་ཆེམ་ཆེམ་རྦད་ཡ་ནན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ༔ སྟྭཾ་བྷ་ཡ་ནན་ནན༔ ལོག་འདྲེན་ནཱ་ཤ་ཡ་ནན༔ [ཞེས་བྲོ་བརྡུང་བྱ།] [བཞི་པ་དངོས་གྲུབ་བླང་

p. 77

བ་ནི། གཏོར་མ་སོགས་མདུན་རྟེན་ལྷར་གསལ་བ་ལ་དམིགས་ཏེ།] ཧཱུྃ༔ ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ དབང་དང་དངོས་གྲུབ་ཆུ་བོའི་རྒྱུན༔ སྒོ་གསུམ་བུམ་པའི་སྣོད་དུ་བབས༔ སྐུ་གསུམ་ལྷུམས་ཞུགས་བདེ་ཆེན་མཆོག༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ [ཞེས་དངོས་གྲུབ་བླང༌།] [ལྔ་པ་ནོངས་པ་བཤགས་པ་ནི། གཏང་རག་གི་དོན་དུ།] ཨོཾ་བཛྲ་ཨརྒྷཾ་[སོགས་ནས་]ཤཔྡ་རཱུ་པ་ཤཔྡ་[སོགས།] སྤརྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་གན་ས་རྦ་པཱུ་ཛ་ཧོཿ [ཞེས་མཆོད་ཅིང༌།] བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཆེ་བའི་ཆེ་མཆོག་པདྨ་དབང་གི་ལྷ༔ ཁྲོས་པའི་ཡང་ཁྲོས་འཆོལ་བའི་སྐུར་སྟོན་པ༔ བཅོམ་ལྡན་ཡང་ཁྲོས་སྐུ་ལ་ཕྱག་འཚལ་བསྟོད༔ [ཅེས་བསྟོད་པ་སྔོན་དུ་འགྲོ་བས།] ཧཱུྃ༔ བླ་མ་ཡང་ཁྲོས་དཀྱིལ་འཁོར་དུ༔ མཆོད་རྫས་སྒྲུབ་རྫས་མ་འབྱོར་དང་༔ སྒྲུབ་པ་གཡེལ་ཞིང་ལྷ་མ་གསལ༔ སྔགས་ཀྱི་བར་ཆད་དམ་བཅའ་ཉམས༔ བསྐྱེད་དང་རྫོགས་རིམ་མ་གསལ་སོགས༔ ཉམས་ཆག་བཤགས་སོ་ཚངས་པར་སྩོལ༔ [ཞེས་དང་ཡི་གེ་བརྒྱ་པ་བཟླ།] [དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། དམ་ཡེ་གཉིས་སུ་མེད་པའི་དཀྱིལ་འཁོར།] ཡེ་ནས་རྫོགས་པའི་ཡོངས་སྒྲུབ་ལྷ༔ དབྱིངས་

p. 78

དང་ཡེ་ཤེས་དབྱེར་མེད་ངང་༔ འཁོར་བ་མྱང་འདས་ཀློང་གྲོལ་ལས༔ མི་ལྡོག་བདེ་ཆེན་ངང་དུ་ལྷུག༔ ཨཿ [ཞེས་རྟག་ཆད་ཀྱི་མཐའ་གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་བསལ།] [བདུན་པ་བསྔོ་སྨོན་ནི།] ཧཱུྃ༔ འདི་དང་དུས་གསུམ་དགེ་ཚོགས་ཀུན༔ མཁའ་མཉམ་འགྲོ་བ་ཡོངས་ལ་བསྔོ༔ བདག་སོགས་བརྒྱུད་པར་བཅས་པ་རྣམས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ [བརྒྱད་པ་ཤིས་པ་བརྗོད་པ་ནི། མེ་ཏོག་གི་ཆར་དབབ་ལ།] ཧཱུྃ༔ དབང་ཆེན་ཡང་ཁྲོས་དཀྱིལ་འཁོར་དུ༔ སྒོ་གསུམ་སྨིན་གྲོལ་བཀྲ་ཤིས་ཤོག༔ སྐྱེ་འཆིར་རང་དབང་ཐོབ་པ་དང་༔ ལྷ་སྐུར་མངོན་གྱུར་བཀྲ་ཤིས་ཤོག༔ གཞི་དབྱིངས་ཀ་དག་ཀློང་ཆེན་དུ༔ འཁོར་འདས་འུབ་ཆུབ་བཀྲ་ཤིས་ཤོག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །བདུད་འདུལ་པདྨའི་མཐུ་སྟོབས་སྒྱུ་རྩལ་གྱིས། །དབང་ཆེན་རོལ་བའི་ཆུ་གཏེར་བསྲུབས་ལས་འདིར། །ཡང་ཁྲོས་ནག་པོའི་མན་ངག་ཡིད་བཞིན་ནོར། །སྐལ་ལྡན་གདུང་སེལ་འདོད་འཇོའི་དཔལ་དུ་སྨིན། །ཚུལ་དེའི་ཕྲིན་ལས་ཟབ་གཏེར་རྩ་བའི་གཞུང༌། །མ་ནོར་འཇུག་བདེའི་ཁྲིགས་སུ་ཉེར་བསྡེབས་པ། འདིས་ཀྱང་གཞན་ལ་ཕན་པའི་དཔལ་གྱུར་ཏེ། །དངོས་གྲུབ་འདོད་རྒུ་རང་དབང་སྒྱུར་བྱེད་ཤོག །ཅེས་དབང་དྲག་རྟ་མགྲིན་ཡང་ཁྲོས་ནག་པོའི་ལས་བྱང་བདུད་སྡེའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཅེས་བྱ་བ་འདི་ནི། དོན་གཉེར་ཅན་དུ་མས་སྔ་ཕྱིར་

p. 79

ཡང་དང་ཡང་དུ་བསྐུལ་བ་ཡིད་ལ་བཅག་པའི་ཐོག །ཉེ་ཆར་མཁན་ཆེན་བླ་མ་བཀའ་འགྱུར་བ་འཇམ་དབྱངས་རྡོ་རྗེའི་གསུང་གིས་ནན་ཆགས་སུ་བསྐུལ་བ་ལ་བརྟེན་ནས། གཏེར་གཞུང་གི་དགོངས་པ་མ་འཁྲུལ་བར་དཀྱུས་ཀྱི་ལག་ལེན་རྣམ་གསལ་འཇུག་པ་བདེ་བའི་ལས་ཁྲིགས་སུ་བསྡེབས་ཏེ། རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་ཕྲག་བདུན་གྱི་མཐར་ཐུག་པ་ཆུ་མོ་གླང་གི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ། རི་བོ་རིན་ཆེན་སྤུངས་པའི་མགུལ་ཁུག་ལྷ་ཆེན་དགའ་ཚལ་གྱི་བསྟི་གནས་སུ་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་སྔགས་སྐྱེས་རིན་ཆེན་ཕུན་ཚོགས་ཀྱིས་སོ། །འདིས་ཀྱང་ལས་དང་དངོས་གྲུབ་འདོད་རྒུ་རང་དབང་དུ་བསྒྱུར་བའི་རྒྱུར་གྱུར་ཅིག །། །།སརྦ་དཱ་མངྒ་ལཾ། །]

རྟ་མགྲིན་ཡང་ཁྲོས་ནག་པོའི་རྩ་སྒྲུབ་རྒྱུན་གྱི་ཉམས་ལེན་ལོག་འདྲེན་ཚར་གཅོད།

p. 80
p. 81

རྟ་མགྲིན་ཡང་ཁྲོས་ནག་པོའི་རྩ་སྒྲུབ་རྒྱུན་གྱི་ཉམས་ལེན་ལོག་འདྲེན་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །

p. 82

ཨོཾ་སྭསྟི། [རྟ་མགྲིན་ཡང་ཁྲོས་ནག་པོའི་རྩ་སྒྲུབ་སྲུང་བའི་འཁོར་ལོ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བ་ལ། སྦྱོར་བ་སྐྱབས་སེམས་ནི།] ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །རྟ་མགྲིན་ཡང་ཁྲོས་བསྒོམ་པར་བགྱི། །[ལན་གསུམ། དངོས་གཞི་བསྐྱེད་བཟླས་ནི།] ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧྲཱིཿ སྣང་སྲིད་དུར་ཁྲོད་གཞལ་ཡས་ཁང་༔ པདྨ་ཉི་མ་སྡེ་བརྒྱད་སྟེང་༔ དུར་ཕག་ནག་མོ་མགོ་དགུ་པའི༔ སྟེང་དུ་རང་ཉིད་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོ་ཆེ༔ ཞལ་གཅིག་ཕྱག་བཞི་རྔམས་པའི་སྐུ༔ གཡས་གཉིས་རལ་གྲི་གྲི་གུག་དང་༔ གཡོན་གཉིས་

p. 83

སྦྲུལ་ཞགས་ཐོད་ཁྲག་བསྣམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཤངས་ནས་ཕག་སྡིག་ཁྱུང་ཆེན་འཕྲོ༔ སྦྱན་གསུམ་སྡང་མིག་གཡོ་ཞིང་འཁྲུགས༔ སྨ་ར་སྨིན་མ་མེ་ཞགས་འཕྲོ༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྗེས༔ སྤྱི་བོར་རྟ་མགོ་ལྗང་ཞུར་མཚེར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ དར་ནག་བེར་ཆེན་བརྗིད་པར་གསོལ༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བགྲད༔ མེ་རླུང་དུག་མཚོའི་ཀློང་དུ་འགྱིང་༔ ཁྲོས་མ་ནག་མོ་ཡུམ་གྱིས་འཁྱུད༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་སྟོབ༔ གཟིག་ཤམ་སྨད་དཀྲིས་རུས་རྒྱན་སྤྲས༔ སྤྱི་བོར་ཕག་དབུ་གྱེན་དུ་ངུར༔ ཁམས་

p. 84

གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་པ་གསུམ་པོ་ཟིལ་གྱིས་གནོན༔ སྐུ་དབུས་དྲང་པོར་རྩ་དབུ་མ༔ དཀར་དམར་མཐིང་གསུམ་མདངས་ལྡན་སྦུབས༔ འཇམ་དཔལ་མཐིང་ནག་རལ་གྲི་དང་༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ འཁོར་ལོ་ལྔ་ཡི་དང་པོ་ནས༔ རིམ་བཞིན་བུདྡྷ་པདྨ་དང་༔ རྡོ་རྗེ་རིན་ཆེན་ཀརྨའི་རིགས༔ ཁྲག་འཐུང་ཡབ་ཡུམ་དཀར་དམར་མཐིང་༔ སེར་དང་ལྗང་ནག་འབར་བའི་སྐུ༔ དུག་ལྔ་དབྱིངས་སུ་སྒྲོལ་བའི་ཕྱིར༔ རབ་འཇིགས་དྲག་པོའི་སྐུ་རུ་བསྐྱེད༔ གཡས་སུ་རོ་མ་དཀར་གསལ་སྦུབས༔ རྟ་མགྲིན་དམར་པོ་དབྱུག་ཏོ་དང་༔ གཡོན་པས་དབང་གི་ཞགས་པ་བསྣམས༔ སྤྱི་བོར་རྟ་མགོ་ལྗང་ཞུར་མཚེར༔ གཡོན་དུ་རྐྱང་མ་དམར་གསལ་སྦུབས༔ ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས༔ ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་དང་༔ དཔལ་གྱི་ཆས་དང་གར་དགུའི་ཉམས༔ རབ་རྫོགས་གྱད་ཀྱི་འདོར་སྟབས་བགྲད༔ ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས༔ རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས༔ གཞན་ཡང་རྩ་གསུམ་འཁོར་ལོ་ལྔ༔ ཡེ་ཤེས་རོལ་པའི་རྩལ་གྱི་ལྷ༔ རྣམ་པ་ཁྱུང་དང་ཕག་སྡིག་གིས༔ ཏིལ་གོང་ཕྱུར་

p. 85

བཞིན་གང་བར་བསམ༔ བུ་ག་དགུ་དང་བ་སྤུའི་སྒོར༔ མེ་ཁྱུང་ལྕགས་སྡིག་ཕག་ནག་དང་༔ རླུང་མེ་བཙན་དུག་ངད་རླངས་ནི༔ སེར་རླུང་འཚུབས་ལྟར་རབ་འཕྲོས་པས༔ ནད་རིམས་གདོན་བཅས་བརླག་པར་བསྒོམ༔ གདོད་ནས་དམ་ཡེ་གཉིས་སུ་མེད༔ རང་སྣང་རང་ལ་དབང་བསྐུར་ཐོབ༔ རྡོ་རྗེ་གསུམ་གྱི་ཕྱག་རྒྱས་གདབ༔ ཨོཾ་ཨཱཿཧཱུཾ༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ མཐིང་ནག་གཅེར་བུ་གྲི་ཐོད་ཅན༔ དེའི་ཐུགས་ཀར་ཉི་གདན་ལ༔ ཕ་ལམ་རྡོ་རྗེའི་ལྟེ་བ་རུ༔ པདྨ་ཟླ་བ་ཉི་མའི་སྟེང་༔ ཧཱུྃ་མཐིང་ཁོང་གསེང་ཧྲཱི་ཡིག་ནག༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རབ་ཏུ་འཁོར་བ་ལས༔ འོད་འཕྲོས་སྣང་སྲིད་ལྷ་འདྲེ་དང་༔ ལྷ་སྲིན་སྡེ་བརྒྱད་མི་མ་ཡིན༔ སེམས་ཅན་ཀུན་གྱི་སྲོག་སྙིང་འཕྲོག༔ བསྡུས་ཏེ་རིག་སྔགས་སྲོག་ལ་བསྟིམ༔ འཁོར་འདས་ཡོངས་ཀྱི་སྲོག་འདུས་ཤིང་༔ འཁོར་བ་ཡོངས་སྒྲོལ་དབང་རྫོགས་སོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ [ཅེས་གཙོ་བོར་བཟླ་བ་བསྙེན་པའི་ཚུལ་དང༌།] ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས༔ ཐུགས་སྲོག་ཧཱུྃ་ལ་དྲག་སྔགས་འཁོར༔ རིགས་ཀུན་སྲོག་སྔགས་གཅིག་ཏུ་བསྒྲུབ༔ སྣང་བ་ལྷ་

p. 86

དང་སྒྲ་གྲགས་སྔགས༔ དྲན་རྟོག་ཆོས་ཉིད་རོལ་པར་གསལ༔ མདོར་ན་འཁོར་འདས་དབང་དྲག་དལ༔ དབྱིངས་དང་དགོངས་པ་རོ་གཅིག་ངང་༔ [ཞེས་གོང་གི་སྙིང་པོ་ཉིད་བཟླ་བ་སྒྲུབ་པའི་ཚུལ་དང༌།] ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཁྲག་འཐུང་འབར་བའི་ལྷ་ཚོགས་ཀྱི༔ ཐུགས་ཀར་སྔགས་ཕྲེང་རབ་ཏུ་འཁོར༔ བཟླས་པས་ལྷ་ཚོགས་དབྱིངས་ནས་བསྐུལ༔ དབྱིངས་དང་དགོངས་པ་ཕྱམ་གཅིག་ཏུ༔ དྲག་སྔགས་འུར་ཆེམ་སྒྲོགས་པ་ཡིས༔ འོད་ཟེར་སྤྲུལ་པ་དཔག་མེད་ཀྱིས༔ རྩ་ཁམས་མ་ལུས་ཡོངས་ཁྱབ་སྟེ༔ གཞལ་ཡས་ལྷ་སྔགས་རོལ་པར་དམིགས༔ སྣང་བ་སྣོད་དང་སྲིད་པ་བཅུད༔ མ་ལུས་འོད་དང་སྤྲུལ་པས་ཁེངས༔ བར་ཆད་གདོན་བགེགས་སྡེ་བརྒྱད་དང་༔ སྡུག་བསྔལ་སྡིག་སྒྲིབ་ལས་ཉོན་དང་༔ ནད་རིམས་ཡམས་ནད་གཉན་ཀླུ་གདོན༔ མ་ལུས་སྦུར་མ་མེར་བསྲེགས་བཞིན༔ རྗེས་ཤུལ་ཙམ་ཡང་མེད་པར་བསྲེགས༔ སྣོད་བཅུད་རྡོ་རྗེ་གསུམ་ཀློང་བཟླུམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧཱུྃ་ཕཊ༔ སརྦ་ཛྭ་ར་པྲ་ཤ་མ་ཎི་སྭཱ་ཧཱ༔ [འདིའི་བསྙེན་ཚད་འབུམ་ཕྲག་བཅུའོ། །]ཨོཾ་བཛྲ་ཛྙཱ་ན་པཉྩ་ཀྲོ་དྷི་ཤྲཱི་ཧེ་རུ་ཀ་ཧཱུྃ་སརྦ་ཛྭ་ར་མཱ་ར་

p. 87

ཡ་ཕཊ༔ [འདིའི་བསྙེན་ཚད་འབུམ་ཕྲག་བདུན་ནོ། །]ཨོཾ་པདྨ་ནྟ་ཀྲྀ་ཏ་ཧྱ་གྲཱི་ཝ་ཛྲ་པཱ་ཎི་ཡ་མཱནྟ་ཀ་ཁྲོཾ་ག་རུ་ཌ་ཡཀྴ་ཡཀྴ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ ཀ་ལ་རཱུ་པ་ཨ་མུ་ཀ་དུ་ཏྲི་ཛྭ་ལ་རཾ་རཾ་མཱ་ར་ཡ་རྦད་སོད་ནན་ཕཊ༔ ཨོཾ་པྲ་སོད༔ དུར་རྟ་སོད༔ དུར་མི་སོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཿ་ཀཾ་ཤཾ་རྦད་ཕཊ༔ ཨོཾ་ཐིམ་ཐ་ར་ཏི་ས་ཏུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ [ཞེས་དྲག་སྔགས་མེ་ལྕེའི་འཁོར་ལོ་བསྙེན་ཚད་འབུམ་ཕྲག་གཅིག་སྟེ། ལས་སྔགས་རྣམས་བསྙེན་པའི་འགྲོས་དང་སྦྱར་ཏེ་བཟླའོ། །རྗེས་ཀྱི་རིམ་པ་ནི།] ཡེ་ནས་རྫོགས་པའི་ཡོངས་གྲུབ་ལྷ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ངང་༔ འཁོར་བ་མྱང་འདས་ཀློང་གྲོལ་ལས༔ མི་ལྡོག་བདེ་ཆེན་ངང་དུ་ལྷུག༔ ཨ༔ ཞེས་དམ་ཡེ་གཉིས་མེད་ཀྱི་དཀྱིལ་འཁོར་གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་རྟག་ཆད་ཀྱི་མཐའ་བསལ། ཧཱུྃ༔ འདི་དང་དུས་གསུམ་དགེ་ཚོགས་ཀུན༔ མཁའ་མཉམ་འགྲོ་བ་ཡོངས་ལ་བསྔོ༔ བདག་སོགས་བརྒྱུད་པར་བཅས་པ་རྣམས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ [ཅེས་བསྔོ་སྨོན་དང་ཤིས་བརྗོད་ཇི་ལྟར་རིགས་པས་མཐའབརྒྱན་པར་བྱའོ། །ཞེས་པའང་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བའི་ཕྱིར་གཏེར་གཞུང་ལས་ཁོལ་དུ་ཕྱུངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛཡནྟུ།། །།]

དབང་དྲག་རྟ་མགྲིན་ཡང་ཁྲོས་ནག་པོའི་སྨད་ལས་ཐོགས་མེད་གནམ་ལྕགས་རྡོ་རྗེའི་འཕྲུལ་འཁོར།

p. 88
p. 89

དབང་དྲག་རྟ་མགྲིན་ཡང་ཁྲོས་ནག་པོའི་སྨད་ལས་ཐོགས་མེད་གནམ་ལྕགས་རྡོ་རྗེའི་འཕྲུལ་འཁོར་ཞེས་བྱ་བ་བཞུགས་སོ། །

p. 90

ཤྲཱི་བི་ཛ་ཡནྟུ། དྲག་གཏུམ་ཁྲོས་པའི་སྡང་མིག་གཟིར་ཙམ་གྱིས། །སྲིད་གསུམ་གདུག་པའི་སྙིང་རྩ་འཐོར་མཛད་པ། །བླ་མ་དབང་ཆེན་ཡང་ཁྲོས་ནག་པོ་ཡིས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་ཤིས་པ་སྩོལ། །[དེའང་དབང་ཆེན་དྲག་པོ་རྟ་མགྲིན་ཡང་ཁྲོས་ནག་པོའི་ཕྲིན་ལས་མངོན་སྤྱོད་དྲག་པོའི་གཟེར་ཁ་ཟབ་མོ་ལག་ཏུ་ལེན་པ་ལ། སྤྱིར་ལྟ་བའི་གདིང་དང་ལྡན་ཅིང་བསྙེན་སྒྲུབ་ལས་གསུམ་ལ་དྲོད་ཚད་བརྙེས་པ་དང༌། ཁྱད་པར་བསྒྲུབ་བྱའི་ཕྲིན་ལས་གང་ཡང་མན་ངག་གི་གནད་དང་ལྡན་པས་ལག་ལེན་ལ་རང་བྱན་ཚུད་པའི་སྔགས་པས། ཆོ་གའི་ལས་ལ་མ་རྨོངས་ཤིང་དཔའ་བརྟུལ་ཆེ་བ་དྲག་པོའི་འཁོར་དང་ལྷན་ཅིག །གནག་ཅིང་རྩུབ་པ་མངོན་སྤྱོད་དང་རྗེས་སུ་མཐུན་པའི་གནས་སུ། ཐ་ཆུང་

p. 91

གསུམ་མམ་ཟླ་བ་གང་ཡང་རུང་བའི་མར་ངོའི་གཟའ་སྐར་ཚེས་གྲངས་སོགས་དྲག་ཅིང་རྩུབ་པའི་དུས་སམ་གློ་བུར་གྱི་ཚེ་ནའང་རུང་སྟེ་ནམ་སྐབས་སུ་བབས་པ་ན་བརྩམ་པར་བྱའོ། །དེས་ན་དེའི་ཚུལ་ལ་གསུམ། སྔོན་འགྲོ་བཅས་གཤོམ། ཆོ་ག་དངོས་གཞི། རྗེས་ཀྱི་བྱ་བའོ། །][དང་པོ་ནི། གང་དུ་བྱ་བའི་གནས་དེར་དམ་ཚིག་གི་རྟེན་དགྲམ་ཞིང་སྤྱན་གཟིགས་ཇི་སྙེད་པ་བཀོད་ལེགས་བརྗིད་ཆགས་པར་བསྟར། སྟེགས་བུ་མཐོ་བ་ལ་རྩ་བའི་མཆོད་གཏོར་དམ་ཅན་གཏེར་སྲུང་གཞི་བདག་གི་གཏོར་མའི་བར་དང་སྨན་རཀ་ཞི་དྲག་གི་མཆོད་པབཅས་སྤྱི་ལྟར་བཤམ། ལས་དཀྱིལ་གྱི་གཞི་དེར་དུག་ཁྲག་གིས་ཆག་ཆག་བཏབ་པར་ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ་རྗེས་ཁྲུ་གང་ལས་མི་ཆུང་བ་ཟླུམ་པོར་བསྐོར་ལ། སྐོར་ཐིག་དང་ཤར་གྱི་ཚངས་ཐིག་འཕྲད་མཚམས་ནས་བཟུང་

p. 92

སྟེ་ནུབ་བྱང་གི་ཟུར་ཐིག་དང་བྱང་གི་རྩ་ཐིག་བར་གྱི་ཟླུམ་ཐིག་ཆ་གསུམ་དུ་བགོས་པའི་ཆ་གཉིས་བྱང་དང་ཆ་གཅིག་ནུབ་ཏུ་བོར་བའི་འཕྲད་མཚམས་ནས་ཆོས་འབྱུང་གི་གཡོན་གྱི་ལོགས་ཐིག་བཏབ། དེ་བཞིན་དུ་ལྷོ་དང་ནུབ་ཀྱི་བར་ལ་གཡས་དང༌། དེ་གཉིས་རྩེ་སྦྲེལ་བས་རྒྱབ་ཀྱི་ལོགས་ཐིག་འབྱུང་ངོ༌། །ཟུར་གསུམ་དུ་སོར་གཉིས་རེ་བསྣན་པའི་རྩེ་རྣམས་སྦྲེལ་ཏེ་མུ་རན་དང༌། དེའི་ཕྱིར་མེའི་ར་བ་གྲུ་གསུམ་ཆེ་ཆུང་ཇི་ལྟར་འོས་པ། ཆོས་འབྱུང་གི་ནང་གི་གྲྭ་གསུམ་ནས་ཟླུམ་ཐིག་བཞི་བསྐོར་བ་ལ། མུ་ཁྱུད། རྩིབས་བཞི། ཐོད་པ། ལྟེ་བ་དང༌། དབུས་སུ་ཆོས་འབྱུང་གི་གྲྭ་མདུན་བསྟན་མུ་རན་དང་བཅས་པའི་ཐིག་བཏབ། རྒྱས་པ་ལ་དགའ་ན་ཆོས་འབྱུང་གི་ཕྱི་རོལ་རྡོ་ར་མེ་རིས་ཀྱང་བསྐོར། རྡུལ་ཚོན་དགྱེ་བ་ནི། ཆོས་འབྱུང་གི་ནང་ནག་པོ། མུ་རན་སྔོན་པོ། ཟླ་གམ་ཁྲག་མཚོ། མུ་ཁྱུད་ཐོད་སྐམ། རྩིབས་བཞི་སྔོན་པོ། རྩིབས་མཆན་ཁྲག་མཚོ། མྱུ་ཁྱུད་ཕྱི་མ་དམར་སེར། ཆོས་འབྱུང་དང་མུ་རན་སྔར་བཞིན། མེ་རི་དམར་སེར་འབར་བ། རྡོ་ར་ཡོད་ན་སྤྱི་མཐུན། ཆོས་འབྱུང་ལྟེ་བར་ཉི་གདན་ལ་རལ་གྲི་མེ་འབར་བ། ལྷ་གནས་གཞན་དུ་ས་བོན་ནམ་མེ་ཏོག་ནག་པོའི་ཚོམ་བུ་བཀོད། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་རྗེན་ཕྱེ་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་རྣོ་དབལ་ཅན་ལ་འཁོར་དམར་གྱི་བཤོས་ཕྲན་ལྷ་གྲངས་ཀྱིས་བསྐོར་བའི་རྩེ་མོར་སྐུ་རྟེན་དར་ནག་གི་འཕུར་ལྡིང་གཡོ་ཞིང༌། ཁྲག་ཀོང༌། མཚེ་ཡུངས། རྩང་དམར། ཁྲབ་བྱང་། རྒྱུ་རློན་གྱི་ལྡ་ལྡི་སོགས་དྲག་རྒྱན་རྔམས་བརྗིད་ལྡན་

p. 93

པ་འགོད། འདིར་ཐུན་མོང་མ་ཡིན་པའི་ལས་སྦྱོར་དྲག་པོའི་རྣོ་མདེའུ་སྦྱོར་བར་འདོད་ན་གཙོ་གཏོར་གྱི་གཡས་གཡོན་མདུན་གསུམ་དུ་ལྕགས་སྣོད་ལ་སོགས་པར་ཕག་སྡིག་ཁྱུང་གསུམ་གྱི་ཟོར་གཏོར་ལག་ལེན་བཞིན་འདུ་བགྱིས་པ་འགོད། མཐའ་སྐོར་དུ་ཕུང་ས་སྣ་ཚོགས་རྔ་མོང་ཁྱི་ཕག་སྤྱང་ཀིའི་བྲུན་དང་དུག་ཁྲག་གིས་སྦྲུས་པའི་ཀོང་བུ་གྲུ་གསུམ་གདེང་ཀ་ཅན་ཁ་དཔངས་མཉམ་པར་སོར་བཞི་པ་ནང་དུག་ཁྲག་གིས་དམར་པོ་དང་ཕྱི་རོ་སོལ་གྱིས་ནག་པོར་ཤུག་པ་དགུའི་ནང་དུ། སྐྱེར་པའི་ཕུར་པ། ཡུངས་དཀར་གང་བུ། མི་ཁྱི་ར་ཁྲག་དམེ་ཁྲག་སྦྱར་བ། བྲག་ནག་ལ་སྐྱེས་པའི་མཚེ། དུག་སྣ་མྱོས་བྱེད་དང་སྦྱར་བ། གྲི་ལྕགས་ཀྱི་རལ་གྲི། སྐྱེར་མདའ་དུག་ཤིང་གི་མདེའུ་ཅན། དུར་ཁྲོད་ཀྱི་རྡོ་ལ་དུག་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པ། ཁྲག་གིས་བྱུགས་པའི་གཏོར་མ་རྣམས་བཙུགས་པ་ལག་ལེན་བཞིན་བཤམ། མཐར་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་ཉེར་སྤྱོད་ཀྱིས་གཡས་སུ་བསྐོར། སྒྲུབ་དཀྱིལ་དེའི་ལྷོ་ནུབ་སྲིན་པོའི་ཕྱོགས་སུ་དངོས་སམ་བྲིས་པའི་བྲུབ་ཁུང་མཐའ་མ་རྩང་ཕུར་གྱིས་བསྐོར་བའི་ནང་དུ། དུར་ཁྲོད་ཀྱི་འཇག་མ། གྲོག་མཁར་གྱི་ས། དགྲ་བོའི་ཁང་ས་དང་དྲི་མ་རྣམས་སྦྱར་བའི་ལིངྒ་དབང་པོ་དོད་པ་ཞིག་བྱས་ལ་དེའི་སྙིང་གར་རོ་རས་ལ་དགྲ་སྲོག་སྤུ་གྲིའི་འཁོར་ལོ་མན་ངག་བཞིན་བྲིས་པ་བཅུག་ཅིང་ཡན་ལག་བྱད་ཐག་སྔོ་དམར་གྱིས་བཅིང་པའི་སྣེ་མོ་ཐུན་ཕུར་ལ་བཏགས། དེའི་ཉེ་ལོགས་སུ་བྱ་རོག་དང་འུག་པའི་དང་རུ། གུ་གུལ་སོགས་དབྱེ་རྫས། འབེབས་པའི་ཡུངས་དཀར། ཚོན་སྐུད་དང་ཤི་ཡུག་གི་སྐྲའི་

p. 94

བྱད་ཐག །མྱོས་བྱེད་ཀྱི་དུག་ཁྲག །ཕྱེ་གསུམ་སོགས་དུག་ཁྲག་དང་སྦྱར་བའི་ཐུན་རྫས། གདབ་པའི་ཕུར་པ། གྲི་ལྕགས་ཀྱི་རལ་གྲི། ཐོ་བ། ཧོམ་གཟར་དང་བཅས་པ་བཤམ། གཞན་ཡང་ཐུན་གཏོར། གསེར་སྐྱེམས། གཏོར་མ་དང་ཚོགས་ཀྱི་ལོངས་སྤྱོད། སྤོས་དང་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །][གཉིས་པ་ཆོ་ག་དངོས་ཀྱི་རིམ་པ་གཉིས། ཏིང་ངེ་འཛིན་གྱི་རྫོང་བཅའ་བ་དང༌། དྲག་པོའི་ལས་ཀྱིས་གཡུལ་འགྱེད་པའོ། །][དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲང་ལ་དམིགས་པའི་ཁྱད་པར་དཔེར་ན་བཞིན་གཅིག་ལ་མེ་ལོང་གཉིས་སུ་གཟུགས་བརྙན་སོ་སོར་འཆར་བ་བཞིན་བདག་མདུན་གཅིག་ཆར་དུ་གསལ་བཏབ། བསྙེན་སྒྲུབ་ཀྱི་བཟླས་པ་ཅི་ནུས་མཐར་སྲུང་བའི་དམིགས་བཟླས་ནི།] ཐུགས་ཀའི་ཕ་ལམ་རྡོ་རྗེ་ཡི། །ལྟེ་བའི་ཧྲཱིཿཧཱུྃ་ཁོག་པ་རུ། །བདག་དང་བསྲུང་བྱ་འཁོར་བཅས་ཚུད། །མཐའ་མར་འོད་ཀྱི་ར་བས་བསྐོར། །དེ་ལས་འོད་འཕྲོས་ཞིང་ཀུན་ཁྱབ། །རྒྱལ་བའི་མཐུ་བྱིན་མ་ལུས་པ། །ཚུར་འདུས་རྡོ་རྗེའི་གོ་ཁྲབ་གྱུར། །རང་ལུས་གོ་མཚམས་མེད་པར་གཏམས། །ཕྱི་རོལ་སྲུང་བའི་འཁོར་ལོ་བཅས། །ཅིས་ཀྱང་མི་ཆོད་མི་ཤིགས་གྱུར། །[རྩ་སྔགས་ཤམ་དུ།] མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྲཱུྃ། [ཞེས་སྲུང་བའི་བཟླས་པ་བརྒྱ་རྩ་ལས་མི་ཉུང་བར་བཟླ། དེ་ནས་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མའི་ཆོ་ག་དང༌། ཚོགས་ཀྱི་མཆོད་པ་

p. 95

བྱིན་གྱིས་བརླབ་པ་ནས་བར་པ་བཤགས་པའི་མཐར་ཐུག་པར་བཏང་ངོ༌། །][གཉིས་པ་དྲག་པོའི་ལས་ཀྱིས་གཡུལ་འགྱེད་པ་ལ། སྔོན་དུ་བྱ་བ་གསུམ། བར་དུ་བྱ་བ་ལྔ། རྗེས་སུ་བྱ་བ་དྲུག་གི །སྔ་མ་ལ་གསུམ་ལས།][དང་པོ་ཐུགས་དམ་བསྐུལ་བ་ནི།] ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿ ནུབ་ཕྱོགས་བདེཆེན་དག་པའི་ཞིང་ཁམས་སུ༔ དབང་དྲག་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རྟ་མགྲིན་ཡང་ཁྲོས་ནག་པོ་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ གཟུགས་སྐུས་འགྲོ་དོན་མཛད་པའི་དུས་ལ་བབ༔ འགྲོ་བའི་མགོན་པོའི་ཐུགས་དམ་རྒྱུད་བསྐུལ་གྱིས༔ རྣལ་འབྱོར་ཡིད་ལ་རེ་བའི་འདོད་དོན་སྒྲུབས༔ སངས་རྒྱས་བསྟན་དགྲ་རྣལ་འབྱོར་སྒོས་དགྲ་སོད༔ དམ་སྲི་རྒྱལ་བསེན་སྡེ་བརྒྱད་ལྷ་འདྲེ་དང་༔ མི་སྲུན་དམ་ལོག་དུས་མཐའི་འགོང་ནག་སོགས། མདོར་ན་གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ མངོན་སྤྱོད་དྲག་པོས་མྱུར་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་ཨོཾ༔ བདེ་ཆེན་འཁོར་ལོ་འོག་མིན་སྟུག་པོ་བཀོད༔ ཡེ་ཤེས་ལྔ་ཡི་གཞལ་ཡས་ཁང་ཆེན་དབུས༔ ཆོས་དབྱིངས་ཡེ་ཤེས་བུདྡྷ་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོའི་སྐུར་བཞེངས་ཤིག༔

p. 96

གཏི་མུག་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ མངོན་སྤྱོད་དྲག་པོས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ རྣལ་འབྱོར་ཡིད་ལ་རེ་བའི་འདོད་དོན་སྐོངས༔ ཧཱུྃ་ཨཱཿ ལོངས་སྤྱོད་འཁོར་ལོ་བདེ་བ་ཆེན་པོའི་ཞིང་༔ དམར་ནག་ཟླ་གམ་གདེངས་པའི་གཞལ་ཡས་སུ༔ སོར་རྟོག་ཡེ་ཤེས་པདྨ་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོའི་སྐུར་བཞེངས་ཤིག༔ འདོད་ཆགས་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ མངོན་སྤྱོད་དྲག་པོས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ རྣལ་འབྱོར་ཡིད་ལ་རེ་བའི་འདོད་དོན་སྐོངས༔ ཧཱུྃ་ཧཱུྃ༔ ཆོས་ཀྱི་འཁོར་ལོ་མངོན་པར་དགའ་བའི་ཞིང་༔ ཞི་བ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས༔ མེ་ལོང་ཡེ་ཤེས་བཛྲ་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོའི་སྐུར་བཞེངས་ཤིག༔ ཞེ་སྡང་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ མངོན་སྤྱོད་དྲག་པོས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ རྣལ་འབྱོར་ཡིད་ལ་རེ་བའི་འདོད་དོན་སྐོངས༔ ཧཱུྃ་སྭཱ༔ སྤྲུལ་པའི་འཁོར་ལོ་དཔལ་དང་ལྡན་པའི་ཞིང་༔ རྒྱས་པའི་

p. 97

ཕྲིན་ལས་ལྷུན་གྲུབ་གཞལ་ཡས་ནས༔ མཉམ་ཉིད་ཡེ་ཤེས་རཏྣ་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོའི་སྐུར་བཞེངས་ཤིག༔ ང་རྒྱལ་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ མངོན་སྤྱོད་དྲག་པོས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ རྣལ་འབྱོར་ཡིད་ལ་རེ་བའི་འདོད་དོན་སྐོངས༔ ཧཱུྃ་ཧཱ༔ བདེ་སྐྱོང་འཁོར་ལོ་ལས་རབ་རྫོགས་པའི་ཞིང་༔ དྲག་པོའི་ཕྲིན་ལས་ལྷུན་གྲུབ་གཞལ་ཡས་ནས༔ བྱ་གྲུབ་ཡེ་ཤེས་ཀརྨ་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོའི་སྐུར་བཞེངས་ཤིག༔ ཕྲག་དོག་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ མངོན་སྤྱོད་དྲག་པོས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ རྣལ་འབྱོར་ཡིད་ལ་འདོད་པའི་རེ་བ་སྐོངས༔ འགྲོ་བའི་མགོན་པོའི་དགོངས་སྤྱོད་དབྱིངས་ནས་བཞེངས༔ ཧཱུྃ་ཛཿ སྐུ་དང་ཡེ་ཤེས་རབ་རྫོགས་དབུ་མའི་སྦུབས༔ ཡ་མཱནྟ་ཀའི་ཐུགས་དམ་གནད་ནས་བསྐུལ༔ རྟ་མགྲིན་ཡང་ཁྲོས་ནག་པོའི་སྐུར་བཞེངས་ཤིག༔ གཏི་མུག་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ མངོན་སྤྱོད་དྲག་པོས་འགུགས་སྒྲོལ་ཕྲིན་ལས་མཛོད༔

p. 98

ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ རྣལ་འབྱོར་ཡིད་ལ་རེ་བའི་འདོད་དོན་སྐོངས༔ འགྲོ་བའི་མགོན་པོའི་དགོངས་སྤྱོད་དབྱིངས་ནས་བཞེངས༔ གསང་ཆེན་དབང་གི་དཀྱིལ་འཁོར་རོ་མའི་སྦུབས༔ ཧྱ་གྲཱི་ཝའི་ཐུགས་དམ༴ རྟ་མགྲིན་ཡང་ཁྲོས༴ འདོད་ཆགས་ལས་བྱུང་༴ མངོན་སྤྱོད་དྲག༴ ཐུགས་དམ་གནད་ནས༴ རྣལ་འབྱོར་ཡིད་ལ་རེ་བའི་འདོད༴ འགྲོ་བའི་མགོན་པོའི་དགོངས༴ གཏུམ་དྲག་རྔམས་པའི་དུར་ཁྲོད་རྐྱང་མའི་ནང་༔ རྡོ་རྗེ་གཏུམ་པོའི་ཐུགས་དམ༴ རྟ་མགྲིན་ཡང་ཁྲོས༴ ཞེ་སྡང་ལས་གྱུར་མངོན་སྤྱོད་དྲག་པོས༴ ཐུགས་དམ་གནད་ནས༴ རྣལ་འབྱོར་ཡིད་ལ༴ འགྲོ་བའི་མགོན་པོའི་དགོངས༴ ཧཱུྃ༔ ཤར་ཕྱོགས་ཞི་བ་ལྷུན་གྲུབ་ཕོ་བྲང་ནས༔ རྟ་མགྲིན་རྡོ་རྗེ་ཡང་ཁྲོས་ཐུགས་དམ་བསྐུལ༔ ཞེ་སྡང་རང་གཟུགས་དགྲ་བགེགས༴ མངོན་སྤྱོད་དྲག་པོས༴ ཐུགས་དམ་དུས༴ རྣལ་འབྱོར་སྒྲུབ་པ་པོ་ཡི་དཔུང་མཛོད་ཅིག༔ ཧཱུྃ༔ ལྷོ་ཕྱོགས་རྒྱས་པ་ལྷུན་གྲུབ་གཞལ་ཡས་ནས༔ རྟ་མགྲིན་རཏྣ་ཡང་ཁྲོས་ཐུགས་དམ་བསྐུལ༔ ང་རྒྱལ་རང་གཟུགས༴ མངོན་སྤྱོད་དྲག་པོས༴ ཐུགས་དམ་དུས་ལ༴ ༔ རྣལ་

p. 99

འབྱོར་སྒྲུབ་པ༴ ཧཱུྃ༔ ནུབ་ཕྱོགས་དབང་སྡུད་ལྷུན་གྲུབ་ཕོ་བྲང་ནས༔ རྟ་མགྲིན་པདྨ་ཡང་ཁྲོས༴ འདོད་ཆགས་རང་གཟུགས༴ མངོན་སྤྱོད༴ དྲག་པོས༴ ཐུགས་དམ་དུས་ལ༴ རྣལ་འབྱོར་སྒྲུབ་པ༴ ཧཱུྃ༔ བྱང་ཕྱོགས་དྲག་པོ་ལྷུན་གྲུབ་གཞལ་ཡས་ནས༔ རྟ་མགྲིན་ཀརྨ་ཡང་ཁྲོས༴ ཕྲག་དོག་རང་གཟུགས༴ མངོན་སྤྱོད༴ ཐུགས་དམ་དུས་ལ༴ རྣལ་འབྱོར་སྒྲུབ་པ་པོ་ཡི་དཔུང་མཛོད་ཅིག༔ ཛཿ སྙིང་རྗེའི་རང་གཟུགས་འགུགས་བྱེད་ལྕགས་ཀྱུ་མ༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བསྐུལ་ལོ་རྡོ་རྗེའི་ཡུམ་ཆེན་ཀྲོ་དྷི་ཀ༔ བརྣག་པའི་དགྲ་བོ་འགུག་ཅིང་སྒྲོལ་མཛོད་ཅིག༔ ཧཱུྃ༔ བྱམས་པའི་རང་གཟུགས་འཆིང་བྱེད་ཞགས་པ་མ༔ དམ་ཚིག་ཐུགས་དམ་ཆེན༴ བསྐུལ་ལོ་རཏྣའི་ཡུམ་ཆེན༴ བརྣག་པའི་དགྲ་བོ་འགུག་ཅིང་༴ བཾཿ དགའ་བའི་རང་གཟུགས་སྡོམ་བྱེད་ལྕགས་སྒྲོག་མ༔ དམ་ཚིག་ཐུགས་དམ༴ བསྐུལ་ལོ་པདྨའི༴ བརྣག་པའི་དགྲ་བོ༴ ཧོཿ བཏང་སྙོམས་རང་གཟུགས་འབེབས་བྱེད་དྲིལ་བུ་མ༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བསྐུལ་ལོ་ཀརྨའི་ཡུམ་ཆེན་ཀྲོ་དྷི་ཀ༔

p. 100

བརྣག་པའི་དགྲ་བོ་དགུག་ཅིང་སྒྲོལ་མཛོད་ཅིག༔ ས་མ་ཡ༔ གདོད་ནས་ཡེ་སངས་རྒྱས་ཀྱང་བསྟན་འགྲོའི་དོན༔ མི་སྲུན་རྔམས་ཁྲོས་གཟུགས་ཀྱི་སྐུར་བཞེངས་པ༔ དྲེགས་པ་སྡེ་བརྒྱད་ཐུགས་དམ་གནད་ནས་བསྐུལ༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བརྣག་པའི་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ [ཅེས་བསྐུལ།] [གཉིས་པ་གསེར་སྐྱེམས་འབུལ་བ་ནི། ཛ་གད་གསེར་དང་སྦྱར་བའི་སྨན་ཕུད།] ཨོཾ་ཨཱཿ་ཧཱུྃ་[གིས། འདོད་ཡོན་ཟག་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་བྱིན་གྱིས་བརླབས་ནས་ཕྱོགས་བཅུར་འཐོར་ཞིང༌།] ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་དབང་ཆེན་ཡང་ཁྲོས་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་གཏེར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་སོགས་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་

p. 101

བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །[ཅེས་ཕུལ།] [གསུམ་པ་གཟུ་དཔང་གསོལ་བ་ནི།] ཀྱཻ༔ བརྒྱུད་གསུམ་བླ་མ་གཟུ་དང་དཔང་ལ་དགོངས༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་ལ་དགོངས༔ མ་ཚོགས་མཁའ་འགྲོ་གཟུ་དང་དཔང་ལ་དགོངས༔ བསྟན་སྲུང་ཕོ་མོ་གཟུ་དང་དཔང་ལ་དགོངས༔ རྣལ་འབྱོར་བདག་ནི་མ་ཉེས་མ་ལན་ནོ༔ ཆོས་བཞིན་སྤྱོད་ཀྱང་སྡིག་པ་སྒོ་ཉལ་བྱུང་༔ ཚུལ་བཞིན་སྤྱོད་ཀྱང་ཚུལ་མིན་སུན་འབྱིན་བྱུང་༔ སྒོམ་སྒྲུབ་བྱས་ཀྱང་བསླུ་བྱེད་བདུད་ཀྱི་འཕྲོག༔ གཅིག་པུར་འདུག་ཀྱང་དགྲ་བགེགས་གློ་བུར་ལངས༔ གདུག་ཅན་དམ་ཉམས་དགྲ་བགེགས་ལས་ངན་འདིས༔ ཇི་ལྟར་བྲོས་ཀྱང་མ་ཐར་སླེབ་ནས་བྱུང་༔ གང་ལྟར་གབ་ཀྱང་མ་ཤོར་ཟིན་ནས་བྱུང་༔ ཡས་གླུད་འཇལ་ཀྱང་མ་ཕན་ཇེ་རྔམས་ནས༔ བྲོས་དེད་གར་ཟིན་ཐར་ཐབས་མ་མཆིས་པས༔ མི་བྱེད་དབང་མེད་དྲག་པོའི་མཐུ་ལ་བརྩོན༔ མ་གཡེལ་མ་འགྱངས་ཡེ་ཤེས་ལྷ་ཚོགས་རྣམས༔ དམ་ཉམས་བསྟན་བཤིག་ལས་ངན་དགྲ་བགེགས་འདིས༔ སངས་རྒྱས་བསྟན་པ་གཉན་པོ་རྫུན་གྱེར་བཤིག༔

p. 102

དཀོན་མཆོག་གསུམ་གྱི་དབུ་འཕང་འདི་ཡིས་སྨད༔ ཉེས་མེད་སེམས་ཅན་རྣམས་ལ་འདི་ཡིས་འཚེ༔ དགོན་སྡེ་ཚོགས་གྲྭའི་ཆོས་ཁྲིམས་འདི་ཡིས་བཤིག༔ མི་རུང་དགེ་འདུན་འདུས་ལ་མཚོན་དབལ་བཏབ༔ མི་ཕྱེད་མཐུན་པའི་མཆེད་ལྕམ་དབྱེན་གྱིས་ཕྱེས༔ མི་དགེ་སྡིག་པའི་ཁྲིམས་ར་འདི་ཡིས་བཙུགས༔ ལེགས་ལམ་དགེ་བ་བཅུ་པོ་འདི་ཡིས་བཅད༔ ཡེ་ཤེས་ལྷ་ལ་སྐུར་བཏབ་དད་ལྡན་བཟློག༔ བསྟན་སྲུང་དམ་ཅན་རྣམས་ལ་བརྙས་བཙུག་བྱས༔ བདེན་པའི་དམ་ཆོས་རྫུན་དུ་ཟོང་ལ་གླེང་༔ མཚན་ལྡན་བླ་མའི་སྐུ་ལ་འདི་ཡིས་བསྡོས༔ རྣལ་འབྱོར་བདག་གི་ལུས་སྲོག་དཀོར་ལ་བབ༔ དེ་འདྲའི་ཉེས་ཅན་དམ་ཉམས་ལས་ངན་འདི༔ མཁྱེན་ལྡན་རྣམས་ཀྱིས་མཁྱེན་པས་དགོངས་མཛོད་ཅིག༔ མི་འདོར་མཁྱེན་བརྩེ་མངའ་རྣམས་མཁྱེན་རེ་རན༔ རྟག་ཏུ་དམ་ལྡན་དཔུང་ལ་ཡོད་སྲིད་ན༔ ད་ལྟ་བདག་གི་དཔུང་ལ་བྱོན་རེ་རན༔ བཀའ་ཡིས་སྲུང་མར་དམ་ཚིག་གནས་གྱུར་ན༔ དམ་ཉམས་དགྲ་བགེགས་ད་ལྟ་གསོད་རེ་རན༔ ཆོས་བཞིན་སྤྱོད་ལ་ནུས་མཐུ་ཡོད་སྲིད་ན༔ ད་ལྟ་བརྣག་པའི་དགྲ་བགེགས་གསོད་རེ་རན༔ དཀོན་མཆོག་གསུམ་ལ་བདེན་པ་

p. 103

ཡོད་སྲིད་ན༔ བསླུ་བྱེད་ནག་ཕྱོགས་བདུད་བགེགས་བསྒྲལ་རེ་རན༔ མཁྱེན་ལྡན་སྲིད་ན་མཁྱེན་བརྩེས་དགོངས་རེ་རན༔ མཁྱེན་བརྩེའི་ཐུགས་ཀྱིས་བདག་ལ་ད་དགོངས་ཤིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ཆོས་སྒྲུབ་རྣལ་འབྱོར་དམ་ལྡན་བདག་ཅག་ནི༔ ཐུགས་རྗེས་ཡལ་བར་དོར་ན་སུ་ལ་རེ༔ སྒོམ་སྒྲུབ་ལྷུར་ལེན་བྱས་པའི་དོན་དེ་གང་༔ མཁྱེན་ཅིག་དགོངས་ཤིག་ཞལ་བཞེས་རྡོ་རྗེའི་ཚིག༔ དུས་ལ་བབ་བོ་བཛྲ་ས་མ་ཡ༔ [ཞེས་དཔང་གཟུག་གོ །][གཉིས་པ་བར་དུ་བྱ་བའི་ལས་ལ་ལྔ་ལས། དང་པོ་དམིགས་བྱ་བསྐྱེད་ཅིང་འགུག་གཞུག་བྱ་བ་ནི།] ཨེ་ཕཊ༔ མདུན་དུ་ཨེ་ནག་པོ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ཁ་དོག་ལ་གཏིང་ཡངས་པ༔ ཕྱི་ན་ཞེ་སྡང་གི་མེ་དམར་ནག་ཏུ་འབར་བ༔ ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ བར་ན་གཏི་མུག་གི་མུན་ནག་འཐིབ་པ༔ ཟར་ན་ང་རྒྱལ་གྱི་བྲག་རི་འུར་དིར་དུ་ཉིལ་བ༔ ཕྱི་ནང་ཀུན་ཏུ་ཕྲག་དོག་གི་རླུང་དམར་འཚུབས་ཤིང་མཚོན་ཐུན་ནད་དུག་གི་ཆར་འབེབས་པ༔ ལས་མཁན་དཔག་ཏུ་མེད་པས་སོད་སོད་དང་ཆོད་ཆོད་ཀྱི་འཇིགས་སྒྲ་དི་རི་རི་སྒྲོགས་པ༔ ཟ་བྱེད་བྱ་གཅན་མང་པོས་ངར་སྐད་

p. 104

འདོན་ཞིང་རྒྱུག་མཆོང་བྱེད་པ༔ ཉོན་མོངས་རང་འཆི་རང་བྱས་ཀྱི་བཙོན་ཁང་ནག་པོ་དེའི་ནང་དུ་ནྲྀ་ལས་དགྲ་དང་༔ ཏྲི་ལས་བདུད་བགེགས་རྒྱལ་བསེན་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོ་གཟུགས་ཁམས་སྐྱེ་མཆེད་ཚང་ཞིང་ཤ་སྔོ་བ་ཧམ་པ་སྐྱ་བ་རིད་པ་ཁ་དུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ མིག་ནས་ཁྲག་འབབ་ཅིང་ཁ་ནས་མྱ་ངན་གྱི་འོ་དོད་ཅི་རི་རི་འབོད་པ༔ བྱང་སེམས་དཀར་དམར་ཐུར་དུ་འབབ་པ་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ཨོཾ་ཧ་ལ་པཉྩ་རྦད་ནན་ཡ་ཕཊ༔ ཤར་ན་ཤལ་མ་ལིའི་སྡོང་པོ༔ ལྷོ་རུ་ཐལ་ཚན་གྱི་ཆུ་བོ་རབ་མེད་པ༔ ནུབ་ཏུ་རོ་མྱག་ཕྱི་སའི་འདམ༔ བྱང་དུ་སྤུ་གྲིས་གཏམས་པའི་ཐང་སོགས་ཉེ་འཁོར་ལྷག་པ་བཅུ་དྲུག་གིས་མཐའ་ནས་བསྐོར་ཏེ་གང་དུའང་བྲོས་ཤིང་ཐར་བའི་གོ་སྐབས་མེད་པར་གྱུར༔ སྙིང་གའི་ནྲྀ་ཏྲི་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་སྟོང་གསུམ་གང་ན་གནས་ཀྱང་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་རང་དབང་མེད་པར་ཡུད་ཀྱིས་བཀུག་སྟེ་རཱུ་པ་ལ་ཐིམ་པར་[བསམ་ཞིང༌།] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་

p. 105

ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ༴ ཆོས་ཀྱི་བཀའ༴ དགེ་འདུན༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ༴ ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཁྱད་པར་དབང་ཆེན་དྲག་པོ་རྟ་མགྲིན་ཡང་ཁྲོས་ནག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ནྲྀ་ཡཾ་ཛཿནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ [ཞེས་ལན་བདུན་ནམ་གསུམ་སོགས་ཀྱིས་བཀུག་ནས།] ཛཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་

p. 106

འཇིགས་པའི་གཟུགས༔ འགུགས་བྱེད་ཆེན་མོ་ལྕགས་ཀྱུ་དཀར་མོའི་ཚོགས༔ རིང་པར་རྒྱུག་ལ་དམ་ཉམས་དགྲ་བགེགས་རྣམས༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ ཧཱུྃ༔ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས༴ འཆིང་བྱེད་ཆེན་མོ་ཞགས་པ་སེར་མོའི་ཚོགས༔ རིང་པར་རྒྱུག་ལ་དམ་ཉམས༴ མགུལ་ནས་ཆིངས་ཤིག་རཏྣ་པཱ་ཤ་ཧཱུྃ༔ བྃཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ སྡོམ་བྱེད་ཆེན་མོ་ལྕགས་སྒྲོགས་དམར་མོའི་ཚོགས༔ རིང་པར་རྒྱུག་ལ་དམ་ཉམས༴ ཡན་ལག་སྡོམས་ཤིག་པདྨ་སྥོ་ཊ་བྃཿ ཧོཿ དཔལ་གྱི་བཀའ་སྡོད་གཏུམ༴ མྱོས་བྱེད་ཆེན་མོ་དྲིལ་བུ་ལྗང་མོའི་ཚོགས༔ རིང་པར་རྒྱུག་ལ་དམ་ཉམས༴ མྱོས་སུ་ཆུག་ཅིག་ཀརྨ་གནྜེ་ཧོཿ [ཞེས་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བསྐུལ།] [གཉིས་པ་གདབ་ཁའི་བཞི་ཚར་ལ་ལྔ་ལས། དང་པོ་ལྷ་དང་དབྱེ་བ་ནི། ཡུག་སའི་དོར་རྟ་སོགས་དབྱེ་རྫས་ཀྱིས་བདུག་ཅིང་བྱ་འུག་གི་སྒྲོས་འབྱེད་ཚུལ་བྱས་ལ།] ཧཱུྃ༔ བཅོམ་ལྡན་དབང་ཆེན་རྟ་མགྲིན་ནག་པོ་ཆེ༔ སྤྲུལ་འཁོར་ཡོངས་རྫོགས་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་རྣམས༔ མགོན་སྐྱབས་བྱེད་པའི་ལྷ་སྲུང་ཀུན་དང་ཕྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་

p. 107

ཧུ་ལུ་ཧཱུྃ་ཕཊ༔ ཨ་ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཱུ་ཏྲ་མཱ་ར་ཡ་ཕྱེས་ཕྱེས་༔ [གཉིས་པ་གཟུགས་ལ་དབབ་པ་ནི། ཡུངས་དཀར་གྱིས་བྲབ་ཅིང་འབེབས་ཚུལ་བྱས་ལ།] ཧཱུྃ༔ བཅོམ་ལྡན་དབང་ཆེན་རྟ་མགྲིན༴ སྤྲུལ་འཁོར་ཡོངས་རྫོགས༴ ཡིད་ལ་བརྣག་པའི་དགྲ༴ རྣམ་ཤེས་བླ་སྲོག་གཟུགས་ལ་མྱུར་དུ་ཕོབ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་སརྦ་ཨཱ་བེ་ཤ་ལ་ཧཱུྃ་ཕཊ༔ [གསུམ་པ་བྱད་དུ་གཞུག་པ་ནི། ཚོན་སྐུད་སྔོ་དམར་ཤི་ཡུག་གི་སྐྲ་སྐུད་ཀྱིས་ཕྱིར་ལྡོག་ཏུ་དཀྲི་ཞིང༌།] ཧཱུྃ༔ བཅོམ་ལྡན་དབང་ཆེན་རྟ་མགྲིན༴ སྤྲུལ་འཁོར་ཡོངས་རྫོགས༴ ཡིད་ལ་བརྣག་པའི༴ ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་ཆིངས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ནྲྀ་ཏྲི་ཆིངས་རྦད་ནན༔ [བཞི་པ་སྨྱོ་རུ་གཞུག་པ་ནི། དུག་ཁྲག་རྡ་དུ་རའི་ཁུབས་བྲབ་ཅིང༌།] ཧཱུྃ༔ བཅོམ་ལྡན་དབང་ཆེན༴ སྤྲུལ་འཁོར་ཡོངས་རྫོགས༴ ཡིད་ལ་བརྣག་པའི༴ ལུས་ངག་ཡིད་གསུམ་སྨྱོ་བརྒྱལ་རེངས་སུ་ཆུག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ནྲྀ་ཏྲི་ཛྭ་ལ་པ་ཡ་ཐུཾ་

p. 108

རི་ལི་ལི་ཧུར་ཐུཾ་རྦད་སོད༔ [ལྔ་པ་ཐུན་དབབ་པ་ནི། དུག་ཁྲག་བྱེ་ཡུངས་སོགས་ཐུན་རྫས་སྐམ་རློན་སྣ་ཚོགས་པས་བྲབ་ལ།] ཧཱུྃ༔ བཅོམ་ལྡན་དབང་ཆེན་རྟ༴ སྤྲུལ་འཁོར་ཡོངས་རྫོགས༴ ཡིད་ལ་བརྣག་པའི་དགྲ་བགེགས་སྡིག་ཅན་ལ༔ སྣ་ཚོགས་མཚོན་ཐུན་དུག་ཁྲག་ནད་ཆར་ཕོབ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་མཱ་ཡ་རྦད་རྦད༔ [གསུམ་པ་བསྒྲལ་ལས་དངོས་ལ་བཞི་ལས། དང་པོ་ཕུར་བུ་གདབ་པ་ནི། ཕུར་བུ་བཟུང་ལ། བདག་ཉིད་དབང་ཆེན་ཡང་ཁྲོས་ནག་པོའི་སྐུར་གསལ་བའི་ལག་གཡས་ཟླ་བའི་དལ་དུ་]ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་དཔའ་བོ་ཡབ་ལྔར་གྱུར༔ ལག་གཡོན་ཉི་མའི་དལ་དུ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་དཔའ་བོ་ཡུམ་ལྔར་གྱུར༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ལས་བྱུང་བའི་ཡི་གེ་ཧཱུྃ་མཐིང་ནག་འབར་བར་གྱུར༔ དེ་ལས་འོད་ཟེར་ཡར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་རྗེ་བྱིན་རླབས་མཐུ་སྟོབས་ནུས་རྩལ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་ཏེ་ཧཱུྃ་ལ་ཐིམ༔ མར་འཕྲོས་པས་འགྲོ་བ་རིགས་དྲུག་གི་འཁྲུལ་པ་ཆོས་ཉིད་ཀྱི་ངང་

p. 109

དུ་བཤིག༔ སྲོག་གི་ཡི་གེ་ཨ་ནྲྀ་སུ་ཏྲི་པྲེ་དུ་དྲུག་པོ་ཡེ་ཤེས་ཀྱི་མེས་བསྲེགས་ཏེ་ཧཱུྃ་ཡིག་མཐིང་ནག་ཡེ་ཤེས་ཀྱི་མེ་འབར་བ་དྲུག་ཏུ་གྱུར་པ་ཧཱུྃ་ཡིག་ལ་ཐིམ་པས་འགྲོ་བ་རིགས་དྲུག་གི་སྲོག་འདུས་པར་གྱུར༔ ཧཱུྃ་ཡོངས་སུ་གྱུར་པ་ལས་དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གནམ་ལྕགས་ཀྱི་ཕུར་པ་ཐུགས་ཀར་འདྲིལ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་རྣོ་དཀར་གྱི་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་སྤྱན་རྩ་ལས་གློག་སྟོང་འཁྱུག་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫིས་པའི་ཁྲོད་ན་རྟ་མགོ་ལྗང་ཞུར་རྟ་སྐད་ལྷང་ལྷང་ཕྱོགས་བཅུར་སྒྲོགས་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མལ་ནས་ཐོན་པ་ལྟ་བུ་ལས་ཕུར་པའི་ཚྭ་ཚྭ་འཕྲོ་བ༔ དབུའི་དུང་ཁང་ན་བདེ་གཤེགས་ཞི་བ་རིགས་ལྔའི་ལྷ་ཚོགས་ཕོ་བྲང་དང་བཅས་པས༔ ཐུགས་ཀར་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར༔ རྒྱ་མདུད་འོག་མར་སྲིད་པ་མ་མོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར༔ དེ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་མཉེས་པའི་མཆོད་པ་ཕུལ༔ སྐུའི་རྒྱུད་རབ་ཏུ་བསྐུལ་ནས་སྐུའི་དབང་བྱིན་མཐུ་ནུས་ཐམས་ཅད་

p. 110

འོད་ཕུང་དཀར་པོའི་རྣམ་པར་ཚུར་འདུས་ཏེ་ཕུར་པ་ལ་ཐིམ་པས་སྐུ་མཚན་དཔེ་བཟང་པོའི་དབང་ཐོབ༔ རྡོ་རྗེའི་སྐུ་འགྱུར་བ་མེད་པས་རྒྱས་བཏབ་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀཱི་ལི་ཀཱི་ལ་ཡ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སླར་ཡང་འོད་འཕྲོས་པས་རྒྱལ་བ་ཐམས་ཅད་ཀྱི་གསུང་ལ་མཉེས་པའི་མཆོད་པ་ཕུལ༔ གསུང་གི་རྒྱུད་རབ་ཏུ་བསྐུལ་ནས་གསུང་གསང་བའི་དབང་བྱིན་ནུས་མཐུ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་ཚུར་འདུས་ཏེ་ཕུར་པ་ལ་ཐིམ་པས་གསུང་ཚངས་པའི་དབྱངས་ཀྱི་དབང་ཐོབ༔ རྡོ་རྗེའི་གསུང་འགགས་པ་མེད་པས་རྒྱས་བཏབ་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀཱི་ལི་ཀཱི་ལ་ཡ་སརྦ་ཝཱ་ཀ་ཨ་ཀཱ་ཡ་མ་བྷི་ཥིཉྩ་ཨཱཿཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཐུགས་ཀྱི་དབང་བྱིན་མཐུ་ནུས་ཐམས་ཅད་འོད་ཕུང་མཐིང་ནག་གི་རྣམ་པར་ཚུར་འདུས་ཏེ་ཕུར་པ་ལ་ཐིམ་པས་ཐུགས་གཡོ་བ་མེད་པའི་དབང་ཐོབ༔ མི་འཁྲུལ་བ་ཐུགས་ཡེ་ཤེས་རྡོ་རྗེས་རྒྱས་བཏབ་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀཱི་ལི་ཀཱི་ལ་ཡ་སརྦ་རྩིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་བས། ཕུར་པ་དེ་ཉིད་རྣོ་ངར་ནུས་པ་དང་ལྡན་ཏེ་འདྲིལ་བ་ཙམ་གྱིས་

p. 111

སྣང་སྲིད་གཡོ་ཞིང་༔ འཕྱར་བ་ཙམ་གྱིས་ཁམས་གསུམ་སྒྲོལ་བའི་མཐུ་སྟོབས་དང་ལྡན་པར་གྱུར༔ [རྩ་སྔགས་ལན་གསུམ།] ཕུར་པ་དེ་ཉིད་དམིགས་བྱའི་སྙིང་གར་བཏབ་པས་དགྲ་བོའི་ཚེ་བསོད་ནམས་ཐམས་ཅད་ནྲྀ་ལྗང་གུར་གྱུར་པ་ཕུར་པའི་ཁོང་གསེང་ནས་ཡར་དྲངས་སྤྱི་བོ་ནས་ཐོན་ཏེ་བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས༔ རང་ཉིད་བཀྲག་མདངས་གཟི་བརྗིད་མཐུ་རྩལ་ནུས་སྟོབས་དང་ལྡན་པར་[བསམ་པ་ནི་ཚེ་ལུང༌།] ཡང་ཕུར་པའི་རྩེ་མོ་ནས་འོད་འཕྲོས་པས་ཁོའི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་རྣམ་པར་ཤེས་པ་ཐིག་ལེ་དཀར་པོ་དྲི་མ་མེད་པ་ཡུངས་འབྲུ་ཙམ་པ་ཨ་ཡིག་གིས་མཚན་པ་ཞིག་ཏུ་གྱུར་པར་བསམ་པ་ནི་[ཁྲུས་ལུང༌།] ཡང་དགྲ་བགེགས་ཀྱི་སྙིང་གར་ཕུར་པ་བཏབ་པ་ཙམ་གྱིས་སྙིང་གི་དཀྱིལ་ན་སྲོག་གི་རྟེན་ཁྲག་གི་དྭངས་མ་དམར་པོ་རྒྱ་སྲན་ཙམ་པ་དེ་ན་རྣམ་ཤེས་ཀྱི་རྟེན་ཐིག་ལེ་དཀར་པོ་ཨས་མཚན་པ་དེ་ལ་ཕུར་པ་བཏབ་པས་ཁྲག་གི་དྭངས་མ་དེ་ཆུ་ཐིག་ལ་ལྕགས་སྲེག་བཏབ་པ་བཞིན་དུ་སྐམ༔ སྲོག་རྟེན་ཐིག་ལེ་དཀར་པོ་དེ་སྤུ་ཤད་མེ་ལ་བསྲེགས་པ་ལྟར་བསྲེགས༔ རླུང་གི་འཕྲོ་འདུ་དྲུང་ནས་འབྱིན་ཅིང་བཅད༔ རྣམ་

p. 112

པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་ཨས་མཚན་པ་དེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་ཡར་དྲངས་གནས་གསུམ་གྱི་ལྷ་རྣམས་ཀྱི་ཐུགས་གསང་བརྒྱུད་དེ་སྐར་མདའ་ཆད་པ་བཞིན་གཙོ་བོའི་ཐུགས་ཀར་ཐིམ་པས་ཆོས་ཉིད་ཀྱི་ཀློང་དུ་སད་ནས་སངས་རྒྱས་པར་བསམ་ཞིང༌། དྷརྨ་ཀཱ་ཡ་ཨ་ཨ་ཕཊ༔ [ཅེས་གནས་སྤར་བ་ནི་གནས་ལུང་སྟེ། དེ་ལྟ་བུའི་དགོངས་པ་དང་ལྡན་པའི་ངང་ནས།] ཨེ་མ་ཁམས་གསུམ་སེམས་ཅན་རྣམས༔ མ་རྟོགས་འཁྲུལ་པ་སྙིང་རེ་རྗེ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཐུགས་རྗེའི་ཐབས་ཀྱི་སྦྱོར་བ་ཡིས༔ ཕུང་པོ་བསྒྲལ་བའི་ཞིང་དུ་བཅས༔ གཟུགས་ཀྱིས་ལྷ་རྣམས་མཆོད་པར་བྱ༔ རྣམ་ཤེས་ཡུམ་གྱི་མཁའ་ལ་སྤར༔ ཡེ་ཤེས་སེམས་དཔར་བྱིན་རླབས་པའི༔ ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེད༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀཱི་ལི་ཀཱི་ལ་ཡ་ཨེ་ཡཾ་རཾ་སྥ་ར་ཎ་ཕཊ༔ བོ་དྷི་ཙིཏྟ་ཧྲཱིཿ སཾ་ཧ་ར་ཎ་ཧཱུྃ༔ [ཞེས་བརྟེན་པ་རྣམ་ཤེས་དབྱིངས་སུ་བསྒྲལ། སླར་ཡང་བག་ཆགས་ཀྱི་རྟེན་གཞི་བསྒྲལ་ཕྱིར་ལས་ཕུར་བསྐོར་ཞིང་གདབ་ལ།] ཧཱུྃ༔ ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ༔ ཡེ་

p. 113

ཤེས་རྣོ་དབལ་མཚོན་ཆ་ཡིས༔ ལོག་རྟོག་འཁོར་བ་རྒྱུན་ཆོད་ཅིག༔ ཨོཾ་མནྟྲ་སུམྦྷ་ནི་ཧཱུྃ༔ བཛྲ་ཛྭ་ལ་ཧཱུྃ༔ ཨོཾ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱྃ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཨཱབྷྲཱུྃ༔ དགྲ་བགེགས་ཚལ་པ་དུམ་བུ་མཱ་ར་རྦད་རྦད༔ [ཅེས་གདབ།] [གཉིས་པ་དུམ་བུར་གཏུབ་པ་ནི། རལ་གྲིས་དུམ་བུར་གཏུབ་ལ།] ཧཱུྃ༔ བཅོམ་ལྡན་དབང་ཆེན་རྟ་མགྲིན་ནག་པོ་ཆེ༔ སྤྲུལ་འཁོར་ཡོངས་རྫོགས་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གཟུགས་ཕུང་འདི༔ དུམ་བུར་གཏུབ་ཅིང་ཐལ་བའི་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ [ཅེས་གཏུབ།] [གསུམ་པ་རྡུལ་དུ་བརླག་པ་ནི། རྡོ་རྗེའི་གཏུན་བར་དུ་བརྡུང་ཚུལ་བྱས་ལ།] ཧཱུྃ༔ བཅོམ་ལྡན་དབང་ཆེན་རྟ༴ སྤྲུལ་འཁོར་ཡོངས་རྫོགས༴ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་རྣམས༔ རྡོ་རྗེའི་ཐོ་བས་གཏུན་དུ་ཕྱེ་མར་ཐུལ༔ རྗེས་ཤུལ་མེད་པར་ཐལ་བའི་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ [ཅེས་བརྡུང༌།] [བཞི་པ་ཞལ་དུ་སྟོབ་པ་ནི། ཧོམ་གཟར་དུ་ལིངྒའི་མགོ་བོ་ཁྲག་སྐྱེམས་དང་སྦྱར་བ་ཐོགས་ལ།] ཧཱུྃ༔ ཡང་ཁྲོས་ནག་

p. 114

པོ་ཞལ་ཕྱེས་ཤིག༔ རིགས་བཞི་ཁྲག་འཐུང་ཞལ་ཕྱེས་ཤིག༔ ཧེ་རུ་ཀ་དཔལ་ཞལ་ཕྱེས་ཤིག༔ དགྲ་བགེགས་དུག་ལྔ་དུག་གསུམ་གདོན༔ བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་ཚོགས༔ ལྷག་མ་མེད་པར་ཞལ་དུ་བསྟུབ༔ རྗེས་ཤུལ་མེད་པར་ཧབ་ཐོབ་རོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་སརྦ་ས་མ་ཡ་དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་རཀྟ་རྩིཏྟ་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ [ཞེས་བསྟབ། སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ལས་བྱང་བཞིན་བྱའོ། །][བཞི་པ་བཟློག་པའི་ཕྲིན་ལས་བཅོལ་བ་ནི། ལིང་རོ་སྦྱར་བའི་ཁྲག་སྐྱེམས་གཏོར་ཆེན་ལ་སྟོབ་ཅིང༌། ཧཱུྃ་ཧྲཱིཿ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཆེ་བའི་ཆེ་མཆོག་པདྨ་དབང་གི་ལྷ༔ ཁྲོས་པའི་ཡང་ཁྲོས་འཆོལ་བའི་སྐུར་སྟོན་པ༔ བཅོམ་ལྡན་ཡང་ཁྲོས་འཁོར་བཅས་སྐུ་བཞེངས་ཤིག༔ བརྒྱུད་འཛིན་མོས་པའི་བུ་ཡིས་གསོལ་འདེབས་ཀྱི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ་ལོ་བཞེངས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ མི་སྲུན་རྔམས་པའི་སྟོབས་ཀྱིས་ལས་མཛོད་ཅིག༔ གཙོ་མཆོག་པདྨ་ཀཱ་ར་བི་མ་ལ༔ རྗེ་འབངས་རིག་འཛིན་རྒྱ་མཚོ་སྟོན་འཁོར་དང་༔ ཕ་གཅིག་རྩ་

p. 115

བའི་བླ་མ་རིན་པོ་ཆེ༔ བདག་ཅག་བརྒྱུད་འཛིན་སྡུག་བསྔལ་གདུང་བས་མནར༔ མ་གདུང་བུ་ཡིས་འབོད་པ་ཇི་བཞིན་དུ༔ གཏན་གྱི་སྐྱབས་གནས་དྲན་པས་མ་བཟོད་འབོད༔ གསོལ་བ་འདེབས་སོ་བཀའ་དྲིན་མཚུངས་མེད་རྣམས༔ ཐུགས་རྗེས་གཟིགས་ཤིག་སྐུ་བཞིའི་བདག་ཉིད་རྗེ༔ ཀ་དག་སྐྱེ་མེད་ཀློང་ལས་མ་གཡོས་ཀྱང་༔ ལྷུན་གྲུབ་རང་གདངས་གཟུགས་ཀྱི་སྐུར་བཞེངས་ལ༔ རྟ་མགྲིན་ཡང་ཁྲོས་ནག་པོའི་རྣམ་པར་རོལ༔ མི་སྲུན་རྔམས་པའི་སྟོབས་ཀྱིས་ལས་མཛོད་ཅིག༔ ཨཱཿརང་སྣང་རྣམ་དག་དོན་གྱི་འོག་མིན་ན༔ ཆོས་ཉིད་སྒྱུ་མར་རོལ་པའི་དཀྱིལ་འཁོར་དུ༔ རྟོག་མེད་རྟོག་བྲལ་མི་རོའི་བམ་སྟེང་ནས༔ ཆོས་ཉིད་དོན་གྱི་རིག་སྐུ་རང་བྱུང་ལྷ༔ རྟ་མགྲིན་ཡང་ཁྲོས་ནག་པོ་དྲག་གཏུམ་རོལ༔ མ་རིག་གཟུང་འཛིན་ཉོན་མོངས་འཁྲུལ་འཁོར་གྱི༔ བར་ཆད་མི་མཐུན་རྐྱེན་ཟློག་ལས་ལ་བསྐུལ༔ གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཆེ་མཆོག་ཡང་ཁྲོས་ནག་པོ་ཆེ༔ སྐུ་མདོག་མཐིང་ནག་མུན་ལྟར་གཏིབས་པ་ཡིས༔ རྒྱུ་དྲུག་མ་རིག་འཁྲུལ་འཁོར་དགྲ་ལ་ཟློག༔ ཞལ་

p. 116

གདངས་ལྗགས་འདྲིལ་མཆེ་བ་རབ་གཙིགས་པས༔ གཟུང་འཛིན་ཀུན་བཏགས་ལྷན་སྐྱེས་ཉོན་འཁྲུལ་ཟློག༔ ཁྲོ་གཉེར་རབ་གཡོ་འཇིགས་པའི་གཟི་མདངས་ཀྱིས༔ ཁམས་གསུམ་འཁོར་བ་མྱང་འདས་ཀློང་དུ་ཟློག༔ སྨ་ར་སྨིན་མ་མེ་ལྟར་འབར་བ་ཡིས༔ བག་ཆགས་བདེན་འཛིན་རྒྱུ་འབྲས་འཐས་པ་ཟློག༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་ཡིས༔ བདག་སྣང་ཨ་འཐས་སྟོང་ཉིད་ཆེན་པོར་ཟློག༔ སྤྱན་གསུམ་དམར་ཟླུམ་མཁའ་ལ་གཟིགས་པ་ཡིས༔ དུག་གསུམ་གཡོ་འཁྲུགས་སྐུ་གསུམ་ཀློང་དུ་ཟློག༔ ཕྱག་གཡས་དང་པོས་རལ་གྲི་བསྣམས་པ་ཡིས༔ སྐྱེ་འཆིའི་འཁྲུལ་འཁོར་མ་ལུས་དབྱིངས་སུ་ཟློག༔ འོག་མས་ལྕགས་ཀྱུ་འབར་བ་བསྣམས་པ་ཡིས༔ སྡུག་བསྔལ་སྣ་ཚོགས་རང་གྲོལ་ཆེན་པོར་ཟློག༔ གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ཡིས༔ རྐྱེན་སྣང་ཉོན་འཁྲུལ་ལྷ་འདྲེའི་གནོད་པ་ཟློག༔ འོག་མས་དུག་སྦྲུལ་རིགས་ལྔའི་ཞགས་པ་བསྣམས༔ དུག་ལྔའི་རྒྱུ་རྐྱེན་ཀླུ་རིགས་ས་བདག་ཟློག༔ སྐུ་ལ་བེར་ནག་རབ་བརྗིད་གསོལ་བ་ཡིས༔ མི་བདེའི་སྡུག་བསྔལ་ཉེས་ཚོགས་ཐམས་ཅད་ཟློག༔ ཞབས་གཉིས་པད་ཉི་རོ་སྟེང་

p. 117

བརྫིས་པ་ཡིས༔ ཐབས་ཤེས་ཡང་དག་ལམ་ལས་འགལ་བ་ཟློག༔ རྒྱུ་རྐྱེན་རྟེན་འབྲེལ་ལྷ་འདྲེ་སྡེ་བརྒྱད་ཟློག༔ ཧཱུཾ༔ བདག་མེད་ཆོས་སྐུའི་མཁའ་ཀློང་ནས༔ གཟུགས་སྐུ་འཇིགས་པའི་ཆོ་རོལ་ངོམས༔ རྟ་མགྲིན་པདྨ་དབང་ཆེན་ནི༔ ཡང་ཁྲོས་རྔམས་པའི་སྐུར་བཞེངས་པ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མི་མཐུན་རྐྱེན་ངན་ཐམས་ཅད་ཟློག༔ སྐུ་ཡི་གསང་བ་རྫོགས་པའི་དཔལ༔ འཇམ་དཔལ་ནག་པོའི་ཐུགས་དམ་བསྐུལ༔ བྱད་ཕུར་རྦོད་གཏོང་ནད་རིམས་གདོན༔ སྡང་བའི་དགྲ་བོའི་སྟེང་དུ་ཟློག༔ གསུང་གི་གསང་བ་རྗོགས་པའི་དཔལ༔ རྟ་མགྲིན་དམར་པོའི་ཐུགས་དམ་བསྐུལ༔ རྒྱལ་བསེན་ཀླུ་གཉན་སྲོག་བདག་གདོན༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ ཐུགས་ཀྱི་གསང་བ་རྫོགས་པའི་དཔལ༔ གསང་བདག་གཏུམ་པོའི་ཐུགས་དམ་བསྐུལ༔ ཀླུ་གཉན་སྡེ་བརྒྱད་ལྷ་འདྲེའི་སྡེ༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ ཡོན་ཏན་ཡོངས་སུ་རྫོགས་པའི་དཔལ༔ བྱ་ཁྱུང་རིགས་ལྔའི་ཐུགས་དམ་བསྐུལ༔ སྣང་སྲིད་ལྷ་འདྲེའི་གདུག་རྩུབ་

p. 118

དབལ༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ མ་རིག་ཉོན་མོངས་འཇོམས་པའི་དཔལ༔ སྲིད་པའི་དུར་ཕག་མགོ་དགུ་བསྐུལ༔ ཁམས་གསུམ་ལས་བྱུང་སྡུག་བསྔལ་དཔལ༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ མེ་ལོང་ཡེ་ཤེས་རྫོགས་མཛད་དཔལ༔ བཛྲ་ཧྱ་གྲཱི་ཝ་བསྐུལ༔ ཞེ་སྡང་ལས་གྱུར་ནད་གདོན་རིམས༔ སྡང་བའི་དགྲ་བོའི༴ མཉམ་ཉིད་ཡེ་ཤེས་ཡོངས་རྫོགས་དཔལ༔ རཏྣ་ཧྱ་གྲཱི་ཝ་བསྐུལ༔ ང་རྒྱལ་ལས་གྱུར་ནད་གདོན་བགེགས༔ དམ་ཉམས་དགྲ་བོའི༴ སོར་རྟོག་ཡེ་ཤེས་ཡོངས་རྫོགས་དཔལ༔ པདྨ་ཧྱ་གྲཱི་ཝ་བསྐུལ༔ འདོད་ཆགས་ལས་གྱུར་ནད་གདོན་བགེགས༔ སྡང་དགྲ་དམ་ཉམས༴ བྱ་གྲུབ་ཡེ་ཤེས་རྫོགས་དཔལ༔ ཀརྨ་ཧྱ་གྲཱི་ཝ་བསྐུལ༔ ཕྲག་དོག་ལས་གྱུར་ནད་གདོན་བགེགས༔ སྡང་དགྲ་དམ་ཉམས༴ ཆོས་དབྱིངས་ཡེ་ཤེས་ཡོངས་རྫོགས་དཔལ༔ བུདྡྷ་ཧྱ་གྲཱི་ཝ་བསྐུལ༔ གཏི་མུག་ལས་བྱུང་ནད་གདོན་བགེགས༔ དམ་ཉམས་སྡང་བའི༴ བྷྱོ༔ དབུས་ཕྱོགས་སངས་རྒྱས་ཁྲོས་མ་ཡིས༔ དབུས་ནས་དགྲ་བགེགས་སྡང་བ་ཟློག༔ ཤར་ཕྱོགས་རྡོ་རྗེ་ཁྲོས་མ་ཡིས༔ ཤར་ནས་དགྲ་བགེགས

p. 119

སྡང་བ༴ ལྷོ་ཕྱོགས་རིན་ཆེན་ཁྲོས་མ་ཡིས༔ ལྷོ་ནས་དགྲ་བགེགས་སྡང་༴ ནུབ་ཕྱོགས་པདྨ་ཁྲོས་མ་ཡིས༔ ནུབ་ནས་དགྲ་འདྲེ་སྡང་བ༴ བྱང་ཕྱོགས་ལས་ཀྱི་ཁྲོས་མ་ཡིས༔ བྱང་ནས་དགྲ་བགེགས་སྡང་བ༴ ཡེ་ཤེས་སྒོ་མ་ལྕགས་ཀྱུ་མས༔ ཤར་ལྷོའི་དགྲ་གདོན་སྡང་བ་ཟློག༔ ཡེ་ཤེས་སྒོ་མ་ཞགས་པ་མས༔ ལྷོ་ནུབ་དགྲ་བགེགས་སྡང་བ༴ ཡེ་ཤེས་སྒོ་མ་ལྕགས་སྒྲོག་མས༔ ནུབ་བྱང་དགྲ་བགེགས་སྡང་བ༴ ཡེ་ཤེས་སྒོ་མ་དྲིལ་བུ་མས༔ བྱང་ཤར་དགྲ་བགེགས་སྡང་བ༴ བཅོམ་ལྡན་བྱ་ཁྱུང་རྒྱལ་པོ་ཡིས༔ སྟེང་ཕྱོགས་དགྲ་བགེགས་གནོད་བྱེད༴ ཕྲིན་ལས་ལྕགས་སྡིག་ནག་པོ་ཡིས༔ འོག་ཕྱོགས་དགྲ་བགེགས་གནོད་བྱེད་ཟློག༔ བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱིས༔ སྡེ་བརྒྱད་ཡོངས་ཀྱི་རྒོལ་ངན་ཟློག༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་བརྒྱུད་རིག་འཛིན་བླ་མ་དང་༔ ཡི་དམ་རྟ་མགྲིན་རྒྱལ་པོ་དང་༔ མཁའ་འགྲོ་ཁྲོས་མ་སྡེ་ལྔའི་མཐུས༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ༴ གློ་བུར་དགུ་བཅུ་རྩ་དྲུག༴ ལྟས་ངན་བརྒྱད་ཅུ་རྩ་གཅིག་

p. 120

རྐྱེན་ངན་ཉི་ཁྲི་ཆིག་སྟོང་༴ འཇིགས་ཆེན་བརྒྱད་དང་བཅུ་དྲུག༴ བྱད་ཕུར་མནན་སྲེག་འཁོར་ལོ༴ དམོད་བཅོལ་རྦད་པའི་ལས་དཔལ༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ སྣང་སྲིད་ལྷ་འདྲེའི་གདུག་རྩུབ༴ བཀའ་ཡི་ལྷ་སྲིན་དགྲར་ལངས༴ འཕྲོག་མ་མ་བུ་ལྔ་བརྒྱ༴ མོ་རྩིས་རྨི་ལྟས་ངན་པ༴ མི་ཡི་ན་ཚ་རྐྱེན་ངན༴ ཕྱུགས་ཀྱི་གོད་ཁ་ཐམས་ཅད༴ མི་ཁ་སྨྲ་མཆུ་ངན་པ༴ སྟེང་གདོན་གཟའ་དང་རྒྱུ་སྐར༴ བར་གདོན་བཙན་དང་སྡེ་བརྒྱད༴ འོག་གདོན་ཀླུ་དང་ས་བདག༴ ཡུལ་ལྷ་དགྲ་རུ་བབས་པ༴ ཟོ་དོར་དགྲ་རུ་ལངས་པ༴ སྐྱོབ་བྱེད་དགྲ་རུ་སྡང་བ༴ ཡུལ་དཔོན་བདུད་དུ་བབས་པ༴ དཀོན་མཆོག་གསུམ་གྱི་བཀའ་ཆད༴ ཡུལ་མི་དགྲ་རུ་ལངས་པ༴ ཁྱིམ་མཚེས་དགྲ་རུ་ལངས་པ༴ ནང་མི་དགྲ་རུ་ལངས་པ༴ བྲན་འཁོར་དགྲ་རུ་ལངས་པ༴ མི་མཐུན་མི་འདོདཐམས་ཅད༴ དཀོན་མཆོག་གསུམ་གྱིས་བདེན་པས་ཟློག༔ རྩ་བ་གསུམ་གྱི་བདེན༴ སྐུ་གསུམ་ཡོངས་ཀྱི་བདེན༴ ཆོས་ཉིད་རྣམ་དག་བདེན༴ རྟེན་འབྲེལ་བསླུ་མེད་བདེན༴ མཁྱེན་པའི་ཡེ་ཤེས་སྟོབས་ཀྱིས༴ བརྩེ་བའི་

p. 121

ཐུགས་རྗེ་ཆེན་པོས༴ མཛད་པའི་ཕྲིན་ལས་སྟོབས་ཀྱིས༴ སྐྱོབ་པའི་ནུས་མཐུའི་རྩལ་གྱིས༴ སྡང་བར་བྱེད་པའི་དགྲ་ལ༴ གནོད་པར་བྱེད་པའི་བགེགས་ལ༴ ཟ་བར་བྱེད་པའི་འདྲེ་ལ༴ ཕུང་བར་བྱེད་པའི་སྲི་ལ༴ བསླབ་ལོག་དམ་ལོག་སྟེང་དུ༴ བྲན་གཡོག་ངོ་ལོག་སྟེང་དུ་ཟློག༴ ཨོཾ་ཤྲཱི་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་བྷྱོ་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ [ཅེས་དང༌། སླར་ཡང་ལས་ཀྱི་བཟློག་པ་ནི།] ཧཱུྃ་བྷྱོ༔ གྲུ་གསུམ་དམར་ནག་ཟླ་གམ་གདེངས་པའི་དབུས༔ པད་ཉི་བམ་སྟེང་དུར་ཕག་མགོ་དགུའི་ཁྲིར༔ བཅོམ་ལྡན་དཔལ་ཆེན་པདྨ་ཡང་ཁྲོས་སྐུ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ འདིར་གཤེགས་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མའི་སྦྱོར་རྩུབ་ཟློག༔ ཤར་ཕྱོགས་དཔལ་ཆེན་རྡོ་རྗེ་གཏུམ་པོ་ཡིས༔ ཤ་ཁྲག་དམར་གྱི༴ དགྲ་བགེགས་ལྷ་འདྲེ་བྱད་མའི་ནུས་མཐུ་ཟློག༔ བཅོམ་ལྡན་དཔལ་ཆེན་རཏྣ་གཏུམ་པོ་ཡིས༔ དགྲ་བགེགས་ཤ་ཁྲག༴ གནོད་བྱེད་དགྲ་

p. 122

བགེགས་བྱད་མའི༴ བཅོམ་ལྡན་དཔལ་ཆེན་པདྨ་གཏུམ་པོ་ཡིས༔ དགྲ་བགེགས་ཤ་ཁྲག༴ གནོད་བྱེད་དགྲ་བགེགས་བྱད་མའི༴ བཅོམ་ལྡན་དཔལ་ཆེན་ཀརྨ་གཏུམ་པོ་ཡིས༔ དགྲ་བགེགས་ཤ་ཁྲག༴ གནོད་བྱེད་དགྲ་བགེགས་བྱད་མའི༴ ཕྲིན་ལས་བཞི་སྒྲུབ་ཡེ་ཤེས་སྒོ་མ་བཞི༔ དགྲ་བགེགས་ཤ་ཁྲག༴ གནོད་བྱེད་དགྲ་བགེགས༴ བཀའ་སྲུང་དྲེགས་པའི་སྲུང་མ་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག༴ གནོད་བྱེད་དགྲ་བགེགས་བྱད་མའི༴ སྔོན་གྱི་ལས་ལས་གྲུབ་པའི་མི་མཐུན་ཕྱོགས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ཡིས་ཟློག༔ འཕྲལ་གྱི་རྐྱེན་དུ་གྱུར་པའི་མི་མཐུན་ཕྱོགས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ཡིས་ཟློག༔ ཕྱི་ནང་གསང་བའི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་དམར་གྱི་གཏོར་མ་འདི་ཡིས་ཟློག༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་ཚོགས༔ མ་ལུས་དམར་ཆེན་གཏོར་མས་བརླག་གྱུར་ཅིག༔ པདྨ་ཡང་ཁྲོས་རྟ་མགྲིན་རྒྱལ་པོ་ཡིས༔ གསང་གསུམ་བདེན་པའི་ནུས་སྟོབས་མི་བསླུ་བས༔ བཟློག་པའི་ལས་ལ་མ་གཡེལ་ས་མ་ཡ༔ བྷྱོ་བྷྱོ༔ ཟློག་ཟློག༔ [ཅེས་གྲངས་གསོག་ན་

p. 123

འདི་ཉིད་བསྐྱར། ཕྲིན་ལས་མདེའུ་ཁ་སྦྱོར་ན་འདིར་ཕག་སྡིག་ཁྱུང་གསུམ་སོ་སོའི་སྒོས་བཟློག་བྱའོ། མཐར་དམོད་ཚིག་ཐལ་རྡེབ་ནི།] ཕྱི་རོལ་སྲུང་བའི་འཁོར་ལོ་དང་༔ བདག་གི་སྐུ་ཡི་ཆ་ཀུན་ནས༔ སྤྲུལ་པའི་ཁྲོ་བོ་ཁྲོ་མོ་དང་༔ ཕག་སྡིག་ཁྱུང་རྒོད་དཔག་ཡས་འཕྲོས༔ གནོད་བྱེད་ལྷ་སྲུང་དང་བཅས་པ༔ སྦུར་མ་མེ་ལྕེས་ཚིག་བཞིན་བཅོམ༔ རྡུལ་ཕྲན་ཙམ་ཡང་མེད་པར་གྱུར༔ [ཅེས་རྩ་སྔགས་མཐར།] གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་བྷྱོ་ཟློག༔ [ཅེས་ཟློག་སྔགས་བུང་བསྐྱེད་ནས་བཟླས་མཐར། བདེན་སྟོབས་བརྗོད་པ་གོང་བཞིན་ལས།] རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་དགྲ་འདྲེ་ཆག་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་གནོད་བྱེད་དགྲ་བགེགས་བྱད་མའི་སྟེང་དུ་མཱ་ར་ཡ་བྷྱོ་ཟློག༔ [ཅེས་ཐལ་རྡེབ་བྱའོ། །][ལྔ་པ་ཐུན་གཏོར་གཏོང་བ་ནི། དམར་གྱི་གཏོར་མར་དམིགས་བྱ་བཀུག་ནས་གཉིས་མེད་དུ་བསྟིམ།] རྃ་ཡྃ་ཁྃ་[གིས་བསང་སྦྱང༌།] སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་

p. 124

མཚོ། རུས་པའི་ཕུང་པོ། ཀླད་ཞག་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་བསམ་ལ། ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབས། ལྷ་ཚོགས་རྣམས་ཀྱིས་གཏོར་མ་བདུད་རྩིའི་ངོ་བོ་རྣམ་པ་ཤ་ཁྲག་གི་རང་བཞིན་ཆལ་ཆོལ་དུ་གསོལ་བར་བསམ་ཞིང༌།] ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤ་ཏྲཱུཾ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ [ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་བས་ཚིམས་ཤིང་ལྷག་མེད་དུ་བཞེས་པར་བསམ། མཐར་གཏོར་མ་ཡང་ཁྲོས་དྲག་པོའི་དམག་ཚོགས་དུག་མཚོན་རྡོ་རྗེའི་ཆར་དུ་མོས་ལ།] ཧཱུྃ༔ ང་ནི་དབང་དྲག་ཧེ་རུ་ཀ༔ ང་ནི་ཁྲོ་གཏུམ་རོལ་པའི་དཔལ༔ ང་ནི་ཡང་ཁྲོས་ནག་པོའི་སྐུ༔ སྲས་དང་སྤྲུལ་པ་དཔག་ཡས་འགྱེད༔ བཀའ་སྡོད་ལས་མཁན་གློག་ལྟར་འཁྱུག༔ གནོད་བྱེད་དགྲ་བགེགས་སྡིག་ཅན་ལ༔ རྡོ་རྗེ་མཚོན་གྱི་ཆར་ཆེན་ཕོབ༔ གཏོར་ཐུན་སེར་རླུང་ཐོག་ལྟར་འབེབས༔ སྡང་བར་བྱེད་པའི་དགྲ་ལ་བྷྱོ༔ གནོད་པར་བྱེད་པའི་བགེགས་ལ་བྷྱོ༔ ཟ་བར་བྱེད་པའི་འདྲེ་ལ་བྷྱོ༔ ཕུང་བར་བྱེད་

p. 125

པའི་སྲི་ལ་བྷྱོ༔ ལོག་འདྲེན་ལྟ་ལོག་སྟེང་དུ་བྷྱོ༔ བར་ཆད་གཡོ་འཁྲུག་རྡུལ་དུ་རློག༔ མི་མཐུན་རྐྱེན་ངན་བཟློག་ཅིང་བསྒྱུར༔ རྒྱ་འདྲེ་འབྱུང་པོ་ཆམ་ལ་ཕོབ༔ སངས་རྒྱས་བསྟན་པའི་སྤྱི་དགྲ་དང་༔ བླ་མའི་སྐུ་དགྲ་རྣལ་འབྱོར་དགྲ༔ མ་ལུས་ཐལ་བའི་རྡུལ་བཞིན་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ [རྩ་སྔགས་མཐར།] གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་རྦད་སོད༔ [ཅེས་དམོད་ཚིག་ཐལ་རྡེབ་དང་བཅས་གནོད་པའི་ཕྱོགས་སུ་འཕངས་པས་དམིགས་བྱ་གནས་ལུས་ལོངས་སྤྱོད་དང་བཅས་པ་རྗེས་མེད་དུ་བརླག་པར་བསམ་མོ། །དེ་ནས་རྒྱུན་གྱི་རྗེས་ཆོག་རྣམས་ཕྲིན་ལས་ཀྱི་དཀྱུས་བཞིན་བྱའོ། །][གསུམ་པ་རྗེས་སུ་བྱ་བའི་ལས་ལ་དྲུག་གི །དང་པོ་ཟོར་བསྒྲུབ་པ་ནི། སྒྲུབ་ཞག་རྫོགས་པའི་ཉིན་རྗེས་མར་ཟློག་གཞུང་གྲུབ་པ་དང་གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་བཟོད་གསོལ་བྱས་ཏེ།] ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ས་མ་ཡ་མ་ཏི་ཀྲ་མ་ཏི༔ ཨོཾ་བཛྲ་ཏྟིཥྛ་ཞེས་པས། སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཞུགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་བ་ལས་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དབང་ཆེན་ཡང་ཁྲོས་ནག་པོའི་ལྷ་ཚོགས་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་

p. 126

ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་པར་གྱུར་པར་[བསམ་ལ། རྩ་སྔགས་ལ་ཟོར་སྔགས་བཏགས་པ་མང་དུ་བཟླ། ཐུན་གཏོར་གོང་བཞིན་དམག་ལྟོའི་ཚུལ་དུ་ཕུལ་ལ།] ཧཱུྃ། དབང་ཆེན་ཡང་ཁྲོས་ནག་པོ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིམ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་བཞེས་ལ་བདག་ཅག་འཁོར་བཅས་ཀྱིས། །ཇི་ལྟར་གསོལ་བའི་ལས་རྣམས་འགྲུབ་པ་དང༌། །གཏོར་ཟོར་དྲག་པོའི་རྫས་ཀྱི་དཔུང་བསྐྱེད་ཅིག །དགྲ་བགེགས་དམ་སྲི་བྱད་མ་བདུད་སྡེའི་དཔུང༌། །ཤུགས་སྒྲོལ་སྟོབས་ཀྱིས་རྗེས་ཤུལ་མེད་པར་མཛོད། །ཆག་ཆེ་ཉམ་ང་ཕས་རྒོལ་མི་མཐུན་ཕྱོགས། །བཟློགབསྒྱུར་བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །[ཞེས་ཕྲིན་ལས་བཅོལ།] [གཉིས་པ་སྒོ་དབྱེ་བ་ནི། སློབ་དཔོན་དྲག་པོའི་ཆས་སུ་ཞུགས་པས་བཟློག་དཀྱིལ་གྱི་ནུབ་ནས་ཤར་སོགས་ཕྱོགས་བཞི་གཡས་བསྐོར་གྱིས་རིམ་པར་ཕྱེས་པར་བསམ་ལ།] ཧཱུྃ༔ ཡང་ཁྲོས་གསང་ཆེན་དཀྱིལ་འཁོར་ནས༔

p. 127

སྙིང་རྗེའི་སྒོ་མ་ལྕགས་ཀྱུ་མས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ མི་མཐུན་ཕྱོགས་ཀུན་ཞི་མཛོད་ལ༔ གཏོར་ཟོར་དགྲ་བགེགས་སྟེང་དུ་བསྒྱུར༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ བྱམས་པའི་སྒོ་མ་ཞགས་པ་མས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ ཚེ་བསོད་རྒྱས་པའི་དངོས་གྲུབ་སྩོལ༔ གཏོར་ཟོར་དགྲ་བགེགས་སྟེང་དུ་བསྒྱུར༔ རཏྣ་པྲ་ཝེ་ཤ་ཡ་ཕཊ༔ དགའ་བའི་སྒོ་མ་ལྕགས་སྒྲོག་མས༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ འཁོར་འདས་དབང་སྡུད་དངོས་གྲུབ་སྩོལ༔ གཏོར་ཟོར་དགྲ་བགེགས་སྟེང་དུ་བསྒྱུར༔ པདྨ་པྲ་ཝེ་ཤ་ཡ་ཕཊ༔ བཏང་སྙོམས་སྒོ་མ་དྲིལ་བུ་མས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ དགྲ་བགེགས་མ་ལུས་ཚར་ཆོད་ལ༔ གཏོར་ཟོར་དགྲ་བགེགས་སྟེང་དུ་བསྒྱུར༔ ཀརྨ་པྲ་ཝེ་ཤ་ཡ་ཕཊ༔ [ཅེས་ནང་སྒོ་དབྱེ། ཕྱི་སྒོ་དབྱེ་བའི་སླད་དུ་ཕུད་སྐྱེམས་འཐོར་ཞིང༌།] ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིག་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་

p. 128

ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་ལ་གཤེགས༔ ཧཱུྃ༔ རྣལ་འབྱོར་ཟོར་འཕེན༔ སྡང་དགྲ་གདོན་བགེགས་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་བཟུར་དབུ་སྨོད་ཞབས་སྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གདོན་བགེགས་ཕྱོགས་སུ་ཁྱེར༔ དཔའ་བའི་འཕྲུལ་འཁོར་དེར་ཤོམས་ཤིག༔ [ཅེས་ཟོར་ལམ་བསལ།] [གསུམ་པ་གཏོར་མ་གཏོང་བ་ནི། ལས་བྱང་བཞིན་བསྐུལ་དང་ཆད་མདོ་བསྒྲག་གོ །][བཞི་པ་ཟོར་གྱི་དཔུང་བསྐྱེད་པ་ནི། འཕྱར་དར་དང་རུ་འདྲེན་གྱི་རྣམ་པ་དུ་མས་སྣ་དྲངས་ཏེ་དཀར་གཏོར་དང་གསེར་སྐྱེམས་ཟོར་རྫས་གཏོར་ཆེན་རྣམས་རིམ་བཞིན་ཁྱེར། རྣལ་འབྱོར་པ་ལྟ་སྒོམ་གྱི་གདིང་བསྐྱེད་དེ་དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་དེ་དག་གི་ཕྱི་བཞིན་གང་དུ་འཕེན་པའི་སར་སོང་ལ། གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས།] ཧཱུྃ༔ ང་ནི་དབང་ཆེན་དྲག་པོ་སྟེ༔ ཁམས་གསུམ་ཀུན་གྱི་དབང་ཕྱུག་ཡིན༔ བཀའ་འཁོར་ལས་བྱེད་སྟོང་གསུམ་གང་༔ ཐམས་ཅད་དྲག་པོའི་ལས་ལ་ཆོས༔ སྒྲོལ་བྱེད་དྲག་པོ་ཟོར་གྱི་རྫས༔ སྡང་དགྲ་གདོན་བགེགས་ཕྱོགས་སུ་འཕེན༔ སྡང་བ་དགྲ་ཡི་སྙིང་ལ་ཡ༔ བདུན་

p. 129

རྒྱུད་ཆོད་ཅིག་མཱ་ར་ཡ༔ གནོད་པ་བགེགས་ཀྱི་སྙིང་ལ་ཡ༔ མེད་པར་ཆོམས་ཤིག་མཱ་ར་ཡ༔ ཡུལ་མཁར་ཁྱིམ་ལ་གཏོར་ཟོར་ཡ༔ རྡུལ་དུ་རློག་ཅིག་མཱ་ར་ཡ༔ བདག་འཛིན་བདུད་ལ་གཏོར་ཟོར་ཡ༔ གཉིས་མེད་སྒྲོལ་ཅིག་མཱ་ར་ཡ༔ [ཞེས་རིག་པ་དང་ལྡན་པས་བརྗོད།] [ལྔ་པ་ཟོར་འཕང་བ་ནི། ཟོར་རྣམས་རིམ་པར་ཐོགས་ལ།] ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དབང་དྲག་རོལ་པའི་ཐུགས་དམ་དུས་ལ་བབ༔ ཡང་ཁྲོས་ནག་པོའི་མཐུ་སྟོབས་ནུས་པའི་དབལ༔ མི་འཇིགས་ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན༔ ཕུར་ཟོར་དྲག་པོ་ཐོག་ལྟར་ཤ་ར་ར༔ དགྲ་བགེགས་བྱད་མའི་གཟུགས་ཕུང་རྟེན་ལ་ཡཱ༔ ཉོ་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་བྷྱོ༔ [ཞེས་བརྗོད་བཞིན་པར་བརྡེག །དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས་ཁྱད་པར་ཕུར་ཟོར་གྱི་ཚབ་ཏུ།] ཡུངས་ཟོར་དྲག་པོ་སེར་ལྟར་ཧྲི་ལི་ལི༔ ཁྲག་ཟོར་དམར་པོ་མཚོ་ལྟར་ཆི་ལི་ལི༔ མཚེ་ཟོར་དྲག་པོ་མདའ་ལྟར་ཏ་ལ་ལ༔ དུག་ཟོར་དྲག་པོ་ཆུ་ལྟར

p. 130

ཕྱུ་རུ་རུ༔ མཚོན་ཆ་སྣ་ཚོགས་རླུང་ལྟར་འཚུབས་སེ་འཚུབ༔ མདའ་ཟོར་དྲག་པོ་ཚྭ་ཚྭ་སྐར་ལྟར་འཁྲིགས༔ རྡོ་ཟོར་དྲག་པོ་ཆར་ལྟར་འབེབས་ཤིང་འཚུབས༔ དཔལ་གྱི་གཏོར་ཟོར་གློག་ལྟར་འཁྱུགས་ཤིང་འདེབས༔ [ཞེས་བསྒྱུར་ལ་འཕང༌། འདིར་ཕྲིན་ལས་རྣོ་མདེའུ་སྐྱར་སྐབས་ཕག་སྡིག་ཁྱུང་གསུམ་སྒོས་ཀྱི་ཟོར་བསྐུལ་བཏང་ལ་འཕང་ངོ༌། །དེ་ནས་གཏོར་ཆེན་བཏེགས་ལ།] ཧཱུྃ༔ ང་ནི་དབང་ཆེན་ཡང་ཁྲོས་ཆེ༔ ཁམས་གསུམ་ཀུན་གྱི་དབང་ཕྱུག་ཡིན༔ དོ་ནུབ་ང་ཡི་འཕེན་པའི་ཟོར༔ གཏོར་ཟོར་ཐོག་ལྟར་ཤ་ར་ར༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟོར་ཟོར་དགྲ་བགེགས་རྣམས་ལ་ཟོར༔ ཧཱུྃ༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ དང་པོ་ཞེ་སྡང་ཕ་ཡིས་བསྐྱེད༔ དེ་ནས་འདོད་ཆགས་མ་ཡི་མངལ༔ དེ་ནས་ལྔ་ཕུང་ཡན་ལག་རྒྱས༔ ལྔ་ཕུང་རྩད་ནས་བཅད་པའི་ཕྱིར༔ ཞེ་སྡང་སྙིང་ལ་གཏོར་ཟོར་ཡཱ༔ གཏི་མུག་ཤ་ལ་གཏོར་ཟོར་ཡཱ༔ འདོད་ཆགས་ཁྲག་ལ༴ ང་རྒྱལ་རུས་ལ༴ ཕྲག་དོག་དབུགས་ལ༴ ཕུང་པོ་ལྔ༴ རྡོ་རྗེ་སློབ་དཔོན་སྐུ་དགྲ་དང་༔ མཆེད་དང་ལྕམ་དྲལ་སྤྱི་དགྲ་དང་༔ རྣལ་འབྱོར་བདག་གི་སྒོས་དགྲ་དང་༔

p. 131

གཟུགས་མེད་དམ་སྲི་འབྱུང་པོ་ལ༔ དྲག་པོ་གཏོར་མའི་ཟོར་རྒྱོབ་ལ༔ ལྔ་ཕུང་ཡན་ལག་རྡུལ་དུ་རློག༔ སེམས་ཉིད་རྒྱལ་བའི་གནས་སུ་སྤོར༔ [རྩ་སྔགས་ཤམ་དུ།] རྦད་ཟོར་སརྦ་བྷྱོ་ཟློག༔ [ཅེས་རོལ་མའི་སྒྲ་དྲག་པོ་དང་བཅས་གཏོར་ཆེན་རྔམས་སྟབས་སུ་རྦུད་པས་དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང༌། གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་དུ་བརླག་པར་བསམ་ཞིང་ཐལ་མོ་དང་དུལ་མོ་རྡེབ་བོ། །][དྲུག་པ་ཟོར་རྗེས་གཅོད་པ་ནི། ཕྱིར་སྙོགས་གཅོད་པའི་ཕྱིར་གདོང་ཕྱིར་བལྟས་ལ། རྟ་སྔགས་ལ་གོང་གི་ཟློག་སྔགས་བཏགས་པ་ཉེར་གཅིག་ཙམ་བཟླས་མཐར་སྲུང་འཁོར་བསྒོམ་ནས་སློབ་དཔོན་གྱིས་རྟིང་མནན་ཏེ་ལྡོག །སྒྲུབ་ཁང་གི་སྒོ་དྲུང་དུ་བཤལ་ཆུའི་བདུད་རྩིས་བརྟན་མ་བསྐྱང༌། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་མནན་པར་བསམ་ལ་བྲོ་བརྡུང་ངོ༌། །][རྩ་བའི་གསུམ་པ་རྗེས་ཀྱི་བྱ་བ་ནི། ནང་དུ་ལོག་ནས་ཚེ་འགུགས་བསྐུལ་ཞིང་དངོས་གྲུབ་ལེན། གཏང་རག་གི་མཆོད་བསྟོད་བཟོད་གསོལ་བྱས་ལ་ནམ་མཁར་བཞུགས་པའི་ཡེ་ཤེས་པ་གཤེགས་སུ་གསོལ་བའམ་རྟེན་ལ་བསྟིམ། བདག་བསྐྱེད་ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷར་ལྡང་སྟེ་རྡུལ་ཚོན་ཡོད་ན། ཨ་ཀཱ་རོས་དབྱི་ཞིང་སྨོན་ལམ་དང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞར་བྱུང་འཕྲོས་དོན་དུ་སྐབས་འགའ་ཞིག་གི་ཚེ་སྤྲོས་པ་བསྡུ་བའི་གཏོར་ཟློག་ཙམ་བྱེད་པར་འདོད་ན། ལས་དཀྱིལ་གྱི་གཞིར་ཐིག་

p. 132

ཚོན་གྱི་བྱ་བ་རྣམས་དོར་ནས་རས་བྲིས་ཀྱི་འདིང་དཀྱིལ་ཡོད་ན་བཀྲམ། མེད་ན་ཞིང་ངམ་གཅན་གཟན་གྱི་ལྤགས་པ་ལ་འབྲུ་ནག་དུག་ཁྲག་གིས་གཤེར་བས་ཚོམ་བུ་ལྷ་གྲངས་དང་མཉམ་པར་བཀོད་པའི་ཁར་ཟོར་གཏོང་འགོད། ཟོར་ཆས་གཞན་རྣམས་ཀྱི་བཅས་མི་དགོས་ཤིང༌། ལིངྒ་ཡང་འཕྲལ་གྱི་རྐྱེན་སེལ་ཙམ་ལ་ཟན་ལིང་གིས་འཐུས། གཞན་བཅས་གཤོམ་དང་ཆོ་གའི་འགྲོས་སོགས་གཞུང་བཞིན་ལས། འཕང་བའི་སྐབས་ཟོར་བསྐུལ་གྱི་རྗེས་སུ་གཏོར་ཟོར་དངོས་ལ་འཇུག་པ་སོགས་ལག་ལེན་དབྱེ་བསྡུའི་གནད་ཤེས་པའི་སྒོ་ནས་འདོར་ལེན་གྱི་དམིགས་ཕྱེད་པར་བྱའོ། །ཕྱི་ནང་བདུད་དགྲའི་བྲག་རི་ལྷུན་བརྩེགས་པ། །སྐད་ཅིག་ཐལ་བར་རློག་བྱེད་ལྡོག་མེད་མཚོན། །ཡང་ཁྲོས་ཕྲིན་ལས་གནམ་ལྕགས་ཐོག་གི་ཆར། །འབེབས་པའི་བྱེད་པོ་བདུད་འཇོམས་དབྱར་རྔ་ཡིན། །ཡིད་སྲུབས་སྙིང་ལ་ཞེན་པའི་ལྷ་མིན་དཔུང༌། །མིང་མཐར་བརླག་བྱེད་མན་ངག་རྡོ་རྗེའི་མཚོན། །རིག་པ་འཛིན་པའི་ཕྱག་མཚན་ཉིད་གྱུར་ཏེ། །གསང་བསྟན་མངའ་ཐང་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་དབང་དྲག་རྟ་མགྲིན་ཡང་ཁྲོས་ནག་པོའི་སྨད་ལས་ཐོགས་མེད་གནམ་ལྕགས་རྡོ་རྗེའི་འཕྲུལ་འཁོར་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་དུ་མས་སྔ་ཕྱིར་ཡང་དང་ཡང་དུ་བསྐུལ་བ་ཡིད་ལ་བཅག་པའི་ཐོག །ཉེ་ཆར་མཁན་ཆེན་བླ་མ་བཀའ་འགྱུར་བ་འཇམ་དབྱངས་རྡོ་རྗེའི་གསུང་གིས་ནན་ཆགས་སུ་བསྐུལ་བ་ལ་བརྟེན་ནས། གཏེར་

p. 133

གཞུང་གི་དགོངས་པ་མ་འཁྲུལ་བར་སྙིང་པོའི་བཅུད་བསྡུས་ཤིང་དཀྱུས་ཀྱི་ལག་ལེན་རྣམ་གསལ་འཇུག་པ་བདེ་བའི་ལས་ཁྲིགས་སུ་བསྡེབས་ཏེ། དུས་མཐའི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་ཕྲག་བདུན་གྱི་མཐར་ཐུག་པ་ཆུ་མོ་གླང་གི་ལོ་སྨིན་དྲུག་ཟླ་བའི་དམར་ཕྱོགས་རྒྱལ་བ་དང་པོ་ལ། ཀ་པཱ་ལ་ལྷུན་པོར་སྤྲུངས་པའི་རི་བོ་གདུག་པ་ཚང་ཚིང་འཁྲིགས་པའི་དུར་ཁྲོད་དུ་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་སྔགས་སྐྱེས་རིན་ཆེན་ཕུན་ཚོགས་ཀྱིས་བགྱིས་པའོ། །འདིས་ཀྱང་མི་མཐུན་ཉེས་པའི་རྩྭ་ཕུང་སྐད་ཅིག་ཉིད་ལ་ཐལ་བར་བྱེད་པའི་དུས་ཀྱི་མེ་དཔུང་ཆེན་པོར་གྱུར་ཅིག །ཛ་ཡནྟུ།]

དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོའི་ཕོ་ཉ་ཕག་སྡིག་ཁྱུང་གསུམ་གྱི་སྒོས་སྒྲུབ་རྡོ་རྗེའི་ཐོག་མདའ་ལོག་འདྲེན་ཀླད་འགེམ།

p. 134
p. 135

༄༅། །དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོའི་ཕོ་ཉ་ཕག་སྡིག་ཁྱུང་གསུམ་གྱི་སྒོས་སྒྲུབ་རྡོ་རྗེའི་ཐོག་མདའ་ལོག་འདྲེན་ཀླད་འགེམ་ཞེས་བྱ་བ་བཞུགས་སོ། །

p. 136

ཤྲཱི་བི་ཛ་ཡ་ནྟུ། ཁམས་གསུམ་དབང་སྡུད་གདུག་ཅན་མཐར་མཛད་པ། །བླ་མ་ཡང་ཁྲོས་ནག་པོར་གུས་བཏུད་ནས། །གང་དེའི་ལས་ཀྱི་ཕོ་ཉ་མི་བཟད་པ། །ཕག་སྡིག་ཁྱུང་གི་ཕྲིན་ལས་འདིར་གསལ་བྱ། །[དེའང་དཔལ་རྟ་མགྲིན་ནག་པོའི་གཏུམ་དྲག་ལས་ཀྱི་ཕོ་ཉ་གདུག་རྔམས་མཐུ་རྩལ་རྣོ་མྱུར་ཐོག་རྒོད་འབར་བ་ལྟ་བུའི་ཕྲིན་ལས་ཀྱི་མདེའུ་ཁ་སྦྱོར་བར་བྱ་བ་ལ་གསུམ། སྦྱོར་བ་བཤམ་བཀོད། དངོས་གཞི་སོ་སོའི་ཕྲིན་ལས། རྗེས་བསྡུ་བའི་ལས་རིམ་མོ། །][དང་པོ་ནི། རྩ་བའི་ཟློག་དཀྱིལ་གྱི་མདུན་དང་གཡས་གཡོན་དུ་ལྕགས་སྣོད་ལ་སོགས་པར་འབྲུ་ནག་གི་རྗེན་ཕྱེ་དུག་ཁྲག་མྱོས་བྱེད་ཀྱིས་བྲུས་པའི་ཟན་ལས། མདུན་དུ་རྩ་བར། འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ པདྨ་འདབ་བརྒྱད་བྲིས་པའི་སྟེང་༔

p. 137

དམར་གཏོར་ཕག་ཟེ་འདྲ་བ་ལ༔ རྩང་དགུ་གཟུགས་ལ་མེ་རིས་བརྒྱན༔ དེ་ལ་ཁྲག་ཀོང་སྐྱུ་གུས་བསྐོར༔ མདུན་དུ་མཆོད་པའི་རྫས་ཚོགས་བཤམ༔ ཞེས་དང༌། གཡོན་དུ། ཁམ་སའམ་ནི་བག་ཟན་ལ༔ ལྕགས་ཀྱི་སྡིག་པ་མགོ་དགུ་པ༔ རྭ་ནི་བཅོ་བརྒྱུད་ལུས་ཀུན་ཏུ༔ མིག་དང་གཉེར་མས་གང་བ་ཞིག༔ བཟོས་ཏེ་གྲུ་གསུམ་གདན་ལ་བཞག༔ མཐར་ནི་རྩང་གི་ར་བས་བསྐོར༔ མཆོད་རྫས་ཁྲག་ཀོང་ཤ་དུམ་དང་༔ འབྲུ་ནག་གཏོར་མ་དམར་གྱིས་བྱུག༔ ཁ་དགུར་སྒྲོན་ཤིང་མེ་རྫས་གཟུག༔ དྲག་པོའི་རྣམ་ལྔ་མཆོད་རྫས་བཤམ༔ ཞེས་དང༌། གཡས་སུ། དེ་ལ་རི་རབ་ཆེན་པོའི་རྩེར༔ དཔག་བསམ་ཤིང་གི་ཡལ་ག་ལྔར༔ ཡེ་ཤེས་བྱ་ཁྱུང་རིགས་ལྔ་བཀོད༔ མཆོད་རྫས་ཉེར་སྤྱོད་འདོད་

p. 138

ཡོན་དང་༔ ཀླུ་ནོར་སྣ་ཚོགས་ཅི་རིགས་བཀོད༔ ཤ་ཁྲག་གཏོར་མ་ལ་སོགས་པའི༔ ག་ཎའི་ལོངས་སྤྱོད་སྣ་ཚོགས་བཤམ༔ ཞེས་པ་ལྟར་དྲག་རྒྱན་རྔམས་བརྗིད་དང་ལྡན་པ་སོ་སོར་བཀོད་པའི་མཐར་དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར། གཞན་ཡང་ཐུན་མཚམས་སུ་འབུལ་བྱའི་དམར་གཏོར་ཁྲག་སྐྱེམས་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །][གཉིས་པ་ཕྲིན་ལས་དངོས་ཀྱི་གཞུང་བསྲང་བ་ནི། ཡང་ཁྲོས་རྩ་བའི་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པའི་མཐར་ཐུག་གི་བར་སྔོན་དུ་འགྲོ་བས། སྒོས་ཀྱི་ཕྲིན་ལས་ལ་གསུམ་གྱི། དང་པོ་སྒྲོལ་ཡུམ་དར་ཕག་ནག་མོའི་ཕྲིན་ལས་ནི། མདུན་རྟེན།] ཤུ་ནྱ་ཏ[ས་བསང་སྦྱང་།] སྟོང་པའི་ངང་ལས་མདུན་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་བཙན་དུག་ནག་པོའི་ངད་རླངས་འཕྱོ་བའི་དུག་གི་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་འཁོར་འདས་ཡོངས་ཀྱི་སྲོག་ཐིག་ཡི་གེ་ཧཱུྃ་ནག་པོ་མེ་འབར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ ཚུར་འདུས་རྒྱལ་བ་རྒྱ་མཚོའི་མཐུ་ནུས་གཟི་བྱིན་དང་བཅས་པ་ཧཱུྃ་ལ་ཐིམ༔ ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྡེ་བརྒྱད་ཀླུ་གཉན་ལྷ་འདྲེའི་ཚོགས་ཐམས་ཅད་ཚར་བཅད༔ དེ་དག་གི་མཐུ་ནུས་སྲོག་གི་སྙིང་པོ་ཐམས་ཅད་འཕྲོག་ཅིང་བསྡུས་ཏེ་ཧཱུྃ་ལ་ཐིམ༔

p. 139

འཁོར་འདས་ཡོངས་ཀྱི་བདག་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཧཱུྃ་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་སྲིད་པའི་ཕག་རྒོད་ནག་མོ་མགོ་དགུ་པ་མིག་ནས་ཉི་མ་འབུམ་གྱི་འོད་ཟེར་བཀྱེ་བ༔ མཆེ་བ་ཟླ་ཚེས་སྟོང་གི་འོད་ལྟར་དཀར་ཞིང་འབར་བས་སྲིད་པ་གསུམ་པོ་ཟས་སུ་ཟ་བ༔ སྟེང་གི་ཞལ་གསུམ་གྱེན་དུ་བལྟ་ཞིང་༔ བར་གྱི་ཞལ་གསུམ་བར་སྣང་གི་ཁམས་སུ་བལྟ་བ༔ འོག་གི་ཞལ་གསུམ་ཐུར་དུ་བལྟ་ཞིང་ཁམས་གསུམ་ཤ་ཁྲག་ལ་རྔམས་པའི་ངར་སྒྲ་དང་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་འཁྲུགས་བྱེད་པ༔ རྐང་ལག་སྡེར་བཞིས་སྣང་སྲིད་ཐམས་ཅད་གནོན་པ༔ ཁ་དང་བུ་ག་ཐམས་ཅད་ནས་མེ་རླུང་ཕག་ཁྱུང་དཔག་ཏུ་མེད་པ་འཕྲོ་བས་སྡེ་བརྒྱད་འབྱུང་པོ་ནད་རིམས་ཀྱི་བདག་པོ་གཉན་དང་ཀླུ་གདོན་ཐམས་ཅད་ཧབ་ཧབ་ཟ་ཞིང་བསྲེགས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་གསལ་བར་གྱུར༔ དེ་ལས་འོད་ཟེར་རབ་ཏུ་འཕྲོས་པས་འཁོར་འདས་ཡོངས་ཀྱི་དབང་ཕྱུག་ཆེན་མོ་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་བྱོན་པར་[བསམ་ཞིང༌། སྤྱན་འདྲེན་པ་ནི།] ཕེཾ༔ ཁྱབ་གདལ་ནམ་མཁའི་ཁོར་ཡུག་ནས༔

p. 140

སྲིད་པའི་དབང་མོ་ཆེན་མོ་ནི༔ དྲག་གཏུམ་ཟ་བྱེད་འཇིགས་པའི་སྐུ༔ དུར་ཕག་ནག་མོའི་སྐུར་བཞེངས་ལ༔ སྒྲུབ་པའི་གནས་འདིར་ད་ཚུར་བྱོན༔ དུག་གསུམ་འཁྲུགས་པའི་རྒྱུ་རྐྱེན་ལས༔ བྱུང་བའི་སྡེ་བརྒྱད་ནད་རིམས་གདོན༔ མ་ལུས་སྒྲོལ་འཇོམས་བསྲེག་བཟློག་གི༔ མངོན་སྤྱོད་མཛད་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ [བཞུགས་སུ་གསོལ་བ་ནི།] ཕེཾ༔ དུར་ཁྲོད་འབར་བའི་གཞལ་ཡས་འདིར༔ ཟ་བྱེད་ཆེན་མོ་འཁོར་དང་བཅས༔ དམ་ཚིག་ཡེ་ཤེས་དབྱེར་མེད་དུ༔ བཞུགས་ནས་མངོན་སྤྱོད་ཕྲིན་ལས་མཛོད༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ [ཕྱག་འཚལ་བ་ནི།] ན་མོ༔ ཁམས་གསུམ་སྒྲོལ་བའི་མཐུ་མོ་ཆེ༔ འཁོར་འདས་ལྟོ་བར་ཆུབ་སྦུམ་མ༔ སྲིད་པའི་དུར་ཕག་ཆེན་མོ་ལ༔ གདུག་པ་འདུལ་ཕྱིར་ཕྱག་འཚལ་ལོ༔ ན་མོ་ན་མ་ཧོཿ [མཆོད་པ་འབུལ་བ་ནི།] ཛཿ སྲིད་པའི་དུར་ཕག་ཆེན་མོ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ དགྲ་བགེགས་ཤ་ཁྲག་སྲོག་གིས་མཆོད༔ དུག་གསུམ་རྒྱུ་རྐྱེན་ལས་བྱུང་བའི༔ གདུག་པ་བསྒྲལ་བའི་མཆོད་པ་འབུལ༔ བཞེས་ནས་འཇིག་

p. 141

རྟེན་བདེ་བར་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་[སོགས་ནས་]ཤཔྡ་རཱུ་སོགས་སྤརྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ [བསྟོད་པ་ནི།] ཕེཾ༔ དུས་གསུམ་སངས་རྒྱས་ཀུན་བསྐྱེད་ཡུམ༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་རྫོགས༔ ཆོས་རྣམསཆོས་ཉིད་ཀློང་སྒྲོལ་མ༔ བདག་ལྟའི་རུ་ཏྲ་འཁོར་བའི་སྡེ༔ བདག་མེད་རོལ་པར་རོལ་བྱེད་མ༔ ཟ་བྱེད་ཆེན་མོ་ཁྱོད་ལ་བསྟོད༔ [འཛབ་བཟླ་བ་ནི།] ཧཱུྃ༔ ཟ་བྱེད་ཕག་མོའི་ཐུགས་ཀ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་ཐུགས་དམ་བརྒྱུད་བསྐུལ་ཏེ༔ དགྲ་བགེགས་སྡེ་བརྒྱད་ནད་རིམས་གདོན༔ ས་བདག་ཀླུ་གཉན་གནོད་བྱེད་ཀུན༔ མེ་རླུང་དུག་གི་སྤུ་གྲིས་བསད༔ སྤྲུལ་པ་ཕག་རྒོད་འབར་བ་ཡིས༔ རྗེས་ཤུལ་མེད་པར་ཟོས་པར་གྱུར༔ ཧཱུྃ་ཌཱ་ཀི་ནི་ཕེ་ཁྱིམ་ཕེཾ་ཛ༔ [ཞེས་གཙོ་བོར་བཟླ་ཞིང༌། མཐར་ལས་སྔགས་ནི།] གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་བྷྱོམ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ [ཞེས་ཤམ་བུ་སྦྱར་ལ་བཟླ། གཞན་དུ་གནོད་བྱེད་སརྦ་ཤ་ཏྲཱུཾ་གྱི་མལ་དུ། གནོད་བྱེད་གཉན་པརྤ་ཏའམ། ནཱ་ག་ཙི་ཙི་ཛྭ་ལའམ། སརྦ་ཛྭ་རའམ། ཏྲི་རཱ་ཛའམ། བྱད་མ་རྦོད་གཏོང་[སོགས་

p. 142

གང་འདོད་དུ་ཁ་བསྒྱུར་བས་ཆོག་གོ །ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་པར་རཀྟས་བྲན་ལ། བདེན་སྟོབས་བརྗོད་པ་སྤྱི་ལྟར་ལས།] ཁྱད་པར་དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོ་སྒྲོལ་ཡུམ་དུར་ཕག་ནག་མོ་སྤྲུལ་པ་ལས་མཁན་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་ལ་བརྐུ་བ༔ སྲོག་ལ་འཇབ་པ༔ བླ་ལ་ཁྱེར་བ༔ ཡིད་ལ་བརྣག་པ༔ མི་ལ་ན་ཚ༔ ཕྱུགས་ལ་གོད་ཁ་སོགས་གཏོང་བའི་རྒྱལ་འགོང་བསེན་མོ་དམ་སྲི་འབྱུང་པོ་ནད་བདག་ཡམས་བདག་གནོད་ཅིང་འཚེ་བ་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ཧཱུྃ་ཌཱ་ཀི་ནི་ཕེ་ཁྱི་མ་ཕེཾ༔ ཛཿནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ [ཞེས་ལན་གསུམ་སོགས་ཀྱིས་བཀུག་ལ།] དབྱིངས་ནས་ཐུན་ཚོན་སྣ་ཚོགས་ཀྱི་ཆར་བབས་པས་དམིགས་བྱའི་གཟུགས་ཕུང་ཚལ་པ་དུམ་བུ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་[བསམ།] ཨོཾ་ཨཱཿཧཱུཾ༔ ཧོཿ[ས་བདུད་རྩིར་སྦར་ནས།] དགྲ་བགེགས་བསྒྲལ་བའི་ཤ་རི་ཁྲག་མཚོ་དེ་ཉིད་སྒྲོལ་བྱེད་དུར་ཕག་ནག་མོས་ཁྱི་ལྟོག་གིས་ཤ་ཟན་རོལ་པ་བཞིན་ཧབ་ཧབ་མྱག་མྱག་ཏུ་གསོལ་བར་[བསམ་ཞིང༌།]

p. 143

མ་མ་ཕེ་ཁྱི་མ་ཨི་ངཾ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ༴ མ་ཧཱ་ཙིཏྟ༴ མ་ཧཱ་བ་སུ་ཏ༴ མ་ཧཱ་ཀེཾ་ནི་རི་ཏི༴ གནོད་བྱེད་གཉན་དང་ཀླུ་གདོན་ནད་རིམས་ཡམས་ནད་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ [ཞེས་ལན་བདུན་ནམ་གསུམ་གྱིས་བསྟབ་ལ།] ཛཿབྷྱོ༔ འཁོར་འདས་ཡོངས་ཀྱི་ཁྱབ་བདག་མོ༔ འབྱུང་བ་ལྔ་ཡི་དབང་ཕྱུག་མ༔ མ་ངེས་སྤྲུལ་པའི་གར་མཁན་མོ༔ དགའ་ན་གདོད་མའི་སངས་རྒྱས་སྟོན༔ འཁྲུགས་ན་ངན་འགྲོའི་ཆད་པ་གཅོད༔ ལེགས་ཉེས་གཉིས་ཀྱི་གཉེར་ཁ་འཛིན༔ སྲིད་པའི་དུར་ཕག་མགོ་དགུ་མ༔ ཁྱོད་ཀྱི་ཐུགས་དམ་བསྐང་བའི་ཕྱིར༔ འདོད་ཡོན་ལྔ་ཡི་གཏོར་མ་འབུལ༔ བཞེས་ནས་རྣལ་འབྱོར་བདག་སྐྱོངས་ཤིག༔ ཤ་ཁྲག་དམར་གྱིས་གཏོར་མ་འབུལ༔ བཞེས་ནས་དགྲ་བགེགས་རྡུལ་དུ་རློག༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ ཞལ་དུ་བསྟབ་བོ་བཞེས་མཛོད་ལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ གནོད་བྱེད་དགྲ་བགེགས་ཚར་ཆོད་ཅིག༔ དུས་ལ་བབ་བོ་ས་མ་ཡ༔ [ཞེས་ཕྲིན་ལས་གསོལ། དེ་ནས་ཐུགས་དམ་བསྐུལ་ཞིང་བཟློག་པའི་ཕྲིན་ལས་བཅོལ་བ་ནི།] ཧཱུཾ་ཕེཾ་ཛཿ གནམ་ལྕགས་འཁོར་ལོ་འབར་བའི་གདན་སྟེང་དུ༔ མྱོས་

p. 144

བྱེད་དུག་གི་མེ་ཏོག་པདྨ་ལ༔ མ་མོ་མཁའ་འགྲོ་ཡོངས་འདུས་བདག་ཉིད་དཔལ༔ ཟ་བྱེད་སྲིད་པའི་དུར་ཕག་མགོ་དགུ་མ༔ སྟེང་གི་ཞལ་གསུམ་གྱེན་དུ་བལྟ་བ་ཡིས༔ ཁམས་གསུམ་ལྷ་ཡི་གདོན་ཚོགས་ཧབ་ཀྱིས་ཟ༔ བར་ཞལ་གསུམ་གྱིས་བར་སྣང་བལྟ་བ་ཡིས༔ སྡེ་བརྒྱད་ལྷ་འདྲེའི་གདོན་ཚོགས་མ་ལུས་ཟ༔ འོག་གི་ཞལ་གསུམ་ཐུར་དུ་བལྟ་བ་ཡིས༔ ཀླུ་གཉན་ས་བདག་གདོན་ཚོགས་ཟས་སུ་ཟ༔ མེ་རླུང་དུག་གི་འཚུབས་མ་ཕྱོགས་བཅུར་འཕྲོ༔ ནད་རིམས་ཡམས་ནད་ཐམས་ཅད་བསྲེགས་ཤིང་གཞོམ༔ རྐང་བཞིས་སྐྱེ་བ་རྣམ་བཞིའི་སྒོ་འཕར་གཅོད༔ མཇུག་མས་ཁམས་གསུམ་འཁོར་བའི་སྐྱེ་རྒྱུད་གཅོད༔ སྤྲུལ་པ་ཕག་ཁྱུང་འབར་བའི་ཁྲ་ཐབས་ཀྱིས༔ ཐོགས་བཅས་ཐོགས་མེད་དགྲ་བགེགས་ཐམས་ཅད་སྒྲོལ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ བྷྱོ་ཛཿ ང་རྒྱལ་ལས་བྱུང་ལྷ་ཡི་གདོན་ཚོགས་རྣམས༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ ཕྲག་དོག་ལས་བྱུང་ལྷ་མིན་གདོན་ཚོགས་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ དུགལྔ་ལས་གྱུར་མི་ཡིས་རྒོལ་ངན་ཀུན༔ སྲིད་པའི་དུར་

p. 145

ཕག་ནག་མོའི༴ གཏི་མུག་ལས་བྱུང་དུད་འགྲོས་རྒོལ༴ སྲིད་པའི༴ འདོད་ཆགས་ལས་བྱུང་ཡི་དྭགས་གདོན་ཚོགས་ཀུན༔ སྲིད་པའི་དུར་ཕག༴ ཞེ་སྡང་ལས་བྱུང་དམྱལ་བའི་གནོད་འཚེ་ཀུན༔ སྲིད་པའི༴ སྲིད་པ་ལྷ་ཡིས་རྒོལ་ངན་་གནོད་འཚེ་ཀུན༔ སྲིད་པའི་དུར༴ འཆི་བདག་གཤིན་རྗེས་རྒོལ་ངན་གནོད༴ སྲིད་པའི་དུར༴ མ་མོ་མཁའ་འགྲོས་རྒོལ༴ སྲིད་པའི་དུར༴ ནག་པོ་བདུད་ཀྱིས་རྒོལ་ངན༴ སྲིད་པའི་དུར༴ རཀྟ་སྲིན་པོས་རྒོལ་ངན༴ སྲིད་པའི་དུར༴ དམར་པོ་བཙན་གྱིས༴ སྲིད་པའི༴ འཇིགས་བྱེད་གནོད་སྦྱིན༴ སྲིད་པའི་དུར༴ ཀླུ་གཉན་བདག༴ སྲིད་པའི༴ རཱ་ཧུ་ལ་ཡིས༴ སྲིད་པའི༴ རྡོ་རྗེ་ལེགས་པས༴ སྲིད་པའི༴ གནམ་ཐེའུ་དཀར་པོས༴ སྲིད་པའི༴ བར་ཐེའུ་ཁྲ་བོས༴ སྲིད་པའི༴ སཐེའུ་ནག་པོས༴ སྲིད་པའི༴ གཞི་བདག་ཡུལ་ལྷས༴ སྲིད་པའི༴ མི་མ་ཡིན་གྱིས༴ སྲིད་པའི༴ བྱད་མ་རྦོད་གཏོད་རྒོལ༴ སྲིད་པའི༴ གྲི་སྲི་ཕོ་མོས༴ སྲིད་པའི༴ སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཀུན༴ སྲིད་པའི༴ མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཡམས་ཀུན༔

p. 146

སྲིད་པའི༴ མོ་རྩིས་རྨི་ལྟས་མཚན་མ་ངན་པ་ཀུན༔ སྲིད་པའི༴ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བསྒྱུར༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་བསྒྱུར༔ སངས་རྒྱས་བསྟན་བཤིག་ལག་དམར་སྟེང་དུ༴ དཀོན་མཆོག་དབུ་འཕང་སྨད་པའི༴ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་བསྒྱུར༔ ཆོས་ཉིད་རྣམ་དག་བདེན་པའི་སྟོབས་ཀྱིས་ཟློག༔ རྒྱུ་འབྲས་ཟབ་མོའི་སྟོབས་ཀྱིས་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ མཱ་ར་ཡ་ཕཊ་རྦད་ནན་བྷྱོ་ཟློག༔ [ཅེས་བཟློག་པའི་ཕྲིན་ལས་བསྐུལ་ལོ། །][གཉིས་པ་ཟ་བྱེད་ལྕགས་སྡིག་ནག་པོའི་ཕྲིན་ལས་ནི། མདུན་རྟེན།] སྭ་བྷཱ་ཝ་[ས་སྟོང་པར་སྦྱང༌།] སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་གྲུ་གསུམ་པའི་སྟེང་དུ༔ རཾ་ལས་བསྐལ་པའི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ་ཡི་གེ་དུ་ནག་པོ་འོད་ཀྱི་ཐིག་ལེའི་སྦུབས་སུ་གནས་པ་ལས་འོད་འཕྲོས་པས༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་ཞིང་ཐུགས་དམ་གྱི་རྒྱུད་བསྐུལ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་

p. 147

ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་ཏེ་སྲོག་ཡིག་ལ་ཐིམ༔ ཡང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་རྣམས་ཚར་བཅད༔ དེ་དག་ཚེ་དང་བསོད་ནམས་མཐུ་སྟོབས་ནུས་པ་ཐམས་ཅད་ཚུར་འདུས་སྲོག་གི་ཡི་གེ་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་ཁ་དགུ་རྭ་ཅོ་བརྒྱད་ཡོད་པ་མགོ་ལུས་མེད་པར་མིག་དང་གཉེར་མས་གང་བ༔ ཁ་ནས་དུག་ཁྲག་དང་ནད་ཀྱི་སྐྱེན་མདའ་འཕེན་པ༔ མེ་ལས་མེ་སྟག་འཕྲོ་བ་བཞིན་དུ་སྡིག་པའི་ཚྭ་ཚྭ་སྐར་ལྟར་འཁྲིགས་པས་རྒྱལ་བསེན་གདུག་པའི་སྙིང་ཁྲག་རྡུབ་པ༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འབར་བའི་ཀློང་དུ་གསལ་བར་གྱུར༔ དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུ་ལྕགས་སྡིག་མགོ་དགུ་མེ་འབར་གྱི་རྣམ་པ་ཅན་དུ་བཞེངས་ནས་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་དམ་ཚིག་པ་ལ་གཉིས་མེད་དུ་ཐིམ་པར་[བསམ་ཞིང༌། སྤྱན་འདྲེན་པ་ནི།] ཧཱུྃ༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས༔ རྟ་མགྲིན་ཡང་ཁྲོས་ནག་པོ་དང་༔ དུས་

p. 148

གསུམ་རྒྱལ་བ་སྲས་དང་བཅས༔ ལྕགས་སྡིག་ནག་པོའི་སྐུར་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་སྟུག་པོ་བཀོད་པ་ནས༔ བུདྡྷ་རིགས་ཀྱི་དཀྱིལ་འཁོར་ལྷ༔ ལྕགས་སྡིག་ནག་པོའི་སྐུར་བཞེངས་ལ༔ གཏི་མུག་གཞོམ་ཕྱིར་གཤེགས་སུ་གསོལ༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལྷ༔ ལྕགས་སྡིག་ནག་པོའི༴ ཞེ་སྡང་གཞོམ་ཕྱིར༴ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ལྷ༔ ལྕགས་སྡིག་ནག་པོའི༴ ང་རྒྱལ་གཞོམ་ཕྱིར༴ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ པདྨ་རིགས་ཀྱི་དཀྱིལ་འཁོར་ལྷ༔ ལྕགས་སྡིག་ནག་པོའི༴ ང་རྒྱལ་གཞོམ་ཕྱིར༴ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ པདྨ་རིགས་ཀྱི་དཀྱིལ་འཁོར་ལྷ༔ ལྕགས་སྡིག་ནག་པོའི༴ འདོད་ཆགས་གཞོམ་ཕྱིར༴ བྱང་ཕྱོགས་ལས་རབ་ཞིང་ཁམས་ནས༔ ཀརྨ་རིགས་ཀྱི་དཀྱིལ་འཁོར་ལྷ༔ ལྕགས་སྡིག་ནག་པོའི༴ ཕྲག་དོག་གཞོམ་ཕྱིར༴ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གུ་རུ་དྲག་པོའི་ལྷ་ཚོགས་རྣམས༔ ལྕགས་སྡིག་ནག་པོའི་སྐུར་བཞེངས་ལ༔ རྒྱལ་བསེན་གཞོམ་ཕྱིར ༴ ཆོས་ཉིད་རོལ་པའི་ཀློང་ཡངས་ནས༔ ཡེ་ཤེས་སྒྱུ་འཕྲུལ་རྟེན་བརྟེན་པ༔ མི་མངོན་དབྱིངས་

p. 149

ནས་སྐུར་བཞེངས་ལ༔ རྒྱལ་བསེན་འཇོམས་ཕྱིར༴ མཐའ་དམག་བཟློག་ཕྱིར༴ ནད་རིམས་འཇོམས་ཕྱིར༴ གོད་ཡམས་བཟློག་ཕྱིར༴ རྦོད་གཏོང་བཟློག་ཕྱིར༴ མུ་གེའི་བསྐལ་པ་ངན་པ་དང༌། འཁྲུག་རྩོད་མཚོན་བསྐལ་བཟློག་པའི་ཕྱིར༔ གཞན་གྱིས་མི་ཐུབ་དྲག་ཤུལ་ཅན༔ ཟ་བྱེད་ལྕགས་སྡིག་ནག་པོའི་སྐུར༔ བཞེངས་ནས་གནས་འདིར་གཤེགས་སུ་གསོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ནག་པོ་ཏི་པ་རཱ་ཛ་བཛྲ་མ་ཡ་ཛ་ཛ༔ [བཞུགས་སུ་གསོལ་བ་ནི།] ཧཱུཾ༔ བདག་ལྟའི་རུ་ཏྲ་བསྒྲལ་བའི་ཁྲིར༔ ཟ་བྱེད་ཆེན་པོ་བཞུགས་སུ་གསོལ༔ སྒྲོལ་བྱེད་ཆེན་པོ་བཞུགས་སུ་གསོལ༔ འཇིགས་བྱེད་ཆེན་པོ༴ གསོད་བྱེད་ཆེན་པོ་བཞུགས་སུ་གསོལ༔ བཞུགས་ནས་དྲག་པོའི་ཕྲིན་ལས་མཛོད༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ [ཕྱག་འཚལ་བ་ནི།] ན་མོ༔ རྒྱལ་ཀུན་ཕྲིན་ལས་མངའ་བདག་ལ༔ བསྐལ་ངན་བཟློག་ཕྱིར་ཕྱག་འཚལ་ལོ༔ དགྲ་བགེགས་སྒྲོལ་ཕྱིར༴ ཕྲིན་ལས་སྒྲུབ་ཕྱིར་ཕྱག་ཀྱང་འཚལ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ [མཆོད་པ་འབུལ་བ་ནི།] ཧཱུཾ༔ བདག་འཛིན་རུ་ཏྲ་བསྒྲལ་བ་ལས༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ དབང་ལྔའི་མེ་ཏོག་ཤ་

p. 150

ཚིལ་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི༔ ཤ་རུས་ཞལ་ཟས་སྣ་ཚོགས་པ༔ འཇིགས་བྱེད་ཆེན་པོ་ཁྱེད་ལ་འབུལ༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ འབྲེལ་བའི་གདོན་བགེགས་ལོག་འདྲེན་གྱི༔ ཤ་ཁྲག་སྲོག་དབུགས་ཕུང་པོ་ལྔ༔ ཁམས་དང་སྐྱེ་མཆེད་དབང་ཡུལ་བཅས༔ འཇིགས་བྱེད་ཆེན་པོ་ཁྱོད་ལ་འབུལ༔ ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ དམ་རྫས་རྒྱན་གྱི་གཏོར་མ༴ འདོད་ཡོན་རྒྱན་གྱི་མཆོད་འབུལ་བཞེས༔ བཞེས་ནས་གདུག་པ་ཀུན་འདུས་མཛོད༔ ཨོཾ་བཛྲ་ཨརྒྷཾ་[སོགས་ནས།] ཤཔྡ་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཙིཏྟ་བ་སུ་ཏ་སརྦ་པཱུ་ཛ་ཧོ༔ རཱུ་པ་ཤཔྡ་གྷནྡྷེ་ར་ས་སྤརྴེ་པྲ་ཏཱི་ཙྪ་པཱུ་ཛ་ཧོཿ[བསྟོད་པ་ནི།] ཧཱུྃ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ ཕྲིན་ལས་མཐུ་སྟོབས་ནུས་པ་གཅིག་བསྡུས་པ༔ མི་སྲུན་དྲག་ཤུལ་རྔམས་པའི་སྐུར་སྟོན་ཅིང་༔ རྒྱལ་བསེན་དམ་སྲིའི་གཤེད་དུ་ལྷུན་གྱིས་གྲུབ༔ འཇིགས་བྱེད་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ རྩ་ཞལ་གསུམ་གྱིས་གདོན་གསུམ་ཟས་སུ་རོལ༔ རྭ་ཡིས་སྟེང་གི་ལྷ་གདོན་ཐམས་ཅད་འབིགས༔ གཡས་ཞལ་གསུམ་གྱིས་གཉན་དང་སྡེ་བརྒྱད་འཇོམས༔ གཡོན་ཞལ་གསུམ་

p. 151

གྱིས་དུས་འཁྲུགས་མཚོན་བསྐལ་གཞོམ༔ མཇུག་མ་བྱ་རོག་གདོང་གིས་ཀླུ་གདོན་ཟ༔ བསྐལ་པའི་མེ་འབར་སྲིད་གསུམ་གདུག་པ་བསྲེགས༔ དུག་གི་རླངས་པས་སྨོན་ལོག་དགྲ་འདྲེ་གསོད༔ སྤྱན་མིག་སྟོང་གིས་ཁམས་གསུམ་ས་ལེར་གཟིགས༔ སྤྲུལ་པ་དུག་མཚོན་ཐུན་གྱི་ཡོ་ལང་འགྱེད༔ སྤྲུལ་པའི་ལྕགས་སྡིག་མེ་སྟག་བཞིན་དུ་འཕྲོ༔ སྲིད་གསུམ་གདུག་པ་འདུལ་མཛད་ཁྱོད་ལ་བསྟོད༔ སྤྲོས་བྲལ་ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་༔ གདུལ་དཀའ་འདུལ་ཕྱིར་ཐབས་ཀྱི་སྐུར་སྟོན་ཅིང་༔ ཁྱད་པར་ཞིང་བཅུའི་སྲོག་གི་གཤེད་དུ་བཞེངས༔ འཁོར་བའི་རྒྱུ་རྐྱེན་གསོད་པའི་ཕོ་ཉ་བ༔ འགོང་པོ་སྤུན་དགུའི་གཤེད་པོ་ཁྱོད་ལ་བསྟོད༔ བདག་དང་བསྟན་འགྲོ་ཡོངས་ལ་འཚེ་བྱེད་པའི༔ སྨོན་ལམ་ལོག་པའི་དགྲ་འདྲེའི་སྙིང་ཁྲག་འཐུང་༔ ཉོན་མོངས་དུག་ལྔའི་རྒྱུད་དུ་འཁྲུལ་པ་ཡི༔ བག་ཆགས་ལས་ཀྱི་རྣམ་སྨིན་འབྲས་བུ་ལས༔ སྐྱེ་འགྲོའི་སྲོག་ལ་རྒྱུ་ཞིང་དུས་ཀུན་ཏུ༔ ལས་རླུང་རྟར་ཞོན་གདུག་རྩུབ་མཚོན་ཐོགས་ཏེ༔ དལ་མེད་སྲིད་པའི་ཁམས་སུ་རྒྱུ་བ་ཡིས༔ ཐར་མེད་ལས་ཀྱི་ས་བོན་འདེབས་མཆིས་པའི༔ མ་རིག་འདྲེ་གདོན་རྒྱལ་བསེན་བདུད་དམ་སྲི༔

p. 152

གཞན་གྱིས་ཐུལ་དཀའ་འཇིགས་བྱེད་ཁྱོད་ལ་གཏད༔ མ་ཤོར་ཉོན་མོངས་འཁྲུལ་པའི་གཞི་རྩ་བཤིག༔ ཁམས་གསུམ་འཁོར་བའི་སྐྱེ་རྒྱུད་གཅོད་པར་མཛོད༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ [ཞེས་བསྟོད། འཛབ་བཟླ་བ་ནི།] དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་མ་ལུས་པ་གཅིག་ཏུ་བསྡུས་ཏེ་ལྕགས་སྡིག་ནག་པོའི་རྣམ་པར་ཤར་བའི་སྙིང་གར་ཧཱུཾ་ནག་པོ་མེ་འབར་བའི་མཐར་སྔགས་ཕྲེང་འོད་དམར་གྱི་ཟེར་ཐག་མགལ་མེའི་འཁོར་ལོ་ལྟར་སྒ་ར་ར་གཡས་སུ་འཁོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཁོར་འདས་ཀྱི་དྭངས་བཅུད་མཐུ་ནུས་ཐམས་ཅད་བསྡུས་ཏེ་ལྕགས་སྡིག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་བསྐལ་པའི་མེ་ཡི་ཕུང་པོ་ལྟར་རབ་ཏུ་རྒྱས་ཤིང་འབར་བར་བསམ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཏི་པ་ཀ་ལ་རཱ་ཛ་ཕེཾ་ཕེཾ་ཛ་ཛ༔ [ཞེས་ཅི་ནུས་སུ་བཟླ་བ་བསྙེན་པ་དང༌། ལས་སྦྱོར་དྲག་སྔགས་ནི།] ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ནག་པོ་ཏི་པ་རཱ་ཛ་ས་མ་ཡ་རྦད་བྷྱོ༔ ཏྲི་རཱ་ཛ་རྒྱལ་པོའི་ཙིཏྟ་ཟུངས་ཟུངས༔ བསེན་མོའི་སྲོག་ལ་ཡ་རྦདཿ ཡ་ཏྲི་ཡ༔ ཡ་ཏྲི་ཡ༔ མ་ཏྲི་ཡ༔ མ་ཏྲི་ཡ༔ མ་ཞུ་ཏྲི་ཡ༔ མ་ཞུ་ཏྲི་ཡ༔ ཏྲི་རཱ་ཛ་རྒྱལ་བསེན་གདུག་པའི་བླ་ལ་རྦད་རྦད༔ ཚེ་ལ་རྦད་རྦད༔ སྲོག་ལ་རྦད་རྦད༔ དུ་ཏྲི་

p. 153

ཀ་ལ་རཱུ་པ་གནོད་བྱེད་འབྱུང་པོ་ཐམས་ཅད་མཱ་ར་ཡ་སོད་སོད་རྦད་བྷྱོ༔ མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་ཀེཾ་ནི་རི་ཏི་ལ་ཁཱ་ཧི་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ་༔ [ཞེས་བསྙེན་པའི་བཅུ་ཆ་ཙམ་བཟླ། ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་པར་རཀྟས་བྲན་ལ། བདེན་སྟོབས་བརྗོད་པ་སྤྱི་ལྟར་ལས] ཁྱད་པར་དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོ་ལས་མཁན་ཟ་བྱེད་ལྕགས་སྡིག་ནག་པོ་སྤྲུལ་པ་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་ལ་བརྐུ་བ༔ སྲོག་ལ་འཇབ་པ༔ བླ་ལ་ཁྱེར་བ༔ ཡིད་ལ་བརྣག་པ༔ མི་ལ་ན་ཚ༔ ཕྱུགས་ལ་གོད་ཁ༔ བློ་ཉེས་འཁོན་འཁྲུགས༔ སྙིང་རླུང་སྨྱོ་འབོགས་སོགས་གཏོང་བའི་རྒྱལ་འགོང་བསེན་ཀེག་སྲི་སྨྱོ་འདྲེ་ཟ་འདྲེ་འབྱུང་པོ་གནོད་ཅིང་འཚེ་བ་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ཏི་པ་ཀ་ལ་རཱ་རྫ་ས་མ་ཡ་ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོ༔ [ཞེས་ལན་གསུམ་སོགས་ཀྱིས་བཀུག་ལ།] དབྱིངས་ནས་ཐུན་མཚོན་སྣ་ཚོགས་ཀྱི་ཆར་བབས་པས་དམིགས་བྱའི་གཟུགས་ཕུང་ཚལ་པ་དུམ་བུ་ཐལ་བའི་རྡུལ་ཕྲན་བཞིན་དུ

p. 154

བརླག་པར་[བསམ།] ཨོཾ་ཨཱཿཧཱུཾ་ཧོཿ[ས་བདུད་རྩི་སྤར་ནས།] དགྲ་བགེགས་བསྒྲལ་བའི་ཤ་རི་ཁྲག་མཚོ་དེ་ཉིད་ཟ་བྱེད་ལྕགས་སྡིག་ནག་པོས་ཁྱི་ལྟོག་གིས་ཤ་ཟན་རོལ་པ་བཞིན་ཧབ་ཧབ་མྱག་མྱག་ཏུ་གསོལ་བར་[བསམ་ཞིང༌།] ནག་པོ་ཏི་པ་རཱ་ཛ་ས་མ་ཡ་གནོད་བྱེད་གདུག་པ་ཅན་གྱི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁ་རཾ་ཁཱ་ཧི༔ [ཞེས་ལན་དགུར་ཕུལ་ནས།] ཧཱུྃ༔ ཟ་གསོད་ལས་ཀྱི་ཕོ་ཉ་རྔམས་པའི་སྐུ༔ དྲག་ཤུལ་སྟོབས་ལྡན་ལྕགས་སྡིག་ནག་པོ་ཁྱོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དྲག་ཁྲོས་རྔམས་པའི་ཚུལ་གྱིས་སྐུར་བཞེངས་ནས༔ རྭ་ཡིས་སྟེང་གི་ལྷ་གདོན་འདུལ་བར་མཛོད༔ མགོ་དགུས་ཕྱོགས་མཚམས་གདོན་ཚོགས་ཐམས་ཅད་ཐུལ༔ འགོང་པོ་སྤུན་དགུའི་སྡེ་དཔུང་ཆམ་ལ་ཕོབ༔ ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ཟས་སུ་རོལ༔ རྣམ་ཤེས་འཁྲུལ་མི་ཤེས་པའི་དབྱིངས་སུ་སྤོར༔ བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་གྱི༔ མི་བཟོད་སྡུག་བསྔལ་ན་ཚ་རྐྱེན་སྣང་ཀུན༔ ཞི་བཟློག་གཞོམ་པའི་ཕྲིན་ལས་ད་མཛོད་ཅིག༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ [ཞེས་ཕྲིན་ལས་གསོལ། དེ་ནས་ཐུགས་དམ་བསྐུལ་ཞིང་བཟློག་པའི་ཕྲིན་ལས་བཅོལ་བ་ནི།] ཧཱུྃ་ཛཿ སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་

p. 155

འཁོར་ནས༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཟ་བྱེད་ལྕགས་སྡིག་ནག་པོའི་སྐུར་བཞེངས་ལ༔ རྒྱལ་འགོང་དམ་སྲིད་འདུལ་བའི་ཕྲིན་ལས་མཛོད༔ ཕྲིན་ལས་མངོན་སྤྱོད་ལྷུན་གྲུབ་དཀྱིལ་འཁོར་ནས༔ བཀའ་སྲུང་དྲེགས་པ་དམ་ཅན་རྒྱ་མཚོའི་ཚོགས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་དུས་ལ་བབ༔ ཟ་བྱེད་ལྕགས་སྡིག་ནག་པོའི་སྐུར་བཞེངས་ལ༔ བདུད་དང་དམ་སྲི་དུས་མཐའི་འགོང་ནག་སོགས༔ བསྒྲལ་ཞིང་བརླག་པའི་ཕྲིན་ལས་ད་མཛོད་ལ༔ བསྟན་འགྲོ་བདེ་ལ་འགོད་པའི་ཕྲིན་ལས་མཛོད༔ གང་གི་མི་ཤིགས་ཡེ་ཤེས་རྡོ་རྗེའི་སྐུ༔ བལྟར་མི་བཟོད་ཅིང་ཉེ་བར་མི་ནུས་པའི༔ དྲག་ཤུལ་སྟོབས་ཀྱི་བདག་པོ་ཆེ་བའི་མཆོག༔ ཕྲིན་ལས་མངའ་བདག་ལྕགས་སྡིག་ནག་པོ་ཁྱོད༔ སྔོན་གྱི་སྨོན་ལམ་མཐུ་དང་རང་དམ་གྱིས༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ རྦད་དོ་དམ་སྲི་རྒྱལ་བསེན་སྲོག་ལ་རྦད༔ སྐྱེ་འགྲོའི་བདེ་བཅོམ་ནག་ཕྱོགས་བདུད་སྡེའི་དཔུང་༔ གཟུགས་ཅན་གཟུགས་མེད་དགྲ་དང་བགེགས་ལ་རྦད༔ རྗེས་ལྷག་མེད་པར་མྱུར་དུ་ད་སྒྲོལ་ཅིག༔ ཐུགས་

p. 156

དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་བྷྱོ༔ ཞི་ཁྲོ་བཀའ་བརྒྱད་ཡོངས་འདུས་ཕྲིན་ལས་དཔལ༔ དཔལ་དགུའི་སྤྱི་གཟུགས་འཇིགས་བྱེད་ཆེན་པོ་ཁྱོད༔ བསྐུལ་ལོ་རྦད་དོ་མངོན་སྤྱོད་ཕྲིན་ལས་མཛོད༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་གསུམ་ནས༔ རྒོལ་ཞིང་སྡང་བའི་དགྲ་བགེགས་གནོད་བྱེད་ཀུན༔ བཟློག་བསྒྱུར་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ སངས་རྒྱས་རིགས་ཀྱི་ཕྲིན་ལས་མངའ་བདག་ཁྱོད༔ གཏི་མུག་དགྲ་བགེགས་བཟློག་པའི་ཕོ་ཉར་བསྐུལ ༔ སྟེང་འོག་བར་གསུམ་དགྲ་བགེགས་གནོད་བྱེད་ཟློག༔ རྡོ་རྗེ་རིགས་ཀྱི་ཕྲིན་ལས་མངའ་བདག་ཁྱོད༔ ཞེ་སྡང་དགྲ་བགེགས་བཟློག་བསྒྱུར་ལས་ལ་བསྐུལ༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་གནོད་བྱེད་ཟློག༔ ཞེ་སྡང་ལས་གྱུར་ནད་རིམས་གཞོམ་པར་མཛོད༔ རིན་ཆེན་རིགས་ཀྱི་ཕྲིན་ལས་མངའ་བདག་ཁྱོད༔ ང་རྒྱལ་དགྲ་བགེགས་བཟློག་བསྒྱུར་ལས་ལ་བསྐུལ༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་གནོད་བྱེད༴ ང་རྒྱལ་ལས་བྱུང་ནད་རིམས་གཞོམ་པར༴ པདྨ་རིགས་ཀྱི་ཕྲིན་ལས་མངའ༴ འདོད་ཆགས་དགྲ་བགེགས་བཟློག་བསྒྱུར༴ ནུབ་

p. 157

ཀྱི་ཕྱོགས་ཀྱི་དགྲ་བགེགས་གནོད༴ འདོད་ཆགས་ལས་བྱུང་ནད་རིམས༴ ཀརྨ་རིགས་ཀྱི་ཕྲིན་ལས་མངའ༔ ཕྲག་དོག་དགྲ་བགེགས་བཟློག་བསྒྱུར༴ བྱང་གི་ཕྱོགས་ཀྱི་དགྲ་བགེགས༴ ཕྲག་དོག་ལས་བྱུང་ནད་རིམས༴ རིགས་འདུས་བླ་མའི་ཕྲིན་ལས༴ ཕོ་གདོན་མ་ལུས་འདུས་པའི༴ རྒྱལ་འགོང་གདུག་པའི་གདོན་ཚོགས་བཟློག་ཏུ་གསོལ༔ ཞེ་སྡང་རྒྱལ་པོའི་ནད་རྣམས་གདོན་པར་མཛོད༔ ཡི་དམ་རྒྱུད་སྡེའི་ཕྲིན་ལས་མངའ་བདག་ཁྱོད༔ གཏི་མུག་ཀླུ་གདོན་འདུལ་བའི་ལས་ལ་བསྐུལ༔ ཀླུ་གཉན་ས་བདག་གདོན་ཚོགས་བཟློག་ཏུ་གསོལ༔ གཏི་མུག་ལས་བྱུང་ནད་རིམས་གཞོམ་པར་མཛོད༔ མ་དང་མཁའ་འགྲོའི་ཕྲིན་ལས་མངའ་བདག་ཁྱོད༔ འདོད་ཆགས་མོ་གདོན་འདུལ་བའི་ལས་ལ་བསྐུལ༔ མོ་གདོན་བསེན་མོའི་གདོན་ཚོགས་བཟློག་ཏུ་གསོལ༔ འདོད་ཆགས་ལས་བྱུང་ནད་རིམས་གཞོམ་པར་མཛོད༔ ཡེ་ཤེས་འཇིག་རྟེན་སྲུང་མའི་མངའ་བདག་ཁྱོད༔ བྱད་ཁ་རྦོད་གཏོང་བཟློག་བསྒྱུར་ལས་ལ་བསྐུལ༔ བན་བོན་ཀླ་ཀློའི་བྱད་ཁ་རྦོད་གཏོང་ཟློག༔ ཕ་རོལ་བསམ་སྦྱོར་ངན་པའི་ནད་གཞོམ་མཛོད༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དགྲ་ལ་ཟློག༔

p. 158

སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དགྲ་ལ༴ མོ་རྩིས་རྨི་ངན་ཐན་ལྟས་ངན་པ་ཟློག༔ ལོ་ཟླ་ཞག་དུས་ཟ་མའི༴ གེགས་རྣམས༴ ནད་མཚོན་མུ་གེའི་བསྐལ་པ་ངན་པ༴ མི་ནད་ནོར་གྱི་གོད་ཁ་མཐའ་དག༴ མདོར་ན་མི་མཐུན་ཕྱོགས་ངན་ཐམས་ཅད་ཀུན༔ ཞི་འཇོམས་མནན་བསད་བསྲེག་བཟློག་ཕྲིན་ལས་མཛོད༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུག་གོ༔ གུ་རུ་དེ་ཝཌཱ་ཀི་ནཱི་ནག་པོ་ཏི་པ་རཱ་ཛ་ས་མ་ཡ་གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་སོད་བྷྱོ་ཟློག༔ [ཅེས་བཟློག་པའི་ཕྲིན་ལས་བཅོལ། རྗེས་ཟ་ལམ་བསྟན་པ་ནི།] ཧཱུྃ་བྷྱོ༔ ཆོས་དབྱིངས་སྐྱེ་བ་མེད་པའི་མཁའ་ཀློང་ནས༔ ཆོས་སྐུའི་དཀྱིལ་འཁོར་རྒྱ་མཚོ་དབྱིངས་ནས་བཞེངས༔ རང་བཞིན་འགགས་པ་མེད་པའི་དཀྱིལ་འཁོར་ནས༔ ལྷུན་གྲུབ་ལོངས་སྐུའི་དཀྱིལ་འཁོར་དབྱིངས་ནས་བཞེངས༔ ཀུན་ཁྱབ་ཕྱོགས་མཐའ་ཡས་པའི་འཇིག་རྟེན་ནས༔ སྤྲུལ་སྐུའི་དཀྱིལ་འཁོར་མ་ལུས་སྐུར་བཞེངས་ཤིག༔ ཟ་བྱེད་ལྕགས་སྡིག་འདི་ལ་ནུས་བྱིན་བསྐྱེད༔ ཧཱུྃ་བྷྱོ༔ ཟ་བྱེད་གསོད་བྱེད་ལས་ཀྱི་ཕོ་ཉ་ཁྱེད༔ ཆོས་ཤིག་རྒྱུག་ཅིག་རྒྱལ་པོའི་ཡུལ་དུ་ཆོས༔ རྒྱལ་འགོང་གདུག་པའི་སྡེ་ཚོགས་ཆམ་ལ་ཕོབ༔ ཆོས་ཤིག་རྒྱུག་ཅིག་བསེན་མོའི་ཡུལ་དུ་ཆོས༔

p. 159

མོ་གདོན་འདྲེ་མོའི་སྡེ་ཚོགས་ཆམ་ལ་ཕོབ༔ ཆོས་ཤིག་རྒྱུག་ཅིག་ཀླུ་ཡི་ཡུལ་དུ་ཆོས༔ ཀླུ་གཉན་ས་བདག་སྡེ་ཚོགས་ཆམ་ལ་ཕོབ༔ ཆོས་ཤིག་རྒྱུག་ཅིག་བྱད་མའི་ཡུལ་དུ་ཆོས༔ བྱད་མ་རྦོད་གཏོང་མ་ལུས་ཆམ་ལ་ཕོབ༔ ཆོས་ཤིག་རྒྱུག་ཅིག་གདོན་གྱི་ཡུལ་དུ་ཆོས༔ ཕྱོགས་བཅུའི་གདོན་ཚོགས་འབྱུང་པོ་ཆམ་ལ་ཕོབ༔ གུ་རུ་དེ་ཝ་ཌཱ་ཀི་ནི་ནག་པོ་ཏི་པ་རཱ་ཛ་ས་མ་ཡ་ཆོ་ཆོ་རྒྱུགས་རྒྱུགས་རྦད་རྦད་བྷྱོ་བྷྱོ་གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་སོད་ཁ་རཾ་ཁཱ་ཧི༔ [ཞེས་ལོ་བདུད་ཕྱོགས་སམ་གནོད་པའི་ཕྱོགས་སུ་བསྐྱལ་ལོ། །][གསུམ་པ་ཁྱུང་ནག་དུག་གི་སྤྲུ་གྲིའི་ཕྲིན་ལས་ནི། མདུན་རྟེན།] ཤུ་ནྱ་ཏ[ས་བསང་སྦྱང༌།] སྟོང་པའི་ངང་ལས་མདུན་དུ་དུག་གི་རྒྱ་མཚོ་ཆེན་པོ་གཏིང་ཟབ་པའི་ཀློང་དུ་དཔག་བསམ་གྱི་ལྗོན་ཤིང་སྡོང་པོ་ཆེ་བ་ཡལ་ག་ལྔ་རུ་གྱེས་པའི་ཕྱོགས་བཞི་དབུས་ལྔར་པདྨ་དང་ཉི་མའི་གདན་ལ་རང་ཉིད་དྲག་པོའི་ཐུགས་ཀ་ནས་ཁྲ་ཡིག་ལྔ་འཕྲོས་ནས་བབས་པ་ལས་འོད་ཟེར་ཡར་འཕྲོས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་མཆོད༔ དབང་བྱིན་དངོས་གྲུབ་ཐམས་ཅད་ཚུལ་འདུས་ཁྲོཾ་ཡིག་རྣམས་ལ་ཐིམ༔ མར་འཕྲོས་དགྲ་བགེགས་ལོག་འདྲེན་ཀླུ་གཉན་གདུག་པ་ཅན་ཐམས་ཅད་ཚར་བཅད༔

p. 160

དེ་དག་གི་ཚེ་བསོད་དཔལ་ཡོན་ནུས་མཐུ་ཐམས་ཅད་ཚུར་འདུས་ཁྲོཾ་ཡིག་རྣམས་ལ་ཐིམ༔ དབུས་ཀྱི་ཁྲོཾ་ལས་རྒྱལ་རིགས་ཀླུའི་གཉེན་པོ་ཡེ་ཤེས་ཀྱི་བྱ་ཁྱུང་མཐིང་ནག་ཆོས་དབྱིངས་ཡེ་ཤེས་ཀྱི་མེ་དཔུང་མཐིང་ནག་ཏུ་འབར་བ༔ ཤར་གྱི་ཁྲོཾ་ལས་རྡོ་རྗེ་རིགས་ཀླུའི་གཉེན་པོ་དུང་གི་བྱ་ཁྱུང་དཀར་པོ་མེ་ལོང་ཡེ་ཤེས་ཀྱི་མེ་འབར་བ༔ ལྷོ་ཡི་ཁྲོཾ་ལས་དམངས་རིགས་ཀླུའི་གཉེན་པོ་གསེར་གྱི་བྱ་ཁྱུང་སེར་པོ་མཉམ་ཉིད་ཡེ་ཤེས་ཀྱི་མེ་འབར་བ༔ ནུབ་ཀྱི་ཁྲོཾ་ལས་བྲམ་ཟེའི་ཀླུའི་གཉེན་པོ་ཟངས་ཀྱི་བྱ་ཁྱུང་དམར་པོ་སོར་རྟོག་ཡེ་ཤེས་མེ་འབར་བ༔ བྱང་གི་ཁྲོཾ་ལས་གདོལ་རིགས་ཀླུའི་གཉེན་པོ་དུག་ཁྱུང་ནག་པོ་བྱ་གྲུབ་ཡེ་ཤེས་ཀྱི་མེ་འབར་བ༔ ཀུན་ཀྱང་གནམ་ལྕགས་ཀྱི་རྭ་གཉིས་གནམ་ལ་གཟེང་བ༔ སྤྱན་གསུམ་ཉི་མ་འབུམ་གྱི་འོད་ཟེར་འབར་ཞིང་འཕྲོ་བ༔ ཁྲོ་གཉེར་ཆུའི་གཉེར་མ་ལྟར་དུ་འཁྲུགས་པ༔ ལྕགས་ཀྱི་སྡེར་མོས་ཀླུ་གཉན་རིགས་ལྔ་རྒྱ་མཚོའི་གཏིང་ནས་འདྲེན་ཅིང་གནམ་ལྕགས་ཀྱི་མཆུས་མགོ་བོ་ཉོག་ཉོག་ཏུ་ཟ་བ༔ མེའི་གཤོག་པ་རྡེབ་པས་ཉི་ཟླ་ཙོག་པུར་འཕེན་ཅིང་༔ སྤུ་རྣམས་སྤྲུགས་པས་ཉི་ཚན་དང་བྱེ་ཚན་དང་རྡོ་རྗེའི་སེར་བ་དྲག་ཏུ་འབེབས་པ༔ ཀྲིཾ་ཀྲིཾ་གི་སྒྲ་དྲག་པོ་བསྒྲགས་པ་ཙམ་གྱིས་ས་

p. 161

བདག་ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་འབོག་པ༔ ཁྱུང་གི་ཚྭ་ཚྭ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་ཕྱོགས་བཅུའི་སྡེ་བརྒྱད་ཐམས་ཅད་ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན་དུ་ཧབ་ཧབ་གསོལ་བ༔ རྐང་པས་གཟའ་ཀླུ་སྡེ་བརྒྱད་ཐམས་ཅད་གནོན་ཅིང་རྭ་བར་ན་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་ཆར་ཆེན་པོ་འབེབས་པ༔ མཚོན་ཆ་ཐུན་རྫས་སྣ་ཚོགས་ཀྱི་བུ་ཡུག་འཚུབས་པས་བྱད་མ་གནོད་བྱེད་ཐམས་ཅད་རྡུལ་དུ་བརླག་པ༔ ཐུགས་ལས་སྤྲུལ་པའི་བཀའ་སྲུང་དྲེགས་པའི་ཚོགས་ནམ་མཁའི་མཐའ་དང་མཉམ་པར་འཕྲོས་ནས་བསྟན་དགྲ་སྡེ་དང་བཅས་པ་ཐམས་ཅད་ཐལ་བར་བརླག་ཅིང་ཟས་སུ་ཟ་བར་གྱུར༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག༔ དེ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུ་བྱ་ཁྱུང་རིགས་ལྔའི་སྐུར་བཞེངས་ཏེ་བསྐྱེད་པའི་ལྷ་རྣམས་ལ་སིབ་སིབ་ཐིམ་པར་[བསམ་ཞིང༌། སྤྱན་འདྲེན་པ་ནི།] ཧཱུྃ༔ ཆོས་ཀྱི་

p. 162

དབྱིངས་ཀྱི་ཡེ་ཤེས་སྐུ༔ བུདྡྷ་རིགས་ཀྱི་དཀྱིལ་འཁོར་ལྷ༔ སངས་རྒྱས་ཁྱུང་ཆེན་སྐུར་བཞེངས་ཤིག༔ གཏི་མུག་འདུལ་ཕྱིར་གཤེགས་སུ་གསོལ༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ་བཛྲ་རིགས་ཀྱི་དཀྱིལ་འཁོར་ལྷ༔ རྡོ་རྗེ་ཁྱུང་ཆེན་སྐུར་བཞེངས་ཤིག༔ ཞེ་སྡང་འདུལ་ཕྱིར་གཤེགས་སུ་གསོལ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ རཏྣ་རིགས་ཀྱི་དཀྱིལ་འཁོར་ལྷ༔ རིན་ཆེན་ཁྱུང་ཆེན་སྐུར་བཞེངས་ཤིག༔ ང་རྒྱལ་འདུལ་ཕྱིར་གཤེགས་སུ་གསོལ༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ པདྨ་རིགས་ཀྱི་དཀྱིལ་འཁོར་ལྷ༔ གསུང་གི་ཁྱུང་ཆེན་སྐུར་བཞེངས་ཤིག༔ འདོད་ཆགས་འདུལ་ཕྱིར་གཤེགས་སུ་གསོལ༔ བྱ་བ་གྲུབ་པའི་ཡེ་ཤེས་སྐུ༔ ཀརྨ་རིགས་ཀྱི་དཀྱིལ་འཁོར་ལྷ༔ ལས་ཀྱི་ཁྱུང་ཆེན་སྐུར་བཞེངས་ཤིག༔ ཕྲག་དོག་འཇོམས་ཕྱིར་གཤེགས་སུ་གསོལ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཌ་སརྦ་བཛྲ་ས་མ་ཡ་ཛ་ཛ༔ [བཞུགས་སུ་གསོལ་བ་ནི།] ཧཱུྃ༔ བདག་འཛིན་གདུག་པ་ཀླུ་གཉན་ཁྲིར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ འཇིགས་བྱེད་བྱ་ཁྱུང་བཞུགས་སུ་གསོལ༔ བདུད་འདུལ་ཁྱུང་ལྔ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ [ཕྱག་འཚལ་བ་ནི།] ན་མོ༔

p. 163

བདག་ལྟའི་རཱུ་ཏྲ་བཤིགས་པ་དང་༔ རྒྱུ་དྲུག་འཁོར་བ་གཞོམ་པའི་ཕྱིར༔ ཡེ་ཤེས་ཁྱུང་ཆེན་རིགས་ལྔ་ལ༔ རྣམ་གསུམ་གུས་པས་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ [མཆོད་པ་འབུལ་བ་ནི།] ཧཱུྃ༔ གཟུང་འཛིན་བདག་མེད་ཆེར་བསྒྲལ་བའི༔ སྣང་སྲིད་མཆོད་པའི་སྤྲིན་དུ་བསྒྱུར༔ ཡེ་ཤེས་ཁྱུང་ཆེན་དགྱེས་ཕྱིར་འབུལ༔ ཆོས་ཉིད་རང་ངོར་རང་གྲོལ་མཛོད༔ སྟོང་ཉིད་དྭངས་གསལ་ཆེན་པོའི་མཁར༔ ཅིར་ཡང་སྣང་བའི་སྒྱུ་འཕྲུལ་ལས༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་བྱང་ཆུབ་སེམས༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ དགྲ་བགེགས་གདུག་པའི་དབང་ཡུལ་བླ༔ ཕུང་ཁམས་སྐྱེ་མཆེད་མ་ལུས་པ༔ ཡེ་ཤེས་བྱ་ཁྱུང་དགྱེས་ཕྱིར་འབུལ༔ ཁྱད་པར་ཀླུ་གཉན་གནོད་བྱེད་སྡེ༔ ཆབ་སྲིད་འབངས་འཁོར་མཐུ་ནུས་བཅས༔ ཡེ་ཤེས་བྱ་ཁྱུང་དགྱེས་ཕྱིར་འབུལ༔ བཞེས་ནས་འཇིག་རྟེན་བདེ་ལེགས་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་རཱུ་པ་[སོགས་]སྤརྴེ་དྷརྨ་པྲ་ཏཱི་ཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ [བསྟོད་པ་ནི།] ཧཱུྃ༔ གདོད་ནས་ཡེ་སངས་རྒྱས་པ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ཡེ་ཤེས་ལྔ་

p. 164

ཡི་དལ༔ གང་འདུལ་ཐབས་ཀྱིས་རབ་འཇིགས་སྐུར་སྟོན་པ༔ བཅོམ་ལྡན་བྱ་ཁྱུང་རིགས་ལྔའི་སྐུ་ལ་བསྟོད༔ མཐོང་བ་ཙམ་གྱིས་ཆོས་ཉིད་དོན་རྟོགས་ཤིང་༔ ཐོས་པས་སྡེ་བརྒྱད་དྲེགས་པའི་དཔའ་ཟིལ་བཀོང་༔ དྲན་པས་ལྟ་ལོག་བདུད་ཀྱི་གྲུབ་མཐའ་འཇིག༔ རེག་པས་ཉོན་མོངས་འཁོར་བའི་གཅོང་ནད་འཇོམས༔ འབྲེལ་བ་ཙམ་གྱིས་འཁོར་བའི་ས་བོན་སྟོང་༔ བཅོམ་ལྡན་བྱ་ཁྱུང་རིགས་ལྔར་ཕྱག་འཚལ་བསྟོད༔ [འཛབ་བཟླ་བ་ནི།] མདུན་གྱི་བྱ་ཁྱུང་རིགས་ལྔ་རང་རང་གི་ཐུགས་ཀར་ཉི་ཟླའི་གདན་ལ་རང་མདོག་ཁྲོཾ་ཡིག་མེ་འབར་བ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར༔ བདག་ཉིད་ཡི་དམ་གཏུམ་དྲག་ཡང་ཁྲོས་ནག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཚ་ལ་རྩུབ་པ་འཕྲོས་པས་བྱ་ཁྱུང་རིགས་ལྔའི་ཐུགས་སྲོག་ལ་ཕོག༔ དེ་དག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཡེ་ཤེས་ཀྱི་བྱ་ཁྱུང་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པས་མཐུ་རྩལ་ནུས་པ་རབ་ཏུ་འབར་བར་[བསམ་ཞིང༌།] ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ་ཛ་ཛ༔ [ཞེས་གཙོ་བོར་བཟླ་བ་བསྙེན་པ་དང༌། ཡང༌།] རང་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་བྱ་ཁྱུང་རིགས་ལྔའི་ཐུགས་ཀར་ཕོག་པ་ཙམ་གྱིས་ཐུགས་དམ་གྱི་རྒྱུད་རབ་

p. 165

ཏུ་བསྐུལ་ནས་སྤྲུལ་པ་ལས་བྱེད་ཁྱུང་རྒོད་ཤན་པའི་དམག་དཔུང་བསམ་གྱིས་མི་ཁྱབ་པས་གང་ལ་དམིགས་པའི་ཡུལ་ཐམས་ཅད་གང་སྟེ་གནོད་བྱེད་དགྲ་བགེགས་ཀླུ་གཉན་ས་བདག་གདུག་པ་ཅན་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་སོང་བར་[བསམ་ལ།] ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཌ་ཧཱུྃ་ཧཱུྃ་ཕཊ༔ ནཱ་ག་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད༔ [ཅེས་དང༌།] ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཌ་ས་མ་ཡ༔ གནོད་བྱེད་ཀླུ་གཉན་གདུག་པའི་བླ་ལ་རྦད་རྦད༔ སྲོག་ལ་རྦད་རྦད༔ སོད་སོད་མྱོག་མྱོག༔ ཕཊ་ཕཊ་རཾ་རཾ་སྭཱ་ཧཱ༔ [ཞེས་དང༌།] ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཌ་སརྦ་ས་མ་ཡ་ཛ་ཛ༔ ནཱ་ག་གཉན་སརྦ་ཏའི་སྲག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ བླ་ལ་རྦད་རྦད༔ ཤ་ཁྲག་རུས་པ་ལ་རྦད་རྦད༔ ཕུང་ཁམས་སྐྱེ་མཆེད་ལ་རྦད་རྦད༔ ཛྭ་ལ་རཾ་རཾ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁ་རཾ་ཁཱ་ཧི་སྭཱ་ཧཱ༔ [ཞེས་ལས་སྔགས་རྣམས་བསྙེན་པའི་འགྲོས་དང་སྦྱར་ཏེ་བཟླ། ཐུན་མཚམས་སུ་གཏོར་མ་འབུལ་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་པར་རཀྟས་བྲན་ལ། བདེན་སྟོབས་བརྗོད་པ་སྤྱི་ལྟར་ལས།] ཁྱད་པར་དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོ་འཇིགས་བྱེད་ཁྱུང་ཆེན་རིགས་ལྔ་སྤྲུལ་

p. 166

པ་ལས་མཁན་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་ལ་བརྐུ་བ༔ སྲོག་ལ་འཇབ་པ༔ བླ་ལ་ཁྱེར་བ༔ ཡིད་ལ་བརྣག་པ༔ མི་ལ་ན་ཚ༔ ཕྱུགས་ལ་གོད་ཁ༔ མཛེ་ཤུ་ཕོལ་མིག༔ གློ་བུར་ཡེ་འདྲོགས༔ མི་འདོད་ཐན་ལྟས་ངན་པ་སོགས་གཏོང་བའི་རྒྱལ་འགོང་བསེན་མོ་དམ་སྲི་འབྱུང་པོ་ཀླུ་གཉན་ས་བདག་རྦད་འདྲེ་རྦོད་གཏོང་གནོད་ཅིང་འཚེ་བ་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཌ་ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོཿ [ཞེས་ལན་གསུམ་སོགས་ཀྱིས་བཀུག་ལ།] དབྱིངས་ནས་ཐུན་མཚོན་སྣ་ཚོགས་ཀྱི་ཆར་བབས་པས་དམིགས་བྱའི་གཟུགས་ཕུང་ཚལ་པ་དུམ་བུ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་[བསམ།] ཨོཾ་ཨཱཿཧཱུྃ་ཧོཿ[ས་བདུད་རྩིར་སྦར་ནས།] དགྲ་བགེགས་བསྒྲལ་བའི་ཤ་རི་ཁྲག་མཚོ་དེ་ཉིད་འཇིགས་བྱེད་ཁྱུང་ཆེན་རིགས་ལྔས་ཁྱི་ལྟོག་གིས་ཤ་ཟན་རོལ་པ་བཞིན་ཧབ་ཧབ་མྱག་མྱག་ཏུ་གསོལ་བར་[བསམ་ཞིང༌།] ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཌ་ཨི་དཾ་བ་ལིཾ་ཏ་ཁཱ་ཧིཿ མ

p. 167

ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཀེཾ་ནི་རི་ཏི་ལ༴ གནོད་བྱེད་གཉན་དང་ཀླུ་གདོན་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ [ཞེས་ལན་བདུན་ནས་གསུམ་གྱིས་བསྟབ་ལ།] ཁྲོཾ་བྷྱོ་ཛཿ ཡང་ཁྲོས་སྐུ་ཡི་སྤྲུལ་པ་ནིཿ སངས་རྒྱས་བྱ་ཁྱུང་ག་རུ་ཌཿ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐྱོད་ཅིག་ཡེ་ཤེས་ཀློང་ནས་བསྐྱོད༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ རྦད་དོ་དགྲ་དང་བགེགས་ལ་རྦད༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ རྒྱལ་རིགས་ལས་གྱུར་ཀླུ་གཉན་གདོན༔ གསོད་གཅོད་བརླག་པའི་ལས་མཛོད་ལ༔ རྗེས་ཤུལ་མེད་པར་ཧབ་ཐོབ་རོལ༔ དུས་ལ་བབ་བོ་ས་མ་ཡ༔ ཨོཾ་བུདྡྷ་ག་རུ་ཌ་སརྦ་ས་མ་ཡ་ཛཿབྷྱོ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཁྲོཾ་བྷྱོ་ཛཿ ཡང་ཁྲོས་ཐུགས་ཀྱི་སྤྲུལ་པ་ནི༔ རྡོ་རྗེ་བྱ་ཁྱུང་ག་རུ་ཌ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐྱོད་ཅིག་ཆོས་ཉིད་ཀློང་ནས་བསྐྱོད༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ རྦད་དོ་དགྲ་དང་བགེགས་ལ་རྦད༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ རྗེ་རིགས་ལས་གྱུར་ཀླུ་

p. 168

གཉན་གདོན༔ གསོད་གཅོད་བརླག་པའི་ལས་མཛོད་ལ༔ རྗེས་ཤུལ་མེད་པར་ཧབ་ཐོབ་རོལ༔ དུས་ལ་བབ་བོ་ས་མ་ཡ༔ ཨོཾ་བཛྲ་ག་རུ་ཌ་ས་མ་ཡ་ཛ་ཛཿ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཁྲོཾ་བྷྱོ་ཛཿ ཡང་ཁྲོས་ཡོན་ཏན་སྤྲུལ་པ་ནི༔ རིན་ཆེན་བྱ་ཁྱུང་ག་རུ་ཌ༔ བཞེངས་ཤིག༴ བསྐྱོད་ཅིག༴ བསྐུལ་ལོ༴ རྦད་དོ༴ མཛོད་ཅིག༴ དམངས་རིགས་ལས་བྱུང་ཀླུ་གཉན་གདོན༔ གསོད་གཅོད༴ རྗེས་ཤུལ༴ དུས་ལ་བབ་བོ༴ ཨོཾ་རཏྣ་ག་རུ་ཌ་ས་མ་ཡ་ཛ་ཛཿགནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཁྲོཾ་བྷྱོ་ཛཿ ཡང་ཁྲོས་གསུང་གི་སྤྲུལ་པ་ནི༔ པདྨ་བྱ་ཁྱུང་ག་རུ་ཌ༔ བཞེངས་ཤིག༴ བསྐྱོད་ཅིག༴ བསྐུལ་ལོ༴ རྦད་དོ༴ མཛོད་ཅིག༴ བྲམ་ཟེ་ལས་གྱུར་ཀླུ་གཉན་གདོན༔ གསོད་གཅོད༴ རྗེས་ཤུལ་མེད་པར༴ དུས་ལ༴ ཨོཾ་པདྨ་ག་རུ་ཌ་ས་མ་ཡ་ཛ་ཛཿགནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཁྲོཾ་བྷྱོ་ཛཿ ཡང་ཁྲོས་ཕྲིན་ལས་སྤྲུལ་པ་ནི༔ ལས་ཀྱི་བྱ་ཁྱུང་ག་རུ་ཌ༔ བཞེངས་ཤིག༴ བསྐྱོད་ཅིག༴ བསྐུལ་ལོ༴ རྦད་དོ༴ མཛོད་ཅིག༴ གདོལ་པ་ལས་གྱུར་ཀླུ་གཉན་

p. 169

གནོད༔ གསོད་གཅོད༴ རྗེས་ཤུལ༴ དུས་ལ་བབ་བོ་ས་མ་ཡ༔ ཀརྨ་ག་རུ་ཌ་ས་མ་ཡ་ཛ་ཛཿ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས༔ འགྲོ་བའི་དོན་ཕྱིར་གང་འདུལ་ཐབས༔ སྣ་ཚོགས་སྟོན་པའི་སྒྱུ་འཕྲུལ་གར༔ མ་ངེས་ཆུ་ཡི་གཟུགས་བརྙན་ལྟར༔ ཅིར་ཡང་སྣང་བའི་གཟུགས་སྐུ་ལས༔ ཀླུ་གཉན་གདུག་པའི་གཉེན་པོ་ཆེ༔ བྱ་ཁྱུང་རིགས་ལྔ་འཁོར་དང་བཅས༔ ང་ཡི་མདུན་སར་སྐུར་བཞེངས་ལ༔ གནོད་བྱེད་མ་ལུས་རྡུལ་དུ་རློག༔ ཤ་ཁྲག་དྲོད་དབུགས་ཧབ་ཐོབ་རོལ༔ དུས་ལ་བབ་བོ་ཐུགས་མ་གཡེལ༔ དོ་ནུབ་མངོན་སྤྱོད་ཕྲིན་ལས་མཛོད༔ [ཅེས་ཕྲིན་ལས་གསོལ། དེ་ནས་ཐུགས་དམ་བསྐུལ་ཞིང་བཟློག་པའི་ཕྲིན་ལས་བཅོལ་བ་ནི།] རང་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དང་བཅོམ་ལྡན་འདས་བྱ་ཁྱུང་རིགས་ལྔ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ༔ ཆོས་ཀྱི་དབྱིངས་ལས་གཟུགས་

p. 170

ཀྱི་སྐུ་ཁྲོ་ཚོགས་བྱ་ཁྱུང་ལས་མཁན་མཚོན་ཐུན་སྣ་ཚོགས་སྐྱི་སེར་འཚུབས་པ་ལྟར་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་དགྲ་འདྲེ་གདོན་གསུམ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཐལ་བ་རླུང་གིས་གཏོར་བའམ་རྩྭ་སྦུར་ཕྲ་མོ་ལ་དུས་མཐའི་མེ་དཔུང་མཆེད་པ་ལྟར་བསྲེག་ཅིང་བརླག་པར་བསམ་ལ། ཁྲོཾ་བྷྱོ་ཛཿ དུས་གསུམ་སངས་རྒྱས་དགོངས་སུ་གསོལ༔ ཡང་ཁྲོས་ནག་པོ་དགོངས་སུ་གསོལ༔ ཆེ་མཆོག་དཔལ་དགུ་དགོངས་སུ་གསོལ༔ བདག་ཅག་མ་རིག་གིས་བཅིངས་པའི༔ གཟུང་འཛིན་འཁྲུལ་པའི་སེམས་ཅན་སྤྱི༔ ཁྱད་པར་རྒྱལ་བའི་བརྒྱུད་འཛིན་རྣམས༔ ཐུགས་རྗེས་འདོར་རམ་དཀོན་མཆོག་གསུམ༔ གལ་ཏེ་ཡལ་བར་དོར་སྲིད་ན༔ ཐུགས་བསྐྱེད་རྣམ་དག་གང་ན་བཞུགས༔ དེང་དུས་བསྐལ་པའི་མར་གཤམ་འདིར༔ ནག་ཕྱོགས་གདུག་པ་ཁ་དར་ནས༔ སྐྱེ་འགྲོའི་བདེ་སྐྱིད་བསྐལ་པ་བཤིག༔ བརྒྱུད་འཛིན་ཐར་པའི་ལམ་སྣ་བཀག༔ རྒྱལ་བསྟན་ཉི་མ་སྤྲིན་གྱིས་བསྒྲིབས༔ ལྟ་ལོག་ཀླ་ཀློས་ཕྱི་ནས་རྒོལ༔ མི་སྲུན་སྐྱེ་བོས་བར་ནས་རྒོལ༔ དམ་ལོག་སློབ་མས་ནང་ནས་རྒོལ༔ བདུད་དང་ལོག་ལྟས་གསང་ཐབས་རྒོལ༔ མཐའ་མེད་

p. 171

འཁོར་བའི་རྒྱ་མཚོར་བསྐྱིལ༔ དབང་མེད་སྡུག་བསྔལ་ཞགས་པས་བཅིངས༔ འདི་འདྲའི་ལས་ངན་སྐལ་ངན་ལ༔ སྒྲིབ་མེད་སྤྱན་གྱིས་མི་གཟིགས་སམ༔ ཀུན་མཁྱེན་ཐུགས་རྗེས་མ་དགོངས་སམ༔ མཛད་པའི་ཕྲིན་ལས་གང་དུ་མཆིས༔ མ་གཡེལ་མ་འགྱང་ཐུགས་རྗེ་ཅན༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཀྱི་ཕྲིན་ལས་ཕོ་ཉ་ནི༔ སྤྲུལ་པའི་ཁྱུང་ལྔ་དབྱིངས་ནས་བཞེངས༔ བཀའ་སྡོད་འཇིག་རྟེན་ཁྱབ་པར་མཛོད༔ འགྱུར་མེད་སྐུ་ཡི་ཀློང་ཡངས་ནས༔ བཅོམ་ལྡན་བུདྡྷ་ཁྱུང་ཆེན་བསྐུལ ༔ འགགས་མེད་གསུང་གི་ཀློང་ཡངས་ནས༔ བཅོམ་ལྡན་པདྨ་ཁྱུང་ཆེན་བསྐུལ༔ འཁྲུལ་མེད་ཐུགས་ཀྱི་ཀློང་ཡངས་ནས༔ བཅོམ་ལྡན་རྡོ་རྗེ་ཁྱུང་ཆེན་བསྐུལ༔ ལྷུན་གྲུབ་ཡོན་ཏན་ཀློང་ཡངས་ནས༔ བཅོམ་ལྡན་རཏྣ་ཁྱུང་ཆེན་བསྐུལ༔ ཕྲིན་ལས་མངོན་སྤྱོད་ཀློང་ཡངས་ནས༔ བཅོམ་ལྡན་ཀརྨ་ཁྱུང་ཆེན་བསྐུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ལྷ་ཡང་རུང་སྟེ་ཀྱང་རུང་༔ མ་ལུས་མ་འགྱང་སྒྲོལ་ལ་ཤོག༔

p. 172

བླ་སྲོག་ཚེ་ཡི་རྒྱུན་ཐག་བཅས༔ མར་མེ་རླུང་གིས་བསད་བཞིན་ཐོངས༔ ཤ་ཁྲག་དྲོན་མོ་ཧབ་ཐོབ་རོལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ དོ་ནུབ་ཉིད་དུ་ཕྲིན་ལས་མཛོད༔ དེ་རིང་ཉིད་ལས་ལས་མ་འགྱང་༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ བསྐུལ་ལོ་རྦད་དོ་ཕྲིན་ལས་མཛོད༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ གནོད་བྱེད་ཀླུ་གཉན་སྡེ་བརྒྱད་ཀུན༔ མིང་གི་ལྷ་ཙམ་མེད་པར་རློག༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་བྷྱོ༔ དྲག་པོ་དམར་གྱི་གཏོར་མ་ལས༔ ཁྲོ་རྒྱལ་ཁམས་གསུམ་རོལ་པ་ཆེ༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ༔ ཚེམས་ཕྲེང་གངས་རི་དཀར་པོ་འདྲ༔ ཁྲོ་གཉེར་རྒྱ་མཚོའི་གཉེར་མ་འདྲ༔ སྤྱན་གསུམ་ཉི་ཟླ་ཤར་བ་འདྲ༔ དབུ་སྐྲ་དུས་མཐའི་མེ་ལྟར་འབར༔ སྨ་ར་ལྕགས་སྲེག་ཐུར་མ་འདྲ༔ སྨིན་མ་གློག་གི་ཕྲེང་བ་འདྲ། ང་རོ་འབྲུག་སྟོང་ལྡིར་བ་འདྲ༔ སྐུ་ནི་རི་རབ་ལྷུན་པོ་འདྲ༔ ཚྭ་ཚྭ་ཐོག་རྒོད་འབར་བ་འདྲ༔ ཕོ་ཉ་མེ་སྟག་འཕྲོ་བ་འདྲ༔ ལས་མཁན་སེར་ཆེན་འབེབས་པ་འདྲ༔ མཚོན་ཐུན་རླུང་ཆེན་གཡོ་བ་འདྲ༔ མེ་དཔུང་ན་བུན་འཐིབས་པ་འདྲ༔ དེ་འདྲའི་ཁྲོ་རྒྱལ་ཆེན་པོ་ཉིད༔ ཆོས་ཀྱི་

p. 173

དབྱིངས་ལས་སྐུར་བཞེངས་ཤིག༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྱུང་༔ ནམ་མཁའ་སྐར་ཚོགས་བཀྲ་བ་འདྲ༔ བར་སྣང་སྤྲིན་དཔུང་གཏིབས་པ་འདྲ༔ ས་གཞིར་སྐྱིན་ཐང་འབེབས་པ་འདྲ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེས་ཤིག་དགྲ་བགེགས་ཤ་ཁྲག་བཞེས༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ ཁྲོཾ་བྷྱོ་ཛཿ དབུས་ཕྱོགས་སངས་རྒྱས་བྱ་ཁྱུང་གིས༔ རྒྱལ་རིགས་ལས་བྱུང་ཀླུ་གཉན་གདོན༔ གཏི་མུག་ལས་གྱུར་དགྲ་དང་བགེགས༔ དུས་ངན་ཡོ་ལངས་ནད་མུག་མཚོན༔ རྨི་ལྟས་མཚན་ངན་ཐན་གྱི་རིགས༔ མདོར་ན་མི་མཐུན་ཕྱོགས་རྣམས་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ སྡང་དགྲ་གདུག་པའི་སྟེང་དུ་ཟློག༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བའི་མཐུ་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཆོས་སྲིད་ཚེ་བསོད་ལོངས་སྤྱོད་ལ༔ བར་ཆད་གནོད་འཚེ་མི་མཐུན་ཕྱོགས༔ མ་ལུས་

p. 174

བསྡུས་ཏེ་དགྲ་ལ་ཟློག༔ སྡང་བར་བྱེད་པའི་དགྲ་དཔུང་ཟློག༔ གནོད་པར་བྱེད་པའི་གདོན་བགེགས༴ བཀའ་སྲུང་ཡོངས་ཀྱི་རྒོལ་བ༴ སྡེ་བརྒྱད་ཡོངས་ཀྱི༴ སྣང་སྲིད་ལྷ་འདྲེའི༴ བན་བོན་ཀླ་ཀློའི་མཐུ་ནུས༴ བྱང་ཆུབ་སྒྲུབ་པའི་བར་ཆད༴ ནད་རིམས་ཡམས་ནད་གོད་ཁ༴ སད་སེར་བཙའ་ཐན་ལོ་ནད༴ སྔོན་ལས་འཕྲལ་རྐྱེན་ངན་པ༴ བྱད་ཕུར་གཏད་ཁྲོམ་ཧོམ་ཟོར༴ མི་ཁ་ཁ་མཆུ་འཁོན་འཐབ༴ རང་བྱད་རང་ལ་ལྡོག་པ༴ མོ་རྩིས་རྨི་ངན་ཐན་ལྟས༴ སྡང་བར་བྱེད་པའི་དགྲ་ལ༴ གནོད་པར་བྱེད་པའི་བགེགས་ལ༴ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༴ ཁྲོཾ་བྷྱོ་ཛཿ ཤར་ཕྱོགས་རྡོ་རྗེ་ཁྱུང་ཆེན་གྱིས༴ རྗེ་རིགས་ལས་བྱུང་ཀླུ་གཉན་སྡེ༔ ཞེ་སྡང་ལས་གྱུར་དགྲ་དང་བགེགས༔ དུས་ངན༴ རྨི་ལྟས༴ མདོར་ན༴ བཟློག་ཅིང་༴ སྡང་དགྲ་གདུག་པའི་སྟེང་དུ་ཟློག༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ [སོགས་འགྲེ།] ཁྲོཾ་བྷྱོ་ཛཿ ལྷོ་ཕྱོགས་རཏྣ་ཁྱུང་ཆེན་གྱིས༔ དམངས་རིགས་ལས་བྱུང་༴ ང་རྒྱལ་ལས་གྱུར་དགྲ༴ དུས་ངན༴ རྨི་ལྟས༴ མདོར་ན༴ བཟློག་ཅིང་༴ སྡང་དགྲ༴ དཀོན་མཆོག་

p. 175

གསུམ་དང་རྩ་བ་གསུམ༔ [སོགས་འགྲེ།] ཁྲོཾ་བྷྱོ་ཛཿ ནུབ་ཕྱོགས་པདྨ་ཁྱུང་ཆེན་གྱིས༔ བྲམ་ཟེ་ལས་བྱུང་ཀླུ༴ འདོད་ཆགས་ལས་གྱུར༴ དུས་ངན༴ རྨི་ལྟས༴ མདོར་ན༴ བཟློག་ཅིང་༴ སྡང་དགྲ༴ དཀོན་མཆོག་གསུམ་དང་[སོགས་འགྲེ།] ཁྲོཾ་བྷྱོ་ཛཿ བྱང་ཕྱོགས་ཀརྨ་ཁྱུ་ཆེན་གྱིས༔ གདོལ་པ་ལས་བྱུང་ཀླུ་གཉན་གདོན༔ ཕྲག་དོག་ལས་གྱུར༴ དུས་ངན༴ རྨི་ལྟས༴ མདོར་ན༴ བཟློག་ཅིང་༴ སྡང་དགྲ༴ དཀོན་མཆོག་གསུམ་དང་[སོགས་འགྲེ།] ཁྲོཾ་བྷྱོ་ཛཿ ནད་རིམས་བཞི་བརྒྱ་རྩ་བཞི་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ དེ་ཡི་ཐན་ལྟས་ངན་པ་ཀུན༔ བཅོམ་ལྡན་བྱ་ཁྱུང་རིགས་ལྔ་དང་༔ དྲག་པོ་དམར་གྱི་གཏོར་མས་ཟློག༔ ཟ་འདྲེ་ཕུང་སྲི་ཤི་སྲི་དང་༔ དམ་སྲི་ཆེ་སྲི་ཆུང་སྲི་དང་༔ གཞོན་སྲི་དར་སྲི་གྲི་སྲི་དང་༔ གོད་སྲི་འགགས་སྲི་དུར་སྲི་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ ཕྱི་ཡི་འབྱུང་བ་འཁྲུགས་པ་དང་༔ ནང་གི་ན་ཚ་སྡུག་བསྔལ་དང་༔ གསང་བ་གཟུང་འཛིན་དུག་གསུམ་

p. 176

དང་༔ མདོར་ན་མི་མཐུན་ཕྱོགས་ཀུན་དང་༔ དེ་ཡི་ཐན་ལྟས་ངན༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི་གཏོར་མས་ཟློག༔ ཁྲོཾ་བྷྱོ་ཛཿ བཅོམ་ལྡན་བྱ་ཁྱུང་རིགས་ལྔ་ཡིས༔ མཐུ་སྟོབས་ནུས་རྩལ་ཤུགས་ཕྱུངས་ལ༔ ཐན་ལྟས་བཟློག་པའི་ལས་མཛོད་ཅིག༔ རྭ་ཡིས་རྭ་ཅན་ལྟས་ངན་ཟློག༔ ནོར་བུ་རྫས་ཀྱི་ལྟས་ངན༔ རལ་པས་རལ་ཅན་ལྟས་ངན༴ མཆུ་ཡིས་མཆུ་ཅན༴ གཤོག་པས་འདབ་ཆགས༴ སྡེར་མོས་སྡེར་ཅན༴ སྤུ་ཡིས་སྤུ་ཅན༴ དབང་པོས་ཡུལ་དུག་ལྟས༴ སྡང་བར་བྱེད་པའི་དགྲ་ལ༴ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༴ གནོད་པར་བྱེད་པའི་བགེགས་ལ༴ བགེགས་དཔུང་ཐལ་བའི་རྡུལ་བཞིན་རློག༔ ཟ་བར་བྱེད་པའི་འདྲེ་ལ༴ བདག་མེད་སྟོང་པའི་དབྱིངས་སུ་སོད༔ ཕུང་བར་བྱེད་པའི་སྲི་ལ༴ ཡུལ་མེད་ཟང་ཐལ་ཆེན་པོར་ཆོམས༴ དུས་ལ་བབ་བོ་ས་མ་ཡ༔ ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མ་ར་ནི་བྷྱོ༔ མ་ར་དུ་ན་བྷྱོ༔ རཀྨོ་རཀྴན་བྷྱོ༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ་ཨེ་ཀ་བྷྱོ་བྷྱོ༔ ཨེ་ས་བྷྱོ་བྷྱོ༔ ཨཿཡཿ་མཿདུཿ་རུཿ་ཙཿ་ཤཿནཿ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔

p. 177

[ཅེས་བཟློག་པའི་ཕྲིན་ལས་བཅོལ་ལོ། །][གསུམ་པ་རྗེས་བསྡུ་བའི་ལས་རིམ་ནི། ལས་མཁན་ལྕགས་སྡིག་གོང་གི་ཟ་ལམ་བསྟན་པས་འཐུས་ཕྱིར་ཟོར་བསྐུལ་ཟུར་དུ་མི་དགོས་ལ༔ ཕག་ཁྱུང་གཉིས་ཀྱི་གཏོར་མའི་ཡེ་ཤེས་པ་རང་ངམ་རྟེན་ལ་བསྟིམ། དམ་ཚིག་པ་འོད་དུ་ཞུ་བ་དུག་མཚོན་རྡོ་རྗེའི་ཆར་དུ་མོས་ནས།] ཧཱུྃ་ཛ༔ ང་ནི་ཡང་ཁྲོས་ནག་པོ་ཆེ༔ རྦད་དོ་ལས་མཁན་ཕོ་ཉའི་ཚོགས༔ དགྲ་བགེགས་ལུས་སེམས་འབེན་ལ་ཡཱ༔ དོ་ནུབ་གཏོར་ཟོར་གཉན་པོ་འདི༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ དཀོན་མཆོག་དབུ་འཕང་སྨད་པ་དང་༔ མཚན་ལྡན་བླ་མའི་སྐུ་དགྲ་དང་༔ ལྟ་བ་ལོག་པའི་བསྟན་དགྲ་དང་༔ སྨོན་ལམ་ལོག་པའི་བདུད་རིགས་དང་༔ བར་ཆད་བྱེད་པའི་གདོན་བགེགས་དང་༔ རང་རྒྱུད་གོལ་འཁྲུལ་རྒྱལ་བསེན་ཚོགས༔ སྡིག་ཅན་མ་ལུས་འཁོར་བཅས་ཀྱི༔ གཟུགས་ཕུང་ཐལ་བའི་རྡུལ་བཞིན་བཤིག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ དུས་ལ་བབ་བོ་མཐུ་རྩལ་བསྐྱེད༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཁྲོཾ་ག་རུ་ཌ་ས་མ་ཡ་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད༔ མཱ་ར་ཡ་སོད༔ མཱ་ར་ཡ་བྷྱོ༔ མཱ་ར་ཡ་ཟློག༔ [ཅེས་འཕང༌། དེ་ནས་རྩ་བའི་གཏོར་ཆེན་འཕང་བ་དངོས་

p. 178

ལ་འཇུག་གོ །ཡང་སྐབས་འགའ་ཞིག་ཏུ་འཕྲལ་གྱི་རྐྱེན་སེལ་ཙམ་ལ་བཟློག་གཞུང་རྩ་བ་ལ་མ་བརྟེན་པར་བདག་བསྐྱེད་ཙམ་ལ་བརྟེན་ནས་འདི་དག་ཁོལ་འདོན་དུ་བསྒྲུབ་ཀྱང་ཆོག་སྟེ་སྐབས་འཕྲུལ་ཤེས་པར་བྱའོ། །]ཡང་ཁྲོས་ལས་སྦྱོར་མདེའུ་ཁ་རྣོ་མྱུར་ཐོག །ལོག་འདྲེན་ཀླད་པར་འབེབས་བྱེད་གསལ་བྱས་པ། །འདིས་ཀྱང་བསྟན་འཛིན་བར་ཆད་གཡུལ་ངོ་ལས། །རབ་རྒྱལ་དབང་སྐད་ས་གསུམ་ཁྱབ་སྒྲོགས་ཤོག །[ཅེས་པའང་གཏེར་གཞུང་གི་དགོངས་པ་མ་ནོར་བར་སྙིང་པོའི་བཅུད་བསྡུས་ནས་ཡང་ཁྲོས་ཡིག་ཆའི་གསལ་བྱེད་དཀྱུས་གཅིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྡེབས་པ་ཛ་ཡནྟུ།། །།]

དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོའི་ཧོམ་སྲེག་དུས་མེའི་འཕྲུལ་འཁོར།

p. 179

༄༅། །དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོའི་ཧོམ་སྲེག་དུས་མེའི་འཕྲུལ་འཁོར་ཞེས་བྱ་བ་བཞུགས་སོ། །

p. 180

ཤྲཱི་བི་ཛ་ཡནྟུ། [ཡང་ཁྲོས་མ་ཧཱ་ཀཱ་ལའི་ལས་སྦྱོར་སྲེག་པ་ཧོམ་གྱི་ལས་རིམ་ལ་འཇུག་པར་འདོད་པས། དྲག་པོའི་ལས་ལ་བསྔགས་པའི་གནས་སུ། དུས་ཐ་ཆུང་བཞིའི་མར་ངོའི་དགུ་སྟོང་སོགས་གཟའ་སྐར་དྲག་ལ་རྩུབ་པའི་སྲོད་དམ་ནམ་ཕྱེད་ཀྱི་ཆར། གདུག་པའི་ས་སྣ་གསུམ་གྱི་སྟེགས་བུ་རྒྱར་མདའ་གང་དཔངས་སུ་ཇི་ལྟར་འཚམས་པའི་ཁར་ཐལ་ཚོན་གྱིས་ཐབ་ཁུང་གྲུ་གསུམ་ཁ་ཁྱེར་སུམ་རིམ་གྱི་རྣམ་པའི་ཕྱི་མར་མེ་རི་འབར་བ་དང་ལྟེ་བར་རྃ་གྱིས་མཚན་པ་བྲི། དེར་དུག་ཤིང་ཚེར་མ་ཅན་གྱི་བུད་ཤིང་དུག་ཁྲག་གིས་སྦགས་པས་ཧོམ་གྲུ་གསུམ་འཚམས་པར་བརྩིགས་པའི་ནང་དུ་མེ་ཚང་བཅའ་ཞིང་ཐབ་ཀྱི་ཟུར་གསུམ་དུ་རྩང་གསུམ་མཆེ་བའི་ཚུལ་དུ་བསླང༌། སློབ་དཔོན་གྱི་གཡས་ངོས་སུ་མེ་སྲོག་འཛིན་པའི་རྫས་བུད་ཤིང་གི་རྒྱུ་ལས་ཡམ་ཤིང་ཟུར་གསུམ་

p. 181

སོར་བཅུ་གཉིས་པ་མར་ནག་དང་ཚིལ་ཞུན་གྱིས་སྤགས་པ། རྩ་བའི་རྫས་དུག་ཤོག་ལ་དགྲ་བགེགས་ཀྱི་རཱུ་པ་མིང་རུས་བླ་དྭགས་གནས་ཡིག་དང་བཅས་པའམ། སྤྲོས་པས་མ་ལྕོགས་པའམ་མ་འབྱོར་ན་རཱུ་པ་འབྲུ་ནག་གི་ཟན་ལ་བཟོས་པས་ཀྱང་རུང༌། དྲག་པོའི་རྫས་ཤ་སྣ་བག་ཕྱེ་དང་བསྲེས་པའི་རིལ་བུ་མིང་རུས་ཅན། གནད་དབབ་ཀྱི་རྫས་སྤལ་སྦྲུལ་ཉ་ཕྱི་ལ་སོགས་པའི་ཤ་དུག་སྣ་དང་བསྲེས་པའི་རིལ་བུ། གསོད་པའི་རྫས་ལྕགས་ཟངས་རྦབ་རྡོའི་ཕྱེ་མ་དང་ཚེ་གསུམ། མྱོས་པའི་རྫས་མར་ནག་དམེ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་བའི་རྫས་ཏིལ་དང་ཡུངས་དཀར་ཚ་བ་གསུམ་སྟེ། དེ་ལྟར་རྫས་བདུན་པོ་རྣམས་ལྕགས་སམ་བསྭེ་ཕོར་ཐོད་པ་ལ་སོགས་པའི་སྣོད་དུ་གྲལ་རིམ་གྱིས་འགོད། གཡོན་ངོས་སུ་ལྕགས་ཕྱེ་དུག་སྣ་རྡོ་ཕྱེར་ཁྱིའི་

p. 182

ཁྲག་ཤ་ཆེན་སྲན་ཆེན་རྣམས་མར་ནག་ལ་བསྲེས་པའི་གཏོར་མ་གྲུ་གསུམ་མཐེབ་ཀྱུ་ཅན་དང༌། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཁྲག་གི་མཆོད་ཡོན་སོགས་དྲག་མཆོད་ཕྲེང་ཚར་དུ་བཤམ། སྣོད་དང་རྫས་ཐམས་ཅད་དབྱིབས་གྲུ་གསུམ་ཁ་དོག་ནག་པོ་འབའ་ཞིག་པ་བྱ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད་ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ། འབྲུ་ནག་གི་མེ་ཏོག་བཅས་འགོད། གཞན་ཡང་གདབ་ཁའི་ཆས། ཚིལ་ཞུན་དང་མར་ནག་བསྲེས་པའི་མར་ཁུ། ཐུན་རྫས། རླུང་གཡབ། གོས་ཟུང༌། སོ་རྩི་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚང་བར་འདུ་བྱས་ལ། སློབ་དཔོན་བདག་གི་རྣལ་འབྱོར་ལ་གནས་པས་རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་བྱང་སེམས་ཀྱིས་དྲངས་པའི་ཞིང་བཅུ་སྒྲོལ་བའི་ཞེ་སྡང་གི་དཔའ་ངར་དང་ལྡན་པས་དྲག་པོའི་ཆས་གོས་ཀྱིས་བརྒྱན་ཏེ་མགར་བའི་འདུག་སྟབས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད་ལ། མཆོད་རྫས་རྣམས་བསང་ཆུ་དང་རྟ་སྔགས་ཀྱིས་བསང༌།] སྭ་བྷཱ་ཝ[ས་སྦྱང༌།] སྟོང་པའི་ངང་ལས་གནས་ཁང་འོག་མིན་དབང་དྲག་རོལ་པའི་ཕོ་བྲང་དུ་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཁྲག་གི་མཆོད་ཡོན། ཆུ་སེར་གྱི་ཞབས་བསིལ། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་དུད་སྤྲིན། ཞུན་ཆེན་གྱི་སྒྲོན་མེ། མཁྲིས་

p. 183

པའི་དྲི་ཆབ། མཱཾ་སའི་ཞལ་ཟས། ཐོད་རྔའི་རོལ་མོ་སོགས་རང་བྱུང་དུར་ཁྲོད་ཀྱི་དམ་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོའི་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ནམ་མཁའི་མཐའ་ཀླས་པར་གང་བར་[བསམ་ལ།] ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ [སོགས་ནས།] ཤཔྡ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ༔ [ཞེས་དང༌།] ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ [ལན་གསུམ། བསྲེག་རྫས་རྣམས་བསང་སྦྱང༌།] སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དམར་གྱི་དུང་ཆེན་སྟོང་གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་བསྲེག་རྫས་རྣམས་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ནམ་མཁའི་ཁམས་གང་བར་བསམ་ཞིང༌། རྩ་སྔགས་དང༌། ནྲྀ་ཏྲི་ཨ་མུ་ཀཱ་མཱ་ར་ཡ་ཛ་ཛཿ [ཞེས་ལན་གསུམ་གྱིས་བརླབ་བོ། །དེ་ནས་གདོལ་བཤན་དམེ་ཡུག་ལ་སོགས་པའི་ལག་ནས་བྱུང་བའི་མེ་ཐོགས་ལ། རྩ་གསུམ་མཐར།] ཆེ་གེ་མོ་མཱ་ར་ཡ་ཛྭ་ལ་རཾ། [ཞེས་རླུང་གཡབ་དང་བཅས་ཏེ་སྤར། སྔགས་དེ་གས་བླུགས་གཟར་གྱི་མར་ནག་ཁུ་བས་མེ་གསོ། །

p. 184

མེ་ཐབ་བསང་སྦྱང༌།] སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་དམར་ནག་གྲུ་གསུམ་བང་རིམ་གསུམ་ལྡན་ཡེ་ཤེས་བསྐལ་མེ་འབར་བའི་ཀློང་ན་དྲེགས་པ་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང་དུ་པདྨ་ཉི་མ་བམ་གྱི་གདན་ལ་ཡི་གེ་ཧྲཱིཿདམར་ནག་ལས་འོད་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་མཆོད་ཕུལ༔ བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་ཚུར་འདུས་ཧྲཱིཿལ་ཐིམ༔ མར་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས༔ དེ་དག་གི་ནུས་མཐུ་ཐམས་ཅད་བསྡུས་ནས་ཧྲཱིཿ་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྟ་མགྲིན་ཡང་ཁྲོས་ནག་པོ་སྐུ་མདོག་དུས་ཀྱི་མུན་པ་ལྟར་གནག་པ༔ ཞལ་གཅིག་ཕྱག་བཞི་པ༔ ཕྱག་གཡས་ཀྱི་དང་པོས་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་བས་དགྲ་བགེགས་གདུག་པ་ཅན་གྱི་མགོ་བོ་ཚལ་པར་གཏོར་ཞིང་༔ འོག་མས་ཁམས་གསུམ་བྲན་དུ་འགུག་པའི་ལྕགས་ཀྱུ་བསྣམས་པ༔ གཡོན་གྱི་དངོས་པོས་ཁམས་གསུམ་ཁྲག་ཏུ་རོལ་བའི་ཐོད་ཁྲག་དང་༔ འོག་མས་སྣང་སྲིད་ཐམས་ཅད་རྟོག་མེད་མཉམ་པ་ཉིད་དུ་འཆིང་བར་བྱེད་པའི་སྦྲུལ་

p. 185

ཞགས་བསྣམས་པ༔ ཞལ་གདངས་ཤིང་ལྗགས་གློག་དམར་ལྟར་འདྲིལ་བ༔ མཆེ་བ་ཟླ་ལྟར་གཙིགས་ཤིང་༔ སྨ་ར་དང་སྨིན་མ་མེ་ལྟར་འབར་ཞིང་མེའི་ཚྭ་ཚྭ་མགར་གྱི་ཚྭ་ཞགས་ལྟར་འཕྲོ་བས་གནོད་བྱེད་ཐམས་ཅད་བསྲེག་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་ཁྲོད་དུ་རྟ་མགོ་ལྗང་ཞུར་ལྷང་ལྷང་མཚེར་བས་ཁམས་གསུམ་དབང་དུ་བསྡུད་པ༔ སྐུ་ལ་དར་ནག་གི་བེར་ཆེན་གསོལ་ཞིང་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ༔ ཞབས་གཉིས་སྡེ་བརྒྱད་དྲེགས་པའི་ཕོ་མོའི་སྟེང་དུ་གྱད་ཀྱི་འདོར་སྟབས་སུ་བགྲད་པས་སྲིད་གསུམ་ཟིལ་གྱིས་གནོན་པ༔ པང་དུ་ཡུམ་ཆེན་ཁྲོས་མ་མཐིང་ནག་གཡས་གྲི་གུག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་དུང་ཁྲག་ཞལ་དུ་སྟོབ་པ༔ ཞབས་གཡོན་ཡབ་ཀྱི་སྐེད་ནས་འཁྲིལ་ཞིང་གཡས་བརྐྱང་བ༔ གཟིག་ཤམ་དང་རུས་པའི་རྒྱན་གྱིས་སྤྲས་པ༔ སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་དུར་བས་ས་གསུམ་གཡོ་བ༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་རང་གདངས་རིགས་བཞིའི་ཁྲག་འཐུང་ཁྲོས་མ་སྒོ་སྐྱོང་དང་བཅས་པ་ངོ་བོ་སོ་སོར་མི་གཞན་པ་ལས་རྣམ་པ་མ་འདྲེས་ཡོངས་རྫོགས་ཉི་མ་དང་འོད་ཟེར་བཞིན་དུ་རང་ཤར་རང་གསལ་ཆེན་པོའི་བདག་ཉིད་ཅན་ཡེ་

p. 186

ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ་བཞུགས་པའོ༔ དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཨོཾ་དུང་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུཾམཐིང་ནག་རྣམས་ལས་འོད་ཟེར་རབ་ཏུ་འཕྲོས་པས་རྟ་མགྲིན་པདྨ་དབང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་པར་བསམ་ཞིང༌། ཧཱུྃ་ཧྲཱིཿ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཆེ་བའི་ཆེ་མཆོག་པདྨ་ཡང་ཁྲོས་སྐུ༔ གསང་ཆེན་གསུང་གི་འཁོར་ལོ་ཡོངས་རྫོགས་ལྷ༔ མ་ལུས་སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གཉན་པོ་ཡི༔ རྟ་མགྲིན་ཡང་ཁྲོས་ལྷ་ཚོགས་སྤྱན་འདྲེན་ནོ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་དུས་ལ་བབ༔ བདག་ཅག་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་སྲོག་བདག་འདུལ་ཕྱིར༴ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར༴ གོད་འདྲེ་འགོང་སྲིན་འདུལ༴ མི་ནད་ཕྱུགས་ནད་འཇོམས་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿ [ཞེས་སྤྱན་དྲངས] ཁྲག་གི་མཆོད་ཡོན་དང་ཆུ་སེར་གྱི་ཞབསབསིལ་སྦྲེང་ལ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ༔ [དེ་བཞིན་དུ།] བཛྲ་པཱ་དྱཾ་སྦྱར་བར་ཕུལ། ཧཱུྃ་ཧྲཱིཿ མ་ཆགས་པདྨ་ཉི་ཟླའི་གདན་སྟེང་དུ༔ ཆེ་

p. 187

མཆོག་པདྨ་ཡང་ཁྲོས་ནག་པོ་ཆེ༔ དམ་ཚིག་ཡེ་ཤེས་གཉིས་མེད་རོ་གཅིག་རོལ༔ མཉམ་སྤྱོད་བདེ་བ་ཆེན་པོའི་ཏིང་འཛིན་བསྐྱེད༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ [ཞེས་བཞུགས་སུ་གསོལ།] ན་མོ༔ སྲིད་གསུམ་གདུག་པ་མ་ལུས་འཇོམས་མཛད་པ༔ ཆེ་བའི་ཆེ་མཆོག་པདྨ་ཡང་ཁྲོས་སྐུ༔ གཉིས་མེད་འཁོར་གྱི་རོལ་པ་རྫོགས་པའི་ལྷར༔ གར་གྱི་རྣམ་འགྱུར་རོལ་པས་ཕྱག་འཚལ་ལོ། ན་མོ་པཱུ་རུ་ཤ་ཡ་ཧོཿ [ཞེས་ཕྱག་བྱ།] ཧཱུྃ་ཧྲཱིཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོས་སྲིད་པ་གསུམ་བཀང་ནས༔ རྟ་མགྲིན་ཡང་ཁྲོས་དཀྱིལ་འཁོར་ལྷ་ལ་འབུལ༔ དགྲ་བགེགས་ལོག་འདྲེན་མ་ལུས་ལྷག་མེད་རོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་[སོགས་ནས།] ཤཔྡ་སརྦ་དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧིཿ ཧཱུྃ་ཧྲཱིཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་རེག༔ མི་ཟད་ཡེ་ཤེས་བདུད་རྩིར་བྱིན་རླབས་ནས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་ཞལ་དུ་འབུལ༔ བརྣག་པའི་དགྲ་བགེགས་དཔུང་བཅས་ལྷག་མེད་རོལ༔ ཨོཾ་ཨཱཿ་རཱུ་པ་ཤཔྡ་[སོགས།] སྤརྴེ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧིཿ ཧཱུྃ་ཧྲཱིཿ སྨན་གཏོར་རཀྟ་མཆོད་པའི་ཡོ་བྱད་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོར་རབ་སྤེལ་ནས༔ རྟ་མགྲིན་ཡང་ཁྲོས་དཀྱིལ་འཁོར་ལྷ་ལ་འབུལ༔ བརྣག་པའི་དགྲ་

p. 188

བགེགས་མ་ལུས་ལྷག་མེད་རོལ༔ ཨོཾ་ཨཱཿ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་སརྦ་ཛྭ་ལ་རཾ་ཁཱ་ཧི༔ [ཞེས་མཆོད།] ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་ཀུན་གསུང་གི་ངོ་བོ་ཉིད༔ ཆེ་བའི་ཆེ་མཆོག་པདྨ་དབང་གི་ལྷ༔ རབ་འཇིགས་རྔམས་བརྗིད་དྲག་པོའི་སྐུར་སྟོན་པ། རྟ་མགྲིན་ཡང་ཁྲོས་འཁོར་དང་བཅས་ལ་བསྟོད༔ ཁྱོད་ལ་བསྟེན་ཅིང་གུས་པས་གསོལ་འདེབས་ན༔ ཉེས་མེད་རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ སྡང་བའི་དགྲ་བགེགས་མཁྱེན་བཞིན་མ་ཤོར་བར༔ དྲག་པོ་མེ་ཧོམ་འབར་བའི་ཞལ་དུ་བཞེས༔ རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་མཛོད༔ [ཅེས་བསྟོད་ཅིང་འདོད་དོན་གསོལ། བསྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ནི།] ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་དགང་བླུགས་ཀྱི་རྩེར་ཧཱུྃ་ཡིག་མཐིང་ནག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་བསྲེག་རྫས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ཞིང༌། ལག་གཉིས་ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་བཛྲ་ཀྲོ་དྷ་ཧྱ་

p. 189

གྲཱི་ཝ་ཧཱུཾ་ཕཊ༔ [ཅེས་གཡོན་པའི་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་བའི་དགང་བླུགས་ཁ་སྦྱར་པུས་མོའི་ཕྱི་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང༌།] ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའམ༔ རྒྱུ་སྦྱོར་ཡོན་གྱི་བདག་པོའི་ཚེ་ལ་བརྐུ་བ༔ སྲོག་ལ་འཇབ་པ༔ བླ་ལ་ཁྱེར་བ༔ ཡིད་ལ་བརྣག་པ༔ མི་ལ་ན་ཚ༔ ཕྱུགས་ལ་གོད་ཁ་སོགས་གཏོང་བའི་རྒྱལ་འགོང་དམ་སྲི་འབྱུང་པོའམ། ནད་རིམས་ཡམས་ཀྱི་བདག་པོའམ། སྨྱོ་འདྲེ་ཟ་འདྲེ་ཤི་འདྲེའམ། གློ་བུར་ཀེག་སྲི་ལྟས་ངན་ཆོ་འཕྲུལ་གཏོང་བའི་རྦད་འདྲེ་རྦད་གཏོང་སོགས་གང་འདོད་ཁ་བསྒྱུར་ལ། གནོད་ཅིང་འཚེ་བ་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛད་དུ་གསོལ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ [ཅེས་ལན་གསུམ་དུ་འབུལ། དེ་ནས་འདིར་རྒྱས་པར་སྤྲོ་ན་དྲག་བསྐུལ་གསེར་སྐྱེམས་ནས་བརྩམས་གཏུན་བརྡུང་གི་བར་སྨད་ལས་བཞིན་བསྒྲལ་ལས་རྫོགས་པར་བཏང་བའམ། དཀྱུས་སུ་འདི་ཙམ་གྱིས་ཆོག་པས། བྲུབ་ཁུང་ལིང་ག་མདུན་དུ་བཀོད་ལ། བདེན་སྟོབས་བརྗོད་པ་སྤྱི་ལྟར་ལས།] ཁྱད་པར་དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོ་སྤྲུལ་པ་ལས་མཁན་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་

p. 190

པོའི་མཐུ་ལ་བརྟེན་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་ལ་བརྐུ་བ༔ སྲོག་ལ་འཇབ་པ༔ བླ་ལ་ཁྱེར་བ༔ ཡིད་ལ་བརྣག་པ༔ མི་ལ་ན་ཚ༔ ཕྱུགས་ལ་གོད་ཁ་སོགས་གཏོང་བའི་རྒྱལ་འགོང་བསེན་མོ་དམ་སྲི་འབྱུང་པོ་སོགས་[གོང་གི་དགང་བླུགས་སྐབས་བཞིན་གང་འདོད་ཁ་བསྒྱུར་ལ།] གནོད་ཅིང་འཚེ་བ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག ༔ [རྩ་སྔགས་མཐར།] ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿ་ཧཱུྃ་བཾ་ཧོཿ [ཞེས་ལན་གསུམ་སོགས་ཀྱིས་ཡིད་ཆེས་པར་བཀུག་ལ། སྙིང་པོའི་ཤམ་དུ།] སརྦ་ཤ་ཏྲུཾ་བིགྷྣཱན་རཱུ་པ་ཙིཏྟ་མཱ་ར་ཡ་ཕཊ༔ ཨ་ཕཊ༔ [ཅེས་པས་དམིགས་བྱའི་རྣམ་ཤེས་དབྱིངས་སུ་བསྒྲལ། དབྱིངས་ནས་ཐུན་མཚོན་སྣ་ཚོགས་ཀྱི་ཆར་བབས་པས་དམིགས་བྱའི་གཟུགས་ཕུང་ཚལ་པ་དུམ་བུ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་ལ་ལིང་ག་དུམ་བུར་གཏུབ།] ཨོཾ་ཨཱཿཧཱུཾ་ཧོཿ[ས་བདུད་རྩིར་སྦར་ནས།] དགྲ་བགེགས་བསྒྲལ་བའི་ཤ་རི་ཁྲག་མཚོ་དེ་ཉིད་ལྷ་ཚོགས་རྣམས་དགྱེས་པའི་རྐན་སྒྲ་དང་བཅས་ཆལ་ཆོལ་དུ་གསོལ་བར་བསམ་ཞིང༌། ཛཿསྲིད་པའི་བཙོན་ཁང་དྲག་པོའི་ཨེ༔ བསྐལ་པའི་

p. 191

མེ་དཔུང་འབར་བའི་ཀློང་༔ གདུག་པའི་ཡང་ཤིང་མར་ནག་ཚིལ༔ དམིགས་པའི་གཟུགས་རྟེན་དྲག་པོའི་རྫས༔ གནད་འབེབས་མྱོས་བྱེད་གསོད་པའི་མཚོན༔ ཚ་བའི་ནད་སྐྱེད་རྫས་རྒོད་རྣམས༔ བསྲེགས་པས་དགྲ་བགེགས་གདུག་པའི་ཚོགས༔ ལུས་ངག་རྡུལ་དུ་བསྲེག་ནས་ཀྱང༌། རྗེས་ཤུལ་ལྷག་མ་མེད་པར་མཛོད༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ རྟ་མགྲིན་ཡང་ཁྲོས་ནག་པོ་འཁོར་དང་བཅས༔ མ་གཡེལ་ཐུགས་དམ་གཉན་པོའི་དུས་ལ་བབ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཚོགས་རྣམས༔ མ་ལུས་བསྒྲལ་ནས་ལྷག་མ་མ་ལུས་པར༔ འབུལ་རྫས་འདི་དང་གཉིས་སུ་མེད་པར་རོལ༔ [ཞེས་དང༌།] ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ [ཞེས་བཏགས་པ་ཁོ་ནས་མེ་སྲོག་འཛིན་པ་ནས་ཚ་བའི་རྫས་ཀྱི་བར་བཅུ་ཚན་དུ་བྱས་ནས་བརྒྱ་རྩ་སོགས་འབུལ་ཞིང༌། རྫས་རེ་རེའི་མཇུག་ཏུ་དགང་བླུགས་སྐབས་ལྟར་སྤེལ་ཚིག་སྦྱར། དེ་ལྟར་རྫས་རྣམས་རྫོགས་ནས་དམིགས་བསལ་བགེགས་མི་བསྲུན་པ་སོགས་ལ་ལྕགས་སླང་དུ་མར་ནག་བསྐོལ་བའི་མེ་ལྕེ་སླེབ་པའི་སར་དམིགས་བྱའི་ལིངྒ་བཀྲམ་ལ་དྲག་བསྐུལ་གསེར་སྐྱེམས་

p. 192

འགུགས་འདྲེན་རྣམས་བྱས་ནས་བཞེས་སྒྲ་དྲག་པོ་དང་བཅས་ཛ་གད་རྫས་ལྡན་གྱིས་མེ་སྤར་ཏེ་ཧོམ་མཆོད་བྱ་བ་ཡིན་ལ། ཡང་དམིགས་བསལ་གཤེད་འགོང་ཟ་འདྲེ་གདོན་བགེགས་རིགས་བསྐྲད་པའི་ཆེད་དུ་མེ་ཐུན་འགྱེད་པར་འདོད་ན། སྔར་ནས་མེ་རྫས་དྲག་སྔགས་ཀྱི་ངར་བཏགས་པ་དང་མེ་སྒྲོན་བཅས་ཐོགས་ལ།] ཧཱུྃ༔ དབུས་ནས་ཡང་ཁྲོས་ནག་པོ་ལ༔ ཆོས་དབྱིངས་ཡེ་ཤེས་མེ་འབར་བས༔ གཏི་མུག་ལས་བྱུང་ནད་གདོན་བགེགས༔ སྡུག་བསྔལ་རྒྱུ་འབྲས་དང་བཅས་པ༔ ལྷག་མ་མེད་པར་ཛྭ་ལ་རཾ༔ ཤར་ཕྱོགས་རྡོ་རྗེ་ཡང་ཁྲོས་ལ༔ མེ་ལོང་ཡེ་ཤེས་མེ་འབར་བས༔ ཞེ་སྡང་ལས་བྱུང་ནད་གདོན་བགེགས༔ སྡུག་བསྔལ་རྒྱུ་འབྲས་དང་བཅས་པ༔ ལྷག་མ་མེད་པར་ཛྭ་ལ་རཾ༔ ལྷོ་ཕྱོགས་རཏྣ་ཡང་ཁྲོས་ལ༔ མཉམ་ཉིད་ཡེ་ཤེས་མེ་འབར་བས༔ ང་རྒྱལ་ལས་བྱུང་ནད་གདོན་བགེགས༔ སྡུག་བསྔལ་རྒྱུ་འབྲས་དང་བཅས་པ༔ ལྷག་མ་མེད་པར་ཛྭ་ལ་རཾ༔ ནུབ་ནས་པདྨ་ཡང་ཁྲོས་ལ༔ སོར་རྟོག་ཡེ་ཤེས་མེ༴ འདོད་ཆགས་ལས་བྱུང་༴ སྡུག་བསྔལ་རྒྱུ༴ ལྷག་མ་མེད་པར་ཛྭ་ལ་རཾ༴ བྱང་ནས་ལས་ཀྱི་ཡང་ཁྲོས་ལ༔ བྱ་གྲུབ་ཡེ་ཤེས་མེ༴ ཕྲག་དོག་ལས་བྱུང་༴ སྡུག་བསྔལ་རྒྱུ་འབྲས༴ ལྷག་མ་མེད་པར༴ ཕྱོགས་བཞི་ཕྲིན་ལས་

p. 193

ལས་ཀྱི་སྒོར༔ ཡེ་ཤེས་སྒོ་མ་རྣམ་བཞི་ལ༔ ཚད་མེད་བཞི་ཡི་མེ་འབར་བས༔ སྐྱེ་གནས་བཞི་ལས་སྐྱེས་པ་ཡི༔ གདོན་བགེགས་མི་མཐུན་ཕྱོགས་རྣམས་ཀུན༔ ལྷག་མ་མེད་པར་ཛྭ་ལ་རཾ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དུ་ཏྲི་རཱུ་ཏྲ་སརྦ་ཤ་ཏྲུཾ་མཱ་ར་ཡ་སོད་སོད་རཾ་རཾ༔ རྦད་རཾ་རཾ༔ ཐུཾ་རི་ལི་ལི་རཾ་རཾ༔ ཨེ་ཧུར་ཐུཾ་ཛ་རཾ་རཾ༔ ཛྭ་ལ་རཾ་རཾ༔ [ཞེས་དང་ཧཱུྃ་བཞིའི་སྔགས་བརྗོད་བཞིན་པས་གནས་ཁང་གི་ཕྱི་ནང་གོ་མཚམས་ཀུན་ཏུ་མེ་ཐུན་བརྡེག་ཅིང་བསྐྲད་མཐར་སྲུང་འཁོར་ཡང་བསྒོམ་མོ། དེ་ནས་ཡུངས་དཀར་ཐབ་ཏུ་འཐོར་ལ།] ན་མོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད། ཁྲག་འཐུང་ཁྲོ་བོ་ཐམས་ཅད་ཀྱི་སྤྱི་དཔལ། བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་སྒྲོལ་བའི་དཔའ་བོ། ཆེ་མཆོག་དབང་དྲག་རྟ་མགྲིན་ཡང་ཁྲོས་ནག་པོ་སྤྲུལ་འཁོར་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། ལོག་འདྲེན་འབྱུང་པོ། དམ་སྲི་རྒབ་

p. 194

འདྲེ། རྒྱ་འདྲེ་འགོང་པོ། མཐའ་བཞིའི་དམག་དཔུང༌། བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། ཁྱད་པར་བདག་ཅག་དཔོན་སློབ་མཆོད་འཁོར་དང་བཅས་པའི་ཚེ་ལ་བརྐུ་བ་[སོགས་གོང་གི་དགང་བླུགས་སྐབས་ཀྱི་འདོད་གསོལ་བཞིན་ཕྲིན་ལས་གསོལ། སླར་ཡང་དགང་བླུགས་སྔར་ལྟར་ཕུལ་མཐར།] ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ༔ [ཞེས་སོ་རྩི་དང༌།] ཨོཾ་བཛྲ་ཝསྟ་ཡེ་སྭཱ་ཧཱ༔ [ཞེས་གོས་ཟུང་ཕུལ། སྔགས་ཙམ་གྱིས་མཆོད་ཅིང་ཤློ་ཀ་གཅིག་གིས་བསྟོད།] མ་རྙེད་ཡོངས་སུ་མ་ཚང་དང༌། [སོགས་དང༌། ཡི་གེ་བརྒྱ་པས་ནོངས་པ་བཤགས།] ཧཱུྃ༔ དབང་ཆེན་ཡང་ཁྲོས་དཀྱིལ་འཁོར་ལྷ༔ ཆོས་སྐུ་སྐྱེ་མེད་དབྱིངས་སུ་བསྡུ༔ དོན་ལ་ངོ་བོ་མཐའ་བྲལ་ཀློང་༔ ལྷ་དང་རང་སྣང་གཅིག་ཏུ་འདྲེས༔ ཨ་ཨ་ཕཊ༔ [ཅེས་མེ་ལྷ་ཡེ་ཤེས་པ་དབྱིངས་སུ་བསྡུ། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལ། མེ་ཉིད་ལོངས་སྐབས་ཡོད་ཀྱང་མི་བཞག་པར་དུག་ཁྲག་གི་ཆུས་བསད་པའི་ཐལ་བ་ཟློག་པའི་ཐལ་རྡེབ་དང་འབྲེལ་བར་དགྲ་ཕྱོགས་སུ་རླུང་ལ་བསྐུར་བའམ། སྣོད་ངན་དུ་བླུགས་ལ་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་མནན། ལས་གསོར་མི་རུང་བའི་གཟིར་མནན་བྲོ་ཡིས་རྒྱས་གདབ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །དེ་ལྟར་བསྒྲུབ་པའི་ཚུལ་ཡང༌། གཞུང་རྩ་བར། འདི་ནི་རྣལ་འབྱོར་དམ་པའི་ལམ༔

p. 195

གོད་ཡམས་སྣ་ཚོགས་བྱུང་དུས་དང་༔ རྟ་དྲེལ་ནད་སྣ་ལངས་པ་དང་༔ འགོང་གཤེད་ཕྱུགས་ལ་གཟན་པ་དང་༔ མི་ལ་ནད་རིམས་གཉན་དལ་ཁ༔ ན་ཚ་རྒྱུན་དུ་བྱུང་བ་དང་༔ སྣ་ཚོགས་གདོན་གྱིས་ཉེན་པ་དང་༔ བྱད་ཕུར་རྦོད་གཏོང་བྱུང་བའི་ཚེ༔ དམིགས་གནད་དེ་ལ་གཟིར་ནས་བྱ༔ རྣལ་འབྱོར་བསྐྱེད་རྫོགསགདིང་ལྡན་ན༔ རྡོ་རྗེ་ཡིན་ཡང་འཇིག་པར་ནུས༔ འདི་ཡིས་མི་ཐུབ་གང་ཡང་མེད༔ ཅེས་གསུངས་ཏེ། དུས་ལ་བསྔགས་པའི་ཕྲིན་ལས་རྣོ་མྱུར་རྨད་དུ་བྱུང་བའོ། །དེ་ལྟར་དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོའི་ཧོམ་སྲེག་དུས་མེའི་འཕྲུལ་འཁོར་ཞེས་བྱ་བ་འདིའང༌། སྔགས་སྒྲུབ་ཆོ་གའི་ཡན་ལག་མེད་དུ་མི་རུང་བར་མཐོང་ནས། གཏེར་གཞུང་གི་དགོངས་པ་འཇུག་བདེའི་ལས་ཁྲིགས་སུ་བསྡེབས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ།། །།]

ཡང་ཁྲོས་མ་ཧཱ་ཀཱ་ལའི་བསྙེན་ཡིག་མདོར་བསྡུས་ནོར་བུའི་དོ་ཤལ།

p. 196
p. 197

༄༅། །ཡང་ཁྲོས་མ་ཧཱ་ཀཱ་ལའི་བསྙེན་ཡིག་མདོར་བསྡུས་ནོར་བུའི་དོ་ཤལ་བཞུགས་སོ། །

p. 198

འདས་དང་མ་བྱོན་ལྟར་གྱི། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །ཐུགས་རྗེ་བྱིན་རླབས་གཅིག་བསྡུས་པ། །པདྨ་ཐོད་ཕྲེང་རྩལ་ལ་འདུད། དབང་ཆེན་རྔམས་ཁྲོས་ཧེ་རུ་ཀ །གདུག་པ་འདུལ་མཛད་ཁྲོ་བོའི་རྒྱལ། །མ་ཧཱ་ཀཱ་ལའི་བསྙེན་སྒྲུབ་ཚུལ། དམིགས་པའི་འཁྲུལ་འཁོར་མདོར་བསྡུས་བྲི། །བླ་མ་མཆོག་དང་ཡི་དམ་ལྷ། །ཆོས་བདག་དཔའ་བོ་མཁའ་འགྲོ་ཡིས། །གནང་བ་སྩོལ་ལ་བྱིན་གྱིས་རློབས། །སོ་སོར་རྟོག་པའི་ཤེས་རབ་སྩོལ། །དེ་ལ་འདིར་དཔལ་ཡང་ཁྲོས་མ་ཧཱ་ཀཱ་ལའི་བསྙེན་སྒྲུབ་བྱ་བ་ལ། འགལ་རྐྱེན་མེད་པའི་གནས་དུར་ཁྲོད་མཚོ་གླིང་སོགས་གཞུང་ནས་བཤད་པ་བཞིན་ཡིད་མཐུན་གྱི་

p. 199

གནས་སུ་ཕྱིན་ཏེ། གཞི་བདག་ལ་གཏོར་མ་བཏང་ནས་ཕྲིན་ལས་བཅོལ། མཚམས་དམ་པོར་བཅད་པའི་སྔ་རོལ་དུ་གནས་ཁང་ལ་བྱི་དོར་བྱ། སྟེགས་ཀྱི་སྟེང་ཚོམ་བུའམ་རས་བྲིས་གང་རུང་གི་སྟེང་དུ་མཉྫའི་ཁར་སྒྲུབ་གཏོར་དཔལ་བཤོས་མཛེས་པ་བཀོད། གཡས་གཡོན་དུ་སྨན་རཀ་དང༌། མདུན་དུ་ཉེར་སྤྱོད་སོགས་སྤྱི་ལྟར་ལེགས་པར་བཤམ། སྟན་གྱི་འོག་ཏུ་གཡུང་དྲུང་རིས་ཀྱི་རྩ་ཀུ་ཤ་བཏིང༌། བག་ཕེབས་པར་འདུག་ལ་ཐུན་མོང་གི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས། བླ་མའི་རྣལ་འབྱོར་གྱི་མཐར་དབང་བཞི་བླང་བ་ལ་ནན་ཏན་བྱས་པས་ཉམས་པ་འཆགས་ཤིང་སྒྲུབ་པ་མཐར་ཕྱིན་པར་འགྱུར་བ་ཡིན། དེ་ནས་སྐྱབས་

p. 200

འགྲོ་སེམས་བསྐྱེད་ནས་བཟུང་ཚིག་དོན་འབྲེལ་བར་བྱ། དེ་ཡང་རིག་འཛིན་འཇིགས་མེད་གླིང་པས་རིག་འཛིན་བསྙེན་ཡིག་ཏུ། སེམས་བསྐྱེད་གསུམ་གྱི་དོན་པོ་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ཡི་དམ་བསྒྲུབ་པར་བྱའོ་སྙམ་པ་སྨོན་སེམས། འཇུག་སེམས་གཞན་དོན་ལ་དངོས་སུ་འཇུག་པ་ཡིན་པས། བགེགས་གཏོར་དང་མཆོད་ཚོགས་ཕང་མེད་དུ་འབུལ་བ་སྦྱིན་པ། ཕྱི་ནང་གི་རྒྱུ་འགྲུལ་གཅོད་ཅིང་ངག་བཅད་བྱེད་པ་དང༌། འགལ་རྐྱེན་ཇི་ལྟ་བུ་བྱུང་ཡང་མཚམས་མི་གྲོལ་བ་སོགས་དམ་བཅའ་རིས་སུ་མི་འདོར་བ་ཚུལ་ཁྲིམས། ཐུན་བཞིའམ་དྲུག་ལ་སོགས་པར་དང་པོ་ནས་ཇི་ལྟར་དམ་བཅས་པའི་དཀའ་སྤྱད་བཟོད་ཅིང་ཕྲི་གཞོལ་གྱི་དབང་དུ་མི་གཏོང་བ་བཟོད་པ། ཐུན་མོང་དང་ཐུན་མཚམས་ཀྱི་བྱ་བ་གང་ལའང་སོས་དལ་ལེ་ལོའི་དབང་དུ་མི་གཏོང་བ་བརྩོན་འགྲུས། རྟེན་དང་བརྟེན་པ་རྣམས་གསལ་བ་ལ་སྒོ་ལྔ་སྡུད་ཅིང་ཐ་མལ་གྱི་འཛིན་རྟོག་ཐམས་ཅད་ཟིལ་གྱིས་གནོན་པ་ལས་ཅུང་ཟད་ཀྱང་མི་ཡེངས་བསམ་གཏན། བསྐྱེད་རིམ་བསྒོམ་མཁན་གྱི་སེམས་ཐ་མལ་རང་རྒྱུད་ཅན་མ་ཡིན་པ་ཆོས་ཉིད་མ་བཅོས་པའི་གསལ་ཆར་རང་བཞིན་ལྷུན་གྲུབ་ཏུ་འཆར་བ་ཤེས་རབ་སྟེ། རང་སའི་ཕ་རོལ་དུ་ཕྱིན་པ་དྲུག་གི་དོན་གོ་ཞིང་དེ་དོན་ལས་མི་འདའ་བ

p. 201

འཇུག་སེམས་དང༌། དེ་དག་ཐམས་ཅད་བློ་འདས་ཀྱི་དྲན་པའི་རྩིས་ཟིན་པ་ལ་དོན་དམ་སེམས་བསྐྱེད་ཀྱི་ཐ་སྙད་བཏགས་པའི་དོན་ཤེས་ན་མདོ་སྔགས་དགོངས་པ་གཅིག་ཏུ་མཐུན་པའི་གནད་ཀྱང་རིག་པ་ཡིན་གསུངས་པ་བཞིན་ནོ། །དེ་ནས་གཏོར་མ་ཕྱི་རོལ་དུ་བསྐྱལ། དེའི་ཞོར་ལ་མཚམས་ཐོ་རྒྱལ་ཆེན་སྡེ་བཞི་དཔལ་མགོན་བདུན་ཅུ་དང་བཅས་པ་བསྐྱེད་ལ་གཏོར་མ་ཕུལ་བས་དགྱེས་བཞིན་བཞུགས་ནས་བསྲུང་བར་བསམ། སྒོ་བསྡམ་ནས་ཕྱི་ནང་གི་རྒྱུ་འགྲུལ་བཅད་དེ་སྲུང་གུར་བསྒོམ། དེ་ཡང་སྲུང་གུར་གྱི་ངོ་བོ་རང་སེམས་སྐྱེ་བ་མེད་པའི་གཞི་རྩ་བཅད་ནས་བགེགས་མེད་དུ་ཤེས་པས། དེ་དང་འབྲེལ་བར་རྡོ་རྗེའི་ཚིག་བཞིན་ཐབས་ཤེས་ཉི་ཟླའི་གྭའུ་ཁ་སྦྱོར་བའི་ནང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང༌། ཕྱི་ཁྱུང་སྡིག་ཁྲོ་མཚོན་གྱི་ཚྭ་ཚྭ་འཕྲོ་བའི་ཕྱི་རིམ་རིགས་ལྔའི་སྲུང་གུར་དང་རྡོ་རྗེའི་གུར་དང་མེ་རླུང་ཆུའི་ར་གུར་འཁྲིགས་པའི་ཕྱི་ནང་ཀུན་ཏུ་རང་རྩལ་ཁྲོ་བོ་ཁྲོ་མོས་ཧཱུྃ་ཕཊ་ཧཱུྃ་བྷྱོ་ཟློག་གི་སྒྲ་སྒྲོགས་པར་གསལ་བའི་ང་རྒྱལ་ལ་གནས་པར་བྱའོ། །བྱིན་འབེབས་མཆོད་རྫས་བྱིན་བརླབས་ཀྱི་དམིགས་པ་སོགས་གོ་སླ། ཏིང་འཛིན་རྣམ་གསུམ་ནི། ཨོཾ་ནི་སྐུ་སྟེ། བརྗོད་པ་དང་མཉམ་དུ་འཁོར་འདས་དབྱེར་མེད་རིག་སྟོང་

p. 202

ཆོས་སྐུའི་གནས་ལུགས་མངོན་དུ་བྱེད། ཨཱཿནི་གསུང་སྟེ། ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་གསལ་མདངས་མ་འགགས་པའི ལོངས་སྐུ་ཆེན་པོ། ཧཱུྃ་ནི་ཐུགས་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་མདངས་དཀྱིལ་འཁོར་བསྐྱེད་པའི་རྒྱུ་ཡི་ས་བོན་དུ་ཤར་བ་ལས་ཨེཿཡཾཿརཿསུཾཿཀེཾཿརཾཿསྤྲོས་པས་འབྱུང་ལྔ་རིམ་བརྩེགས་དང་རུས་པའི་རི་རབ་སུམ་བརྩེགས་ཀྱི་སྟེང་དུ། ཡེ་ཤེས་འོད་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཐོད་མཁར་གྲུ་གསུམ་རྒྱ་ཆེའི་ཞིང་དཔངས་མཐོ་བ། གནམ་ལྕགས་ཀྱི་གཟེར་བུས་གདབ་པ། ཞིང་ལྤགས་ཀྱི་ཡ་ཕུབ་དང་མི་རོའི་རྒྱལ་མཚན་ཕྱར་བ། སྒོ་གྲུ་རྟ་བབ་སོགས་རྒྱན་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་རྣམ་པ་ཀུན་ནས་ཁྲོ་ཆུའི་རྒྱ་མཚོ་ཆེན་པོ་བཙན་དུག་གི་ངད་རླངས་འཕྲོ་བ། རབ་ཏུ་ཁོལ་ཞིང་འཕྲོ་བའི་སྒྲ་སྐད་ཐམས་ཅད་ཧཱུྃ་ཕཊ་སོགས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་ལྟར་དུ་སྒྲོགས་པ། གཞལ་ཡས་ཁང་གི་ཕྱི་ནང་ཐམས་ཅད་དུ་མེ་རླུང་ཁྱུང་སྡིག་མཚོན་ཐུན་སྐར་ལྟར་དུ་འཁྲིགས་པས་རྒྱུ་དྲུག་གི་འཁོར་བ་དབྱིངས་སུ་གཞིག་པ། དེ་ལྟ་བུའི་འོག་མིན་གསང་ཆེན་རོལ་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། འཁོར་བར་མ་ཆགས་པའི་པདྨ་དང༌། སྐྱོན་ཐམས་ཅད་དང་བྲལ་བའི་ཉི་མའི་གདན་གྱི་སྟེང་དུ་འཁོར་བའི་སྒོ་

p. 203

ཐམས་ཅད་རྫོགས་ཤིང་གདུག་པའི་ལོག་འདྲེན་སྡེ་བརྒྱད་ཕོ་མོ་གཅལ་མར་བསྣོལ་སྟབས་སུ་མནན་པའི་སྟེང་དུ། སྒྲོལ་ཡུམ་ཨེ་ཀ་ཙ་ཏི་སྲིད་པའི་དར་ཕག་ནག་མོ་མགོ་དགུ་པའི་རྣམ་པར་འགྱིང་བའི་སྟེང་དུ། རྒྱུ་ཡིག་བབས་པ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་མཆོད། འགྲོ་བ་བསྒྲལ། ཐུགས་རྗེ་བྱིན་རླབས་འགྲོ་བའི་ཚེ་བསོད་དཔལ་ཡོན་ཐམས་ཅད་འོད་ཀྱི་རྣམ་པར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རྒྱལ་བ་ཐམས་ཅད་ཀྱི་གསུང་གསང་འདུས་པའི་ཧེ་རུ་ཀ་རྟ་མགྲིན་ཡང་ཁྲོས་ནག་པོ་ཆོས་ཉིད་འགྱུར་བ་མེད་པའི་སྐུ་མདོག་མཐིང་ནག །ཉག་གཅིག་བདེ་བ་ཆེན་པོའི་ཞལ་གཅིག །སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྤྱན་གསུམ་དམར་ལ་ཟླུམ་པ། བདེན་གཉིས་ཟུང་དུ་འཇུག་པའི་སྙན་གཉིས། དོན་གཉིས་ལྷུན་གྱིས་གྲུབ་པའི་ཤངས་བུག་གཉིས་ནས་ཧཱུྃ་གི་སྣང་གླུ་ལེན་པ། སྣང་སྟོང་དབྱེར་མེད་ཀྱི་རྫི་མ་འབྲེལ་བ། གདུག་པ་ཅན་རྗེས་སུ་འཛིན་ཕྱིར་ཞལ་གདངས་ཤིང་། ཚད་མེད་རྣམ་བཞི་རྫོགས་པའི་མཆེ་བ་དང༌། ཁྲག་འཐུང་ལྔ་བཅུ་རྫོགས་པའི་བརྡར་ཚེམས་ཕྲེང་ཟླ་ལྟར་དཀར་བ། ལོངས་སྐུ་འགགས་པ་མེད་པའི་ལྗགས་གློག་དམར་ལྟར་དུ་འདྲིལ་བ། གཟུང་འཛིན་གཉིས་སྣང་གིས་

p. 204

བསྡུས་པའི་དགྲ་བགེགས་རྣམས་འདུལ་ཕྱིར་སྨ་ར་དང་སྨིན་མ་ལས་མེ་འབར་ཞིང་ཤངས་སྒྲོམ་ནས་ཕག་ཁྱུང་སྡིག་པའི་ཚྭ་ཚྭ་འཕྲོ་བ། གདོད་ནས་མ་འཁྲུལ་བའི་བརྡར་གནམ་ལྕགས་ཀྱི་རལ་པ་སྲིད་རྩེར་འཁྱིལ་བའི་ཀློང་དུ་གདུལ་བྱ་གཏི་མུག་ཅན་རྗེས་སུ་འཛིན་ཕྱིར་རྟ་མགོ་ལྗང་ཞུར་རྟ་སྐད་མཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ཡེ་ཤེས་འགགས་པ་མེད་པའི་ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས་པ། ཕྲིན་ལས་རྣམ་བཞིའི་ལྷུན་གྱིས་གྲུབ་པའི་ཕྱག་བཞི། སྐུ་ལྔ་ཡེ་ཤེས་ལྔ་རྫོགས་པའི་ཕྱག་སོར་རྣམས་མཉེན་ཅིང་ལྕུགས་པ། ཕྱག་དང་པོ་གཉིས་གཟུང་འཛིན་གྱི་འཁྲུལ་སྣང་གཅོད་པའི་རལ་གྲི་དང་སྲིད་གསུམ་བྲན་དུ་འཆིང་བའི་ཞགས་པ་ནམ་མཁར་འཕྱར་བ། ཕྱག་འོག་མ་གཉིས་ཀྱིས་ཁམས་གསུམ་དབང་དུ་སྡུད་པའི་གྲི་གུག་དང༌། འཁོར་བ་ཁྲག་ཏུ་རོལ་བའི་བྷན་དམར་ཐུགས་ཀར་འཛིན་པ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ཞབས་གཉིས་གྱད་སྟབས་ཀྱིས་དུར་ཕག་གི་སྟེང་ནས་བརྫིས་པ། ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པའི་ཞབས་སོར་བཅུ་མཛེས་པ། ཚོགས་ཡུལ་གྱི་རྟོག་པ་གནས་སུ་དག་པའི་དུར་ཁྲོད་ཆས་བརྒྱད་གསོལ་བ། ཐབས་དང་ཤེས་རབ་ཟུང་དུ་

p. 205

འཇུག་པའི་ཉི་མ་དང་ཟླ་བས་སྙན་རྒྱན་བྱས་པ། སྐྱེ་འགག་འགྱུར་བ་མེད་པའི་དར་ནག་གི་བེར་ཆེན་གསོལ་བ། ཁྲག་འཐུང་རིགས་ལྔ་རྫོགས་པའི་ཐོད་སྐམ་ལྔའི་དབུ་རྒྱན་དང་ཡེ་ཤེས་ལྔ་ཡི་དར་གྱི་དཔྱངས་པ་ཕྱོགས་སུ་འཕུར་བ། དེའི་པང་དུ་ཐབས་སྣང་ཤེས་རབ་ཆེན་པོར་རྒྱས་འདེབས་པའི་ཕྱིར་སྦྱོར་བའི་ཡུམ་ཁྲོས་མ་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་འཁྱུད་པ། དུག་གསུམ་རྒྱན་དུ་ཤར་བའི་མི་ལྤགས་ཀྱི་གཡང་གཞི་གཟིག་ལྤགས་ཀྱི་ཤམ་ཐབས་ཐོད་པའི་ཕྲེང་བས་སྦྲས་ཤིང༌། ཚོགས་དྲུག་ཡེ་ཤེས་སུ་སྦྱོར་བའི་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཐོད་པ་ལྔའི་དབུ་རྒྱན་དར་སྣ་ལྔའི་དཔྱངས་པ་ཉི་ཟླའི་སྙན་རྒྱན་གསོལ་ཞིང༌། འགྲོ་ཀུན་རྗེས་སུ་འཛིན་པའི་དབུ་སྐྲ་སྐུ་རྒྱབ་ཏུ་འཕྱངས་པ། བརྒྱུད་འཛིན་ཐུགས་རྗེས་སྐྱོབས་པའི་ནུ་མ་འབུར་བ། བདེ་ཆེན་ཟུང་དུ་འཇུག་པའི་ཡབ་ཀྱི་རྡོ་རྗེ་ཡུམ་གྱི་པདྨོར་རོལ་པ། སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ནམ་མཁའི་འཇའ་ཚོན་ལྟ་བུ། གསལ་ལ་དེར་འཛིན་དང་བྲལ་བ་ཆུའི་ཟླ་གཟུགས་ལྟ་བུར་གསལ་བའི་སྐུའི་སྟོང་ཁྱིམ་དུ་ཡེ་ཤེས་ཀྱི་འོད་རྩ་དྭངས་པའི་དབུ་རྐྱང་རོ་གསུམ་འཁོར་ལོ་ལྔ་དང་བཅས་པ་བསྒོམ་པའི་དབུ་མ་མཐིང་གསལ་གྱི་ཆོས་ཀྱི་འཁོར་ལོའི་ལྟེ་བར་

p. 206

པདྨ་ཉི་མ་ཟླ་བའི་གདན་གསུམ་བརྩེགས་ཀྱི་སྟེང་རྒྱལ་བ་ཀུན་གྱི་སྐུའི་བདག་ཉིད་འཇམ་དཔལ་མཐིང་ནག་གཡས་རལ་གྲི་གཡོན་པད་སྡོང་ལས་གྱེས་པའི་ཟེའུ་འབྲུར་བརྒྱད་སྟོང་གི་གླེགས་བམ་འཛིན་པ། དེའི་མདུན་དུ་རྡོ་རྗེ་ཁྲག་འཐུང་ཡབ་ཡུམ་དཀར་གསལ། བདེ་ཆེན་འཁོར་ལོར་བུདྡྷ་ཁྲག་འཐུང་ཡབ་ཡུམ་མཐིང་གསལ། ལོངས་སྤྱོད་འཁོར་ལོར་པདྨ་ཁྲག་འཐུང་ཡབ་ཡུམ་དམར་གསལ། སྤྲུལ་པའི་འཁོར་ལོར་རིན་ཆེན་ཁྲག་འཐུང་ཡབ་ཡུམ་སེར་གསལ། བདེ་སྐྱོང་འཁོར་ལོར་ཀརྨ་ཁྲག་འཐུང་ཡབ་ཡུམ་ལྗང་གསལ། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་ཀྱི་ཡུ་བ་བྱས་པའི་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཞབས་གཉིས་གྱད་སྟབས་ཀྱིས་དུག་ལྔའི་གདོན་ལ་བརྫིས་པ། དུར་ཁྲོད་ཆས་བརྒྱད་ཀྱིསབརྒྱན་པ། ཡུམ་རྣམས་གྲི་གུག་ཐོད་འཛིན་ཡབ་མགུལ་འཁྱུད་ཅིང༌། ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང༌། གཡས་པད་ཉི་བམ་གདན་ལ་རོལ་པ། དམིགས་པ་གསལ་ན་རྩ་འདབ་རྣམས་སུ་རིམ་བཞིན་བུདྡྷ་རིགས་ཀྱི་ཧེ་རུ་ཀ་ཡབ་ཡུམ་སུམ་ཅུ་རྩ་གཉིས། པདྨ་རིགས་ཀྱི་ཧེ་རུ་ཡབ་ཡུམ་བཅུ་དྲུག རྡོ་རྗེ་རིགས་ཀྱི་ཧེ་རུ་ཡབ་ཡུམ་བརྒྱད། རིན་ཆེན་རིགས་ཀྱི་ཧེ་རུ་ཡབ་ཡུམ་སུམ་ཅུ་སོ་གཉིས།

p. 207

ཀརྨ་རིགས་ཀྱི་ཧེ་རུ་ཡབ་ཡུམ་དྲུག་ཅུ་རྩ་གཉིས་སོགས་མདོར་ན་ལུས་རྩ་ཡི་དཀྱིལ་འཁོར། རྩ་རླུང་གི་དཀྱིལ་འཁོར། རླུང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། རྩའི་མདུད་པ་རེ་རེ་བཞིན་ཐིག་ལེ་དཀར་དམར་གནས་པ་རང་ཞལ་མཇལ་བའི་དཔའ་བོ་མཁའ་འགྲོའི་ཚོགས་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟ་བུར་གསལ། གཡས་རོ་མ་དཀར་མོའི་སྦུབས་སྟོང་ཐུགས་ཀའི་ཐད་དུ་རྒྱལ་བ་ཀུན་གྱི་གསུང་གསང་འདུས་པའི་བདག་ཉིད་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་དང་གཡོན་དབང་གི་ཞགས་པ་འཛིན་པ་ཁྲོ་བོའི་ཆས་རྫོགས་ཤིང་སྤྱི་བོར་རྟ་སྐད་མཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། པད་ཉི་བམ་གྱི་གདན་ལ་བརྫིས་ཤིང་བརྗིད་པ་དང༌། གཡོན་རྐྱང་མ་དམར་གསལ་གྱི་སྦུབས་སྟོང་ཐུགས་ཀའི་ཐད་དུ་རྒྱལ་བ་ཀུན་གྱི་ཐུགས་གསང་འདུས་པའི་བདག་ཉིད་ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་སྦྲུལ་ཞག་ས་འཛིན་པ། དུར་ཁྲོད་ཀྱི་ཆས་རྫོགས་ཤིང་པད་ཉི་བམ་གྱི་གདན་ལ་འགྱིང་བ། ལྷ་ཐམས་ཅད་ཀྱང་ཡེ་ཤེས་རང་གདངས་མེ་དཔུང་དང་འོད་ཕུང་གི་ཀློང་ན་བཞུགས་པ། རྩ་གསུམ་འཁོར་ལོ་ལྔའི་ནང་ཐམས་ཅད་ཡེ་ཤེས་རོལ་པའི་རྩལ་སྣང་ཕག་ཁྱུང་སྡིག་པའི་ཚོགས་ཀྱིས་ཕྱུར་བུར་གཏམས་པ་

p. 208

བུ་ག་དགུ་དང་བ་སྤུའི་སྒོ་ཐམས་ཅད་ནས་མེ་རླུང་བཙན་དུག་ཕག་སྡིག་ཁྱུང་གི་ཚྭ་ཚྭ་འཕྲོ་བས་ནད་རིམས་གདོན་བགེགས་ཐམས་ཅད་རྩྭ་ཕུང་མེས་གཞོམ་པ་བཞིན་དུ་བསྲེག་གཏོར་བྱེད་པ་ཞིག་ཏུ་བསྒོམ། རང་ཉིད་གཙོ་བོའི་ཕྱོགས་བཞིར་པདྨ་འདབ་བཞིའི་སྟེང་དུ་རིགས་པའི་རྟ་མགྲིན་དང་སྒོ་མ་བཞི་སོགས་ལྷའི་དཀྱིལ་འཁོར་བསྐྱེད་པ་ནས་དབང་བསྐུར་རྒྱས་གདབ་བསྟོད་པ་ཡན་བྱ། དེ་དག་རྣམས་ཀྱི་དོན་ནི་གོ་སླ་བས་མ་བྲིས་སོ། །དང་པོ་བསྙེན་པའི་སྐབས་སུ་དེ་ལྟར་རང་ཉིད་ཡང་ཁྲོས་ནག་པོར་གསལ་བའི་འཇམ་དཔལ་གྱི་ཐུགས་ཀར་པདྨ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་མཐིང་ནག་ཚོན་གང་བརགཅེར་བུ་རྒྱན་གོས་སྤང་བ་གྲི་གུག་དང་ཐོད་ཁྲག་འཛིན་པ་ཞིག་གསལ། དེའི་ཐུགས་ཀར་ཉི་མའི་གདན་ལ་ཕ་ལམ་གནམ་ལྕགས་ཀྱི་རྡོ་རྗེ་དགུ་པའི་ལྟེ་བར་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ཡིག་མཐིང་ནག་སྤུས་བྲིས་ཙམ་གྱི་ཁོང་གསེང་ཧ་ཁོག་གི་སྦུབས་སུ་ཧྲཱིཿཡིག་མཐིང་ནག་ཤིན་ཏུ་ཕྲ་བ་ཞིག་གསལ། ཧཱུྃ་ཡིག་གི་མཐའ་བསྐོར་དུ་མདུན་ནས་གཡོན་བཀོད་ཀྱི་ཚུལ་དུ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསྐོར་བ་རང་སྒྲ་དང་བཅས་འོད་ཟེར་གྱི་ལུ་གུ་རྒྱུད་དུ་འབྲེལ་བར་བསྒོམ། ཐོག་མར་ལྷ་ལ་གསལ་སྣང་ཅུང་ཟད་མ་ཐོན་བར་འོད་ཟེར་སྤྲོ་བསྡུ་སོགས་བྱེད་མི་དགོས།

p. 209

ཆོས་ཉིད་གང་དུའང་མ་གྲུབ་པའི་གསལ་ཆའམ་གདངས་ལས་སྣང་བའི་འཁྲུལ་འཛིན་ཤར་བ་དེ་རྟེན་དང་བརྟེན་པའི་འཁོར་ལོར་འཆར་བ་ལ་བསླ་བ། དེ་ལ་རྣམ་པ་གསལ་བ་ཟེར། མི་གསལ་བའི་ཚེ་བཤད་མ་ཐག་པའི་དག་པ་དྲན་པར་བྱས་པས་ལྷ་རང་རྒྱུད་དུ་འཛིན་པའི་གོལ་ས་སྦྱོར། རེས་འགའ་སྣང་སྲིད་སྣོད་བཅུད་ཐམས་ཅད་དབང་ཆེན་ཧྱ་གྲཱི་ཝའི་དཀྱིལ་འཁོར་ཉག་གཅིག་ཏུ་སྤྲོ་བསྡུས་བྱེད་པོ་དཔལ་ཡང་ཁྲོས་མ་ཧཱ་ཀཱ་ལ་བའོ་སྙམ་པའི་ང་རྒྱལ་བརྟན་པ་ལ་བསླབ། མདོར་ན་སྣང་གྲགས་རིག་གསུམ་ཐ་མལ་དུ་སོང་བའི་བསྙེན་པས་ས་མི་ཆོད་པས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་མ་གྱུར་བར་བརྩོན་འགྲུས་གཞུ་བརྡུང་བ་ལྟ་བུའི་སྒོ་ནས་བསྒོམ། དེ་ལྟར་ལྷ་ལ་གསལ་སྣང་ཅུང་ཟད་ཐོན་པའི་ཚེ་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་དཀར་པོ་མཆོད་འཛིན་གྱི་ལྷ་མོ་དང་བཅས་ཏེ་སྤྲོས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་རྗེ་བྱིན་རླབས་ཐམས་ཅད་དཀར་གསལ་འོད་ཀྱི་རྣམ་པར་ཚུར་འདུས་སྔགས་ཕྲེང་ལ་ཐིམ་པས་སྒྲིབ་པ་བཞི་དག །དབང་བཞི་ཐོབ། སྐུ་བཞིའི་ཡེ་ཤེས་མངོན་དུ་བྱས་པར་བསམ་ལ་ཡང་ཡང་

p. 210

དམིགས་གནད་ལ་འབད། གཉིས་པ་ཉེ་བསྙེན་གྱི་སྐབས་སུ་སྔགས་ཕྲེང་གདན་ལས་འཕགས་ཤིང་ཐུགས་སྲོག་གི་སྐེད་ཙམ་ནས་མགལ་མེའི་འཁོར་ལོ་བཞིན་གཡས་སུ་འཁོར་བའི་འོད་ཀྱིས་རྒྱལ་བ་མཆོད་བྱིན་རླབས་བསྡུས་ཏེ་རང་ལ་ཐིམ་པས་སྒོ་གསུམ་ཐ་མལ་པའི་ཞེན་འཛིན་སྦྱངས་ནས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སངས་རྒྱས་པར་བསམ་པའི་ངང་ནས་སྤྲོ་བསྡུས་དམིགས་པ་ལ་འབད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་འགྱུར་རོ། །དེ་ནས་ཐུགས་ཀའི་རྩ་གདན་ཉི་མའི་གདན་འོག་ཏུ་མདུན་ནས་གཡས་བསྐོར་དུ། ཤར་དུ་ལྷ་ཡི་ས་བོན་ཨཿདཀར་པོ། ལྷོ་རུ་གཤིན་རྗེའི་ས་བོན་ཡཿསྔོན་པོ། ནུབ་ཏུ་མ་མོའི་ས་བོན་མཿནག་པོ། བྱང་དུ་བདུད་ཀྱི་ས་བོན་དུཿནག་པོ། ཤར་ལྷོར་རྒྱལ་པོའི་ས་བོན་རུཿསེར་པོ། ལྷོ་ནུབ་བཙན་གྱི་ས་བོན་ཙཿདམར་པོ། ནུབ་བྱང་གནོད་སྦྱིན་གྱི་ས་བོན་ཤཿདམར་ནག བྱང་ཤར་ཀླུའི་ས་བོན་ནཿསྔོན་པོ་རྣམས་མགོ་ཐུར་དུ་བསྟན་ནས་ཡོད་པར་བསྒོམ། དེ་དག་ལས་འོད་འཕྲོས་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་དང༌། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྲོག་སྙིང་འཕྲོགས་ཤིང་བསྡུས་ནས་ས་བོན་རྣམས་ལ་བསྟིམ། ཐབས་

p. 211

ཤེས་ཀྱི་ཡི་གེའི་རང་བཞིན་ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོས་རྒྱས་བཏབ་ཅིང་གཞན་དུ་གཡོ་འགུལ་མེད་པའི་སྒྲོ་མ་ཆོས་ཉིད་དགོངས་པའི་ཀློང་དུ་སྦ། རྩ་བའི་སྔགས་ཀྱི་འཁོར་ལོའི་གཟི་བྱིན་གྱི་ནུས་པས་ཟིལ་གྱིས་མནན། ཡེ་ཤེས་ལྔའི་འོད་ཟེར་གྱིས་དྲྭ་བས་ལུ་གུ་རྒྱུད་དུ་དཀྲིས་ཤིང་བསྡམ། དེ་དག་གི་ནུས་མཐུ་སྲོག་གི་སྙིང་པོ་ཏིང་ངེ་འཛིན་གྱིས་གཅུན་པས། འཁོར་འདས་ཡོངས་ཀྱི་སྲོག་སྙིང་ཐམས་ཅད་རང་གི་རིག་པ་ཡེ་ཤེས་ཆེན་པོར་འདུས་ཤིང༌། སྐུ་འགྱིང་བ། གསུང་བསྒྲགས་པ། ཐུགས་གཡོ་བ་ཙམ་གྱིས་ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བའི་དབང་ཐོབ་ཅིང་ནུས་པ་རྫོགས་པར་བསམ་ལ། ཨོཾ་བཛྲ་ཀྲོ་ཏ་སོགས་ཆུ་བོའི་རྒྱུན་བཞིན་བཟླ། གསུམ་པ་སྒྲུབ་པ་ནི། འཁོར་བའི་སྔགས་རྣམས་གདན་དུ་བབས་པ་ལས་སྔགས་འཁོར་གཉིས་པ་ཞིག་ཆད་དེ་ཧཱུྃ་གི་ཞབས་ཀྱུ་ནས་ཞུགས། ན་དཱ་ནས་ཐོན། ཡེ་ཤེས་སེམས་དཔའི་ཞལ་ནས་བྱུང༌། བདག་ཉིད་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་པདྨོ་ནས་རྡོ་རྗེའི་བུ་གར་སོན། ཡེ་ཤེས་སེམས་དཔའི་གསང་བ་ནས་ཧཱུྃ་གི་ཞབས་ཀྱུའི་བར་རང་སྒྲ་དང་བཅས་ཏེ་འཁོར་བར་དམིགས་པ་

p. 212

དང༌། བདག་མདུན་གྱི་ཞལ་གསང་བརྒྱུད་ནས་འཁོར་བ་སོགས་རེས་མོས་སུ་བྱས་པས་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས། རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྗེ་བྱིན་རླབས་གཟི་བྱིན་དབང་དང་དངོས་གྲུབ་ཐམས་ཅད་འོད་དམར་གྱི་རྣམ་པར་བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་སྒྲུབ་པའི་རྫས་དང་བཅས་པ་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཆར་བཞིན་དུ་བབས་ཏེ་མཚོ་ལྟར་དུ་འཁྱིལ་བར་བསྒོམ་པ་དང༌། རང་གི་རྩ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀར་ཉི་གདན་གྱི་ལྟེ་བར་ཧཱུྃ་ཡིག་མཐིང་ནག་རེ་བསྒོམ་པའི་མཐར་རྩ་སྔགས་གཡས་སུ་འཁོར་བས་རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་གཅིག་གིས་བསྡུས་པའི་རྒྱལ་བ་ཐམས་ཅད་འོད་ཟེར་གྱི་གཟི་བྱིན་འབར་བཞིན་ཕྱག་རྒྱ་རང་འདྲ་བའི་རྣམ་པར་བྱོན་ནས་ལྷ་སོ་སོ་ལ་ཐིམ་པས། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཐམས་ཅད་གཅིག་ཏུ་འདུས་ཤིང་རྫོགས་པར་བསམ་པ་དང༌། བར་སྐབས་སུ་བདག་ཉིད་ཀྱི་སྤྱི་བོ་ནས་རྐང་མཐིལ་ཡན་གྱི་བ་སྤུའི་བུ་ག་ཐམས་ཅད་ཕྲ་རབ་རྡུལ་གྱི་ཕུང་པོ་ཚོགས་པ་ལྟར་ཡང་ཁྲོས་མ་ཧཱ་ཀཱ་ལའི་ཕྱག་རྒྱ་ཕྲ་མོས་གང་ཞིང་གཏམས་པ། ཀུན་གྱིས་འཁོར་བ་དབྱིངས་

p. 213

སུ་འཇིག་པའི་དྲག་པོའི་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་བཞིན་དུ་སྒྲོགས་པར་བསམ་པ་དང༌། བར་སྐབས་སུ་ཡ་སོ་དཔའ་བོ་མ་སོ་དཔའ་མོ་ལྕེ་དབང་འཇམ་དཔལ་གཞོན་ནུར་བསྒོམ་ནས་སྔགས་ཀྱི་སྒྲ་བསྒྲགས་པས་སྣང་སྲིད་འཇིག་རྟེན་གྱི་ཁམས་ཐམས་ཅད་འཕར་གཡོ་ལྡེག་ལྡེག་ཏུ་གྱུར་ནས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོར་དག་སྨིན་རྫོགས་པར་བསམ་པ་ཡིན། བཞི་པ་སྒྲུབ་པ་ཆེན་པོ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་ལྔ་ལྡན་སྤྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་མཆོད་འཛིན་གྱི་ལྷ་མོ་དང་བཅས་པ་སྤྲོས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་དང་བཅས་པ་ཡང་ཁྲོས་ནག་པོའི་རྣམ་པར་མཚོ་ལ་ཁ་ཆར་བབས་པ་ལྟར་བདག་མདུན་གྱི་དཀྱིལ་འཁོར་ལ་སིབ་སིབ་ཐིམ་པས། མཆོག་གི་དངོས་གྲུབ་ཡང་ཁྲོས་མ་ཧཱ་ཀཱ་ལའི་རྡོ་རྗེ་གསུམ་དུ་མངོན་པར་བྱང་ཆུབ་པ་དང༌། ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ལ་དབང་འབྱོར་བར་བསམ། མར་འཕྲོས་འགྲོ་བ་རིགས་དྲུག་གི་ལས་ཉོན་སྡིག་སྒྲིབ་བག་ཆགས་

p. 214

དང་བཅས་པ་སྦྱངས་ནས། ཕྱི་སྣོད་ཀྱི་འཇིག་རྟེན་དབང་དྲག་རོལ་པའི་ཞིང་ཁམས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་དྲག་པོ་རྟ་མཆོག་རིགས་ལྔའི་སྐུར་གྱུར་ཏེ་ཀུན་གྱིས་བུང་བ་ཚང་ཞིག་པ་ལྟར་འཛབ་དབྱངས་ཏི་རི་རི་བསྒྲགས་པས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོར་སངས་རྒྱས་པར་བསམ་པ་དང༌། བར་སྐབས་རྣམས་སུ་དབྱིངས་ཆོས་ཉིད་ཆེན་པོའི་ཞིང་ཁམས་རིག་པ་སྐུ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་འོད་ལྔ་ལྷུན་གྱིས་གྲུབ་པའི་རོལ་པ་མངོན་དུ་བྱས་ནས་བཟླ་བ་ནི་སྒྲུབ་ཆེན་ཏེ། དེ་ཡན་གྱི་བསྙེན་སྒྲུབ་ཡན་ལག་བཞི་སོང་ནས། རང་དོན་ཆོས་སྐུ་དང༌། གཞན་དོན་གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ད་ནི་ལས་སྦྱོར་གྱི་དམིགས་པ་མདོར་བསྡུས་བྲི་བ་ལ། སྔ་དྲོ་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་འཕྲོས་རྒྱལ་བ་སྲས་དངབཅས་པའི་ཐུགས་རྒྱུད་བསྐུལ། ཐུགས་རྗེ་གཟི་བྱིན་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ཉིད་ཡི་དམ་གྱི་ཐུགས་ཀར་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སངས་ཀྱིས་དག་པར་བསམ། འོད་ཟེར་མར་འཕྲོས་སེམས་ཐམས་ཅད་ལ་ཕོག །དེ་དག་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བ་མོར་ཉི་ཟེར་ཕོག་པ་ལྟར་

p. 215

དག་ནས། ཕྱི་སྣོད་ནང་བཅུད་ཐམས་ཅད་ཡེ་ཤེས་ལྷའི་སྐུ་དང་ཞིང་ཁམས་སུ་སད་ཅིང་སངས་རྒྱས་པར་བསམ་པ་དང༌། བར་སྐབས་སུ་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཇིགས་པ་བརྒྱད་དང་བཅུ་དྲུག་བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་ཐམས་ཅད་ཉི་མས་མུན་པ་བཅོམ་པ་ལྟར་ཡུལ་མེད་དུ་དག་པར་བསམ། ཉིན་གུང་སྔགས་ཕྲེང་ལས་འོད་ཟེར་སེར་པོ་འཕྲོས་རྒྱལ་བ་སྲས་དང་བཅས་པའི་གཟི་བྱིན་རླུང་རྟ་ཁ་རྗེ་དབང་ཐང་བཀྲག་མདངས་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་བསམ་པ་དང༌། བར་སྐབས་སུ་འོད་ཟེར་མར་འཕྲོས་སེམས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་དང་འབྱུང་བ་ལྔའི་བཅུད་དང་དྭངས་མ་བླ་མ་མཁན་སློབ་ལོ་པཎ་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཡོན་ཏན་ཐམས་ཅད་དང༌། ལྷ་དང་དྲང་སྲོང་རྒྱལ་པོ་སྟོབས་འབྱོར་དང་ལྡན་པ་རྣམས་ཀྱི་ཚེ་བསོད་མཐུ་ནུས་སྟོབས་དབང་ཐམས་ཅད་བསྡུས་ནས་བདག་གི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་བདག་གི་མཐུ་སྟོབས་ཡོན་

p. 216

ཏན་ཐམས་ཅད་རྒྱས་པར་བསམ་པ་དང༌། དགོང་མོ་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས་ཏེ་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམ་པ་དང༌། མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་གི་བློ་ཡིད་སེམས་གསུམ་ཐམས་ཅད་ཡི་གེ་ནྲྀཿཡིག་གི་རྣམ་པར་དྲངས་ནས་རང་སྲོག་དང་འདྲེས་ནས་ཁམས་གསུམ་སེམས་ཅན་ཀུན་གྱི་སྲོག་ལ་དབང་ཐོབ་པར་བསམ། ཡང་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་ནོར་ལྷ་གཏེར་བདག་རྣམས་ལ་ཕོག །སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་མདུན་དུ་འབོད་ནས་སྲོག་གི་སྙིང་པོ་ཕུལ། བཀའ་ཉན་ལས་བྱེད་ཀྱི་ཚུལ་དུ་ཁས་བླང༌། ཟས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་ཕབ་པས་གནས་ཡུལ་ཐོ་ཕྱི་ཐམས་ཅད་མེར་མེར་ཏིང་ཏིང་གང་བར་བསམ་པ་དང༌། ཡང་འོད་ཟེར་འཕྲོས་པས་ལྷ་འདྲེ་མི་གསུམ་གང་དག་བྲན་དུ་མི་ཁོལ་ཞིང་ལས་མི་བསྒྲུབ་པ་རྣམས་སྲོག་སྙིང་གིས་དྲངས་ནས་མདུན་དུ་འཁོད་པ་དང་མཉམ་དུ་རང་གི་སྐུ་ལས་ཐུན་མཚོན་འོད་ཟེར་འབར་བས་བསྡིགས་པས་དངངས་ཤིང་སྐྲག་ནས་

p. 217

སྲོག་སྙིང་དམར་ལྷུད་ཀྱི་བྱུང་ནས་རང་གི་རྐང་མཐིལ་དུ་ཐིམ་པ་དང་མཉམ་དུ་འོད་ཟེར་དམར་ནག་རེ་སྤྱི་བོར་སྤྲོས་པས་གནམ་ལྕགས་ཀྱི་རྡོ་རྗེ་ཕྱེད་པ་རེར་གྱུར་ནས་བཀའ་ལ་ཉན་ཅིང་དམ་ལ་གནས་ན་སྤྱི་བོའི་རྒྱན་དང་དགོས་འདོད་འབྱུང་བའི་རྟེན་དུ་གྱུར་པ་དང༌། འཁུ་ཞིང་བཀའ་དམ་ལས་འདས་ན་ལྕགས་ཀྱི་ཐོ་ལུམ་མེ་འབར་བར་གྱུར་ནས་མགོ་བོ་ཚལ་པ་བརྒྱར་འགས་ཤིང་སྙིང་གར་ཕྱིན་ཏེ་ལྕགས་ཀྱི་སྡིག་པ་ནག་པོ་རུ་གྱུར་ནས་སྙིང་ཁྲག་འཐུང་བའི་ནུས་ལྡན་དུ་དམིགས་པ་དང༌། མདོར་ན་ཁམས་གསུམ་སེམས་ཅན་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་བདག་ཉིད་རྒྱལ་པོ་རྗེ་དཔོན་བླ་མ་གྲོགས་པོ་ལྟར་མཐོང་ནས་དབང་དུ་འདུ་བ་སྟེ། མོས་པ་རྣམ་བཞིའི་དབང་གི་ལས་རྣམས་ཐོགས་མེད་དུ་འགྲུབ་པར་བསྒོམ། ནམ་གུང་སྲོད་ཀྱི་དུས་སུ་རང་ཉིད་དྲག་པོའི་སྐུར་བསྒོམ་པའི་ཤངས་ནས་དྲག་སྔགས་ཧཱུྃ་ཕཊ་སོད་རྒྱོབ་ཀྱི་སྒྲས་སྟོང་གསུམ་གཡོ་ཞིང་འཇིགས་པར་བྱེད་པ། མེ་ཡི་དབལ་དང༌། ས་བདག་གི་གཉེན་པོར་ཕག་ནག་མགོ་དགུ་དང༌། ཀླུའི་གཉེན་པོར་གནམ་ལྕགས་ཀྱི་བྱ་ཁྱུང་རྒྱལ་འགོང་གི་གཤེད་དུ་ལྕགས་སྡིག་ནག་པོ་མགོ་དགུ་པ་འཕྲོས་ཏེ། གནོད་བྱེད་དམ་སྲི་རྒྱལ་བསེན་གཉན་དང་ས་བདག་ཀླུ་དང་སྲིན་པོ་ནད་རིམས་

p. 218

ཡམས་ནད་གདོན་བཅས་པ་བསྲེག་གཏུབ་ཧབ་ཧབ་ཏུ་ཟས་སུ་ཟོས། རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་བསམ་ལ། ཨོཾ་བཛྲ་ཀྲོ་ཏ་སོགས་སྭཱ་ཧཱའི་བར་ཅི་རིགས་འདོན། བར་སྐབས་སུ་རང་ཉིད་དབང་དྲག་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་སྔགས་ཀྱི་ཕྲེང་བ་བར་མེད་དུ་འཁོར་ཞིང་བཟླས་པ་ཙམ་གྱིས་སྣང་སྲིད་འཁོར་འདས་ཐམས་ཅད་རིག་པ་ཆོས་ཉིད་ཀྱི་ལྷ་སྐུར་བཞེངས་ནས་དབྱངས་གཅིག་དགོངས་པ་གཅིག་ཏུ་ཕྱམ་བརྡལ་བར་སྔགས་ཀྱི་སྒྲ་འུར་ཆེམ་དུ་བསྒྲགས་པས་སྣང་སྲིད་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་ཏུ་འགུལ། འོད་ཟེར་གྱི་རྩེ་ནས་སྤྲུལ་པ་ལྕགས་སྡིག་མེ་དཔུང་སོགས་རྡུལ་ལྟར་དུ་འཁྲིགས་པས་རྩ་ཁམས་ཐམས་ཅད་ཁྱབ་པས། རྩ་གཞལ་ཡས་ཁང༌། ཁམས་ཡེ་ཤེས་ཀྱི་ལྷ་སྐུ། རླུང་གདངས་སྔགས་སུ་འཕོས་པ་དང༌། ཕྱི་སྣོད་ཐམས་ཅད་འོད་ཟེར་དང་སྤྲུལ་པའི་ཁྱབ་པས་གནོད་བྱེད་གདོན་བགེགས་ཐམས་ཅད་ཐུན་མཚོན་གྱིས་བརྡེག །སྤུ་གྲི་འཁོར་ལོ་འབར་བས་གཏུབ། བྱ་ཁྱུང་ཕག་སྡིག་གིས་ཟོས། བར་ཆད་གདོན་བགེགས་སྡེ་བརྒྱད་ཀྱི་ཆོ་འཕྲུལ་དང་རྒོལ་བ་སྡུག་བསྔལ་སྡིག་སྒྲིབ་ལས་དང་ཉོན་མོངས་པ་དང༌། ནད་རིམས་ཡམས་ནད་ཀླུ་གཉན་ས་བདག་

p. 219

གི་གནོད་པ་གཞི་དང་བཅས་པ་རྗེས་ལྷག་མེད་པར་གཞོམ་ཞིང་སྤུ་གྲིའི་རླུང་གིས་དེད་ནས་གླིང་བར་མུན་པའི་སྨག་དང་རི་རབ་ཀྱི་ཟོམ་དུ་བསྐྲད་པར་བསམ་པ་དང༌། མདོར་ན་སྣོད་བཅུད་སྣང་སྲིད་ཐམས་ཅད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སངས་རྒྱས་པར་བསམ་ལ་བཟླའོ། དེ་ལྟར་བསྙེན་སྒྲུབ་གང་གི་སྐབས་སུ་གསལ་བའི་གཟེར། སྔགས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ཏེ། སྲོག་སྡོམ་གཟེར་བཞིའི་མན་ངག་དང༌། སྣང་བ་ལྷ། སྒྲ་གྲགས་སྔགས། དྲན་རྟོག་ཐུགས་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར་བ་སྟེ། ཁྱེར་སོ་གསུམ་དང་མི་འབྲལ་བར་ཉམས་སུ་བླངས་པས་འབྲས་བུའི་ནོད་ཚུལ་ནི། མོས་གུས་གཡོ་བ་གཡོ་ཉམས་ལ། དབང་གི་དཀྱིལ་འཁོར་རྫོགས་པར་ཐོབ་ཅིང་ཡེ་ཤེས་མཐོང་བས་ས་དང་པོ་རབ་ཏུ་དགའ་བ། དམ་ཚིག་མ་ཉམས་པར་བསྙེན་ཅིང་སྒྲུབ་པའི་ལྷ་རང་རིག་ཏུ་མཐོང་བ་གཉིས་པ་དྲི་མ་མེད་པ། དཀྱིལ་འཁོར་གྱི་གཙོ་བོར་སེམས་རྩེ་གཅིག་ཏུ་ཟིན་པ་གསུམ་པ་འོད་འཕྲོ་བ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་སེམས་ཟིན་པ་བཞི་པ་འོད་བྱེད་པ། དེ་མན་ཆད་ཐོབ་པའི་ཉམས་ཡིན་ལ། ཏིང་ངེ་འཛིན་དགའ་སྤྲོ་དང་

p. 220

འཕེལ་འགྲིབ་ཀྱི་རིམ་པ་རིམ་གྱིས་བརྟན་པར་འགྱུར་ཞིང༌། དེ་ལ་དཀྱིལ་འཁོར་འཁོར་ལོ་གསལ་བར་ཟིན་པ་ལྔ་པ་སྦྱངས་དཀའ་བ། རླུང་སེམས་ལ་གདིང་ཐོབ་ཅིང་ལྟ་བ་ཆོས་ཉིད་ཀྱི་ལྟ་བས་ཟིན་ནས་གསལ་བ་ནི་དྲུག་པ་མངོན་དུ་གྱུར་པ། ཕྱི་ནང་སྣོད་བཅུད་གང་ལ་ཡང་རླུང་སེམས་་དབྱེར་མེད་ལ་སེམས་ཟིན་པས་རྡོ་རྗེའི་བཟླས་པའི་དུས་འདའ་བ་བདུན་པ་རིང་དུ་སོང་བ། བསྐྱེད་རིམ་ལ་ཤིན་ཏུ་གོམས་པའི་རྟགས་སུ་ཡེངས་དང་མ་ཡེངས་མེད་པར་འཆར་ནས་མཉམ་བཞག་དང་རྗེས་ཐོབ་མཐའ་དག་ལས་གྲོལ་ཏེ་སྐྱེ་འཆི་མེད་པར་གདིང་ཐོབ་པ་བརྒྱད་པ་མི་གཡོ་བ། དེ་ནས་ཆེས་ཆེར་གོམས་པའི་ལུས་ལ་ཚོར་བའི་ཟུག་རྡུ་མེད་པ་དང༌། ངག་ལ་བདེན་པ་ཐོབ་སྟེ་ཆོས་རྣམས་ཀྱི་གནས་ལུགས་ཤེས། ཡིད་ལ་མངོན་པར་ཤེས་པ་སྣ་ཚོགས་འཆར་བ་དང༌། མཁའ་འགྲོ་བདེ་གཤེགས་གྲུབ་པའི་ཚོགས་ཀྱིས་ལུང་སྟོན་པ་དང༌། དགྲ་བགེགས་གཉིས་ལ་བདེན་པས་འཇུག་པ་སྟེ་དགུ་པ་ལེགས་པའི་བློ་གྲོས། དེ་ནས་མཐར་ཕྱིན་པས་སྣོད་བཅུད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་གཅིག་ཏུ་མངོན་སུམ་དུ་མཐོང་ནས་གང་སྣང་ཆོས་ཉིད་དང༌། ཡེ་ཤེས་ལྷའི་རྣམ་རོལ་ལས་མི་གཡོ་བ་བཅུ་པ་ཆོས་ཀྱི་སྤྲིན། སྣང་བའི་ཆོ་

p. 221

འཕྲུལ་འོད་ལྔར་འཆར་བ་དང༌། ལུས་ངག་ཡེ་ཤེས་འོད་གསལ་གྱི་ལྷའི་སྐུ་དང་གསུང་དུ་འཕོས། རྣམ་པར་རྟོག་པ་རྩད་ནས་ཆོད་དེ་རིག་པ་ཆོས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ། བདག་ཏུ་ལྟ་བའི་ས་བོན་ཞིག་མངོན་པར་ཤེས་པ་གཉིས་ཀར་འཆར་ཞིང་སྐྱེ་འཆི་དང་གནད་གཅོད་ཀྱི་སྡུག་བསྔལ་མེད་པར་སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྦུབས་སུ་ལོངས་སྐུ་ཆེན་པོར་སངས་རྒྱས་པའོ། །དེ་ལྟར་ཟབ་པ་ས་ཡི་གཏེར་གྱི་བཅུད། །ཡང་ཁྲོས་མ་ཧཱ་ཀཱ་ལའི་སྒྲུབ་ཕྲིན་གྱི། །བསྙེན་དམིགས་མདོར་བསྡུས་ནོར་བུའི་དོ་ཤལ་འདི། །བླ་མའི་ཞལ་ལུང་མ་ནོར་ཇི་བཞིན་བཀོད། །དགེ་བས་མ་རུང་བདུད་སྡེའི་དཔུང་ཚོགས་བཅོམ། །རྒྱལ་བསྟན་རིན་ཆེན་དར་ཞིང་རྒྱས་པ་དང༌། །སེམས་ཅན་ཐམས་ཅད་བདེ་ལེགས་འབྲས་བུའི་གཡུར། །ཟོས་ནས་ཚེ་གཅིག་རྫོགས་སངས་རྒྱས་གྱུར་ཅིག །ཚེ་རབས་ཚེ་རབས་དུ་མར་ལས་འཕྲོ་ལྡན། །ཡང་ཡང་ཟབ་ཆོས་བདུད་རྩིའི་དཔལ་ལ་རོལ། །དགྱེས་དགྱེས་ལྷ་དང་བླ་མའི་རྗེས་སུ་བཟུང༌། །འཛུམ་འཛུམ་དགྱེས་པའི་ཞལ་རས་ངོམ་བཞིན་དུ། །འདི་ལྟར་བྲིས་ཞེས་གསུང་གིས་དབུགས་དབྱུང་བ། །རྫོགས་ཆེན་རྣལ་འབྱོར་ཀློང་ཆེན་རྡོ་རྗེའི་མཚན། །འཕགས་ནོར་བདུད་ལྡན་

p. 222

ཐུགས་རྒྱུད་ཆོས་ཀྱིས་ཕྱུག །བསླབ་གསུམ་མཛོད་འཆང་གང་དེའི་རྡོ་རྗེའི་ཚིག །ལྡོག་ཏུ་མ་སྤོབ་ཇི་བཞིན་བྲི་བ་པོ། །དུག་ལྔས་རྒྱུད་མྱོས་རྣམ་གཡེང་ཁོལ་པོར་འཕྱན། །ཆོས་བརྒྱད་བླ་གཟུགས་དྲི་མེད་འོད་ཟེར་གྱིས། །དབེན་པའི་རི་ངོགས་ནེ་གྲོ་སྟག་ཚང་དུ། །སྙན་ངག་ཚིག་གི་སྤུན་པས་མ་བསྲེས་པར། །ཐོལ་བྱུང་རྣམ་རྟོག་འཆར་སྒོ་ཡི་གེར་བཀོད། །ཉེས་པར་བཤད་ནོངས་ཡི་དམ་ལྷ་ལ་འཆགས། །ལེགས་པའི་ཆ་མཆིས་བླ་མའི་དྲུང་དུ་བསྔོ། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །སྐྱབས་རྗེ་བླ་མའི་འབངས་སུ་བདག་གྱུར་ཏེ། །ཐེག་གསུམ་བདུད་རྩིའི་བགོ་སྐལ་རབ་ནོད་ནས། །བླ་མའི་བསྟན་ལ་བྱ་བ་བྱེད་ནུས་ཤོག །ཅེས་པ་འདི་ཉིད་སྐྱབས་རྗེ་བླ་མའི་ཟབ་གཏེར་ལ་རྟག་ཏུ་མོས་པ་ཐོབ་པའི་རྣལ་འབྱོར་པ་སྔགས་བཙུན་ཀློང་ཆེན་རྡོ་རྗེས་བསྐུལ་ངོར་དྲི་མེད་ནས་སུག་བྲིས་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།

རྟ་མགྲིན་ཡང་ཁྲོས་ནག་པོའི་བསྙེན་ཡིག་མདོར་བསྡུས་གྲུབ་པའི་བཅུད་ལེན།

p. 223

༄༅། །རྟ་མགྲིན་ཡང་ཁྲོས་ནག་པོའི་བསྙེན་ཡིག་མདོར་བསྡུས་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །

p. 224

ན་མོ་པདྨ་མ་ཧཱ་ཀྲོ་དྷ་ཡ། རྟ་མགྲིན་ཡང་ཁྲོས་ནག་པོའི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་གྱི་སྟེགས་བུའམ་གཏོར་སྒྲོམ་ནང་དུ་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་ལ་མེ་ཏོག་སྔོན་པོའི་ཚོམ་བུ་དབུས་སུ་གཙོ་བོ་གཅིག །ཕྱོགས་བཞིར་ཁྲོ་བོ་བཞི། དེ་རྒྱབ་སྒོ་མ་བཞི་བཅས་གཙོ་འཁོར་ཕྱེད་པར་བཀོད་པའི་ཁར་འཕྲུལ་སྟེགས་སྟེང་ཨེ་ཁྲོམ་ལ་བསྙེན་པའི་རྟ་ཕུར་ཡུངས་ཀར་གྱི་ཐུམ་བུ་བཏགས་པ་ལ་

p. 225

བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་བཀོད། མདུན་དུ་མཆོད་གཏོར་དཔལ་བཤོས་མཐེབ་ཀྱུ་ལྷ་གྲངས་ཀྱིས་བསྐོར་བའི་གཡས་སུ་དམ་ཅན་སྤྱིའི་གཏོར་སྤུངས་དང༌། གཡོན་དུ་སྒོས་ཀྱི་བཀའ་སྲུང་གཟའ་བདུད་གཙོ་འཁོར་གྱི་གཏོར་མ། གསུམ་ཀའང་དར་གདུགས་མཐིང་ག་བཅས། དེའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཞི་དྲག་གི་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་རམ་བསྐོར་བཤམ་བྱ། སྔོན་འགྲོ་དཀར་བགེགས། རྒྱུན་གྱི་གཏོར་འབྱུལ། ཚོགས་བྱེད་དུས་དེའི་ཡོ་བྱད་དང་ཆད་བརྟན། གཞན་ཡང་འདིར་མཁོ་བའི་ཡོ་བྱད་རྣམས་

p. 226

ཚོགས་པར་བྱ། སྔོན་འགྲོ་སྣ་སེལ་དུ། སཱཙྪ། བསང་གསུར་ཆུ་གཏོར་སོགས་མགྲོན་བཞི་ལ་མཆོད་སྤྲིན། གསུང་རབ་ཀློག་པ། བཤགས་སྦྱོང་ཚོགས་སྐོང་སོགས་སྤྱི་འགྲེ་ལྟར་གང་འགྲུབ་བྱའོ། །གཉིས་པ་དངོས་གཞི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་ལས། དང་པོ་ནི། ཡར་མར་གྱི་ཚེས་བཅུ་སོགས་དུས་ཚེས་དགེ་བའི་ཕྱི་དྲོའི་ཆར་དབུ་བརྩམས་ཏེ། སྨེ་བརྩེགས་སོགས་ཀྱིས་བསྒྲུབས་པའི་ཁྲུས་ཆབ་ཀྱིས་གནས་ཁང་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ། བརྒྱུད་འདེབས་ནས་བརྩམས་ཚོགས་གསོག་གི་བར་སོང་ནས། རང་ཉིད་ལས་ཀྱི་ལྷར་བསྐྱེད་ལ་དཀར་གཏོར་སྤྱི་འགྲེ་དང༌། བགེགས་གཏོར་གཞུང་བཞིན་བཏང་ནས་གུལ་ཡུངས་དྲག་སྔགས་ཀྱིས་བགེགས་བསྐྲད། སྒོ་དྲུང་དུ་ཐོ་རྒྱལ་ཆེན་བཞིའི་སྐུའམ་རང་སྔགས་བྲིས་པ་བཙུགས་པ་ལ་སྤྱི་ལྟར་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་བཅོལ་བརྟན་བཞུགས་བྱས་ལ། དེ་ནས་བཟུང་འགྲུལ་མཚམས་བཅད། ནང་དུ་ཞུགས་ནས་སྲུང་འཁོར་གྱི་དམིགས་པ་ནན་ཏན་བྱ། དེ་ནས་བྱིན་འབེབས་སོགས་ནས་བརྩམས་ལས་བྱང་དཀྱུས་ལྟར་ལ། ལྷ་བསྐྱེད་སྐབས་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་གསལ་བཏབ། སྤྱན་

p. 227

འདྲེན་ནས་བསྟོད་པའི་བར་གཞུང་བཞིན་སོང་ནས། བཟླས་པའི་འགོར་ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱས་ལ། ཛཔྲ་བསྐུལ་སྔོན་དུ་འགྲོ་བས་བསྙེན་པའི་དམིགས་གནད་བཅས་རྩ་སྔགས་འབྲུ་བཅུ་པ་ཉིད་གཙོ་བོར་བཟླ་ཞིང༌། ཐུན་གྱི་མཇུག་ཏུ་ཉེ་བསྙེན་སྡེ་བརྒྱད་སྲོག་འདྲེན་གྱི་དམིགས་གནད་བཅས་བཟླས་པ་སྔ་མའི་བཅུ་ཆ་ཙམ་བཟླ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་སྟོང་ཚིགས་ཀྱི་མཆོད་བསྟོད་ཕུལ། དགུང་ཐུན་འདིའི་མཇུག་ཏུ་བཀའ་སྲུང་སྤྱི་དང་བྱེ་བྲག་གཟའ་བདུད་ཀྱི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། ཉིན་དང་པོ་འདིར་ཚོགས་མཆོད་ངེས་པར་དགོས་པས་གཞུང་བཞིན་ཚོགས་མཆོད་རྒྱས་པར་བྱས་ལ། ལྷག་མ་སྒྲུབ་པ་མ་གྲོལ་བར་དངོས་གྲུབ་ཀྱི་གཏའ་མར་བཙོན་དུ་འཛིན་དགོས་པ་ཡིན་ཀྱང་ཡུལ་དུས་ཀྱི་དབང་གིས་སྟབས་མི་འགྲིགས་ན་ཕྱི་རོལ་དུ་འབུལ་བ་ལས་འོས་མེད་ཅིང༌། འོན་ཀྱང་དམིགས་པས་དངོས་གྲུབ་བསྲུང་བ་ལ་ཕྲིན་བཅོལ་ནན་ཏན་བྱ། སྲུང་མའི་གཏོར་སྐྱོང་སྤྱི་ལྟར་དང༌། འདིར་བསྐུལ་དང་ཆད་བརྟན་སོགས་རྒྱུན་དུ་མ་འགྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར། ཚོགས་

p. 228

མགྲོན་ལ་གཏང་རག་གི་མཆོད་བསྟོད་དང་ནོངས་པ་བཤགས་ལ་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བར་གཞུང་བཞིན་ནོ། །དེ་ནས་སྲོད་ཐུན་ལ། ཚིག་བདུན་གསོལ་འདེབས་མཐར། པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ སོགས་ཚིག་རྐང་ལྔ་དང༌། དམར་ནག་གྲུ་གསུམ་དབང་གི་གཞལ་ཡས་ན༔ སོགས་ཚིག་རྐང་ལྔའི་མཐར། སྐྱབས་སེམས་ཚོགས་བསགས་སྲུང་འཁོར་གསལ་འདེབས་བྱིན་འབེབས་མཆོད་བརླབ་བར་དང༌། འདིའི་སྨན་རཀ་གཏོར་གསུམ་རྣམས་སྔགས་ཙམ་བརྗོད་པས་འཐུས། ལྷ་བསྐྱེད་ནས་ཕྱག་འཚལ་བར་དང༌། དེ་ནས་མཆོད་པ། སྣོད་བཅུད་འཛིན་པ་སེམས་ཀྱི་ཆོས༔ སོགས་ནས་བསྟོད་པ་བཟླས་པ་བཅས་སྔར་བཞིན། སྟོང་ཚིགས་ཀྱི་རྗེས་སུ་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱས་ལ་ཉལ་བའི་རྣལ་འབྱོར་ལ་འཇུག །ཕྱིར་ཉིན་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་པ། ཐུན་གྱི་གཅོད་ཚུལ་སྲོད་ཐུན་དང་འདྲ། དེ་ནས་སྔ་ཐུན་ཕྱི་ཐུན་གཉིས་[原稿里看不清]མཆོད་ཕྲེང་རྒྱས་པ་མི་དགོས། ཡར་མར་གྱི་ཚེས་བཅུ་དང་ཉ་སྟོང་སོགས་ལ་ཚོགས་མཆོད་པ། ཚུལ་དེ་ལྟ་བུས་བསྙེན་པ་དང་ཉེ་བ་བསྙེན་གྱི་རིམ་པ་གྲུབ་ནས། གཉིས་པ་

p. 229

སྒྲུབ་པ་ལ། དེའང་འདོན་བྱ་དང་ཐུན་གྱི་གཅོད་ཚུལ་སོགས་སྔར་ལྟར་ལས། བསྙེན་པའི་བཟླས་པ་གཉིས་པོ་ཁྱུག་ཙམ་རེ་སྔོན་དུ་འགྲོ་བས། ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ སོགས་ཀྱི་དམིགས་གནད་དང་སྦྱར་ཏེ་སྲོག་སྔགས་སརྦ་ཛྙཱ་ན་ཀྲོ་དྷ་ཅན་གཙོ་བོར་བཟླ་ཞིང༌། གཞན་གསུམ་པོའང་ཆ་བགོས་ཏེ་བཟླས་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་ནས་བསྡུ་ལྡང་སོགས་སྔར་དང་འདྲ། ཚུལ་དེ་ལྟ་བུས་སྒྲུབ་པ་ཐེམས་ནས། གསུམ་པ་ལས་སྦྱོར་ནི། གཞུང་སྲོང་ལུགས་སྔ་མ་བཞིན་ལ། བསྙེན་སྒྲུབ་ཀྱི་བཟླས་པ་གཉིས་པོ་ཁྱུག་ཙམ་རེའི་མཐར། རང་ཉིད་དྲག་པོའི་སྐུར་བསྒོམ་པའི༔ སོགས་ལས་སྦྱོར་གྱི་དམིགས་པ་དང་བཅས་རྩ་སྔགས་ཤམ་ཅན་ཉིད་གཙོ་བོར་བཟླ། སྤྱིར་བཏང་དུ་ལས་སྔགས་འདི་ཁོ་ནས་དོན་འགྲུབ་ལ། རྒྱས་པར་སྤྲོ་ན་རྩ་སྒྲུབ་ལྟར་ལས་སྔགས་གཞན་རིང་ཐུང་གཉིས་པོ་གཞུང་གསལ་ལྟར་བཟླ། མཐར་སྟོང་ཚིགས་སོགས་སྔར་ལྟར་རོ། །སྤྱིར་བསྙེན་སྒྲུབ་ཀྱི་སྐབས་འདིར་མཚན་མའི་བསྙེན་པ་ནི་རྟགས་ཀྱི་རིམ་པ་ཁོ་ན་དང་སྦྱར་བ་ལས་གྲངས་མི་གཙོ་ལ། གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་བཅུ་ནས་དེའི་བཞི་འགྱུར་སོགས་སྔགས་ཀྱི་

p. 230

ནུས་པ་ཐོབ་ཀྱི་བར་དང༌། དུས་ཀྱི་བསྙེན་པ་ནི་ཟླ་བ་དྲུག་གམ་གསུམ་མམ་གཅིག་གིས་མཐའ་བརྟེན་པ་སྟེ། ལས་རུང་གི་བསྙེན་འབྲེལ་ཟླ་བ་གཅིག་ལ་མཚོན་ན། བདུན་དང་པོ་ལ་བསྙེན་པའི་དམིགས་པ་དང་པོ་གཉིས་དང་སྦྱར་ཏེ་རྩ་སྔགས་ཁོ་ན་བཟླ། བདུན་གཉིས་པ་ལ་བསྙེན་བཟླས་གཉིས་ཀྱིས་འགོ་ཅུང་ཟད་དྲངས་པའི་སྒྲུབ་པའི་དམིགས་པ་བཞི་པོ་ཆ་སྙོམས་པར་བཟླ། བདུན་གསུམ་པ་ལ་བསྙེན་སྒྲུབ་ཅུང་ཟད་ཀྱིས་འགོ་དྲངས་པའི་གཞུང་གསལ་ལས་སྦྱོར་གྱི་དམིགས་གནད་དང་བཅས་ལས་སྔགས་ཤམ་བུ་ཅན་བཟླ། བདུན་བཞི་པར་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཅུང་ཟད་ཀྱིས་འགོ་དྲངས་པའི་རྩ་སྒྲུབ་རྒྱུན་གྱི་ཉམས་ལེན་ལྟར་ལས་སྦྱོར་གྱི་དམིགས་གནད་ཁྱད་པར་བཅས་ཐུན་རེ་ལ་ཆ་གསུམ་དུ་བགོས་ཏེ་སྔགས་ཚན་གསུམ་པོ་རིམ་བཞིན་བཟླའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཟིན་ནས་གྲུབ་འབྲས་དངོས་གྲུབ་བླང་བ་སྟེ། མཆོད་པ་དང་གཏོར་མ་སོགས་ཁ་གསོ་ཞིང༌། དཀྱིལ་འཁོར་མདུན་དུ་དཀར་མངར་ཛ་གད་ཀྱིས་སྦྲུས་པའི་འབྲང་རྒྱས་རིལ་བུས་བསྐོར་བ་དང༌། ཐོད་ཆང་བཅས་འགོད། གཞན་ཡང་ཚོགས་མཆོད་སོགས་བཟང་དུ་བཤམ། བསྙེན་སྒྲུབ་ལས་

p. 231

གསུམ་གྲུབ་པའི་ཐོར་ཐུན་ནམ་སྔ་དྲོ་ནས་དབུ་བཙུགས་ལ། ཆོ་གའི་གཞུང་སྲོང་ཚུལ་སྔ་མ་ལྟར་ལས། མདུན་གྱི་སྒྲུབ་ཕུར་སྐུ་རྟེན་གཏོར་མ་བཅས་རང་དང་ཞལ་སྤྲོད་ཚུལ་གྱིས་ལྷར་བསྒོམ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཁྱུག་ཙམ་རེའི་མཐར་དངོས་གྲུབ་བསྡུ་བའི་དམིགས་པ་བདག་མདུན་གྱི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་དབང་བྱིན་དངོས་གྲུབ་འོད་ཟེར་རྣམ་པར་རང་ལ་ཐིམ་པས་གྲུབ་པ་གཉིས་ལ་མངའ་དབང་འབྱོར། རྫས་ལ་ཐིམ་པས་བཅུད་ལེན་བདུད་རྩིའི་མཆོག་ཏུ་གྱུར་པར་བསམ་ཞིང༌། རྩ་སྔགས་ཤམ་དུ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃཿ སརྦ་སིདྷི་ཧྲཱིཿ ཞེས་བཏགས་པ་ལ་བཟླས་པའི་དངོས་གཞི་བྱ། སང་སྔ་ཐུན་ཚོགས་གཏོར་གསར་པ་རྒྱ་ཆེར་བཤམ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་སྔར་བཞིན་དངོས་གྲུབ་བསྡུ་བའི་བཟླས་པ་ཅི་ནུས་མཐར། སྲུང་མའི་གཏོར་ཆོག་དང་ཚོགས་ཐ་མའི་བར་བཏང་རྗེས་མདུན་རྟེན་ལྷར་གསལ་བ་ལ་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླས་པས་འཁོན་གཅུགས་བཤགས་ནས་བྱིན་འབེབས་བྱ། མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་

p. 232

དངོས་གྲུབ་ཐམས་ཅད་འོད་ཟེར་དང་འབྲུ་གསུམ་དཀར་དམར་མཐིང་གའི་རྣམ་པ་ཆར་བབ་པ་ལྟར་འཕྲོས་ནས་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ཞིང༌། ཧཱུྃ༔ ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ སོགས་ཀྱིས་དངོས་གྲུབ་བསྐུལ་ལ། སྒྲུབ་ཕུར་དང་གཏོར་མ་སོགས་གནས་གསུམ་དུ་འཇོག་ཅིང༌། ལྷ་འོད་དུ་ཞུ་བའི་དམ་རྫས་ལ་ལོངས་སྤྱད། ཚོགས་ལ་རོལ་ཞིང་ལྷག་ཆོག་ནས་ཤིས་བརྗོད་ཀྱི་བར་གཞུང་བཞིན་མཐར་དབྱུང༌། ཁ་སྐོང་དུ་མཚམས་ཀྱི་ཁོངས་དེར་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆའི་གྲངས་ལོངས་གྲུབ་ན་མཆོག་ཡིན་ཅིང༌། དེ་མིན་སྔགས་ཀྱིས་ཁ་བསྐང་བས་ཀྱང་འཐུས། དེ་ནས་ཐོ་གྲོལ་ཞིང་གནས་བསྲུང་བ་སོགས་ཀྱིས་གྲུབ་བོ། །དེ་ལྟར་སྨོས་པ་ནི་བསྙེན་སྒྲུབ་སྤྱིའི་ལག་ལེན་ལ་གོམས་ཤིང་འདྲིས་པ་ཞིག་གི་དབང་དུ་བྱས་ཏེ། འདིར་ཁྱད་པར་གྱི་སྒོས་ཆོས་བྱེ་བྲག་པ་རྣམས་མདོ་ཙམ་བརྗོད་པ་ཡིན་ནོ། །ཞེས་པའང་སྔགས་སྟོན་ཚེ་དབང་ལྷ་རྒྱལ་སོགས་དོན་གཉེར་ཅན་མང་པོས་སྔ་ཕྱིར་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་ལེན་ཕྱོགས་མཚོན་ཙམ་དུ་བརྗོད་

p. 233

པ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་དབང་འདུས་སོ། །འདིས་ཀྱང་སྐལ་པ་ཅན་ལ་མཆོག་ཏུ་སྨན་པའི་རྒྱུར་གྱུར་ཅིག །། །མངྒ་ལ་ཛ་ཡནྟུ།། །།

རྟ་མགྲིན་ཡང་ཁྲོས་ནག་པོའི་དབང་བསྐུར་གྱི་ཆོ་ག་ཁྲིགས་སུ་བསྡེབས་པ་ཁྲག་འཐུང་དགོངས་རྒྱན།

p. 234
p. 235

༄༅། །རྟ་མགྲིན་ཡང་ཁྲོས་ནག་པོའི་དབང་བསྐུར་གྱི་ཆོ་ག་ཁྲིགས་སུ་བསྡེབས་པ་ཁྲག་འཐུང་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །

p. 236

ན་མོ་གུ་རུ་ཀཱ་ལ་ཀྲོ་དྷ་ཡ། [སྲིད་གསུམ་དབང་སྒྱུར་ཁྲག་འཐུང་རྟ་ཞལ་ཅན། །དེ་དང་གཉིས་མིན་ཐོད་ཕྲེང་རྩལ་གྱི་ཞབས། སྤྱི་བོར་བཀོད་ནས་ཡང་ཁྲོས་ནག་པོ་ཡི། །སྨིན་བྱེད་ཆོ་ག་ཆུ་འབབས་འཇུག་བདེར་སྤྲོ། །དེ་ཡང་རྟ་མགྲིན་ཡང་ཁྲོས་ནག་པོའི་སྨིན་བྱེད་དབང་གི་ཆོ་གས་སློབ་མ་རྗེས་སུ་འཛིན་པ་ལ། སྟེགས་བུར་དྲག་པོའི་དཀྱིལ་འཁོར་སྒོ་རྫོགས་ཅན་ལྷ་མཚན་ལྟེ་བ་གྲུ་གསུམ་མཐིང་ནག །མུ་ཁྱུད་ཐོད་སྐམ་ཕྲེང་བ། ཟླ་གམ་ཁྲག་མཚོ། ཕྱི་རིམ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་ཚུལ་བཞིན་བྲིས་པའི་འདིང་དཀྱིལ་ཡོད་ན་བཀྲམ། མེད་ན་མཎྜལ་ལ་འབྲུ་ནག་གི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་རྒྱབ་རིགས་བཞི། དེ་རྒྱབ་བཞི་བཅས་ལྷ་གྲངས་མཉམ་པར་བཀོད་པའི་

p. 237

སྟེང་དུ་མཉྫི་ལ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཁ་རྒྱན་གཟུངས་རྡོར་བཅས་པ་འགོད། མདུན་དུ་གཙོ་འཁོར་ཡོངས་རྫོགས་ཀྱི་སྐུ་ཙཀ །གཡས་སུ་གསང་ཐོད་བདུདརྩི་ཨ་མྲྀ་ཏ་མངར་གསུམ་སྦྱར་བ། གཡོན་དུ་རིག་ཙཀ་དང་སྔགས་འཁོར། རཀྴའམ་ཐོད་ཕྲེང༌། ཕྱག་མཚན་སོགས་ཀྱི་ཙཀླི། རྒྱབ་ཏུ་ཟངས་ལྕགས་ཀྱི་སྣོད་དུ་དཔལ་གཏོར་ནག་པོ་རྟ་མགོས་མཚན་པ་ཅན་འཁོར་བརྒྱད་དང་མཐེབ་ཀྱུས་བསྐོར་བ་ཤ་ཁྲག་གི་རྒྱན་ལྡན་སྐུ་རྟེན་དར་ནག་གི་གདུགས་ཕུབ་པ་འགོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔ་བསྐོར་བཤམ། མདུན་རྒྱབ་གང་བདེར་མཆོད་གཏོར་དཔལ་བཤོས་དང༌། གཡས་གཡོན་དུ་སྨན་རཀ །མདུན་དུ་ཞི་དྲག་གི་ཉེར་སྤྱོད་ཕྲེང་ཚར། གཞན་ཡང་ལས་བུམ། མིག་དར། མེ་ཏོག །གསེར་ཐུར། འགྲིམ་དཀྱིལ་སོགས་འདིར་

p. 238

དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བྱས་ལ། ལས་བྱང་གི་དབུ་ནས་བརྩམས་མཐར་ཆགས་སུ་གཏོང་བ་ལས་བདག་མདུན་བུམ་གསུམ་དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་གསལ་བཏབ། བཟླས་པའི་སྐབས་ཛཔྲ་ཁང་ཕྱེས་ཏེ་བདག་མདུན་གཉིས་ཀར་སྤྲོ་བསྡུའི་དམིགས་པ་བཅས་རྩ་སྔགས་ཅི་ནུས་དང་ལས་སྔགས་ཉུང་ཙམ་བཟླ།] བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་བླང་ལ་བསྙེན་སྔགས་བརྒྱ་རྩ་སོགས་ཅི་འགྲུབ་མཐར་སྟོང་ཚིགས་ཀྱིས་མཆོད་ནས། ཨོཾ་ཨཱཿཧཱུཾ༔ གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་[བསམ།] ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་བདུད་རྩི་འཁྱིལ་བ་ལྗང་ནག་སྣ་ཚོགས་རྡོ་རྗེ་དང་མེ་ཞགས་འཛིན་པ། གཏུམ་རྔམས་ཁྲོ་བོའི་ཆས་ཀྱིས་བརྒྱན་པ་གྱད་ཀྱི་འདོར་སྟངས་སུ་བཞུགས་པའི་ཐུགས་ཀར་ཉི་སྟེང་ཨོཾ་ཨཱཿཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་འབབས་པས་བུམ་པ་གང་བར་[བསམ་ལ།] ཨོཾ་བཛྲ་ཨ་

p. 239

མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཅེས་ཅི་གྲུབ་བཟླས་མཐར།] ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་ལས་ཐམས་ཅད་འགྲུབ་པའི་ནུས་ལྡན་དུ་གྱུར་པར་[བསམ། བཀའ་སྲུང་གཏེར་སྲུང་གི་གཏོར་འབུལ། ཚོགས་ཀྱི་མཆོད་པ་བཅས་གྲུབ་ནས། བདག་འཇུག་རྒྱས་པར་ལེན་པའམ་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །དེ་ནས་དབང་དངོས་ལ། ཉམས་སུ་ལེན་ངེས་པའི་སློབ་མ་ལྔའམ་བདུན་ལས་མི་མང་བ་ཁྲུས་ནས་དབྱུང༌། བགེགས་གཏོར་བསྔོས་ལ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་བྱས་ལ།] འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྲག་འཐུང་དབང་ཆེན་དྲག་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་གཉན་པོའི་སྒོར་ཞུགས་ཏེ་ཟབ་མོའི་རྣལ་འབྱོར་ལ་ཚུལ་བཞིན་བརྩོན་པར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྒོ་ནས་ལེགས་པར་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་འདིར་རྒྱལ་བ་སྲས་དང་བཅས་པའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐུགས་རྗེའི་རང་གཟུགས་གཅིག་ཏུ་ཤར་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་གདུལ་བྱ་གདུག་པ་ཅན་གྱི་ངོར་འབར་བ་ཆེན་པོའི་སྐུར་བསྟན་པ་དབང་ཆེན་རྟ་མཆོག་ཧེ་རུ་ཀ་སྟེ།

p. 240

དེ་ཉིད་མི་སྲུན་པའི་སྡེ་བརྒྱད་འབྱུང་པོ་རྣམས་ཀྱི་གཉེན་པོར་སླར་ཡང་དྲག་ཏུ་ཁྲོས་པ་དཔལ་རྟ་མགྲིན་ནག་པོ་ལ་རྒྱུད་དང་སྒྲུབ་ཐབས་ཀྱི་རྣམ་གྲངས་མཐའ་ཡས་པ་མཆིས་པ་ལས་སྙིགས་དུས་ཀྱི་རྒྱལ་བསེན་ས་བདག་ཀླུ་གཉན་མ་རུངས་པ་འདུལ་བ་ལ་ལྷག་པར་བསྔགས་ཤིང་གདམས་ངག་གཞན་ལས་ཁྱད་པར་འཕགས་པ་འདི་ཉིད་རྟ་མཆོག་ཉིད་དང་ངོ་བོ་གཅིག་པ་སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་དཔལ་རྟ་མཆོག་རོལ་པའི་རྒྱུད་ཀྱི་དུམ་བུ་ནག་པོ་ཀླུ་འདུལ་གྱི་རྒྱུད་ལས་ཕྱུངས་ཏེ་མཁའ་འགྲོ་མཚོ་རྒྱལ་དང་མངའ་བདག་རྒྱལ་པོ་གཉིས་ལ་ཐུགས་ཀྱི་ཟུངས་སུ་སྩལ་བ་སྟེ། རྡོ་རྗེའི་གསུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྟ་མགྲིན་དབང་གི་དངོས་གྲུབ་བརྙེས༔ སྣང་སྲིད་འཇིག་རྟེན་དབང་དུ་བསྡུས༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ ཕྲིན་ལས་གང་བཅོལ་ཐོགས་པ་མེད༔ འཆི་མེད་རྡོ་རྗེའི་སྐུ་རུ་གྱུར༔ དེ་ཕྱིར་དབང་ཆེན་རྟ་མགྲིན་གྱི༔ སྒྲུབ་ཐབས་བྱེ་བ་ས་ཡ་བརྩམས༔ ལ་ལ་མཆོག་གི་དོན་ལ་དགོངས༔ ལ་ལ་དྲེགས་པ་གཅུན་ལ་དགོངས༔ ལ་ལ་དགྲ་བགེགས་འདུལ་ལ་དགོངས༔ འདི་ནི་དགོངས་པ་གཅིག་ཏུ་འདྲིལ༔ དེ་དག་ཀུན་གྱི་སྙིང་པོ་ཡིན༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ དྲག་

p. 241

སྔགས་ཀུན་གྱི་རྣོ་སོ་ཡིན༔ བྱ་སླ་ཚེགས་ཆུང་དོན་ཆེན་འདི༔ རྗེས་འཇུག་དོན་དུ་ཟབ་པར་གདམས༔ [ཞེས་དང༌། རྩ་གཞུང་ལས།] མ་འོངས་དུས་ཀྱི་སྙིགས་མ་ལ༔ རྗེ་རིགས་འབངས་བབས་འབངས་རིགས་རྗེས༔ ཉེས་མེད་ཆད་པའི་མལ་དུ་མནར༔ ཉེས་ཆེན་མཐོ་བའི་ཁྲི་རུ་བསྟོད༔ ཆོས་བྱེད་སྨོད་ཅིང་སྡིག་བྱེད་བསྟོད༔ ཟས་སུ་ལྕི་བའི་སྡིག་ཟས་སྤྱོད༔ ལས་ཀ་དམག་ཇག་འཕྲོག་བཅོམ་བྱེད༔ རང་ལས་བརྩེ་གྲོགས་མི་འོང་ཞིང་༔ ཉེ་འབྲེལ་གྲོགས་དང་སྤུན་གྱིས་བསླུ༔ སྔགས་པ་དགེ་བཙུན་དམ་སྡོམ་ཉམས༔ འདྲེ་རུ་རྒྱལ་བསེན་སྡེ་བརྒྱད་དང་༔ ཁྱད་པར་ཀླུ་གཉན་གདུག་པ་དར༔ ནད་རིམས་གོད་ཡམས་སྣ་ཚོགས་འཚུབས༔ དམ་ཉམས་འདྲེར་འཁྲུལ་དམ་སྲི་རྒོད༔ དམ་ཚིག་སྡོམ་པའི་ཚུལ་ཁྲིམས་བཤིགས༔ དེ་དུས་སེམས་ཅན་དམུ་རྒོད་པས༔ ཆོས་ལམ་ཞུགས་ཀྱང་བདུད་འབངས་མཆི༔ རྣམ་པར་གཡེང་བའི་ལེ་ལོ་དང་༔ ཚོགས་དྲུག་ཡུལ་དུ་ལྷ་བདུད་ཀྱིས༔ བསླུས་ཏེ་སྡིག་པའི་སྒོ་རོ་འཛུད༔ གལ་སྲིད་ཆོས་བཞིན་སྤྱོད་པའི་བུ༔ ཉིན་མོའི་སྐར་མའི་དཔེར་སྲིད་ཀྱང་༔ དེ་ལ་ནག་ཕྱོགས་བར་གཅོད་ན༔ དབང་དྲག་རྡོ་

p. 242

རྗེ་གཏུམ་པོ་ཉིད༔ བསྒྲུབ་པས་ལོག་འདྲེན་ཚར་གཅོད་ཅིང་༔ བདུད་ལས་རྣམ་རྒྱལ་ནད་ལས་གྲོལ༔ འཁོར་འདས་ཡོངས་ཀྱི་དཔལ་ཐོབ་སྟེ༔ སྣང་སྲིད་དབང་སྡུད་རྒྱལ་པོར་གྱུར༔ ཞེས་བསྔགས་པ་དོན་དང་ལྡན་པའི་ཟབ་ཆོས་འདི་ཉིད་སྙིགས་དུས་གདུལ་བྱ་རྣམས་ཀྱི་དོན་དུ་མདོ་ཁམས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་དུ་རྒྱས་བཏབ་པ་ཉིད། དེང་སང་སྨོན་ལམ་དུས་སུ་སད་པ་ན་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་རྣམ་རོལ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ངོ་མཚར་བའི་ལྟས་དང་བཅས་སྤྱན་དྲངས་ནས་མི་ལོ་སུམ་ཅུ་རྩ་གསུམ་བར་དུ་ཤིན་ཏུ་གསང་བའི་དམ་ཚིག་གི་རྒྱས་བཏབ། དེ་ནས་ཕྱི་ནང་གི་དུས་རྟགས་མངོན་དུ་གྱུར་པ་ན་བསྟན་སྲུང་མ་མོ་མཁའ་འགྲོ་རྣམས་ཀྱིས་གསང་བའི་སྒོ་དབྱེ་བར་བསྐུལ་བ་བཞིན་ཟབ་མོའི་རྒྱ་ཡོངས་སུ་བཀྲོལ་བར་མཛད་པ་དབང་ཆེན་རྟ་མགྲིན་ཡང་ཁྲོས་ནག་པོའི་ཆོས་སྡེ་མཁའ་འགྲོའི་ཁ་རླངས་མ་ཡལ་བ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་བདག་གིས་བགྱི་འོས་རྣམས་སྔོན་དུ་སོང་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་ཞུ་བའི་དོན་དུ་དམིགས་ཏེ་ཞིང་ཁམས་

p. 243

འབུལ་བར་ཞུ། [ཞེས་མཎྜལ་འབུལ་དུ་གཞུག །]མ་རིག་པའི་སྒྲིབ་གཡོགས་དང་ལྡན་པར་མཚོན་བྱེད་དུ་མིག་དར་བཀབ་ཅིང༌། ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་ཅོད་པན་ལག་ཏུ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཨོཾ་ཨཱཿ་ཧཱུྃ། [ཅེས་མིག་དར་མེ་ཏོག་བྱིན།] བླ་མ་དང་རྟ་མགྲིན་ནག་པོ་དབྱེར་མ་མཆིས་པ་ལ་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ འགྲོ་བའི་བླ་མ་ཆེ་བའི་མཆོག༔ རིགས་དང་དཀྱིལ་འཁོར་ཡོངས་འདུས་དཔལ༔ ཁྱོད་ལ་སྐྱབས་མཆི་ལུས་དབུལ་ལོ༔ ཚེ་རབས་བསགས་པའི་སྡིག་ལྟུང་བཤགས༔ སླན་ཆད་མི་དགེ་སྡོམ་བགྱིད་ལགས༔ པདྨ་གསུང་གི་དཀྱིལ་འཁོར་དུ༔ བདག་ནི་སྨིན་པར་མཛད་དུ་གསོལ༔ [ལན་གསུམ། སློབ་དཔོན་གྱིས།] ཧོཿལས་སྨོན་རྟེན་འབྲེལ་དག་པའི་མཐུས༔ བསོད་ནམས་དཔག་མེད་ལྡན་པའི་བུ༔ གསང་སྔགས་དབང་གི་སྒོར་འཇུག་ན༔ འགྲོ་དོན་རྒྱ་ཆེན་བསྒྲུབ་པ་དང་༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ ད་ལྟ་ཉིད་དུ་ལེགས་པར་སྨོས༔ [ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས།] ཧོཿབླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་ཚོགས་

p. 244

ཀྱི་མཆོག༔ རྩ་གསུམ་སྤྱི་གཟུགས་ཆེན་པོ་དགོངས༔ བདག་ནི་འདི་ནས་བྱང་ཆུབ་བར༔ འགྲོ་བའི་དོན་ལ་ཆེར་བརྩོན་ཞིང་༔ དམ་ཚིག་གཉན་པོ་བསྲུང་བར་བགྱི༔ སྒོ་གསུམ་རྡོ་རྗེ་གསུམ་ཀློང་དུ༔ སྐད་ཅིག་ཉིད་དུ་སྨིན་མཛད་གསོལ༔ [ལན་དུ་སློབ་དཔོན་གྱིས།] ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ འཇུག་པའི་ལས་ཅན་སྐལ་པ་མཆོག༔ དེ་ཕྱིར་བདག་གིས་དབང་བསྐུར་བགྱིད༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྒྲུབ་བྱ་ལྷ་སྔགས་དཀྱིལ་འཁོར་དང་༔ དམ་ཚིག་གསུམ་ལ་གནས་པའི་ཕྱིར༔ རྡོ་རྗེའི་དམ་ཚིག་མནའ་ཆུ་སྦྱིན༔ བསྲུང་ན་ཚེ་འདིར་མངོན་འཚང་རྒྱས༔ ཉམས་ན་རྟག་ཏུ་མནར་བར་འགྱུར༔ ས་མ་ཡ་ན་ར་ཀན༔ [ཞེས་དང་ཆུ་བྱིན། ཐ་ཚིག་ལས་མི་འདའ་བ་རྡོ་རྗེའི་བྲོ་བོར་བར་མོས་པས་འདིའི་རྗེས་ཟློས།] བཛྲ་ཨི་དན་དྷུ་རི༔ རཀྵ་སི་རཀྵ་སི་ས་མ་ཡ༔ མདུན་གྱི་དཀྱིལ་འཁོར་ཐ་དད་མེད་པ་དབང་ཆེན་འདུས་པའི་དཀྱིལ་འཁོར་ལ་དཀོན་མཆོག་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་

p. 245

དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ [སོགས་སྐྱབས་འགྲོ་ལན་གསུམ།] མཁའ་ཁྱབ་ཀྱི་སྐྱེ་རྒུ་ཐམས་ཅད་དཔལ་པདྨ་དབང་ཆེན་གྱི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཟབ་མོ་གསན་ལ་གྲོལ་བྱེད་ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ་སྙམ་པ་དང་བྱང་ཆུབ་སེམས་ཀྱི་བསླབ་པ་ལ་བློ་བཞག་བཞིན་པས་འདིའི་རྗེས་ཟློས། ཧོཿམ་གྱུར་འགྲོ་བ་སེམས་ཅན་རྣམས༔ སོགས་སེམས་བསྐྱེད་ལན་གསུམ། ཚོགས་བསགས་ཡན་ལག་བཅུ་པ་ཚིག་དང་མཐུན་པའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བླ་མ་རྟ་མགྲིན་ལྷ་ཚོགས་གཤེགས༔ པད་ཉི་དགྲ་བགེགས་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆགས་མ་ལུས་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ འགྲོ་བའི་དོན་དུ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་གསང་རྡོ་རྗེའི་དོན་རྟོགས་ཤོག༔ [ལན་གསུམ།] དེ་ནས་དབང་གི་

p. 246

གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་ལ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་སྒོམས་ཤིག །[ལས་ཆུ་འཐོར་ལ་བསང་སྦྱང༌།] སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་འབར་བའི་ཕོ་བྲང་གྲུ་གསུམ་མཐིང་ནག་འབར་བའི་ནང་དུ་ཁྲོ་ཆུ་བཙན་དུག་ཁྲག་མཚོ་རྦ་ཀློང་རབ་ཏུ་འཁྲུགས་པའི་དབུས་སུ་བདུད་བཞི་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་པདྨ་ཉི་ཟླའི་གདན་ལ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧྲཱིཿཡིག་མཐིང་ནག་འོད་དུ་འབར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཀླུ་དང་སྡེ་བརྒྱད་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཞེས་བརྗོད་པ་ལས་ཁྱེད་རང་རྣམས་རྟ་མགྲིན་ཡང་ཁྲོས་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། སྤྱན་གསུམ་སྡང་མིག་ཏུ་བགྲད་ཅིང་ཁྲག་ལྟར་གཡོ་བ། ཞལ་གདངས་ཤིང་ལྗགས་འདྲིལ་བ། རྣོ་དབལ་ངར་དང་ལྡན་པའི་མཆེ་བ་བཞི་གཙིགས་པ། དབུ་གཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་འཚེར་བ། ཕྱག་གཡས་དང་པོས་རྡོ་རྗེའི་ཡུ་བ་བྱས་པའི་རལ་གྲི་མེ་འབར་བས་དགྲ་བགེགས་ཀྱི་

p. 247

མགོ་ལུས་དུམ་བུར་གཏུབས་པ། གཡས་འོག་མས་ལྕགས་ཀྱུ་འབར་བས་དགྲ་བགེགས་ཀྱི་སྙིང་ནས་འདྲེན་པ། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་ཅིང༌། འོག་མས་སྡིགས་མཛུབ་དང་བཅས་སྦྲུལ་གྱི་ཞགས་པ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་ལས་སྡིག་པ་ནག་པོ་མགོ་དགུ་པའི་རི་རབ་ཙམ་འགྱེད་པ་ལས་སྤྲུལ་པའི་ལྕགས་སྡིག་གྲངས་མེད་ཐོག་ལྟར་འཕྲོ་བ། ཞབས་བཞི་འདོར་ཐབས་སུ་བགྲད་པ། སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། དེའི་སྟེང་དུ་དར་ནག་གི་བེར་ཆེན་གསོལ་བ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ། གདོལ་པ་ནག་པོས་དོ་ཤལ་ལ་མི་མགོ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ། ལྕགས་ཀྱི་རལ་པ་སྤྱི་བོར་བཅིངས་ཤིང་ལྷག་མ་སྐུ་རྒྱབ་ཏུ་འཕྱང་བ་རྟིང་རྩེར་སླེབས་པ། རལ་པ་སྤྲུགས་པའི་སྐྲ་གསེབ་ནས་སྤྲུལ་པའི་ཁྲོ་ཆུང་མང་པོ་སྐར་ལྟར་འཁྲུགས་པས་དགྲ་བགེགས་ཀླུ་གདོན་གནོད་བྱེད་ཐམས་ཅད་ཐལ་བར་བརླག་ཅིང་འཇོམས་པར་བྱེད་པ། ཡུམ་ཆེན་ཁྲོས་མ་ནག་མོ་མཐིང་ནག་གཡས་གྲི་གུག་

p. 248

འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང༌། གཡོན་པས་ཐོད་ཁྲག་སྟོབ་པའི་ཚུལ་གྱིས་འཛིན་པ། ཞབས་གཡོན་བསྐུམ་པས་ཡབ་ཀྱི་སྐེད་ནས་འཁྲིལ་ཞིང་། གཡས་བརྐྱངས་པའི་སྟབས་ཀྱིས་སྙོམས་པར་ཞུགས་པ། གཟིག་གི་པགས་པའི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ། སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་ངུར་བས་སྟོང་ཁམས་ཐམས་ཅད་དབང་དུ་སྡུད་པ། མེ་དཔུང་དྲག་ཏུ་འཁྲུགས་པའི་ཀློང་ན་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བ། དེ་ལྟར་གསལ་བའི་སྤྱི་བོར་འཁོར་ལོའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ་དང༌། ཉི་མའི་སྟེང་དུ་ཧྲཱིཿམཐིང་ནག་རབ་ཏུ་འབར་བ། དེ་རྣམས་དང་སློབ་དཔོན་དཀྱིལ་འཁོར་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་དང་རང་བཞིན་དག་པའི་ཞིང་ཁམས་རབ་འབྱམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། རྒྱ་མཚོ་ལ་ཆར་བབས་པ་ལྟར་ཁྱེད་རང་ལ་གཉིས་མེད་དུ་ཐིམ་པར་མོས་ཤིག །[སྤོས་དང་རོལ་མོར་བཅས་ལས་གཞུང་གི་བྱིན་འབེབས་མཐར། རྩ་སྔགས་ལ།] ཨེ་ཨཱ་རལླི་སརྦ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿས་མ་ཡ་ཨ་ཨཱ༔

p. 249

[ཞེས་བཏགས་པ་དྲག་ཏུ་བརྗོད་ལ་དབབ། རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་ལ།] ཡེ་ཤེས་པ་སྒོ་གསུམ་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལས་ཀྱིས་འབྲེལ་བའི་རིགས་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། [འགྲིམ་དཀྱིལ་བཀོད་ལ།] ཧོཿ བདག་གི་སྔོན་ནས་ལས་འབྲེལ་གྱི༔ ལྷག་པའི་ལྷ་མཆོག་རིགས་གང་ལ༔ རྟེན་འབྲེལ་མེ་ཏོག་དབབ་པ་རུ༔ མཆོག་གསུམ་བདེན་པའི་བྱིན་གྱིས་རློབས༔ བཛྲ་པུཥྤེ་པྲ་ཏཱི་ཙྪ་ཧོཿ [ཞེས་འདོར་དུ་གཞུག །རིགས་བརྟག་པའམ་སྤྱི་ཁྱབ་ཏུ།] མེ་ཏོག་གཙོ་བོ་ལ་ཕོག་པར་མོས་པས་ལྷག་པའི་ལྷར་འཛིན་ཅིང་གསང་མཚན་རྡོ་རྗེ་དབང་ཆེན་དྲག་པོ་རྩལ་ཅེས་བྱ་བར་ཟུང་ཞིག །མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །[གསེར་ཐུར་ཐོགས་ལ།] ཧོཿབུ་ཁྱོད་མ་རིག་རྨོངས་པ་ཡིས༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ལྷ༔ སྒྲིབ་བྱེད་གཟུང་འཛིན་བག་ཆགས་སྒྲིབ༔ ཡེ་ཤེས་གསེར་གྱི་ཐུར་མས་དབྱེ༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ [ཅེས་མིག་དར་བཀྲོལ་ཞིང་དཀྱིལ་འཁོར་གྱི་ཡོལ་བ་བསལ།] ཡེ་ཤེས་ཀྱི་མིག་རྣམ་པར་དག་པ་ཐོབ་པས་དཔལ་རྟ་མགྲིན་ཡང་

p. 250

ཁྲོས་ནག་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་མོས་ལ་དད་སྤྲོ་རྒྱ་ཆེན་པོ་བསྐྱེད་མཛོད། དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དངོས་གཞི་དབང་བསྐུར་རིམ་པར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དབང་བསྐུར་དངོས་གཞི་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཅིང་སྩལ་བ་ལྟར༔ བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ [ལན་གསུམ།] སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་དབང་གི་ཕྲིན་ལས་མཛད། རྟ་མགྲིན་རྒྱལ་པོ་རིགས་ལྔས་རྣམ་པར་རྒྱལ་བའི་བུམ་པ་རྡོ་རྗེ་བདུད་རྩིས་གང་བས་ཁྱེད་རང་དཔལ་རྟ་མགྲིན་དུ་གསལ་བའི་སྤྱི་བོ་ནས་གཏོར་བླུགས་ཀྱི་ཆོ་ག་སྒྲུབ་པའི་མོས་པ་མཛོད། [རྣམ་བུམ་ཐོགས་ལ།] ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ ཡང་ཁྲོས་སྐུ་ཡི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་གྲིབ་དག་ནས་བུམ་དབང་ཐོབ༔ རྡོ་རྗེ་སྐུ་ཡི་གྲོང་དུ་སྨིན༔ གཟུགས་སྐུས་འགྲོ་

p. 251

བ་འདུལ་བར་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བྱིན།] དཀྱིལ་འཁོར་གྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་དུག་ལྔའི་རྟོག་ཚོགས་ལྷར་གྱུར་པར་མོས་ཤིག །[སྐུ་ཙཀ་རྣམས་ཀྱི་དབང་རིམ་པར་བསྐུར་ལ།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡང་ཁྲོས་ནག་པོའི་དབང་བསྐུར་རོ༔ ལུས་ཀྱི་རྩ་ཁམས་དབྱིངས་སུ་དག༔ ཡེ་ཤེས་སྒྱུ་མའི་སྐུ་ཐོབ་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི༴ རྡོ་རྗེ་ཡང་ཁྲོས༴ རྡོ་རྗེ་རིགས་ཀྱི་ཆེ་མཆོག་སྐུ༔ མངོན་གྱུར་ཐུགས་མཆོག་ཡོངས་རྫོགས་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨབྷི༴ ཧཱུྃ༔ སྐལ་ལྡན༴ པདྨ་ཡང་༴ རཏྣ་ཡང་ཁྲོས༴ རིན་ཆེན་རིགས་ཀྱི༴ མངོན་གྱུར་ཡོན་ཏན་ཡོངས༴ རྩ་སྔགས༴ ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ པདྨ་རིགས༴ མངོན་གྱུར་གསུང་༴ རྩ་སྔགས༴ ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ཀརྨ༴ ཀརྨ་རིགས༴ མངོན་གྱུར་ཕྲིན་ལས༴ རྩ་སྔགས༴ ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ འཇམ་དཔལ་ནག་པོའི་དབང་བསྐུར་རོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ མཁྱེན་རབ་དབང་ཕྱུག་མཆོག་ཐོབ་ཤོག༔ རྩ་སྔགས༴ ཀཱ་ཡ༴

p. 252

ཧཱུྃ༔ སྐལ་ལྡན༴ རྟ་མགྲིན་དམར་པོའི༴ དེ་བཞིན༴ བརྩེ་བའི་ཐུགས་རྗེ་མཆོག༴ རྩ་སྔགས༴ ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ཕྱག་ན་རྡོ་རྗེའི༴ དེ་བཞིན༴ མཐུ་སྟོབས་མ་ལུས་མཆོག་ཐོབ་ཤོག༔ རྩ་སྔགས༴ ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ཡེ་ཤེས་ཁྱུང་ལྔའི༴ གཏི་མུག་ལས་བྱུང་ཀླུ་གཉན་གདོན༔ བསམ་པ་ཙམ་གྱིས་སྒྲོལ་ནུས་ཤོག༔ རྩ་སྔགས༴ ཀཱ་ཡ༴ ཧཱུྃ༔ ལྐལ་ལྡན༴ ཕྲིན་ལས་ལྕགས་སྡིག༴ ཞེ་སྡང་ལས་གྱུར་རྒྱལ་འགོང་གདོན༔ བསམ་པ་ཙམ་གྱིས༴ རྩ་སྔགས༴ ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ཡེ་ཤེས་ཕག་མོའི༴ གཟུང་འཛིན་རྣམ་རྟོག་ནད་རིམས་གདོན༔ མ་ལུས་བརླག་པའི་དབང་ཐོབ་ཤོག༔ རྩ་སྔགས༴ ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ཁྲོས་མ་རིགས་ལྔའི༴ འཁོར་འདས་ཤེས་རབ་ཡུམ་གྱི་མཁར༔ འུབ་ཆུབ་རོལ་པའི༴ རྩ་སྔགས༴ ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ སྒོ་མ་བཞི་ཡི༴ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ གང་འདུལ་འགྲོ་དོན་མཐར་ཕྱིན་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨབྷི་ཥིཉྩ་ཨོཾ༔ དེ་རྣམས་ཀྱིས་སྐུ་བུམ་པའི་དབང་ཐོབ། དཔལ་རྟ་མཆོག་འབར་བའི་བསྐྱེད་རིམ་བསྒོམ་པ་ལ་དབང༌། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །

p. 253

གསང་བའི་དབང་གི་སླད་དུ་བླ་མ་དབང་ཆེན་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིའི་རྒྱུན་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་ནས་དབང་བསྐུར་བར་མོས་ཤིག །[ཐོད་པའི་བདུད་རྩི་བྱིན་ལ།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གསང་ཆེན་བདུད་རྩིའི་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ རྡོ་རྗེའི་གྲོང་དུ་སྨིན་པར་ཤོག༔ རྩ་སྔགས་དང༌། ཝྭ་ཀ་བྷི་ཥིཉྩ་ཨ༔ མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་དམར་ནར་གྱིས་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་སྔགས་ཀྱིས་དམར་ལྟེམ་མེ་གང་ནས་སྔགས་ལ་ནུས་པ་ཐོན་པར་མོས་ཤིག །[སྔགས་འཁོར་མགྲིན་པར་གཏད་ལ།] ཧཱུྃ༔ སྐལ་ལྡན༴ རྡོ་རྗེ་གསུང་གི༴ བཟླས་པ་སྔགས་ཀྱི་དབང་ཐོབ་ནས༔ རླུང་ཁམས་གནས་སུ་དག་པར་ཤོག༔ རྩ་སྔགས་དང༌། ཝྭ་ཀ༴ [སྔགས་ཕྲེང་ལག་ཏུ་གཏད་ལ།] ཧཱུྃ༔ སྐལ་ལྡན༴ སྔགས་ཀྱི་ཕྲེང་བའི༴ གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས༔ བཟླས་པ་ཙམ་གྱིས་འགྲུབ་གྱུར་ཅིག༔ རྩ་སྔགས་དང༌། ཝྭ་ཀ༴ དེས་གསུང་གསང་བའི་དབང་ཐོབ། རྩ་རླུང་གཏུམ་མོའི་རྣལ་འབྱོར་དང༌། དྲག་པོའི་སྔགས་བཟླ་བ་ལ་དབང༌། གསུང་མི་ཟད་པ་རྒྱན་

p. 254

གྱི་འཁོར་ལོ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་སྦྱོར་ཡུམ་ཁྲོས་མ་ནག་མོ་ལས་རིགས་མཐུན་གྱི་ཤེས་རབ་མ་ལས་ཀྱི་ཌཱ་ཀིའི་རང་བཞིན་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་མོས་ཤིག །[རིག་ཙཀ་གཏད་ལ།] ཧཱུྃ༔ སྐལ་ལྡན་སྐྱེས་མཆོག་དམ་པ་ཁྱོད༔ ཤེས་རབ་ཡུམ་གྱི་མཁའ་ལ་སྤྱོད༔ སྣང་ཞིང་སྲིད་པ་རང་བཞིན་ཡབ༔ བདག་མེད་སྟོང་པ་ངོ་བོ་ཡུམ༔ འཁོར་འདས་འུབ་ཆུབ་ཡུམ་གྱི་མཁའ༔ རང་བྱུང་ལྷུན་གྲུབ་བདེ་ཆེན་རོལ༔ ཀུན་བཟང་ཆོས་སྐུའི་དབང་ཐོབ་ཤོག༔ [རྩ་སྔགས་དང༌] ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་མཚན་དང་ཐུགས་སྲོག་གི་རྣམ་པར་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་སེམས་ལ་རྟོགས་པ་འཆར་ཞིང་ནུས་པ་དང་ལྡན་པར་མོས་ཤིག །[རལ་གྲི་སྙིང་གར་བཞག་ལ།] ཧཱུྃ༔ སྐལ་ལྡན་རིགས༴ རྡོ་རྗེ་ཐུགས་ཀྱི༴ བསྒོམ་པ་ཏིང་འཛིན་དབང་ཐོབ་ནས༔ ཐིག་ལེ་གནས་སུ་དག་པར་ཤོག༔ [རྩ་སྔགས་དང༌།] ཙིཏྟ༴ [ཧཱུྃ་དང་ཧྲཱིཿཡིག་སྙིང་གར་གཏད་ལ།] ཧཱུྃ༔ སྐལ་ལྡན༴ ཐུགས་སྲོག་ས་བོན་འདི་གཏད་པས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ རྡོ་རྗེའི་གྲོང་དུ་སྨིན་པར་ཤོག༔ [རྩ་སྔགས་དང༌།] ཙིཏྟ༴ དེས་

p. 255

ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཟབ་མོ་བདེ་སྟོང་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང༌། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་རྣམས་ཀུན་གྱི་མཐར་ཐུག་རིག་པ་རྩལ་གྱི་དབང་གི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་མ་བཅོས་རང་བབས་སུ་ཀློད་ལ་རང་རིག་ཡེ་ཤེས་ཀྱི་རང་དོར་ལྷུག་པར་འཇོག་འཚལ། [འོད་ལྔའི་ཐིག་ལེ་བསྟན་ལ།] ཧཱུྃ༔ སྐལ་ལྡན༴ ཐིག་ལེ་ཉག་གཅིག༴ སེམས་ཉིད་ཆོས་སྐུའི་གཞི་རུ་འཕོས༔ འཁྲུལ་མེད་དབྱིངས་སུ་ཕྱམ་བརྡལ་ཡན༔ ཨ་ཨ་ཨ་ཕཊ༔ [ཐིག་ལེ་ལྔ་ཚོམ་བསྟན་ལ།] ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ གདོད་ནས་ཡེ་ཤེས་ལྷན་སྐྱེས་ལྷ༔ འཁོར་འདས་རྫོགས་པའི་ཡེ་ཤེས་ལྔ༔ ཞལ་ཕྱག་མཚན་མ་བྲལ་བའི་སྐུ༔ ཐིག་ལེ་ཉག་ཅིག་ཆོས་ཀྱི་སྐུ༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ [རྩ་སྔགས་དང༌།] སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་ཁྲག་འཐུང་ཧེ་རུ་ཀའི་གོ་འཕང་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་དག་རྣམས་ཀྱི་རྗེས་འབྲེལ་དུ་ཡོན་ཏན་ཕྲིན་ལས་ཡོངས་སུ་

p. 256

རྫོགས་པའི་མངའ་དབང་བསྐུར་བ་ལ། ཐོག་མར་དཔལ་གྱི་ཕྱག་མཚན་དང་མེ་དཔུང་གཏད་པས་སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ཡོན་ཏན་ལ་མངའ་དབང་འབྱོར་པར་མོས་ཤིག །[རིན་ཆེན་དབྱུག་ཏོ་གཏད་ལ།] ཧཱུྃ༔ སྐལ་ལྡན༴ ཡོན་ཏན་ཡོངས་རྫོགས་རིན་ཆེན་ནོར༔ གཏད་དོ་རྒྱལ་བ་ཐམས་ཅད་ཀྱི༔ ཡོན་ཏན་ཡོངས་རྫོགས་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] སརྦ་ཨ་བྷི་ཥིཉྩ་སྭཱ༔ [མེ་དཔུང་གཏད་པ།] ཧཱུྃ༔ སྐལ་ལྡན༴ ཡེ་ཤེས་མེ་ལྕེའི༴ རྒྱལ་ཀུན་ཡོན་ཏན་ཡོངས་རྫོགས་ནས༔ རུ་དྲ་ཀུན་གཞོམ་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] སརྦ༴ དེས་ཡོན་ཏན་གྱི་དབང་ཐོབ། ཁམས་གསུམ་གྱི་དྲེགས་པ་སྡེ་བརྒྱད་མ་ལུས་པའི་སྲོག་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་གྱི་རྩལ་ཁ་ཕྱོགས་མེད་དུ་སྐྱོང་བ་ལ་དབང༌། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཕྲིན་ལས་དྲག་པོའི་རྗེས་སུ་གནང་བའི་སླད་དུ། དྲག་པོ་མངོན་སྤྱོད་ཀྱི་ཆས་རྣམས་གཏད་པས་ཞིང་བཅུའི་དགྲ་བགེགས་གནོད་བྱེད་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་ལ་རང་དབང་ཐོབ་པར་མོས་ཤིག །[ལྕགས་ཧོམ་གཏད་ལ།] ཧོཿ སྐལ་ལྡན༴ ལས་ཀྱི་བྲུབ་ཁུང་འདི་གཏད་པས༔

p. 257

ཞིང་བཅུའི་དགྲ་བགེགས་མ་ལུས་པ༔ བཀུག་ཅིང་བྲུབ་པའི་དབང་ཐོབ་ཤོག༔ [རྩ་སྔགས་དང་།] ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཕུར་པ་ཐུན་རྫས་གཏད་ལ། ཧཱུྃ༔ སྐལ་ལྡན༴ བསྒྲལ་ཆས་ཐུན་མཚོན་འདི་གཏད་པས༔ ཞིང་བཅུའི་དགྲ་བགེགས་མ་ལུས་པ༔ མནན་བསྒྲལ་བརླག་པའི་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཀརྨ༴ [མེ་ཧོམ་ཐོགས་ལ།] ཧཱུྃ༔ སྐལ་ལྡན་གྲུ་གསུམ་མེ་དཀྱིལ་འདི་གཏད་པས༔ ཞིང་བཅུའི༴ བསྲེག་ཅིང་གཞོམ་པའི༴ [རྩ་སྔགས་དང༌།] ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེས་ཕྲིན་ལས་ཀྱི་དབང་ཐོབ། དྲག་པོ་མངོན་སྤྱོད་གཙོ་བོར་གྱུར་པའི་ཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ་དབང༌། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་སྣོད་དབང་དྲག་རོལ་པའི་གཞལ་ཡས་ཁང་ཆེན་པོར་གཏོར་མ་དཔལ་ཆེན་རྟ་མགྲིན་ནག་པོ་གཙོ་འཁོར་ཡོངས་སུ་རྫོགས་པ་དངོས་སུ་བཞུགས་པའི་སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ། བར་དུ་ཡི་དམ་ཞི་ཁྲོ། འོག་ཏུ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་གཏིབས་པ་བཞིན་བཞུགས་པ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་པས། དེ་དག་གི་སྐུ་གསུང་ཐུགས་

p. 258

ལས་བྱིན་རླབས་ཡེ་ཤེས་འོད་ཟེར་ཁྲོ་ཆུང་མེ་མཚོན་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་གི་གནས་ལྔར་ཐིམ་པས་སྒོག་གསུམ་ལོངས་སྤྱོད་དང་བཅས་པ་ལ་བར་དུ་གཅོད་པ་ཐམས་ཅད་བསལ། མཐུ་སྟོབས་ཡོན་ཏན་མ་ལུས་པ་རྒྱས། དབང་བཞི་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །[དཔལ་གཏོར་གནས་གསུམ་དུ་བཞག་ལ།] ཧཱུྃ༔ སྐལ་ལྡན༴ སྒྲུབ་རྫས་གཏོར་མའི་དབང་བསྐུར་རོ༔ རྟ་མགྲིན་ཡང་ཁྲོས་ནག་པོ་ཡི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ སྒྲུབ་པའི་དབང་མཆོག་ཡོངས་ཐོབ་ཤོག༔ [རྩ་སྔགས་དང༌།] བ་ལིང་ཏ་མཎྜལ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཞེས་དང་སྤྲོ་ན་བརྒྱུད་པའི་མཚན་བརྗོད་ལ་བཀའ་བསྒོ་སྤྱི་ལྟར་བྱ། དེ་ལྟར་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་ཐོབ་པས་དཔལ་ཆེན་རྟ་མགྲིན་ནག་པོ་དང་དབྱེར་མེད་མཐུ་རྩལ་ནུས་པ་ཡོངས་སུ་རྫོགས་ཤིང་རྒྱལ་བའི་མཛད་པ་མ་ལུས་པ་བསྒྲུབ་ནུས་པར་གྱུར་པ་ལ། མཐའ་རྟེན་དུ་བཀྲ་ཤིས་པའི་རྫས་ཀྱིས་མདུན་བདར་ཏེ་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །[བཀྲ་ཤིས་རྟགས་བརྒྱད་གཏད་ལ།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས༔ རྣམ་མཁྱེན་

p. 259

སངས་རྒྱས་གོ་འཕང་མཆོག༔ ཡོངས་ཐོབ་བདེ་མཆོག་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ [རྒྱལ་སྲིད་སྣ་བདུན་གཏད་ལ།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་རོ༔ གདོད་མའི་སངས་རྒྱས་གོ་འཕང་མཆོག༔ ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔ [རྩ་སྔགས་དང༌།] མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་གཏད་ལ། རྟེན་འབྲེལ་སྙིང་པོས་ཐོག་དྲངས་ཏེ་ཤིས་བརྗོད་ཇི་ལྟར་རིགས་པ་རྒྱས་པར་སྤེལ།] དེ་དག་རྣམས་ཀྱི་སྒོ་ནས་གཏེར་གསར་རྟ་མགྲིན་ཡང་ཁྲོས་ནག་པོའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་རྫོགས་མཐའ་རྟེན་དང་བཅས་པ་ལེགས་པར་ཐོབ་པ་ཡིན་པས། དབང་གི་སྲོག་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་[སོགས་ལན་གསུམ།] དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་ཕུལ། སླར་ཡང་སྒོ་གསུམ་བླ་མའི་བྲན་དུ་འབུལ་ཞིང༌། ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ལྟོས་མེད་དུ་འབུལ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་[སོགས་ལན་གསུམ།] དེ་ལྟར་དབང་བསྐུར་ཟབ་མོ་

p. 260

ཐོབ་པའི་དགེ་ཚོགས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བ་དང༌། ཁྱད་པར་འཕགས་པའི་ཟབ་ཆོས་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པརམཛོད། བསོད་ནམས་འདི་ཡིས་[སོགས་ཀྱིས་དགེ་བ་བསྔོ། །སློབ་དཔོན་གྱིས་འགྲུབ་ཏུ་རུང་ན་བསྐྱེད་རིམ་གསལ་བཏབ་ནས་བསྙེན་པ་བརྒྱ་སྟོང་གང་འགྲུབ་ཀྱིས་བྱིན་རླབས་ཁ་གསོས་ལ་རྒྱུན་གྱི་དངོས་གྲུབ་བསྐུལ། ཚོགས་ལ་རོལ་པ་དང་ལྷག་མ་གཏོང་བ་སོགས་རྗེས་ཀྱི་ལས་རིམ་རྣམས་གཞུང་བཞིན་མཐར་ཆགས་སུ་བཏང་བས་ལེགས་པར་གྲུབ་བོ། །དབང་ཆེན་དྲག་པོའི་སྨིན་ལམ་བདུད་རྩིའི་ཀླུང༌། །གདུལ་བྱའི་ཞིང་སར་དྲངས་ལས་སྐལ་ལྡན་རྣམས། །རིམ་གཉིས་ལམ་གྱི་མྱུ་གུ་བསྐྱེད་བསྲིངས་ཏེ། །སྐུ་གཉིས་འབྲས་བཟང་མྱུར་ཐོབ་དཔལ་གྱུར་ཅིག །དེ་ལྟར་རྟ་མགྲིན་ཡང་ཁྲོས་ནག་པོའི་དབང་བསྐུར་གྱི་ཆོ་ག་ཁྲིགས་སུ་བསྡེབས་པ་ཁྲག་འཐུང་དགོངས་རྒྱན་ཅེས་བྱ་བ་འདི་ཡང༌། རིང་མོ་ཉིད་ནས་དོན་གཉེར་ཅན་དུ་མས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། འཇིགས་བྲལ་ཡེ་ཤེས་རང་ལོ་བདུན་ཅུ་རྩ་གསུམ་འདས་པ་དམར་སེར་ཅན་གྱི་ལོ་དབོ་ཉ་བའི་ཐབས་ཀྱི་ཆ་ལ་བལ་ཡུལ་ཨེའི་ལྷ་ཁང་དང་ཉེ་བའི་བསྟི་གནས་སུ་འཇུག་བདེའི་ངག་ཁྲིགས་ཆུ་འབབས་སུ་བསྡེབས་པ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་མོན་གྱི་སྔགས་སྟོན་བསྟན་འཛིན་ཀུན་ལེགས་ཀྱིས་བགྱིས་པའོ། །འདིས་ཀྱང་ཟབ་ཆོས་ཀྱི་ཕྲིན་ལས་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།]

གཏེར་གསར་རྟ་མགྲིན་ཡང་ཁྲོས་ཀྱི་ཆ་ལག་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་བསྙེན་སྒྲུབ་དབང་བསྐུར་དང་བཅས་པ་གདོན་འདུལ་གནམ་ལྕགས་ཞུན་ཐིག

p. 261

༄༅། །གཏེར་གསར་རྟ་མགྲིན་ཡང་ཁྲོས་ཀྱི་ཆ་ལག་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་བསྙེན་སྒྲུབ་དབང་བསྐུར་དང་བཅས་པ་གདོན་འདུལ་གནམ་ལྕགས་ཞུན་ཐིག་ཅེས་བྱ་བ་བཞུགས་སོ། །

p. 262

ན་མོ་གུ་རུ་ཧྱ་གྲཱི་བ་ཡེ། ཆོས་དབྱིངས་་ཞི་ལས་རྣམ་འགྱུར་ཧེ་རུ་ཀའི། །སྐུར་བཞེངས་མ་རུངས་གདུག་པ་ཚར་གཅོད་པ། །བླ་མ་དབང་ཆེན་ལྷ་ལ་གུས་བཏུད་ནས། །བསྙེན་སྒྲུབ་ཕྲིན་ལས་ལམ་བཟང་དབྱེ་བར་བྱ། །[འདི་ལ་གཉིས། རང་དོན་བསྙེན་སྒྲུབ་ཀྱི་ཆོ་ག་དང༌། གཞན་དོན་དབང་བསྐུར་གྱི་བྱ་བའོ། །][དང་པོ་ནི། སྦྱོར་བ་མདུན་སྟེགས་ཁེབས་ལྡན་གྱི་ཁར་རིན་པོ་ཆེའི་སྣོད་དུ་དཔལ་གྱི་གཏོར་མ་པད་འདབ་མཐེབ་ཀྱུས་བསྐོར་བ་རྒྱན་སྤྲོས་ཅན་དང༌། གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་བཅས་བཤམ། ཕྲིན་ལས་དངོས་ལ་སྔོན་དངོས་རྗེས་གསུམ་ལས།] [དང་པོ་སྔོན་འགྲོའི་ཐོག་མར་སྐྱབས་སེམས་ནི།] རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྟ་ཕྱག་ཁྱུང་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་

p. 263

བཛྲ་མཱ་ཛཿ[ས་སད་པའི་སྤྱན་སྔར།] ན་མོ༔ དཀོན་མཆོག་རིན་ཆེན་རྣམ་གསུམ་དང་༔ དྲག་པོའི་སྐུ་གསུང་ཐུགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ [ལན་གསུམ།] སྤྲོ་ན། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། [སོགས་ཀྱིས་ཚོགས་བསགས།] ཛཿཧཱུཾ་བཾ་ཧོ[ས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བགེགས་གཏོར་ཡོད་ན།] རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ་ཧོཿ[ས་བརླབ།] ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛ[ས་མགྲོན་བཀུག །]ཨོཾ་སརྦ་བིགྷྣཱན་བ་ལིངྟ་ཁཱ་ཧི༔ [ལན་གསུམ་གྱིས་བསྔོས་ལ།] ཧཱུཾ༔ མ་རིག་གཟུང་འཛིན་རུ་ཏྲ་ཀུན༔ བདག་མེད་ཆེན་པོར་དེངས་ཤིག་ཕཊ༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་

p. 264

ཡང་མེད༔ ཨུ་ཙ་ཏ་ཡ་ཕཊ༔ [བགེགས་གཏོར་ཕྱི་རོལ་དུ་དོར།] ཛྙཱ་ན་ཙཀྲ་རཀྵ་ཧཱུྃ༔ [ཞེས་སྲུང་འཁོར་བསྒོམ། བྱིན་དབབ་ཅིང་མཆོད་རྫས་བྱིན་བརླབ་ནི།] ཧཱུྃ༔ ཡེ་ཤེས་རོལ་པའི་དཀྱིལ་འཁོར་འདིར༔ རྡོ་རྗེ་གསུམ་གྱི་བྱིན་ཆེན་ཕོབ༔ ཡུལ་དྲུག་འདོད་ཡོན་མི་ཟད་གཏེར༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ཨ་བེ་ཤ་ཡ་ཨཱ༔ མ་ཧཱ་སརྦ་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་ཧོཿ [གཉིས་པ་དངོས་གཞི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི།] ཨ༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ ཁྱབ་བརྡལ་སྙིང་རྗེ་ཆེན་པོར་བརྡལ༔ ཐབས་ཤེས་སྙིང་པོ་ཧྲཱིཿ་ཡིག་ལས༔ འོད་འཕྲོས་ཡེ་ཤེས་ལྔ་ལྡན་ཀློང་༔ གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་ཁྲིར༔ པདྨ་ཉི་མའི་གདན་སྟེང་དུ༔ ཧྲཱིཿ་ལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་དབང་ཆེན་རྟ་མགྲིན་ནི༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རལ་གྲི་གཡོན་སྦྲུལ་ཞགས༔ ཁྲོ་གཏུམ་རྔམ་བརྗིད་བལྟར་མི་བཟོད༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་བསྒྲད༔ ཁམ་ནག་རལ་པའི་སྐྲ་གསེབ་ཏུ༔ རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཐུགས་ཀར་པདྨ་ཉི་གདན་ལ༔ གསང་བདག་རྡོ་རྗེ་གཏུམ་པོ་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་སྦྲུལ་ཞགས༔

p. 265

ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ དབང་དྲག་འབར་བའི་སྤྱི་བོ་རུ༔ ཁྲོ་ཆུ་ཞུན་མ་ལས་གྲུབ་པའི༔ ཡེ་ཤེས་བྱ་ཁྱུང་ཀླུ་གདོན་ཟ༔ སྤྱན་གསུམ་ཉི་མའི་ཟེར་ལྟར་འབར༔ གཤོག་པས་ཉི་ཟླ་ཙོག་པོར་འཕེན༔ ཁྱུང་སྐད་སྒྲོགས་པས་ས་གསུམ་གཡོ༔ ཁྱུང་གི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ དེ་ལྟར་དྲག་པོ་ལྷ་གསུམ་གྱི༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ [ཡེ་ཤེས་ཀྱི་འཁོར་ལོ་བསྟིམ་ཞིང་ཕྱག་མཆོད་བསྟོད་པ་ནི།] ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་གཏུམ་པོ་གཤེགས་སུ་གསོལ༔ ཕྲིན་ལས་མངོན་སྤྱོད་དཀྱིལ་འཁོར་ནས༔ ཡེ་ཤེས་ཁྱུང་ཆེན་གཤེགས་སུ་གསོལ༔ ཧྲཱི་ཧཱུཾ་ཁྲོཾ་བྷྱོ་བཛྲ་ས་མ་ཡ་ཛ་ཛཿ ཧོཿ ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ལྷ༔ གདན་གསུམ་ཚང་བའི་ངོ་བོར་

p. 266

བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ འདོད་དགུའི་དཔལ་གྱི་མཆོད་པ་འབུལ༔ ས་མ་ཡ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོཿ མ་ཧཱ་ཨརྒྷཾ་[ནས་]ཤཔྡ་རཱུ་པ་[སོགས།] སྤརྴེ་མཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ཧོཿ ཧཱུཾ་ཧྲཱིཿ ཁམས་གསུམ་དབང་སྡུད་དབང་དྲག་རྒྱལ་པོའི་སྐུ༔ འཁོར་འདས་འུབ་ཆུབ་རྡོ་རྗེ་གཏུམ་པོའི་ཐུགས༔ གདུག་པ་འདུལ་མཛད་བྱ་ཁྱུང་འབར་བའི་གར༔ རང་བྱུང་ལྷུན་གྲུབ་ལྷ་ལ་ཕྱག་འཚལ་བསྟོད༔ [བཟླས་པའི་རྣལ་འབྱོར་ནི།] ཧཱུཾ༔ རྡོ་རྗེ་གཏུམ་པོའི་ཐུགས་ཀ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་སྦུབས༔ གསང་བའི་སྙིང་པོ་ཧྲཱིཿ དམར་ལ༔ ལྷ་གསུམ་སྙིང་པོ་གཅིག་དྲིལ་བའི༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་བསྒོམ་པ་དང་འདྲ་བའི༔ ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ༔ [ཞེས་པའི་དམིགས་གནད་དང་ལྡན་པས།] ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོ་ག་རུ་ཌ་ཡཀྵ་རཀྵ་ཧཱུཾ་ཕཊ༔ [ཅེས་སྤྱི་དྲིལ་རྩ་བའི་བསྙེན་པ་ཉིད་གཙོ་བོར་བཟླ། སྒྲུབ་པ་ནི།] ཧྲཱིཿ ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་ཧྲཱིཿ ལ་སྔགས་དྲག་འཁོར༔ རིགས་ཀུན་སྲོག་སྔགས་གཅིག་ཏུ་བསྒྲུབ༔ [ཞེས་དམིགས་ལ་ཙ་སྔགས་བཟླ། ལས་སྦྱོར་ནི།] རང་ཉིད་ལྷ་གསུམ་ཐུགས་ཀ་

p. 267

རུཿཧྲཱིཿ ཧཱུཾཿཁྲོཾཿཡིག་གསལ་བ་ལས༔ མེ་དཔུང་སྤྲུལ་པ་དཔག་མེད་འཕྲོས༔ གནོད་བྱེད་ནད་འདྲེ་གདོན་བགེགས་རྣམས༔ བསྲེག་གཏུབ་ཧབ་ཧབ་ཟོས་པ་ཡིས༔ རྗེས་ཤུལ་ཙམ་ཡང་མེད་པར་བསྒོམ༔ ཧྲཱིཿཔདྨ་ཏ་ཀྲིཏ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ [ཁྱད་པར་ཀླུ་གདོན་འདུལ་བའི་ལས་སྦྱོར་ལ་སྔགས་ཤམ་དུ།] ཨཿཡཿམཿདུཿརུཿཙཿཤཿ་ནཿམཱཿརཿཡཿཕཊ༔ ནཱ་ག་ཙིཏྟ་རྦད་ནན༔ [ཞེས་སྦྱར་ལ་བཟླ། ཐུན་མཐར་སྔགས་ཀྱི་ལྷག་ཆད་སྐོང་བའི་ཕྱིར་དུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་གསུམ་རེ་བཟླས་ལ།] ཨོཾ་བཛྲ་ཨརྒྷཾ་[སོགས་དང་གོང་གསལ་ཤླཽ་ཀས་མཆོད་བསྟོད་བྱ།] [གསུམ་པ་རྗེས་ལ་རྒྱུན་གྱི་ཉམས་ལེན་དཀྱུས་སུ་འདི་ནས་འོག་གི་བསྡུ་ལྡང་བསྔོ་སྨོན་ལ་འཇུག་པས་འགྲུབ་པ་ཡིན་ཅིང༌། བསྙེན་སྒྲུབ་སྐབས་ཚོགས་མཆོད་བྱེད་པར་སྤྲོ་ན། ཚོགས་ཀྱི་རྫས་རྣམས་བཤམས་ཏེ། བདུད་རྩིས་བྲན་ལ།] རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ ཡེ་ཤེས་མེ་རླུང་བྱང་སེམས་ཆུས༔ ཚོགས་ཀྱི་དངོས་འཛིན་བསྲེག་གཏོར་བཀྲུས༔ སྣོད་བཅུད་དམ་ཚིག་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ [ཞེས་ལན་གསུམ་གྱིས་བརླབ། ཚོགས་མགྲོན་སྤྱན་འདྲེན་ནི།] ཧཱུཾ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ འབར་བའི་སྐུར་བཞེངས་གཉེན་པོ་སྟོབས་ཀྱི་ལྷ༔ འདོད་ཡོན་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཡེ་ཤེས་སྒྱུ་མར་རོལ་བཞིན་

p. 268

གཤེགས་སུ་གསོལ༔ ཨོཾ་སརྦ་མ་ཧཱ་ཀྲོ་དྷ་རཱ་རྫས་མ་ཡ་ཛ་ཛཿ [དང་པོ་མཆོད་པ་ནི།] ཕྱི་སྣོད་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ༔ ནང་བཅུད་སྣང་བ་སྣ་ཚོགས་གཏོར་མར་བཤམས༔ སྣང་སྲིད་གཞིར་བཞེངས་འདོད་ཡོན་མཆོད་པའི་སྤྲིན༔ དགྱེས་པར་བཞེས་ལ་བྱིན་རླབས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་གྷ་ཎ་ཙཀྲ་པཱུ་ཛ་ཧོཿ [བར་པ་བཤགས་པ་ནི།] ཧོཿ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ ཉོན་མོངས་དབང་གྱུར་དམ་ཚིག་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ [ཐ་མ་བསྒྲལ་མཆོད་ནི།] ཨེ་ནྲྀ་ཏྲི་ཛཿཧཱུཾ་བཾ་ཧོཿ ཧཱུཾ་བྷྱོཿ དབྱིངས་ནས་སྐུ་བསྐྱོད་ཁྲག་འཐུང་སྟོབས་ཀྱི་ལྷ༔ དྲག་ཏུ་བསྐུལ་ལོ་འབར་བའི་བརྟུལ་ཞུགས་བསྐྱེད༔ དྲག་བགེགས་འབྱུང་པོའི་རྣམ་ཤེས་དབྱིངས་སུ་སྤོར༔ ཤ་ཁྲག་བདེ་ཆེན་ཚོགས་ཀྱི་མཆོད་པ་བཞེས༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ [དེ་ནས་ཚོགས་རྫས་ནང་གི་བསྲེག་བླུགས་སུ་རོལ་བའི་ལྷག་མ་བདུད་རྩིས་བྲན་ལ།] པཉྩ་ཨ་མྲྀ་ཏ་ཧཱུྃ་ཧོཿ ཧཱུྃ༔ དབང་གི་བཀའ་ཉན་དཀྱིལ་འཁོར་མུ་རན་སྐྱོང་༔ ལྷག་མ་དབང་བའི་མཁའ་འགྲོ་གིང་ལངྐ༔ དཔལ་གྱི་ཕམ་ཕབ་གཏོར་མ་འདི་ལོངས་

p. 269

ལ༔ ཞལ་བཞེས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ཨུ་ཙྪིཥྚ་བ་ལིངྟ་ཁཱ་ཧི༔ [ཞེས་ཕྱི་རོལ་དུ་བསྐྱལ། དེ་ནས་གཏང་རག་གི་མཆོད་བསྟོད་དང༌།] མ་རྙེད་ཡོངས་སུ་མ་ཚང་དང༌། །[སོགས་དང་ཡིག་བརྒྱས་ནོངས་པ་བཤགས། ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ། བདག་བསྐྱེད།] ཧཱུཾ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགགས་མེད་རྡོ་རྗེ་སྲིན་པོ་ཤར༔ འགགས་པ་ཉིད་ནས་འགགས་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུའོ༔ ཧཱུཾ་ཧཱུཾ་ཧཱུཾ་[གིས་འོད་གསལ་དུ་བསྡུ།] ཕཊ་ཕཊ་ཕཊ་[ཀྱིས་སླར་ཡང་དབང་ཆེན་ཧེ་རུ་ཀའི་སྐུར་ལྡང་ལ།] བསྔོ་སྨོན་ནི། དགེ་འདིས་མཁའ་མཉམ་སེམས་ཅན་ཀུན། །ཁྲག་འཐུང་པདྨ་ཧེ་རུ་ཀའི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །[ཤིས་བརྗོད་ནི།] བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང༌། །དངོས་གྲུབ་ཆར་འབེབས་གཉེན་པོ་སྟོབས་ཀྱི་ལྷ། །དམ་ཅན་རྒྱ་མཚོ་ནོར་ལྷ་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་བཀྲ་ཤིས་ཤོག །[ཅེས་པ་རྣམས་ཀྱིས་ཕྲིན་ལས་ཀྱི་རིམ་པ་གྲུབ་བོ། །འདིའི་བསྙེན་སྒྲུབ་ཆེད་དུ་བྱེད་ན། སྦྱོར་བ་གོང་དུ་སྨོས་པ་ལྟར་ལ། དངོས་གཞིའི་ཐོག་མར་གནས་བདག་ལ་དཀར་གཏོང་སྤྱི་འགྲེ་དང་བགེགས་གཏོར་བཏང༌། རྒྱུན་དུ་མ་གྲུབ་ཀྱང་ཆོག །ལས་བྱང་དུས་བཞིར་གཞུང་བསྲང་ལ། ལྷ་ཀླུའི་གསལ་སྣང་དང་དག་དྲན་ང་རྒྱལ་

p. 270

བརྟན་པོར་བསླབ། བཟླས་པའི་སྐབས་སུ་གཞུང་གསལ་དམིགས་གནད་དང་སྦྱར་ཏེ་རྩ་བའི་བསྙེན་སྔགས་འབུམ་ཕྲག་ཉེར་གསུམ་དང༌། སྒྲུབ་པ་དེའི་ཕྱེད་ཆ་ནས་ལས་སྦྱོར་བསྙེན་པའི་གསུམ་ཆ་ཙམ་དུ་བཟླ་བ་ནི་གྲངས་བསྙེན་དང༌། སྤྱི་མཐུན་གདོན་བགེགས་ཐུལ་བའི་རྟགས་སོགས་ཐུན་མོང་དང༌། སྐུ་གསུང་ཐུགས་ཀྱི་མཚན་མ་ལ་སོགས་པས་མཆོག་གྲུབ་པའི་རྟགས་མཐོང་བ་ནི་རྟགས་ཀྱི་བསྙེན་ཚད་དང༌། དམིགས་གསལ་གནད་དང་ལྡན་པས་ཟླ་བ་གསུམ་གྱིས་འགྲུབ་པར་གཞུང་ལས་གསུངས་སོ། །དགོངས་ཐུན་བཀའ་གཏེར་སྲུང་མའི་གསོལ་ཁ་གཏོང་འབུལ་བཏང་ཞིང་ཚོགས་མཆོད་སྤྲོ་ན་འདིར་བྱ། བསྙེན་སྒྲུབ་ཐེམས་པ་ན་མཆོད་པ་གསར་དུ་བཤམས་ནས་ཚོགས་མཆོད་རྗེས་ཀྱི་བསྟོད་ཡན་གྲུབ་པ་དང༌། དངོས་གྲུབ་བསྐུལ་ཚིག་སྤྱི་ལྟར་བརྗོད་ཅིང་སྒྲུབ་གཏོར་ལས་དངོས་གྲུབ་བླངས། བཟོད་གསོལ་མན་མཐའ་རྒྱས་སུ་བྱས་པས་གྲུབ་བོ། །][གཉིས་པ་གཞན་དོན་སྨིན་བྱེད་ཀྱི་ཆོ་ག་ལ། སྦྱོར་བ་མཎྜལ་ལ་ཚོམ་བུ་གསུམ་བཀོད་པའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་བཅས་བཞག །མདུན་དུ་རྟ་ཕྱག་ཁྱུང་གསུམ་གྱི་སྐུ་ཙཀ་སོ་སོ་སྔགས་ཕྲེང་དང་རྡོ་རྗེ། གཡས་སུ་གསང་ཐོད་བདུད་རྩིས་བཀང་བ། རྒྱབ་ཏུ་རྨ་བྱའི་སྒྲོ་མདོངས། གཡོན་དུ་ཤེལ་རྡོ། མདུན་རྒྱབ་གང་བདེར་གཏོར་དཔལ་བཤོས་རྒྱན་སྤྲོས་སྐུ་ཙཀ་དར་གདུགས་ཅན་བཀོད། སྨན་རཀ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས། གཞན་ཡང་སྔོན་གཏོར་ལས་གསུམ་སོགས་མཁོ་བའི་ཡོ་ཆས་རྣམས་ཚོགས་པར་བྱས་ལ། ལས་བྱང་ལྟར་བདག་མདུན་དབྱེར་མེད་དུ་སྒྲུབ་ཅིང་བཟླས་པའི་ཐོག་མར་འཛབ་ཁང་ཕྱེས་ལ། འོད་ཟེར་སྤྲོ་བསྡུའི་དམིགས་

p. 271

བཟླས་ལ།] བུམ་པ་དབང་དྲག་རོལ་པའི་ཕོ་བྲང་དུ། །དབང་ཆེན་དྲག་པོ་ལྷ་གསུམ་གསལ་བ་ཡི། །སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས། །བུམ་བཅུད་བདུད་རྩིའི་དབྱིག་ཏུ་འཁྱིལ་བར་གྱུར། །[ཞེས་དམིགས་ལ་གཟུངས་ཐག་བླངས་ཏེ་བཟླས་པ་ཅི་ནུས་སུ་བྱ། མཐར་མཆོད་བསྟོད་དང༌།] ཨོཾ་ཨཱཿཧཱུྃ་[གིས་དུང་ཆུ་ཕུལ་བས།] བུམ་ལྷ་འོད་དུ་ཞུ་ནས་བུམ་བཅུད་དང་དབྱེར་མེད་དུ་གྱུར་པར་[བསམ་ལ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཀྱིས་བརླབ། དབང་དངོས་ལ་སློབ་མ་རྣམས་ཁྲུས་ནས་དབྱུང་སྟེ་འཁོད། བགེགས་གཏོར་བསྔོས་ལ་བཀའ་བསྒོ་དང་དྲག་སྔགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྲམ་བསྡུ་བྱས་ལ།] འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དབང་ཆེན་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་ནོད་པར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་ལེགས་པར་གསན་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་སྐབས་སུ་བབས་པ་ནི། སྙིགས་མའི་དུས་ཀྱི་སེམས་ཅན་རྣམས་ཉོན་མོངས་པ་ཇེ་རགས་དང་དགེ་བའི་རྩལ་ཇེ་དམན་དུ་སོང་བས་ནང་དུ་དུག་ལྔའི་སྟོབས་རྩལ་ཤིན་ཏུ་རྒྱས་པའི་རང་གཟུགས་ཕྱི་རོལ་གཟའ་ཀླུ་རྒྱལ་བསེན་གྱི་ཟ་ཁ་ལྡང་བས་འགྲོ་རྣམས་སྡུག་བསྔལ་གྱིས་འཁྲུལ་འཁོར་ལ་སྦྱོར་བའི་སྐབས་སུ་འདུལ་བྱེད་

p. 272

གཉེན་པོའི་ལྷ་མཆོག་སྟོབས་སུ་ཆེ་བ་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་གདམས་སྐོར་མཐའ་ཡས་པ་ཞིག་དཔལ་ཆེན་ཧེ་རུ་ཀ་དངོས་བྱོན་པདྨ་ཐོད་ཕྲེང་རྩལ་གྱིས་ཐུགས་སྲས་རྗེ་འབངས་གྲོགས་དང་བཅས་པ་རྣམས་ལ་སྩལ་ཞིང་ཕལ་ཆེར་ཕྱི་མའི་དུས་ཀྱི་གདུལ་བྱ་དགོངས་ཏེ་གཏེར་གྱི་རིགས་བྱེད་དུ་མར་རྒྱས་བཏབ་པ་ལས། སྐབས་སུ་བབས་པ་འདི་ནི་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་རྣམ་རོལ་གཏོར་ཆེན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེའི་བྲག་ནས་སྤྱན་དྲངས་པར་མཛད་པའི་རྟ་མགྲིན་ཡང་ཁྲོས་ནག་པོའི་ཆ་ལག་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་འོས་རྣམས་སྔོན་དུ་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་གཉིས་སུ་མེད་པའི་སྤྱན་སྔར་དབང་བསྐུར་གསན་པའི་སླད་དུ་དམིགས་ཏེ་མཎྜལ་ཕུལ། [ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །]ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་གི་སྒོ་གསུམ་སྨིན་གྲོལ་

p. 273

ཕྱིར༔ རྡོ་རྗེ་གསུམ་གྱི་དབང་བསྐུར་སྩོལ༔ [ལན་གསུམ།] དེ་ལྟར་གསོལ་བ་བཏབ་པའི་ལན་དུ་སློབ་དཔོན་གྱིས་གནང་བ་བྱིན་པ་འདི་ལ་གསན་འཚལ། ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཉོན༔ མི་ལུས་ཐོབ་པ་དོན་ལྡན་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ན༔ ཟབ་མོའི་དབང་མཆོག་བསྐུར་བགྱིའོ༔ བླ་མ་དབང་ཆེན་དྲག་པོ་རྩ་གསུམ་རྒྱ་མཚོའི་བདག་ཉིད་དུ་གསལ་བ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་ཞིང་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ན་མོ༔ དཀོན་མཆོག་རིན་ཆེན་[སོགས་ལས་བྱང་ལྟར་ལན་གསུམ།] ཚོགས་ཞིང་དེ་དག་གི་སྤྱན་སྔར་སྒོ་གསུམ་སྤྱོད་ལམ་མཐུན་པར་ཕྱག་འཚལ་བ་སོགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་[སོགས་ལན་གསུམ།] དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་[སོགས་ཀྱིས་བསང་སྦྱང༌།] གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འོད་གསལ་གྱི་རང་མདངས་ཕྱི་སྣོད་ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོར་དག་པའི་དབུས་སུ་སྣ་ཚོགས་པདྨ་ཉི་ཟླ་གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་གདན་གྱི་སྟེང་དུ་ཁྱེད་རང་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་རྒྱལ་པོ་ཁྲོ་གཏུམ་

p. 274

བཟོད་པར་དཀའ་བའི་རྣམ་འགྱུར་ཅན། སྐུ་མདོག་དམར་པོ་དུས་མཐའི་མེ་ལྟར་འབར་ཞིང་ཁམ་ནག་རལ་པ་གྱེན་དུ་བརྫེས་པའི་ཁྲོད་དུ་རྟ་མགོ་ལྗང་ཞུར་རྟ་སྐད་དྲག་པོ་འཚེར་བ། ཕྱག་གཡས་གནམ་ལྕགས་ཀྱི་རལ་གྲི་མེ་འབར་བ་ནམ་མཁའ་ལ་འཕྱར་ཞིང་གཡོན་སྡིག་མཛུབ་དཀུ་ལ་བརྟེན་པའི་ཚུལ་གྱིས་སྦྲུལ་ཞགས་འཛིན་པ། དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྗིད་ཅིང་ཞབས་གཉིས་འདོར་སྟབས་མེ་ཕུང་དྲག་ཏུ་འབར་བའི་ཀློང་ན་འགྱིང་བ། ཐུགས་ཀར་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་ཁྲོ་བོའི་ཆས་ཅན་ཕྱག་གཉིས་རྡོ་རྗེ་སྦྲུལ་ཞགས་འཛིན་ཅིང་ཞབས་འདོར་སྟབས་པད་ཉིའི་གདན་ལ་མེ་དཔུང་གི་ཀློང་ན་བཞུགས་པ། སྤྱི་བོར་ཡེ་ཤེས་ཀྱི་ཁྱུང་ཆེན་དམར་ནག་སྤུ་གྲིའི་སྒྲོ་གཤོག་ཅན་ཕྱག་གཉིས་སྦྲུལ་རིགས་བཟུང་ནས་ཞལ་དུ་གསོལ་བ། ཁྱུང་སྐད་དྲག་པོ་སྒྲོགས་པས་ཀླུ་གཉན་དབང་དུ་བསྡུད་ཅིང་ཁྱུང་གི་ཚྭ་ཚྭ་འཕྲོ་བ། ཐམས་ཅད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང༌། སློབ་དཔོན་གྱི་ཤུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། [སྦྱར་སྤོས་བསྲེགས་ཤིང་རོལ་མོའི་སྒྲ་དང་བཅས་ཏེ།] ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས། །འབར་བའི་སྐུར་

p. 275

བཞེས་གཉེན་པོ་སྟོབས་ཀྱི་ལྷ། །ཁྲག་འཐུང་དྲག་པོ་ལྷ་གསུམ་གནས་འདིར་གཤེགས། །དབང་བསྐུར་བྱིན་ཕོབ་མཐུ་རྩལ་དངོས་གྲུབ་སྩོལ། །[རྩ་སྔགས་མཐར།] ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱ༔ [བཏགས་པ་དྲག་ཏུ་བརྗོད་ལ་དབབ།] ཡེ་ཤེས་པའི་བྱིན་རླབས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། [ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །]དེ་ནས་དབང་དངོས་ལ། བུམ་པ་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་བླ་མ་དབང་ཆེན་ལྷ་ཚོགས་འོད་དུ་ཞུ་བའི་བདུད་རྩིས་སྤྱི་བོར་དབང་བསྐུར་བས་ལུས་རྩའི་དྲི་མ་ཐམས་ཅད་གཏོར་ཞིང་སྐུ་རྡོ་རྗེའི་དབང་དང་བྱིན་རླབས་མ་ལུས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། [བུམ་པ་ཐོགས་ལ།] ཧཱུྃ༔ ཆོས་དབྱིངས་རྣམ་དག་བུམ་པ་རུ༔ ལྷུན་གྲུབ་དྲག་པོ་ལྷ་གསུམ་གྱི༔ རྟེན་དང་བརྟེན་པའི་འཁོར་ལོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ [རྩ་སྔགས་མཐར།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བྱིན།] དེ་ནས་སྐུ་ཕྱག་རྒྱའི་དབང་གི་སླད་དུ་དཀྱིལ་འཁོར་གྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། [ཙཀླི་སོ་སོས་རིམ་པར་དབང་བསྐུར་ལ།] ཧཱུྃ༔ ཁམས་གསུམ་རོལ་པ་དབང་གི་སྐུ༔ རྟ་མཆོག་འབར་བའི་དབང་བསྐུར་རོ༔ ལུས་ཀྱི་

p. 276

སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་སྐུ་རུ་སྨིན་སྒྲོལ་ཤོག༔ [རྩ་སྔགས་མཐར།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་མཛད་པ༔ རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ༔ གདོན་གསུམ་གཡུལ་ལས་རྒྱལ་བ་དང་༔ དྲེགས་པ་ཀུན་འདུལ་དབང་ཐོབ་ཤོག༔ [རྩ་སྔགས་མཐར།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་ཉིད་རྩལ་ལས་རང་ཤར་བ༔ ཡེ་ཤེས་ཁྱུང་གི་དབང་བསྐུར་རོ༔ མངོན་སྤྱོད་ཕྲིན་ལས་ལྷུན་གྲུབ་ཅིང་༔ ཀླུ་གཉན་ཀུན་འདུལ་དབང་ཐོབ་ཤོག༔ [རྩ་སྔགས་མཐར།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། གསུང་བཟླས་ལུང་གི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཁོར་ལས་སྔགས་ཕྲེང་གཉིས་པ་རེ་འཕྲོས་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགསས། སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧྲཱིཿཡིག་དམར་པོའི་མཐར་གཡས་བསྐོར་དུ་འབོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། [ཕྲེང་བ་འདྲེན་ལ་རྩ་སྔགས་དང་ལས་སྔགས་ལན་གསུམ་རེ་རྗེས་ཟློས་བྱ།] ཕྲེང་བ་སྔགས་ཀྱི་ངོ་བོ་མགྲིན་པར་བཞག་པས་སྔགས་ཀྱི་ནུས་པ་བརྟན་པར་བྱས་པའི་མོས་པ་མཛོད། [དབང་ཕྲེང་མགྲིན་པར་བཞག་ལ།] ཨཱཿ དབང་ཆེན་ཁྲོ་རྒྱལ་ལྷ་ཚོགས་ཀྱི༔ རྡོ་རྗེ་གསུང་གི་བྱིན་རླབས་རྣམས༔ སྐལ་ལྡན་འདི་ལ་སྩལ་ནས་ཀྱང་༔ སྔགས་

p. 277

ཀྱི་ཡེ་ཤེས་འགྲུབ་པར་ཤོག༔ [རྩ་སྔགས་མཐར།] ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཐུགས་ཀྱི་དབང་གི་སླད་དུ་མེ་ལོང་དྭངས་པའི་ངོས་སུ་རྡོ་རྗེའི་གཟུགས་བརྙན་ཤར་ཡང་སྣང་ལ་རང་བཞིན་མ་གྲུབ་པ་བཞིན་འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་རང་བྱུང་རིག་པའི་རང་རྩལ་དུ་ཤེས་པས་གནས་ལུགས་གསལ་སྟོང་ཟུང་འཇུག་གི་ངོ་བོར་མཉམ་པར་ཞོག་ཅིག །[མེ་ལོང་དུ་རྡོ་རྗེ་ཤར་བ་བསྟན་ལ།] ཧཱུྃ༔ ཁྲོ་རྒྱལ་སྟོང་གསལ་ཡེ་ཤེས་དབྱིངས༔ རྡོ་རྗེ་ཐུགས་ཀྱི་བྱིན་རླབས་རྣམས༔ སྐལ་ལྡན་འདི་ལ་སྩལ་ནས་ཀྱང་༔ རང་བྱུང་དགོངས་པའི་རྩལ་རྫོགས་ཤོག༔ [རྩ་སྔགས་མཐར།] ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་དབང་ཆེན་ཧེ་རུ་ཀ་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བའི་བྱང་སེམས་བདུད་རྩི་ལྕེ་ལ་བཞག་པས་ངག་དང་རླུང་གི་དྲི་མ་ཐམས་ཅད་སྦྱངས་ཏེ་གསང་བའི་དབང་བསྐུར་ཐོབ་པར་མོས་མཛོད། [གསང་ཐོད་བདུད་རྩི་མགྲིན་པར་བཞག་ཅིང་ངག་ཏུ་བླུད་ལ།] ཧཱུྃ༔ སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ དྲག་པོའི་གསུང་གསང་བདུད་རྩིར་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ རྡོ་རྗེ་གསུང་དུ་སྨིན་གྲོལ་ཤོག༔ [རྩ་སྔགས་མཐར།] ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ རང་བྱུང་སྐུ་དང་ཡེ་ཤེས་ཀྱི་མཚོན་དཔེ་རྨ་བྱའི་སྒྲོ་ཐིག་

p. 278

སྙིང་གར་བཞག་པས་སྣང་སྟོང་ཐབས་ཤེས་ཟུང་འཇུག་གི་བརྡ་དོན་རྟོགས་ཏེ་ཡིད་དང་ཐིག་ལེའི་སྒྲིབ་པ་སྦྱངས་ཤིང་ཤེས་རབ་ཀྱི་དབང་བསྐུར་ཐོབ་པར་མོས་མཛོད། [རྨ་བྱའི་མདོངས་སྙིང་བར་བཞག་ལ། [] ཧཱུྃ༔ སྐུ་དང་ཡེ་ཤེས་རང་བྱུང་བ༔ མདངས་ལྡན་རྨ་བྱ་ལུག་རྒྱུད་ཀྱི༔ རྣམ་པའི་འོད་ཐིག་འདི་གཏད་པས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ [རྩ་སྔགས་མཐར།] ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རང་བྱུང་གི་ཤེལ་དཀར་དྲི་མ་མེད་པ་ལ་གཟུགས་བརྙན་གྱི་རྣམ་པ་ཅིར་ཡང་འཆར་བ་ལྟར་སེམས་ཉིད་ཀ་དག་གི་རང་རྩལ་ལྷུན་གྲུབ་ཀྱི་རོལ་པ་སྣ་ཚོགས་སུ་སྣང་ཡང་རང་རིག་ཡེ་ཤེས་ཀྱི་རོལ་པ་ལས་མ་གཡོས་པའི་བརྡ་དོན་གོ་བར་མཛོད་ལ་གསལ་སྟོན་ཟུང་འཇུག་གི་ངོ་བོར་མཉམ་པར་བཞག་པས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་སྦྱངས་ཤིང་ཚིག་དབང་རིན་པོ་ཐོབ་པར་མོས་མཛོད། [ཤེལ་རྡོ་སྙིང་བར་བཀོད།] ཧཱུྃ༔ ལྷུན་གྲུབ་རང་མདངས་འཇའ་ཤེལ་གྱི༔ རྣམ་པར་ཤར་བའི་ཀློང་དཀྱིལ་དུ༔ འོད་ལྔའི་དྭངས་མའི་ཐིག་ལེ་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཉོན་ཤེས་སྒྲིབ་པ་ཀུན་དག་ནས༔ མཚན་མ་ཚིག་བྲལ་དབང་ཐོབ་སྟེ༔ ངོ་བོ་ཉིད་སྐུར་སྨིན་གྲོལ་ཤོག༔ [རྩ་སྔགས་མཐར།] སརྦ་ཨ་བྷི་ཥིཉྩ་ཨཱཿ

p. 279

དེ་ནས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། གཏོར་མ་འདི་ཉིད་དབང་ཆེན་དྲག་པོ་ལྷ་གསུམ་གར་དགུའི་ཉམས་ཀྱིས་རྣམ་པར་རོལ་པའི་སྐུར་གསལ་བ་ཁྱེད་རང་གི་སྤྱི་བོར་དྲངས་ཏེ་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་ནད་གདོན་བག་ཆགས་དང་བཅས་པ་སྦྱངས་ཤིང་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་རྩལ་བར་མོས་ཤིག །[དཔལ་གཏོར་གནས་གསུམ་དུ་བཞག་ལ།] ཧཱུཾ༔ ཆོས་ཉིད་བརྡལ་ཁྱབ་གཏོར་གཞོང་དུ༔ ལྷུན་གྲུབ་དབྱིངས་ཀྱི་གཏོར་མ་བཤམས༔ གང་འདུལ་ཐབས་ཀྱི་སྐུར་སྟོན་པ༔ དབང་ཆེན་ཧྱ་གྲཱི་བ་དང་༔ རྡོ་རྗེ་ཅན་དང་གུ་རུ་ཌའི༔ རྟེན་དང་བརྟེན་པ་ཡོངས་སུ་རྗོགས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག །[རྩ་སྔགས་མཐར།] མཎྜལ་གུ་ཧྱ་བ་ལིངྒ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ཁྱེད་རང་གི་ལུས་ངག་ཡིད་གསུམ་དབང་ཆེན་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པ་ལ་བཀྲ་ཤིས་པའི་རྫས་ཀྱིས་མདུན་བདར་ཅིང་ཤིས་པ་བརྗོད་པའི་དབྱངས་ཀྱིས་མངའ་གསོལ་བའི་མོས་པ་མཛོད། [རྫས་རྟགས་སྣ་བདུན་རྣམས་སྤྱི་ལྟར་གཏད་ལ་ཤིས་བརྗོད་བྱ་ཞིང་རོལ་མོ་འཁྲོལ། སྐབས་

p. 280

འགར་རྐྱེན་སེལ་ཆེད་དུ་དབང་བསྐུར་བྱེད་ན་གི་ཐུགས་དབང་གི་བར་དཀྱུས་ལྟར་ལ།] དེ་ནས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ། [སོགས་གཏོར་དབང་སྦྱར་བ་ལས་མཆོག་དབང་གསུམ་མི་དགོས་སོ། །]དེ་དག་གིས་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་སྟེ། རྡོ་རྗེའི་གསུང་ལས། དེ་ལྟར་དབང་བསྐུར་ཟབ་མོ་མཆོག༔ ཐོབ་པས་ཕྱི་ནང་གསང་བ་ཡི༔ བར་ཆད་འགལ་རྐྱེན་ལས་གྲོལ་ཏེ། འདི་ཕྱིའི་དགེ་ལེགས་ངང་གིས་བྱུང་༔ ཞེས་བསྔགས་པས་མཚོན་དགོས་པ་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ལགས་པས་འདི་ཉིད་ཡི་དམ་གྱི་ལྷར་འཛིན་ཅིང་དམ་ཚིག་ལ་བསྲུང་སྡོམ་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་[སོགས་དམ་ཚིག་ཁས་ལེན་གཏང་རགས་མཎྜལ་ལུས་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ཚོགས་མཆོད་སྤྲོ་ན་གཞུང་ལྟར་བཏང༌། ཚོགས་ཡོད་མེད་གང་ལྟར་ཡང་གཏང་རག་གི་མཆོད་བསྔོ་ནས་ཤིས་བརྗོད་ཀྱི་བར་བྱས་པས་གྲུབ་བོ། །ཁྲག་འཐུང་དྲག་པོའི་རིགས་སྔགས་དུས་མཐའི་མེས། །གཉིས་འཛིན་འཁྲུལ་རྟོག་ཚང་ཚིང་ཀུན་བསྲེགས་ཏེ། །ཁྲོ་རྒྱལ་གསང་གསུམ་ཚེ་འདིར་མྱུར་འགྱུར་ནས། གདུག་ཅན་འདུལ་ལ་ཆེ་བཙན་ཟླ་མེད་ཤོག །ཅེས་པའང་ཉེ་བར་གནས་པ་བརྩོན་འགྲུས་བཟང་པོས་རིང་མོ་ནས་བསྐུལ་བ་དང༌། མངའ་རིས་ཕྱོགས་ཀྱི་སྒྲུབ་བརྩོན་དཀོན་མཆོག་ཆོས་དབང་དང་དཀོན་མཆོག་ཚུལ་ཁྲིམས་

p. 281

ཟུང་གིས་ཀྱང་བསྐུལ་བ་ལྟར། ཟབ་གཏེར་རང་གཞུང་ལ་མཚམས་སྦྱོར་ཉུང་ངུའི་གསལ་བྱེད་དང་བཅས་བཀླག་པས་གྲུབ་པར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་མངྒ་ལཾ།། །།]

འཇིགས་བྱེད་བདུད་འདུལ་དྲག་མོ་སེང་གདོང་མའི་ཕྲིན་ལས་ཌཱ་ཀི་དགྱེས་པའི་གད་རྒྱང་།

p. 282
p. 283

༄༅། །འཇིགས་བྱེད་བདུད་འདུལ་དྲག་མོ་སེང་གདོང་མའི་ཕྲིན་ལས་ཌཱ་ཀི་དགྱེས་པའི་གད་རྒྱང་ཞེས་བྱ་བ་བཞུགས་སོ། །

p. 284

ཤྲཱི་བི་ཛ་ཡནྟུ། བདེ་ཆེན་ཤེས་རབ་དབྱིངས་ཉིད་དུ་མའི་གར། །ཞི་ཆགས་ཁྲོ་སྒེག་ཉམས་འགྱུར་འབུམ་ཕྲག་གིས། །ཚར་གཅོད་རྗེས་འཛིན་འདོད་རྒུར་སྒྱུར་མཛད་མ། །བླ་མ་འཁོར་ལོའི་གཙོ་མོས་བདག་སྐྱོངས་ཤིག །ཌཱ་ཀིའི་ཐུགས་བཅུད་ཨོ་རྒྱན་མཁན་པོའི་ལུང༌། །བདུད་འདུལ་ཁྲོས་མའི་རྒྱལ་མོ་སྒྲུབ་པའི་ཐབས། །ཟབ་གཏེར་གསང་བའི་དགོངས་དོན་མ་འཁྲུལ་བར། །རྣམ་གསལ་འཇུག་བདེའི་ཁྲིགས་སུ་བསྡེབས་འདིའོ། །[དེའང་དབང་ཐོབ་དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་གང་ཞིག་ཡུམ་ཆེན་མཁའ་འགྲོ་བདུད་འདུལ་སེང་གདོང་མའི་སྒྲུབ་ཐབས་ཟབ་མོ་ཉམས་སུ་ལེན་པར་འདོད་པས། བྱ་བའི་སྦྱོར་བ་དབེན་ཞིང་བཀྲ་ཤིས་ཉམས་དགའ་བའི་སྒྲུབ་གནས་སམ་རྟོགས་པས་ཆུན་

p. 285

ན་དུར་ཁྲོད་མཚོ་གླིང་བྲག་སྐྱིབས་སོགས་འཇིགས་ཤིང་རྔམས་ཟིལ་ཆགས་པའི་ས་ཕྱོགས་གང་ཡང་རུང་བའི་སྒྲུབ་ཁང་དུ་དམ་ཚིག་གི་བྲིས་སྐུ་སོགས་སྒྲུབ་པའི་རྟེན་བཀྲམ་ཞིང༌། ཕྱི་ནང་གི་མཆོད་པ་གཏོར་ཚོགས་སོགས་དགོས་པའི་དམ་རྫས་མ་ཚང་བ་མེད་པར་འདུ་བྱས་ནས། ཆོ་ག་དངོས་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱིས་བསྡུས་པ་ལས།] [དང་པོ་སྔོན་འགྲོའི་ཆོས་ལ་རྣམ་གྲངས་བརྒྱད་ལས། དང་པོ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི།] ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་བདུད་འདུལ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བཛྲ་ས་མཱ་ཛཿ[ས་མདུན་མཁར་སད་པར་མོས་ལ།] ན་མོཿ བདག་དང་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་ལ༔ རྣམ་

p. 286

གསུམ་དད་པས་སྐྱབས་སུ་མཆི༔ [ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།] ཧོཿ མ་གྱུར་མཁའ་མཉམ་སེམས་ཅན་རྣམས༔ རྣམ་གྲོལ་སྐུ་གསུམ་སར་འགོད་ཕྱིར༔ ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབ་ནས༔ དོན་གཉིས་འགྲུབ་པར་སེམས་བསྐྱེད་དོ༔ [ཞེས་ལན་གསུམ་གྱིས་སེམས་བསྐྱེད།] [གཉིས་པ་ཚོགས་བསགས་པ་ནི།] ཧོཿ སྐུ་གསུམ་མཁའ་འགྲོའི་གྲོང་ཁྱེར་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ དུས་གསུམ་བསགས་པའི་སྡིག་པ་བཤགས༔ རྣམ་དཀར་དགེ་ལ་རྗེས་ཡི་རང༔ གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་འགྲོ་ཀུན་ཡོངས་ལ་བསྔོ༔ ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག༔ [ཅེས་ཚོགས་བསགས་མཐར།] ཛཿཧཱུྃ་བྃ་ཧོཿ[ས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་སྨིན་ཅིང་གྲོལ་བར་བསམ།] [གསུམ་པ་བགེགས་བསྐྲད་པ་ནི།] རང་ཉིད་འཇིགས་བྱེད་བདུད་འདུལ་དྲག་མོའི་སྐུར་གྱུར། [བགེགས་གཏོར་]རྃ་ཡྃ་ཁྃ་[གིས་བསང་སྦྱང༌།] སྟོང་པའི་ངང་ལས་བྷཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ [ལན་གསུམ་གྱིས་བརླབ།] སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛཿ[ས་མགྲོན་དགུག །]སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་

p. 287

སྥ་ར་ན་ཨི་མཾ་ག་ག་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། [ལན་གསུམ་གྱིས་གཏོར་མ་བསྡོས་ལ།] ཧཱུྃ་ཧྲཱིཿ ང་ནི་སྤྱི་དཔལ་སེང་གདོང་མ༔ གསང་བ་ཡེ་ཤེས་དྲག་མོའི་སྐུ༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ རབ་འབྱམས་རྒྱལ་བ་བསྐྱེད་པའི་ཡུམ༔ སྤྲུལ་པའི་མཁའ་འགྲོས་ནམ་མཁའ་གང་༔ ལས་བྱེད་མཁའ་འགྲོས་བར་སྣང་གང་༔ སྒྲོལ་བྱེད་མཁའ་འགྲོས་ས་གཞི་གང་༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཤ་འཁོན་བུ་ལོན་ལན་ཆགས་རྣམས༔ གླུད་ཀྱི་གཏོར་མ་འདི་འཇལ་གྱིས༔ མགུ་བར་གྱིས་ལ་རང་གནས་སུ༔ ད་ལྟ་ཉིད་དུ་འགྲོ་བར་གྱིས༔ གནས་འདིར་གསང་ཆེན་མཁའ་འགྲོའི་དལ༔ ད་ལྟ་ཉིད་དུ་འདེབས་འཚལ་བས༔ བཀའ་འདས་ལུས་སེམས་རྡུལ་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ [ཧཱུྃ་བཞིའི་སྔགས་དང་གུ་གུལ་ཡུངས་ཐུན་བཅས་པས་བསྐྲད།] [བཞི་པ་སྲུང་མཚམས་བཅད་པ་ནི། ཧཱུྃ་ཧྲཱིཿ བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་ལས་སྤྲོས་པའི་འོད་ཟེར་གྱིས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་འཁོར་ལོར་གྱུར༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛྙཱ་ན་རཾ་ཡཾ་ཁཾ་རཀྵ་རཀྵ་སྭཱ་ཧཱ༔ [ལྔ་པ་བརྡ་སྒོ་དབྱེ་བ་ནི།] ཧཱུྃ་ཧྲཱིཿ རང་རིག་གདོད་ནས་ཡེ་ཤེས་མཁའ་འགྲོའི་དལ༔

p. 288

མ་རིག་དབང་གིས་ཆོས་ཉིད་འཆར་སྒོ་འགགས༔ ད་ནི་རང་རིག་ཡེ་ཤེས་རྟོགས་པའི་ལྷ༔ རང་ངོ་མཇལ་ཕྱིར་ཡེ་ཤེས་འཆར་སྒོ་ཕྱེས༔ ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ [དྲུག་པ་བརྡ་ཕྱག་འཚལ་བ་ནི།] ཧཱུྃ་ཨཱ༔ གཟུང་འཛིན་གཉིས་མེད་ཡེ་ཤེས་ཀློང་༔ གདོད་ནས་རང་རིག་ཡུམ་ཆེན་མོ༔ རྟོག་ཚོགས་གནས་དག་མཁའ་འགྲོའི་གར༔ རང་ཞལ་མཇལ་ཕྱིར་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ [བདུན་པ་བྱིན་དབབ་པ་ནི།] སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གནས༔ རང་སྣང་རྣམ་དག་གཞལ་ཡས་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་མཁའ་འགྲོ་སེང་གེའི་གདོང༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་སོགས༔ རབ་འབྱམས་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་པ༔ དམ་ཚིག་དབང་གིས་གནས་འདིར་བྱོན༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་དང་༔ ལྷུན་གྲུབ་གསང་ཆེན་དཀྱིལ་འཁོར་ལ༔ བྱིན་རླབས་ཡེ་ཤེས་བྱིན་ཕོབ་ཅིག༔ གསང་བ་གསུམ་གྱིས་དབང་བསྐུར་ཅིག༔ མཁའ་སྤྱོད་ཞིང་དུ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཀརྨ་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿ ཨཱ་བེ་ཤ་ཡ་ཨ་ཨཱ༔ [བརྒྱད་པ་མཆོད་རྫས་བྱིན་བརླབ་པ་ནི།] ཨོཾ་ཨཱཿཧཱུྃ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔

p. 289

ཆོས་ཀུན་རྣམ་དག་དྲི་མ་མེད། ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔ ཡེ་ནས་རང་བྱུང་ལྷུན་གྲུབ་བོ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱདྱཾ་ཨཱཿཧཱུྃ༔ དེ་བཞིན་དུ་ཤཔྡའི་བར་དང༌། ཨོཾ་བཛྲ་རཱུ་པ་ཤཔྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ [སྨན་]རཾ་ཡཾ་ཁཾ་[གིས་བསང་སྦྱང༌།] སྟོང་པའི་ངང་ལས་སྨན་སྣོད་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་བཅུད་རྫས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཆེན་པོ་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོས་གང་བར་[བསམ་ཞིང༌།] ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ལན་བདུན་ནམ་གསུམ། རཀྟ་[བསང་སྦྱང༌།] སྟོང་པའི་ངང་ལས་དམར་གྱི་དུང་ཆེན་འབར་བའི་སྣོད་དུ་ར་ལས་ཆགས་མེད་རཀྟའི་རྒྱ་མཚོ་ཟེགས་མ་ལས་ཞིང་ཆེན་གྱི་ལྷུ་དུམ་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་འདུས་པས་ཡོངས་སུ་གང་བར་བསམ་ཞིང༌། ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ [ལན་བདུན་ནམ་གསུམ། གཏོར་མ་བསང་སྦྱང༌།] སྟོང་པའི་ངང་ལས་ལྕང་ལོར་བཅས་པའི་ཀ་པཱ་ལ་སྟོང་གསུམ་གྱི་ཁྱོན་དང་མཉམ་པའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ལྷུན་པོའི་གཏོས་ལྟར་སྤུངས་ཤིང་བརྗིད་པ་ལས་འདོད་ཡོན་གྱི་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤྲོ་བའི་རང་བཞིན་

p. 290

ཅན་དུ་གྱུར་བར་[བསམ་ཞིང༌།] ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་པ་ཏེ་གུ་ཧྱ་ཧྲཱི་ཤྭ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ [ལན་བདུན་ནམ་གསུམ།] ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་ཏ་ན་ག་ན་གུ་ཧྱ་ས་རྦ་སྭཱ་ཧཱ༔ [ཞེས་ཕྱི་ནང་གསང་མཆོད་རྣམས་བྱིན་གྱིས་བརླབ། དེ་དག་རྣམས་ནི་སྔོན་འགྲོའི་ལས་རིམ་མོ། །][གཉིས་པ་དངོས་གཞིའི་ཆོས་ལ་བརྒྱད་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ལ། ཐོག་མར་རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ་ནི།] ཨ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ བརྡལ་ཁྱབ་སྤྲོས་མཐའ་བྲལ་བའི་ངང་༔ སརྦ་དྷརྨ་ག་ག་ན་ཧཱུྃ་ཨཱ༔ ཧཱུྃ༔ འདི་ལྟར་མ་རྟོགས་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོས་བརྡལ༔ ཕྱོགས་རིས་བྲལ་བའི་བྱང་ཆུབ་སེམས༔ མངོན་གྱུར་ཆེན་པོར་རིག་པར་བྱ༔ མ་ཧཱ་སརྦ་དྷརྨ་པྲ་ཛྙཱ་ཛྙཱ་ན་ཧཱུྃ་ཨཱཿ ཧཱུྃ༔ བརྡལ་ཁྱབ་གསང་བའི་ནམ་མཁའ་ལས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཡེ་ཤེས་ཐུགས་ཀྱི་སྒྱུ་འཕྲུལ་ནི༔ རྒྱུ་ཡི་ཡི་གེ་ཧཱུྃ་ལྗང་གསལ༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ [གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི།] ཧཱུྃ་ལས་འབྱུང་ལྔའི་ས་བོན་ནི༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་འཕྲོས༔ ཨེ་ལས་སྟོང་ཆེན་ནམ་མཁའ་མཐིང་༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔

p. 291

སུཾ་ལས་ཤ་ཆེན་ས་གཞི་སྨུག༔ ཀེཾ་ལས་རུས་པའི་རི་རབ་སྟེང་༔ རཾ་ལས་བསྐལ་པའི་མེ་དཔུང་འབར༔ དེའི་དབུས་སུ་ཕྱི་ལྟར་ན་ས་གཞི་ཞིང་ལྤགས་བརྒྱངས་པ་ལྟ་བུ་ལ༔ རི་བོ་ཐམས་ཅད་ཀེང་རུས་དཀར་པོ་དང་༔ རྩི་ཤིང་ཐམས་ཅད་མདའ་མདུང་རལ་གྲི༔ ཆུ་འབབས་ཐམས་ཅད་ཁྲག་དང་རྣག་གི་རང་བཞིན༔ གཟུགས་སྣང་ཐམས་ཅད་གསོད་གཅོད་ལས་ཀྱི་ཕོ་ཉ༔ སྒྲ་གྲགས་ཐམས་ཅད་ཕཊ་ཕེཾ་སོད་རྒྱོབ་བྷྱོ་ཟློག་གི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་སྒྲོགས་པ་ལྟ་བུས་འཆི་བདག་གཤིན་རྗེའི་དཔུང་ཚོགས་ཀྱང་སྤ་བཀོང་བ༔ འཇིགས་བྱེད་ཁྲོ་བོ་བཅུ་པོའང་རྒྱུ་བར་མི་ནུས་ཤིང་༔ མི་འཇིགས་འཇིགས་མེད་རྡོ་རྗེ་ཅན་ཡང་འཇིགས་པའི་གནས༔ ཐུན་མཚོན་དང་མཚོན་ཆ་སྣ་ཚོགས་སྐྱི་སེར་ལྟར་འཚུབས་པ༔ འཇིག་རྟེན་ལས་ཀྱི་ཕོ་ཉ་རྦད་འདྲེ་གདུག་པ་ཅན་ཐམས་ཅད་ཐལ་བར་བརླག་ཅིང་དུམ་བུར་གཏུབ་པ༔ ཡེ་ཤེས་མཁའ་འགྲོའི་སྤྲུལ་པའི་དུར་བྱ་ཤ་ཟན་གྱི་ཚོགས་དང་གཅན་གཟན་གྱི་ཚོགས་རྣམས་དགྲ་གདོན་བྱད་མ་རྦོད་གཏོང་ལྷ་དང་བཅས་པའི་དབུགས་ལ་ཧབ་ལེན་བྱེད་ཅིང་ཤ་ལ་རྔམས་ཟས་བྱེད་པ༔ མི་རོ་དང་རྟ་རོ་ལ་སོགས་པའི་རོ་རུལ་བ་དང་བམ་པ་དང་ཧམ་པ་སྣ་ཚོགས་གཅལ་དུ་བཀྲམ་པ༔ ཁྲག་མཚོ་དམར་ནག་རྦ་རླབས་དྲག་ཏུ་འཁྲུགས་ཤིང་ཁྲག་ལྦུ་རབ་ཏུ་བརྡོལ་བའི་ཀློང་དུ་མི་རོ་

p. 292

དང་རྟ་རོ་འཕྱོ་བའོ༔ ནང་ལྟར་ན་ཡེ་ཤེས་མཁའ་འགྲོ་རང་རང་གི་སྤྱོད་ཡུལ་དུ་ཞིང་ཁམས་ཁ་དོག་ལྔ་ལྡན་དབུས་མཐིང་ནག་བཻ་ཌཱུརྱའི་ཁ་དོག་ལྟ་བུ༔ ཤར་དཀར་པོ་དུང་གི་ཁ་དོག་ལྟ་བུ༔ ལྷོ་སེར་པོ་གསེར་གྱི་ཁ་དོག་ལྟ་བུ༔ ནུབ་དམར་པོ་པདྨ་རཱ་གའི་ཁ་དོག་ལྟ་བུ༔ བྱང་ལྗང་གུ་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུ་ལས༔ རང་མདོག་གི་འོད་དང་འོད་ཟེར་ནམ་མཁའ་ལ་འཕགས་ཤིང་རྒྱ་ཆེ་ལ་ཁྱོན་ཡངས་པ༔ སྣ་ཚོགས་པདྨོ་དང་སྨན་གྱི་སྤངས་རི་མཛེས་ཤིང་ཡིད་དུ་འོང་བའོ༔ གསང་བ་ལྟར་ན་གནས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དང་ཨུ་ཙ་ལ་དང་གསང་ཆེན་རོལ་པ་རྣམས་གཅིག་དྲིལ་གཅིག་རྫོགས་ཀྱི་ངོ་བོའོ༔ སྲུང་བའི་འཁོར་ལོ་རིམ་དགུའི་དབུས༔ ཕྱི་ནི་ཐོད་པ་རིམ་གསུམ་ལ༔ དམར་ཆེན་ཁྲག་གི་ཞམ་ཆུ་འབེབས༔ ནང་ནི་ཡེ་ཤེས་འོད་ལྔ་ལས༔ གྲུབ་པའི་གཞལ་ཡས་ཁང་དབུས་སུ༔ གྲུ་ཆད་ལྗང་གུ་དཔངས་མཐོ་བ༔ གློ་འབུར་རིགས་བཞིའི་ཁ་དོག་འཆར༔ དེ་དབུས་པད་ཟླ་ཉི་མའི་སྟེང་༔ བྱད་མ་ལོག་ལྟ་བདུད་དཔུང་དང་༔ ལྟ་ལོག་རཱུ་ཏྲ་ཕོ་མོའི་ཚོགས༔ བསྣོལ་ཞིང་བརྩེགས་པའི་ཁྲི་ཡི་ཁར༔ རང་རིག་ཡི་གེ་ཧཱུྃ་ལྗང་བབས༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད༔ སྲས་བཅས་ཞིང་ཁམས་གཞལ་ཡས་ལྷ༔ འོད་ཕུང་རྣམ་པར་ཚུར་བསྡུས་ཏེ༔ རིག་པ་ཧཱུྃ་གི་ཡི་གེར་ཐིམ༔

p. 293

མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ སྣང་སྲིད་དཔལ་ཡོན་ཚེ་བསོད་བཅུད༔ ཚུར་འདུས་རིག་པ་ཧཱུྃ་ལ་ཐིམ༔ ཧཱུྃ་ལས་རང་ཉིད་སྐད་ཅིག་གིས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་མོ༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་༔ ལྗང་གསལ་རལ་པ་དམར་སེར་བརྫིས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་སྡང་མིག་གཡོ་ཞིང་འཁྲུགས༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་༔ ཉི་ཟླའི་སྙན་རྒྱན་འོད་དུ་འབར༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ ཧེ་རུ་ཀ་དཔལ་སྦས་པའི་ཚུལ༔ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བརྟེན༔ ཞབས་གཉིས་གཡས་བསྐུམ་གསང་བར་གཏད༔ གཡོན་པས་རཱུ་ཏྲ་ཕོ་མོ་གནོན༔ ཐོད་ཚར་གསུམ་གྱིས་དོ་ཤལ་བྱས༔ རུས་པའི་རྒྱན་དྲུག་ཕྲེང་བས་སྤྲས༔ ཡེ་ཤེས་བསྐལ་པའི་མེ་ལྟ་བུར༔ འབར་བའི་ཀློང་ན་རང་འདྲ་བའི༔ མཁའ་འགྲོ་བྱེ་བ་འབུམ་སྡེ་འགྱེད༔ སྤྱི་བོར་འཇའ་གུར་འོད་ལྔའི་ཀློང་༔ རིགས་བདག་ཀུན་ཏུ་བཟང་མོ་མཐིང་༔ གཅེར་བུ་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ ཤར་དུ་ཐུགས་ཀྱི་སྤྲུལ་པ་ལས༔ རྡོ་རྗེ་དཀར་མོ་སེང་གེའི་གདོང་༔ ཕྱག་གཡས་རྡོ་རྗེ་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་

p. 294

བསྣམས༔ རང་འདྲ་བྱེ་བ་འབུམ་གྱིས་བསྐོར༔ ལྷོ་རུ་ཡོན་ཏན་སྤྲུལ་པ་ལས༔ རིན་ཆེན་སེར་མོ་སེང་གེའི་གདོང་༔ ཕྱག་གཡས་རིན་ཆེན་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ རང་འདྲ་བྱེ་བ་འབུམ་གྱིས་བསྐོར༔ ནུབ་ཏུ་གསུང་གི་སྤྲུལ་པ་ལས༔ པདྨ་དམར་མོ་སེང་གེའི་གདོང་༔ ཕྱག་གཡས་པདྨ་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ རང་འདྲ་བྱེ་བ་འབུམ་གྱིས་བསྐོར༔ བྱང་དུ་སྐུ་ཡི་སྤྲུལ་པ་ལས༔ སངས་རྒྱས་མཁའ་འགྲོ་སེང་གདོང་མཐིང་༔ ཕྱག་གཡས་འཁོར་ལོ་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ རང་འདྲ་བྱེ་བ་འབུམ་གྱིས་བསྐོར༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས༔ རུས་རྒྱན་དྲིལ་གཡེར་ཅོད་པན་དང་༔ ཐོད་པ་ཚར་གསུམ་ཕྲེང་བས་བརྒྱན༔ ཞབས་གཉིས་གར་སྟབས་ཁ་ཊྭཱཾ་ཀ༔ སེང་སྐད་སྒྲོགས་པས་ས་གསུམ་གཡོ༔ ཡེ་ཤེས་བསྐལ་པའི་མེ་དཔུང་འབར༔ པད་ཉིའི་གདན་ལ་རཱུ་ཏྲ་གནོན༔ ཕྱི་རིམ་པདྨ་འདབ་[སྨད་ལས་སྐབས་སུ་འཁོར་ལོ་རྩིབས་བརྒྱད་པ་བསྒོམ་དགོས། མཆན།] བརྒྱད་སྟེང་༔ ལས་བྱེད་རིགས་བཞིའི་མཁའ་འགྲོ་ནི༔ ཤར་དུ་དཀར་མོ་ཁྱུང་གདོང་མ༔ རྡོ་རྗེ་གཡས་ལ་ཐོད་ཁྲག་གཡོན༔ ལྷོ་རུ་སེར་མོ་སྡིག་པའི་གདོང་༔ བེ་ཅོན་གཡས་ལ་

p. 295

ཐོད་ཁྲག་གཡོན༔ ནུབ་ཏུ་དམར་མོ་འཕར་གཏོང་མ༔ རལ་གྲི་གཡས་ལ་ཐོད་ཁྲག་གཡོན༔ བྱང་དུ་ལྗང་མོ་ཁྱི་ཡི་གདོང་༔ རྒྱ་གྲམ་གཡས་ལ་ཐོད་ཁྲག་གཡོན༔ ཀུན་ཀྱང་རྡོ་རྗེའི་གཤོག་པ་གདེངས༔ ཞབས་གཉིས་གར་སྟབས་རུས་རྒྱན་གསོལ༔ པད་ཉིའི་གདན་ལ་བྱད་མ་གནོན༔ རང་སྐད་སྒྲོགས་པས་ས་གསུམ་གཡོ༔ འཁོར་བའི་འཁྲུལ་འཁོར་དབྱིངས་སུ་འཇིག༔ ཤར་ལྷོར་དམ་ཚིག་མཁའ་འགྲོའི་གཙོ༔ དམར་ནག་དབང་དྲག་འཛོམ་པའི་ཞལ༔ འུག་གདོང་རུ་མཚོན་སྙིང་ཞགས་བསྣམས༔ ལྷོ་ནུབ་ཐམས་ཅད་མཁའ་འགྲོའི་གཙོ༔ བྱ་རོག་གདོང་ཅན་ཤ་སྐད་སྒྲོགས༔ སེར་ནག་འཁོར་ལོ་ཐོད་ཁྲག་བསྣམས༔ ནུབ་བྱང་ཤ་ཟ་མཁའ་འགྲོའི་གཙོ༔ དུར་བྱའི་གདོང་ཅན་འཇིགས་པའི་གཟུགས༔ ལྗང་ནག་གློ་སྙིང་རྒྱུ་ཞུགས་བསྣམས༔ བྱང་ཤར་འཇིག་རྟེན་མཁའ་འགྲོའི་གཙོ༔ མཐིང་ནག་སྦྲུལ་གྱི་མགོ་བོ་ཅན༔ གྲི་གུག་གཡས་ལ་ནད་རྐྱལ་གཡོན༔ ཀུན་ཀྱང་གར་སྟབས་རུས་རྒྱན་ཅན༔ བྱད་མ་གདུག་པའི་སྤྱི་ནས་གནོན༔ རྦད་འདྲེ་ཧུར་ཐུམ་གཏོང་བ་མོ༔ ཧ་ཧེ་བྷྱོ་ཟློག་ཕཊ་སྒྲ་སྒྲོགས༔ སྲིད་པ་མ་མོའི་ཚོགས་ཀྱིས་བསྐོར༔ མཁའ་ལ་ཐོགས་མེད་གོམ་གྱིས་བསྒྲོད༔ ཉིན་མཚན་དུས་དྲུག་རྣམས་སུ་རྒྱུ༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོའི་

p. 296

རྗེས་ཡང་གཅོད༔ མཐའ་སྐོར་གནས་མཆོག་ཉེར་བཞི་དང་༔ ཡུལ་ཆེན་སོ་གཉིས་དུར་ཁྲོད་བརྒྱད༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་མ་དང་མཁའ་འགྲོའི་ཚོགས༔ ལྷ་མིའི་ཁྲོམ་ཚོགས་ལྟ་བུར་བསྐྱེད༔ ཤར་སྒོར་རྡོ་རྗེ་པུ་ཤུད་གདོང་༔ ལྕགས་ཀྱུ་གཡས་ལ་གྲི་གུག་གཡོན༔ ལྷོ་སྒོར་རཏྣ་དུར་བྱའི་གདོང་༔ ཞགས་པ་གཡས་ལ་སྡིགས་མཛུབ་གཡོན༔ ནུབ་སྒོར་པདྨ་སྲིན་བྱའི་གདོང་༔ ལྕགས་སྒྲོགས་གཡས་ལ་སྤུ་གྲི་གཡོན༔ བྱང་སྒོར་ཀརྨ་ཁྲ་ཡི་གདོང་༔ དྲིལ་བུ་གཡས་ལ་མེ་དཔུང་གཡོན༔ དཀར་སེར་དམར་དང་ལྗང་གུའི་མདོག༔ ཀུན་ཀྱང་འདོར་སྟབས་རུས་རྒྱན་ཅན༔ མེ་དཔུང་དམར་ནག་འབར་འཁྲིགས་ཀློང་༔ མེ་ལས་མེ་སྟག་འཕྲོ་བ་བཞིན༔ རང་འདྲའི་སྤྲུལ་པ་དཔག་མེད་འགྱེད༔ ཉོན་མོངས་རང་གཟུགས་བདུད་བཞི་གནོན༔ དེ་ལྟར་མཁའ་འགྲོ་མ་ཡི་ཚོགས༔ ཀུན་ཀྱང་རལ་པ་གསིག་པའི་གསེབ༔ གཞན་གྱིས་མི་ཐུབ་དྲག་ཤུལ་ཅན༔ རང་འདྲའི་མཁའ་འགྲོས་སྣང་སྲིད་ཁེངས༔ དེ་ལྟར་འབུམ་ཕྲག་མཁའ་འགྲོ་མའི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་རང་སྲོག་ལས༔ འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷའི༔ ཐུགས་དམ་རྒྱུད་བསྐུལ་མཁའ་འགྲོ་མའི༔ རྣམ་པར་གཟུགས་ཀྱི་སྐུར་བཞེངས་ཏེ༔ ཁ་བ་བབས་

p. 297

ལྟར་སྤྱན་དྲངས་ནས༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ བསྐྱེད་པའི་ལྷ་དང་གཉིས་མེད་གྱུར༔ [ཅེས་གསལ་གདབ།] [གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཁྱད་པར་གྱི་སྤོས་དང་ཐོད་རྔ་སོགས་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ།] ཧཱུྃ་ཧྲཱིཿ འོག་མིན་གནས་དང་མཁའ་སྤྱོད་གནས༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་མཁའ་འགྲོ་སེང་གེའི་གདོང་༔ གསང་བ་ཡེ་ཤེས་མཁའ་སྤྱོད་མ༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ ལས་དབང་མོ་དང་མནྡྷ་ར༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ ཡེ་ཤེས་དབྱིངས་སུ་ཐ་མི་དད༔ མ་ངེས་གང་འདུལ་ཐབས་དུ་མས༔ གདུལ་བྱ་གདུལ་དཀའ་འདུལ་མཛད་པའི༔ སྤྲུལ་དང་ཡང་སྤྲུལ་ཉིང་སྤྲུལ་དང་༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་ཚོགས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ སྒྲུབ་མཆོག་བྱིན་གྱིས་རློབ་པ་དང་༔ མཆོག་ཐུན་དངོས་གྲུབ་སྩོལ་བ་དང་༔ འཁོར་བ་དབྱིངས་སུ་སྒྲོལ་བའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་དབང་གིས་སྤྱན་འདྲེན་ནོ༔ བརྩེ་བའི་ཐུགས་ཀྱིས་གཤེགས་སུ་གསོལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས༔ ནམ་མཁར་སྐར་ཚོགས་ལྟར་འཁྲིགས་ཤིང་༔ བར་སྣང་སྤྲིན་ཕུང་བཞིན་འཐིབ་སྟེ༔ ས་གཞིར་ཆར་ཆེན་འབེབས་

p. 298

པ་བཞིན༔ སྒྱུ་འཕྲུལ་གར་གྱིས་གཤེགས་སུ་གསོལ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་བཾ་ཧ་རི་ནི་ས་ཛྙཱན་ས་མ་ཡ་ལོ་ཀ་ཌཱ་ཀི་ནི༔ ཨོཾ་བཛྲ་ས་མ་ཡ་ཛཿ ཨཱཿབཛྲ་ས་མ་ཡ་ཛཿ ཧཱུྃ་བཛྲ་ས་མ་ཡ་ཛཿ [ཞེས་སྤྱན་དྲངས།] [གསུམ་པ་བཞུགས་སུ་གསོལ་བ་ནི།] ཧཱུྃ་ཧྲཱིཿ གདོད་ནས་རང་རིག་ཆོས་ཀྱི་སྐུ༔ དམ་ཚིག་པ་དང་ཡེ་ཤེས་པ༔ གཉིས་མེད་ལྷུན་རྫོགས་རྡོ་རྗེའི་ངང་༔ འགྱུར་མེད་ཆོས་སྐུའི་ངོ་བོར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ [བཞི་པ་ཕྱག་འཚལ་བ་ནི།] ཧཱུྃ་ཧྲཱིཿ སྐྱེ་མེད་ཡེ་ཤེས་ཀུན་བཟང་མོ༔ འཁོར་འདས་དབང་བསྒྱུར་སེང་གེའི་གདོང་༔ ཕྱོགས་མེད་མཚོ་རྒྱལ་མནྡྷ་ར༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས༔ རང་ངོར་རིག་པས་བརྡ་ཕྱག་འཚལ༔ ན་མོ་པཱུ་རུ་ཤ་ཡ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ [ལྔ་པ་མཆོད་པ་འབུལ་བ་ལ། ཐུན་མོང་ཕྱི་ཉེར་སྤྱོད་འདོད་ཡོན་གྱི་མཆོད་པ་ནི།] ཧཱུྃ་ཧྲཱིཿ ངར་འཛིན་གདངས་ལས་སྐྱེས་པ་ཡི༔ གཟུང་བ་ཡུལ་གྱི་ཆོས་སོ་ཅོག༔ མཆོད་སྤྲིན་མི་ཟད་གཏེར་དུ་ཤར༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ༔ ཚོགས་གཉིས་རྫོགས་ཕྱིར་མཆོད་པ་འབུལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་བཱདྱཾ་[སོགས་]ཤཔྡཔཱུ་ཛ་ཧོཿརཱུ་པ་ཤཔྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཧོཿ [ནང་མཆོད་སྨན་རཀ་གཏོར་མ་འབུལ་བ་ནི།]

p. 299

ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་བྷནྡྷ་ཡངས་པའི་ནང་༔ རྩ་བརྒྱད་སྟོང་སྤྱར་སྨན་ཆེན་པོ༔ ཡེ་ཤེས་འོད་ཟེར་རླངས་པ་འཕྱུར༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འཁྲིགས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧིཿ ཧཱུྃ་ཧྲཱིཿ ཡེ་ཤེས་དབྱིངས་ཀྱི་བྷནྡྷ་རུ༔ འཁོར་བ་དབྱིངས་བསྒྲལ་རཀྟ་འཁྱིལ༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ ཧཱུྃ་ཧྲཱིཿ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ [གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་ནི།] ཧཱུྃ་ཧྲཱིཿ སྣང་བ་ཡབ་ལ་སྟོང་པ་ཡུམ༔ ཡབ་ཡུམ་སྦྱོར་བའི་བྱེད་ལས་ཀྱིས༔ བདེ་བའི་རོ་སྙོམས་མཆོད་པ་འབུལ༔ མི་བསྒྲལ་ཤུགས་ཀྱིས་སྒྲོལ་བ་ཆེ༔ འཁོར་བ་དབྱིངས་བསྒྲལ་ཤ་རུས་ཁྲག༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བོ་དྷི་ཙིཏྟ་ཏ་ན་ག་ན་གུ་ཧྱ་སརྦ་པཱུ་ཛ་ཧོཿ [ཞེས་མཆོད།] [དྲུག་པ་བསྟོད་པ་བྱ་བ་ནི།] ཧཱུྃ་ཧྲཱིཿ ཆོས་སྐུའི་དབྱིངས་ན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་དང་

p. 300

སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་པ་གར་གྱི་སྒྱུ་འཕྲུལ་ངོམས༔ གསང་ཆེན་མཁའ་འགྲོའི་དཀྱིལ་འཁོར་ལ༔ གཉིས་མེད་ཡིད་ཀྱིས་ཕྱག་འཚལ་བསྟོད༔ རབ་འབྱམས་རྒྱལ་བའི་ཡུམ་ཆེན་མོ༔ ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ༔ མ་གཅིག་གསང་བ་ཡེ་ཤེས་ཀྱི༔ སྐུ་ཡི་སྤྲུལ་པས་འཁོར་འདས་ཁྱབ༔ གསུང་གི་ང་རོས་ཁམས་གསུམ་དབང་༔ ཐུགས་ལས་རབ་འབྱམས་མཁའ་འགྲོ་འགྱེད༔ ཡོན་ཏན་སྤྲུལ་པས་ལོག་རྟོག་འདུལ༔ ཕྲིན་ལས་གར་གྱིས་འཁོར་བ་འཇོམས༔ རང་བྱུང་ཡེ་ཤེས་མཁའ་འགྲོ་མ༔ རང་ངོར་རིག་པས་ཕྱག་འཚལ་བསྟོད༔ ཆོས་སྐུ་ཡུམ་ཆེན་ངོ་བོ་ཉིད༔ ལོངས་སྐུ་མཁའ་འགྲོ་ཀུན་གྱི་གཞི༔ སྤྲུལ་སྐུ་མཁའ་འགྲོའི་སྤྱི་རྗེ་མོ༔ རང་སེམས་ཆོས་ཉིད་རོལ་པ་རུ༔ གནས་དག་ཡེ་རིག་སྟོང་གསལ་གྱི༔ གཞི་ལས་འཇིགས་མཛད་སེང་གེའི་གདོང་༔ མ་ངེས་སྤྲུལ་པའི་ཆོ་འཕྲུལ་གྱིས༔ ལ་ལ་བུད་མེད་རྒན་མོ་ལ༔ ལུས་པོ་སྔོ་ལ་གཉེར་མ་སྡུད༔ དབུ་སྐྲ་སེར་པོ་ལྟག་པར་བཅིང་༔ ཁ་ན་སོ་མེད་ཧ་ཧ་སྒྲོགས༔ མིག་གཉིས་བགྲད་ཅིང་ཁ་མཆུ་བརྡབ༔ རྐང་པ་ས་ལ་ཁྱོར་ཞིང་འགྲོ༔ ལག་ན་རྦ་ཡི་དབྱུག་པ་ཐོགས༔ ལ་ལ་བུད་མེད་གཞོན་ནུ་མ༔ མཛེས་ཤིང་ཡིད་འོང་ཀུན་ཏུ་རྒྱུ༔ གཟུགས་མཛེས་ངོམས་

p. 301

ཤིང་སྙན་པའི་སྒྲས༔ སྐྱེ་བོའི་ཚོགས་ཀྱི་བློ་ཡིད་འགུགས༔ ལ་ལ་སྔོ་སངས་ནམ་མཁའི་མདོག༔ སྒྲུབ་ལ་དགའ་ཞིང་མཐུན་རྐྱེན་བསྒྲུབ༔ ལ་ལ་ཤ་ཟ་མཆེ་གཙིགས་མ༔ རང་གི་ཁྱོ་ཡི་ཤ་ལ་ཟ༔ དེ་འདྲའི་སྣ་ཚོགས་སྤྱོད་པ་སྤྱོད༔ སྐལ་ལྡན་རྣམས་ལ་བརྡ་ཆོས་སྟོན༔ སྐལ་མེད་རྣམས་ལ་ཆད་པ་གཅོད༔ ཅིང་ཤེས་ཅིང་བྱེད་མཁའ་འགྲོའི་ཚོགས༔ དེ་དག་གང་དང་གང་ལས་སྐྱེས༔ མཁའ་འགྲོའི་གཙོ་མོ་ཁྱོད་ཀྱི་འཕྲུལ༔ ཐབས་རྣམས་དུ་མས་སྟོང་ཉིད་ཀྱི༔ དབྱིངས་སུ་སྦྱོར་བའི་མ་མ་ཆེ༔ མ་ཆེན་ཁྱོད་ལ་བདག་བསྟོད་དོ༔ ཁྱོད་ཉིད་དབྱིངས་ལས་མ་གཡོས་ཀྱང་༔ བདག་ཅག་འཁྲུལ་པ་མངོན་ཞེན་གྱིས༔ འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ༔ ཐུགས་དམ་བསྐུལ་ལོ་དུས་ལ་བབ༔ མཆོག་ཐུན་དངོས་གྲུབ་སྩོལ་བ་དང་༔ གཏན་བདེའི་ས་ལ་ད་དྲོངས་ཤིག༔ བསྟོད་ཅིང་ཕྲིན་ལས་བཅོལ་བ་འདིས༔ སྣོད་མེད་ལོག་ལྟའི་དབང་གྱུར་པའི༔ འཁྲུལ་པའི་སེམས་ཅན་ཐམས་ཅད་ཀུན༔ ཚེ་འདིར་འཇིགས་དང་སྡུག་བསྔལ་ལས༔ སྒྲོལ་ནས་དག་པ་མཁའ་སྤྱོད་དུ༔ འདྲོངས་པའི་ཨ་མ་སྟོབས་ལྡན་ཁྱོད༔ མ་གཡེལ་མ་འགྱངས་གཅེས་པའི་བུ༔ ཐུགས་རྗེས་ཟུངས་ཤིག་ཐུགས་དམ་བསྐུལ༔ དུས་ལ་བབ་བོ་མ་གཡེལ་ཅིག༔

p. 302

ཁྱོད་ཀྱི་ཡོན་ཏན་ཡོངས་རྫོགས་ཀྱི༔ ཚུལ་དྲན་བསྟོད་པ་བྱས་པ་འདིར༔ དགོངས་ལ་བསམ་དོན་ཡོངས་གྲུབ་མཛོད༔ ལུས་ཀྱིས་བསྟོད་དོ་ཕྱག་ཀྱང་འཚལ༔ ངག་གིས་བསྟོད་དོ་གླུ་དབྱངས་སྒྲོགས༔ སེམས་ཀྱིས་བསྟོད་དོ་ཡོན་ཏན་དྲན༔ སྐུ་གསུང་ཐུགས་ཀྱི་བསྟོད་པ་འདིས༔ མཁའ་འགྲོ་མཉེས་ཤིང་དངོས་གྲུབ་སྩོལ༔ མ་དག་སྒོ་གསུམ་རྡོ་རྗེ་གསུམ༔ རོལ་པ་ཆེན་པོར་བྱིན་གྱིས་རློབས༔ [ཞེས་བསྟོད།][བདུན་པ་བཤགས་པ་བྱ་བ་ནི།] ཧོཿ འཁོར་འདས་སྤྱི་དཔལ་ཆེན་མོ་དགོངས༔ བདག་ནི་ཚེ་རབས་ཐོག་མེད་ནས༔ མ་རིག་ཉོན་ཤེས་དབང་གྱུར་ཏེ༔ སྒོ་གསུམ་འཁོར་བར་འཆོལ་བ་ཀུན༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་ནས་ཀྱང་༔ རྡོ་རྗེ་འཛིན་པའི་ས་རུ་སྐྱོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་[སོགས་ཡི་གེ་བརྒྱ་པ་བཟླའོ། །][བརྒྱད་པ་ཛ་པྲ་བཟླ་བ་ལ་གསུམ་ལས། དང་པོ་བསྙེན་པ་ནི།] ཧཱུྃ་ཧྲཱི༔ སྒོ་གསུམ་གནས་དག་ཡེ་ཤེས་མཁའ་འགྲོ་རུ༔ རྣམ་པར་སྨིན་པའི་ཡེ་ཤེས་མཁའ་འགྲོ་མ༔ ལྗང་གསལ་གྲི་ཐོད་འཛིན་མའི་ཐུགས་ཀློང་དུ༔ ཀུན་ཏུ་བཟང་མོ་མཐིང་ནག་སྐྱིལ་ཀྲུང་བཞུགས༔ གཅེར་བུ་རྒྱན་མེད་མཉམ་གཞག་འོད་ཕུང་འབར༔ དེ་ཡི་ཐུགས་ཀར་ཉི་ཟླའི་གྭའུ་རུ༔ དྭངས་མ་ལྔ་ལྡན་ཐིག་ལེ་གསལ་འཚེར་ཀློང་༔ ཧཱུྃ་ཡིག་ལྗང་

p. 303

གསལ་མཐའ་མར་སྔགས་གཡོན་འཁོར༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད་པས་མཉེས༔ མཁྱེན་བརྩེ་ནུས་པའི་ཐུགས་རྗེ་བྱིན་རླབས་དང་༔ དབང་དང་དངོས་གྲུབ་འོད་ཟེར་ཚུར་འདུས་ཏེ༔ རང་ཉིད་ཡེ་ཤེས་མཁའ་འགྲོའི་ཐུགས་ཀར་ཐིམ༔ མར་འཕྲོས་འགྲོ་བའི་རྒྱུད་སྦྱངས་ཚེ་བསོད་ནམས༔ འོད་ཀྱི་རྣམ་པར་བསྡུས་ཏེ་རང་ལ་ཐིམ༔ གཟི་བྱིན་རབ་འབར་ནུས་པ་རྩལ་ལྡན་གྱིས༔ འཁོར་འདས་ཡོངས་ལ་དབང་བསྒྱུར་དབང་ཐོབ་ཅིང་༔ སྐུ་གསུམ་ཡེ་ཤེས་མཉམ་སྦྱོར་བདེ་ཆེན་ཀློང་༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཱུྃ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཕཊ༔ [ཞེས་བཟླ།] [གཉིས་པ་སྒྲུབ་པ་ནི།] ཧཱུྃ་ཧྲཱིཿ གཞི་དབྱིངས་རང་ངོར་སངས་པའི་ཆོས་སྐུར་འཕོས༔ དབྱིངས་ལས་མ་གཡོས་གཟུགས་ཀྱི་སྐུར་བཞེངས་པ༔ ལོངས་སྤྱོད་རྫོགས་སྐུ་སེང་གེའི་གདོང་ཅན་མའི༔ རོལ་པའི་གར་གྱིས་རྩལ་སྣང་སྒྱུ་མའི་འཕྲུལ༔ སོ་སོའི་ཐུགས་ཀར་རང་སྲོག་ཡིག་ལ༔ སྔགས་ཕྲེང་གཡོན་དུ་འཁོར་བའི་འོད་ཟེར་གྱིས༔ རིགས་དང་དཀྱིལ་འཁོར་རྒྱལ་བ་སྲས་བཅས་པ༔ མ་ལུས་ཡེ་ཤེས་མཁའ་འགྲོའི་རྣམ་པ་རུ༔ མཚོ་ལ་ཁ་ཆར་བབས་པ་ཇི་བཞིན་དུ༔ དབྱིངས་ལས་སྐུར་བཞེངས་བདག་མདུན་རྣམས་ལ་ཐིམ༔ སྣང་གྲགས་རིག་

p. 304

གསུམ་ལྷ་སྔགས་ཆོས་ཉིད་དང་༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཿརིཿནིཿསཿཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ [ཞེས་བསྙེན་སྒྲུབ་ཀྱི་འགྲོས་དང་སྦྱར་ཏེ་བཟླ།] [གསུམ་པ་ལས་སྦྱོར་ལ་གཉིས་ལས། དང་པོ་བདག་བསྲུང་བ་ནི།] རང་ཉིད་ཡེ་ཤེས་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་ཐུགས་ཀར་ཕོག༔ དེ་དག་གི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་གཟི་བརྗིད་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས༔ ཕྲིན་ལས་རབ་འབྱམས་ཐམས་ཅད་ལ་མངའ་དབང་རྫོགས་པའི་མཐུ་དང་ནུས་པའི་དབང་བསྐུར་ཞིང་རྒྱས་གདབ་པར་[བསམ་ལ། རྩ་སྔགས་ཅུང་ཟད་བཟླས་མཐར།] བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་དང་འོད་ཕུང་ཆབ་གཅིག་ཏུ་འཕྲོས་ཏེ་སྲུང་བའི་འཁོར་ལོ་ཡེ་ཤེས་ལྔའི་རང་བཞིན་ཅན་ཕྱི་འཁོར་ལོ་རྩིབས་སྟོང་གི་རྣམ་པ་ལ༔ ནང་གཞལ་ཡས་ཁང་ཚད་དང་མཚན་ཉིད་རྫོགས་པའི་དབུས་སུ་བདག་དང་བསྲུང་བྱ་ཐམས་ཅད་སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོའི་རོལ་པར་དམིགས་ལ། ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧ་རི་ནི་

p. 305

སཿཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ [ཞེས་བཟླ།] [གཉིས་པ་བཟློག་པ་ནི།] སྲུང་འཁོར་གྱི་ཕྱི་རོལ་དུ་ཟློག་པའི་འཁོར་ལོ་ནང་འོག་ཐམས་ཅད་རྡོ་རྗེའི་ས་གཞི༔ ཕྱི་ཁྱམས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་གཡོན་དུ་འཁོར་བས་སྲུང་ཟློག་གི་འཁོར་ལོ་སོ་འཐབ་པའི་བར་ནས་གནོད་བྱེད་ཕོ་གདོན་མོ་གདོན་ཀླུ་གདོན་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་ཐམས་ཅད་དམར་ཉི་ལི་ལི་གཏུབ་ཅིང་འཐག་སྟེ༔ ལས་མཁན་ཤ་ཟ་སྲིན་མོ་རྣམས་ཀྱིས་ཧབ་ཧབ་ཟ་ཞིང་༔ མེ་དཔུང་འབར་བས་བསྲེགས༔ མཆོན་ཆ་དང་ཐུན་རྫས་སྣ་ཚོགས་ཀྱིས་གཏུབ༔ སྤུ་གྲིའི་རླུང་གིས་གཏོར་ཏེ་མཐའི་རྒྱ་མཚོའི་ཕ་མཐའ་ལྕགས་རི་ནག་པོའི་རྒྱབ་ཏུ་བསྐྲད་ནས་རྗེས་ལྷག་ཙམ་ཡང་མེད་པར་བསྒོམ་ལ། ཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་བྷྱོ་ཟློག [ཅེས་ཅི་མང་བཟླས་མཐར།] བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ཐུགས་ཀ་ནས་ལས་བྱེད་ཀྱི་ཁྲོ་མོ་ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ་བྱེ་བ་འབུམ་སྡེ༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར་མོ་བྱེ་བ་འབུམ་སྡེ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ་བྱེ་བ་འབུམ་སྡེ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ་བྱེ་བ་འབུམ་སྡེ༔ སྟེང་འོག་དང་མཚམས་བཞིར་

p. 306

སངས་རྒྱས་མཁའ་འགྲོ་མཐིང་ནག་བྱེ་བ་འབུམ་གྱི་སྡེ་རྣམས་སྤྲོས་ཏེ༔ ཀུན་ཀྱང་སྐུ་རྔམ་བརྗིད་འཇིགས་པའི་ཆ་ལུགས་ཅན་མི་ལྤགས་ཀྱི་གཡང་གཞི་སྟོད་དུ་ཀླུབས་པ༔ གླང་ཆེན་གྱི་ཀོ་རློན་རྐེད་པར་བགོས་པ༔ སྟག་ལྤགས་རློན་པའི་ཤམ་ཐབས་སྨད་དུ་གསོལ་བ༔ སེང་གེའི་གདོང་པ་ཅན་སེང་སྐད་ཀྱིས་ས་གསུམ་གཡོ་བ༔ མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ༔ མེ་དཔུང་དང་ཐུན་མཚོན་གྱི་ཚྭ་ཚྭ་འཕྲོ་བ་ཤ་སྟག་གི་ལག་གཡས་ཟླ་བའི་དཀྱིལ་འཁོར་ངང་སྒ་ར་ར་གཡས་སུ་འཁོར་བ༔ གཡོན་ཉི་མའི་དཀྱིལ་འཁོར་དམར་སྒ་ར་ར་གཡོན་དུ་འཁོར་བའི་ཐལ་མོ་གཉིས་གནམ་ས་ཁེབས་པ་ཙམ་ཁ་བརྡབ་པའི་བར་དུ་གནོད་བྱེད་ཐམས་ཅད་ཐལ་རྡུལ་འཐག་པ་བཞིན་རྗེས་ཤུལ་མེད་པར་བརླག་པར་གྱུར༔ ན་མོ༔ རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན༴ བདག་ཉིད་ཡེ་ཤེས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཀྱི་བཀའ༴ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་༴ ཀུན་རྫོབ་བསླུ་བ་

p. 307

མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་བྱད་ཁ་ཕུར་ཁ་མནན་གཏད་འཁོར་ལོ་སྦྱིན་སྲེག་ངན་སྔགས་རྒོལ་བ་ངན་པ་ཐམས་ཅད་དང་༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་བྱད་ལས་སྦྱོར་མཁན་དང་སྡང་དགྲ་གནོད་བྱེད་ཀྱི་སྟེང་དུ་བསྒྱུར་ཅིག༔ བཟློག་པར་གྱུར་ཅིག༔ བརླག་པར་གྱུར་ཅིག༔ བསྣུབ་པར་གྱུར་ཅིག༔ མཱ་ར་ཡ་བྷྱོ་བྷྱོ༔ མཱ་ར་ཡ་ཟློག་ཟློག༔ ཨེ་ས་མ་ཡ་བྷྱོ་ཟློག་རྦད་ནན༔ ཞེས་བརྗོད་ཅིང་ཐལ་མོ་བརྡབ༔ [བཟླས་པའི་མཐར་མཆོད་བསྟོད་འབུལ་བ་ནི།] ཧཱུྃ་ཧྲཱིཿ ངར་འཛིན་གདངས་ལས་སྐྱེས་པ་ཡི༔ གཟུང་བ་ཡུལ་གྱི་ཆོས་སོ་ཅོག༔ མཆོད་སྤྲིན་མི་ཟད་གཏེར་དུ་ཤར༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ༔ ཚོགས་གཉིས་རྫོགས་ཕྱིར་མཆོད་པ་འབུལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་[སོགས།] ཤཔྡ་རཱུ་པ་ཤཔྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་སརྦ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ ཆོས་སྐུའི་དབྱིངས་ན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་པ་གར་གྱི་སྒྱུ་འཕྲུལ་ངོམས༔ གསང་ཆེན་མཁའ་འགྲོའི་དཀྱིལ་

p. 308

འཁོར་ལ༔ གཉིས་མེད་ཡིད་ཀྱིས་ཕྱག་འཚལ་བསྟོད༔ [ཅེས་མཆོད་བསྟོད་བྱ། དེ་དག་ནི་དངོས་གཞིའི་རིམ་པའོ། །][གསུམ་པ་རྗེས་ཀྱི་ལས་རིམ་ལ་བརྒྱད་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་ཀྱི་དམ་རྫས་བཟའ་བཅའ་བཏུང་བའི་དངོས་པོ་ཅི་འབྱོར་བ་བཤམ་ལ། བདུད་རྩིས་བྲན་ཅིང༌།] ཨོཾ་སརྦ་དྲ་བྱཾ་ཤྭ་དྷ་ནི་ཧཱུྃ་ཕཊ༔ [ཅེས་བསངས།] རཾ༔ རཾ་གིས་དངོས་འཛིན་དྲི་མ་སྦྱངས༔ ཡཾ༔ ཡཾ་གིས་མི་གཙང་འབག་རྩོག་གཏོར༔ ཁཾ༔ ཁཾ་གིས་བག་ཆགས་ཐམས་ཅད་བཀྲུས༔ རཾ་ཡཾ་ཁཾ༔ ཨ་ལས་བྷནྡྷ་ཡངས་པའི་ནང་༔ ཨོཾ་ཨཱཿཧཱུྃ་ལས་མཆོད་པའི་སྤྲིན༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་གྱུར༔ སྣང་སྲིད་ཚོགས་ཀྱི་འཁོར་ལོར་བཤམས༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ འདོད་དགུར་འཆར་བའི་ལོངས་སྤྱོད་གཏེར༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ བདེ་སྟོང་ཟག་མེད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཡེ་སྭཱ་ཧཱ༔ [ཚོགས་ཞིང་སྤྱན་འདྲེན་པ་ནི།] ཧཱུྃ་ཧྲཱིཿ ཀུན་ཁྱབ་གདལ་བ་འོག་མིན་གནས༔ སྐྱེ་མེད་ཆོས་སྐུའི་གཞལ་ཡས་ཁང་༔ རང་བཞིན་རྣམ་དག་དགའ་བདེའི་གནས༔ འགགས་མེད་ལོངས་སྤྱོད་རྫོགས་སྐུའི་ཞིང་༔ མི་མཇེད་ཞིང་ཁམས་བྱེ་ཕྲག་བརྒྱ༔ དག་པ་མཁའ་སྤྱོད་གནས་མཆོག་སོགས༔ སྐུ་གསུམ་རྒྱལ་བ་བཞུགས་པའི་གནས༔ རང་སྣང་དོན་གྱི་

p. 309

འོག་མིན་ནས༔ རྒྱལ་དང་རྒྱལ་སྲས་སྒྱུ་འཕྲུལ་ཚོགས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ དབྱིངས་ལས་སྐུར་བཞེངས་དུས་ལ་བབ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཆོས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་བསམ་ཡས་འགྱེད༔ ལོངས་སྐུའི་མཁའ་འགྲོ་སེང་གེའི་གདོང་༔ ལོངས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན༴ རྔ་ཡབ་ཟ་བྱེད་སྲིན་པོའི་ཡུལ༔ དཔའ་བོ་མཁའ་འགྲོའི་འདུ་གླིང་ནས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན༴ མངོན་པར་དགའ་བའི་ཞིང་ཁམས་ནས༔ མེ་ལོང་ཡེ་ཤེས་རང་མདངས་ལས༔ ཤར་ཕྱོགས་རྡོ་རྗེ་སེང་གདོང་མ༔ དཀར་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན༴ དཔལ་དང་ལྡན་པའི་ཞིང་ཁམས་ནས༔ མཉམ་ཉིད་ཡེ་ཤེས་རང་མདངས་ལས༔ ལྷོ་ཕྱོགས་རིན་ཆེན་སེང་གདོང་མ༔ སེར་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན༴ བདེ་བ་ཅན་

p. 310

གྱི་ཞིང་ཁམས་ནས༔ སོར་རྟོག་ཡེ་ཤེས་རང་མདངས་ལས༔ ནུབ་ཕྱོགས་པདྨ་སེང་གདོང་མ༔ དམར་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན༴ ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བྱ་གྲུབ་ཡེ་ཤེས་རང་མདངས་ལས༔ བྱང་ཕྱོགས་ཀརྨ་སེང་གེ་གདོང་མ༔ ལྗང་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན༔ གཞན་ཡང་དུར་ཁྲོད་གནས་ཡུལ་བདག༔ ཀུན་ཏུ་བཟང་མོའི་རོལ་པའི་གར༔ མ་ཚོགས་མཁའ་འགྲོ་རྒྱ་མཚོར་བཅས༔ ཚོགས་ལ་སྤྱན་འདྲེན༴ སྒྲུབ་མཆོག་བུ་ལ་དབང་བསྐུར་ཅིག༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ སྒྲུབ་ཁང་འདི་ལ་བྱིན་ཕོབ་ཅིག༔ འོག་མིན་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་རྫས་རྣམས་ལ་མདངས་ཕྱུངས་ཤིག༔ ཚོགས་རྫས་བདུད་རྩིའི་རྒྱ་མཚོ་རུ༔ བསྒྱུར་མཛོད་ཡེ་ཤེས་མཁའ་འགྲོའི་ཚོགས༔ བཛྲ་ས་མ་ཡ་ཛ་ཛཿ [ཞེས་སྤྱན་དྲངས་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི།] ཧཱུྃ་ཧྲཱིཿ བླ་མ་རིག་འཛིན་རྒྱ་མཚོ་དང་༔ ཡི་དམ་དཔའ་བོ་དཔའ་མོ་དང་༔ མ་ཚོགས་ཡེ་ཤེས་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་

p. 311

ཁཱ་ཧི༔ [འདིར་སྤྲོ་ན་ཐུགས་དམ་བསྐང་བའི་རིམ་པ་གཞན་ཡང་བྱའོ། །ཆ་བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི།] ཧཱུྃ་ཧྲཱིཿ འདས་དང་མ་འོངས་ད་ལྟ་རུ༔ བསགས་པའི་ལས་ཉོན་བག་ཆགས་དང་༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ༔ ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔ ཨོཾ་ག་ཎ་ཙཀྲ་ས་ཏྭ་ས་མ་ཡ་[སོགས་ཡི་གེ་བརྒྱ་པ་ཚར་བར་བརྗོད། ཆ་ཐ་མ་བསྒྲལ་ཞིང་བསྟབ་པ་ནི། ལིངྒ་ལོགས་སུ་བཅུས་པའམ་ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གིས་རང་ལ་བསྡུས་ནས༔] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན༴ ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཁྱད་པར་བདུད་འདུལ་ཡེ་ཤེས་མཁའ་འགྲོ་སེང་ཧ་མུ་ཁའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ་ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་

p. 312

གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ[ཞེས་བདེན་སྟོབས་ཀྱིས་བཀུག་ལ།] ཧཱུྃ་ཧྲཱིཿ ང་ནི་ཡེ་ཤེས་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དྲག་མོའི་སྐུ༔ སྤྱི་དཔལ་ཆེན་མོ་སེང་གེའི་གདོང་༔ སྤྲུལ་པ་ཡེ་ཤེས་སྒྱུ་མའི་འཕྲུལ༔ ཕྲིན་ལས་ཐོག་མེད་དགྲ་བགེགས་འདུལ༔ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་འགྱེད༔ ཛཿལས་མཁའ་འགྲོ་ལྕགས་ཀྱུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ ཧཱུྃཿལས་མཁའ་འགྲོ་ཞགས་པ་མ༔ གཅིག་ལས་བརྒྱ་སྟོང་༴ ཁྱེད་ཀྱི་ཐུགས་དམ༴ གདུག་ཅིང་སྡང་སེམས༴ ཆིངས་ཤིག་རཏྣ་པཱ་ཤ་ཧཱུྃ༔ བཾཿལས་མཁའ་འགྲོ་ལྕགས་སྒྲོག་མ༔ གཅིག་ལས༴ ཁྱེད་ཀྱི༴ གདུག་ཅིང་༴ སྡོམ་ཞིག་པདྨ་སྥོ་ཊ་བཾཿ ཧོཿལས་མཁའ་འགྲོ་དྲིལ་བུ་མ༔ གཅིག་ལས༴ ཁྱེད་ཀྱི༴ གདུག་ཅིང་༴ ཕོབ་ཅིག་ཀརྨ་གཎྜེ་ཧོཿ [ཞེས་དགུག་འཆིང་སྡོམ་མྱོས་ཀྱི་ལས་བསྐུལ། ཕུར་བུ་ཐོགས་ལ།] ཧཱུྃ༔ ང་ནི་གསང་བ་

p. 313

ཡེ་ཤེས་མ༔ དྲག་ཁྲོས་བདུད་འདུལ་སེང་གེའི་གདོང་༔ ཕྲིན་ལས་རོལ་གར་གློག་ལྟར་འཁྱུགས༔ གསོད་བྱེད་མཁའ་འགྲོ་ལས་ལ་འགྱེད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བྱད་ཕུར་རྦོད་གཏོང་དབྱེ་རྨོངས་སོགས༔ དྲག་སྔགས་ལས་སྦྱོར་ཕྲ་མ་མཁན༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ སོད་ཅིག་ཐུལ་ཞིག་ཕྱེ་མར་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་གུ་ཧྱ་ཛྙཱ་ན་སེང་ཧ་མུ་ཁ་ཧ་རི་ནི་ས་ར་ཙ་ཧྲིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿ དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཚལ་པར་རྦད༔ དུམ་བུར་རྦད་ཧཱུྃ་ཕཊ༔ [ཅེས་བསྒྲལ་བའི་སྙིགས་མ་བདུད་རྩིར་སྦར་ལ།] ཧཱུྃ་ཧྲཱིཿ དུག་གསུམ་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་ཕུང་པོར་བཅས༔ ཡེ་ཤེས་མཁའ་འགྲོའི་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཞིག་ལྷག་མེད་ཐོང་༔ མ་མ་ཧྲཱིཾ་ཧྲཱིཾ་དགྲ་བགེགས་བྱད་མའི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི༔ [ཞེས་བསྟབ། དེ་ནས་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་ཚོགས་རྫས་རྣམས་སློབ་དཔོན་ལ་ཕྱོགས་པས་བཟུང་སྟེ།] ཀྱེ་ཧོཿ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ འདོད་ཡོན་ཚོགས་འཁོར་དམ་པ་འདི༔ གཙང་དང་རྨེ་བ་གཉིས་འཛིན་བྲལ༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ [ཞེས་དྲངས། སློབ་དཔོན་གྱིས་

p. 314

པདྨའི་ཕྱག་རྒྱ་གཡས་སུ་བསྐོར་ཞིང༌།] ཧོཿ རྡོ་རྗེ་མཆེད་དང་ལྕམ་དྲལ་དགོངས༔ ཚོགས་འཁོར་འདོད་ཡོན་གསང་སྔགས་རྫས༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་༔ ཚོགས་ཀྱི་དགའ་སྟོན་ལོངས་སྤྱོད་རོལ༔ ག་ཎ་ཙཀྲ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ [འདུས་པ་རྣམས་ལ་བྲིམས་ཏེ།] ཨེ་མ༔ གསང་ཆེན་ཐེག་པ་ཆེན་པོའི་རྫས༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་དེ༔ དོན་ལ་དངོས་འཛིན་མི་མངའ་ཡང་༔ ཐེག་ཆེན་ཐབས་ཀྱི་ཚུལ་དུ་རོལ༔ ཨ་ལ་ལ་ཧོཿ [ཞེས་ནང་གི་སྦྱིན་སྲེག་མངོན་དུ་བྱས་ནས་ཚིམས་པར་ལོངས་སྤྱད། དེ་ནས་ལྷག་མ་ཕྱོགས་གཅིག་ཏུ་བསྡུས་ཤིང་ཕུད་ལྷག་བསྲེས་པ་ལ་དམ་ཚིག་གི་ཁ་ཕྲུ་བཏབ་ཅིང༌།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས།] ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ [ཞེས་དང་བཤུགས་པའི་སྒྲ་དྲག་པོས་སྤྱན་དྲངས་ཏེ།] ཧཱུྃ་བྷྱོཿ ལྷག་ལ་དབང་བ་མ་མོའི་ཚོགས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླང་དམ་བཅས་ཇི་བཞིན་དུ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ བྷྱོཿ ཤར་ནས་ཞི་བའི་ལས་མཛད་མ༔ དབང་ཕྱུག་མ་བདུན་འཁོར་དང་བཅས༔ མགོ་བརྙན་རྣམ་འགྱུར་ཅིར་ཡང་སྟོན༔ ཟས་སུ་ཞིང་བཅུའི་ཤ་ལ་ཟ༔ སྐོམ་དུ་ཉམས་

p. 315

པའི་ཁྲག་ལ་འཐུང་༔ གོས་སུ་མི་ལྤགས་རློན་པ་གསོལ༔ སྣ་ཚོགས་གར་གྱིས་ནམ་མཁར་འགྲོ༔ ལས་སུ་དཀྱིལ་འཁོར་མཐའ་འཛིན་སྐྱོང་༔ མ་འཁོར་དང་བཅས་པ་འདིར་གཤེགས་ཤིག༔ འདོད་ཡོན་ལྷག་མའི་ལོངས་སྤྱོད་རོལ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་ཇི་བཞིན་ཕྲིན་ལས་མཛོད༔ བྷྱོཿ ལྷོ་ནས་རྒྱས་པའི་ལས་མཛད་མ༔ དབང་ཕྱུག་མ་བདུན་འཁོར་དང་བཅས༔ མགོ་བརྙན་རྣམ་འགྱུར་[སོགས་འགྲེ།] བྷྱོཿ ནུབ་ནས་དབང་གི་ལས་མཛད་མ༔ དབང་ཕྱུག་མ་བདུན་འཁོར་དང་བཅས༔ མགོ་བརྙན་[སོགས་འགྲེ།] བྷྱོཿ བྱང་ནས་དྲག་པོའི་ལས་མཛད་མ༔ དབང་ཕྱུག་མ་བདུན་འཁོར་དང་བཅས༔ མགོ་བརྙན་[སོགས་ནས།] ཁས་བླངས་ཇི་བཞིན་ཕྲིན་ལས་མཛོད༔ མཿབྷྱོཿ ཛཿཧྲཱིཾཿ་ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ [ཞེས་རོལ་མོ་དང་བཅས་ཕྱི་རོལ་དུ་བསྐྱལ་ལོ། །][གཉིས་པ་ཐུགས་དམ་བསྐུལ་བ་ནི།] ཧཱུྃ་བྷྱོཿ ཞིང་གི་མཆོག་གྱུར་འོག་མིན་ཞིང་༔ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ ལོངས་སྐུའི་

p. 316

མཁའ་འགྲོ་སེང་གེའི་གདོང་༔ དྲག་ཁྲོས་རྔམས་པའི༴ མངོན་སྤྱོད་མཛད་པའི༴ གླིང་གི་མཆོག་གྱུར་རྔ་ཡབ་གླིང་༔ དཔལ་རི་མཁའ་འགྲོ་འདུ་གླིང་ནས༔ སྤྲུལ་སྐུ་མཚོ་རྒྱལ་མནྡྷྲ་ར༔ དྲག་ཁྲོས༴ མངོན་སྤྱོད༴ ཧཱུྃ༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ མེ་ལོང་ཡེ་ཤེས་གཞལ་ཡས་ནས༔ རྡོ་རྗེ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴ མངོན་སྤྱོད༴ ཧཱུྃ༔ དཔལ་དང་ལྡན་པའི་ཞིང་ཁམས་སུ༔ མཉམ་ཉིད་ཡེ་ཤེས་གཞལ་ཡས་ནས༔ རིན་ཆེན་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴ མངོན་སྤྱོད༴ ཧཱུྃ༔ བདེ་བ་ཆེན་པོའི་ཞིང་ཁམས་སུ༔ སོར་རྟོག་ཡེ་ཤེས་གཞལ་ཡས་ནས༔ པདྨ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴ མངོན་སྤྱོད༴ ཧཱུྃ༔ ལས་རབ་རྫོགས་པའི་ཞིང་ཁམས་སུ༔ བྱ་གྲུབ་ཡེ་ཤེས་གཞལ་ཡས་ནས༔ ཀརྨ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴ མངོན་སྤྱོད༴ བྷྱོ༔ ཤར་ཕྱོགས་རབ་འཇིགས་དུར་ཁྲོད་ནས༔ དཀར་མོ་ཁྱུང་གདོང་སྐུ་བཞེངས་ཤིག༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ལྷོ་ཕྱོགས་གད་རྒྱང་དུར་ཁྲོད་

p. 317

ནས༔ མཁའ་འགྲོ་སེར་མོ་སྡིག་པའི་གདོང་༔ བཞེངས་ཤིག༴ བསྐུལ་ལོ༴ མངོན་སྤྱོད༴ བྷྱོ༔ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ མཁའ་འགྲོ་དམར་མོ་འཕར་གདོང་མ༔ བཞེངས་ཤིག༴ བསྐུལ་ལོ༴ མངོན་སྤྱོད༴ བྷྱོ༔ བྱང་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ མཁའ་འགྲོ་ལྗང་མོ་ཁྱི་གདོང་མ༔ བཞེངས་ཤིག༴ བསྐུལ་ལོ༴ མངོན་སྤྱོད༴ བྷྱོ༔ ཤར་ལྷོ་མེ་འབར་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་ཀུན་གཙོ་མོ༔ འུག་གདོང་དམར་ནག་སྐུ་བཞེངས་ཤིག༔ བཞེངས་ཤིག༴ བསྐུལ་ལོ༴ མངོན་སྤྱོད༴ བྷྱོ༔ ལྷོ་ནུབ་རི་བསྙིལ་དུར་ཁྲོད་ནས༔ ཐམས་ཅད་མཁའ་འགྲོ་ཀུན་གཙོ་མོ༔ ཁྭ་གདོང་སེར་ནག་སྐུ་བཞེངས་ཤིག༔ བཞེངས་ཤིག༴ བསྐུལ་ལོ༴ མངོན་སྤྱོད༴ བྷྱོ༔ ནུབ་བྱང་ཁྲག་མཚོ་དུར་ཁྲོད་ནས༔ ཤ་ཟ་མཁའ་འགྲོ་ཀུན་གཙོ་མོ༔ དུར་བྱའི་གདོང་ཅན་སྐུ་བཞེངས་ཤིག༔ བཞེངས་ཤིག༴ བསྐུལ་ལོ༴ མངོན་སྤྱོད༴ བྷྱོ༔ བྱང་ཤར་རླུང་གཡོས་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་ཀུན་གཙོ་མོ༔ མཐིང་ནག་སྦྲུལ་གདོང་སྐུ་བཞེངས་ཤིག༔ བཞེངས་ཤིག༴ བསྐུལ་

p. 318

ལོ༴ མངོན་སྤྱོད༴ ཛཿ དཀར་གསལ་འོད་ཐིག་ཟླུམ་འཁྱིལ་དབུས༔ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ ཤར་སྒོའི་མཁའ་འགྲོ་ལྕགས་ཀྱུ་མ༔ དྲག་ཁྲོས་རྔམས་པའི་སྐུ་བཞེངས་ཤིག༔ མངོན་སྤྱོད༴ ཧཱུྃ༔ སེར་གསལ་འོད་ཐིག་གྲུ་བཞིའི་དབུས༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ ལྷོ་སྒོའི་མཁའ་འགྲོ་ཞགས་པ་མ༔ དྲག་ཁྲོས༴ མངོན་སྤྱོད༴ བཾཿ དམར་གསལ་འོད་ཐིག་ཟླ་གམ་དབུས༔ དགའ་བ་ཚད་མེད་དབང་གི་སྐུ༔ ནུབ་སྒོའི་མཁའ་འགྲོ་ལྕགས་སྒྲོག་མ༔ དྲག་ཁྲོས༴ མངོན་སྤྱོད༴ ཧོཿ ལྗང་གསལ་འོད་ཐིག་གྲུ་གསུམ་དབུས༔ བཏང་སྙོམས་ཚད་མེད་དྲག་པོའི་སྐུ༔ བྱང་སྒོའི་མཁའ་འགྲོ་དྲིལ་བུ་མ༔ དྲག་ཁྲོས༴ མངོན་སྤྱོད༴ བྷྱོ༔ ཁྱབ་གདལ་ཆོས་དབྱིངས་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་རོལ་པ་ལས༔ མཁའ་སྤྱོད་དུར་ཁྲོད་གནས་ཡུལ་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ནས༔ མ་ངེས་གཟུགས་ངོམས་ཆོ་འཕྲུལ་སྟོན༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ རབ་འབྱམས་མ་མོ་མཁའ་འགྲོའི་ཚོགས༔ དབྱིངས་ནས་བཞེངས་ཤིག་ཐུགས་དམ་བསྐུལ༔ དོ་ནུབ་བརྣག་པའི་ལས་ལ་བསྐུལ༔ དོ་ནུབ་རྣལ་འབྱོར་

p. 319

དཔུང་ལ་བསྐུལ༔ དོ་ནུབ་གསོད་བྱེད་ཕོ་ཉར་བསྐུལ༔ དོ་ནུབ་རྣོ་བའི་མཚོན་ཆར་བསྐུལ༔ སྙིགས་མའི་སྙིགས་མ་ལྔ་བརྒྱའི་དུས༔ དེང་དུས་བསྐལ་པའི་མར་གཤམ་འདིར༔ སྐྱབས་བྲལ་སེམས་ཅན་སུ་ལ་རེ༔ ཐུགས་རྗེའི་ཡལ་བར་དོརམི་འཚལ༔ ཐུགས་རྗེས་ཡལ་བར་དོར་བ་ན༔ ཐུགས་བསྐྱེད་རྣམ་དག་གང་ན་བཞུགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ དོ་ནུབ་བུ་ལ་བརྩེ་བས་དགོངས༔ མ་རིག་རྐྱེན་ལས་བྱུང་བ་ཡི༔ བདུད་གཞི་དབྱིངས་སུ་གཅོད་པ་དང་༔ འཁྲུལ་པ་དབྱིངས་སྒྲོལ་ཕྲིན་ལས་མཛོད༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ ལོག་པར་གང་ལྟ་དབྱིངས་སུ་སྒྲོལ༔ ང་བདག་གཟུང་འཛིན་ཀུན་བསླངས་པའི༔ བསླུ་བྱེད་བདུད་བགེགས་རྡུལ་དུ་རློག༔ གནོད་བྱེད་བྱད་མ་རྦོད་གཏོང་ཚོགས༔ ངན་སྔགས་ཧོམ་ཟེར་ཧོམ་ཟོར་ལས་སྦྱོར་མཁན༔ ལྷ་སྲུང་དང་བཅས་རྡུལ་དུ་རློག༔ མཐའ་དམག་དུས་འཁྲུགས་ནད་མཚོན་སོགས༔ མི་མཐུན་ཉེ་བར་འཚེ་བ་རྣམས༔ ཐལ་བའི་རྡུལ་དུ་བརླག་པ་དང་༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ རང་དམ་གཉན་པོ་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ [ཞེས་བསྐུལ།] གསུམ་

p. 320

པ་གཏོར་མ་བསྐྱང་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་]ཨོཾ་ཨཱཿཧཱུཾ་[གིས་བྱིན་གྱིས་བརླབ་ལ།] ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ སྒྱུ་འཕྲུལ་ལོངས་སྐུའི་འཁོར་ཚོགས་ལ༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ སྟོན་འཁོར་དགོངས་པ་རོ་གཅིག་ངང་༔ རང་བྱུང་རང་ཤར་ཆེན་པོར་བསྟན༔ དེ་ཚེ་རང་རྩལ་དྲེགས་པ་ཅན༔ སྤྲུལ་ཏེ་བཀའ་ཡི་བསྲུང་མར་བསྐོས༔ བསྟན་པ་སྤེལ་ཞིང་བསྟན་འཛིན་སྐྱོང་༔ བསྟན་དགྲ་བསྒྲལ་བའི་གཉེར་བླངས་བཞིན༔ དམར་གྱི་གཏོར་མ་འདི་ལོངས་ལ༔ ཐ་ཚིག་བཞིན་དུ་ཕྲིན་ལས་མཛོད༔ དེ་འོག་དུས་ཚིག་གཉིས་པ་ལ༔ རང་སྣང་བཀོད་པ་ལྷུན་གྲུབ་ཏུ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀས༔ བདག་ལྟའི་མ་ཊཾ་རཱུ་ཏྲ་བསྒྲལ༔ རཱུ་ཏྲའི་འཁོར་ཚོགས་དཔག་མེད་པ༔ དམ་ལ་བཏགས་ཤིང་བྲན་དུ་བཀོལ༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ཆད་བཞིན་དམར་གྱི་གཏོར་མ་ལོངས༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ དེ་འོག་དུས་ཚིག་གསུམ་པ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ གསང་བདག་རྡོ་རྗེ་འཛིན་པ་ཡིས༔ ཞུ་བསྡུས་འཁོར་གྱི་རོལ་པ་ལ༔ གསང་སྔགས་ཆོས་འཁོར་

p. 321

བསྐོར་བའི་ཚེ༔ བཀའ་སྲུང་དྲེགས་པའི་འཁོར་རྣམས་ཀྱིས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡིས་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ཆད་བཞིན་དམར་གྱི༴ རབ་འབྱམས་ཕྲིན་ལས༴ དེ་འོག་དུས་ཚིག་བཞི་པ་ལ༔ གནས་ཡུལ་དུར་ཁྲོད་ཐམས་ཅད་དུ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ གསང་སྔགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས༴ བཀའ་ཡི༴ བརྒྱུད་འཛིན༴ ཕྲིན་ལས༴ ཆད་བཞིན༴ རབ་འབྱམས༴ དེ་འོིག་དུས་ཚིག་ལྔ་པ་ལ༔ མུན་གླིང་བོད་ཀྱི་རྒྱལ་ཁམས་སུ༔ གསང་སྔགས་སྟོན་པ་པད་འབྱུང་གིས༔ སྐལ་ལྡན་ཕོ་མོའི་ཚོགས་རྣམས་ལ༔ རྡོ་རྗེ་ཐེག་པའི་ཆོས་བསྟན་མཛད༔ དེ་ཚེ་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས༴ བཀའ་ཡི༴ བརྒྱུད་འཛིན༴ ཕྲིན་ལས༴ ཆད་བཞིན༴ རབ་འབྱམས༴ དེ་འོག་དུས་ཚིག་དྲུག་པ་ལ༔ ཤམ་པོ་གངས་ཀྱི་ར་བ་རུ༔ འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་ཡིས༔ མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས༴ བཀའ་ཡི༴ བརྒྱུད་འཛིན༴ ཕྲིན་

p. 322

ལས༴ ཆད་བཞིན༴ རབ་འབྱམས༴ དེ་འོག་དུས་ཚིག་བདུན་པ་ལ༔ ཨོ་རྒྱན་ཆེན་པོའི་ཞལ་ཚབས་སུ༔ ཐུགས་རྗེའི་རང་མདངས་འགྲོ་འདུལ་དཔལ༔ རིག་འཛིན་བདུད་འཇོམས་རྡོ་རྗེ་ཡིས༔ མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོས༴ བཀའ་ཡི༴ བརྒྱུད་འཛིན༴ ཕྲིན་ལས༴ ཆད་བཞིན༴ རབ་འབྱམས༴ ད་ལྟ་གསང་ཆེན་དཀྱིལ་འཁོར་འདིར༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གིས༔ མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ བཀའ་བཞིན་དམར་གྱི་གཏོར་མ་བཤམས༔ ཡེ་ཤེས་འཇིག་རྟེན་སྲུང་མའི་ཚོགས༔ ཁྱེད་ཅག་དམ་ལས་མ་འདའ་བར༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ སྒྲུབ་མཆོག་བུ་བཞིན་སྐྱོང་བ་དང་༔ ཕྱི་ནང་བར་ཆད་སེལ་བ་དང་༔ དམ་ཚིག་བཞིན་དུ་ཕྲིན་ལས་བསྒྲུབས༔ མ་འདའ་བཛྲ་ས་མ་ཡ༔ [ཞེས་ཆད་དོ་འབུལ། སྐབས་འགའ་ཞིག་གི་ཚེ་ཟོར་དུ་བསྐུལ་བར་འདོད་ན་གཏོར་མ་དེ་ཉིད་ནད་མཚོན་དུག་གི་ཕུང་པོར་བསྒྱུར་ལ། ཧཱུྃ་ཧྲཱིཿ ང་ནི་སེང་གདོང་དྲག་མོའི་སྐུ༔ སྣང་སྲིད་ཀུན་གྱི་མངའ་བདག་ཆེ༔ ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ༔ ཞེ་སྡང་རྡོ་རྗེ་དྲག་མོ་ཡིན༔ དོ་ནུབ་ང་ཡིས་འཕེན་པའི་ཟོར༔ སྡང་དགྲ་གནོད་བྱེད་སྟེང་དུ་འཕེན༔

p. 323

ཕུར་པའི་དབལ་ཟོར་ཤ་ར་ར༔ ཡུངས་དཀར་རྦབ་རྒོད་སེར་ལྟར་འདྲིལ༔ ཁྲག་ཐུན་དམར་པོ་ཆུ་ལྟར་ཁོལ༔ མཚེ་ཐུན་དྲག་པོ་གློག་ལྟར་འཁྱུགས༔ དུག་ཐུན་དྲག་པོ་མུན་ལྟར་གཏིབ༔ མཚོན་ཐུན་དྲག་པོ་སྐར་ལྟར་འཁྲིགས༔ མདའ་ཐུན་དྲག་པོ་རླུང་ལྟར་འཚུབས༔ རྡོ་ཐུན་དྲག་པོ་རྦབ་ལྟར་ཉིལ༔ གཏོར་ཐུན་སེར་རླུང་ཐོག་ལྟར་འབེབས༔ སྡང་བར་བྱེད་པའི་དགྲ་ལ་བྷྱོ༔ ཟ་བར་བྱེད་པའི་འདྲེ་ལ་བྷྱོ༔ གནོད་པར་བྱེད་པའི་བགེགས་ལ་བྷྱོ༔ ཕུང་བར་བྱེད་པའི་སྲི་ལ་བྷྱོ༔ ལོག་འདྲེན་ལྟ་ལོག་སྟེང་དུ་བྷྱོ༔ བར་ཆད་གཡོ་འཁྲུགས་རྡུལ་དུ་རློག༔ མི་མཐུན་རྐྱེན་ངན་བཟློག་ཅིང་བསྒྱུར༔ རྒྱ་འདྲེ་འབྱུང་པོ་ཆོམ་ལ་ཕོབ༔ སངས་རྒྱས་བསྟན་པའི་སྤྱི་དགྲ་དང་༔ བླ་མའི་སྐུ་དགྲ་རྣལ་འབྱོར་དགྲ༔ མ་ལུས་ཐལ་བའི་རྡུལ་བཞིན་རློག༔ མིང་ཙམ་མེད་པར་བཟློག་གྱུར་ཅིག༔ [རྩ་སྔགས་མཐར།] གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་རྦད་སོད༔ ཅེས་གནོད་པའི་ཕྱོགས་སུ་འཕང༌། བརྟན་མ་སྐྱོང་བ་ལ་བཤལ་ཆུའི་བདུད་རྩི་གཏོར་མར་བྲན་ཅིང་ཨོཾ་ཨཱཿཧཱུྃ་གིས་བརླབ་ནས། ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཆེ་ཞེ་མ་སྲིང་བརྟན་མའི་ཚོགས༔ མ་ལུས་འདིར་

p. 324

གཤེགས་གཏོར་མ་བཞེས༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ སྒྲུབ་པའི་རྣལ་འབྱོར་ཕོ་མོ་ཡི༔ ཚེ་བསྲིང་སྲོག་སྐྱོབ་བར་ཆད་ཟློག༔ བསྟན་པའི་སྦྱིན་བདག་མངའ་ཐང་བསྐྱེད༔ བསྟན་དགྲ་གདུག་པའི་མགོ་འཕང་ཕོབ༔ མདོར་ན་གཟུགས་ཅན་གཟུགས་མེད་ཀྱི༔ དགྲ་བགེགས་གནོད་བྱེད་ཆོམ་ལ་ཕོབ༔ དང་པོ་རྡོ་རྗེ་འཆང་གི་བཀའ༔ བར་དུ་པདྨ་འབྱུང་གནས་དམ༔ ཐ་མ་རྣལ་འབྱོར་བདག་གི་ཚིག༔ མ་འདའ་བཛྲ་ས་མ་ཡ༔ མ་མ་ཧྲིཾ་ཧྲིཾ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ [ཞེས་ཕུལ། བྲོ་བརྡུང་བ་ནི།] གཏོར་སྣོད་སྦུབ་པའི་འོག་ཏུ་དགྲ་བགེགས་རྣམས་ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བཾ་ཧོཿ [ཞེས་འགུག་གཞུག་བཅིང་མནན་བྱས་ཏེ་རྡོ་རྗེའི་རྒྱས་བཏབ་ལ།] ཧཱུྃ་ཧཱུྃ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས༔ ཆོས་དབྱིངས་ཡེ་ཤེས་བྲོ་བརྡུང་བས༔ གཏི་མུག་རཱུ་ཏྲའི་མགོ་ལ་ཆེམས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་ནོན༔ ཧཱུྃ་ཧ༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མས༔ མེ་ལོང་ཡེ་ཤེས༴ ཞེ་སྡང་རཱུ་ཏྲའི་མགོ༴ འཁྲུལ་མི་ཤེས་པའི༴ ཧཱུྃ་རི༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས༔ མཉམ་ཉིད་ཡེ་ཤེས༴ ང་རྒྱལ་རཱུ་ཏྲའི༴ འཁྲུལ་མི་ཤེས་པའི༴ ཧཱུྃ་ནི༔ ནུབ་ཕྱོགས་

p. 325

༔ པདྨ་མཁའ་འགྲོ་མས༔ སོར་རྟོག་ཡེ་ཤེས༴ འདོད་ཆགས་རཱུ་ཏའི༴ འཁྲུལ་མི་ཤེས་པའི༴ ཧཱུྃ་ས༔ བྱང་ཕྱོགས་ཀརྨ་མཁའ་འགྲོ་མས༔ བྱ་གྲུབ་ཡེ་ཤེས༴ ཕྲག་དོག་རཱུ་ཏྲའི༴ འཁྲུལ་མི་ཤེས་པའི༴ བྲོ་ནི་ཡེ་ཤེས་ལྔ་ཡི་བྲོ༔ གླུ་ནི་འགགས་མེད་རྡོ་རྗེའི་གླུ༔ ཐུགས་རྗེ་ཐབས་ཀྱིས་ལོག་རྟོག་བསྒྲལ༔ ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་བཤིག༔ ཆོས་ཕུང་བརྒྱད་ཁྲིའི་དབྱིངས་སུ་མནན༔ མ་ཤོར་སྐུ་དང་ཡེ་ཤེས་རྒྱ༔ མ་ལྡང་བདེ་བ་ཆེན་པོར་མནན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ༔ སྟྭ་བྷ་ཡ་ནན༔ [ཞེས་བྲོ་བརྡུང་བྱ།] [བཞི་པ་དངོས་གྲུབ་བླང་བ་ནི། གཏོར་མ་སོགས་མདུན་རྟེན་ལྷར་གསལ་བ་ལ་དམིགས་ཏེ།] ཧོཿ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་མའི༔ སྐུ་གསུང་ཐུགས་ཀྱི་ཀློང་མཛོད་ནས༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ [རྩ་སྔགས་མཐར།] ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཀརྨ་སིདྡྷི་ཕ་ལ་ཧོཿ [ཞེས་དངོས་གྲུབ་བླངས།] [ལྔ་པ་ནོངས་པ་བཤགས་པ་ནི། གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས།] ཧཱུྃ་ཧྲཱིཿ འཁོར་ཚེ་ཐོག་མ་མེད་པ་ནས༔ མ་རིག་དབང་གྱུར་ཉེས་ལྟུང་ཚོགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ [ཞེས་དང་ཡི་གེ་བརྒྱ་པ་བཟླ།] [དྲུག་པ་དཀྱིལ་འཁོར་བསྡུ་བ་

p. 326

ནི། ཚོགས་མགྲོན་སོགས་མདུན་རྟེན་གྱི་ཡེ་ཤེས་པ་བརྟན་བཞུགས་བྱ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར།] ཧཱུྃ༔ སྣོད་བཅུད་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་བསྡུ༔ རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཧཱུྃ་ཡིག་ཆོས་དབྱིངས་ཀློང་དུ་ཨ༔ [ཞེས་རྟག་མཐའ་བསལ།] ཧཱུྃ་ཧྲཱིཿ སྐད་ཅིག་ཆུ་ལས་ཆུ་བུར་བཞིན༔ སྟོང་པའི་ངང་ལས་རང་རིག་ཉིད༔ འཁོར་འདས་སྤྱི་དཔལ་སེང་གདོང་མ༔ སྣང་སྲིད་ཁྱབ་བརྡལ་སྐུར་བསྒོམ་མོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿཕཊ༔ [ཞེས་ཆད་མཐའ་བསལ།] [བདུན་པ་བསྔོ་སྨོན་ནི།] ཧཱུྃ་ཧྲཱིཿ ཡང་གསང་མཁའ་འགྲོའི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་འབྲས་བུའི་དགེ་བསགས་པ༔ མ་ལུས་བསྡུས་ཏེ་འགྲོ་རྣམས་ཀུན༔ རྣམ་མཁྱེན་སངས་རྒྱས་འཐོབ་ཕྱིར་བསྔོ༔ སྐུ་གསུམ་མཁའ་འགྲོའི་བདེན་སྟོབས་ཀྱིས༔ བདག་དང་མཁའ་མཉམ་སེམས་ཅན་རྣམས༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ [བརྒྱད་པ་ཤིས་པ་བརྗོད་པ་ནི། མེ་ཏོག་གི་ཆར་དབབ་ལ།] ཧཱུྃ་ཧྲཱིཿ ངོ་བོ་སྐྱེ་མེད་ཆོས་སྐུའི་ཀློང་༔ རང་བཞིན་འགགས་མེད་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཐབས་ཀྱིས་སྤྲུལ་སྐུར་ཤར༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཆོས་དབྱིངས་ཡེ་ཤེས་ཀུན་བཟང་མོ༔ རྣམ་རོལ་མ་ངེས་སྒྱུ་འཕྲུལ་གར༔ གང་འདུལ་སྤྲུལ་པའི་མཁའ་

p. 327

འགྲོའི་ཚོགས༔ ཡོངས་རྫོགས་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལྷུན་གྲུབ་རིགས་ལྔའི་མཁའ་འགྲོ་མ༔ དུག་ལྔ་གནས་དག་ཡེ་ཤེས་ལྔར༔ སྨིན་ཏེ་འགྲོ་རྣམས་ཞི་བདེ་རུ༔ འགོད་མཛད་ཕྲིན་ལས་བཀྲ་ཤིས་ཤོག༔ [ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །མི་འགྱུར་བདེ་ཆེན་དབྱིངས་ཀྱི་ཡུམ་ཆེན་མོ། །གང་འདུལ་རྣམ་འགྱུར་སྒྱུ་འཕྲུལ་རོལ་མོའི་སྤྲིན། །ཁྲོས་མ་སེང་ཞལ་ཅན་དུ་སྒྲུབ་པའི་ཐབས། །བདུད་འདུལ་པདྨའི་ཐུགས་བཅུད་འདི་ཁོ་ན། །དེ་ཡི་ཕྲིན་ལས་ཟབ་གཏེར་རྡོ་རྗེའི་གསུང༌། །འཇུག་བདེའི་ཁྲིགས་སུ་ཉེ་བར་བསྡེབས་འདིས་ཀྱང༌། །མཆོག་གསང་བསྟན་འཛིན་མཆོད་ཡོན་སྡེ་དང་བཅས། །ཡིད་སྲུབས་དཔུང་ལས་རྣམ་རྒྱལ་གཞིར་གྱུར་ཅིག །ཅེས་འཇིགས་བྱེད་བདུད་འདུལ་དྲག་མོ་སེང་གདོང་མའི་ཕྲིན་ལས་ཌཱ་ཀི་དགྱེས་པའི་གད་རྒྱང་ཞེས་བྱ་བ་འདི་ནི། གསང་སྔགས་མ་རྒྱུད་སྙིང་པོའི་ལམ་ལས་དངོས་གྲུབ་ཀྱི་སྐལ་པ་རང་དབང་དུ་སྤྱོད་པའི་རྣལ་འབྱོར་པ་ཚེ་དབང་ལྷ་རྒྱལ་གྱིས་འབད་པ་ཆེན་པོས་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། གཏེར་གཞུང་རྩ་བའི་དགོངས་པ་མ་འཁྲུལ་བར་ལག་ལེན་རྣམ་གསལ་འཇུག་པ་བདེ་བའི་ལས་ཁྲིགས་སུ་བསྡེབས་ཏེ། དུས་ཀྱི་མཐའི་སྔགས་འཆང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བརྒྱད་དུ་སོན་པ་ལྕགས་མོ་ཕག་གི་ལོ་ས་ག་ཉ་བའི་ཤེས་རབ་ཀྱི་ཕྱོགས་ལ་ཀ་པཱ་ལ་ལྷུན་པོར་སྤུངས་པའི་རི་བོའི་མགུལ་དུ་སྦྱར་བ་ལས། ཐོག་མའི་ཡི་གེར་འདུ་བགྱིད་པ་པོ་ནི་སྔགས་སྐྱེས་བློ་གསལ་ལ་རིན་ཆེན་ཕུན་ཚོགས་ཀྱིས་སོ། །འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་འཇོ་བའི་རྒྱུར་གྱུར་ཅིག །། །སརྦ་དཱ་མངྒ་ལཾ།། །།]

སེང་གདོང་མའི་བརྒྱུད་འདེབས།

p. 328
p. 329

ཀ་དག་དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ། །ལྷུན་གྲུབ་གསང་བ་ཡེ་ཤེས་ཌཱ་ཀིའི་གཙོ། །ཐུགས་རྗེ་མ་གཅིག་ཁྲོས་མ་སེང་ཞལ་མ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །གསང་བའི་མཛོད་འཛིན་མཁའ་འགྲོ་ལས་ཀྱི་དབང༌། །བདེ་གཤེགས་གཅིག་བསྡུས་རྡོ་རྗེ་ཐོད་ཕྲེང་རྩལ། །བདུད་འདུལ་རྒྱལ་མོ་མཁར་ཆེན་མཚོ་རྒྱལ་མར། །གསོལ་བ་འདེབས་སོ༴ གདམས་པའི་བཀའ་བབས་འབྲོག་བན་ལོ་ཙཱ་བ། །ཟབ་གཏེར་རྒྱ་མཚོའི་ཤིང་རྟ་བདུད་འཇོམས་གླིང༌། །འཁོར་ལོའི་མགོན་པོ་འགྱུར་མེད་ངེས་དོན་དབང༌། །གསོལ་བ་འདེབས་སོ༴ བྱིན་རླབས་གཏེར་ཆེན་རྩ་བརྒྱུད་རིག་པ་འཛིན། །དངོས་གྲུབ་ཀུན་བདག་བདུད་འདུལ་དཀྱིལ་འཁོར་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ༴ གཉིས་སུ་སྣང་བ་མ་དག་བརྟན་གཡོའི་ཆོས། །གཉིས་མེད་དག་མཉམ་ཡེ་ཤེས་འཁོར་ལོར་སད། །ཡེ་ཡིན་དོན་གྱི་དྲག་མོ་མངོན་གྱུར་ནས། །ལོག་རྟོག་བྱད་མའི་གཡུལ་ལས་རྣམ་རྒྱལ་ཤོག །[ཅེས་པའང་ལས་བྱད་ཌཱ་ཀི་དགྱེས་པའི་གད་རྒྱང་གི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ།

p. 330
p. 331

[ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ། །][ན་མོ་གུ་རུ་ཝེ། འདིར་ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་ལ། །སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས།] [དང་པོ་ནི།] མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་མོས་ལ། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་ལ༔ རྣམ་གསུམ་དད་པས་སྐྱབས་སུ་མཆི༔ [ལན་གསུམ།] ཧོཿ མ་གྱུར་མཁའ་མཉམ་སེམས་ཅན་རྣམས༔ རྣམ་གྲོལ་སྐུ་གསུམ་སར་འགོད་ཕྱིར༔ ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབ་ནས༔ དོན་གཉིས་འགྲུབ་པར་སེམས་བསྐྱེད་དོ༔ [ཅེས་ལན་གསུམ་གྱི་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད།] [གཉིས་པ་ནི།] ཨ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ བརྡལ་ཁྱབ་སྤྲོས་མཐའ་བྲལ་བའི་ངང་༔ སརྦ་དྷརྨ་ག་ག་ན་ཧཱུྃ་ཨཱཿ ཧཱུྃ༔ འདི་ལྟར་མ་རྟོགས་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོས་

p. 332

བརྡལ༔ ཕྱོགས་རིས་བྲལ་བའི་བྱང་ཆུབ་སེམས༔ མངོན་གྱུར་ཆེན་པོར་རིག་པར་བྱ༔ མ་ཧཱ་སརྦ་དྷརྨ་པྲ་ཛྙཱ་ཛྙཱ་ན་ཧཱུྃ་ཨཱཿ ཧཱུྃ༔ བརྡལ་ཁྱབ་གསང་བའི་ནམ་མཁའ་ལས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཡེ་ཤེས་ཐུགས་ཀྱི་སྒྱུ་འཕྲུལ་ལས༔ རྒྱུ་ཡི་ཡི་གེ་ཧཱུྃ་ལྗང་གསལ༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ ཧཱུྃ་ལས་འབྱུང་ལྔའི་ས་བོན་ནི༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་འཕྲོས༔ ཨེ་ལས་སྟོང་ཆེན་ནམ་མཁའ་མཐིང་༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་༔ ར་ལས་རཀྟའི་རྒྱ་མཚོར་འཁྱིལ༔ སུཾ་ལས་དྲག་པོའི་ས་གཞི་ལྗང་༔ ཀེཾ་ལས་རུས་པའི་རི་རབ་སྟེང་༔ རཾ་ལས་བསྐལ་པའི་མེ་དཔུང་འབར༔ དུར་ཁྲོད་རོལ་པའི་ཞིང་ཁམས་སུ༔ སྲུང་བའི་འཁོར་ལོ་རིམ་དགུའི་དབུས༔ ཕྱི་ནི་ཐོད་པ་རིམ་གསུམ་ལ༔ དམར་ཆེན་ཁྲག་གི་ཞམ་ཆུ་འབེབས༔ ནང་གི་ཡེ་ཤེས་འོད་ལྔ་ལས༔ གྲུབ་པའི་གཞལ་ཡས་ཁང་དབུས་སུ༔ གྲུ་ཆད་ལྗང་གུ་དཔངས་མཐོ་བའི༔ གློ་འབུར་རིགས་བཞིའི་ཁ་དོག་འཆར༔ དེ་དབུས་པད་ཟླ་ཉི་མའི་སྟེང་༔ བྱད་མ་ལོག་ལྟ་བདུད་དཔུང་དང་༔ ལྟ་ལོག་རུ་ཏྲ་ཕོ་མོའི་ཚོགས༔ བསྣོལ་ཞིང་བརྩེགས་པའི་ཁྲི་ཡི་ཁར༔ རང་རིག་ཡི་གེ་ཧཱུྃ་ལྗང་བབ་

p. 333

འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད༔ སྲས་བཅས་ཞིང་ཁམས་གཞལ་ཡས་ལྷ༔ འོད་ཕུང་རྣམ་པར་ཚུར་འདུས་ཏེ༔ རིག་པ་ཧཱུྃ་གི་ཡི་གེར་བསྡུ༔ མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ སྣང་སྲིད་དཔལ་ཡོན་ཚེ་བསོད་བཅུད༔ ཚུར་འདུས་རིག་པ་ཧཱུྃ་ལ་བསྟིམ༔ ཧཱུྃ་ལས་རང་ཉིད་སྐད་ཅིག་གིས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་མོ༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་༔ ལྗང་གསལ་རལ་པ་དམར་སེར་བརྫིས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་སྡང་མིག་གཡོ་ཞིང་འཁྲུགས༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་༔ ཉི་ཟླའི་སྙན་རྒྱན་འོད་དུ་འབར༔ ཕྱག་གཡས་རྒྱ་གྲམ་གྲི་ཡུ་བ༔ བྱས་པའི་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ ཧེ་རུ་ཀ་དཔལ་སྦས་པའི་ཚུལ༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཀལ༔ ཞབས་གཉིས་གཡས་བསྐུམ་གསང་བ་གཏད༔ གཡོན་པས་རུ་ཏྲ་ཕོ་མོ་མནན༔ ཐོད་ཚར་གསུམ་གྱིས་དོ་ཤལ་བྱས༔ རུས་པའི་རྒྱན་དྲུག་ཕྲེང་བས་སྤྲས༔ ཡེ་ཤེས་བསྐལ་པའི་མེ་ལྟ་བུར༔ འབར་བའི་ཀློང་

p. 334

ནས་རང་འདྲ་བའི༔ མཁའ་འགྲོ་བྱེ་བ་འབུམ་སྡེ་འགྱེད༔ སྤྱི་བོར་འཇའ་གུར་འོད་ལྔའི་ཀློང་༔ རིགས་བདག་ཀུན་ཏུ་བཟང་མོ་བཞུགས༔ ཕྱི་རོལ་རིགས་བཞིའི་མཁའ་འགྲོ་དང་༔ ལས་བྱེད་སྒོ་སྐྱོང་དམ་ཅན་ཚོགས༔ མ་འདྲེས་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་གསལ༔ [ཞེས་ལྷ་སྐུ་ཕྱག་རྒྱའི་དཀྱིལ་འཁོར་གསལ་གདབ་ལ། བཟླས་པའི་དམིགས་པ་ནི།] ཧཱུྃ་ཧྲཱིཿ སྒོ་གསུམ་གནས་དག་ཡེ་ཤེས་མཁའ་འགྲོ་རུ༔ རྣམ་པར་སྨིན་པའི་སེང་གེའི་གདོང་ཅན་མ༔ ལྗང་གསལ་གྲི་ཐོད་འཛིན་མའི་ཐུགས་ཀློང་དུ༔ ཀུན་ཏུ་བཟང་མོ་མཐིང་ནག་སྐྱིལ་ཀྲུང་བཞུགས༔ གཅེར་བུ་རྒྱན་མེད་མཉམ་བཞག་འོད་ཕུང་འབར༔ དེ་ཡི་ཐུགས་ཀར་ཉི་ཟླའི་གྭའུ་རུ༔ དྭངས་མ་ལྡ་ལྡན་ཐིག་ལེ་གསལ་འཚེར་ཀློང་༔ ཧཱུྃ་ཡིག་ལྗང་གསལ་མཐའ་མར་སྔགས་གཡོན་བསྐོར༔ འོད་ཟེར་ཡང་འཕྲོས་རྒྱལ་བ་མཆོད་པས་མཉེས༔ མཁྱེན་བརྩེ་ནུས་པའི་ཐུགས་རྗེ་བྱིན་རླབས་དང་༔ དབང་དང་དངོས་གྲུབ་འོད་ཟེར་ཚུར་འདུས་ཏེ༔ རང་ཉིད་ཡེ་ཤེས་མཁའ་འགྲོའི་ཐུགས་ཀརབསྟིམ༔ མར་འཕྲོས་འགྲོ་བའི་རྒྱུད་སྦྱངས་ཚེ་བསོད་ནམས༔ འོད་ཀྱི་རྣམ་པར་བསྡུས་

p. 335

ཏེ་རང་ལ་བསྟིམ༔ གཟི་སྦྱིན་རབ་འབར་ནུས་པ་རྩལ་ལྡན་གྱིས༔ འཁོར་འདས་ཡོངས་ལ་དབང་བསྒྱུར་དབང་ཐོབ་ཅིང་༔ སྐུ་གསུམ་ཡེ་ཤེས་མཉམ་སྦྱོར་བདེ་ཆེན་ཀློང་༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཱུྃ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ [ཅེས་རྩ་སྔགས་གཙོ་བོར་བཟླ་ཞིང༌།] ཧཱུྃ་ཧྲཱིཿ གཞི་དབྱིངས་རང་ངོར་སངས་པས་ཆོས་སྐུ་འཕོས༔ དབྱིངས་ལས་མ་གཡོས་གཟུགས་ཀྱི་སྐུར་བཞེངས་པ། ལོངས་སྤྱོད་རྫོགས་སྐུ་སེང་གེ་གདོང་ཅན་མའི༔ རོལ་པའི་གར་གྱི་རྩལ་སྣང་སྒྱུ་མའི་འཕྲུལ༔ སོ་སོའི་ཐུགས་ཀར་རང་རང་སྲོག་ཡིག་ལ༔ སྔགས་ཕྲེང་གཡོན་ཏུ་འཁོར་བའི་འོད་ཟེར་གྱིས༔ རིགས་དང་དཀྱིལ་འཁོར་རྒྱལ་བ་སྲས་བཅས་པ༔ མ་ལུས་ཡེ་ཤེས་མཁའ་འགྲོའི་རྣམ་པ་རུ༔ མཚོ་ལ་ཁ་ཆར་བབ་པ་ཇི་བཞིན་དུ༔ དབྱིངས་ལས་སྐུར་བཞེངས་བདག་མདུན་རྣམས་ལ་ཐིམ༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དང་༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཿ རིཿནིཿསཿཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ [ཞེས་སྒྲུབ་སྔགས་ཀྱང་ཅི་ནུས་བཟླ། ལས་སྦྱོར་ནི།] བདག་ཉིད་ཡེ་ཤེས་མཁའ་འགྲོའི་

p. 336

ཐུགས་ཀ་ནས། །ལས་བྱེད་སྤྲུལ་པའི་ཁྲོ་མོ་གྲངས་མེད་པ། གནམ་ས་བར་སྣང་གང་བར་རབ་འཕྲོས་པས། །གནོད་བྱེད་མ་ལུས་རྡུལ་དུ་བརླག་པར་གྱུར། །ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཿརིཿནིཿསཿཨཿཀཿསཿམཿརཿཙཿཤཿདཿརཿསཿནྲྀཿཏྲི་སརྦ་ཤ་ཏྲུྃ་མཱ་རཡཿཕཊཿ [ཅེས་ཅི་རིགས་བཟླས་མཐར།] ན་མོ༔ རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ༴ ཆོས་ཀྱི༴ དགེ་འདུན་གྱི༴ བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་རྣམས་ཀྱི༴ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་བྱད་ཁ་ཕུར་ཁ་ཟོར་ཁ་མནན་གཏད་འཁོར་ལོ་སྦྱིན་སྲེག་ངན་སྔགས་རྒོལ་བ་ངན་པ་ཐམས་ཅད་དང་༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད༔ བྱད་མ་

p. 337

ལས་སྦྱོར་མཁན་དང་སྡང་དགྲ་གནོད་བྱེད་སྟེང་དུ་བསྒྱུར་ཅིག༔ བཟློག་པར་གྱུར་ཅིག༔ བརླག་པར་གྱུར་ཅིག༔ བསྣུབ་པར་གྱུར་ཅིག༔ མཱ་ར་ཡ་བྷྱོ༔ མཱ་ར་ཡ་ཟློག༔ ཨེ་ས་མ་ཡ་བྷྱོ་ཟློག་རྦད་ནན༔ [ཅེས་ཐལ་རྡེབ་བྱ།] [གསུམ་པ་ནི། ཐུན་མཐར། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་བཟླས་པས་ལྷག་ཆད་བསྐང་ཞིང་ནུས་པ་སྤེལ་ལ།] ཧཱུྃ༔ སྣོད་བཅུད་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་བསྡུ༔ རང་ཡང་ཐུགས་ཀའི་ཧཱུྃ་ལ་བསྟིམ༔ ཧཱུྃ་ཡིག་ཆོས་དབྱིངས་ཀློང་དུ་ཨ༔ [ཞེས་རྟག་མཐའ་བསལ།] ཧཱུྃ་ཧྲཱིཿ སྐད་ཅིག་ཆུ་ལས་ཆུ་བུར་བཞིན༔ སྟོང་པའི་ངང་ལས་རང་རིག་ཉིད༔ འཁོར་འདས་སྤྱི་དཔལ་སེང་གདོང་མ༔ སྣང་སྲིད་ཁྱབ་གདལ་སྐུར་མ་སྒོམ་མོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ ཕཊ༔ [ཅེས་ཆད་པའི་མཐའ་བསལ།] ཧཱུྃ་ཧྲཱིཿ ཡང་གསང་མཁའ་འགྲོའི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་འབྲས་བུའི་དགེ་བསགས་པ༔ མ་ལུས་བསྡུས་ཏེ་འགྲོ་རྣམས་ཀུན༔ རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བསྔོ༔ [ཞེས་དགེ་བ་བསྔོ་ཞིང༌།] ཧཱུྃ༔ སྐུ་གསུམ་མཁའ་འགྲོའི་བདེན་སྟོབས་ཀྱིས༔ བདག་དང་མཁའ་མཉམ་སེམས་ཅན་

p. 338

རྣམས༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ [ཅེས་སྨོན་ལམ་གདབ།] ཧཱུྃ་ཧྲཱིཿ ངོ་བོ་སྐྱེ་མེད་ཆོས་སྐུའི་ཀློང་༔ རང་བཞིན་འགགས་མེད་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་ཐབས་ཀྱིས་སྤྲུལ་སྐུར་ཤར༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཆོས་དབྱིངས་ཡེ་ཤེས་ཀུན་བཟང་མོའི༔ རྣམ་རོལ་མ་ངེས་སྒྱུ་འཕྲུལ་གར༔ གང་འདུས་སྤྲུལ་པའི་མཁའ་འགྲོའི་ཚོགས༔ ཡོངས་རྫོགས་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལྷུན་གྲུབ་རིག་ལྔའི་མཁའ་འགྲོ་མ༔ དུག་ལྔ་གནས་དག་ཡེ་ཤེས་ལྔར༔ སྨོན་ཏེ་འགྲོ་རྣམས་ཞི་བདེ་རུ༔ འགོད་མཛད་ཕྲིན་ལས་བཀྲ་ཤིས་ཤོག༔ [ཅེས་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །ཞེས་པའང་འཁོར་ལོའི་མགོན་པོ་འགྱུར་མེད་དེས་དོན་དབང་པོའི་བཀས་བསྐུལ་གནང་བ་ལྟར་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གཞུང་རྩ་བ་ལས་མདོར་བསྡུས་པའི་ཚུལ་གྱིས་སྤྲུལ་མིང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག །། །]

ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས་ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར་ལས་མཁའ་འགྲོའི་སྤྱི་བསྐང་ཤེལ་གྱི་མེ་ལོང་།

p. 339

༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར་ལས་མཁའ་འགྲོའི་སྤྱི་བསྐང་ཤེལ་གྱི་མེ་ལོང་བཞུགས་སོ༔

p. 340

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ [བརྡ་ཡིག] [མཁའ་འགྲོའི་སྤྱི་བསྐང་ཤེལ་གྱི་མེ་ལོང་ནི༔ ལག་ལེན་རིམ་པ་འབྱོར་ཚོགས་འདོད་ཡོན་བཤམས༔ སྣང་སྲིད་བློས་བླངས་བསྐང་བའི་རྫས་སུ་བཤམས༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྒྱུར༔ འགྲོ་རྣམས་ཚོགས་རྫོགས་སྒྲིབ་སྦྱངས་ཆེད་དུ་བསམ༔ མདུན་དུ་རབ་འབྱམས་རྒྱལ་བ་རྒྱ་མཚོ་བསྒོམ༔ དེ་ནས་བསྐང་རྫས་བྱིན་གྱིས་བརླབ་པ་ནི།] ཨོཾ་ཨཱཿཧཱུྃ༔ སྣང་བ་སྒྱུ་འཕྲུལ་ལྷ་ཡི་ཞིང་༔ སྲིད་པ་ཐམས་ཅད་མཆོད་པའི་སྤྲིན༔ གདོད་ནས་ཚོགས་ཀྱི་འཁོར་ལོ་ཤར༔ ཟག་མེད་བདུད་རྩིའི་ངོ་བོར་གནས༔ འདོད་དགུར་འཆར་བའི་ཆོ་འཕྲུལ་ཅན༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ངོ་བོ་ཡེ་སྟོང་ཆོས་སྐུའི་

p. 341

མཁའ༔ རང་བཞིན་རྣམ་དག་མཆོད་པའི་སྤྲིན༔ ཐུགས་རྗེས་སྤྲུལ་པའི་ལྷ་མོ་ཡིས༔ སྒྱུ་མའི་གར་གྱིས་རོལ་པ་ལས༔ སྣང་སྲིད་འཁོར་འདས་ཀུན་ཁྱབ་བྱ༔ ནམ་མཁའ་མཛོད་སྔགས་ཕྱག་རྒྱས་སྤེལ༔ [དེ་ནས་སྤྱན་འདྲེན་པ་ལ༔] ཧཱུྃ་ཧྲཱིཿ རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ན༔ བཞུགས་པའི་རྒྱལ་བ་སྲས་དང་བཅས༔ ཚོགས་ཀྱི་མཆོད་ཡུལ་མགྲོན་ལ་གཤེགས༔ འོག་མིན་ཞིང་དང་མཁའ་སྤྱོད་ནས༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་ཚོགས༔ ཚོགས་ཀྱི་མཆོད་ཡུལ༴ རབ་འབྱམས་ཞིང་དང་དུར་ཁྲོད་བརྒྱད༔ གནས་ཡུལ་ལྔ་བཅུ་རྩ་དྲུག་ན༔ བཞུགས་པའི་དམ་ཅན་སྲུང་མའི་ཚོགས༔ ཚོགས་

p. 342

ཀྱི་མཆོད་ཡུལ་མགྲོན་ལ་གཤེགས༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ༔ [དེ་ནས་ཐུགས་དམ་བསྐང་བ་ནི༔] ཧཱུྃ་ཧྲཱིཿ འོག་མིན་མཁའ་སྤྱོད་མི་མཇེད་ཞིང་༔ གང་འདུལ་ཐབས་ཀྱིས་སྟོན་པར་བཞེངས༔ དོན་ལ་ཀུན་བཟང་འོད་མི་འགྱུར༔ བརྒྱུད་གསུམ་བླ་མའི་ཐུགས་དམ་བསྐང་༔ དཔག་མེད་བསམ་ཡས་བརྗོད་འདས་ཀྱི༔ གཞི་དང་སྙིང་པོ་མེ་ཏོག་གིས༔ བརྒྱན་པའི་ཞིང་ཁམས་དཔག་མེད་ན༔ རབ་འབྱམས་མཐའ་ཡས་སྒྱུ་འཕྲུལ་གར༔ ཡེ་ཤེས་ཀློང་དུ་ཐ་མི་དད༔ ཀུན་བཟང་ཐུགས་ཀྱི་གདངས་རྩལ་གྱི༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་༔ འོག་མིན་ཆོས་ཀྱི་དབྱིངས་ཉིད་དང་༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ན༔ མ་ངེས་སྣ་ཚོགས་གར་བསྒྱུར་མཁན༔ འདས་དང་མ་འདས་མཁའ་འགྲོའི་ཚོགས༔ ཡེ་ཤེས་དབྱིངས་སུ་ཀུན་བཟང་མོ༔ རབ་འབྱམས་མཁའ་འགྲོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིང་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་

p. 343

སྣང་བའི་སྣོད་བཅུད་ཀྱིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ན༔ རབ་འབྱམས་རྒྱལ་བ་བསྐྱེད་པའི་ཡུམ༔ ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་ཐུགས་དམ༔ གསང་ལམ་མནོལ་མའི་དུར་ཁྲོད་ན༔ ལོངས་སྐུ་རྒྱལ་བ་ཀུན་གྱི་ཡུམ༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་ཐུགས་དམ༴ གསང་ཆེན་རོལ་པའི་དུར་ཁྲོད་ན༔ འབུམ་གྲངས་མཁའ་འགྲོ་ཀུན་གྱི་གཙོ༔ འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ གཞན་གྱིས་མི་ཐུབ་དྲག་ཤུལ་ཅན༔ འཇིགས་བྱེད་མཁའ་འགྲོ་སེང་གེའི་གདོང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོར༔ སྣ་ཚོགས་སྤྲུལ་པ་ཅི་ཡང་སྟོན༔ ཡེ་ཤེས་འཇིག་རྟེན་མགོན་པོ་དང་༔ བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་ཀྱི༔ གཉེན་པོ་སྟོབས་ཀྱི་ལྷ་རུ་ཤར༔ སེང་གདོང་འཁོར་བཅས་ཐུགས་དམ་བསྐང་༔ ཐུགས་དམ་[བསྐང་བའི་སོགས་འགྲེ།] ཧཱུྃ་ཧྲཱིཿ མངོན་པར་དགའ་བའི་ཞིང་ཁམས་ན༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེའི་རིགས་ཀྱི་དབང་ཕྱུག་མོ༔ རྡོ་རྗེ་མཁའ་འགྲོའི་ཐུགས༴

p. 344

དཔལ་དང་ལྡན་པའི་ཞིང་ཁམས་ན༔ མཉམ་ཉིད་ཡེ་ཤེས་ངོ་བོ་ལས༔ རིན་ཆེན་རིགས་ཀྱི་དབང་ཕྱུག་མོ༔ རིན་ཆེན་མཁའ་འགྲོའི་ཐུགས༴ བདེ་བ་ཅན་གྱི་ཞིང་ཁམས་ན༔ སོར་རྟོག་ཡེ་ཤེས་ངོ་བོ་ལས༔ པདྨ་རིགས་ཀྱི་དབང་ཕྱུག་མོ༔ པདྨ་མཁའ་འགྲོའི༴ ལས་རབ་རྫོགས་པའི་ཞིང་ཁམས་ན༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ལས་ཀྱི་རིགས་ཀྱི་དབང་ཕྱུག་མོ༔ ཀརྨ་མཁའ་འགྲོའི་ཐུགས༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿ ཞེ་སྡང་དགྲ་བགེགས་འཇོམ་པའི་ཕྱིར༔ དཀར་མོ་ཁྱུང་གདོང་ཐུགས༴ ང་རྒྱལ་དགྲ་བགེགས་འཇོམས་པའི་ཕྱིར། སེར་མོ་སྡིག་གདོང་ཐུགས༴ འདོད་ཆགས་དགྲ་བགེགས་འཇོམས་པའི་ཕྱིར༔ དམར་མོ་འཕར་གདོང་༴ ཕྲག་དོག་དགྲ་བགེགས་འཇོམས་པའི་ཕྱིར༔ ལྗང་མོ་ཁྱི་གདོང་༴ ཐུགས་དམ་བསྐང་བའི་[སོགས་འགྲེ།]

p. 345

ཧཱུྃ་ཧྲཱིཿ དམ་ཉམས་ཞིང་བཅུ་སྒྲོལ་བའི་ཕྱིར༔ འུག་གདོང་དམར་མོའི༴ མི་སྲུན་ཤ་ཟའི་གཡུལ་བཟློག་ཕྱིར༔ ཁྭ་གདོང་སེར་མོའི༴ བདག་རྟོག་རོ་ལ་ཟ་བའི་ཕྱིར༴ དུར་བྱའི་གདོང་ཅན༴ སྲིད་པ་རུ་རློག་བྱེད་པའི་ཕྱིར༔ མཐིང་ནག་སྦྲུལ་གདོང་༴ དེ་དག་འཁོར་དུ་གཏོགས་པ་ཡི༴ མཁའ་འགྲོ་བརྒྱད་དང་དེ་ཡི་འཁོར༔ མི་སྲུན་སྡེ་བརྒྱད་ཐུགས་དམ༴ ཐུགས་དམ་བསྐང་བའི་[སོགས་འགྲེ།] ཧཱུྃ་ཧྲཱིཿ མེ་ལོང་ཡེ་ཤེས་རང་གདངས་རྩལ༔ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ རང་འདྲའི་སྤྲུལ་པས་ཞེ་སྡང་འཇོམས༔ ལྕགས་ཀྱུ་མ་ཡི་ཐུགས༴ མཉམ་ཉིད་ཡེ་ཤེས་གདངས་རྩལ་ལས༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ རང་འདྲའི་སྤྲུལ་པས་ང་རྒྱལ་འཇོམས༔ ཞགས་པ་མ་ཡི༴ སོར་རྟོག་ཡེ་ཤེས་གདངས་རྩལ་ལས༔ དགའ་བ་ཚད་མེད་དབང་གི་སྐུ༔ རང་འདྲའི་སྤྲུལ་པས་འདོད་ཆགས་འཇོམས༔ ལྕགས་སྒྲོག་མ་ཡི༴ བྱ་གྲུབ་ཡེ་ཤེས་གདངས་རྩལ་ལས༔ བཏང་སྙོམས་ཚད་མེད་དྲག་པོའི་སྐུ༔ རང་འདྲའི་སྤྲུལ་པས་ཕྲག་དོག་འཇོམས༔ དྲིལ་བུ་མ་ཡི༴ ཐུགས་དམ་བསྐང་བའི་[སོགས་འགྲེ།] ཧཱུྃ་ཧྲཱིཿ གཞན་ཡང་ཀུན་ཏུ་

p. 346

བཟང་མ་ཡི༔ ཆོས་ཀྱི་དབྱིངས་ནས་གར་བསྒྱུར་བའི༔ སྒྱུ་འཕྲུལ་དབང་མོ་ཉི་ཤུ་བརྒྱད༔ དུར་ཁྲོད་གནས་ཡུལ་མཁའ་སྤྱོད་དུ༔ ཅིར་ཡང་མ་ངེས་ཆོ་འཕྲུལ་བསྒྱུར༔ མ་མོ་མཁའ་འགྲོ་ཤ་ཟ་མོ༔ ཤུགས་འགྲོ་ལ་སོགས་དམ་ཅན་གྱི༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མ་ལུས་མཁའ་འགྲོའི་ཚོགས་རྣམས་ཀྱི༔ ཐུགས་དམ་བསྐང་བའི་[སོགས་འགྲེ།] ཧཱུྃ་ཧྲཱིཿ འཇིགས་རུང་དུར་ཁྲོད་བསིལ་བའི་ཚལ༔ དོན་ལ་དག་པ་མཁའ་སྤྱོད་ན༔ སྔགས་སྲུང་ཨེ་ཀ་ཙ་ཏི་མ༔ འཁོར་འདས་དབང་མོའི་ཐུགས་དམ༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿ བྱང་ཤར་མུ་ལེ་ཏིང་གི་རུང་༔ ཁྲག་ཞག་རྦ་ཀློང་འཁྲིགས་པའི་མཚོར༔ སྔགས་བདག་སྲིད་པའི་རྒྱལ་མོ་ཆེ༔ རེ་མ་ཏི་ཡི་ཐུགས༴ ཐུགས་དམ་བསྐང་བའི་[སོགས།] ཧཱུྃ་ཧྲཱིཿ རབ་འཇིགས་དུར་ཁྲོད་ཧེ་ཆེན་

p. 347

བརྡལ༔ བདེ་ཆེན་དབང་དྲག་རོལ་པ་ནས༔ ཁམས་གསུམ་དབང་སྡུད་ཧེ་རུ་ཀ༔ གནོད་སྦྱིན་དམར་ནག་ཐུགས༴ ཐུགས་དམ་བསྐང་བའི་[སོགས།] ཧཱུྃ་ཧྲཱིཿ ཕོ་བྲང་མཁའ་སྤྱོད་ཙཱ་རིའི་གནས༔ དོན་ལ་བདེ་ཆན་པད་འོད་ནས༔ ཞིང་སྐྱོང་མགོན་པོ་ཆེ་བའི་མཆོག༔ ལྷོ་བཙན་ནག་པོའི་ཐུགས༴ ཐུགས་དམ་བསྐང་བའི་[སོགས།] ཧཱུྃ་ཧྲཱིཿ གནས་ཡུལ་དུར་ཁྲོད་མཁའ་སྤྱོད་ཉུལ༔ ཟས་སུ་བསྟན་དགྲའི་ཤ་ལ་རྔམས༔ སྐོམ་དུ་དམ་ཉམས་སྙིང་ཁྲག་གསོལ༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་བྱེད༔ དཀོན་མཆོག་དབུ་འཕང་བསྟོད་ཅིང་བཏེགས༔ རྣལ་འབྱོར་བུ་བཞིན་སྐྱོང་བའི་གྲོགས༔ དམ་ཉམས་སྲོག་གི་གཤེད་མར་ཆེ༔ དམ་ཅན་རྒྱ་མཚོའི་ཐུགས༴ དྲེགས་པ་ཕོ་མོའི༴ ལྷ་སྲིན་སྡེ་བརྒྱད༴ ཐུགས་དམ་བསྐང་བའི་[སོགས།] ཀྱཻ༔ དགོངས་ཤིག་རྩ་གསུམ་དམ་ཅན་ཚོགས༔ བདག་གི་འཁོར་ཚེ་ཐོག་མེད་ནས༔ མ་རིག་དབང་འགྱུར་འཁྲུལ་པ་ཡིས༔ ཉེས་བྱས་ཉམས་ཆག་ཐམས་ཅད་ཀུན༔ མི་གསང་མི་སྦེད་མཐོལ་ལོ་བཤགས༔ གདོད་ནས་རང་རིག་ཀུན་བཟང་མོ༔ མ་བཅོས་སྐྱེ་མེད་ཆོས་སྐུར་གནས༔ མ་རྟོགས་ལོག་པའི་ལམ་ཞུགས་ཏེ༔ གཟུང་འཛིན་

p. 348

འཁུལ་པའི་ཉེས་བྱས་གང་༔ ཆོས་ཉིད་རོལ་པའི་ངང་དུ་བཤགས༔ སྨིན་གྲོལ་ལམ་གྱི་སྒོར་ཞུགས་ཏེ༔ ཁས་བླངས་སྡོམ་བཟུང་དམ་བཅས་པ༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ ཉམས་ཆག་འགལ་འཁྲུལ་གྱུར་པ་རྣམས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ བསྒྲུབ་དང་དཀྱིལ་འཁོར་སྒོར་བཞུགས་ནས༔ སྣང་བ་ལྷ་ཡི་དཀྱིལ་འཁོར་དང་༔ སྒྲ་གྲགས་སྔགས་ཀྱི་དཀྱིལ་འཁོར་དང་༔ དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་དུ༔ མ་རྟོགས་འཁྲུལ་པའི་ཉམས་ཆག་ཀུན༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ ངོ་བོ་སྟོང་པའི་གཞལ་ཡས་སུ༔ རང་རིག་ཀུན་བཟང་ཆོས་ཀྱི་སྐུ༔ རྟོག་ཚོགས་འཁོར་གྱི་རོལ་པར་གནས༔ མ་རྟོགས་སྣང་བ་དངོས་པོར་བཟུང་༔ ཡུལ་ལ་གཉིས་སུ་འཛིན་པ་ཡིས༔ ལམ་ལོག་ལམ་སྟོར་འཁོར་བར་འཁྲུལ༔ ཉེས་བྱས་ཉམས་ཆག་འཁྲུལ་རྟོག་ཀུན༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་[སོགས་བརྗོད༔ དེ་ལྟར་མཁའ་འགྲོའི་དཀྱིལ་འཁོར་དུ༔ འཇུག་པའི་རྣལ་འབྱོར་གང་དག་གི༔ ཉམས་ཆག་རྟོག་སྒྲིབ་སྦྱངས་པ་དང་༔ བསོད་ནམས་ཚོགས་

p. 349

གཉིས་རྫོགས་པའི་ཕྱིར༔ གཉེན་པོ་བཞི་ཡི་སྟོབས་བསྐྱེད་ཅིང་༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བློས་བླངས་མཆོད་པའི་སྤྲིན་ཕུང་དུ༔ བསྒྱུར་ཏེ་ཚོགས་ཀྱི་ཞིང་དུ་འབུལ༔ དེ་ལྟར་ཚུལ་བཞིན་གནད་ལྡན་པས༔ ཚོགས་རྫོགས་གང་བརྩམས་ཕྲིན་ལས་འགྲུབ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གཉེར༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིང་༔ དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་ཡང་རང་སློབ་དམ་པ་ཀློང་ཆེན་ཞེས་བྱ་བ་དང༌། ངག་དབང་ཕྲིན་ལས་གཉིས་ཀྱི་འབད་པ་ཆེན་པོའི་སྒོ་ནས་ནན་དུ་བསྐུལ་ངོར་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་རེས་བྱེད་ཀྱང་ངག་དབང་ཕྲིན་ལས་ཀྱིས་བགྱིས་པའོ།། །།དགེའོ།། །།ལེགས་སོ།། །།སརྦ་མངྒ་ལཾ།། །།]

རྡོ་རྗེ་སྙིང་པོ་ལས་སེང་གདོང་ནག་མོའི་སྲུང་ཟློག་བསད་གསུམ་དུག་གྲི་ནག་པོ།

p. 350
p. 351

ཨོཾ༔ རྡོ་རྗེ་སྙིང་པོ་ལས༔ སེང་གདོང་ནག་མོའི་སྲུང་ཟློག་བསད་གསུམ་དུག་གྲི་ནག་པོའོ༔ ཐེམ་མེད་ཆིག་བརྒྱུད། །

p. 352

སཅས། རྒ༔ མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་པས༔ བྱད་ཁ་ཕུར་ཁ་རྦོད་གཏོང་རྣམས༔ བསྲུང་བཟློག་བསད་གསུམ་འདི་ལྟ་སྟེ༔ ཕྱི་ནང་གྲུབ་མཐའ་རིག་སྔགས་མཁན༔ བན་བོན་ངན་སྔགས་སྲུང་འདོད་ན༔ བག་ཟན་བྱད་མའི་ངར་སྣབས་བསྲེ༔ གཟུགས་དང་སྐྱེ་མཆེད་ཚང་བར་བཟོས༔ དུག་ཤོག་ངོས་སམ་རོ་རས་ལ༔ དུག་ཁྲག་འཁོར་ལོ་རྩིབས་བརྒྱད་ལིངྒའི་སྙིང་གར་བྲིས༔ ལིངྒའི་གནས་ཡིག་སྤྱི་འགྲེ་བཀོད༔ སྙིང་གར་ནྲི་ཡིག་བྱད་མའི་མིང་༔ ཁུག་ཅིག་སོད་ཅིག་མཱ་ར་ཡ༔ རྡུལ་དུ་རློག་ཅིག་བྱ་བ་བྲི༔ རྩིབས་བརྒྱད་ནང་དུ་འདི་

p. 353

ལྟ་སྟེ༔ བནྡྷེ་ནག་པོའི་བྱད་ཁ་བྷྱོ་ཟློག༔ བན་བོན་ནག་པོའི་བྱད་བྷྱོ་ཟློག༔ ཕྲ་མེན་མཁན་གྱི་བྱད་ཁ་བྷྱོ་ཟློག༔ ཕུང་གཡོས་མཁན་གྱི་བྱད་ཁ་བྷྱོ་ཟློག༔ མནན་གཏད་བཅིང་བའི་བྱད་ཁ་བྷྱོ་ཟློག༔ རླུང་ལ་འཁོར་ལོ་བསྐོར་བའི་བྱད་ཁ་བྷྱོ་ཟློག༔ ཧོམ་གྱིས་བསྲེགས་པའི་བྱད་ཁ་བྷྱོ་ཟློག༔ སྤར་བུ་བསྐོར་བའི་བྱད་ཁ་བྷྱོ་ཟློག༔ རྩིབས་མཆན་རྣམས་ལ་འདི་བྲི༔ ལྷ་ཡི་རྦོད་ཟོར་བྷྱོ་ཟློག༔ ཀླུའི་རྦོད་ཟོར་བྷྱོ་ཟློག༔ བདུད་ཀྱི་རྦོད་ཟོར་བྷྱོ་ཟློག༔ མ་མོའི་རྦོད་ཟོར་བྷྱོ་ཟློག༔ གཤིན་རྗེའི་རྦོད་ཟོར་བྷྱོ་ཟློག༔ བཙན་གྱི་རྦོད་ཟོར་བྷྱོ་ཟློག༔ གཟའ་ཡི་རྦོད་ཟོར་བྷྱོ་ཟློག༔ ཐེའུ་རང་གི་རྦོད་ཟོར་བྷྱོ་ཟློག༔

p. 354

ཅེས་བྲི༔ དེ་ཡི་ཕྱི་རོལ་དམོད་བཅོལ་སྣ་ཚོགས་བྲི༔ ལྷ་དབྱེ་ལས་གཞུང་བསྲང་ཞིང་དྲག་སྔགས་ཐུན་གྱིས་བརྡེག༔ ཡང་ཡང་འགུགས་བསྟིམ་དགྲ་བོ་དངོས་སུ་བསམ་༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་ཧ་རི་ནི་ས་ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ཁུག་ཐུན་རིལ་ཐུན་བྷྱོ་མ་མར་རཀྴ་ས་མ་ཡ༔ ཁ་མཐུན་ཁ་ཐུན༔ ཨ་ལ་པྲ་མོ་ཧེ་ཟློག༔ ཕུར་ཁ་ཟློག༔ ཟོར་ཁ་ཟློག༔ བྱད་ཁ་ཟློག༔ གཏད་ཁ་ཟློག༔ ཁྲམ་ཁ་ཟློག༔ ནད་ཁ་ཟློག༔ ཡམས་ཁ་ཟློག༔ རྦད་འདྲེ་ཟློག༔ རྦོད་གཏོང་ཟློག༔ ཕ་རོལ་གྱི་ནུས་པ་དང་བསྟུན་ཏེ་ཅི་མང་བཟླ༔ ཤོག་ལིང་མགོ་རྟིང་ལྟེབས་ཏེ་དྲིལ༔ བག་ཟན་ཉ་བོའི་སྙིང་ཁར་གཞུག༔ ཕྱི་ལག་སྤར་ཏེ་སྙིང་གར་བཏབ༔ རང་གི་ཉལ་མལ་འོག་ཏུ་མནན༔ རང་ཉིད་སེང་གདོང་ནག་མོའི་ང་རྒྱལ་བསྐྱེད༔ ཉི་མ་དམར་ཐག་ཆད་པའི་ཚེ༔ མཁའ་འགྲོའི་བསྐུལ་འདོན་རྒྱུན་གཏོར་འབུལ༔ ཟློག་སྔགས་བཟླས་ཤིང་ཐལ་མོ་བརྡབ༔ བྱད་མ་ཤིན་ཏུ་ཐུ་བ་ལ༔ ལིང་ག་གཉིས་གསུམ་བཟོས་ནས་ཀྱང་༔ དགྲ་བོ་བྱད་མའི་ཁང་རྨང་ངམ༔ ཡང་ན་བྱད་མ་མཐོང་བའི་ས༔ ཡང་ན་ལུང་གསུམ་འདུས་པའི་མདོ༔ ཡང་ན་རྒྱ་གྲམ་ལམ་གྱི་སྲང་༔ ཡང་ན་མཆོད་རྟེན་ལྷ་ཁང་འོག༔ མནན་ཞིང་འགུགས་གཞུག་དྲག་ཏུ་བྱ༔

p. 355

མེ་རྒྱ་ཆུ་རྒྱ་རོ་གཡམ་བཅད༔ དམོད་བཅོལ་མ་ཉེས་ཤག་ཀྱང་འདེབས༔ རྟ་བྲོ་འཁྲབ་ཅིང་ཟློག་སྔགས་འདོན༔ དྲང་སྲོང་དམོད་པ་ཡིན་ཡང་ཐུབ༔ སྦྱོར་བ་གཞན་ལ་སྨོས་ཅི་དགོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོ་བསྙེན་པའི་རྣལ་འབྱོར་པས༔ སྲུང་བ་འདོན་ན་འདི་ལྟ་སྟེ༔ ཆོས་རྣམས་མི་དམིགས་སྟོང་པའི་ངང་༔ སྟེང་ན་གསེར་གྱི་འཁོར་ལོ་དང་༔ འོག་ན་གནམ་ལྕགས་འཁོར་ལོ་གཉིས༔ རྩིབས་ནི་སྟོང་དང་ལྡན་པ་ཡི༔ གནམ་ལྕགས་ཞུན་མའི་རྡོ་རྗེ་ཡི༔ ལྟེ་བ་ཡངས་ཤིང་རྒྱ་ཆེའི་ནང་༔ རྡོ་རྗེ་རྒྱ་གྲམ་ལྟེ་བའི་སྟེང་༔ པདྨ་ཉི་མའི་དཀྱིལ་འཁོར་གསལ༔ དེ་སྟེང་བམ་ཆེན་མི་རོའི་གདན༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་དབུས༔ ཧཱུྃ་ཡིག་མཐིང་ནག་ཡོངས་གྱུར་པས༔ རང་ཉིད་སེང་གདོང་ནག་མོར་བསྒོམ༔ ཡན་ལག་བཞི་ལ་སེང་གདོང་བཞི༔ བ་སྤུའི་འོད་ཀློང་རེ་རེ་ནས༔ དཔའ་བོ་དཔའ་མོ་གྲངས་མེད་གསལ༔ རང་ཉིད་མཁའ་འགྲོའི་ཐུགས་ཀ་རུ༔ ཙིཏྟ་ཤེལ་གྱི་མཆོད་རྟེན་ནི༔ ཁྲི་འཕང་ལྔ་དང་ལྡན་པ་ཡི༔ བུམ་པ་བྲེ་ཏོག་ལྡན་པར་བསྒོམ༔ བུམ་པའི་ནང་དུ་ཡེ་ཤེས་སེམས་དཔའ་རང་འདྲ་བ་ཚོན་གང་གསལ་བའི་ཐུགས་ཀར༔ སེམས་ཉིད་ཀྱི་

p. 356

ངོ་བོ་ཧཱུྃ་མཐིང་ནག་སྤུས་བྲིས་པ་ཙམ་ཞིག་གསལ་ཞིང་༔ རང་གི་ཚེ་ཡི་ངོ་བོ་གནོད་བྱེད་ཀྱི་ལག་ཏུ་ཤོར་བ་ཐམས་ཅད་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་མང་པོ་འཕྲོས་པས་བཀུག་སྟེ་ཧཱུྃ་ལ་ཐིམ་པར་བསྒོམ༔ སླར་ཡང་འོད་ཟེར་མང་པོ་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ༔ སེམས་ཉིད་ཀྱི་ངོ་བོ་ལ་ཐིམ་པར་བསྒོམ་ཞིང་༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ རྩེ་གཅིག་དམིགས་གནད་ལྡན་པས་ཅི་མང་བཟླ༔ འཁོར་གཡོག་ཉེ་དུ་སྲུང་བྱེད་ན༔ ཧཱུྃ་ཡིག་ནང་དེར་ཚུད་པར་བསྒོམ༔ ཀུན་ཀྱང་ལྷ་ཡི་རྣལ་འབྱོར་གསལ༔ དམ་སེལ་ཆོད་པའི་སྐྱེ་འགྲོ་ནི༔ སྲུང་འཁོར་ནང་དེར་བསྒོམ་མི་རུང་༔ ཕྱི་རབས་དམ་ལྡན་རྣལ་འབྱོར་གྱིས༔ ཞག་སྐོར་རེ་ལ་སྔགས་དམིགས་རྣམས༔ ཐུན་རེ་ཆག་མེད་བྱས་གྱུར་ན༔ དུས་མིན་འཆི་དང་བསམ་སྦྱོར་ངན༔ མི་མཐུན་ཕྱོགས་རྣམ་བཟློག་པ་དང་༔ མཚོན་དང་དུག་གིས་འཇིགས་པ་སྐྱོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་པར༔ དགྲ་བོ་ནག་པོས་ཉེར་འཚེ་ན༔ ཕུང་ཤུལ་ས་ལ་མཎྜལ་བྱ༔ དུག་ཁྲག་དག་གིས་ཆག་ཆག་གདབ༔

p. 357

དབུས་སུ་ཧོམ་ཁུང་ལེགས་པར་བཟོས༔ ལིངྒ་མིང་རུང་བླ་དྭགས་བྲི༔ ཟག་རྫས་བྱུགས་ཤིང་ལྷ་དབྱེ་ནས༔ འགུགས་གཞུག་ཧོམ་ཁུང་ཁ་བཀབ་ནས༔ ཐུན་ལམ་རྡོ་རྗེས་བཀག་པར་བྱ༔ དེ་སྟེང་མཉྫིའི་ཁྲིའུའི་ཁར༔ མཁའ་འགྲོ་གཏོར་མ་བཤམས་ནས་ཀྱང་༔ ལས་གཞུང་བསྲང་ཞིང་བསྐྱེད་རིམ་གསལ༔ རང་ལས་འཕྲོས་པའི་མཁའ་འགྲོ་ནི༔ ཤ་ཟ་ཕྲ་མེན་ལས་བྱེད་ཚོགས༔ སྟོང་གསུམ་གང་བར་འཕྲོས་ཤིང་རྒྱུག༔ དགྲ་བོ་དབང་མེད་ལྕགས་ཀྱུས་ཟུང་༔ ཞགས་པས་ཆིངས་ཤིང་ལྕགས་སྒྲོག་སྡོམས༔ དྲིལ་བུའི་སྒྲ་ཡིས་མྱོས་བཅུག་ནས༔ གཉིས་མེད་གཟུགས་ལ་བསྟིམ་པར་བསམ༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་དགྲ་བོ་འདུ་ཤ་ཡེ༔ བྷནྡྷ་ཡ༔ ཚིནྡྷ་ཡ༔ རཀྟ་ཡ༔ དགྲ་བོའི་སྙིང་གར་རག་མོ་སྲོག་ཁུག༔ མྱུར་དུ་ཁུག་ཛ་ཛ༔ དགྲ་བོའི་སྙིང་དུམ་བུར་ཆོད༔ དུམ་བུར་ཆོད༔ དགྲ་བོ་མཱ་ར་ཡ་ཛ་ཛ༔ ཞེས་པས་ཐུན་ཟུང་ནན་གྱིས་བཟླ༔ ཐུན་མཚམས་བསྐུལ་འདོན་གཏོར་མ་འབུལ༔ ཟན་ལིང་བསྒྲལ་ཞིང་ཞལ་དུ་འབུལ༔ ཁུག་རྟགས་གསལ་ནས་གདབ་ལས་བྱ༔ ལིང་ག་གླང་རུའི་ནང་དུ་བཅུག༔ གདོལ་པ་ནག་པོའི་ཀླུ་ལ་གཏད༔ མ་ཉེས་ཤག་འདེབས་

p. 358

གསེར་སྐྱེམས་མཆོད༔ བདེན་པ་བདར་ཞིང་དམོད་བཅོལ་བྱ༔ དགྲ་བོ་ཁ་ཕུང་རྗེས་མེད་འགྲོ༔ གཏོར་མ་དགྲ་བོའི་ཕྱོགས་སུ་འཕེན༔ ཕུང་གསུམ་བདུད་ཀྱི་ཉི་མར་བརྩམས༔ ལས་ཀྱི་རྗེས་ཀྱང་མི་མངོན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སེང་གདོང་ནག་མོའི་ཟབ་ཏིག་ལས༔ ལས་ཀྱི་མཁའ་འགྲོའི་བཟླས་པ་སྔགས་ཀྱི་ཡང་ཞུན་ལས་བྱེད་མཁའ་འགྲོ་བསྒྲུབ་པའི་དུས་སུ་ལས་འགྱངས་ན༔ སྔགས་འདི་བཏགས་ཏེ་བཟླས་པར་བྱའོ༔ ཨོཾ་ས་མ་ཡ༔ ཏི་ཏ་མ་མ༔ མ་རུ་གཏིབ་གཏིབ༔ པྲ་འུར་ཀ་ཤམ་ཡ༔ ཐུཾ་རི་ལི་ལི་མ་མ་སྲོག་གཏུབ་གཏུབ༔ སྙིང་རྩ་ལ་འདུས་འདུས༔ སྲོག་རྩ་ལ་སྲིག་སྲིག༔ ཤམ་ཤམ་ཁྱེར་བྷྱོ་ཀོར་སོད༔ ཤུམ་ཟློག་དྲིལ་ནན་ཡཾ་ཡཾ༔ རྨུག་རྨུག༔ ཐུམ་རི་ལི་ལི༔ རཀྵ་རཀྵ་དགྲ་བོ་མཱ་ར་ཡ་ཕཊ༔ མཁའ་འགྲོ་མས་དགྲ་བོའི་སྲོག་རྩ་ནས་སྙིང་ཁྲག་ཧུབ་ཀྱིས་བཏབ་ནས་འཐུང་བས༔ སྐད་ཅིག་དེ་ཉིད་ལ་བརླག་པར་བསམས་ཏེ་བཟླ༔ ཤིན་ཏུ་ལས་འགྱངས་ན༔ དགྲ་བོ་མཱ་ར་ཡ་སོད་སོད༔ ཀོར་སོད་ཤུབ་ཟློག་དྲིལ་ནན༔ ཡང་ཡང་རྨུག་འཐིབ་ཐུམ་རི་ལི་ལི་རཀྵ་རཀྵ་དགྲ་བོའི་སྲོག་ལ་མཱ་ར་ཡ་ཕཊ༔ ཅེས་

p. 359

བཟླ༔ ཐུན་གྱིས་ལིངྒ་བྲབ་ཅིང་རྟགས་རྣམས་གསལ་ཞིང་བསངས༔ རྟེན་གཏོར་དགྲ་བོའི་ཕྱོགས་སུ་འཕང་ཞིང་༔ ལིངྒ་ཐོད་ངན་ནང་དུ་བཅུག་སྟེ༔ དགྲ་བོའི་ཁམས་དང་དགྲ་གཤེད་སྤྲད་དེ་མནན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་ཀློག་གསལ་སེང་གདོང་མ་ལས་ཁོལ་ཕྱུངས་ཁ་སྐོང་དུ་བསྡེབས་པ་པོ་ཛྙཱ་ནའོ།། །།ཤུ་བྷཾ།། །།

འཇིགས་བྱེད་བདུད་འདུལ་དྲག་མོ་སེང་གདོང་མའི་སྨད་ལས་ལྡོག་མེད་གནམ་ལྕགས་ཐོག་ཆེན།

p. 360
p. 361

༄༅། །འཇིགས་བྱེད་བདུད་འདུལ་དྲག་མོ་སེང་གདོང་མའི་སྨད་ལས་ལྡོག་མེད་གནམ་ལྕགས་ཐོག་ཆེན་ཞེས་བྱ་བ་བཞུགས་སོ། །

p. 362

ཤྲི་བི་ཛ་ཡནྟུཛ། རིག་སྔགས་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་གྱིས། །ཕས་རྒོལ་བདུད་སྡེའི་བྲག་རི་འབུམ་འཇིག་པ། །བླ་མ་བདུད་འདུལ་དྲག་མོར་གུས་བཏུད་ནས། །མངོན་སྤྱོད་དམོད་པའི་འཕྲུལ་འཁོར་འདི་ན་བསྐོར། །[དེ་ཡང་འཇིགས་བྱེད་བདུད་འདུལ་དྲག་མོའི་སྨད་ལས་མངོན་སྤྱོད་དམོད་པའི་གཟེར་ཁ་ཟབ་མོ་ལག་ཏུ་ལེན་པ་ལ་སྤྱི་དོན་རྣམ་པ་གསུམ་སྟེ། སྔོན་འགྲོ་བཅས་གཤོམ། ཆོ་ག་དངོས་གཞི། རྗེས་ཀྱི་བྱ་བའོ། །][དང་པོ་ནི། ལྟ་བའི་གདིང་དང་ལྡན་ཅིང་བསྙེན་སྒྲུབ་ལས་གསུམ་ལ་དྲོད་ཚད་བརྙེས་པའི་སྔགས་པས། །དཔའ་བརྟུལ་ཆེ་བ་དྲག་པོའི་འཁོར་དང་ལྷན་ཅིག །གནག་ཅིང་རྩུབ་པ་མངོན་སྤྱོད་དང་རྗེས་སུ་མཐུན་པའི་གནས་སུ། མར་ངོའི་གཟའ་སྐར་ཚེས་གྲངས་སོགས་དྲག་ཅིང་རྩུབ་པའི་དུས་སམ་གློ་བུར་གྱི་ཚེ་ནའང་རུང་སྟེ་

p. 363

ནམ་སྐབས་སུ་བབས་པ་ན། གང་དུ་བྱ་བའི་གནས་དེར་དམ་ཚིག་གི་རྟེན་དགྲམ་ཞིང་སྤྱན་གཟིགས་ཇི་སྙེད་པ་བཀོད་ལེགས་བརྗིད་ཆགས་པར་བསྟར། སྟེགས་བུ་མཐོ་བ་ལ་རྩ་བའི་མཆོད་གཏོར་དམ་ཅན་གཏེར་སྲུང་གཞི་བདག་གི་གཏོར་མའི་བར་མཆོད་པ་དང་བཅས་པ་སྤྱིར་ལྟར་བཤམ༔ ལས་དཀྱིལ་གྱི་གཞི་དེར་དུག་ཁྲག་གིས་ཆག་ཆག་བཏབ་པར་ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ་རྗེས་ཁྲུ་གང་ལས་མི་ཆུང་བ་ཟླུམ་པོར་བསྐོར་ལ། སྐོར་ཐིག་དང་ཤར་གྱི་ཚངས་ཤིག་འཕྲད་མཚམས་ནས་བཟུང་སྟེ་ནུབ་བྱང་གི་ཟུར་ཐིག་དང་བྱང་གི་རྩ་ཐིག་བར་གྱི་ཟླུམ་ཐིག་ཆ་གསུམ་དུ་བགོས་པའི་ཆ་གཉིས་བྱང་དང་ཆ་གཅིག་ནུབ་ཏུ་བོར་བའི་འཕྲད་མཚམས་ནས་ཆོས་འབྱུང་གི་གཡོན་གྱི་ལོགས་ཐིག་བཏབ། དེ་བཞིན་དུ་ལྷོ་དང་ལྷོ་ནུབ་ཀྱི་བར་ལ་གཡས་དང༌། དེ་གཉིས་རྩེ་སྦྲེལ་བས་རྒྱབ་ཀྱི་ལོགས་ཐིག་འབྱུང་ངོ༌། །ཟུར་གསུམ་

p. 364

དུ་སོར་གཉིས་རེ་བསྣན་པའི་རྩེ་རྣམས་སྤྲེལ་ཏེ་མུ་རན་དང༌། དེའི་ཕྱིར་མེའི་ར་བ་གྲུ་གསུམ་ཆེ་ཆུང་ཇི་ལྟར་འོས་པ། ཆོས་འབྱུང་གི་ནང་གི་གྲྭ་གསུམ་ནས་ཟླུམ་ཐིག་ལྔ་བསྐོར་བ་ལ། མུ་ཁྱུད། རྩིབས་བརྒྱད། རྩིབས་བཞི། ཐོད་པ། ལྟེ་བ་དང༌། དབུས་སུ་ཆོས་འབྱུང་གི་གྲྭ་མདུན་བསྟན་མུ་རན་དང་བཅས་པའི་ཐིག་བཏབ། རྒྱས་པ་ལ་དགའ་ན་ཆོས་འབྱུང་གི་ཕྱི་རོལ་རྡོ་ར་མེ་རིས་ཀྱང་བསྐོར། རྡུལ་ཚོན་དགྱེ་བ་ནི། ཆོས་འབྱུང་གི་ནང་ནག་པོ། མུ་རན་སྔོན་པོ། ཟླ་གམ་ཁྲག་མཚོ། མུ་ཁྱུད་ཐོད་སྐམ། རྩིབས་བཞི། རྩིབས་བརྒྱད་སྔོན་པོ། རྩིབས་མཚན་ཁྲག་མཚོ། མུ་ཁྱུད་ཕྱི་མ་དམར་སེར། ཆོས་འབྱུང་དང་མུ་རན་སྔར་བཞིན། མེ་རི་དམར་སེར་འབར། རྡོ་ར་ཡོད་ན་སྤྱི་མཐུན། ཆོས་འབྱུང་ལྟེ་བར་ཉི་གདན་ལ་ཐོད་ཁྲག་སྟེང་གྲི་གུག །ལྷ་གནས་གཞན་དུ་ས་བོན་ནམ་མེ་ཏོག་ནག་པོའི་ཚོམ་བུ་བཀོད། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་རྗེན་ཕྱེ་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་རྣོ་དབལ་ཅན་ལ་འཁོར་དམར་གྱི་བཤོས་ཕྲན་ལྷ་གྲངས་ཀྱིས་བསྐོར་བའི་རྩེ་མོར་སྐུ་རྟེན་དར་ནག་གི་འཕུར་ལྡིང་གཡོ་ཞིང༌། ཁྲག་ཀོང༌། མཚེ་ཡུངས། རྩང་དམར། ཁྲམ་བྱང༌། རྒྱུ་རློན་གྱི་ལྡ་ལྡི་སོགས་དྲག་རྒྱན་རྔམས་བརྗིད་དང་ལྡན་པ་འགོད། མཐའ་སྐོར་དུ་ཕུང་ས་སྣ་ཚོགས་རྔ་མོང་ཁྱི་ཕག་སྤྱང་ཀིའི་བྲུན་དང་དུག་ཁྲག་གིས་སྦྲུས་པའི་ཀོང་བུ་གྲུ་གསུམ་གདེངས་ཀ་ཅན་ཁ་དཔངས་མཉམ་པར་སོར་བཞི་པ་ནང་དུག་ཁྲག་གི་དམར་པོ་དང་ཕྱི་རོ་སོལ་

p. 365

གྱིས་ནག་པོར་བྱུགས་པ་དགུའི་ནང་དུ། སྐྱེར་པའི་ཕུར་པ། ཡུངས་ཀར་གོང་བུ། མི་ཁྱིར་ཁྲག་དམེ་ཁྲག་སྦྱར་བ། བྲག་ནག་ལ་སྐྱེས་པའི་མཚེ། དུག་སྣ་མྱོས་བྱེད་དང་སྦྱར་བ། གྲི་ལྕགས་ཀྱི་རལ་གྲི། སྐྱེར་མདའ་དུག་ཤིང་གི་མདེའུ་ཅན། དུར་ཁྲོད་ཀྱི་རྡོ་ལ་དུག་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པ། ཁྲག་གིས་བྱུགས་པའི་གཏོར་མ་རྣམས་བཙུགས་པ་ལག་ལེན་བཞིན་བཤམ། མཐར་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་ཉེར་སྤྱོད་ཀྱི་གཡས་སུ་བསྐོར། སྒྲུབ་དཀྱིལ་དེའི་ལྷོ་ནུབ་སྲིན་པོའི་ཕྱོགས་སུ་དངོས་སམ་བྲིས་པའི་བྲུབ་ཁུང༌། མཐའ་མ་རྩང་ཕུར་གྱིས་བསྐོར་བའི་ནང་དུ། དུར་ཁྲོད་ཀྱི་འཇག་མ། གྲོག་མཁར་གྱི་ས། དགྲ་བོའི་ཁང་ས་དང་དྲི་མ་རྣམས་སྦྱར་བའི་ལིངྒ་དབང་པོ་དོད་པ་ཞིག་བྱས་ལ་དེའི་སྙིང་གར་རོ་རས་ལ་དགྲ་སྲོག་སྤུ་གྲིའི་འཁོར་ལོ་མན་ངག་བཞིན་བྲིས་པ་བཅུག་ཅིང་ཡན་ལག་བྱད་ཐག་སྔོ་དམར་གྱིས་བཅིངས་པའི་སྣེ་མོ་ཐུན་ཕུར་ལ་བཏགས། དེའི་ཉེ་ལོགས་སུ་བྱ་རོག་དང་འུག་པའི་དང་རུ། གུ་གུལ་སོགས་དབྱེ་རྫས། འབེབས་པའི་ཡུངས་ཀར། ཚོན་སྐུད་དང་ཤི་ཡུག་གི་སྐྲའི་བྱད་ཐག །མྱོས་བྱེད་ཀྱི་དུག་ཁྲག །ཕྱེ་གསུམ་སོགས་དུག་ཁྲག་དང་སྦྱར་བའི་ཐུན་རྫས། གདབ་པའི་ཕུར་པ། གྲི་ལྕགས་ཀྱི་རལ་གྲི། ཐོ་བ། ཧོམ་གཟར་དང་བཅས་པ་བཤམ། གཞན་ཡང་ཐུན་གཏོར། གསེར་སྐྱེམས། གཏོར་མ་དང་ཚོགས་ཀྱི་ལོངས་སྤྱོད། སྤོས་དང་རོལ་མོའི་བྱེ་བྲག་སོགས་ཉེ་བར་ཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་

p. 366

མེད་པར་འདུ་བྱའོ། །གཉིས་པ་ཆོ་ག་དངོས་ཀྱི་རིམ་པ་ལ་གཉིས། ཏིང་ངེ་འཛིན་གྱི་རྫོང་བཅའ་བ་དང༌། དྲག་པོའི་ལས་ཀྱིས་གཡུལ་འགྱེད་པའོ། །དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲང་ལ་དམིགས་པའི་ཁྱད་པར་དཔེར་ན་བཞིན་གཅིག་ལ་མེ་ལོང་གཉིས་སུ་གཟུགས་བརྙན་སོ་སོར་འཆར་བ་བཞིན་བདག་མདུན་གཅིག་ཅར་དུ་གསལ་བཏབ། བསྙེན་སྒྲུབ་ཀྱིབཟླས་པ་ཅི་ནུས་དང་སྲུང་བའི་བཟླས་པ་བརྒྱ་རྩ་ལས་མི་ཉུང་བར་བཟླ། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མའི་ཆོ་ག་དང༌། ཚོགས་ཀྱི་མཆོད་པ་བྱིན་གྱིས་བརླབ་པ་ནས་བར་པ་བཤགས་པའི་མཐར་ཐུག་པར་བཏང་ངོ༌། །[གཉིས་པ་དྲག་པོའི་ལས་ཀྱིས་གཡུལ་འགྱེད་པ་ལ། སྔོན་དུ་བྱ་བ་གསུམ། བར་དུ་བྱ་བ་ལྔ། རྗེས་སུ་བྱ་བ་དྲུག་གི །སྔ་མ་ལ་གསུམ་ལས།] [དང་པོ་ཐུགས་དམ་བསྐུལ་བ་ནི། ཧཱུྃ་བྷྱོ༔ ང་ནི་ཡེ་སངས་རྒྱས་པ་ཀུན་བཟང་མོ༔ ང་ནི་འཁོར་འདས་ཡོངས་ཀྱི་བདག་མོ་ཆེ༔ ང་ནི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ༔ ང་ནི་ཆོས་སྐུའི་མཁའ་འགྲོ་ཀུན་གཙོ་མོ༔ ང་ནི་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ང་ནི་རྒྱལ་ཡུམ་མཁའ་འགྲོ་སེང་གདོང་མ༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་ཀུན་གཙོ་མོ༔ ང་ནི་མཁའ་འགྲོ་བདེ་ཆེན་རྒྱལ་མོ་སྟེ༔ ང་ནི་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་སྐུའི་མཁའ་འགྲོ་ཀུན་གྱི་སྤྱི་རྗེ་མོ༔ ང་ནི་ཁྱབ་བདག་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་མ་ལུས་

p. 367

ཐམས་ཅད་ང་ཡིས་དབང་༔ ཧཱུྃ་ཛཿ ཆོས་དབྱིངས་སྐྱེ་བ་མེད་པའི་ཀློང་དཀྱིལ་ནས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ ཆོས་སྐུའི་ཀློང་དུ་ཆོས་སྐུའི་མཁའ་འགྲོ་གཙོ༔ རྒྱལ་ཀུན་བསྐྱེད་ཡུམ་ཀུན་ཏུ་བཟང་མོ་ཉིད༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ སྤྲུལ་པ་གར་བསྒྱུར་ཕྲིན་ལས་དུས་ལ་བབ༔ སྐྱེ་མེད་ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་བརྗིད་དྲག་པོའི་སྐུར་བཞེངས་ཤིག༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ཧཱུྃ་ཛཿ དམར་ནག་འབར་བ་ཟླ་གམ་དབང་གི་དལ༔ འགགས་མེད་རོལ་པ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་ལོངས་སྐུའི་མཁའ་འགྲོའི་གཙོ༔ མི་ཤིགས་འཇིགས་བྱེད་མཁའ་འགྲོ་སེང་གེའི་གདོང་༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཞི་ཉིད་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་པ་དྲག་པོའི་སྐུར་བཞེངས་ཤིག༔ སྐུ་ཡི་བཀོད་

p. 368

པ་རབ་འབྱམས་ངོམས་པ་ཡིས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་རབ་བཀྲ་མཛོད༔ ལོངས་སྐུའི་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ དྲག་པོའི་ཕྲིན་ལས་མངོན་མཛད་དུས་ལ་བབ༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཀྱི་མཐུ་སྟོབས་གར་བསྒྱུར་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ བདེ་ཆེན་པདྨ་འོད་འཁྱིལ་གཞལ་ཡས་ནས༔ སྤྲུལ་པའི་སྐུར་སྟོན་སྤྲུལ་སྐུའི་མཁའ་འགྲོའི་གཙོ༔ བདེ་ཆེན་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་མ༔ བསྐུལ་ལོ་ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཆོས་ཉིད་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ ཁྲོ་གཏུམ་རྔམས་པ་དྲག་པོའི་སྐུར་བཞེངས་ཤིག༔ སྤྲུལ་སྐུའི་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ དྲག་པོའི་ཕྲིན་ལས་མངོན་མཛད་དུས་ལ་བབ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ཤར་ཕྱོགས་གཏུམ་དྲག་རྔམས་

p. 369

པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་མ༔ རྡོ་རྗེ་མཁའ་འགྲོ་སྤྲུལ་འཁོར་འབུམ་སྡེར་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ལྷོ་ཕྱོགས་གད་རྒྱང་སྒྲོགས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་མ༔ རིན་ཆེན་མཁའ་འགྲོ་སྤྲུལ་འཁོར་འབུམ་སྡེར་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་མ༔ པདྨ་མཁའ་འགྲོ་སྤྲུལ་འཁོར་འབུམ་སྡེར་

p. 370

བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ བྱང་ཕྱོགས་ཀཱི་ལ་ཡ་ཡི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་མ༔ ལས་ཀྱི་མཁའ་འགྲོ་སྤྲུལ་འཁོར་འབུམ་སྡེར་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཤར་ཕྱོགས་མེ་རི་འབར་བའི་ཀློང་དཀྱིལ་ནས༔ གཏི་མུག་ཀླུ་གདོན་འདུལ་བའི་མཐུ་མོ་ཆེ༔ སྐུ་སྤྲུལ་ཁྱུང་གདོང་དཀར་མོ་སྐུ་བཞེངས་ཤིག༔ མངོན་སྤྱོད་ལྷུན་གྲུབ་མཁའ་འགྲོ་བྱེ་བ་འབུམ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་

p. 371

དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ལྷོ་ཕྱོགས་རླུང་ནག་འཚུབས་པའི་ཀློང་དཀྱིལ་ནས༔ ང་རྒྱལ་རྒྱལ་འགོང་འདུལ་བའི་མཐུ་མོ་ཆེ༔ ཡོན་ཏན་སྡིག་གདོང་སེར་མོ་སྐུ་བཞེངས་ཤིག རབ་འབྱམས་ཕྲིན་ལས་ལྷུན་གྲུབ་མཁའ་འགྲོ་འབུམ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ་བརྣག་པའི་དགྲ་དང་བགེགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ནུབ་ཕྱོགས་ཁྲག་མཚོ་འཁྱིལ་བའི་ཀློང་དཀྱིལ་ནས༔ འདོད་ཆགས་མོ་གདོན་འདུལ་བའི་མཐུ་མོ་ཆེ༔ གསུང་སྤྲུལ་འཕར་གདོང་དམར་མོ་སྐུ་བཞེངས་ཤིག༔ རབ་འབྱམས་ཕྲིན་ལས་ལྷུན་གྲུབ་མཁའ་འགྲོ་འབུམ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ བྱང་ཕྱོགས་གསོད་གཅོད་ལས་ཀྱི་འཁྲུལ་འཁོར་ནས༔ ཕྲག་དོག་བྱད་མ་འཇོམས་པའི་འཕྲུལ་མོ་ཆེ༔ ཕྲིན་ལས་ཁྱི་གདོང་ལྗོང་མོ་སྐུ་བཞེངས་ཤིག༔ རབ་འབྱམས་ཕྲིན་ལས་

p. 372

ལྷུན་གྲུབ་མཁའ་འགྲོ་འབུམ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཤར་ལྷོ་རབ་འཇིགས་རྔམས་པའི་ཀློང་དཀྱིལ་ནས༔ དམར་ནག་དབང་དྲག་འཛོམ་པ་འུག་པའི་གདོང་༔ དམ་ཚིག་མཁའ་འགྲོ་འབུམ་སྡེ་སྐུ་བཞེངས་ཤིག༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ལྷོ་ནུབ་རབ་རྒྱུའི་དུར་ཁྲོད་ཆེན་པོ་ནས༔ སེར་ནག་བྱ་རོག་གདོང་ཅན་དྲག་གཏུམ་རྔམས༔ ཐམས་ཅད་མཁའ་འགྲོ་སྤྲུལ་འཁོར་འབུམ་སྡེ་བཞེངས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ནུབ་བྱང་ཁྲག་མཚོ་རོལ་པའི་དུར་ཁྲོད་ནས༔ ལྗང་ནག་ཆེན་མོ་དུར་བྱའི་གདོང་པ་ཅན༔ སྤྲུལ་འཁོར་ཤ་ཟ་མཁའ་འགྲོ་འབུམ་སྡེ་བཞེངས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་

p. 373

བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ བྱང་ཤར་མངོན་སྤྱོད་ལྷུན་གྲུབ་དཀྱིལ་འཁོར་ནས༔ མཐིང་ནག་རབ་འཇིགས་སྦྲུལ་གྱི་གདོང་པ་ཅན༔ འཇིག་རྟེན་མཁའ་འགྲོ་འབུམ་སྡེ་སྐུ་བཞེངས་ཤིག༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཛཿ དཀར་གསལ་ཟླུམ་པོར་འཁྱིལ་བའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ ཞི་བའི་ལས་མཛད་སྒོ་མ་ལྕགས་ཀྱུ་མ༔ ཞི་བའི་མཁའ་འགྲོ་འབུམ་སྡེ་དང་བཅས་པ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཧཱུྃ༔ སེར་གསལ་གྲུ་བཞི་གདེངས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ རྒྱས་པའི་ལས་མཛད་སྒོ་མ་ཞགས་པ་མ༔ རྒྱས་

p. 374

པའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ བཾ༔ དམར་ནག་ཟླ་གམ་གདེངས་པའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ དབང་གི་ལས་མཛད་སྒོ་མ་ལྕགས་སྒྲོགས་མ༔ དབང་གི་མཁའ་འགྲོ་མ་ཚོགས་འབུམ་སྡེ་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཧོཿ ལྗང་ནག་གྲུ་གསུམ་འབར་བའི་དུར་ཁྲོད་ནས༔ མི་བཟད་རབ་འཇིགས་ཁྲོ་གཏུམ་སྐུར་སྟོན་ཅིང་༔ དྲག་པོའི་ལས་མཛད་སྒོ་མ་དྲིལ་བུ་མ༔ དྲག་པོའི་མཁའ་འགྲོ་མ་ཚོགས་འབུམ་སྡེ་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཧཱུྃ་ཛཿ སྨུག་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔

p. 375

སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊཱི་མ༔ བསྐལ་པའི་ཞིང་གི་རྡུལ་སྙེད་འཁོར་དང་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཧཱུྃ་ཛཿ བྱང་ཤར་མུ་ལེ་གཏིང་གི་ཁྲག་མཚོ་རུ༔ དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ཆེ༔ ཁྱེད་ཀྱི་འཁོར་ཚོགས་མ་མོ་མཁའ་འགྲོའི་སྡེ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ བྷྱོ༔ དཀྱིལ་འཁོར་ཀུན་གྱི་མཐའ་འཛིན་ཕྲིན་ལས་སྒྲུབ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཧཱུྃ་ཛཿ ཧེ་ཆེན་དྷ་ནའི་དུར་ཁྲོད་ཆེན་པོ་ནས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་

p. 376

ཚོགས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཧཱུྃ་ཛཿ ཕོ་བྲང་མཁའ་སྤྱོད་ཙཱ་རིའི་གཞལ་ཡས་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་སྲས་འཁོར་བཅས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཧཱུྃ་ཛཿ སྔོན་ཚེ་རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱི༔ བཀའ་དང་དམ་ལ་གནས་པའི་བསྟན་སྲུང་ཚོགས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཅག་མཐུ་རྩལ་སྟོབས་ཀྱི་ཤུགས་ཕྱུང་ལ༔ དུས་མཐའི་བདུད་བགེགས་རྒྱལ་བསེན་འདུལ་བ་དང་༔ བདག་གི་ཡིད་ལ༴ མྱུར་དུ་ཁུག་ལ༴ ཧོཿ གསོན་ཅིག་དགོངས་ཤིག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྣལ་འབྱོར་བདག་ནི་མཉེས་མ་ཡོའོ༔ དམ་ཉམས་དགྲ་བགེགས་ལོག་འདྲེན་བྱད་མ་འདིས༔ བདག་ལ་དོ་བསྡོ་ཕོད་བཙུགས་ཡ་བཟུང་ཞིང་༔ ཚེ་ལ་བརྐུ་ཞིང་སྲོག་ལ་འཇབ་པ་དང་༔ དཀོར་ལ་རྔམས་

p. 377

ཤིང་སྒྲུབ་ལ་བར་ཆད་བརྩམ༔ མ་ཉེས་འདུག་ཀྱང་འདུག་པའི་དབང་མེད་བྱས༔ བྲོས་ཀྱང་བདས་ཤིང་གབ་ཀྱང་དེར་སླེབས་བྱུང་༔ ལན་ཆགས་འཇལ་ཀྱང་འཕྲོག་བཅོམ་བྱེད་དུ་ཆས༔ ཞི་བ་བྱས་ཀྱང་དྲག་པོའི་ལས་བཙུག་བྱུང་༔ བདེན་པར་སྨྲས་ཀྱང་རྫུན་གྱི་ཟོན་གཅུག་བྱུང་༔ ལེགས་པར་བསྒྲུབ་ཀྱང་ཉེས་པའི་སྔོན་རྒྱུག་བྱུང་༔ དེ་ལྟར་བདག་ལ་སྡང་བའི་དགྲ་བགེགས་འདིས༔ ཚེ་རབས་ཐོག་མ་མེད་པའི་དུས་དག་ནས༔ ད་ལྟའི་བར་དུ་སྡུག་བསྔལ་མྱོང་དུ་བཅུག༔ ལོག་ལམ་མི་དགེའི་ཉེས་ལམ་འདི་ཡིས་བསྟན༔ ལེགས་ལམ་དགེ་བའི་ལས་ཀྱང་འདི་ཡིས་བསྒྲིབ༔ བདེན་པའི་ཚིག་ཀྱང་འདི་ཡིས་རྫུན་དུ་གཟད༔ དགེ་བའི་ལས་ཀྱང་འདི་ཡིས་མི་དགེ་བསྒྱུར༔ བདེ་བའི་འབྲས་བུ་འདི་ཡིས་སྡུག་ལ་བཙོང་༔ ཉེས་མེད་སེམས་ཅན་རྣམས་ལ་འདི་ཡིས་འཚེ༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད༔ སྐྱེ་འགྲོའི་བདེ་བཅོམ་བསྟན་པའི་ཆོས་ཁྲིམས་བཤིག༔ ཉེས་ཅན་འདི་ལ་བཀའ་ཡི་ཆད་པ་ཆོད༔ རི་བོའི་རྩེ་ཁོངས་རྒྱ་མཚོའི་ཁ་གཏིང་དང་༔ ཉི་ཟླའི་གོ་བར་སྤྲིན་ཀློང་བྲག་རིའི་ནང་༔ དཀོན་མཆོག་སྐྱབས་ཞབས་སྔགས་པའི་སྲུང་གུར་སོགས༔ གང་ན་

p. 378

ཡོད་ཀྱང་མ་བཏང་མ་ཤོར་བར༔ གཟུགས་བྱང་རཱུ་པ་འདི་ལ་གཉིས་མེད་ཁུག༔ བསྐུལ་ལོ་བསྐུལ་ལོ་མ་དང་མཁའ་འགྲོ་རྣམས༔ དད་གུས་གདུང་བས་མ་དང་མཁའ་འགྲོ་བསྐུལ༔ རེ་བའི་སྐྱབས་གནས་མ་དང་མཁའ་འགྲོ་འབོད༔ མ་གཡེལ་མ་གཡེལ་ཐུགས་རྗེའི་སྟོབས་རྩལ་ཅན༔ ཁྱེད་ཅག་ཐུགས་དམ་གཉན་པོའི་དུས་ལ་བབ༔ བསྟན་སྲུང་རྒྱ་མཚོ་དམ་ཚིག་གཉན་གྱིས་བསྐུལ༔ ཕྲིན་ལས་སྒྲུབས་ཤིག་བཛྲ་ས་མ་ཡ༔ ཨོཾ་མ་ཧཱ་ཀྲོ་དྷི་སེང་ཧ་མུ་ཁ་རིཿནིཿསཿཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ སརྦ་དྷྲརྨ་པཱ་ལ་ཀྵེ་ཏྲ་པ་ལ་ལོ་ཀ་པཱ་ལ་བཛྲ་ས་མ་ཡ་ཛ་ཛཿ དགྲ་བགེགས་ཆེ་གེ་མོ་དང་གནོད་བྱེད་སརྦ་ཁུག་ཛཿ མཱ་ར་ཡ་རྦད་རྦད་བྷྱོ་ནན་ཛ་ཁུག་སྟྭཾ༔ [ཞེས་བསྐུལ།] [གཉིས་པ་གསེར་སྐྱེམས་འབུལ་བ་ནི། ཛ་གད་གསེར་དང་སྦྱར་བའི་སྨན་ཕུད་ཨོཾ་ཨཱཿཧཱུཾ༔ གིས་འདོད་ཡོན་ཟག་པ་མེད་པ་ལོངས་སྤྱོད་ཀྱི་གཏེར་དུ་བྱིན་གྱིས་བརླབས་ནས་ཕྱོགས་བཅུར་འཐོར་ཞིང༌།] ཧཱུཾ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཞིང་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་བདུད་འདུལ་དྲག་མོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་

p. 379

མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་གཏེར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་སོགས་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས༴ [ཅེས་འབུལ།] [གསུམ་པ་གཟུ་དཔང་གསོལ་བ་ནི།] ཀྱཻ༔ གསོན་ཅིག་དགོངས་ཤིག་རྒྱལ་བ་ཐུགས་དམ་ཅན༔ བརྒྱུད་པའི་བླ་མ་རིག་འཛིན་དམ་ལ་དགོངས༔ ཡི་དམ་དཔའ་བོ་རྒྱ་མཚོ་དམ་ལ་དགོངས༔ མ་རྒྱུད་ཡེ་ཤེས་མཁའ་འགྲོ་དམ་ལ་དགོངས༔ མཁའ་འགྲོ་མ་མོ་ཤུགས་འགྲོ་དམ་ལ་དགོངས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་དམ་ལ་དགོངས༔ ཡུལ་ལྷ་གཞི་བདག་ཕོ་མོ་དམ་ལ་དགོངས༔ མ་ཉེས་རང་སར་འདུག་པའི་རྣལ་འབྱོར་ང་༔ རང་དབང་མེད་པར་ཡང་ཡང་རྐྱེན་གྱིས་བཅོམ༔ ད་ནི་འདུག་པའི་དབང་མི་ལྡན་པར་བྱས༔ ང་ནི་མ་ཉེས་མ་ཡོ་མཁྱེན་ལྡན་རྣམས༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ བསླུ་མཁན་གྱིས་འཁོར་བའི་གཡང་སར་བསླུས༔ མཐོ་རིས་ཐར་པའི་ལམ་ལས་རིང་དུ་བསྐྱལ༔ སྡུག་བསྔལ་མེད་པར་སྡུག་བསྔལ་

p. 380

ཁུར་ཆེན་བཀལ༔ ད་ལྟ་སྐད་ཅིག་དལ་ཐོབ་སྐབས་འདིར་ཡང་༔ ལྷ་ཆོས་དོན་གཉེར་སྡིག་པ་སྤངས་པའི་མོད༔ ཉེས་བྱས་དགྲ་བགེགས་ཕོ་མོ་དགྲ་རུ་ལངས༔ ནག་ཕྱོགས་བདུད་ཀྱི་བསླུ་བ་འཚུབས་བྱུང་ནས༔ དམ་ཆོས་སྒྲུབ་ལ་བར་ཆད་བརྩམ་ནས་བྱུང་༔ མཁྱེན་ལྡན་རྣམས་ཀྱིས་མཁྱེན་པས་དགོངས་མཛོད་ཅིག༔ མི་འདོར་མཁྱེན་བརྩེ་མངའ་རྣམས་མཁྱེན་རེ་རན༔ རྟག་ཏུ་དམ་ལྡན་དཔུང་ལ་ཡོད་སྲིད་ན༔ ད་ལྟ་བདག་གི་དཔུང་ལ་འབྱོན་རེ་རན༔ བཀའ་ཡི་སྲུང་མར་དམ་ཚིག་གནས་གྱུར་ན༔ དམ་ཉམས་དགྲ་བགེགས་ད་ལྟ་གསོད་རེ་རན༔ ཆོས་བཞིན་སྤྱོད་ལ་ནུས་མཐུ་ཡོད་སྲིད་ན༔ ད་ལྟ་བརྣག་པའི་དགྲ་བགེགས་གསོད་རེ་རན༔ དཀོན་མཆོག་གསུམ་ལ་བདེན་པ་ཡོད་སྲིད་ན༔ བསླུ་བྱེད་ནག་ཕྱོགས་བདུད་བགེགས་བསྒྲལ་རེ་རན༔ མཁྱེན་ལྡན་སྲིད་ན་མཁྱེན་པས་དགོངས་རེ་རན༔ མཁྱེན་བརྩེའི་ཐུགས་ཀྱིས་བདག་ལ་ད་དགོངས་ཤིག༔ མི་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ཆོས་སྒྲུབ་རྣལ་འབྱོར་དམ་ལྡན་བདག་ཅག་རྣམས༔ ཐུགས་རྗེས་ཡལ་བར་དོར་ན་སུ་ལ་རེ༔ སྒོམ་སྒྲུབ་ལྷུར་ལེན་བྱས་པའི་དོན་དེ་གང་༔ མཁྱེན་ཅིག་དགོངས་ཤིག་ཞལ་བཞེས་རྡོ་རྗེའི་ཚིག༔ དམ་ཚིག་

p. 381

དུས་ལ་བབ་བོ་ས་མ་ཡ༔ ཀྱཻ༔ བརྒྱུད་གསུམ་བླ་མ་གཟུ་དང་དཔང་ལ་དགོངས༔ ཡི་དམ་ལྷ་ཚོགས་གཟུ་དང་༴ མ་ཚོགས་མཁའ་འགྲོ་གཟུ་དང་༴ བསྟན་སྲུང་ཕོ་མོ་གཟུ་དང༴ རྣལ་འབྱོར་བདག་ནི་མ་ཉེས་མ་ལན་ནོ༔ ཆོས་བཞིན་སྤྱད་ཀྱང་སྡིག་པ་སྒོ་ཉལ་བྱུང་༔ ཚུལ་བཞིན་སྤྱོད་ཀྱང་ཚུལ་མིན་སུན་འབྱིན་བྱུང་༔ སྒོམ་སྒྲུབ་བྱས་ཀྱང་བསླུ་བྱེད་བདུད་ཀྱིས་ཕྲོག༔ གཅིག་པུར་བསྡད་ཀྱང་དགྲ་བགེགས་གློ་བུར་ལངས༔ གདུག་ཅན་དམ་ཉམས་དགྲ་བགེགས་ལས་ངན་འདིས༔ ཇི་ལྟར་བྲོས་ཀྱང་མ་ཐར་སླེབས་ནས་བྱུང་༔ གང་ལྟར་གབ་ཀྱང་མ་ཤོར་ཟིན་ནས་བྱུང་༔ ཡས་གླུད་འཇལ་ཀྱང་མ་ཕན་ཇེ་རྔམས་ནས༔ བྲོས་དེད་གབ་ཟིན་ཐར་ཐབས་མ་མཆིས་པས༔ མི་བྱེད་དབང་མེད་དྲག་པོའི་མཐུ་ལ་བརྩོན༔ མ་གཡེལ་མ་འགྱང་ཡེ་ཤེས་ལྷ་ཚོགས་རྣམས༔ དམ་ཉམས་བསྟན་བཤིག་ལས་ངན་དགྲ་བགེགས་འདིས༔ སངས་རྒྱས་བསྟན་པ་གཉན་པོ་རྫུན་ཁྱེར་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་འདི་ཡིས་སྨད༔ ཉེས་མེད་སེམས་ཅན་རྣམས་ལ་འདི་ཡིས་འཚེ༔ དགོན་སྡེ་ཚོགས་གྲྭའི་ཆོས་ཁྲིམས་འདི་ཡིས་བཤིགས༔ མི་རུང་

p. 382

དགེ་འདུན་ལུས་ལ་མཚོན་དབལ་བཏབ༔ མི་ཕྱེད་མཐུན་པའི་མཆེད་ལྕམ་དབྱེན་གྱིས་ཕྱེས༔ མི་དགེ་སྡིག་པའི་ཁྲིམས་ར་འདི་ཡིས་བཙུག༔ ལེགས་ལམ་དགེ་བ་བཅུ་པོ་འདི་ཡིས་བཅད༔ ཡེ་ཤེས་ལྷ་ལ་སྐུར་བཏབ་དང་ལྡན་བཟློག༔ བསྟན་སྲུང་དམ་ཅན་རྣམས་ལ་བརྙས་བཙུགས་བྱས༔ བདེན་པའི་དམ་ཆོས་རྫུན་དུ་ཟོང་ལ་གླེང་༔ མཚན་ལྡན་བླ་མའི་སྐུ་ལ་འདི་ཡིས་བསྡོས༔ རྣལ་འབྱོར་བདག་གི་ལུས་སྲོག་དཀོར་ལ་བབས༔ དེ་འདྲའི་ཉེས་ཅན་དམ་ཉམས་ལས་ངན་འདི༔ གང་ན་གནས་ཀྱང་མྱུར་དུ་ཁུག་ལ་སྒྲོལ༔ དུས་ལ་བབ་བོ་བཛྲ་ས་མ་ཡ༔ [ཞེས་དཔང་གཟུག་གོ། །][གཉིས་པ་བར་དུ་བྱ་བའི་ལས་ལ་ལྔ་ལས། དང་པོ་དམིགས་བྱ་བསྐྱེད་ཅིང་འགུག་གཞུག་བྱ་བ་ནི།] ཨེ་ཕཊ༔ རང་ཉིད་ཀྱི་ཕར་མདུན་བསྐྱེད་ཀྱི་ཚུར་བར་དུ་ཨེ་ནག་པོ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ཁ་དོག་ལ་གཏིང་ཡངས་པ་ཕྱི་ན་ཞེ་སྡང་གི་མེ་དམར་ནག་ཏུ་འབར་བ༔ ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ བར་ན་གཏི་མུག་གི་མུན་ནག་འཐིབ་པ༔ ཟུར་ན་ང་རྒྱལ་གྱི་བྲག་རི་འུར་དིར་དུ་ཉིལ་བ༔ ཕྱི་ནང་ཀུན་ཏུ་ཕྲག་དོག་གི་རླུང་དམར་འཚུབས་ཤིང་མཚོན་ཐུན་ནད་དུག་གི་ཆར་འབེབས་པ༔ ལས་མཁན་དཔག་ཏུ་མེད་པས་སོད་སོད་དང་ཆོད་ཆོད་ཀྱི་འཇིགས་སྒྲ་དི་རི་རི་སྒྲོགས་

p. 383

པ༔ ཟ་བྱེད་བྱ་གཅན་མང་པོས་ངར་སྐད་འདོན་ཅིང་རྒྱུག་མཆོང་བྱེད་པ༔ ཕྱི་ལ་བྲོས་པའི་ཡུལ་འགགས་ཤིང་ནང་དུ་གབ་པའི་གནས་མེད་པ༔ ཉོན་མོངས་རང་འཆིང་རང་བྱས་ཀྱི་བཙོན་ཁང་ནག་པོ་དེའི་དབུས་སུ་ནྲྀ་ཏྲི་ཡོངས་སུ་གྱུར་པ་ལས་དམ་ཉམས་པའི་དགྲ་བགེགས་ཐམས་ཅད་འདུས་པའི་ངོ་བོ་གཟུགས་ཁམས་སྐྱེ་མཆེད་ཚང་ཞིང་ཤ་སྔོ་ལ་སྐྱ་བ་ཧམ་ཞིང་རིད་པ་ཁ་དུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ རྐང་ལག་ལྕགས་སྒྲོག་གིས་བསྡམ་པ༔ འཕར་ཞིང་སྡང་བའི་སྟོབས་མེད་ཅིང་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ནྲྀ་ཏྲི་ཤ་ཏྲཱུཾ་སརྦ་ཛཿསྟྭཾ༔ དེའི་སྙིང་གའི་ནྲྀ་ཏྲི་སྔོ་སྐྱ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་སྟོང་གསུམ་གད་ན་གནས་ཀྱང་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་རང་དབང་མེད་པར་ཡུད་ཀྱིས་བཀུག་སྟེ་རཱུ་པ་ལ་ཐིམ་པར་[བསམ་ཞིང༌།] ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་རྣམས་ཀྱི་བཀའ༴ ལྷག་པའི་ལྷ་མཆོག་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་འབུམ་

p. 384

ཕྲག་ཡངས་པའི་མཁའ་འགྲོ་རྣམས་ཀྱི་བཀའ༴ ཡེ་ཤེས་དང་ལས་ལས་གྲུབ་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་པའི་བདེན་པ་དང་༔ ཀུན་རྫོབ་རྟེནའབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་ནས་བསམ་སྦྱོར་ངན་པ་ཤོམ་པའི་སྔ་དགྲ་འདས་པ༔ ད་དགྲ་དར་བ༔ ཕྱི་དགྲ་ཡིད་ལ་བཅག་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ༔ གཟུགས་མེད་གནོད་པར་བྱེད་པའི་བགེགས༔ གནོད་པའི་སེམས་དང་ལྡན་པ༔ གདུག་པའི་སེམས་དང་ལྡན་པ༔ རྒོལ་བའི་སེམས་དང་ལྡན་པ༔ སྡང་བའི་སེམས་དང་ལྡན་པ༔ དྲག་ཤུལ་གྱི་སེམས་དང་ལྡན་པ་ཐམས་ཅད་དང་༔ བྱད་མ་རྦོད་གཏོང་གང་གནོད་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ ནྲྀཿབཛྲ་ཨཾ་ཀུ་ཤ་ཛཿ ཏྲིཿབཛྲ་ཨཾ་ཀུ་ཤ་ཛཿ རཏྣ་པཱ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ༔ ཀརྨ་གྷཎྜེ་ཧོཿ [ཞེས་ལན་བདུན་ནམ་གསུམ་སོགས་ཀྱིས་བཀུག་ནས།] ཧཱུྃ་ཛཿ ཆོས་ཀྱི་དབྱིངས་ལས་རང་བྱུང་

p. 385

མཁའ་འགྲོ་མ༔ སྙིང་རྗེའི་རང་མདངས་སྒོ་མ་ལྕགས་ཀྱུ་མ༔ ཁྱེད་ཀྱི་ཐུགས་དམ་གཉན་པོའི་དུས་ལ་བབ༔ སྡིག་ཅན་སྡང་བར་བྱེད་པའི་དགྲ་དང་བགེགས༔ ཟུང་ཞིག་སྒྲོལ་ཅིག་ཨཾ་ཀུ་ཤ་ཡ་ཛཿ ཧཱུྃ་ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་མཁའ་འགྲོ་མ༔ བྱམས་པའི་རང་མདངས་སྒོ་མ་ཞགས་པ་མ༔ ཁྱེད་ཀྱི་ཐུགས་དམ༴ སྡིག་ཅན་སྡང་༴ ཆིངས་ཤིག་སྒྲོལ་ཅིག་རཏྣ་པཱ་ཤ་ཧཱུྃ༔ ཧཱུྃ་བྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་མཁའ་འགྲོ་མ༔ དགའ་བའི་རང་མདངས་སྒོ་མ་ལྕགས་སྒྲོག་མ༔ ཁྱེད་ཀྱི་ཐུགས་དམ༴ སྡིག་ཅན་སྡང་༴ སྡོམས་ཤིག་སྒྲོལ་ཅིག་པདྨ་སྥོ་ཊ་བཾ༔ ཧཱུྃ་ཧོཿཆོས་ཀྱི་དབྱིངས་ལས་རང་བྱུང་མཁའ་འགྲོ་མ༔ བཏང་སྙོམས་རང་མདངས་སྒོ་མ་དྲིལ་བུ་མ༔ ཁྱེད་ཀྱི་ཐུགས་དམ༴ སྡིག་ཅན་སྡང་༴ ཕོབ་ཅིག་སྒྲོལ་ཅིག་ཀརྨ་གྷཎྜེ་ཧོཿ [ཞེས་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བསྐུལ།] [གཉིས་པ་གདབ་ཁའི་ཁ་ཚར་ལ་ལྔ་ལས། དང་པོ་ལྷ་དང་དབྱེ་བ་ནི། དབྱེ་རྫས་བདུག་ཅིང་བྱ་འུག་གི་སྒྲོས་འབྱེད་ཚུལ་བྱས་ལ།] ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་རྣམས༔ མགོན་སྐྱབས་བྱེད་པའི་ལྷ་དང་

p. 386

ཕྲལ་བར་གྱིས༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་སརྦ་ས་མ་ཡ་ནྲྀ་ཏྲི་ཏྲ་ག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་རཱུ་ཏྲ་མཱ་ར་ཡ་ཕྱེས་ཕྱེས་ཧཱུྃ་བྷྱོ་ཕཊ༔ [གཉིས་པ་གཟུགས་ལཾ་དབབ་པ་ནི། ཡུངས་ཀར་གྱིས་བྲབ་ཅིང་འབེབས་ཚུལ་བྱས་ལ།] ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ མངོན་སྤྱོད་དྲགཔོའི་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་རྣམས༔ ཁམས་གསུམ་སྲིད་གསུམ་གང་ན་གནས་གྱུར་ཀྱང་༔ གཟུགས་བྱད་ལིངྒ་འདི་ལ་མྱུར་དུ་ཕོབ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་སརྦ་ས་མ་ཡ༔ དགྲ་བགེགས་གནོད་བྱེད་ཆེ་གེ་མོ་སརྦ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ༔ [གསུམ་པ་བྱད་དུ་གཞུག་པ་ནི། ཚོན་སྐུད་སྔོ་དམར་ཤི་ཡུག་གི་སྐྲ་སྐུད་ཀྱིས་ཕྱིར་ལྡོག་ཏུ་དཀྲི་ཞིང༌།] ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་རྩལ་ཅན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་འདིའི༔ ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་ཆིངས༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་སརྦ་ས་མ་ཡ༔ གནོད་བྱེད་དགྲ་བགེགས་ཨ་བ་ན་ཡེ་ཧཱུྃ་བྷྱོ་ཕཊ༔ [བཞི་པ་སྨྱོ་རུ་གཞུག་པ་ནི། དུག་ཁྲག་རྡ་རྡུ་རའི་ཁུ་བས་བྲབ་ཅིང༌།] ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཡིད་ལ་

p. 387

བརྣག་པའི་དགྲ་བགེགས་ལས་ངན་འདིའི༔ ལུས་ངག་ཡིད་གསུམ་སྨྱོ་བརྒྱལ་རེངས་སུ་ཆུག༔ ཨོཾ་ཀརྨ་ཌཱ་ཀི་ནི་སེང་ཧ་མུ་ཁ་སརྦ་ས་ཡ༔ དགྲ་བགེགས་གནོད་བྱེད་ཛྭ་ལ་པ་ཡ་ཧཱུྃ་བྷྱོ་ཕཊ༔ [ལྔ་པ་ཐུན་དབབ་པ་ནི། དུག་ཁྲག་ཕྱེ་ཡུངས་སོགས་ཐུན་རྫས་སྐམ་རློན་སྣ་ཚོགས་པས་བྲབ་ལ།] ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གཟུགས་ཕུང་ལ༔ སྣ་ཚོགས་མཚོན་ཐུན་དུག་ཁྲག་ནད་ཆར་ཕོབ༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཨོཾ་ཀརྨ་ཌཱ་ཀི་ནི་སེང་ཧ་མུ་ཁ་སརྦ་ས་མ་ཡ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན་ཐུན་བྷྱོ༔ [གསུམ་པ་བསྒྲལ་ལས་དངོས་ལ་བཞི་ལས། དང་པོ་ཕུར་བུ་གདབ་པ་ནི། ཕུར་བུ་བཟུང་ལ།] རང་ཉིད་བདུད་འདུལ་དྲག་མོར་གསལ་བའི་ལག་གཡས་ཟླ་བའི་དལ་དུ་སོར་མོ་ལྔ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་དཔའ་བོ་ཡབ་ལྔར་གྱུར༔ ལག་གཡོན་ཉི་མའི་དལ་དུ་སོར་མོ་ལྔ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་དཔའ་མོ་ཡུམ་ལྔར་གྱུར༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ལས་བྱུང་བའི་ཡི་གེ་ཧཱུྃ་ལྗང་ནག་ཚེག་དྲག་དང་བཅས་པ་ལས་འོད་ཟེར་ཡར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་རྗེ་བྱིན་རླབས་མཐུ་སྟོབས་ནུས་རྩལ་ཐམས་ཅད་འོད་ཟེར་

p. 388

གྱི་རྣམ་པར་ཚུར་འདུས་ཏེ་ཧཱུྃ་ལ་ཐིམ༔ མར་འཕྲོས་འགྲོ་བ་རིགས་དྲུག་གི་འཁྲུལ་པ་ཆོས་ཉིད་ཀྱི་ངང་དུ་བཤིག༔ དེ་རྣམས་ཀྱི་སྲོག་གི་ཡི་གེ་ཨ་ནྲྀ་སུཾ་ཏྲི་པྲེ་དུ་དྲུག་པོའི་ཡེ་ཤེས་ཀྱི་མེས་བསྲེགས་ཏེ་ཧཱུྃ་དམར་ནག་ཡེ་ཤེས་ཀྱི་མེ་འབར་བ་དྲུག་ཏུ་གྱུར་ནས་ཧཱུྃ་ཡིག་ལ་ཐིམ་པས་འགྲོ་བ་རིགས་དྲུག་གི་སྲོག་འདུས་པར་གྱུར༔ ཧཱུྃ་ཡོངས་སུ་གྱུར་པ་ལས་སྐུ་གསུམ་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫིས་པ༔ ཐོད་སྐམ་ལྔས་དབུ་ལ་བརྒྱན་པ༔ ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་པ་ཐུགས་ཀར་འདྲིལ་ཞིང་སྐུ་སྨད་ཟངས་ལྕགས་འདྲེས་མའི་ཕུར་དབལ་མགར་གྱི་སོལ་མལ་ནས་ཕྱུངས་པ་ལྟ་བུ་ལས་ཕུར་པའི་ཚྭ་ཚྭ་མེ་སྟག་ལྟར་འཕྲོ་བ༔ འཕྱར་བ་ཙམ་གྱིས་སྣང་སྲིད་གཡོ་ཞིང་འདྲིལ་པ་ཙམ་གྱིས་ཁམས་གསུམ་སྒྲོལ་ནུས་པ་ཞིག་ཏུ་གྱུར༔ ཨོཾ་མ་ཧཱ་ཀྲོ་དྷི་སེང་ཧ་མུ་ཁ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿ དབུའི་དུང་ཁང་ན་ཆོས་སྐུ་ཀུན་ཏུ་བཟང་མོ༔ མགྲིན་པ་ན་ལོངས་སྐུ་རྡོ་རྗེ་ཕག་མོ༔ ཐུགས་ཀ་ན་སྤྲུལ་སྐུ་ཁྲོས་མ་ནག་མོ༔ དེའི་མཐའ་སྐོར་དུ་ཡེ་ཤེས་རང་མདངས་ལས་སྤྲུལ་པའི་མཁའ་འགྲོ་སྡེ་བཞིས་བསྐོར་བ་

p. 389

ལྟེ་བར་སྔགས་སྲུང་ཨེ་ཀ་ཛ་ཊཱི༔ རྒྱ་མདུད་འོག་མར་དཔལ་ལྡན་རང་བྱུང་རྒྱལ་མོ༔ དེ་གཉིས་ལ་ཡེ་ཤེས་དང་འཇིག་རྟེན་གྱི་མ་ཚོགས་མཁའ་འགྲོ་རྒྱ་མཚོས་བསྐོར་བར་གྱུར༔ ཕུར་བུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་རབ་ཁྲོས་སེང་གེའི་གདོང་ཅན་གྱི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཕུར་པ་ལ་གཉིས་མེད་དུ་ཐིམ༔ ཕུར་པ་དེ་རྣོ་ངར་ནུས་པ་དང་ལྡན་ཅིང་གང་ལ་བཏབ་པ་ཙམ་གྱིས་ལྷ་ཡང་རུང་སྟེ་སྒྲོལ་ནུས་པར་གྱུར༔ ཨོཾ་མ་ཧཱ་ཀྲོ་དྷི་སེང་ཧ་མུ་ཁ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿ [ལན་བདུན།] ཕུར་པ་དེ་དམིགས་བྱའི་སྙིང་གར་བཏབ་པས་དགྲ་བོའི་ཚེ་བསོད་ནམས་ཐམས་ཅད་ནྲྀ་ལྗང་གུར་གྱུར་ཏེ་ཕུར་པའི་ཁོང་གསེང་ནས་ཡར་དྲངས་སྤྱི་བོ་ནས་ཐོན་ཏེ་བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་མཐུ་རྩལ་ནུས་སྟོབས་དང་ལྡན་པར་གྱུར༔ ཡང་དགྲ་བགེགས་ཀྱི་སྙིང་གར་བཏབ་པས་ཁོའི་སྙིང་གི་དཀྱིལ་ན་སྲོག་གི་རྟེན་ཁྲག་གི་དྭངས་མ་དམར་པོ་རྒྱ་སྲན་ཙམ་པ་དེའི་ནང་དུ་རྣམ་ཤེས་ཀྱི་རྟེན་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཞིག་གནས་པ་དེ་ལ་ཕུར་པ་བཏབ་པས་ཁྲག་གི་དྭངས་མ་དེ་

p. 390

ཆུ་ཐིག་ལ་ལྕགས་སྲེགས་ཕོག་པ་བཞིན་སྐམ༔ སྲོག་རྩ་དཀར་པོ་དེ་སྤུ་ཤ་མེ་ལ་བསྲེགས་པ་ལྟར་བསྲེགས༔ རླུང་གི་འཕྲོ་འདུ་དྲུང་ནས་འབྱིན་ཅིང་བཅད༔ རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་ཡུངས་འབྲུ་ཙམ་པ་དེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་ཡར་དྲངས༔ ནིརྨཱ་ཀཱ་ཡ་སྭཱ་ཧཱ༔ ཨ་ཕཊ༔ ཅེས་ཆངས་བཟུང་གི་ཁྲོས་མར་ཐིམ༔ སམྦྷོ་ཀཱ་ཡ་སྭཱ་ཧཱ༔ ཨ་ཕཊ༔ ཅེས་ཁྲོས་མ་དང་བཅས་པ་ཕག་མོ་ལ་ཐིམ༔ དྷརྨཱ་ཀཱ་ཡ་སྭཱ་ཧཱ༔ ཨ་ཕཊ༔ ཅེས་ཕག་མོ་དང་བཅས་པ་ཀུན་ཏུ་བཟང་མོ་ལ་ཐིམ༔ བཟང་མོ་ཡང་ཁྱབ་གདལ་ཀློང་ཆེན་ཡངས་པར་འབྱམས་ཀླས་པར་གྱུར༔ [ཅེས་བརྟེན་པ་རྣམ་ཤེས་དབྱིངས་སུ་བསྒྲལ། སླར་ཡང་བག་ཆགས་ཀྱི་རྟེན་གཞི་བསྒྲལ་ཕྱིར་ཕུར་པ་གནས་ལྔར་གདབ་ལ།] ཧཱུྃ༔ ང་ནི་བདུད་འདུལ་དྲག་མོའི་སྐུ༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔ གཡས་ཀྱི་ཕྱག་ན་གྲི་གུག་བསྣམས༔ གཡོན་གྱི་ཕྱག་ན་ཕུར་པ་དྲིལ༔ གྲི་གུག་འབར་བས་དབང་དུ་སྡུད༔ སྐུ་གསུམ་ཕུར་པས་མཁའ་ལ་སྒྲོལ༔ ལས་ངན་གདུག་བྱེད་དགྲ་བགེགས་ཁྱོད༔ བསད་ནི་མནར་མེད་ངང་དུ་གསོད༔ བསྒྲལ་ནི་སྲིད་པའི་མཚོ་ལས་བསྒྲལ༔ ཉོན་མོངས་ཡེ་ཤེས་ངང་དུ་བསད༔ གཟུང་དང་འཛིན་པ་སྟོང་པར་བཤིག༔ འཁྲུལ་

p. 391

འཁོར་ཆོས་ཉིད་ངང་དུ་གསོད༔ བག་ཆགས་སྐུ་གསུམ་ཀློང་དུ་སངས༔ སྡུག་བསྔལ་བདེ་ཆེན་ངང་དུ་བསད༔ ཉེར་ལེན་ཆགས་ཞེན་རེ་དོགས་ཀུན༔ སྤྲོས་བྲལ་ཆོས་སྐུའི་ཀློང་དུ་བསྒྲལ༔ ཡེ་ཤེས་མཚོན་གྱིས་རྣམ་རྟོག་བསད༔ འོད་གསལ་ཆོས་སྐུའི་རྣལ་འབྱོར་ངས༔ མི་གསོད་བསད་པའི་མཆོག་ཆེན་པོ༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ ཕུང་ལྔ་ཡེ་ཤེས་ལྔ་རུ་བསྒྲལ༔ ཚད་མེད་རྣམ་བཞིས་སྐྱེ་བཞི་གསོད༔ ལས་ཀྱི་བག་ཆགས་སྡུག་བསྔལ་ཀུན༔ ཡུལ་མེད་ཟང་ཐལ་ངང་དུ་གསོད༔ སེམས་སུ་འཁྲུལ་པའི་སེམས་ཉིད་ཀྱང་༔ གཡོ་མེད་ཁྱབ་བརྡལ་ཀློང་དུ་གསོད༔ དེ་ལས་གཞན་གྱིས་ཚུལ་མིན་ཏེ༔ དེ་ཕྱིར་ཕ་རོལ་ལ་མི་ལྟོས༔ དེ་ནི་ཁྱོད་ཀྱི་བསད་ཚུལ་ལོ༔ [ཞེས་གདབ།] [གཉིས་པ་དུམ་བུར་གཏུབ་པ་ནི། རལ་གྲིས་དུམ་བུར་གཏུབ་ལ།] ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གཟུགས་ཕུང་འདི༔ དུམ་བུར་གཏུབ་ཅིང་ཐལ་བའི་རྡུལ་དུ་རློག༔ ཨོཾ་ཀརྨ་ཌཱ་ཀི་ནི་སེང་ཧ་མུ་ཁ་སརྦ་ས་མ་ཡ༔ དགྲ་བགེགས་ནྲྀ་ཏྲི་ཐུལ་ཐུལ་རློག་རློག་ཕྱེ་མ་ཕྱེ་མ་རྦད་རྦད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ནན་ཧུར་ཐུམ་ཐུམ་

p. 392

རི་ལི་ལི་མཱ་ར་ཡ་རྦད༔ [ཅེས་གཏུབ།] [གསུམ་པ་རྡུལ་དུ་བརླག་པ་ནི། རྡོ་རྗེའི་ཐོ་གཏུན་བར་དུ་བརྡུང་ཚུལ་བྱས་ལ།] ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གཟུགས་ཕུང་འདི༔ ཕྱེ་མར་ཐུལ་ཅིག་ཐལ་བའི་རྡུལ་དུ་རློག༔ ཨོཾ་ཀརྨ་ཌཱ་ཀི་ནི་སེང་ཧ་མུ་ཁ་སརྦ་ས་མ་ཡ༔ དགྲ་བགེགས་ནྲྀ་ཏྲི་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ [ཅེས་བརྡུང༌།] [བཞི་པ་ཞལ་དུ་སྟོབ་པ་ནི། ཧོམ་གཟར་དུ་ལིང་གའི་མགོ་བོ་ཁྲག་སྐྱེམས་དང་སྦྱར་བ་ཐོགས་ལ།] ཧཱུྃ་བྷྱོ༔ གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ མཁའ་འགྲོའི་གཙོ་མོ་སེང་གེའི་གདོང་པ་ཅན༔ ཕྱེས་ཤིག་ཁམས་གསུམ་རོལ་པའི་ཞལ་ཕྱེས་ཤིག༔ དུག་གསུམ་དགྲ་བགེགས་སྐུ་གསུམ་ཀློང་དུ་རོལ༔ ཧཱུྃ༔ མེ་ལོང་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ ཕྱེས་ཤིག་ཁམས་གསུམ་རོལ་པའི་ཞལ་ཕྱེས་ཤིག༔ དུག་གསུམ་དགྲ་བགེགས་སྐུ་གསུམ་ཀློང་དུ་རོལ༔ ཧཱུྃ༔ མེ་ལོང་ཡེ་ཤེ་རོལ་པའི་དཀྱིལ་འཁོར་ནས༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ ཕྱེས་ཤིག་ཁམས་གསུམ་རོལ་པའི་ཞལ་ཕྱེས་ཤིག༔ ཞེ་སྡང་དགྲ་བགེགས་ཆོས་ཉིད་ཀློང་དུ་རོལ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ རིན་ཆེན་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ ཕྱེས་ཤིག་ཁམས་གསུམ་རོལ་པའི་ཞལ་ཕྱེས་ཤིག༔ ང་རྒྱལ་དགྲ་བགེགས་ཆོས་ཉིད་ཀློང་དུ་རོལ༔ ཧཱུྃ༔ སོར་རྟོག་ཡེ་

p. 393

ཤེས་རོལ་པའི་དཀྱིལ་འཁོར་ནས༔ པདྨ་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ ཕྱེས་ཤིག་ཁམས་གསུམ་རོལ་པའི་ཞལ་ཕྱེས་ཤིག༔ འདོད་ཆགས་དགྲ་བགེགས་ཆོས་ཉིད་ཀློང་དུ་རོལ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ ལས་ཀྱི་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ ཕྱེས་ཤིག་ཁམས་གསུམ་རོལ་པའི་ཞལ་ཕྱེས་ཤིག༔ ཕྲག་དོག་དགྲ་བགེགས་ཆོས་ཉིད་ཀློང་དུ་རོལ༔ ཨོཾ་མ་ཧཱ་ཀྲོ་དྷི་སེང་ཧ་མུ་ཁ་བཾ་ཧ་རི་ནི་ས་མཿབྷྱོཿཛཿཧྲཱིཾཿཨཿཀཿསཿམཿམཿརཿཙཿཤཿ་དཿརཿསཿདགྲ་བགེགས་མཱཿརཿཡཿམ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རྩིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧིཿ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ ཁམས་ཆེན་བཅོ་བརྒྱད་ལ་ཁཱ་ཧི༔ སྐྱེ་མཆེད་བཅུ་གཉིས་ལ་ཁཱ་ཧི༔ ཕུང་པོ་རྣམ་ལྔ་ལ་ཁཱ་ཧི༔ དབང་ལྔ་ཡུལ་བཅས་ལ་ཁ་རཾ་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཧཱུྃ་ཧཱུྃ་བྷྱོ་བྷྱོ་ཕཊ༔ [ཅེས་བསྟབ། སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ལས་བྱང་བཞིན་བྱའོ། །][བཞི་པ་བཟློག་པའི་ཕྲིན་ལས་བཅོལ་བ་ནི། ལིང་རོ་སྦྱར་བའི་ཁྲག་སྐྱེམས་གཏོར་ཆེན་ལ་སྟོབ་ཅིང༌།] ཧཱུྃ་བྷྱོ༔ མ་བཅོས་སྐྱེས་མེད་ཁྱབ་གདལ་ཀུན་བཟང་མོ༔ མ་འགགས་ལོངས་སྐུ་མཁའ་འགྲོ་སེང་གེའི་གདོང་༔ ཀུན་ཁྱབ་

p. 394

ཐུགས་རྗེ་མཚོ་རྒྱལ་མནྡྷ་ར༔ རྩལ་སྣང་རང་གྲོལ་མཁའ་འགྲོ་རྒྱ་མཚོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མངོན་སྤྱོད་ལས་ཀྱིས་བར་ཆད་རྐྱེན་སྣང་ཟློག༔ དུས་ལ་བབ་བོ་མཐུ་དང་རྩལ་མ་ཞན༔ ཧཱུྃ་ཛཿ མི་འགྱུར་མི་ཤིགས་རྡོ་རྗེའི་སྐུ་མངའ་མོ༔ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་རྣལ་འབྱོར་མ༔ ཕྲིན་ལས་ཐོགས་མེད་རྡོ་རྗེ་གར་དབང་མོ༔ རྡོ་རྗེའི་མཁའ་ལ་རྡོ་རྗེའི་གད་མོ་སྒྲོགས༔ བདུད་འདུལ་དྲག་མོ་ལས་ཀྱི་མཁའ་འགྲོ་མ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ༔ མི་འདའ་རྡོ་རྗེའི་དམ་ཚིག་དུས་ལ་བབ༔ ཧཱུྃ་ཛཿ རྒྱལ་བའི་ཡུམ་མཆོག་མཁའ་འགྲོ་སེང་གེའི་གདོང་༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་མ་ཆེན་མོ༔ ལྗང་གསལ་འོད་འབར་རབ་འབྱམས་ཕྲིན་ལས་དབང་༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་སྐུ་བཞེངས་ལ༔ ཁམས་གསུམ་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ སེང་ཞལ་རྔམས་པས་སྲིད་གསུམ་འཁོར་བ་འཇིག༔ རལ་པའི་གསེབ་ནས་འབུམ་ཕྲག་མཁའ་འགྲོ་འགྱེད༔ འཁོར་བ་དབྱིངས་སྒྲོལ་མཚོན་ཆའི་འཕྲུལ་འཁོར་གྱིས༔ དུས་ཀྱི་ཡོ་ལང་འཁྲུགས་རྩོད་ནད་མུག་དང་༔ བྱད་ཁ་རྦོད་གཏོང་ཕ་རོལ་རྒོལ་ངན་ཟློག༔ སྐུ་གསུམ་ལྷུན་གྲུབ་སྤྱན་གསུམ་

p. 395

དམར་ཟླུམ་འཁྱིལ༔ དུག་གསུམ་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫིས༔ ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ་ལ་ཟློག༔ གནམ་ས་བར་སྣང་ཙམ་གྱི་ཞལ་གདངས་པས༔ སྟེང་འོག་བར་གསུམ་ལྷ་འདྲེའི་གདུག་རྩུབ་ཟློག༔ གློག་སྟོང་འགྱུ་བ་ལས་ལྷག་ལྗགས་འདྲིལ་བས༔ ལྷ་སྲིན་སྡེ་བརྒྱད་གཡོ་འཁྲུག་དགྲ་ལ་ཟློག༔ ཟླ་སྟོང་འོད་ལས་ལྷག་པའི་མཆེ་བ་གཙིགས༔ སྐྱེ་བཞི་ལས་བྱུང་རྒོལ་ངན་དགྲ་ལ་ཟློག༔ ཕྱག་གཡས་སྣང་སྲིད་དབང་སྡུད་གྲི་གུག་སྤྲས༔ སྣང་སྲིད་སྡེ་བརྒྱད་ལྷ་འདྲེའི་གཡོ་འཁྲུགས་ཟློག༔ གཡོན་པས་ཉོན་མོངས་ཁྲག་རོལ་ཐོད་ཁྲག་བསྣམས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དགྲ་ལ་ཟློག༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་རྒྱན་གྱིས་ཕྱར༔ དུར་ཁྲོད་ལྷ་འདྲེའི་གཡོ་འཁྲུགས་དགྲ་ལ༴ ཞབས་གཉིས་གར་སྟབས་མ་རིག་ལོ་རྟོག་གནོན༔ ས་བདག་འབྱུང་པོའི་གཡོ་འཁྲུགས་དགྲ་ལ༴ ཡབ་ཀྱི་མཚོན་པའི་ཁ་ཊཱཾ་མཆན་བཅུག་པས༔ དཔའ་བོ་མཁའ་འགྲོའི་བཀའ་ཆད་དགྲ༴ འོད་འབར་ཉི་མ་གདན་དུ་བཏིང་བ་ཡིས༔ མ་རིག་མུན་པའི་འཁྲུལ་འཁོར་དགྲ་ལ༴ མ་ཆགས་པདྨའི་སྟེང་དུ་བཞུགས་པ་ཡིས༔ ཉོན་མོངས་

p. 396

གཟུང་འཛིན་འཁྲུལ་འཁོར་དགྲ༴ བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ཡིས༔ དུག་ལྔ་དུག་གསུམ་ལས་བྱུང་དགྲ༴ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་བཞེས་པ༔ མི་འདོར་འགྲོ་བའི་དོན་གཉེར་དམ་བཅས་པའི༔ དམ་ཚིག་ཐུགས་དམ་གཉན་པོའི་དུས་ལ་བབ༔ རྣལ་འབྱོར་བར་ཆད་སྐྱེ་འགྲོའི་སྡུག་བསྔལ་ཟློག༔ གཟུང་འཛིན་འཁྲུལ་པ་བདག་མེད་ངང་དུ་ཟློག༔ གཉིས་འཛིན་རྣམ་རྟོག་གཉིས་མེད་ངང་དུ༴ མ་རིག་མུན་པ་འོད་གསལ་ངང་༴ རེ་དང་དོགས་པ་རོ་སྙོམས་ངང་༴ ཉོན་མོངས་འཁྲུལ་འཁོར་ཡེ་ཤེས་དང་༴ ཉེར་ལེན་ཨ་འཐས་ཆོས་དབྱིངས་ངང་༴ རྒྱུ་ཡི་འཛིན་པ་འཛིན་མེད་ངང་༴ རྐྱེན་སྣང་དགྲ་བགེགས་རང་གྲོལ་ངང་༴ བཅོས་བསྒྱུར་བདེ་སྡུག་སྤྲོས་བྲལ་དང་༴ འཁོར་བའི་འཁོར་ལོ་མྱང་འདས་ཆེན་པོར་ཟློག༔ ཧཱུྃ་བྷྱོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་མཁའ་འགྲོའི་བདེན་པ་དང་༔ མ་དང་སྲུང་མའི་དམ་ཚིག་དང་༔ ཏིང་འཛིན་སྔགས་རྒྱའི་བྱིན་རླབས་ཀྱིས༔ བྱད་མའི་དམོད་སྔགས་བྱད་མར་བྷྱོ༔ བྱད་མའི་ལྷ་སྲུང་བྱད་མར་བྷྱོ༔ བྱད་མའི་ནུས་མཐུ་བྱད་མར་བྷྱོ༔ བྱད་མའི་ཧོམ་ཟོར་བྱད་མར་བྷྱོ༔ བྱད་མའི་

p. 397

དམོད་འཁོར་བྱད་མར་བྷྱོ༔ བྱད་མའི་མནན་གཏད་བྱད་མར་བྷྱོ༔ བྱད་མའི་ངན་སྔགས་བྱད་མར་བྷྱོ༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས༴ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་བ་རྣམ་བརྒྱད༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ འཕྲོག་མ་མ་བུ་ལྔ་བརྒྱ༴ རྨི་ངན་མཚན་ངན་ཐམས་ཅད༴ ཐན་དང་ལྟས་ངན་ཐམས་ཅད༴ གཡས་ན་ཕོ་བརྒྱའི་དམོད་བྱད༴ གཡོན་ན་མོ་བརྒྱའི་དམོད་བྱད༴ སྔོན་ལས་འཕྲལ་རྐྱེན་ངན་པ༴ སྡེ་བརྒྱད་དལ་ཁ་བབས་པ༴ མི་མཐུན་མི་འདོད་ཉེས་ཚོགས༴ ཐམས་ཅད་བྱད་མའི་སྟེང་དུ་བྷྱོ༔ བྱད་མའི་ལུས་ལ་བྷྱོ་རྦད་ནན༔ བྱད་མའི་ངག་ལ་བྷྱོ་རྦད་ནན༔ བྱད་མའི་ཡིད་ལ་བྷྱོ་རྦད་ནན༔ བྱད་མའི་སྲོག་ལ་བྷྱོ་རྦད་ནན༔ བྱད་མའི་ཚེ་ལ་བྷྱོ་རྦད་ནན༔ བྱད་མའི་དབུགས་ལ་བྷྱོ་རྦད་ནན༔ ཨོཾ་ཀརྨ་ཌཱ་ཀི་ནི་སེང་ཧ་མུ་ཁ་བཾ་ཧ་རི་ནི་ས་ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཛ་ཛཿ བྱད་ཕུར་གཏོང་ཆག་ཆེ་ཉམ་ང་ནད་གདོན་བར་ཆད་ཐམས་ཅད་དགྲ་བགེགས་གནོད་བྱེད་ཀྱི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཧཱུྃ་བཾ༔ ཆོས་སྐུའི་མཁའ་འགྲོ་སྐྱེ་མེད་ཀུན་བཟང་མོ༔ ལོངས་སྐུ་བདུད་

p. 398

འདུལ་དྲག་མོ་སེང་གེའི་གདོང་༔ སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མནྡྷ་ར༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་མ་ཚོགས་རྣམས༔ འདིར་གཤེགས་དགྲ་བགེགས་འདུ་བྱེད་ཕུང་པོ་རོལ༔ དུག་གསུམ་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཞན་གྱིས་མ་བཅོལ་[སོགས་གོང་བཞིན་འགྲེ།] ཧཱུྃ་ཧཿ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་སེང་གདོང་མ༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་རྣམ་ཤེས་ཕུང་པོ་རོལ༔ ཞེ་སྡང་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དགྲ་བགེགས་ཤ་ཁྲག་[སོགས།] ཧཱུྃ་རི༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ རིན་ཆེན་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ཚོར་བའི་ཕུང་པོ་རོལ༔ ང་རྒྱལ་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དགྲ་བགེགས་ཤ་ཁྲག་སོགས། ཧཱུྃ་ནི༔ ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ༔ པདྨ་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་འདུ་ཤེས་ཕུང་པོ་རོལ༔ འདོད་ཆགས་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་

p. 399

དུས་ལ་བབ་བོ་ས་མ་ཡ༔ དགྲ་བགེགས་ཤ་ཁྲག་[སོགས།] ཧཱུྃ་ས༔ བྱང་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ སངས་རྒྱས་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་གཏི་མུག་ཕུང་པོ་རོལ༔ མ་རིག་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དགྲ་བགེགས་ཤ་ཁྲག་[སོགས།] ཧཱུྃ་བྷྱོ༔ གནས་ཡུལ་དུར་ཁྲོད་ཧེ་རུ་ཀ་ཡི་བདག༔ གཙོ་མོ་དང་ནི་ལས་བྱེད་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་དང་བཅས༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ཤིག༔ གནོད་བྱེད་དགྲ་བགེགས་མ་ལུས་དགྲ་ལ་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དགྲ་བགེགས་ཤ་ཁྲག་[སོགས།] ཧཱུྃ་ཛཿ ཞི་བའི་ལས་མཛད་སྒོ་མ་ལྕགས་ཀྱུ་མ༔ ཞི་བའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ཤ་ཁྲག་རུས་ལ་རོལ༔ ཤར་ཕྱོགས་དགྲ་བགེགས་ཐམས་ཅད་ཞི་བས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དགྲ་བགེགས་ཤ་ཁྲག་[སོགས།] ཧཱུྃ་ཧཱུྃ༔ རྒྱས་པའི་ལས་མཛད་སྒོ་མ་ཞགས་པ་མ༔ རྒྱས་པའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་

p. 400

དགྲ་བགེགས་ཁྲག་གི་མཚོ་མོ་རོལ༔ ལྷོ་ཕྱོགས་དགྲ་བགེགས་ཐམས་ཅད་རྒྱས་པས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དགྲ་བགེགས་ཤ་ཁྲག་[སོགས།] ཧཱུྃ་བཾ༔ དབང་གི་ལས་མཛད་སྒོ་མ་ལྕགས་སྒྲོག་མ༔ དབང་གི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་རྩ་རྒྱུས་དྲོད་ལ་རོལ༔ ནུབ་ཕྱོགས་དགྲ་བགེགས་ཐམས་ཅད་དབང་གིས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དགྲ་བགེགས་ཤ་ཁྲག་[སོགས།] ཧཱུྃ་ཧོཿ དྲག་པོའི་ལས་མཛད་སྒོ་མ་དྲིལ་བུ་མ༔ དྲག་པོའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ནང་རོལ་དབུགས་ལ་རོལ༔ བྱང་ཕྱོགས་དགྲ་བགེགས་ཐམས་ཅད་དྲག་པོས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དགྲ་བགེགས་ཤ་ཁྲག་[སོགས།] ཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིརཿ ཞིང་བཅུ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ རི་ལྟར་སྤྲུངས་ཤིང་རྫ་ལྟར་བརྙིལ་བ་དང་༔ མཚོ་ལྟར་བསྐྱིལ་ཞིང་སྤྲིན་ལྟར་གཏིབས་པ་ལ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ གསང་སྔགས་བཀའ་ཡི་སྲུང་མ་ཐམས་ཅད་དང་༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་འབོད་བསྐུལ་ལོ༔ ཧཱུྃ་མ་བྷྱོ་ཛཿ ཤ་ལ་དགའ་བས་ཤ་ལ་རོལ༔ དགྲ་

p. 401

བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ རུས་ལ་དགྱེས་པས་རུས་པར་རོལ༔ དགྲ་བགེགས་བཟློག་བསྒྱུར༴ ཁྲག་ལ་རྔམས་པས་ཁྲག་ལ་རོལ༔ དགྲ་བགེགས་སྲོག་གཅོད་མ་ཚོགས་དགྲ་སྲོག་རོལ༔ དགྲ་བགེགས༴ དབུགས་ལེན་མ་ཚོགས་དབུགས་ལ་རོལ༔ དགྲ་བགེགས༴ དྲི་ཟ་མ་ཚོགས་དྲི་ལ་རོལ༔ དགྲ་བགེགས༴ རྐང་ལྡག་མ་ཚོགས་རྐང་ལ་རོལ༔ དགྲ་བགེགས༴ ཀླད་པར་རྔམས་མས་ཀླད་པར་རོལ༔ དགྲ་བགེགས༴ སྣུམ་ལ་དགྱེས་མས་ལྷ་ཚིལ་རོལ༔ དགྲ་བགེགས༴ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ [སོགས་གོང་བཞིན་འགྲེ།] བྱད་མའི་དབུགས་ལ་བྷྱོ་རྦད་ནན༔ ན་མོ་བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿསཿམཿཡཿཛ་ཛཿ བྱད་ཁ་རྦོད་གཏོང་ཆག་ཆེ་ཉམ་ང་སྡུག་བསྔལ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ཀ་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་ནན་ནན༔ སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ་རྦད་བྷྱོ་ཟློག༔ [ཅེས་དང༌། གྲངས་གསོག་ན་རྒྱས་བསྡུས་གང་འོས་བསྐྱར།] དཀོན་མཆོག་

p. 402

གསུམ་དང་རྩ་བ་གསུམ༔ [སོགས་ཁ་གྲངས་བཟུང༌། མཆན། མཐར་ལས་བྱང་བཞིན་བཟློག་པའི་དམིགས་བཟླས་བདེན་སྟོབས་ཐལ་རྡེབ་བཅས་བྱའོ། །][ལྔ་པ་ཐུན་གཏོར་གཏོང་བ་ནི། དམར་གྱི་གཏོར་མར་དམིགས་བྱ་བཀུག་ནས་གཉིས་མེད་དུ་བསྟིམ།] རཾ་ཡཾ་ཁཾ་གིས་[བསང་སྦྱང༌།] སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་བསམ་ལ། ཨོཾ་ཨཱཿཧཱུཾ་[གིས་བྱིན་བརླབས།] ལྷ་ཚོགས་རྣམས་ཀྱིས་གཏོར་མ་བདུད་རྩིའི་ངོ་བོ་རྣམ་པ་ཤ་ཁྲག་གི་རང་བཞིན་ཆལ་ཆོལ་དུ་གསོལ་བར་[བསམ་ཞིང༌།] ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཱུྃ༔ ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤ་ཏྲུཾ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་བས་ཚིམས་ཤིང་ལྷག་མེད་དུ་བཞེས་པར་བསམ། མཐར་གཏོར་མ་བདུད་འདུལ་དྲག་མོའི་དམག་ཚོགས་དུག་མཚོན་རྡོ་རྗེའི་ཆར་དུ་མོས་ནས་ལས་བྱང་བཞིན་ཟོར་དུ་བསྐུལ་ཏེ་དམོད་ཚིག་ཐལ་རྡེབ་དང་བཅས་གནོད་པའི་ཕྱོགས་སུ་འཕངས་པས་དམིགས་བྱ་གནས་ལུས་ལོངས་སྤྱོད་དང་བཅས་པ་རྗེས་མེད་དུ་བརླག་པར་

p. 403

བསམ་མོ། །དེ་ནས་རྒྱུན་གྱི་རྗེས་ཆོག་རྣམས་ཕྲིན་ལས་ཀྱི་དཀྱུས་བཞིན་བྱའོ། །][གསུམ་པ་རྗེས་སུ་བྱ་བའི་ལས་ལ་དྲུག་གི །དང་པོ་ཟོར་བསྒྲུབ་པ་ནི། སྒྲུབ་ཞག་རྫོགས་པའི་ཉིན་རྗེས་མར་ཟློག་གཞུང་གྲུབ་པ་དང་གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་བཟོད་གསོལ་བྱས་ཏེ།] ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧཱུྃ༔ ས་མ་ཡ་མ་ཏི་ཀྲ་མ་ཏི༔ ཨོཾ་བཛྲཱ་ཏིཥྛ། [ཞེས་པས།] སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཞུགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་བ་ལས་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་ཁྲག་འཐུང་བདུད་འདུལ་དྲག་མོའི་ལྷ་ཚོགས་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་པར་གྱུར་པར་[བསམ་ལ། རྩ་སྔགས་ལ་ཟོར་སྔགས་བཏགས་པ་མང་དུ་བཟླ། ཐུན་གཏོར་གོང་བཞིན་དམག་ལྟོའི་ཚུལ་དུ་ཕུལ་ལ།] ཧཱུྃ། ཁྲག་འཐུང་བདུད་འདུལ་དྲག་མོ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིཾ་ཏ། ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་བཞེས་ལ་བདག་ཅག་འཁོར་བཅས་ཀྱི། །ཇི་ལྟར་གསོལ་བའི་ལས་རྣམས་འགྲུབ་པ་དང༌། །གཏོར་ཟོར་དྲག་

p. 404

པོའི་རྫས་ཀྱི་དཔུང་བསྐྱེད་ཅིག །དགྲ་བགེགས་དམ་སྲི་བྱད་མ་བདུད་སྡེའི་དཔུང༌། །ཤུགས་སྒྲོལ་སྟོབས་ཀྱིས་རྗེས་ཤུལ་མེད་པར་མཛོད། །ཆག་ཆེ་ཉམ་ང་ཕས་རྒོལ་མི་མཐུན་ཕྱོགས། །བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །[ཞེས་ཕྲིན་ལས་བཅོལ།] [གཉིས་པ་སྒོ་དབྱེ་བ་ནི། སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ཏེ་དཀྱིལ་འཁོར་ལ་བསྐོར། ཕྱི་རོལ་དུ་ཕུད་སྐྱེམས་འཐོར་ཞིང་བདེན་པའི་ཡུས་ཀྱིས།] རྩ་གསུམ་ཆོས་སྐྱོང་དམ་ཅན་དང༌། །སྒོ་བཞི་སྲུང་བའི་ཕྲ་མེན་མ། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས། །གཙང་སྦྱར་གསེར་སྐྱེམས་འདི་བཞེས་ལ། །དཔལ་གྱི་གཏོར་ཟོར་ལམ་ཕྱེས་ཤིག །བདག་ནི་མ་ཉེས་མ་ཡོའོ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་ཆོད། །རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན། །སྣང་སྲིད་ལྷ་འདྲེ་བཞུགས་པ་རྣམས། །མཐོ་བ་རྣམས་ཀྱི་ཞབས་སྡུས་ཤིག །དམའ་བ་རྣམས་ཀྱི་དབུ་ཆུམས་ཤིག །བར་ན་བཞུགས་པ་སྐུ་བཟུར་ཅིག །དབུ་ཞབས་ཀུན་ལ་ཕོག་པར་སྲིད། །སོ་སོའི་ཕོ་བྲང་སྒོ་སྡོམས་ཤིག །དོ་ནུབ་དྲག་པོའི་ཟོར་ཆེན་འདི། །སྡང་དགྲ་གནོད་བགེགས་རྣམས་ལ་འཕེན། །

p. 405

བྱད་མ་རྦོད་གཏོང་མཁན་ལ་འཕེན། །ཟ་འདྲེ་ཕུང་སྲི་རྣམས་ལ་འཕེན། །ཕར་འཕེན་ཚུར་ལ་མ་ལྡོག་ཅིག །རྣལ་འབྱོར་བསམ་པ་འགྲུབ་པར་མཛོད། །[ཅེས་ཟོར་ལམ་བསལ།] [གསུམ་པ་གཏོར་མ་གཏོང་བ་ནི། ལས་བྱང་བཞིན་བསྐུལ་དང་ཆད་མདོ་བསྒྲག་གོ །][བཞི་པ་ཟོར་གྱི་དཔུང་བསྐྱེད་པ་ནི། འཕྱར་དར་དང་རུ་འདྲེན་གྱི་རྣམ་པ་དུ་མས་སྣ་དྲངས་ཏེ་དཀར་གཏོར་དང་གསེར་སྐྱེམས་ཟོར་རྫས་རྣམས་གཏོར་ཆེན་རྣམས་རིམ་བཞིན་ཁྱེར། རྣལ་འབྱོར་པ་ལྟ་སྒོམ་གྱི་གདིང་བསྐྱེད་དེ་དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་དེ་དག་གི་ཕྱི་བཞིན་གང་དུ་འཕེན་པའི་སར་སོང་ལ། །གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས] ཧཱུྃ༔ ང་ནི་བདུད་འདུལ་དྲག་མོ་སྟེ༔ ཁམས་གསུམ་ཀུན་གྱི་དབང་ཕྱུག་ཡིན༔ བཀའ་འཁོར་ལས་བྱེད་སྟོང་གསུམ་གང་༔ ཐམས་ཅད་དྲག་པོའི་ལས་ལ་ཆོས༔ སྒྲོལ་བྱེད་དྲག་པོ་ཟོར་གྱིས་རྫས༔ སྡང་དག་གནོད་བགེགས་ཕྱོགས་སུ་འཕེན༔ སྡང་བ་དགྲ་ཡི་སྙིང་ལ་ཡ༔ བདུད་རྒྱུད་ཆོད་ཅིག་མཱ་ར་ཡ༔ གནོད་པ་བགེགས་ཀྱི་སྙིང་ལ་ཡ༔ མེད་པར་ཆོམས་ཤིག་མཱ་ར་ཡ༔ ཡུལ་མཁར་ཁྱིམ་ལ་གཏོར་ཟོར་ཡ༔ རྡུལ་དུ་རློག་ཅིག་མཱ་ར་ཡ༔ བདག་འཛིན་བདུད་ལ་གཏོར་ཟོར་ཡ༔ གཉིས་མེད་སྒྲོལ་ཅིག་མཱ་ར་ཡ༔ ཞེས་རིག་པ་ངར་དང་ལྡན་པས་བརྗོད། [ལྔ་པ་ཟོར་འཕང་བ་ནི། ཟོར་རྣམས་རིམ་པར་ཐོགས་ལ།] ཧཱུྃ་བྷྱོ༔ བདུད་

p. 406

འདུལ་དྲག་མོའི་མཐུ་སྟོབས་ནུས་པའི་དབལ༔ མི་འཇིགས་ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན༔ ཕུར་ཟོར་དྲག་པོ་ཐོག་ལྟར་ཤ་ར་ར༔ དགྲ་བགེགས་བྱད་མའི་གཟུགས་ཕུང་རྟེན་ལ་ཡ༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་སརྦ་ས་མ་ཡ་ནྲྀ་ཏྲི་སརྦ་ཤ་ཏྲུྃ་མཱ་ར་ཡ་རྦད་ནན་ཐུན་བྷྱོ༔ [ཞེས་བརྗོད་བཞིན་པར་བརྡེག །དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས་ཁྱད་པར་ཕུར་ཟོར་གྱི་ཚབ་ཏུ།] ཡུངས་ཟོར་དྲག་པོ་སེར་ལྟར་ཧྲི་ལི་ལི༔ ཁྲག་ཟོར་དམར་པོ་མཚོ་ལྟར་ཆི་ལི་ལི༔ མཚོ་ཟོར་དྲག་པོ་མདའ་ལྟར་ཏ་ལ་ལ༔ དུག་ཟོར་དྲག་པོ་ཆུ་ལྟར་ཕྱུ་རུ་རུ༔ མཚོན་ཆ་སྣ་ཚོགས་རླུང་ལྟར་འཚུབས་སེ་འཚུབ༔ མདའ་ཟོར་དྲག་པོ་ཚྭ་ཚྭ་སྐར་ལྟར་འཁྲིགས༔ རྡོ་ཟོར་དྲག་པོ་ཆར་ལྟར་འབེབས་ཤིང་འཚུབས༔ དཔལ་གྱི་གཏོར་ཟོར་གློག་ལྟར་འཁྱུགས་ཤིང་འདེབས༔ [ཞེས་བསྒྱུར་ལ་འཕང༌། དེ་ནས་གཏོར་ཆེན་བཏེགས་ལ།] ཧཱུྃ་བྷྱོ༔ ང་ནི་བདུད་འདུལ་སེང་གདོང་སྐུ༔ སྣང་སྲིད་ཀུན་གྱི་མངའ་བདག་ཆེ༔ ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ༔ ཞེ་སྡང་རྡོ་རྗེ་དྲག་མོ་ཡིན༔ དོ་ནུབ་ང་ཡིས་འཕེན་པའི་ཟོར༔ གཏོར་ཟོར་ཐོག་ལྟར་ཤ་ར་ར༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ དགྲ་བགེགས་

p. 407

སྡིག་ཅན་འཁོར་བཅས་ཀྱི༔ གཟུགས་ཕུང་ཕལ་བའི་རྡུལ་བཞིན་བཤིག༔ རྣམ་ཤེས་ཚངས་པའི་ལམ་ནས་དྲོངས༔ རིག་པ་སྐྱེ་མེད་དབྱིངས་སུ་སྤོར༔ དུས་ལ་བབ་བོ་མཐུ་རྩལ་བསྐྱེད༔ མཱ་ར་ཡ་རྦད་བྷྱོ་ཟློག༔ [ཅེས་རོལ་མོའི་སྒྲ་དྲག་པོ་དང་བཅས་གཏོར་ཆེན་རྔམ་སྟབས་སུ་རྦུད་པས་དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང༌། གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་དུ་བརླག་པར་བསམ་ཤིང་ཐལ་མོ་དང་དུལ་མོ་རྡེབ་བོ། །][དྲུག་པ་ཟོར་རྗེས་གཅོད་པ་ནི། ཕྱིར་སྙོགས་གཅོད་པའི་ཕྱིར་གདོང་ཕྱིར་བལྟས་ལ། དྲག་སྔགས་བཅུ་བཞི་པ་ཉེར་གཅིག་ཙམ་བཟླས་མཐར་སྲུང་འཁོར་བསྒོམ་ནས་སློབ་དཔོན་གྱིས་རྟིང་མནན་སྟེ་ལྡོག །སྒྲུབ་ཁང་གི་སྒོ་དྲུང་དུ་བཤལ་ཆུའི་བདུད་རྩིས་བརྟན་མ་བསྐྱང༌། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་མནན་པར་བསམ་ལ་བྲོ་བརྡུང་ངོ༌། །][རྩ་བའི་གསུམ་པ་རྗེས་ཀྱི་བྱ་བ་ནི། ནང་དུ་ལོག་ནས་ཚེ་འགུགས་བསྐུལ་ཞིང་དངོས་གྲུབ་ལེན། གཏང་རག་གི་མཆོད་བསྟོད་བཟོད་གསོལ་བྱས་ལ་ནམ་མཁར་བཞུགས་པའི་ཡེ་ཤེས་པ་གཤེགས་སུ་གསོལ་བའམ་རྟེན་ལ་བསྟིམ། བདག་བསྐྱེད་ཉེར་བསྡུ་དང་ཐུནམཚམས་ཀྱི་ལྷར་ལྡང་སྟེ་རྡུལ་ཚོན་ཡོད་ན་ཨ་ཀཱ་རོས་དབྱི་ཞིང་སྨོན་ལམ་དང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞར་བྱུང་འཕྲོས་དོན་དུ་སྐབས་འགའ་ཞིག་གི་ཚེ་སྤྲོས་པ་བསྡུ་བའི་

p. 408

གཏོར་ཟློག་ཙམ་བྱེད་པར་འདོད་ན། ལས་དཀྱིལ་འཁོར་གྱི་གཞིར་ཐིག་ཚོན་གྱི་བྱ་བ་རྣམས་དོར་ནས་རས་བྲིས་ཀྱི་འདིང་དཀྱིལ་ཡོད་ན་བཀྲམ། མེད་ན་ཞིང་ངམ་གཅན་གཟན་གྱི་ལྤགས་པ་ལ་འབྲུ་ནག་དུག་ཁྲག་གིས་གཤེར་བས་ཚོམ་བུ་ལྷ་གྲམས་དང་མཉམ་པ་བཀོད་པའི་ཁར་ཟོར་གཏོར་འགོད། ཟོར་ཆས་གཞན་རྣམས་ཀྱི་བཅས་མི་དགོས་ཤིང༌། ལིངྒ་ཡང་འཕྲལ་གྱི་རྐྱེན་སེལ་ཙམ་ལ་ཟན་ལིང་གིས་འཐུས། གཞན་བཅས་གཤོམ་དང་ཆོ་གའི་འགྲོས་སོགས་གཞུང་བཞིན་ལས། འཕང་བའི་སྐབས་ཟོར་བསྐུལ་གྱི་རྗེས་སུ་གཏོར་ཟོར་དངོས་ལ་འཇུག་པ་སོགས་ལག་ལེན་དབྱེ་བསྡུའི་གནད་ཤེས་པའི་སྒོ་ནས་འདོར་ལེན་གྱི་དམིགས་ཕྱེད་པར་བྱའོ། །བདུད་འདུལ་པདྨའི་གསང་མཛོད་ལས་ཕྱུངས་པའི། །བདུད་འདུལ་དྲག་མོའི་མན་ངག་མཐར་ཐུག་པ། །བདུད་འདུལ་མཐུ་རྩལ་འགྲན་མེད་རྡོ་རྗེའི་མཚོན། །བདུད་འདུལ་རིག་པ་འཛིན་པའི་ཕྱག་ཆར་བརྗིད། །ཚུལ་འདིར་གསང་བསྟན་དེ་འཛིན་སྡེར་བཅས་པ། །ཕས་རྒོལ་བྱད་མའི་གཡུལ་ལས་རབ་རྒྱལ་ཏེ། །དོན་གཉིས་ལྷུན་གྲུབ་མངའ་ཐང་ལྷུན་པོའི་དཔལ། །ནམ་ཡང་མི་གཡོ་རྟག་བརྟན་གཞིར་གྱུར་ཅིག །]ཅེས་འཇིགས་བྱེད་བདུད་འདུལ་དྲག་མོ་སེང་གེའི་གདོང་མའི་སྨད་ལས་ལྡོག་མེད་གནམ་ལྕགས་ཐོག་ཆེན་ཞེས་བྱ་བ་འདི་ནི། གསང་སྔགས་མ་རྒྱུད་སྙིང་པོའི་ལམ་ལས་དངོས་གྲུབ་ཀྱི་སྐལ་པ་རང་དབང་དུ་སྤྱོད་པའི་རྣལ་འབྱོར་པ་ཚེ་དབང་ལྷ་རྒྱལ་གྱིས་འབད་པ་ཆེན་

p. 409

པོས་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། གཏེར་གཞུང་གི་དགོངས་པ་མ་འཁྲུལ་བར་སྙིང་པོའི་བཅུད་བསྡུས་ཤིང་དཀྱུས་ཀྱི་ལག་ལེན་རྣམ་གསལ་འཇུག་པ་བདེ་བའི་ལས་ཁྲིགས་སུ་བསྡེབས་ཏེ། དུས་མཐའི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བརྒྱད་དུ་སོན་པ་ལྕགས་མོ་ཕག་གི་ལོ་ནག་སྣྲོན་ཟླ་ནག་པོའི་ཚེས་དགུ་ཉི་མ་ནག་ཆེན་མངོན་སྤྱོད་དམོད་པའི་ལས་ལ་བསྔགས་པའི་དུས་ཁྱད་པར་ཅན་ལ་ཀ་པཱ་ལ་ལྷུན་པོར་སྤུངས་འི་རི་བོ་རྔམས་པ་སྒྲ་སྒྲོགས་ཀྱི་མགུལ་དུ་སྦྱར་བ་ལས། ཐོག་མའི་ཡི་གེར་འདུ་བགྱིད་པ་པོ་ནི་སྔགས་སྐྱེས་རིན་ཆེན་ཕུན་ཚོགས་ཀྱིས་སོ། །འདིས་ཀྱང་བསྟན་དགྲ་བྱད་མའི་སྡེ་དཔུང་མིང་མཐར་བརླག་པའི་རྒྱུར་གྱུར་ཅིག །། །།ཛ་ཡནྟུ།། །།]

ནང་སྒྲུབ་ཌཱ་ཀི་བདུད་འདུལ་སེང་གདོང་མ་བསྙེན་ཐབས་ཀྱི་ཡི་གེ་ཟབ་དོན་བཅུད་འདུས།

p. 410
p. 411

༄༅། །ནང་སྒྲུབ་ཌཱ་ཀི་བདུད་འདུལ་སེང་གདོང་མ་བསྙེན་ཐབས་ཀྱི་ཡི་གེ་ཟབ་དོན་བཅུད་འདུས་ཞེས་བྱ་བ་བཞུགས་སོ། །

p. 412

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་སིངྷ་མུ་ཁ་ཡེ། མ་ལུས་རིགས་བརྒྱའི་ཁྱབ་བདག་ཐོད་ཕྲེང་རྩལ། །བླ་མ་བདུད་འདུལ་མཁའ་འགྲོ་དབྱེར་མེད་ལ། །གུས་པས་བཏུད་ནས་གང་དེ་བསྙེན་པའི་ཚུལ། །མན་ངག་དགོངས་དོན་མདོ་ཙམ་འདིར་གསལ་བྱ། །དེའང་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་རྩ་བ་གསུམ་གྱི་ནང་ཚན་མཁའ་འགྲོའི་སྒྲུབ་སྐོར་ལའང་ཕྱི་ནང་གསང་བ་ཡང་གསང་བཞིར་བཞུགས་པ་ལས། འདིར་ནང་སྒྲུབ་བདུད་འདུལ་དྲག་མོ་སེང་གདོང་མའི་སྒྲུབ་ཐབས་ཉིད་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་ཏེ་བརྗོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་མཚན་

p. 413

ཉིད་དང་ལྡན་པ་ལས་དབང་བསྐུར་ཟབ་མོ་ཐོབ་ཅིང་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་འདི་ཉིད་སྒྲུབ་པ་ལ་འཇུག་པར་འདོད་པས། དབེན་ཅིང་ཡིད་དང་མཐུན་པའི་གནས་སུ། དཀྱིལ་འཁོར་དང་སྒྲུབ་རྫས། ཚོགས་གཏོར་གྱི་ཡོ་བྱད། འཚོ་བའི་ཆ་རྐྱེན། སྒྲུབ་གཡོག་སྨན་པ་སོགས་འདིར་མཁོ་བའི་རིགས་རྣམས་སྔ་ཚགས་སུ་ཚུད་པར་བྱས་ལ། སྒྲུབ་པ་དངོས་གཞིར་འཇུག་ལ་ཉེ་བའི་སྔ་གོང་དུ། སྔོན་འགྲོ་སྣ་སེལ་ཕྱིར་སཙྪ་གདབ་པ། མགྲོན་ལ་མཆོད་སྦྱིན། གསུང་རབ་ཀློག་པ། བཤགས་སྦྱོང་ཚོགས་སྐོང་སོགས་སྤྱི་འགྲེ་ལྟར་གང་འགྲུབ་བྱ། དེ་ནས་དུས་ཀྱི་ཁྱད་པར་སྐབས་དང་སྦྱར་ཏེ་ཐོག་མར་ཕྱི་མཚམས་བཅད་

p. 414

ལ། སྔོན་འགྲོ་སྐྱབས་སེམས་བཟུང་བླ་མའི་རྣལ་འབྱོར་བར་ཁ་གསོ་གང་འགྲུབ་བྱ། སྒྲུབ་པ་དངོས་གཞི་ཟླ་བ་གང་ཡང་རུང་བའི་མར་ངོའི་ཚེས་བཅུ་ལ་འགྲིགས་ན་མཆོག་དང༌། དེ་མིན་དུས་ཚེས་བཟང་པོའི་ཉིན་མོའི་ཕྱི་དྲོའི་ཆར་སྨེ་བརྩེགས་སོགས་ཀྱིས་བསྒྲུབ་པའི་ཁྲུས་ཆུས་སྒྲུབ་ཁང་ཡོ་བྱད་ཐམས་ཅད་བསང་གཏོར་བྱ། བརྒྱུད་འདེབས་ནས་བརྩམས་ཚོགས་གསོག་གི་བར་སོང་ནས། རང་ཉིད་ལས་ཀྱི་ཁྲོ་མོར་བསྐྱེད་ལ་དཀར་གཏོར་སྤྱི་འགྲེ་བཏང༌། བགེགས་གཏོར་གཞུང་བཞིན་བཏང་ལ་གུལ་ཡུངས་དྲག་སྔགས་ཀྱིས་བགེགས་བསྐྲད། སྒོ་དྲུང་དུ་ཤིང་བྱང་ལ་སྒོ་མ་བཞིའི་སྐུའམ་མ་བྷྱོ་ཛཿཧྲཱིཾཿབྲིས་པ་བཙུགས། མདུན་དུ་མཆོད་གཏོར་བཤམ་པ་རཾ་ཡཾ་ཁཾ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་སྒོ་མ་རྣམ་བཞི་འཁོར་མཁའ་འགྲོ་འབུམ་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་རྟེན་ལ་བསྟིམ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་དང༌། མ་བྷྱོ་ཛཿཧྲཱིཾཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ ལས་བཞི་སྒྲུབ་མཛད་སྒོ་མ་བཞི༔ མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ འདིར་གཤེགས་བརྟན་

p. 415

བཞུགས་ཕྲིན་ལས་མཛོད༔ གནོད་བྱེད་དགྲ་བགེགས་མཚམས་ཆོད་ལ༔ ཕྱི་ནང་གསང་བའི་བར་ཆད་སྲུངས༔ དངོས་གྲུབ་སྒྲུབ་པའི་སྲུང་མ་མཛོད༔ མི་འདའ་རྡོ་རྗེའི་དམ་ཚིག་དགོངས༔ དམ་ལས་མ་འདའ་ས་མ་ཡ༔ ཞེས་ཕྲིན་ལས་བཅོལ་ཞིང་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། འདི་ནས་བཟུང་འགྲུལ་མཚམས་བཅད་ཅིང༌། ཆས་ཀའི་གཏོང་ལེན་ཀྱང་སྤང༌། མི་ལེན་ཀ་མེད་ཀྱི་ཡོ་བྱད་ལ་བགེགས་བསྐྲད་བསང་གཏོར་ནན་ཏན་བྱ། ནང་དུ་ཞུགས་ནས་སྲུང་འཁོར་གྱི་དམིགས་པ་ནན་ཏན་བྱས་རྗེས། ཐོག་མར་སྒྲུབ་རྟེན་བཅའ་བ་ལ། དམ་ཚིགགི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་གྱི་སྟེགས་བུའམ་གཏོར་སྒྲོམ་གྱི་ནང་དུ་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜ་ལ་མེ་ཏོག་སྔོ་ལྗང་གི་ཚོམ་བུ་དབུས་སུ་གཙོ་བོར་གཅིག །ཕྱོགས་བཞིར་སེང་གདོང་རིག་བཞི། དེ་རྒྱབ་ལས་བྱེད་ཌཱ་ཀི་བརྒྱད། དེ་རྒྱབ་སྒོ་མ་བཞི་བཅས་གཙོ་འཁོར་ཕྱེད་པར་བཀོད་པའི་ཁར་འཕྲུལ་སྟེགས་ལ་ཐོད་པ་དུམ་གཅིག་མཚན་ཉིད་དང་ལྡན་པའི་ནང་དུ་མཚལ་གྱིས་ཆོས་འབྱུང་བསྣོལ་མ། དེའི་ལྟེ་བར་པད་འདབ་བཞི། དེ་རྒྱབ་པད་འདབ་བརྒྱད། དེའི་ཕྱིར་ཐོད་སྐམ་རྟ་སོ་རིས་ཀྱིས་ཟླུམ་སྐོར་དུ་བྱས་པའི་དབུས་ཀྱི་ལྟེ་བར་ཧཱུྃ།

p. 416

འདབ་མ་བཞི་ལ་ཧ་རི་ནི་ས། དེ་རྒྱབ་འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་མ་བྷྱོ་ཛཿཧྲཱིཿ མཚམས་བཞིར་མ་བཞི། ཆོས་འབྱུང་གི་ཕྱི་དང་ཐོད་རའི་ནང་གི་ཕྱོགས་བཞིར་ཛཿཧཱུྃ་བཾ་ཧོཿ ཞེས་བྲི། འདིའི་རས་བྲིས་ཀྱི་དཀྱིལ་འཁོར་འབྲི་བར་འདོད་ནའང་འདི་དང་འདྲ་བ་ལས། ཐོད་ར་ཟླུམ་སྐོར་གྱི་ཕྱི་རོལ་དུ་ཆོས་འབྱུང་བསྣོལ་མ། དེའི་ཕྱི་རོལ་པདྨའི་ཕྲེང་བ་སོ་གཉིས། དེའི་ཕྱིར་རྡོ་ར། དེའི་ཕྱིར་མི་རི་གཡོན་སྐོར་དུ་འབར་བ་ཙམ་འབྲི་བ་ཁྱད་པར་རོ། །ཐོད་པའི་ནང་དུ་ལྔ་ཚན་ལྔ། ཤིང་ཏོག་ཟས་སྣ་བྱིན་རྟེན་གྱི་རིགས། ཁྱད་པར་རྩ་བའི་བླ་མའི་དབུ་ལོ་ཕྱག་སེན་ན་བཟའ་སོགས་དངོས་གྲུབ་ཀྱི་རྟེན་དང་བཅས་པས་བཀང་ལ་ཁ་དར་དམར་གྱིས་བཀབ། དེ་སྟེང་མཁའ་འགྲོའི་བྲིས་སྐུ་ཚོན་གང་བའམ་སོར་བཞི་པ་མཚན་ཉིད་ཚང་བའི་རྒྱབ་ཏུ་སྔགས་བྱང་ཅན་དང་དེའི་རྒྱབ་ངོས་སུ་རྨ་བྱའི་མདོངས་བཙུགས་པ་བཅས་བཤམ། མཁའ་འགྲོའི་སྲོག་རྟེན་སྒྲུབ་ཕུར་ཆེན་མོ་ཡོད་ན་དེའི་རྒྱབ་ངོས་ནས་ཞལ་མདུན་བསྟན་དུ་བཙུགས། དེའི་མདུན་རྒྱབ་གང་བདེར་གཏོར་སྣོད་གཙང་མ་ལ་གཏོར་རྫས་སྤོད་སྨན་སྣ་ཚོགས་སྦྱར་བའི་མཁའ་འགྲོའི་རྟེན་གཏོར་ཆོས་འབྱུང་བསྣོལ་མའི་ལྟེ་བར་རྟེན་གཏོར་དམར་པོ་གྲུ་གསུམ་ཕུར་རྩེ་གྱེན་ལངས་ལྟ་བུ་ལོགས་གསུམ་ལ་མཐེབ་ཀྱུ་

p. 417

གྲུ་གསུམ་པ་རེ། ཆོས་འབྱུང་སྟེང་དུ་དམར་གཏོར་རང་འདྲབཞི། ཆོས་འབྱུང་རྩ་བར་ཕྱོགས་མཚམས་སུ་དམར་གཏོར་བརྒྱད། དེའི་ཕྱི་རོལ་དུ་བཞི་བཅས་བཀོད་པ་ལ་སྨུག་རྩིས་བྱུགས་ཤིང་རྒྱན་སྤྲོས་དར་གདུགས་ཀྱིས་སྤྲས་པ་བཀོད། དེའི་གཡས་གཡོན་དུ་ཆོས་སྐྱོང་སྤྱི་དང་བཀའ་སྲུང་གཏེར་སྲུང་གི་གཏོར་མ་དང་སྨན་རཀ །མདུན་དུ་ཞི་དྲག་གི་ཉེར་སྤྱོད་བཅས་བཀོད་མཛེས་སུ་བལྟར་རོ། །གཉིས་པ་དངོས་གཞི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི། དང་པོ་བསྙེན་པ་ནི། རང་ཉིད་དཀྱིལ་འཁོར་ལ་ཕྱོགས་པས་གདན་ནང་ཚངས་ཅན་གྱི་འོག་ཏུ་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་ཁར་འཁོད། མདུན་དུ་རྡོར་དྲིལ་ཌཱ་མ་རུ་མེ་ཏོག་གི་སྣོད་སོགས་བཀོད། འདིར་ཐུན་གྱི་ཐོག་མ་དགུང་ཐུན་འདི་ནས་རྩོམ་པ་སྟེ། གཞུང་གི་བརྡ་སྒོ་དབྱེ་ཕྱག་ནས་བརྩམས་ལས་བྱང་དཀྱུས་ལྟར་ལ། ལྷ་བསྐྱེད་སྐབས་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་གསལ་གདབ། སྤྱན་འདྲེན་ནས་བསྟོད་བཤགས་ཀྱི་བར་གཞུང་བཞིན་སོང་ནས། བཟླས་པའི་འགོར་ཐོད་པའམ་རཀྴ་བོ་དྷི་ཙེ་གང་རུང་གི་ཕྲེང་བ་གཞན་གྱིས་ལོངས་མ་སྤྱད་པ་ཉིད་བསང་སྦྱང་བྱས་ལ་སྤྱི་ལྟར་བྱིན་གྱིས་བརླབ། བསྙེན་པའི་

p. 418

བཟླས་དམིགས་གཞུང་བཞིན་གསལ་བཏབ་ནས་ཌཱ་ཀི་སེདྷ་མུ་ཁ་དང་འབྲུ་བཅུ་བཞི་པ་སྦྲེལ་ནས་བཟླ། བསྙེན་པའི་སྐབས་སུ་འདི་ཁོ་ནར་བརྩོན་པ་ལས་སྒྲུབ་པ་དང་ལས་སྦྱོར་གྱི་དམིགས་བཟླས་མི་དགོས། ཐུན་གྱི་མཇུག་ཏུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ། བདུད་འདུལ་དྲག་མོའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་རྩོལ། །ཞེས་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། དགུང་ཐུན་འདིའི་མཇུག་ཏུ་བཀའ་སྲུང་སྤྱི་དང་བྱེ་བྲག་སྔགས་སྲུང་མ་དང་གནོད་སྦྱིན་ཤན་དམར་གྱི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། ཉིན་དང་པོ་འདིར་ཚོགས་མཆོད་ངེས་པར་དགོས་པས་གཞུང་བཞིན་ཚོགས་མཆོད་རྒྱས་པར་བཏང་ལ། ལྷག་མ་སྒྲུབ་པ་མ་གྲོལ་བར་དངོས་གྲུབ་ཀྱི་གཏར་འཛིན་དགོས་པ་ཡིན་ཀྱང་ཡུལ་དུས་དབང་གིས་སྟབས་མི་འགྲིགས་ན་ཕྱི་རོལ་དུ་འབུལ་བ་ལས་འོས་མེད་ཅིང༌། འོན་ཀྱང་དམིགས་པས་དངོས་གྲུབ་བསྲུང་བ་ལ་ཕྲིན་བཅོལ་ནན་ཏན་བྱ། སྲུང་མའི་གཏོར་སྐྱོང་

p. 419

སྤྱི་ལྟར་དང༌། འདིར་བསྐུལ་ཆད་བརྟན་བྲོ་བརྡུང་དངོས་གྲུབ་བསྐུལ་བ་རྣམས་རྒྱུན་དུ་མི་དགོས་པས་ཚོགས་མགྲོན་ལ་གཏང་རག་མཆོད་བསྟོད་ནོངས་བཤགས་ངང་བརྟན་བཞུགས་སྤྱི་ལྟར་བྱས་ལ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་གཞུང་བཞིན་མཐར་དབྱུང༌། དེ་ནས་སྲོད་ཐུན་ལ། ཚིག་བདུན་གསོལ་འདེབས་མཐར། རྡོ་རྗེ་ཕག་མོའི་ཐུགས་ཀྱི་དགོངས་པ་ཡིས༔ སོགས་ཚིགས་རྐང་ལྔ་དང༌། དུར་ཁྲོད་རྔམས་བརྗིད་རོལ་པའི་གཞལ་ཡས་ན༔ ཏི་ར་གན་རྐྱལ་བརྫིས་པའི་གདན་སྟེང་དུ༔ ཡུམ་ཆེན་ཁྲོ་མོ་བདུད་འདུལ་སེང་གདོང་མ༔ མ་མོ་མཁའ་འགྲོ་ལྷ་ཚོགས་འཁོར་གྱིས་བསྐོར༔ བདུད་འདུལ་དྲག་མོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཞེས་ཚིགས་རྐང་ལྔའི་མཐར། སྐྱབས་སེམས་ཚོགས་བསགས་སྲུང་འཁོར་གསལ་འདེབས་ནས་མཆོད་བརླབ་བར་དཀྱུས་ལྟར་ལ། སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་འཐུས། ལྷ་བསྐྱེད་ནས་བཟླས་པའི་སྔར་བཞིན་དང༌། སྟོང་ཚིགས་ཀྱི་རྗེས་སུ་སྲུང་འཁོར་མི་བསྡུ་བར་སྦྲ་ཕུབ་པ་ལྟར་བཞག་ནས། བདག་བསྐྱེད་བསྡུ་ལྡང་བསྔོ་སྔོན་ཤིས་བརྗོད་བཅས་བྱས་ལ་ཉལ་བའི་རྣལ་འབྱོར་ལ་འཇུག །

p. 420

ཕྱི་ཉིན་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། ཐུན་གྱི་གཅོད་ཚུལ་སྔར་སྲོད་ཐུན་དང་འདྲ། དེ་ནས་སྔ་ཐུན་དང་ཕྱི་ཐུན་གཉིས་ཀྱང་སྔར་དང་འདྲ་བ་ལས། ཡར་མར་གྱི་ཚེས་བཅུ་དང་ཉ་སྟོང་སོགས་ལ་ཚོགས་མཆོད་བྱ། སྤྱིར་ཐུན་གྱི་ཚང་དང་ངོས་འཛིན་ཚུལ་ཡང༌། ཐོ་རངས་ནས་ནམ་ལངས་ཡན་ལ་ཐོར་ཐུན། ཉི་ཤར་ནས་ཉིན་གུང་བར་ལ་སྔ་ཐུན། གུང་ཡོལ་ནས་ཉི་མ་ནུབ་ཁའི་བར་དགོང་ཐུན། ཉི་ནུབ་ནས་སྲོད་པོ་ཆེ་ཡན་སྲོད་ཐུན་དུ་འཇོག་པ་ཡིན། ཉི་མ་འཆར་ནུབ་གཉིས་ཀྱི་སྒང་དང༌། ཉིན་མཚན་གུང་གཉིས་ཀྱི་ལྟེ་བར་བསམ་གཏན་འཇིག་པའི་དུས་བཞི་ཞེས་ཐུན་མཚམས་སུ་ཁེལ་བར་བྱ་དགོས་པ་བཅས་ངེས་པར་བྱས་ནས། བསྙེན་སྒྲུབ་ཀྱི་གཞུང་སྲོང་ཚུལ་ཡང་མཚན་མའི་བསྙེན་པ་ནི་རྟགས་ཀྱི་རིམ་པ་ཁོ་ན་དང་སྦྱར་བ་ལས་གྲངས་མི་གཙོ་ལ། གྲངས་ཀྱི་བསྙེན་པ་ནི་འབྲུ་འབུམ་ནས་དེའི་བཞི་འགྱུར་སོགས་སྔགས་ཀྱི་ནུས་པ་ཐོབ་ཀྱི་བར་དུ་དང༌། དུས་ཀྱི་བསྙེན་པ་ནི་ལོ་གཅིག་གམ་ཟླ་བ་དྲུག་གམ་གསུམ་གྱིས་མཐའ་བརྟེན་པ་སྟེ། ལས་རུང་གི་བསྙེན་འབྲེལ་ཙམ་ལ་ཟླ་བ་གཅིག་ཏུའང་རུང་ངོ༌། །གཉིས་པ་སྒྲུབ་པ་ནི། །དེའང་འདོན་བྱ་དང་ཐུན་གྱི་གཅོད་ཚུལ་སོགས་སྔ་མ་ལྟར་ལས།

p. 421

བསྙེན་པའི་བཟླས་པ་ཁྱུག་ཙམ་སྔོན་དུ་འགྲོ་བས། སྒྲུབ་པའི་དམིགས་གནད་དང་སྦྱར་ཏེ་སྒྲུབ་སྔགས་གཙོ་བོར་བཟླ་ཞིང༌། མཐར་སྟོང་ཚིགས་ཀྱི་མཆོད་མཆོད་བསྟོད་བསྡུ་ལྡང་སོགས་སྔར་དང་འདྲ། ཚུལ་དེ་ལྟ་བུས་སྒྲུབ་སྔགས་འབུམ་ཕྲག་བཞིས་མཐའ་བརྟེན་པ་གྲུབ་ནས། གསུམ་པ་ལས་སྦྱོར་ནི། གཞུང་སྲོང་ལུགས་སྔར་བཞིན་ལ་བསྙེན་སྒྲུབ་ཀྱི་བཟླས་པ་གཉིས་པོ་ཁྱུག་ཙམ་རེ་སོང་ནས། ཐུན་རེ་ཆ་གཉིས་སུ་ཕྱེ་བའི་ཆ་དང་པོ་ལ་སྲུང་བའི་དམིགས་གནད་དང་དབྱར་ཏེ་སྲུང་སྔགས་ཤམ་བུ་ཅན་བཟླ། ཆ་གཉིས་པ་ལ་བཟློག་པའི་དམིགས་གནད་དང་བཅས་པ་ལས་སྔགས་བྷྱོ་ཟློག་ཤམ་ཅན་ཉིད་ཅི་འགྲུབ་བཟླས་མཐར་ཐལ་རྡེབ་དམིགས་གནད་བཅས་བདེན་བརྗོད་མོད་མོ་ཐལ་རྡེབ་ལན་གསུམ་རེ་བྱས་ལ་མི་དམིགས་པར་བཞག །སྤྲོ་ན། ནམ་མཁའ་མེད་པར་གྱུར་ན་ཡང༌། སོགས་ནས། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། །ཕ་རོལ་བྱད་མའི་གཡུལ་ངོ་ལས། །དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛཡ། ཞེས་བདེན་པའི་སྟོབས་བརྗོད། ལས་སྦྱོར་འདི་ཉིད་བསྙེན་པའི་བཅུ་ཆ་ཙམ་དུ་བཟླ་བ་སྤྱིར་བཏང་ཡིན་ལ་དམིགས་བསལ་གང་དགོས་སྐབས་དང་བསྟུན་ནོ། །འདི་

p. 422

ཉིད་ལས་རུང་གི་བསྙེན་འབྲེལ་ཟླ་བ་གཅིག་ལ་མཚོན་ན། བདུན་དང་པོ་གཉིས་ལ་བསྙེན་པའི་དམིགས་པ་དང་སྦྱར་ཏེ་རྩ་སྔགས་ཁོ་ན་བཟླ། ཆ་ཕྱི་མར་བཟློག་པའི་དམིགས་གནད་དང་བཅས་ཟློས་སྔགས་གཙོ་བོར་བཟླས་མཐར་ཐལ་རྡེབ་བྱ་བ་བཅས་ཁྱད་པར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཟིན་ནས་སྒྲུབ་འབྲས་དངོས་གྲུབ་བླང་བར་བྱ་བ་སྟེ། སྒྲུབ་པ་སང་ཐེམས་པའི་དེ་རིང་ནས་མཆོད་པ་དང་གཏོར་མ་སོགས་ཁ་གསོ་ཞིང༌། དཀྱིལ་འཁོར་གྱི་མདུན་དུ་ཕྱེ་གཙང་དཀར་མངར་ཛ་གད་ཀྱིས་སྦྲུས་པའི་འབྲང་རྒྱས་རིན་ཆེན་འབར་བ་རིལ་བུས་བསྐོར་བ་དང༌། མངར་གསུམ་སྦྱར་བའི་ཐོད་ཚང༌། གཞན་ཡང་ཟས་སྣ་བཟའ་བཅའ་བཏུང་བའི་རིགས་དང་ཚོགས་ཀྱི་མཆོད་པ་སོགས་ཅི་འབྱོར་པ་བཟང་དུ་བཤམ། བསྙེན་སྒྲུབ་ལས་གསུམ་གྲུབ་པའི་

p. 423

ཐོར་ཐུན་ནམ་སྔ་དྲོ་ནས་དབུ་བཙུགས་ལ། ཆོ་གའི་གཞུང་བསྲང་ཚུལ་སྔ་མ་ལྟར་ལས། མདུན་གྱི་སྒྲུབ་ཐོད་སྐུ་རྟེན་གཏོར་མ་བཅས་རང་དང་ཞལ་སྤྲོད་ཚུལ་གྱིས་ལྷར་བསྒོམ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཁྱུག་ཙམ་རེའི་མཐར། དངོས་གྲུབ་བསྡུ་བའི་དམིགས་པ་ནི། བདག་མདུན་གྱི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་དབང་བྱིན་དངོས་གྲུབ་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པས་གྲུབ་པ་གཉིས་ལ་མངའ་དབང་འབྱོར། རྫས་ལ་ཐིམ་པས་བཅུད་ལེན་བདུད་རྩིའི་མཆོག་ཏུ་གྱུར་པར་བསམ་ཞིང༌། རྩ་སྔགས་ཤམ་དུ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧྲཱིཿ སརྦ་སིདྡྷི་ཧྲཱིཿ ཞེས་བཏགས་པ་ལས་བཟླས་པའི་དངོས་གཞི་བྱ། སང་སྔ་ཐུན་ལ་ཚོགས་གཏོར་གསར་པ་རྒྱ་ཆེར་བཤམ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་སྔར་བཞིན་དངོས་གྲུབ་བསྡུ་བའི་བཟླས་པ་ཅི་ནུས་མཐར། སྲུང་མའི་གཏོར་ཆོག་དང་ཚོགས་ཐ་མའི་བར་བཏང་རྗེས་མདུན་རྟེན་ལྷར་གསལ་བ་ལ་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླས་པས་འཁོན་གཅུགས་བཤགས་ནས་བྱིན་འབེབས་བྱ། མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་

p. 424

གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དང་འབྲུ་གསུམ་དཀར་དམར་མཐིང་གའི་རྣམ་པ་ཆར་བབས་པ་ལྟར་འཕྲོས་ནས་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ཞིང༌། ཧོཿསྐུ་གསུམ་ཡེ་ཤེས་མཁའ་འགྲོ་མའི༔ སོགས་ཀྱིས་དངོས་གྲུབ་བསྐུལ་ལ་སྒྲུབ་ཐོད་སྐུ་རྟེན་གཏོར་མ་སོགས་གནས་གསུམ་དུ་འཇོག་ཅིང༌། ལྷ་འོད་དུ་ཞུ་བའི་དམ་རྫས་རྣམས་ལ་ལོངས་སྤྱད། ཚོགས་ལ་རོལ་ཞིང་ལྷག་མ་ཕྱི་རོལ་དུ་བཏང༌། སྲུང་མའི་གཏོར་འབུལ་དང་ཆད་བརྟན་བྲོ་བརྡུང་ནས་ཤིས་བརྗོད་ཀྱི་བར་གཞུང་གི་འགྲོས་སྔར་བཞིན་མཐར་དབྱུང༌། མཚམས་ཀྱི་ཁོངས་དེར་ཁ་སྐོང་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆའི་གྲངས་ལོངས་གྲུབ་ན་མཆོག་ཡིན་ཅིང༌། དེ་ཉིད་རྒྱས་པ་ལག་ཏུ་མི་ལོན་པས། འདིར་སྤྲོས་མེད་འཇུག་བདེའི་མེ་མཆོང་བྱ་བར་འདོད་ན། མདུན་དུ་ཞི་བའི་ཐབས་སྟེགས་ཟླུམ་པོར་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད། དེར་བལ་དཀར་སོགས་ཞི་བའི་ཤིང་གིས་ཐབ་ཁུང་ཟླུམ་པོར་བརྩིགས་ལ་མེ་ཚང་བཅའ། འོ་མ་ཅན་གྱི་ཡམ་ཤིང་སོར་བཞི་པ། མར་ཁུ། ཏིལ་དཀར། ཡུངས་དཀར་སོགས་འབྲུ་སྣ་དང་མེ་ཏོག་དཀར་པོའི་རིགས་རྣམས་འདུ་བྱས་ལ།

p. 425

རཾ་ཡཾ་ཁཾ་གིས་བསང་སྦྱང༌། རྫས་རྣམས་འབྲུ་གསུམ་ཞུ་བ་ལས་བྱུང་བའི་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུཾ་ལན་བདུན་གྱིས་བྱིན་བརླབ། མེ་ཐབ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མདུན་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་གདབ། ཨགྣེ་ཛྭ་ལ་རཾ་གྱིས་མེ་དུ་བ་མེད་པར་འབར་བ་ཐབ་ཏུ་བཞག་ནས། མེའི་དབུས་སུ་མཁའ་འགྲོ་བདུད་འདུལ་དྲག་མོ་རང་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྐད་ཅིག་གིས་སད་པར་མོས། གཙོ་འཁོར་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ནས་འོད་ཟེར་དཀར་པོ་ཟླ་བའི་བདུད་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཞི་བའི་ལས་རབ་འབྱམས་བསྒྲུབ་པར་བསམ་ལ། ཨོཾ་ཀརྨ་ཌཱ་ཀི་ནཱི་སིདྷ་མུ་ཁ་ཧཱུྃ་ཕཊ༔ ཛྭ་ལ་རཾ་སརྦ་ཀརྨ་ཀུ་རུ་ཧོཿ ཞེས་བཏགས་པ་ཁོ་ནས་བརྒྱ་སྟོང་སོགས་འབུལ་ཞིང༌། མཚམས་སུ། རྣལ་འབྱོར་པ་བདག་གི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པ་མི་མཐུན་པའི་ཉེས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ། མཐར་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་མེ་ལྷ་རང་གི་སྙིང་གར་བསྡུ། ཚུལ་དེ་ལྟ་བུས་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསགས་

p. 426

དགོས་པས་ཉིན་གྲངས་ཇི་ཙམ་འགོར་བ་དེ་སྲིད་ཆོ་གའི་གཞུང་སྔར་ལྟར་བསྲང་ནས་གྲངས་རྫོགས་ངེས་པར་བྱ། དེ་ལྟར་ཁ་སྐོང་སྦྱིན་སྲེག་འགྲུབ་ན་སྔགས་ཀྱི་ནུས་པ་སྐྱེ་བ་དང་ལས་གང་བརྩམས་འགྲུབ་པ་སོགས་ཡོན་ཏན་མཐའ་ཡས་ལ། གལ་སྲིད་མ་གྲུབ་ན་སྔགས་ཁོ་ནས་ཁ་བསྐང་ནའང་རུང་སྟེ། འབུམ་ལ་ཁྲི། ཁྲི་ལ་སྟོང༌། སྟོང་ལ་བརྒྱས་མཚོན་ཏེ་འབད་པར་བྱ། མཐར་ཐོ་འགྲོལ་བ་ལ་གཏང་རག་གི་མཆོད་བསྟོད་དང་འབྲེལ་ལྷ་རྟེན་ལ་བསྟིམ་པའམ་གཤེགས་སུ་གསོལ། མཚམས་གྲོལ་ཉིན་ཡར་ངོའི་ཚེས་གྲངས་ལེགས་པ་དང་སྟབས་བསྟུན་ཏེ་གཞན་དང་གདོང་འཕྲད་ཅིང་ཞག་ཤས་ཕྱི་རོལ་དུ་མི་འགྲོ་བར་གནས་བསྲུང་སོགས་ཀྱིས་མཐའ་རྒྱས་པར་བྱའོ། །དེ་ལྟར་འདིར་སྨོས་པ་ནི་ཁྱད་པར་གྱི་སྒོས་ཆོས་གསལ་བར་མཚོན་པ་ཙམ་སྟེ། ཞིབ་པར་ནི་བསྙེན་སྒྲུབ་ཀྱི་མན་ངག་སྤྱི་ལ་གོམས་ཤིང་འདྲིས་པར་བྱ་བ་ཁོ་ནའོ། །དེ་ལྟར་བདུད་འདུལ་དྲག་མོ་བསྙེན་པའི་ཚུལ། །རྩ་བའི་དགོངས་དོན་ཕྱོགས་ཙམ་གསལ་བྱས་པ། །འདིས་ཀྱང་མོས་ལྡན་འགའ་ལ་སྨན་གྱུར་སྟེ། །གདམས་པའི་བཀའ་སྲོལ་མི་ནུབ་བཙས་གྱུར་ཅིག །ཅེས་པའང་ལམ་འདིར་མོས་པའི་བློ་ཅན་དུ་མས་རིང་མོ་ཉིད་ནས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར།

p. 427

རྩ་བའི་མན་ངག་འཇུག་བདེའི་ལག་ལེན་དུ་དྲིལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་དབང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་སྐལ་པ་ཅན་ལ་འདོད་པའི་དངོས་གྲུབ་འགྲུབ་པའི་ཆ་རྐྱེན་དུ་གྱུར་ཅིག །མངྒ་ལ་ཛ་ཡནྟུ།། །།

བདུད་འདུལ་དྲག་མོ་སེང་གདོང་མའི་དབང་ཆོག་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཡེ་ཤེས་སྒོ་འབྱེད།

p. 428
p. 429

༄༅། །བདུད་འདུལ་དྲག་མོ་སེང་གདོང་མའི་དབང་ཆོག་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

p. 430

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། ཆོས་ཉིད་དབྱིངས་ཡུམ་རྣམ་འགྱུར་དྲག་མོའི་ཚུལ། །འབར་བའི་གར་གྱིས་མ་རུངས་མཐར་མཛད་པ། །བླ་མ་བདུད་འདུལ་དྲག་མོར་གུས་བཏུད་ནས། །དབང་བསྐུར་ལག་ཁྲིགས་རྣམ་གསལ་བསྡེབས་ལ་སྤྲོ། །[དེའང་ཟབ་ལམ་མཁའ་འགྲོ་ཐུགས་ཀྱི་སྒྲུབ་པའི་ནང་བསྐོར་བདུད་འདུལ་དྲག་མོ་སེང་གདོང་མའི་དབང་བསྐུར་བསྒྲུབ་པ་སྐབས་སུ་བབས་པ་ན། དུར་ཁྲོད་དམ་རི་ཁྲོད་སོགས་དབེན་ཅིང་ཉམས་དགའ་བའི་གནས་སུ། སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ་ཚུལ་བཞིན་བྲིས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་ཆང་དང་དྲི་བཟང་གིས་སྦགས་པའི་འབྲུ་ཚོམ་ལྷ་གྲངས་དང་མཉམ་པ་གཙོ་འཁོར་ཕྱེད་པར་བཀོད་པའི་སྟེང་དུ་

p. 431

མཉྫིའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་གྱིས་སྤྲས་པ་བརྟན་པོར་འགོད། མདུན་དུ་གཙོ་འཁོར་ཡོངས་རྫོགས་ཀྱི་སྐུ་ཙཀ །གཡས་སུ་གསང་ཐོད་ཆང་ལ་མངར་གསུམ་ཨ་མྲྀ་ཏ་སྦྱར་བས་བཀང་བའི་ཁ་དར་དམར་བརྒྱད་ལྟེབ་ཀྱིས་བཀབ་པ། གཡོན་དུ་རིག་ཙཀ་དང༌། སྔགས་བྱང་ཕྱག་མཚན་ཆས་དབང་སོགས་རྫས་ཙཀ་གཞུང་གི་ཚིག་མཐུན་ཡོངས་རྫོགས། རྒྱབ་ཕྱོགས་སུ་བྷནྡྷའམ་རིན་པོ་ཆེའི་སྣོད་དུ་དབང་གཏོར་ཆོས་འབྱུང་བསྣོལ་མའི་སྟེང་དུ་གཏོར་མ་ཙིཏྟའི་དབྱིབས་ལ་རྩ་བར་རྡོ་རྗེ་ཕྱེད་པའི་དབྱིབས་ཅན་གྱི་པད་འདབ་བཞི་ཚོམ་རྩེ་མོར་སེང་ཞལ་ཉི་ཟླ་མེ་རེའི་རྒྱན་ལྡན་སྐུ་ཙཀ་གདུགས་ལྗང་གུས་སྤྲས་པ། མཐར་ཆུ་གཉིས་སྤྱོད་ལྔ་བསྐོར་བཤམ། མདུན་རྒྱབ་གང་བདེར་མཆོད་གཏོར་སྨན་རཀ་ཉེར་སྤྱོད་ཕྲེང་ཚར་བཅས་བཀོད་ལེགས་སུ་བསྟར། གཞན་ཡང་བཀའ་སྲུང་

p. 432

གཏེར་སྲུང་གི་འབུལ་གཏོར། ཚོགས་ཀྱི་ཡོ་བྱད། མིག་དར་མེ་ཏོག །འགྲིམ་དཀྱིལ། གསེར་ཐུར། ཕྱག་ཤིང༌། མཎྜལ་གྱི་ཆས་སོགས་མདོར་ན་དབང་དང་ཆོ་གར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པ་ལེགས་པར་འདུ་བྱས་ལ། དབང་དོན་སྒྲུབ་མཆོད་ནི། ལས་བྱང་གི་དབུ་ནས་བརྩམ་མཐར་ཆགས་སུ་གཞུང་བསྲང་བ་ལས། བློ་རབ་ཀྱིས་བདག་མདུན་དབྱེར་མེད་གཅིག་རྫོགས། འབྲིང་པོས་བདག་མདུན་བཞིན་དང་མེ་ལོང་གི་ཚུལ། ཐ་མས་ཚིག་གཅིག་གིས་བདག་བདུན་ཆ་མཉམ་དུ་བསྐྱེད་པ་སྟེ། གང་ལྟར་དམིགས་པའི་སྤྲོ་བསྡུ་དང་བཅས་བཟླས་པ་ཅི་འགྲུབ་མཐར། བུམ་བཟླས་ཟུར་དུ་སྤྲོ་ན།] བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །[ཅེས་གཟུངས་ཐག་བླང་ལ་བསྙེན་སྔགས་བརྒྱ་རྩ་སོགས་ཅི་འགྲུབ་མཐར་སྟོང་ཚིགས་ཀྱིས་མཆོད་ནས།] ཨོཾ་ཨཱཿཧཱུྃ་[གིས་མཆོད་ཡོན་ཕུལ་བས།] ལྷ་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་[པར་བསམ།] ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་བདུད་རྩི་འཁྱིལ་བ་ལྗང་ནག་སྣ་ཚོགས་རྡོ་རྗེ་དང་མེ་ཞགས་འཛིན་པ། གཏུམ་རྔམས་ཁྲོ་བོའི་ཆས་ཀྱིས་བརྒྱན་པ་གྱད་ཀྱི་འདོར་

p. 433

སྟབས་སུ་བཞུགས་པའི་ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་[བསམ་ལ།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ༔ [ཅེས་ཅི་འགྲུབ་བཟླས་མཐར།] ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་ལས་ཐམས་ཅད་འགྲུབ་པའི་ནུས་ལྡན་དུ་གྱུར་བར་[བསམ། བཀའ་སྲུང་གཏེར་སྲུང་གི་གཏོར་འབུལ། ཚོགས་ཀྱི་མཆོད་པ་བཅས་གྲུབ་ནས། བདག་འཇུག་རྒྱས་པར་ལེན་པའམ་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །དེ་ནས་དབང་བསྐུར་དངོས་ལ། སྣོད་ལྡན་ཚུལ་དང་མཐུན་པའི་སློབ་མ་ཉུང་དུ་སྒོའི་ཕྱི་རོལ་དུ། ཇི་ལྟར་བལྟམས་པ་སོགས་ཀྱི་ཁྲུས་ནས་དབྱུང༌། ནང་དུ་ཞུགས་པ་ན་བགེགས་གཏོར་བཏང་ལ་བཀའ་བསྒོ་དྲག་སྔགས་ཡུངས་ཐུན་དང་བཅས་པས་བསྐྲད་དེ་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་བྱས་ལ།] འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཕགས་བཞི་བསྐྱེད་པའི་ཡུམ་ཀུན་བཟང་ཤེས་རབ་ཕར་ཕྱིན་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གནས་སྐབས་ལམ་གྱི་བར་ཆད་མཐའ་དག་ཞི་བ་དང་མཐར་ཐུག་བདེ་སྟོང་འཕོ་འགྱུར་མེད་པའི་ཡེ་ཤེས་མངོན་དུ་བྱེད་པའི་སླད་དུ་ཌཱ་ཀི་བདུད་འདུལ་དྲག་མོའི་དཀྱིལ་འཁོར་དུ་ཞུགས་ནས་རིམ་པ་གཉིས་ཀྱི་ལམ་མཐར་ཕྱིན་པར་བགྱིའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས་

p. 434

གསན་འཚལ། གསན་བྱ་ཟབ་མོའི་ཆོས་འདི་དང་འབྲེལ་བའི་ལོ་རྒྱུས་མདོ་ཙམ་སྨོས་ན། སྔོན་བསྐལ་པ་དཔག་ཏུ་མེད་པ་འདས་པའི་དུས་འོད་དཔག་མེད་ཀྱི་བསྟན་པའི་མཇུག་ཏུ། བདུད་དགའ་རབ་དབང་ཕྱུག་གི་བུ་མོ་ཕྲ་མེན་སེང་གདོང་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་དང་ཤ་ཁྲག་ལ་ལོངས་སྤྱོད་ཅིང་སངས་རྒྱས་ཀྱི་བསྟན་པ་ལའང་མངོན་པར་གནོད་ཅིང་མུ་སྟེགས་བདུད་ཀྱི་སྡེ་འཕེལ་ནས་རྒྱལ་བསྟན་ཉམས་དམའ་བར་གྱུར་ཏེ། །དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཉམ་པར་གཟིགས་ནས་ཕྲ་མེན་མ་རུངས་པའི་བདུད་དེ་འདུལ་བ་ལ་ཁོ་རང་འདྲ་བ་ཞིག་སྤྲུལ་ནས་འདུལ་དགོས་པར་མཁྱེན་ཏེ་ཡེ་ཤེས་ཀྱི་དབྱིངས་ནས་སྤྲུལ་པའི་མཁའ་འགྲོ་སེང་གདོང་དྲག་མོའི་སྐུ་མངོན་དུ་སྣང་བར་མཛད་ཅིང་རྒྱལ་བ་མ་ལུས་པའི་ཐུགས་རྗེའི་མཐུ་སྟོབས་ནུས་པ་བྱིན་རླབས་ཀྱིས་དབང་བསྐུར། བདུད་དཔུང་འདུལ་བའི་དཔའ་མོར་མངའ་གསོལ་ནས་དྲག་མོ་ཁྲོས་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་དུ་གཡོས་པའི་ཚེ། བདུད་མོ་ཕྲ་མེན་ཐམས་ཅད་རབ་ཏུ་འཁྲུགས་ཤིང་མ་རུངས་པའི་ཆོ་འཕྲུལ་དྲག་པོ་སྟོན་པ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་དྲག་མོ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ངང་

p. 435

ནས་སྤྲུལ་པ་དུ་མས་བདུད་ཀྱི་ནུས་པ་བཅོམ། མཐུ་དང་སྟོབས་རྩལ་འཕྲོག་ནས་དབང་དུ་བསྡུས་ཤིང་རྣམ་ཤེས་མཁའ་འགྲོའི་ཐུགས་ཀློང་དུ་གནས་སྤར། ལུས་ཕུང་དུར་ཁྲོད་གསང་ཆེན་བསྣོལ་མར་བྱིན་གྱིས་བརླབས། འཁོར་ཚོགས་དྲེགས་པ་ཅན་རྣམས་ཀྱིས་སྲོག་སྙིང་ཕུལ་ཞིང་དམ་ལ་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་སྲུང་མར་བཞག །དེར་གཙོ་བོ་མོས་གསང་སྔགས་མ་རྒྱུད་ཀྱི་ཆོས་འཁོར་བསྐོར་ནས་ཐམས་ཅད་དཀྱིལ་འཁོར་ཆེན་པོ་གཅིག་གི་ངང་དུ་བཞུགས་སོ། །དེ་ནས་ཚེ་ལོ་བརྒྱ་པའི་སྐབས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན། ཕ་རོལ་དུ་ཕྱིན་པ་བཅུའི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་པར་མཛད༔ ཁྱད་པར་ཝ་ར་ཎཱ་སི། བྱ་རྒོད་སྤུངས། འོག་མིན་གྱི་གནས་ལ་སོགས་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། གཞན་ཡང་གསང་ཆེན་མེ་རི་འབར་བ་དང༌། དུར་ཁྲོད་ལངྐ་བརྩེགས་པ་རྣམས་སུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་དཔག་ཏུ་མེད་པར་སྤྲུལ་ཏེ་མ་ངེས་པའི་རྒྱུད་སྡེ་མང་པོ་དང༌། ཏནྟྲ་ཆེན་པོ་བཅོ་བརྒྱད། བསྟན་སྲུང་དྲག་སྔགས་ཀྱི་བསྐོར་མ་ལུས་པ་གསུངས། ཁྱད་པར་དུར་ཁྲོད་གསང་ཆེན་བསྣོལ་དུ་བྱོན་ནས་འཁོར་རྣམས་བཀའ་སྩལ་པ། ད་ལྟ་ཉི་མ་

p. 436

གནམ་གྱི་དཀྱིལ༔ མུན་པ་བྱ་བ་ཡིད་ལ་མེད། མུན་པ་ཉི་མ་བརྒལ་ནས་འོང་༔ བསལ་ཐབས་དྲག་སྔགས་བཟླ་བར་དགོས༔ ཞེས་གསུངས་པའི་དོན་གནང་བར་གསང་བའི་བདག་པོས་ཞུས་པ་ལྟར་སྟོན་པ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་པས་མཁའ་འགྲོ་བདུད་འདུལ་མ་དངོས་ཀྱིས་གནམ་ལྕགས་ཐོག་རྒྱུད་ཅེས་བྱ་བ། ཡི་གེ་བཅུ་བཞི་རྐང་ལག་མེད་པ་སྦྲུལ་གཅུན་པོའི་རེ་སོ་འདྲ་བ་གཅིག་ཕུལ། དེ་ལ་སངས་རྒྱས་ཀྱིས་ཐོག་རྒྱུད་ཕ་རྒྱུད། མ་རྒྱུད། མ་ནིང༌། བླ་མེད། ཡང་གསང་གི་རྒྱུད་དང་ལྔར་གསུངས་ཏེ། དེ་ལྔ་ལའང་རྒྱས་པ། ཤིན་ཏུ་རྒྱས་པ། བསྡུས་པ། ཤིན་ཏུ་བསྡུས་པ། འབྲིང་པོ་ལྔ་ལྔར་ཕྱེས་ཏེ་གསང་བའི་བདག་པོ་ལ་གཏད་ནས་འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི་སྲོག་སྙིང་སངས་རྒྱས་བསྟན་པ་སྲུང་བའི་མཚོན་ཆ་ཡིན་པས་མཆོད་རྟེན་བུམ་པ་ཅན་ལ་གཏེར་དུ་སྦོས་ལ་མཁའ་འགྲོ་བདུད་འདུལ་མ་ཉིད་ལ་གཉེར་དུ་གཏོད་ཅིག །ཅེས་གསུངས་པ་བཞིན་གསང་བདག་གིས་དུར་ཁྲོད་གསང་ཆེན་བསྣོལ་མའི་དབུས་མཆོད་རྟེན་བུམ་པ་ཅན་དུ་རྒྱ་རིམ་པ་བདུན་བཏབ་ནས་གཏེར་དུ་སྦས་སོ། །དེ་རྗེས་སངས་རྒྱས་མྱ་ངན་ལས་འདས་ནས་མི་ལོ་བདུན་བརྒྱ་དང་ལྔ་བཅུ་ཙམ་སོང་བའི་སྐབས། རྒྱ་གར་རྡོ་

p. 437

རྗེ་གདན་དུ་ཆོས་རྒྱལ་སུ་རྻ་སིཾ་ཧས་མཆོད་གནས་པཎ་ཆེན་ལྔ་བརྒྱ་དང་བཅས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་དུས། ཕྱི་རོལ་མུ་སྟེགས་ཀྱི་བསྟན་པ་འཕེལ་ནས་ནང་པ་སངས་རྒྱས་པའི་བསྟན་པ་ལ་རྩོད་དུ་བྱུང་བའི་ཚེ། ཆོས་རྒྱལ་དང་པཎ་ཆེན་རྣམས་ཀྱིས་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་སྤྱན་དྲངས་ནས་བདུད་འདུལ་བར་གསོལ་བ་བཏབ་པས་པདྨས་རྫུ་འཕྲུལ་རྩོད་པས་བདུད་རིགས་ཕམ་པར་བྱས། ཕྱི་པས་ངན་སྔགས་བཏང་བ་ན་དུར་ཁྲོད་གསང་ཆེན་བསྣོལ་མར་བྱོན་ནས་དྲག་མོ་གནམ་ལྕགས་ཐོག་གི་རྒྱུད་གཏེར་ནས་བཏོན། དྲག་སྔགས་བཅུ་བཞི་པས་མུ་སྟེགས་རྣམས་རང་གཤེད་རང་ལ་ཕབ་སྟེ་སྟོན་པ་སྡེ་དྲུག་ཐོག་གིས་བསད། བདུད་ཀྱི་དཔུང་ཚོགས་མ་ལུས་པ་བཅོམ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །དེ་ནས་བོད་འདིར་སངས་རྒྱས་ཀྱི་བསྟན་པ་དར་བའི་དུས་ལ་བབས་པ་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་ཆེན་པོ་པདྨ་བོད་དུ་དྲངས་ནས། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཁྱད་པར་ཅན་དང་མདོ་སྔགས་ཀྱི་བསྟན་པ་དར་སྨིན་རྒྱས་པར་མཛད། མི་ལོ་བརྒྱ་དང་བཅུ་གཅིག་བོད་དུ་བཞུགས་པའི་བདུན་ཅུ་དོན་གསུམ་སྟག་གི་ལོ་ལ་བསམ་ཡས་མཆིམས་ཕུ་བྲག་

p. 438

དམར་ཀེའུ་ཚང་སོགས་གནས་ཆེན་རྣམས་སུ་ལས་ཅན་དག་པའི་འཁོར་རྣམས་ལ། སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་གཙོ་བོར་གྱུར་བའི་རྩ་བ་གསུམ་གྱི་གདམས་སྐོར་མཐའ་ཡས་པ་གནང་བའི་སྐབས། ཁྱད་པར་ཕྱི་ནང་གི་བྱད་ཕུར་རྦོད་གཏོང་གདུག་པའི་ཚང་ཚིང་བཅོམ་པ་ལ་དུས་མཐའི་མེ་དང་མཚུངས་པའི་ནུས་སྟོབས་གསང་རིག་གཟུངས་སྔགས་གང་གིས་ཀྱང་འགྲན་པའི་ཟླ་དང་བྲལ་བར་ཡོངས་སུ་གྲགས་པ་མཁའ་འགྲོའི་དྲག་སྔགས་ཟབ་མོ་ཐུན་མོང་མ་ཡིན་པ་འདི་ཉིད་ཌཱ་ཀི་བདུད་འདུལ་མའི་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ལ་རྩལ། དེས་ཀྱང་མི་བརྗིད་པའི་གཟུངས་ཀྱིས་བཟུང་སྟེ་མཁའ་འགྲོ་བརྡ་ཡི་ཡི་གེར་བཀོད་ནས་ཁྱད་པར་ཅན་གྱི་དམ་རྫས་སྲོག་རྟེན་སོགས་དང་ལྷན་ཅིག་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་གནས་དུ་མར་ཟབ་མོ་གསང་བའི་གཏེར་དུ་སྦས་པར་མཛད་པའི་ནང་ཚན། འདི་ནི་བོད་ཆེན་པོའི་ལྗོངས་ཀྱི་བྱེ་བྲག་མདོ་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤ་བྲག་རྡོ་རྗེ་ཅན་དུ་སྦས་པར་མཛད་པ་ཉིད། དེང་སང་སྙིགས་དུས་འདུལ་བའི་སྐབས་སུ་བབས་པ་ན། འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་སྤྱན་དྲངས་ཏེ་མི་ལོ་བཞི་བཅུ་རྩ་བཞིའི་བར་དུ་ཤིན་ཏུ་གསང་བའི་

p. 439

དམ་ཚིག་གི་རྒྱས་བཏབ་མཐར། སྨོན་ལམ་གྱི་དུས་སད་པའི་ཚེ་མཁའ་འགྲོ་རྡོ་རྗེའི་ལུས་ཅན་ཞེས་བྱ་བའི་ལུང་གིས་སྐབས་ཕྱེས་པ་ལྟར་ཤོག་སེར་ལས་གཏན་ལ་ཕབ་སྟེ་ལས་ཅན་སྙིང་གི་བུ་གསུམ་ལ་ཐུན་མིན་མནོག་ཆོས་སུ་སྩལ་བ་ཟབ་ལམ་མཁའ་འགྲོ་འདུས་པའི་སྒྲུབ་ཐབས་ལ་ཕྱི་ནང་གསང་བ་ཡང་གསང་གི་སྐོར་རྣམས་སུ་བཞུགས་པ་ལས། འདིར་ནང་སྒྲུབ་བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ལགས། དེ་ལ་བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པའི་སྤྱན་སྔར་སྨིན་བྱེད་དབང་གི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་མཛོད། [ཅེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །]དེ་ལྟར་མཎྜལ་ཕུལ་ནས་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆས་སུ་གཞུག་པ་ནི། ཁྱེད་རང་རྣམས་སྔོན་ཆད་གསང་བའི་དཀྱིལ་འཁོར་གཉན་པོ་འདིར་མ་ཞུགས་པའམ། ཞུགས་ཀྱང་བསྐྱར་ནས་འཇུག་པ་མཚོན་པའི་བརྡར་དར་རས་དམར་པོ་རེས་གདོང་གཡོགས་པར་མོས་ཤིག །ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། [ཞེས་མིག་དར་བཅིང༌།] དཀྱིལ་འཁོར་གྱི་ལྷ་

p. 440

དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་གྱི་སླད་དུ་མེ་ཏོག་གསར་པའི་ཆུན་པོ་རེ་ཐོགས་པར་མོས་མཛོད། ཨོཾ་པུཥྤེ་ཧཱུྃ༔ ཞེས་མེ་ཏོག་གཏད། བླ་མ་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་དགེ་འདུན་སྤྱི་དཔལ་མཆོག༔ སྐུ་གསུམ་རྩ་གསུམ་ཡོངས་འདུས་དཔལ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ ཁྱེད་ལ་གུས་པས་གསོལ་བ་འདེབས། བདག་ཅག་སྐལ་ལྡན་བུ་རྣམས་ལ༔ སྤྱི་དཔལ་སེང་གེའི་གདོང་ཅན་གྱི༔ དབང་མཆོག་ཡོངས་རྫོགས་བསྐུར་དུ་གསོལ༔ [ལན་གསུམ།] དེ་ལྟར་གསོལ་བ་བཏབ་པ་ལ་རིགས་དང་སྣོད་བརྟག་པ་འདི་ལ་གསན་འཚལ། ཧོཿ ལས་དང་སྐལ་བཟང་སློབ་བུ་རྣམས༔ གསང་སྔགས་དབང་གི་སྒོར་འཇུག་ན༔ རྩ་བ་དང་ནི་ཡན་ལག་གི༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ ཞེས་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས་མཛོད། ཧོཿ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བླ་མ་དང་ནི་ཡི་དམ་ལྷ༔ སེང་གདོང་མ་ཡི་དཀྱིལ་འཁོར་དུ༔ བདག་ཅག་འདིར་འདུས་སྐལ་ལྡན་གྱིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ རྩ་བ་ཡན་

p. 441

ལག་དམ་ཚིག་ལ༔ རྟག་ཏུ་གནས་ཤིང་མི་བསྲུང་རེ༔ དེ་རིང་ཉིད་ནས་མི་བསྲུང་རེ༔ [ཞེས་ཞུས་པའི་ལན་དུ།] ཧོཿསྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ དེ་ལྟར་ནུས་ཤིང་བསྲུང་གནས་ན༔ གསང་ཆེན་མཁའ་འགྲོའི་དབང་མཆོག་ནི༔ ཡོངས་རྫོགས་བསྐུར་གྱིས་ལེགས་པར་ཉོན༔ [ལག་ཏུ་རྡོ་རྗེ་དྲིལ་བུ་གཏད་ལ།] ཨེ་མ་སྐལ་ལྡན་བུ་མཆོག་རྣམས༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ ཨུ་དུམ་ཝ་རའི་མེ་ཏོག་ལྟར༔ ལན་རེ་འབྱུང་བ་དེར་འཕྲད་པའི༔ སྐལ་ལྡན་ཉིན་མོའི་སྐར་མ་ཙམ༔ ཁྱེད་ཅག་ལས་སྨོན་རྟེན་འབྲེལ་བཟང་༔ ད་ནས་བཟུང་སྟེ་ཐབས་ཤེས་མཚོན༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཟུངས༔ བཛྲ་དྷརྨཱ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་རྒྱུད་དག་ཅིང་དབང་གི་སྣོད་རུང་བར་བྱ་བའི་ཕྱིར་བླ་མ་དང་མཁའ་འགྲོ་བདུད་འདུལ་དྲག་མོའི་དཀྱིལ་འཁོར་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་དང་བྱང་ཆུབ་དོན་དུ་གཉེར་བའི་བསམ་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ བདག་དང་མཐའ་ཡས་[སོགས་ལས་བྱད་ལྟར་སྐྱབས་འགྲོ་ལན་གསུམ།] མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་འདི་ལ་དད་པས་འཇུག་ཅིང་བརྩོན་པས་བསྒྲུབ་པར་

p. 442

བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ མར་གྱུར་མཁའ་མཉམ་[སོགས་སེམས་བསྐྱེད་ལན་གསུམ།] དེས་ཐུན་མོང་དུ་རྒྱུད་སྦྱོང་བའི་རིམ་པ་སོང་ནས། ཐུན་མོང་མ་ཡིན་གསང་སྔགས་ཀྱི་དབང་ཐོབ་ནས་དམ་ཚིག་ལ་ཚུལ་བཞིན་དུ་གནས་དགོས་པས་དེའི་དཔང་པོར་རྡོ་རྗེའི་སྲོག་ཆུ་སྦྱིན་པར་ཤེས་མཛོད། [དམ་ཆུ་བདུད་རྩི་བྱིན་ལ།] ཧོཿ འདི་ནི་རྒྱལ་བ་ཐམས་ཅད་ཀྱིས༔ བྱིན་གྱིས་བརླབས་པ་རྡོ་རྗེའི་ཆུ༔ དམ་ཚིག་གཉན་གྱི་བདུད་རྩི་འདི༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཁྱོད་ཀྱིས་ང་ལ་བརྙས་མི་བྱ༔ བརྙས་ཤིང་དམ་ལས་འགལ་གྱུར་ན༔ རྡོ་རྗེ་མཁའ་འགྲོའི་བཀའ་ཆད་ཀྱིས༔ མགོ་བོ་འགས་ཤིང་ལུས་ཀྱང་གཞོམ༔ མཐར་ནི་རྡོ་རྗེ་དམྱལ་བར་ལྟུང་༔ བསྲུང་ན་ཚེ་འདིར་མངོན་སངས་རྒྱས༔ སྐྱེ་བའི་འཕྲེང་བར་མི་བརྒྱུད་ངེས༔ [ཞེས་བསྒོས་ལ།] ཇི་ལྟར་བསྒོས་པའི་དམ་ཚིག་ལས་ནམ་ཡང་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། གསུངས་བཞིན་རྡོ་རྗེའི་དམ་ཚིག་ལས༔ མི་འདའ་བདག་གིས་བསྲུང་བར་བགྱིའོ༔ ས་མ་ཡ་ན་ར་ཀན༔ དེ་ལྟར་དམ་ཚིག་རྡོ་རྗེའི་ཆུ་དེ་ཉིད་དེང་ནས་ཇི་སྲིད་བར་སྙིང་གི་དབུས་སུ་གནས་ཏེ་སྲུང་ཉམས་ཀྱི་དཔང་པོ་བྱེད་པ་ཡིན་པས་རྣམ་ཀུན་དྲན་ཤེས་བརྟན་པོས་རྩ་བ་དང་ཡན་ལག་གི་དམ་ཚིག་

p. 443

མཐའ་དག་ལེགས་པར་བསྲུང་དགོས་ཏེ། རྩ་བ་སྐུ་གསུང་ཐུགས་གསུམ་ཡན་ལག་ཉེར་ལྔ་སོགས་སྤྱི་ལྟར་བསྲུང་བ་དང༌། ཁྱད་པར་རང་ལུས་ཐ་མལ་དུ་མི་བཞག་པར་ཡེ་ཤེས་མཁའ་འགྲོའི་སྐུའི་འཁོར་ལོ། ངག་མཁའ་འགྲོ་གསུང་སྔགས་ཀྱི་འཁོར་ལོ། ཡིད་མཁའ་འགྲོའི་ཐུགས་བདེ་སྟོང་གི་འཁོར་ལོ་གསུམ་དང་མི་འབྲལ་བའི་དམ་ཚིག་ལ་གནས་དགོས་ཤིང༌། དམ་ཚིག་བསྲུངས་ན་དམ་ཆུ་ཡེ་ཤེས་མཁའ་འགྲོར་གྱུར་ནས་བཀྲ་ཤིས། བསམ་པ་འགྲུབ། དངོས་གྲུབ་རྣམ་གཉིས་རྩོལ་མེད་དུ་ཐོབ། གལ་ཏེ་དམ་ཉམས་ན་ཤ་ཟ་སྲིན་མོར་གྱུར་ཏེ་ཚེ་འདིར་མ་མོའི་ཁྲག་ནད་གཏོང་ཞིང་བཀྲ་མི་ཤེས། ཕྱི་མ་མནར་མེད་དམྱལ་བའི་གནས་སུ་ལྷུང་ནས་སྡུག་བསྔལ་ལས་ཐར་དུས་མེད་པར་མྱོང་དགོས་པས། དེའི་ཕྱིར་སྐལ་ལྡན་རྣམས་དབང་སྲོག་དམ་ཚིག་ལ་གནས་པར་མཛོད་ཅིག །དེ་ནས་དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་ལངས་ཤིང་ཆ་བསྒྲིམ། ལག་པ་རྡོ་རྗེ་རྩེ་ལྔའི་རྒྱག་རྒྱ་སྤྱི་བོར་བཅའ། ངག་གནད་རླུང་ཁ་སྦྱོར་དུ་བཟུང༌། ཡིད་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། [ལས་སྔགས་དང་ལས་ཆུས་བསང༌།] སྭ་བྷཱ་ཝ་[ས་སྦྱང༌།] གཉིས་འཛིན་གྱི་ཆོས་ཐམས་

p. 444

ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གནས་ཡུལ་འོག་མིན་གསང་ཆེན་རོལ་པའི་ཞིང་ཁམས་རང་བྱུང་དུར་ཁྲོད་དྲག་པོའི་ཕོ་བྲང་ཆེན་པོར་ཡོངས་སུ་དག་པའི་དབུས་སུ་སློབ་མ་རྣམས་སྐད་ཅིག་གིས་མཁའ་འགྲོ་སེང་གདོང་ལྗང་མོ་ལང་ཚོ་དང་ལྡན་པ་སྟོང་ར་འོད་ཀྱི་སྐུར་བསྒོམ་པའི་སྙིང་གར་དགའ་བ་འཁྱིལ་བ་ཡྃ་གྱིས་མཚན་པ་གཡས་སུ་འཁོར་བའི་དབུས་སུ་ཀུན་ཏུ་བཟང་མོའི་ངོ་བོ་ཡེ་ཤེས་ཀྱི་མཁའ་འགྲོ་ལྗང་མོ་གཅེར་བུ་གྲི་ཐོད་འཛིན་པ་གར་ཐབས་ལིང་ལིང་བྱེད་པའི་ཐུགས་ཀར་ཧཱུཾ་ཡིག་ལྗང་ཁུས་མཚན་པ་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང༌། ཁྱད་པར་དུ་དུར་ཁྲོད་གསང་ཆེན་བསྣོལ་མའི་ཞིང་ནས་མཁའ་འགྲོ་སེང་གདོང་དྲག་མོའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་རྣམ་པར་སྤྲིན་འཁྲིགས་པ་ལྟར་ཡོམ་ཡོམ་ཤིག་ཤིག་ཏུ་བྱོན་ནས་ཁྱེད་རང་རྣམས་དམ་ཚིག་མཁའ་འགྲོར་གསལ་བ་ལ་གཉིས་སུ་མེད་པར་མཚོ་ལ་ཁ་ཆར་བབས་པ་བཞིན་སིབ་སིབ་ཐིམ་པའི་མོས་པ་མཛོད། [ཅེས་བརྡ་སྦྱར་ལ། འབེབས་པའི་རྫས་བསྲེགས་ཤིང་རོལ་མོ་དབྱངས་དང་བཅས་ལས་བྱང་གི་བྱིན་འབེབས་མཐར་རྩ་སྔགས་ལ།] ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་བེ་ཤ་ཡ་ཨ་ཨཱ༔ [ཞེས་བཏགས་

p. 445

པ་དྲག་ཏུ་བརྗོད་པས་དབབ།] དེས་མཁའ་འགྲོ་ཕེབས་པའི་རྟགས་ལུས་ངག་ཡིད་གསུམ་ལ་འབྱུང་ཞིང་ཁྱད་པར་སེམས་བདེ་གསལ་མི་རྟོག་པའི་ཉམས་འུར་བ་དང་རང་རིག་རྗེན་གསལ་ཁྲོལ་ལེ་བ་འབྱུང༌། དེ་ནི་ཡེ་ཤེས་མཁའ་འགྲོ་དངོས་སུ་ཕེབས་པ་དབང་དོན་གྱི་ཡེ་ཤེས་ཡིན་པས་ངོ་ཤེས་པར་གྱིས་ཤིག །དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་ཉིད་དམ་ཚིག་སློབ་མའི་སྒོ་གསུམ་གྱི་དཀྱིལ་འཁོར་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ༔ [ཞེས་མེ་ཏོག་འཐོར།] སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་མ་རིག་གཉིས་རྟོག་གི་མུན་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བས་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །[གསེར་ཐུར་ཐོགས་ལ།] ཧཱུྃ༔ དཀོན་མཆོག་རྩ་གསུམ་ཐུགས་རྗེའི་མཐུས༔ ཁྱེད་ཀྱི་མ་རིག་ལིང་ཏོག་བསལ༔ ཐར་པ་ཆེན་པོའི་དཀྱིལ་འཁོར་དུ༔ ཡེ་ཤེས་ལྷ་ཚོགས་མཐོང་གྱུར་ཅིག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ [ཅེས་མིག་དར་དཀྲོལ་ཞིང་དཀྱིལ་འཁོར་གྱི་ཡོལ་བ་བསལ། རྡོ་རྗེའམ་ཕྱག་ཤིང་གིས་མཚོན་ཏེ།] ཧོཿ མཁའ་འགྲོ་གསང་བའི་དཀྱིལ་འཁོར་འདིར༔ སྐལ་ལྡན་ལས་འཕྲོ་ཅན་མ་གཏོགས༔ ཀུན་གྱིས་མཐོང་བ་མ་ཡིན་ནོ༔ བུ་ཁྱོད་གུས་པས་ལེགས་པར་ལྟོས༔ ཧོཿ ཉོན་

p. 446

ཅིག་སྐལ་ལྡན་རིགས་ཀྱི་བུ་རྣམས། དཀྱིལ་འཁོར་གྱི་དབུས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མ་བཞུགས་པའི་རྟགས་སུ་ལྟེ་བ་དམར་པོ། ཕྱོགས་བཞིར་ཌཱ་ཀི་རིགས་བཞི་བཞུགས་པའི་རྟགས་སུ་པདྨ་འདབ་བཞི། ཕྱི་འཁོར་ལ་ཌཱ་ཀི་སྡེ་བརྒྱད་བཞུགས་པའི་པདྨ་འདབ་བརྒྱད། གསང་སྔགས་རིག་སྔགས་ཐམས་ཅད་འདུས་པའི་རྟགས་སུ་ཟླུམ་ཐིག་དུར་ཁྲོད་རྡོ་རྗེ་མེའི་ར་བ་དང་བཅས་པའོ། །འདི་ལ་ལྟོས་ལ་ཁ་དོག་ཅི་འདྲ་མཐོང་བ་ད་ལྟ་སྨྲོས་ཤིག །[ཅེས་དྲིས་ལ་གང་མཐོང་བརྗོད་དུ་གཞུག །ཅིའང་མ་མཐོང་ཟེར་ན་སྐལ་མེད་ཡིན་པས་ཕྱིར་བསྐྲད་པར་གསུངས།] དེ་ལྟར་མཐོང་བ་བསྟན་པས་དཀྱིལ་འཁོར་གྱི་ཁ་དོག་དཀར་པོར་མཐོང་ན་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང༌། ལྗང་གུས་དྲག་པོ། མཐིང་ནག་གིས་མཆོག །སྣ་ཚོགས་མཐོང་ན་ལས་དང་དངོས་གྲུབ་སྣ་ཚོགས་འགྲུབ་པར་འགྱུར་རོ། །[ཞེས་ལུང་བསྟན།] ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་ཐལ་མོ་སྦྱར་བའི་བར་དུ་ཐོགས་པ་དེ་ཉིད་ཚེ་རབས་ནས་སྨོན་ལམ་གྱིས་འབྲེལ་བའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པ་དང་བཅས་ཚིག་འདིའི་རྗེས་ཟློས་ཀྱི་མཐར་དཀྱིལ་འཁོར་དུ་འདོར་མཛོད། ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་དང་༔

p. 447

འབྲེལ་བའི་ལྷ་ལ་ཕོག་པར་ཤོག༔ ཨོཾ་བཛྲ་པུཥྤེ་པྲ་ཏཱི་ཙྪ་ཧཱུྃ༔ [ཞེས་དཀྱིལ་འཁོར་དངོས་སམ་འགྲིམ་དཀྱིལ་དུ་འདོར་གཞུག །]མེ་ཏོག་དབུས་སུ་བབས་ན་ཚེ་རབས་ཀྱི་ལས་འཕྲོའི་ལྷ་གཙོ་མོ་བདུད་འདུལ་མ། གསང་མཚན་བུདྡྷ་ནུས་ལྡན་རྩལ་ཐོགས་པ་ཡིན། དེ་བཞིན་དུ་ཤར་དུ་བབས་ན་ལྷ་སྐལ་རྡོ་རྗེ་བདུད་འདུལ། གསང་མཚན་རྡོ་རྗེ་ནུས་ལྡན་རྩལ། ལྷོར་བབས་ན་ལྷ་སྐལ་རིན་ཆེན་བདུད་འདུལ། གསང་མཚན་རིན་ཆེན་ནུས་ལྡན་རྩལ། ནུབ་ཏུ་བབས་ན་ལྷ་སྐལ་པདྨ་བདུད་འདུལ། གསང་མཚན་པདྨ་ནུས་ལྡན་རྩལ། བྱང་དུ་བབས་ན་ལྷ་སྐལ་ཀརྨ་བདུད་འདུལ། གསང་མཚན་ཀརྨ་ནུས་ལྡན་རྩལ། མཚམས་སུ་བབས་ན་སྣ་ཚོགས་བདུད་འདུལ། གསང་མཚན་དཔའ་བོ་ནུས་ལྡན་རྩལ་ཅེས་བྱ་བ་ཡིན་ནོ། །[བུད་མེད་རྣམས་ལ་རིགས་བཞི་དང་མཚམས་བཅས་ལྷ་སྐལ་གོང་ལྟར་དང་གསང་མཚན་ཌཱ་ཀི་བདུད་འདུལ་རྩལ་བཏགས་སོ།] མེ་ཏོག་དེ་ཉིད་རིགས་ཀྱི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་ཤིག །[མེ་ཏོག་སློབ་མའི་སྤྱི་བོར་བཞག་པ།] ཨོཾ་ཨཱཿཧཱུྃ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཅོད་པན་མིང་དང་བཅས་པའི་དབང་ཐོབ་པར་གྱུར་ཅིག །པྲ་ཏཱི་གྲྀཧྞ་ཧོཿ [ཞེས་བརྗོད།] དེ་རྣམས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་

p. 448

གྲུབ་པ་ལགས། ཞུགས་པའི་དཀྱིལ་འཁོར་དེར་དབང་བསྐུར་དངོས་གཞི་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེཧོཿ བླ་མ་མཁའ་འགྲོ་ཐུགས་རྗེ་ཅན༔ དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས༔ མཁའ་འགྲོ་གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛོད། [ལན་གསུམ།] དབང་དངོས་ལ་དབང་བཞི་རྗེས་འབྲེལ་མཐའ་རྟེན་དང་བཅས་པ་རིམ་པར་འབྱུང་བ་ལས། ཐོག་མར་བུམ་པའི་དབང་ལ་དམིགས་པ་འདི་བཞིན་དུ་མཛོད། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་བུམ་བའི་དབྱིབས་ལ་ནང་དུར་ཁྲོད་དྲག་པོར་རང་བྱུང་གི་གཞལ་ཡས་ཁང་གི་དབུས་སུ་བུམ་བཅུད་ཡེ་ཤེས་མཁའ་འགྲོ་བདུད་འདུལ་སེང་གདོང་མའི་ལྷ་ཚོགས་འཁོར་དང་བཅས་པའི་བྱིན་རླབས་བདུད་རྩི་བུམ་ཆུའི་རྣམ་པར་གྱུར་པས་སྤྱི་བོ་ནས་གཏོར་བླུགས་ཀྱི་ཆོ་ག་སྩོལ་བར་མོས་ཤིག །[རྣམ་བུམ་ཐོགས་ལ།] ཧོཿ ལས་དང་སྐལ་ལྡན་སློབ་བུ་རྣམས༔ དད་དང་དམ་ཚིག་ལྡན་པས་ཉོན༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་ཆོས་དབྱིངས་མ་འགགས་པ༔ ཕྱི་ནི་རིན་ཆེན་བུམ་པའི་དབྱིབས༔ ནང་ནི་ལྷུན་གྲུབ་གཞལ་ཡས་ཁང་༔ ཡེ་ཤེས་འོད་ཕུང་འཁྱིལ་བའི་ཀློང་༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་

p. 449

སྐུ་སེང་གེའི་གདོང་ཅན་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ མ་དེས་གར་བསྒྱུར་རོལ་གར་གྱིས༔ ཡེ་ཤེས་དང་ནི་འཇིགས་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོའི་ཚོགས༔ མ་ལུས་ལུས་པ་མེད་པར་རྫོགས༔ དོན་ལ་སོ་སོར་ཐ་མི་དད༔ ཡེ་ཤེས་དབྱིངས་སུ་ཀུན་བཟང་མོ༔ གདུལ་བྱའི་མོས་ངོར་དེར་སྟོན་མཛད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ མཁའ་འགྲོ་རྒྱ་མཚོ་ཐམས་ཅད་ཀྱི༔ སྐུ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སིང་ཧ་མུ་ཁ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད།] མདུན་དཀྱིལ་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་ལུས་ལ་ཞུགས་པར་མོས་ཤིག །[ཨོཾ་ཡིག་དང་སྐུ་ཙཀ་རྣམས་ཚིག་བསྟུན་རིམ་པར་ཐོགས་ལ།] ཧཱུྃ༔ བདེ་གཤེགས་རྒྱལ་བ་ཡོངས་རྫོགས་ཀྱི༔ སྐུ་ཡི་ས་བོན་ཨོཾ་དཀར་པོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཨཱཿ རིགས་ཀུན་འདུས་པ་ཀུན་བཟང་མོ༔ ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ སྐལ་ལྡན་བུ་ལ་དབང་བསྐུར་

p. 450

རོ༔ ངོ་བོ་ཆོས་སྐུའི་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི་ཥིཉྩ༴ ཨཱ༔ རང་བཞིན་གསལ་བའི་ཡེ་ཤེས་མདངས༔ ལོངས་སྐུ་མཁའ་འགྲོ་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འགགས་མེད་ལོངས་སྐུའི་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི་ཥིཉྩ༴ ཧཱུྃ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་མདངས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྤྲུལ་པ་སྐུ་ཡི་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི༴ ཧཱུྃ༔ མེ་ལོང་ཡེ་ཤེས་རང་མདངས་ལས༔ རྡོ་རྗེ་རིགས་ཀྱི་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར༴ རྡོ་རྗེ་མཁའ་འགྲོའི་དབང་ཐོབ༴ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི་ཥིཉྩ༴ ཧཱུྃ༔ མཉམ་ཉིད་ཡེ་ཤེས༴ རིན་ཆེན་རིགས་ཀྱི༴ སྐལ་ལྡན་བུ་ལ༴ རིན་ཆེན་མཁའ་འགྲོའི༴ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི༴ ཧཱུྃ༔ སོར་རྟོག་ཡེ་ཤེས༴ པདྨ་རིགས་ཀྱི༴ སྐལ་ལྡན་བུ་ལ༴ པདྨ་མཁའ་འགྲོའི༴ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི༴ ཧཱུྃ༔ བྱ་གྲུབ་ཡེ་ཤེས༴ ལས་ཀྱི་རིགས་ཀྱི༴ སྐལ་ལྡན་བུ་ལ༴ ཀརྨ་མཁའ་འགྲོའི༴ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི༴

p. 451

ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཀར་མོ་ཁྱུང་གདོང་དབང་བསྐུར་བས༔ ཆུ་ཁམས་རྟོག་པ་གནས་དག་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ༔ སྐལ་ལྡན་རིགས་ཀྱི༴ སེར་མོ་སྡིག་གདོང་༴ ས་ཁམས་རྟོག་པ༴ མཉམ་ཉིད་ཡེ་ཤེས༴ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ༔ སྐལ་ལྡན་རིགས་ཀྱི༴ དམར་མོ་འཕར་གདོང་༴ མེ་ཁམས་རྟོག་པ༴ སོར་རྟོག་ཡེ་ཤེས༴ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ལྗང་མོ་ཁྱི་གདོང་༴ རླུང་ཁམས༴ བྱ་གྲུབ༴ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ༔ སྐལ་ལྡན་རིགས༴ དམ་ཚིག་མཁའ་འགྲོ་པྲ་མོ་ཧས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ ཞི་བའི་ལས་ལ་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ཐམས་ཅད་མཁའ་འགྲོ་ཀུན་རྒྱུ་མས༔ དེང་འདིར་ཁྱོད་ལ༴ རྒྱས་པའི་ལས་ལ༴ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ཤ་ཟ་མཁའ་འགྲོ་རོལ་བྱེད་མས༔ དེང་འདིར༴ དབང་གི༴ [རྩ་སྔགས་དང༌] ཀཱ་ཡ༴ ཧཱུྃ སྐལ་ལྡན༴ འཇིག་རྟེན་མཁའ་འགྲོ་སྲོག་འཕྲོག་མས༔ དེང་འདིར༴ དྲག་

p. 452

པོའི༴ རྩ་སྔགས་དང༌། ཀཱ་ཡ༴ ཛཿ སྐལ་ལྡན༴ ལྕགས་ཀྱུ་མ་ཡི་དབང་བསྐུར་བས༔ ཞེ་སྡང་མ་སྤངས་རང་གྲོལ་ནས༔ ལོག་རྟོག་ཡོངས་སྒྲོལ༴ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ཞགས་པ་མ་ཡི༴ ང་རྒྱལ༴ ལོག་རྟོག༴ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ ལྕགས་སྒྲོག༴ འདོད་ཆགས༴ ལོག་རྟོག༴ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ༔ སྐལ་ལྡན༴ དྲིལ་བུ༴ ཕྲག་དོག༴ ལོག་འདྲེན་ཡོངས་སྒྲོལ་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ༴ ཧཱུྃ་ཛ་བྷྱོ༔ རང་སྣང་འོད་གསལ་ཆོས་སྐུའི་ཞིང་༔ རང་རིག་ཆོས་སྐུ་ཀུན་བཟང་མོ༔ རང་རྩལ་རྫོགས་པའི་སེང་གདོང་མའི༔ རྩལ་སྣང་མ་ངེས་སྒྱུ་མའི་འཕྲུལ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོ་ཡི༔ ཐུགས་སྲོགས་ས་བོན་ཡི་གེ་ནི༔ ཧཱུཾ་ཧྲཱིང་བྷྱོ་ཛ་མ་ར་ཤར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི་ཥིཉྩ༴ ཨོཾ༔ ཞེས་བསྐུར་ལ། འོ་ན་དེ་ལྟར་ཡེ་ཤེས་ཀྱི་མཁའ་

p. 453

འགྲོ་རྒྱ་མཚོ་ཐམས་ཅད་དང་༔ འཇིག་རྟེན་ཚུལ་འཛིན་པའི་མཁའ་འགྲོ་མ་ཚོགས་ཐམས་ཅད་ཀུན་ཏུ་བཟང་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས་བཟང་ངན་དང་ཕྱོགས་རིས་སུ་མ་གྲུབ་པའོ༔ མདོར་ན་རང་གཞི་ཁྱབ་གདལ་སྟོང་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཡེ་གཞི་འདི་ཉིད་ཆོས་སྐུ་ཀུན་ཏུ་བཟང་མོར་མ་བཙལ་ལྷུན་གྱིས་སྒྲུབ་པའོ༔ རང་བཞིན་མ་འགགས་པར་གསལ་བ་ས་ལེ་སང་ངེ་ཧྲིག་གེ་བ་འདི་ཀ་ཡེ་གདོད་ནས་ལོངས་སྐུ་མཁའ་འགྲོ་སེང་གདོང་མའི་ངོ་བོར་གྲུབ་པའོ༔ ཐུགས་རྗེའི་རྩལ་སྣང་མ་འགགས་པ་ཕྱོགས་རིས་དང་བྲལ་བ་འདི་ཀ་སྤྲུལ་སྐུ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ཡེ་ནས་ཡིན་ནོ༔ དེའི་རང་རྩལ་མ་འགགས་པ་སྣ་ཚོགས་སུ་ཤར་བ་འདི་ཀ་ཡུལ་མེད་ཟང་ཐལ་དུ་རང་ཤར་རང་གྲོལ་དུ་མཉམ་པ་འདི་དག་མ་ངེས་དཔག་ཡས་མཁའ་འགྲོའི་རང་བཞིན་དུ་ཤར་བ་ཡིན་ཏེ༔ གཞན་དུ་མ་འཚོལ་ཅིག༔ འཚོལ་ན་ཡུལ་རེ་དོགས་ཀྱི་འཁྲི་བོར་སོང་བས་གྲོལ་བ་ག་ལ་ཐོབ༔ གདོད་ནས་རང་ངོར་རྫོགས་པ་ལས་གཞན་ན་མ་གྲུབ༔ དེས་ན་སྣང་བ་འོད་གསལ་གཞལ་ཡས༔ ཀུན་བྱེད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་མོ་རྟོག་ཚོགས་ཐམས་ཅད་གནས་དག་མཁའ་འགྲོའི་རོལ་པར་

p. 454

ངོ་ཤེས་ཤིང་གདིང་ཐོབ་པར་གྱིས་ཤིག༔ དེ་ངོ་ཤེས་ཤིང་ཡིད་ཆེས་པ་ཙམ་གྱིས་གྲོལ་བ་ཐོབ་པར་ངེས་སོ༔ [ཞེས་ངོ་སྤྲད།] དེ་ནས་བུམ་པའི་དབང་དང་འབྲེལ་བར་མཐའ་བརྟེན་མངོན་སྤྱོད་དྲག་པོའི་རྗེས་སུ་གནང་བ་བསྒྲུབ་པ་ལ། ཁམས་གསུམ་དབང་དུ་སྡུད་ཅིང་ལོག་འདྲེན་བདུད་བགེགས་ཚར་གཅོད་པའི་ཕྱག་མཚན་རྣམས་གཏད་པས་དྲག་པོ་སྒྲོལ་བའི་མཐུ་དབང་ལ་མངའ་བརྙེས་པར་མོས་མཛོད། [གྲི་གུག་དང་ཕུར་པ་གཏད་ལ།] ཧཱུྃ༔ ཁམས་གསུམ་དབང་སྡུད་གྲི་གུག་དང་༔ འཁོར་བ་ཡོངས་སྒྲོལ་ཕུར་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་དབང་དུ་བསྡུ་བ་དང་༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ༴ [མེ་ཧོམ་དང་དགང་བླུགས་གཏད་ལ།] ཧཱུྃ༔ འཁོར་འདས་ཁྱབ་གདལ་ཡེ་ཤེས་ལྷའི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་དུ༔ སྣོད་བཅུད་བདུད་རྩིའི་ངང་བསྒྱུར་དང་༔ དུག་ལྔ་དུག་གསུམ་རྒྱུས་བསྐྱེད་པའི༔ དགྲ་བགེགས་བསྲེགས་བླུགས་བསྟབ་པའི་དབང་༔ མ་ལུས་ཡོངས་རྫོགས་ཐོབ་པར་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ༴ [བྲུབ་ཁུང་ལིང་ག་དང་ཐུན་རྫས་སྣ་ཚོགས་གཏད་ལ།] ཧོཿ བདག་ཏུ་འཛིན་པའི་རྒྱུ་བྱས་ཤིང་༔ རྐྱེན་སྣང་ལོག་འདྲེན་དགྲ་དང་བགེགས༔

p. 455

མ་ལུས་བཀུག་བསྒྲལ་མནན་བསྲེགས་ཀྱི༔ དབང་རྣམས་མ་ལུས་ཡོངས་རྫོགས་ཀུན༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ [རྩ་སྔགས་དང༌།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [ཟོར་ཀོང་གཏད་ལ།] ཧཱུྃ༔ མཁའ་འགྲོ་ཕྲིན་ལས་ནུས་པའི་ཟོར༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བྱད་མ་རྦོད་གཏོང་ལྷ་དང་བཅས༔ ཟོར་འཕང་ཙམ་གྱིས་བརླག་བྱེད་པའི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ [རྩ་སྔགས་དང༌།] སརྦ་ཀརྨ་ཨ་བྷི་ཥིཉྩ་ཨོཾ༔ [ཞེས་བསྐུར།] དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པ་སྐུའི་དབང་ཐོབ། སྐུའི་དམ་ཚིག་ཉམས་ཆག་སྐོང༌། ལུས་ཀྱི་སྒྲིབ་པ་དག །ལུས་ལྷ་རུ་བསྒོམ་པ་དང་མངོན་སྤྱོད་དྲག་པོའི་ཕྲིན་ལས་བསྒྲུབ་པ་ལ་དབང༌། མཐར་ཐུག་རྡོ་རྗེའི་སྐུ་དང་གཉིས་སུ་མེད་པ་གྲོལ་བར་གྱུར་རོ། །[ཞེས་རྟོགས་པ་བསྐྱེད།] [གཉིས་པ་གསང་བའི་དབང་གི་སླད་དུ་བྷན་དྷའི་བདུད་རྩིའི་དབུས་སུ་མཁའ་འགྲོ་བདུད་འདུལ་དྲག་མོ་བཞུགས་པ་རང་འོད་ཀྱི་ཡབ་དཔའ་བོ་ཧེ་རུ་ཀ་དང་མཉམ་པར་སྦྱོར་བས་བྱང་སེམས་བདེ་བའི་རྒྱུན་བབས་པ་ཐོད་པའི་བདུད་རྩི་དང་དབྱེར་མེད་དུ་གྱུར་པ་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པར་མོས་ཤིག །གསང་

p. 456

ཐོད་ཐོགས་ལ།] ཧཱུྃ༔ ཡེ་ཤེས་བྷན་དྷར་བདུད་རྩི་འཁྱིལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཡི༔ གསུང་གི་ཡང་བཅུད་འདི་ལ་རྫོགས༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ རླུང་ཁམས་སྒྲིབ་པ་གནས་དག་ནས༔ གསང་བ་གསུང་གི་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ [ཞེས་བདུད་རྩི་བྱིན་པ་མྱང་དུ་གཞུག །]བདུད་རྩི་ལྕེ་ལ་བཞག་ནས་རོ་མྱང་བས་རྩ་གནས་ཐམས་ཅད་ཁྱབ་རྩ་ཁམས་དཔའ་བོ་དཔའ་མོ་ཏིལ་གོང་གྱེས་པ་ལྟར་གནས་པས་རང་བྱུང་སྔགས་ཀྱི་སྒྲ་དབྱངས་འུར་ཆེམས་སུ་སྒྲོགས་པ་དང༌། མདུན་བསྐྱེད་ལས་གསང་སྔགས་རྩ་རླུང་ཐིག་ལེའི་བརྡ་རྟགས་ཕྱག་རྒྱ་རྣམས་རིམ་པར་སྤྲོས་ཏེ་མགྲིན་པར་ཐིམ་པས་དེ་དང་དེའི་མཐུ་བྱིན་ལ་རང་དབང་ཐོབ་པར་མོས་ཤིག །[སྔགས་ཕྲེང་ཐོགས་ལ།] ཧཱུྃ༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱི༔ གསུང་གི་ཡང་སྙིང་སྔགས་ཕྲེང་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་ཉམས་ཆག་སྐོང་༔ ཧཱུྃ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཝཱ་ཀ་ཨ་བྷི་ཥིཉྩཨཱཿ[ཨཱཿཡིག་ཐོགས་ལ།] ཧཱུྃ༔ ཨཱཿཡིག་རྒྱལ་ཀུན་གསུང་གི་སྙིང་༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསང་བ་གསུང་གི་

p. 457

དབང་ཐོབ་ཅིང་༔ རྡོ་རྗེའི་གསུང་དང་གཉིས་མེད་ཤོག༔ [རྩ་སྔགས་དང༌།] ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ [བྱང་སེམས་དཀར་དམར་གཏད་ལ།] ཧོཿ རིགས་ལྔ་ཡབ་ཡུམ་སྙོམས་འཇུག་གི༔ ཐབས་ཤེས་བཅུད་ཆེན་བྱང་སེམས་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐབས་ཤེས་གཉིས་མེད་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ [ཨ་ཡིག་མཐིང་ག་གཏད་ལ།] ཨཱཿ སྐྱེ་འགགས་གནས་གསུམ་བྲལ་བ་ཡི༔ ཁྱབ་གདལ་ཆོས་དབྱིངས་ཀུན་བཟང་མོ༔ ཡེ་རིག་ཀ་དག་མཁའ་འགྲོ་མས༔ རིག་པ་རང་ལ་དབང་བསྐུར་རོ༔ [རྩ་སྔགས་དང༌།] ཝཱ་ཀ་ཨ་བྷི༴ [ཡཾ་ཡིག་ལྗང་གུ་གཏད་ལ།] ཧོཿ ཁྱབ་གདལ་ཡུམ་ཆེན་དམ་ཚིག་སྒྲོལ༔ ཡེ་ཤེས་རླུང་ལྔའི་འབྱུང་གནས་ཆས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བྱིན་རླབས་ཡེ་ཤེས་རླུང་ལྔ་ཡིས༔ རླུང་ཁམས་གནས་དག་རྩ་མདུད་གྲོལ༔ གྲུབ་པ་བརྒྱད་ལ་དབང་ཐོབ་ཅིང་༔ འཕོ་བ་ཆེན་པོར་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཝཱ་ཀ༴ ཨ་ཤད་དམར་པོ་གཏད་ལ། ཧོཿ བདེ་ཆེན་ཡེ་ཤེས་གནམ་ཞལ་མ༔ ཤེས་རབ་ཡེ་ཤེས་སྤར་བ་མོ༔ ཨ་ཤད་འོད་ཀྱི་རང་བཞིན་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་

p. 458

རོ༔ ཤེས་རབ་ཡེ་ཤེས་ཆེན་པོ་ཡི༔ མེ་འབར་བདེ་དྲོད་རབ་རྒྱས་ནས༔ མེ་ཁམས་གནས་དག་རྩ་མདུད་གྲོལ༔ གྲུབ་པ་བརྒྱད་ལ་དབང་བསྒྱུར་ཞིང་༔ འཕོ་བ་ཆེན་པོར་དབང་ཐོབ་ཤོག [རྩ་སྔགས་དང༌།] ཝཱ་ཀ༴ [ཧྃ་ཡིག་དཀར་པོ་གཏད་ལ།] ཧོཿ རིགས་ཀུན་ཡོངས་འདུས་ཧེ་རུ་ཀ༔ བདེ་སྟོང་བདུད་རྩིའི་འབྱུང་གནས་དཔལ༔ ཧྃ་ཡིག་དཀར་པོའི་རྣམ་པར་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མས་དབབ་ཚོགས་མཆོད་དབང་གི་ལམ༔ ཡར་འདྲེན་འགྲམ་པ་དགའ་བཞིའི་ལམ༔ རྩ་ཁམས་གནས་དག་རྩ་མདུད་གྲོལ༔ དཔའ་བོ་མཁའ་འགྲོའི་རང་ཞལ་མཐོང་༔ རླུང་ཁམས་གནས་དག་སེམས་ཉིད་ཀྱང་༔ འོད་གསལ་ཆོས་སྐུའི་ངང་དུ་འཕོས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ མཆོག་གི་དངོས་གྲུབ་ལ་རོལ་ཏེ༔ འཕོ་བ་ཆེན་པོའི་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] ཝཱ་ཀ༴ [ཐིག་ལེ་ལྔ་ཚོམ་ཕྱག་མཚན་ལྔ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་གཏད་ལ།] ཧཱུྃ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ ཡོངས་སུ་རྫོགས་པའི་དབང་འདི་ནི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་དུ༔ འཆད་ཉན་སྒོམ་སྒྲུབ་ལ་བརྩོན་

p. 459

པའི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ སྨིན་ཅིང་གྲོལ་ནས་འགྲོ་བའི་དོན༔ ཐོགས་པ་མེད་པ་འབྱུང་འགྱུར་རོ༔ [རྩ་སྔགས་དང༌།] ཝཱ་ཀ༴ [གར་གྱི་ཆས་དྲུག་གཏད་ལ།] ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བར་ཆད་ཀུན་སེལ་སྙན་རྒྱན་དབང་༔ ཚེ་བསོད་རྒྱས་ཕྱིར་སྨར་སྨིན་དབང་༔ མ་བཅོས་ཁྱབ་གདལ་དབུ་སྐྲའི་དབང་༔ དྲི་མེད་གར་གྱི་ཆས་རྣམས་ཀྱི༔ དབང་མཆོག་ཡོངས་རྫོགས་ད་ཐོབ་ཤོག༔ རྩ་ཁམས་ཡེ་དག་གཞལ་ཡས་དབང་༔ དཔའ་བོ་མཁའ་འགྲོའི་དབང་ཐོབ་ཤོག༔ དཀར་དམར་ཐིག་ལེ་རཀྟའི་དབང་༔ དཔའ་བོ་ཡབ་ཡུམ་དབང་ཐོབ་ཤོག༔ བ་སྤུ་བྱེ་བ་ས་ཡ་ལ༔ ཡེ་ཤེས་མཁའ་འགྲོའི་དབང་ཐོབ་ཤོག༔ རྣམ་པར་གདོས་བཅས་སྒྱུ་ལུས་ལ༔ ཡེ་ཤེས་སྒྱུ་མའི་དབང་ཐོབ་ཤོག༔ ཡེ་ཤེས་རང་མདངས་རྒྱན་གོས་ཀྱི༔ རང་བྱུང་རང་ཤར་དབང་ཐོབ་ཤོག༔ འཁོར་ལོ་ལྔ་ཡི་རྩ་འདབ་ལ༔ ཞི་ཁྲོ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨཱཿཛྙཱ་ན་པཉྩ་ཧྲིཿདཱ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ [ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་གཏད་ལ།] ཧཱུྃ༔ ཡེ་ཤེས་རང་མདངས་སྤྲུལ་པ་ཡི༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་ཀྱིས༔ སྐལ་ལྡན་བུ་ལ་

p. 460

དབང་བསྐུར་རོ༔ རྩ་རླུང་ཐིག་ལེ་གནས་དག་ནས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཅིང་༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ནས༔ རྣམ་མང་སྒྱུ་འཕྲུལ་འཁོར་ལོ་ཡི༔ ཐབས་ཀྱིས་འགྲོ་ཀུན་རྣམ་འདྲེན་གྱི༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བུདྡྷ་དྡྷརྨ་སངྒ་ངྷརྨཱ་ཀཱ་ཡ་ནི་རྨ་ཀཱ་ཡ་ས་མྦྷོ་ཀཱ་ཡ་སརྦ་ཨ་བྷིཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ [ཞེས་བསྐུར།] དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བ་གསུང་གི་དབང་ཐོབ། གསུང་གི་དམ་ཚིག་ཉམས་ཆག་སྐོང༌། ངག་གི་སྒྲིབ་པ་དག །ངག་སྔགས་བཟླ་བ་དང༌། རླུང་དང་གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ་དབང༌། མཐར་ཐུག་རྡོ་རྗེའི་གསུང་དང་གཉིས་སུ་མེད་པ་གྲོལ་བར་འགྱུར་རོ། །དེ་ནས་དབང་གསུམ་པའི་སླད་དུ་གཙོ་མཆོག་བདུད་འདུལ་ཡེ་ཤེས་ཌཱ་ཀིའི་སྐུ་ལས་རང་འོད་ཀྱི་ཡུམ་མཛེས་ཤིང་ལང་ཚོས་སྒེག་པ་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བས་བདེ་སྟོང་དགའ་བཞིའི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །[རིག་ཙཀ་གཏད་ལ།] ཧོཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་གྱིས་བརླབས་པའི་མཛའ་ན་མོ༔ མཛེས་ཤིང་ཡིད་འོང་ལང་ཚོས་བརྒྱན༔ སྙན་པའི་ངག་དབྱངས་འཇམ་པའི་ཚིག༔ ཉོན་མོངས་གནས་དག་ཡེ་ཤེས་ལྡན༔ དྲན་པས་བདེ་སྟོང་

p. 461

ཡེ་ཤེས་བསྐྱེད༔ རེག་པས་དགའ་བཞི་སྤར་བ་མོ༔ གསང་བ་ཐབས་ཀྱི་གྲོགས་ཡིན་ཏེ༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ གཏད་དོ་བསྐུར་རོ་གསང་སྔགས་དབང་༔ མ་ལུས་ཡོངས་སུ་རྫོགས་ཐོབ་ཤོག༔ [རྩ་སྔགས་དང༌།] ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [རྡོ་རྗེ་ཐོགས་ལ།] ཧཱུྃ༔ གཞོམ་ཞིག་བྲལ་བ་རྡོ་རྗེའི་ཐུགས༔ མ་དང་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་ཀྱི་དབང་མཆོག་ཁྱོད་ལ་བསྐུར༔ རྡོ་རྗེའི་ཐུགས་དང་གཉིས་མེད་ཤོག༔ [རྩ་སྔགས་དང༌།] ཙིཏྟ༴ [ཧཱུྃ་ཧྲཱིའི་ཡི་གེ་གཏད་ལ།] ཧོཿཧཱུྃ་ཧྲཱིཿ མ་དང་མཁའ་འགྲོ་ཡི༔ ཐུགས་ཀྱི་ཡང་སྙིང་ཡི་གེར་ཤར༔ རིགས་དང་དཀྱིལ་འཁོར་རྣམ་མང་གི༔ སྒྱུ་འཕྲུལ་འཁོར་ལོ་འདི་ལ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ [རྩ་སྔགས་དང༌།] ཙིཏྟ༴ [སྣང་གསལ་གཏད་ལ།] ཨ༔ སྐུ་གསུམ་ངོ་བོ་མཉམ་སྦྱོར་བའི་༔ ཡེ་ཤེས་ལྔ་རྫོགས་སྣང་གསལ་འདི༔ ངོ་བོ་ཆོས་སྐུ་ཀུན་བཟང་མོ༔ རང་བཞིན་སེང་ཧ་མུ་ཁ་མ༔ གསལ་བ་ཡེ་ཤེས་མཚོ་རྒྱལ་ཏེ༔ དཀར་གསལ་ཆོས་དབྱིངས་ཡེ་ཤེས་ལ༔

p. 462

མཐིང་གསལ་མེ་ལོང་ཡེ་ཤེས་སོ༔ སེར་གསལ་མཉམ་ཉིད་ཡེ་ཤེས་ཏེ༔ དམར་གསལ་སོར་རྟོག་ཡེ་ཤེས་མདངས༔ ལྗང་གུ་བྱ་གྲུབ་ཡེ་ཤེས་སོ༔ ཡེ་ཤེས་མཁའ་འགྲོ་རིགས་ལྔའི་སྐུ༔ མ་བཙལ་ལྷུན་གྲུབ་རྫོགས་པ་ཡི༔ རྩལ་སྣང་སྒྱུ་འཕྲུལ་མཁའ་འགྲོའི་ཚོགས༔ སོ་སོར་བསྟན་ཀྱང་ཐ་མི་དད༔ ཡེ་ཤེས་མཉམ་སྦྱོར་སྣང་གསལ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོས༔ བུམ་གསང་ཤེས་རབ་ཡེ་ཤེས་དང་༔ རྡོ་རྗེ་ཚིག་གི་དབང་ཐོབ་སྟེ༔ ཡེ་ཤེས་མཁའ་འགྲོའི་སྐུ་བརྙེས་ཤིང་༔ གང་འདུལ་ཐབས་དང་སྒྱུ་འཕྲུལ་གྱིས༔ གདུལ་བྱའི་འགྲོ་བ་འདྲེན་པར་ཤོག༔ [རྩ་སྔགས་དང༌།] ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་བསྐུར།] དེས་གསང་བ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དམ་ཚིག་ཉམས་ཆག་སྐོང༌། ཡིད་ཏིང་ངེ་འཛིན་བསྒོམ་པ་དང༌། བདེ་ཆེན་ཐིག་ལེ་རྣལ་འབྱོར་གྱི་རྩལ་སྦྱོང་བ་ལ་དབང༌། མཐར་ཐུག་འོད་གསལ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་གྲོལ་བར་འགྱུར་རོ། །དབང་བཞི་པའི་སླད་དུ་བརྡ་དང་ཐབས་ཀྱི་སྒོ་ནས་རང་བྱུང་དོན་གྱི་དགོངས་པ་ངོ་སྤྲོད་པར་བྱ་སྟེ། [ཤེལ་རྡོ་བསྟན་ལ།]

p. 463

ཧཱུྃ༔ མཁའ་འགྲོ་འདུས་པའི་ཐུགས་ཀྱི་དངོས༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་ལྔ་རུ་གསལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ [རྩ་སྔགས་དང༌།] སརྦ་ཨ་བྷི་ཥིཉྩ་ཧྲཱིཿ [མེ་ལོང་བསྟན་ལ།] ཧཱུྃཿ ཆོས་ཉིད་ཀ་དག་ལྷུན་འབྱམས་ཀྱི༔ སྟོང་ཉིད་སྤྲོས་བྲལ་མེ་ལོང་འདི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གནས་ལུགས་རིག་པ་མངོན་གྱུར་ནས༔ གདོད་མའི་དབྱིངས་སུ་གདིང་ཐོབ་ཅིང་༔ རྡོ་རྗེའི་ཚིག་དབང་ཐོབ་པར་ཤོག༔ [རྩ་སྔགས་དང༌།] སརྦ༴ [འོད་ལྔའི་ཐིག་ལེ་བསྟན་ལ།] ཧཱུྃཿ གསང་ཆེན་དབྱིངས་ཐིག་སྒྲོན་མ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ མངོན་སུམ་སྣང་བ་གོང་འཕེལ་ནས༔ ཚད་ཕེབས་ཆོས་ཟད་ཆེན་པོར་ཞིག༔ གཞོན་ནུ་བུམ་སྐུའི་ནང་དབྱིབས་སུ༔ འཕོ་བ་ཆེན་པོར་དབང་ཐོབ་ཤོག༔ [རྩ་སྔགས་དང༌།] སརྦ་ཨ་བྷི་ཥིཉྩ་ཧྲཱིཿ [ཐིག་ལེ་འོད་ལྔའི་མུ་ཁྱུད་ཅན་བསྟན་ལ།] ཧཱུྃཿ གདོད་མའི་དབྱིངས་རྫོགས་ཐིག་ལེ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ སྣང་སེམས་འཁྲུལ་བའི་འཁོར་ལོ་འདི༔ སྐད་ཅིག་ཆོས་སྐུའི་དབྱིངས་སུ་སངས༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ་ཕཊ༔ [སློབ་མ་རྣམས་ལུས་རྣམ་སྣང་ཆོས་བདུན་

p. 464

དང་ལྡན་པས་མིག་བར་སྣང་ལ་གཏོད་དུ་གཞུག་སྟེ།] ཧོཿ སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག༔ རང་རིག་སྟོང་གསལ་འཛིན་མེད་ཁྱབ་གདལ་མཐའ་དབུས་བྲལ་བའི་ཀློང་དུ་ལྷུག་པར་ཞོག་ལ་ལྟོས་ཤིག༔ དབུས་ཀྱི་ཕྱོགས་ན་འོད་དང་འཇའ་ཐིག་དཀར་གསལ་འཆར་བ་ཆོས་དབྱིངས་ཡེ་ཤེས་དང་སངས་རྒྱས་མཁའ་འགྲོ༔ ཤར་ཕྱོགས་ན་འོད་ཐིག་མཐིང་གསལ་འཆར་བ་མེ་ལོང་ཡེ་ཤེས་དང་རྡོ་རྗེ་མཁའ་འགྲོ༔ ལྷོ་ཕྱོགས་ན་སེར་གསལ་འོད་ཐིག་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་མཁའ་འགྲོ༔ ནུབ་ཕྱོགས་ན་དམར་གསལ་འོད་ཐིག་སོར་རྟོག་ཡེ་ཤེས་དང་པདྨ་མཁའ་འགྲོ༔ ནུབ་ཕྱོགས་ན་དམར་གསལ་འོད་ཐིག་སོར་རྟོག་ཡེ་ཤེས་དང་པདྨ་མཁའ་འགྲོ༔ བྱང་ཕྱོགས་ན་འོད་ཐིག་ལྗང་གུ་འཆར་བ་འདི་ཀ་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་མཁའ་འགྲོའོ༔ གཞན་ཡང་ཅིར་ཡང་མ་ངེས་པའི་འོད་ཐིག་སྣ་ཚོགས་འཆར་བ་འདི་དག་ཡེ་ཤེས་ཀྱི་རང་རྩལ་སྣ་ཚོགས་མཁའ་འགྲོའི་རང་བཞིན་ཡིན་ནོ༔ དེ་ཡང་བལྟས་པས་མཐོང་ཡུལ་ཙམ་ཡང་མ་ཡིན་ཏེ༔ རང་རིག་རང་གསལ་ཆེན་པོའི་རང་མདངས་ཡེ་གྲུབ་ཏུ་གསལ་བ་ནི་ཉི་ཟླ་འོད་དུ་གྲུབ་པ་ལྟ་བུའོ༔ མདོར་ན་སྟོང་ཞིང་མཐའ་དབུས་དང་བྲལ་བ་ཆོས་དབྱིངས་སྟུག་པོ་བཀོད་པའོ༔ གསང་སང་ངེར་འདུག་པ་ནི་མེ་ལོང་མངོན་པར་དགའ་བའོ༔ གང་ཡང་ཆ་སྙོམས་མཉམ་པར་འཆར་བ་ནི་མཉམ་ཉིད་

p. 465

དཔལ་དང་ལྡན་པའོ༔ འཁོར་འདས་མ་འདྲེས་སོ་སོར་འཆར་བ་དེ་ག་སོར་རྟོག་བདེ་ཆེན་པདྨ་བརྩེགས་པའོ༔ དེ་བཞི་པོ་གཅིག་ཏུ་དྲིལ་ཞིང་གཅིག་ཏུ་སྦྱོར་བ་བྱ་གྲུབ་ལས་རབ་རྫོགས་པའོ༔ དེ་ལྟར་མ་མཐོང་མཐོང་བ་ལས་ལྷག་པའི་གསལ་སང་ངེ་ས་ལེ་ཧྲིག་གེ་ཡེ་རེ་བ་འདི་ཀ་ཡེ་ཤེས་ཀྱི་རང་ཞལ་མཐོང་བ་ཡིན་ནོ༔ དེ་ངོ་ཤེས་ཤིང་ཡིད་ཆེས་ཏེ་གདིང་ཐོབ་པར་གྱུར་ན༔ དཔག་ཡས་སངས་རྒྱས་ཀྱི་ཞིང་ཁམས་ཡང་འདི༔ བརྗོད་འདས་གྲངས་མེད་པའི་སངས་རྒྱས་ཡང་འདི༔ དཔའ་བོ་དཔའ་མོའི་འཁོར་ཚོགས་རང་བཞིན་ལྷུན་གྲུབ་ཀྱང་འདི༔ མ་བཙལ་ལྷུན་གྲུབ་འདོད་ཡོན་གྲུབ་པ་ཡང་འདི༔ གཞན་ལ་མ་བཙལ་རང་བྱུང་རིགས་འདུས་རྒྱལ་བའི་དཀྱིལ་འཁོར་རང་ལ་རང་དབང་བསྒྱུར་བ༔ བསྐུར་ཐོབ་ཀྱི་དབང་བསམ་ཡས་ཀྱི་འགྲན་ཟླ་བྲལ་བ་ཡང་འདི༔ མན་ངག་གཞན་ལས་མི་འཚོལ་རང་རྩལ་དུ་རྫོགས་པ་ཀློང་རྡོལ་རྟོགས་པའི་ཤེས་རབ་འདི་ཀ་ལུང་དང་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཡང་འདི་༔ གང་དུ་མ་བཙལ་གང་ནས་མ་བྱུང་བའི་དབང་མན་ངག་ཐམས་ཅད་སྐད་ཅིག་གིས་རྫོགས་པ་ཡང་འདི་ཡིན་ནོ༔ ཐམས་ཅད་རིག་པའོ༔ ཐམས་ཅད་གཞིའོ༔ ཐམས་ཅད་རྩལ་སྣང་

p. 466

ངོ་༔ དེས་ན་མ་བཅོས་རང་བྱུང་གི་སངས་རྒྱས་འདི་ལ་ལྟོས་ཤིག༔ སྒོམས་ཤིག༔ རྟོགས་པར་གྱིས་ཤིག༔ དབང་ཐམས་ཅད་རང་ཐོག་ཏུ་རང་ལ་རང་དབང་ཐོབ་བོ༔ ཨ་ཕཊ༔ ཨ་ཕཊ༔ ཨ་ཕཊ༔ [ཅེས་ངོ་སྤྲོད།] དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ༔ ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །ལམ་རང་བཞིན་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌། བྱེད་ལས་དོན་གཉིས་ཀྱི་མཛད་པ་ཡིད་བཞིན་དུ་གྲུབ། འབྲས་བུ་མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་ཆེན་པོ་འགྲུབ་པར་འགྱུར་རོ། །དེ་ནས་བྱིན་རླབས་ཡོངས་རྫོགས་ཡང་གསང་གཏོར་མའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་སྣོད་དུར་ཁྲོད་གསང་ཆེན་རོལ་པའི་ཕོ་བྲང་གི་དབུས་སུ་གཏོར་མའི་ངོ་བོ་བདུད་འདུལ་ཡེ་ཤེས་ཌཱ་ཀི་སེང་གདོང་དྲག་མོའི་ལྷ་ཚོགས་དངོས་སུ་བཞུགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པའི་བྱིན་རླབས་མཐུ་སྟོབས་ནུས་པ་ཐམས་ཅད་བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་དབང་བཞི་ཆིག་རྫོགས་སུ་ཐོབ། སྒྲིབ་བཞི་ལྷག་མེད་དུ་

p. 467

སྦྱངས། སྐུ་བཞི་མངོན་དུ་གྱུར་ཏེ་དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་ཆེན་པོ་འགྲོ་འདུལ་ཕྲིན་ལས་རབ་འབྱམས་ལ་མངའ་དབང་འབྱོར་ཏེ་དོན་གཉིས་འབད་མེད་དུ་གྲུབ་པའི་མོས་པ་མཛོད། [གཏོར་མ་ཐོགས་ལ།] ཧཱུྃ༔ ཁྱབ་གདལ་ཀློང་ཡངས་བ་ལིང་ཏ༔ ཡེ་ཤེས་དང་ནི་ཡེ་ཤེས་སྩོལ༔ མ་བཙལ་ལྷུན་གྲུབ་རྫོགས་པ་ཆེ༔ རིགས་དང་དཀྱིལ་འཁོར་རབ་འབྱམས་ཀུན༔ མ་ལུས་ལུས་པ་མེད་པར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གསང་གསུམ་རྡོ་རྗེ་དབང་གི་དངོས༔ དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན༔ ཁྱོད་ཀྱི་སྤྱི་བོར་ལན་བཞིར་བབས༔ དང་པོས་སྒྲིབ་དག་ཉམས་ཆག་སྐོང་༔ གཉིས་པས་ལུས་གང་དབང་བཞི་ཐོབ༔ གསུམ་པས་གནས་ལྔར་ཡི་གེས་བརྒྱན༔ བཞི་པས་ལུས་སེམས་དབྱེར་མེད་དུ༔ འཇའ་ལུས་འཕོ་བ་ཆེན་པོར་སྨིན༔ དཀྱིལ་འཁོར་ཡོངས་ལ་དབང་བཞི་ཐོབ༔ སྟོན་པ་བླ་མེད་རྫོགས་སངས་རྒྱས༔ སྐྱོབ་པ་བླ་མེད་དམ་པའི་ཆོས༔ འདྲེན་པ་བླ་མེད་དགེ་འདུན་ཚོགས༔ དཀོན་མཆོག་གསུམ་གྱི་དབང་ཐོབ་ཤོག༔ སྐྱེ་མེད་ཁྱབ་བདག་ཆོས་ཀྱི་སྐུ༔ འགགས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཕྱོགས་མེད་ཀུན་ཁྱབ་སྤྲུལ་པའི་སྐུ༔

p. 468

སྐུ་གསུམ་ལྷུན་གྲུབ་དབང་ཐོབ་ཤོག༔ བླ་མེད་བླ་མ་རིག་འཛིན་ཚོགས༔ རྒྱལ་བ་རྒྱ་མཚོ་ཡི་དམ་ལྷ༔ དབྱིངས་ལས་གར་བསྒྱུར་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་གྱི་དབང་ཐོབ་ཤོག༔ གདོད་ནས་འདས་ཀྱང་འཇིག་རྟེན་ཚུལ༔ ཆོས་བཞིན་སྒྲུབ་ལ་བུ་ལྟར་སྐྱོང་༔ དམ་ཉམས་སྲོག་གི་གཤེད་མ་ཆེ༔ ཆོས་སྐྱོང་སྲུང་མའི་དབང་ཐོབ་ཤོག༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ སྨིན་ཅིང་གྲོལ་ནས་དུས་རྣམ་ཀུན༔ གདུལ་བྱའི་འགྲོ་བ་འདྲེན་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ན་མོ་བུདྡྷ་དྡྷརྨཱ་སངྒ་དྷརྨཱ་ཀཱ་ཡ་སམྦྷོ་ཀཱ་ཡ་ནི་རྨ་ཀཱ་ཡ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་ས་མ་ཡ་བ་ལིངྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ [ཞེས་གཏོར་མ་གནས་བཞིར་བཞག །]མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་སུ་སྨིན། གཏོར་ཟན་ཟག་མེད་ཀྱི་བདུད་རྩིར་གྱུར་པ་མགྲིན་པར་མྱང་བས་ལས་དང་དངོས་གྲུབ་ཐམས་ཅད་ལ་དབང་འབྱོར་བར་མོས་ཤིག །[ཅེས་གཏོར་མའི་རས་མ་བདུད་རྩིར་སྦྱར་བ་བྱིན།] དེ་ལྟར་དབང་རྣམས་ཡོངས་སུ་

p. 469

རྫོགས་པ་ཐོབ་པའི་མཐའ་རྟེན་དགེ་བའི་སླད་དུ་བཀྲ་ཤིས་པའི་རྫས་ཀྱིས་མདུན་བདར་ཏེ་མངའ་གསོལ་བར་མོས་མཛོད། [རྫས་བརྒྱད་གཏད་ལ།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྫས་བརྒྱད་འདི་གཏད་པས༔ ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ༔ ཡོངས་ཐོབ་དོན་གཉིས་ལྷུན་གྲུབ་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ [བཀྲ་ཤིས་རྟགས་བརྒྱད་གཏད་ལ།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་ནས༔ སྤྲུལ་སྐུའི་གདུལ་བྱ་མྱུར་ཐོབ་ཤོག༔ ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ [རྒྱལ་སྲིད་སྣ་བདུན་གཏད་ལ།] ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་སྲིད་སྣ་བདུན་འདི་གཏད་པས༔ རྒྱལ་བའི་རྒྱལ་སར་དབང་འབྱོར་ཏེ༔ རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་གཏད་ལ་ཤིས་བརྗོད་རྒྱ་ཆེར་སྤེལ།] དེ་དག་རྣམས་ཀྱི་སྒོ་ནས་བདུད་འདུལ་ཡེ་ཤེས་ཌཱ་ཀི་སེང་གདོང་དྲག་མོའི་དབང་བཞི་ཡོངས་རྫོགས་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པ་ཡིན་པས་འདི་ཉིད་ཡི་དམ་དུ་བཟུང་ཞིང༌། སྙིང་པོ་སྔགས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱས་ན་ཕྲིན་ལས་གང་བརྩམས་ཐོགས་མེད་དུ་འགྲུབ་པར་གསུངས་

p. 470

ཏེ། གནམ་ལྕགས་ཐོག་རྒྱུད་ལས། ངོ་བོ་མ་ནིང་ཡི་གེ་ཡིན་པས་ན༔ གཟུངས་སྔགས་རིག་སྔགས་གསང་སྔགས་ཐམས་ཅད་འདུས༔ ངེས་ཚིག་གནམ་ལྕགས་ཐོག་རྒྱུད་ཡིན་པས་ན༔ གང་ལ་བཏབ་ཀྱང་ཐོགས་མེད་ཕ་ལམ་འདྲ༔ རྣམ་པ་མུ་སྟེགས་བྱད་མ་ཟློག་ཕྱིར་ཏེ༔ ཕྱི་ནང་བྱད་ཀུན་ཐོགས་པ་མེད་པར་ཟློག༔ དབྱེ་བ་ཡི་གེ་བཅུ་བཞི་ཐམ་པ་ལ༔ གོང་དུ་བསྟན་པའི་དཔའ་བོ་མཁའ་འགྲོ་འདུས༔ ས་མཚམས་འཇིག་རྟེན་འདས་དང་མ་འདས་ཏེ༔ ལས་དང་ཡེ་ཤེས་གཉིས་ཀ་འགྲུབ་པར་གྱུར༔ བསྡུས་དོན་ཀུན་འདུས་བདུད་འདུལ་དྲག་མོའི་སྲོག༔ མཁའ་འགྲོ་གྲངས་མེད་གསང་སྔགས་རིག་སྔགས་འདུས༔ ས་བཅད་ཨ་ཀ་ས་མ་ར་ཙ་དྲུག༔ འཇིག་རྟེན་འདས་པ་ཛྙཱ་ནའི་སྲོག་སྔགས་ཡིན༔ ཤ་ད་ར་ས་མ་ར་ཡ་སྟེ་བདུན༔ ལོ་ཀ་ཌཱཀ་ཌཱ་ཀིའི་སྙིང་པོ་ཡིན༔ ཕཊ་ནི་ཐམས་ཅད་གཉིས་མེད་བླ་ན་མེད༔ དེ་ཕྱིར་མཁའ་འགྲོ་དྲག་མོའི་མན་ངག་ཡིན༔ འདི་ཡི་ཡོན་ཏན་བརྗོད་ཀྱིས་མི་ལངས་ཏེ༔ གང་ཞིག་འདི་ནི་བློ་ལ་ཡོད་པ་ཙམ༔ བཀྲ་ཤིས་རིགས་བརྒྱུད་འཕེལ་ཞིང་ཕྱོགས་ངན་ཟློག༔ གང་ཞིག་འདི་ཉིད་བཟླས་པ་ཙམ་གྱིས་ནི༔ རྦོད་གཏོང་བཟློག་ཅིང་བྱད་མ་ཁྲག་སྐྱུགས་འགུམ༔

p. 471

གང་ཞིག་འདི་བཟླས་ཐལ་མོ་བརྡབས་པ་ཙམ༔ ཕ་རོལ་དམག་བཟློག་སྡང་དགྲ་གནོད་བྱེད་འཆི༔ གང་ཞིག་གི་བཟླས་བསྐྱེད་རིམ་གསལ་བ་ཙམ༔ དྲེགས་པ་ལས་ཁོལ་མ་མོ་བྲན་དུ་འགྱུར༔ གང་ཞིག་འདི་བཟླས་མཁའ་འགྲོ་དྲན་པ་ཙམ༔ ལྷ་སྲིན་སྡེ་བརྒྱད་བྲན་ཁོལ་ལས་འགྱེད་ནུས༔ གང་ཞིག་འདི་ཉིད་ལུས་ལ་བཅངས་པ་ཙམ༔ འདས་དང་མ་འདས་མ་མོ་མཁའ་འགྲོ་འདུས༔ གང་ཞིག་འདི་ཉིད་གསོལ་བ་བཏབ་པ་ཙམ༔ ཚེ་དང་བསོད་ནམས་ཕྲིན་ལས་མངའ་ཐང་འབྱུང་༔ གང་ཞིག་འདི་ཉིད་བསྙེན་དང་སྒྲུབ་པ་ཙམ༔ འཇིག་རྟེན་དྲེགས་པ་ཀུན་གྱིས་སྟོངས་གྲོགས་བྱེད༔ ཅེས་སོགས་དང༌། འདི་ཡི་ནུས་པ་ཡོན་ཏན་མཐུ་སྟོབས་ནི༔ རྡོ་རྗེའི་ལྗགས་ཀྱིས་བརྗོད་ཅིང་བགྲང་མི་ནུས༔ ཞེས་གསུངས་པ་ཉིད་མི་བསླུ་བའི་ཚད་མར་ངེས་པའི་ཕྱིར། དེང་ཕྱིན་ཆད་འདི་ཉིདཡི་དམ་དུ་བཟུང་ནས་སྔགས་བཟླ་བ་ལ་བརྩོན་པ་དང༌། གཞན་ཡང་གསང་སྔགས་ཀྱི་རྩ་བ་དབང་༔ དབང་བསྐུར་གྱི་རྩ་བ་དམ་ཚིག་ཡིན་པས༔ དམ་ཚིག་ལ་བྱེ་བྲག་མང་ཡང་༔ དམ་ཚིག་སྤྱི་སྡོམ་ནི་རྩ་བ་སྐུ་གསུང་ཐུགས་ལ་འདུས༔ བྱེ་བྲག་མཁའ་འགྲོ་སྡེ་ལྔ་དང་ཡོན་ཏན་ཕྲིན་ལས་སོ༔ བསྲུང་བའི་ཡུལ་ནི་བླ་མ་ཡི་དམ་

p. 472

མཁའ་འགྲོ་གསུམ༔ དེ་ཐམས་ཅད་བླ་མ་འདུས་ཏེ༔ བླ་མའི་སྐུའི་དམ་ཚིག་མ་ཉམས་པར་བསྲུངས་ནས་བསྙེན་བཀུར་རྒྱུན་དུ་བྱས་ན༔ ཡི་དམ་ངང་གིས་འཁོར༔ མཁའ་འགྲོས་བུ་བཞིན་དུ་སྐྱོང་༔ བླ་མའི་བཀའ་བཞིན་དུ་སྒྲུབ་ཅིང་བསྙེན་སྒྲུབ་བྱ༔ གསུང་གི་དམ་ཚིག་མ་ཉམས་པར་བསྲུང་ན༔ ཡི་དམ་གྱིས་དངོས་གྲུབ་སྟེར་ནས་གསུང་ལ་དབང་ཐོབ༔ ལྷ་སྲིད་སྡེ་བརྒྱད་བཀའ་བསྒོ་ཉན༔ ཐུགས་ཀྱི་དམ་ཚིག་མ་དད་པ་སྐད་ཅིག་ཀྱང་མ་ཤོར་ཞིང་བླ་མའི་ཐུགས་དགོངས་ལོན་ཅིང་མཆོད་ཚོགས་བྱས་པའི་ཏིང་འཛིན་གསལ༔ བསམ་པ་འགྲུབ༔ མཆོག་གི་དངོས་གྲུབ་ཐོབ༔ ཡོན་ཏན་དམ་ཚིག་མ་ཉམས་ན་ལོངས་སྤྱོད་ཕུན་སུམ་ཚོགས༔ འཁོར་འདུ༔ བཀྲ་ཤིས་ལ་རིགས་བརྒྱུད་འཕེལ༔ ཕྲིན་ལས་དམ་ཚིག་མ་ཉམས་ན། ལས་ལ་གང་བརྩམ་ཐོགས་མེད་འགྲུབ༔ མཁའ་འགྲོ་ཆོས་སྐྱོང་བཀའ་ཉན་འགྱུར༔ བྱེ་བྲག་མཁའ་འགྲོའི་དམ་ཚིག་ནི༔ མཁའ་འགྲོ་གཙོ་མོའི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་སྤྱི་བོར་ཁུར༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ ཏིང་ངེ་འཛིན་གཡེལ་བ་མེད་པར་བསྐྱང་༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ ཚོགས་དང་གཏོར་མ་རྒྱུན་དུ་བྱ༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔

p. 473

མཚན་ལྡན་བདེ་བ་རྒྱུན་དུ་བསྟེན༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ དག་སྣང་ཕྱོགས་མེད་ལས་སྦྱོར་བརྩོན༔ མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ༔ དུས་སུ་ཚོགས་དང་གཏོར་མས་བསྐང་༔ བསྙེན་སྒྲུབ་སྒོམ་བཟླས་གཅིག་ཏུ་དྲིལ༔ དེ་བྱས་དོན་གཉིས་འགྲུབ་པར་འོང་༔ གལ་ཏེ་དམ་ཚིག་ཉམས་པ་ན༔ ཚེ་འདིར་རྒྱལ་པོའི་བཀའ་ཆད་འབྱུང་༔ མེ་ཆུ་ལྕགས་སྒྲོག་དུག་ནད་འབྱུང་༔ སྨྱོ་འབོག་བརྒྱལ་ནད་རིམས་ཡམས་འབྱུང་༔ མ་མོའི་དལ་ཡམས་ཁྲག་ནད་རིམས༔ རྒྱུ་གཟེར་གཉན་གཟེར་མཁྲིས་རིམས་འབྱུང་༔ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལ༔ མི་འདོད་སྣ་ཚོགས་ཚེ་འདིར་སྨིན༔ ཕྱི་མ་མནར་མེད་དམྱལ་བར་འགྲོ༔ ཞེས་གསུངས་པས་དམ་ཚིག་སྤྱི་དང་བྱེ་བྲག་ཐམས་ཅད་སྲོག་ལུས་མིག་ལྟར་བསྲུང་བ་གལ་ཆེ་བས་ན། ཐ་ཚིག་ལས་ནམ་ཡང་འདའ་བར་མི་བྱ་ཞིང་ཇི་ལྟར་ནུས་པ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་[སོགས་ལན་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས། དེ་ནས་སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་སོགས་ལས་བྱང་ལྟར་ལ།

p. 474

རྗེས་ཆོག་གོང་དུ་སློབ་དཔོན་གྱིས་བསྐྱེད་རིམ་གསལ་བཏབ་ནས་བཟླས་པ་བརྒྱ་སྟོང་གང་འགྲུབ་ཀྱིས་བྱིན་རླབས་ཁ་གསོས་ལ་རྒྱུན་གྱི་དངོས་གྲུབ་བསྐུལ། གཏང་རག་གི་མཆོད་བསྟོད་འབུལ་ཞིང་ཡིག་བརྒྱས་ནོངས་པ་བཤགས། ཡེ་ཤེས་པ་གཤེགས་བསྟིམ་རྟེན་ཡོད་མེད་དང་བསྟུན། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་གཞུང་བཞིན་མཐའ་རྒྱས་སུ་སྤེལ་བས་གྲུབ་བོ། །ཡང་གསང་བདུད་འདུལ་དྲག་མོའི་དཀྱིལ་འཁོར་དུ། །སྣོད་ལྡན་གཞུག་པའི་ལས་ཁྲིགས་གསལ་བྱས་ལ། འདིས་ཀྱང་སྐལ་བཟང་རིག་འཛིན་དབུགས་ཕྱུངས་ཏེ། །བར་གཅོད་བདུད་ལས་རྣམ་རྒྱལ་དཔལ་ཐོབ་ཤོག །དེ་ལྟར་བདུད་འདུལ་དྲག་མོ་སེང་གདོང་མའི་དབང་ཆོག་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་འདིའང༌། དོན་དུ་གཉེར་བའི་བློ་ལྡན་རྣམས་ཀྱིས་བསྐུལ་བ་དང༌། ཟབ་ཆོས་ཀྱི་རྒྱུན་སྤེལ་བའི་ཆ་རྐྱེན་དུ་འཇུག་པ་བདེ་བར་མཐོང་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་རྩ་གསུམ་འདས་པ་དམར་སེར་ཅན་གྱི་ལོ་དབོ་ཉ་བའི་ཤེས་རབ་ཀྱི་ཆ་ལ། བལ་ཡུལ་ཨེའི་ལྷ་ཁང་དང་ཉེ་བའི་བསྟི་གནས་སུ་ལེགས་པར་བསྡེབས་པ་ལས། ཐོག་མའི་ཡི་གེ་པ་ནི་ཤར་ཕྱོགས་མོན་གྱི་སྔགས་སྟོན་བསྟན་འཛིན་ཀུན་ལེགས་ཀྱིས་བགྱིས་པའོ། །འདིས་ཀྱང་ཟབ་ཆོས་མཆོག་གི་ཕྲིན་ལས་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །]

རྡོ་རྗེ་རྣལ་འབྱོར་མ་གཅིག་ཁྲོས་མ་ནག་མོའི་བསྙེན་པའི་ཉམས་ལེན་གསལ་བྱེད་དངོས་གྲུབ་ཀྱི་ཟ་མ་ཏོག

p. 475

༄༅། །རྡོ་རྗེ་རྣལ་འབྱོར་མ་གཅིག་ཁྲོས་མ་ནག་མོའི་བསྙེན་པའི་ཉམས་ལེན་གསལ་བྱེད་དངོས་གྲུབ་ཀྱི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །

p. 476

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཀྲོ་དྷི་ཀ་ལི་ཡེ། སྨྲ་བསམ་བརྗོད་བྲལ་སྟོང་ཉིད་དབྱིངས་ཀྱི་ཡུམ། །རྣམ་བཅས་བདེ་ཆེན་ལང་ཚོས་རྗེས་ཆགས་པར། །རྣལ་འབྱོར་མ་དཔལ་རྡོ་རྗེ་ཁྲོས་མའི་ཞབས། །ལྷན་སྐྱེས་ངོ་བོར་རྟོགས་པའི་ཕྱག་གིས་བསྙེན། །འཁོར་ལོའི་གཙོ་མོ་གང་གི་རྣལ་འབྱོར་ལ། །བསྟེན་ནས་མཆོག་ཐུན་དངོས་གྲུབ་སྒྲུབ་པའི་ཐབས། །རྣམ་གསལ་འཇུག་བདེའི་ངག་གིས་འདིར་འདོམས་ན། །སྐལ་བར་ལྡན་རྣམས་སྤྲོ་བས་དང་ལེན་བྱོས། །དེ་ལ་འདིར་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེའི་ཡ་གྱལ་མ་གཅིག་ཁྲོས་མ་ནག་མོའི་སྒྲུབ་ཐབས་མཁའ་འགྲོའི་

p. 477

སྲོག་ཐིག་ཤིན་ཏུ་ཟབ་ཅིང་ཁྱད་པར་འཕགས་པ་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་འདུས་གསལ་སྙིང་པོར་དྲིལ་ཏེ་འཆད་པ་ལ་གཉིས། །བསྙེན་ཐབས་ཀྱི་ལག་ལེན་དངོས་བཤད་པ་དང༌། གལ་ཆེ་བའི་སྤྱི་དོན་འཕྲོས་སུ་གདམས་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། དང་པོ་ནི། རྟེན་གྱི་གང་ཟག་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས་ཤིང༌། འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཚུལ་བཞིན་ཐོབ་ནས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ལ་གནས་པའི་སྒྲུབ་པ་པོས། གནས་ཀྱི་ཁྱད་པར་དུར་

p. 478

ཁྲོད་དང་མཚོ་གླིང་ལ་སོགས་དེབན་ཅིང་འཇིགས་སུ་རུང་བའིགནས་སུ་གསུངས་པ་བག་ཚ་ཆུང་བའི་རྣལ་འབྱོར་པ་ལ་འབྲེལ་ཆེ་མོད། ལས་དང་པོ་པ་དག་ཆོས་མཐུན་གྱི་སྐྱེ་བོ་གནས་ཤིང་དགྲ་རྐུན་དང་གཅན་གཟན་སོགས་ཀྱིས་འཚེ་བ་མེད་པ། ནད་ལ་སོགས་པ་མི་བསྐྱེད་པའི་ཡིད་མཐུན་གྱི་གནས་རབ་དམ་པ་གོང་མའི་ཞབས་ཀྱིས་བཅག་ཅིང་བྱིན་གྱིས་བརླབས་པ་དང༌། མིན་ནའང་རང་གི་བླ་མ་དང་ཆོས་བརྒྱུད་ལ་སེལ་ཞུགས་པ་དག་གིས་སྔར་བསྟེན་པའམ་ད་ལྟ་བསྟེན་བཞིན་པ་མ་ཡིན་པའི་བཀྲ་ཤིས་ཤིང་ཉམས་དགའ་རང་དབང་དུ་གྱུར་པའི་སར། སྒྲུབ་གྲོགས་དམ་ཚིག་དང་སྡོམ་པ་མ་ཉམས་ཤིང་རྒྱུད་འཇམ་བློ་གཙང་བཀོལ་དུ་བཏུབ་པ་ཆོས་དང་མཐུན་པར་སྤྱོད་པ་དང་བཅས་པའམ། ཡང་ན་གཞུང་ལས། སྒྲུབ་གནས་ཤིན་ཏུ་དབེན་པའི་ཚལ༔ གྲོགས་མེད་རྣལ་འབྱོར་གཅིག་པུར་གནས༔ ཞེས་པའི་ཚུལ་གྱིས། མཐུན་རྐྱེན་མཆོད་རྫས། འཚོ་ཆས། སྨན་པ་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཚམས་ཁོངས་སུ་ཆུད་དགོངས་པ་ཐམས་ཅད་སྤྱི་དང་མཐུན་པར་འདུ་བྱས་ལ། དུས་ཉི་མ་བྱང་

p. 479

བགྲོད་སོགས་དགེ་ཞིང་ཤིས་པའི་ཉིན་མོ་ནས་དབུ་བཟུང་སྟེ། ཐོག་མར་བསྙེན་པ་དངོས་གཞི་མ་ཚུགས་པའི་ཞག་བདུན་ཕྲག་གཉིས་གསུམ་ཙམ་གྱི་གོང་ནས་ཕྱི་མཚམས་བཅད་ལ། དགོངས་ཐུན་དེར་རང་ཉིད་སྐད་ཅིག་གིས་ཡེ་ཤེས་མཁའ་འགྲོར་གསལ་བའི་ང་རྒྱལ་གྱིས་ཞིང་སྐྱོང་གཞི་བདག་ལ་སྤྱི་འགྲེ་བཞིན་གཏོར་མ་བྱིན་གྱིས་བརླབས་པ་ཕུལ་ནས་ཕྲིན་ལས་བཅོལ། བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་གཏོར་མ་བསྔོས་པས་མགུ་ཞིང་ཚིམ་ནས་རང་གནས་སུ་སོང་བར་བསམ། གཞུང་འདི་ཨ་ཏིའི་རྣལ་འབྱོར་བརྟུལ་ཞུགས་ལམ་སློང་གཅོད་ཡུལ་དང་འབྲེལ་བའི་གནད་ཀྱིས་བགེགས་བསྐྲད་མཚམས་གཅོད་ཀྱི་ཚིག་སྒྲོས་ཡེ་མ་གསུངས་པས་ལུགས་གཞན་གྱི་སྤར་བཀབ་གཏན་ནས་མི་བྱ། དེ་ནུབ་བམ་སང་ཐོ་རངས་ནས་བཟུང་དལ་འབྱོར་རྙེད་དཀའ་བསམ་ཞིང་འཆི་བ་མི་རྟག་པས་ཡིད་བསྐུལ་ནས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་རྩེ་གཅིག་པས། སྐྱབས་འགྲོ། སེམས་བསྐྱེད། མཎྜལ། སྐུ་གསུམ་བསྒོམ་བཟླས།

p. 480

བླ་མའི་རྣལ་འབྱོར་རྣམས་གཅོད་ཁྲིད་ལས་འབྱུང་བ་བཞིན་ཐུན་བཞིར་བཅད་ནས་སེམས་རྒྱུད་དང་ཅི་འདྲེས་སུ་བྱེད། གྲོགས་བློ་དང་མཐུན་པ་གཞན་ཡོད་ན། གསུང་སྒྲོགས། བསང་མཆོད། ཆུ་གཏོར། ཉེའུ་འདོན། སྲོག་བསླུ། སཱ་ཙྪ་འདེབས་པ་སོགས་རྒྱབ་དཔུང་གི་དགེ་བ་ཅི་ནུས་བསྒྲུབ་པར་བསྐུལ་བས་རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པ་སོགས་ཀྱི་དགོས་པ་ཡོད་ཅིང༌། ལོང་ཆུང་ནས་མ་འགྲུབ་ནའང་ཆད་པའི་སྐྱོན་དུ་མི་འགྱུར། དེ་ནས་མར་ངོའི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་འགྲིག་ན་རབ། གང་ལྟར་ཡང་བསྙེན་པ་དངོས་ལ་འཇུག་རྒྱུའི་ཉིན་སྒྲུབ་ཁང་ཕྱག་བདར་གྱིས་གཙང་བར་བྱས། མདུན་དུ་དམིགས་རྟེན་གྱི་བྲིས་སྐུ་མཚན་ཉིད་དང་ལྡན་པ་བཀྲམ་ཞིང་རྒྱན་དང་མཆོད་པའི་རྣམ་པ་ཅི་འབྱོར་མཛེས་ཤིང་ཡིད་དུ་འོང་བར་འགོད། ཕྱི་དྲོའི་ཆ་ལ་བབས་པ་ན་རང་ཉིད་ལྷའི་ང་རྒྱལ་ལ་གནས་པས། ལས་བུམ་མམ་དྲིའི་དུང་ཞལ་རཾ་ཡཾ་ཁཾ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་པདྨ་དང་ཉི་མ་ལ་གནས་པའི་ས་ཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་ལས་ཀྱི་མཁའ་འགྲོ་ཁྲོས་མ་ལྗང་ནག་གཡས་གྲི་གུག་དང་གཡོན་

p. 481

ཐོད་ཁྲག་ཐོགས་པ། མཆན་ཁུང་གཡོན་དུ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་རྩེ་གསུམ་བརྟེན་པ། སྤྱན་གསུམ་དང་ལྡན་ཅིང་ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་ཅན། དབུ་སྐྲ་ཐོར་ཚུགས་དང་ལྷག་མ་རྒྱབ་ཏུ་གྲོལ་བའི་རྣ་ལྟག་གཡས་སུ་ཕག་ཞལ་དུར་བ། སྐུ་གཅེར་མོ་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཞབས་གཉིས་གར་སྟབས་ཀྱིས་ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་དུ་བཞུགས་པའི་སྐུར་གསལ་ལ། ས་ཀརྨ་ཌཱ་ཁི་ནཱི་ཧཱུཾ་ཕཊ༔ ཅེས་བརྒྱ་རྩ་བཟླས་མཐར། ལས་ཀྱི་མཁའ་འགྲོ་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ། ཕྱིན་ཆད་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །འདི་ནས་སྔར་བཞིན་གཞི་བགེགས་ཀྱི་གཏོར་མ་བསྔོས་ལ་ཕྲིན་ལས་བཅོལ། སྒོ་དྲུང་དུ་ཐོ་བརྩིགས་པར་ལས་མཛད་མཁའ་འགྲོ་སྡེ་བཞིའི་སྐུ་དང་སྔགས་བྱང་བྲིས་པའམ། བསྡུ་ན་ཤིང་བྱང་ལ། ཨོཾ་བཛྲ་ཀྲོ་དྷི་བཛྲ་ཨཾ་ཀུ་ཤ་ཛཿརཀྵ༔ ཨོཾ་བཛྲ་ཀྲོ་དྷི་རཏྣ་པཱ་ཤ་ཧཱུྃ་རཀྵ༔ ཨོཾ་བཛྲ་ཀྲོ་དྷི་པདྨ་སྥོ་ཊ་བཾ་རཀྵ༔ ཨོཾ་བཛྲ་ཀྲོ་དྷི་ཀརྨ་གཎྜེ་ཧོཿརཀྵ༔ ཞེས་བྲིས་པ་བཙུག །མདུན་དུ་དམར་གཏོར་བཞི་དང་ཉེར་སྤྱོད་ལྔ་བཤམས་པ་རཾ་ཡཾ་ཁཾ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་བརླབ། ཐོ་ལས་སྔགས་ཀྱིས་

p. 482

བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་ཐོ་བྱང་ཛཿལས་ལས་མཛད་དཀར་མོ་ལྕགས་ཀྱུ་དང་ཐོད་ཁྲག་ཐོགས་པ། ཧཱུཾ་ལས་ལས་མཛད་སེར་མོ་ཞགས་པ་དང་ཐོད་ཁྲག་ཐོགས་པ། བཾ་ལས་ལས་མཛད་དམར་མོ་ལྕགས་སྒྲོག་དང་ཐོད་ཁྲག་ཐོགས་པ། ཧོཿལས་ལས་མཛད་ལྗང་མོ་དྲིལ་བུ་དང་ཐོད་ཁྲག་ཐོགས་པ། བཞི་ཀའང་ཞི་མ་ཁྲོ་འཛུམ་གྱི་ཉམས་ཅན། དབུ་སྐྲ་ཐོར་ཚུགས་དང་ལྷག་མ་རྒྱབ་ཏུ་གྲོལ་བ། སྐུ་གཅེར་མོ་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཞབས་གཉིས་གར་སྟབས་ཀྱིས་ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་དུ་བཞུགས་པ། ཡང་སྤྲུལ་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་དབྱིངས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ཨོཾ་བཛྲ་པུཥྤེ་སོགས་ནས། ཤཔྡ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་ཉེར་སྤྱོད་དང༌། ཨོཾ་བཛྲ་ཀྲོ་དྷི་ཛཿཧཱུཾ་བཾ་ཧོཿརཀྵ་སིདྡྷི་ཕ་ལ་ཧོཿ ས་པ་རི་ཝཱ་ར་ཨི་དཾ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། ཀྱཻ༔ མ་མི་ཡེ་ཤེས་མཁའ་འགྲོ་མ༔ ཕྱོགས་རྣམ་བཞིའི་ལས་མཛད་མཁའ་འགྲོ་མ༔ མ་འབུམ་ཕྲག་

p. 483

མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་གཤེགས་རྟེན་འདིར་རྟེན་ཆོས་ལ༔ ངའི་བསམ་པ་ཡོངས་སུ་མ་རྫོགས་པར༔ ཁྱེད་འདིར་བཞུགས་གང་འདུལ་ཐབས་མང་གིས༔ བདུད་རྣམ་བཞི་དབྱིངས་སུ་གཅོད་པ་དང་༔ ཡུལ་ལྷ་འདྲེའི་འགྲོ་དོན་མཐར་ཕྱིན་ནས༔ དཔལ་ཧེ་རུ་ཀ་ལྟར་བྱིན་གྱིས་རློབས༔ ཞེས་ཕྲིན་ལས་བཅོལ། མེ་ཏོག་འཐོར་ལ། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱས་པས་སྒྲུབ་ཁང་གི་ཕྱོགས་ཐམས་ཅད་ནས་མཁའ་འགྲོ་གྲངས་མེད་པའི་དཔུང་དང་བཅས་པས་བསྲུང་བར་བསམ། དོན་དམ་པར་བསྲུང་བྱ་སྲུང་བྱེད་སྲུང་བའི་ཐབས་རྣམས་རང་བཞིན་གྱིས་རྣམ་པར་དག་པ་རིག་སྟོང་འོད་གསལ་བདེ་བ་ཆེན་པོའི་ངོ་བོ་བར་ཆད་ཀྱི་མཚན་མ་ནམ་ཡང་མ་གྲུབ་པས་ན། སྲིད་ཞི་མཉམ་ཉིད་དུ་རིག་པ་མི་ཤིགས་རྡོ་རྗེའི་མཚམས་གཅོད་ལྟ་བའི་གདིང་ཆེན་པོ་བསྐྱེད་དེ་དགག་སྒྲུབ་དང་བྲལ་བའི་ཀློང་དུ་ལ་བཟླའོ། །འདི་ནས་བཟུང་མཚམས་ནང་དུ་དགོས་ངེས་སྔར་དམིགས་འོག་ཏུ་གང་ཆུག་ལས་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཀྱང་མི་བྱ་བ་སོགས་འོག་ཏུ་སྨོས་པ་ལྟར་མཚམས་ཀྱི་སྤང་བླང་ཐམས་ཅད་ཚུལ་

p. 484

བཞིན་དུ་བྱ། སྐྱིད་སྡུག་ལེགས་ཉེས་གང་ལ་ཡང་རེ་དོགས་ཀྱི་རྩིས་གདབ་སྤངས་ཏེ། ད་རེས་བཟླས་པ་འདི་མ་གྲོལ་གྱི་བར་ལ་རྐྱེན་གང་གི་ཡང་དབང་དུ་མི་གཏོང༌། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཀྱང་དོན་མེད་དུ་སོང་བ་ལ། ད་ལྟ་ལྷག་པའི་ལྷ་འདི་ལྟ་བུ་སྒྲུབ་ཏུ་ཡོད་པ་སྐལ་པ་བཟང་བས་འབད་རྩོལ་དྲག་པོ་བྱ་སྙམ་དུ་ཞེ་དམ་འཆའ། དེ་ལྟར་ངེས་པར་བྱས་ནས། ཐོག་མར་བཅས་བཤམ་བྱ་བ་ནི། དམ་ཚིག་གི་བྲིས་སྐུའི་མདུན་དུ་སྟེགས་བུ་ཟླ་གམ་གྱི་དབྱིབས་ཅན་བདུད་རྩི་ལྔས་ཆག་ཆག་བཏབ་པའི་དབུས་སུ་འཛོམ་ན་ཚུལ་བཞིན་འདུ་བྱས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་བྱུང་ན་ལེགས་པའི་ཡན་ལག་ཏུ་འགྱུར་མོད། འདིར་ནི་དབང་རྣོན་སྤྲོས་པ་མེད་པའི་དབང་དུ་མཛད་དེ། དཀྱིལ་འཁོར་བཀོད་ལེགས་ཟླ་གམ་སྟེང་༔ མེ་ཏོག་ཚོམ་བུ་མ་འདྲེས་བཀོད༔ ཡང་ན་རྐང་ཁྲིར་གཏོར་མ་འགོད༔ ཅེས་ཚོམ་བུ་དང་གཏོར་མ་འདམ་ཀ་ཅན་དུ་གསུངས་པ་ལས། ཕྱག་བཞེས་སུ་མཎྜལ་འབྲུ་དཀར་དྲི་བཟང་ཚོན་མཐིང་གིས་སྦགས་པས་ལྷ་གྲངས་ཀྱི་ཚོམ་བུ་གཙོ་འཁོར་ཕྱེད་པར་འགོད། དེ་སྟེང་མཉྫིའི་ཁར་ཐོད་པའམ་རིན་པོ་ཆེ་ལ་སོགས་

p. 485

པའི་སྣོད་དུ་གཏོར་ཟན་སྤོད་སྨན་ཤ་ལྔ་བདུད་རྩི་ལྔ་བཅས་སྦྱར་བ་ལས་གཏོར་མ་མཐོང་བརྒྱུད་བཞིན་བཞེངས་པར་ཕག་ཞལ་མེ་རི་སོགས་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་མཐིང་ནག་གིས་སྤྲས་པ་བརྟན་པར་འགོད། མདུན་རྒྱབ་གང་བདེས་བཟོ་དབྱིབས་དེ་མཚུངས་ཀྱི་མཆོད་གཏོར་དང༌། གཡས་གཡོན་དུ་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་མ་དང་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་རམ་བསྐོར་བཤམ་གང་བདེས་བཀོད་མཛེས་སུ་བསྟར། རང་གི་སྡོད་མལ་སྟན་ནང་ཚང་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲི་བའམ། ཡང་ན་ས་དམར་སོགས་གང་ཡང་རུང་བས་བམ་རོའི་རྣམ་པ་བྲི། མདུན་དུ་རྡོ་དྲིལ། ཌཱ་མ་རུ། མེ་ཏོག་གི་སྣོད་རྣམས་བཞག །གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ནས། དེ་ནུབ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་ཕུལ་ཏེ་ཚོགས་བསགས། ཉམས་ཆག་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོས་བཤགས་པ་བྱ། བླ་མ་དང་ཡེ་ཤེས་མཁའ་འགྲོ་ལ་མོས་གུས་ཆེན་པོས་བསྙེན་སྒྲུབ་ལ་བར་ཆད་མི་འབྱུང་བ་དང་དངོས་གྲུབ་

p. 486

མྱུར་དུ་ཐོབ་པའི་གསོལ་བ་བཏབ་ནས་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །གཉིས་པ་དངོས་གཞི་ནི། འདིར་སྔ་ཐུན་ནས་འགོ་འཛིན་ཏེ། སང་ཞོག་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས་ནམ་ལངས་པ་དང་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འཁོད། ཀུན་སློང་ཚེ་འདིའི་རྙེད་བཀུར་སྙན་གྲགས་སོགས་ལ་ཞེན་པའི་བློ་ངན་ཕྱི་མར་མངོན་མཐོའི་བདེ་འབྲས་ཙམ་དོན་དུ་གཉེར་བའི་བསམ་པས་མ་ཡིན་པར། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙིགས་མའི་དུས་ཀྱི་ཚེ་ལུས་གཅིག་པོ་འདིར་རྒྱལ་བ་ཀུན་གྱི་ཡུམ་གཅིག་རྡོ་རྗེ་ཁྲོས་མ་ནག་མོའི་གོ་འཕང་མངོན་དུ་བྱའོ་སྙམ་པའི་སྒོ་ནས། དབང་སྡུད་ཟིལ་གནོན་སྔོན་དུ་འགྲོ་བས་གསོལ་འདེབས་རིགས་དང༌། བླ་མའི་རྣལ་འབྱོར་སྐྱབས་སེམས་ཚོགས་བསགས་བྱིན་འབེབས་མཆོད་རྫས་བྱིན་རླབས་བར་བྱ། སྐབས་འདིར་ལས་བྱང་རྒྱས་འབྲིང་གཉིས་གང་ལ་བརྟེན་ཀྱང་འདྲ་མོད། འབྲིང་པོ་ཉིད་སྤྲོས་པ་འཚམས་ཤིང་འཇུག་པ་བདེ་བས་ལེགས་ལ། གང་གི་ཚེ་ནའང་དམིགས་པ་ལ་ཁྱད་པར་མེད་པས། དངོས་གཞི་ལྷ་བསྐྱེད་སྐབས། འདིར་སྤྲོས་མེད་ཨ་ཏིའི་བསྐྱེད་རིམ་ཏིང་འཛིན་རྣམ་གསུམ་སོགས་ཀྱི་ཐ་སྙད།

p. 487

ལས་འདས་པ་སྣང་སྲིད་གཞིར་བཞེངས་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་ཆུ་ལས་ཉ་ལྡང་བའི་ཚུལ་དུ་སྐད་ཅིག་དྲན་རྫོགས་ཆེན་པོར་རང་གསལ་གདབ་པ་སྟེ། དེའང་སྣོད་བཅུད་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་བདེ་ཆེན་ཆོས་ཀྱི་འབྱུང་གནས། ཀུན་བཟང་ཡུམ་གྱི་ཕོ་བྲང་ཆེན་པོར་རྫོགས་པའི་དབུས་སུ། ཆེ་བའི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་སྣ་ཚོགས་པདྨའི་ཟེའུ་འབྲུའི་ལྟེ་བ་ལ། རང་རིག་མ་བཅོས་པའི་ཡེ་ཤེས་ཐུགས་རྗེ་ཁྲོས་མ་ནག་མོའི་སྐུར་ཤར་བར་གསལ་བའི་ཕྱི་སྐོར་པད་འདབ་བརྒྱད་ཀྱི་ཕྱོགས་བཞིའི་འདབ་མར་གཙོ་མོའི་ཐུགས་མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞིའི་རང་མདངས་རིགས་བཞིའི་མཁའ་འགྲོ། མཚམས་བཞིར་སྙིང་རྗེ་ཆེན་པོ་སོགས་ཚད་མེད་བཞིའི་རང་གཟུགས་ལས་བྱེད་མ་བཞི། དེ་རྒྱབ་ཆོས་ཉིད་ཞི་བའི་དབྱིངས་ལས་རྣམ་འགྱུར་དྲག་པོའི་ཕྲིན་ལས་ཀྱིས་འཁོར་བ་རྒྱུན་གཅོད་པའི་བརྡར་འཁོར་ལོ་རྩིབས་བཞིའི་གདན་ལ་ཁྲག་འཐུང་མ་བཞི། ཕྱིའི་ཁོར་ཡུག་ལ་རོལ་རྩལ་མི་འགག་པའི་སྣང་ཆ་སྣང་སྲིད་ཁམས་ཀྱི་དྲེགས་ཚོགས་ཕོ་མོ་དང༌། ཚུལ་མིན་ཡིད་བྱེད་ལོག་རྟོག་གི་སྒོ་སྲུང་བའི་མཐུ་ཆེན་བཀའ་སྲུང་སྡེ་བཞིར་བཅས་པ་མ་

p. 488

འདྲེས་ཡོངས་རྫོགས་སུ་གསལ་གདབ་ཅིང༌། མདོར་ན་སྣོད་བཅུད་དག་མཉམ་ཡེ་ཤེས་ཀྱི་འཁོར་ལོར་མ་བསྐྱེད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པའི་ཚུལ་ལ་ངེས་ཤེས་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་ཕྱག་མཆོད་བསྟོད་པ་རྣམས་དཀྱུས་བཞིན་རྫོགས་པར་བྱས་ནས། དམིགས་པའི་གཙོ་བོ་ལྷའིསྣང་ཞེན་ལ་བསླབ་སྟེ། རྣམ་པ་སྤྱི། བྱེ་བྲག །ང་རྒྱལ། དག་དྲན་རྣམས་རེ་རེ་ནས་སེམས་འཛིན་ཅིང༌། གཙོ་བོར་ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བ་ལ་སྒྱུ་མ་ལྟ་བུའི་རྩིས་བཏབ་སྟེ་རྩེ་གཅིག་ཏུ་མཉམ་པར་བཞག །དེས་སྐྱོ་བའམ་བཟླས་པ་ལ་འཇུག་པ་ན། འོག་ཏུ་སྨོས་པ་ལྟར་ཕྲེང་བ་བྱིན་གྱིས་བརླབ་ནས། རང་ཉིད་སྤྲུལ་སྐུ་ཁྲོས་མ་ནག་མོའི་ཐུགས་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ནང་དུ་པདྨ་དང་ཉི་མའི་གདན་ལ། ལོངས་སྐུ་རྡོ་རྗེ་ཕག་མོ་དམར་གསལ་གྲི་ཐོད་ཅན་ཁ་ཊྭཱཾ་ཀ་འཆང་བ་སྤྱི་བོར་ཕག་ཞལ་ངུར་ཞིང་སྐུ་གཅེར་མོར་མོ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞབས་གར་སྟབས་ཀྱིས་ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་དུ་རོལ་པའི་ཐུགས་ཀར་ཟླ་བའི་གདན་ལ། ཆོས་སྐུ་ཀུན་ཏུ་བཟང་མོ་དཀར་གསལ་གཅེར་མོ་མཉམ་གཞག་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་

p. 489

ཐུགས་ཀར་ཉིད་གདན་སྲན་མ་བཀས་པ་ཙམ་གྱི་ལྟེ་བར་ཐུགས་སྲོག་ཧཱུཾ་ཡིག་མཐིང་ག་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་བཻཌཱུརྱ་ཞུན་མའི་མདངས་ཅན་སྤུས་བྲིས་པ་ལྟ་བུ་གཡོན་བསྐོར་དུ་འཁོད་པ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་མཐུ་ནུས་ཐམས་ཅད་འོད་ཕུང་གི་རྣམ་པར་བསྡུས་ཏེ་རང་ལ་ཐིམ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་དང་བཅས་པ་སྦྱངས། མ་དག་པའི་སྣང་བ་བཙན་ཐབས་སུ་བཤིགས་ཏེ་སྐུ་གསུམ་མཁའ་འགྲོའི་དགོངས་ཀློང་དང་དབྱེར་མེད་པར་འདྲེས། འཁོར་འདས་དག་མཉམ་བདེ་བ་ཆེན་པོའི་ངང་དུ་འབྱམས་ཀླས་པར་བསམ་ལ། བཟླས་པའི་སྐྱོན་ཐམས་ཅད་སྤངས་ཏེ་ཆུ་བོའི་རྒྱུན་བཞིན་དུ་བཟླ་ཞིང༌། རེས་འགའ་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པའི་འགོག་བཟླས་དང་རྡོ་རྗེའི་བཟླས་པ་ཡང་བྱ། ཐུན་བསྡུ་བ་ན་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་སྔགས་ཀྱི་ལྷག་ཆད་ཁ་སྐོང་ཞིང་ནུས་པ་བརྟན་པར་བྱས་ལ་མཆོད་བསྟོད་མདོར་བསྡུས་མཐར། ལྷ་སྔགས་ལ་སོགས་པ་

p. 490

མཚན་མའི་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཐུན་མཚམས་ཀྱི་ལྷར་ལངས་ནས་བསྔོ་སྨོན་བྱ། དེ་ནས་དགོངས་ཐུན་དང་སྲོད་ཐུན་ལ་མཆོད་པ་བྱིན་རླབས་ཙམ་བྱས་རྗེས་དངོས་གཞི་ལྷ་བསྐྱེད་ལ་འཇུག་པས་ཆོག་ཅིང༌། ཕྲེང་བའི་བྱིན་རླབས་ཀྱང་དོར། སྲོད་ཐུན་གྱི་མཐར་ཆོས་སྐྱོང་སྤྱི་དང་བྱེ་བྲག་སྲོག་བདག་རྣམ་བཞིའི་གསོལ་མཆོད་རྒྱས་བསྡུས་གང་འགྲུབ་བྱ། ཚོགས་མཆོད་ལྕོགས་ན་ཉིན་རེ་བཞིན་སྲོད་ཐུན་ལ་མ་ཆག་པར་བྱ་དགོས་ཀྱང་མི་འགྲུབ་ན་བསྙེན་པ་ཚུགས་པའི་ཉིན་དང་པོ་དང༌། གྲོལ་བའི་ཉིན་ཕྱི་མ། ཡར་མར་གྱི་ཚེས་བཅུ་དང་ཉ་སྟོང་བརྒྱད་གསུམ་རྣམས་ལ་ངེས་པར་ཆག་ཏུ་མི་རུང་བས་འདིར་ཚོགས་མཆོད་ཕུལ་ལ་ལྷག་མ་གཏར་བཟུང༌། ཆད་བརྟག་རྒྱུན་དུ་མ་འགྲུབ་ཀྱང་རུང་བས་གཏང་རག་བཟོད་གསོལ་སོགས་མཐའ་དབྱུང༌། མཐར་ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་ལ་འཇོག་པའམ། སྙིང་གའི་ཧཱུཾ་ཡིག་ལ་སེམས་རྩེ་གཅིག་པས་ཉལ་བ་གང་བདེའི་རྣལ་འབྱོར་གྱིས་ཉལ། ཐོ་རངས་ལ་བབས

p. 491

པ་ན་ནམ་མཁའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་སྔགས་སྒྲ་དང་ཌཱ་དྲིལ་གྱི་སྒྲས་གཉིས་སད་པར་བསམ་ལ་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱོངས་ཤིང༌། སྐྱབས་སེམས་ཡན་ལག་བདུན་པ་ནས་ཐུན་མཚམས་ཀྱི་བར་སྔ་མ་བཞིན་གྱིས་ཁྱོན་དྲིལ་ཐུན་བཞིའམ། ཡང་ན་ཐོ་རངས་ནས་ཉིན་གུང་ཡན་ལ་ཐུན་གཅིག་དང༌། དེ་ནས་སྲོད་ཐུན་གྱི་བར་ལ་ཐུན་གཅིག་སྟེ་ཐུན་གཉིས་སུ་བྱས་ན་ཡང་མི་འགལ་ཞིང༌། འོན་ཀྱང་ཁྲོས་འབྲིང་འདི་ལ་ངག་འདོན་སོགས་ཀྱི་སྤྲོས་པ་ཉུང་བས་ཐུན་བཞི་མར་བྱས་པ་ཉིད་བློ་འཇུར་བ་ཕན་པའི་ཕྱིར་དེ་ལྟར་བྱས་བ་ཉིད་ལེགས། གང་ལྟར་ན་ཡང་རིམ་པ་དེ་ལྟ་བུས་གྲངས་ནི་འབུམ་ཕྲག་ཉེར་གཅིག་ནས་འབྲུ་འབུམ་གྱི་བར་དང༌། དུས་ནི་ཟླ་བ་དྲུག་ནས་གཅིག་གི་བར་དང༌། མཚན་མ་ནི་རྩ་སྒྲུབ་ལས། ཡེ་ཤེས་མཁའ་འགྲོའི་ཞལ་མཐོང་ཞིང་༔ རྟགས་མཚན་ཞིང་རྨོ་ལོ་ཏོག་སྤྱོད༔ མཁའ་ལ་འཕུར་དང་རི་རྩེར་འཛེག༔ ཉི་ཟླ་ཤར་དང་བྲག་ཤིང་བཅོམ༔ དཔོན་བསྐོས་འཁོར་འདུ་ཁྲོམ་དབང་བསྐུར༔ མེ་ཏོག་འཐུ་སོགས་ཕྱི་ཡི་རྟགས༔ དངོས་ཉམས་རྨི་ལམ་གང་ལའང་འབྱུང་༔ ཆོས་

p. 492

ཀུན་ཀློང་བརྡོལ་འབྱུང་བ་དང་༔ ཉམས་རྟོགས་རྒྱུད་ལ་འཆར་བ་སོགས༔ ནང་རྟགས་ཡོན་ཏན་དུ་མ་འབྱུང་༔ ཞེས་གསུངས་པ་ལྟར་འགྲུབ་པའི་རྟགས་མཐོང་གི་བར་རོ། །གཉིས་པ་སྒྲུབ་པ་ནི། དེ་ལྟར་བསྙེན་པ་རྫོགས་ནས་སྒྲུབ་པ་ལ་འཇུག་པ་ན། མཆོད་གཏོར་སོགས་རྒྱས་པར་བཤམ་ལ། རྟེན་དང་བརྟེན་པའི་དཀྱིལ་འཁོར་མདུན་གྱི་སྒྲུབ་དཀྱིལ་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་ནས་བདག་མདུན་དབྱེར་མེད་དུ་བསྒོམ་སྟེ། བསྙེན་པའི་བཟླས་པ་ཁྱུག་ཙམ་སོང་རྗེས། འཁོར་རྣམས་ཀྱི་སྲོག་གི་སྙིང་པོ་ཐམས་ཅད་སྔགས་ཀྱི་རྣམ་པར་བསྡུས་ནས་ཧཱུཾ་ལ་འདུས་པ་དེ་དག་གི་ནུས་མཐུ་ཡོན་ཏན་ཐམས་ཅད་སྲོག་ཡིག་ལ་གཅིག་ཏུ་དྲིལ། དེ་ལས་འོད་ཟེར་ཡར་འཕྲོས་སངས་རྒྱས་སྲས་དང་བཅས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་ཐུགས་སྲོག་ལ་ཐིམ་པས་ཆེ་བའི་ཡོན་ཏན་མཆོག་ཏུ་བསྐྱེད། ཡང་འོད་ཟེར་མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ཉོན་བག་ཆགས་མ་ལུས་པ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་སྦྱངས། སྣང་བ་ཐམས་ཅད་འོག་མིན་མཁའ་སྤྱོད་ཀྱི་ཞིང་ཁམས་

p. 493

གཞལ་ཡས་ཁང་དང༌། སྲིད་པ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་ཁྲོས་མ་ནག་མོའི་རང་བཞིན་དུ་གྱུར་ཏེ། ཀུན་ཀྱང་དགོངས་པ་གཅིག་དང་དབྱངས་གཅིག་གིས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་དིར་དིར་སྒྲོགས་པས་སྣང་སྲིད་ཐམས་ཅད་གཡོ་ཞིང་འཕར་ལྡེག་འགུལ་བར་བསམ་ཞིང༌། སྔགས་རྣམས་གདན་ལས་ཅུང་ཟད་འཕགས་ཏེ་གཡོན་དུ་གྱི་ལི་ལི་འཁོར་བ་ལ་དམིགས་པ་གཏད་དེ་སྒྲུབ་སྔགས་བཟླས་པ་ལ་ཆིག་དྲིལ་དུ་བརྩོན། ཚོགས་གཏོར་རྒྱས་པར་བྱ་ཞིང་ཐུན་གཅོད་ཚུལ་ནི་བསྙེན་པ་དང་འདྲ། རིམ་པ་དེ་ལྟ་བུས་གྲངས་མཚན་ནི་སྔར་བཞིན་དང༌། དུས་ནི་མ་མཐའ་ཡང་བདུན་ཕྲག་གསུམ་གྱི་ངེས་པ་དང་ལྡན་པར་བྱའོ། །གསུམ་པ་ལས་སྦྱོར་ནི། དེ་ལྟར་གྲངས་དུས་མཚན་མའི་སྒྲུབ་པ་གང་རུང་ཐེམས་པའི་རྗེས་ལ་ཕྲིན་ལས་བཞི་སྒྲུབ་ཀྱི་དམིགས་བཟླས་སྦྱོར་ཏེ། དེའང་ཞག་བཅུ་ལ་མཚོན་ན་ལས་བཞི་ཆ་དགོས་པ་ལས་རེ་རེ་ལ་ཞག་གཉིས་དང་ཐུན་གཉིས་རེ་འབྱུང་ཞིང༌། ཡང་ན་ཐོ་རངས་ཞི་བ། སྔ་དྲོ་རྒྱས་པ། དགོངས་མོ་དབང༌། སྲོད་ལ་དྲག་པོ་སྟེ་དུས་སོ་སོ་དང་སྦྱར་ཡང་ལེགས། གང་ལྟར་ཐུན་གྱི་གཅོད་ཚུལ་སོགས་སྔར་བཞིན་ལ། བསྙེན་སྒྲུབ་ཀྱི་དམིགས་

p. 494

བཟླས་ཁྱུག་ཙམ་སོང་རྗེས། རང་གི་ཐུགས་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་སྣོད་ཀྱི་འབྱུང་བའི་དུག་བཅིལ། བཅུད་ཀྱི་སྐྱེ་འགྲོའི་ལས་ཉོན་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་ལ་རྩ་སྔགས་ཤམ་བུར། ནད་གདོན་སྡིག་སྒྲིབ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྦྱར་བ་བཟླ། དེ་བཞིན་དུ་འོད་ཟེར་སེར་པོ་འཕྲོས་པས་བདག་གཞན་གྱི་ཚེ་དཔལ་བསོད་ནམས་མཐའ་དག་རྒྱས་པར་བསམ་ཞིང་སྔགས་ཤམ། ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དང༌། འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་པས་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཕོའི་སྙིང་ག་དང་མོའི་གསང་གནས་ནས་རང་དབང་མེད་པར་བཀུག་སྟེ་མོས་ཤིང་ཆགས་པས་བདག་གི་ཞབས་དྲུང་དུ་འཁོད་པ་འོད་དམར་པོར་ཞུ་ནས་རང་ལ་ཐིམ་པས་དབང་དུ་འདུས་པར་བསམ་ཞིང་སྔགས་ཤམ། ཁམས་གསུམ་སྣོད་བཅུད་ཝ་ཤཾ་ཀུ་རུ་ཧོཿ ཞེས་དང༌། འོད་ཟེར་མཐིང་ནག་མཚོན་ཆ་ལྟ་བུ་ཚ་ཞིང་རྩུབ་པ་ཐོག་ལྟར་འཕྲོས་པས་དགྲ་བགེགས་བར་ཆད་ཐམས་ཅད་ཐལ་བར་བརླག་ཅིང་ཚུར་འདུས་རང་ལ་ཐིམ་པས་ལུས་ཀྱི་ནད་གདོན་བར་ཆད་དམིགས་

p. 495

མེད་དུ་སྦྱངས་པར་བསམ་ཞིང་གཞུང་གསལ་དྲག་པོའི་སྔགས་མདེའུ་ཅན་བཟླ་བ་སྟེ། འདི་རྣམས་ཀྱི་གྲངས་ཚད་སྤྱིར་ཆ་སྙོམས་པ་དང༌། དམིགས་བསལ་གྱི་ལས་སྒྲུབ་པར་འདོད་ན་དེ་ཉིད་མང་དུ་བཟླ། མཚན་མའི་རྟགས་སྤྱི་དང་མཚུངས་པའོ། །འདིར་དངོས་བསྟན་དྲག་པོའི་བཟླས་དམིགས་ཁོ་ན་ཡིན་ཀྱང་ལས་གཞན་གསུམ་པོ་གང་འདོད་དུ་ཁ་བསྒྱུར་རུང་བ་གཏེར་ཆེན་ཉིད་ཀྱི་ཞལ་རྒྱུན་ལྟར་བཀོད་པའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་བཅས་ཐེམས་པའི་ཐོར་ཐུན་ནམ་སྔ་དྲོའི་ཐུན་ལ་མཆོད་གཏོར་རྣམས་ཁ་གསོ། རིན་པོ་ཆེའི་སྣོད་དུ་དཀར་མངར་སྤོད་དང་ཆོས་སྨན་སོགས་བསྲེས་པའི་རྒྱུ་ལས་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་གྱི་མཐའ་སྐོར་དུ་ཚེ་རིལ་གྱིས་གཏམས་པ་དཀྱིལ་འཁོར་མདུན་དུབཤམ། གཞན་ཡང་ཚོགས་རྫས་བཟའ་བཅའ་བཏུང་བའི་རིགས་གང་འབྱོར་གྱིས་བསྐོར། ལྷ་བསྐྱེད་སྐབས་རང་དང་མཐུན་གྱི་གཏོར་མ་བཅས་པ་ངོ་བོ་རིག་པའི་མདངས་རྩལ་གཅིག་ལ་རྣམ་པ་བཞིན་དང་མེ་ལོང་ལྟར་ཐ་དད་ཞལ་སྤྲོད་ཀྱི་ཚུལ་དུ་བསྒོམ་པར་ཡེ་ཤེས་ལྷན་ཅིག་ཏུ་བསྟིམ། བཟླས་པ་ཅུང་ཟད་མཐར་སྲུང་

p. 496

མའི་གཏོར་བསྔོ་ཚོགས་མཆོད་ལྷག་མ་ཡན་གྲུབ་པ་དང༌། ཡི་གེ་བརྒྱ་པ་བརྒྱ་རྩ་བཟླས་པས་འཁོན་གཅུགས་སྦྱངས་ནས། ཧོཿ དགོངས་ཤིག་ཡེ་ཤེས་མཁའ་འགྲོ་དགོངས༔ འདིར་འདུས་རྣལ་འབྱོར་བདག་ཅག་གིས༔ དཀྱིལ་འཁོར་གསུམ་དུ་བསྙེན་ཅིང་བསྒྲུབ༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ གནད་ནས་བསྐུལ་བར་མི་འཚལ་ཏེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ གསང་བ་ཐུགས་ཀྱི་དཔལ་བེའུ་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཞེས་དངོས་གྲུབ་ཁྱད་པར་དུ་བསྐུལ་ལ། མདུན་གྱི་མཁའ་འགྲོའི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པ་བར་མ་ཆད་པར་བྱོན་ཏེ་རང་གི་གནས་གསུམ་དུ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་ཐོབ། འཁོར་འདས་བརྟན་གཡོའི་མཐུ་དཔལ་གཟི་བརྗིད་ཚེ་བཅུད་ཐམས་ཅད་ཀྱང་འོད་ཟེར་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་

p. 497

དངོས་གྲུབ་ཀྱི་རྫས་ལ་ཐིམ་པས་ཟག་མེད་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་ཞིང༌། རྩ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུཾ༔ ཞེས་བཏགས་པ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་མཐར། ཕཊ༔ ཆོས་སྐུ་ཡུམ་ཆེན་སོགས་རྩ་སྒྲུབ་ལས་འབྱུང་བ་ལྟར་གྱི་བསྐུལ་ཚིག་གིས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་སྒྲུབ་སྔགས་བཟླ་བཞིན་དུ་གཏོར་མ་གནས་གསུམ་དུ་གཏུག་ལ་དབང་བླངས། མཁའ་འགྲོ་རང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུས་དེ་ཉིད་དུ་ཐོབ་པར་མོས་ལ། གཏོར་མའི་ཆ་ཤས་དངོས་གྲུབ་ཏུ་མྱང༌། འབྲང་རྒྱས་སོགས་རྫས་ཐམས་ཅད་ལ་ལོངས་སྤྱོད་ཅིང་ནང་མི་དམ་གཙང་ལའང་སྦྱིན། དེ་ནས་ཁ་སྐོང་སྦྱིན་སྲེག་དང་གཏང་རག་གི་ཚོགས་སྐོང་རྒྱས་པར་བྱེད་ན་མཆོད་བསྟོད་ནོངས་བཤགས་སོགས་རྗེས་ཆོག་སྔར་རྒྱུན་ལྟར་བྱ། དེ་ཙམ་གྱིས་གྲུབ་པར་བྱེད་ན་གོང་གི་ལྷག་ཆོག་སྐབས་གཏར་བཟུང་བའི་ལྷག་གཏོར་རྣམས་ལྷན་དུ་གཏོང་ཞིང་ཆད་མདོ་བསྐྱང་བ་མན་ཆད་འོག་ཏུ་སྨོས་པ་ལྟར་བྱས་པས་གྲུབ། བཟླས་པ་གཙོར་བཏོན་གྱི་བསྙེན་སྒྲུབ་ལ་ཁ་སྐོང་ཤིན་ཏུ་གལ་ཆེ་བས། སྤྲོས་པ་ཆུང་བར་འདོད་ན་བཟླས་པས་

p. 498

ཁ་བསྐང་བ་སྟེ། དེའང་གཞུང་བཟླས་འབུམ་ལ་ཁྲི། ཁྲི་ལ་སྟོང༌། སྟོང་ལ་བརྒྱ། བརྒྱ་ལ་བཅུ་སྟེ། བཟླས་པའི་གྲངས་ཀྱི་བཅུ་ཆ་འགྲོ་བར་བྱ། སྤྲོས་འབྱོར་ཆེ་ན་ཁ་སྐོང་སྦྱིན་སྲེག་བྱ་སྟེ། སྒྲུབ་པ་གྲུབ་པའི་ཕྱི་དྲོའམ་ཕྱིར་ནངས་ནས་དབུ་བརྩམས་ཏེ་ཉམས་ཆག་སྦྱོང་བའི་སླད་དུ་ཞི་བ་ཁོ་ན་དང་གྲངས་ཚད་བཤད་མ་ཐག་པ་ལྟར་ལ། སྒྲུབ་པ་པོ་གཅིག་པུས་གྲངས་གསོག་པར་དཀའ་བས་ཆོག་གྲོགས་དམ་གཙང་མང་དུ་འཚོགས་པ་ལ་གྲངས་བཟུང་ན་ལེགས་ཤིང༌། དེ་ལྟར་གྲུབ་ན་ལས་གང་བརྩམ་མྱུར་དུ་འགྲུབ་པ་སོགས་ཀྱི་དགོས་པ་མང་དུ་མཆིས་པས་དེའི་ཚུལ་ནི་ལོགས་སུ་ཤེས་པར་བྱ། དེ་ལྟར་བསྙེན་སྒྲུབ་ཁ་སྐོང་བཅས་གྲུབ་ནས་མཚམས་གྲོལ་ཉིན་ཡར་ངོའི་གཟའ་ཚེས་འཕྲོད་སྦྱོར་ལེགས་པ་དང་བསྟུན་དགའ་སྟོན་ཚོགས་མཆོད་ཅི་འབྱོར་རྒྱས་པར་བཤམས་ལ་ཚོགས་སྐོར་རྒྱས་པར་བཏབ། ལྷག་ཆོག་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་རྣམས་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྐྱེལ། སྒྲུབ་ཁང་གི་ཐལ་རྡུལ་རྣམས་ཀྱང་ཕྱིར་དོར། ཆད་མདོ་དང་བརྟན་མའི་གཏོར་མ་གསར་པའང་བཤམས་ཏེ་ཆོས་སྐྱོང་གཞི་བདག་

p. 499

གི་གཏོར་མ་དང་སྔར་གྱི་གཏའ་གཏོར་བཅས་སྒྲུབ་ཁང་གི་ཡང་ཐོག་ཏུ་འབུལ། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་བར་ཆད་དམ་སྲི་སྒབ་འདྲེ་འབྱུང་པོ་ཐམས་ཅད་མནན་པར་བསམ་ལ་བྲོ་བརྡུང༌། མཆོད་པ་ཁ་གསོས་ཏེ་གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་བྱས་རྗེས། རས་བྲིས་ཀྱི་དཀྱིལ་འཁོར་དང་བྲིས་སྐུ་ལ་དམིགས་ཏེ། འདིར་ནི་གཟུགས་དང་སོགས་སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་གི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་སླར་ཡང་གཉུག་མའི་སྐུར་ལྡངས་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་བར་མོས། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ཏེ་སྨོན་ལམ་ནན་ཏན་དུ་གདབ། ཤིས་བརྗོད་སྤྱི་དང་བྱེ་བྲག་རྒྱས་པར་སྤེལ་ལ་མེ་ཏོག་གི་ཆར་དབབ། དེ་ནས་སྒོ་དྲུང་དུ་མཆོད་གཏོར་བཤམས་ལ་སྔར་བཞིན་བྱིན་བརླབ་ཅིང་སྔགས་ཀྱིས་ཕུལ་ནས། ཕཊ་ཕཊ་ཕཊ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ གསལ་སྟོང་ཟུར་འཇུག་དབྱིངས་སུ་གཤེགས༔ མེ་ལོང་ཡེ་ཤེས་ངང་དུ་བཞུགས༔ མི་འཇིགས་གདིང་ཐོབ་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ ལྷོརིན་ཆེན་རིགས་ཀྱི་མཁའ་འགྲོ་

p. 500

མ༔ དག་མཉམ་ཆེན་པོའི་དབྱིངས༴ མཉམ་ཉིད་ཡེ་ཤེས་ངང་༴ གཉིས་སྣང་བྲལ་བའི་ས༴ ཕཊ་ཕཊ་ཕཊ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ རང་བྱུང་ཡེ་ཤེས་དབྱིངས་སུ༴ སོར་རྟོག་ཡེ་ཤེས་ངང་དུ༴ ཟག་མེད་བདེ་ཆེན་ས་ལ༴ ཕཊ་ཕཊ་ཕཊ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ཕྲིན་ལས་ཡོངས་གྲུབ་དབྱིངས་སུ༴ བྱ་གྲུབ་ཡེ་ཤེས་ངང་དུ༴ དག་གྲོལ་གཉིས་ལྡན་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ ཅེས་གཤེགས་གསོལ་བྱས་ལ་ཐོ་བྱང་བསྡུ། དེ་ནས་བགས་ཀྱིས་མཚམས་གསེང་སྟེ་ཞག་ཤས་གཞན་དུ་མི་འགྲོ་བར་སྒྲུབ་ཁང་དེར་སྡོད། བྲིས་སྐུ་སོགས་མི་འབྲལ་བར་དམ་ཚིག་གི་རྟེན་དུ་འཆང༌། རྒྱུན་བཟླས་ཀྱི་དམ་བཅའ་བཟུང་ནས་དེའི་དབུ་འཛུག །ཐོག་མར་དམ་ཚིག་གཙང་བའི་མི་དང་གདོང་འཕྲད་ཅིང༌། མིག་ཉི་ཟླ་ལ་བལྟ་བ་དང༌། གོམ་པ་གྱེན་དུ་འདོར་བ་སོགས་མཚམས་སྒྲོལ་བའི་རྟེན་འབྲེལ་གྱི་སྒོ་བཟང་དུ་བསྒྲིགས་པར་བྱའོ། །གཉིས་པ་གལ་ཆེ་བའི་སྤྱི་དོན་འཕྲོས་སུ་གདམས་པ་ནི། སྤྱིར་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གྲུབ་ནི་བླ་མའི་བྱིན་རླབས་ལ་རག་ལས་ཤིང་དེ་ཡང་མོས་གུས་ཀྱི་རྟེན་འབྲེལ་ལ་རག་ལས་པའི་ཕྱིར་བླ་མ་ཉིད་བསྒྲུབ་

p. 501

བྱའི་ལྷ་དང་དབྱེར་མེད་དུ་བལྟ་བ་ནི་རྩ་བ་དང༌། དམ་ཚིག་མི་ལྡན་ན་གསང་སྔགས་མི་འགྲུབ་པས་རྩ་བ་དང་ཡན་ལག་གི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་བྱ་ཞིང་ཐུན་མཚམས་སུ་བཤགས་སྦྱང་ལ་འབད། མཚམས་ཡུན་རིང་ཐུང་དང་ཐུན་བཞིའམ་གཉིས་སོགས་ཀྱི་བཅད་ཁྲིམས་དམ་བཅའ་དང་པོར་གང་བྱས་པ་དེ་ཉིད་མཐར་ཐོན་ངེས་པར་བྱ། འཚོ་ཆས་སོགས་ཆགས་སུ་མ་ཚུད་པས་ཅིས་ཀྱང་གཏོང་ལེན་མི་བྱ་ཀ་མེད་ཡོད་པ་དང༌། སྒྲུབ་གཡོག་ཁྲོལ་ཅན་ལྷ་རྗེ་སོགས་སྒྲུབ་པའི་གྲོགས་སུ་འགྲོ་ངེས་པ་རྣམས་ཐོག་མ་ནས་དམིགས་འོག་ཏུ་འཇུག་ཅིང༌། ལར་ནས་དམ་བཅའ་སྐབས་འདིར་དངོས་སུ་མི་དྲན་པའི་གལ་ཆེ་བའི་གློ་བུར་དུ་བྱུང་ན་དམིགས་འོག་ཏུ་ཆུག་པར་བྱེད་པ་སོགས་ཧ་ཅང་སྡོམ་དྲག་པ་མ་ཡིན་པ་དང༌། རྗེས་ནས་དམིགས་ཁོངས་སུ་ཆུད་ཡོད་སྙམ་པའི་བག་ཡངས་མི་བྱ་བར་སྒྲུབ་གཡོག་ཁྲོལ་ཅན་དང་ཕྱི་ནང་འགྲུལ་པས་མཚོན་བསྲུང་ཅི་ཐུབ་བྱས་པས་མཚམས་མི་རལ་ཞིང་གཡེང་བས་མི་ཁྱེར་བ་ཡིན། མངོན་མཚན་ཅན་གྱི་སྒྲུབ་པ་ལ་དངོས་གྲུབ་གཡེལ་ཞིང་བར་ཆད་འཇུག་པས་བསྙེན་པ་མ་ཐོན་གྱི་བར་ཡི་དམ་གང་ཡིན་གཞན་གྱིས་མ་ཤེས་པ་བྱེད། ཐོག་མར་ཕྱི་ནང་

p. 502

གི་མཚམས་བཅད་པ་ནས་བཟུང་སྒྲུབ་པ་མ་གྲོལ་གྱི་བར་དུ་ཆོས། འཆད་ཉན་དང་གཞན་ལ་བསྲུང་བ་བྱིན་རླབས་རིམ་གྲོ་རྟེན་འབྲེལ་སོགས་མི་བྱ། ཚོགས་གཏོར་མཆོད་ལྷག་སོགས་བྱིན་གྱིས་བརླབས་རྫས་ཕྱིར་མི་གཏོང༌། གཞན་དང་ཕར་ཚུར་གདོང་མི་འཕྲད་ཅིང་ངག་མི་སྨྲ། ཕྱི་ནང་མི་འགྲུལ། ཡོ་བྱད་གཏོང་ལེན་མི་བྱེད། ཁྱད་པར་རང་གི་ཟས་གོས་སྣོད་དཔྱད་སྤྱོད་འཕྲོ་གཞན་སྤྱོད་དུ་མི་འཇུག །རྟགས་མཚན་དང་ཉམས་རྟོགས་ཅི་བྱུང་ཡང་གཞན་ལ་མི་བཤད། བྱིན་གྱིས་མ་བརླབ་པའི་ཆུས་ལུས་གོས་སྐྲ་དང་གདོང་མི་བཀྲུ། སྐྲ་སེན་མི་འདྲེག །མལ་ས་མི་སྤོ། སྟན་མི་སྤྲུགས། སྒྲུབ་ཁང་གི་གད་རོ་ཕྱིར་མི་དོར། ལྟར་སྣང་ཉི་ཚེ་གཞན་དོན་གྱི་རྣམ་པའི་གཡེང་བ་དང༌། རང་ཉིད་ཞི་བདེ་དོན་གཉེར་གྱི་བློ་འཁྲིས་མ་ཞུགས་པས་སྟན་གྱི་དྲོད་མ་ཡལ་བར་བྱས་ཏེ་བསྒྲུབ། རྒྱུན་གྱི་ཁ་ཏོན་དགེ་སྦྱོར་རིགས་ཀྱང་སྒྲུབ་པ་ཆགས་པའི་རྒྱུ་ཡིན་པས་མང་དུ་བྱ་བ་རྣམས་སྤངས་ཏེ། འབྲས་བུ་སངས་རྒྱས་སྒྲུབ་པ་ལ་ཟབ་ལམ་འདི་ལས་གཞན་དུ་མེད་པའི་ཡིད་ཆེས་ཀྱིས་ཆོག་ཤེས་པར་བྱེད། རྒྱུན་དུ་ཆབ་ལྡན་གྱི་ཁྲུས་བུམ་དུ་སྨེ་བརྩེགས་སོགས་བསྐྱེད་བཟླས་སྤྱི་དང༌། ཁྱད་

p. 503

པར་ཡེ་ཤེས་མཁའ་འགྲོ་མ་ལ་འཁོར་འབྱུང་བཞིའི་ལྷ་མོས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པར་མོས་ལ། སྔགས་ཤམ་དུ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཏགས་པ་ཅི་འགྲུབ་བཟླས་པས་ཁྲུས་བྱ་ཞིང༌། མི་བྱེད་ཀ་མེད་ཀྱི་ཡོ་བྱད་ལེན་པ་དང་སྒྲུབ་གཡོག་འགྲུལ་དགོས་ན་ཁྲུས་ཆུས་བསང་གཏོར་དང་གུ་གུལ་གྱིས་བདུག་པ་སོགས་བྱ། མི་དང་ཡོ་བྱད་གསར་པའི་གདོང་དུ་ཤེས་པ་བྱིང་འཐིབ་ཚིག་པ་གཉིད་ཡེར་བ་སོགས་བྱུང་ན་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། རྫས་དེ་བྱུང་ཚར་བའི་རྗེས་སུ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་བཟླ། འགྲུབ་ཏུ་རུང་ན་རྫས་དེ་དག་འཕྲལ་དུ་ལོངས་མི་སྤྱོད། མཚམས་རལ་བ་ལྟ་བུའི་རྐྱེན་གྱིས་བགེགས་འཚུབས་ཀྱི་རྟགས་བྱུང་ན་རེ་དོགས་ཀྱི་ཞེན་འཁྲིས་རྩད་ནས་བཅད་དེ་ལྟ་བའི་གདིང་བསྐྱེད། ཀ་ཅ་ཆེ་ཕྲ་ཕྲིན་ཡིག་ཙམ་གྱི་བཏང་ལེན་ཀྱང་མི་བྱ་བར་གཅིག་པུར་རྣམ་གཡེང་སྤངས་ནས་བསྒྲུབ་ནུས་ན་རྟགས་མཚན་མྱུར་ཞིང་སྒྲུབ་པའི་འབྲས་བུ་འབྱིན་པ་ཡིན་ལ། བསྙེན་སྒྲུབ་ཀྱི་དམ་ཚིག་རལ་ཞིང་ཁ་ཡེངས་མིག་ཡེངས་ཀྱི་བཟླས་པ་ལོ་ཟླར་འབད་

p. 504

ཀྱང་གྲུབ་པའི་རྟགས་དང་འབྲས་བུ་མི་འབྱུང་བས་འབད་པ་དོན་མེད་དུ་འགྲོ་བ་ཡིན། སྐབས་རེར་ཚིག་པ་ཟ་བ་དང་སྙིང་མི་དགའ་བ་སོགས་བྱུང་ན་བླ་མའི་མོས་གུས་དང་ངོ་བོ་ལ་བལྟས་ནས་རང་ཐོག་ཏུ་བཞག །ཤེས་པ་འཕྱོ་ཞིང་ཡོད་པ་སོགས་རླུང་རྟགས་བྱུང་ན་རུས་ཐང་སོགས་དང༌། བྱིང་འཐིབ་ཉོབ་ན་ཇ་དཀར་བཏུང་བ་སོགས་ཁམས་དང་བསྟུན་པའི་ཟས་སྤྱོད་དང་སྨན་བསྟེན་པ་སོགས་སྤྱོད་ལམ་གཟབ་པར་བྱ། བཟླས་ཕྲེང་སྤྱི་ལ་བྷོ་དྷི་ཙེ་ཉིད་འགྱུར་སྟོབས་དང་བསྔགས་པ་ཆེ་བར་བཤད་ཅིང༌། འདིར་ཐོད་པའི་ཕྲེང་བ་ཉིད་མཆོག་ཏུ་ཤིས། གང་ཡང་བཟླས་པའི་ཐོག་མར་ཕྲེང་བ་ལག་མཐིལ་གཡོན་དུ་བསྐྱིལ་བ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྲེང་བའི་མདོ་འཛིན་གཙོ་མོ་ཁྲོས་མ་ནག་མོ་ལ། ཕྲེང་རྡོག་རྣམས་འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ་ཕྲག་གི་ཚུལ་གྱིས་ཡོངས་སུ་བསྐོར་བ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པར་མོས་ལ། སྙིང་པོ་དང༌། ཨོཾ་རུ་ཙིར་མ་ཎི་པྲ་བརྡྷ་ཡེ་སྭཱ་ཧཱ། ཞེས་ཉེར་གཅིག་ཙམ་བཟླས་མཐར། ལྷ་རྣམས་འོད་དུ་ཞུ་བ་ཕྲེང་བའི་རྣམ་པར་

p. 505

གྱུར་པ་བསམ་ཞིང༌། རྟེན་སྙིང་བཟླས་པའི་མེ་ཏོག་འཐོར། དེ་ལྟར་བྱིན་གྱིས་བརླབས་པའི་ཕྲེང་བ་ཉིད་འགོམ་ཡུག་དང་ཕལ་གྱིས་མཐོང་རེག་མེད་པར་བཅང༌། སྔགས་ཀྱི་སྒྲ་ཆེ་ཆུང་མྱུར་བུལ་ལྷག་ཆད་ཡིག་འབྲུ་སྒྲ་ཟུར་ཉམས་པ། གློ་ལུ་བ་དང་གླལ་བ་སྦྲིད་པ་སོགས་ཀྱིས་བར་ཆོད་པ་མ་ཡིན་པའི་ངག་བཟླས་སྐྱོན་བྲལ་བྱེད་ཅིང༌། སྔགས་ཕྲེང་སྐོར་རེའི་མཚམས་སུ་བཟླས་དམིགས་གསལ་སྐྱོར་དང་སྟོང་རྗེས་ལ་བརྒྱ་སོགས་བཅུ་ཆའི་ཁ་སྐོང་ཡང་ཞོར་ལ་འགྲོ་བ་ཐོན་ན་རྗེས་སུ་སྦྱིན་སྲེག་མ་གྲུབ་ཀྱང་སྐྱོན་མེད་པ་དང༌། སྒྲུབ་པ་ཞག་གྲངས་སུ་བཅད་པ་སོགས་ལ་སྟབས་བདེ་བ་ཡིན། ཐུན་གྱི་སྒང་ལ་འགྲོ་འདུག་འགུལ་བསྐྱོད་གཞན་ལ་ངག་དང་ཕྲིན་ཡིག་གཏོང་བ། ལྷ་སྔགས་མི་གཅིག་པ་འདོན་བསྒོམ་སོགས་བཟླས་དམིགས་ཀྱི་བར་ཆད་དུ་འགྲོ་བའི་རྣམ་གཡེང་ཐམས་ཅད་སྤངས། ཐུན་མཚམས་རྣམས་སུ་ཡང་ལྷའི་གསལ་སྣང་མ་བྲལ་བས་བཟླས་པ་གང་འགྲུབ་བྱེད་ཅིང་གྲངས་སུ་མི་རྩི། བཟའ་བཏུང་གང་ཡང་འབྲུ་གསུམ་གྱིས་བྱིན་བརླབ་ལ་ཚོགས་འཁོར་གྱི་ཚུལ་དུ་

p. 506

ལོངས་སྤྱད། བྱ་བ་གང་ལ་འཇུག་ཀྱང་དྲན་པའི་རྩིས་ཟིན་པས་ཐ་མལ་གྱི་བློ་ལང་དུ་མ་ཤོར་བ་ཞིག་ཅིས་ཀྱང་དགོས། དུས་གསུམ་གྱི་རྣམ་རྟོག་ཆུ་གཉེར་ལྟ་བུ་ཐོལ་སྐྱེས་དེ་ཀ་དྲན་པས་ཆེར་བཟུང་དུ་བྱས་ནས་ལུས་མི་གཡོ། ངག་མི་སྨྲ། སེམས་མི་ཡེངས་པར་རྩེ་གཅིག་པས་ལྷ་སྐུ་རེག་མཐོང་ཡོད་པ་ལྟ་བུར་གསལ་ཐུབ་ཀྱང་སྣང་སྟོང་རིག་རྩལ་ཙམ་དུ་བལྟ་ཞིང༌། གང་ལྟར་བསྒོམས་ཀྱང་མི་གསལ་བ་བྱུང་ཡང་སེམས་ལས་ལྷ་སྐུ་ལོགས་སུ་མེད་པར་ཐག་བཅད་དེ་ཡིད་མི་གཡེང་བར་བསྒོམ། ལར་བསྐྱེད་རིམ་ཙམ་དུ་མ་ཟད་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རྟོག་པས་བཏགས་པ་ཁོ་ན་ཡིན། དེའང་ཉི་མ་དང་འོད་ཆུ་དང་རླན་བཞིན་རིག་པའི་རང་རྩལ་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་མེད། རང་རིག་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཆོས་ཐམས་ཅད་ཡེ་རྫོགས་ཆེན་པོར་གྲུབ་པ་ལ་སླར་བཅོས་མས་རྒྱས་འདེབས་མི་དགོས། རིག་པའི་ངོ་བོ་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་ཅིར་ཡང་མ་ཡིན་ལ་ཅིར་ཡང་འཆར་བ། ཤར་བ་ཙམ་ནས་དངོས་པོ་མཚན་མར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་ལ་

p. 507

དོན་བྱེད་ནུས་པས་མ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར། ཟང་ཐལ་གྱི་ཡེ་ཤེས་རང་གནས་ལ་ནམ་ཡང་འཕོ་འགྱུར་མེད་པས་འཛིན་མེད་ཅོག་བཞག་གི་ཆོས་སྐུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་འབའ་ཞིག་ལས་མི་འདའ་བ་གཤིས་ལུགས་ཀྱི་སྣང་སྟོང་ཟུང་འཇུག་ལ་རིག་ཐོག་ཏུ་མྱོང་བ་ཐོན་ནས་གནད་གཅིག་ཤེས་པས་འཁོར་འདས་ཀུན་གྱི་སྟོང་སྲོག་ཐོབ་པ་ཉིད་བསྐྱེད་རྫོགས་གང་གི་ཡང་སྙིང་པོ་སྟེ། ཇི་སྐད་དུ། བརྒྱ་བཤད་སྟོང་དུ་ལབ་ཀྱང་གོ་བ་གཅིག །གཅིག་ཤེས་ཀུན་གྲོལ་རང་རིག་རང་མདངས་སྐྱོང༌། །ཞེས་གསུངས་པ་ལྟར། ལྟ་བའི་སྤྱི་རྒྱ་རླབས་ཀྱིས་གཅོད་པའི་སྒོ་ནས་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཉམས་ལེན་གྱི་རིམ་པ་ལ་གནད་དུ་བསྣུན་པས། ཐུན་མོང་གི་དངོས་གྲུབ་ལས་ཕྲན་ཚེགས་ཞི་རྒྱས་དབང་དྲག་དང༌། ལས་ཆེན་པོ་གྲུབ་པ་བརྒྱད་ལ་སོགས་ལ་དབང་འབྱོར་ནས་ཚེ་འདིར་ཡང་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་ནམ་འཆི་བའི་ཚེ་ན་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ་འཁྲིད་པ་དང༌། ཐུན་མོང་མ་ཡིན་པ་མཆོག་གི་དངོས་གྲུབ་རྒྱལ་བ་ཀུན་གྱི་ཡུམ་གཅིག་

p. 508

ཡེ་ཤེས་མཁའ་འགྲོ་ཁྲོས་མ་རྣལ་འབྱོར་མའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པར་འགྱུར་རོ། །རྒྱལ་ཀུན་བསྐྱེད་ཡུམ་ཁྲོས་མ་རྣལ་འབྱོར་མའི། །སྲོག་ཐིག་ཟབ་མོ་ཇི་ལྟར་བསྙེན་པའི་ཚུལ། །སྐལ་ལྡན་གྲུབ་གཉིས་གནས་ལ་དབུགས་དབྱུང་ཕྱིར། །དག་གསལ་ཉུང་ངུའི་ངག་གིས་མཚོན་པར་བྱས། །བསོད་ནམས་དེས་ཀྱང་མཐའ་ཡས་སྐྱེ་འགྲོ་ཀུན། །ཟབ་ལམ་འདི་ཡི་གདུལ་བྱ་ཉིད་གྱུར་ནས། །དཀའ་བ་མེད་པར་མཁའ་སྤྱོད་གནས་བགྲོད་དེ། །ལྷན་སྐྱེས་རྡོ་རྗེ་བཙུན་མོར་བྱང་ཆུབ་ཤོག །དེ་ལྟར་རྡོ་རྗེ་རྣལ་འབྱོར་མ་གཅིག་ཁྲོས་མ་ནག་མོའི་བསྙེན་པའི་ཉམས་ལེན་གསལ་བྱེད་དངོས་གྲུབ་ཀྱི་ཟ་མ་ཏོག་ཅེས་བྱ་བ་འདི་ནི། རིང་མོ་ཉིད་ནས་ལམ་འདིར་ལས་འཕྲོ་སད་པའི་སྐལ་པ་བཟང་པོར་སྨིན་པ་མི་རྗེ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་ཞལ་སྔ་ནས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་ངེས་པས་ཅིས་ཀྱང་གྲུབ་པར་གྱིས་ཤིག་ཅེས་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་ལས། ལུང་ཟིན་གྱི་ཆོས་བདག་སྤྲུལ་པའི་སྐུ་པདྨ་ལུང་རྟོགས་རྒྱ་མཚོས་མཛད་པའི་བསྙེན་ཡིག་ཉིད་གཞིར་བཞག་ཅིང༌།

p. 509

སྐབས་སུ་བབས་པའི་གསལ་བྱེད་ཇི་ལྟར་འོས་པས་ཀྱང་བརྒྱན་ཏེ་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་དུ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་ཕྲག་བཞིའི་མཐར་ཐུག་པ་ཆུ་མོ་ལུག་གི་ལོ་དབྱུག་ཟླའི་ཡར་ངོའི་ཚེས་བརྒྱད་ལ་བསམ་གྲུབ་ཕོ་བྲང་བདེ་བ་ཆེན་པོའི་དགའ་ཚལ་དུ་སྦྱར་བ་སྟེ། འདིས་ཀྱང་ཟབ་མོའི་ལམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། འགྲོ་བ་ཐམས་ཅད་རྗེ་བཙུན་རྡོ་རྗེ་ཁྲོས་མ་ནག་མོའི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ། །

གཅོད་ཁྲིད་ལས་སྐབས་བཅུ་གཅིག་པའི་གོ་དོན་ཟིན་བྲིས།

p. 510
p. 511

གཅོད་ཁྲིད་ལས་སྐབས་བཅུ་གཅིག་པའི་གོ་དོན་ཟིན་བྲིས་བཞུགས། འདིར་ཟབ་གསང་རྫོགས་པ་ཆེན་པོ་དང་འབྲེལ་བའི་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་གདམས་པ་གྲུབ་ཆེན་ས་ར་ཧའི་སྙིང་ཐིག་ཟབ་མོ་ལས་སྐབས་བཅུ་གཅིག་པའི་དོན་ཅུང་ཟད་གཏན་ལ་དབབ་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ནས་ཐུན་མོང་མ་ཡིན་པ་སོགས་ཏེ་གོ་སླའོ། །གཉིས་པ་ལ་གསུམ། ལམ་ངོས་འཛིན་པ། གཞིའི་མཚན་ཉིད་གཏན་ལ་དབབ་པ། ལམ་ཉམས་སུ་ལེན་ཚུལ་ལོ། །དང་པོ་ལ། རང་བཞིན་ལམ་བྱེད་དང༌། རིག་པ་ངོས་འཛིན་པ་གཉིས། དང་པོ་ལའང༌། སེམས་ཀྱི་རང་བཞིན་བཤད་པ་དང༌། ལམ་དངོས་བསྟན་པ་གཉིས། དེའི་དང་པོ་ལའང་གཉིས་ལས། དང་པོ་ཤེས་བྱའི་གཙོ་ལ་བརྟག་པ་ནི། དང་པོ་ལུས་ངག་སོགས་ཏེ། འདི་ལྟར་རེ་དོགས་གཉིས་འཛིན་གྱི་བྱེད་པོ་ནི་སེམས་སུ་ངེས་པའི་ཕྱིར། ལུས་ངག་ཡིད་གསུམ་ལས་སེམས་གཙོ་ཆེ་བར་ངོས་བཟུང་ངོ༌། །གཉིས་པ་མཐའ་བྲལ་དུ་གཏན་ལ་དབབ་པ་ནི། དེ་ནས་སེམས་ཀྱི་སོགས་ཏེ། དེ་ལྟར་སེམས་སུ་བཏགས་པ་དེ་ཉིད་ལ་གཟུགས་དབྱིབས་ཁ་དོག་སོགས་དངོས་པོའི་མཚན་མ་མ་གྲུབ་ཅིང་ཡོད་མེད་རྟག་ཆད་གང་གི་ཕྱོགས་སུའང་མ་ལྷུང་བའི་དབུ་

p. 512

མ་ཆེན་པོར་རྟོགས་པར་བྱའོ། །གཉིས་པ་ལམ་དངོས་བསྟན་པ་ལ་གཉིས་ལས། དང་པོ་མདོར་བསྟན་ནི། སླར་ཡང་དྲན་པ་སོགས་ཏེ། སེམས་རང་གར་ཀློད་པའི་ངང་ནས་མི་བརྗེད་པར་སྐྱོང་བ་ལ་དྲན་པ་དང༌། དེའི་ངང་དུ་མི་སྡོད་པར་འགྱུ་བ་ཤར་བ་ལ་རྣམ་རྟོག་ཏུ་ངོ་སྤྲོད་པའི་སྒོ་ནས་ལམ་དུ་འཇུག་གོ །གཉིས་པ་རྒྱས་བཤད་ནི། དེ་ནས་གཅིག་འདྲེས་སོགས་ཏེ། དྲན་པ་དང་རྣམ་རྟོག་གཅིག་ཏུ་འདྲེས་ནས་གང་ཤར་ཐམས་ཅད་སྦྲུལ་མདུད་ཞིག་པ་ལྟ་བུར་ཕྱིའི་ཡུལ་ལ་དུམ་བུར་འཕྲོ་ཡང་རང་གྲོལ་བརྩེ་གཅིག །ཤར་རིག་དུས་མཉམ་དུ་སོང་ནས་རིག་ཙམ་ནས་གྲོལ་བར་སྣང་བ་ཤར་གྲོལ། མཁའ་ལས་གློག་གཡོ་བ་ལྟར་ཤར་ཙམ་ཉིད་ནས་རང་ཀློང་དུ་གྲོལ་བ། ངོ་བོ་སྟོང་ཉིད་ངང་ལས་ཤར་རིག་རང་གསལ་མངོན་དུ་གྱུར་པས་བདག་གཞན་ཡུལ་གསུམ་ལ་ཕྱོགས་ཞེན་མེད་པར་རང་གི་ངང་ཙམ་མི་རྟོག་པའི་དྲན་པ་རང་ཚུག་བརྟན་པའོ། །གཉིས་པ་ལམ་རིག་ངོས་འཛིན་པ་ནི། དྲན་པ་སྤྲོས་མེད་སོགས་ཏེ། དྲན་བྱ་དྲན་བྱེད་གཉིས་ཀ་སྤྲོས་མེད་དུ་ཞིག་ནས་ངོ་བོའི་ངང་དུ་གནས་པའི་རང་ཤེས་དེ་ཉིད་ལམ་གྱི་རིག་པའོ། །གཉིས་པ་གཞིའི་མཚན་ཉིད་གཏན་ལ་དབབ་པ་ལ་གཉིས་ལས། དང་པོ་མདོར་བསྟན་ནི། དེ་ནས་གནས་ལུགས་སོགས་ཏེ། གཞིའི་

p. 513

གནས་ལུགས་གཏན་ལ་ཕབ་ནས་ཡང་དག་པའི་ལྟ་སྒོམ་ཟབ་མོའི་སྐྱོན་བསལ་བའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། དང་པོ་འཛིན་པ་གང་ཟག་གི་བདག་འཛིན་བདག་མེད་དུ་གཞིག་པ་ནི། སྐྲ་དང་ཁ་སྤུ་སོགས་ཏེ། ང་ཞེས་བདག་ཏུ་འཛིན་པ་དེ་ཉིད་སྐྲ་དང་ཁ་སྦུ་ཤ་རུས་ཁྲག་ཆུ་སེར་སོ་སེན་ནང་རོལ་དྲི་གཤང་སོགས་མདོར་ན་ཕྱིའི་ལྤགས་པ་ནས་ནང་རུས་པ་རྐང་གི་བར་དུ་བརྟག་ཀྱང་མི་རྙེད་པ། དེས་ན་དང་པོ་བྱུང་བའི་ཁུང༌། བར་དུ་གནས་པའི་ས། ཐ་མ་འགྲོ་བའི་ཡུལ་ལས་འདས་པའི་ཕྱིར་ངར་འཛིན་ཡུལ་མེད་དུ་ཤེས་པར་བྱའོ། །གཉིས་པ་གཟུང་བ་ཆོས་ཀྱི་བདག་འཛིན་བདག་མེད་དུ་གཞིག་པ་ལ་བཞི་ལས། དང་པོ་མིང་གི་གདགས་གཞི་བཙལ་བ་ནི། དེ་བཞིན་མགོ་བོ་སོགས་ཏེ། དེ་བཞིན་གཟུང་བའི་ཡུལ་ལའང་རང་རྒྱུད་ཀྱིས་བསྡུས་པ་མགོ་དང་རྐང་ལག་སོགས་ལུས་ཀྱི་ཆ་ཤས་རེ་རེ་ནས་དང༌། རང་རྒྱུད་ཀྱིས་མ་བསྡུས་པ་ཕྱིའི་ཡུལ་དང་ཁང་ཁྱིམ་སོགས་སྣོད་བཅུད་འདོད་ཡོན་གྱི་དངོས་པོ་རྣམས་ལ་རང་རང་གི་ངོས་ནས་བཙལ་ན་མིང་གི་གདགས་གཞི་རྟག་བརྟན་དངོས་མཚན་དུ་གྲུབ་པ་མི་དམིགས་པའི་ཕྱིར་མིང་གི་གདགས་གཞིས་སྟོང་པའོ། །གཉིས་པ་དངོས་པོའི་རྟག་འཛིན་བཤིག་པ་ནི། ཁྱོད་ཀྱིས་རང་ཡུལ་སོགས་ཏེ།

p. 514

ཡུལ་དུ་བདེན་པར་ཞེན་པའི་འབྱུང་བ་ལྔ་དང༌། ས་ལས་གསེར་དང་ཆུ་ལས་ལན་ཚྭ་སོགས་འབྱུང་འགྱུར་དུ་སྣང་བ་འདི་དག་ལ་རྡོ་རྗེའི་མཚན་ཉིད་ཚང་ན་རུང་མོད་ཀྱང༌། བཤིག་བཏུལ་གྱི་སྦྱོར་བས་རྡུལ་དང་རྡུལ་ཕྲན་ནས་ཆ་མེད་ཀྱི་བར་དུ་ཡལ་བའི་ཕྱིར། དེས་ན་སྣོད་བཅུད་སྣང་བ་ཐམས་ཅད་སྣང་ངོས་ནས་སྣང་ཙམ་ལས་སྟོང་ངོས་ནས་ཅི་ཡང་མ་གྲུབ་པ་སྒྱུ་མའི་དཔེ་བཅུས་སྟོན་པས་མེད་པ་ལ་ཡོད་པར་མི་འདོད་དོ། གཞན་ཡང་ཉིན་སྣང་གི་སྣོད་བཅུད་ཡུལ་སྣང་ཐམས་ཅད་རྨི་ལམ་གྱི་དུས་སུ་གང་དུ་སོང༌། རྨི་ལམ་གྱི་དུས་སུ་ཉིན་སྣང་གི་སྣོད་བཅུད་སྐྱེ་འགྲོ་ཐམས་ཅད་ཤི་ནས་རོ་སྟོར་བའམ་གང་དུ་ཐལ། འདི་སྣང་རྒྱུ་རྐྱེན་ལས་བྱུང་བར་འདོད་པའི་ལུས་འདི་བོར་ནས་ཕ་རོལ་དུ་འགྲོ་བའི་ལུས་དེའི་རྒྱུ་རྐྱེན་གང་ལས་བྱུང༌། ད་ལྟའི་ལུས་འདི་ནད་དང་སྡུག་བསྔལ་སོགས་ཀྱིས་འཇིགས་ན་ཕྱི་མའི་ལུས་དེ་ཅིའི་ཕྱིར་མི་འཇིགས། དེ་བཞིན་དུས་གསུམ་དུ་སྣང་བའང་རང་གཞི་ཀ་དག་མཉམ་པ་ཉིད་ཀྱི་དུས་ལས་མ་དམིགས་ཀྱང༌། མ་མྱོང་མྱོང་བར་སྣང༌། མི་འབྱུང་འབྱུང་བར་སྣང༌། མ་གྲུབ་གྲུབ་པར་སྣང་སྟེ་བདེན་པར་ཞེན་པས་འདས་མ་འོང་ད་ལྟའི་དུས་ཞེས་མེད་བཞིན་ཡོད་པར་འཁྲུལ་པ་སྟེ། མདོར་ན་དེ་དག་གང་ལའང་རྟག་པར་འཛིན་པའི་ཡུལ་མ་གྲུབ་བོ། །གསུམ་

p. 515

པ་རེ་དོགསཀྱི་རྫུན་ཕུག་བརྡིབ་པ་ནི། དེ་ཕྱིར་ཡུལ་སྣང་སོགས་ཏེ། རེ་ཡུལ་སངས་རྒྱས་སུ་བཟང་པོར་ཞེན་པ་ནི་ཤིན་ཏུ་འཁྲུལ་པ་སྟེ། སངས་རྒྱས་ཞེས་གཟུགས་མཛེས་པ་རྫུ་འཕྲུལ་ཆེ་བ་འཁོར་གྲོགས་མང་བ་གནས་མལ་བཟང་བ་བདེ་སྐྱིད་ཆེ་བ་ཞིག་གི་རྣམ་པར་བཟུང་ན། དེ་ནི་གཟུགས་ཁམས་ཀྱི་ལྷ་ཙམ་ལས་མི་འཕགས་པའི་ཕྱིར། དོན་དམ་པར་ན་མ་རིག་པའི་སྒོང་སྦུབས་ལས་གྲོལ་ཞིང་ཡེ་ཤེས་ཀྱི་རང་མདངས་རྒྱས་པ། སྤྲོས་པའི་མཐའ་དང་བྲལ་བ་གཟུང་འཛིན་གྱི་ཡུལ་ལས་འདས་པའི་ངོ་བོ་ཉིད་ཀྱི་གནས་ལུགས་ལ་སངས་རྒྱས་ཞེས་མིང་གི་ཐ་སྙད་ཙམ་དུ་བརྗོད་པ་ལས། ཞིང་ཁམས་ཞེས་ཡུལ་ནས་ཡུལ་དུ་བགྲོད་སླེབས་ཀྱི་རྣམ་པར་འཛིན་པ་ནི་བྱིས་པ་འབྲོག་དགོན་པར་འཁྱམས་པ་ཡིན་ལ། དེས་ན་བདེན་གཉིས་ཤན་འབྱེད་པའི་ཤེས་རབ་ཀྱི་མིག་ཕྱེས་ལ་སངས་རྒྱས་རང་རྒྱུད་པར་མ་གོལ་བར་བྱའོ། །དེ་བཞིན་དུ་དོགས་ཡུལ་འཁོར་བའི་གནས་ཀྱང་གཞིའི་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་མ་རིག་པའི་བག་ཆགས་འཐས་པ་ལས་ནང་ང་རུ་འཛིན་པས་ཕྱིའི་ཡུལ་གྲུབ་སྟེ་སྣང་བ་གནས་འགྱུར་ལ་བདེན་འཛིན་ཨ་འཐས་པས་འཁྲུལ་པ་སྟེ། གཞན་དུ་བདེན་དངོས་སུ་གྲུབ་པར་སེམས་ན། དམྱལ་

p. 516

གནས་ཀྱི་ལྕགས་སྲེགས་གཞི་དང་མཚོན་ཆ་དམྱལ་སྲུང་དེ་དག་གང་ལས་བྱུང༌། བཀྲེས་སྐོམ་སྡུག་བསྔལ་གྱི་ཁུར་ལེན་པའི་སེམས་ཅན་ལྟོ་བ་ཆེ་བ་ཡན་ལག་ཕྲ་བའི་ཁ་བྱིལ་པོ་དེ་དག་གི་ཕ་མ་སུ་ཞིག་ཡིན། དེ་བཞིན་དུ་འགྲོ་བ་རིགས་དྲུག་གི་གནས་ཡུལ་ཕྱོགས་མཚམས་སུ་ཡོད་པར་ཞེན་པ་རྣམས་ཀྱང་མ་བརྟག་པ་ན་བདེན་པར་གྲུབ་པ་ལྟར་སྣང་ཡང་བརྟག་ན་ཐམས་ཅད་མ་གྲུབ་པའི་རང་བཞིན་རྫུན་གྱི་རང་མཚན་ཁོ་ནར་ཟད་དོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་བ་གནས་འགྱུར་ཙམ་ལས་འཁོར་བར་འཁོར་མ་མྱོང༌། སྡུག་བསྔལ་གྱིས་གདུང་མ་མྱོང་སྟེ། གལ་ཏེ་སྐྱེ་ཤིའི་ཁ་བརྒྱུད་དེ་སྡུག་བསྔལ་མྱོང་ན། ད་དུང་ཡང་མི་ཉམས་པར་སྲ་མཁྲེགས་སུ་སྣང་བ་ཅིའི་ཕྱིར། དེས་ན་རེ་དོགས་ཀྱི་ཡུལ་རང་བཞིན་གྱིས་མ་གྲུབ་པའོ། །བཞི་པ་ཕན་གནོད་ཀྱི་མཚང་ལ་རྒོལ་བ་ནི། སྣང་སེམས་འཁྲུལ་པའི་སོགས་ཏེ། སྣང་སེམས་འཁྲུལ་པའི་སྤུན་ཐག་གིས་འཕྱང་ནས་དཀར་ནག་གི་ལས་འབྲས་འཁོར་བའི་རྒྱུ་མ་ནོར་བར་ཤར་བས་བདེ་སྡུག་སོ་ཟིན་མེད་པར་སྨིན་པ་སྟེ། དེ་ལས་གཞན་དུ་གཞིའི་ངོ་བོ་གཞིག་བྱའི་མཚན་མ་དང་བྲལ་བ་ལ་ཕན་བྱེད་ལྷས་བསྐྱབ་ཡུལ་དང༌། གནོད་བྱེད་བགེགས་ཀྱིས་གནོད་ཡུལ་མེད་པས།

p. 517

དངོས་མེད་ལ་དངོས་ཅན་གྱིས་ཕན་གནོད་བྱ་ཚུལ་བྲལ་བས་བདེ་སྡུག་སྦྱིན་ལེན་མ་དམིགས་ཤིང་འཁྲུལ་སྣང་ཉམས་ཀྱི་རི་མོ་རྒྱུ་འབྲས་དཀར་ནག་དེས་བྱས་སོ། །འདི་ལྟར་འཁོར་བ་ཐམས་ཅད་ཀུན་རྫོབ་དང་དེ་ལས་འདས་པ་དོན་དམ་དུ་མཁས་པ་ས་ར་ཧས་བཞེད་ལ། གཞན་དུ་སྣང་སེམས་རང་ལ་ཀུན་རྫོབ་དང་ངོ་བོ་ཉིད་ལ་དོན་དམ་པར་མཁས་པ་གཞན་དག་གིས་བཞེད་དོ། །གཞན་ཡང་སྔར་བྱས་ཀྱི་ལས་ཉོན་བག་ཆགས་སོགས་མི་དགེ་བ་དང་དགེ་བའི་ལས་ཐམས་ཅད་ད་ལྟ་གང་དུ་འདུག་བརྟག་པས་ཕན་གནོད་ཀྱི་ཡུལ་དང་བྱེད་པོའི་མཚན་མ་གང་ཡང་མ་གྲུབ་བོ། །གསུམ་པ་ལ་མ་ཉམས་སུ་ལེན་ཚུལ་ལ་དྲུག་ལས། དང་པོ་གཞི་ལས་འཁྲུལ་ཚུལ་ནི། དེ་ལྟར་སྣང་བ་སོགས་ཏེ། དེ་ལྟར་སྣང་བ་ཐམས་ཅད་སོ་སོ་རང་ཐད་ནས་སྟོང་པ་ལྟ་བུར་ཤེས་ཀྱང་གཞི་གཏན་ལ་ཕབ་ནས་ངོ་བོ་ཉིད་གཅིག་པུའི་རང་བཞིན་དུ་མ་ཤེས་ན་དོན་མེད་པའི་ཕྱིར་གནས་ལུགས་ངོ་ཤེས་ཤིང་གདིང་ཐོབ་པ་གནད་དོ། །དེ་ཡང་གཞི་བདེ་བར་གཤེགས་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆོས་སྐུ་གཏིང་གསལ་ཆེན་པོར་གནས་པ་ཉིད་མངོན་གྱུར་དུ་བྱེད་པའི་ཤེས་རབ་ཀྱི་མིག་ལ་མ་རིག་པའི་རྡུལ་ཕོག་ནས་ཁམས་གསུམ་འཁོར་བའི་རྒྱུ་རུ་འཁྲུལ་

p. 518

ནས་ལོང་བའི་སྤྱོད་འགྲོས་ལྟར་དུབ་པ་སྟེ། ངར་འཛིན་གྱི་འཆིང་བ་དམ་པོས་འཁྱུད་པའི་དབང་གིས་སྣོད་བཅུད་འདོད་ཡོན་ཕྱི་གཟུགས་སུ་གྲུབ་པ་ལ་ཁྱིམ་དུ་བྱས། ཉོན་ཡིད་དབང་པོ་སྒོ་ལྔར་ཞུགས་པས་རྣམ་པར་ཤེས་པའི་ཚོགས་རྣམས་མཆེད། རྣམ་རྟོག་སྔ་མ་གཟུང་བ་ཡུལ་དུ་འཕོས་ཤིང་ཕྱི་མས་ཉེ་བར་བླངས་པས་འཛིན་པ་སེམས་སུ་འཁྲུལ་ཏེ་རྣམ་རྟོག་ཕྲ་རགས་གཉིས་སུ་འདོད་དོ། །གཉིས་པ་ལམ་གྱི་གོལ་ཤོར་བསྟན་པ་ནི། ཕྱི་རུ་ཡུལ་སྟོང་སོགས་ཏེ། ཕྱིའི་ཡུལ་སྣང་རང་ས་ནས་སྟོང་ཞིང༌། ནང་གི་སེམས་ཀྱང་རང་ངོས་ནས་སྟོང་པ་རང་རྒྱུད་པར་གོལ་ཏེ་དེ་གཉིས་ཟུང་འབྲེལ་དུ་ལ་བཟླས་པ་དག་ནི་གཉིས་འཛིན་གྱི་ཞགས་པ་ཆེན་པོའི་འཆིང་བ་ལས་མ་གྲོལ་བ་སྟེ། ཕྱིའི་ཡུལ་སྣང་ཕར་བཅད། ནང་གི་ང་བདག་ཚུར་བཅད། དེ་གཉིས་ཀྱི་བར་དུ་སྟོང་པ་ཕྱང་ཆད་བསྒོམ་ཡང༌། བདག་མེད་གཉིས་གཏད་ལ་མ་ཕབ་པའི་སྐྱོན་གྱིས་དཔེར་ན་འཁྱག་པའི་སྦུབས་ཆུ་ལྟ་བུར་སོང་སྟེ་གྲོལ་བ་ཐོབ་པ་ཤིན་ཏུ་དཀོན་ནོ། །གསུམ་པ་གཞིའི་གནས་ལུགས་དང་ལམ་ངོས་བཟུང་བ་ནི། དེ་ལྟར་གཟུང་འཛིན་སོགས་ཏེ། དེ་ལྟར་གཟུང་འཛིན་འཁྲུལ་པའི་སེམས་སྣང་ཐམས་ཅད་ངོ་བོ་ཉིད་ལས་སུས་ཀྱང་མ་བྱས་ལ། ངོ་བོ་ཉིད་ཀྱང་མ་བྱས་པར་རང་

p. 519

བྱུང་རང་ཤར་དག་མཉམ་དུ་སྣང་ཞིང༌། ངོ་བོ་ཉིད་ནི་འཁོར་འདས་ཀུན་གྱི་གཞི་རུ་མ་བཅོས་འདུ་འབྲལ་མེད་ཅིང་ཡེ་ནས་གནས་པའི་ཆོས་ཉིད་ཅན་ཏེ་དེའང་རིག་དང་མ་རིག་གི་བྱེ་བྲག་ལས་སངས་རྒྱས་དང་སེམས་ཅན་གཉིས་སུ་བརྗོད་དོ། །བཞི་པ་ལམ་ལ་འཇུག་ཚུལ་དངོས་ནི། མ་བཅོས་ཡོངས་གྲུབ་སོགས་ཏེ། གཞིའི་གནས་ལུགས་ཡེ་ནས་མ་སྐྱེས་མི་འགགས་གསལ་འགྲིབ་དང་བྲལ་བ་ཉིད་བློས་བྱས་སྒོམ་གྱིས་བཅོས་བསྒྱུར་བསམ་བརྗོད་ལས་འདས་པ་རང་བྱུང་གི་ཡེ་ཤེས་གདོད་མའི་སངས་རྒྱས་དེ་ཁོ་ན་ཉིད་དུ་ལ་བཟླ་སྟེ་གདིང་ཐོབ་པར་བྱའོ། །ལྔ་པ་ལྟ་སྒོམ་དང་འབྲེལ་བའི་སྤྱོད་པ་བསྟན་པ་ནི། འདི་ལྟར་གནས་ལུགས་སོགས་ཏེ། འདི་ལྟ་བུའི་གནས་ལུགས་རང་ཞལ་མཇལ་བའི་རྣལ་འབྱོར་པ་ལས་སྨོན་ཕུན་སུམ་ཚོགས་པ་རྣམས་ཀྱིས་རྐྱེན་ཐོག་ཏུ་གནད་ངོ་འཕྲོད་པའི་ཕྱིར་ཤིན་ཏུ་འཇིགས་པའི་གཉན་ཁྲོད་ངེས་པ་མེད་པར་འགྲིམ་ནས་ཡུལ་འཛིན་རེ་དོགས་ཀྱི་མཚང་ལ་བཙན་ཐབས་སུ་རྒོལ་བ་ནི་སྤྱོད་པ་བོགས་འདོན་གྱི་གདམས་པ་ཁྱད་པར་ཅན་ནོ། །དྲུག་པ་འབྲས་བུའི་བཙན་ས་བཟུང་བར་བསྟན་པ་ནི། རང་གྲོལ་རྒྱལ་པོ་སོགས་ཏེ། དེ་ལྟར་སྒོམ་སྤྱོད་གསུམ་གྱི་ལམ་ལ་བསྟེན་ནས་རང་གྲོལ་གཞིའི་རྒྱལ་པོ་གདོད་མའི་ཧེ་རུ་ཀའི་

p. 520

གོ་འཕང་མངོན་དུ་འགྱུར་བར་མཛོད་ཅིག་ཅེས་གྲུབ་ཆེན་ས་ར་ཧས་རྗེས་སུ་གདམས་པར་མཛད་པའོ། །དེ་དག་གིས་སྐབས་བཅུ་གཅིག་པ་གུད་དུ་ཕྱུངས་པའི་རྡོ་རྗེའི་ཚིག་གི་གསང་བ་ཆེན་པོའི་དོན་འགྲེལ་མདོར་བསྡུས་ས་བོན་ཙམ་ཞིག་སྨྲས་ཟིན་ཏོ། །དོན་དམ་གནས་ལུགས་ཟབ་མོའི་གནད། གོ་ཡུལ་ཕྱོགས་ཙམ་མ་རྟོགས་པར། །གཅོད་ཡུལ་འཛིན་པར་རློམ་པ་ནི། ལམ་ལོག་གཡང་སར་ལྟུང་བའི་རྒྱུ། དེ་ཕྱིར་ཚུལ་འདིར་བསྙེན་འདོད་ཀུན། །སྟོང་ཉིད་སྙིང་རྗེ་དང་འབྲེལ་བའི། །ལྟ་སྤྱོད་ཡ་མ་བྲལ་བའི་ངང༌། །གཅེས་འཛིན་མགོ་བོ་འགེམས་པར་འཚལ། །ཞེས་པའང་ཟབ་མོའི་ལམ་འདིར་གཡར་དམ་སྙིང་ལ་འཆང་བའི་རྣལ་འབྱོར་པ་དཀོན་མཆོག་རབ་བརྟན་གྱིས་བསྐུལ་ངོར༌། གཏད་མེད་ཀྱི་སྤྲང་སྨྱོན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་འབྲེལ་ཚད་གཅོད་ཡུལ་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །། །

ཟབ་མོ་གཅོད་ཀྱི་འགྱེད་བཞིའི་དམིགས་རིམ་གྱི་ཟིན་བྲིས་ཡུམ་ཆེན་དགོངས་རྒྱན།

p. 521

༄༅། །ཟབ་མོ་གཅོད་ཀྱི་འགྱེད་བཞིའི་དམིགས་རིམ་གྱི་ཟིན་བྲིས་ཡུམ་ཆེན་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །

p. 522

ན་མོ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། གཞི་དབྱིངས་སྤྲོས་བྲལ་ནམ་མཁའ་རུ། །གཞི་སྣང་གཟུགས་སྐུའི་ཉི་མ་ཤར། །ཡུམ་ཆེན་ཁྲོས་མ་ནག་མོལ། །བཏུད་དེ་ལུས་སྦྱིན་དམིགས་རིམ་སྤེལ། །དེའང་ལམ་གཞན་ལས་ཁྱད་པར་དུ་འཕགས་པ་ཟབ་གཏེར་ཁྲོས་མ་ནག་མོའི་སྒོ་ནས་སྨིན་གྲོལ་གྱི་བྱིན་རླབས་ཐོབ་ཅིང༌། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ལ་ཕྱིན་ཅི་མ་ལོག་པའི་ངེས་པ་གཏིང་ནས་སྐྱེས་ཏེ་ལྟ་སྒོམ་གྱི་ཕྱོགས་ལ་ཚུལ་བཞིན་དུ་གཞོལ་བའི་སྐལ་ལྡན་དག་གིས། བརྟུལ་བཞུགས་ཀྱི་སྤྱོད་པའི་བོགས་འདོན་བླ་ན་མེད་པ་ལུས་གཅེས་འཛིན་གྱི་འཁྲི་བ་རྩད་ནས་བཅད་དེ་ཕུང་པོ་མཆོད་སྦྱིན་གྱི་ཚོགས་སུ་བསྒྲུབ་

p. 523

པའི་ཚུལ་ལ་ནན་ཏན་དུ་སློབ་པར་བྱ་སྟེ། དེའི་ཚུལ་ལ་བཞི། ནག་འགྱེད། དཀར་འགྱེད། ཁྲ་འགྱེད། དམར་འགྱེད་དོ། །དང་པོ་ཐོ་རང་དང་འབྲེལ་བར་ནག་འགྱེད་བྱ་བ་ནི། ཐོག་མར་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་ཞིང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཡན་ལག་བདུན་གྱིས་ཚོགས་བསགས་པ། བླ་མའི་རྣལ་འབྱོར་ལ་བརྟེན་ནས་རྟོགས་པའི་བྱིན་རླབས་རང་རྒྱུད་ལ་དབབ་པ་རྣམས་ནི་འགྱེད་བཞི་ཀའི་སྦྱོར་བར་ངེས་པར་བྱས་ནས། འགྱེད་དངོས་ལ། ཕཊ༔ རང་ལུས་ཚོ་སྣུམ་སོགས་བརྗོད་པ་དང༌། སྐད་ཅིག་གིས་རང་ལུས་འདི་ཉིད་ཆེ་བརྗིད་ཚོ་སྣུམ་རི་རབ་ཙམ་དུ་

p. 524

གྱུར་པའི་ལུས་དབུས་སུ་རྩ་དབུ་མ་མཚན་ཉིད་ཀུན་ལྡན་ཡར་སྣེ་སྤྱི་བོར་ཟུག་ཅིང༌། མར་སྣེ་སྙིང་གར་ཚིག་གིས་འགག་པའི་སྟེང་དུ་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་བྱ་མ་སར་གྱི་སྒོ་ང་ཙམ་ཞིག་གསལ་བ་དེ་ཉིད་དཔག་ཆེན་གྱི་མདའ་ལྟར་ནམ་མཁའི་དབྱིངས་སུ་སྤར། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྐུ་མ་གཅིག་ཁྲོས་མ་ནག་མོ་མཐིང་ནག་གྲི་ཐོད་རུས་རྒྱན་ཅན་ཡེ་ཤེས་མེ་དཔུང་གི་ཀློང་དུ་གར་སྟབས་ཀྱིས་བཞུགས་པར་བསྒོམ། སྐུའི་འོད་ཀྱིས་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་ཐམས་ཅད་འོད་ནག་པོའི་རྣམ་པར་བསྡུས་ནས་གཟུགས་ཕུང་ལ་བསྟིམས་པས། བེམ་པོ་དེ་ཉིད་སོལ་ཕུང་ལྟ་བུར་གནག་སྣུམ་ཆེ་བརྗིད་སྟོང་གསུམ་གྱི་ཁམས་ཀུན་ཡོངས་སུ་གང་བ། ལྷ་འདྲེ་རྣམས་ཀྱིས་མཐོང་ཐོས་དྲན་པ་ཙམ་གྱིས་ཡིད་དབང་མེད་དུ་འཕྲོག་པའི་ནུས་པ་དང་ལྡན་པ་ལ། དབྱིངས་ནས་ཡི་གེ་འབྲུ་གསུམ་གྱི་ཆར་བབས་པས་མྱོང་གྲོལ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་

p. 525

གྱུར་བར་བསམ་ལ། འབྲུ་གསུམ་གང་མང་བརྗོད། ཌཱ་དྲིལ་འུར་ཆེན་རྐང་གླིང་བཅས། ཕཊ་དང་པོས་མགྲོན་རྣམས་ཀྱིས་ཐོས། གཉིས་པ་ལམ་ལ་ཆས། གསུམ་པས་ཐིབ་ཀྱིས་འདུས་པར་བསམ་ལ། མགྲོན་བསྐྱེད་ནི། ཀླུ་གདོན་རྒྱལ་པོ་སོགས་ཏེ། མདུན་གྱི་བར་སྣང་གི་ཁམས་སུ་གཏི་མུག་འཁྲུལ་པའི་རང་གཟུགས་ཀླུ་གདོན་རྒྱལ་པོ་ཕག་གི་མགོ་ཅན་རོ་སྟོད་མི་ལ་རོ་སྨད་སྦྲུལ་དུ་འཁྱིལ་བ། གཡས་སྦྲུལ་ཞགས་དང་གཡོན་ནད་རྐྱལ་ཐོགས་ཏེ་ཆུ་སྲིན་ལྗང་ཁྲ་ལ་ཞོན་པ། འཁོར་ཀླུ་གདོན་ས་བདག་གི་སྡེ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེའི་འོག་ཏུ་ཞེ་སྡང་གདུག་པའི་རང་གཟུགས་ཕོ་གདོན་རྒྱལ་པོ་སྦྲུལ་གྱི་གདོང་ཅན། གཡས་མཁར་གསིལ་དང་གཡོན་ལྷུང་བཟེད་འཛིན་པ་ཆོས་གོས་རྣམ་གསུམ་དང་བསེ་ཞྭ་གྱོན་ཏེ་སེང་གེ་དཀར་མོ་ལ་ཞོན་པ། འཁོར་ཨ་ཙ་ར་དང་མོན་པ་སོགས་ཕོ་གདོན་རྒྱལ་པོའི་སྡེ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེའི་འོག་ཏུ་འདོད་ཆགས་འཁྲུལ་པའི་རང་གཟུགས་

p. 526

མོ་གདོན་འདྲེ་མོ་བྱའི་གདོང་ཅན་གཡས་བཤན་གྲི་དང་གཡོན་ནད་རྒྱལ་ཐོགས་པ་མི་ལྤགས་རློན་པ་ལྡིང་སྟབས་སུ་གྱོན་ཏེ་འགྲེང་སྟབས་སུ་འཁོད་པ། འཁོར་མོ་གདོན་འདྲེ་མོའི་སྡེ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་དག་རྣམས་ཀྱི་སྟེང་གི་ནམ་མཁར་དབྱིངས་ཀྱི་རྗེ་མོ་འཁོར་འདས་དབང་མོ་རེ་མ་ཏཱི་ནག་མོ་གཡས་རལ་གྲི་དང་གཡོན་ཐོད་ཁྲག་ཐོགས་ཏེ་མཆན་དུ་ནད་རྐྱལ་བཙིར་བ་མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེའི་སྨད་ཤམ་ཅན། བོང་བུ་ག་ཞུར་མིག་གསུམ་པ་སྲིན་ཐོད་ཀྱི་སྒ་དང་སྦྲུལ་གྱི་གློ་ལེན་གོང་སྨད་དང༌། ཞིང་ལྤགས་རློན་པས་སྒ་ཁེབས་བྱས་ཤིང་སྔ་ཤད་ཕྱི་ཤད་དུ་ཚོན་གྱི་གྲུ་གུ་ཤྭ་རྡེལ་དཀར་ནག་ཁྲམ་ཤིང་ནད་རྐྱལ་རྣམས་བཀལ་བ་ལ་ཞོན་པ། འཁོར་རང་འདྲའི་བུད་མེད་ནག་མོ་རལ་བསིག་ཅན་བྱེ་བ་འབུམ་སྡེས་བསྐོར་བར་བསྒོམ། དེ་ནས་ལྟ་བའི་རྒྱང་གླུ་ནི། འཁོར་འདས་རོ་སྙོམས་སོགས་ཏེ། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་མཉམ་པ་ཉིད་དུ་རོ་སྙོམས་པར་རྟོགས་པས་གང་ལའང་འཇིགས་པ་མེད་པའི་རྣལ་འབྱོར་གྱི་དབང་ཕྱུག་ངས་ནི། ཚེ་རབས་ཐོག་མ་མེད་པའི་དུས་ནས་མེད་ལ་ཡོད་པར་བཟུང་སྟེ་གཅེས་པར་བསྐྱངས་པའི་ངར་

p. 527

འཛིན་འཁྲུལ་པའི་ཕུང་པོ་འདི་ཉིད་དེ་རིང་ལྟོས་པ་མེད་པར་སྣང་སྲིད་ལྷ་འདྲེའི་ཚོགས་ལ་སྦྱིན་པ་ཆེན་པོའི་ཐབས་སུ་གཏོང་ངོ༌། །ལུས་སྦྱིན་དངོས་ནི། སྦྱིན་ཡུལ་མ་རིག་སོགས་ཏེ། སྦྱིན་ཡུལ་མ་རིག་འཁྲུལ་པའི་ལྷ་འདྲེ་གཏི་མུག་ཀླུ་གདོན། ཞེ་སྡང་ཕོ་གདོན། འདོད་ཆགས་མོ་གདོན་གྱི་སྡེ་ཚོགས་དང་དེར་བྱུང་གི་སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ་བམ་ཆེན་ཚོགས་ཀྱི་མཆོད་པ་ཕུལ་བས་ཧབ་སྒྲ་དང་བཅས་ཏེ་རྗེས་ཤུལ་ལྷག་མ་མེད་པར་རོལ་པར་བསམ་ལ། ཕཊ་དང་པོས་མཆོད། གཉིས་པས་ཐོབ། གསུམ་པས་ཚིམ་པར་བསམ། དེ་ལྟར་བསྔོས་པས་ལྷ་འདྲེ་ཐམས་ཅད་སོལ་ཕུང་ལྟར་སོང་ཞིང༌། ལྷ་འདྲེ་ཆེ་བ་རྣམས་ཀྱིས་ཆུང་བ་རྣམས་ཟོས། ཆེ་བ་རྣམས་གཙོ་བོ་གསུམ་གྱིས་ཟོས། ཕོ་གདོན་རྒྱལ་པོས་མོ་གདོན་འདྲེ་མོ་ཟོས། ཀླུ་གདོན་རྒྱལ་པོས་ཕོ་གདོན་རྒྱལ་པོ་ཟོས། བུད་མེད་རེ་མ་ཏཱི་ནག་མོས་ཀླུ་གདོན་རྒྱལ་པོ་ཇུར་མིད་དུ་བཏང༌། བུད་མེད་ནག་མོ་ཚོས་སྐུ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་དུ་ཡལ་བར་བསམ་ལ། ཕཊ་དང་པོས་དམིགས་མེད་ཀྱི་ངང་དུ་བཞག །གཉིས་པས་ངང་མངོན་དུ་བྱས། གསུམ་པས་གདིང་ཐོབ་ལར་བསམ། བསྡུ་རིམ་ནི།

p. 528

བདག་དང་ཡུལ་སྣང་སོགས་ཏེ། ནང་བདག་ཏུ་འཛིན་པའི་སེམས་དང་ཕྱི་གཟུང་བའི་ཡུལ་སྣང་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་ལྟར་ཡེ་གཞི་རིག་པ་ཧེ་རུ་ཀའི་ངང་དུ་འདུས་པས་ལྷ་དང་འདྲེ་བགེགས་སངས་རྒྱས་སེམས་ཅན་བདག་དང་ཡུལ་སྣང་གནོད་བྱ་དང་གནོད་བྱེད་ཐམས་ཅད་ངོ་བོ་ཕྱོགས་མཐའ་ལས་འདས་པ་ཀ་དག་ལྷུན་འབྱམས་ཆེན་པོའི་ངང་མ་བཅོས་དེ་བཞིན་ཉིད་དུ་མཉམ་པར་བརྡལ་བས། ཕཊ་དང་པོས་རྩལ་སྤྲུལ་སྐུའི་དབྱིངས་སུ་བསྲེ། གཉིས་པས་གདངས་འགགས་མེད་ལོངས་སྐུའི་རོལ་པར་འཕོས། གསུམ་པས་ངོ་བོ་ཆོས་སྐུའི་དགོངས་པ་མངོན་དུ་བྱས་ལ་མཉམ་པར་བཞག །དེ་ནས་ཆོས་སྦྱིན་དང་བདེ་སྡུག་གཏོང་ལེན་བསྔོ་སྨོན་སོགས་བྱ་བ་ནི་འགྱེད་ཀུན་ལ་སྦྱར་རོ། །གཉིས་པ་ནམ་ལངས་དང་འབྲེལ་བར་དཀར་འགྱེད་ནི། ཕཊ་ངར་འཛིན་བག་ཆགས་སོགས་བརྗོད་པ་དང་། ཐོག་མ་མེད་ནས་ང་རུ་འཛིན་པའི་ཤེས་པ་བག་ཆགས་འཐས་པའི་རྟེན་འབྲེལ་ལས་བྱུང་བའི་སྒྱུ་མའི་ལུས་ཀྱི་ཕུང་པོའི་སྙིང་དབུས་ནས་དྭངས་མའི་ཤེས་རིག་དེ་ཉིད་གདོད་མའི་ཡེ་གཞི་ནམ་མཁའ་རྣམ་པར་དག་པ་རུ་འཕོས་ཏེ། ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ནས་འགག་མེད་

p. 529

ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་དུ་ལངས་པ་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དཀར་མོ་གཅེར་བུ་རུས་རྒྱན་གར་སྟབས་བསྒྱུར་བའི་སྐུར་ལམ་གྱིས་གྱུར་པ་དེ་ཡི་ཕྱག་གཡས་རལ་གྲིས་སྙིགས་མའི་གཟུགས་ཀྱི་ཕུང་པོ་དུམ་བུར་གཏུབ་ནས་རྡུལ་ཕྲ་རབ་ཀྱི་རྣམ་པར་ཕབ་ཅིང༌། གཡོན་པས་རླུང་གི་བ་དན་རྩེ་གསུམ་པ་གཡབ་པས་ཤ་ཁྲག་རུས་པ་ཕྱོགས་མཚམས་ཀུན་ཏུ་གཏོར་ནས་ཕྱི་འབྱུང་སྣང་བའི་ཡུལ་ས་ཆུ་མེ་རླུང་བཞི་དང་ཤ་ཁྲག་དྲོད་དབུགས་རྣམས་བསྲེས་ཤིང་མཉམ་པར་བརྡལ་ནས། སླར་ཡང་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་བས་སྦགས་པས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཡིས་རང་གི་འདོད་ཡོན་གྱི་བཀོད་པ་བསམ་མ་ཐག་ཏུ་ཐོགས་པ་མེད་པར་འཕྲུལ་པ་བཞིན་དུ་སྣང་སྲིད་འདོད་ཡོན་ཐམས་ཅད་དཀར་མཆོད་བདུད་རྩིའི་སྤྲིན་དུ་བསྒྱུར་ཏེ་ངོ་བོ་ཟག་པ་མེད་པའི་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དཀར་གསུམ་གྱི་རང་བཞིན་འོ་མ་དང་ཞོ་ཡི་རྒྱ་མཚོ་དང༌། མར་དང་ཐུད་ཀྱི་རི་བོ་དང་ཡུལ་ལྗོངས། ཀ་ར་དང་བུ་རམ་སྦྲང་རྩི་སྟེ་མངར་གསུམ་བཅུད་ཀྱི་བྲག་རི་སོགས་འདོད་རྒུའི་ལོངས་སྤྱོད་མཁའ་ལ་སྤྲིན་ཕུང་

p. 530

གཡོ་བ་བཞིན་དུ་འཛད་མེད་ནམ་མཁའ་མཛོད་ཀྱི་དཔལ་ཡོན་བླ་ན་མེད་པ་ཕྱི་ནང་སྣོད་བཅུད་འདོད་ཡོན་ཐམས་ཅད་རང་བྱུང་མཆོད་པའི་རྒྱན་དུ་སྤེལ་ལ། འབྲུ་གསུམ་གང་མང་བརྗོད། ཕཊ་གསུམ་གྱིས་མགྲོན་རྣམས་ཐོས་ཆས་འདུས་པར་བསམ་ལ། ལྟ་བའི་གདིང་གླུ་ནི། ཨེ་མ་སངས་རྒྱས་སོགས་ཏེ། ཨེ་མ་ཞེས་པ་རང་ཉིད་ལྟ་སྒོམ་ལ་ངེས་ཤེས་འདྲོངས་པ་ལ་ངོམ་པའོ། །རང་རིག་ལས་གཞན་ན་སངས་རྒྱས་གྲུབ་པ་མེད་པས་སངས་རྒྱས་ཀྱང་ང་ཉིད་ཡིན་ལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཞིའི་སྣང་ཆ་ཙམ་ལས་གཞན་དུ་མ་གྲུབ་པས་ན་སེམས་ཅན་ཀྱང་ང༌། ཕྱི་ནང་སྣོད་བཅུད་འདོད་ཡོན་གྱི་སྣང་བ་ཐམས་ཅད་ང་ཉིད་གཞིའི་བཀོད་པ་ཡིན་ཅིང༌། འཁོར་འདས་ཐམས་ཅད་བདེ་གཤེགས་སྙིང་པོ་ང་ཡི་རྩལ་ལས་སྣང་བའི་ཆོ་འཕྲུལ་ཁོ་ན་ཡིན་ལ། ཐམས་ཅད་ང་ཡི་གཞི་དང་སྣང་གཉིས་སུ་མེད་པར་རྟེན་ཅིང་འབྲེལ་བའི་ཕྱིར་ཆོས་ཐམས་ཅད་སྤྲོས་སམ་འཕྲུལ་ཡང་ང་ལས་འཕྲུལ་ཞིང༌། ཐམས་ཅད་བསྡུ་ཡང་ང་ལ་འདུའོ། །ཕཊ་ནི་གཞི་དོན་མངོན་དུ་བྱེད་པའི་དོན་ནོ། །ང་དབུ་མ་སོགས། གཞིའི་ངོ་བོ་རྣམ་ཐར་གསུམ་ལྡན་སྤྲོས་པའི་མཐའ་གང་དུའང་མ་ལྷུང་བའི་

p. 531

དབུ་མ་ཆེན་པོར་གདིང་ཐོབ་པའི་རྣལ་འབྱོར་པ་ངས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོར་རྟོགས་པས་ཡུལ་ལ་བཟང་ངན་རེ་དོགས་མེད་པའི་དགའ་སྟོན་འགྱེད་དེ། ད་ནིབདག་འཛིན་འཁྲུལ་བའི་རྟོག་ཚོགས་བདག་མེད་མཉམ་ཉིད་ཀྱི་དབྱིངས་སུ་གཅོད་པའི་བརྟུལ་ཞུགས་སྤྱོད་དོ། །ང་ཕྱག་རྒྱ་སོགས། སྣང་སྲིད་འཁོར་འདས་ཐམས་ཅད་གནས་ལུགས་སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལས་མི་གཞན་པར་ཤེས་པའི་རྣལ་འབྱོར་པ་ངས། ཆོས་ཐམས་ཅད་སྒྱུ་མའི་ཆོ་འཕྲུལ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན་གྱིས། དེང་མཆོད་སྦྱིན་རྫས་ཀྱི་དངོས་པོ། མཆོད་ཡུལ་མགྲིན་གྱི་བཀོད་པ་སོགས་ཀྱི་རོལ་གར་བསྒྱུར་བས། སྣ་ཚོགས་སྣང་བའི་ཡུལ་ལ་དངོས་པོར་ཞེན་པའི་འཁྲུལ་པ་དབྱིངས་སུ་གཅོད་པའི་བརྟུལ་ཞུགས་སྤྱོད་དོ། །ང་རྫོགས་པ་སོགས། གནས་ལུགས་རྫོགས་པ་ཆེན་པོའི་རང་བཞིན་མངོན་དུ་གྱུར་བའི་རྣལ་འབྱོར་པ་ངས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཁྱབ་བརྡལ་རིག་པ་རྗེན་པར་རྟོགས་པས། ད་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཏེ་འཁོར་གསུམ་རྣམ་པར་དག་པའི་བརྟུལ་

p. 532

ཞུགས་ཀྱི་དགོངས་པས་གཞི་དབྱིངས་སྤྲོས་བྲལ་དག་མཉམ་ཆེན་པོའི་ངང་མངོན་དུ་བྱའོ། །ཕཊ་དང་པོས་ངང་མངོན་དུ་བྱས། གཉིས་པས་རྩལ་རྫོགས། གསུམ་པས་གདིང་ཐོབ་པར་བསམ། མཆོད་སྦྱིན་དངོས་ནི། གཞི་བདེ་གཤེགས་སོགས། གཞི་བདེ་བར་གཤེགས་པའི་སྙིང་པོ་ནི་ངོ་བོ་རང་བཞིན་ཐུགས་རྗེ་དབྱེར་མི་ཕྱེད་པས་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ལྷ་སྟེ་དཀོན་མཆོག་སྲི་ཞུའི་མགྲོན་དང༌། ལམ་རིག་པའི་རང་རྩལ་གྱི་རོལ་པ་གསལ་ཆ་ཕོ་རྒྱུད་སྟོང་ཆ་མོ་རྒྱུད་དེ་ལས་གྱེས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་རྣམ་པར་སྣང་བ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ། དོན་དམ་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདུད་རྩིས་མཆོད་པས་གདིང་ཡེ་གཞི་ཀ་དག་ཆོས་སྐུ་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་བྱང་ཆུབ་བོ། །འདི་མན་གྱི་ཕཊ་དོན་གོང་དང་འདྲ། སེམས་དུག་གསུམ་སོགས། མ་དག་སེམས་ཀྱི་ཆ་ལས་ཉོན་མོངས་དུག་གསུམ་མཆེད་ཅིང༌། དེ་ལས་ཁམས་གསུམ་འཁོར་བའི་གནས་ཡུལ་དུ་སྣང་བ་ཐམས་ཅད་རིགས་དྲུག་སྙིང་རྗེའི་མགྲོན་དང༌། སེམས་ཀྱི་རྩལ་རྣམ་པར་རྟོག་པ་ལས་རེ་བའི་ཡུལ་ལྷ་དང༌། དོགས་པའི་ཡུལ་འདྲེ་བགེགས་སུ་ཞེན་ཅིང་རྣམ་པར་སྣང་བ་རྣམས་

p. 533

ནི་བགེགས་རིགས་ལན་ཆགས་ཀྱི་མགྲོན་ཏེ། དེ་དག་ཐམས་ཅད་དོན་དམ་པར་བཟང་ངན་རེ་དོགས་ལས་འདས་པ་གཉིས་མེད་མཉམ་པ་ཉིད་དུ་འུབ་ཆུབ་རོལ་པའི་ཆོས་ཀྱིས་མ་བཅོས་རང་བཞག་ཏུ་ཀློད་དེ་ཆོས་དབྱིངས་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་འཛད་མེད་དུ་སྟེར་རོ། །ཕྱི་གཟུང་བ་སོགས། ཕྱི་རོལ་གཟུང་བ་ཡུལ་དུ་འཛིན་པའི་སྣང་སྲིད་ཀྱི་ལྷ་འདྲེའི་ཚོགས་ལ་གཞིའི་ཆོ་འཕྲུལ་སྣ་ཚོགས་སྣང་བའི་ཆོས་ཁམས་འདོད་ཡོན་རྒྱ་མཚོའི་བཀོད་པ་རང་བྱུང་དུ་ཤར་བ་འདི་དག་འབུལ་བས། ཡུལ་སྣང་ལ་དངོས་འཛིན་བདེན་ཞེན་གྱི་བག་ཆགས་རྣམ་པར་དག་ནས་དོན་དམ་ཡུལ་མེད་ཟང་མ་ཐལ་བྱུང་གི་ངང་མངོན་དུ་གྱུར་པའི་མཆོད་པ་བཞེས་ཤིག །ནང་འཛིན་པ་སོགས། ནང་ང་རུ་འཛིན་པ་སེམས་ཀྱི་ལྷ་འདྲེའི་ཚོགས་ལ། གཞིའི་ཆོ་འཕྲུལ་མེད་བཞིན་སྣང་བའི་འདོད་ཡོན་གྱི་བཀོད་པ་སྟེར་བས། ཡུལ་ང་རུ་འཛིན་པའི་དངོས་ཞེན་ཨ་འཐས་ཀྱི་འཕྱང་ཐག་རང་སར་གྲོལ་ནས་དོན་དམ་རིག་པ་གཞི་མེད་རྩ་བྲལ་གྱི་ངང་མངོན་དུ་གྱུར་བའི་མཆོད་པ་བཞེས་ཤིག །བར་གཟུང་འཛིན་སོགས། བར་སྣང་སེམས་འཁྲུལ་བའི་སྤུན་ཐག་གཟུང་འཛིན་དབྱེར་མི་ཕྱེད་པར་ལུ་གུ་རྒྱུད་དུ་འབྲེལ་བའི་ལྷ་འདྲེའི་

p. 534

ཚོགས་ལ། གཞིའི་ངོ་བོ་མ་རིག་པའི་ཆོ་འཕྲུལ་ཁམས་གསུམ་འཁོར་བ་ལུགས་འབྱུང་གི་ཆོས་རྣམས་དགག་སྒྲུབ་མེད་པར་སྟེར་བས། ཕྱི་ནང་གི་ཡུལ་སྣང་གང་ཡང་བཟང་ངན་སྤང་ལེན་མེད་པར་མཉམ་ཉིད་རང་མལ་དུ་ཞིག་ནས་གཞིའི་ངོ་བོ་ཀ་དག་བརྡལ་ཁྱབ་ཆེན་པོའི་ངང་མངོན་དུ་གྱུར་པའི་མཆོད་པ་བཞེས་ཤིག །དེ་ནས་བསྡུ་རིམ་ནི། ཡུལ་ཁམས་གསུམ་སོགས། ཕྱི་ནང་གི་ཡུལ་ཁམས་གསུམ་འཁོར་བའི་སེམས་དང་སྣང་བའི་ཆོས་ཐམས་ཅད་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་འཕྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་དུ་གཞི་དབྱིངས་སྤྲོས་པ་ཀུན་བྲལ་རྣམ་ཐར་གསུམ་ལྡན་གྱི་བདག་ཉིད་སྟོང་ཆེན་རྡོ་རྗེ་བཙུན་མོའི་མཁའ་ཀློང་དུ་ད་ནི་འཁོར་འདས་དག་མཉམ་ཆེན་པོར་འབྱམས་ཀླས་པ་ལ་ཨ་ལ་ལ་ཞེས་ངོ་མཚར་བའོ། །ཕཊ་དང་པོས་སྤྲུལ་སྐུའི། གཉིས་པས་ལོངས་སྐུའི། གསུམ་པས་ཆོས་སྐུའི་དགོངས་པར་འཕོས་པར་བསམ་ལ་མཉམ་པར་བཞག་གོ །གསུམ་པ་ཉིན་གུང་དང་འབྲེལ་བར་ཁྲ་འགྱེད་ནི། ཕཊ་རང་ལུས་ལང་ཚོ་སོགས་བརྗོད་པ་དང༌། རང་གི་ལུས་འདི་ཉིད་ཆེ་བརྗིད་ལང་ཚོ་ཕུན་སུམ་ཚོགས་པར་གྱུར་པའི་ལུས་དབུས་རྩ་དབུ་མ་ཨ་ཝ་དྷུ་ཏི་ཤེལ་གྱི་སྦུ་གུ་ཅན་ནས་རླུང་སེམས་

p. 535

རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་ལྡན་དུ་གསལ་བ་དེ་ཉིད་སྐར་མདའ་ཆད་པ་བཞིན་དུ་སྤྱི་བོའི་སྟེང་གི་ནམ་མཁར་འཕང༌། དབྱིངས་ལས་ཁྲོས་མ་ནག་མོ་མཐིང་ནག་གི་ཐོད་རུས་རྒྱན་ཅན་གར་སྟབས་ཀྱིས་པད་ཉི་རོ་གདན་ཡེ་ཤེས་མེ་དཔུང་གི་ཀློང་དུ་བཞུགས་པར་བསམ། དེའི་ཕྱག་གཡས་གྲི་གུག་བེམ་པོར་ཚད་པ་ཙམ་གྱིས་ཚེ་རབས་ཐོག་མ་མེད་པ་ནས་བདག་ཏུ་བཟུང་བའི་ལུས་དང་ལོངས་སྤྱོད་ཐམས་ཅད་བསྡུས་ནས་ཐིམ། ཡང་གྲི་གུག་ཚད་པ་ཙམ་གྱིས་ཞིང་ལྦགས་བཤུས་ཏེ་ས་གཞི་ཁེབས་པར་བརྡལ་བའི་སྟེང་དུ་ཤ་རུས་ཀྱི་རི་བོ་ཁྲག་ཞག་གི་རྒྱ་མཚོ་ནམ་མཁའི་ཁམས་ཀུན་གང་བ་དེའི་མདུན་དུ་བྷནྡྷ་རང་བྱུང་གི་ཐོད་སྒྱེད་གསུམ་གྱི་ཁར་བབས་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་རྣམས་མེ་རླུང་སྦྱོར་བས་བཞུ་བསྐོལ་གྱི་ངད་རླུངས་ལས་ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་དུ་འཕྲོ་བ། སྟོང་གསུམ་ས་གཞིའི་ཁྱོན་ལ་དཀར་གསུམ་མངར་གསུམ་སྐྱུར་དང་དྲི་སྨན་འབྲུ་ཟས་ཀྱི་རིགས་སྣ་ཚོགས། གསེར་དངུལ་ཟངས་ལྕགས་ནོར་བུ་ལ་སོགས་རིན་པོ་ཆེའི་རིགས་སྣ་ཚོགས། གོས་དང་སྣམ་རས་རྒྱན་ཕྲེང་གོ་ཁྲབ་མཚོན་ཆ་ལ་སོགས་དཀོར་ཆའི་རིགས་སྣ་ཚོགས། རི་དྭགས་གཡུང་དྭགས་ཆུ་

p. 536

གནས་བྱ་རིགས་སོགས་གཟུགས་འགྲོས་སྣ་ཚོགས། རི་བོ་ནགས་ཁྲོད་སྤངས་ལྗོངས་སྐྱེད་ཚལ་མཚོ་རྫིང་ཆུ་ཀླུང་སྦྲ་ཁང་གནས་མལ་འཁོར་གཡོག་མཛའ་གྲོགས་སོགས་མདོར་ན་འདོད་རྒུའི་ལོངས་སྤྱོད་མི་ཟད་རྒྱན་གྱི་འཁོར་ལོར་ཤར་བ་ལ། དབྱིངས་ནས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡིག་འབྲུ་གསུམ་གྱི་རྣམ་པར་ཆར་བབས་པ་ལྟར་ཐིམ་པས་མཐོང་ཐོས་དྲན་རེག་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་གྲོལ་བའི་ནུས་པ་དང་ལྡན་པར་བསམ་ལ། འབྲུ་གསུམ་གང་མང་བརྗོད། མགྲོན་སྤྱན་འདྲེན་ནི། གཏན་གྱི་མགོན་པོ་སོགས་ཏེ། མཆོག་གསུམ་རྩ་གསུམ་ལ་སོགས་དཀོན་མཆོག་སྲི་ཞུའི་མགྲོན། དཀར་ཕྱོགས་སྐྱོང་བ་དཔལ་མགོན་བདུན་ཅུ་ལ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན། ཁམས་གསུམ་གྱི་འགྲོ་བ་བར་དོའི་སེམས་ཅན་ལ་སོགས་རིགས་དྲུག་སྙིང་རྗེའི་མགྲོན། སྣང་སྲིད་ལྷ་འདྲེ་གདོན་བགེགས་ལ་སོགས་བགེགས་རིགས་ལན་ཆགས་ཀྱི་མགྲོན་ཏེ། ཐམས་ཅད་བྱ་རྒོད་ཤ་ལ་འཐིབས་པ་བཞིན་བྱོན་པར་བསམ་ཞིང༌། ཕཊ་གསུམ་གྱིས་ཐོས་ཆས་འདུས་པར་བསྒོམ། མཆོད་སྦྱིན་དངོས་ནི། སྐྱབས་གནས་དཀོན་མཆོག་སོགས་ཏེ། དེ་ལྟར་སྤྱན་དྲངས་པའི་མགྲོན་

p. 537

རྣམས་སོ་སོ་རང་རང་གི་ཐུགས་དང་མཐུན་པའི་མཆོད་རྫས་མི་ཟད་ནམ་མཁའི་མཛོད་ཀྱི་རང་བཞིན་དུ་སྤྲུལ་ཏེ་ཕུལ་བས། སྲི་ཞུའི་མགྲོན་རྣམས་ཐུགས་བདེ་སྟོང་གི་རོས་ཚིམ་ནས་བདག་སོགས་འགྲོ་བའི་ཚོགས་གཉིས་རྫོགས། ཡོན་ཏན་གྱི་མགྲོན་རྣམས་མཉེས་ཤིང་ཚིམས་ནས་བསྲུང་སྐྱོབས་སྡོང་གྲོགས་ཀྱི་ཕྲིན་ལས་མཛད། སྙིང་རྗེའི་མགྲོན་རྣམས་དགའ་ཞིང་མགུ་ནས་སོ་སོའི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་ཞི། ལན་ཆགས་མགྲོན་རྣམས་ངོམས་ཤིང་ཚིམས་ནས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་ཏེ་མི་འགྱུར་རྡོ་རྗེའི་གཏན་སྲིད་ཟིན་པར་བསམ་ལ། ཕཊ་དང་པོས་མཆོད། གཉིས་པས་ཐོབ། གསུམ་པས་ཚིམས་པར་བསམ། བསྡུ་རིམ་བསྔོ་སྨོན་ནི། དགེ་འདིས་འགྲོ་ཀུན་སོགས་ཏེ། མཆོད་སྦྱིན་བགྱིས་པའི་དགེ་བས་འགྲོ་ཀུན་གདོད་མའི་གཞི་ཐོག་ཏུ་གྲོལ་བར་སྨོན་ལམ་གདབ་ཅིང༌། མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་གཉིས་མེད་དང་པོའི་སངས་རྒྱས་སྐྱེ་བ་མེད་པའི་དགོངས་ཀློང་དུ་མཉམ་པར་བཞག་ལ། ཕཊ་དང་པོས་སྤྲུལ་སྐུའི། གཉིས་པས་ལོངས་སྐུའི། གསུམ་པས་ཆོས་སྐུའི་དགོངས་པར་འཕོས་པར་བསམ་

p. 538

མོ། །བཞི་པ་དགོང་མོ་དང་འབྲེལ་བར་དམར་འགྱེད་ནི། ཕཊ༔ འབྱུང་བ་སྙིགས་མར་སོགས་བརྗོད་པ་དང༌། ལས་ཉོན་གྱི་དབང་གིས་འབྱུང་བ་སྙིགས་མར་འཐས་པའི་སྒྱུ་ལུས་ནས། དྭངས་མའི་ཤེས་རིག་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་རྣམ་པ་དེ་ཉིད་རྩ་དབུ་མའི་ལམ་བརྒྱུད་དེ་སྐར་མདའ་ཆད་པ་བཞིན་སྟེང་གི་ནམ་མཁར་སོང་བར་བསམ་ཞིང༌། ཕཊ་དང་པོས་སྤར། གཉིས་པས་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས། གསུམ་པས་སྐད་ཅིག་གིས་ཁྲོས་མ་ནག་མོ་མཐིང་ནག་གི་ཐོད་རུས་རྒྱན་ཅན་གར་སྟབས་ཀྱིས་པད་ཉི་རོ་གདན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པར་བསམ། ཕྱག་གཡས་པས་གྲི་གུག་ཚད་པ་ཙམ་གྱིས་ལུས་ཀྱི་ལྤགས་པ་བཤུས་ཏེ་ས་གཞིར་བརྡལ་བའི་སྟེང་དུ་གཟུགས་ཕུང་ཐར་གྱིས་ཞིག་ནས། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། ཚིལ་ཞུན་གྱིས་ཕུང་པོ། ངད་རླངས་ལས་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བའི་སྟེང་དུ་དབྱིངས་ནས་ཨོཾ་དཀར་ཨཱཿ དམར་ཧཱུཾ་མཐིང་གི་ཆར་བབས་པས་ཟག་མེད་མྱོང་གྲོལ་བདུད་རྩིའི་བཅུད་དུ་གྱུར་པར་བསམ་ལ་ཨོཾ་ཨཱཿཧཱུཾ༔ བརྗོད། རང་ཉིད་ཁྲོས་མའི་ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་མཚམས་སྟེང་འོག་རྣམས་ནས་ཡེ་ཤེས་ཀྱི་

p. 539

མཁའ་འགྲོ་བཅུ་གཅིག་ལ་འཁོར་མཁའ་འགྲོ་བྱ་བ་འབུམ་སྡེ་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པས་བསྐོར་བ་སྤྱན་དྲངས་པར་བསམ་ཞིང༌། ཕཊ་གསུམ་གྱི་ཐོས་ཆས་འདུས་པར་བསྒོམ། འགྱེད་དངོས་ནི། མ་ཡེ་ཤེས་སོགས་ཏེ། དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་འཁོར་མཁའ་འགྲོ་བྱེ་བ་འབུམ་སྡེ་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པ་རྣམས་ལ་ཉོན་མོངས་པ་གཏི་མུག་དང༌། དེར་བྱུང་གི་ནད་གདོན་བག་ཆགས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་ཕཊ་དང་པོས་སངས་རྒྱས་མཁའ་འགྲོའི་ཞལ་དུ་བསྟབ། གཉིས་པས་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་བསྟབ། གསུམ་པས་སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས། སྣང་སྲིད་ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་ཐིམ། འབུམ་ཕྲག་མཁའ་འགྲོ་སངས་རྒྱས་མཁའ་འགྲོར་ཐིམ། སངས་རྒྱས་མཁའ་འགྲོ་སྐུ་གསུམ་མཁའ་འགྲོའི་ཀློང་དུ་ཐིམ་པར་བསམ། དེ་བཞིན་དུ་ཤར་རྡོ་རྗེའི་རིགས་ལ་ཞེ་སྡང་དང་དེར་བྱུང་གི་ནད་གདོན་སོགས། ལྷོ་རིན་ཆེན་རིགས་ལ་ང་རྒྱལ་དང་དེར་བྱུང་གི་ནད་གདོན། ནུབ་པདྨ་རིགས་ལ་འདོད་ཆགས་དང་དེར་བྱུང་གི་ནད་གདོན། བྱང་ལས་ཀྱི་རིགས་ལ་ཕྲག་དོག་དང་དེར་

p. 540

བྱུང་གི་ནད་གདོན། སྟེང་མཁའ་སྤྱོད་རིགས་ལ་དུག་གསུམ་དང་དེར་བྱུང་གི་ནད་གདོན། མཚམས་ཕྱོགས་འཛིན་རིགས་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང་དེར་བྱུང་གི་ནད་གདོན། འོག་ས་སྤྱོད་རིགས་ལ་གཟུང་འཛིན་དང་དེར་བྱུང་གི་ནད་གདོན། བར་དམ་ཚིག་རིགས་ལ་མ་རིག་པ་དང་དེར་བྱུང་གི་ནད་གདོན་སོགས་སུ་བསྒྱུར་ལ་གོང་བཞིན་དམིགས་གནད་བྱ། བསྡུ་རིམ་ནི། ཡུལ་བཟང་ངན་སོགས། མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་ཡུལ་རྐྱེན་བཟང་ངན་ཕན་གནོད་རྒྱུ་འབྲས་མཚན་མ་ལས་འདས་པ་རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁའ་ཀློང་དུ་བྱང་ཆུབ་བོ། །ཕཊ་དང་པོས་སྤྲུལ་སྐུ། གཉིས་པས་ལོངས་སྐུ། གསུམ་པས་ཆོས་སྐུའི་དགོངས་པ་མངོན་དུ་བྱས་ལ་མཉམ་པར་བཞག་གོ །དེ་ལྟར་འདིར་སྨོས་པ་ནི་གཅོད་གཞུང་སྤྱི་ལ་རྣམ་དཔྱོད་འཇུག་པའི་དབང་དུ་བྱས་ནས་རྒྱས་བཤད་ཀྱི་སྤྲོས་པ་དོར་ཏེ་དཀར་འགྱེད་འབྲུ་འབྲེལ་དང་གཞན་རྣམས་དམིགས་ཁྲིད་ཀྱི་ཚུལ་དུ་མདོར་བསྡུས་སྙིང་པོར་དྲིལ་བ་སྟེ། གཞན་དུ་མཚུངས་མེད་བླ་མའི་ཞལ་གྱི་བདུད་རྩི་འཐུང་ཞིང་ཐོས་བསམ་སྒོམ་གསུམ་གྱི་མྱོང་བ་ཟབ་མོས་སྙེམས་ཐག་ནང་ནས་ཆོད་པར་བྱ་བ་ཁོ་ན་ལས། ཌཱ་དྲིལ་འཁྲོལ་ཤེས་དང་

p. 541

ངག་སྟབས་གྱེར་ཤེས་ཙམ་གྱིས་གཅོད་པར་མི་རློམ་མོ། །རེ་དོགས་སྒོང་རྒྱ་ཕྱི་ནས་གྲོལ། །བདག་འཛིན་སྙེམས་ཐག་ནང་ནས་ཆོད། །སྐྱེ་མེད་དོན་གྱི་ཡུམ་ཆེན་མོའི། །གོ་འཕང་ཚེ་འདིར་མངོན་གྱུར་ཤོག །ཅེས་པའང་ལམ་འདིར་གཡར་དམ་ལྷུར་ལེན་པའི་རྣལ་འབྱོར་པ་དཀོན་མཆོག་རབ་བརྟན་གྱིས་བསྐུལ་ངོར། བདུད་བཞི་སྙིང་ལ་ཉལ་བའི་གཅོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཐུན་གསེང་འགའ་ཞིག་ལ་སུག་བྲིས་སུ་བགྱིས་པ་དགེ། །མངྒ་ལཾ། །

ལུས་སྦྱིན་གྱི་ཐོག་མཐའི་ངག་འདོན་གསུང་རྒྱུན།

p. 542
p. 543

[ལུས་སྦྱིན་གྱི་ཐོག་མཐའི་ངག་འདོན་གསུང་རྒྱུན་ལ། ཐོག་མར།] བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །སྐུ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་མཆོག །ཁམས་གསུམ་ཆོས་ཀྱི་རྒྱས་པོས་རྫོགས་ཆེན་པ། །བདུད་འཇོམས་གླིང་པའི་ཞབས་ལ་གསོལ་བ་འདེབས། །འཁོར་འདས་དག་མཉམ་ཆོས་ཉིད་རོལ་པ་རུ། །རྟོགས་གྲོལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག །[སྐྱབས་འགྲོ་ནི།] ཕཊ༔ ཡེ་གཞི་ཀ་དག་ཕྱོགས་ཡན་ཀུན་བཟང་མོ༔ རང་བཞིན་རང་ངོར་སངས་པ་མཁའ་སྤྱོད་མ༔ ཐུགས་རྗེ་ཀུན་ཁྱབ་བརྡལ་བ་ཁྲོས་མའི་སྐུར༔ སྐྱབས་སུ་མཆིའོ་དགོངས་པར་འུབ་ཆུབ་རོལ༔ [སེམས་བསྐྱེད་ནི།] ཕཊ༔ འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བར་བྱ༔ སྐྱབས་གནས་དམ་པའི་མཆོག་རྣམས་དགོངས་སུ་གསོལ༔ བདག་གིས་བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ [མཎྜལ་ནི།] ཕཊ༔ སྟོང་གསུམ་རབ་འབྱམས་བཀོད་པ་ཕྱི་ཡི་ཡུལ༔ རང་ལུས་བཀོད་པ་རབ་རྫོགས་ནང་གི་དཔལ༔ རང་སྣང་ལྷུན་གྲུབ་བཀོད་པ་གསང་བའི་དལ༔ ཚོགས་གཉིས་རྫོགས་ཕྱིར་རྒྱལ་བ་རྣམས་ལ་འབུལ༔ [ཚོགས་བསགས་ནི།] ཕཊ༔ སྐུ་

p. 544

གསུམ་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ཐམས་ཅད་མཆོད་པ་འབུལ༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་མཐོལ་ལོ་བཤགས༔ རྣམ་དཀར་དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ གང་ལ་གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ རྒྱལ་རྣམས་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བདག་གི་དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔ མ་ལུས་ཕྱམ་གཅིག་སངས་རྒྱས་ས་ཐོབ་ཤོག༔ [བླ་མའི་རྣལ་འབྱོར་ནི།] ཕཊ༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ན༔ སྐུ་དང་ཡེ་ཤེས་རབ་རྫོགས་བླ་མ་རྗེ༔ དོན་དམ་མི་ཤིགས་ངོ་བོ་ཐིག་ལེའི་སྐུ༔ སྨིན་གྲོལ་དབང་དང་གདམས་པའི་མཛོད་དུ་ཤར༔ ཕཊ༔ གསོལ་བ་འདེབས་སོ་སྐུ་བཞིའི་བདག་ཉིད་དཔལ༔ དད་མོས་གདུང་ཤུགས་དྲག་པོས་ཐུགས་རྒྱུད་བསྐུལ༔ མ་རིག་སྒོང་རྒྱར་དུབ་པའི་སེམས་སེམས་བྱུང་༔ ཡེ་གཞི་ཀ་དག་ཀློང་ཆེན་དགོངས་པར་རོལ༔ ཕཊཊཊ༔ [དེ་ནས་འགྱེད་བཞི་སོགས་ལུས་སྦྱིན་གང་ཡིན་ལ་འཇུག །མཐར་ཆོས་སྦྱིན་སོགས་ནི།] ན་མོ། ཆོས་རྣམས་ཐམས་ཅད་རྒྱུད་ལས་བྱུང༌། །རྒྱུ་དེ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོངས་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་

p. 545

མི་བྱ་ཞིང༌། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཕཊ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །ཡུན་ཆེན་ཤེར་ཕྱིན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཁམས་གསུམ་དག་པའི་ཞིང༌། སྲིད་གསུམ་སྙིང་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། མཆོད་སྦྱིན་མི་ཟད་པའི། ལོངས་སྤྱོད་གཏེར་དུ་བསྔོ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ [ཞེས་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། །]

མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་ནས་ཚེ་སྒྲུབ་པའི་ཆོ་ག་འཆི་མེད་འབྱུང་གཏེར།

p. 546
p. 547

[མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་ནས་ཚེ་སྒྲུབ་པའི་ཆོ་ག་འཆི་མེད་འབྱུང་གཏེར་ཞེས་བྱ་བ་བཞུགས་སོ།] ཨོཾ་སྭ་སྟི། [མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པར་འདོད་པས།] རང་ཉིད་ཁྲོས་མར་གསལ་བའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་མོའི་ཐུགས་དབུས་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བ་ཧཱུྃ་ཡིག་ནྲྀ་དང་ཨས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་རྩིའི་རྣམ་པར་བཀུག །ལུས་ཀྱི་ནང་གང་དུས་མ་ཡིན་པའི་འཆི་བ་ཞི། རིག་འཛིན་ཚེའི་དངོས་གྲུབ་ཐོབ། དྭངས་མ་ཧཱུྃ་ལ་འདུས་པས་རྡོ་རྗེའི་སྲོག་འགྲུབ་པར་[བསམ་ལ།] ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བཾ་ཧ་རི་ནི་ས་བཛྲ་ཨཱ་ཡུཛྙཱ་ན་མཧཱ་པུཎྱེ་སིངྡྷི་ཕ་ལ་ཧཱུྃ་ཨཱཿ [ཞེས་བཟླ་ཞིང་ཚེ་འགུགས་བསྐུལ།] རྒྱས་གདབ་བྱ། དེ་ནི་བདག་དོན་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ཏེ། རྩེ་གཅིག་ཏུ་བསྒྲུབ་པས་ཚེའི་བར་ཆད་ཞི་ཞིང་རྡོ་རྗེའི་ཚེ་འགྲུབ་པར་འགྱུར་རོ། །ཡང་བདག་གཞན་ཐུན་མོང་གི་དོན་དུ་མདུན་དཀྱིལ་ལ་བརྟེན་ནས་བསྒྲུབ་ན། ཐོག་མར་ཚེ་རྟེན་བཅའ་སྟེ། བླ་མ་ཡབ་ཡུམ་གྱི་བྱང་སེམས། ཅོང་ཞི། བྲག་ཞུན། རྟག་ངུ༌། འབྲས་བུ་གསུམ། དབང་པོ་ལག་པ། རྩ་བ་ལྔ། སྙིང་པོ་ལྔ། ཤིང་མངར། ཤུ་དག་དཀར་པོ་རྣམས་ལེགས་པར་སྦྱར་བ་ཞིབ་བཏགས་འབྲུ་དཀར་གྱི་ཕྱེ་དང་བཅས། གཡུ་མཚོ་གཏན་འཁྱིལ།

p. 548

རྒྱུན་བབས་ཀྱི་ཆུ། བ་དམར་པོའི་འོ་མ་དང་བཅས་རིལ་བུ་དྲིལ་བ་ཐོད་པ་མཚན་ལྡན་གྱི་ནང་དུ་བླུགས། དར་དམར་པོས་ཁ་བཅད་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག །དེའི་མདུན་དུ་ཚེ་གཏོར་དང༌། ཚེའི་བཟའ་བཏུང་མཆོད་ཚོགས་བཅས་བཤམ། ཕྲིན་ལས་ཀྱི་གཞུང་བསྲང་བ། བཟླས་པའི་སྐབས་སུ་བདག་མདུན་གྱི་ཐུགས་ཀར་ཚེ་རྟེན་གོང་བཞིན་གསལ་གདབ། རང་གི་ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཞུགས། ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འབར་བའི་རྩེ་ལས་རྡོ་རྗེའི་ཕོ་ཉ་མོའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་བླ་ཚེ་ཆད་ཉམས་ཡར་བ་དང༌། འཁོར་འདས་ཀྱི་དྭངས་བཅུད་འཆི་མེད་ཚེའི་བདུད་རྩིར་སྤྱན་དྲངས། རང་དང་སྒྲུབ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་[བསམ་ལ། སྔགས་འབུམ་ཕྲག་བཞི་སོགས་ཉམས་དང་སྦྱར་ཏེ་བཟླ་ཞིང་ཐུན་མཚམས་སུ་མཆོད་ཅིང་བསྟོད་ལ་མདའ་དར་གཡབ་ཅིང༌།] ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ [ཞེས་སོགས་ཀྱི་ཚེ་འགུགས་བསྐུལ་ཞིང་རྒྱས་བཏབ་པས་ཚེ་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ལ་ཐིམ། དབུ་མའི་ཡས་མར་གྱི་སྒོ་ཐིག་ལེ་དཀར་དམར་གྱིས་བཅད། ལུས་རྡོ་རྗེའི་གུར་ཁྱིམ་གྱིས་གཡོགས་པར་བསམ་ལ་དགོངས་པ་བསྐྱང༌། དེ་ལྟར་བརྩོན་པས་དངོས་ཉམས་རྨི་ལམ་གང་རུང་དུ་

p. 549

དངོས་གྲུབ་འགྲུབ་པའི་མཚན་མ་མཐོང་བ་ན། ཚོགས་དང་གཏོར་མས་རྒྱ་ཆེར་མཆོད་ཅིང་ནོངས་བཤགས་སྔོན་དུ་འགྲོ་བས་ཐུགས་དམ་བསྐུལ། སྒྲུབ་རྫས་སྤྱི་བོར་བླངས་ལ།] ཨོཾ༔ འཆི་མེད་ཁྲོས་མ་ནག་མོ་ཡི༔ སྐུ་ཡི་རྡོ་རྗེ་ཡེ་ཤེས་ཆེ༔ རྣལ་འབྱོར་དབུ་མའི་ཐིག་ལེར་སྟིམས༔ སྐུ་ཡི་རྡོ་རྗེར་མཛད་དུ་གསོལ༔ [སྔགས་མཐར།] ཀཱ་ཡ་སིདྡྷི་ཨོཾ༔ མགྲིན་པར་རེག་ལ། ཨཱ༔ འཆི་མེད་ཁྲོས་མ་ནག་མོ་ཡི༔ རྡོ་རྗེ་གསུང་གི་ཡེ་ཤེས་ཆེ༔ རྣལ་འབྱོར་སྲོག་གི་སྙིང་པོར་སྟིམས༔ གསུང་གི་རྡོ་རྗེར་མཛད་དུ་གསོལ༔ [སྔགས་མཐར།] ཝཱ་ཀ་སིདྡྷི་ཨཱཿ སྙིང་གར་རེག་ལ། ཧཱུྃ༔ འཆི་མེད་ཁྲོས་མ་ནག་མོ་ཡི༔ རྡོ་རྗེ་ཐུགས་ཀྱི་ཡེ་ཤེས་ཆེ༔ རྣལ་འབྱོར་གཉུག་མའི་དབྱིངས་སུ་སྟིམས། ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ༔ སྔགས་མཐར། ཙིཏྟ་སིངྡྷི་ཧཱུཾ༔ [ཚེའི་བཟའ་བཏུང་རོལ་ལ།] ཧོཿ ཐབས་ཤེས་ཚེ་ཡི་རིལ་བུ་དང་༔ ཚེ་ཡི་བདུད་རྩི་ལ་བརྟེན་ནས༔ དུས་མིན་འཆི་བ་ཀུན་ཞི་ཞིང་༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ སརྦ་སིངྡྷི་ཕ་ལ་ཧོཿ [ཞེས་ཚེ་དང་ཡེ་ཤེས་དངོས་གྲུབ་མ་ལུས་པ་ཐོབ། འཆི་མེད་ཁྲོས་མ་ནག་མོ་དང་སྐལ་པ་མཉམ་པར་བསམ་ལ་རྒྱས་

p. 550

གདབ། སྒྲུབ་རྫས་རིལ་བུ་སྣོད་བཟང་པོར་བཅང༌། དམ་ཚིག་ཉམས་པའི་ལག་ཏུ་མི་འགྲིམ་ར་བ་བཞིའི་ཡར་ངོ་ནས་བརྩམ་ཐོ་རངས་རླུང་རིག་དྭངས་པའི་སྐབས་སུ་བསྟེན། དེ་ལྟར་བརྩོན་པས་གནས་སྐབས་སུ་ཚེའི་བར་ཆད་ཞི། ཚེ་དང་ལུས་ཀྱི་བཅུད་ལེན་འགྲུབ། རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ། མཐར་ཐུག་འཆི་མེད་རྡོ་རྗེ་ཁྲོས་མ་ནག་མོའི་ཡེ་ཤེས་རྒྱུད་ལ་བརྟན་པར་འགྱུར་རོ། །ཅེས་པའང་རྣལ་འབྱོར་པ་རིག་བཟང་རྡོ་རྗེས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་ཕག་མོ་རིགས་མཐུན་གྱི་གཞུང་ལས་ཁ་སྐོང་དུ་བསྡེབས་པ་སིངྡྷིར་སྟུ།། །།]

ཟབ་གཏེར་ཁྲོས་མའི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ཌཱ་ཀི་དགྱེས་པའི་བཞད་སྒྲ།

p. 551

[ཟབ་གཏེར་ཁྲོས་མའི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ཌཱ་ཀི་དགྱེས་པའི་བཞད་སྒྲ་ཞེས་བྱ་བ་བཞུགས་སོ། །]ཧོཿ བླ་མ་ཡུམ་ཆེན་ལྷ་ཚོགས་བདག་ལ་དགོངས། དེང་འདིར་བསྒྲུབས་པའི་དགེ་བས་རབ་མཆོན་ཏེ། །དུས་གསུམ་བསགས་ཡོད་བསོད་ནམས་ཅི་མཆིས་པ། །མཁའ་ཁྱབ་འགྲོ་རྣམས་བྱང་ཆུབ་དོན་དུ་བསྔོ། །ཚེ་རབས་ཀུན་ཏུ་གསང་ཆེན་རིགས་མཆོག་གི །སྐལ་ཅན་དྲུག་ལྡན་རྡོ་རྗེའི་ལུས་ཐོབ་ནས། །སྲིད་དང་ཞི་བའི་མཐའ་ལ་མི་སྨོན་པའི། །རྨད་བྱུང་ཐེག་པའི་ལམ་འདིར་འཇུག་པར་ཤོག །འགྲན་གྱི་ཟླ་བྲལ་ཁྲག་འཐུང་བདུད་འཇོམས་གླིང༌། །གཅིག་ཆོག་སྐྱབས་ཀྱི་མཆོག་ཏུ་མི་འབྲལ་ཞིང༌། །[རྒྱུད་ལས། བུ་ཁྱོད་སློབ་དཔོན་མི་སྤང་ངོ༌། །རྡོ་རྗེ་ཕག་མོའི་དམ་ཚིག་ཡིན། །ཅེས་སོ། །]རང་རིག་གཤིས་སུ་གདོད་ནས་རོ་མཉམ་པར། །རྟོགས་པའི་གསོལ་བ་སྙིང་ལ་ཐེབས་པར་ཤོག །བླ་མེད་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ། །ལེགས་ཞུགས་དབང་བཞིའི་ཆོ་གས་བདག་རྒྱུད་སྨིན། །རྡོ་རྗེ་མཁའ་འགྲོས་[རྒྱུད་རྣམས་ལས་]ཡོངས་བསྒྲགས་[རྩ་ལྟུང་བཅུ་བཞི་སོགས་ཐུན་མོང་སྤྱིའི་]དམ་ཚིག་ཚུལ། །ཁ་ན་མ་ཐོ་མེད་པར་བསྲུང་ནུས་ཤོག །[སྒྲུབ་པ་ཁྱད་པར་གྱི་དམ་ཚིག།] སྣང་སྲིད་གཞིར་བཞེངས་

p. 552

ཡེ་རྫོགས་བསྐྱེད་རིམ་དང༌། །འོད་གསལ་ཐིག་ལེ་ལྷུན་གྲུབ་རྫོགས་པའི་རིམ། །ཟུང་འཇུག་མཆོག་གསང་རྡོ་རྗེ་རྩེ་མོའི་གནད། །ནམ་མཁའི་ཀློང་མཛོད་ལམ་དུ་ལོངས་པར་ཤོག །[མཁའ་འགྲོ་རིགས་ལྔ་ལྷག་པའི་དམ་ཚིག།] ཀུན་ལ་བྱམས་ཤིང་[སངས་རྒྱས་མཁའ་འགྲོའི་དམ་ཚིག་]ཅི་ལའང་ཆགས་པ་མེད། [རིན་ཆེན་མཁའ་འགྲོའི་དམ་ཚིག །]ཤེས་རབ་[མ་མཚན་ལྡན་]བདུད་རྩི་[ལྔ་དང་]ཤ་ཆེན་[ལྔ་རྣམས་བསྟེན་ཅིང་]བཟའ། [པདྨ་མཁའ་འགྲོའི་དམ་ཚིག །མཁའ་འགྲོ་སྤྱིའི་ཚིག །]བརྟུལ་ཞུགས་ཆས་ལྡན་[རུས་རྒྱན་ཅང་ཏེའུ་སོགས་]གླུ་གར་འདོད་ཡོན་བཅས། །གདུག་གཏུམ་[རྡོ་རྗེ་མཁའ་འགྲོའི་དམ་ཚིག་]རྒྱུག་མཆོང་སྤྱོད་པ་[ལས་ཀྱི་མཁའ་འགྲོའི་དམ་ཚིག་]མཐར་དབྱུང་ཤོག །[བསྡུས་པའི་དམ་ཚིག །]མི་ཕོད་ཐོག་ཏུ་བརྫི་ཞིང་[ཟས་གོས་གཏམ་ལ་]འཁྲི་བ་བཅད། །ཞེན་པ་གཏིང་ལོག [འཁོར་གཡོག་ལ་]གཅེས་འཛིན་སྙེམས་ཐག་ཆད། །ལུས་དང་ཆོས་ཀྱི་སྦྱིན་པས་རབ་བསྡུས་ནས། །སྣང་སྲིད་ལྷ་འདྲེ་སེམས་ཅན་ཀུན་སྒྲོལ་ཤོག །ཆོས་ཅན་འཁྲུལ་པའི་སྣང་བ་ཇི་སྙེད་པ། །ཆོས་ཉིད་བརྗོད་དུ་མེད་པའི་དབྱིངས་ཟད་དེ། །སྒྲིབ་བྲལ་འཇའ་ལུས་ཡེ་ཤེས་སྒྱུ་མའི་སྐུ། །ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་ཤོག །གལ་

p. 553

ཏེ་སྦྱངས་གོམས་བརྩོན་འགྲུས་སྟོབས་ཞན་པས། །ཚེ་འདིར་ལམ་གྱི་གྲུབ་མཐའ་མ་སྙོགས་ན། །འཆི་བའི་དུས་བབས་འདའ་ཀའི་ཏིང་ངེ་འཛིན། །དགོངས་པ་མི་གཡོའི་ངང་ནས་འཕོ་བར་ཤོག །རང་སྣང་དཔའ་བོ་མཁའ་འགྲོ་མ་ཚོགས་ཀྱིས། །གླུ་གར་རོལ་མོ་མཆོད་པས་མདུན་བསུས་ཏེ། །འོག་མིན་མཁའ་སྤྱོད་ཞིང་ཁམས་ཉམས་དགའ་བར། །རིགས་བདག་བླ་མའི་དྲུང་དུ་འཁྲིད་པར་ཤོག །སྣང་ཆ་མ་འགགས་ཐབས་མཆོག་ཧེ་རུ་ཀ །སྟོང་ཆེན་ཤེས་རབ་དབྱིངས་ཕྱུག་ཁྲོས་མའི་མཁར། །མཉམ་སྦྱོར་མཁའ་ཁྱབ་ཡེ༷་ཤེ༷ས་བདེ་བ་ཆེ། །ཟུང་འཇུག་རྡོ་རྗེ༷་འཛིན་རྒྱལ་བདག་འགྲུབ་ཤོག །ཅེས་པའང་ཟབ་མོའི་ལམ་འདིར་གཡར་དམ་དུ་འཆའ་བའི་རྣལ་འབྱོར་པ་མྱོས་སྟོན་ཚེ་དབང་དཔལ་འབྱོར་གྱིས་བསྐུལ་བའི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཁའ་འགྲོ་འདུ་བའི་དུས་བཟང་སོར་བྲིས་པ་སིངྔྷི་རསྟུ། །

ཁྲོས་མའི་ཐོད་རྒལ་གྱི་བླ་མའི་རྣལ་འབྱོར་གསང་བ་ཐབས་ཀྱི་གནད་ཐིག་དང་ཟུར་འདེབས་ངག་འདོན་ནག་འགྲོས་སུ་བསྡེབས་པ།

p. 554
p. 555

[ཁྲོས་མའི་ཐོད་རྒལ་གྱི་བླ་མའི་རྣལ་འབྱོར་གསང་བ་ཐབས་ཀྱི་གནད་ཐིག་དང་ཟུར་འདེབས་ངག་འདོན་ནག་འགྲོས་སུ་བསྡེབས་པ་ནི། །]ཨ༔ རང་གི་སྤྱི་བོར་པད་ཟླའི་སྟེང་༔ རྡོ་རྗེ་བླ་མ་པདྨ་འབྱུང་༔ དཀར་དམར་མདངས་ལྡན་མཚན་དཔེས་སྤྲས༔ བཅུ་དྲུག་གཞོན་ནུ་ཞི་མ་ཁྲོ༔ པད་ཞྭ་བར་ཕྱམ་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་བྷནྡྷ༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ འོད་དང་འཇའ་ཚོན་ཀློང་དུ་གསལ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ དྭངས་གསལ་སྐུ་ཡི་ཆ་རྣམས་ལ༔ བརྒྱུད་གསུམ་རིག་འཛིན་བླ་མ་རྫོགས༔ ཧཱུྃ་ཧྲཱིཿ སྐྱབས་གནས་ཀུན་འདུས་ངོ་བོ་ཨོ་རྒྱན་རྗེ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་རིན་པོ་ཆེ༔ ལྔ་བརྒྱ་སྙིགས་མའི་འགྲོ་ལ་ཐུགས་རྗེས་གཟིགས༔ ལས་དང་ཉོན་མོངས་དྲག་པོས་གདུང་བ་ཡི༔ བདག་སོགས་ཁྱེད་ཀྱི་རྗེས་འཇུག་བརྒྱུད་འཛིན་རྣམས༔ ཐུགས་རྗེས་ཡལ་བར་དོར་ན་སུ་ལ་རེ༔ ཀྱེ་མ་ཀྱི་ཧུད་སྐྱབས་མགོན་ཐུགས་རྗེ་ཅན༔ ཚེ་ལུས་འདི་ལ་རྗེས་སུ་མ་བཟུང་ན༔ སྐྱེ་གནས་གཞན་དུ་འཕོས་ཚེ་ཅི་ཞིག་བྱ༔ བདག་སོགས་བརྒྱུད་འཛིན་ཐུགས་རྗེས་དོར་བ་ན༔ རྫོགས་སངས་རྒྱས་པའི་དགོས་པ་ཅི་ཞིག་

p. 556

མཆིས༔ བདག་ཉིད་དད་གུས་མོས་པའི་གདུང་ཤུགས་ཀྱིས༔ གསོལ་འདེབས་འོ་དོད་འབོད་དོ་པདྨ་འབྱུང་༔ སྒོ་གསུམ་མི་ཕྱེད་དད་པས་ཁྱོད་ལ་འདུད༔ ཐུགས་རྗེས་ཟུངས་ཤིག་ཨོ་རྒྱན་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བླ་མ་སྤྲུལ་པའི་སྐུ༔ ལུས་ལ་བདེ་བ་སྤོར་ཅིག་མཁའ་འགྲོའི་ཚོགས༔ ངག་ལ་ནུས་པ་སྐྱེད་ཅིག་ཡི་དམ་ལྷ༔ སེམས་ལ་རྟོགས་པ་སྤོར་ཅིག་གུ་རུ་རྗེ༔ སྒྲུབ་པའི་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབ༔ ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཕོབ་ཅིག༔ ངག་ལ་ཚངས་དབྱངས་གསུང་གི་བྱིན་ཕོབ་ཅིག༔ སེམས་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཕོབ་ཅིག༔ ཡོན་ཏན་འགྲན་ཟླ་བྲལ་བའི་བྱིན་ཕོབ་ཅིག༔ ཕྲིན་ལས་འགྲོ་འདུལ་རྣམ་བཞིའི་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག༔ ཡེ་ཤེས་སྒྱུ་མའི་སྐུ་རུ་བྱིན་གྱིས་རློབས༔ འཇའ་ལུས་འཕོ་བ་ཆེན་པོའི་ས་རུ་དྲོངས༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿ ཀཱ་ཡ་ཛྙཱ་ན་མ་ཧཱ་ས་མ་ཏི་ཨ་ཝེ་ཤ་ཡ་ཨ་ཨ༔ བླ་མ་རྡོ་རྗེ་འཆང་ཆེན་པོའི༔ གནས་གསུམ་ཡིག་འབྲུའི་མཚན་པ་ལས༔ དེ་དག་རྣམས་ཀྱི་དབང་བྱིན་རླབས༔ འཇའ་ཡི་སྤྲིན་ཕུང་འཐིབས་བཞིན་བྱུང་༔ རང་ཐིམ་

p. 557

༔ སྒྲིབ་དག་དབང་གིས་སྨིན༔ དགའ་དང་སྟོང་པའི་འོད་གསལ་འབར༔ གནས་ལུགས་རིག་པ་རྗེན་ལ་བུད༔ འོད་གསལ་མ་བུ་ལྷུམས་སུ་ཞུགས༔ སླར་ནི་བླ་མ་འོད་དུ་ཞུ༔ རང་སེམས་དྲི་བྲལ་དབྱེར་མེད་འདྲེས༔ རང་ལུས་ཕུང་ཁམས་སྐྱེ་མཆེད་དང་༔ སྣོད་བཅུད་སྣང་བ་ཐམས་ཅད་ཀུན༔ ཆོས་ཉིད་སྟོང་པའི་མཁའ་རུ་ཞིག༔ ༈ སྟོང་ཉིད་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ སྣང་བ་ཐམས་ཅད་མཁའ་སྤྱོད་ཞིང་༔ སྲིད་པ་དག་མཉམ་འོད་དུ་སྣང་༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཉི་ཟླའི་གདན་སྟེང་འཇའ་འོད་ཀློང་༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ ཁྲོས་མ་མཐིང་ནག་གི་ཐོད་ཅན༔ གཞོན་ཚུལ་མཚན་དཔེ་ལང་ཚོ་འབར༔ སྤྱན་གསུམ་ནམ་མཁའི་མཐོངས་ལ་གཟིགས༔ སྐུ་དང་ཡེ་ཤེས་མངོན་དུ་བྱེད༔ ཞི་མ་ཁྲོ་འཛུམ་འོད་ཕུང་འབར༔ ནུ་མ་འབུར་ཞིང་པདྨོ་རྒྱས༔ ཁ་ཊྭཱཾ་དཀུར་བརྟེན་གར་སྟབས་བཞུགས༔ གཅེར་བུ་རུས་པའི་རྒྱན་གྱིས་སྤྲས༔ དབུ་སྐྲ་ལྗང་སྔོན་ལན་ཚར་ཅན༔ སྐུ་ཀློང་དྭངས་གསལ་ཆེན་པོའི་དབྱིངས༔ དུས་གསུམ་སངས་རྒྱས་ཡོངས་སུ་རྫོགས༔ སྐུ་ཡི་འོད་དང་འོད་ཟེར་གྱིས༔ ཁམས་

p. 558

གསུམ་འཁོར་བའི་སྣོད་བཅུད་ཀུན༔ སྐུ་དང་ཡེ་ཤེས་རོལ་པ་ཆེར༔ ཡེ་བབ་མངོན་བྱས་རྫོགས་སངས་རྒྱས༔ [ཞེས་གཙོ་མོ་ལ་ཟླ་བ་གཅིག་སོང་ནས། ཟླ་བ་གཉིས་པ་ལ།] སྟོང་ཉིད་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ སྣང་བ་ཐམས་ཅད་མངོན་དགའི་ཞིང་༔ སྲིད་པ་དག་མཉམ་འོད་དུ་སྣང་༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཉི་ཟླའི་གདན་སྟེང་འཇའ་འོད་ཀློང་༔ རང་ཉིད་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་ཕྱག་གཉིས་གྲི་ཐོད་ཅན༔ གཞོན་ཚུལ༴ [སོགས་གོང་བཞིན་གྱིས་རྡོ་རྗེ་མཁའ་འགྲོ་ལ་ཟླ་བ་གཅིག །ཟླ་བ་གསུམ་པ་ལ།] སྟོང་ཉིད་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ སྣང་བ་དཔལ་དང་ལྡན་པའི་ཞིང་༔ སྲིད་པ་དག་མཉམ་འོད་དུ་སྣང་༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཉི་ཟླའི་གདན་སྟེང་འཇའ་འོད་ཀློང་༔ རང་ཉིད་རིན་ཆེན་མཁའ་འགྲོ་མ༔ སེར་མོ་ཕྱག་གཉིས་གྲི་ཐོད་ཅན༔ གཞོན་ཚུལ༴ [སོགས་གོང་བཞིན་གྱིས་རིན་ཆེན་མཁའ་འགྲོ་ལ་ཟླ་བ་གཅིག །ཟླ་བ་བཞི་པ་ལ།] སྟོང་ཉིད་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་༔ སྲིད་པ་དག་མཉམ་འོད་དུ་སྣང་༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཉི་ཟླའི་གདན་སྟེང་འཇའ་འོད་ཀློང་༔ རང་ཉིད་

p. 559

པདྨ་མཁའ་འགྲོ་མ༔ དམར་མོ་ཕྱག་གཉིས་གྲི་ཐོད་ཅན༔ གཞོན་ཚུལ༴ [སོགས་གོང་བཞིན་གྱིས་པདྨ་མཁའ་འགྲོ་ལ་ཟླ་བ་གཅིག །ཟླ་བ་ལྔ་པ་ལ།] སྟོང་ཉིད་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ སྣང་བ་ལས་རབ་རྫོགས་པའི་ཞིང་༔ སྲིད་པ་དག་མཉམ་འོད་དུ་སྣང་༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཉི་ཟླའི་གདན་སྟེང་འཇའ་འོད་ཀློང་༔ རང་ཉིད་ཀརྨ་མཁའ་འགྲོ་མ༔ ལྗང་མོ་ཕྱག་གཉིས་གྲི་ཐོད་ཅན༔ གཞོན་ཚུལ༴ [སོགས་གོང་བཞིན་གྱིས་ལས་ཀྱི་མཁའ་འགྲོ་ལ་ཟླ་བ་གཅིག །ཟླ་བ་དྲུག་པ་ལ།] སྟོང་ཉིད་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ སྣང་བ་སྟུག་པོའི་བཀོད་པའི་ཞིང་༔ སྲིད་པ་དག་མཉམ་འོད་དུ་སྣང་༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཉི་ཟླའི་གདན་སྟེང་འཇའ་འོད་ཀློང་༔ རང་ཉིད་སངས་རྒྱས་མཁའ་འགྲོ་མ༔ མཐིང་གསལ་ཕྱག་གཉིས་གྲི་ཐོད་ཅན༔ གཞོན་ཚུལ༴ [སོགས་གོང་བཞིན་གྱིས་སངས་རྒྱས་མཁའ་འགྲོ་ལ་ཟླ་བ་གཅིག་སོང་ནས། ཡང་གཙོ་མོ་ཁྲོས་མའི་དམིགས་པ་ལ་འཇུག་པ་སོགས་སྔར་གྱི་འགྲོས་བཞིན་ཉམས་སུ་བླང་ངོ༌། །ཞེས་འདོན་ཆ་ནག་འགྲོས་སུ་བསྡེབས་པ་པོ་ནི་ཛྙཱ་ནའོ།། །།]

གཏེར་གསར་ཁྲོས་མ་ནག་མོའི་དབང་གི་མཚམས་སྦྱོར་མདོར་བསྡུས།

p. 560
p. 561

[གཏེར་གསར་ཁྲོས་མ་ནག་མོའི་དབང་གི་མཚམས་སྦྱོར་མདོར་བསྡུས་བཞུགས་སོ།] འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དབྱིངས་ཕྱུག་རྡོ་རྗེ་ཁྲོས་མ་ནག་མོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ཏེ་དོན་རིམ་གཉིས་ཀྱི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པས་ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་རང་སྣང་འོད་གསལ་ལ་ཟུང་འཇུག་ཡེ་ཤེས་ཆེན་པོའི་དབྱིངས་ལ་ཐ་དད་སྤྲོས་པའི་མཚན་མ་ཅི་ཡང་མི་དམིགས་ཀྱང༌། དེ་ཁོ་ན་ཉིད་ཀྱི་རང་རྩལ་མ་རྟོགས་ཏེ་འཁྲུལ་པའི་གཞན་དབང་དུ་ཤོར་ནས་འཁྱམས་པའི་ལུས་ཅན་མཐའ་དག་གི་གཟུང་འཛིན་འཕོ་བའི་རྩ་བ་གཅོད་པའི་གཉེན་པོར། སྟོང་པའི་རང་མདངས་བདེ་ཆེན་ཡུམ་གྱི་གསང་བ་ཟབ་མོ་དང་ཆོས་ཉིད་ཀྱི་སྟོབས་སུ་ཤར་ཏེ། ཆོས་སྐུ་ཀུན་ཏུ་བཟང་མོ་ཤེས་རབ་ཕར་ཕྱིན། ལོངས་སྐུ་གནམ་ཞལ་དབྱིངས་ཕྱུག་རིགས་ཀྱི་ཡུམ་ལྔ། སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ་རིགས་ལྔ་མཁའ་འགྲོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་

p. 562

ལོ་མངོན་པར་བཀོད་དེ་གསང་ཆེན་ངེས་པའི་རྒྱུད་དུས་གསུམ་དུ་བསྟན་ཅིང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ལུང་གི་ངེས་པས་གསང་བ་བཀྲོལ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཉམས་མྱོང་ཚད་མས་མན་ངག་གི་བཀའ་སྲོལ་གཏོད་པའི་ཤུལ་ལམ་ཆེན་པོ་གསལ་བར། དངོས་གྲུབ་རྣམ་པ་གཉིས་བརྙེས་པའི་རིག་པ་འཛིན་པ་བགྲང་བ་ལས་འདས་པ་དུས་གསུམ་དུ་གཤེགས་ཤིང་གཤེགས་ལ་གཤེགས་པར་འགྱུར་བ་ལས། འདིར་ནི་དཔལ་ཆེན་ཧེ་རུ་ཀ་དངོས་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་བཅུད། གྲུབ་པའི་སྤྱི་མེས་ས་ར་ཧ་པའི་ཞལ་ལུང༌། འབྲོག་བན་རྣམ་རོལ་ཁྲག་འཐུང་བདུད་འཇོམས་གླིང་པ་རྩལ་གྱིས་འོད་གསལ་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་སྒྲོམ་རང་བྱུང་རིག་པའི་ཆོ་འཕྲུལ་གྱིས་རྒྱ་བཀྲོལ་བ་ལས། འཛད་དུ་མེད་པའི་ཐུགས་གཏེར་ཆེན་པོ་བརྡོལ་བའི་ཡང་ཞུན་ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་མཁའ་འགྲོ་ཁྲོས་མ་ནག་མོ་སྲོག་གི་སྒྲུབ་པའི་དཀྱིལ་འཁོར་དུ་སྨིན་བྱེད་རྩ་བའི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་སྐབས་སུ་བབས་པ་ཡིན། དེ་ལ་བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་

p. 563

ངོ་སྐལ་དུ་གྱུར་པ་ཐོག་མར་བླ་མ་དང་མ་ཅིག་ཡེ་ཤེས་མཁའ་འགྲོ་དབྱེར་མེད་པའི་དྲུང་དུ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་མཛོད། །[ཅེས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་བཞུག །དེ་ནས་གསོལ་གདབ་སོགས་རྩ་བའི་དཀྱུས་ལ་འཇུག་གོ །ཞེས་པའང་མི་དབང་རིག་པ་འཛིན་པའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

ཁྲོས་མའི་ལས་བྱང་འབྲིང་པོའི་ཚོགས་སྐོང་འདོན་འགྲིགས།

p. 564
p. 565

[ཁྲོས་མའི་ལས་བྱང་འབྲིང་པོའི་ཚོགས་སྐོང་འདོན་འགྲིགས་ནི། ཐོག་མར་དབང་སྡུད་ཟིལ་གནོན།] ཕཊཊཊ༔ སྟོང་གསུམ་གྱི༴ [སོགས། རྐང་གླིང་གསུམ་འབུད་བཅས་ཌཱ་དྲིལ་འུར་ཆེམས་ཀྱིས།] ཕཊ༔ མ་དབུས་ཕྱོགས༴ [སོགས་མཐར་ཌཱ་འུར་བཞག་ཐབས། དེ་ནས།] ཧཱུྃ། ཨོ་རྒྱན་ཡུལ་གྱི༴ [སོགས་ཚིག་བདུན་མ་ལན་གསུམ། དགོངས་པའི་གནད་བསྐུལ།] ཨེ་མ་ཧོ༔ རྒྱལ་ཀུན་དགོངས་པ༴ [སོགས། མུ་ཏིག་ཕྲེང་མཛེས།] ཨེ་མ་ཧོཿ ཁྱབ་བདག་གདོད་མའི༴ [སོགས། སྐུ་ཕྲེང་གསོལ་འདེབས།] ཨེ་མ་ཧོ། བདེ་གཤེགས་སྙིང་པོའི༴ [སོགས་མཐར། རྐང་ཌཱ་འུར་བཅས་རྡོ་རྗེའི་གྲོང་འཕོ།] ཕཊཊཊ༔ རང་སྣང་དོན་གྱི༴ [སོགས་མཐར་ཌཱ་འུར་བཞབ་ཕྱེད།] དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། བདག་གི་སྤྱི་བོར༴ [སོགས་ཤློ་ཀའི་མཐར།] རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་ཁྲོས་མ་ནག་མོ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ [ཞེས་རྡོ་རྗེ་བསྡུ་རྒྱ་ནས།] ཕཊ༔ གཞི་སྣང་ལྷུན་གྲུབ༴ [སོགས་སྐྱབས་སེམས་ལན་གསུམ་དང༌།] ཕཊ༔ མ་ཁྱབ་བདག་ཡེ་ཤེས༴ [སོགས་ཡན་ལག་བདུན་པ་བཅས་ལ་རྡོར་གསོར་དྲིལ་གསིལ།] ས་ཐོབ་ཤོག༔ ཛཿཧཱུྃ་བྃ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར།

p. 566

རྐང་༣བཅས་ཌཱ་དྲིལ་འུར་ཆེམས་ཀྱིས། ཕཊ༔ ཀ་དག་སྤྲོས་བྲལ༴ [སོགས་བྱིན་འབེབས་མཐར་རྐང་༣ཌཱ་འུར་ནས།] ཕཊ༔ སྣང་བ་མཐའ་བྲལ༴ [སོགས་མཆོད་རྫས་བྱིན་རླབས་མཐར་རྐང་༣ཌཱ་འུར་གྱིས།] ཕཊཊཊ༔ ཡེ་གཞི་ཀ་དག༴ [སོགས་ལྷ་བསྐྱེད་མཐར།] རྫོགས་པ་ཆེན་པོའི་ངང་དུ་ཞིག༔ [ཅེས་ཌཱ་འུར་བཅད།] དེ་ལྟར་གསལ་བའི༴ [སོགས་ལྷུག་འདོན། སྔགས་ལན་གསུམ་རིང་རྡོར་གསོར་དང་དྲིལ་གསིལ་མཐར་རྡོ་རྗེ་ནང་འདྲེན། རྐང་༤བཅས་ཌཱ་འུར་གྱིས།] ཕཊ༔ སྐྱེད་འགགས་འགྱུར་མེད༴ [སོགས་སྤྱན་འདྲེན་མཐར་རྐང་༣ཌཱ་འུར་ནས།] ཕཊ༔ མ་བཅོས་ལྷུན་གྲུབ༴ [སོགས་བཞུགས་གསོལ་ཕྱག་འཚལ་སྦྲེལ་མཐར་ཌཱ་འུར་ནས།] ཕཊ༔ སྣང་སྲིད་གཟུང་འཛིན༴ [སོགས་མཆོད་མཐར་རྐང་༡བཅས་ཌཱ་འུར་ནས།] ཕཊ༔ མ་ཐིག་ལེ༴ [སོགས།] དགོངས་པར་རློབས༔ [ཞེས་ཌཱ་རུ་བཅད] མ་མཁའ་འགྲོའི༴ [ སོགས། ཡིག་བརྒྱ་ལ་ཌཱ་དྲིལ་འུར་ཆེམས་ནས་བཞག་ཐབས་ཀྱིས་ཌཱ་དྲིལ་རང་གནས་སུ་འཇོག །]ཧཱུྃ༔ རང་ཉིད་ཁྲོས་མའི༴ [སོགས་ཀྱིས་ཛཔྲ་དམིགས་གསལ་བཏབ་ལ་བསྙེན་པ། ༡༠༠༠] རྒྱལ་བའི་དཀྱིལ་འཁོར༴ [སོགས་ཀྱིས་སྒྲུབ་སྔགས། ༥༠༠] མེ་དཔུང་མཚོན་ཐུན༴ [སོགས་ཀྱིས་ལས་སྔགས་ཙམ་བཟས་རྗེས་]མ་ཅིག་ཁྲོས་མ་ནག་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྐད་ཅིག་ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག །ཨ་ཨཱ། ཨི་ཨཱི། [སོགས་དབྱངས་

p. 567

གསལ་ཡིག་བརྒྱ་རྟེན་སྙིང་བཅས་སྦྲེལ་ཏེ་ལན་གསུམ་མཐར།] ཕཊ༔ སྣང་སྲིད་གཟུང་འཛིན༴ [སོགས་མཆོད་པའི་སྔགས་ལ་ཌཱ་འུར་བཅད།] ཕཊ༔ མ་ཐིག་ལེ༴ [སོགས་ནས། དགོངས་ངར་རློངས༔ ཞེས་བསྟོད།] ༈ [དེ་ནས་གསོལ་ཁ་ལ་སྲོག་བདག་རྣམ་བཞི།] ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ༴ ཨོཾ་ཨཱཿཧཱུྃ༔ [ལན་གསུམ་མཐར་རྐང་༣བཅས་ཌཱ་འུར་གྱིས།] ན༔ འོག་ཕྱོགས་འཇིག་རྟེན༴ [སོགས་ནས།] བི་ལིཾ་ཏ་ཁཱ་ཧིཿ [ཞེས་ཌཱ་བཅད།] ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག །ཨོཾ་ཨཱཿཧཱུྃ༔ [ལན་གསུམ་མཐར་རྐང་༣བཅས་ཌཱ་འུར་ནས།] ཡ༔ ལྷོ་ཕྱོགས་འཇིགས་རུང་༴ [སོགས།] ཁཱཧི༔ [ཞེས་ཌཱ་བཅད།] ན་མཿསརྦ༴ [སོགས་མཛོད་སྔགས་ལན་གསུམ་མཐར། རྐང་༣བཅས་ཌཱ་འུར་ནས།] ཙ༔ ནུབ་ཕྱོགས་བཙན་ཡུལ༴ [སོགས།] ཁཱ་ཧི༔ [ཞེས་ཌཱ་བཅད། ཡང་མཛོད་སྔགས་མཐར། རྐང་༣བཅས་ཌཱ་འུར་ནས།] མ༔ བྱང་ཤར་མུ་ལེ༴ [སོགས།] བ་ལིཾ་ཏ་ཁཱ་ཧི༔ [ཞེས་ཌཱ་བཅད།] ཨོཾ་བཛྲ་ཀྲོ་དྷི༴ [སོགས་རྩ་སྔགས་ལན་གཅིག་བརྗོད་པས་ཡི་དམ་གྱི་ང་རྒྱལ་བསྐྱེད་ནས། ཌཱ་བཅས་གཟའི་མངོན་རྟོགས།] ཧཱུྃ༔ མདུན་དུ་དུར་ཁྲོད༴ [སོགས།] གཉིས་མེད་གྱུར༔ [ཅེས་ཌཱ་བཅད། རྡོར་

p. 568

གསོར་དྲིལ་གསིལ་བཅས།] ཧོ་དགོངས་སུ་གསོལ༴ [སོགས་ལན་གསུམ་མཐར། རྐང་༣བཅས་ཌཱ་འུར་ནས།] ཀྵ༔ དད་པ་དང་ནི༴ [སོགས་ནས་མཆོད་བསྟོད་མཐར།] མ་འདའ་ས་མ་ཡ༔ [ཞེས་ཌཱ་བཅད།] བདག་ཡི་དམ༴ [སོགས་ཀྱིས་འབོད་སྔགས༡༠༠། རྦད་སྔགས༥༠། བསད་སྔགས་༢༥ཙམ་བཟླས་མཐར།] རཾ་ཡཾ་ཁཾ། ཨོཾ་བཛྲ་ཨ་མྲྀ་ཏ༴ ན་མཿསརྦ༴ [སོགས་མཛོད་སྔགས་ལན་གསུམ་མཐར། རྐང་༣བཅས་ཌཱ་༢འུར་ནས།] ཛཿནམ་མཁའི་ཀློང་དང་༴ སོགས་སྒྲོལ་ཅིག་ས་མ་ཡ༔ [ཞེས་ཌཱ་བཅད།] ཨོཾ་བཛྲ་ཨ་མྲྀ་ཏ༴ སྭབྷཱ་ཝ༴ སྟོང་པའི་ངང་ལས༴ [སོགས་མཛོད་སྔགས་ལན་གསུམ་མཐར་ཌཱ་འུར་ནས།] ཨོཾ་ཨཱཿཧཱུཾ༔ ཆོས་ཉིད་སྒྱུ་མར༴ [སོགས་སྤྱིའི་གསོལ་བསྡུས་མཐར།] ས་མ་ཡ༔ [ཞེས་ཌཱ་འུར་བཞག་ཐབས།] ༈ [དེ་ནས་བཤགས་པ་ལ།] རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར། ཨེ་མ་ཧོཿ རང་གི་མདུན་གྱི༴ [སོགས་ནས་ཞི་བར་ཡིག་བརྒྱ་གྲངས་གང་འོས་དང༌། ཁྲོ་བོ་ལའང་དེ་མཚུངས།] ཧཱུྃ༔ སྣང་བ་སྣོད་ཀྱི༴ [སོགས་སྨན་རཀ་གཏོར་མ་མར་མེ་རྣམས་ཀྱི་མཚམས་སུ་ཌཱ་འུར་ཆེམས་ཉིས་བཅད་རེ།] ཧོཿ ཉན་ཐོས་རང་རྒྱལ༴ [སོགས་ནས།] སངས་རྒྱས་ཤོག༔ [བར།] ༈ [དེ་ནས་ཚོགས་གྲངས་བསགས་སྐབས་ཁྲོས་ཆུང་གི་ཚོགས་བསྡུས། ཌཱ་འུར་ནས།] ཕཊ༔ བེམ་པོ་ཚོགས་དང་༴ [སོགས།] དག་མཉམ་རོལ༔ [ཞེས་ཌཱ་བཅད།] ཕཊ༔ ཕྱི་ནང་གསང་བའི༴ [སོགས།] ས་ཐོབ་ཤོག༔

p. 569

[ཌཱ་བཅས།] ཕཊ༔ དངོས་འབྱོར་ཡིད་ཀྱིས༴ [སོགས།] ཡོངས་གྲུབ་མཛོད༔ [ཡང༌།] བེམ་པོ་ཚོགས་དང་༴ [སོགས་སྦྲེལ་ཏེ་གྲངས་གང་འོས་བསགས། དེ་ནས་གཞུང་གི་ཚོགས།] ཕཊ༔ རང་རིག་ཡེ་ཤེས༴ [སོགས།] རྫོགས་པར་གྱུར༔ ཕཊཊཊ༔ [རྐང་༣བཅས་ཌཱ་འུར་ནས།] ཕཊ༔ རང་སྣང་དོན་གྱི༴ [སོགས་ནས།] སྐུར་བཞེངས་དུས་ལ་བབ༔ ཕཊཊཊ༔ [ཅེས་རྐང་༣བཅས་ཌཱ་འུར་ནས།] ཕཊཊཊ༔ བཀའ་བརྒྱུད་བླ་མ༴ [སོགས།] ཡི་རང་ཚིམ་གྱུར་ཅིག༔ ཕཊཊཊ༔ ཅེས་ཌཱ་བཅད། ན་མཿསརྦ༴ [སོགས་མཛོད་སྔགས་ལན་བདུན་མཐར་བསྐང་བ།] ཨོཾ་ཨཱཿཧཱུཾ༔ སྣོད་བཅུད་འདོད་ཡོན༴ [སོགས།] བྱིན་གྱིས་རློབས༔ [རྐང་༣བཅས་ཌཱ་འུར་ནས།] ཕཊཊཊ༔ གཞི་དབྱིངས་གྲྭ་ཟུར༴ [སོགས།] རྒྱ་མཚོ་སྟོང་གྱུར་ཅིག༔ [ཅེས་ཌཱ་འུར་ནས་བཞག་ཕྱེད།] དཔང་གྱུར་དཀོན་མཆོག༴ [སོགས་]དངོས་གྲུབ་སྩོལ༔ [ཡིག་བརྒྱར་དྲིལ་གསིལ།] ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚོགས་ཐ་མ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ [རྐང་༣ཌཱ་འུར་ནས།] ཕཊཊཊ༔ ཡེ་ཤེས་ལྔ་ཡིས༴ [སོགས།] ས་ལ་སྦྱོར༔ ཕཊཊཊ༔ [ཅེས་རྐང་༣བཅས་ཌཱ་འུར་ནས།] དུག་གསུམ་ཉོན་འཁྲུལ༴ [སོགས།] ཁཱ་ཧི་སྟོབ༔ ཕཊཊཊ༔ [ཅེས་ཌཱ་འུར་ནས།]

p. 570

གནས་ཡུལ་བསྐང་བ། ཧཱུྃ༔ སྣང་སྲིད་དག་པ༴ [སོགས།] གདིང་ཐོབ་ཤོག༔ [ཅེས་ཌཱ་འུར་བཞག་ཐབས།] ཨོཾ་ཨཱཿཧཱུཾ༔ གསང་སྔགས་བླ་ན༴ [སོགས།] སིངྡྷི་ཕ་ལ་ཧཱུྃ་ཨཱ༔ [བར་འདིར་བསམ་ལྷུན་སོགས་གསོལ་འདེབས་གང་འོས་བྱ། ལྷག་མ་ལ།] ཨོཾ་ཨཱཿཧཱུཾ༔ [ལན་གསུམ།] ལྷག་མའི་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར། [རྐང་༣བཅས་ཌཱ་འུར་ནས།] ཕཊ༔ རྡོ་རྗེ་རིགས་ཀྱི༴ [སོགས།] ཁཱ་ཧིཿ [ཞེས་ཌཱ་འུར་བཞག་ཐབས།] ཡེ་ཤེས་མཁའ་འགྲོའི་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །[ཅེས་སྨོན་ལམ་བཏབ།] ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོང་མ་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ [རྐང་༣བཅས་ཌཱ་འུར་ནས་ཁྲོས་ཆུང་གི་བསྐུལ་བ།] ཧཱུྃ༔ སྤྲོས་བྲལ་བདེ་བ༴ [སོགས།] ཆེན་པོར་སྒྲོལ༔ [ཅེས་རྐང་༣བཅས་ཌཱ་འུར་ནས།] ཕཊ༔ དཔལ་མགོན་བདུན་ཅུ༴ [སོགས།] དམ་ཚིག་གོ༔ [ཞེས་ཌཱ་འུར་ནས་བཞག་ཕྱེད།] ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དམ་སྲི་སྒབ་འདྲེ་ལོག་པར་འདྲེན་པ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་

p. 571

འོག་ཏུ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ [ཌཱ་འུར་ནས།] ཕཊ༔ ཡེ་ཤེས་ལྔ་ཡི༴ [སོགས།] སྟམྦྷ་ཡ་ནན༔ [ཞེས་ཌཱ་འུར་བཞག་ཐབས།] བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུ་ཥྚིཾ་ཀུ་རུ་ཧོཿ [ཞེས་གཏོར་གཞོང་དུ་འབྲུ་འཐོར།] ཕཊ༔ སྐུ་གསུམ་སྒྱུ་འཕྲུལ༴ [སོགས།] སིངྡྷི་ཕ་ལ་ཧཱུྃ༔ ཕཊ༔ སྣང་སྲིད་གཟུང་འཛིན༴ [སོགས་མཆོད་པའི་སྔགས་ལ་ཌཱ་འུར་ཉིས་བཅད།] ཕཊ༔ མ་ཐིག་ལེ༴ [སོགས་ནས།] དགོངས་པར་རློབས༔ བར། ཕཊ༔ བདག་གི་ཚེ་རབས༴ [སོགས་ཡིག་བརྒྱར་༣དྲིལ་གསིལ།] ཕཊ༔ བདག་གི་དུས་གསུམ༴ [སོགས་ལན་གསུམ།] ཕཊ༔ སྣོད་བཅུད་སྣང་སྲིད༴ [སོགས།] ཆེན་པོར་སྤྱོད༔ ཕཊཊཊ༔ ཨོཾ་ཡེ་དྷརྨཱ༴ [སོགས།] དཀོན་མཆོག་གསུམ་གྱི༴ [སོགས།] ཕུན་ཚོགས་བཀྲ་ཤིས་ཤོག༔ [ཅེས་ཌཱ་རུ་འུར་ཆེམས་སུམ་ཕྲུགས་མཐར་བཞག་ཐབས་བྱ། དེ་ནས་རྒྱུན་སྲོལ་སྨོན་ལམ་གང་འོས་ཀྱིས་ལེགས་པར་གྲུབ་བོ། །ཞེས་པའང་བློ་གསར་བུ་རྣམས་ལ་ཕན་པའི་ཕྱིར་དུ་འཇིགས་བྲལ་ཡེ་ཤེས་ཟིན་བྲིས་སུ་བཏབ་པ་དགེ། །།]

མཁའ་འགྲོ་ཁྲོས་མའི་འདུལ་གྱི་འདོན་འགྲིགས་ཟིན་བྲིས།

p. 572
p. 573

[མཁའ་འགྲོ་ཁྲོས་མའི་འདུལ་གྱི་འདོན་འགྲིགས་ཟིན་བྲིས་བཞུགས།] ན་མོ་གུ་རུ་བཛྲ་ཀྲོ་དྷི་ཀ་ལི་ཡེ། [འདིར་ཟབ་མོ་གཅོད་ཀྱི་གདམས་པ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་འདུལ་གྱི་ལག་ལེན་འདོན་འགྲིགས་ཟིན་བྲིས་སུ་འགོད་པ་ལ། བཅས་ཤོམ་གྱི་རིམ་པ་རྣམས་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ཏེ། ཆོ་ག་དངོས་ལ། ཐོག་མར་དབང་སྡུད་ཟིལ་གནོན་པདྨ་རྒྱས་པའི་ཆུན་འཕྱང་བཞིན།] ཕཊཊཊ༔ རང་ཉིད་སྐད་ཅིག་གིས༴ [སོགས་ནས།] མཐོང་གྲོལ་ཤོག༔ [ཅེས་དང༌། ཉིན་ཞག་སྤྲེལ་མའི་ཚེ་སེང་གེའི་ང་རོ་གཉིས་རེས་མོས། འདིར་སྨྱོན་པ་སོགས་གདོན་ཚབ་ཆེ་བ་ལ་གཡང་གཞིས་བྲབ་དགོས་པ་བྱུང་ཆེ་གཅོད་ཡུལ་ལྷ་མོའི་གར་མཁན་ལས།] ཕཊཊཊ༔ རང་ཉིད་སྐད་ཅིག་གིས༴ [སོགས་ནས།] གྱིས་ཤིག༔ ཕཊཊཊ༔ [ཅེས་སྦྱར་མཐར་ཟིལ་གནོན་བྱ། གང་ལྟར་ཡང་མཐར་དཀར་འགྱེད་གཏོང༌། དེ་ནས་སྔོན་འགྲོ།] ཀྱེ༔ རྒྱལ་དང་རྒྱལ་སྲས༴ སོགས་ནས། ད་འཁོར་འདས་དག་མཉམ་ཨ་ལ་ལ༔ ཕཊཊཊ༔ བར། ཧཱུྃ༔ ཨོ་རྒྱན་ཡུལ་གྱི༴ སོགས་ཚིག་བདུན་གསོལ་འདེབས་ལན་གསུམ། སྤྲོས་བྲལ་ཆོས་དབྱིངས་མ་ལྷུ་གསུམ། ཨེ་མ་ཧོཿ རྒྱལ་ཀུན་དགོངས་པ༴ [སོགས་དགོངས་པའི་གནད་བསྐུལ།] བརྒྱུད་པའི་གསོལ་འདེབས། སྐུ་ཕྲེང་གསོལ་འདེབས། མཁའ་འགྲོའི་གསོལ་འདེབས་དབང་བཞིའི་ཆུ་རྒྱུན། སྒོ་གསུམ་རྡོ་རྗེའི་གྲོང་འཕོ་བཅས་བྱ། དེ་ནས་ལས་བྱང་རྒྱས་འབྲིང་གཉིས་གང་འོས་ཀྱི་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་

p. 574

དུ་བཏང༌། ཛཔྲ་དགོངས་གསལ་བཏབ་ནས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཅི་འགྲུབ་མཐར་བསྙེན་བསྟོད་བྱས་ལ། སྲོག་བདག་རྣམ་བཞི་དང་གཟའི་གསོལ་མཆོད་སོགས་ཀྱི་རྗེས་ཁྲ་འགྱེད་གཏོང༌། དེ་ནས་བཤགས་པ་རྒྱས་བསྡུས་གང་འོས་མཐར་ཚོགས་བསྐང་ནས་དངོས་གྲུབ་རོལ་པའི་བར་དུ་བཏང་རྗེས། འདུལ་དངོས་ལ་སྲི་འདུལ་གཞུང་བཞིན། ཕཊཊཊ༔ ང་ནི་ཁྲོས་མ་ནག་མོ༴ [སོགས་ནས།] ལས་མཛོད་ཅིག༔ [བར་འདིར་མཁའ་འགྲོ་འབུམ་བསྐུལ།] ཕཊཊཊ༔ ཆོས་དབྱིངས་དབུས་མཐའ༴ [སོགས་ནས།] ཙམ་ཡང་མེད་པར་མཛོད༔ [ཅེས་དང༌། སྲོག་བདག་རྣམ་བཞིའི་བསྐུལ་བ་གཉན་ཆ་ཆེ་བས་དཀྱུས་སུ་མི་བྱ། དེ་ནས་གཟུ་དཔང༌།] ན་མོ༔ དཀོན་མཆོག་གསུམ་པོ༴ [སོགས་ནས།] ས་མ་ཡ༔ [སྲི་འདུལ་བཞིན་ཨེ་ཁང་བསྐྱེད་པ།] ཕཊཊཊ༔ ཨེ་བཾ་ལཾ་རཾ༴ [སོགས་ནས།] གཉིས་མེད་དུ་ཐིམ་པར་གྱུར༔ ཕཊ༔ ན་མོ༔ དཀོན་མཆོག་གསུམ་དང་༴ [སོགས་འགུག་གཞུག་བརྒྱ་རྩ་སོགས་ཅི་མང་མཐར།] ཕཊཊཊ༔ ཧཱུྃ༔ སྟེང་ཕྱོགས་ནམ་མཁའི༴ [སོགས་ཕོ་ཉ་འགྱེད་པ་ནས་གབ་བསྐུང་དབྱུང་བའི་བར་བཏང་ལ་མཚམས་རྣམས་སུ་བྱང་བུ་བྱོ་བླུགས་བྱས་ལ་ཁུག་མ་ཁུག་ལེགས་པར་བརྟག །དེ་ནས་འོག་གི་སྲི་གཤིན་དབྱེ་བ།] ཕཊཊཊ༔ རང་ཉིད་ཁྲོས་མའི་ཐུགས་ཀ་ནས༴ [སོགས་ནས།] མི་མཐོང་བར་གྱུར༔ ཕཊཊཊ༔ [ཡང་འོག་གི་ཕུར་པ་བསྐྱེད་ཆོག །]བདག་ཉིད་ཁྲོས་མའི་ཕྱག་གཡས༴ [སོགས་ནས།] ས་མ་ཏི་སྟཱཾ༔ ཕཊཊཊ༔ [གོང་གི་དབང་བསྐུར་]

p. 575

ཨོཾ༔ ཡེ་ཤེས་སྐུ་ཡི༴ [སོགས་ནས།] ཀརྨ་ཨ་བྷི་ཥིཉྩ་ཧཱ༔ [འོག་གི] ། ཅེས་བརྗོད་པས་ཕུར་པའི་ཚྭ་ཚྭ༴ [སོགས།] བིགྷྣཱན་བཾ་ཧཱུྃ་ཕཊ༔ [གོང་གི་ཚེ་ལུང༌།] སྐུ་གསུམ་ལྷུན་གྲུབ་ཀྱི༴ [སོགས་ནས་ཁྲུས་ལུང་གི །]ཨ་པ་ན་ཡེ་སྭཱ་ཧཱ༔ [འོག་གི་ཕུར་གདབ།] ཨོཾ༔ སྐུ་གསུམ་ལྷུན་གྲུབ༴ [སོགས་ནས།] ཀུན་ཏུ་བཟང་པོའི་ས་ཐོབ་ཤོག༔ ཕཊཊཊ༔ [གོང་གི་གནས་ལུང༌།] གྲི་སྲི་གནོད་བྱེད༴ [སོགས་ནས།] སངས་རྒྱས་པར་བསམ༔ ཕཊཊཊ༔ [གོང་གི་ཐུན་བཞི་གདབ་པ།] ཕཊཊཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ༴ [སོགས་ཀྱི་མཐར་འོག་གི་མཚོན་ཆ་སྣ་ཚོགས་ཀྱིས་གདབ་པ།] ཧཱུྃ་ཕཊ༔ མ་ཁྲོས་མ་ནག་མོའི༴ [སོགས་དང༌། ཐུན་རྫས་སྣ་ཚོགས་གདབ་པ།] ཧཱུྃ༔ ཕུར་ཐུན་དྲག་པོས༴ [སོགས་ནས] མཱ་ར་ཡ་རྦད་སོད༔ [འོག་གི་འདུལ་ཆས་རྣམས་ཀྱིས་གདབ་པ།] ཕཊཊཊ༔ མ་སྐུ་གསུམ༴ [སོགས་ནས།] སརྦ་ཏྲི་ཛཿརྦད་ནན༔ [གོང་གི་ཐོ་བ་རྡུང༌།] ཕཊཊཊ༔ དབུས་ཕྱོགས་གཏུམ་དྲག༴ སོགས་ནས། ཏ་ཐ་ཡ་རྦད་ཕཊ༔ [འོག་གི།] ཕཊ༔ ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ༴ [སོགས།] བཞུགས་པར་བསྒོམ༔ ཕཊཊཊ༔ [ཡང་འོག་གི།] ཕཊཊཊ༔ བདག་གི་རིག་པ༴ [སོགས་མཐར་ཆགས་སུ་བཏང་ལ་སྔགས་ཅི་འགྲུབ་བཟླས་མཐར་དམར་འགྱེད་གཏོང༌། འདུལ་དཀར་བྱང་ཆོག་ཚེ་འདས་རྗེས་འཛིན་གནས་ལུང་ཁྲུས་ལུང་ལྟར་རམ། གཤིན་པོ་རྗེས་འཛིན་ཐར་པའི་ཐེམ་སྐས་གང་འོས་བྱ། དེ་

p. 576

ནས་ལྷག་མ་དང་བསྐུལ་བ་ཆད་བརྟན་ནས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐར་དབྱུང་ངོ༌། །]༈[ཉིན་རྗེས་མའི་སྐབས་སུ་གོང་གི་འདུལ་ནག་གྲུབ་པ་དང་མེ་ཧོམ་བསྲེག་རྫས་ཤིང་བྱང་རྩང་སོགས་མར་ནག་དང་སྦྱར་ཏེ་མཁའ་འགྲོའི་མེ་གཏད་ཟབ་མོ་བཞིན་ཧོམ་མཆོད་བྱས་མཐར་འདུལ་དཀར་སྔར་བཞིན་གྱིས་མཚན་བྱང་བཞུ། ལྷག་མའི་མཇུག་ཏུ་ཟུར་བྱང་བཞིན།] ཛ༔ རྡོ་རྗེའི་རིགས་ཀྱི༴ [སོགས་ཀྱིས་སྒོ་དབྱེ་བྱའོ། །]༈[དེ་ནས་ཟོར་ལས་རྒྱས་པར་སྤྲོ་ན། ཕྱི་རོལ་གོམ་པ་བདུན་ཅུའི་སར་རམ་ནད་པ་གདོན་ཅན་སོགས་ལ་གཏོར་རྒྱག་བྱེད་སྐབས་ནད་པའི་མདུན་དུ་རེ་ནག་བཀྲམ་པར་ལིངྒ་བཀོད་ལ་དེ་ཉིད་ནད་འདྲེ་གདོན་བགེགས་དངོས་སུ་དམིགས་ལ་གདབ་པ་སྟེ། གང་ལྟར་ལས་བྱང་རྒྱས་པ་བཞིན་བསྐུལ་གཏོར་མ་དམིགས་བྱ་འགུགས་བསྟིམས་དང་བཅས་བསྐུལ་བ་དང་ཆད་མདོ་བསྒྲགས་མཐར་འོག་གི་ཟོར་ལས།] ཧཱུྃ༔ ང་ནི་ཁྲོས་མ༴ [སོགས་རིམ་པར་མཁའ་འགྲོ་རེ་རེ་བཞིན་དུ་མཇུག་གི་དྲག་སྔགས།] ཨོཾ་ཤྲཱི་བཛྲ་ཀྲོ་དྷི༴ [སོགས་སྦྱར་ལ་གཏོང་མ་དགུ་པོ་སོ་སོར་འཕེན། དེ་ནས།] ཕཊ༔ དཀར་མོ་ཤ་ཟ༴ [སོགས་ལ་དྲག་སྔགས་གོང་བཞིན་སྦྱར་ཏེ་གཏོར་ཟོར་རྣམས་སོ་སོར་འཕང་མཐར། གོང་གི།] ཕཊ༔ ང་ནི་ཁྲོས་མ༴ [སོགས་ནས།] འབྲུག་ལྟར་ལྡིར༔ [འོག་གི།] ཕུར་པའི་དབལ་ཟོར་ཤ་ར་ར༔ སྡང་བའི་དགྲ་ལ་དྲག་ཏུ་འཕེན༔ དགྲ་དཔུང༴ [སོགས་མཇུག་གི་སྔགས་བཅས་ཀྱིས་འཕེན། དེ་བཞིན་དུ་འགྲེས་སྦྱར་ལ་ཟོར་ཆ་དགུ་པོ་ལྷུ་སོ་སོར་ཕྲལ་ཏེ་འཕང་ལ་རྗེས་བཅད། ཡང་ཟོར་ལས་བསྡུས་པའི་ཚེ་

p. 577

གོང་གི།] ཕཊ༔ ང་ནི་ཁྲོས་མ༴ [སོགས་ནས།] གཏོར་ཟོན་ཐོག་ལྟར་འབེབས༔ [འོག་གི།] སྡང་བའི་དགྲ་ལ༴ [སོགས་དྲག་སྔགས་བཅས་ཕྱོགས་དང་བསྟུན་ལ་འཕང༌། དེ་ནས་བརྟན་མ་བསྐྱང་བ་གཞུང་བཞིན་མཐར་མནན་པ་ལ། སྒོ་དྲུང་སོགས་གང་དུ་མནན་པའི་ས་དམིགས་སུ་དོང་གྲུ་གསུམ་བྲུས་པར་སྔར་གྱི་སྲེག་ཐལ་རྣམས་བླུགས་ལ། མེ་གཏད་མཇུག་གི །]ཕཊཊཊ༔ རང་ཉིད་ཁྲོས་མ་ནག་མོ༴ [སོགས་ནས།] བཛྲ་ས་མ་ཡ༔ [ལས་བྱང་གི་བྲོ་བརྡུང༌།] ཕཊཊཊ༔ དབུས་ཕྱོགས་ལྷུན་གྲུབ༴ [སོགས་ཀྱི་མཐར་ཕྱི་ལམ་བཅད་པའི་ཁྱུང་ཐོ་བཞག་ལ་ནང་དུ་ལོག་ནས་དམར་འགྱེད་གཏོང༌། དེ་ནས་བླ་ཚེ་འགུགས་པ་ཐུགས་རྗེའི་ལྕགས་ཀྱུ།] ཧཱུྃ༔ ཆོས་སྐུ་ཡུམ་ཆེན༴ [སོགས་ནས།] སརྦ་སིངྡྷི་ཧྲཱིཿ [གཞུང་གི་དངོས་གྲུབ་ལེན་པ།] ཕཊ༔ ཆོས་སྐུ་ཡུམ་ཆེན༴ [སོགས་ཀྱི་མཐར་སྒྲུབ་གཏོར་དང་ཚེ་རིལ་ཆང་སོགས་དངོས་གྲུབ་ལ་ལོངས་སྤྱོད། དེ་ནས་གཏང་རག་གི་མཆོད་བསྟོད་སོགས་ནས་བཀྲ་ཤིས་ཀྱི་བར་མཐར་དབྱུང་བས་ལེགས་པར་གྲུབ་བོ། །ཞེས་པའང་བླ་མ་དམ་པའི་ཕྱག་བཞེས་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྗེད་བྱང་ཟིན་བྲིས་སུ་བཏབ་པ་དགེ། །།]

ལུས་གདོན་མཁའ་འགྲོའི་ཞལ་བསྟབ་བམ་བསྟབ་པ་ཆ་བཅུར་གྲགས་པ།

p. 578
p. 579

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [འདིར་ལུས་གདོན་མཁའ་འགྲོའི་ཞལ་བསྟབ་བམ་བསྟབ་པ་ཆ་བཅུར་གྲགས་པ་ཉིད་བྱ་བ་ལ། ནད་པའི་མདུན་དུ་འཕྱར་བ་ལྟ་བུའི་གཞི་གདན་བཏིང་བའི་དབུས་སུ་བམ་གཟུགས་ནད་པ་ཕོ་མོ་གང་ཡིན་གྱི་རྟགས་ཅན་ཆེ་བརྗིད་སྐྱེ་མཆེད་ཚང་བའི་གན་རྐྱལ་དུ་བཞག །དེའི་མཐའ་སྐོར་གྱི་ཕྱོགས་བཞི་མཚམས་བཞི་དང༌། སྟེང་དང་འོག་གཉིས་ཤར་ནུབ་ཀྱི་ཕྱི་ངོས་སུ་རྩིས་པར་དམར་གཏོར་བྲི་རིས་ཅན་མཛུབ་གང་བ་བཅུ་ཁ་ནང་བསྟན་དུ་འཇོག་ཅིང༌། དེ་རེ་རེའི་རྒྱབ་ཏུ་ཆང་བུ་རེ་དང་ཤ་དུམ་རེ་བཅས་བཀོད་ལ། ལྷ་འདྲེའི་ཚིག་ལོག་འདྲིལ་བ་ལྟར།] ཕཊཊཊ༔ རང་ཉིད་སྐད་ཅིག་གིས་[སོགས་གཡང་གཞི་བྲབ་པ་ལན་གསུམ་ནས།] གྱིས་ཤིག༔ ཕཊཊཊ༔ དབང་སྡུད་ཟིལ་གནོན། ཕཊཊཊ༔[སྟོང་གསུམ་གྱི་སོགས། རྐང་གསུམ་ཌཱ་དྲིལ་འུར་ཆེམ་གྱིས།] ཕཊ༔ མ་དབུས་ཕྱོགས་[སོགས་མཐར་ཌཱ་བཅད་དེ།] ཕཊ༔ ཡེ་གཞི་ཀ་དག་སོགས་ནས་དགོངས་པར་རོལ༔ [ཅེས་ཌཱ་འུར་བཞག་ཐབས། བསྟབ་པ་གཞུང་གི།] ཕཊ༔ རང་དང་བསྲུང་བྱའི་སོགས་ནས་འགུགས་གཞུག་ལ་རྐང་གསུམ་ཌཱ་འུར་ཉིས་བཅད། འགུགས་གཞུག་མང་ཉུང་དོ་གལ་དང་བསྟུན་ཅིང་ཉེར་གཅིག་གི་ཚེ་བདུན་རེའི་མཚམས་སུ་ཌཱ་རེ། འགུགས་པ་གྲུབ་ནས་བམ་རོ་བསིལ་ཏེ། མགོ་བོ་ཤར་གྱི་ཤར། ལག་གཡས་ཤར། ལག་གཡོན་ལྷོ། རྐང་གཡོན་ནུབ། རྐང་གཡས་བྱང༌། ཁོག་སྟོད་ཕྱེད་གཤག་བཏང་བའི་རྩིབས་གཡས་ཤར་ལྷོ། ནུ་མའི་འོག་ནས་ལྟེ་བའི་བར་བཅད་པ་ནམ་མཚུངས་ལྷོ་ནུབ། རྩིབས་གཡོན་ནུབ་བྱང༌།

p. 580

ལྟེ་བ་མན་གྱི་སྨད་སྡེབ་རྒྱབ་ཕྱོགས་ཚང་ར་བྱང་ཤར། དེའི་མདུན་ཕྱོགས་ཟུར་དུ་དབྱེ་བ་ནང་རོལ་ནུབ་ཏུ་བཀོད་ལ། རྐང་བཞི་ཌཱ་འུར་སྤྱན་འདྲེན་རྟས། ཕཊ༔ མ་དབུས་ཕྱོགས་སོགས། བར་ཆད་སོལ༔ ཕཊཊཊ༔ ཅེས་ཌཱ་འུར་བཞག་ཕྱེད། མཆོད་གཡོག་གིས་ཐེབ་རྩེར་མགོ་བོ་བཤམས་པ་བཏེགས་ལ། ཁྲོས་ཆུང་རྟས། བསྲུང་བྱའི་ལས་དང་[སོགས།] ཞལ་དུ་བསྟབ༔ ཕཊཊཊ༔ [ཅེས་ཕྱི་རོལ་གྱི་སྟེང་ཕྱོགས་སུ་འབུལ། གཏོར་མ་བཏེགས་ལ། གཏི་མུག་ལས་བྱུང་སོགས་ཀྱིས་གོང་གི་ཕྱོགས་སུ་ཕུལ། ཆངས་བུ་ཤ་དུམ་ཐོགས་ལ།] གཏི་མུག་ལས་བྱུང་[སོགས་ཀྱིས་གོང་ཕྱོགས་སུ་འཐོར། ཚོགས་བསྲེའི་རྟས།] ནད་རྣམས་ལྷ་འདྲེའི་སོགས། ཆེན་པོར་ཡན༔ ཕཊཊཊ༔ [ཡང་རྐང་གསུམ་ཌཱ་འུར་བཅས།] ཕཊ༔ ཤར་ཕྱོགས་དྲག་ཁྲོས་[སོགས་ནས་འོག་ཕྱོགས་ཀྱི་བར་འདོན་ལུགས་གོང་དང་འདྲ་བས་ཕྱོགས་མཚམས་རྣམས་སོ་སོའི་ཐད་དང་འོག་གི་བསྟབ་པ་ནུབ་ཕྱོགས་སུ་འབུལ་ཚུལ་མ་ནོར་བར་བྱ། མཐར་ཌཱ་འུར་ཟིལ་གནོན་རྟས] ནད་པའི་བླ་ཚེ་[སོགས་ནས།] ཉིད་དུ་བཞག༔ ཕཊཊཊ༔ [ཅེས་ཌཱ་བཅད། འདིར་སྤྲོ་ན། ཆོས་ཉིད་སྒྱུ་མ་ལྟ་བུ་སོགས་སྐྱོང་བའམ། གང་ལྟར་ཡང༌། ན་མོ་ཆོས་རྣམས་ཐམས་ཅད་སོགས་ལུས་སྦྱིན་མཐའ་སྡུད་བསྔོ་སྨོན་གྱིས་བསྡུས་ལ་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་པས་གྲུབ་བོ། །ཞེས་པའང་བློ་དམན་མགོ་མི་འཁོར་བའི་ཆ་རྐྱེན་དུ་ཛྙཱ་ནས་སོ། །དགེའོ།། །།]

ཆངས་བུ་བརྒྱ་རྩ་གཏོང་ལུགས།

p. 581

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། །[ཆངས་བུ་བརྒྱ་རྩ་གཏོང་ལུགས་ལ། སྣོད་ཆེ་བར་གཙང་མའི་ཟན་ལས་བསྔོ་ཡུལ་བུད་མེད་ནག་མོ་ཕག་གདོང་ཅན་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁག་དཀུར་བརྟེན་པ། ཞབས་འདོར་སྟབས་ཀྱིས་བཞེངས་ཚུལ། བེར་ནག་གཡང་ལུགས་སུ་བགོས་པ་མཐོ་གང་ལས་མི་ཆུང་བ་ལ་ཁྲག་ཀོང་བརྒྱད་ཀྱིས་བསྐོར་ནས་བཞག །གཞན་ཡང་ཆངས་བུ་ཤ་དུམ་ཏིང་ལོ་དང་ཡས་རྫས་རིགས་ཅི་འབྱོར་པ་བླུགས་ཀྱང་མི་འགལ། གྲངས་གསོག་སྐབས་བསྔོ་རྒྱུ་ནད་པའི་དྲིལ་ཟན་གྱི་ཆངས་བུ་བརྒྱ་སྟོང་གང་རིགས་དང༌། ཤ་དུམ་གྲངས་དེ་མཚུངས། བཤལ་ཆུའི་འོ་ཆབ་བཅས་ཉེར་བསྡོག་བྱས་ལ། དངོས་གཞི་ནད་པ་མདུན་དུ་ཡོད་ཅིང་དོ་གལ་ཆེ་ན་གཡང་གཞི་བྲབ་པ་འདོན། མེད་ན་མི་དགོས། དབང་སྡུད་ཟིལ་གནོན་དང་སྐྱབས་སེམས་སོགས་ནས།] དགོངས་པར་རོལ༔ [བར་སོང་རྗེས། ཟིལ་གནོན་རྟས།] ཕཊ༔ སྣང་སྲིད་སྟོང་ཉིད་སོགས་ཆེན་པོར་རིག༔ ཕཊཊཊ༔ [རྐང་བཞི་ཌཱ་འུར་བཅས་སྤྱན་འདྲེན་རྟས།] ཕེཾ༔ ནམ་མཁའ་རྣམ་པར་[སོགས།]ལམ་སྣ་དྲོངས༔ ཕཊ༔ [ཅེས་རྐང་གསུམ་ཌཱ་འུར་ནས་ཁྲོས་ཆུར་རྟས།] བདག་དང་བསྲུང་བྱའི་[སོགས།] མཉེས་ཚིམས་གྱུར༔ ཕཊ༔ [ཅེས་ཌཱ་འུར་བཞག་ཕྱེད། མཆོད་གཡོག་གིས་ཐེབ་རྩེར་ཆངས་བུ་ཤ་དུམ་བཤམས་པ་ཐོགས་ལ། ལྷུག་འདོན་གྱིས།] ཕཊ༔ དཀོན་མཆོག་རྩ་གསུམ་[སོགས་]

p. 582

བྱང་གྱུར་ཅིག༔ ཕཊཊཊ༔ [ཅེས་བསྔོ་ཡུལ་གྱི་སྣོད་དུ་བླུགས་མཐར་བཤལ་ཆུ་ཐོགས་ལ།] ཨོཾ་ཨཱཿཧཱུཾ་[སོགས་ལན་གསུམ།] ཀྱཻ༔ མ་རིག་འཁྲུལ་པའི་[སོགས།] དབྱིངས་ཐོབ་ཤོག༔ ཕཊཊཊ༔ [ཅེས་བཤལ་ཆུ་ཡང་སྣོད་དུ་བླུགས། སླར་ཡང་ཆངས་བུ་ཤ་དུམ་ཐོགས་ལ་གོང་བཞིན་གྲངས་བསགས། མཐར་གྲངས་རྫོགས་ནས་ཌཱ་འུར་བཅས་ཟིལ་གནོན་རྟས།] ཕཊ༔ མ་ཡུམ་ཆེན་[སོགས་ནས།] ཆེན་པོར་གྲོལ༔ ཕཊཊཊ༔ [ཅེས་ཌཱ་བཅད། འདིར་ཆངས་གླུད་རྣམས་ཕྱི་རོལ་གྱི་ཕྱོགས་མཚམས་ཀུན་ཏུ་འཐོར།] ན་མོ་ཆོས་རྣམས་ཐམས་ཅད་[སོགས་ལུས་སྦྱིན་མཐའ་སྡུད་བཞིན་བསྔོ་སྨོན་མཐར་དབྱུང་ཞིང་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་པས་གྲུབ་བོ། །ཞེས་པའང་ཛྙཱ་ནས་སོ།། །།དགེའོ།། །།]

མཁའ་འགྲོ་ཁྲོས་མའི་སྒོ་ནས་དུར་གཅོད་གཏོང་ལུགས།

p. 583

མཁའ་འགྲོ་ཁྲོས་མའི་སྒོ་ནས་དུར་གཅོད་གཏོང་ལུགས་ནི། ཐོག་མར་འགག་གྲིར་ཤི་བ་ཡིན་ན་འགག་ཐག་གཅོད་པ་ལ། རོ་རྩར་སླེབ་མ་ཐག་ཏུ་དབང་སྡུད་ཟིལ་གནོན་བཏང་མཐར་དུར་གཅོད་དངོས་གྲུབ་བང་མཛོད་ལས། ཌཱ་འུར་རྐང་གསུམ་དབང་སྡུད་རྟས། ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སངས་རྒྱས་༴ [སོགས།] མཱ་ར་ཡ་རྦད་སོད༔ ཕཊ་ཕཊ་ཕཊ༔ [རྐང་གསུམ་ཌཱ་འུར་ཉིས་ཆོད་བྱས་ནས་བཞག །རང་རྟའམ་བེམ་ཚོགས་རྟས།] ན་མོ་དཀོན་མཆོག༴ [སོགས།] རྦད་རྦད་ཐིམ་སོད༔ [བདེན་བརྗོད་ལན་གསུམ་བརྗོད་མཐར། མགུལ་ལུང་ནང་གི་སྐེ་རྒྱབ་ཀྱི་ཕྱོགས་ནས་གྲི་གུག་གམ་གྲི་སོ་ཐུར་བསྟན་གྱིས་བཅད་པའི་ཚེ།] ཁམས་གསུམ་འཁོར་བའི༴ [སོགས།] ཕཊ༔ [ཉེར་གཅིག་བརྗོད་མཐར།] བསྡུ་ན་རོ་སྟེང་དུ་འདུག་སྟེ་ལུས་སྦྱིན་བྱ། རྒྱས་པར་སྤྲོ་ན་སྲི་ངན་འདུལ་བ་ནི། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་༴ [སོགས།] མེད་པར་བསམ༔ ཕཊ་ཕཊ་ཕཊ༔ [ཌཱ་འུར་རྐང་གསུམ་དབང་སྡུད་རྟས།] ཧཱུཾ༔ ང་ནི་ཁྲོས་མ༴ སོགས། གཅོད༔ ཕཊ་ཕཊ་ཕཊ༔ [ཌཱ་འུར་ཉིས་ཆོད་བྱ། འཕོ་བའི་རྟས།] ཧཱུཾཿ ང་ནི་ཁྲོས་མ་༴ [སོགས།] རོ་གཅིག་བསྲེས༔ ཕཊ༔ [བར་དང༌། ཁོང་གསེང་ལས། འཕོ་བ་དང་ལུས་སྦྱིན་བྱ། རོ་འདུལ་བྱ་བ་ནི། ཌཱ་འུར་རྐང་གསུམ་འདུལ་ནག་རྟས།] ཧཱུྃཿ ང་ནི་ཁྲོས་མ་ནག་མོའི་༴ [སོགས།] ཐུན་ཆས་སོགས་འཛོམ་ན་རབ། མ་འཛོམ་

p. 584

ན་དམིགས་པ་བྱས་པས་ཀྱང་ཆོག །རྦད་རྦད་ནན་ནན༔ [ཌཱ་འུར་རྐང་གསུམ་རང་རྟས།] ཕཊ༔ ཡངས་ས་ཡ༔ [སོགས།] མཱ་ར་ཡ་ནན༔ [བར་གྱི་སྐབས་གཉིས་པ་ཡན་བྱས་ནས། ཌཱ་འུར་བཞག་ཐབས་དང༌། མགུལ་ཐག་སྦྱིན་སྲེག་བྱའོ། །]༈ [བྱ་འབོད་འདོན་འགྲིགས་ལ། དང་པོ་བྱ་ཚང་དཀྲུགས་པ་ནི། དབང་སྡུད་ཟིལ་གནོན་མཐར།] ཕཊ༔ ཡེ་གཞི་ཀ་དག༴ [སོགས།] དགོངས་པར་རོལ༔ ཕཊ་ཕཊ་ཕཊ༔ [དུར་གཅོད་རྡོ་རྗེའི་ཁོང་གསེང་ལས། འཕོ་བའི་རྟས།] ཕཊ༔ ཁྱོད་ལུས༴ [སོགས།] ས་ཐོབ་ཤོག༔ ཕཊ་ཕཊ་ཕཊ༔ [དུར་གཅོད་ཆ་ལག་ལས། ཌཱ་འུར་རྐང་བཞི་འབོད་ཐུང་རྟས།] ཕཊ༔ མ་དབུས་ཕྱོགས་ལྷུན་གྲུབ༴ [སོགས།] ས་མ་ཡ༔ [འུར་ཆེམ་རྐང་གསུམ་དམར་འགྱེད་རྟས།] ཕཊ་ཕཊ་ཕཊ༔ ལྷ་ཡི་རྒྱལ་པོ༴ [སོགས།] མ་བཞག་ཅིག༔ ཕཊ་ཕཊ་ཕཊ༔ [ཌཱ་བཅད། ཆོས་སྦྱིན་བྱ།] ༈ [ཕྱིར་ནང་རོ་དུར་ཁྲོད་དུ་བསྐྱལ་ཏེ། དབང་སྡུད་ཟིལ་གནོན་ནས་བཟུང་ཁྲོས་འབྲིང་ལས་བྱང་རྒྱས་བསྡུས་འཚམས་པར་བྱས་ཏེ་བསྙེན་པ་སྐབས་དང་བསྟུན་ཞིང་མཆོད་བསྟོད་དགེ་བསྔོས་མཐར། གསོལ་ཁ་སྲོག་བདག་རྣམ་བཞི་གཟའ་སོགས་མཆོད་གསོལ་རྣམས་གྲུབ་རྗེས། དུར་གཅོད་དངོས་གྲུབ་བང་མཛོད་ལས་]གནས་ཉི་ཤུ་རྩ་བཞི༴ [སོགས།] བསམ་ལ༔ [ཌཱ་འུར་རྐང་བཞི་བསྐང་བ་ཆེ་བ་ཞིང་གི་མཆོག་གྱུར་གྱི་རྟའམ་དབང་སྡུད་ཟིལ་གནོན་རྟས།] ཕཊ༔ སྣང་བ་ཐམས་ཅད༴ [སོགས།] ས་མ་ཡ༔ [བར་

p. 585

ལན་གསུམ་མཐར་འུར་ཆེམ་བཞག་ཐབས། དེ་ནས་རོ་བཤས་ལ་ཤ་ཚིལ་གྱིས་གསུར་བཏང༌། བཤགས་པ་ཡེ་འོད་རྫས་བསྐང་སོགས་ཚོགས་བསྡུས་བརྒྱ་རྩ། གཞུང་གི་ཚོགས་བསྐང་སྤྱི་ཁྱབ་ལྟར་དྲང་བ་ཡན་སོང་མཐར། བང་མཛོད་ལས། འུར་ཆེམ་རྐང་བཞི་དུར་གཅོད་རྟས།] ཕཊ་ཕཊ་ཕཊ༔ ཀྱེ༔ ཕྱོགས་ཕྱོགས་དག་ཀྱང་༴ [སོགས།] བམ་རོ་ལ་སྟོབས༔ བྱ་འགྲོས་ཀྱིས་འགྲོ་ཚེ་འུར་ཆེམ་བཞག་ཐབས་བྱ། འབོད་ཐུང་རྟས། ཕྱོགས་བཞི་དབུས་ལྔར་འགྲོ་ནས། ཀྱེ་མ་ཡེ་ཤེས༴ [སོགས།] སྔགས་རྣམས་ཀྱི་ཚེ་བྱ་འགྲོས་ཀྱིས་ནང་དུ་རྒྱུག་སྟབས་བྱ། [འུར་ཆེམ་རྐང་གསུམ།] ཀྱེ་མ་ཡེ་ཤེས༴ [སོགས།] ཕེཾ་ཕེཾ༔ [འུར་ཆེམ་བཞག་ཐབས] ཨོཾ་ཤྲཱི་བཛྲ༴ [སོགས།] ཁཱ་ཧི་སྭཱ་ཧཱ༔ [བརྒྱ་རྩ་བཟླ་ཞིང་ཚོགས་རིལ་བརྒྱ་དང་རྡེའུ་རོ་ཐོག་ཏུ་གཏོར། བྱ་སླེབས་ཚེ་ཆ་ལག་ལས།] ཕཊ༔ རང་ཉིད་ཡེ་ཤེས་ཀྱི༴ [སོགས་]བསྒོམ་ལ༔ [འུར་ཆེམ་རྐང་བཞི་ཟིལ་གནོན་རྟས།] ཕཊ་ཕཊ་ཕཊ༔ གསང་ཆེན་རོལ་པའི༴ [སོགས།] ཕྲིན་ལས་མཛོད༔ [འུར་ཆེམ་བཞག་ཐབས། རྩ་སྔགས་དང༌།] ཀ་རུ་མ་ལ༴ [སོགས།] སྭཱ་ཧཱ། [ཅུང་ཟད་བཟླས་ནས་བྱ་ཆིངས་བྱའོ། །འདིར་ཚོགས་བསྡུས་བརྒྱ་རྩ་བྱས་ཀྱང་ཆོག །བྱ་རྣམས་ཀྱིས་མ་རོལ་ན་ལག་ལེན་ལྟར་མགོ་ཟོར་བསྐུལ་འདོན་བྱ། མཐར་ལྷག་མ་བྱིན་རླབས། འུར་ཆེམ་རྐང་བཞི་བྲོ་མནན་རྟས། བང་མཛོད་ལས།] ཕཊ༔ ལྷག་ལ་དབང་བའི༴ [སོགས།]

p. 586

ཚིག་གཉིས་རེའི་མཇུག་ཏུ་བྲོ་བརྡུང་བྱ་ཞིང༌། ཁ་ཁཱ་ཧི༔ [འུར་ཆེམ་རྐང་བཞི། གཞུང་གི་ལྷག་མ་བཏང་མཐར། འུར་ཆེམ་སུམ་ཕྲུགས་རྐང་བཞི་བཞག་ཐབས་བྱ། བསྐུལ་བ་ཆད་བརྟན་ནས་བཟུང་བཀྲ་ཤིས་པར་འདོན་ཏེ། བྱ་ཆིངས་བཀྲོལ་བར་བྱའོ། །ཞེས་སྐྱབས་རྗེ་ལས་འབྲེལ་རྩལ་གྱི་ཞལ་གསུང་བཞིན་ཤཱི་ལ་བཛྲ་གྱིས་བྲིས་པའོ།། །།]

གཏེར་གསར་མཁའ་འགྲོ་ཁྲོས་མའི་མེ་མཆོད་ཟིན་བྲིས།

p. 587

[གཏེར་གསར་མཁའ་འགྲོ་ཁྲོས་མའི་མེ་མཆོད་ཟིན་བྲིས་བཞུགས།] ཨོཾ་སྭསྟི། ཁྲོས་མའི་མེ་མཆོད་སྐབས་རྒྱས་པར་ལས་བཞི་སོ་སོར་ཕྱེས་ཏེ་བྱ་བར་འདོད་ན་ཐབ་དང་རྫས་དང་ཆོ་གའི་ལས་རིམ་ཐམས་ཅད་སོ་སོའི་རིམ་པ་བཞིན་སྤྱི་མཐུན་ལག་ཏུ་བླངས་པས་ཆོག་ལ། འདིར་ལས་བཞི་ལྷུན་གྲུབ་ལྟར་ན་ཐབ་སྟེགས་གཞི་སེར་པོ་ལ་མཚལ་གྱིས་ཆོས་འབྱུང་བསྣོལ་མའི་ལྟེ་བ་རྃ་ཡིག་གིས་མཚན་པའི་མཐའ་སྐོར་མུ་རན་སོར་བཞི་པ་ལ་རྡོ་རྗེ་ནོར་བུ་པདྨ་རྒྱ་གྲམ་རྣམས་སྤེལ་མའི་ཕྲེང་བ་དང༌། ཁ་ཁྱེར་སོར་བཞི་པ་ལ་མེ་རི་གཡས་བསྐོར་དུ་འབར་བ་བྲི། བྲིས་ཐབ་མི་འགྲུབ་ན་འབྲུ་དཀར་དྲིས་སྦག་པས་ཚོམ་བུ་གྲུ་བཞི་གཅིག་བཀོད་པས་ཀྱང་རུང་སྟེ། གང་ལྟར་ཡང་འབྲས་བུ་ཅན་གྱི་བུད་ཤིང་གིས་ཐབ་ཁུང་གྲུ་བཞིར་བརྩིགས་ལ་མེ་ཚང་བཅའ། བསྲེག་རྫས་སྟར་ཁམ་སོགས་འབྲས་བུ་ཅན་གྱི་ཡམ་ཤིང་མཐོ་གང་བ་སྣེ་གཉིས་མར་དངསྦྲང་རྩིས་བྱུག་པ། རྩི་མར་རམ་ཏིལ་སོགས་འབྲུ་མར་གྱི་ཁུ་བ། བདུད་རྩི་ཨ་མྲྀ་ཏ་སྦྱར་བའི་ཟས་མཆོག །འབྲུ་སྣ། སྨན་སྣ། ཤིང་ཏོག །དཀར་མངར་མྱོས་བྱེད། ཡུངས་ཀར། དར་གསོ། རིན་ཆེན་སོགས་ཅི་འབྱོར་བ་དང༌། གཏོར་མ་སྨན་རཀ་ཉེར་སྤྱོད་བཅས་བཤམས། ཁྲོས་ཆུང་ལྟ་བུའི་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་རྫས་བསྲེག་རྫས་རྣམས། རྃ་ཡྃ་ཁྃ་གིས་[བསང་སྦྱང༌།] ཨོཾ་ཨཱཿཧཱུཾ༔ [མང་དུ་ཟླ་ཞིང་ལས་བྱང་ལྟར་བྱིན་བརླབ།] ཨོཾ་བཛྲ་ཛྭ་ལ་རྃ་[ཞེས་མེ་དུ་བ་མེད་པ་ཐབ་ཏུ་བཅུག །]ཧཱུྃ་ལན་གསུམ་དང་བཅས་རླུང་གཡབ་ཀྱིས་མེ་སྤར་ལ་མར་ཁུའི་ཐིག་པས་ཀྱང་གསོ། ཐབ་ལས་སྔགས་ཀྱིས་བསང༌། སྭ་བྷ་ཝས་[སྦྱང༌།] ཕཊ༔ འདི་ལྟར་

p. 588

སྣང་བའི་[སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་ལ། དགང་བླུགས་ཀྱིས་མར་ཁུ་འབུལ་བཞིན་རྩ་སྔགས་ལ།] ཨ་མྲྀ་ཏ་ཁཱ་ཧི་[ཞེས་བཏགས་པ་ལན་བདུན་ནམ་ཉེར་གཅིག་སོགས་ཕུལ་མཐར།] རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་མ་དང་མཁའ་འགྲོ་གཡེལ་ཞིང་འཁྲུགས་པའི་གནས་སུ་གྱུར་པ་ཐམས་ཅད་ཞི་ནས། ཐུན་མོང་ལས་བཞི་གྲུབ་པ་བརྒྱད་དང་ཐུན་མིན་བདེ་སྟོང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ། [ཅེས་འདོད་དོན་གསོལ། དེ་ནས་རྫས་རྣམས་རྩ་སྔགས་ཁོ་ནས་འབུལ་བཞིན་བར་མཚམས་སུ་ལས་བཞིའི་ཤམ་བུ་གཞུང་ལྟར་རམ། སྤྱི་ཁྱབ་ཏུ་གོང་གི་འདོད་གསོལ་མཐར།] སརྦ་ཀརྨ་ཀུ་རུ་སིདྡྷི་ཧོཿ[ཞེས་སྦྱར། གྲངས་རྫོགས་པ་ན་སྔར་བཞིན་དགང་བླུགས་ཕུལ་མཐར། མཆོད་བསྟོད་དང་ལས་བྱང་ལྟར་དངོས་གྲུབ་བླང་ཞིང་ནོངས་པ་བཤགས།] ཧོཿརང་ལས་ཤར་བའི་མེ་ལྷ་ཉིད། །རང་རིག་ཆོས་དབྱིངས་ཀློང་དུ་སད། །ཨ། [ཞེས་དམ་ཡེ་དབྱེར་མེད་རང་ལ་བསྡུས་ཏེ་མཉམ་པར་བཞག །དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན། མེ་རང་ཞིང་བཏང་བའམ་དྲིས་ཆུས་གཞིལ་ཏེ་ཐལ་སོལ་སྒྲུབ་ཁང་གི་རྨང་འགྲམ་དུ་སྦ་བ་སོགས་གང་བདེར་བྱའོ། །ཞེས་པའང་ཀརྨ་རོང་གི་སྔགས་བཙུན་པདྨ་ཚེ་མཆོག་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]

ནང་མཚམས་ཞག་བརྒྱའི་བསྙེན་སྒྲུབ་མཛད་པ་གཏེར་ཆེན་ཉིད་ཀྱི་ཕྱག་སྲོལ།

p. 589

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། འདིར་ཟབ་གཏེར་ཁྲོས་མའི་གཅོད་ཁྲིད་དང་འབྲེལ་བར་གཉན་ཁྲོད་བརྒྱ་རྩ་འགྲིམ་པར་མི་ནུས་པ་རྣམས་ཀྱིས་དེའི་དོད་དུ་ནང་མཚམས་ཞག་བརྒྱ་མའི་བསྙེན་སྒྲུབ་མཛད་པ་གཏེར་ཆེན་ཉིད་ཀྱི་ཕྱག་སྲོལ་ལ་བྱུང་བས་དེ་ལྟར་ཉམས་སུ་ལེན་པར་འདོད་པས། དུར་ཁྲོད་ནགས་ཚལ་སོགས་དབེན་ཞིང་ཉམས་དགའ་རང་དབང་དུ་གྱུར་བའི་གནས་སུ་སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ་རྟེན་བཀྲམ། སྒྲོམ་ཁྲིའི་དབུས་སྟེགས་ཁེབས་ལྡན་ལ་དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་ཚོམ་བུ་ལྔ་ཚོམས་སུ་བཀོད་པའི་སྟེང་དུ་ཁྲོས་མ་ལྷ་ལྔའི་གཏོར་མ་རྒྱན་ལྡན་དར་གདུགས་ཀྱིས་སྤྲས་པ་འགོད། སྨན་རཀ་ཉེར་སྤྱོད་ཚོགས་གཏོར་སོགས་སྤྱི་དང་མཐུན་པར་བཤམ། རང་གི་མལ་འོག་ཏུ་ཞིང་ལྤགས་རས་སོགས་ལ་བྲིས་པ་མགོ་མདུན་དུ་བསྟན་པ་བཀྲམ། གཞན་དགོས་པའི་ཡོ་བྱད་གང་ཡང་ཚོགས་པར་བྱས་ལ་དབང་སྡུད་ཟིལ་གནོན་སྔོན་དུ་འགྲོ་བས། ཉིན་དང་པོར་བྲོ་ར་ཕུར་ཁྱེར་ཁྲིད་གཞུང་ལྟར་བྱ། དེ་ནས་སྔོན་འགྲོ་ཡོངས་རྫོགས་ཀྱི་རྗེས་སུ་སྒོ་གསུམ་རྡོ་རྗེའི་གྲོང་འཕོ་དང༌། ཁྲོས་ཆུང་གི་སྐྱབས་སེམས་ལན་གསུམ་མཐར། མ་ཁྱབ་བདག་ཡེ་ཤེས་

p. 590

སོགས་ཡན་ལག་བདུན་པ་བྱ། འདིར་བསྙེན་ཡིག་ལྟར་སྒོ་དྲུང་དུ་ཐོ་བཞི་འཛུག །ཁྲོས་ཆུང་གཞུང་གི་བྱིན་འབེབས་ནས་བཟུང་ལྷ་བསྐྱེད་བསྟོད་པའི་བར་དུ་བཏང༌། བཟླས་པའི་འགོར་བསྙེན་ཡིག་བཞིན་བགྲང་ཕྲེང་བྱིན་རླབས་བྱས་ལ་བསྙེན་དམིགས་བཅས་བཟླས་པ་བྱ། ཐུན་མཇུག་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་རེའི་མཐར། གཞུང་གི་མཆོད་བསྟོད་རྫེས་བཤགས་པ་བསྔོ་སྨོན། གཤེགས་བསྡུ་ལྷར་ལྡང་བཀྲ་ཤིས་བཅས་སོང་ནས་ཁྲ་འགྱེད་བཏང་ལ་སྔ་ཐུན་གྲོལ། ཕྱི་ཐུན་ལ་སྒོ་གསུམ་རྡོ་རྗེའི་གྲོང་འཕོ་དང་ཁྲོས་ཆུང་གི་སྐྱབས་སེམས་ནས་བཟུང་གཞུང་ནར་འདེད་ཀྱིས་བསྙེན་པ་ཅི་འགྲུབ་རྗེས་མཆོད་བསྟོད་མཐར། སྲོག་བདག་རྣམ་བཞི་དང་དམ་ཅན་སྤྱི་གསོལ། བཤགས་པ་བསྡུས་པ། ཁྲོས་ཆུང་གི་ཚོགས་བསྐང་མཐར་གནས་ཡུལ་བསྐང་བ་དང༌། ཚོགས་གྲངས་གསོག་དགོས་ན་ཚོགས་བསྡུས་སྦྱར། དེ་ནས་དངོས་གྲུབ་སླང་ལ་བསམ་ལྷུན་རྒྱས་བསྡུས་ཅི་རིགས་བྱ། ལྷག་མ་བྱིན་བརླབ་ལ་ལྷག་གཏོར་བཏང༌། བསྐུལ་བ་ཆད་བརྟན། བྲོ་མནན། གཏང་རག་གི་མཆོད་བསྟོད། ནོངས་བཤགས་ཡིག་བརྒྱ། བསྔོ་

p. 591

སྨོན་བརྟན་བཞུགས། བསྡུ་ལྡང༌། བཀྲ་ཤིས་བཅས་མཐར། སྨོན་ལམ་ཇི་ལྟར་རིགས་པ་དང༌། དམར་འགྱེད་བཏང་ལ་དགོང་ཐུན་གྲོལ། དེ་ནས་སྲོད་ཐུན་ཡང་དེ་དང་འདྲ་བ་ལས་བཟླས་པའི་རྗེས་སུ་མཆོད་བསྟོད། བསྡུ་ལྡང༌། བསྔོ་སྨོན་བཀྲ་ཤིས་བཅས་མཐར་ཤེས་བྱ་བུམ་པར་བསྡུ། ནམ་གུང་ནག་འགྱེད་བཏང་ལ་གཉིད་འོད་གསལ་དུ་སྦ། ཐོ་རངས་ཕྱི་མཐའ་བཏེགས་པ་ན་རླུང་རོ་དགུ་ཕྲུགས་སུ་བསལ་ལ་འབྱུང་ཁམས་དག་སྦྱོར་བྱ། དེ་ནས་རྡོ་རྗེ་གྲོང་འཕོ་སྐྱབས་སེམས་ནས་བཟུང༌། གཞུང་སྔར་ལྟར་བསྲང་ལ་བསྙེན་པ་ཅི་འགྲུབ་མཐར། མཆོད་བསྟོད་ནོངས་བཤགས་བསྡུ་ལྡང༌། བཀྲ་ཤིས་ཡན་སོང་ནས་དཀར་འགྱེད་བཏང་ལ་ཐོར་ཐུན་གྲོལ། དེ་ནས་སྔ་ཐུན་ལ་ཐོ་བཞི་བྲོ་ར་ཕུར་ཁྱེར་མ་དགོས་པ་ཙམ་ལས་དེ་མིན་སྔར་ཉིན་གྱི་འགྲོས་ཁོ་ནས་བསྙེན་པ་འབུམ་བཅུ་བཞི། སྒྲུབ་པ་འབུམ་བདུན། ལས་སྦྱོར་འབུམ་གསུམ་དང་ཕྱེད་བཅས་ཞག་བརྒྱ་རྩ་བརྒྱད་ཀྱི་ཁོངས་སུ་འགྲུབ་པར་བྱས་ནས། སྒྲུབ་པ་ཐེམས་པའི་དགོང་མོར་ཚོགས་གཏོར་སོགས་བཟང་དུ་བཤམ་ཞིང༌། དངོས་གྲུབ་ཀྱི་འབྲང་རྒྱས་དང་ཐོད་

p. 592

ཆང་བཅས་བཤམ། ཕྱིར་ནང་ཐོར་ཐུན་སྔ་བར་གཞུང་བསྲང་ལ་བཟླས་པའི་རྗེས་སུ། ནམ་མཁའ་གང་བའི་གནས་གསུམ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་ལྟར་བབས་ནས་བདག་དང་སྒྲུབ་རྫས་ཡོ་བྱད་རྣམས་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ཞིང༌། རྩ་སྔགས་ཤམ་བུར། ཀཱ་ཡ་སིངྡྷི་ཨོཾ། ཝཱ་ཀ་སིངྡྷི་ཨཱཿ ཙི་ཏྟ་སིངྡྷི་ཧཱུྃ། སརྦ་སིངྡྷི་ཧྲཱིཿ ཞེས་བཏགས་པ་བརྒྱ་རྩ་སོགས་བཟླ། ཚོགས་མཆོད་གྲུབ་ནས་ཁྲོས་ཆེན་འབྲིང་གང་རུང་ལྟར་དངོས་གྲུབ་བླང་ལ་གཏོར་མ་དང་རྩི་སོགས་ལ་ལོངས་སྤྱོད། ཆོ་གའི་རྗེས་སྔར་ལྟར་ལ་མཚམས་ཁོངས་དེ་ཉིད་ཁ་སྐོང་མེ་མཆོད་རྩ་སྔགས་འབུམ་ཐེར་གྲངས་ལོངས་བླུག །དེ་ནས་ཐོ་བསྡུ་བ་སོགས་སྤྱི་ལྟར་ཤེས་པར་བྱའོ། །ཡང་གཉན་ས་བརྒྱ་རྩ་གདན་ཐོག་གཅིག་ཏུ་རྫོགས་པར་འདོད་པས། སྒོས་ཆོས་ཁྱད་པར་བ་ནི། རང་ཁྱིམ་ལས་གཞན་པའི་མཚོ་གླིང་དུར་ཁྲོད་གཉན་ས་སོགས་གང་རུང་གི་ཕྱོགས་ཐམས་ཅད་ནས་རྡེའུ་བརྒྱ་རྩ་བརྒྱད་བླངས་ཏེ་གདན་འོག་ཏུ་བཀྲམ།

p. 593

ཟིལ་གནོན་དམིགས་པ་སྐོར་གསུམ་གཉན་ས་ཇི་ལྟ་བ་བཞིན་བྱེད། མཐར་སྒྲུབ་པ་ཐེམས་ནས་བཙོན་བཀྲོལ་དུས་ལྷ་འདྲེ་རྣམས་རང་གནས་སུ་སོང་བར་བསམ་ལ་སྔར་གྱི་རྡེའུ་རྣམས་ཕྱོགས་མཚམས་ཀུན་ཏུ་གཏོར། གནས་གསོ་རྟེན་བཞེངས་སོགས་གཅོད་ཁྲིད་ལྟར་བྱའོ། །ཞེས་པའང་རྟོགས་ལྡན་བླ་མ་འཆི་མེད་རྡོ་རྗེས་རིང་མོ་ནས་བསྐུལ་ཞིང་ཉེ་ཆར་སྒྲུབ་བརྩོན་མ་ཀུན་བཟང་དབང་མོ་དང་ནོར་བུ་བཟང་མོ་གཉིས་ནས་ཉམས་ལེན་ལ་འཇུག་པའི་གསལ་འདེབས་སུ་ནན་གྱིས་བསྐུལ་བ་བཞིན་གཏེར་ཆེན་གོང་མ་ཡབ་སྲས་ཀྱི་ཞལ་ཁྲིད་ལས་སྙིང་པོར་དྲིལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།

ཁྲོས་མའི་གཏོར་མའི་ཟིན་བྲིས།

p. 594
p. 595

ཁྲོས་མའི་གཏོར་མའི་ཟིན་བྲིས་ལ། རྩ་གཏོར་ནི། པད་སྣོད་དུ་གདན་ཆོས་འབྱུང་བསྣོལ་མའི་ཁར་དམར་གཏོར་གྲུགསུམ་རྩེ་ཟླུམ་ལྟོ་བའི་རི་མོར་ཐོད་སྐམ་གྱི་ཕྲེང་བ་དང་རྩེ་རྒྱན་མེ་རིའི་ལྟེ་བར་པད་ཚོམ་ཕག་ཞལ་གྱིས་མཚན་པ། མཐའ་སྐོར་ཕྱོགས་མཚམས་བརྒྱད་ལ་དམར་གཏོར་གཙོ་མོའི་ཕྱེད་ཆར་སླེབས་པ་བརྒྱད། དེ་མཐར་ཕྱོགས་བཞིར་དེས་ཀྱང་ཕྱེད་ཆས་དམན་པ་བཞི། དེ་མཐར་མདུན་དུ་དཀར་གཏོར་རིལ་བུ་བཞི་སྒྲོམ་ཅན། གཡས་སུ་དམར་གཏོར་རྩེ་ཟླུམ། རྒྱབ་ཏུ་གྲུ་གསུམ་གཡོན་གཅུས། གཡོན་དུ་དམར་གཏོར་རྩེ་བཅད། བར་མཚམས་རྣམས་སུ་མཐེབ་ཀྱུ་བརྒྱ་རྩ་སོགས་གང་མང་གིས་གཏམས་པར་དར་གདུགས་མཐིང་ནག་འཕུར་ལྡིང་གཡོ་བས་མཛེས་པར་བྱ། འདི་ཉིད་སྒྲུབ་གཏོར་རྒྱས་པའི་ཕྱོགས་ཡིན་ལ། རྒྱུན་གྱི་ཚོགས་མཆོད་སོགས་ལ་གཙོ་འཁོར་ལྔ་པ་ཁོ་ནས་བཟུང༌། སྲོག་བདག་རྣམ་བཞིའི་འབུལ་གཏོར་གོང་དང་འདྲ་ཞིང༌། གཟའ་གཏོར་ནི། ལྕགས་འཁོར་རྩིབས་བརྒྱད་སྟེང་དམར་གཏོར་གཡས་གཅུས་ཀྱི་ལྟོ་བར་ཞལ་དང་སྤྱན་གྱིས་མཚན་ཅིང་བསྟོད་ཆར་ཧཱུྃ་སྔོན་དང་རྩེ་མོར་མེ་རི་འབར་བས་བརྒྱན་པ། མདུན་དང་ཟུར་གསུམ་ལ་མཐེབ་ཀྱུ་རེ། རྩིབས་བརྒྱད་སྟེང་འཁོར་

p. 596

རང་འདྲ་ཕྱེད་ཆར་སླེབས་པ་བརྒྱད། རྩིབས་མཆན་བརྒྱད་ལ་གཏོར་ཆུང་བརྒྱད། མཐའ་སྐོར་མཐེབ་ཀྱུ་ཉེར་བརྒྱད་ཀྱིས་བསྐོར་ལ་དར་གདུགས་དམར་པོ་དབུབ། བསྐུལ་གཏོར་དམར་གཏོང་མཐེབ་ཀྱུ་ཅན། ཆད་མདོའི་གཏོར་མ་བྲ་གཟུགས་ལོགས་གསུམ་ལ་མཐེབ་ཀྱུ་རེ། བརྟན་གཏོར་དམར་གཏོར་དཔུང་རང་ལོགས་རེར་མཐེབ་ཀྱུ་བཞི་རེ་བརྩེགས་པ། ༈ སྨད་ལས་འདུལ་གྱི་ཟོར་གཏོར་ནི། ལྕགས་སྣོད་སོགས་སུ་གཙོ་མོའི་ཟོར་གཏོར་ཁྲུ་གང་བ། མཐའ་བསྐོར་ཕྱོགས་མཚམས་བརྒྱད་དང་ཕྱིའི་བཞི་བཅས་སུ་འཁོར་བཅུ་གཉིས་པོ་མཐོ་ཚད་རེ། དབང་མོ་ཉེར་བརྒྱད་ཐུན་མོང་དུ་གཅིག་དང༌། ཆོས་སྐྱོང་སྤྱིའི་གཏོར་ཟོར་གཅིག་བཅས། ཐམས་ཅད་ཀྱང་དམར་གཏོར་ཐོག་མདེལ་གྱི་དབྱིབས་ཅན་སོ་སོར་རྩང་དམར་རྒྱུ་རློན་མཚེ་ཡུངས་མེ་རི་སོགས་དྲག་རྒྱན་རྔམ་བརྗིད་ཅན་བྱ། ཟོར་ཀོང་གྲུ་གསུམ་དགུའི་ནང་དུ། ཕུར་པ། ཡུངས་དཀར། ཁྲག མཚེ། དུག །གྲི ། མདའ། རྡོ། དམར་གཏོར་བཅས་བླུགས་ལ་འགོད་དོ།། །།

གནས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་མཁའ་འགྲོ་འདུ་བའི་ཚོགས་གླུ།

p. 597

གནས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་མཁའ་འགྲོ་འདུ་བའི་ཚོགས་གླུ། ༼ཁུ༽གནས་དྷུ་མ་ཐ་ལའི་མཁའ་ལྡིང་དལ་འགྲོས། ༼དམར༽གནས་ཛ་ལན་དྷ་རའི་ཐང་དཀར་གཤོག་འགྲོས། ༼དཀར༽ཀ་ལིང་ཀའི་ཌཱ་ཀི་ཀིའི་འགྱིང་གླུ་རིང་མོ། ༼ཁྲ༽དྲི་ཤ་ཀུ་ནའི་ཤ་ཟའི་ངུ་འབོད་རིང་མོ། ༼དམར༽བསིལ་བ་ཚལ་གྱི་ཕག་ནག་མཆན་རྡེབ། ༼འབྲིང་༽བདེ་ཆེན་བརྡལ་བའི་དུར་ཁྲོད་མ་མོའི་མཁུན་པ། ༼ལྷག༽སུ་ཝ་རྞ་ཏའི་བྱིའུ་ཆུང་འཕུར་ལྷེབ། ༼ནག་༽པདྨ་བརྩེགས་པའི་གླུ་དཔའ་བོ་མཁའ་འགྲོ་དགྱེད་པའི་གད་མོ། ༼བསྐང་༽ཨུ་ཙཱ་ལ་ཡིབ་ཡི་སེང་གདོང་ཁྲོས་པའི་གད་རྒྱང༌། ༼བསྐུལ༽ཨོ་ཌི་ཡ་ནའི་དཔག་ཆེན་མདའི་འགྲོས་ལྡིང༌། ༼འཕོ་༽དྷུ་མ་ཐ་ལའི་དཀར་ཆེན་གིང་འགྲོས། ༼དུར་༽སིངྡྷིའི་གྲོང་ཁྱེར་གྱི་དཔའ་བོ་མཁའ་འགྲོ་བསྡུ་བའི་གླུ་གར། ༼བསྐང་འབྲིང་༽དེ་ལ་སོགས་པའི་གནས་༢༤དང་ཡུལ་༣༢གྱི་མཁའ་འགྲོ་རྣམས་ཀྱི་གླུ་དབྱངས་ལྟར་བྱེད་ན་བྱིན་རླབས་ཤིན་ཏུ་ཆེའོ། །བདུད་འཇོམས་པས་སོ།། །

Pecha page