← Search

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ།

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

དཔལ་རྡོ་རྗེ་ཕུར་བུ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་དཔལ་ཆེན་དགོངས་རྒྱན།

p. 1

༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་དཔལ་ཆེན་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །

p. 2

ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། བདུད་འདུལ་རྡོ་རྗེའི་གཞོན་ནུའི་ངོ་བོ་ཉིད། །བླ་མ་ཐོད་ཕྲེང་རྩལ་ལ་གུས་བཏུད་ནས། །ཕུར་རྒྱུད་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི། །སྒྲུབ་ཐབས་ཟབ་དོན་མཛོད་སྒོ་འདི་ན་དབྱེ། །[དེའང་ལྷག་པའི་ལྷ་མཆོག་འདི་ཉིད་དཀྱིལ་འཁོར་དུ་དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པའི་སྐལ་ལྡན་རྣམས་ཀྱིས་འཕྲིན་ལས་འདུས་པའི་རྣལ་འབྱོར་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་རང་དབང་དུ་བགྱིད་པའི་ཚུལ་ལ་བརྩོན་པར་བྱ་སྟེ། དེའང་དབེན་པའི་གནས་སུ་དམ་ཚིག་གི་སྒྲུབ་རྟེན། ཕྱི་ནང་གི་མཆོད་པ། ཚོགས་གཏོར་གྱི་ཡོ་བྱད་སོགས་ཉེ་བར་མཁོ་ཞིང་འོས་པའི་ཆ་རྐྱེན་ཐམས་ཅད་མ་ཚང་བ་མེད་པ་ཚོགས་པར་འདུ་བྱས་

p. 3

ཏེ། ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱི། ཐོག་མར་སྦྱོར་བའི་ཆོས་ལ་བདུན་ལས། དང་པོ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། བླ་མ་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས།] ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་ཕུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་རོལ་པ་བཛྲ་ས་མཱ་ཛཿ[ས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར།] ན་མོ༔ ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོ་རྣམས༔ ཧེ་རུ་ཀ་དཔལ་གསང་གསུམ་དང་༔ གཉིས་མེད་མཉམ་པར་ཤར་བའི་ལྷར༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ [ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།] ཧོཿ མ་རིག་འཁྲུལ་རྟོག་སེམས་ཅན་རྣམས༔ སྙིང་རྗེའི་ཡེ་ཤེས་རབ་འབར་

p. 4

བས༔ བདུད་འདུལ་ཁྲོ་བོའི་གོ་འཕང་ཆེར༔ སྒྲོལ་བར་བྱང་ཆུབ་སེམས་བསྐྱེད་དོ༔ [ཞེས་ལན་གསུམ་གྱིས་སེམས་བསྐྱེད། གཉིས་པ་ཚོགས་བསགས་པ་ནི།] ཧོཿ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་གནས་འདིར་གཤེགས༔ རོ་མཉམ་ཆེན་པོའི་གདན་ལ་བཞུགས་སུ་གསོལ༔ གཉུག་མའི་རང་ཞལ་མཇལ་བའི་ཕྱག་གིས་འདུད༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱས་མཆོད༔ ཉམས་ཆག་འཁོར་གསུམ་དམིགས་མཐའ་བྲལ་བར་བཤགས༔ ཡོན་ཏན་ལྷུན་རྫོགས་ཆེན་པོར་རྗེས་ཡི་རང་༔ ཕྲིན་ལས་རོལ་པ་ཆེན་པོའི་ཆོས་འཁོར་བསྐོར༔ གདུག་པ་འདུལ་ཕྱིར་མྱ་ངན་མི་འདའ་བཞུགས༔ དགེ་ཚོགས་ཟུང་འཇུག་ཁྱབ་བརྡལ་ཆེན་པོར་བསྔོ༔ ཧེ་རུ་ཀ་དཔལ་གོ་འཕང་མཆོག་ཐོབ་ཤོག༔ [ཅེས་ཚོགས་བསགས་མཐར།] ཛཿཧཱུྃ་བཾ་ཧོཿ[ས་]ཚོགས་ཞིང་རྣམས་རང་ལ་ཐིམ་པར་[བསམ། གསུམ་པ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི།] རང་ཉིད་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་པ་རབ་ཏུ་འབར་བའི་གར་གྱི་སྤྲིན་མི་བཟད་པར་འཕྲོ་བའི་སྐུར་གྱུར་[པར་བསམ་ཞིང་། བགེགས་གཏོར།] རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་

p. 5

པར་[བལྟས་ལ།] ཨོཾ་ཨཱཿཧཱུཾ། [ཞེས་བརླབ།] སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ[ས་མགྲོན་བཀུག །]སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིནྟེ་སྭཧཱ། [ཞེས་ལན་གསུམ་གྱིས་བསྔོས་ལ།] ཧཱུཾ༔ སྣང་སྲིད་འབར་བ་ཁྲོ་བོའི་སྤྲིན༔ ཡེ་ཤེས་ཕྱག་རྒྱ་སྐར་ལྟར་འཁྲུགས༔ གཏུམ་རྔམས་མེ་རླུང་འུར་ཆེམས་འབར༔ སྒྲུབ་ལ་བར་གཅོད་འབྱུང་པོ་ཀུན༔ མིང་ཙམ་མེད་པར་བརླག་ཏ་རེ༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ [ཅེས་ཧཱུཾ་བཞི་སོགས་དྲག་སྔགས་ཡུངས་ཐུན་ཚམ་རྔམས་བཅས་བསྐྲད་ནས།] ཧཱུྃ༔ ཡེ་ཤེས་རྣམ་ལྔའི་གདངས་རྩལ་ལས༔ མཚོན་ཆ་ལྔ་ཡི་གུར་ཁང་ལ༔ མེ་དཔུང་ཁྲོ་ཚོགས་རླུང་ལྟར་འཚུབས༔ གཞོམ་མེད་སྲུང་བའི་འཁོར་ལོ་འབར༔ ཧཱུྃ༔ སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ལ༔ གཉིས་འཛིན་འཁྲུལ་པ་རང་སར་དག༔ བསྲུང་བྱ་སྲུང་བྱེད་བྲལ་བ་ཡི༔ ཡེ་སྲུང་ཆེན་པོར་མཚམས་བཅད་དོ༔ བཛྲ་མ་ཧཱ་ཀྲོ་དྷ་ཨེ་ཛྙཱ་ན་ཙཀྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ [ཅེས་མཚམས་བཅད་དེ་སྲུང་འཁོར་བསྒོམ། བཞི་པ་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ནི།] ཧཱུྃ༔ སྣོད་བཅུད་དག་པ་ཧེ་རུ་ཀ་ཡི་ཞིང་༔ སྐུ་དང་ཡེ་ཤེས་འདུ་འབྲལ་མ་དམིགས་ཀྱང་༔ མ་

p. 6

རིག་ཀུན་རྟོག་སྒྲིབ་པས་ཆོད་པ་རྣམས༔ རང་གསལ་ལྷུན་གྲུབ་ཆེན་པོའི་ངང་དུ་དབྱེ༔ སརྦ་མཎྜ་ལ་བྷྲཱུཾ་ཕཊ་ཛཿ [ཞེས་བརྡ་སྒོ་དབྱེ།] ཧཱུཾ༔ སྟོང་གསལ་ཟུང་འཇུག་མ་བཅོས་གཉུག་མའི་དབྱིངས༔ རང་རིག་བྱང་ཆུབ་སེམས་ཀྱི་དཔལ་ཆེན་པོ༔ མཉམ་ཉིད་ལྟབས་མཇལ་བའི་བརྡ་ཡི་ཕྱག༔ དམིགས་བསམ་བརྗོད་པ་བྲལ་བའི་ཀློང་དུ་འཚལ༔ ན་མོ་ན་མཱ་མི༔ [ཞེས་བརྡ་ཕྱག་འཚལ། ལྔ་པ་རྡོ་རྗེའི་དམ་བཅའ་བ་ནི།] ཧཱུཾ༔ ཁྱབ་བརྡལ་འགྱུར་མེད་དོན་དམ་རིག་པའི་གཤིས༔ ཐབས་ཀྱི་སྤྱོད་པས་སྒྱུ་མའི་སྐུར་སྣང་བ༔ དཔལ་ཆེན་ཁྲག་འཐུང་རྒྱལ་པོའི་གསང་བ་གསུམ༔ དེང་ཕྱིན་སྲོག་ཕྱིར་མི་གཏོང་བཟུང་བར་བགྱི༔ ས་མ་ཡ་ཙིཏྟ་བཛྲ་ཧཱུྃ༔ [ཞེས་དམ་བཅའ་བཟུང་། དྲུག་པ་བྱིན་དབབ་པ་ནི། སྤོས་དང་རོལ་མོ་སོགས་ཀྱིས་གཟི་བྱིན་བསྐྱེད་ལ།] ཧཱུྃ༔ ཐུགས་དམ་ཆེན་པོ་གསང་བའི་ལྷ༔ ཡེ་ཤེས་སྣང་བ་རྒྱས་པའི་སྤྲིན༔ མི་འདའ་འགྲོ་བའི་དོན་ཕྱིར་དུ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ རྡོ་རྗེའི་བྱིན་ཆེན་དབབ་ཏུ་གསོལ༔ ངོ་མཚར་རྟགས་དང་མཚན་མ་སྟོན༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་ཛྙཱ་ན་ས་མ་ཡ་ཨ་བེ་ཤ་ཡ་ཨཱ༔ [ཞེས་བྱིན་དབབ། བདུན་

p. 7

ས་མཆོད་རྫས་བྱིན་བརླབ་པ་ནི།] ཧཱུྃ༔ མི་གཡོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཕྱི་སྣོད་འོག་མིན་གསང་ཆེན་རོལ་པའི་ཞིང་༔ ཕྱི་ནང་གསང་བ་ཏན་གན་དམ་ཚིག་རྫས༔ ཀུན་བཟང་རྣམ་ཐར་བཀོད་པའི་མཆོད་སྤྲིན་གྱུར༔ ཨོཾ་ཨཱཿཧཱུཾ་བཛྲ་མ་ཧཱ་ཛྙཱ་ན་སརྦ་པཱུ་ཛ་ཧཱུཾ་ཧཱུཾ་ཧཱུཾ༔ [ཞེས་དང་།] ཨོཾ་སརྦ་པཉྩི་ཨ་མྲྀ་ཏ་རཀྟ་བ་ལི་ཏཾ་ཨཱཿཧཱུྃ༔ [ཞེས་ལན་བདུན་གྱིས་བརླབ་བོ། །གཉིས་པ་དངོས་གཞིའི་ཆོས་ལ་བདུན་ལས། དང་པོ་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་པ་ནི།] ཧཱུཾ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ སྲོག་གི་གོ་རུ་ཤར་བ་དང་༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ ཧཱུཾ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པའི་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཧཱུཾ༔ ཆོས་དབྱིངས་སྐྱེ་མོད་ངང་ཉིད་ལས༔ ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ༔ ཐམས་ཅད་རྒྱུ་ལས་མ་བྱུང་མེད༔ རྒྱུ་ཡི་ཡི་གེ་ཧཱུཾ་དུ་གསལ༔

p. 8

ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ཀློང༔ ནམ་མཁའ་མཐའ་དབུས་མེད་པར་བརྡལ༔ སྟོབས་ཆེན་རླུང་དཀྱིལ་རྒྱ་གྲམ་ཚུལ༔ རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས༔ དེ་སྟེང་ཞིང་ཆེན་ས་གཞི་བརྡལ༔ རུས་པའི་རི་རབ་གྲུ་གསུམ་བརྗིད༔ བསྐལ་པའི་མེ་ཕུང་ཕྱོགས་བཅུར་འབར༔ ཡུམ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ རྡོ་རྗེའི་ས་གཞི་ར་བ་གུར༔ མཚོན་ཆ་མེ་འོད་འཁྲུགས་པའི་ནང་༔ འཇིགས་རུང་དུར་ཁྲོད་ཆེན་པོ་བརྒྱད༔ མེ་ཆུ་ཤིང་སྤྲིན་མཆོད་རྟེན་བརྒྱད༔ ལྷ་ཀླུ་ཞིང་སྐྱོང་གྲུབ་པ་བརྒྱད༔ ཤ་ཟ་རོ་ལངས་མང་པོ་གང༔ རྡོ་རྗེའི་བྲག་ཆེ་ནར་བས་གཏམས༔ དེ་དབུས་ལྷུན་གྲུབ་གཞལ་ཡས་ཁང་༔ རིན་ཆེན་སྣ་ཚོགས་ལས་གྲུབ་པ༔ གདུང་དང་དྲལ་ཕྱམ་ཀ་བ་དང་༔ ཐོག་དང་སྐར་ཁུང་ཉི་ཟླས་མཚན༔ གྲུ་ཆད་མུ་རན་ཁོར་ཡུག་དང་༔ དྲྭ་ཕྱེད་མཛེས་པའི་ཚགས༔ རྟ་བབས་གདུགས་ཏོག་ཆོས་འཁོར་མཛེས༔ ཕ་གུ་མཆོད་རྟེན་རིན་ཆེན་དཀྲིགས༔ ནང་ནི་བྷནྡྷ་འབར་བས་བརྩིགས༔ ལྷ་ཀླུ་གཟའ་སྐར་ཀ་གདུང་ལྕམ༔ ཞིང་ཆེན་ཐོག་ཕུབ་ཡོལ་བ་བཀྲམ༔ དོན་སྙིང་དབང་པོའི་ལན་ཚར་བརྒྱན༔ རྒྱུ་རློན་ལྡ་ལྡི་བྲེས་པའི་ནང་༔

p. 9

ལྟེ་བ་མཐིང་ནག་གྲུ་གསུམ་འབར༔ ཕྱི་རིམ་གནམ་ལྕགས་འཁོར་ལོ་ནི༔ རྩིབས་བཞི་རྩིབས་བཅུ་རིམ་པ་བཞིན༔ མུ་ཁྱུད་ཐོད་སྐམ་ཕྲེང་བས་བསྐོར༔ གཞལ་ཡས་བར་ཁྱམས་ཁྲག་མཚོ་འཁྲུགས༔ ཀུན་ཀྱང་ཡེ་ཤེས་ལྔ་ཡི་ཀློང་༔ ཕྱི་གསལ་ནང་གསལ་སྒྲིབ་པ་མེད༔ རང་བྱུང་ལྷུན་གྲུབ་ཆེན་པོར་བསྒོམ༔ ཧཱུྃ༔ ཕོ་བྲང་ཨེ་ཡི་གཞལ་ཡས་དབུས༔ སྣ་ཚོགས་པདྨ་ཟླ་ཉི་ལ༔ དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་༔ རྒྱུ་ཡི་ཡི་གེ་གདན་ལ་བབས༔ མཐིང་ནག་ཧཱུཾ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ གཡས་ཞལ་དགོད་ཅིང་འཛུམ་ལ་དཀར༔ གཡོན་ཞལ་གཤེ་ཞིང་ཆགས་མདངས་དམར༔ དབུས་ཞལ་ཁྲོ་རྔམས་མཐིང་ནག་འབར༔ སྤྱན་བགྲད་མཆེ་གཙིགས་ལྗགས་དམར་འདྲིལ༔ སྨར་སྨིན་ཨག་ཚོམ་མེ་ལྟར་འབར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ བདེ་གཤེགས་རིགས་ལྔ་དབུ་ལ་རྫོགས༔ གཡས་གཉིས་རྩེ་དགུ་རྩེ་ལྔ་གདེངས༔ གཡོན་གཉིས་མེ་ཞགས་ཁ་ཊྭཱཾ་འཛིན༔ ཐ་གཉིས་གནམ་ལྕགས་ཕུར་བུ་འདྲིལ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔

p. 10

བདུད་བཞིའི་སྟེང་ན་རབ་ཏུ་འགྱིང༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དུར་ཁྲོད་དཔལ་ཆས་རྣམས་ཀྱིས་བརྒྱན༔ རྡོ་རྗེའི་གད་མོས་ས་གསུམ་ཁྱབ༔ ཡེ་ཤེས་འཐོར་རླུང་རྣམ་པར་གཡོ༔ འཁོར་ལོ་རྒྱས་འདེབས་དཔལ་གྱི་ཡུམ༔ ཁྲོ་ཆགས་སྒེག་པའི་ལང་ཚོ་ཅན༔ བདེ་སྟོང་འདུ་འབྲལ་མེད་པར་སྦྱོར༔ གཡས་པས་ཁ་ཊྭཱཾ་དང་བཅས་འཁྱུད༔ གཡོན་མས་དམར་ཆེན་བྷནྡྷ་སྟོབ༔ སྐུ་མདོག་མཐིང་ནག་རྒྱན་དང་ལྡན༔ བསྐལ་མེ་འབར་བའི་ཀློང་དུ་འགྱིང༔ སྤྱི་བོའི་གནས་སུ་སྤྲུལ་པའི་ཁྱུང་༔ དུང་མདོག་ལྕགས་ཀྱི་གཤོག་པ་ཅན༔ གསེར་མིག་འཁྱིལ་པ་རྡོ་རྗེའི་ལུས༔ མཆུ་སྡེར་ལྕགས་ཀྱུས་སྦྲུལ་བཟུང་ནས༔ གདུག་པ་ཅན་རྣམས་ཟས་སུ་ཟ༔ གཙོ་བོའི་ཕྱོགས་ཀྱི་པད་ཉི་དང་༔ དྲེགས་པ་བདུད་བཞིའི་གདན་སྟེངས་སུ༔ མདུན་དུ་བུདྡྷ་ཀཱི་ལ་ཡ༔ ཤར་དུ་བཛྲ་ཀཱི་ལ་ཡ༔ ལྷོ་རུ་རཏྣ་ཀཱི་ལ་ཡ༔ ནུབ་ཏུ་པདྨ་ཀཱི་ལ་ཡ༔ བྱང་དུ་ཀརྨ་ཀཱི་ལ་ཡ༔ མཐིང་དཀར་སེར་དམར་ལྗང་བའི་མདོག༔ ཁྲོ་བོའི་ཆས་རྫོགས་ཕུར་པ་འདྲིལ༔ ཕྱི་རིམ་འཁོར་ལོ་རྩིབས་བཅུ་ལ༔ པད་ཉི་ཕྱོགས་སྐྱོང་ཕོ་མོའི་སྟེང་༔ ཤར་སྟོད་ཧཱུཾ་ཀར་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་སྨིག་བུའི་མགོ༔ ཤར་སྨད་རྣམ་རྒྱལ་

p. 11

སྙེམས་མ་ནི༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ ཤར་ལྷོར་དབྱུག་སྔོན་སྡེར་མོ་ནི༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ ལྷོ་ཕྱོགས་གཤིན་རྗེ་དུར་ཁྲོད་བདག༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ལྷོ་ནུབ་མི་གཡོ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ ནུབ་ཕྱོགས་རྟ་མགྲིན་རྡོ་རྗེ་གཏུམ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ ནུབ་བྱང་འདོད་རྒྱལ་མདའ་སྙེམས་ནི༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ བྱང་དུ་བདུད་རྩི་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝང་མགོ༔ བྱང་ཤར་ཁམས་གསུམ་གསོད་བྱེད་ནི༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ ནུབ་སྨད་སྟོབས་ཆེན་སྐུལ་བྱེད་མ༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ༔ དང་པོས་རྡོ་རྗེ་དུང་ཁྲག་བསྣམས༔ བར་པས་རང་རྟགས་མཚོན་ཆ་འཛིན༔ ཐ་གཉིས་གནམ་ལྕགས་ཕུར་པ་འདྲིལ༔ ཞབས་བཞི་འདོར་སྟབས་དགྲ་གདོན་བརྫིས༔ གཤོག་གདེངས་དུར་ཁྲོད་དཔལ་ཆས་རྫོགས༔ ཡུམ་རྣམས་དྲིལ་འཁྱུད་ཐོད་ཁྲག་སྟོབ༔ སྤྲུལ་པ་ཟ་གསོད་ཁྲ་ཐབས་རྣམས༔ ལྕགས་ཀྱུ་དང་ནི་ཕུར་བུ་འདྲིལ༔ མེ་དཔུང་འབར་བའི་ཀློང་དུ་གསལ༔ ཤར་སྒོར་སྒོ་མ་པུ་ཤུད་མགོ༔

p. 12

དཀར་ནག་འགུགས་བྱེད་ལྕགས་ཀྱུ་གཡས༔ ལྷོ་ཕྱོགས་སྒོ་མ་སྐྱ་གའི་མགོ༔ སེར་ནག་འཆིང་བྱེད་ཞགས་པ་གཡས༔ ནུབ་ཕྱོགས་སྒོ་མ་སྲིན་བྱའི་མགོ༔ དམར་ནག་སྡོམ་བྱེད་ལྕགས་སྒྲོག་གཡས༔ བྱང་ཕྱོགས་སྒོ་མ་ཁྲ་ཡི་མགོ༔ ལྗང་ནག་མྱོས་བྱེད་དྲིལ་བུ་གཡས༔ གཡོན་རྣམས་ཐོད་པ་ཁྲག་བཀང་འཐུང་༔ གཟིག་ཤམ་རུས་རྒྱན་མེ་དཔུང་འབར༔ བར་ཁྱམས་ཤྭ་ན་བདག་ཉིད་མ༔ ས་བདག་སྐྱེས་བུ་གིང་ཆེན་བཞི༔ ཕོ་བདུད་གིང་བདུད་གིང་ཕྲན་འབུམ༔ འཁོར་ཚོགས་བསམ་གྱིས་མི་ཁྱབ་གསལ༔ [ཅེས་གསལ་བཏབ་ལ། སྲོག་ཡེ་ཤེས་སུ་དབང་བསྐུར་བ་ནི།] ཧཱུྃ༔ མ་བཅོས་གཉུག་མ་གཏིང་གསལ་ཀློང༔ དམ་ཚིག་ཆེན་པོའི་མཎྜ་ལ༔ སྲིད་པ་ཡེ་ཤེས་ཕུར་པའི་ལྷར༔ རང་དབང་རིགས་ཀྱི་བདག་པོར་བསྐུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཏྨ་ཀོ྅ཧཾ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་རྣམ་པར་དག་པའི་ཞིང་༔ ཁྲག་འཐུང་གསང་ཆེན་རོལ་པའི་གནས་མཆོག་ནས༔ དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ༔ མ་ལུས་འཁོར་དང་བཅས་པའི་ལྷ་ཚོགས་རྣམས༔ ཐུགས་

p. 13

དམ་སྒྱུ་མའི་ཆོ་འཕྲུལ་ཆེན་པོ་ཡིས༔ དུར་ཁྲོད་དྲག་པོའི་གནས་འདིར་གཤེགས་སུ་གསོལ༔ ཤྲཱི་བཛྲ་ཧེ་རུ་ཁ་ས་མ་ཡ་ཨེ་ཨཱར་ལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛ་ཛཿ[གསུམ་པ་བཞུགས་སུ་གསུལ་བ་ནི།] ཧཱུྃ༔ མ་རིག་གཉིས་སྣང་འཁྲུལ་པའི་བདུད་ཀྱི་སྡེ༔ གཉིས་མེད་མཉམ་པར་འགྱེལ་བའི་བམ་ཆེན་དང་༔ དཀར་དམར་ཉི་ཟླའི་དྭངས་མ་བརྩེགས་པའི་ཁྲིར༔ ཧེ་རུ་ཀ་དཔལ་ལྷ་ཚོགས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ [བཞི་པ་ཕྱག་འཚལ་བ་ནི།] ཧཱུྃ༔ ཡེ་ཤེས་དབྱིངས་ལས་འབར་བའི་སྐུར་བཞེངས་པ༔ ཚད་མེད་བྱམས་དང་སྙིང་རྗེ་ཆེན་པོའི་བདག༔ ཐབས་ཀྱི་སྤྱོད་པ་རྒྱ་མཚོས་འགྲོ་བ་སྒྲོལ༔ སྲིད་པ་ཡེ་ཤེས་ཕུར་བུའི་ལྷ་ལ་འདུད༔ ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ [ལྔ་པ་མཆོད་པ་འབུལ་བ་ནི།] ཧཱུྃ༔ སྣང་སྲིད་འདོད་ཡོན་ཕྱག་རྒྱའི་སྤྲིན༔ བླ་མེད་ཕྱི་ཡི་མཆོད་པ་འབུལ༔ གདུག་ཅན་བསྒྲལ་བའི་ཤ་ཁྲག་རུས༔ དུར་ཁྲོད་དམ་རྫས་ནང་མཆོད་འབུལ༔ འཁོར་འདས་དྭངས་བཅུད་ཨ་མྲྀ་ཏ༔ རྩ་བརྒྱད་སྟོང་སྦྱར་སྨན་མཆོད་འབུལ༔ མ་ཧཱ་རཀྟ་རྦ་རླབས་འཁྲུགས༔ བསྒོ་བའི་བཀའ་ལ་ཉན་ཕྱིར་འབུལ༔ མཱུ་ལ་རཀྟ་ཞག་རླངས་འཁྱིལ༔ མངོན་སྤྱོད་ལས་

p. 14

རྣམས་བཅོལ་ཕྱིར་འབུལ༔ པདྨ་རཀྟ་ཆགས་མདངས་འབར༔ མཐུ་རྩལ་དབང་དུ་བྱ་ཕྱིར་འབུལ༔ འདོད་རྒུ་ཀུན་འབྱུང་བ་ལིདྟ༔ རྨད་བྱུང་དམ་ཚིག་རྫས་མཆོད་འབུལ༔ ཟག་མེད་བདེ་བ་ཆེན་པོའི་དབྱིངས༔ གསང་མཆོག་གསང་བའི་མཆོད་པ་འབུལ༔ རྣམ་ཐར་གསུམ་གྱི་ཨེ་ཁང་དུ༔ མ་ཧཱ་རུ་དྲ་བསྒྲལ་བས་མཆོད༔ གར་གྱི་རྣམ་འགྱུར་མཐའ་ཡས་པའི༔ རྡོ་རྗེ་ལུས་ཀྱི་སྟངས་སྟབས་འབུལ༔ སྙན་ཅིང་འགྱུར་བའི་དབྱངས་ཀྱི་སྒྲ༔ རྡོ་རྗེ་གླུ་ཡི་མཆོད་པ་འབུལ༔ མཆོད་བྱ་མཆོད་བྱེད་མཆོད་པའི་ཡུལ༔ རྡུལ་བྲལ་ཤིན་ཏུ་ཕྲ་བའི་དབྱིངས༔ མི་དམིགས་བསམ་བརྗོད་བྲལ་བས་མཆོད༔ དཔལ་ཆེན་འཁོར་དང་བཅས་རྣམས་ཀྱིས༔ གདུག་པ་འདུལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀྲོ་དྷ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྡ་པཉྩ་ཀ་མགུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ག་ན་ག་ན་དྷརྨ་དྷ་ཏུ་པཱུ་ཛ་ཧོཿ [ཞེས་གཏེར་གཞུང་དངོས་བསྟན་དཀྱུས་སུ་དེ་ཙམ་དང་། སྒྲུབ་མཆོད་སོགས་ཀྱི་སྐབས་མཆོད་ཕྲེང་རྒྱས་པར་སྤྲོ་ན་གཏེར་ཁ་རིགས་མཐུན་ནས་ཁ་བཀང་བ་འདི་ལྟར། ཀུན་བཟང་མཆོད་པ་ནི།] ཧཱུྃ༔ བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པ་རྒྱ་མཚོ་མཐའ་ཡས་

p. 15

ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཕྱི་མཆོད་ནི། རྡོ་རྗེ་སྒེག་ཕྲེང་གླུ་དང་གར་སྒྱུར་མ༔ རབ་འབྱམས་ཞིང་ཀུན་ཁྱབ་པར་ཡོངས་སྤྲུལ་ཏེ༔ བླ་མ་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་ལ༔ འབུལ་གྱིས་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ལཱ་སྱ་ཧཱུྃ༔ ཨོཾ་བཛྲ་མཱ་ལེ་ཏྲཱྃ༔ ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ༔ རབ་འབྱམས༴ བླ་མ༴ འབུལ་གྱིས༴ ཨོཾ་བཛྲ་དྷུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་བཛྲ་གྷནྡྷེ་ཨཱཿ པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔམ༔ རབ་འབྱམས༴ བླ་མ༴ འབུལ་གྱིས༴ ཨོཾ་བཛྲ་ཝཱི་ནི་ཧཱུྃ༔ ཨོཾ་བཛྲ་ཝཾ་སེ་ཏྲཱྃ༔ ཨོཾ་བཛྲ་མྲྀ་དཾ་གེ་ཧྲཱིཿ ཨོཾ་བཛྲ་མུ་རཉྫེ་ཨཱཿ གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ༔ རབ་འབྱམས༴ བླ་མ༴ འབུལ་གྱིས༴ ཨོཾ་བཛྲ་རྰུ་པ་ཧཱུྃ༔ ཨོཾ་བཛྲ་སྤརྴེ་ཏྲཱཾ༔ ཨོཾ་བཛྲ་རཱ་ས་ཧྲཱིཿ ཨོཾ་བཛྲ་དྷ་རྨ་དྷཱ་ཏུ་ཨཱཿ [ནང་མཆོད་ནི།] འཇིག་རྟེན་ཁམས་ཀྱི་དགྲ་བགེགས་ཀུན༔ བསྒྲལ་བའི་ཁྲག་གི་ཨརྒྷཾ་དང་༔ དབང་

p. 16

པོའི་མེ་ཏོག་གསུར་ཆེན་སྤོས༔ ཞུན་ཆེན་མར་མེ་འཁྲིས་པའི་ཆབ༔ ཤ་རུས་ཞལ་ཟས་ཐོད་རྔའི་སྒྲ༔ བདུད་འདུལ་ཁྲོ་བོའི་ལྷ་ལ་འབུལ༔ བཞེས་ནས་དགྲ་བགེགས་སྒྲོལ་བར་མཛོད༔ ཀརྨ་མ་ཧཱ་ཀྲོ་དྷ་ཨརྒྷཾ་[ནས་]ཤཔྡ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ༔ [བདུད་རྩི་སྨན་མཆོད་ནི།] ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་རྫོགས་རྫས༔ བླ་མ་རིག་འཛིན་བརྒྱུད་པར་བཅས་པ་དང་༔ དཔལ་ཆེན་ཆེ་མཆོག་ཕུར་པའི་ལྷ་ཚོགས་ལ༔ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཀུན་བཟང་རིགས་ལྔ་རྡོར་སེམས་པྲ་ཧསྟི༔ ཐོད་ཕྲེང་ཡབ་ཡུམ་བཻ་རོ་བདུད་འཇོམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འདི༔ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ བདེ་ཆེན་ཟིལ་གནོན་ནམ་མཁའ་རྡོ་རྗེ་རྩལ༔ བཀའ་བབས་ཆོས་བདག་རྩ་བརྒྱུད་བླ་མ་ལ༔ རྣམ་དག་བདུད་རྩིའི༴ འབུལ་ལོ་བཞེས་ནས༴ སརྦ་པཉྩ༴ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔

p. 17

དཔལ་གྱི་སྲས་མཆོག་ཀཱི་ལ་རིགས་ལྔ་ལ༔ རྣམ་དག༴ འབུལ་ལོ༴ སརྦ་པཉྩ༴ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་མ༔ སྒོ་མ་བཞི་དང་ཕུར་སྲུང་དམ་ཅན་ལ༔ རྣམ་དག༴ འབུལ་ལོ༴ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ [བདུད་རྩིའི་ཐིག་པ་ལྕེ་ལ་བཞག་སྟེ།] སརྦ་པཉྩ་ཨ་མྲྀ་ཏ་སིདྡྷི་ཧོཿ སྦྱོར་མཆོད་ནི། བདག་གི་ཐུགས་ལས་བདེ་ཆེན་ལྷ་མོ་དང་༔ དཔའ་བོ་མཉམ་སྦྱོར་བདེ་ཆེན་ཡེ་ཤེས་ཀྱིས༔ ཟུང་འཇུག་མཆོད་པ་སྤྲོས་པས་ལྷ་ཚོགས་རྣམས༔ དགའ་བཞི་བདེ་སྟོང་མཆོད་པས་མཉེས་པར་བྱ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ བོ་དྷི་ཙིཏྟ་ཧོཿ ར་ཧོ་ཧཾ༔ རཱ་ག་ཡ་མི༔ མ་ཧཱ་སུ་ཁ་པྲ་ཏཱིཙྪ་ཧོ༔ པྲ་ཏི་གྲིཧྞ་ཁཱ་ཧི༔ [བསྒྲལ་མཆོད་ནི། རཀྟ་ལ་དམིགས་ཏེ།] བྷནྡྷ་རབ་ཡངས་ཁམས་གསུམ་བྲུབ་ཁུང་དུ༔ ནྲྀ་ཏྲི་ཡོངས་གྱུར་དམ་སྲི་རུ་དྲ་བདུད༔ མ་རུང་ལོག་འདྲེན་ཐམས་ཐད་ཁུག་ཅིག་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨཱ་བེ་ཤ་ཡ་ཨཱ༔ པྲ་བེ་ཤ་ཡ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ལ་ཡ་དགྲ་བགེགས་ཀྱི་སྲོག་རྩལ་ཡཾ་ཡཾ༔ སྙིང་རྩ་ལ་རྦད་རྦད༔ སྲོག་ལ་ཧུར་ཐུཾ༔ ཐུཾ་རི་ལི་རྦད་སོད༔ ཧཱུྃ༔ བྷནྡྷ་འབར་བ་དམར་གྱི་ཞལ་བུའི་སྣོད༔ རྟེན་

p. 18

འབྲེལ་བཅུ་གཉིས་མཱུ་ལ་སྲིད་པའི་ཁྲག༔ མ་ཧཱ་རཀྟ་བསྒྲལ་བའི་ཁྲག་ཆེན་པོ༔ བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ [གཏོར་མའི་མཆོད་པ་ནི།] ཧཱུྃ༔ བདུད་འདུལ་དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ལ༔ དགྲ་བོའི་ཤ་རུས་ཚིལ་བུ་རྐང་དང་ཞག༔ དབང་པོ་གློ་སྙིང་ནང་རོལ་རྒྱུ་མར་བཅས༔ བདུད་རྩིར་བསྒྱུར་བའི་བ་ལིཾ་མཆོད་པ་འབུལ༔ ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ [ཞེས་སྦྱར་ཏེ་སྐབས་དང་བསྟུན་ནོ། །དྲུག་པ་བསྟོད་པ་ནི།] ཧཱུྃ༔ རབ་འཇིགས་སྒེག་པའི་སྐུ་ནི་གཟི་བརྗིད་འབར༔ མི་སྡུག་དཔའ་བའི་རྟགས་རྣམས་ཡོངས་སུ་རྫོགས༔ འཇིགས་རུང་བཟོད་པར་དཀའ་བའི་ཆོ་འཕྲུལ་ཅན༔ དཔལ་ཆེན་ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད༔ རྡོ་རྗེའི་གད་རྒྱང་དགོད་པའི་སྔགས་ཀྱི་སྒྲ༔ རབ་ཏུ་གཤེད་བའི་ཧཱུྃ་གི་སྣང་གླུ་བསྒྱུར༔ དྲག་ཤུལ་རོལ་པ་ཆེན་པོའི་ང་རོ་ཅན༔ དཔལ་ཆེན་ཁྲོ་རྒྱལ་གསུང་ལ་ཕྱག་འཚལ་བསྟོད༔ སྙིང་རྗེ་ཆེན་པོས་ཡོངས་སུ་གང་བའི་ཐུགས༔ མི་གཡོ་རྔམས་བརྗིད་ཡེ་ཤེས་འོད་ཟེར་འབར༔ མཁའ་ཁྱབ་ཞི་བ་ཆེན་པོའི་དབྱིངས་སུ་སྒྲོལ༔ དཔལ་ཆེན་ཁྲོ་རྒྱལ་ཐུགས་ལ་ཕྱག་འཚལ་བསྟོད༔

p. 19

ཁྲོ་རྒྱལ་སྐུ་གསུང་ཐུགས་ཀྱི་གསང་བ་དང་༔ གཉིས་མེད་གཉིས་སུ་སྣང་བའི་གཙོ་འཁོར་ཚུལ༔ མི་ཟད་རྒྱན་གྱི་འཁོར་ལོ་ཤར་བའི་ལྷར༔ ཟུང་འཇུག་མཉམ་པ་ཆེན་པོར་ཕྱག་འཚལ་བསྟོད༔ [བདུན་པ་འཛབ་ཀྱི་དགོངས་པ་ནི།] ཧཱུྃ༔ རང་ཉིད་རྡོ་རྗེ་གཞོན་ནུ་ཡི༔ ཐུགས་དཀར་རྡུལ་བྲལ་འོད་ཁྱིམ་དབུས༔ ཙིཏྟ་མཆོད་གུར་སྨུག་པོའི་ནང་༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ལོངས་སྐུའི་ཚུལ་ཅན་ཚོན་གང་བའི༔ སྙིང་གར་ཉི་སྟེང་རྡོ་རྗེའི་ལྟེར་༔ མི་འགྱུར་སྟོང་སྲོག་ཧཱུྃ་མཐིང་མཐར༔ གསལ་བརྟན་འབྲུ་དགུས་བསྐོར་བ་ལས༔ འོད་ཟེར་བསམ་ཡས་འཕྲོས་པ་ཡིས༔ སྲས་བཅས་རྒྱལ་བའི་ཐུགས་དམ་བསྐུལ༔ སྐུ་གསུང་ཐུགས་ལ་མཉེས་མཆོད་འབུལ༔ ཁམས་གསུམ་འགྲོ་བའི་ལས་སྒྲིབ་སྦྱངས༔ མཆེད་དང་ལྕམ་དྲལ་ཉམས་ཆག་བསྐང་༔ དགྲ་བགེགས་འབྱུང་པོའི་མཐུ་ནུས་བཅོམ༔ སྣང་གྲགས་རྟོགས་གསུམ་དཔལ་ཆེན་པོའི༔ སྐུ་གསུང་ཐུགས་ཀྱི་རོལ་པར་གྱུར༔ [བཟླ་བྱའི་སྔགས་ནི།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ [ཅེས་རྩ་སྔགས་འབྲུ་དགུ་བ་དང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ [ཅེས་བསྙེན་སྒྲུབ་ལས་གསུམ་ཐུན་མོང་གི་སྔགས་འབྲུ་བཅོ་ལྔ་པ་སྟེ།]

p. 20

[གཙོ་བོར་འདི་ཁོ་ན་བཟླའོ། །]ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿ ཧཱུྃ་བཾ་ཧོ༔ [ཀ་ཏཾ་ཀ་ཡེ༔ ཛ་ཡ་བི་ཛ་ཡེ༔ ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ༔] མ་ར་སེ་ན་པྲ་མ་རྡྷ་ན་ཡེ་ཧཱུྃ་ཕཊ༔ [ཅེས་བཞི་སྙིང་གཅིག་ཏུ་དྲིལ་བ་དང་།] མ་ར་ཀྨོ་ཡ་ཀྨོ༔ ཀ་ལ་རཱུ་བ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་སྲོག་ལ་བཤད་ཛཿ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཀརྨ༔ ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ [ཅེས་སྤུ་གྲིའི་དྲག་སྔགས་འདུས་པ་སྟེ། བསྙེན་པའི་འགྲོས་དང་སྦྱར་ཏེ་ཇི་ཙམ་འོས་པ་བཟླ་ཞིང་། ཐུན་མཚམས་སུ།] དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་བསྟོད༔ བག་མེད་འགལ་འཁྲུལ་ཉམས་ཆག་བཤགས༔ ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ༔ [ཅེས་སྟོང་ཚིགས་ཀྱི་མཆོད་བསྟོད་བྱའོ། །]གསུམ་པ་རྗེས་ཀྱི་ལས་རིམ་ལའང་བདུན་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཚོགས་རྫས་སུ་འོས་པ་ཅི་འབྱོར་བབ་གཙང་ཞིང་མཛེས་པར་བཤམ་ལ། བདུད་རྩིས་བྲན་ཅིང་།] ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ༔ [ཅེས་བསང་།] ཧཱུྃ༔ འགྱུར་མེད་རྡོ་རྗེ་ལྟ་བུ་ཡི༔ ཏིང་འཛིན་ཆོ་འཕྲུལ་

p. 21

རཾ་ཡཾ་ཁཾ༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ ཚོགས་ཀྱི་དངོས་འཛིན་བསྲེག་གཏོར་སྦྱངས༔ རྡོ་རྗེ་གསུམ་གྱི་ས་བོན་ལས༔ སྤྲོ་བསྡུའི་སྦྱོར་བས་སྣོད་བཅུད་ཀུན༔ གདོད་ནས་དག་མཉམ་ཡེ་ཤེས་ཀྱི༔ དྭངས་མའི་བདུད་རྩི་ཐིག་ལེར་འཁྱིལ༔ ཨོཾ་ཨཱ་ཧཱུྃ༔ [ལན་གསུམ། ཚོགས་ཞིང་སྤྱན་དྲང་བ་ནི།] ཧཱུཾ༔ ཕྱི་སྣོད་འོག་མིན་དུར་ཁྲོད་ཞིང་༔ ནང་བཅུད་དམ་རྫས་བདུད་རྩིའི་གཏེར༔ མཆེད་ལྕམ་ཧེ་རུ་ཀ་ཡི་གདུང་༔ དེ་ཕྱིར་དམ་ཚིག་རྣམ་པར་དག༔ སྲིད་པ་རྡོ་རྗེ་ཕུར་བའི་ལྷ༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ གཏུམ་ཆེན་འབར་བ་སྒེག་པའི་སྐུ༔ གར་གྱི་སྟངས་སྟབས་ཤིགས་སེ་ཤིག༔ རྔམ་པའི་གད་མོ་ལྷངས་སེ་ལྷང་༔ འོད་གསལ་དགོངས་ཉམས་ཡ་ལ་ལ༔ དུར་ཁྲོད་རོལ་མོ་འུ་རུ་རུ༔ ཞིང་དར་གཡབ་མོ་ལིངས་སེ་ལིང་༔ དྲི་ཞིམ་ངད་པ་ཐུ་ལུ་ལུ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ འདིར་འདུས་རྣལ་འབྱོར་ཕོ་མོ་ཡི༔ ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ ངག་ལ་ནུས་མཐུ་བསྩལ་ཏུ་གསོལ༔ སེམས་ལ་རྟོགས་པ་སྤར་དུ་གསོལ༔ བསོད་ནམས་རྒྱ་མཚོའི་ཚོགས་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་མཛོད༔ ཤྲཱི་མ་ཧཱ་ཧེ་རུ་ཀ་ས་མ་ཡ་ཧྲིཾ་ཕེཾ་ཛཿ [ཚོགས་

p. 22

ཕུད་རིམ་པ་གསུམ་དུ་སྤྲོས་པའི་ཆ་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི།] ཧཱུྃ༔ སྣང་བ་རྒྱན་གྱི་འདོད་ཡོན་ནམ་མཁའི་མཛོད༔ སྲིད་པ་བཅུད་ཀྱི་དམ་རྫས་ཚོགས་སུ་སྤུངས༔ གཉིས་མེད་མཉམ་པར་སྦྱར་བའི་མཆོད་པ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ་གྱིས་བཞེས༔ སརྦ་ག་ཎ་ཙ་ཀྲ་པཱུ་ཛ་ཧོཿ [ཆ་བར་པ་བཤགས་པའི་ཆེད་དུ་འབུལ་བ་ནི།] ཨ༔ ཡེ་གྲོལ་ཕྱལ་པ་ཆེན་པོའི་དམ་ཚིག་ལ༔ འགལ་དང་བཤགས་པའི་མཚན་མ་མ་དམིགས་ཀྱང་༔ ཀུན་རྫོབ་སྒྱུ་མ་ལྟ་བུའི་ཀློང་ཉིད་དུ༔ བཅས་པའི་དམ་ཉམས་ག་ཎ་ཙ་ཀྲས་བཤགས༔ ཨ་ཨཱཿ [ཆ་ཐ་མ་བསྒྲལ་སྟོབ་ཀྱི་ལས་ལ་སྦྱོར་བ་ནི། སྤྲོ་ན་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།] ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཧཱུཾ་བཾ་ཧོཿ [ཞེས་དམིགས་བྱ་བཀུག་ལ།] ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་ལྷར་གསལ་གཟུང་འཛིན་དགྲ་བགེགས་ཀུན༔ ཉམས་པ་བདུན་ལྡན་དམིགས་བྱ་དངོས་སུ་གྱུར༔ ཕུར་བུ་སྲས་མཆོག་གཏུམ་རྔམས་སྐུར་གསལ་བའི༔ འོད་ཀྱིས་སྒྲིབ་སྦྱངས་ཚེ་བསོད་བདག་ལ་ཐིམ༔ རྣམ་ཤེས་ཡབ་ཡུམ་རོལ་པའི་མཁའ་ཀློང་སྦྱོར༔ སྙིགས་མ་ཟ་བྱེད་ཁྲོ་བོའི་ཞལ་དུ་བསྟབ༔ སརྦ་རུ་དྲ་བིགྷྣཱན་མཱ་ར་ཡ་རྦད་སོད༔ ཁ་རཾ་ཁཱ་ཧི༔ [སྒྲོལ་བའི་ལས་དང་འབྲེལ་བར་

p. 23

སྦྱོར་བ་བདེ་ཆེན་ཚོགས་ཀྱི་རོས་མཆོད་པ་ནི།] ཧཱུྃ༔ སྙིགས་མའི་ལོངས་སྤྱོད་བསྟབས་པ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་ཆགས་པ་བསྐུལ༔ སྙོམས་ཞུགས་བདེ་སྟོང་དགའ་བས་ཚིམས༔ རྩ་ཁམས་སྔགས་ཀྱི་གླུ་དབྱངས་འབར༔ ཨོཾ་ཤྲཱི་ཀརྨ་མ་ཧཱ་ཀྲོ་དྷ་སརྦ་ས་མ་ཡ་ཧོཿ རཱ་ག་ཡ་མི༔ ས་མ་ཡ་སྟྭཾ༔ པདྨ་བཛྲ་ཨཉྫ་ལི་མ་ཧཱ་སུ་ཁ་ཛྙཱ་ན་ཏེ་ཏེ་ཧཱུྃ༔ ཏེ་ན་ཏེ་ཏེ་ཧོཿ བོ་དྷི་ཙིཏྟ་ཨེ་ཝཾ་ཨ་ལ་ལ་ཧོ༔ [ཞེས་རྡོ་རྗེ་གསང་བའི་གླུས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་བསྐྱེད། འདིར་ཐུགས་དམ་བསྐང་བའི་རིམ་པ་གཞན་སྦྱོར་བར་སྤྲོ་ནའང་སྐབས་དང་སྦྱར་ལ་བཏང་ངོ་། །དེ་ནས་ཚོགས་ལ་རོལ་བ་ནི། ཐ་མལ་གྱི་རྟོག་པའི་འཆིང་བ་དགྲོལ་ཕྱིར་བརྡ་དང་བརྡའི་འབུལ་ལེན་བྱ་སྟེ། ཚོགས་རྫས་བཏེགས་ལ།] ཧོཿ ཟག་མེད་འདོད་ཡོན་ལོངས་སྤྱོད་གཏེར༔ དག་པ་ཆེན་པོས་ཨ་མྲྀ་ཏ༔ གཤག་རྩོད་ཀུ་ཅོ་ཐེ་ཚོམ་བྲལ༔ གཞི་མཉམ་ཀློང་རོལ་ཧེ་རུ་ཀཿ མ་ཧཱ་ཀ་མ་གུ་ཎ་པཱུ་ཛ་ཧོཿ [ཞེས་དྲང་།] ལེན་པ་པོས། ཧོཿ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ ཅིར་ཡང་སྣང་བའི་དམ་ཚིག་རྫས༔ གཙང་དང་དམེ་བའི་རྟོག་པ་མཉམ༔ འོད་གསལ་དགོངས་པས་བླང་བར་བྱའོ༔ ས་མ་ཡ་ག་ཎ་ཙ་ཀྲ་སིདྡྷི་ཨ་ལ་ལ་ཧོཿ [ཞེས་བླང་ལ་ཚིམ་པ་དྲུག་

p. 24

ལྡན་དུ་རོལ། ལྷག་མ་གཏོང་བ་ནི། ལྷག་གཏོར་གཙང་བཙོག་བསྲེས་ལ་དམ་ཚིག་གི་ཁ་ཕྲུ་འདེབས་ཤིང་།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བསམ།] ཨེ་ཨ་ར་ལླི་ཧྲཱིཾ་ཕེཾ་ཛཿ [ས་ལྷག་མགྲོན་བོས་ལ།] ཧཱུྃ་བྷྱོ༔ རྡོ་རྗེ་བདུད་རྩི་དྲི་མ་མེད༔ ཕུད་དང་ལྷག་མའི་ངོ་བོ་མཉམ༔ དེ་ཕྱིར་ཕམ་ཕབ་བཅུད་རེ་ཆེ༔ ལྟ་བ་ཀློང་གྱུར་གྱད་ཀྱི་ལྷར༔ འབངས་དང་རྗེ་ཡི་རང་བཞིན་མཉམ༔ དེ་ཕྱིར་དམ་ཚིག་མཆོག་ཏུ་གཉན༔ དུས་གསུམ་རྟོགས་པའི་ཐ་ཚིགས་རྣམས༔ དུས་མེད་མཉམ་པ་ཆེན་པོར་གཅིག༔ དེ་ཕྱིར་བཀའ་བཙན་ལས་རྣམས་མྱུར༔ འདི་ནི་གསང་བའི་ཐ་ཚིག་གོ༔ བྷྱོ༔ སྣང་ཆའི་རྟེན་འབྱུང་རོལ་པ་ལས༔ འགགས་མེད་རྩལ་སྣང་ལས་ཀྱི་བདག༔ ཚོགས་དང་བཀའ་ཉན་ལྷག་སྡུད་ནི༔ དཀར་སེར་དམར་ལྗང་མཐིང་ནག་མདོག༔ ཞི་ཆགས་ཁྲོ་དང་སྒེག་པའི་ཉམས༔ གཏུམ་དྲག་སྙན་བརྗིད་སྒྲ་སྐད་སྒྲོགས༔ རྣམ་འགྱུར་མ་ངེས་ཅིར་ཡང་བསྒྱུར༔ ཕུད་ལ་གདུང་ཞིང་ལྷག་ལ་རྔམས༔ ཚོགས་ཁང་འགྲིམ་ཞིང་དྲོད་ཚད་ཉུལ༔ དམ་ཚིག་གཉན་པོའི་སྟངས་འཛིན་པའི༔ མ་སྲིང་དབང་ཕྱུག་གིང་

p. 25

ལངྐ༔ ཕོ་ཉ་ལས་མཁན་ཕུར་སྲུང་ཚོགས༔ ལྷག་མའི་འདོད་ཡོན་འདི་བཞེས་ལ༔ ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་ལས་རྣམས་སྒྲུབས༔ སརྦ་དྷཱ་ཀི་ནཱི་ཨུཙྪི་ཥྚ་པ་ལིངྟ་ཁཱ་ཧི༔ [གཉིས་པ་གཏོར་མ་བསྐྱང་བ་ལ། ཐོག་མར་ཐུགས་དམ་བསྐུལ་བ་ནི།] ཧཱུྃ་བྷྱོ༔ མི་མངོན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་ཕུར་བུའི་རིག་འཛིན་དང་༔ དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ མངོན་སྤྱོད་དྲག་པོའི་སྐུར་བཞེངས་ལ༔ ཞི་རྒྱས་དབང་དྲག་རབ་འབྱམས་ཀྱི༔ ལས་ཀྱི་འབྲས་བུ་མ་ལུས་པ༔ ད་ལྟ་ཉིད་དུ་མཆིས་པར་མཛོད༔ ཆད་མདོ་བཏང་བ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི༔ རྡོ་རྗེ་གསང་བའི་ཚོགས་གྲལ་དུ༔ སུས་ཀྱང་མ་བཅོལ་རང་ཉིད་ཀྱིས༔ ཞལ་བཞེས་རྡོ་རྗེའི་མདངས་གསོལ་བའི༔ ཡེ་ཤེས་རང་འོད་སྲུང་མ་ཡིས༔ འདོད་ཡོན་རྣམ་པ་ཐམས་ཅད་པའི༔ མཆོད་གཏོར་ལེན་པར་མ་ཆད་དམ༔ ཀུན་ཏུ་རྟོག་པའི་དགྲ་བོ་རྣམས༔ དབྱིངས་སུ་སྒྲོལ་བར་མ་ཆད་དམ༔ ཞལ་བཞེས་ཇི་བཞིན་འཕྲིན་ལས་མཛོད༔ དེ་འོག་གསང་བ་མཆོག་གི་ཞིང་༔ མེ་རི་འབར་

p. 26

བའི་དུར་ཁྲོད་དུ༔ ལོངས་སྤྱོད་ཆེན་པོ་ཀཱི་ལ་ཡས༔ རྡོ་རྗེ་གསང་བའི་རྒྱུད་བསྟན་ཚེ༔ རྡོ་རྗེ་ཕྲ་མེན་ཁྱི་གདོང་ཅན༔ རང་རིགས་ཤྭ་ན་འབུམ་སྡེ་སོགས༔ འབར་བའི་སྐུར་བཞེངས་སྲུང་མ་ཡིས༔ མཆོད་གཏོར་ལེན་པར་མ་ཆད་དམ༔ རྡོ་རྗེ་ཐེག་པར་གཤེ་བའི་དགྲ༔ རྡུལ་དུ་བརླག་པར་མ་ཆད་དམ༔ ཞལ་བཞེས་ཇི་བཞིན་འཕྲིན་ལས་མཛོད༔ དེ་འོག་རྒྱ་བལ་བོད་ཀྱི་ཡུལ༔ གངས་བྲག་སྒྲུབ་པའི་གནས་མཆོག་ཏུ༔ ཕུར་བུའི་རིག་འཛིན་པྲ་ཧ་སྟི༔ མཆོག་གི་སློབ་དཔོན་པདྨ་འབྱུང༔ བདུད་འདུལ་མཁར་ཆེན་མཚོ་རྒྱལ་སོགས༔ ལས་ཅན་དག་པའི་སྟོན་འཁོར་གྱིས༔ བཀའ་བསྡུས་གཏེར་སྦས་གཉེར་གཏད་ཚེ༔ ཕུར་སྲུང་དམ་ཅན་གཏེར་བདག་གིས༔ མཆོད་གཏོར་ལེན་པར༴ ཆོས་དང་བརྒྱུད་འཛིན་སྐྱོང་བ་དང་༔ དམ་ཉམས་སྒྲོལ༴ ཞལ་བཞེས་ཇི་བཞིན༴ དེ་འོག་གནམ་ལྕགས་འབར་བ་དང་༔ མོན་ཁ་སེངྒེ་རྫོང་ཆེན་དུ༔ འགྲོ་འདུལ་སྤྲུལ་པའི་སྐྱེས་མཆོག་གིས༔ ཟབ་གསང་གཏད་རྒྱ་བཀྲོལ་བའི་ཚེ༔ འཇིག་རྟེན་འདས་དང་མ་འདས་པའི༔ བཀའ་སྐྱོང་གཏེར་གྱི་མེལ་ཚེ་མཁན༔ ཁྱབ་འཇུག་དུག་གི་སྤུ་གྲི་

p. 27

དང༔ བདུད་མགོན་ཟུར་རྭ་སྐྱེས་དང་༔ སྐྱེས་བུ་བཙན་རྒོད་དྲག་རྩལ་ཅན༔ ནཻ་རིང་ཀླུ་སྨན་ལ་སོགས་ཀྱིས༔ གཟུགས་བསྟན་སྲོག་སྙིང་ཕུལ་ནས་ཀྱང་༔ མཆོད་གཏོར་ལེན་པར་མ་ཆད་དམ༔ འགལ་རྐྱེན་བསལ་བར་མ་ཆད་དམ༔ མཐུན་རྐྱེན་སྤེལ་བར་མ་ཆད་དམ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ རྡོ་རྗེ་ཕུར་པའི་བསྟན་པ་སྲུངས༔ མཐའ་འདྲེ་འབྱུང་པོ་རྡུལ་དུ་རློག༔ ཕས་རྒོལ་བྱད་ཕུར་རྦོད་གཏོང་ཟློག༔ དམ་ཚིག་ཉམས་པའི་སྲོག་རྩ་ཆོད༔ བསྟན་སེལ་ཕུང་བཤིག་ཧུར་ཐུམ་སོད༔ བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ [ཅེས་ཕུལ་བའི་གཏོར་གཞོང་བཤལ་ཆུས་བརྟན་མ་བསྐྱང་བ་ནི།] ཧཱུྃ་བྷྱོ༔ མཁའ་འགྲོ་ཀུན་གྱི་ཚོགས་དཔོན་རྗེ༔ སློབ་དཔོན་པདྨ་ཐོད་ཕྲེང་དང་༔ རླངས་ཆེན་དཔལ་གྱི་སེངྒེ་ཡིས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་མཐིལ༔ རྡོ་རྗེ་གསང་བའི་བྲག་ཕུག་ཏུ༔ ཧེ་རུ་ཀ་ཡི་དལ་བཀྲམ་སྟེ༔ རིག་མཆོག་འབུམ་སྡེའི་བཅུད་ཕྱུངས་ཚེ༔ ཕྱི་ལྟར་རྟེན་འབྲེལ་དུས་སྦྱོར་ཁམས༔ ནང་ལྟར་རྩ་རླུང་ཐིག་ལེའི་ཆ༔ གཞན་དུ་བདེན་དོན་རྣམ་བཅུའི་བདག༔ མ་སྲིང་བརྟན་མ་ཆེན་མོ་རྣམས༔ རྡོ་རྗེའི་གྲལ་དུ་བཅུག་ནས་ཀྱང་༔ བཀའ་འབངས་

p. 28

རྩིས་སུ་ཕབ་པར་མཛད༔ དེ་ལྟའི་དམ་ཚིག་དེང་དགོངས་ལ༔ འདོད་ཡོན་བཤལ་ཆུ་གཏོར་མ་བཞེས༔ འཕོ་བཅས་རྟོག་ཚོགས་རྒྱུ་བ་ཀུན༔ འཕོ་མེད་འོད་གསལ་ཀློང་དུ་ཟློག༔ ཉོན་མོངས་རང་རྒྱུད་མཐའ་འདྲེའི་དཔུང༔ གཞི་གྲོལ་བློ་འདས་ཆེན་པོར་ཟློག༔ མ་བཅོས་ཁྱབ་བརྡལ་དགོངས་པ་ལ༔ རྟག་ཆད་ལྟ་བའི་སོ་ཁ་སྲུངས༔ མ་གཡེལ་བཅོལ་བའི་ལས་རྣམས་ཀུན༔ མྱུར་ཏུ་འགྲུབ་པའི་འཕྲིན་ལས་མཛོད༔ སརྦ་དྷཱ་ཀི་ནཱི་མ་ཧཱ་པཱུ་ཛ་ཁཱ་ཧི༔ [གཏོར་སྣོད་སྦུབས་པར་བྲོ་མནན་བྱ་བ་ནི།] ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་རྟོག་མཚན་མར་འཛིན་པའི་དགྲ༔ རེ་དོགས་ཞགས་པས་བཅིངས་པའི་བགེགས༔ ཡང་དག་དོན་ལ་བར་གཅོད་བདུད༔ ཁྱབ་བརྡལ་གཞིར་རྫོགས་ཆེན་པོར་མནན༔ འཁོར་འདས་མཉམ་ཉིད་མ་གྱུར་བར༔ ལྡང་བའི་སྐབས་མེད་སྟྭམྦྷ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ [གསུམ་པ་དངོས་གྲུབ་བླང་བ་ནི།] ཧོཿ དགོངས་ཤིག་རིག་འཛིན་རྒྱ་མཚོ་རྣམས༔ གསོན་ཞིག་ཡི་དམ་དཀྱིལ་འཁོར་ལྷ༔ གཟིགས་ཤིག་མ་དང་མཁའ་འགྲོའི་ཚོགས༔ འདིར་འདུས་རྡོ་རྗེའི་མཆེད་ལྕམ་རྣམས༔ བསྐལ་པ་སྔོན་ནས་ད་ཡི་བར༔ ལྷ་ཁྱོད་བསྙེན་ཞིང་སྒྲུབ་པ་ཡི༔ རྡོ་རྗེའི་དམ་ཚིག་འབྲེལ་བའི་ཕྱིར༔ སྒྲུབ་པ་ལུང་

p. 29

གི་བཀའ་གསང་ཕོག༔ དང་པོ་དཔལ་གྱི་དམ་རྫས་བསགས༔ བར་དུ་བསྙེན་སྒྲུབ་ལས་སྦྱོར་བརྩམས༔ ཐ་མ་རྟགས་དུས་གྲངས་རྣམས་རྫོགས༔ འོད་གསལ་དབྱིངས་ཀྱི་མཁའ་ཀློང་དུ༔ རིག་པ་ཡེ་ཤེས་སྐྱ་རེངས་ཤར༔ ལྷུན་གྲུབ་གསེར་གྱི་ཉི་མ་འབར༔ སྒྲ་འོད་ཟེར་དང་དྲི་བཟང་འཐུལ༔ སྣོད་བཅུད་དངོས་གྲུབ་དྭངས་མར་འཁྱིལ༔ མཆེད་ལྕམ་དག་པའི་སྣང་ཆེན་འབར༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྔོན་ཚེ་ཐུགས་དམ་དེང་དགོངས་ལ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ མི་གནས་ཡིད་བཞིན་གཏེར་ཆེན་པོ༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ དབང་བཅུ་སྟོབས་དང་ཏིང་འཛིན་སྒོ༔ གཟུངས་སྤོབས་མངོན་པར་ཤེས་པ་སོགས༔ ཡོན་ཏན་རྒྱ་མཚོའི་དཔལ་ལ་སྦྱོར༔ ཁྱད་པར་མཆོག་ཏུ་མི་འགྱུར་བ༔ འོད་གསལ་གདོད་མའི་དེ་བཞིན་ཉིད༔ འབར་བ་ཆེན་པོ་ཧེ་རུ་ཀ༔ རྡོ་རྗེ་གསུམ་གྱི་རང་བཞིན་ཅན༔ མངོན་དུ་གྱུར་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ [བཞི་པ་ནོངས་པ་བཤགས་པ་ལ། ཐོག་མར་གཏང་རག་གི་དོན་དུ།] ཧོཿ ཕྱི་ནང་གསང་བ་བླ་མེད་

p. 30

པའི༔ རབ་འབྱམས་མཆོད་པའི་སྤྲིན་ཆེན་པོ༔ ཡེ་ཤེས་རོལ་པའི་འཁོར་ལོ་འདི༔ ཧེ་རུ་ཀ་ཡི་ཚོགས་ལ་འབུལ༔ ཨོཾ་ཤྲཱི་མཧཱ་ཀྲོ་དྷ་ས་པ་རི་ཝཱ་ར་ཨརྒྷ་ནས་ཤཔྡ་པཉྩ་ཀ་མ་གུ་ཎམ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྒ་ཏ་ན་ག་ན་དྷརྨ་དྷ་ཏུ་པཱུ་ཛ་ཧོཿ[ཞེས་མཆོད་] ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ འཕྲིན་ལས་སྟོབས་འདུས་དྲག་པོའི་སྐུ༔ ཁྲོ་བོའི་རྒྱལ་པོ་འཁོར་བཅས་ལ༔ གུས་པའི་ཡིད་ཀྱིས་བསྟོད་པར་བགྱི༔ [ཞེས་བསྟོད།] ཧོཿ ཧེ་རུ་ཀ་དཔལ་དཀྱིལ་འཁོར་གསུམ་གྱི་ལྷ༔ དུག་གསུམ་རྨོངས་པའི་དབང་གྱུར་བདག་ལ་དགོངས༔ སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལ༔ ཐ་མལ་སྣང་བའི་ཞེན་པས་གོལ་བ་བཤགས༔ བརྟན་གཡོའི་སྒྲ་སྐད་སྔགས་ཀྱི་རོལ་པ་ལ༔ ལྷག་ཆད་གྲངས་ཞེན་རིས་སུ་བཅད་པ་བཤགས༔ མ་བཅོས་གཉུག་མ་ཁྱབ་བརྡལ་དགོངས་པ་ལ༔ སྣང་སྟོང་ཕྱོགས་ཆའི་རྩོལ་བས་སྒྲིབ་པ་བཤགས༔ ཡུལ་དབང་མཉམ་སྦྱོར་མཆོད་པའི་ཕྱག་རྒྱལ༔ གཙང་དམེའི་རྟོག་པས་བསླད་པ་མཐོལ་ཞིང་བཤགས༔ མདོར་ན་རྩ་བ་སྐུ་གསུང་ཐུགས་དང་ནི༔ ཡན་ལག་ཉི་ཤུ་ལྔས་བསྡུས་དམ་ཚིག་ལས༔ འགལ་ཉམས་འདས་རལ་གྱུར་པ་ནོངས་པའི་ཚོགས༔

p. 31

སྙིང་ནས་གནོང་འགྱོད་དྲག་པོའི་མཐོལ་བཤགས་ན༔ འཕྲལ་ཡུན་སྒྲིབ་པའི་འགལ་རྐྱེན་མི་འགྱུར་བར༔ བྱང་ཞིང་དག་ནས་ཚངས་པར་བསྩལ་ཏུ་གསོལ༔ [ཅེས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས། ལྔ་པ་དཀྱིལ་འཁོར་བསྡུ་བ་ལ། ཡེ་ཤེས་པ་རྟེན་ལ་བསྟིམ་པའམ་གཤེགས་སུ་གསོལ་ནས། དམ་ཚིག་གི་དཀྱིལ་འཁོར།] ཧཱུྃ༔ མ་སྐྱེས་རང་བྱུང་རང་ཤར་བའི༔ རྟེན་དང་བརྟེན་པར་བཅས་པའི་དལ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཟུང་འཇུག་ཆེན་པོའི་དབྱིངས་སུ་བསྡུ༔ ཧཱུྃ་ཧཱུྃ་ཧཱུྃ༔ [ཞེས་རྟག་མཐའ་བསལ།] ཧཱུྃ༔ སྐད་ཅིག་དྲན་རྫོགས་ཡེ་ཤེས་གདངས༔ འགགས་མེད་མཁའ་ལ་འཇའ་ཚོན་ལྟར༔ སྣང་སྲིད་ཐམས་ཅད་ཧེ་རུ་ཀའི༔ དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ༔ ཕཊ་ཕཊ་ཕཊ༔ [ཅེས་ཆད་མཐའ་བསལ་ལ།] བཛྲ་ཀཱ་ཝ་ཙི་རཀྵ་ཧཾ༔ བཛྲ་ཙཀྲ་ཏིཀྵ་ཎ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རྃ་ཧཱུྃ་ཕཊ༔ [ཅེས་གོ་བགོ། དྲུག་པ་བསྔོ་སྨོན་ནི།] ཧཱུྃ༔ དུས་གསུམ་བགསས་པའི་དགེ་རྩ་ཇི་སྙེད་པ༔ དམིགས་མཐའ་ཀུན་བྲལ་མཆོག་ཏུ་མི་འགྱུར་བའི༔ འོད་གསལ་རིག་སྟོང་རྗེན་པ་གདོད་མའི་ཀློང༔ སྲིད་པ་རྡོ་རྗེ་ཕུར་བུར་འགྲུབ་ཕྱིར་བསྔོ༔ [ཞེས་དགེ་བ་བསྔོ་ཞིང་།] ཧོཿ གསང་བ་མཆོག་

p. 32

གི་དཀྱིལ་འཁོར་ཆེན་པོ་འདིར༔ རྡོ་རྗེའི་འདུས་པ་ཚོམ་བུར་བཅས་པ་རྣམས༔ བསྐྱེད་དང་རྫོགས་པའི་རྣལ་འབྱོར་མཐར་ཕྱིན་ཏེ༔ མངོན་པར་སངས་རྒྱས་ཧེ་རུ་ཀ་ཐོབ་ཤོག༔ [ཅེས་སྨོན་ལམ་གདབ། བདུན་པ་ཤིས་པ་བརྗོད་པ་ནི། མེ་ཏོག་གི་ཆར་དབབ་ལ།] ཧོཿ རིགས་བརྒྱའི་བདག་ཉིད་བྱིན་རླབས་རྒྱ་མཚོའི་གཏེར༔ རིག་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག༔ དཀྱིལ་འཁོར་ཀུན་གཙོ་དངོས་གྲུབ་རྒྱ་མཚོའི་མཛོད༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་བཀྲ་ཤིས་ཤོག༔ བར་ཆད་ཀུན་སེལ་རྟེན་འབྲེལ་རྒྱ་མཚོའི་དཔལ༔ གནས་གསུམ་དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག༔ གཏུམ་ཆེན་རབ་འབར་མཐུ་སྟོབས་རྒྱ་མཚོའི་བདག༔ རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱར་བ༔ གཏེར་བདག་དྲེགས་པའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ [ཅེས་དང་། གཞན་ཡང་ཤིས་བརྗོད་ཇི་ལྟར་རིགས་པ་སྤེལ་བས་བདེ་ལེགས་སུ་བྱའོ། །འདི་ལ་མངོན་རྟོགས་རྒྱས་པ་དང་འབྲེལ་བའི་སྟོད་སྨད་ཀྱི་སྒྲུབ་འཕྲིན་ལས་ཚོགས་ཟབ་རྒྱས་སུ་བཞུགས་པར་སྣང་ཡང་ཤོག་སེར་ལས་གཏན་ལ་འབེབས་གྲུབ་པ་མ་བྱུང་འདུག་ཅིང་༔ ཕྱིས་རིགས་བདག་གཏེར་ཆེན་བླ་མ་དངོས་ལས་རང་གཏེར་ཟབ་ཆོས་ཡོངས་སུ་རྫོགས་པའི་སྨིན་གྲོལ་བདུད་རྩི་བུམ་གང་བྱོས་སུ་

p. 33

ནོས་པའི་]སྐབས་གཏནལ་འབེབས་གྲུབ་པར་གསོལ་བ་ནན་དུ་བཏབ་ཀྱང་བཀའ་ལས་རིམ་གྱིས་འབེབས་ཨེ་ཐུབ་བལྟ་ཡོང་སྤྱིར་ན་ངའི་གཏེར་ཆོས་རྣམས་ལ་གང་དགོས་ཁྱེད་རང་ཤེས་ཞེས་བཀའ་བསྩལ་བ་ཙམ་ལས་མ་བྱུང་བར་ལུས། གཏེར་སློབ་པདྨ་མཆོག་གཟིགས་རྒྱ་མཚོས་མཛད་པའི་ལས་བྱང་ཁྲིགས་བསྡེབས་ཡོད་ཀྱང་བདག་བསྐྱེད་ལུས་དཀྱིལ་ཙམ་གྱིས་སྒྲུབ་འཕྲིན་རྒྱ་ཆེའི་ས་ཁོངས་འཛིན་མ་བདེ་བས་གཏེར་ཁ་རིགས་མཐུན་ལས་ཁ་སྐོང་ཁྲིགས་བསྡེབས་བགྱི་བར་འོས་པ་དོན་གྱིས་གནང་བ་སྩལ་བར་ཤེས་ནས་ཟབ་ཆོས་འདི་ལྟ་བུའི་འགྲོ་དོན་བག་ལ་ཞ་བ་བློས་མ་བཟོད་ཅིང་འཕྲིན་ལས་སྤེལ་བའི་ཆ་རྐྱེན་དུ་ཡང་དག་པར་དམིགས་ཏེ། སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། རླངས་ཆེན་དཔལ་གྱི་སེང་གེའི་དབང་སྐལ་གཏེར་ཁ་དག་ལས་འཁོར་གྱི་མངོན་རྟོགས་སོགས་བླངས་ཏེ་འཇུག་བདེའི་ལས་བྱང་ཁྲིགས་སུ་བསྡེབས་པ་ཡིན་ལ། འདི་ལ་བརྟེན་ནས་སྨད་ལས་ཀྱི་རིམ་པ་སྦྱོར་བར་འདོད་ན་སྤུ་གྲི་རྣམ་གསུམ་གང་རུང་ནས་ལེན་པའམ། འཇུག་པ་བདེ་བའི་ཕྱིར་སྤུ་གྲི་རེག་ཕུང་ལས་བླང་ཡང་རུང་བར་ཡོད་དོ། །རྒྱུད་ལུང་མན་ངག་ངེས་པའི་གསང་མཛོད་དབྱིག །ཐལ་འབྱིན་ཕུར་བུའི་དགོངས་པ་གསལ་བྱས་པ། །འདི་ལས་གདུལ་བྱ་འདུལ་བའི་འཕྲིན་ལས་གར། །སྲིད་པའི་མཐར་ཡང་མི་ནུབ་རྟག་རྩེན་ཤོག །དེ་ལྟར་རྡོ་རྗེ་ཕུར་བ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་དཔལ་ཆེན་དགོངས་

p. 34

རྒྱན་ཅེས་བྱ་བ་འདི་ཡང་། རྒྱལ་ཁམས་པ་འཇིག་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་དོན་གསུམ་འདས་པ་དམར་སེར་ཅན་གྱི་ལོ་དབོ་ཉ་བའི་ཡར་ཚེས་དགེ་བ་ལ། ཕྲིན་ལས་གྲུབ་པའི་གནས་མཆོག་བལ་ཡུལ་ཡང་ལེ་ཤོད་དང་ཉེ་བའི་བསྟི་གནས་སུ་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་ཤར་ཕྱོགས་མོན་གྱི་སྔགས་སྟོན་བསྟན་འཛིན་ཀུན་ལེགས་ཀྱིས་བགྱིས་པ་སྟེ། འདིས་ཀྱང་ཟབ་གཏེར་སྙིང་པོའི་བསྟན་པ་མི་ནུབ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །

རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་བརྒྱུད་པའི་གསོལ་འདེབས་ཁྲག་འཐུང་རྔམས་པའི་ཐོལ་གླུ།

p. 35

[རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་བརྒྱུད་པའི་གསོལ་འདེབས་ཁྲག་འཐུང་རྔམས་པའི་ཐོལ་གླུ་ཞེས་བྱ་བ་བཞུགས་སོ། །]ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། ཐོག་མའི་སངས་རྒྱས་མགོན་པོ་ཀུན་ཏུ་བཟང་། །ཁྲག་འཐུང་རིགས་ལྔ་ལས་ཀྱི་དབང་མོའི་ཞབས། །དཔལ་ཆེན་གྲུབ་པའི་སློབ་དཔོན་པྲ་ཧ་སྟིར། །གསོལ་བ་འདེབས་སོ་མངོན་སྤྱོད་ནུས་མཐུ་སྩོལ། །སྣང་སྲིད་ཟིལ་གནོན་གུ་རུ་ཐོད་ཕྲེང་རྩལ། །བདུད་འདུལ་དྲག་མོ་མཁར་ཆེན་མཚོ་རྒྱལ་ཡུམ། །དྲག་སྔགས་བཀའ་བབས་ལོ་ཆེན་བཻ་རོ་རྗེར། །གསོལ་བ་འདེབས་སོ༴ བོད་ཡུལ་ཕུར་ཐོགས་ཀུན་གཙོ་སྔགས་འཆང་རྒྱལ། །ཧེ་རུ་ཀ་དཔལ་རྡོ་རྗེ་བདུད་འཇོམས་རྩལ། །ཟབ་གསང་སྒོ་འབྱེད་གཏེར་འབྱིན་སྤྲུལ་པའི་སྐུར། །གསོལ་བ༴ དཀྱིལ་འཁོར་གཙོ་མཆོག་རྡོ་རྗེ་གཞོན་ནུ་ཆེ། །སྲས་མཆོག་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་། །སྒོ་སྐྱོང་ཕུར་སྲུང་དབང་ཕྱུག་ལ་སོགས་པའི། །འཕྲིན་ལས་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ༴ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དཔལ་ཆེན་མཆོག་གི་མྱུར་ལམ་ལ་བརྟེན་ནས། །བསྐྱེད་རྫོགས་བསྙེན་སྒྲུབ་ཉམས་ལེན་མཐར་ཕྱིན་ཏེ། །མཆོག་ཐུན་དངོས་གྲུབ་ཚེ་

p. 36

འདིར་མྱུར་ཐོབ་ཤོག །ཁྱད་པར་དྲག་པོ་མངོན་སྤྱོད་ལས་ཀྱི་གཟེར། །རྡོ་རྗེའི་མེ་ཆར་འབར་བའི་ཐོག་མདའ་ཡིས། །བར་ཆད་བདུད་དགྲའི་དོན་སྙིང་ཐལ་ཕྱུངས་ཏེ། །སྙིང་རྗེའི་བསྒྲལ་བས་འཚེང་པ་གསུམ་ལྡན་ཤོག །སྟངས་དཔྱལ་ཕུར་བུ་རྣམ་བཞིའི་རྣོ་མཚོན་དབལ། །གདབ་བྱ་དམིགས་པའི་འབེན་བཞིར་ལྡོག་མེད་ཐེབས། །རྟོག་ཚོགས་མཐའ་བཞིའི་སྲོག་བཅུད་དྭངས་མར་བསྟིམ། །ཕུར་བཞིའི་དགོངས་པས་འཁོར་འདས་དབྱིངས་སྒྲོལ་ཤོག །[ཅེས་པ་འདིའང་ཟབ་མོའི་ཆོས་འདིར་མོས་བརྩོན་རྣལ་འབྱོར་དུ་བྱེད་པའི་བླ་མ་དམ་པ་པདྨ་དབང་དྲག་ནས་ནན་བསྐུལ་བགྱིས་པ་དོན་ཡོད་པར་བྱ་བའི་ཕྱིར་གཏེར་སྟོན་རང་ཉིད་ཀྱིས་དེ་འཕྲལ་ཉིད་དུ་ལྷོ་མོན་བུམ་ཐང་དཔལ་རི་དགོན་གྱི་ཡང་དབེན་དུ་སྦྱར་བའོ། །མངྒ་ལཾ།། །།]

རྡོ་རྗེ་ཕུར་པ་ཡང་གསང་བཅུད་དྲིལ་ལས་སྐོང་བསྡུས་ཁྲག་འཐུང་དགྱེས་པའི་མཆོད་སྤྲིན།

p. 37

[རྡོ་རྗེ་ཕུར་པ་ཡང་གསང་བཅུད་དྲིལ་ལས། སྐོང་བསྡུས་ཁྲག་འཐུང་དགྱེས་པའི་མཆོད་སྤྲིན་བཞུགས་སོ། །]ཧཱུཾ། འོག་མིན་གསང་ཆེན་རབ་འཇིགས་ཕོ་བྲང་དབུས། །སྒྲུབ་པོ་དམ་ལྡན་རྣལ་འབྱོར་བདག་ཅག་གིས། །སྒྲུབ་རྫས་རྟེན་མཆོག་གཉན་པོ་གཅལ་དུ་བཀྲམ། །སྣང་སྲིད་ལོངས་སྤྱོད་བཀོད་པས་མཛེས་པ་དང་། །འདོད་ཡོན་མཆོད་རྫས་སྤྱན་གཟིགས་སྤྲིན་བཞིན་གཏིབས། །སྣ་ཚོགས་མདངས་མཚར་ཁྲོས་དུ་འཁྱིལ་བ་དང་། །ཏན་གན་ལོངས་སྤྱོད་མཆོག་གི་དམ་རྫས་ཀྱིས། །བརྒྱུད་གསུམ་རིག་འཛིན་ཡི་དམ་མཁའ་འགྲོ་དང་། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བོ་བཅུ། །ཁྲོ་མོ་བཅུ་དང་ཟ་གསོད་ཉི་ཤུའི་ཚོགས། །སྒོ་མ་བཞི་དང་དམ་ཅན་བཅུ་གཉིས་དང་། །གིང་བཞི་སྲིང་བཞི་མ་བདུན་དབང་ཕྱུག་ཚོགས། །དགེ་བསྙེན་བརྟན་མ་མགུར་ལྷ་འབངས་ཀྱི་ལྷ། །སྐུ་གསུངས་ཐུགས་ཀྱི་ཟབ་གཏེར་སྐྱོང་བྱེད་པའི། །ཕྱི་ནང་གསང་བའི་བཀའ་སྲུང་གཏེར་སྲུང་བཅས། །ཐུགས་དམ་གཉན་པོ་ཆོས་དབྱིངས་ཀློང་དུ་བསྐང་། །སྡོམ་གསུམ་ཉམས་ཆག་མཐོལ་བཤགས་ཚངས་པ་སྩོལ། །ཕྱི་ནང་གསང་བའི་བར་ཆད་ཞི་ཞིང་ཟློག །སྣོད་བཅུད་ཕྱི་ནང་རྒུད་པ་མཐའ་དག་སོལ། །སྲིད་གསུམ་དབང་བསྡུས་གཉིས་

p. 38

འཛིན་དགྲ་སྡེ་ཆོམས། །ཐལ་འབྱིན་རྣམ་བཞི་ལྷུན་གྲུབ་འཕྲིན་ལས་སྩོལ། །བཀྲ་ཤིས་སྣང་བས་ས་གསུམ་ཀུན་ཁྱབ་ཤོག །[ཅེས་པའང་པདྨ་བཞད་པའི་དབང་པོས་ཟབ་ཆོས་རིན་པོ་ཆེའི་སྒོར་ཞུགས་པ་དག་ལ་ཕན་ཕྱིར་ཁྱེར་བདེར་བཀོད་པ་དགེའོ།། །།]

རྡོ་རྗེའི་ཕུར་པ་ཡང་གསང་ཕྲིན་ལས་ཐུན་མཚམས་གཏོར་མའི་རྣལ་འབྱོར།

p. 39

༁ྃ༔ [རྡོ་རྗེའི་ཕུར་པ་ཡང་གསང་ཕྲིན་ལས༔ ཐུན་མཚམས་གཏོར་མའི་རྣལ་འབྱོར་བཞུགས༔ རྒདྦ། རྟྭ༔ དཔལ་ཆེན་ཕུར་བུའི་ལྷ་ཚོགས་ཀྱི༔ ཐུགས་ཀྱི་དམ་ཚིག་བསྐོང་བ་དང་༔ ལས་དང་དངོས་གྲུབ་བསྐུལ་བའི་ཕྱིར༔ ཐུན་མཚམས་གཏོར་མ་འབུལ་བ་ནི༔ བྷནྡྷའི་སྣོད་དུ་གཏོར་མ་དང་༔ ཨ་མྲྀ་ཏ་དང་རུ་དྷིར༔ ལ་སོགས་མཆོད་གཏོར་གཞུང་བཞིན་བཤམས༔ ཧེ་རུ་ཀ་ཡི་ང་རྒྱལ་གྱིས༔ རྐང་གླིང་གཡབ་དར་རོལ་མོས་བསྐུལ༔] རཾ་ཡཾ་ཁཾ༔ བདག་ཉིད་ཧེ་རུ་ཀ་དཔལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་གཏོར་མའི་དྲི་མ་སྦྱངས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཨ་ལས་ཐོད་པར་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡུམ་ལྔའི་ས་བོན་འབྲུ་བཅུད་དང་༔ དེ་སྟེང་ཨོཾ་ཨཱཿཧཱུཾ་གི་ཡི་གེས་མཚན༔ མེ་རླུང་སྦྱོར་བའི་ཆོ་འཕྲུལ་ཆེན་པོ་ཡིས༔ ཞུ་ཁོལ་རླངས་པས་ཡིག་འབྲུ་གསུམ་པོ་བསྐུལ༔ དེ་ལས་འོད་འཕྲོས་འཁོར་འདས་བདུད་རྩི་བཀུག༔ རིགས་ལྔ་ཡབ་ཡུམ་ལ་ཕོག་མཉམ་སྦྱོར་བས༔ རྗེས་ཆགས་འོད་ཞུ་དམ་ཚིག་བདུད་རྩིར་ཐིམ༔ གཉིས་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཧ་ཧོ་ཧྲཱིཿ [ལན་གསུམ་བརྗོད་པས་སྦྱང་རྟོགས་སྦར༔]ཧཱུྃ་ཧྲཱིཿ རང་ཉིད་དཔལ་ཆེན་ཐུགས་ཀའི་ཧཱུཾ་ཡིག་ལས༔ འོད་ཟེར་ཛཿཧཱུཾ་བཾ་ཧོའི་ལྕགས་ཀྱུ་འཕྲོས༔ ཁྲག་འཐུང་རྡོ་རྗེ་སྲིན་པོའི་ལྷ་ཚོགས་རྣམས༔ མདུན་

p. 40

གྱི་མཁའ་ལ་སྤྲིན་བཞིན་གཏིབས་པར་བསམ༔ ཧཱུཾ་ཧྲཱིཿ འོག་མིན་གསང་ཆེན་མེ་རི་འབར་བའི་ཞིང༔ ཧེ་རུ་ཀ་ཡི་གནས་ཡུལ་དུར་ཁྲོད་བརྒྱད༔ རབ་འབྱམས་ཁྲོ་བོ་རོལ་པའི་ད་ལ་ནས༔ རྡོ་རྗེ་སྲིན་པོ་འཁོར་དང་བཅས་པ་རྣམས༔ དམ་ཚིག་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱར་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ གསང་བ་བླ་ན་མེད་པའི་མཆོད་པའི་སྤྲིན༔ ཡེ་ཤེས་རྣམ་ཐར་བཀོད་པའི་འདོད་ཡོན་གཏེར༔ ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་རྫས༔ སོ་སོའི་ཐུགས་བཞེད་ཇི་བཞིན་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀརྨ་མ་ཧཱ་ཀྲོ་དྷ་ས་པ་རི་ཝཱ་ར་ཨ་རྒྷཾ་[སོགས་ནས་]ཤཔྡ་སརྦ་པུ་ཛ་ཧོཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷརྨ་པ་ལ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ སརྦ་ཀརྨ་ཀུ་རུ་སིདྡྷི་ཧོཿ [ཞེས་པའི་སྔགས་ཀྱིས་ལན་བདུན་ཕུལ༔]ཧཱུྃ་ཧྲཱིཿ རང་བཞིན་དབྱིངས་ལས་འབར་བ་ཆེན་པོའི་གར༔ སྒྱུ་འཕྲུལ་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ༔ དཔལ་ཆེན་རྡོ་རྗེ་ཕུར་བུ་གྲུབ་པ་ཡི༔ བརྒྱུད་གསུམ་རིག་འཛིན་བླ་མའི་ལྷ་ཚོགས་ཀྱིས༔ འདོད་ཡོན་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ལ༔ ཐལ་འབྱིན་རྣམ་བཞིའི་དགོངས་པ་མངོན་གྱུར་སྩོལ༔ རབ་འཇིགས་སྒེག་པའི་གར་གྱིས་ས་གསུམ་

p. 41

གཡོ༔ གཏུམ་ཆེན་རྔམས་པའི་དྲག་སྔགས་འབྲུག་ལྟར་སྒྲོག༔ སྙིང་རྗེ་ཁྲོས་པའི་ཡེ་ཤེས་སྲོག་དང་ལྡན༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས༔ འདོད་ཡོན་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ལ༔ སྲིད་པ་རྡོ་རྗེ་ཕུར་བུའི་ཀློང་དུ་སྒྲོལ༔ དབྱིངས་ལས་འབར་བའི་སྐུར་བཞེངས་དྲེགས་པའི་ཚུལ༔ ཤྭ་ན་ས་བདག་བདག་ཉིད་མ་བཞི་དང་༔ སྐྱེས་བུ་གིང་བཞི་ལང་ཀ་འབར་མ་དང་༔ དབང་ཕྱུག་ཉེར་བརྒྱད་དགེ་བསྙེན་ཉེར་གཅིག་སོགས༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ཀྱིས༔ འདོད་ཡོན་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ འགལ་རྐྱེན་ཀུན་སོལ་སྡང་དགྲ་ཐལ་བར་རློག༔ ཁྱད་པར་གཏེར་སྲུང་གཟའ་བདུད་རཱ་ཧུ་ལ༔ ཟུ་ར་ར་སྐྱེས་བཙན་རྒོད་སྲོག་ཟན་འབར༔ ཀླུ་སྨན་འོད་འབར་མ་སོགས་དམ་ཚིག་ཅན༔ རྣལ་འབྱོར་བུ་བཞིན་སྐྱོང་བའི་ཚོགས་རྣམས་ཀྱིས༔ རང་མཐུན་འདོད་ཡོན་དགྱེས་རྫས་འདི་བཞེས་ལ༔ ཡང་ལེ་ཤོད་དང་གནམ་ལྕགས་འབར་བའི་རྩེ༔ མོན་ཁ་སེངྒེ་རྫོང་གི་ཀེའུ་ཚང་དུ༔ པྲ་བྷ་ཧསྟི་པད་འབྱུང་མཚོ་རྒྱལ་སོགས༔ ཕུར་པ་གྲུབ་པའི་རིག་འཛིན་ཚོགས་རྣམས་ཀྱིས༔ བཀའ་བསྒོས་ཐ་ཚིག་དམ་བཅའ་དྲན་མཛོད་ལ༔ གསང་བསྔགས་ཀྱི་བསྟན་པ་

p. 42

གཉན་པོ་སྲུངས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི༔ མི་མཐུན་བར་ཆད་དབྱིངས་སུ་ཞི་བ་དང་༔ སྲིད་ཞིའི་དཔལ་འབྱོར་ཡེ་ཤེས་རྒྱས་པར་མཛོད༔ འཁོར་འདས་རང་སྣང་རླུང་སེམས་དབང་དུ་བསྡུས༔ བདུད་དགྲ་དམ་སྲི་བྱང་ཕུར་རྦོད་གཏོང་མཁན༔ རང་གཤེད་ཕོབ་ལ་མཐུ་དང་ནུས་པ་ཟློག༔ འཁྲུལ་རྟོགས་ཡུལ་སྣང་བདེན་ཞེན་དམ་སྲིའི་སྡེ༔ གཞི་གྲོལ་གདོད་མའི་མཁའ་ལ་ཡོངས་དེངས་ནས༔ རིག་པ་ཡེ་ཤེས་རྡོ་རྗེ་གཞོན་ནུའི་སྐུར༔ ལྷུན་གྲུབ་འཕྲིན་ལས་རྒྱ་མཚོར་དབང་བསྒྱུར་ཤོག༔ [ཅེས་པས་ལས་བཅོལ་གཏོར་མ་ཕུལ༔ མགྲོན་རྣམས་རང་རང་གནས་སུ་གཤེགས༔ འདི་ལ་རྟག་ཏུ་བརྩོན་གྱུར་ན༔ རྩ་གསུམ་ལྷ་ཡི་བྱིན་གྱིས་བརླབ༔ སྲུང་མ་བྲན་བཞིན་འཕྲིན་ལས་བསྒྲུབ༔ འཁོར་འཁྲུགས་ཉམས་ཆག་ཞི་བ་སོགས༔ ཕན་ཡོན་བསམ་མི་ཁྱབ་པ་འབྱུང་༔ དེ་ཕྱིར་རྟག་ཏུ་བརྩོན་པར་གྱིས༔ ས་མ་ཡ༔ ཁོ་བོ་བདེ་ཆེན་གཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷོ་ཀོང་གནམ་ལྕགས་འབར་བའི་བྲག་ནས་ལས་འཕྲོའི་དཔལ་དུ་ཐོབ་པའི་ཤོག་སེར་ལས་ལྷོ་འབྲུག་སྲིད་སྐྱོང་ཆེན་པོའི་གཟིམ་སྤྱིལ་བདུད་ལས་རྣམ་རྒྱལ་དུ་ཕབ་པ་བར་ཆད་བདུད་དགྲའི་གཡུལ་ལས་རྒྱལ་བར་གྱུར་ཅིག །དགེའོ།། །།]

རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་གཏོར་མའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་ངག་ཁྲིགས་དཔལ་ཆེན་དགོངས་རྒྱན།

p. 43

༄༅། །རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་གཏོར་མའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་ངག་ཁྲིགས་དཔལ་ཆེན་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །

p. 44

ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། སྟོང་དབྱིངས་སྙིང་རྗེར་འབར་བའི་ཡེ་ཤེས་གར། །བྲལ་སྨིན་ནུས་པ་གཅིག་ཅར་སྩོལ་མཛད་པ། །བླ་མ་དཔལ་ཆེན་མཆོག་ལ་གུས་བཏུད་ནས། །ཟབ་ལམ་སྙིང་པོ་གཏོར་མའི་དོན་དབང་སྤྲོ། །[དེའང་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་གཏོར་མའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་སྒོ་ནས་སྐལ་ལྡན་རྗེས་སུ་འཛིན་པའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྒྲུབ་པའི་གནས་ཁང་གཙང་མའི་ཕུག་ལོགས་སུ་དམ་ཚིག་གི་རྟེན་བཀྲམ་པའི་མདུན་སྟེགས་ཁེབས་ལྡན་ལ་ཚུལ་བཞིན་བྲིས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་ལྷ་གྲངས་ཕྱེད་པར་བཀོད་པའི་སྟེང་དུ་མཉྫིའི་ཁར་ཐོད་

p. 45

པའམ་པད་སྣོད་དུ་དཔལ་གྱི་གཏོར་མ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ཀྱིས་སྤྲོས་པ་དང་བཀོད། དེའི་མདུན་དུ་མཆོད་གཏོར་དང་གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་ལྔ་བསྐོར་བཤམས་མམ་ཕྲེང་ཚར། ཆོས་སྐྱོང་སྤྱི་དང་ཕུར་སྲུང་གཏེར་སྲུང་གི་མཆོད་གཏོར། སྔོན་གཏོར་དང་ཆད་བརྟན། ཚོགས་ཀྱི་ཡོ་བྱད་སོགས་འདིར་མཁོ་བའི་རིགས་རྣམས་ཚང་བར་འདུ་བྱས་ལ། སློབ་དཔོན་གྱིས་བརྒྱུད་འདེབས་སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས་གནས་ཁང་གསར་པ་ཡིན་ན་དཀར་གཏོར་སྤྱི་ལྟར་བཏང་ནས་སྡོང་གྲོགས་འཆོལ། བགེགས་གཏོར་བསྔོས་ཏེ་དྲག་སྔགས་ཡུངས་ཐུན་དང་བཅས་བསྐྲད་ལ་སྲུང་འཁོར་བསྒོམ། བརྡ་སྒོ་དབྱེ་ཕྱག་ནས་བརྩམས་ལས་བྱང་གི་གཞུང་བསྲང་ལ་བདག་མདུན་དབྱེར་མེད་

p. 46

དུ་བསྒོམ་ནས་བསྙེན་དམིགས་གཞུང་གསལ་ལྟར་བཟླས་པ་ཅི་འགྲུབ་བྱ། འདིར་དམིགས་པས་ཟིན་དཀའ་ན་བསྙེན་པའི་མགོ་རྩ་སྔགས་ལ་ཕཊ་ཛཿབཏགས་པ་བརྗོད་པས་ཛཔྲ་ཁང་དབྱེ། གང་ལྟར་གཏོར་མ་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་མཚན་པ་ལས་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འདུས་ཏེ་གཏོར་མ་ལ་ཐིམ་པར་བསམ་ཞིང་བཟླས་པ་བྱ། མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་དང་། ཐུན་མཚམས་གཏོར་འབུལ། ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་ཀྱི་བར་བཏང་ལ།] ལས་བུམ་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཁྲོ་བོའི་ཆས་ཀུན་རྫོགས་ཤིང་ཡེ་ཤེས་ཀྱི་རང་མེའི་དབུས་སུ་པད་ཉིར་འདོར་སྟབས་ཀྱིས་གནས་པའི་ཐུགས་ཀར་ཉི་དཀྱིལ་ལ་ཧཱུྃ་ལྗང་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་[བསམ་ཞིང་།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཅེས་བརྒྱ་རྩ་སོགས་བཟླས་མཐར།] ལྷ་འོད་དུ་ཞུབ་བ་ཁྲོ་བོའི་རང་བཞིན་ཅན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་[པར་བསམ། སྤྱི་ལྟར་རིག་པའི་མེ་ཏོག་དོར་ཞིང་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ནི། སློབ་མ་རྣམས་སྒོ་དྲུང་དུ་བོས་ལ།] ཇི་ལྟར་བལྟམས་པ་[སོགས་ཀྱིས་ཁྲུས་བྱ། ནང་དུ་ཞུགས་ནས་ཕྱག་བཅས་གྲལ་དུ་འཁོད། བགེགས་གཏོར་ལས་བྱང་བཞིན་བསྔོ་ཞིང་བཀའ་བསྒོས་ལ་གུ་གུལ་གྱིས་བདུག་ཅིང་དྲག་སྔགས་ཡུངས་ཐུན་དང་བཅས་ཕྱིར་བསྐྲད་དེ་སྲུང་

p. 47

འཁོར་བསྒོམ་]དེ་ལྟར་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད། མེ་དཔུང་ཁྲོ་མཚོན་གྱི་ཚོགས་རྣམས་ཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཤིགས་པའི་རང་བཞིན་ཅན་དུ་གྱུར་པའི་མོས་པ་མཛོད། [ཅེས་བརྗོད། མཎྜལ་བཀྱེ་བསྡུ་བྱས་ལ།] འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་བདུད་འདུལ་ཕུར་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་རྒྱུད་སྨིན་པར་བྱས་ནས་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ཚུལ་བཞིན་སློབ་པར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་ལེགས་པར་གསན་འཚལ། གསན་བྱའི་ཆོས་ཀྱི་རིམཔ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་འདུལ་བྱ་རྣམས་ཀྱི་ཁམས་དབང་བསམ་པའི་ཁྱད་པར་དང་རྗེས་སུ་མཐུན་པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བར་མཛད་པ་རྣམས་མདོར་བསྡུ་ན་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་འདུ་བ་ལས་འདིར་ཕྱི་མ། དེལའང་

p. 48

བྱ་སྤྱོད་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞིར་ངེས་པ་ལས་འདིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད། དེ་ལ་ཡང་འཕགས་ཡུལ་དུ་གསར་རྙིང་གི་དབྱེ་བ་མེད་ཀྱང་བོད་འདིར་འགྱུར་སྔ་ཕྱི་ལ་ལྟོས་པའི་ཐ་སྙད་གསར་རྙིང་གཉིས་སུ་གྲགས་པ་ལས་འདིར་སྔ་འགྱུར་རྙིང་མ། དེ་ལའང་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་ཡོད་པ་ལས་འདིར་ཉེ་བ་རྒྱུད་གཏེར་མ་ཡིན། དེ་ཡང་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་ཡེ་གཞི་ཆོས་དབྱིངས་གཡོ་བ་མེད་པའི་ངང་ནས། གཞི་སྣང་ཐུགས་རྗེའི་རྒྱན་ལས་རང་ཤར་བའི་སྐུ་གསུམ་གྱི་སྟོན་འཁོར་ཞལ་ཕྱག་གི་རྣམ་པར་བཞེངས་ནས། བླ་མེད་ཡོ་ག་སྐོར་གསུམ་གྱི་ཆོས་སྡེ་བསམ་གྱིས་མི་ཁྱབ་པར་གསུངས་པ་རྣམས་རང་ལས་མི་གཞན་པའི་འཁོར་འཇམ་དཔལ་རྣོན་པོ་དང་ལག་ན་རྡོ་རྗེ་སོགས་ཀྱིས་ཞུ་བ་པོ་དང་སྡུད་པ་པོ་མཛད། མ་ཧཱ་ཡོ་གའི་རྒྱུད་སྐོར་རྣམས་དུར་ཁྲོད་སིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་ཏེ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཉེར་གཏད། ཕྱིས་ཡེ་ཤེས་ཀློང་དགུའི་རང་གཟུགས་རིག་འཛིན་རྣམ་པ་བརྒྱད་དང་ཀུན་འདུས་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་བཅས་ཀྱི་དགོངས་པས་གཟིགས་ཏེ་མ་བགྲོས་པར་ཞལ་འཛོམ་པ་ལ། མཁའ་འགྲོའི་གཙོ་

p. 49

མོས་ཀྱང་བཀའ་བབས་ཀྱི་སྒྲོམ་བུ་སོ་སོའི་ཕྱག་ཏུ་ཕུལ་བ་རྣམས་རང་རང་གི་ཉམས་སུ་བཞེས་ནས་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པའི་གོ་འཕང་ལ་གཤེགས་ནས་འགྲོ་བའི་དོན་དཔག་ཏུ་མེད་པར་མཛད་པ་ནི་བསྟན་པ་སྤྱིའི་ལོ་རྒྱུ་དང་། ཁྱད་པར་སྒོས་ཀྱི་བབས་སོ་འདི་ཉིད་ཀྱི་དབང་དུ་བྱས་ན། སློབ་དཔོན་ཆེན་པོ་པྲ་བྷ་ཧསྟིས་གཡུ་སྒྲོམ་སྔོན་པོ་ནས་ཕུར་པབིཏྱོ་ཏ་མ་ལ་འབུམ་སྡེའི་རྒྱུད་ཕྱུངས་པ་རྣམས་ཀྱི་རྒྱུད་ལུང་མན་ངག་སྨིན་གྲོལ་མཐའ་དག་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པའི་སྐུ་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ལ་གནང་། དེས་བལ་ཡུལ་ཡང་ལེ་ཤོད་དུ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་སྒྲུབ་པའི་སྐབས་གཏུམ་པོ་གདུག་པ་ཅན་རྣམས་ཀྱིས་ཐོ་བརྩམས་ཏེ་ཡུལ་དེར་མི་འདོད་པའི་ལྟས་ངན་ཆོ་འཕྲུལ་དུ་མས་ཉམ་ཐག་པ་ན་བར་གཅོད་དུ་གཟིགས་ནས་ཕུར་པའི་རྒྱུད་མི་ཁུར་གཉིས་འཕགས་ཡུལ་ནས་སྤྱན་དྲངས་པ་ཙམ་གྱིས་འཚུབས་ལྟས་རྣམས་རང་སར་ཞི། ཡུལ་ཁམས་ཉམས་པ་སོར་ཆུད། དེ་ཉིད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྒྲུབ་པས་ཕྱི་ནང་གི་བར་གཅོད་ཐམས་ཅད་ཚར་ཐག་བཅད།

p. 50

མཆོག་ཐུན་གྱི་དངོས་གྲུབ་མངོན་དུ་གྱུར་ཏེ་སྐྱེ་འཆི་བགྲེས་རྒུད་བྲེལ་བ་རྡོ་རྗེའི་སྐུ་རུ་བཞུགས། དེ་ནས་བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་གདུལ་བྱ་འདུལ་བའི་དུས་ལ་བབས་ཏེ་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་རྗེ་གཅིག་ཚངས་པ་ལྷའི་མེ་ཏོག་གིས་གསོལ་བ་བཏབ་པ་བཞིན་བོད་དུ་བྱོན། ལྷ་མཆོག་འདི་ཉིད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཞེངས་པ་ཙམ་གྱིས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་ནག་པོའི་ཕྱོགས་ཀུན་ཤུགས་སྒྲོལ་གྱི་སྦྱོར་བས་ཚར་བཅད། དམ་ལ་འདོགས་འོས་པ་རྣམས་ཕྱག་རྒྱ་གཉན་པོས་ཟིལ་འོག་ཏུ་མནན། སྲོག་སྙིང་མདོངས་དམར་དུ་བཞེས། ཕྱིན་ཆད་འདའ་རུ་མེད་པའི་ཐ་ཚིག་ཆད་ཐོ་བསྩལ། ནམ་མཁའ་ལ་རྡོ་རྗེའི་གར་མཛད་ནས་ས་གཞི་བྱིན་གྱིས་བརླབས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། བསྟན་རྩ་དགེ་འདུན་གྱི་སྡེ་རྒྱ་ཆེན་པོ་བཙུགས་ཤིང་ལོ་པཎ་འདུས་པ་རྒྱ་མཚོས་འཛམ་བུའི་གླིང་འདིར་མདོ་སྔགས་དམ་པའི་ཆོས་ཚུལ་ཡོད་དོ་ཅོག་མ་ལུས་པ་བོད་འདིར་དུས་གཅིག་ཏུ་དར་བར་མཛད། ཐུན་མོང་མ་ཡིན་པའི་རྗེ་འབངས་འདུས་པ་སོ་སོའི་ངོ་སྐལ་བཞིན་གནས་ཐ་དད་པར་རྒྱུད་ལུང་མན་ངག་ཟབ་ལམ་

p. 51

རྒྱ་ཆེ་བ། ཉུང་ལ་གནད་ཚང་བ་སྣ་ཚོགས་པས་སྨིན་གྲོལ་དུ་མཛད། དེ་དག་རྣམས་ཀྱིས་ཀྱང་རི་བྲག་གངས་མཚོ་སོགས་ངེས་པ་དང་མ་ངེས་པའི་གནས་རྣམས་སུ་བསྒྲུབས་པས་གྲུབ་པའི་རྟགས་མཚན་མངོན་དུ་བརྙེས། མ་འོངས་པའི་དོན་ལ་དགོངས་ཏེ་རྒྱུད་ལུང་མན་ངག་གི་ཟབ་བཅུད་མཐའ་དག་གཏེར་གྱི་རིགས་བྱེད་དུ་མར་རྒྱས་བཏབ་སྟེ་དུས་ལ་བབས་པ་ནས་གུ་རུའི་ཐུགས་སྲས་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་གཏེར་གནས་སོ་སོ་ནས་སྤྱན་དྲངས་ཏེ་རིམ་བཞིན་སྤེལ་བའི་སྒོ་ནས་འདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ཅིང་མ་འོངས་རྙིང་མའི་བསྟན་མཐའ་གཏེར་གྱིས་སྐྱོང་བར་བསྔགས་པ་ཡིན། དེ་ལས་སྐབས་སུ་བབ་པ་འདི་ནི་སློབ་དཔོན་ཆེན་པོ་གྲོགས་འབངས་བཅོ་བརྒྱད་དང་བཅས་ཏེ་མོན་ཁ་ནེ་རིང་སེངྒེ་རྫོང་གི་ཀེའུ་ཚང་དུ་རྡོ་རྗེ་གཞོན་ནུའི་ཚོམ་བུ་ཚོགས་སྒྲུབ་ཆེན་པོ་ཞག་བདུན་ཕྲག་གསུམ་དུ་མཛད་པ་ན་ཕུར་པ་འཁྲབ་ཅིང་བཞད་པ་ལ་སོགས་པ་ངོ་མཚར་བའི་རྟགས་མཚན་མངོན་དུ་བྱུང་བའི་སྐབས་བཻ་རོ་དང་མཚོ་རྒྱལ་སོགས་གྲོགས་ལྔས་ཞུས་པའི་ངོར། རྩ་རྒྱུད་རྡོ་རྗེ་ཁྲོས་པ་དང་གསང་བ་སྙིང་པོ་སོགས་ལ་བརྟེན་ནས། རྒྱུད་དང་ལུང་

p. 52

བསྡེབས། ལུང་མན་ངག་ཏུ་སྦྱར། མན་ངག་ལག་ལེན་དུ་ཕབ་ནས་གནང་ཞིང་། དཔེ་རྒྱུད་མཁའ་འགྲོ་བརྡའི་ཡི་གེར་བཏབ་ཅིང་ཆོས་བཀའ་མ་བུ་ལེ་ལག་དང་བཅས་པ་སོ་སོར་ཕྱེས་ཏེ་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་ཆོ་འཕྲུལ་ཆེན་པོས་བྱིན་གྱིས་བརླབས་པའི་གནས་ཐ་དད་པར་སྦས་པའང་། རྣལ་འབྱོར་སུམ་རིམ་ལས། ཡི་གེར་བཏབ་སྟེ་ཟབ་པའི་ཕྱིར༔ མ་བུ་ལེ་ལག་ཕྱེས་ནས་སྦས༔ ཞེས་དང་། ལོ་རྒྱུས་འཁོར་བ་དབྱིངས་སྒྲོལ་ལས། གསང་སྒྲུབ་རྒྱུན་ཁྱེར་སྙིང་པོ་དང་༔ གཏོར་དབང་ཡེ་ཤེས་སྤྱི་བླུགས་དང་༔ ཡང་བྱང་གབ་པ་མངོན་ཕྱུང་བཅས༔ གནམ་ལྕགས་འབར་བའི་བྲག་ལ་སྦོས༔ ཞེས་གསུངས་པ་ལྟར་མི་སྣང་བར་རྒྱས་བཏབ་པར་མཛད་པ་ལས། དེ་ཉིད་འདོན་པའི་དུས་སུ་བབས་པ་ན། འདོན་པར་མཛད་པ་པོ་ནི་རཏྣ་གླིང་པའི་གཏེར་ལུང་ལས། རྡོ་རྗེའི་མིང་ཅན་ཐུགས་ཀྱི་མཚན་མ་ཅན༔ ཁམས་ཀྱི་ཤར་ཕྱོགས་གནས་ནང་ཕྱོགས་ནས་འབྱུང༔ ཞེས་དང་། ཁ་བྱང་གསང་བ་སྙིང་གི་མེ་ལོང་ལས། བདག་དང་དགོངས་མཉམ་བཻ་རོ་ཙ་ན་དང་༔ རྡོ་རྗེ་བདུད་འཇོམས་ཡེ་ཤེས་སྒྱུ་མའི་གར༔ བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེའམ༔ རྟེན་འབྱུང་རབ་

p. 53

འབྲིང་ཐ་མ་དང་སྦྱར་བའི༔ གསང་མཚན་གསུམ་ལྡན་དཔའ་བོ་ཧེ་རུ་ཁ༔ ཞེས་སོགས་རྡོ་རྗེའི་ལུང་གིས་བསྔགས་པ་བཞིན་ཧེ་རུ་ཀ་དཔལ་པདྨ་ཐོད་ཕྲེང་རྩལ་གྱི་བྱིན་རླབས་ཐུགས་བསྐྱེད་རྨད་དུ་བྱུང་བ་དུས་སུ་སད་པ་ལས། ལོ་ཙྰ་བ་ཆེན་པོ་བཻ་རོ་ཙ་ན་དང་རིག་སྔགས་འཆང་བའི་རྒྱལ་པོ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཟུང་གི་གསང་གསུམ་ཡེ་ཤེས་ཀྱི་རོལ་གར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ་དེ་ཉིད་ཀྱིས་རིམ་པར་གནས་དུས་གྲོགས་འཁོར་ཡོ་བྱད་ཕུན་སུམ་ཚོགས་པས་སྣ་དྲངས་ཏེ་བར་ཆད་གང་གིས་ཀྱང་བརྫི་བ་མེད་པར་གཏེར་གནས་ཐ་དད་པ་དག་ནས་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་རྟེན་དང་དམ་རྫས་མྱོང་རེག་མཐོང་ཆོས་ཚོར་བ་ཙམ་ཡང་སྲིད་པ་མཐའ་ཅན་དུ་མཛད་པའི་ཟབ་གཏེར་དཔག་ཏུ་མེད་པ་སྤྱན་དྲངས་པའི་ནང་ཚན། འདི་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྟག་གི་ལོ་ཧོར་ཟླ་དང་པོའི་ཚེས་བཅུའི་ཉིན་ཀོང་སྟོད་ཙ་གོང་གནམ་ལྕགས་འབར་བ་མཁའ་འགྲོའི་གསང་ཕུག་ཆེན་པོ་རུ་ཚོགས་ཀྱི་འཁོར་ལོས་རྩ་གསུམ་འདུས་པ་རྒྱ་མཚོ་མཉེས་པར་མཛད་པའི་སྐབས། ཐུགས་བསྐྱེད་སྔོན་སྨོན་དུས་སུ་སད་དེ་སྔགས་སྲུང་རྡོ་རྗེ་རལ་གཅིག་མས་དངོས་གཟུགས་བསྟན་ནས་

p. 54

བྲག་ལོགས་སུ་ཕྱག་གིས་རེག་པའི་ཚུལ་གྱིས་གཏེར་རྒྱ་བཀྲོལ་ཏེ་བྲག་དབྲལ་བའི་ནང་ནས་རྡོ་རྗེ་གཞོན་ནུའི་སྐུ་ཚབས་བདུད་དཔུང་ཟིལ་གནོན་དང་ལྷན་ཅིག་ཤོག་སེར་ཌྰ་ཀིའི་བརྡ་ཡིག་གཏེར་གྱི་གཉེར་འཛིན་སྲུང་མས་དངོས་གྲུབ་མདོངས་གསོལ་དུ་ཕུལ་བ་ཉིད་བགྲང་བྱ་གསུམ་གྱི་བར་དུ་ཤིན་ཏུ་གསང་བའི་དམ་ཚིག་གིས་རྒྱས་བཏབ་ནས་གཏེར་ཆེན་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པར་མཛད། སླར་འགྲོ་དོན་དུས་སུ་བབས་པ་ན་སྔགས་ཀྱི་བདག་མོས་བརྡ་སྒོ་དབྱེ་བར་བསྐུལ་བ་བཞིན་ཤོག་སེར་ལས་གཏན་ལ་ཕབ་སྟེ་རྡོ་རྗེའི་ལུང་ཟིན་གྱི་ལས་ཅན་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ལམ་ལ་རིམ་གྱིས་དཀྲི་བར་མཛད་པ་སྟེ། དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བ་ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་དཔལ་གྱི་གཏོར་ཆེན་ལ་བརྟེན་ནས་སྙིང་པོའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་ཆོ་ག་ཟབ་མོ་བསྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལ་བདག་ཉིད་སློབ་དཔོན་གྱི་བགྱི་འོས་མཚན་མའི་རྟེན་བཤམས་ཤིང་འཕྲིན་ལས་ཀྱི་གཞུང་བསྲངས་ཏེ་ཏིང་ངེ་འཛིན་གྱིས་ནུས་ལྡན་དུ་བསྒྲུབས་ནས་བདག་ཉིད་འཇུག་ཅིང་སློབ་མ་རྗེས་འཛིན་གྱི་གནང་བ་ནོད་པ་བཅས་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་

p. 55

གྱུར་པ་ཐོག་མར་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བཞུགས་པའི་སྤྱན་སྔར་དབང་བསྐུར་ཟབ་མོ་ཞུ་བའི་དོན་དུ་མཎྜལ་འབུལ་བར་མཛོད། [ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །]དེ་ལྟར་མཎྜལ་གྱི་མཚམས་སྦྱར་ནས་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་དབང་གི་སྙན་གསན་དབབ་པའི་ཕྱིར་དུ་ཕྱག་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ བླ་མ་དཔལ་ཆེན་ཧེ་རུ་ཁ༔ བདག་ལ་བརྩེ་བས་དགྱེས་དགོངས་ཏེ༔ ཡེ་ཤེས་ཆེན་པོར་སྨིན་བྱེད་པའི༔ གཏོར་མའི་དབང་མཆོག་བསྐུར་དུ་གསོལ༔ [ལན་གསུམ།] དེ་ལ་ཐོག་མར་རྒྱུད་སྦྱོང་བའི་སླད་དུ་སློབ་དཔོན་དང་དཔལ་ཆེན་རྡོ་རྗེ་གཞོན་ནུ་དབྱེར་མེད་པ་ལ་ཕྱོགས་བཅུ་དུས་བཞི་དཀོན་མཆོག་རྩ་གསུམ་རྒྱ་མཚོས་བསྐོར་བའི་ཞལ་མངོན་སུམ་བཞིན་བཀྲ་ལམ་མེར་སད་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱིད་སྡུག་རེ་ལྟོས་གཞན་ན་མེད་པས་ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱི་སྒོ་ནས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོ་རྣམས༔ [སོགས་ལན་གསུམ།] ལམ་དམན་པ་

p. 56

ལས་ཁྱད་པར་དུ་གྱུར་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སླད་དུ། མཁའ་ཁྱབ་ཀྱི་མར་གྱུར་སེམས་ཅན་ཐམས་ཅད་འཁོར་མཚོ་མུ་མེད་པར་བྱིངས་ཏེ་ཐར་པའི་ཐབས་ལ་རྨོངས་ཤིང་འཁྲུལ་པ་སྡུག་བསྔལ་བཟོད་བླག་མེད་པར་མྱོང་བ་རྣམས་ལ་ཤིན་ཏུ་བརྩེ་བའི་སྒོ་ནས། དེ་དག་གི་ཆེད་དུ་སྨིན་བྱེད་ཟབ་མོའི་སྒོར་བཞུགས་ཏེ་ལས་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་སེམས་ཅན་གཅིག་ཀྱང་མི་གནས་པར་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པར་བྱའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ མ་རིག་འཁྲུལ་རྟོག་སེམས་ཅན་རྣམས༔ [སོགས་ལན་གསུམ།] ཡེ་ཤེས་ཀྱི་རེ་ཁ་གང་བ་ལ་བསོད་ནམས་ཀྱི་ཚོགས་བསགས་སྔོན་དུ་འགྲོ་དགོས་པ་མ་ཟད། དབང་གི་ནུས་བཅུད་ཆགས་པ་ལ་མེད་དུ་མི་རུང་བས་ཡན་ལག་བཅུ་པའི་ཚིག་དོན་རྗེས་སུ་དྲན་པས་འདིའི་རྗེས་ཟློས། ཧོཿ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་བསགས་སྔོན་དུ་འགྲོ་དགོས་པ་མ་ད། དབང་གི་ནུས་བཅུད་ཆགས་པ་ལ་མེད་དུ་མི་རུང་བས་ཡན་ལག་བཅུ་པའི་ཚིག་དོན་རྗེས་སུ་དྲན་པས་འདིའི་རྗེས་ཟློས། ཧོཿ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་གནས་འདིར་གཤེགས༔ [སོགས་ལན་གསུམ།] དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ། ལུས་དྲང་པོར་བསྲང་། རླུང་རྒྱུ་བར་རང་སོར་ཞོག །སེམས་དུག་གསུམ་གྱི་རྟོག་པས་མ་ཡེངས་པར་རྩེ་གཅིག་ཏུ་གསལ་བ་འདི་ལྟར་ཐོབ་

p. 57

ཅིག །ཨ་མྲྀ་ཏ [ས་བསང་] ཤུ་ནྱ་ཏ[ས་སྦྱངས།] ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་སྣང་ཡུལ་དང་བཅས་པའི་མི་དམིགས་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་ཁྱེད་རང་རྣམས་ཀྱི་རིག་པའི་གདངས་རྩལ་མ་འགགས་པའི་སྣང་ཡུལ་གསང་ཆེན་རོལ་པའི་ཞིང་གི་དབུས་སུ། རང་རང་གི་གོ་སར་པདྨ་དང་ཉི་མ་ལ་བདུད་བཞི་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། སོ་སོའི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་སྔོན་འོད་འབར་བ་རེ་རེ་གྱུར། དེ་ཡོངས་སུ་གྱུར་པ་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་གྱི་གཡས་ཞལ་དཀར་ལ་དགོད་པ། གཡོན་ཞལ་དམར་ལ་གཤེ་བ། རྩ་ཞལ་མཐིང་ནག་ཁྲོ་གཏུམ་རྔམས་པའི་གཟི་བརྗིད་ཅན། དམར་ལ་འཁྲུགས་པའི་སྤྱན་གསུམ་གསུམ་མེའི་ཚྭ་ཚྭ་འཕྲོ་བ་གཟིར་བ་ཙམ་གྱིས་སྲིད་གསུམ་བསྲེགས་པར་ནུས་པ། ཕྱག་དྲུག་གི་གཡས་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་གཉིས་ཀྱིས་མེ་ཞགས་དང་ཁ་ཊྭཱྃ་ཀ །ཐ་གཉིས་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་སྟབས་ཀྱིས་བདུད་བགེགས་དམྱལ་ཐག་གཅོད་པ། རྡོ་རྗེ་དང་རིན་པོ་ཆེིའི་གཤོག་པ་གདེངས་ཤིང་དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཡོངས་སུ་རྫོགས་པ་ལ་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མཐིང་སྐྱ་

p. 58

ཁ་ཊྭཱྃ་ཀ་དང་དུང་ཁྲག་འཛིན་ཅིང་གཟིག་ཤམ་དང་རུས་པའི་ཕྱག་རྒྱ་ལྔས་སྤྲས་པས་འཁྲིལ་བའི་སྐུའི་གནས་སུ་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྲས་འཁོར་བཀའ་སྡོད་དང་བཅས་པ་མ་འདྲེས་གསལ་རྫོགས་རྒྱ་མཚོའི་ནང་གི་གཟའ་སྐར་བཞིན་སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གསལ་ཐོབ་མཛོད། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་ལ་མོས་གུས་རྩེ་གཅིག་ཏུ་བྱས་པའི་རྐྱེན་གྱིས་བླ་མ་དང་མདུན་རྟེན་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་མུ་མེད་པར་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཁྱབ་པར་སྤྲོས་པས། རང་བཞིན་ལྷུན་གྲུབ་སྐུ་གསུམ་རྒྱལ་བའི་ཞིང་ནས་རྩ་གསུམ་རབ་འབྱམས་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པར་མོས་ཤིག །[འབེབས་རྫས་སྦྱར་སྤོས་བསྲེག་ཅིང་། ཐོད་རྔ་དྲིལ་བུའི་སྒྲ་དང་བཅས་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ།] ཧཱུྃ༔ ཐུགས་དམ་གཉན་པོ་གསང་བའི་ལྷ༔ [ཞེས་སོགས་ལས་བྱང་གི་བྱིན་འབེབས་མཐར། རྩ་སྔགས་ལ།] ཛྙཱ་ན་ཨཱ་བེ་ཤ་ཡ་

p. 59

ཨ་ཨཱ༔ [ཞེས་བཏགས་པ་དྲག་ཏུ་བརྗོད་པས་བྱིན་དབབ་ལ།] དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་ཉམས་བརྟན་པར་བྱས་པའི་མོས་པ་མཛོད། [མེ་ཏོག་དང་བཅས་རྡོ་རྗེས་སྤྱི་བོར་རྒྱ་གྲམ་དུ་རེག་ཅིང་།] ཏིཥྛ་བཛྲ། [ཅེས་བརྗོད།] དེ་དག་གི་སྔོན་དུ་འགྲོ་བའི་ཆོས་རྣམས་གྲུབ་ནས། དབང་བསྐུར་དངོས་ལ་དམིགས་པ་འདི་ཉིད་རིམ་བཞིན་དུ་མཛད་འཚལ། གཏོར་སྣོད་བྷནྡྷ་འབར་བ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་དབུས་སུ་དཔལ་གྱི་གཏོར་མ་འདི་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་རྩ་གསུམ་རྒྱལ་བ་རབ་འབྱམས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཏིལ་གོང་ཁ་ཕྱེ་བ་ལྟར་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་དབང་བསྐུར་བས། སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་བ་ཚངས་བུག་ནས་ཞུགས། ལས་དང་ཉོན་མོངས་བག་ཆགས་དང་བཅས་པ་གཏོར། ཡེ་ཤེས་ཀྱི་ནུས་བཅུད་མངོན་དུ་བླུགས་པས་ལུས་གང་ཞིང་ཕུང་ཁམས་ལྷ་སྐུར་དག་མཉམ་ཆེན་པོ་སྐུའི་དབང་བསྐུར་ཐོབ་པར་མོས་ཤིག །[དཔལ་གྱི་གཏོར་ཆེན་ཐོགས་ལ།] ཧཱུཾ། དཔལ་གྱི་གཏོར་ཆེན་དུར་ཁྲོད་གཞལ་ཡས་ཁང་༔ མི་འགྱུར་མཉམ་ཉིད་ཁྲོ་བོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ཡི་སྤྱི་

p. 60

བོར་བཞག་པ་ཡིས༔ བུམ་པའི་དབང་ཐོབ་ཕུང་ཁམས་ལྷ་རུ་སྨིན༔ སྣང་སྲིད་དག་མཉམ་སྐུ་ཡི་དབང་ཐོབ་ཤོག༔ [རྩ་སྔགས་མཐར།] མ་ཧཱ་བ་ལིངྟ་ས་མ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [ཞེས་སྤྱི་བོར་བཞག །] དེས་སྐུ་ཡི་བྱིན་རླབས་ཞུགས་ཤིང་ལུས་སྒྲིབ་སྦྱངས། སྲིད་བཅུད་རྡོ་རྗེ་ཕུར་བུར་གྲུབ་པའི་སྣང་སྲིད་ཐམས་ཅད་ལྷ་ཡི་འཁོར་ལོར་དག །རྣམ་པར་སྨིན་པའི་རིག་འཛིན་མངོན་དུ་བྱེད་པ་ལ་དབང་བ་ཡིན་ནོ། །དེ་ནས་ཡང་གཏོར་མའི་ལྷ་ཚོགས་རྣམས་མཉམ་པར་སྦྱོར་བའི་རོལ་པ་ཆེན་པོའི་དཀར་དམར་ལྷག་པའི་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས་གཏོར་སྣོད་བྷནྡྷ་ལྟེམ་གྱིས་གང་བ་ཁྱེད་རང་གི་ལྕེ་ཐོག་ཏུ་མྱང་བ་མགྲིན་པར་སོན་པས་རྩ་ཁམས་ཐམས་ཅད་དྭངས་མས་ཁྱབ། བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་གཡོ་མེད་དུ་བརྟན། ངག་དང་རླུང་གི་སྒྲིབ་པ་མ་ལུས་པ་དག་ཅིང་སྔགས་སུ་སྨིན། གྲགས་སྟོང་འགགས་པ་མེད་པ་གསུང་གི་དབང་བསྐུར་ཐོབ་པར་མོས་ཤིག །ཧཱུཾ༔ དཔལ་གྱི་གཏོར་ཆེན་བདེ་སྐྱོང་ཀ་པཱ་ལར༔ ཟག་མེད་བདེ་ཆེན་ཡེ་ཤེས་བྱང་སེམས་བསྐྱིལ༔ སྐལ་ལྡན་བུ་ཡི་མགྲིན་པར་བཞག་པ་ཡིས༔ གསང་བའི་དབང་ཐོབ་ངག་རླུང་སྔགས་སུ་སྨིན༔ གྲགས་སྟོང་འགགས་མེད་གསུང་གི་དབང་ཐོབ་ཤོག༔

p. 61

[རྩ་སྔགས་མཐར།] མ་ཧཱ་བ་ལིངྟ་ས་མ་ཡ་ཝཱ་ཁ་ཨ་བྷི་ཥིཉྩ་ཨཱཿ [ཞེས་མགྲིན་པར་བཞག །]རྗེས་འབྲེལ་དུ་གསང་སྔགས་བཟླས་པའི་ལུང་གི་སླད་དུ་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོ། བཅོམ་ལྡན་བདག་ལ་བསྩལ་བ་དང་། །བདག་ལ་འགོ་བར་མཛད་དུ་གསོལ། །[ལན་གསུམ།] ཞེས་གསོལ་བ་བཏབ་པའི་རྐྱེན་ལས། སློབ་དཔོན་དང་མདུན་རྟེན་དཔལ་ཆེན་པོ་དབྱེར་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་རེ་ཐོན། ཁྱེད་རང་སློབ་མ་རྣམས་ཀྱི་ཞལ་ནས་ཞུགས་སྙིང་གར་ཉིད་དཀྱིལ་ལ་ཧཱུཾ་གི་མཐར་འཁོད་པར་མོས་བཞིན་འདིའི་རྗེས་ཟློས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ [ལན་གསུམ།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུཾ་ཕཊ༔ [ཅེས་པའམ་ལན་གསུམ་རྗེས་ཟློས་བྱར་གཞུག །]སྔར་ཕུལ་བའི་མེ་ཏོག་དེ་ཉིད་སྤྱི་བོར་འཐོར་བ་སྙིང་གར་ཐིམ་པར་མོས་ཤིག །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །[རྟེན་སྙིང་དང་བཅས་སྤྱི་བོར་མེ་ཏོག་གཏོར།] དེས་གསུང་གི་བྱིན་རླབས་ཞུགས་ཤིང་ངག་སྒྲིབ་དག །བྱང་ཆུབ་སེམས་ཀྱི་ཕུར་བུའི་ལམ་སྒོམ་པས་ལས་རླུང་གི་རྒྱུ་བ་དབུ་མར་

p. 62

ཐིམ། འཛག་པ་མེད་པའི་རྒྱུན་མཐའ་སྤྱི་བོར་འཆིངས། འཁོར་འདས་གཉིས་ཆོས་ཀྱི་སྣང་བ་ཐམས་ཅད་བདེ་ཆེན་འཁོར་ལོའི་རྒྱན་དུ་རྫོགས། ཕྱག་རྒྱ་སྦྱོར་ལྡན་གྱི་ཚེ་དབང་རིག་འཛིན་མངོན་དུ་བྱེད་པ་ལ་དབང་བ་ཡིན་ནོ། །ཡང་གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་འོད་གསལ་ཀ་དག་གཞིར་གནས་འཕོ་འགྱུར་སྐྱེ་འགགས་དང་བྲལ་བའི་དབྱིངས་ལས་གཞི་སྣང་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་གྱི་ངོ་བོ་འོད་ཟེར་སྣ་ཚོགས་པའི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཞུགས་པས་ཡིད་དང་ཐིག་ལེའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །རིག་སྟོང་ཟང་ཐལ་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་མཐོང་ཞིང་ཐུགས་ཀྱི་དབང་མཆོག་ཐོབ་པར་མོས་ཤིག །ཧཱུཾ༔ དཔལ་གྱི་གཏེར་ཆེན་བདེན་དོན་འོད་གསལ་དབྱིངས༔ འཕོ་འགྱུར་སྐྱེ་འགགས་མཐའ་བྲལ་གདོད་མའི་བབ༔ སྐལ་ལྡན་བུ་ཡི་སྙིང་ལ་འཕོས་པ་ཡིས༔ ཐུགས་ཀྱི་དབང་ཐོབ་འཁྲུལ་རྟོག་དབྱིངས་སུ་ཐིམ༔ སྒྲ་ཚིག་བློ་འདས་ཆོས་ཉིད་དབང་ཐོབ་ཤོག༔ [རྩ་སྔགས་མཐར།] མ་ཧཱ་བ་ལིངྟ་ས་མ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་སྙིང་གར་བཞག །]དེས་ཐུགས་ཀྱི་བྱིན་རླབས་བཞུགས་ཤིང་ཡིད་སྒྲིབ་དག །རིག་པ་ཡེ་ཤེས་ཕུར་བུས་སྲིད་རྩ་དྲུང་ནས་ཕྱུངས། ཆོས་

p. 63

དབྱིངས་ཁྱབ་བརྡལ་རྡོ་རྗེ་གཞོན་ནུའི་ཀློད་དུ་སྲིད་ཞིའི་བདེན་དོན་རོ་གཅིག་ཏུ་གྱུར། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོས་ཕྱག་རྒྱ་མཆོག་གི་རིག་འཛིན་མངོན་དུ་བྱེད་པ་ལ་དབང་བ་ཡིན་ནོ། །ཡང་དཔལ་ཆེན་ཡེ་ཤེས་རོལ་པའི་གཏོར་མ་འདོད་འབྱུང་རིན་པོ་ཆེའི་མཛོད་ཆེན་ལས། དངོས་གྲུབ་འདོད་རྒུའི་གྲུ་ཆར་འཛད་མེད་དུ་འབེབས་པ་ཉིད་ཁྱེད་རང་རྣམས་ཀྱི་ལྟེ་བར་བཞག་པ་ཙམ་གྱིས་ཡོན་ཏན་རྣམ་པ་ལྔ་ཐོབ། ཞིང་ཁམས་ལྔ་ལ་དབང་འབྱོར། འདོད་ཡོན་ཆོས་ཉིད་ཀྱི་རོལ་པའི་རྒྱན་དུ་ཤར། ཁམས་གསུམ་ན་མངོན་པར་མཐོ་བ་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དམ་པ་ལ་དབང་བར་མོས་ཤིག །ཧཱུཾ༔ དཔལ་གྱི་གཏོར་ཆེན་འདོད་འབྱུང་རིན་ཆེན་མཛོད༔ འཛད་མེད་དངོས་གྲུབ་ཆར་དུ་བསྙིལ་བའི་གཏེར༔ སྐལ་ལྡན་བུ་ཡི་ལྟེ་བར་བཞག་པ་ཡིས༔ ཡོན་ཏན་དབང་ཐོབ་འདོད་ཡོན་རྒྱན་དུ་ཤར༔ ཁམས་གསུམ་ཆོས་ཀྱི་འཁོར་ལོས་སྒྱུར་བར་ཤོག༔ [རྩ་སྔགས་མཐར།] མ་ཧཱ་བ་ལིངྟ་ས་མ་ཡ་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾཿ [ཞེས་ལྟེ་བར་བཞག །]དེས་ཡོན་ཏན་གྱི་བྱིན་རླབས་ཞུགས། ཆགས་སོགས་འཛིན་འཁྲིའི་སྒྲིབ་པ་དག །གདུལ་བྱའི་དོན་ལ་ཐོགས་པ་མེད་ཅིང་སྐུ་དང་ཞིང་ཁམས་རྒྱ་མཚོའི་དཔལ་དམ་

p. 64

པར་མངའ་དབང་འབྱོར། འབྲས་བུ་ཁྱབ་བདག་ཧེ་རུ་ཀའི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དམ་པ་ཐོབ་པ་ཡིན་ནོ། །ཡང་དཔལ་ཆེན་རོལ་པ་ཆེན་པོའི་ལྷ་ཚོགས་ཀུན་གྱི་སྐུའི་གནས་རྣམས་ལས་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་ཕུར་བུ་སོགས་ཕྱག་མཚན་སྣ་ཚོགས་པའི་རྣམ་པ་དཔག་ཏུ་མེད་པ་སྤྲོས། ཁྱེད་རང་རྣམས་ཀྱི་བདེ་སྐྱོང་གི་གནས་སུ་ཐིམ་པས་འཕྲིན་ལས་རབ་འབྱམས་སྤྱི་དང་མངོན་སྤྱོད་དྲག་པོའི་ལས་སྒྲུབ་པ་ལ་དབང་ཐོབ་པར་མོས་ཤིག །ཧཱུཾ༔ དཔལ་གྱི་གཏོར་ཆེན་འཕྲིན་ལས་རྣམ་བཞིའི་སྒོ༔ ཞི་རྒྱས་དབང་དྲག་རབ་འབྱམས་ལས་ཀྱི་དབང༔ སྐལ་ལྡན་བུ་ཡི་གསང་དབང་བསྐུར་བ་ཡིས༔ ཕྲིན་ལས་དབང་ཐོབ་སྣང་སྲིད་རང་དབང་བསྒྱུར༔ ཐོགས་མེད་དྲག་རྩལ་རྫུ་འཕྲུལ་མཐུ་ཐོབ་ཤོག༔ རྩ་སྔགས་མཐར། མ་ཧཱ་བ་ལིངྟ་ས་མ་ཡ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ [ ཞེས་གསང་བར་བཞག །]དེས་འཕྲིན་ལས་ཀྱི་བྱིན་རླབས་ཞུགས། ཕྲག་དོག་སོགས་ཀུན་ཏུ་རྟོག་པའི་སྒྲིབ་པ་དག །མཚན་མ་རྫས་ཀྱི་ཕུར་བུས་ལས་རབ་འབྱམས་ལ་ཐོགས་པ་མེད་པའི་མཐུ་དབང་བརྙེས་ཏེ། མངོན་སྤྱོད་དམིགས་པའི་དབལ་གྱིས་ཁམས་གསུམ་ཤུགས་སྒྲོལ་ཆེན་པོའི་བརྣག་པའི་གཟེར་ཁ་འཚེངས་པ་གསུམ་ལྡན་དུ་བསྒྲུབས་ཤིང་། བྱང་ཆུབ་སྒྲུབ་

p. 65

པའི་ལམ་གྱི་བར་ཆད་ཀུན་ལས་རྣམ་པར་རྒྱལ་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འཕྲིན་ལས་འཇིགས་པ་བྲལ་བའི་དགོངས་ཀློང་ཆིག་རྫོགས་སུ་གྱུར། དོན་གཉིས་མཐར་ཕྱིན་ལྷུན་གྲུབ་རིག་འཛིན་མངོན་དུ་འགྱུར་པ་ལ་དབང་ཐོབ་པ་ཡིན་ནོ། །སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བྱིན་རླབས་བདུད་རྩིའི་ཚུལ་དུ་དྲངས་པ་གཏོར་མ་ལ་ཐིམ་པས། དཔལ་ཆེན་པོ་རྟེན་བརྟེན་པར་བཅས་པ་འོད་དུ་ཞུ་ནས་བདུད་རྩིར་འཁྱིལ་བ་འདི་ཉིད་ཁྱེད་རང་རྣམས་ཀྱིས་མྱང་པས་རྩའི་སྒྲིབ་པ་མདུད་པ། ཁམས་ཀྱི་སྒྲིབ་པ་སྙིགས་མ། རླུང་གི་སྒྲིབ་པ་ཡོན་པོ་སྟེ་སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་རང་བཞིན་མེད་པའི་ངང་དུ་སངས། ཡེ་ཤེས་དྭངས་མའི་བཅུད་ཀྱིས་ཁེངས། སྣང་བ་ཀུན་རྫོབ་འཁོར་བའི་ཆ་ཀུན་དཔལ་ཆེན་རྡོ་རྗེ་གཞོན་ནུ། སྟོང་པ་དོན་དམ་འདས་པའི་ཆ་ཀུན་ཡུམ་ཆེན་འཁོར་ལོ་རྒྱས་འདེབས། སྣང་སྟོང་ཟུང་འཇུག་ཆེན་པོ་ཡབ་ཡུམ་གཉིས་མེད་ཀྱི་ངོ་བོ་མྱོང་སྟོང་རང་གྲོལ་ཆེན་པོའི་དགོངས་པ་གདོད་ནས་བསྐུར་ཐོབ་དང་བྲལ་བ་ཁྱབ་བརྡལ་ལྷུན་རྫོགས་སྟངས་དཔྱལ་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ལྟར་དག་པའི་དབྱིངས་ལ་དབང་འབྱོར་པའི་མོས་པ་མཛོད།

p. 66

ཧཱུཾ༔ འཁོར་འདས་སྤྱི་དཔལ་དཔལ་ཆེན་ཧེ་རུ་ཁ༔ གཏོར་མའི་ངོ་བོར་ཞུ་བའི་བདུད་རྩིའི་བཅུད༔ མྱང་བས་རྩ་ཁམས་དྭངས་མའི་བཅུད་ཀྱིས་ཁེངས༔ སྣང་བ་ཐབས་དང་སྟོང་པ་ཤེས་རབ་ཆ༔ ཟུང་འཇུག་རྡོ་རྗེ་སྟངས་དཔྱལ་ཁྲོ་བོའི་རྒྱལ༔ བསྐུར་ཐོབ་བྲལ་བའི་དགོངས་པ་མངོན་གྱུར་ཤོག༔ [རྩ་སྔགས་མཐར།] མ་ཧཱ་བ་ལིངྟ་ས་མ་ཡ་ཨ་མྲྀ་ཏ་སརྦ་སིདྡྷི་ཕ་ལ་བྷྲཱུཾ༔ [ཞེས་གཏོར་མ་བདུད་རྩིར་སྦྱངས་ལ་མྱང་དུ་བཅུག །]དེས་ལུས་ཀྱི་ནང་ཐམས་ཅད་དྭངས་མས་ཁེངས། དུག་གསུམ་རྒྱུ་འབྲས་དང་བཅས་པ་ཆོས་དབྱིངས་འཕོ་འགྱུར་བྲལ་བ་དག་མཉམ་གཞི་གྲོལ་གྱི་ཀློང་དུ་སྦྱངས། འཁོར་འདས་ལམ་གསུམ་གཉིས་སུ་མེད་པར་མ་དག་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ། ཡེ་ཤེས་དྭངས་མ་ཆེན་པོའི་ནང་དབྱིངས་འདུ་འབྲལ་མེད་པའི་རང་བཞིན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་བརྟན་པ་མཐར་ཕྱིན་པར་འགྱུར་བ་ཡོངས་རྫོགས་གཏོར་མའི་དབང་མཆོག་ཐོབ་པ་ཡིན་ནོ། །དེ་ལྟར་དབང་ཐོབ་པ་དེ་ཉིད་མི་ཉམས་ཤིང་བརྟན་པའི་ཕྱིར་དུ། རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་མདུན་མཁར་སྤྲིན་བཞིན་གཏིབས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་མེ་ཏོག་མནྡ་ར་བའི་ཆར་སིལ་མར་བསྙིལ་བཞིན། ཞལ་ནས་བདེན་པའི་གླུ་དབྱངས་ཚིགས་

p. 67

སུ་བཅད་དེ་དགེ་ལེགས་སུ་བསྩལ་བའི་མོས་པ་མཛོད། [ཅེས་ལས་བྱང་གི་ཤིས་བརྗོད་ཀྱིས་ཐོག་དྲངས་ཇི་ལྟར་རིགས་པའི་ཤིས་པ་སྤེལ།] དེ་ལྟ་ན་དེ་དག་རྣམས་ཀྱི་སྒོ་ནས་ཇི་སྐད་དུ། རྩ་གཞུང་ལས། བརྒྱུད་གསུམ་བླ་མའི་དགོངས་པའི་གནད༔ མན་ངག་སྙིང་པོ་གཏོར་མའི་དབང་༔ ཤིན་ཏུ་བསྡུས་པ་ཟབ་མོའི་ལམ༔ ཕན་དང་ནུས་པར་ལྡན་པའི་བཅུད༔ འདི་ལས་ཟབ་པ་ཡོད་རེ་ཀན༔ སྔོན་ཆད་གཞན་དུ་བསྟན་པ་མེད༔ པདྨ་བདག་གི་ཐུགས་ཀྱི་མཐིལ༔ མཚན་ལྡན་མཁར་ཆེན་བཟའ་ལ་གདམས༔ ཞེས་བདེན་གསུང་རྡོ་རྗེའི་ལུང་གིས་བསྔགས་པ་དོན་ལ་གནས་པའི་མན་ངག་ལྷ་མཆོག་རྡོ་རྗེའི་གཞོན་ནུའི་ཟབ་མོའི་བརྡ་དབང་རྒྱ་མཚོའི་དོན་ཐིག་ཉིད་ལེགས་པར་གསན་གྲུབ་པ་ལགས་ཤིང་། དེ་ལྟར་ཐོབ་པའི་དབང་གི་སྲོག་ནི་དམ་ཚིག་གི་ས་འཛིན་དགོས་པས་ན་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་གྱི་བསྡུས་པ་མཐའ་དག་སྲོག་གི་གཏར་བཟུང་སྟེ་ནམ་ཡང་མི་འདའ་བར་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་[སོགས་ལན་གསུམ།] དབང་བསྐུར་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་མཛོད། [ཅེས་མཎྜལ་འབུལ་དུ་གཞུག །]དེ་ལྟར་མཎྜལ་ཙམ་དུ་མ་ཟད་རང་གི་

p. 68

ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་རེ་རེ་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེ་ནས་བརྩམས་ཏེ་[སོགས་ལན་གཅིག །]དེ་ལྟ་བུའི་དབང་བསྐུར་ཟབ་མོ་ཐོབ་པ་ལས་བྱུང་བའི་དགེ་ཚོགས་ཅི་མཆིས་པ་ཐམས་ཅད་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བ་དང་། ཁྱད་དུ་འཕགས་པའི་ཟབ་ལ་མ་ཌྰ་ཀིའི་ཁ་རླངས་མ་ཡལ་བ་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་མཛོད། བསོད་ནམས་འདི་ཡིས་[སོགས་ཀྱིས་དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་གཏོར་གཏང་། གཏོར་སྐྱོང་ནས་མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་ཀྱི་བར་ལས་བྱང་ལྟར་མཐར་དབྱུང་བས་གྲུབ་བོ། །འཕྲིན་ལས་འདུས་པའི་དཀྱིལ་འཁོར་འཁོར་ལོ་ཆེར། །སྐལ་བཟང་སྨིན་གྲོལ་འདོད་འཇོའི་དགའ་སྟོན་མཆོག །རྩོལ་མེད་ཉམས་སུ་མྱོང་ལས་གྲུབ་གཉིས་ཀྱི། །མངའ་དབང་དམ་པ་འགྲོ་འདིས་ཐོབ་གྱུར་ཅིག །ཅེས་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་གཏོར་མའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་ཆོག་ཁྲིགས་སུ་བསྡེབས་པ་དཔལ་ཆེན་དགོངས་རྒྱན་ཞེས་བྱ་བ་འདིའང་། ཟབ་གཏེར་གསང་བའི་མཛོད་འཛིན་ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གང་གི་ཞལ་སྔ་ནས་བཀའ་བབ་ལུང་ཟིན་གྱི་ཆོས་

p. 69

བདག་ཏུ་དབུགས་དབྱུང་བ་དང་བཅས་སྨིན་གྲོལ་བདུད་རྩིའི་དགའ་སྟོན་དགྱེས་པར་བསྩལ་བའི་བཀའ་དྲིན་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་དོན་འཇུག་བདེའི་མཚམས་སྦྱོར་གྱིས་བརྒྱན་ཏེ། ཉེ་བའི་ཚནྡྷོ་དུར་ཁྲོད་ལྷུན་གྲུབ་བརྩེགས་པའི་གནས་སུ་སྤྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་འཕྲིན་ལས་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག །མངྒ་ལ་ཛནྟུ།། །།

རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ལས་ཚེ་སྒྲུབ་འཆི་མེད་སྲོག་ཐིག

p. 70
p. 71

ཤྃ༔ རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ལས༔ ཚེ་སྒྲུབ་འཆི་མེད་སྲོག་ཐིག་བཞུགས་སོ༔

p. 72

རྒྱ་གར་སྐད་དུ༔ ཨ་པ་རི་མི་ཏ་སརྦ་ཙིཏྟ་ཧྲཱྀ་དཱ་ཡ་བཛྲ་ཨཱཿཡུརྫྙཱ་ན་སིདྡྷ་ན་མ༔ བོད་སྐད་དུ༔ རྡོ་རྗེ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྙིང་པོ་ཐུགས་ཀྱི་སྒྲུབ་ཐབས༔ མགོན་པོ་འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ [འཆི་མེད་རིག་འཛིན་པད་འབྱུང་བདག༔ ཀོ་ཥའི་མཚོ་ལས་བརྫུས་ཏེ་འཁྲུངས༔ མདོ་རྒྱུད་མན་ངག་ཀུན་ལ་མཁས༔ སྒྲ་ཚད་རིག་པའི་ཕ་མཐར་ཕྱིན༔ མུ་སྟེགས་ནག་པོའི་རྒོལ་བ་བཅོམ༔ སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུག༔ རྒྱལ་སྲིད་ཆོས་ཀྱིས་བསྐྱང་བར་བྱས༔ དུར་ཁྲོད་བརྒྱད་དུ་སྒྲུབ་པ་བགྱིས༔ དངོས་གྲུབ་ཀུན་ལ་རང་དབང་བསྒྱུར༔ མཚན་བརྒྱད་རྣམ་འཕྲུལ་དཔག་མེད་བསྟན༔ གནས་ཡུལ་མ་ངེས་ཕྱོགས་ཀུན་ཏུ༔ སྦྱོར་སྒྲོལ་སྤྱོད་པའི་བརྟུལ་ཚུགས་ཀྱིས༔ འབྲེལ་ཚད་དོན་དང་ལྡན་པར་བྱས༔

p. 73

མཱ་ར་ཏིཀ་ལ་སོགས་པའི༔ འཆི་མེད་གྲུབ་པའི་གནས་རྣམས་སུ༔ མགོན་པོ་ཚེ་དཔག་མེད་དང་མཇལ༔ དབང་དང་བྱིན་རླབས་དཔག་མེད་ཐོབ༔ འཇའ་ལུས་རྡོ་རྗེའི་ཚེ་དབང་བརྙེས༔ སུམ་སྟོང་དྲུག་བརྒྱར་འགྲོ་དོན་བསྐྱང་༔ འཇམ་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱིས༔ སྨོན་ལམ་དབང་གིས་བོད་ཡུལ་དུ༔ སྤྱན་དྲངས་བོད་ཀྱི་ལྷ་འདྲེ་རྣམས༔ དམ་ལ་བཏགས་ནས་ས་གཞི་བཏུལ༔ ཟན་ཡངས་དཔལ་གྱི་བསམ་ཡས་སོགས་༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞེངས༔ མདོ་སྔགས་བསྒྱུར་བཤད་ཉན་སྒོམ་སོགས༔ དམ་པ་ཆོས་ཀྱི་སྒྲོན་མེ་སྤར༔ སྐལ་བར་ལྡན་པའི་རྗེ་འབངས་ཚོགས༔ སྨིན་གྲོལ་གྲུབ་པའི་ས་ལ་བཞག༔ སྙིགས་འགྲོའི་སེམས་ཅན་ལ་དགོངས་ཏེ༔ ས་འོག་ཐམས་ཅད་གཏེར་གྱིས་བཀང་༔ བསྟན་ཞབས་གཏེར་སྐྱོང་སྐྱེས་བུ་རྣམས༔ སྨོན་ལམ་གཏད་རྒྱས་བྱིན་བརླབས་ཏེ༔ འགྲོ་དོན་རྒྱུན་མི་ཆད་པར་བྱས༔ གཞན་ཡང་དངོས་བརྒྱུད་དུ་མ་ནས༔ ང་ཡི་

p. 74

འཕྲིན་ལས་བསམ་མི་ཁྱབ༔ ཁྱད་པར་འཇའ་ལུས་རྡོ་རྗེའི་ཚེ༔ སྒྲུབ་ཐབས་རྣམ་གྲངས་མང་བསྟན་ཀྱང༔ ཀུན་གྱི་བཅུད་དྲིལ་མཐར་ཐུག་པ༔ སྲོག་གི་ཐིག་ལེ་འདི་ཁོ་ན༔ ས་མ་ཡ༔ དེ་ལ་འཇུག་པའི་རིམ་པ་ནི༔ རྣམ་པ་བཞི་ཡི་སྒོ་ནས་དབྱེ༔ ཕྲིན་ལས་ལས་གྱི་བྱང་བུ་དང་༔ སྨིན་བྱེད་དབང་གི་རིམ་པ་དང་༔ གྲོལ་ལམ་མན་ངག་ཟབ་མོ་དང་༔ ཡན་ལག་ལས་ཀྱི་རིམ་པའོ༔ དང་པོ་ལའང་སྦྱོར་དངོས་རྗེས༔ གསུམ་ལས་སྦྱོར་བའི་རིམ་པ་ནི༔ གོང་མས་བྱིན་བརླབས་སྒྲུབ་པའི་གནས༔ ཉམས་ཆག་སྐྱོན་བྲལ་འཚེ་བ་མེད༔ བག་དྲོ་ཡིད་འོང་ཉམས་དགའ་བའི༔ ས་ཕྱོགས་སྣུམ་ཞིང་གཟི་བརྗིད་ལྡན༔ རྩི་ཤིང་ནགས་ཚལ་ཆུ་ཀླུང་རྒྱས༔ ཚེ་དང་ཡེ་ཤེས་འཕེལ་བའི་ཞིང་༔ བཀྲ་ཤིས་དགེ་བའི་གནས་མཆོག་ཏུ༔ མི་དང་མི་མིན་བདག་པོ་ལས་༔ ས་བསླང་རིན་གཞལ་འཁོན་པ་སྦྱང་༔ ད་ལ་དྲི་ཡིས་ལེགས་པར་བྱུགས༔ མཚན་ལྡན་བཀྲ་ཤིས་དགེ་བའི་ཡུམ༔ ཤིན་ཏུ་དག་པའི་གླུ་ཡིས་བསྐུལ༔ རྣལ་འབྱོར་ལྡན་པའི་སློབ་དཔོན་གྱིས༔ ཐིག་དང་ཚོན་གྱི་བྱ་བ་ཡིས༔ དཀྱིལ་འཁོར་མཚན་རྫོགས་བཞེངས་པའི་དབུས༔ རིན་ཆེན་བུམ་པ་སྐྱོན་མེད་ལྔ༔ རྒྱུན་བབ་ཆུ་བོ་གཙང་མས་དགང་༔ དྲི་རྫས་བཅུད་ཀྱིས་ཡོངས་སུ་གཏམས༔ ཁ་རྒྱན་མགུལ་ཆིངས་ལ་སོགས་པས༔ ལེགས་པར་བརྒྱན་པ་གཡོ་མེད་བཀོད༔ ཚེ་མདའ་དར་དང་རིན་ཆེན་ལྔ༔ མེ་ལོང་རྨ་བྱའི་མདངས་སྒྲོས་བརྒྱན༔ རྒྱ་གྲམ་པདྨའི་ལྟེ་བར་གཟུག༔ སྣོད་བཅུད་ཕུན་ཚོགས་ལས་བྱུང་བ༔ རྒྱུན་ལྡན་ཐབས་ཤེས་ཚེ་རྫས་དང་༔ ཚེ་འབྲང་བུམ་གཟུགས་ལ་སོགས་པ༔ ཕྱི་ནང་མཆོད་ཚོགས་གཞུང་བཞིན་བཤམ༔ ས་མ་ཡ༔ སྨིན་ཅིང་དམ་ལྡན་སྒྲུབ་པ་པོས༔ རིག་འཛིན་རྩ་གསུམ་ཚེ་ཡི་ལྷ༔ མདུན་གྱི་མཁའ་ལ་མངོན་སུམ་

p. 75

བསྒོམ༔ སྐྱབས་སུ་འགྲོ་བའི་རིན་པ་ནི༔] ན་མོ༔ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར༔ སྐྱབས་ཡུལ་ཀུན་འདུས་མགོན་པོ་ཚེ་ཡི་ལྷར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ [བྱང་ཆུབ་མཆོག་གི་སེམས་བསྐྱེད་ནི༔]ཧོཿ གཟུང་འཛིན་འཁྲུལ་པའི་སྣང་བས་བསྐྱེད་པའི་འགྲོ༔ མཐའ་མེད་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས༔ ཡེ་གྲོལ་འཆི་མེད་གཞོན་ནུ་བུམ་སྐུའི་ཀློང༔ རོ་མཉམ་ཆེན་པོར་འགོད་པར་སེམས་བསྐྱེད་དོ༔ [བསགས་སྦྱོང་སྤེལ་བའི་རིམ་པ་ནི༔]ཨོཾ་ཨཱཿཧཱུཾ༔ འཆི་མེད་ཚེ་ཡི་ལྷ་ཚོགས་མ་ལུས་པ༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ ཡེ་ནས་འཕོ་འགྱུར་བྲལ་བ་ནམ་མཁའི་སྐུར༔ གཉིས་མེད་རང་གསལ་ཆེན་པར་གུས་ཕྱག་འཚལ༔ སྣང་སྲིད་རྣམ་དག་འདོད་ཡོན་རོལ་པའི་རྒྱན༔ བྱར་མེད་ལྷུན་རྫོགས་མཆོད་སྤྲིན་རྒྱ་མཚོས་མཆོད༔ རྟག་ཆད་མཚན་མས་བསྒྲིབ་པའི་ཉོན་མོངས་ལས༔ སྡིག་ལྟུང་མི་དགེའི་ཚོགས་རྣམས་འགྱོད་པས་བཤགས༔ མངོན་པར་བྱང་ཆུབ་ཡོན་ཏན་རྒྱ་མཚོའི་ཞིང་༔ ཁྱོད་ཀྱི་རྣམ་པར་ཐར་ལ་ཡི་རང་ངོ་༔ འོད་གསལ་སྐྱེ་མེད་རྡོ་རྗེའི་སྒྲ་དབྱངས་ཀྱིས༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུར༔ མི་

p. 76

འདའ་འགྲོ་བའི་དོན་ཕྱིར་བཞུགས་སུ་གསོལ༔ དགེ་རྩ་དམིགས་མེད་འཁོར་གསུམ་ཡོངས་དག་པ༔ མི་གནས་ཆོས་དབྱིངས་མཉམ་པ་ཉིད་དུ་བསྔོ༔ སྐྱེ་འཆི་འགྱུར་མེད་མགོན་པོ་ཚེ་མཐའ་ཡས༔ ཡོན་ཏན་དཔག་མེད་ཚེ་འདིར་མངོན་གྱུར་ཤོག༔ [རང་ཉིད་དབང་ཆེན་ཧེ་རུ་ཀའི༔ རྡོ་རྗེ་གསང་བའི་རྟ་སྐད་ཀྱིས༔ ཚེ་བདུད་ལོག་འདྲེན་འབྱུང་པོ་ཀུན༔ གནད་དུ་གཟིར་བའི་བཀའ་བསྒོ་ནི༔]ཧྲཱིཿ ང་ནི་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོ་དབང་གི་སྐུ༔ འབར་བ་ཆེན་པོ་ཁྲོས་པའི་གར༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་འཁྲིགས༔ མེ་རླུང་ཟེར་ཆག་གློག་ལྟར་འཁྱུག༔ རྡོ་རྗེའི་མཚོན་ཆར་སེར་ལྟར་འབེབས༔ ཧི་ཧིའི་སྒྲ་ཆེན་འབྲུག་ལྟར་སྒྲོགས༔ ཁམས་གསུམ་སྲིད་གསུམ་འདར་ཞིང་གཡོ༔ བདུད་ཀྱི་བདུད་དེ་བགེགས་ཀྱི་དགྲ༔ ཐམས་ཅད་འདུལ་བའི་བདག་ཉིད་ངའོ༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ གླག་ལྟ་འཆི་བདག་བདུད་ཀྱི་སྡེ༔ ལོག་པར་འདྲེན་པའི་འབྱུང་པོའི་ཚོགས༔ ལན་ཆགས་གླུད་གཏོར་འདི་ཁྱེར་ལ༔ དཔལ་གྱི་བཀའ་ལས་མ་འདའ་བར༔ མྱུར་བ་ཉིད་དུ་ཕྱིར་དེངས་ཤིག༔ ཅི་སྟེ་མི་འགྲོ་བགེགས་བྱེད་ན༔ བརླག་པར་འགྱུར་པར་གདོན་མི་ཟ༔ པདྨ་མཧཱ་ཀྲོ་དྷ་ཧྱ་གྲྰི་བ་ཧུ་ལུ་ཧུ་ལུ་སརྦ་བིགྷྣཱན་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ༔ [གུ་གུལ་བསྲེག་ཅིང་ཐུན་གྱིས་བྲབ༔ ཁྲོ་བོའི་སྡང་མིག་འབར་བས་གཟིར༔ དྲག་པོའི་སྔགས་ཀྱི་ཕཊ་སྒྲ་བསྒྲག༔ ལས་ཀྱི་གིང་པས་སྟངས་སྟབས་བསྒྱུར༔ ཏིང་འཛིན་དམིགས་

p. 77

པའི་འཁྲུལ་འཁོར་འགྱེད༔ བགེགས་ཚོགས་མཐའ་བྲལ་དབྱིངས་སུ་བསྐྲད༔ སྲུང་མཚམས་བཅད་པའི་རིམ་པ་ནི༔] ཧྲཱིཿ སྣང་སྲིད་དག་པ་ལྷ་ཡི་སྐུ༔ ཧེ་རུ་ཀ་ཡི་ཕྱག་རྒྱར་བཞེངས༔ འགྲོ་འོང་རླུང་གི་བྱེད་རྩོལ་སྒྲ༔ དྲག་པོ་སྔགས་ཀྱི་འབྲུག་སྒྲར་འུར༔ དྲན་རྟོག་ཀུན་ཏུ་རྒྱུ་བའི་ཡིད༔ ཆོས་ཉིད་ཡེ་ཤེས་རོལ་པ་ཆེ༔ ལྷ་སྔགས་ཆོས་སྐུའི་རང་རྩལ་ལས༔ འགགས་མེད་མཚོན་ན་རྣམ་ལྔ་དང་༔ ཡེ་ཤེས་མེ་སྤྲིན་འཁྲིགས་པའི་གུར༔ ཕྱོགས་མཚམས་གོ་སྐབས་མེད་པར་གཏམས༔ གཞོམ་གཞིག་བྲལ་བའི་སྲུང་མཚམས་ལས༔ སུ་ཡང་འདའ་བའི་གནས་མེད་དོ༔ ཧཱུཾ་ཧཱུཾ་ཧཱུཾ༔ བཛྲ་ཛྙཱ་ན་ཙཀྲ་རཀྵ་ཛྭ་ལ་རཾ་ཧྲཱིཿ ཧཱུཾ་ཕཊ༔ [གཟུང་འཛིན་ཞེན་པའི་བག་ཆགས་བེགས༔ ཀློང་ཡངས་ཁྱབ་བརྡལ་རྫོགས་པ་ཆེ༔ འཕོ་འགྱུར་བྲལ་བའི་རང་བཞིན་དུ༔ ལ་ཟློ་སྲུང་མཚམས་བཅད་པའི་མཆོག༔ བརྡ་སྒོ་དབྱེ་བའི་རིམ་པ་ནི༔] ཧོཿ ལྷན་སྐྱེས་ཀུན་ཏུ་རྟོག་པའི་མ་རིག་པས༔ ཡེ་ཤེས་མཐོང་བ་བཅད་པའི་བརྡ་ཡི་སྒོ༔ རང་རིག་འོད་གསལ་རྡོ་རྗེའི་ཐུར་མ་ཡིས༔ གཏིང་གསལ་ཀ་དག་ཆེན་པོའི་ངང་དུ་དབྱེ༔ བཛྲ་ཛྙཱ་ན་སརྦ་མཎྜལ་བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ༔ [བརྡ་ཕྱག་འཚལ་བའི་རིམ་པ་ནི༔]ཧོཿ འཁྲུལ་པས་མ་བསླད་རིག་པས་མ་བསྐྱེད་པའི༔ རྣལ་མའི་རང་བབ་མ་བཅོས་ལྷུག་པའི་གདངས༔ འཆི་མེད་མགོན་པོ་རང་རིག་ཚེ་དཔག་མེད༔ མངོན་སུམ་མཇལ་བའི་བརྡ་ཡིས་གུས་ཕྱག་

p. 78

འཚལ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ [ཉམས་ཆག་བཤགས་པའི་རིམ་པ་ནི༔]ཧོཿ ཆོས་ཀུན་ཀ་དག་སྤྲོས་བྲལ་ཆེན་པོའི་དབྱིངས༔ ཉམས་པས་མ་གོས་བཤགས་པས་གྲོལ་མེད་པ༔ ཡེ་དག་ལྷུན་འབྱམས་ཆེན་པོར་རྟག་གནས་ཀྱང༔ ཀུན་རྫོབ་སྒྱུ་མ་ཙམ་དུ་བསགས་པའི་ལས༔ བླ་མ་འཆི་མེད་ཚེ་ལྷའི་སྤྱན་སྔར་རུ༔ སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་བཤགས་ན༔ བཟོད་པར་བཞེས་ལ་ཚངས་པ་བསྩལ་ཏུ་གསོལ༔ [ཞེས་བརྗོད་ཉམས་ཆག་སྐྱེ་འགགས་གནས་པའི་མཐའ༔ རང་བཞིན་མེད་པའི་ངང་དུ་མཐོལ་བཤགས་ཤིང་༔ སླན་ཆད་མི་འདའི་གཡར་དམ་བཟུང་བ་ནི༔]ཧོཿ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་ཐེག་པ་ཆེན་པོའི་ལམ་མཆོག་ཏུ༔ ཞུགས་ཏེ་མཁའ་ཁྱབ་འགྲོ་ཁམས་མ་སྟོང་བར༔ སྲིད་པའི་གནས་སུ་སྐྱོ་བའི་སེམས་སྤང་ནས༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་བཟུང་༔ རྡོ་རྗེའི་གཡར་དམ་གཉན་ལས་མི་འདའ་ན༔ ཡེ་ཤེས་ཆེན་པོས་བདག་ལ་བརྩེ་བར་མཛོད༔ བཛྲ་ས་མ་ཡ་བོ་དྷི་ཙིཏྟ་ཧཱུཾ༔ [བཀའ་གསང་བླ་ན་མེད་པ་ཡི༔ དམ་ཚིག་སྡོམ་པ་མ་ལུས་པ༔ ཚུལ་བཞིན་བླངས་ལ་སྲུང་མཚམས་ལས༔ ཉམས་པ་མེད་པའི་དམ་བཅའ་བཟུང༔ སྣོད་བཅུད་དག་པ་ཡེ་ཤེས་ཀྱི༔ འཁོར་ལོ་བྱིན་གྱིས་བརླབ་པ་ནི༔ དམ་ཚིག་རྫས་དང་སྦྱར་བའི་སྤོས༔ བསྲེགས་ཅིང་གདུང་བའི་ཤུགས་བསྐྱེད་ལ༔]མཁའ་ཁྱབ་ཞིང་གི་རྒྱལ་བ་རྣམས༔ འཆི་མེད་ཚེ་ལྷའི་རྣམ་པ་རུ༔ མདུན་མཁར་

p. 79

སྤྲིན་བཞིན་གཏིབས་ནས་ཀྱང༔ རྡོ་རྗེའི་བྱིན་ཆེན་འབེབས་པར་[བསམ༔]ཧྲཱིཿ བྱིན་རླབས་དངོས་གྲུབ་འབྱུང་བའི་གནས༔ ངོ་མཚར་བཀོད་པ་མཆོག་གི་ཞིང༔ བསམ་བརྗོད་བྲལ་བའི་དཀྱིལ་འཁོར་ནས༔ འཆི་མེད་མགོན་པོ་བཅོམ་ལྡན་འདས༔ ཚེ་ལྷ་རབ་འབྱམས་རྒྱ་མཚོའི་ཚོགས༔ སྔོན་གྱི་ཐུགས་དམ་དེང་བསྐུལ་ན༔ མ་གཡེལ་དགོངས་པའི་རྩལ་སྤྲུགས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧྲཱིཿ འཆི་མེད་རྒྱལ་བའི་དཀྱིལ་འཁོར་བའི༔ ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ལས༔ བྱིན་རླབས་དངོས་གྲུབ་སྩོལ་བའི་ཚེ༔ འཇའ་ཟེར་འོད་སྐུ་ལམས་སེ་ལམ༔ ཕྱག་རྒྱ་གར་སྟབས་ཤིགས་སེ་ཤིག༔ རིན་ཆེན་རུས་རྒྱན་ཁྲ་ལ་ལ༔ དར་དཔྱང་ཅོད་པན་པུ་རུ་རུ༔ ཧཱུཾ་གི་སྣང་གླུ་ཀྱུ་རུ་རུ༔ གསང་བའི་བརྡ་སྐད་དི་རི་རི༔ རིག་གདངས་དགོངས་ཉམས་ཡ་ལ་ལ༔ སྣོད་བཅུད་བཀྲག་མདངས་མེ་རེ་རེ༔ རྡོ་རྗེའི་བྱིན་ཆེན་ཐིབས་སེ་ཐིབ༔ ཡེ་རྫོགས་འུབ་ཆུབ་བློ་འདས་ཆེ༔ འཕོ་འགྱུར་བྲལ་བའི་རང་བཞིན་ཏུ༔ ད་ལྟ་ཉིད་དུ་བྱིན་ཕོབ་ཅིག༔ ཧྲཱིཿ བླ་མའི་ལྷ་ཚོགས་བྱིན་རླབས་ཐིབས་སེ་ཐིབ༔ ཡི་དམ་ལྷ་ཚོགས་དངོས་གྲུབ་ཤ་ར་ར༔ མ་ཚོགས་མཁའ་འགྲོའི་འདུ་བ་སྤུངས་སེ་སྤུང༔ བཀའ་སྲུང་གཏེར་བདག་གློག་ལྟར་ཁྱུགས་སེ་ཁྱུག༔ རྡོ་རྗེའི་བྱིན་ཆེན་དབབ་

p. 80

པའི་དུས་ལ་བབ༔ དབང་དང་དངོས་གྲུབ་སྩོལ་བའི་དུས་ལ་བབ༔ རྟགས་དང་མཚན་མ་བསྟན་པའི་དུས་ལ་བབ༔ ཚེ་དང་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ ཨོཾ་ཨཱ་ཧཱུཾ༔ བཛྲ་ཨཱཿཡུརྫྙཱ་ན་སརྦ་ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཧཱུཾ་ཧཱུཾ༔ [ཞེས་པའི་འབེབས་སྔགས་དྲག་ཏུ་བརྗོད༔ རིག་པ་ངར་བསྐྱེད་ཧཱུཾ་གླུ་ལེན༔ ཤེས་རིག་ཐུག་ཕྲད་དབྱིངས་སུ་གཟིར༔ སྐབས་སུ་གཏད་མེད་ངང་དུ་གློད༔ ཉམས་སྣང་བཟང་ངན་གང་ཤར་ཀུན༔ རིག་སྟོང་རྗེན་པའི་ངང་བབས་སུ༔ དེར་འཛིན་མེད་པར་ཆམ་མེར་བཞག༔ འཕོ་འགྱུར་བྲལ་བའི་གདིང་ཐིབ་ན༔ རྡོ་རྗེའི་བྱིན་ཆེན་མཆོག་ཏུ་ངེས༔ ས་མ་ཡ༔ སྦྱོར་སྒྲོལ་མཆོད་པའི་ཡོ་བྱད་རྣམས༔ བྱིན་གྱིས་བརླབ་པའི་རིམ་པ་ནི༔] རྃ་ཡྃ་ཁྃ༔ ཏིང་འཛིན་རང་རྩལ་མེ་རླུང་ཆུའི༔ ཟེག་མ་མཁའ་ལ་འབར་བ་ཡིས༔ མ་དག་དངོས་འཛིན་བསྲེག་གཏོར་བཀྲུས༔ སྣང་སྲིད་ཕྱི་ནང་གསང་བ་ཡི༔ འདོད་ཡོན་རིན་ཆེན་ཕུང་པོར་སྤེལ༔ ཀུན་ཁྱབ་ཟག་མེད་མཆོད་པའི་སྤྲིན༔ ཡེ་ཤེས་བདུད་རྩིའི་རང་བཞིན་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ༔ [སོགས་ནས།] ཤཔྡ་པཱུ་ཛ་སརྦ་ས་མ་ཡ་ཨཱཿཧཱུཾ༔ ཨོཾ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་སཱ་ག་ར་ཧཱུཾ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་རཀྟ་ས་མནྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱིཿཋཱ༔ ཨོཾ་མཧཱ་རཏྣ་བ་ལིངྐ་ས་མ་ཡ་ཧཱུཾ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ཏ་ན་ག་ཎ་གུ་ཧྱ་སརྦ་ས་མ་ཡ་དྷརྨ་དྷཱ་ཏུ་པཱུ་ཛ་ཧཱུཾ་ཧྲཱིཿཋཱ༔ [བསམ་གྱི་མི་ཁྱབ་པའི་ཏིང་འཛིན་རྩལ༔ ཀུན་འབྱུང་རིན་ཆེན་ཕུང་པོའི་སྤྲིན༔ ནམ་མཁའ་མཛོད་ཀྱི་རང་བཞིན་

p. 81

སྤེལ༔ རྟེན་འབྲེལ་རྫས་ལ་ནུས་པ་སྔགས༔ ཟབ་མོ་ཐབས་ཀྱི་ཆེ་བ་ཡིས༔ ཚོགས་ཆེན་ངང་གིས་རྫོགས་པར་འགྱུར༔ བླ་མེད་གསང་བའི་ཁྱད་པར་ཆོས༔ དེ་དག་སྦྱོར་བའི་རིམ་པའོ༔ ས་མ་ཡ༔ གཌྚདྨརྙ ཏྭཛྱ་རྷྭ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ བློས་བྱས་རྟོག་པས་མ་བཅིངས་པར༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ འཁོར་འདས་ཆོས་རྣམས་གདོད་མ་ནས༔ ཤིན་ཏུ་རྣམ་པར་དག་པའི་དབྱིངས༔ འགྱུར་མེད་རྡོ་རྗེ་ཚེ་ཡི་དལ༔ མ་བཅོས་རང་གསལ་ཆེན་པོ་རུ༔ ཡིན་ལ་ཡིན་བཞིན་དམ་ཚིག་གི༔ རྟེན་འབྱུང་ཙམ་དུ་བསྐྱེད་པ་ནི༔]ཨ༔ འཁོར་འདས་ཆོས་རྣམས་མི་དམིགས་འོད་གསལ་བ༔ སྟོང་པ་ཆེན་པོ་དེ་བཞིན་ཉིད་ཀྱི་དབྱིངས་༔ མ་རྟོགས་འགྲོ་ལ་བརྩེ་བའི་སྙིང་རྗེའི་གདངས༔ འགགས་མེད་ཀུན་ཏུ་སྣང་བའི་ཆོ་འཕྲུལ་ཆེ༔ མཁའ་ལ་འཇའ་ལྟར་སྐྱེད་བྱེད་རྒྱུའི་ཡི་གེ༔ ཧྲཱིཿདམར་ཆགས་པ་ཆེན་པོའི་འོད་ཟེར་འབར༔ གཟུང་འཛིན་གཉིས་སྣང་བག་ཆགས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ཨེ་ཡྃ་རྃ་བྃ་ལྃ༔ སུྃ་བྷྲཱུཾ་དང་བཅས་རྒྱུ་དབྱིངས་རྩལ་ལས་ཤར༔ ཡོངས་གྱུར་ནམ་མཁའ་རླུང་མེ་ཆུ་སའི་དཀྱིལ༔ འབྱུང་བའི་ཡུམ་ཆེན་ཀུན་ཏུ་རྒྱས་པའི་ཀློང༔ འགྱུར་མེད་རིན་ཆེན་རི་རབ་བརྗིད་པའི་སྟེང༔ ཡེ་ཤེས་རང་སྣང་ཚད་མེད་འབྱམས་ཀླས་པའི༔ བཀོད་པ་ལྷུན་གྲུབ་ཤིན་ཏུ་མཉ་པའི་ཞིང༔ དག་ཅིང་དྲི་མེད་རིན་ཆེན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབ་

p. 82

གདུགས་ཏོག་དང༔ ཆོས་འཁོར་ལ་སོགས་ཚད་དང་མཚན་ཉིད་ཀུན༔ ཡོངས་རྫོགས་ཕྱི་ནང་སྒྲིབ་མེད་ཟང་ཐལ་ལེ༔ འོད་ཟེར་དྲྭ་བས་ཡོངས་སུ་ཁེབས་པའི་དབུས༔ དྭངས་གསལ་དྲི་མེད་པདྨ་འདབ་བརྒྱད་ཀྱི༔ གེ་སར་རབ་ཏུ་རྒྱས་པའི་ལྟེ་བ་ལ༔ ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་བརྡལ་བའི་སྟེང་༔ རྒྱུ་ཡི་ཧྲཱིཿཡིག་སྐར་མདའ་ལྟ་བུར་བབས༔ ཡོངས་གྱུར་བདག་ཉིད་འཆི་མེད་པདྨ་འབྱུང་༔ འཁོར་འདས་ཟིལ་གནོན་དཀྱིལ་འཁོར་གཙོ་བོ་མཆོག༔ ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས༔ རྡུལ་བྲལ་པདྨ་རཱ་གའི་མདངས་འོད་འཚེར༔ ཐིག་ལེ་ཉག་གཅིག་ཀུན་ཏུ་འཁྱིལ་བའི་ཞལ༔ ཞི་འཛུམ་ཡིད་འོང་མཉམ་པའི་ལྟ་སྟངས་ཅན༔ མཐའ་གྲོལ་ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང་༔ འཁོར་འདས་དྭངས་བཅུད་འཆི་མེད་ཡེ་ཤེས་ཀྱི༔ བདུད་རྩིས་ཡོངས་སུ་གང་བའི་ཚེ་བུམ་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་བཞུགས༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་སོགས༔ རྣམ་མང་རྒྱན་གྱི་བྱེ་བྲག་དུ་མས་བརྒྱན༔ སྟོང་པའི་རང་མདངས་ཡུམ་མཆོག་མནྡར༔ བཅུ་དྲུག་ལང་ཚོ་རབ་ཏུ་རྒྱས་པའི་ཉམས༔ ཤིན་ཏུ་ཆགས་པའི་བཞིན་གྱིས་ཡབ་ལ་བལྟ༔ དམར་གསལ་གཅེར་མོ་རུས་རྒྱན་གཟིག་ཤམ་སོགས༔ རྟོག་མེད་རྣལ་འབྱོར་སྤྱོད་མའི་ཆ་ལུགས་ཅན༔ ཕྱག་

p. 83

གཉིས་མདའ་དར་ཚེ་ཡི་བུམ་པ་འཛིན༔ ཡབ་ཡུམ་བདེ་སྟོང་ཟུང་འཇུག་ཆེན་པོར་སྦྱོར༔ མཐའ་ཡས་འོད་ཟེར་འཕྲོ་བའི་ཀློང་ན་གསལ༔ དེ་ཡི་སྤྱི་གཙུག་མཁའ་འགྲོ་འཇའ་སྤྲིན་དབུས༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ འགྲོ་འདུལ་ལོངས་སྐུ་པདྨ་གར་གྱི་དབངྭ༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་བར༔ འཆི་མེད་དངོས་གྲུབ་སྩོལ་བའི་ཚེ་བུམ་འཛིན༔ འོག་མ་གཉིས་ཀྱིས་ཤེལ་ཕྲེང་པད་དཀར་བསྣམས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་གསང་བ་ཡེ་ཤེས་ལི་ཁྲིའི་མདངས༔ ཕྱག་གཉིས་པད་ཕྲེང་ཚེ་བུམ་འཛིན་དང་སྦྱོར༔ རབ་འབྱམས་ཚེ་དབང་མཐར་ཕྱིན་ཚུལ་དུ་གསལ༔ དེ་ཡི་དབུ་གཙུག་འཇའ་ཟེར་པད་ཟླའི་སྟེང༔ རིགས་ཀུན་ཁྱབ་བདག་ཆོས་སྐུ་སྣང་མཐའ་ཡས༔ དམར་གསལ་མཚན་དཔེའི་གཟི་འབར་ཞི་བའི་ཞལ༔ ཕྱག་གཉིས་མཉམ་གཞག་བཻཌྰུའི་ལྷུང་བཟེད་ནང་༔ ཡེ་ཤེས་བདུད་རྩིར་འཁྱིལ་བའི་ཚེ་བུམ་འཛིན༔ པདྨ་དབྱིངས་ཕྱུག་མཐིང་དམར་གཞོན་ནུ་མ༔ ཕྱག་གཉིས་ཅང་ཏེའུ་བྷནྡྷ་འཛིན་པས་འཁྱུད༔ གཉིས་ཀ་རྒྱན་སྤང་འོད་ཕུང་འབར་བའི་ཀློང༔ བདེ་ཆེན་ཚེ་དབང་རྒྱས་པའི་ཚུལ་དུ་བཞུགས༔ ཧྲཱིཿ དཀྱིལ་འཁོར་

p. 84

གཙོ་མཆོག་ཚེ་བདག་ཡབ་ཡུམ་གྱི་༔ ཤར་དུ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ མི་བསྐྱོད་རྡོ་རྗེ་ཚེ་ཡི་བདག་པོ་མཐིང་༔ ལྷོ་རུ་རིག་འཛིན་རཏྣ་ཐོད་ཕྲེང་རྩལ༔ རིན་ཆེན་འབྱུང་ལྡན་ཚེ་ཡི་བདག་པོ་སེར༔ ནུབ་ཏུ་རིག་འཛིན་བུདྡྷ་ཐོད་ཕྲེང་རྩལ༔ སྣང་མཛད་རྡོ་རྗེ་ཚེ་ཡི་བདག་པོ་དཀར༔ བྱང་དུ་རིག་འཛིན་ཀརྨ་ཐོད་ཕྲེང་རྩལ༔ དོན་ཡོད་གྲུབ་པ་ཚེ་ཡི་བདག་པོ་ལྗང་༔ རང་རང་རིགས་ཀྱི་ཡུམ་དང་གཉིས་མེད་སྦྱོར༔ ཡབ་རྣམས་མཉམ་གཞག་ཚེ་ཡི་བུམ་པ་དང་༔ ཡུམ་རྣམས་རང་མདོག་མདའ་དར་བུམ་འཛིན་འཁྱུད༔ ཀུན་ཀྱང་དར་དང་རིན་ཆེན་རྒྱན་ཆ་རྫོགས༔ མཚན་དཔེའི་གཟི་བརྗིད་འོད་འབར་ལམ་མེར་བཞུགས༔ ཡེ་ཤེས་ལྔ་ལྡན་ཚེ་ཡི་འཕྲོ་འདུ་གསལ༔ ཤར་ལྷོར་མི་ཤིགས་ཤེལ་གྱི་རྡོ་རྗེ་དཀར༔ ལྷོ་ནུབ་འགྱུར་མེད་གསེར་གྱི་གཡུང་དྲུང་སེར༔ ནུབ་བྱང་འགྲིབ་མེད་ཉི་ཟླའི་གྭའུ་འབར༔ བྱང་ཤར་མི་ནུབ་གཡུ་ཡི་རྒྱལ་མཚན་ལྗང་༔ བླ་ཚེ་སྲོག་དབུགས་དྭངས་མའི་རྟེན་དུ་གསལ༔ དེ་ཕྱིར་པད་འདབ་དྲུག་གི་ཤར་སོགས་སུ༔ རྡོ་རྗེ་གཟུགས་ཀྱི་ལྷ་མོ་དཀར་གསལ་མདངས༔ སྒེག་པའི་ཉམས་ལྡན་མེ་ལོང་གཙང་མར་བལྟ༔ རྡོ་རྗེ་སྒྲ་ཡི་ལྷ་མོ་སེར་གསལ་མདངས༔ འགྱུར་བའི་ཉམས་ལྡན་སྙན་པའི་པི་ཝཾ་བསྒྱུར༔ རྡོ་རྗེ་དྲི་ཡི་ལྷ་མོ་ལྗང་གསལ་མདངས༔ སིམ་པའི་ཉམས་ལྡན་དྭངས་བསིལ་དྲི་ཞལ་བསྣམས༔

p. 85

རྡོ་རྗེ་རོ་ཡི་ལྷ་མོ་དམར་གསལ་མདངས༔ རྒྱས་པའི་ཉམས་ལྡན་རོ་བརྒྱའི་ཟས་གཞོང་ཐོགས༔ རྡོ་རྗེ་རེག་བྱའི་ལྷ་མོ་སྣ་ཚོགས་མདོག༔ གཡོ་བའི་ཉམས་ལྡན་ལྷ་ཡི་གོས་ཟུང་འཕྱར༔ རྡོ་རྗེ་ཆོས་ཀྱི་ལྷ་མོ་མཐིང་གསལ་མདངས༔ ཞི་བའི་ཉམས་ལྡན་ཆོས་འབྱུང་སྤྱན་མཚན་འཛིན༔ འདོད་ཡོན་སྤྲིན་ཕུང་འཁྲིགས་པའི་ཀློང་དུ་གསལ༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ཀྱི༔ ཤར་ནས་རིམ་བཞིན་བཀྲ་ཤིས་ཚེ་ཡི་བདག༔ སྒེག་སོགས་མཆོད་པའི་ལྷ་མོ་རྣམ་བརྒྱད་ནི༔ དཀའ་སེར་དམར་ལྗང་མཐིང་གའི་མདངས་འོད་འཚེར༔ རྣམ་འགྱུར་མ་ངེས་གར་གྱི་སྟངས་སྟབས་བསྒྱུར༔ གཡས་རྣམས་རང་རང་མཆོད་པའི་སྤྲིན་ཕུང་སྤྲོ༔ གཡོན་རྣམས་དགེ་ལེགས་ཤིས་པའི་རྟགས་བརྒྱད་ཀྱིས༔ མཚན་པའི་བཀྲ་ཤིས་ཚེ་ཡི་བུམ་བཟང་ཐོགས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་ལས་ལ་བརྩོན༔ རིན་ཆེན་རྒྱན་ཕྲེང་དར་གྱི་ཆས་གོས་ཀླུབ༔ འོད་ལྔའི་དྭངས་མ་འཁྲིགས་པའི་དབུས་ན་འགྱིང༔ སྣོད་བཅུད་ཚེ་བསོད་དཔལ་འབྱོར་དབང་དུ་སྡུད༔ དེ་ཕྱིར་སྒོ་བཞིར་ཚེ་འགུགས་མགྱོགས་མ་བཞི༔ ལས་བཞིའི་ཉམས་ཅན་ཕྱག་གཡས་རང་རྟགས་ཀྱི༔ ཕྱག་མཚན་དང་བཅས་ཚེ་ཡི་མདའ་དར་གཡོབ༔ གཡོན་རྣམས་འཆི་མེད་ཚེ་ཡི་བུམ་བཟང་ཐོགས༔ རང་རིག་དཔའ་བོ་ཡབ་དང་མཉམ་པར་སྦྱོར༔

p. 86

ཚེ་བགེགས་བར་ཆད་སྲུང་ཞིང་བཟློག་པར་མཛད༔ སྟེང་འོག་བར་ཁྱམས་ཕྱི་རིམ་ཁོར་ཡུག་ཏུ༔ རིག་འཛིན་བླ་མ་ལྷ་དང་མཁའ་འགྲོའི་ཚོགས༔ འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་བའི༔ རབ་འབྱམས་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ལྷ་ཀླུ་མི་ཡི་རིག་འཛིན་གྲུབ་པ་དང་༔ དྲང་སྲོང་བདེན་ལྡན་ཚེ་ལ་དབང་བའི་ཚོགས༔ དཔག་མེད་ཉི་ཟེར་རྡུལ་འཁྲིགས་ལྟ་བུར་གསལ༔ ཚེ་ཡི་ལས་བྱེད་བར་ཆད་སྲུང་མཛད་པའི༔ བཀའ་སྡོད་ཕོ་ཉ་དམ་ཅན་གཏེར་གྱི་བདག༔ ཐོགས་མེད་རླུང་ལྟར་མྱུར་བའི་མཐུ་སྟོབས་ཅན༔ བསྐལ་པའི་མེ་རླུང་འཚུབས་མའི་ཀློང་དུ་གསལ༔ སྣང་སྲིད་གདོད་ནས་དག་པ་ཆེན་པོའི་ཞིང༔ མ་བཅོས་ལྷུན་གྲུབ་རྡོ་རྗེ་ཚེ་ཡི་ལྷར༔ ཡེ་རྫོགས་འཕོ་འགྱུར་བྲལ་བ་ནམ་མཁའི་སྐུ༔ མ་འགགས་རོལ་པ་ཆེན་པོའི་དབྱིངས་སུ་ཤར༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་ཨཱཿཡུརྫྙཱ་ན་སརྦ་མཎྜལ་ཧྲཱིཿབྷཱུཾ༔ [མི་གཡོ་མཉམ་ཉིད་རང་གསལ་གདབ༔ ལྷ་སྐུའི་སྣང་ཞེན་དབྱིངས་སུ་སྐྱེལ༔ འཛིན་མེད་རིག་གདངས་གཤིས་ལུགས་ཀྱི༔ ཕྱག་རྒྱ་རྡོ་རྗེ་གསུམ་རྒྱས་གདབ༔]དེ་ལྟར་ཡོངས་སུ་གསལ་བ་ཡི༔ ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ༔ རྡོ་རྗེའི་ཡིག་འབྲུ་གསུམ་གྱི་མཚན༔ བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱི༔ གསང་གསུམ་མི་ཤིགས་ཐིག་ལེར་གྱུར༔ ཨོཾ་ཨཱཿཧཱུཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨཱཿཡུརྫྙཱ་ན་ཀཱ་ཡ་ཝཱ་ཀ་

p. 87

ཙིཏྟ་བཛྲ་ས་མ་ཡ་བི་ཤུདྡྷེ་ཨཏྨ་ཀོ྅ཧཾཿ [གཞིར་གནས་ཡེ་ཤེས་ཆེན་པོའི་དབང་༔ ལམ་དབང་དག་པས་གསལ་གདབ་ལ༔]ཐུགས་ཀའི་འོད་ཀྱིས་བསྐུལ་བ་ཡིས༔ ཕུང་པོ་འབྱུང་བ་རྣམ་དག་པའི༔ ཡེ་ཤེས་རིགས་ལྔ་ཡབ་ཡུམ་གྱི༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ དཀྱིལ་འཁོར་བདག་པོར་ལྷུན་རྫོགས་གྱུར༔ ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ [ཡེ་ཤེས་འཁོར་ལོ་སྤྱན་འདྲེན་ནི༔]བདག་ཉིད་དཀྱིལ་འཁོར་བདག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས༔ འོད་ཟེར་ལྕགས་ཀྱུ་དཔག་མེད་འཕྲོས༔ ཞིང་ཁམས་རབ་འབྱམས་མ་ལུས་ཁྱབ༔ བདེ་གཤེགས་སྲས་བཅས་ལ་ཕོག་པས༔ ཐུགས་དམ་ཆེན་པོའི་དབྱིངས་ལས་བཞེངས༔ ཕྱོགས་བཅུའི་རྒྱལ་བའི་ཞིང་རྣམས་དང་༔ ཁྱད་པར་ནུབ་ཕྱོགས་བདེ་བ་ཅན༔ ཨོ་རྒྱན་མཁའ་འགྲོ་འདུ་བའི་གླིང༔ ཟངས་མདོག་དཔལ་གྱི་རི་བོ་སོགས༔ རིག་འཛིན་མཁའ་འགྲོའི་གནས་རྣམས་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་ཉི་ལི་ལི༔ གསུང་གི་སྔགས་སྒྲ་འུ་རུ་རུ༔ ཐུགས་ཀྱི་དགོངས་པ་ཤ་ར་ར༔ རྔ་དུང་གླིང་བུ་དི་རི་རི༔ དར་གདུགས་ཅོད་པན་པུ་རུ་རུ༔ མེ་ཏོག་ཆར་བ་ཀྱི་ལི་ལི༔ དྲི་ཞིམ་བདུག་སྤོས་ཐུ་ལུ་ལུ༔ འོད་དང་འོད་ཟེར་ལམས་སེ་ལམ༔ ཁ་བ་བུ་ཡུག་འཚུབས་པ་བཞིན༔ མངོན་སུམ་

p. 88

ཉེད་དུ་བྱོན་པར་[བསམ༔ མོས་གུས་གདུང་བའི་དབྱངས་ཀྱིས་འབོད༔ རྐང་གླིང་ཐོད་རྔའི་སྒྲ་ཡིས་བསྐུལ༔ འབོད་པའི་རྫས་ལྡན་དྲི་བཟང་བསྲེག༔ ལེ་བརྒན་དར་གྱི་གཡབ་མོས་གཡབ༔]ཧྲཱིཿཧྲཱིཿཡུལ་གྱི་མིང་ནི་ནུབ་ཕྱོགས་བདེ་བ་ཅན༔ དོན་གྱི་འོག་མིན་པདྨ་དྲྭ་བའི་ཞིང༔ ངོ་མཚར་བཀོད་པ་རྒྱ་མཚོ་ཚད་མེད་པ༔ ལྷུན་གྲུབ་ཡེ་ཤེས་རང་འོད་མེར་ཞིང་འཁྲིགས༔ སྣོད་བཅུད་དག་པ་ཆེན་པོའི་རང་བཞིན་ལས༔ མ་དག་འཁྲུལ་པའི་མིང་ཡང་མི་གྲགས་པ༔ སྐུ་གསུམ་རྒྱལ་བའི་ཞིང་མཆོག་དམ་པ་ནས༔ རྩ་གསུམ་ཀུན་འདུས་རིག་འཛིན་ཚེ་ཡི་ལྷ༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་པ༔ མོས་གུས་གདུང་བ་དྲག་པོས་སྤྱན་འདྲེན་ན༔ རྡོ་རྗེའི་ཐུགས་དམ་གཉན་པོ་དེང་དགོངས་ལ༔ ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ ཁྱོད་ནི་ཐོགས་མེད་སྒྱུ་འཕྲུལ་རྒྱ་མཚོའི་སྒོ༔ བསམ་མི་ཁྱབ་པའི་མཐུ་ལ་དབང་འབྱོར་ཕྱིར༔ རྡོ་རྗེའི་མཚན་དཔེ་འབར་བའི་སྐུ་ཡི་གར༔ མངོན་སུམ་དབང་པོའི་ཡུལ་དུ་སྣང་བར་མཛོད༔ ཐོས་པ་ཙམ་གྱིས་རྣམ་གྲོལ་མཆོག་སྟེར་གསུང༔ བདེ་ཆེན་ཟབ་གསང་བརྡ་ཡི་རོལ་མོ་འཁྲོལ༔ ཡེ་ཤེས་རྒྱ་མཚོ་གཏིང་མཐའ་དབུས་མེད་པའི༔ ཐུགས་ཀྱི་དགོངས་པ་ཟབ་མོ་སྙིང་ལ་འཕོས༔ ཡིད་བཞིན་རེ་སྐོང་དགོས་འདོད་འབྱུང་བའི་གཏེར༔ ཚེ་དང་ཡེ་ཤེས་ཡོན་ཏན་རྒྱས་པར་མཛོད༔ རྩོལ་རྟོག་མི་མངའ་འཕྲིན་ལས་རྒྱ་

p. 89

མཚོའི་བདག༔ ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྩོལ༔ མ་གཡེལ་དགོངས་ཤིག་རྡོ་རྗེ་ཚེ་ཡི་ལྷ༔ མི་འདའ་འགྲོ་བའི་དོན་ཕྱིར་ས་མཱ་ཛཿ གནས་མཆོག་འདི་རུ་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་ཆེན་བསྐུར་དུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆད་བསལ་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ༔ འཆི་མེད་འཇའ་ལུས་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨཱཿཡུརྫྙཱ་ན་སརྦ་མཎྜལ་ས་མ་ཡ་ཧྲཱིང་ཧྲཱིང་ཛཿཛཿ [དེ་ལྟར་སྤྱན་དྲངས་རྒྱལ་བའི་ཚོགས༔ གཉིས་མེད་ཡེ་ཤེས་ཚེ་ཡི་ལྷ༔ མ་བཅོས་ཅོག་བཞག་ཆེན་པོ་རུ༔ བརྟན་པར་བྱ་བའི་རིམ་པ་ནི༔]ཨ༔ དམ་ཚིག་སྣང་བ་ཆེན་པོའི་དཀྱིལ་འཁོར་དུ༔ ཡེ་ཤེས་སྟོང་པ་ཆེན་པོར་དག་པའི་ལྷ༔ ཟུང་འཇུག་འདུ་འབྲལ་མེད་པའི་རྡོ་རྗེའི་སྟན༔ མཉམ་ཡངས་བརྟན་པ་ཆེན་པོར་བཞུགས་སུ་གསོལ༔ མཧཱ་ཛྙཱ་ན་བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ༔ ཆོས་དབྱིངས་འོད་གསལ་འདུས་མ་བྱས་པའི་གཤིས༔ རིག་པ་རང་སྣང་ཆེན་པོར་བཞེངས་པའི་ལྷ༔ སྐྱེ་འགགས་འགྱུར་མེད་འགྲོ་བའི་དོན་མཛད་པ༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོཿ [དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ དཔག་མེད་བསོད་ནམས་ལས་གྲུབ་པའི༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་བསྐང་ཕྱིར༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ མཆོད་སྤྲིན་རྒྱ་མཚོ་འབུལ་

p. 90

བ་ནི༔]ཨོཾ༔ སྣོད་བཅུད་གདོད་ནས་རྣམ་དག་པ༔ མཆོད་པའི་ཕུང་པོར་ལྷུན་གྱིས་གྲུབ༔ ཡེ་ཤེས་སྒྱུ་མའི་རོལ་པ་ཆེ༔ སྒེག་བཞད་གླུ་གར་བདུག་སྤོས་དང་༔ མེ་ཏོག་མར་མེ་དྲི་ཆབ་མ༔ ཞལ་ཟས་རོལ་མོ་ལ་སོགས་པ༔ མཆོད་པའི་ཕྱག་རྒྱ་ཆེན་པོའི་སྤྲིན༔ ལོངས་སྤྱོད་མཆོག་གི་འཁོར་ལོ་འདི༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བདེ་བ་ཆེན་པོའི་ཀློང་དུ་བཞེས༔ ཚེ་དང་ཡེ་ཤེས་མཆོག་གྲུབ་པའི༔ འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་གུ་རུ་བཛྲ་ཨཱཿཡུརྫྙཱ་ན་ས་པ་རི་ཝཱ་ར་བཛྲ་ལཱ་སྱ་ཧཱུཾ༔ བཛྲ་མཱ་ལེ་ཏྲཱཾ༔ བཛྲ་གཱིརྟཱི་ཧྲཱིཿ བཛྲ་ནཱིརྟཱི་ཨཱཿ བཛྲ་དྷུ་པེ་ཧཱུཾ༔ བཛྲ་པུཥྤེ་ཏྲཱཾ༔ བཛྲ་ཨཱ་ལོ་ཀེ་ཧྲཱི༔ བཛྲ་གྷནྡྷེ་ཨཱཿ བཛྲ་ནེ་ཝཱི་དྱ་ཧྲཱིཿ བཛྲ་ཤཔྡ་ཧོཿ [འདོད་ཡོན་ནང་མཆོད་འབུལ་བ་ནི༔]ཨོཾ༔ འདོད་པའི་ཡོན་ཏན་བླ་ན་མེད༔ སྦྱིན་པའི་རང་བཞིན་ཡིད་འོང་མ༔ རྡོ་རྗེ་གཟུགས་ཀྱི་ལྷ་མོ་ནི༔ སྒེག་ཅིང་ཆགས་པའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་མེ་ལོང་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་རཱུ་པ་མ་ཧཱ་པཱུ་ཛ་ཧོཿ ཨོཾ༔ འདོད་པའི་ཡོན་ཏན་བླ་ན་མེད༔ ཚུལ་ཁྲིམས་རང་བཞིན་ཡིད་འོང་མ༔ རྡོ་རྗེ་སྒྲ་ཡི་ལྷ་མོ་ནི༔ སྙན་ཅིང་འགྱུར་བའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་སྒྲ་སྙན་སྤྲོ༔

p. 91

རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་ཤཔྡ་མཧཱ་པཱུ་ཛ་ཧོཿ ཨོཾ་འདོད་པའི་ཡོན་ཏན་བླ་ན་མེད༔ བཟོད་པའི་རང་བཞིན་ཡིད་འོང་མ༔ རྡོ་རྗེ་དྲི་ཡི་ལྷ་མོ་ནི༔ སིམ་ཞིང་བདེ་བའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་བདུག་སྤོས་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་གྷནྡྷེ་མཧཱ་པཱུ་ཛ་ཧོ༔ ཨོཾཿ འདོད་པའི་ཡོན་ཏན་བླ་ན་མེད༔ བརྩོན་འགྲུས་རང་བཞིན་ཡིད་འོང་མ༔ རྡོ་རྗེ་རོ་ཡི་ལྷ་མོ་ནི༔ དགྱེས་ཤིང་ཚིམ་པའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་ཞལ་ཟས་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་རཱ་ས་མཧཱ་པཱུ་ཛ་ཧོཿ ཨོཾཿ འདོད་པའི་ཡོན་ཏན་བླ་ན་མེད༔ བསམ་གཏན་རང་བཞིན་ཡིད་འོང་མ༔ རྡོ་རྗེ་རེག་བྱའི་ལྷ་མོ་ནི༔ བཀླུབས་ཤིང་འཕྱར་བའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་ན་བཟའ་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿ

p. 92

ཡུརྫྙཱ་ན་བཛྲ་སྤརྴེ་མཧཱ་པཱུ་ཛ་ཧོཿ ཨོཾ༔ འདོད་པའི་ཡོན་ཏན་བླ་ན་མེད༔ ཤེས་རབ་རང་བཞིན་ཡིད་འོང་མ༔ རྡོ་རྗེ་ཆོས་ཀྱི་ལྷ་མོ་ནི༔ ཞི་ཞིང་དུལ་བའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་ཆོས་འབྱུང་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་དྷརྨ་ཏུ་མཧཱ་པཱུ་ཛ་ཧོཿ[ཁྱད་པར་མཆོད་པའི་བྱེ་བྲག་ནི༔ ཐབས་ཤེས་ཟུང་འཇུག་སྨན་རཀ་གཏོར༔ གཙང་དམེའི་རྟོག་བས་མ་བསླད་པར༔ དག་པ་ཆེན་པོའི་ངང་ནས་འབུལ༔]ཨོཾཿ རང་བྱུང་གདོད་ནས་རྣམ་པར་དག་པའི་དབྱིངས༔ ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་ཆེ༔ བདེ་གཤེགས་རིགས་ལྔ་ཡབ་ཡུམ་སྦྱོར་བའི་བཅུད༔ དཀར་དམར་བྱང་ཆུབ་སེམས་ཀྱི་ཐིག་ལེར་འཁྱིལ༔ ཡེ་ཤེས་ལྔ་ལྡན་པཉྩ་ཨ་མྲྀ་ཏ༔ ཁམས་གསུམ་ཉོན་མོངས་འཇོམས་པའི་སྨན་ཆེན་པོ༔ ཟག་མེད་བདེ་བ་ཆེན་པོའི་དྭངས་མའི་རྩི༔ ལྷ་ཚོགས་དགྱེས་པ་སྐོང་བའི་དམ་ཚིག་རྫས༔ ཉམས་ཆག་དྲི་མ་སྦྱོང་བྱེད་ཡེ་ཤེས་ཆུ༔ མཆོག་ཐུན་དངོས་གྲུབ་སྒྲུབ་པའི་དབྱིག་ཆེན་པོ༔ བླ་མེད་མཆོག་གི་བདུད་རྩི་དམ་པ་འདི༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ མཧཱ་སརྦ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི༔ དཀྱིལ་འཁོར་ལྷ་ཚོགས་མཆོག་ཏུ་དགྱེས་པའི་སྤྲིན༔ འཁོར་འདས་ཀུན་

p. 93

ཁྱབ་དྭངས་མ་བདུད་རྩིར་ཐིམ༔ དེ་ཡི་རླངས་པས་ལྷ་རྣམས་ཆགས་པ་བསྐུལ༔ ཨེ་བྃ་མཉམ་སྦྱོར་འདོད་ཆགས་ཆེན་པོར་ཞུ༔ བདུད་རྩི་ལ་ཐིམ་ཚེ་བཅུད་ཐིག་ལེར་འཁྱིལ༔ གང་ལ་རེག་པས་རྡོ་རྗེའི་ཚེ་གྲུབ་པའི༔ དངོས་གྲུབ་ཆེན་པོའི་རྫས་མཆོག་ཨ་མྲྀ་ཏ༔ མཐེབ་སྲིན་ཉི་ཟླ་འབར་བའི་གྭའུ་ཡིས༔ རྡོ་རྗེ་ལྕེ་ཡི་[དབང་པོར་རབ་སྦྱོར་བས༔ ལུས་གང་འཆི་མེད་རྡོ་རྗེའི་ཚེ་ཐོབ་བསམ༔ འབྲུ་གསུམ་བཟླ་ཞིང་བདུད་རྩི་འཐོར་འཐུང་བྱ༔ སྟེང་འོག་རླུང་གཉིས་ཁ་སྤྱོར་བུམ་པའི་ནང༔ ཡེ་ཤེས་ལྔ་ལྡན་དྭངས་མའི་ཚེ་བཅུད་སྦ༔ སྐྱེ་འཆི་འགྱུར་མེད་དབྱིངས་སུ་རྒྱས་གདབ་པས༔ འཕོ་བྲལ་རྡོ་རྗེའི་ཚེ་ལ་དབང་ཐོབ་འགྱུར༔ ས་མ་ཡ༔]ཨཱཿ སྟོང་གསལ་མཐའ་བྲལ་པདྨ་བྷནྡྷའི་ནང༔ སྣང་སྲིད་བདེ་རོལ་དམར་ཆེན་རཀྟ་འཁྱིལ༔ རྟེན་འབྲེལ་སྒྱུ་མར་འཆར་བའི་རྦ་རླབས་འཕྱོ༔ ཆོས་ཉིད་རང་འོད་ཆགས་པའི་དམར་མདངས་འབར༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ འཆི་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ མཧཱ་རཀྟ་མཎྜལ་ཁ་རཾ་ཁཱཧི༔ ཧཱུྃཿ ཆོས་དབྱིངས་ཀློང་ཡངས་ཁྱབ་བརྡལ་གཏོར་གཞོང་དུ༔ རང་བྱུང་རིག་པ་གཞིར་རྫོགས་གཏོར་ཆེན་བཤམས༔ སྣ་ཚོགས་སྣང་བ་འགགས་མེད་རྒྱན་དང་ལྡན༔ ཟུང་འཇུག་ཀུན་ཁྱབ་འདོད་ཡོན་འོད་ཟེར་འཕྲོ༔ དཔལ་གྱི་གཏོར་མ་ཀུན་འབྱུང་རིན་ཆེན་གཏེར༔ བཅོམ་ལྡན་ཚེ་ཡི་ལྷ་

p. 94

ཚོགས་རྣམས་ལ་འབུལ༔ འཆི་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ མཧཱ་རཏྣ་བ་ལིངྟ་ཁ་རཾ་ཁཱཧི༔ [བདེ་ཆེན་གསང་བའི་མཆོད་པ་ནི༔]ཨཱཿ ཆོས་ཅན་རྟོག་པའི་འཁྲུལ་འཁོར་ཇི་སྙེད་པ༔ ཆོས་ཉིད་མཉམ་པར་སྦྱོར་བའི་མཚན་ལྡན་མ༔ ལྷན་སྐྱེས་ཀུན་ཏུ་བཟང་མོ་གསང་བའི་སྦུབས༔ འཛག་མེད་བདེ་བ་ཆེན་པོའི་རྡོ་རྗེར་སྦྱོར༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ པད་སྟོང་ཡངས་པ་ཆེན་པོའི་ཀློང་དུ་བཞེས༔ འཆི་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ མཧཱ་ཨ་ནུ་རཱ་ག་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཨ་ལ་ལ་ཧོཿ [སྒྲོལ་བའི་མཆོད་པ་འབུལ་བ་ནི༔]ཧཱུཾ༔ མེད་སྣང་འཁྲུལ་པའི་བག་ཆགས་ཉོན་མོངས་ཚོགས༔ གཟུང་འཛིན་རྟོག་པས་བསྐྱེད་པའི་ཚེ་ཡི་བདུད༔ ཡེ་ཤེས་རང་གསལ་ཆེན་པོའི་དབྱིངས་སུ་བསྒྲལ༔ སྐྱེ་འཆིའི་མཚན་མ་ལས་འདས་མཆོད་པ་འདི༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ འཁོར་འདས་རང་གྲོལ་ཆེན་པོར་བཞེས་སུ་གསོལ༔ མཧཱ་ཡོ་གི་ནཱི་སརྦ་རུ་དྲ་ཧ་ལ་ཧ་ལ་ཁ་རཾ་ཁཱ་ཧིཿ[ཤིན་ཏུ་ཟབ་མོ་དེ་ཁོ་ན༔]ཨ༔ མཆོད་བྱ་མཆོད་བྱེད་མཆོད་པའི་ཡུལ༔ ཡེ་ཤེས་ཆོ་འཕྲུལ་སྒྱུ་མའི་རྩལ༔ མི་དམིགས་ཤིན་ཏུ་རྣམ་དག་པ༔ འདི་ནི་མཆོག་གི་མཆོད་པ་ཆེ་ཧོཿ མཧཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཨ༔ [དེ་དག་མཆོད་པའི་རིམ་པའོ༔ འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་འཕྲིན་ལས་རྒྱ་མཚོ་ལ༔ གུས་པའི་

p. 95

ཡིད་ཀྱིས་འདི་ལྟར་བསྟོད༔]ཧྲཱིཿ མི་གཡོ་མཉམ་ཉིད་ཡེ་ཤེས་ཆོས་ཀྱི་དབྱིངས༔ བསམ་བརྗོད་བྲལ་བ་ཀློང་ཡངས་ནམ་མཁའི་དཀྱིལ༔ ཡེ་ཤེས་ལུས་ཅན་སྐྱེ་འཆི་ལས་འདས་པ༔ མཧཱ་གུ་རུ་པདྨ་ཚེ་དཔག་མེད༔ རབ་འབྱམས་དཀྱིལ་འཁོར་ཀུན་གྱི་བདག་ཉིད་མཆོག༔ འགྱུར་མེད་རྡོ་རྗེ་ལྟ་བུའི་སྐུ་ལ་བསྟོད༔ གར་གྱི་དབང་ཕྱུག་གསུང་གི་གསང་བ་འཆང་༔ བརྗོད་པ་ཀུན་སྤངས་འགགས་པ་མེད་པའི་སྒྲས༔ མ་འདྲེས་སོ་སོར་རྟོག་པའི་དོན་སྟོན་པའི༔ ལྷུན་གྲུབ་རྡོ་རྗེ་ལྟ་བུའི་གསུང་ལ་བསྟོད༔ རྣམ་པར་མི་རྟོག་མཐའ་དབུས་བྲལ་བའི་དབྱིངས༔ འོད་གསལ་ཀློང་ཡངས་བུམ་པའི་སྐུ་རུ་འཁྱིལ༔ ཡེ་ཤེས་བསམ་མི་ཁྱབ་པའི་འདུ་འཕྲོ་ཅན༔ འཁྲུལ་མེད་རྡོ་རྗེ་ལྟ་བུའི་ཐུགས་ལ་བསྟོད༔ དྲི་མེད་སྐྱོན་བྲལ་པདྨ་ཉི་ཟླའི་སྟེང་༔ རང་བྱུང་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་སྐུ༔ པདྨ་རཱ་གའི་མདངས་ལྡན་མཚན་དཔེ་རྫོགས༔ ཡེ་ཤེས་རང་འོད་འབར་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་ཟུང་འཇུག་ཏིང་འཛིན་ཕྱག་རྒྱ་ཡིས༔ འཆི་མེད་བདུད་རྩིས་གང་བའི་ཚེ་བུམ་འཛིན༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ཆེན་འབེབས༔ དགོས་འདོད་ཀུན་སྩོལ་ཁྱོད་ལ་ཕྱག་འཚལ་བསྟོད༔ འགྲོ་ལ་རྗེས་སུ་ཆགས་པའི་འཛུམ་ཞལ་མཛེས༔ རང་འོད་ཙནྜ་

p. 96

ལཱི་ཡི་བདེ་བར་རོལ༔ འདོད་ཡོན་མ་སྤངས་དར་དང་རིན་ཆེན་བརྒྱན༔ ལོངས་སྤྱོད་ཡོངས་སུ་རྫོགས་ལ་ཕྱག་འཚལ་བསྟོད༔ ངོ་བོ་ཁྱབ་བརྡལ་འོད་གསལ་ཆོས་ཀྱི་སྐུ༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་རྗེ་གང་འདུལ་དེར་སྟོན་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་ཡིད་བཞིན་ནོར་བུར་བསྟོད༔ ཉི་མ་དང་ནི་འོད་ཟེར་ཇི་བཞིན་ཏུ༔ ཚད་མེད་ཡེ་ཤེས་ལྔ་ཡི་རོལ་པ་ལས༔ ཐོད་ཕྲེང་རྩལ་འཆང་ཚེ་བདག་རིགས་མཆོག་ལྔ༔ སྣང་སྟོང་ཡབ་ཡུམ་མཉམ་པར་སྦྱོར་ལ་བསྟོད༔ ཕ་རོལ་ཕྱིན་པ་དྲུག་གི་རང་བཞིན་ལས༔ མཁའ་ཁྱབ་འདོད་ཡོན་འབར་བའི་མཆོད་སྤྲིན་སྤྲོ་༔ རྡོ་རྗེའི་དབང་པོར་ཟག་མེད་བདེ་སྐྱེད་པའི༔ སྣང་ཡུལ་རྣམ་དག་ལྷ་མོ་དྲུག་ལ་བསྟོད༔ རབ་འབྱམས་ཞིང་ཁམས་རྒྱ་མཚོའི་འབྱོར་པའི་དཔལ༔ རང་བྱུང་མཆོད་པའི་སྤྲིན་ཕུང་མཐའ་ཡས་པས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་ལས་ལ་བརྩོན༔ བཀྲ་ཤིས་མཆོད་པའི་ལྷ་མོ་རྣམས་ལ་བསྟོད༔ རབ་འབྱམས་ཞིང་ཁམས་རྒྱ་མཚོའི་འབྱོར་པའི་དཔལ༔ རང་བྱུང་མཆོད་པའི་སྤྲིན་ཕུང་མཐའ་ཡས་པས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་ལས་ལ་བརྩོན༔ བཀྲ་ཤིས་མཆོད་པའི་ལྷ་མོ་རྣམས་ལ་བསྟོད༔ ཚད་མེད་བཞི་ལྡན་དཀྱིལ་འཁོར་སྒོ་བཞི་སྐྱོང་༔ འཕྲིན་ལས་རྣམ་བཞིས་འཁོར་འདས་ཚེ་བཅུད་སྡུད༔ རྒྱལ་བའི་བཀའ་སྡོད་མགྱོགས་མ་ཡབ་ཡུམ་སོགས༔ ཚེ་ཡི་ལས་བྱེད་ཕོ་ཉ་རྣམས་ལ་བསྟོད༔ གཞན་ཡང་འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ དམ་ཚིག་སྨོན་ལམ་དབང་གིས་མངོན་སྣང་བའི༔

p. 97

བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་སོགས༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བའི་ཚོགས༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ཐམས་ཅད་ལ༔ རྩེ་གཅིག་གུས་པའི་ཡིད་ཀྱིས་བསྟོད་པར་བགྱི༔ དེ་ལྟར་མཆོད་ཅིང་བསྟོད་པའི་བྱིན་རླབས་ཀྱིས༔ འཁོར་འདས་རང་གྲོལ་སྐྱེ་འཆི་ཀ་ནས་དག༔ མི་འགྱུར་མི་ཤིགས་མཁའ་ལྟར་ཁྱབ་པའི་སྐུ༔ བླ་མ་རིག་འཛིན་པདྨ་ཚེ་དཔག་མེད༔ མངོན་གྱུར་ཚེ་དང་སྒྲུབ་པ་མཐར་ཕྱིན་ཤོག༔ བཛྲ་ས་མ་ཡ་ཨ་ལ་ལ་ཧོཿ [དེ་ལྟར་བསྟོད་པའང་སྒྱུ་མ་ཙམ་ཉིད་དེ༔ ཡང་དག་དོན་དུ་བསྟོད་པའི་བྱ་བྱེད་ཡུལ༔ མ་སྐྱེས་མི་འགགས་མི་གནས་ཆོས་ཀྱི་དབྱིངས༔ ལྷུན་རྫོགས་མཉམ་ཉིད་ཆེན་པོའི་ངང་དུ་བསྟོད༔ ས་མ་ཡ༔ ཇི་སྙེད་དཀྱིལ་འཁོར་མ་ལུས་པའི༔ སྲོག་སྙིང་ཛཔྲ་ཀྱི་དགོངས་པ་སྟེ༔ འདི་ལས་འདའ་བར་གྱུར་པ་ལ༔ ལས་དང་དངོས་གྲུབ་འབྱུང་མི་འགྱུར༔ མ་ཡེངས་ཏིང་འཛིན་ལྡན་པ་ཡིས༔ རྩེ་གཅིག་འདི་ལ་གང་བརྩོན་པས༔ མཆོག་ཐུན་དངོས་གྲུབ་བླ་མེད་ཐོབ༔ དེ་ལ་འཇུག་པར་བྱེད་པའི་ཚུལ༔ མན་ངག་རྣམ་པ་བཞི་ཡིས་ཏེ༔ དང་པོ་བྱིན་རླབས་བསྙེན་པ་ནི༔]རིགས་ཀུན་བདག་པོ་ཆོས་ཀྱི་སྐུ༔ སྣང་བ་མཐའ་ཡས་ཐུགས་ཀ་རུ༔ རྡོ་རྗེའི་ལྟེ་བར་ཉི་ཟླའི་སྦུབས༔ ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་འཕྲོས་རྒྱལ་ཀུན་གྱི༔ གསང་གསུམ་བྱིན་རླབས་བདུད་རྩིའི་བཅུད༔ ཡིག་འབྲུ་གསུམ་གྱི་རྣམ་པ་རུ༔ ཆར་བཞིན་བས་ཏེ་

p. 98

མཉམ་བཞག་གི༔ ལྷུང་བཟེད་ནང་ཞུགས་ཕྱིར་ལུད་དེ༔ བདག་ལ་ཐིམ་པས་སྨིན་ཅིང་གྲོལ༔ བྱིན་རླབས་ཚེ་དབང་དངོས་གྲུབ་ཐོབ༔ དཀྱིལ་འཁོར་ཆེན་པོའི་བདག་པོར་[བསམ༔]ཨོཾ་ཨཱ་མི་དྷེ་ཝ་ཧྲཱིཿ [སྲོག་གི་སྙིང་པོ་རྡོ་རྗེའི་སྔགས༔ འབུམ་ཕྲག་བཞི་བཟླས་སྨིན་ཅིང་གྲོལ༔ ཉེ་བར་བསྙེན་པིའ་རིམ་པ་ནི༔]འཕགས་མཆོག་གར་གྱི་དབང་ཕྱུག་གི༔ ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿ སྔགས་ཀྱིས་བསྐོར་ལས་འོད་ཟེར་རྒྱུན༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ གསང་བའི་ལམ་བརྒྱུད་འཁོར་བ་ལས༔ ཡེ་ཤེས་ལྔ་ལྡན་ཟེར་སྤྲིན་འཕྲོས༔ ཁམས་གསུམ་འགྲོ་བའི་གནས་ཡུལ་ཁྱབ༔ སོ་སོའི་ལས་སྣང་སྡུག་བསྔལ་སྦྱངས༔ ཐམས་ཅད་བདེ་བ་ཆེན་པོའི་དབྱིངས༔ འགྱུར་མེད་རྡོ་རྗེའི་སྐུ་རུ་[བསམ༔]ཨོཾ་ཨཱཧྲཱིཿསྭཱཧཱ༔ [འབྲུ་ལྔ་འབུམ་ཕྲག་དྲུག་བཟླས་པས༔ མཁའ་ཁྱབ་བྱིན་རླབས་མངོན་དུ་འགྱུར༔ ཁྱད་པར་སྒྲུབ་པའི་རིམ་པ་ནི༔]ཧྲཱི༔ བདག་ཉིད་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་རུ༔ སྟོང་གསལ་སྒྲིབ་བྲལ་འོད་ཀྱི་གུར་ཁྱིམ་དུ༔ སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བརྡལ་བའི་སྟེང༔ ཐབས་ཤེས་ཉི་ཟླའི་གྭའུ་ཁ་སྦྱོར་ནང༔ དྭངས་མ་ལྔ་ལྡན་ཧྲཱིཿདམར་ཨ་ནྲྀས་མཚན༔ མཐའ་སྐོར་རྡོ་རྗེའི་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས༔ སྣོད་བཅུད་རྒུད་པའི་དྲི་མ་མཐའ་དག་སྦྱངས༔ སྲིད་དང་ཞི་བའི་ཚེ་བཅུད་དྭངས་མ་

p. 99

ཀུན༔ འཆི་མེད་བདུད་རྩིའི་རྣམ་པར་འུབ་ཀྱིས་བསྡུས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་སྲོག་ཡིག་འབྲུ་དང་༔ ཕྱག་གི་བུམ་པའི་ནང་ཞུགས་མེར་ཞིང་འཕྱུར༔ ལུས་གང་བླ་ཚེ་སྲོག་དབུགས་ཉམས་པ་གསོས༔ འཆི་མེད་འཇའ་ལུས་ཡེ་ཤེས་རྡོ་རྗེའི་ཚེ༔ རྟག་བརྟན་འགྱུར་བ་མེད་པའི་དབྱིག་ཐོབ་[བསམ༔]ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཨཱཿཡུརྫྙཱ་ན་སིདྡྷི་ཧཱུཾ་ཧྲཱིཿ ཨོཾ་ཨ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱཧཱ༔ [རྒྱལ་ཀུན་གསུང་གི་རྡོ་རྗེའི་བཅུད༔ གསང་བའི་སྙིང་པོ་རྩ་བའི་སྔགས༔ འབུམ་ཕྲག་བཅུ་གཉིས་བཟླས་པས་འགྲུབ༔ ཁྱབ་བརྡལ་བདེ་ཆེན་རྡོ་རྗེ་རུ༔ སྒྲུབ་ཅིང་ལས་ལ་སྦྱོར་བ་ནི༔]གཙོ་མཆོག་སྟངས་དཔྱལ་རྒྱལ་པོ་ཡི༔ ཐུགས་སྲོག་རྡོ་རྗེའི་སྔགས་ཀྱི་ཟེར༔ རབ་ཏུ་འབར་བའི་ཆོ་འཕྲུལ་གྱིས༔ རིགས་ལྔའི་ཚེ་བདག་ཡབ་ཡུམ་བསྐུལ༔ བཟོད་མེད་བདེ་བ་ཆེན་པོའི་ཉམས༔ འབར་ཞིང་རྡོ་རྗེ་པདྨར་སྦྱོར༔ མི་ཤིགས་ཛཔྲ་ཀྱི་གླུ་དབྱངས་ལྡིར༔ འོད་གསལ་སྙིང་པོའི་དགོངས་ཉམས་འུར༔ སྣང་སྲིད་དག་པ་ལྷ་ཡི་སྐུ༔ སྲོག་རྩོལ་གཞོམ་མེད་རྡོ་རྗེའི་སྔགས༔ དྲན་རྟོག་ཁྱབ་བརྡལ་ཆོས་ཀྱི་དབྱིངས༔ ཡེ་ཤེས་ཆེན་པོའི་འདུ་འཕྲོ་ཡིས༔ ཕྱི་སྣོད་འབྱུང་བ་ལྔ་ཡི་ཁམས༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ༔ གསང་བ་སྐུ་ལྔ་ཡེ་ཤེས་ལྔའི༔ སྙིང་པོ་ཁ་དོག་ལྔ་ལྡན་གྱི༔ ཐིག་ལེ་ཡིག་འབྲུའི་རྣམ་པ་རུ༔

p. 100

མེར་མེར་ཤིག་འུབ་འུབ་འདུས༔ བླ་ཚེ་སྲོག་དབུགས་རྟེན་ལ་ཐིམ༔ ཤ་ཁྲག་དྲོད་དབུགས་སེམས་སྟོབས་འཕེལ༔ བཀྲག་མདངས་གཟི་བརྗིད་སྣུམ་འོད་འབར༔ གདོད་ནས་དག་པ་རྡོ་རྗེའི་ཚེ༔ འཇའ་ལུས་འཕོ་བ་ཆེན་པོའི་སྐུ༔ ལྷུན་གྲུབ་འགྱུར་པ་མེད་པར་[བསམ༔]ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨཱཿཡུརྫྙཱ་ན་ཚེ་བྷྲཱུཾ༔ ཛཿཧཱུྃ་བྃ་ཧོཿ[རིགས་ལྔ་འདུས་པའི་གསང་མཚན་སྔགས༔ རིག་འཛིན་སྲོག་གི་ཐིག་ལེ་འདི༔ འབུམ་ཕྲག་བཞི་བཟླས་དངོས་གྲུབ་ཐོབ༔ རེས་འགའ་སྣང་སྲིད་འཁོར་འདས་ཀུན༔ འོད་ཟེར་ལྔ་ལྡན་ཐིག་ལེར་ཞུ༔ ཐུགས་ཀའི་ཧྲཱིཿལས་ཧྲཱིཿདམར་པོ༔ གྲངས་མེད་ནམ་མཁའ་ཁྱབ་པར་འཕྲོས༔ སྔགས་ཀྱི་རང་སྒྲར་ཀུན་ཏུ་འུར༔ སྐྱེ་འཆིའི་མཚན་མ་མི་དམིགས་པ༔ འོད་གསལ་བདེ་བ་ཆེན་པོའི་ཞིང་༔ རྣམ་དག་ཀློང་ཡངས་རོལ་པར་བལྟ༔ རེས་འགའི་ཧྲཱིཿཡིག་དེ་དག་རྣམས༔ འོད་ལྔའི་ཐིག་ལེ་དང་འདྲེས་ནས༔ འབར་འཕྲིག་རྣམ་པས་ཚུར་འདུས་ཏེ༔ ཐུགས་ཀའི་ཧྲཱི༔ ལ་འུབ་ཀྱིས་འདུས༔ ཁྱབ་བརྡལ་ཆོས་ཀྱི་དབྱིངས་སུ་འཁྱིལ༔ འཕོ་འགྱུར་མཚན་མས་མི་ཕྱེད་པ༔ རིག་སྟོང་རྡོ་རྗེའི་དབྱིངས་སུ་སྦ༔ དེ་དག་ཀུན་ཏུ་ཧྲཱིཿཡི་སྔགས༔ སྙན་འགྱུར་བུང་བའི་སྐད་ལྟ་བུ༔ དབྱངས་ཀྱི་རྟ་ལ་བསྐྱོན་ནས་བཟླ༔ རེས་འགའ་བུམ་ཅན་སྦྱོར་བ་དང་༔ བསྟུན་ཏེ་འགོག་དང་རྡོར་བཟླས་ཀྱིས༔ རླུང་སེམས་འཕོ་མེད་དབུ་མར་བཅིང་༔ རེས་འགའ་ཨ་ཧཾ་འབར་འཛག་གི༔ ཞུ་བདེས་དྲངས་པའི་དགའ་བ་བཞིའི༔ བདེ་སྟོང་ཡེ་ཤེས་མི་འགྱུར་བ༔ མཆོག་གི་རང་བཞིན་ཉམས་སུ་མྱོང༔ འཆི་མེད་རྡོ་རྗེའི་ལང་ཚོ་སྤེལ༔

p. 101

རེས་འགའ་སྐྱེ་འཆིའི་འཛིན་རྟོག་དང་༔ བསྐྱེད་བཟླས་ཏིང་འཛིན་འཕྲོ་འདུ་སོགས༔ མཚན་མའི་ཡིད་ཀྱི་བྱེད་རྩོལ་ཀུན༔ གཞི་གྲོལ་ཁྱབ་བརྡལ་གཉུག་མའི་ངང་༔ མ་བཅོས་རིག་སྟོང་རྗེན་པའི་བབ༔ བློ་འདས་ཆེན་པོའི་དགོངས་པ་བསྐྱང་༔ དེ་ནི་བཟླས་པ་ཀུན་གྱི་མཆོག༔ ས་མ་ཡ༔ དུས་ནི་ཟླ་དྲུག་ལོ་གསུམ་སོགས༔ རྣལ་འབྱོར་ནུས་པའི་དྲོད་དང་སྦྱར༔ རྟགས་ཀྱི་རིམ་པ་མཐའ་ཡས་ཀྱང་༔ དད་བརྩོན་སྙིང་སྟོབས་དང་ལྡན་པའི༔ ལས་འཕྲོ་ཅན་གྱི་གང་ཟག་གིས༔ ཏིང་འཛིན་ཟབ་མོས་རྩེ་གཅིག་ཏུ༔ གཞུང་བཞིན་ཡང་དག་བསྒྲུབ་གྱུར་ན༔ བྲིས་སྐུ་བཞད་དང་གཏོར་རྫས་ཞུ༔ བདུད་རྩི་ཁོལ་ཞིང་ཚེ་མདའ་འཕེལ༔ རྟེན་དང་རྫས་ལས་འོད་དམར་འཕྲོ༔ དྲི་བཟང་ཁྱབ་དང་འཇའ་ཚོན་ཟུག༔ དཀྱིལ་འཁོར་བཀྲག་མདངས་གཟི་བརྗིད་འབར༔ སྒྲུབ་ཁང་བག་དྲོ་བྱིན་འཐིབ་ཅིང་༔ མར་མེ་ཚེ་རིང་མདངས་འཚེར་སོགས༔ མངོན་སུམ་ཉིད་དུ་མཐོང་བར་འགྱུར༔ རྨི་ལམ་ཉི་ཟླ་ཤར་བ་དང༔ མཆོད་རྟེན་དང་ནི་རི་མཐོར་འཛེག༔ ཆུ་ཆེན་བརྒལ་དང་གོས་བཟང་གྱོན༔ རྩི་ཤིང་ནགས་ཚལ་ཆུ་ཀླུང་རྒྱས༔ མེ་ཏོག་དམར་པོའི་ཚལ་དུ་ཕྱིན༔ རྡོ་རྗེ་ནོར་བུ་གཡུ་བཟང་རྙེད༔ རྟ་གླང་སེང་གེ་ཞོན་པ་དང་༔ ས་ཆུ་མེ་རླུང་ཐོགས་པ་དང་༔ མཁའ་ལ་ཐོགས་མེད་འགྲོ་བ་དང་༔ གཞན་གྱིས་ཟས་ནོར་སྟེར་བ་སོགས༔ རྡོ་རྗེའི་ཚེ་མཆོག་གྲུབ་པའི་རྟགས༔ དཔག་ཏུ་མེད་པ་མཐོང་བར་འགྱུར༔ ཁྱད་པར་མཆོག་ཏུ་མི་འགྱུར་བ༔ གཏིང་གསལ་ཀ་དག་རྡོ་རྗེའི་དབྱིངས༔ གཡོ་མེད་དགོངས་པའི་གདིང་ཆེན་པོར༔ འཕོ་འགྱུར་མེད་པའི་བརྟན་པ་ཐོབ༔ གཞན་ཡང་རང་སྣང་དབང་དུ་འདུ༔ འབར་བ་གསུམ་གྱི་དངོས་གྲུབ་ཐོབ༔ གཞན་གྱི་སྣང་བ་

p. 102

ཟིལ་གྱིས་གནོན༔ འདུ་བ་གསུམ་གྱི་འཕྲིན་ལས་རྒྱས༔ དུས་མིན་འཆི་བ་ངེས་པར་བཟློག༔ ཚེ་ཟད་པ་ཡང་རིང་དུ་བསྲིང་༔ ཟག་བཅས་ཕུང་པོའི་སྙིགས་མ་སྦྱངས༔ ཤིན་ཏུ་དྭངས་མའི་བཅུད་དུ་སྨིན༔ འཕོ་བ་ཆེན་པོ་འོད་ཀྱི་ལུས༔ འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད༔ དེ་ཕྱིར་ཕྱི་རབས་སྐལ་ལྡན་རྣམས༔ འདི་ཉིད་ཁོ་ན་ཉམས་སུ་ལོངས༔ རིག་འཛིན་ཚེ་ཡི་སྒྲུབ་པ་འདི༔ ཟབ་མོ་ཀུན་གྱི་བཅུད་ཐིག་ཡིན༔ གཞན་དང་འདྲ་མིན་ཁྱད་པར་ཆེ༔ ཐེ་ཚོམ་གེགས་དབང་མ་ཤོར་བར༔ རང་ཉམས་ལོངས་དང་ངེས་ཤེས་སྐྱེ༔ སྙིགས་མའི་འགྲོ་བ་བསོད་ནམས་དམན༔ ཟབ་མོའི་དངོས་གྲུབ་བར་ཆད་ཆེ༔ གཉིས་འཛིན་འགོང་པོ་ལོག་ལྟ་སྐྱེན༔ སྐལ་ལྡན་རེ་འགའ་མ་གཏོགས་པ༔ སྐལ་བར་ཆུད་པ་ཤིན་ཏུ་དཀའ༔ ཤིན་ཏུ་ཟབ་མོའི་ལམ་འདི་ལ༔ ཞུགས་ཏེ་དངོས་གྲུབ་མ་ཐོབ་ན༔ པདྨ་བདག་གིས་ཕྱི་རབས་བསླུས༔ ཚེ་སྒྲུབ་བྱེ་བ་ཕྲག་བརྒྱ་ཡི༔ སྙིང་པོ་སྲོག་གི་ཐིག་ལེར་བསྡུས༔ རིན་ཆེན་གཏེར་གཅིག་ཁོ་ནའོ༔ ས་མ་ཡ༔ རྒྱ༔ རྒྱ༔ རྒྱ༔ དེ་ལྟར་རྟགས་ཀྱི་རིམ་པ་རྣམས༔ ཚུལ་བཞིན་མཐོང་བའི་རྣལ་འབྱོར་པས༔ དེ་མ་ཐག་ཏུ་དངོས་གྲུབ་བསྐུལ༔] ཨོཾ་ཨཱཿཧཱུཾ་ཧྲཱིཿ བདེ་མཆོག་ཀློང་ཡངས་ཁྱབ་བརྡལ་ནམ་མཁའི་དཀྱིལ༔ མི་འགྱུར་མི་ཤིགས་རྡོ་རྗེའི་རང་བཞིན་ཅན༔ ཡོན་ཏན་མཐའ་ཡས་གཟི་བརྗིད་མཚུངས་མེད་པ༔ མཧཱ་གུ་རུ་པདྨ་ཚེ་དཔག་མེད༔ འཆི་མེད་རྡོ་རྗེའི་ལྷ་ཚོགས་མ་ལུས་རྣམས༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ སྔོན་ཚེ་དུས་ནས་བསྙེན་པའི་ཡི་དམ་ལྷ༔ ད་ལྟ་བདག་དང་སྨོན་ལམ་དམ་ཚིག་འབྲེལ༔ དེ་ཕྱིར་རྩེ་གཅིག་གུས་པས་

p. 103

ཁྱོད་བསྒྲུབས་ཏེ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ་ལགས་ན༔ རྡོ་རྗེ་ནོར་བུའི་དཀྱིལ་ལྟར་དག་པའི་སྐུ༔ མཚན་དཔེའི་འོད་མདངས་བཀྲ་བའི་དཀྱིལ་འཁོར་ནས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་ཏུ་གསོལ༔ བདེ་ཆེན་དབང་ཕྱུག་གྲགས་སྟོང་རྡོ་རྗེའི་གདངས༔ གསུང་དབྱངས་ཡན་ལག་དྲུག་ཅུའི་དཀྱིལ་འཁོར་ནས༔ འགགས་མེད་གསུང་གི་དངོས་གྲུབ་བསྩལ་ཏུ་གསོལ༔ རིག་སྟོང་ཀ་ནས་དག་པ་གཉུག་མའི་བབ་༔ ཡེ་ཤེས་རྒྱ་མཚོ་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་ཏུ་གསོལ༔ མཉམ་ཉིད་མི་གཡོ་རིན་ཆེན་འབྱུང་བའི་དབྱིངས༔ འདོད་རྒུ་ཆར་ལྟར་འབེབས་པའི་དཀྱིལ་འཁོར་ནས༔ ལྷུན་གྲུབ་ཡོན་ཏན་དངོས་གྲུབ་བསྩལ་ཏུ་གསོལ༔ རྩོལ་རྟོག་མི་མངའ་ལས་རབ་རྫོགས་པའི་དཔལ༔ གང་འདུལ་དེར་སྟོན་ཁྱབ་བརྡལ་དཀྱིལ་འཁོར་ནས༔ ཐོགས་མེད་འཕྲིན་ལས་དངོས་གྲུབ་བསྩལ་ཏུ་གསོལ༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་ཏུ་གསོལ༔ བདུད་རྩི་སྨན་གྱི་དངོས་གྲུབ་བསྩལ་ཏུ་གསོལ༔ ནད་མེད་བདེ་བའི་དངོས་གྲུབ་བསྩལ་ཏུ་གསོལ༔ འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་ཏུ་གསོལ༔ རབ་འབྱམས་ལས་ཀྱི་དངོས་གྲུབ་བསྩལ་ཏུ་གསོལ༔ ཁྱད་པར་མཆོག་གི་དངོས་གྲུབ་བསྩལ་ཏུ་གསོལ༔ འཇའ་ལུས་རྡོ་རྗེའི་དངོས་གྲུབ་བསྩལ་ཏུ་གསོལ༔ ཨོཾ་

p. 104

ཨཱཿཧཱུྃཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཨཱཿཡུརྫྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿསྭཱཧཱ༔ [ཞེས་བརྗོད་སྒྲུབ་རྟེན་གནས་ལྔར་གཏུག༔ ཐབས་ཤེས་དམ་ཚིག་ཚེ་ཡི་རྫས༔ འཆི་མེད་དངོས་གྲུབ་འབྱུང་བའི་དབྱིག༔ ཡིད་བཞིན་ནོར་བུར་མོས་ཏེ་རོལ༔ མཐོང་ཚོར་མྱོང་རེག་སྤྱོད་ཡུལ་དུ༔ སུས་ཐོབ་རྡོ་རྗེའི་ཚེ་ལ་དབང་༔ དེ་ཕྱིར་རྟག་ཏུ་བརྩོན་པར་བྱོས༔ ས་མ་ཡ༔ འཆི་མེད་སྲོག་གི་ཐིག་ལེ་ལས༔ ཚེ་འགུགས་པདྨའི་ལྕགས་ཀྱུ་བསྟན༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་བས༔ ཐུན་མཚམས་ཚེ་བཅུད་འགུགས་པའི་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་དམ་བསྐུལ་ཞིང་ཕོ་ཉ་རྣམས༔ ཐོགས་མེད་ལས་ལ་བསྐུལ་བ་ནི༔ མོས་གུས་གདུང་བའི་ཤུགས་བསྐྱེད་ཅིང་༔ མ་ཡེངས་ཏིང་འཛིན་བརྟན་པོའི་ངང་༔ དྲི་ཞིམ་སྤོས་བསྲེག་རོལ་མོ་བསྒྲག༔ མདའ་དར་གཡབ་ཅིང་དབྱངས་སྙན་པོས༔]ཧྲཱིཿཛཿ བདག་མདུན་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་ཀའི་འོད་ཀྱི་ཕྱོགས་བཅུའི་ཞིང་རྣམས་ནས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་མ་ལུས་རྣམས༔ སྤྱན་དྲངས་མདུན་གྱི་ནམ་མཁར་སྤྲིན་ལྟར་འཁྲིགས༔ སྐུ་ཡི་འོད་ཀྱིས་དཀྱིལ་འཁོར་གཙོ་མཆོག་བསྐུལ༔ ཐུགས་སྲོག་སྦྱོར་མཚམས་ཀུན་ནས་འོད་འཕྲོས་པས༔ ཚེ་བདག་རིགས་ལྔའི་རྒྱུད་བསྐུལ་དེ་དག་གི༔ འོད་ཀྱིས་ཚེ་ཡི་ལྷ་མོ་མགྱོགས་མ་དང་༔ སྒོ་མ་ཡབ་ཡུམ་ལ་སོགས་ཕོ་ཉ་རྣམས༔ བསྐུལ་བས་སྔོན་གྱི་ཐུགས་

p. 105

དམ་ལས་བཞེངས་ཏེ༔ དེ་དག་སྐུ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་སྤྲོས་པའི་རྩེར༔ སྦྲུལ་པ་ཡང་སྤྲུལ་ཉི་ཟེར་རྡུལ་འཚུབས་ལྟར༔ དཔག་ཏུ་མེད་པ་ནམ་མཁའ་ཁྱབ་པར་འཕྲོས༔ རང་གི་བླ་ཚེ་སྲོག་དབུགས་ཉམས་པ་དང་༔ གདོན་བགེགས་འབྱུང་པོས་བརྐུས་འཕྲོག་ཡར་བ་དང་༔ འཁོར་འདས་སྣོད་བཅུད་བརྟན་གཡོའི་དྭངས་མའི་ཚེ༔ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བྱིན་རླབས་སྟོབས༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཡི༔ མཐུ་དཔལ་ཡོན་ཏན་འཁོར་ལོས་སྒྱུར་རྒྱལ་གྱི༔ ཚེ་བསོད་སྟོབས་འབྱོར་མངའ་ཐང་ལེགས་ཚོགས་ཀུན༔ འོད་ཟེར་ཐིག་ལེ་སྣུམ་ལ་ལྕི་བ་དང་༔ ཧྲཱིཿནྲྀཿབྷྲཱུྃ་བཀྲག་མདངས་འབར་བ་ཡི༔ རྣམ་པར་འུབ་ཀྱིས་བསྡུས་ནས་བདག་མདུན་གྱི༔ རྟེན་ལ་སིབ་སིབ་ཐིམ་པས་འཁོར་འདས་ཀྱི༔ ཚེ་བཅུད་དྭངས་མ་གཅིག་ཏུ་འཁྱིལ་བ་ཡི༔ འཇའ་ལུས་རྡོ་རྗེའི་ཚེ་མཆོག་ཐོབ་པར་[བསམ༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་བའི་རིམ་པ་ནི༔] ཧྲཱིཿཧྲཱི༔ འགྱུར་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི༔ ཚེ་ལ་དབང་བསྒྱུར་འཇའ་ལུས་དྭངས་མའི་སྐུ༔ དཀྱིལ་འཁོར་གཙོ་མཆོག་པདྨ་ཐོད་ཕྲེང་རྩལ༔ བཅོམ་ལྡན་མགོན་པོ་རིག་འཛིན་ཚེ་དཔག་མེད༔ སྐུ་གསུམ་རྒྱལ་བ་

p. 106

རྒྱ་མཚོ་འདུས་པའི་དཔལ༔ མ་ལུས་འགྲོ་བའི་སྐྱབས་མཆོག་ཡིད་བཞིན་ནོར༔ འཆི་མེད་ཚེ་ཡི་ལྷ་ཚོགས་མ་ལུས་རྣམས༔ སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་མི་མངོན་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་སྟོང་གསུམ་འཇིག་རྟེན་ཁྱབ༔ ཕྱི་སྣོད་འབྱུང་བཞི་ནམ་མཁའ་དྭངས་བཅུད་བསྡུས༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་རྟེན་ལ་བསྟིམས༔ གསུང་གི་སྤྲུལ་པས་ཁམས་གསུམ་མ་ལུས་ཁྱབ༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ་འབྱོར་བསྡུས༔ སྙིང་དབུས་དྭངས་མའི་རྟེན་ལ་གཟི་མདངས་བསྐྱེད༔ ཐུགས་ཀྱི་སྤྲུལ་པས་སྐུ་གསུམ་ཞིང་ཁམས་ཁྱབ༔ རྩ་གསུམ་རྒྱལ་བའི་ཡེ་ཤེས་ཡོན་ཏན་བསྡུས༔ དབྱིངས་རིག་ཟུང་འཇུག་ཆེན་པོའི་ཐིག་ལེར་བསྟིམས༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་གསོས༔ ཕུང་ཁམས་སྐྱེ་མཆེད་རྒུད་པ་རང་སོར་ཆུད༔ རྩ་རླུང་ཐིག་ལེའི་རྒྱུ་འགྲུལ་ཆད་པ་མཐུད༔ ཕྱི་ནང་བར་ཆད་ཚེ་འཕྲང་དབྱིངས་སུ་ཟློག༔ གདོན་བགེགས་འབྱུང་པོས་བརྐུས་འཕྲོག་ཁྱེར་བ་ཁུག༔ བཀྲ་ཤིས་ཚེ་ཡི་བུམ་བའི་ནང་དུ་བསྐྱིལ༔ ཐབས་ཤེས་དམ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ ཡེ་ཤེས་ལྔ་ལྡན་ཚེ་མདར་སྟོབས་ཤུགས་

p. 107

སྤེལ༔ མི་ཤིགས་རྡོ་རྗེ་སྲོག་གི་ཀ་བ་ཚུགས༔ འགྱུར་མེད་གཡུང་དྲུང་བླ་ཡི་རྟེན་མཁར་བརྩེགས༔ མི་ནུབ་རྒྱལ་མཚན་ཚེ་ཡི་བ་དན་སྒྲེངས༔ འགྲིབ་མེད་ཉི་ཟླ་དབུགས་ཀྱི་གའུ་སྦྱོར༔ ཕུང་ལྔའི་དུག་སྦྱོང་འབྱུང་ལྔ་བཅུད་དུ་སྨིན༔ སྐུ་ལྔ་ཡེ་ཤེས་ཡོངས་རྫོགས་བདེ་བ་ཆེ༔ སྐྱེ་འཆི་བསྒྲེས་རྒུད་བྲལ་བ་མངོན་གྱུར་ཏེ༔ ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་ཨཱཿཡུརྫྙཱ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ [རིགས་བཞིའི་ཚེ་བདག་ཡབ་ཡུམ་བསྐུལ་བ་ནི༔]ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་འཁྱིལ་བའི་དཀྱིལ་འཁོར་ནས༔ བཛྲ་ཐོད་ཕྲེང་མི་བསྐྱོད་ཚེ་དཔག་མེད༔ ཡུམ་མཆོག་ཚེ་ཡི་ལྷ་མོ་མཱ་མ་ཀི༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་མེ་ལོང་ཡེ་ཤེས་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་[སོགས་འགྲེས།] ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་ཨཱཿཡུརྫྙ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ ཏྲཱྃཿ ལྷོ་ཕྱོགས་རིན་ཆེན་འཁྱིལ་པའི་དཀྱིལ་འཁོར་ནས༔ རཏྣ་ཐོད་ཕྲེང་རིན་འབྱུང་ཚེ་དཔག་མེད༔ ཡུམ་མཆོག་ཚེ་ཡི་ལྷ་མོ་སངས་རྒྱས་སྤྱན༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་འཁོར་དང་བཅས༔ སྔོན་གྱི་

p. 108

ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་མཉམ་ཉིད་ཡེ་ཤེས་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་སོགས། ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་ཨཱཿཡུརྫྙ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ ཨོཾ༔ ནུབ་ཕྱོགས་པདྨ་འཁྱིལ་པའི་དཀྱིལ་འཁོར་ནས༔ བུདྡྷ་ཐོད་ཕྲེང་སྣང་མཛད་ཚེ་དཔག་མེད༔ ཡུམ་མཆོག་ཚེ་ཡི་ལྷ་མོ་དབྱིངས་ཕྱུག་མ༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་ཆོས་དབྱིངས་ཡེ་ཤེས་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་[སོགས།] ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ཨཱཿཡུརྫྙ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ ཨཱཿ བྱང་ཕྱོགས་རྒྱ་གྲམ་འཁྱིལ་བའི་དཀྱིལ་འཁོར་ནས༔ ཀརྨ་ཐོད་ཕྲེང་དོན་གྲུབ་ཚེ་དཔག་མེད༔ ཡུམ་མཆོག་ཚེ་ཡི་ལྷ་མོ་དམ་ཚིག་སྒྲོལ༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་བྱ་གྲུབ་ཡེ་ཤེས་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་[སོགས།] ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་

p. 109

སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་ཨཱཿཡུརྫྙ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ [འདོད་ཡོན་དྲུག་གི་ལྷ་མོ་བསྐུལ་བ་ནི༔] ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ སེར་སྣ་རྣམ་དག་སྦྱིན་པའི་རང་བཞིན་མ༔ རྡོ་རྗེ་གཟུགས་ཀྱི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ གཟུགས་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་གཟུགས་ཀྱི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ རྒས་མེད་ལང་ཚོ་རྒྱས་པའི་ཚེ་དབང་སྩོལ༔ ཨོཾ་བཛྲ་རཱུ་པ་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ འཆལ་དྲི་རྣམ་དག་ཚུལ་ཁྲིམས་རང་བཞིན་མ༔ རྡོ་རྗེ་སྒྲ་ཡི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ སྒྲ་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་སྒྲ་ཡི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ འགག་མེད་ཚངས་དབྱངས་གསུང་གི་ཚེ་དབང་སྩོལ༔ ཨོཾ་བཛྲ་ཤཔྡ་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་

p. 110

དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ ཁོང་ཁྲོ་རྣམ་དག་བཟོད་པའི་རང་བཞིན་མ༔ རྡོ་རྗེ་དྲི་ཡི་ལྷ་མོ་སྐུ་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ དྲི་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་དྲི་ཡི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ ཚུལ་ཁྲིམས་དྲི་བཟང་ལྡན་པའི་ཚེ་དབང་སྩོལ༔ ཨོཾ་བཛྲ་གྷནྡྷེ་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ ལེ་ལོ་རྣམ་དག་བརྩོན་འགྲུས་རང་བཞིན་མ༔ རྡོ་རྗེ་རོ་ཡི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ རོ་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་རོ་ཡི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ ཏིང་འཛིན་རོ་མཆོག་རྒྱས་པའི་ཚེ་དབང་སྩོལ༔ ཨོཾ་བཛྲ་རཱ་ས་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ རྣམ་གཡེང་རྣམ་དག་བསམ་གཏན་རང་བཞིན་མ༔ རྡོ་རྗེ་རེག་བྱའི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ རེག་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་

p. 111

རེག་བྱའི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ ཟག་མེད་བདེ་ཆེན་རྒྱས་པའི་ཚེ་དབང་སྩོལ༔ ཨོཾ་བཛྲ་སྤརྴེ་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ འཆལ་རྟོག་རྣམ་དག་ཤེས་རབ་རང་བཞིན་མ༔ རྡོ་རྗེ་ཆོས་ཀྱི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ ཆོས་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་ཆོས་ཀྱི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ འཕོ་མེད་ཆོས་དབྱིངས་རྣམ་དག་ཚེ་དབང་སྩོལ༔ ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཨཱཿཡུརྫྙཱ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ [ཞེས་བརྗོད། ཚེ་བཅུད་རྟེན་ལ་དབྱེར་མེད་བསྟིམ༔ སྒེག་སོགས་བཀྲ་ཤིས་མཆོད་པའི་ལྷ་མོ་བརྒྱད༔ རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ་བ་ནི༔]ཧྲཱིཿ དཀྱིལ་འཁོར་ཤར་ཕྱོགས་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་ལཱ་སྱ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་དཔལ་བེའུ་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ དྲི་ཟའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་

p. 112

མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ལྷོ་ཕྱོགས་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་མཱ་ལེ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་གསེར་ཉ་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ གཤིན་རྗེའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ནུབ་ཕྱོགས་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་གཱི་རྟཱི་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་པདྨ་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ ཀླུ་དབང་ལག་ནས་དངོས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་བྱང་ཕྱོགས་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་གཱི་རྟི་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་འཁོར་ལོ་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་

p. 113

ཉམས་པ་རྣམས༔ གནོད་སྦྱིན་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ཤར་ལྷོ་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་པུཥྤེ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་གདུགས་བཟང་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ མེ་ལྷའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ལྷོ་ནུབ་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་དྷུ་པེ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་དུང་དཀར་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ སྲིན་པོའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ནུབ་བྱང་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་ཨཱ་ལོ་ཀེ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་

p. 114

བུམ་བཟང་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ རླུང་ལྷའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་བྱང་ཤར་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་གྷནྡྷེ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་རྒྱལ་མཚན་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ དབང་ལྡན་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ བཀྲ་ཤིས་ཚེ་ཡི་མགྱོགས་མ་རྣམ་བརྒྱད་ཀྱི༔ ཡང་སྤྲུལ་ཕོ་ཉ་ནམ་མཁའི་མཐར་ཁྱབ་པ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ ཕྱག་མཚན་འོད་ཟེར་འབར་བའི་ལྕགས་ཀྱུ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ ཚངས་པ་ཉི་ཟླས་བདག་ལ་སོགས་པའི༔ གདོན་ཚོགས་ལ་གནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་

p. 115

ཅིག་ཏིཥྛ་བྷྲཱུྃ༔ ཤྲའི་མངྒ་ལ་ཨཱཿཡུ་བིནྡྷཱུ་པུཎྱེ་རཏྣ་སརྦ་སིདྡྷི་བསྡུས་བསྡུས་ནྲྀ་བྷྲཱུྃ་ཧྲཱིཿཛཿ རཀྵ་རཀྵ་ཏིཥྛ་བྷྲཱུྃ་ཧཱུྃ༔ [ཚེ་བཅུད་དབང་དུ་བསྡུ་ཞིང་བརྟན་པའི་སྔགས༔ མང་དུ་བཟླ་ཞིང་སྒོ་སྲུང་ཡབ་ཡུམ་རྣམས༔ གནད་ནས་བསྐུལ་བའི་རིམ་པ་འདི་ལྟ་སྟེ༔ ཛཿ]དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་ནས༔ རྣམ་ཐར་སྒོ་བཞི་སྐྱོང་མཛད་པ༔ ཚད་མེད་བཞི་ཡི་ངོ་བོ་ཉིད༔ སྒོ་མ་ཡབ་ཡུམ་སྐུ་བཞེངས་ཤིག༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུའི་འཕྲོ་འདུ་ཡིས༔ གླིང་བཞིའི་ཚེ་དཔལ་མངའ་ཐང་བསྡུས༔ བླ་ཚེ་སྲོག་དབུགས་རྟེན་ལ་བསྟིམས༔ བདུད་བཞིའི་ལ་གནས་ཚེ་ཁུག་ལ༔ སྐུ་བཞིའི་དབྱིངས་སུ་རྒྱས་ཐོབ་ཅིག༔ སྲོག་ལུས་དབང་ཐང་རླུང་རྟ་སྤེལ༔ རྡོ་རྗེའི་ཚེ་དབང་བརྟན་པར་མཛོད༔ ཛཿཧཱུྃ་བྃ་ཧོཿ བཛྲ་ཨཱཿཡུཿཥེ་སིདྡྷི་ཛཿཛཿ ཧྲཱིཿ གཞན་ཡང་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་འདིར༔ སྨོན་ལམ་རྫུ་འཕྲུལ་མཐུ་ཡིས་འཁོད་པ་ཡི༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔ དམ་ཅན་གཏེར་བདག་རིག་འཛིན་གྲུབ་པའི་ཚོགས༔ རྡོ་རྗེའི་ཚེ་ལ་དབང་བའི་ལྷ་ཚོགས་རྣམས༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྡུས་ཤིག་བརྟན་གཡོའི་དྭངས་བཅུད་དབང་དུ་བསྡུས༔ སྟིམས་ཤིག་རྡོ་རྗེ་ཕུང་པོའི་ཀློང་དུ་བསྟིམས༔ ཉི་ཟླ་དཔལ་ལྟར་གསལ་བའི་ཚེ་ཁུག་ཅིག༔ རྒྱ་མཚོའི་

p. 116

གཏིང་བཞིན་ཟབ་པའི་ཚེ་ཁུག་ཅིག༔ རྡོ་རྗེའི་ཆོས་ལྟར་བརྟན་པའི་ཚེ་ཁུག་ཅིག༔ ནམ་མཁའི་ཁམས་ལྟར་ཁྱབ་པའི་ཚེ་ཁུག་ཅིག༔ ཆུ་བོའི་རྒྱུན་ལྟར་རིང་བའི་ཚེ་ཁུག་ཅིག༔ ལྷུན་པོའི་སྤོ་ལྟར་བརྗིད་པའི་ཚེ་ཁུག་ཅིག༔ སྐྱེ་འཆི་བསྒྲེས་རྒུད་བྲལ་བའི་ཚེ་ཁུག་ཅིག༔ ལྷུན་གྲུབ་འགྱུར་བ་མེད་པའི་ཚེ་ཁུག་ཅིག༔ འཇའ་ལུས་འཕོ་བ་ཆེན་པོའི་ཚེ་ཁུག་ཅིག༔ དོན་གཉིས་མཐའ་རུ་ཕྱིན་པའི་ཚེ་ཁུག་ཅིག༔ དཀྱིལ་འཁོར་འདི་ལ་བཀྲག་མདངས་གཟི་བརྗིད་སྤེལ༔ སྒྲུབ་པའི་རྫས་ལ་ཚེ་བཅུད་ཞག་ཏུ་བསྐྱིལ༔ རྣལ་འབྱོར་བདག་ལ་འཆི་མེད་ཚེ་དབང་སྩོལ༔ ཚེ་ཁུག་བྱིན་ཕོབ་རྟགས་དང་མཚན་མ་སྟོན༔ སརྦ་མཎྜལ་ཨཱཿཡཿསུདྡྷི་བཛྲ་ས་མ་ཡ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ བིནྡྷཱུ་བྷྲཱུྃ༔ ནྲྀ་བྷྲཱུྃ༔ ཨཱ་བྷྲཱུྃ༔ ཧྲཱིཿབྷྲཱུྃ༔ ཛཿཧཱུྃ་བྃ་ཧོཿ[དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ དམིགས་པའི་འཕྲོ་འདུ་རྩེ་གཅིག་པས༔ ཚེ་བཅུད་དྭངས་མ་ཁས་ལེན་རྡོས༔ ལྕགས་ཕྱེ་བསྡུས་པ་ཇི་བཞིན་དུ༔ སྙིང་དབུས་བླ་ཚེ་སྲོག་དབུགས་ཀྱི༔ རྟེན་ལ་འུབ་ཀྱིས་འདུས་པར་བསྒོམ༔ བུམ་ཅན་སྦྱོར་བའི་རླུང་ཤུགས་ཀྱིས༔ ཐབས་ཤེས་ཉི་ཟླའི་གའུ་བསྡམས༔ དེ་ལས་དཀར་དམར་ཟེར་འཕྲོས་པ༔ སྣ་ཚོགས་རྡོ་རྗེ་ལ་ཕོག་པས༔ པདྨའི་འདབ་མ་ཟུམ་པ་ལྟར༔ རྭ་རྣམས་སྟེང་དུ་མདུད་པ་ཡིས༔ ཉི་ཟླ་ཞུ་ལུབ་གཡོགས་པར་བསམ༔ དེ་ཕྱིར་བོད་ལྔའི་དྭངས་མ་ཡིས༔ བར་མཚམས་མེད་པར་བཀླུབས་པའི་སྟེང་༔ པདྨ་རཱ་ག་ལས་གྲུབ་པའི་༔ རྡོ་རྗེ་རཱ་གདེངས་རྩེ་ལྔ་པ༔

p. 117

མེ་ཡི་ཚྭ་ཚྭ་འཕྲོ་བ་ནི༔ ཚོན་གང་འབར་བས་རྒྱས་བཏབ་པས༔ འཕོ་འགྱུར་མཚན་མས་མི་ཤིགས་པ༔ རྡོ་རྗེའི་ཆོས་སུ་བརྟན་པར་བསམ༔]ཨ༔ མཁའ་ཁྱབ་ཡེ་ཤེས་ཆེན་པོའི་འོད་ཟེར་སྤྲིན༔ སྤྲོས་པས་འཁོར་འདས་ཀུན་ཁྱབ་ཚེ་ཡི་བཅུད༔ དྭངས་མ་མི་ཤིགས་འཁྱིལ་བའི་ཐིག་ལེར་བསྡུས༔ ཟུང་འཇུག་འདུ་འབྲལ་མེད་པའི་དབྱིངས་སུ་བསྟིམས༔ འོད་གསལ་ཀློང་ཡངས་ཆེན་པོར་རྒྱས་བཏབ་པས༔ གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཐོབ་ཤོག༔ དྷརྨ་དྷཱ་ཏུ་མུ་ཛྙཱན་བཛྲ་ཏིཥྛ་རཀྵ་རཀྵ་ཧཾཿ [ཞེས་བརྗོད་སྣ་ཚོགས་སྣང་བའི་ཆོས༔ གང་སྣང་བདེན་ཞེན་འཛིན་བྲལ་བ༔ རེ་དོགས་སྐྱོན་གྱིས་མ་བསླད་པར༔ ཡེ་གྲོལ་ཕྱམ་བརྡལ་ངང་དུ་ཀློད༔ འདུ་འབྲལ་མེད་པའི་གདེང་ཐོབ་ན༔ ཚེ་བཅུད་འགྱུར་མེད་ཕྱག་རྒྱས་ཐེབས༔ འཆི་མེད་རྡོ་རྗེའི་གོ་འཕང་འགྲུབ༔ འཁོར་འདས་ཚེ་ལ་དབང་བསྒྱུར་བའི༔ ཐབས་ཚུལ་བླ་ན་མེད་པའོ༔ ས་མ་ཡ༔ [繁体字]གསུམ་བརྗེས་ཀྱི་རིམ་པ་ནི༔ བསོད་ནམས་ཐབས་ཆེན་ཟབ་མོ་ཡིས༔ ཤེས་རབ་ཡེ་ཤེས་ཚེ་སྤེལ་བའི༔ ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་༔ དམ་ཚིག་རྫས་ཀྱི་བྱེ་བྲག་ནི༔ བཟའ་བཅའ་བཏུང་བར་འོས་པའི་རིགས༔ དག་ཅིང་དྲི་མེད་ཡིད་འོང་བ༔ གང་དག་ཇི་སྙེད་ཚོགས་པ་ཀུན༔ འདུ་བྱས་རྣལ་འབྱོར་ལྡན་པས་འཁོར༔] རྃ་ཡྃ་ཁྃ༔ བདག་ཉིད་དབང་ཆེན་ཧེ་རུ་ཀ༔ རྡོ་རྗེ་འབར་བའི་ཏིང་འཛིན་གྱི༔ ཐུགས་ལས་ཡེ༵་ཤེས་མེ་རླུང་ཆུའི༔ [ཚིག་རྐང་ཕྱེད་དང་འབྲུ་གཉིས་པོ་འདི་ཤོག་སེར་ལ་མེད་ཀྱང་བརྡ་འགྲོལ་སྐབས་ཀྱི་འཁྲུལ་སྣང་ལས་བྱུང་བཞིན་བཀོད་པའོ། །]ཡི་གེ༵་རྃ་ཡྃ་ཁྃ་

p. 118

གསུམ་འཕྲོས༔ འབར་ཞིང་འཁྲུགས་པའི་འོད་ཟེར་གྱིས༔ ཚོགས་སུ་འཛིན་པའི་རྟོག་ཚོགས་ཀུན༔ བསྲེག་གཏོར་བཀྲུས་ནས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་རླུང་མེ་དང་༔ ཐོད་པའི་སྒྱེད་བུ་ལ་གནས་པའི༔ ཕྱི་སྣོད་ཚོགས་གཞོང་བྷནྡྷ་ནི༔ རབ་ཏུ་ཡངས་ཤིང་རྒྱ་ཆེའི་ནང་༔ ནང་བཅུད་ཚོགས་རྫས་འདོད་ཡོན་ལྔའི༔ འོད་ཟེར་སྤྲིན་ཕུང་འཁྲིགས་པའི་གཏེར༔ ལོངས་སྤྱོད་ནམ་མཁའི་མཛོད་ཆེན་པོ༔ སྣང་སྲིད་ཡེ་ཤེས་རོལ་པའི་རྒྱན༔ འཆི་མེད་བདུད་རྩིའི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་[དང་]ཧ་ཧོ་ཧྲཱིཿ[ས༔ ཡེ་ཤེས་བདུད་རྩིའི་ཕུང་པོར་སྤེལ༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་ནི༔]ཧྲཱིཿ ངོ་བོ་ཀ་དག་འོད་གསལ་འདུས་མ་བྱས༔ ཀུན་ཁྱབ་བསམ་བརྗོད་བྲལ་པའི་ཞིང་ཁམས་ནས༔ རང་མདངས་མ་འདྲེས་ཆོས་སྐུ་འོད་མི་འགྱུར༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ རང་བཞིན་ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ ཡེ་ཤེས་སྣང་བ་གོང་འཕེལ་ཞིང་ཁམས་ནས༔ རིགས་ལྔ་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ལྷ༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཐུགས་རྗེ་འགགས་མེད་ཅིར་ཡང་འཆར་བའི་སྤྲིན༔ གང་འདུལ་དེར་སྟོན་རོལ་པའི་ཞིང་ཁམས་ནས༔ འཆི་མེད་རིགས་འཛིན་སྤྲུལ་སྐུ་པདྨ་འབྱུང་༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཕྱོགས་

p. 119

བཅུ་མུ་མེད་མཐའ་ཡས་རྒྱལ་བའི་ཞིང་༔ སྣང་སྲིད་དག་པར་རབ་འབྱམས་དཀྱིལ་འཁོར་ནས༔ རྩ་གསུམ་ཚེ་ལྷ་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ གཞན་ཡང་རྡོ་རྗེའི་ཚེ་དང་ཡེ་ཤེས་ལ༔ དབང་བའི་ལྷ་དང་དྲང་སྲོང་རིག་པ་འཛིན༔ བཀའ་སྲུང་གཏེར་བདག་ཕོ་ཉ་ལས་མཁན་སོགས༔ མ་ལུས་འཁོར་དང་བཅས་པའི་ཚོགས་ཐམས་ཅད༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཉམས་དགའ་ཚེ་ཡི་ཕོ་བྲང་བཀྲག་མདངས་འབར༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་རོ་བཅུད་ཆེ༔ རིག་འཛིན་འདུས་པའི་ཚོམ་བུ་དམ་ཚིག་གཙང་༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུལུ༔ སྣང་གསལ་མར་མེའི་གཟི་མདངས་ཏ་ལ་ལ༔ རབ་མཛེས་མེ་ཏོག་ཕྲེང་བ་སྤུངས་སེ་སྤུང་༔ ཡིད་འོང་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རྡོ་རྗེ་ཚོགས་ཀྱི་འཁོར་ལོའི་འདུ་བ་རུ༔ བཟའ་དང་བཅའ་བའི་རྣལ་འབྱོར་དག་པའི་ཕྱིར༔ སྦྱོར་དང་སྒྲོལ་བའི་བརྟུལ་བཞུགས་ཆེན་པོའི་གར༔ རྡོ་རྗེའི་གླུ་དང་བཅས་ཏེ་གཤེགས་སུ་གསོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་མཧཱ་ག་ཎ་ཙཀྲ་ས་མ་ཡ་ཨེ་ཨ་རྀ་ལླྀ་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཛཿ [འཆི་མེད་རྒྱལ་བའི་དཀྱིལ་འཁོར་པ༔ ནམ་མཁའ་གང་བར་སྤྱན་དྲངས་ཏེ༔ ཐུན་མོང་ཕྱི་མཆོད་སྔོན་འགྲོ་བས༔ དང་པོ་ཚོགས་ཀྱི་མཆོད་པ་སྟོབ༔ ཨ་མྲྀ་ཏ་ཡི་རྒྱུན་སྤྲེང་ཞིང་༔]

p. 120

ཨོཾ་ཨཱཿཧཱུཾཿ སྐུ་གསུམ་བླ་མ་རིག་འཛིན་ཚེ་དཔག་མེད༔ མཁའ་ཁྱབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་པར༔ རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལོངས་སྤྱོད་རྒྱ་མཚོའི་སྤྲིན་སྤྲོ་བའི༔ སོ་སོའི་ལྷ་མོ་སྒེག་བའི་གླུ་གར་བཅས༔ འཆི་མེད་བདུད་རྩིར་འཁྱིལ་བའི་དགྱེས་མཆོད་འབུལ༔ འཇའ་ལུས་རྡོ་རྗེའི་ཚེ་དང་ཡེ་ཤེས་སྩོལ༔ མཧཱ་ཨ་མྲྀ་ཏ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི༔ [བར་པས་ཉམས་ཆག་བཤགས་པ་ནི༔]ཨཱཿ ཚེ་རབས་བསྐལ་པ་སྔོན་ནས་ད་ཡི་བར༔ མ་རིག་སྒྲིབ་པའི་སྒོ་གསུམ་ལས་དབང་གིས༔ ཐུན་མོང་ཁྱད་པར་ལྷག་པའི་དམ་ཚིག་དང་༔ འགལ་ཞིང་ནོངས་པར་གྱུར་པ་ཅི་མཆིས་པ༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་སྤྱན་སྔ་རུ༔ འགྱོད་པས་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ སྒྲིབ་བྲལ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ [ཚུལ་བཞིའི་མན་ངག་དང་ལྡན་པའི༔ རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ༔ ཐ་མ་བསྒྲལ་བའི་རིམ་པ་ནི༔]པདྨ་མཧཱ་ཀྲོ་དྷ་ཤྲཱི་ཀོ྅་ཧཾ༔ བདག་ཉིད་དཔལ་ཆེན་རྟ་མཆོག་རྒྱལ༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ༔ ཁྲོ་གཏུམ་རབ་འབར་འཇིགས་པའི་སྐུ༔ ཁམས་གསུམ་ཟ་བྱེད་ཆེན་པོ་རུ༔ གསལ་བའི་མདུན་དུ་སྣང་སྲིད་ཀུན༔ དྲག་པོ་ཨེ་ཡི་བཙོན་ཁང་ནི༔ གཏིང་ཟབ་ཁྲག་མཚོ་མུན་པའི་ཀློང་༔ མེ་རླུང་ཐོག་སེར་མཚོན་ཆ་དང་༔ ལས་

p. 121

བྱེད་ཕོ་ཉ་འཁྲུགས་པའི་ནང་༔ ནྲྀ་དང་ཏྀ་ལས་ཉམས་པའི་གཟུགས༔ ཚེ་བདུད་བླ་གཤེད་སྲོག་གི་བདག༔ སྐྱབས་བྲལ་ངུ་འདར་ཕྲི་ལེ་བ༔ རིད་ཅིང་སྐེམ་པའི་རྣམ་པར་གསལ༔ དགྲ་བགེགས་འདུས་པའི་ཕུང་པོར་གྱུར༔ [བདེན་པའི་སྟོབས་ཀྱིས་འགུགས་པ་ནི༔]ན་མོཿ སྐུ་གསུམ་རིག་འཛིན་བླ་མ་དང་༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་དང་༔ རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི༔ བདེན་པ་ཆེན་པོའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་དབྱིངས༔ རྟེན་འབྲེལ་བསླུ་བ་མེད་པའི་སྟོབས༔ ལྷ་སྔགས་ཏིང་འཛིན་ཟབ་མོའི་མཐུས༔ འཆི་མེད་བྱང་ཆུབ་སྒྲུབ་པ་ལ༔ བར་དུ་གཅོད་པའི་དགྲ་དང་བགེགས༔ རང་དབང་མེད་པར་འདིར་ཁུག་ཅིག༔ རྣམ་ཤེས་རྟེན་དང་དབྱེར་མེད་གྱུར༔ ཧུ་ལུ་ཧུ་ལུ་ནྲི་ཏྲི་བཛྲ་ཛཿཧཱུྃ་བྃ་ཧོཿ [བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ འགུགས་བྱེད་ཕོ་ཉ་གྲངས་མེད་སྤྲོས༔ ཚེ་བདུད་འབྱུང་པོ་སྡེ་དཔུང་བཅས༔ གུམ་གུམ་ཆུམ་ཆུམ་ཀུག་པར་བསམ༔] ཧྲཱིཿཛཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ འགུགས་བྱེད་ཆེན་མོ་ལྕགས་ཀྱུ་དཀར་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ ཧྲཱིཿཧཱུྃ༔ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔

p. 122

འཆིངས་བྱེད་ཆེན་མོ་ཞགས་པ་སེར་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ མགུལ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཧྲཱིཿབྃཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ སྡོམ་བྱེད་ཆེན་མོ་ལྕགས་སྒྲོག་དམར་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བྃ༔ ཧྲཱིཿཧོཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ མྱོས་བྱེད་ཆེན་མོ་དྲིལ་བུ་ལྗང་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ མྱོས་སུ་ཆུགས་ཤིག་བཛྲ་གནྜེ་ཧོཿ ཧྲཱི་ཕཊ༔ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ དབྱེ་བྱེད་ཁྭ་ཁྭ་ཨུ་ལུ་མུ་ཁ་མ༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་འདི༔ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ༔ ཧྲཱི༔ ཛཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ འབེབས་བྱེད་ཆེན་མོ་རྡོ་རྗེ་འབེབས་པ་མོ༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ གཟུགས་ཕུང་རྟེན་ལ་ཕོབ་ཅིག་ཨཱ་བེ་ཤ༔ པདྨ་མཧཱ་ཀྲོདྷ་བཛྲ་ཨདྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃཿ བཛྲ་སྥོ་ཊ་བྃ༔ བཛྲ་གནྜེ་ཧོཿ དེ་བ་ཤག་ཕྱེས༔ ནྲྀ་ཏྲི་གརྦྷ་ཨཱ་བེ་ཤ་ཡ་ཨཿཧཱུྃ་ཕཊ༔ [ཅེས་བརྗོད་འགུགས་འཆིངས་

p. 123

སྡོམ་མྱོས་བྱ༔ དབྱེ་འབེབས་ལྡོག་མེད་རྒྱས་བཏབ་ནས༔ བརྟེན་པ་དབྱིངས་སུ་སྤར་བ་དང་༔ རྟེན་གཞིའི་ཕུང་པོ་སྒྲོལ་བ་ནི༔ དཔལ་གྱི་སྙེམས་པས་ཕུར་བུབ་སྒྲིལ༔ རྡོ་རྗེའི་རྟ་སྐད་རྔམས་པའི་སྒྲས༔]ཧྲཱིཿཧྲཱིཿ ཧྲཱིཿ རང་བྱུང་ལྷུན་གྲུབ་ཆོས་ཀྱི་དབྱིངས༔ དབང་ཆེན་རོལ་པའི་དུར་ཁྲོད་དུ༔ ཤིན་ཏུ་རྔམས་པའི་སྐུར་བཞེངས་པ༔ དབང་དྲག་འབར་བའི་འཕྲིན་ལས་མཛོད༔ ཧྲཱི༔ ང་ནི་པདྨ་དབང་གི་སྐུ༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཚེ༔ ཚེ་བདུད་འབྱུང་པོ་ཀུན་གྱི་གཤེད༔ ཁམས་གསུམ་གདུག་པ་འདུལ་བའི་དགྲ༔ མ་ལུས་ཀུན་གྱི་བགེགས་ཆེན་པོ༔ སྲིད་པ་གསུམ་ཡང་ཟས་སུ་ཟ༔ རྡོ་རྗེའི་རྟ་སྐད་འབྲུག་ལྟར་ལྡིར༔ ཕོ་ཉ་ལས་བྱེད་གློག་ལྟར་འཁྱུག༔ ཁྲོ་ཆུང་མཚོན་ཆ་སེར་ལྟར་འབེབས༔ གཏུམ་རྔམས་གཟི་བརྗིད་མེ་ལྟར་འབར༔ ལག་གཉིས་ཁྲག་འཐུང་ཡབ་ཡུམ་བཅུ༔ སྦྱོར་བའི་བྱང་སེམས་ཧཱུྃ་གི་སྤྲིན༔ པདྨ་ཀཱི་ལ་འབར་བའི་དཔལ༔ ལས་བྱུང་འོད་ཀྱིས་རྣམ་སྨིན་སྦྱངས༔ བདེ་བ་ཆེན་པོའི་ངང་དུ་བརྒྱལ༔ སྥ་ར་ན་ཕཊཿ ཚེ་བསོད་དྭངས་མ་ནྲྀ་ལྗང་གུ༔ བདག་ཐིམ་འཆི་མེད་ནུས་སྟོབས་འབར༔ ནྲྀཿསཾ་ཧ་ར་ཎ་ཧཱུྃ༔ རྣམ་ཤེས་སོར་རྟོག་ཡེ་ཤེས་དབྱིངས༔ ཆགས་པ་ཆེན་པོའི་ཀློང་དུ་ཨཿ དུག་གསུམ་ལས་ཉོན་བག་ཆགས་ཀུན༔ མཉམ་པ་ཉིད་ཀྱི་མཁའ་རུ་སྦྱོར༔

p. 124

གཟུགས་ཕུང་བསྒྲལ་བའི་ཤ་རུས་ཁྲག༔ འབར་བ་ཆེན་པོའི་ཞལ་དུ་བསྟབ༔ སྐྱེ་འཆིའི་འཕོ་འགྱུར་རྡུལ་དུ་རློག༔ པདྨ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱ་ན་མཱ་ར་ཡ་ཙིཏྟ་ཐུཾ་རིལ་རྦད་སོད་སརྦ་མཎྜལ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ[ཞེས་བརྗོད་འཁོར་གསུམ་རྟོག་པའི་ཆོས༔ ཅིར་མི་དགོངས་པ་ནམ་མཁའ་ཆེའི༔ ཐིག་ལེར་འཁྱིལ་བའི་གྲུབ་མཐའ་ཡིས༔ བསྒྲལ་མཐའ་བསྡུ་བ་ཟབ་པའི་གནད༔ ཚེ་དང་ཡེ་ཤེས་མཆོག་ཏུ་འཕེལ༔ ས་མ་ཡ༔ དེ་ནས་ཚོགས་ལ་གཞུང་བཞིན་རོལ༔ ལྷག་མ་བསྡུ་ཞིང་འདུ་འོས་ཀྱི༔ མགྲོན་རྣམས་གསང་བའི་བརྡ་ཡིས་འབོད༔ དམ་ཚིག་བདར་ཞིང་སྙན་གསན་དབབ༔ རྡོ་རྗེའི་འགྲོས་དཀྱིལ་འཁོར་བསྐོར༔]ཧྲཱི༔ ང་ནི་པདྨ་ཧེ་རུ་ཀ༔ འབར་བ་དབང་གི་རྒྱལ་པོ་ཡི༔ ཟླ་གམ་ཚེ་ཡི་དཀྱིལ་འཁོར་འདིའི༔ མུ་རན་ཁོར་ཡུག་ལ་གནས་པའི༔ མ་མོ་མཁའ་འགྲོ་ཕྲ་མེན་ཚོགས༔ འདིར་གཤེགས་ལྷག་མའི་དམ་ལ་འདུས༔ ལན་གཅིག་དམ་ལ་མི་འདུ་རྒྱུ༔ རྡོ་རྗེའི་གཡར་དམ་འབྲེལ་བའི་ཕྱིར༔ ཕུད་ཀྱིས་ལྷག་ཚོགས་མི་མཆོད་རྒྱུ༔ མཁའ་འགྲོ་ཀུན་གྱི་ཚོགས་རྗེའི་ཕྱིར༔ ལྷག་མས་ཁྱེད་རྣམས་མི་བརྔན་རྒྱུ༔ བཀའ་སྡོད་ལྷག་ལ་དགྱེས་བའི་ཕྱིར༔ ཞལ་ཆབ་གསང་ནན་མི་འབེབས་རྒྱུ༔ དམ་ཚིག་མནའ་ཆུས་བགགས་པའི་ཕྱིར༔ རྡོ་རྗེའི་འགྲོས་ཀྱིས་མི་བསྐོར་རྒྱུ༔ ཡེ་ཤེས་རྡོ་རྗེས་རྒྱས་བཏབ་ཕྱིར༔ གཙང་དམ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་གཅིག་པའི་

p. 125

ཕྱིར༔ གསང་ཆེན་བླ་མེད་ཚོགས་ཁར་འདིར༔ སྔགས་ཀྱི་རྣལ་འབྱོར་བདག་ཅག་གིས༔ གདུང་དབྱངས་གླིང་བུའི་སྒྲས་འབོད་ཅིང༔ ཞིང་ཆེན་གཡབ་མོའི་བརྡས་བསྐུལ་ན༔ མ་ཐོགས་མྱུར་ཏུ་གཤེགས་སུ་གསོལ༔ སརྦ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཕེཾ་ཛཿཛཿ བྷྱོ༔ རྡོ་རྗེ་གསང་བའི་ལོངས་སྤྱོད་ལ༔ དབང་བའི་ལྷག་སྡུད་མཁའ་འགྲོ་ནི༔ ལ་ལ་མཛེས་འཛུམ་ཡིད་འོང་གཟུགས༔ ཤིན་ཏུ་ཞི་བའི་གཞོན་ཚུལ་ཅན༔ ལ་ལ་ཆགས་ཤིང་གདུང་བའི་ཉམས༔ གཞན་ཡིད་འགུགས་པའི་འཕྲུལ་མོ་ཆེ༔ ལ་ལ་སྒེག་ཅིང་རྒྱས་པའི་ཚུལ༔ འདོད་པའི་ཡོན་ཏན་ཆར་ལྟར་འབེབས༔ ལ་ལ་ཁྲོ་ཞིང་གཏུམ་པའི་གཟུགས༔ ཞིང་ཆེན་ཟ་ཞིང་ཁྲག་ཆེན་འཐུང་༔ ལ་ལ་སྐེམས་ཤིང་རིད་བའི་གཟུགས༔ མི་སྡུག་རལ་པ་ས་ལ་དྲུད༔ ལ་ལ་རྔམས་ཤིང་རིངས་བའི་ཚུལ༔ སྡེར་མོ་ལྕགས་ཀྱུ་མཁའ་ལ་གཟེངས༔ དེ་ལ་སོགས་ཏེ་ཕྲ་མེན་ཚོགས༔ རྣམ་འགྱུར་ཆ་ལུགས་མ་ངེས་པ༔ སྣ་ཚོགས་སྟོན་པའི་རྫུ་འཕྲུལ་ཅན༔ གནས་ཡུལ་དུར་ཁྲོད་ཀུན་ཉུལ་ཞིང་༔ བཀའ་གསང་གཉན་པོའི་དཀྱིལ་འཁོར་སྐྱོང་༔ དམ་ཉམས་རྣམས་ཀྱི་སྲོག་གི་གཤེད༔ དམ་ཚིག་ཅན་ལ་དངོས་གྲུབ་སྟེར༔ ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་༔ འཇིག་རྟེན་སྤྱོད་པའི་ཚུལ་

p. 126

སྟོན་པ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ སྔོན་ཚེ་ཁས་བླངས་གཡར་དམ་བཞིན༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ སརྦ་དྷཱ་ཀི་ནཱི་ཡུཙྪིཥྚ་མཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ[ཞེས་བརྗོད་ལྷག་གཏོར་གནས་སུ་བསྐྱལ༔ སྐུ་གསུམ་ཚེ་ཡི་དཀྱིལ་འཁོར་བའི༔ ཐུགས་དམ་ཆེན་པོ་གནད་ནས་བསྐུལ༔]ཧྲཱིཿཧྲཱིཿ ངང་ཉིད་ཁྱབ་བརྡལ་ཆོས་དབྱིངས་ཆེན་པོ་ལས༔ འགགས་མེད་ལྷུན་གྲུབ་གཟུགས་སྐུའི་ཆོ་འཕྲུལ་རྩལ༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཚེ་ཡི་ལྷ༔ རྣལ་འབྱོར་གདུང་བའི་ཤུགས་ཀྱིས་རྒྱུད་བསྐུལ་ན༔ ཐུགས་ཉིད་ཞི་བའི་མཁའ་ལས་མ་གཡོས་ཀྱང་༔ ཐབས་ཀྱི་རོལ་པ་གང་འདུལ་འཕྲིན་ལས་ཀྱིས༔ དུས་མིན་འཆི་བའི་འགལ་རྐྱེན་བར་ཆད་ཟློག༔ ཚེ་དང་ཡེ་ཤེས་འཕེལ་བའི་ལས་མཛོད་ཅིག༔ བཛྲ་མཧཱ་ས་ཡ་ཧཱུྃ་ཛཿ[བཀའ་ཡི་ཆད་ཐོབ་བསྒྲག་པ་ནི༔]ཧྲཱིཿ སྔོན་ཚེ་འོག་མིན་གསང་བ་མཆོག་གི་གནས༔ རང་སྣང་རྣམ་དག་བདེ་བ་ཆེན་པོའི་ཀློང༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་སུ༔ གདོད་མའི་མགོན་པོ་འོད་མི་འགྱུར་བ་ཡིས༔ ཉིད་ལས་མི་གཞན་རང་རྩལ་འཁོར་རྣམས་ལ༔ སྟོན་འཁོར་དགོངས་པ་དབྱེར་མེད་རྒྱུད་བསྟན་ཚེ༔ རིག་མདངས་རྡོ་རྗེའི་དམ་ལས་མི་འདའ་བའི༔ ཁྱབ་བརྡལ་ཡེ་ཤེས་རོལ་པའི་སྲུང་མ་

p. 127

ཡིས༔ འཁོར་འདས་གཞི་རུ་དག་པར་མ་ཆད་དམ༔ གཞི་སྣང་དབྱིངས་སུ་བརྡལ་བར་མ་ཆད་དམ༔ དབྱིངས་ཉིད་མཐའ་བྲལ་མཉམ་པར་མ་ཆད་དམ༔ སྔོན་ཚེ་ཁས་བླངས་དམ་ལས་མ་གཡེལ་བར༔ སྣང་སྲིད་ཡོངས་གྲོལ་ཆེན་པོའི་མཆོད་གཏོར་བཞེས་༔ གཟུང་འཛིན་རྟོག་པའི་དམ་ཉམས་དགྲ་བགེགས་སྒྲོལ༔ འཕོ་མེད་རྡོ་རྗེའི་ཚེ་སྲོག་བརྟན་པར་མཛོད༔ དེ་འོག་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་གནས༔ རྣམ་འཕྲུལ་བཀོད་པ་ཚད་མེད་སྣང་བའི་ཞིང༔ པདྨ་དབང་ཆེན་རོལ་པའི་དུར་ཁྲོད་དུ༔ རིགས་ལྔ་ཁྲག་འཐུང་རྟ་མཆོག་རྒྱལ་པོ་ཡིས༔ གསང་མཆོག་རིགས་ལྔ་མཁའ་འགྲོའི་ཚོགས་རྣམས་ལ༔ རྡོ་རྗེ་ཚེ་ཡི་ཏནྟྲ་བསྟན་པའི་ཚེ༔ འདུས་པ་ཆེན་པོ་འབུམ་ཕྲག་ཡངས་བའི་ཚོགས༔ རི་རྡུལ་གྲངས་སྙེད་མ་མོ་དྷཱ་ཀི་ནཱིས༔ སྐྱེ་འཆིའི་འཁྲུལ་པ་ལྡོག་བར་མ་ཆད་དམ༔ འགྱུར་མེད་གདིང་ཆེན་སྟེར་བར་མ་ཆད་དམ༔ ཚེ་དབང་ཡེ་ཤེས་སྤེལ་བར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་མ་བསྙེལ་བར༔ རྟེན་འབྲེལ་སྒྱུ་མར་རོལ་པའི་མཆོད་གཏོར་བཞེས༔ ཕྱི་ནང་གསང་བའི་འབྱུང་བ་འཁྲུགས་པ་ཟློག༔ འཆི་མེད་འཇའ་ལུས་འགྲུབ་པའི་འཕྲིན་ལས་མཛོད༔ དེ་འོག་རང་བྱུང་བཀྲ་ཤིས་ཚེ་ཡི་ཕུག༔ རཱ་ག་རཀྟ་མཱ་ར་ཏི་ཀ་སོགས༔ འགྱུར་

p. 128

མེད་ལྷུན་གྱིས་གྲུབ་པའི་སྒྲུབ་གནས་སུ༔ ཚེ་དབང་རིག་འཛིན་པདྨ་འབྱུང་གནས་དང་༔ ཚེ་ཡུམ་དྷཱ་ཀིམནྡ་ར་བ་ཡིས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེས་ནས༔ འོད་གསལ་བདུད་རྩའི་སྐུ་མཆོག་བསྒྲུབ་པའི་ཚེ༔ ཚེ་དཔག་མེད་མགོན་མངོན་སུམ་བྱོན་ནས་ཀྱང༔ དབང་བསྐུར་བྱིན་བརླབས་རྡོ་རྗེའི་སྐུ་བརྙེས་ཚེ༔ འཇིག་རྟེན་འདས་དང་མ་འདས་ཚུལ་འཛིན་པའི༔ བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ དུས་མིན་འཆི་བ་བཟློག་པར་མ་ཆད་ནས༔ ཚེ་བསོད་ལོངས་སྤྱོད་སྤེལ་བར་མ་ཆད་དམ༔ བཀའ་དང་བསྟན་པ་བསྲུང་བར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་མ་བསྙེལ་བར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད༔ དེ་འོག་གངས་ཅན་བོད་ཀྱི་རྒྱལ་ཁམས་དབུས༔ གཡའ་མ་ལུང་དང་ལྷོ་བྲག་མཁར་ཆུའི་གནས༔ སེང་གེ་རྫོང་དང་དཔལ་གྱི་སྟག་ཚང་སོགས༔ རྡོ་རྗེ་ཚེ་ཡི་གནས་མཆོག་དམ་པ་རུ༔ སྐལ་ལྡན་རྗེ་འབངས་འདུས་པའི་ཚོགས་རྣམས་ལ༔ འཆི་མེད་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ རྒྱུད་ལུང་མན་ངག་སྨིན་གྲོལ་སྲོག་གཏད་ཅིང་༔ བཀའ་གསང་གཏེར་སྦས་སྨོན་ལམ་རྒྱས་བཏབ་ཚེ༔ རྡོ་རྗེའི་ཆོས་སྐྱོང་གཉན་པོའི་ཚོགས་རྣམས་ཀྱིས༔ འགལ་རྐྱེན་ཚེ་བགེགས་སྒྲོལ་བར་མ་ཆད་དམ༔ བསྟན་དང་དེར་འཛིན་

p. 129

སྐྱོང་བར་མ་ཆད་དམ༔ ཟབ་ལམ་ཕྱོགས་མཐར་སྤེལ་བར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་མ་བསྙེལ་བར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད༔ ད་དུས་སྙིགས་མ་ལྔ་བདོའི་བསྐལ་པ་འདིར༔ འོད་སྣང་དཔག་མེད་བདེ་ཆེན་དག་པའི་ཞིང་༔ འོག་མིན་པདྨ་དྲྭ་པའི་གཞལ་ཡས་སུ༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་དང་༔ སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ ཡང་ཟབ་འཆི་མེད་སྲོག་ཐིག་ཞལ་ཕྱེས་ཏེ༔ ལས་སྨོན་རྣམ་དག་ནམ་མཁའི་རྡོ་རྗེའི་རྒྱུད༔ བྱིན་བརླབས་དགོངས་བརྒྱུད་ཡེ་ཤེས་མངོན་སུམ་དུ༔ འཕོས་ཏེ་པདྨའི་རྒྱལ་ཚབས་མངའ་གསོལ་ཚེ༔ ཕོ་རྒྱུད་མོ་རྒྱུད་མ་ནིང་ལ་སོགས་པའི༔ སྣང་སྲིད་དྲེགས་པ་མཐུ་བོ་ཆེ་རྣམས་ཀྱིས༔ གསང་སྔགས་བསྟན་པ་བསྲུང་བར་མ་ཆད་དམ༔ སྒྲུབ་མཆོག་བུ་བཞིན་སྐྱོང་བར་མ་ཆད་དམ༔ བསྟན་བཤིག་དབང་པོ་བསྣུབ་པར་མ་ཆད་དམ༔ བསྟན་འཛིན་སྐུ་ཚེ་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་མ་བསྙེལ་བར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ མཐའ་དམག་དུས་འཁྲུགས་འགོང་པོའི་གནོད་པ་ཟློག༔ རྒྱ་འདྲེ་འབྱུང་པོ་རྒྱུ་བའི་ལམ་སྲང་ཆོད༔ ཐེག་མཆོག་སྙིང་པོའི་བསྟན་

p. 130

པའི་སྲོག་ཤིང་ཚུགས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་སྤེལ༔ ཡངས་པའི་རྒྱལ་ཁམས་མཐའ་དབུས་ཆོས་བཞིན་སྐྱོངས༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ ཤྲཱི་དརྨ་པཱ་ལ་བཛྲ་ས་མ་ཡ་རཀྵ་ནྟུ༔ ཧ་ན་ཧ་ན་ཧཱུྃ༔ [བོད་ཡུལ་ཞིང་སྐྱོང་དམ་ཚིག་ཅན༔ བརྟན་མའི་ཚོགས་རྣམས་མཆོད་པ་ནི༔]པདྨ་ཀྲོ་དྷ་སརྦ་ཀི་ནཱི་མ་མ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་སྲིང་འགྲོ་མ་ས་མ་ཡ་ཛཿཧཱུཾ་ཧཱུཾ༔ [ཞེས་བོས་མ་མོ་འཁོར་དང་བཅས༔ དམ་ཚིག་གསང་བའི་དཀྱིལ་འཁོར་གྱི༔ ཕྱི་ཁྱམས་འོད་གྱི་གུར་ཁྱིམ་དུ༔ ཞི་བའི་མདངས་ཀྱིས་འཁོད་པར་བསམ༔]བྷྱོཿ ཤིན་ཏུ་སྟོང་པ་ཆེན་པོའི་དབྱིངས༔ འོད་གསལ་ཡུམ་གྱི་མཁའ་ཀློང་ནས༔ རྣམ་འགྱུར་མ་མོ་མཁའ་འགྲོའི་སྤྲིན༔ བོད་ཁམས་སྐྱོང་མཛད་བརྟན་མའི་ཚོགས༔ དམ་ཚིག་ཆེན་པོའི་གནས་འདིར་བྱོན༔ དཀར་མོ་ཞི་བའི་སྨན་མོ་བཞི༔ རང་རིག་སྨན་ཕྲན་འབུམ་གྱིས་བསྐོར༔ སེར་མོ་རྒྱས་པའི་གནོད་སྦྱིན་བཞི༔ འཁོར་ཚོགས་སེར་མོ་འབུམ་དང་བཅས༔ ནག་མོ་གཏུམ་པའི་བདུད་མོ་བཞི༔ རང་འདྲའི་བདུད་རིགས་འབུམ་བཅས་རོལ༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཚོགས༔ གྲངས་མེད་ནམ་མཁའི་མཐར་ཁྱབ་པ༔ སྣང་ཞིང་སྲིད་པའི་མ་མོ་ཀུན༔ སྔོན་ཚེ་སློབ་དཔོན་པདྨ་དང་༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ རྒྱ་བལ་སོ་མཚམས་ཨ་སུ་རའི༔ རྡོ་རྗེའི་བྲག་ཕུག་ཆེན་

p. 131

པོ་རུ༔ དམ་ལ་བཏགས་ཏེ་སྲོག་སྙིང་ཕུལ༔ བྲན་དང་འབངས་སུ་ཁས་བླངས་ནས༔ སྔགས་ཀྱི་མཚན་ཙམ་བཟུང་རྣམས་ལའང་༔ གུས་ཤིང་གྲོགས་བྱར་དམ་བཅས་བཞིན༔ དམ་རྫས་བདུད་རྩིའི་གཏོར་མ་དང་༔ དམ་ཚིག་བཤལ་ཆུ་འདི་བཞེས་ལ༔ བོད་ཁམས་མཐའ་དབུས་སོ་མཚམས་སྲུངས༔ དུ་རུ་ཁ་ཡི་དམག་དཔུང་ཟློག༔ ཕྱི་རུ་འབྱུང་བཞི་གཡོ་འཁྲུགས་ཟློག༔ ནང་དུ་རྩ་རླུང་ཐིག་ཉམས་བསྐྱེད༔ གསང་བ་དུག་ལྔའི་འཁྲུལ་རྟོག་སོལ༔ སངས་རྒྱས་བསྟན་པ་རྒྱས་པ་དང་༔ བསྟན་འཛིན་སྐྱེས་བུས་ས་སྟེང་ཁྱབ༔ འཇིག་རྟེན་བདེ་སྐྱིད་དཔལ་ལ་སྦྱོར༔ མཐོང་ཐོས་དྲན་རེག་འགྲོ་བ་རྣམས༔ སྨིན་གྲོལ་ཚེ་དབང་མཐར་ཕྱིན་ཏེ༔ དོན་གཉིས་འགྲུབ་པའི་འཕྲིན་ལས་མཛོད༔ སརྦ་པཱུ་ཛ་ཁཱ་ཧི༔ [དཔལ་གྱི་རྟ་བྲོ་བརྡུང་བ་ནི༔ དམ་སྲི་བཀུག་ལ་གཏོར་གཞོང་སྦུབས༔ དེ་སྟེང་མཆེད་ལྕམ་ལག་བསྣོལ་སྦྲེལ༔ གཡས་གཡོན་བསྐོར་དང་ཕྱེད་འགྲོས་ཀྱིས༔ ལྡང་བ་མེད་པའི་བྲོ་ཡིས་མནན༔]ཧྲཱི༔ རྡོ་རྗེ་རྟ་ཡི་བརྟུལ་ཞུགས་ཆེ༔ འབར་བ་ཆེན་པོ་རོལ་པའི་གར༔ ཁམས་གསུམ་མ་ལུས་གཡོ་བར་བྱེད༔ གཡས་འདེགས་གཡས་སུ་བསྐོར་ཏེ་བརྡུང་༔ ཚེ་བདུད་ཕོ་རྒྱུད་རྡུལ་དུ་བརླག༔ གཡོན་འཇོག་གཡོན་དུ་བསྐོར་ཞིང་བརྡུང་༔ འཆི་བདག་མོ་རྒྱུད་ཕྱེ་མར་བརླག༔ གཉིས་མེད་ཕྱེད་བསྐོར་ཕྱེད་པར་བརྡུང་༔ སྲོག་བདུད་བླ་

p. 132

གཤེད་དུམ་བུར་གཏུབ༔ སྣང་བ་ཡབ་ཀྱི་རྟ་བྲོ་ཡིས༔ རྟག་པར་ལྟ་བའི་དགྲ་དཔུང་གཞོམ༔ སྟོང་པ་ཡུམ་གྱི་ཕག་བྲོ་ཡིས༔ ཆད་པར་ལྟ་བའི་བགེགས་དཔུང་འདུལ༔ ཟུང་འཇུག་རོལ་པ་ཆེན་པོའི་བྲོས༔ སྣང་སེམས་འཕོ་འགྱུར་དམ་སྲི་མནན༔ འགྱུར་མེད་རྒྱ་གྲམ་གཟེར་གྱིས་སྡོམ༔ ཡེ་ཤེས་འབྱུང་ལྔའི་ཕྱག་རྒྱས་གདབ༔ སྐྱེ་འཆིའི་འཁྲུལ་པ་མ་ཞིག་བར༔ ནམ་ཡང་ལྡང་བའི་དུས་མེད་དོ༔ ཨེ་སརྦ་ནྲྀ་ཏྲྀ་བྷྲཱུྃ་ཛྙཱ་ན་སྟྭཾ་བྷ་ཡ་ནན༔ ཧུ་ལུ་ཧུ་ལུ་ཧཱུྃ་ཧཱུྃ་ཧཱུྃ༔ [ལས་མཅུག་རྡོ་རྗེའི་བྲོ་ཡིས་བསྡུ༔ ནོངས་པ་བཤགས་ཕྱིར་འགྱོད་སེམས་དང་༔ གདུང་ཤུགས་ཐལ་སྦྱར་འདི་སྐད་བརྗོད༔]ཨོཾཿ འཆི་མེད་མགོན་པོ་རིག་འཛིན་ཚེ་དཔག་མེད༔ སྐུ་གསུམ་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ བདག་ནི་བྱིས་བློ་རྨོངས་པའི་དབང་གྱུར་ཏེ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆོད་དུ༔ ལས་དང་ཉོན་མོངས་མདུད་པ་དམ་པོས་བཅིངས༔ མ་རིག་འཁྲུལ་པའི་རྟོག་པས་བར་ཆོད་དེ༔ ལུས་ཀྱིས་བརྡུང་བརྡེག་སྲོག་བཅད་མ་བྱིན་བླངས༔ སྐུ་གསུང་ཐུགས་རྟེན་གཞིམ་གཞོག་བཙོང་ཞིང་འབགས༔ ངག་གིས་རྫུན་བརླངས་ཚིག་རྩུབ་འཆལ་གཏམ་སྨྲས༔ གབ་པའི་གསང་བ་སྣོད་མིན་རྣམས་ལ་བསྟན༔ བསྙེན་སྒྲུབ་བཟླས་བརྗོད་འབྲི་ཀློག་བར་ཆད་བགྱིས༔ ཡིད་

p. 133

ཀྱིས་གནོད་སེམས་ལོག་ལྟ་ཕྲག་དོག་བརྩམ༔ དཀར་དམར་བྱང་སེམས་དྭངས་མའི་འོད་མདངས་བཅོམ༔ རྡོ་རྗེའི་ཡེ་ཤེས་བརྟན་པའི་ཕྱག་རྒྱ་རལ༔ འཆི་མེད་ཚེ་ཡི་དམ་ཚིག་ཉམས་པ་བཤགས༔ ལྟ་བ་ཀློང་དུ་མ་གྱུར་ལོག་པར་གོལ༔ སྒོམ་པ་ཚད་དུ་མ་ཕེབ་འཛིན་པས་བཅིངས༔ སྤྱོད་པ་རྣམ་པར་མ་དག་བརྟུལ་ཞུགས་ཆུང་༔ བཀའ་གསང་དཀྱིལ་འཁོར་གཞུང་བཞིན་རྔོ་མ་ཐོགས༔ བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་མཐར་མ་དབྱུང༔ དམ་རྫས་མ་ཚང་ཆོ་གའི་ཡན་ལག་ཉམས༔ མདོར་ན་རྩ་བ་ཡན་ལག་ཕྲ་རགས་ཀྱི༔ ཉམས་ཆག་ཉེས་ལྟུང་ནོངས་པར་གྱུར་པའི་ཚོགས༔ སྙིང་ནས་འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ སླན་ཆད་འགལ་རྐྱེན་སྒྲིབ་པར་མི་འགྱུར་བར༔ རྡོ་རྗེའི་དམ་ཚིག་མཆོག་ཏུ་དག་གྱུར་ཅིག༔ [ཅེས་བརྗོད་སྙིང་ནས་གནོང་འགྱོད་ཀྱིས༔ ཉམས་ཆག་མཐོལ་བཤགས་བཟོད་པར་གསོལ༔ རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ༔ མ་བཅོས་རང་གསལ་རང་ཤར་བའི༔ ཡ་ཤེས་སྒྱུ་མའི་ཆོ་འཕྲུལ་ལ༔ གཤེགས་བཞུད་ལྡངས་པ་མི་དམིགས་ཀྱང་༔ འགགས་མེད་རྟེན་འབྱུང་ཆེན་པོའི་སྒོར༔ སྣང་སྟོང་འཛིན་རྟོག་སྦྱོང་བའི་ཕྱིར༔ དག་པའི་སྣོད་བཅུད་བསྡུ་བ་ནི༔]ཨ༔ གདོད་ནས་རྣམ་གྲོལ་ཡེ་ཤེས་སྒྱུ་མའི་རྩལ༔ མ་འགགས་རོལ་པར་ཤར་བའི་དཀྱིལ་འཁོར་པ༔ མཐའ་དང་བྲལ་བ་ཆོས་དབྱིངས་ཆེན་པོའི་

p. 134

ངང་༔ འོད་གསལ་འཕོ་འགྱུར་མེད་པའི་ཀློང་དུ་བརྡལ༔ འཆི་མེད་བླ་མ་ཆོས་སྐུ་འོད་མི་འགྱུར༔ མ་བཅོས་ཀུན་ཏུ་བཟང་པོའི་དགོངས་པའོ༔ པདྨ་ཨཱཿཡུརྫྙཱ་ན་དྷརྨཱ་དྷ་ཏུ་ཨཱཿ ཧྲཱིཿ སྐྱེ་མེད་དབྱིངས་ལས་འགགས་མེད་རོལ་པའི་སྐུ༔ ནམ་མཁའི་ཀློང་དུ་འཇའ་ཚོན་ཤར་བ་ལྟར༔ སྣང་གྲགས་རྟོག་གསུམ་རིག་འཛིན་ཚེ་ཡི་ལྷ༔ རང་གསལ་ལྷུན་གྲུབ་རྒྱལ་བའི་ཞིང་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཐམས་ཅད་སྐུ་གསུང་ཐུགས་ཀྱིས་ཁྱབ༔ ལྷ་སྔགས་ཡེ་ཤེས་རོལ་པ་ཆེན་པོའི་ངང་༔ མཁའ་དང་མཉམ་པའི་འགྲོ་བ་མ་ལུས་པ༔ འདྲེན་པའི་དོན་ལ་ཡོངས་སུ་སྤྱོད་པར་བྱའོ༔ བཛྲ་ས་མ་ཏིཨཏྨ་ཀོ྅ཧཾཿ [མི་འགྱུར་མཁའ་ལྟར་ཁྱབ་པའི་སྐུར༔ སྙིང་རྗེ་ཆེན་པོའི་གོ་ཆ་བགོ༔ ཚད་མེད་རླབས་ཆེན་སྤྱོད་པ་ཡི༔ འགྲོ་བ་ཀུན་གྱི་དོན་ལ་སྤྱོད༔ དུས་གསུམ་བསགས་པའི་དགེ་བ་རྣམས༔ ཟག་མེད་ཆོས་དབྱིངས་ཆེན་པོ་རུ༔ བསྔོ་ཞིང་སྨོན་ལམ་གདབ་པ་ནི༔] ཨོཾ་ཨཱཿཧཱུྃ༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ བརྟེན་ནས་བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས༔ ཚོགས་གཉིས་ཟུང་འཇུག་དགེ་བ་ཅི་བསགས་པ༔ ཁྱབ་བརྡལ་ཆོས་སྐུའི་ཀློང་དུ་བསྔོ་བར་བགྱི༔ ཀུན་ཀྱང་བླ་མ་རིག་འཛིན་ཚེ་དཔག་མེད༔ ཡིད་བཞིན་ནོར་བུ་སྐྱབས་ཀུན་འདུས་པའི་གཏེར༔ མཚན་ཐོས་ཙམ་གྱིས་འཆི་མེད་མཆོག་སྩོལ་བའི༔ ཁྱོད་ཀྱི་རྣམ་ཐར་ཡོན་ཏན་རྒྱ་མཚོའི་དཔལ༔ ཚེ་འདི་ཉིད་ལ་མངོན་དུ་གྱུར་ནས་ཀྱང་༔

p. 135

རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག༔ [བཀྲ་ཤིས་བདེན་ཚིག་བརྗོད་པ་ནི༔] ཧྲཱིཿ སྟོབས་བཅུ་མངའ་བ་རྫོགས་སངས་རྒྱས༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་ཀྱི་ཞིང་མཆོག་དགེ་འདུན་སྡེ༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ སྐུ་གསུམ་བརྒྱུད་ལྡན་བླ་མ་དང་༔ ཚེ་ལྷ་ཡི་དམ་མཁའ་འགྲོའི་ཚོགས༔ བཀའ་སྲུང་དམ་ཅན་གཏེར་གྱི་བདག༔ རྩ་གསུམ་རབ་འབྱམས་བཀྲ་ཤིས་ཤོག༔ ཧྲཱིཿ བདེན་དོན་མངའ་བ་རྣམས་ཀྱི་བྱིན་རླབས་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་བདེན་འབྲས་ཀྱིས༔ བཀྲ་ཤིས་འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ མི་མཐུན་འགལ་རྐྱེན་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་ཡེ་ཤེས་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་སེམས་དབང་དུ་འདུ་བའི་བཀྲ་ཤིས་ཤོག༔ འཆི་བདག་བདུད་དཔུང་འཇོམས་པའི་བཀྲ་ཤིས་ཤོག༔ སངས་རྒྱས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག༔ ཟབ་ལམ་མཁའ་ལྟར་ཁྱབ་པའི་བཀྲ་ཤིས་ཤོག༔ ཚེ་དང་སྒྲུབ་པ་མཉམ་པའི་བཀྲ་ཤིས་ཤོག༔ འཇའ་ལུས་རྡོ་རྗེ་ཚེ་ཡི་བཀྲ་ཤིས་ཤོག༔ [དེ་ལྟར་འཆི་མེད་སྒྲུབ་པའི་ཐབས༔ བྱེ་བ་ཕྲག་བརྒྱའི་ཉིང་ཁུའི་བཅུད༔

p. 136

སྲོག་གི་ཐིག་ལེར་གྲུབ་པའི་གཞུང༔ རིན་ཆེན་ས་ཡི་གཏེར་གཅིག་འདི༔ མ་འོངས་ལྔ་བརྒྱ་ཐ་མའི་དུས༔ བོད་ཁམས་འབྱུང་པོས་དབང་བསྒྱུར་ཏེ༔ མི་རུང་སྤྱོད་ངན་དང་དུ་ལེན༔ སྐྱབས་གནས་རྣམས་ལ་ལོག་པར་བལྟ༔ དམ་ཚིག་སྡོམ་པ་འཆལ་བར་སྤྱོད༔ བླ་མ་སློབ་དཔོན་ཕ་མ་དང་༔ རིགས་ཀྱི་རྒན་རབས་བཀུར་འོས་རྣམས༔ གྲི་རུ་གསོད་ཅིང་སྡུག་ལ་སྦྱོར༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཤིག༔ དགེ་འདུན་ནང་འགལ་དམེ་འཁྲུགས་གཤོམ༔ དམག་ཇག་རྐུ་འཕྲོག་གཡོ་ཁྲམ་བརྩོན༔ ཉེས་མེད་སེམས་ཅན་དམྱལ་ཐག་གཅོད༔ རྒྱུ་འབྲས་ཁྱད་གསོད་སྡིག་ལ་རྔམས༔ དགེ་བཅུའི་ལས་ལ་དུག་ལྟར་འཛེམ༔ མནའ་དང་ཁྲེལ་གཞུང་ངོ་ཚ་བྲལ༔ མི་དགེའི་ལས་ལམ་དང་བླངས་པས༔ སྣང་སྲིད་མ་མོ་མཁའ་འགྲོ་དང་༔ གཟའ་ཀླུ་རྒྱལ་བཙན་ལ་སོགས་པའི༔ ལྷ་སྲིན་སྡེ་བརྒྱད་ཀུན་འཁྲུགས་ཏེ༔ ཕྱི་རུ་འབྱུང་བཞིའི་ཆོ་འཕྲུལ་ལྡངས༔ ས་ཡི་བཅུད་ཡལ་ལོ་འབྲས་སྐམ༔ གནམ་ལ་ཆར་མེད་ཐན་པས་གདུང༔ ཐོག་སེར་ཤྭ་འུད་ཆུ་ཐན་འབྲུབ༔ མཁའ་ལ་ནད་སྤྲིན་དུག་རླངས་འཁྲིགས༔ བླ་གཉན་གཟེར་ཐུང་དམར་བཤལ་དང་༔ རྒྱུགས་འགྱེལ་ཧ་ལ་ནག་པོ་དང་༔ སྨྱོ་འབོག་བརྒྱལ་ནད་ཧུར་ཐུམ་སོགས༔ གློ་བུར་རིམས་ཡམས་སྣ་ཚོགས་པ༔ ངོ་མི་ཟིན་པ་དུ་མ་ཡིས༔ སྐྱེ་འགྲོའི་སྲོག་དབུགས་སྡུད་པ་འབྱུང་༔ ཚེ་བཙུན་བུད་མེད་སྐྱེ་བོ་ཡི༔ སྙིང་ལ་སྡུག་འདྲེ་དངོས་སུ་

p. 137

ཞུགས༔ ལྟས་ངན་བྱུར་གྱི་སྣ་འདྲེན་ཏེ༔ བསྟན་སྲིད་སྡེ་རིས་ཕུང་ལ་སྦྱོར༔ བསྟན་འཛིན་རྣམས་ཀྱང་སྐུ་ཚེ་ཐུང་༔ མཛད་འཕྲིན་བར་ཆད་རྐྱེན་དབང་འཆོར༔ མཐའ་དམག་དུས་འཁྲུགས་ཆུ་ལྟར་ཁོལ༔ ཀྱེ་མ་བོད་ཁམས་སེམས་ཅན་རྣམས༔ སྡུག་བསྔལ་དུཿཁས་མནར་བའི་དུས༔ ལས་སྨོན་རྟེན་འབྲེལ་ཟབ་མོའི་ལམ༔ བར་ཆད་དབང་དུ་མ་ཤོར་ན༔ ནད་ལ་གཉེན་པོའི་སྨན་མཆོག་བཞིན༔ ཡང་ཟབ་སྲོག་གི་ཐིག་ལེ་འདི༔ ལོ་ཆེན་བདུད་འཇོམས་ཟུང་སྤྲུལ་གྱིས༔ ས་ཡི་སྟེང་དུ་སྣང་བར་བྱེད༔ དེ་ཚེ་ད་ལྟའི་རྗེ་འབངས་རྣམས༔ ཐུགས་བསྐྱེད་སྨོན་ལམ་བདེན་སྟོབས་ཀྱིས༔ ལྷན་ཅིག་ཉིད་དུ་ཞལ་འཛོམས་ཏེ༔ ཡིད་ཆེས་གཅིག་གྲོགས་གཅིག་གིས་བྱེད༔ དུས་དེར་ཆོས་འཁོར་རྣམ་གསུམ་དང་༔ མཐའ་འདུལ་ཡང་འདུལ་ས་གནད་དང་༔ ཁྱད་པར་ཨོ་རྒྱན་ང་ཉིད་ཀྱིས༔ བྱིན་གྱིས་བརླབས་པའི་སྒྲུབ་གནས་སུ༔ བསྙེན་སྒྲུབ་འགྲོ་དོན་ལས་ཚོགས་རྣམས༔ གཞུང་བཞིན་བརྩོན་པས་བསྒྲུབ་བྱས་ན༔ སྣོད་བཅུད་རྒུད་པ་ཐམས་ཅད་ཞི༔ ས་ཡི་བཅུད་འཕེལ་ལོ་ཕྱུགས་ལེགས༔ ནད་མུག་མཚོན་འཁྲུགས་ལ་སོགས་པ༔ དུས་ཀྱི་འཚུབས་འགྱུར་ཐ་དག་ཟློག༔ མཐའ་འདྲེ་འབྱུང་པོའི་རྒྱུ་འགྲུལ་ཆད༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིང་༔ ཐུགས་བཞེད་མཛད་འཕྲིན་མཐའ་རུ་ཕྱིན༔ མདོ་སྔགས་བསྟན་པ་ཡུན་དུ་གནས༔ ཆོས་ཀྱི་རྒྱལ་

p. 138

པོའི་ཆབ་སྲིད་བརྟན༔ ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ༔ བཀྲ་ཤིས་དགེ་བའི་སྣང་བས་ཁྱབ༔ ས་མ་ཡ༔ དེ་ཕྱིར་ཟབ་མོའི་གདམས་པ་འདི༔ ད་ལྟ་མ་སྤེལ་ཕྱི་མའི་དུས༔ བོད་ཁམས་བསྟན་འགྲོའི་བཙས་སུ་ཞོག༔ གསང་ཆེན་བཀའ་གཉེར་མཁའ་འགྲོ་མ༔ མཚོ་རྒྱལ་ཁྱོད་ཀྱིས་མི་བརྗེད་པའི༔ གཟུགས་སུ་ཟུངས་ལ་ཡི་གེར་ཐོབ༔ ཟབ་མོའི་སྨོན་ལམ་བདེན་ཚིག་བཅས༔ འཕྲིན་ལས་ཕུར་པའི་ཟབ་ཏིག་དང་༔ ལྷན་ཅིག་མོན་ཁ་སེང་རྫོང་གི༔ གསང་བའི་བྲག་ལ་གཏེར་དུ་སྦོས༔ བཀྲ་ཤིས་སྙིང་ཉེ་མཐུ་རྩལ་ཅན༔ ཁྱབ་འཇུག་དུག་གི་སྤུ་གྲི་དང་༔ བདུད་མགོན་བཙན་རྒོད་ཀླུ་སྨན་ལ༔ དམ་ཉམས་ལག་ཏུ་མི་འཆལ་བའི༔ བཀའ་གཏད་གཉེར་བཅོལ་དམ་པར་གྱིས༔ ས་མ་ཡ༔ དེ་ལྟར་གུ་རུའི་བཀའ་ལུང་རྣམས༔ ཁོ་མོས་ཇི་ལྟར་སྨྲས་རིམ་བཞིན༔ ལོ་ཙཱ་བཻ་རོ་ཙ་ན་ཡིས༔ ནཾ་པཱ་ལ་ཡི་འཕྲུལ་ཤོག་ལ༔ མཁའ་འགྲོ་གསང་བའི་བརྡ་རིས་སུ༔ བཏབ་སྟེ་ལྷོ་མོན་བྲག་ལ་སྦས༔ ནམ་ཞིག་རྩུབ་འགྱུར་བསྐལ་དུས་སུ༔ ལས་འཕྲོ་ལྡན་པའི་སྙིང་གི་བུ༔ བརྟུལ་ཞུགས་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ༔ རྒྱ༔ རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ གུཧྱ༔ བརྡ་ཐིམ༔ རཀྴ་རཱ་ཧུ་ལ་དུ་ཙ་ནཱ་ས་མ་ཡ༔ ཧ་ན་ཧ་ན་རཀྵནཏུ༔ ཁྱབ་འཇུག་དུག་གི་སྤུ་གྲི་འབར་བ་འཁོར་དང་བཅས་པས་བཀའ་ཡི་གཉེར་ཁ་དམ་པར་སྲུངས་ཤིག༔ ཙིཏྟ་བཛྲ་ས་མ་ཡ༔ ཁ་ཐཾ༔]

p. 139

ཁོ་བོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷོ་ཕྱོགས་མོན་ཁ་སེང་གེ་རྫོང་གི་མཚོ་རྒྱལ་གསང་ཕུག་ནས་ཤིང་འབྲུག་ཟླ་བའི་ཚེས་ལ་སྐལ་ལྡན་གྱི་འདུས་པ་གྲངས་མེད་པའི་དབུས་ནས་ཤིན་ཏུ་འཇིགས་པའི་ཆོ་འཕྲུལ་དང་། ངོ་མཚར་བའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་ཏེ་སྤྱན་དྲངས་པའི་ཤོག་སེར་ལས། སླར་ས་ཕོ་སྦྲེལ་གྱི་ལོའི་དུས་ཆེན་ལ་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་གཟིམ་སྤྱིལ་བདེ་ཆེན་པདྨ་འཁྱིལ་བའི་ཡང་དབེན་དུ་དག་པར་ཕབ་པའི་དགེ་བས། ལུང་ཟིན་ཆོས་ཀྱི་བདག་པོས་གཙོས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། སྙིགས་དུས་ཀྱི་རྒུད་པ་མཐའ་དག་ཡོངས་སུ་ཞི་ནས་མདོ་སྔགས་བསྟན་པའི་སྲོག་ཤིང་རྡོ་རྗེའི་རང་བཞིན་ཏུ་བརྟན་པའི་རྒྱུར་གྱུར་ཅིག །།

ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་རྒྱུན་ཁྱེར་འཆི་མེད་བཅུད་ཐིག

p. 140
p. 141

[ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་རྒྱུན་ཁྱེར་འཆི་མེད་བཅུད་ཐིག་བཞུགས།] ན་མོ་གུ་རུ་བཛྲ་ཨཱ་ཡུརྫྙཱ་ན་ཡེ། [ལམ་འདིའི་སྨིན་གྲོལ་ཚུལ་བཞིན་ཐོབ་ཅིང་ཚིག་དག་པའི་རྣལ་འབྱོར་པས་ཐུན་མོང་རྒྱུན་ཁྱེར་ཉམས་སུ་ལེན་པའི་ཚུལ་ལ་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོ་ལས། གསོལ་འདེབས་ནི།] འཆི་མེད་མགོན་པོ་གསང་ཡེ་ཙཎྜ་ལཱི། །པདྨ་འབྱུང་གནས་མནྡ་ར་བ་ཡུམ། །བཻ་རོ་ཙ་ན་རྡོ་རྗེ་བདུད་འཇོམས་སོགས། །ཚེ་ཡི་རིག་འཛིན་རྩ་གསུམ་རབ་འབྱམས་ལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །[སྐྱབས་འགྲོ་ནི།] ན་མོ༔ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ༔ དེང་ནས་བཟུང་ཏེ་བྱང་ཆུབ་མ་ཐོབ་བར༔ སྐྱབས་ཡུལ་ཀུན་འདུས་མགོན་པོ་ཚེ་ལྷར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ [ལན་གསུམ། སེམས་བསྐྱེད་ནི།] ཧོཿ གཟུང་འཛིན་འཁྲུལ་པའི་སྣང་བས་བསྐྱེད་པའི་འགྲོ༔ མཐའ་མེད་སྡུག་བསྔལ་རྒྱ་མཚོར་བྱིང་པ་རྣམས༔ ཡེ་གྲོལ་འཆི་མེད་གཞོན་ནུ་བུམ་སྐུའི་ཀློང་༔ རོ་མཉམ་ཆེན་པོར་འགོད་པར་སེམས་བསྐྱེད་དོ༔ [ལན་གསུམ། ཡན་ལག་བདུན་པ་ནི།] འཆི་མེད་རྒྱལ་བའི་དཀྱིལ་འཁོར་བར། །གུས་པས་ཕྱག་འཚལ་དགྱེས་མཆོད་འབུལ། །ཉམས་ཆག་ཀུན་བཤགས་

p. 142

རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་མི་འདའ་བཞུགས། །དགེ་ཚོགས་ཆོས་ཀྱི་དབྱིངས་སུ་བསྔོ། །རྟག་བརྟན་རྡོ་རྗེའི་དབྱིག་ཐོབ་ཤོག །[གཉིས་པ་དངོས་གཞི་ལས། ལྷ་བསྐྱེད་ནི།] ཧྲཱིཿ འོད་གསལ་ལྷུན་གྲུབ་རང་བཞིན་ཞིང་ཁམས་ཆེ། །བཀོད་པ་ཚད་མེད་པདྨ་ཉི་ཟླའི་སྟེང་། །རང་རིག་ཧྲཱིཿཡིག་ལས་བྱུང་འོད་ཟེར་སྤྲིན། །རབ་འབར་དོན་གཉིས་བྱས་འདུས་ཡོངས་གྱུར་པ། །བཅོམ་ལྡན་མགོན་པོ་རིག་འཛིན་ཚེ་དཔག་མེད། །དམར་གསལ་ཞི་འཛུམ་མཚན་དཔེའི་དྲྭ་པ་འཁྲིགས། །མཉམ་བཞག་ཕྱག་ན་འཆི་མེད་ཚེ་བུམ་འཛིན། །མནྡྷ་ར་བ་མདའ་དར་བུམ་འཛིན་འཁྱུད། །བདེ་ཆེན་མཉམ་སྦྱོར་གཉིས་ཀ་ལོངས་སྤྱོད་རྫོགས། །མཐའ་ཡས་འོད་ཕུང་འཁྱིལ་བའི་ཀློང་དུ་བཞུགས། །དབུ་གཙུག་འཆི་མེད་ཚེ་ཡི་ལྷ་སྤྲིན་ལྟར་གཏིབས། །རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ། །ཚེ་བདག་རིགས་བཞི་ཡབ་ཡུམ་ལྷ་མོ་དྲུག །[གཞི་ལུས་པདྨ་ཚེ་བདག་ཡབ་ཡུམ་གྱི་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་སྤྱི་བོར་ནང་གི་དབུ་མར་ཆོས་སྐུ་ཡབ་ཡུམ། རོམ་ལོངས་སྐུ་ཡབ། རྐྱང་མ་ཚེ་ཡུམ་གསང་བ་ཡེ་ཤེས། མགྲིན་པར་བུདྡྷ་ཚེ་བདག་ཡབ་ཡུམ། དེའི་རྩ་འདབ་རྣམས་སུ་སྒེག་སོགས་ལྷ་མོ་བརྒྱད། སྙིང་གར་བཛྲ་ཚེ་བདག་ཡབ་ཡུམ། དེའི་རྩ་འདབ་རྣམས་སུ་འདོད་ཡོན་གྱི་ལྷ་མོ་དྲུག །ལྟེ་བར་རཏྣ་ཚེ་བདག་ཡབ་ཡུམ། དེའི་རྩ་འདབ་རྣམས་སུ་སྨོན་ལམ་དང་ཐུགས་རྗེས་འཁོད་

p. 143

པའི་ཚེ་ལྷ་དམ་ཅན་སྲུང་མ་དང་བཅས་པ། གསང་བར་ཀརྨ་ཚེ་བདག་ཡབ་ཡུམ། དེའི་རྩ་འདབ་རྣམས་སུ་སྒོ་བ་ཡབ་ཡུམ་སོགས་གསལ་གདབ་པ་ལས་རྩ་ལྷ་གྲངས་མཉམ་གྱི་ངོས་བཟུང་མི་དགོས་སོ། །མཆན།] སྒེག་སོགས་བརྒྱད་དང་སྒོ་པ་ཡབ་ཡུམ་བཅས། །མེ་ལོང་དྭངས་མར་གཟུགས་བརྙན་འཆར་བ་བཞིན། །སྣང་སྲིད་གདོད་ནས་དག་མཉམ་དམ་ཚིག་དང་། །ཡར་ཤེས་དབྱེར་མེད་ལྷུན་རྫོགས་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་མཎྜལ་ཧྲཱིཿབྷྲཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ [ཞེས་པས་གསལ་བཏབ་ལ། ཛཔྲ་བཟླས་ནི།] ཧྲཱིཿ བདག་ཉིད་འཆི་མེད་མགོན་པོའི་ཐུགས་ཀ་རུ། །རྒྱ་གྲམ་ལྟེ་བར་ཉི་ཟླའི་གའུའི་དབུས། །དྭངས་མ་ཧྲཱིཿདམར་ཨ་དཀར་ནྲྀ་དམར་ལྗང་། །གྱིས་མཚན་མཐའ་མར་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་སྲིད་ཞིའི་ཚེ་བཅུད་དྭངས་མ་བསྡུས། །ལུས་གང་བླ་ཚེ་སྲོག་དབུགས་ཉམས་པ་གསོས། །འཆི་མེད་འཇའ་ལུས་ཡེ་ཤེས་རྡོ་རྗེའི་ཚེ། །རྟག་བརྟན་འགྱུར་བ་མེད་པའི་དབྱིག་ཐོབ་[བསམ།] ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུཾ་ཧྲཱིཿཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱཧཱ༔ [ཞེས་བཟླ་སླར་ཡང་ཧྲཱིཿབཟླས་བྱ། །དམིགས་པའི་འཕྲོ་འདུ་རྣལ་འབྱོར་གྱི། །ནུས་པས་སྦྱར་བ་གཞུང་བཞིན་ནོ། །གསུམ་པ་རྗེས་ཀྱི་རིམ་པ་ལས། བསྡུ་ལྡང་ནི།] ཨ༔ གདོད་ནས་རྣམ་གྲོལ་ཡེ་ཤེས་

p. 144

སྒྱུ་མའི་རྩལ༔ མ་འགགས་རོལ་པར་ཤར་བའི་དཀྱིལ་འཁོར་པ༔ མཐའ་དང་བྲལ་བ་ཆོས་དབྱིངས་ཆེན་པོའི་ངང་༔ འོད་གསལ་འཕོ་འགྱུར་མེད་པའི་ཀློང་དུ་བརྡལ༔ འཆི་མེད་བླ་མ་ཆོས་སྐུ་འོད་མི་འགྱུར༔ མ་བཅོས་ཀུན་ཏུ་བཟང་པོའི་དགོངས་པའོ༔ པདྨ་ཨཱ་ཡུརྫྙཱ་ན་དྷརྨ་དྷཱ་ཏུ་ཨ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཐམས་ཅད་སྐུ་གསུང་ཐུགས་ཀྱིས་ཁྱབ༔ ལྷ་སྔགས་ཡེ་ཤེས་རོལ་པ་ཆེན་པོའི་ངང་༔ མཁའ་དང་མཉམ་པའི་འགྲོ་བ་མ་ལུས་པ༔ འདྲེན་པའི་དོན་ལ་ཡོངས་སུ་སྤྱོད་པར་བྱའོ༔ བཛྲ་ས་མ་ཏི་ཨཏྨ་ཀོ྅་ཧཾ༔ [ཞེས་བརྗོད་ལ་དགོངས་པ་བསྐྱང་། སྨོན་ལམ་དང་བཀྲ་ཤིས་ནི།] དགེ་འདིས་བདག་གཞན་མཁའ་མཉམ་འགྲོ་བ་རྣམས། །སྒྲིབ་གཉིས་ཀུན་བྱང་འཆི་མེད་ཚེ་དབང་ཐོབ། །དུས་གསུམ་དགེ་ལེགས་དཔལ་འབྱོར་སྤྲིན་ཆེན་པོས། །ཞིང་རྣམས་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག །[ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །འཆི་མེད་སྲོག་ཐིག་ཟབ་མོ་ཡི། །ཐུན་མོང་རྒྱུན་ཁྱེར་ཉུང་ངུ་འདི། །ཉམས་ལེན་མཁན་འགས་ནན་བསྐུལ་ཕྱིར། །འོག་མིན་མཚུར་མདོའི་གནྡྷོ་ལར། །གཏེར་མིང་ནམ་མཁའི་རྡོ་རྗེ་ཡིས། །གཞུང་དོན་དྲིལ་ནས་སྦྱར་བའི་མཐུས། །བསྟན་འགྲོའི་མགོན་མཆོག་དམ་པ་རྣམས། །ཞབས་པད་བསྐལ་བརྒྱར་བརྟན་གྱུར་ཅིག །བཛྲ་ཨཱ་ཡུརྫྙཱ་ན་བྷ་ཝ་ནྟུ།། །།]

ཚེ་སྒྲུབ་འཆི་མེད་སྲོག་ཐིག་ལས་སྦས་སྒོམ་རྒྱུན་ཁྱེར་ཁོལ་དུ་ཕྱུངས་པ།

p. 145

[ཚེ་སྒྲུབ་འཆི་མེད་སྲོག་ཐིག་ལས། སྦས་སྒོམ་རྒྱུན་ཁྱེར་ཁོལ་དུ་ཕྱུངས་པ་བཞུགས་སོ། །]ན་མོ་གུ་རུ་ཨཱ་ཡུརྫྙ་ན་ཡེ། [ལམ་འདིའི་རྣལ་འབྱོར་པས་སྦས་སྒོམ་རྒྱུན་ཁྱེར་ཉམས་སུ་ལེན་པའི་ཚུལ་ནི། ཐོ་རངས་བྱ་རོག་ལྡང་བའི་གོང་དུ་བདེ་བའི་སྟན་ལ་འཁོད་ནས་ལུས་དྲང་པོར་བསྲང་། རླུང་རོ་ལེགས་པར་བསལ་ནས་ཚོགས་ཞིང་གསལ་བཏབ་ལ། སྐྱབས་སེམས་ནི།] ན་མོ༔ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྐྱབས་ཡུལ་ཀུན་འདུས་མགོན་པོ་ཚེ་ཡི་ལྷར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ [ལན་གསུམ།] ཧོཿ གཟུང་འཛིན་འཁྲུལ་པའི་སྣང་བས་བསྐྱེད་པའི་འགྲོ༔ མཐའ་མེད་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས༔ ཡེ་གྲོལ་འཆི་མེད་གཞོན་ནུ་བུམ་སྐུའི་ཀློང་༔ རོ་མཉམ་ཆེན་པོར་འགོད་པར་སེམས་བསྐྱེད་དོ༔ [ལན་གསུམ་བརྗོད་མཐར་དམིགས་མེད་བཞག །]ཧྲཱིཿ རང་མདུན་ནམ་མཁའ་ཡངས་པའི་ཀློང་༔ རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ༔ ཧྲཱིཿཡིག་དམར་པོ་ཉི་མ་ལྟར༔ འབར་བའི་གཟུགས་ལ་མིག་གཏད་པས༔ ཆོས་རྣམས་རང་བཞིན་ལས་འདས་པའི༔ འཆི་མེད་རྟག་པ་དམ་པའི་དབྱིངས༔ སྨྲ་བསམ་བརྗོད་པ་ཀུན་བྲལ་གྱུར༔ [ཞེས་བརྗོད་དགོངས་པ་གསལ་བཏབ་ནས༔ དབུགས་ཐིང་གཅིག་ལ་ཧྲཱིཿཉེར་གཅིག༔ དག་གསལ་

p. 146

སྙན་པའི་དབྱངས་ཀྱིས་བཟླ༔ དེ་ནས་ཚིག་དོན་སྦྲེལ་བའི་མ༔] ཧྲཱིཿ གཟུང་དང་འཛིན་པའི་དངོས་སྣང་ཀུན༔ རང་བཞིན་མ་གྲུབ་སྟོང་ཆེན་དབྱིངས༔ ཀ་དག་བསམ་བརྗོད་བྲལ་བའི་ངང་༔ རིག་གདངས་གསལ་མདངས་རོལ་པའི་གར༔ འོད་ཕུང་དམར་པོ་འབར་བའི་ཀློང༔ པདྨ་ཉི་ཟླ་རྒྱས་པའི་སྟེང་༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ དམར་གསལ་མཚན་དཔེའི་གཟི་བྱིན་འབར༔ མཉམ་བཞག་ཕྱག་རྒྱས་ཚེ་བུམ་འཛིན༔ ལོངས་སྐུའི་རྒྱན་རྫོགས་འཛུམ་ཞལ་མཛེས༔ ཡུམ་མཆོག་གསང་ཡེ་གོས་དཀར་མོ༔ མདའ་དར་ཚེ་བུམ་བསྣམས་པས་འཁྱུད༔ བདེ་སྟོང་འདུ་འབྲལ་མེད་པར་སྦྱོར༔ ཕུང་[ཡབ་ལྔ་]ཁམས་[ཡུམ་ལྔ་]སྐྱེད་མཆེད་[ལྷ་མོ་དྲུག་]ཚོགས་[ལྷ་མོ་བརྒྱད་]རྩལ[སྒོ་བ་ཡབ་ཡུམ་]༔ ཉི་མ་ལས་ནི་འོད་ཇི་བཞིན༔ རང་[གཞི་དབྱིངས་ཀྱི་]ཤར་དཀྱིལ་འཁོར་དབྱིངས་[ཆེན་པོར་ཆས་]སུ་རྫོགས[པའི་དགོངས་པ་གསལ་འདེབས་ཙམ་བྱ།] ༔ སྤྱི་བོར་པདྨ་ཟླ་བའི་སྟེང་༔ རིག་འཛིན་པདྨ་ཚེ་ཡི་བདག༔ དཀར་གསལ་ཞི་འཛུམ་བདེ་སྟོང་རྒྱས༔ མཉམ་བཞག་ཚེ་བུམ་རྡོ་རྗེ་འཛིན༔ མནྡྷ་ར་བ་དམར་སྐྱ་འཁྲིལ༔ གཉིས་ཀ་དར་དང་རིན་ཆེན་བརྒྱན༔ སྐུ་ཡི་འོད་ཀྱིས་འཁོར་འདས་ཀྱི༔ ཚེ་བཅུད་སྡུད་པའི་ཚུལ་དུ་བཞུགས༔ རང་གི་ཐུགས་

p. 147

ཀར་མི་འགྱུར་བའི༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་ནང་༔ རླུང་སེམས་དབྱེར་མེད་དྭངས་མའི་གཟུགས༔ ཐིག་ལེ་ཁ་དོག་ལྔ་ལྡན་དབུས༔ ཧྲཱིཿཡིག་དམར་པོ་འོད་འབར་བ༔ གཡོ་མེད་དགོངས་པའི་གདིང་བཅས་ལ༔ མ་བཅོས་འཛིན་པ་བྲལ་བའི་ངང་༔ ཨོཾ་ཨཱཿཧྲཱིཿསྭཱཧཱ༔ གུ་རུ་ཨཱ་ཡུརྫྙཱ་ན་སིདྡྷི་ནྲྀ་བྷྲཱུྃ་ཛཿཧཱུྃ་བྃ་ཧོཿ[ཞེས་བཟླས་རྡོ་རྗེའི་འབྲུག་ཅིག་གི༔ ཧྲཱིཿབཟླས་དམིགས་གནད་གཞུང་བཞིན་བྱ༔ ཞེས་གསུངས་པ་ནི་ལས་གཞུང་ལས། དེ་ནས་སྣང་སྲིད་འཁོར་འདས་ཀུན༔ འོད་ཟེར་ལྔ་ལྡན་ཐིག་ལེར་ཞུ༔ ཐུགས་ཀའི་ཧྲཱིཿལས་ཧྲཱིཿདམར་པོ༔ གྲངས་མེད་ནམ་མཁའ་ཁྱབ་པར་འཕྲོས༔ སྔགས་ཀྱི་རང་སྒྲ་ཀུན་ཏུ་འུར༔ སྐྱེ་འཆིའི་མཚན་མ་མི་དམིགས་པའི༔ འོད་གསལ་བདེ་བ་ཆེན་པོའི་ཞིང་༔ རྣམ་དག་ཀློང་ཡངས་རོལ་བར་བལྟ༔ སླར་ཡང་ཧྲཱིཿཡིག་དེ་དག་རྣམས༔ འོད་ལྔའི་ཐིག་ལེ་དང་འདྲེས་ནས༔ འབར་འཕྲིག་རྣམ་པས་ཚུར་འདུས་ཏེ༔ ཐུགས་ཀའི་ཧྲཱིཿལ་འུབ་ཀྱིས་འདུས༔ ཁྱབ་བརྡལ་ཆོས་ཀྱི་དབྱིངས་སུ་འཁྱིལ༔ འཕོ་འགྱུར་མཚན་མས་མི་ཕྱེད་པ༔ རིག་སྟོང་རྡོ་རྗེའི་དབྱིངས་སུ་གྱུར༔ དེ་དག་ཀུན་ཏུ་ཧྲཱིཿཡི་སྔགས༔ སྙན་འགྱུར་བུང་བའི་སྐད་ལྟ་བུ༔ དབྱངས་ཀྱི་རྟ་ལ་བསྐྱོན་ནས་བཟླ༔ རེས་འགའ་བུམ་ཅན་སྦྱོར་བ་དང་༔ བསྟུན་ཏེ་འགོག་དང་རྡོར་བཟླས་ཀྱིས༔ རླུང་སེམས་འཕོ་མེད་དབུ་མར་བཅིངས་༔ རེས་འགའ་ཨ་ཧཾ་འབར་འཛག་གིས༔ ཞུ་བདེས་དྲངས་པའི་དགའ་བ་བཞིན༔ དམར་པོ། ཡིག་དེ་དག་རྣམས༔

p. 148

བདེ་སྟོང་ཡེ་ཤེས་མི་འགྱུར་བའི༔ མཆོག་གི་རང་བཞིན་ཉམས་སུ་མྱོང་༔ འཆི་མེད་རྡོ་རྗེའི་ལང་ཚོ་སྤེལ༔ སླར་ཡང་སྐྱེ་འཆིའི་འཛིན་རྟོག་དང་༔ བསྐྱེད་བཟླས་ཏིང་འཛིན་འཕྲོ་འདུ་སོགས༔ མཚན་མའི་ཡིད་ཀྱི་བྱེད་བཅོས་ཀུན༔ གཞི་གྲོལ་ཁྱབ་བརྡལ་གཉུག་མའི་ངང་༔ མ་བཅོས་རིག་སྟོང་རྗེན་པའི་བབས༔ བློ་འདས་ཆེན་པོའི་དགོངས་པ་བསྐྱང་༔ ཧྲཱི༔ ནི་བཟླས་པ་ཀུན་གྱི་མཆོག༔ ཅེས་པ་ལྟར་སྦྱར་ལ་ཧྲཱིཿབཟླས་གང་འགྲུབ་བྱའོ། །ཐུན་མཐར་སྤྱི་བོའི་བླ་མ་ལ༔ མོས་གུས་ཤུགས་ཀྱི་ཐལ་སྦྱར་གྱིས༔ རྩེ་གཅིག་གདུང་བས་གསོལ་བ་གདབ༔] ཧྲཱིཿ རྒྱལ་བ་ཀུན་དངོས་བཅོམ་ལྡན་ཚེ་དཔག་མེད༔ མཁྱེན་བརྩེ་ནུས་པའི་བདག་ཉིད་པདྨ་འབྱུང་༔ བཀའ་དྲིན་མཉམ་མེད་སྐྱབས་མགོན་རིན་པོ་ཆེ༔ མོས་གུས་གདུང་བ་དྲག་པོས་གསོལ་བ་འདེབས༔ ཡེ་ཤེས་ཆེན་པོས་དགོངས་པའི་རྩལ་བསྐྱེད་ལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ གསོལ་བ་བཏབ་པས་སྤྱི་བོ་ཡི༔ བླ་མ་ཡབ་ཡུམ་མཉམ་སྦྱོར་མཛད༔ སྒྲ་དང་འོད་ཀྱིས་ཞིང་ཀུན་ཁྱབ༔ སྣང་སྲིད་འཁོར་འདས་ཚེ་བཅུད་བསྡུས༔ སྐུར་ཐིམ་དབུ་མའི་ལམ་བརྒྱུད་ནས༔ རང་གི་སྙིང་གར་[བྱོན་ནས་]དགྱེས་མེར་བཞུགས༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན༔ བབས་པས་རང་ལུས་ལྟེམས་སེ་གང་༔ ཧྲཱི༔ ཡིག་འོད་ཀྱིས་དྭངས་བཅུད་རྣམས༔

p. 149

འུབ་འདུས་བུམ་ཅན་སྦྱོར་བས་བསྡམས༔ མི་གཡོ་མི་ཤིགས་རྡོ་རྗེའི་[དགོངས་ཀློང་]སྦུབས༔ རྒྱས་བཏབ་རང་ལུས་སྟོང་གསལ་གྱི༔ འཇའ་འོད་སྒྲིབ་ཐོག་བྲལ་བའི་མདངས༔ ཚེར་འབར་སྣང་སྲིད་སྣོད་བཅུད་ཀུན༔ དངོས་བྲལ་འོད་ཀྱི་ཕུང་པོར་གྱུར༔ [བདག་གཞན་འཛིན་སེམས་རྣམ་པར་དག༔ རང་གསལ་གཞིར་བཞེངས་འོད་མི་འགྱུར༔ བཤེགས་བཞུགས་སྤྲོས་པའི་མཐའ་ལས་འདས༔ ངོ་བོ་ཉིད་ཀྱི་ཀློང་དུ་བཞག༔ འདོད་པའི་ཡོན་ཏན་ཅི་སྤྱད་ཀྱང་༔ ཐ་མལ་རྟོག་པས་མ་བཅིངས་པར༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས༔ ཡེ་ཤེས་རོལ་པའི་རྒྱན་དམ་པ༔ འཆི་མེད་བདུད་རྩིར་མོས་པས་སྤྱད༔ འགྲོ་འདུག་འགུལ་བསྐྱོད་ཐམས་ཅད་ཀྱང་༔ རྡོ་རྗེའི་གར་གྱི་འཕྲུལ་འཁོར་ཆེ༔ མཉམ་པ་ཉིད་ཀྱི་ཕྱག་རྒྱར་བསྒྱུར༔ ངག་གི་སྨྲ་བརྗོད་ཇི་སྙེད་པ༔ རླུང་སྔགས་དབྱེར་མེད་རྡོ་རྗེའི་དབྱངས༔ ཚེ་ཡི་ཛཔྲ་ཏུ་ཤེས་པའི་ངང་༔ ཨ་ཡིག་གསུམ་སྦྲེལ་གདངས་ཀྱིས་བརླབས༔ ཡིད་ཀྱི་རྟོག་ཚོགས་ཅི་ཤར་ཡང༔ ཤར་ཙམ་ཉིད་ནས་རང་གྲོལ་བ༔ སོ་སོ་རང་ཉིད་རིག་པའི་གཞིར༔ ཧྲཱི༔ ཧྲཱི༔ ཧྲཱི༔ ཞེས་མ་བཅོས་པའི༔ དགོངས་པ་ཁྱབ་བརྡལ་ཆེན་པོར་བཞག༔ [སྤྲོ་ན་བསྔོ་སྨོན་བཀྲ་ཤིས་བཅས་ལས་གཞུང་ལྟར་བྱ། མཆན་]སྐྱེ་འཆི་མཚན་མ་རང་གྲོལ་བའི༔ མན་ངག་ཟབ་ཏིག་གུ་ཧྱ་རྒྱ༔ རྒྱུན་དུ་ཆག་མེད་ཉམས་བླངས་ནས༔ ལུས་ཀྱི་འབྱུང་ཁམས་མི་འཁྲུགས་ཤིང་༔ སྟོབས་རྩལ་དབང་པོ་རྒིད་པ་སོས༔ བླ་ཚེ་ཉམས་པ་རང་སོར་ཆུད༔ དུས་མིན་འཆི་བ་ངེས་པར་བཟློག༔ ཚེ་ཟད་]

p. 150

པ་ཡང་ཕྱིར་ལ་བསྲིངས༔ སྦས་སྒོམ་བླ་མེད་མཐར་ཐུག་གོ༔ ཞེས་པའང་ཀུན་མཁྱེན་རྒྱལ་བའི་དབང་པོ་བཅོ་ལྔ་པའི་བཀའ་གསང་རིན་པོ་ཆེ་གཙུག་ཏུ་བཅིངས་ཏེ་ཉེ་བར་མཁོ་བའི་མཚམས་སྦྱོར་ངག་འདོན་བད་བའི་ཆེད་གསར་སྦྱོར་ཚིག་སྣ་ཕྲན་བུ་རེ་འབྱིན་འཇུག་དང་བཅས་ནམ་མཁའི་རྡོ་རྗེས་གཏེར་གཞུང་ལས་ཁོལ་དུ་ཕྱུངས་ནས་མཚུར་མདོ་བོ་ལུང་གི་ཆོས་གྲྭར་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ།། །།

རྡོ་རྗེ་ཕུར་པ་ཡང་གསང་བཅུད་དྲིལ་གྱི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཕུང་།

p. 151

[རྡོ་རྗེ་ཕུར་པ་ཡང་གསང་བཅུད་དྲིལ་གྱི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཕུང་ཞེས་བྱ་བ་བཞུགས་སོ།། །།] ཨོཾ་ཨཱཿཧཱུྃ་ཧྲཱིཿ ཆོས་དབྱིངས་མཁའ་ལྟར་ཡངས་པའི་ཞིང་ཁམས་ཀྱི། །འཆི་མེད་ཐིག་ལེ་ཉག་གཅིག་ཕོ་བྲང་ནས། །བཅོམ་ལྡན་ཚེ་དཔག་མེད་ལ་གསོལ་བ་འདེབས། །འགྱུར་མེད་ཡེ་ཤེས་ཚེ་དབང་ཐོབ་པར་ཤོག །ཨེ་ཡིག་ཆོས་འབྱུང་བདེ་ཀློང་འཁྱིལ་བའི་ཞིང་། །དགའ་བཞིའི་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ན། །གསང་ཡེ་ཙཎྜ་ལཱི་ལ་གསོལ་བ་འདེབས། །འགགས་མེད་ལྷུན་གྲུབ་ཚེ་དབང་ཐོབ་པར་ཤོག །རང་སྣང་རྣམ་དག་པདྨ་དྲྭ་བའི་ཞིང་། །རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ན། །བདེ་གཤེགས་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །འཕོ་བྲལ་ཟག་མེད་ཚེ་དབང་ཐོབ་པར་ཤོག །ཀུན་བཟང་མཉམ་ཡངས་ཁྱབ་བརྡལ་ཞིང་ཁམས་ཀྱི། །བདེ་སྟོང་ཐིག་ལེ་འཁྱིལ་བའི་ཕོ་བྲང་ན། །མ་གཅིག་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །འཆི་མེད་རྡོ་རྗེའི་ཚེ་དབང་ཐོབ་པར་ཤོག །ཟག་མེད་བློ་འདས་འཆི་མེད་བུམ་པ་སྐུར། །འུབ་ཆུབ་ཡེ་ཤེས་རྒྱས་པའི་དཀྱིལ་འཁོར་ན། །བཻ་རོ་ཙཱ་ན་རྡོ་རྗེ་བདུད་འཇོམས་ལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །གང་འདུལ་ཐུགས་རྗེ་རོལ་པའི་ཞིང་ཁམས་ན། །ལས་ཅན་སྐྱེས་བུ་ཆོས་ཀྱི་བདག་པོ་མཆོག །བཀའ་བབས་ལུང་ཟིན་བརྒྱུད་པར་

p. 152

བཅས་པ་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །ངོ་བོ་འོད་གསལ་ཀ་དག་ཆོས་སྐུའི་དབྱིངས། །རང་བཞིན་མ་འགགས་འཆི་མེད་དཀྱིལ་འཁོར་ལྷ། །ཐུགས་རྗེའི་རོལ་རྩལ་བཀའ་སྲུང་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ཚེ་དབང་བྱིན་ཆེན་ཕོབ། །རྩ་བརྒྱུད་བླ་མ་རྩ་གསུམ་དཀྱིལ་འཁོར་པར། །གུས་པས་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བྱང་ཆུབ་སྒྲུབ་པའི་བར་ཆད་ཀུན་ཞི་ཞིང་། །བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས། །ཟག་བཅས་ལུས་དག་འཆི་མེད་འོད་སྐུར་གྲོལ། །འཕོ་བཅས་རླུང་དག་བདེ་ཆེན་ཐིག་ལེར་སྨིན། །གཟུང་འཛིན་བདུད་བཅོམ་ཡེ་ཤེས་རྡོ་རྗེར་གྲུབ། །འཆི་མེད་གཉུག་མའི་ཚེ་ལ་དབང་ཐོབ་སྟེ། །ནམ་མཁའ་ཇི་སྲིད་རྒྱུན་ཆད་མི་མངའ་བ། །ཚེ་དཔག་མེད་དང་དབྱེར་མེད་སངས་རྒྱས་ནས། །མ་འགགས་ཐུགས་རྗེ་རོལ་པའི་འཕྲིན་ལས་ཀྱིས། །འགྲོ་ཁམས་སྨིན་གྲོལ་ནུས་པར་བྱིན་གྱིས་རློབས། །[ཞེས་པའང་བ་ཆོས་ཀྱི་བདག་པོ་གཏེར་འབྱིན་བླ་མ་གང་ནས་གསུང་བསྐུལ་མཛད་པ་བཞིན། དུས་མཐའི་སྔགས་བཙུན་དཔལ་ཀརྨ་པ་མཁའ་ཁྱབ་བདེ་བའི་རྡོ་རྗེར་འབོད་པས་ལྷག་བསམ་དག་པས་བྲིས་པ་དོན་ལྡན་དུ་གྱུར་ཅིག །།]

ཚེ་ཡི་ལྷ་ཚོགས་ཐུགས་དམ་སྐོང་བའི་རིམ་པ་འཆི་མེད་ནོར་བུ་དཔག་བསམ་ལྗོན་ཕྲེང་།

p. 153

༄༅། །ཚེ་ཡི་ལྷ་ཚོགས་ཐུགས་དམ་སྐོང་བའི་རིམ་པ་འཆི་མེད་ནོར་བུ་དཔག་བསམ་ལྗོན་ཕྲེང་ཞེས་བྱ་བ་བཞུགས་སོ། །

p. 154

[སྐོང་རྫས་རྣམས།] ཨོཾ་པདྨ་ཀྲོདྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་[བསང་།] སྭ་བྷཱ་ཝ་[སོགས་ཆོས་ཉིད་རྣམ་དག་གི་སྔགས་རྒྱས་སྦྱང་།] སྟོང་པའི་ངང་ལས་གནས་ཡུལ་རྡོ་རྗེའི་ཞིང་། །པདྨ་རྣམ་པར་རྒྱས་པའི་ཕོ་བྲང་དབུས། །ཕྱི་ནང་གསང་མཆོག་ཁྱད་པར་བླ་མེད་རྫས། །གྲུབ་པའི་བདུད་རྩི་དགོས་འབྱུང་ནོར་བུའི་གཏེར། །ཟག་བྲལ་བདེ་བའི་མཆོད་སྤྲིན་མཐའ་ཀླས་པ། །འགྲིབ་མེད་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཆེ། །འདོད་ཡོན་ལྷ་ཚོགས་རྡོ་རྗེའི་ལྷ་མོར་བཅས། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་གང་བར་གྱུར། །[འབྲུ་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་རེས་བརླབ་ཅིང་།] ཨོཾ་

p. 155

བཛྲ་སྥ་ར་ཎ་ཁྃ་[གིས་སྤེལ་ལ། དབྱངས་སྙན་རོལ་མོའི་སྒྲ་དང་། དྲི་བཟང་སྤོས་ཀྱིས་གཟི་བྀན་སྤར་ཏེ།] ཧྲཱིཿ ཆོས་དབྱིངས་གདལ་པ་ཆེན་པོས་ལས། །རང་བྱུང་ཡེ་ཤེས་ཀུན་ཏུ་སྣང་། །མི་འགྱུར་ཚེ་ཡི་ལྷ་ཚོགས་རྣམས། །འདིར་འདུས་རིག་འཛིན་བདག་ཅག་གིས། །དད་གདུང་མོས་པས་སྤྱན་འདྲེན་ན། །མི་འདའ་རྡོ་རྗེའི་ཡལ་གམ་དགོངས། །དམ་ཚིག་གསང་བའི་གནས་མཆོག་འདིར། །དགྱེས་རབ་རྡོ་རྗེའི་སྐུ་ཡི་གར། །ཕྱིག་རྒྱ་སྟངས་སྟབས་ཤིགས་སེ་ཤིག །ཚངས་དབྱངས་རྡོ་རྗེའི་གསུང་གི་གདངས། །སྐྱེ་འགགས་བྲལ་བའི་དབྱངས་སུ་ལྡིར། །མི་གཡོ་རྡོ་རྗེའི་ཐུགས་ཀྱིས་རྩལ། །

p. 156

གཞི་གྲོལ་བདེ་ཀློང་འཁྱིལ་བར་གདལ། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེའི། །བཀོད་པ་བསམ་ཡས་རོལ་པར་བཅས། །འཇའ་འོད་མེ་ཏོག་ལམས་སེ་ལམ། །རིན་ཆེན་རྒྱན་ཕྲེང་ཁྲལ་ལ། །དར་དཔྱངས་ཅོད་པན་པུ་རུ་རུ། །གདུ་བུ་དྲིལ་གཡེར་སི་ལི་ལི། །ཐོར་ཚུགས་སྙན་ཆ་ལྡེམས་སེ་ལྡེམ། །དགྱེས་པའི་འཛུམ་ཞལ་ཀྱི་ལི་ལི། །ཚེ་དབང་བྱིན་ཆེན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་ཤ་ར་ར། །ཕོ་ཉ་ལས་བྱེད་ཁྱུགས་སེ་ཁྱུག །སྤོས་སྤྲིན་རོལ་མོའི་སྒྲ་དང་བཅས། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །འབྱོར་ཚོགས་བཤམས་པའི་མཆོད་སྤྲིན་བཞེས། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་རྫས་རྣམས་ལ་བཅུད་གཡང་ཕོབ། །སྤྱན་གཟིགས་བཀོད་པའི་བཀྲག་མདངས་ཕྱུངས། །སྒྲུབ་མཆོག་རྣམས་ལ་ཡེ་ཤེས་སྤོར། །དམ་སྐོང་ཚེ་དབང་དངོས་གྲུབ་སྩོལ། །ཧྲཱིཿ ཀུན་ཏུ་བཟང་པོའི་སྨོན་ལམ་དང་། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལས། །ངོ་མཚར་བཀོད་པ་ཕུལ་བྱུང་བ། །ཧེ་རུ་ཀ་ཡི་ཏིང་འཛིན་འཕྲུལ། །དམིགས་བསམ་བྲལ་བར་རང་ཤར་བ། །བློ་ལས་འདས་པའི་སྤྲིན་རབ་འབྱམས། །སྣང་ཡུལ་ཐམས་ཅད་མཆོད་པའི་རྒྱན། །རྡོ་རྗེའི་

p. 157

དབང་པོར་མཉམ་སྦྱོར་བའི། །བདེ་ཆེན་མཆོག་གི་དགའ་སྟོན་ཆེ། །གཉིས་མེད་མཉམ་པའི་ཀློང་དུ་འབུལ། །བླང་དོར་འཛིན་པ་བྲལ་བར་བཞེས། །ཡེ་གྲོལ་གཉུག་མའི་དབྱིངས་སུ་བསྐང་། །ཉམས་ཆག་གདོད་ནས་མ་སྐྱེས་པ། །དག་མཉམ་ལྷུན་འབྱམས་ཡངས་པར་བཤགས། །བདེ་སྟོང་འགྱུར་བ་མེད་པའི་དཔྱིད། །འཕོ་བྲལ་དོན་གྱི་ཚེ་དབང་སྩོལ། །ཧྲཱིཿ ཀ་དག་དབྱིངས་ཀྱི་ནམ་མཁའ་ལས། །ལྷུན་གྲུབ་རིག་རྩལ་མཆོད་པའི་སྤྲིན། །ཆོས་ཉིད་མངོན་སུམ་རོལ་པའི་རྒྱན། །གོང་འཕེལ་ལུ་གུ་རྒྱུད་ཀྱི་ཕྲེང་། །ཚད་ཕེབས་བཀོད་པ་ཆེན་པོར་བཤམས། །གཉིས་སྣང་ཟད་པའི་ལོངས་སྤྱོད་གཏེར། །གཉིས་མེད་རང་གསལ་ཀློང་དུ་གདལ། །རྨད་བྱུང་རྡོ་རྗེའི་ཉེར་མཆོད་རྫས། །འཆི་མེད་བཅུད་ཀྱི་ཨརྒྷཾ་རྒྱུན། །མཚོ་ལྟར་བསྐྱིལ་བ་དྭངས་རེ་སྤྲོ། །མཛེས་སྡུག་མེ་ཏོག་པདྨའི་ཕྲེང་། །གཅལ་དུ་བཀྲམ་པ་བཀོད་རེ་ལེགས། །སྦྱར་དང་རང་བྱུང་དྲི་བཟང་སྤོས། །བསུང་ཞིམ་སྤོས་སྤྲིན་བྱིན་རེ་ཆགས། །ཉི་ཟླ་ནོར་བུ་སྒྲོན་མེའི་འོད། །སྣང་གསལ་དཀྱིལ་འཁོར་འོད་རེ་འབར། །ངད་ཞིམ་རེག་འཇམ་ཁ་དོག་བཟང་། །རྨད་བྱུང་དྲི་ཆབ་ཉམས་

p. 158

རེ་དགའ། །བཅའ་མུར་ལྡག་གཞིབ་ཞལ་ཟས་ཚོགས། །ལྷུན་པོར་སྤུངས་པ་བརྗིད་རེ་ཆེ། །སིལ་སྙན་དྲིལ་རྔ་གླིང་བུའི་སྒྲ། །ཟག་མེད་བདེ་བའི་དབྱངས་རེ་སྙན། །གདུང་སེལ་སྲབ་འཇམ་ཡངས་པའི་གོས། །ཟ་འོག་མན་ཏྲི་ལྷབ་མ་ལྷུབ། །གདུང་མེད་རབ་མཛེས་རིན་ཆེན་རྒྱན། །སྐད་སྙན་དྲིལ་གཡེར་སིལ་ཁྲོལ་འབྱིན། །སྒེག་བཞད་གླུ་དང་གར་རྡོ་རྗེ། །མཚར་སྡུག་ལང་ཚོ་ངོམས་པའི་ཚོགས། །རང་རང་མཆོད་པའི་གར་སྒྱུར་མ། །གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས། །གཞན་ཡང་སྤྱན་གཟིགས་ལོངས་སྤྱོད་རྒྱན། །འཁོར་ལོས་སྒྱུར་བའི་བསོད་ནམས་ལས། །གྲུབ་པའི་རྨད་བྱུང་རྒྱལ་སྲིད་བདུན། །མི་དབང་དམ་པའི་ཉེར་སྤྱད་འབུལ། །ཉེ་བའི་རིན་ཆེན་རྣམ་བདུན་བཅས། །དགའ་བའི་ཡེ་ཤེས་རོལ་པའི་སྤྲིན། །སྣ་ཚོགས་ཕྱི་ཡི་མཆོད་པ་འདིས། །ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །བུམ་དབང་དམ་ཚིག་ཉམས་ཆག་བཤགས། །སྣང་སྟོང་འཆི་མེད་རྡོ་རྗེའི་སྐུ། །འགྱུར་མེད་རྟག་པའི་དངོས་གྲུབ་སྩོལ། །ཧྲཱིཿརང་བྱུང་རོལ་པའི་འདོད་ཡོན་ནི། །ཟག་མེད་བདེ་ཀློང་ཡངས་པའི་འཕྲུལ། །རབ་མཛེས་

p. 159

གཟུགས་ཀྱི་རྡོ་རྗེ་མ། །མཚར་སྡུག་མུ་ཏིག་འོད་དུ་འཚེར། །སྣང་སྲིད་གསལ་བའི་ཨཱ་དརྴ། །ངོ་མཚར་ཡིད་འོང་སྣ་ཚོགས་བཀྲ། །སྣང་སྟོང་མཆོད་འབུལ་ལྷ་མོ་འབུམ། །ལང་ཞོའི་དཔལ་གྱི་འཇོ་སྒེག་ངོམས། །ཡིད་འཛིན་སྒྲ་ཡི་རྡོ་རྗེ་མ། །མདངས་མཛེས་གསེར་མཆོག་འོད་དུ་ལྟམ། །འུར་ཏིང་སིང་ཁྲོལ་རོལ་མོའི་སྒྲ། །སྙན་འགྱུར་ཡིད་འཕྲོག་སྣ་ཚོགས་འཁྲོལ། །གྲགས་སྟོང་མཆོད་འབུལ་ལྷ་མོ་འབུམ། །ངད་བཟང་དྲི་ཡི་རྡོ་རྗེ་མ། །བཀྲག་གསར་མརྒད་འོད་དུ་གསལ། །བདེ་སྐྱིད་མདངས་གསལ་བྱུག་པའི་མཆོག །སྣ་ཚོགས་དྲི་ཡི་དུང་ཕོར་བསྣམས། །ཚོར་སྟོང་མཆོད་འབུལ་ལྷ་མོ་འབུམ། །ཚིམ་བྱེད་རོ་ཡི་རྡོ་རྗེ་མ། །དགའ་བསྐྱེད་རཱ་གའི་མདངས་འོད་འབར། །ཁ་དོག་དྲི་རོ་ནུས་པའི་བཅུད། །ཡན་ལག་སྟོང་ལྡན་ཟས་གཞོང་འཛིན། །མྱང་སྟོང་མཆོད་འབུལ་ལྷ་མོ་འབུམ། །འཇམ་འཁྲིལ་རེག་བྱའི་རྡོ་རྗེ་མ། །སྣ་ཚོགས་གསལ་བའི་འོད་དུ་བཀྲ། །པཉྩ་ལཱི་ཀའི་ན་བཟའ་དང་། །ཟག་མེད་དབང་པོའི་རེག་བྱ་སྟོབས། །བདེ་སྟོང་མཆོད་འབུལ་ལྷ་མོ་འབུམ། །ཀུན་ཁྱབ་ཆོས་ཀྱི་རྡོ་རྗེ་མ། །

p. 160

མུ་མེན་མཐིང་གའི་འོད་དུ་བརྗིད། །འཁོར་བ་མྱ་ངན་འདས་པའི་ཆོས། །ཡོངས་རྫོགས་ཆོས་འབྱུང་སྤྱན་མཚན་ངོམས། །མཉམ་ཉིད་མཆོད་འབུལ་ལྷ་མོ་འབུམ། །གཟི་ལྡན་དབང་ཕྱུག་རྡོ་རྗེ་མ། །སྔོ་དམར་ནཱི་ལའི་མདངས་འོད་ཆགས། །དབང་ལྔ་ཚིལ་ཞུན་རྐང་གླིང་དྲི། །དུག་ལྔ་ཡེ་ཤེས་དབྱིངས་དག་རྫས། །རོལ་པའི་མཆོད་འབུལ་མཁའ་འགྲོ་འབུམ། །གཞན་ཡང་བླ་མེད་གསང་བའི་མཆོག །རྡོ་རྗེའི་དམ་ཚིག་ཆེན་པོའི་རྒྱན། །དངོས་གྲུབ་ཀུན་འབྱུང་གྲུབ་པའི་དབྱིག །འཇིག་རྟེན་དགེ་ལེགས་བྱེད་པའི་ཕྱིར། །རྒྱལ་བས་བྱིན་བརླབས་རྫས་མཆོག་བརྒྱད། །ཐུན་མོང་ལས་ཆེན་དངོས་གྲུབ་རྣམས། །གྲུབ་པའི་ནོར་བུ་རྫས་བརྒྱད་བཅས། །མཆོག་དགའི་ཡེ་ཤེས་འབར་བའི་སྤྲིན། །རང་བྱུང་ནང་གི་མཆོད་པ་འདིས། །ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །གསང་དབང་དམ་ཚིག་ཉམས་ཆགས་བཤགས། །གྲགས་སྟོང་འཆི་མེད་རྡོ་རྗེའི་གསུང་། །གཞོམ་མེད་དབྱངས་ཀྱི་དངོས་གྲུབ་སྩོལ། །ཧྲཱིཿ གསང་མཆོག་རྡོ་རྗེ་ཚེ་ཡི་བཅུད། །ཐབས་ཀྱི་ཐིག་ལེ་ཤ་ཆེན་ལྔ། །ཤེས་རབ་སྟོང་དབྱིངས་བདུད་རྩི་ལྔ། །

p. 161

སྣང་ཞིང་སྲིད་པའི་རྩི་དང་སྨན། །དག་མཉམ་དབྱིངས་སྦྱོར་འཆི་མེད་རྩི། །རཱ་ས་ཡ་ནའི་མཆོད་པ་དང་། །མ་རིག་དག་འཛིན་བག་ཆགས་ལུས། །རིག་པའི་ཕྱག་རྒྱས་ཕུག་པའི་ཁྲག །བདེ་ཀློང་པདྨའི་རཀྟར་བཅས། །འཁོར་བ་ཐུགས་རྗེས་མི་གཏོང་ཕྱིར། །བདེ་ཆེན་ཆགས་པ་བསྐུལ་བའི་རྫས། །ཧེ་རུ་ཀ་ཡི་དམ་ཚིག་ཆེ། །མ་ཧཱ་རཀྟའི་མཆོད་པ་དང་། །སྟོང་ཉིད་གནས་མཆོག་ཀ་པཱ་ལ། །ཆོས་འབྱུང་ཡུམ་གྱི་པདྨོ་རུ། །སྣང་བ་བཅུད་ཀྱི་གཏོར་ཆེན་པོ། །རྡོ་རྗེ་ལྷུན་པོའི་བ་ལིཾ་ཏ། །ཐབས་ཤེས་རྡོ་རྗེ་ཚེ་དང་མགལ། །མཉམ་སྦྱོར་བྱང་སེམས་ཐིག་ལེར་འཁྱིལ། །དགའ་བ་བཅུ་དྲུག་རྒྱན་གྱིས་སྤྲས། །སྟོང་ཉིད་འོད་གསལ་དངས་གུར་ཕུག །ཟག་མེད་དགའ་དང་བདེ་བའི་ཕུལ། །ཀུན་འབྱུང་ཡིད་བཞིན་རིན་ཆེན་གཏེར། །བདེ་ཆེན་ཚོགས་ཀྱི་འཁོར་ལོ་དང་། །སངས་རྒྱས་བསོད་ནམས་མཐུས་གྲུབ་པ། །བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱ་བརྒྱད། །ཁྱད་པར་འཆི་མེད་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྟེན། །སྲོག་འཁོར་བླ་རྡོ་རྟེན་རྫས་བཀོད། །བླ་སྲོག་དབུགས་ཚེའི་རྟེན་མཁར་བཤམས། །བསྐྱེད་སྔགས་རྫོགས་དང་

p. 162

རྫོགས་པ་ཆེའི། །རྣལ་འབྱོར་རིམ་པ་མཐར་དབྱུངས་ཤིང་། །བཅུད་ལེན་ལས་ཀྱི་སྦྱོར་བ་རྣམས། །གྲུབ་པའི་གཞུང་བཞིན་བརྩམས་པ་སོགས། །དགའ་བྲལ་ཡེ་ཤེས་ལོངས་སྤྱོད་སྤྲིན། །རྨད་བྱུང་གསང་བའི་མཆོད་པ་འདིས། །ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །ཤེར་དབང་དམ་ཚིག་ཉམས་ཆག་བཤགས། །བདེ་སྟོང་འཆི་མེད་དངོས་གྲུབ་སྩོལ། །ཧྲཱིཿ བསམ་བརྗོད་བྲལ་བའི་ཡེ་ཤེས་དབྱིངས། །མཉམ་ཉིད་འདུ་འབྲལ་མེད་པའི་རྒྱན། །བྱང་ཆུབ་སེམས་ཀྱི་བདེ་བའི་སྤྲིན། །དགའ་བ་བཅུ་དྲུག་ལོངས་སྤྱོད་གཏེར། །ཀུན་ཏུ་བཟང་མོ་དབྱིངས་ཀྱི་མཁའ། །ཆོས་འབྱུང་ཡུམ་གྱི་ཨེ་ཀློང་དུ། །ཀུན་ཏུ་བཟང་པོ་ཆེ་བའི་མཆོག །འགྱུར་མེད་བདེ་ཆེན་ཐིག་ལེ་ཝྃ། །ཁ་སྦྱོར་བདེ་མཆོག་རྒྱས་འདེབས་མ། །རིགས་ལྔའི་ཕྱག་རྒྱ་བཅུ་དྲུག་ཕྲག །འབུམ་ཕྲག་ཡངས་པའི་ཕོ་ཉ་མོ། །སྣ་ཚོགས་རིན་ཆེན་འོད་དུ་འཚེར། །ཡིད་འོང་ལང་ཞོའི་ཕུལ་གྱིས་ཕྱུག །ངོ་མཚར་དམ་པའི་རྒྱན་གྱིས་སྤུད། །རྩེ་འཇོ་རྒོད་པའི་རྣམ་འགྱུར་ངོམས། །འཁྲིལ་འཇམ་རེག་བྱའི་དཔལ་ལྡན་མར། །རྡོ་རྗེ་པདྨ་མཉམ་སྦྱོར་བའི། །གསང་མཆོག་

p. 163

བདེ་བའི་མཆོད་པ་དང་། །ཆོས་ཉིད་མཉམ་པའི་ཧོམ་ཁུང་དུ། །ཆོས་ཅན་རྟོག་ཚོགས་རཱུ་ཏྲ་བཀུག །གཉིས་མེད་རྡོ་རྗེའི་མཚོན་ཆ་ཡིས། །སྐྱེ་འཆིའི་མཚན་རྟོག་དབྱིངས་སུ་བསྒྲལ། །དུག་གསུམ་རྡོ་རྗེ་གསུམ་དག་པའི། །ཤ་ཁྲག་རུས་པའི་མཆོད་པ་ཆེ། །ཁམས་གསུམ་ཡོངས་སྒྲོལ་དམ་ཚིག་དང་། །སྣང་གསལ་འོད་དང་མཚན་ལྡན་བམ། །སྲོག་ཆགས་མདངས་ཏེ་དགྱེས་སྐོང་རྫས། །ལྷན་ཅིག་སྐྱེས་དགའི་ལོངས་སྤྱོད་སྤྲིན། །སྦྱོར་སྒྲོལ་བརྟུལ་ཞུགས་རྨད་པོ་ཆེ། །བླ་མེད་མཆོག་གི་མཆོད་པ་འདིས། །ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །ཀ་དག་ལྟ་བའི་དམ་ཉམས་བཤགས། །དབྱེར་མེད་ཡེ་ཤེས་རྡོ་རྗེའི་དབྱིངས། །ཕྱམ་གདལ་ཆེན་པོའི་དངོས་གྲུབ་སྩོལ། །ཧྲཱིཿ ཡེ་ཤེས་རྣམ་པ་ཐམས་ཅད་པ། །སེམས་ཀྱི་ཡིད་བཞིན་ཀུན་འབྱུང་གཏེར། །ནམ་མཁའ་ཐམས་ཅད་གཞལ་ཡས་ཁང་། །ཉི་ཟླ་གཟའ་སྐར་རྒྱན་དུ་བཀྲམ། །སྤྲིན་དང་འཇའ་ཚོན་འཕན་དར་དཔྱངས། །བཀྲག་གསལ་ལྷུན་སྡུག་བག་རེ་དྲོ། །སྣང་བ་ཐམས་ཅད་འདོད་ཡོན་སྤྲིན། །ལོངས་སྤྱོད་ཚོགས་ཀྱི་རྫས་སུ་བཤམས། །སྐྱེ་འགྲོ་ཐམས་ཅད་མཆོད་པའི་ལྷ། །དཔའ་

p. 164

བོ་དཔའ་མོའི་གར་སྟབས་འཁྱུག །སྒྲ་གྲགས་ཐམས་ཅད་སྙིང་པོའི་ཛཔྲ། །བརྗོད་བྲལ་ནཱ་དའི་དབྱིངས་སུ་ལྡིར། །དྲན་རྟོག་ཐམས་ཅད་འོད་གསལ་བ། །རིག་པ་བདེ་གཤེགས་སྙིང་པོར་བཞེངས། །ཡེ་དག་ཀུན་བཟང་ཡངས་པའི་ཀློང་། །གཞི་རྫོགས་དོན་གྱི་ཕྱག་རྒྱ་ཆེ། །སྟོང་སྲོག་གཅིག་ཏུ་དྲིལ་བའི་གདེངས། །མཚན་མའི་རྟོག་པས་མི་ཕྱེད་པ། །བློ་འདས་དགའ་ཆེན་རྡོ་རྗེའི་སྤྲིན། །འཁོར་གསུམ་ཡེ་གྲོལ་མཆོད་པ་འདིས། །ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །ལྷུན་གྲུབ་དགོངས་པའི་དམ་ཉམས་བཤགས། །ཐ་སྙད་ཟད་པ་བུམ་པ་སྐུར། །འུབ་ཆུབ་ཆེན་པོའི་དངོས་གྲུབ་སྩོལ། །ཧྲཱིཿ སྐྱེ་བ་མེད་པའི་ཡེ་ཤེས་རྩལ། །འགགས་པ་མེད་པའི་ཕྱག་རྒྱར་བཞེངས། །འཆི་མེད་མི་འགྱུར་རྡོ་རྗེའི་སྐུ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །ཀུན་ཏུ་བཟང་པོ་འོད་མི་འགྱུར། །འཆི་མེད་བླ་མ་ཚེ་དཔག་མེད། །པདྨ་དབྱིངས་ཕྱུག་ཡུམ་དང་སྦྱོར། །ཡབ་ཡུམ་གཉིས་མེད་ཐུགས་དམ་བསྐང་། །འགྲོ་འདུལ་པདྨ་གར་གྱི་དབང་། །ཐུགས་རྗེ་ཆེན་པོ་ཚེ་དཔག་མེད། །གསང་བ་ཡེ་ཤེས་ཡུམ་དང་འཁྲིལ། །ཡབ་ཡུམ་གཉིས་མེད་ཐུགས་དམ་བསྐང་། །

p. 165

དཀྱིལ་འཁོར་དབང་ཕྱུག་བཅོམ་ལྡན་འདས། །ཡེ་ཤེས་རྒྱལ་པོ་ཀུན་ཏུ་འཆང་། །འཆི་མེད་པདྨ་ཐོད་ཕྲེང་རྩལ། །ཚེ་བདག་མགོན་པོའི་ཐུགས་དམ་བསྐང་། །འཁོར་འདས་སྐུ་ཡི་བཀོད་པས་ཁྱབ། །སྒྲ་སྐད་གསུང་གི་གདངས་སུ་རྫོགས། །དྲན་རྟོག་ཐུགས་ཀྱི་དབྱིངས་སུ་བསྟུད། །ཚེ་བདག་མགོན་པོའི༴ རང་བྱུང་པདྨ་ཚེ་ཡི་ལྷ། །ཐུགས་རྗེའི་ཐབས་ཀྱིས་འགྲོ་བ་འདུལ། །འཆི་མེད་མཆོག་སྩོལ་ཡིད་བཞིན་ནོར། །ཚེ་བདག་མགོན་པོའི༴ བདེ་སྟོང་དགའ་བཞིའི་ཡེ་ཤེས་འདྲེན། །ན་བཟའ་དཀར་མོ་ཚེ་ཡི་བདག །དབྱིངས་ཕྱུག་ལྷ་མོ་པདྨའི་ལྕམ། །མནྡཱ་ར་བའི༴ སྐུ་དང་ཡེ་ཤེས་མཐའ་ཡས་མགོན། །ཡོན་ཏན་ཚད་མེད་གངས་ཅན་མཚོ། །རིགས་བཞིའི་ཐོད་ཕྲེང་ཚེ་ཡི་བདག །ཡབ་ཡུམ་གཉིས་མེད༴ རྟག་པ་ལ་སོགས་བདེ་བར་གཤེགས། །ཚེ་ལྷའི་སྐུ་གསུང་ཐུགས་ཡོན་ཏན། །སྲོག་བླ་དབུགས་ཚེའི་རྟེན་མཁར་ཚུལ། །ཕྱག་རྒྱ་ལྷ་ཡི༴ ཡུལ་དང་དབང་པོ་ཕ་རོལ་ཕྱིན། །རྣམ་དག་རྡོ་རྗེའི་མཆོད་སྤྲིན་གྱིས། །ཚེ་ལྷའི་དཀྱིལ་འཁོར་དགྱེས་བསྐྱེད་ཡུམ། །ལྷ་མོ་དྲུག་གི༴ རྟོག་ཚོགས་དག་པ་རྣམ་ཐར་དང་། །ཟིལ་གནོན་འཕགས་ལམ་

p. 166

བརྒྱད་རང་བཞིན། །ཚེ་ཡི་ལས་བྱེད་བཀྲ་ཤིས་ལྷ། །མགྱོགས་མ་བརྒྱད་ཀྱི༴ དྲན་པ་ཉེར་བཞག་ཚད་མེད་དང་། །དགའ་བའི་རང་བཞིན་ཕོ་ཉའི་ལྷ། །ཚེ་བདུད་བར་ཆད་བདུད་དཔུང་འཇོམས། །སྒོ་སྲུང་ཡབ་ཡུམ༴ དབང་མཆོག་པདྨ་རིགས་ཀྱི་ལྷ། །འཁོར་འདས་ཟིལ་གནོན་རྟ་སྐད་བཞད། །བགེགས་འདུལ་དཔལ་ཆེན་ཚེ་ཡི་བདག །ཧྱ་གྲཱི་ཝའི་ཐུགས་དམ་བསྐང་། །ཧྲཱིཿ བདེ་མཆོག་འཆི་མེད་གྲུབ་པའི་རྒྱལ། །མཐིང་འོད་འབར་མ་ཚེ་ཡི་བདག །ལཱ་སྱེ་དཀར་མོ་དྷཱ་ཀིའི་གཙོ། །ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །མཁྱེན་བརྩེའི་ཡེ་ཤེས་མུ་མཐའ་མེད། །དེ་ཉིད་གཟིགས་པའི་སྤྱན་དང་ལྡན། །བསྟན་པའི་རྒྱན་གཅིག་ལོ་ཙཱ་བ། །བཻ་རོ་ཙ་ནའི་ཐུགས༴ དྲག་སྔགས་ནུས་རྩལ་རླུང་གི་ཤུགས། །མེ་ལྟར་འབར་བས་བསྟན་པ་བསྲུང་། །ཚེ་དབང་གྲུབ་པའི་ཧེ་རུ་ཀ །རྡོ་རྗེ་བདུད་འཇོམས༴ འཆི་བདག་ཟིལ་གནོན་རིགས་ཀྱི་བདག །འཆི་མེད་ནམ་མཁའི་རྡོ་རྗེ་གྲུབ། །འཆི་མེད་ཟབ་གསང་གཏེར་སྒོ་འབྱེད། །འཆི་མེད་བླ་མའི་ཐུགས༴ འཆི་མེད་གདམས་པའི་བདུད་རྩི་མཆོག །འཆི་མེད་ཐུགས་ཀྱི་བུམ་པར་བསྐྱིལ། །འཆི་

p. 167

མེད་དགའ་སྟོན་འགྱེད་མཁས་པའི། །ཆོས་བདག་རིམ་བྱོན༴ གཞན་ཡང་དམ་ཚིག་སྨོན་ལམ་དང་། །ཐུགས་རྗེའི་མཐུ་ཡིས་དཀྱིལ་འཁོར་འདིར། །ཚོགས་པའི་དཔའ་བོ་ཧེ་རུ་ཀ །རིག་འཛིན་རྣམས་ཀྱི༴ འཕོ་མེད་མཆོག་དང་ཐུན་མོང་མཐུས། །ཉི་ཟླའི་ཚེ་དང་བཅུད་ལེན་འགྲུབ། །ལྷ་མི་ཀླུ་དང་གནོད་སྦྱིན་གྱི། །དྲང་སྲོང་རྣམས་ཀྱི༴ ཁྲག་འཐུང་སྤྱན་སྔར་དམ་བཅས་ཤིང་། །ཆོས་འཁོར་དབེན་གནས་དམ་ཆོས་སྐྱོང་། །ཉམས་པའི་སྲོག་གི་ཤན་པ་མཛད། །བརྒྱུད་གསུམ་སྲུང་མའི༴ གཏུམ་པོ་འཇིགས་བྱེད་རཱ་ཧུ་ལ། །ཟུར་རྭ་སྐྱེས་སྲོག་ཟན་བཙན། །ཀླུ་སྨན་འོད་འབར་མ་ལ་སོགས། །གཏེར་སྲུང་རྣམས་ཀྱི༴ ཚེ་དབང་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་བདག་ཕོ་མོ་དང་། །རིགས་ཆོས་གཞི་གནས་ཡུལ་གྱི་བདག །མ་ལུས་འཁོར་བཅས༴ འཁོར་བ་མྱ་ངན་འདས་པའི་ཆོས། །ཡེ་སྟོང་ཆོས་ཀྱི་དབྱིངས་སུ་མཉམ། །དག་པ་རབ་འབྱམས་ཚོམ་བུར་གདལ། །སྣང་སྲིད་མགྲོན་གྱི༴ བསྐང་བྱ་ཀུན་བཟང་ཡངས་པའི་མཁའ། །སྐོང་བྱེད་བློ་འདས་དབྱིངས་ཀྱི་སྦུབས། །ཟུང་འཇུག་རྡོ་རྗེ་ནམ་མཁའི་

p. 168

དཀྱིལ། །ཀློང་ཡངས་དགོངས་པས་ཐུགས་དམ་བསྐང་། །ཧྲཱིཿ ཐུགས་རྗེ་ཆེ་མངའ་ཚེ་ཡི་ལྷ། །འཁོར་བཅས་ཐུགས་དམ་གཉན་བསྐང་ནས། །གཡར་དམ་ཉམས་ཆག་སོར་སྩོལ་ཏེ། །འདི་ལྟར་བཅོལ་བའི་འཕྲིན་ལས་མཛོད། །བདག་ཅག་རྡོ་རྗེ་སློབ་དཔོན་དང་། །འདུས་པའི་རྣལ་འབྱོར་མཆེད་དང་ལྕམ། །བརྒྱུད་འཛིན་མོས་པའི་བུ་སློབ་བཅས། །མི་ཤེས་རྨོངས་པས་བག་མེད་པས། །གྲངས་མེད་དུས་ནས་ད་ལྟའི་བར། །བསགས་པའི་ལས་དང་འཕྲལ་བྱུང་རྐྱེན། །ཚེ་གེགས་བར་ཆད་མི་མཐུན་ཕྱོགས། །མ་ལུས་ཞི་བར་མཛད་དུ་གསོལ། །རྡོ་རྗེའི་ཚེ་དང་ནོར་བུའི་དཔལ། །ཆོས་འབྱོར་ལེགས་ཚོགས་རྒྱས་པར་མཛོད། །རྩ་རླུང་ཐིག་ལེ་སེམས་སྣང་ཡུལ། །དངོས་གྲུབ་མཆོག་རྣམས་དབང་དུ་མཛོད། །ཚེ་འཕྲང་བྱད་ཕུར་གྲིབ་གདོན་དཔལ། །བཟློག་ཅིང་བརླག་པའི་མངོན་སྤྱོད་མཛོད། །ཁྱད་པར་རིག་འཛིན་བདག་ཅག་གིས། །བླ་མེད་བདེ་ཆེན་མཆོག་འདོད་ཅིང་། །སངས་རྒྱས་བསྟན་དང་སེམས་ཅན་དོན། །རླབས་ཆེན་འདུ་བ་སྤེལ་བའི་ཕྱིར། །འཆི་མེད་རྡོ་རྗེའི་སྲོག་བསྒྲུབ་པའི། །མི་འདོད་བར་ཆད་ཉེར་འཚེ་སེལ། །ལེགས་པའི་དཔལ་ཡོན་ཐམས་ཅད་

p. 169

བསྡུས། །སྡོམ་པ་དམ་ཚིག་འགལ་ཉམས་པས། །རྩ་གསུམ་རྒྱལ་བའི་བཀའ་ཆད་ཀྱིས། །བཅད་པའི་ཚེ་རྣམས་གསོ་བར་མཛོད། །བླང་དོར་འཛོལ་དང་སྤྱོད་ངན་ལ། །མ་མོ་མཁའ་འགྲོའི་འཁུ་ལྡོག་གིས། །ཁྱེར་བའི་ཚེ་རྣམས་གནས་སུ་སྐྱོལ། །སྲུང་མ་ལྷ་ལྔ་བདུད་བབས་བས། །སྦས་པའི་ཚེ་རྣམས་ཕྱུང་དུ་གསོལ། །བནྡེ་བོན་སྔགས་མཐུ་ཆེན་གྱིས། །བཀུག་པའི་ཚེ་རྣམས་དྲང་དུ་གསོལ། །བྱད་མས་འབྱུང་བཞིའི་ལས་སྦྱོར་གྱིས། །བརླག་པའི་ཚེ་རྣམས་བསྐྱེད་དུ་གསོལ། །རྦོད་གཏོང་ལྷ་འདྲེ་ཕྲ་མེན་མས། །འཕྲོག་པའི་ཚེ་རྣམས་བཀུག་ཏུ་གསོལ། །སྡེ་བརྒྱད་ཡུལ་ལྷ་ཁྲོས་པ་ཡིས། །བཅོམ་པའི་ཚེ་རྣམས་བླན་དུ་གསོལ། །རྒྱལ་བཙན་ཐེའུ་རང་གཤེད་མ་ཡིས། །བརྐུས་པའི་ཚེ་རྣམས་དབྲོག་ཏུ་གསོལ། །ཕུང་བྱེད་བྱུར་འདྲེ་སྲི་ངན་གྱིས། །གཏོར་བའི་ཚེ་རྣམས་སྡུད་དུ་གསོལ། །ཟ་འདྲེ་ལན་ཆགས་མདངས་འཕྲོག་གིས། །གཞོམ་པའི་ཚེ་རྣམས་གཟུང་དུ་གསོལ། །བསོད་ནམས་ལས་ཀྱིས་འཕངས་པའི་དུས། །ཟད་པའི་ཚེ་རྣམས་བསྣོན་དུ་གསོལ། །འབྱུང་བ་དགྲ་གཤེད་འཐབ་པ་ཡིས། །བཅད་པའི་ཚེ་རྣམས་མཐུད་དུ་གསོལ། །རྟོག་ཚོགས་

p. 170

ཡུལ་ལ་ཡེངས་པ་ཡིས། །འཁྱམས་པའི་ཚེ་རྣམས་དགུག་ཏུ་གསོལ། །འཇིགས་སྐྲག་བྲེད་སྔངས་བརྒྱལ་བ་ཡིས། །བྲོས་པའི་ཚེ་རྣམས་བསྐྱིལ་དུ་གསོལ། །སྡུག་བསྔལ་མྱ་ངན་ཞུམ་པ་ཡིས། །བོ་བའི་ཚེ་རྣམས་བླུག་ཏུ་གསོལ། །ཞེ་སྡང་ཁོང་ཁྲོ་དྲག་ཤུལ་གྱིས། །ཡར་བའི་ཚེ་རྣམས་བསྟིམ་ཏུ་གསོལ། །ང་རྒྱལ་ཁེངས་དྲེག་རྒོད་པ་ཡིས། །ཟག་པ་ཚེ་རྣམས་བཅུག་ཏུ་གསོལ། །སྐམ་ཆག་འདོད་པའི་ཟིལ་གནོན་བས། །ཉམས་པའི་ཚེ་རྣམས་གསོ་རུ་གསོལ། །ཕྲག་དོག་ཟུག་རྔུས་གཟིར་བ་ཡིས། །ཆད་པའི་ཚེ་རྣམས་སྦྲེལ་དུ་གསོལ། །བསོད་ནམས་མ་ཡིན་ལས་བསགས་བས། །ཞིག་པའི་ཚེ་རྣམས་སྦུང་དུ་གསོལ། །དབང་ཐང་རླུང་རྟ་ཆག་པ་ཡིས། །རྒུད་པའི་ཚེ་རྣམས་སྤེལ་དུ་གསོལ། །འདུ་འཁྲུགས་ནད་ཀྱིས་མནར་བ་ཡིས། །གྲུམ་པའི་ཚེ་རྣམས་གླན་[ལྷན་པོ། མཆན།] དུ་གསོལ། །ཁ་ཟས་སྨན་དཔྱད་ལོག་པ་ཡིས། །འཐོར་བའི་ཚེ་རྣམས་འཆོས་སུ་གསོལ། །ཕྱོགས་ངན་རྒྱུ་བར་གདོང་ཐུག་པས། །རལ་བའི་ཚེ་རྣམས་དྲུབ་ཏུ་གསོལ། །དམེ་མནོལ་འབགས་བཙོག་འཁོན་གྲིབ་ཀྱིས། །ཡོ་བའི་ཚེ་རྣམས་བསྲང་དུ་གསོལ། །ལྟ་སྤྱོད་བླང་དོར་

p. 171

ལོག་པ་ཡིས། །གསལ་བའི་ཚེ་རྣམས་སྦྱོར་དུ་གསོལ། །གཞན་ཡང་ཕྱི་ནང་གསང་བ་ཡི། །རྟེན་འབྱུང་འཆོལ་ཞིང་འཛོལ་བ་དང་། །བར་ཆད་ཉེར་འཚེ་མ་རུངས་པས། །བསྟུང་བའི་ཚེ་རྣམས་བསྲིང་དུ་གསོལ། །རྡོ་རྗེ་གཡུང་དྲུང་འཁྱིལ་བའི་ཚེ། །མཐུན་པའི་ལེགས་ཚོགས་སྤེལ་དུ་གསོལ། །གཞོམ་མེད་ཕ་ལམ་རྡོ་རྗེའི་རི། །སྲོག་གི་རྟེན་མཁར་བརྩེག་ཏུ་གསོལ། །འཕོ་མེད་གཡུང་དྲུང་གསེར་གྱི་མཛོད། །བླ་ཡི་རྒྱ་མཚོ་བསྐྱིལ་དུ་གསོལ། །འགྲིབ་མེད་ཉི་ཟླ་དཔལ་གྱི་སྒྲོམ། །དབུགས་ཀྱི་གའུ་སྡོམ་དུ་གསོལ། །མི་འགྱུར་ནུབ་མེད་ནམ་མཁའི་རྒྱན། །ཚེ་ཡི་རྒྱལ་མཚན་བསྒྲེང་དུ་གསོལ། །ཆོས་འབྱོར་ཤེས་རབ་བློ་གྲོས་གཏེར། །བསོད་ནམས་ལྗོན་ཤིང་སྤེལ་དུ་གསོལ། །སྙན་གྲགས་མཐུ་རྩལ་གཟི་བརྗིད་སྟོབས། །དབང་ཐང་ར་བ་བསྐྱེད་དུ་གསོལ། །དོན་འགྲུབ་རྣལ་རྒྱལ་ལེགས་ཚོགས་འཕེལ། །རླུང་རྟའི་དར་ཆེན་ཕྱར་དུ་གསོལ། །ལོ་བརྒྱར་བདེ་སྐྱིད་དཔལ་གྱིས་འཚོ། །ཚེ་ཡི་དམུ་ཐག་བསྲིང་དུ་གསོལ། །གླང་པོའི་ཤུགས་དང་གཞོན་ནུའི་ལུས། །ལང་ཚོའི་ནོར་བུ་ཡིད་དུ་འོང་། །འཆི་མེད་ཚེ་དབང་རིག་པ་འཛིན། །བདེ་ཆེན་འོད་སྐུར་གྲུབ་

p. 172

པར་མཛོད། །ཧྲཱིཿ རྡོ་རྗེ་ཚེ་ཡི་ལྷ་ཚོགས་རྣམས། །མ་གཡེལ་ཐུགས་དམ་དུས་ལ་བབ། །རྡོ་རྗེ་འཛིན་པ་བདག་ཅག་གིས། །ཕྱི་ནང་རྟེན་རྫས་མཆོད་གཏོར་བཤམས། །བསྙེན་སྒྲུབ་ལས་སྦྱོར་ཚད་དུ་བསྐྱལ། །འདའ་དཀའ་རྡོ་རྗེའི་གཡར་དམ་བསྲུངས། །བཀའ་གསང་གཞུང་བཞིན་སྤྱད་ལགས་ན། །ལེ་ལོ་བཏང་སྙོམས་མ་མཛད་པར། །མ་ཐོགས་ཚེ་ཡི་ལས་ལ་བཞེངས། །བརྟན་གཡོའི་དྭངས་བཅུད་ནུས་པའི་ཚེ། །དྲང་སྲོང་རིག་འཛིན་གྲུབ་པའི་ཚེ། །རྩ་གསུམ་རྒྱལ་བའི་བྱིན་རླབས་ཚེ། །གཞོམ་གཞིག་བྲལ་བ་གཉུག་མའི་ཚེ། །རྟག་བརྟན་འགྱུར་མེད་དོན་གྱི་ཚེ། །ཁུག་ཅིག་སྒྲུབ་པའི་གནས་འདིར་ཁུག །དྲོངས་ཤིག་ཚེ་བཅུད་སྙིང་པོ་དྲོངས། །བསྡུས་ཤིག་དངོས་གྲུབ་མཆོག་རྣམས་བསྡུས། །བསྟིམས་ཤིག་རྡོ་རྗེའི་ཕུང་པོར་བསྟིམ། །གསལ་འགྲིབ་མེད་པའི་འོད་གསལ་རྒྱན། །ཉི་ཟླ་ལྟ་བུའི་ཚེ་ཁུག་ཅིག །འཛད་པ་མེད་པའི་ལོངས་སྤྱོད་གཏེར། །རྒྱ་མཚོ་ལྟ་བུའི་༴ ཟབ་ཅིང་ཡངས་པ་གཞི་ཡི་ཚེ། །ནམ་མཁའ་ལྟ་བུའི༴ རྒྱུན་ཆད་མེད་པ་ལམ་གྱི་ཚེ། །ཆུ་བོ་ལྟ་བུའི༴ མི་འགྱུར་རྟག་པ་འབྲས་བུའི་ཚེ། །རྡོ་རྗེ་ལྟ་བུའི༴ ཡིད་བཞིན་གཏེར་འབྱུང་ལྷུན་གྲུབ་

p. 173

ཚེ། །ནོར་བུ་ལྟ་བུའི༴ དགོས་འདོད་རེ་སྐོང་མཆོག་གི་ཚེ། །བུམ་བཟང་ལྟ་བུའི༴ གཡོ་བ་མེད་པ་བརྟན་པའི་ཚེ། །ལྷུན་པོ་ལྟ་བུའི༴ གཞོམ་གཞིག་བྲལ་བ་དོན་གྱི་ཚེ། །གཡུང་དྲུང་ལྟ་བུའི༴ ཕྱོགས་ལས་རྣམ་རྒྱལ་རྟགས་ཀྱི་ཚེ། །རྒྱལ་མཚན་ལྟ་བུའི༴ བདེ་བ་ཆེན་པོའི་བཅུད་ཀྱི་ཚེ། །བདུད་རྩི་ལྟ་བུའི༴ སྐྱེ་འཆི་བྲལ་བ་ཡེ་ཤེས་ཚེ། །འཇའ་ལུས་དྭངས་མའི༴ དོན་གཉིས་མཐར་ཕྱིར་དཔལ་གྱི་ཚེ། །བདེ་བར་གཤེགས་པའི༴ མ་གཡེལ་འཆི་མེད་རིག་འཛིན་རྣམས། །དགོངས་པའི་བྱིན་ཕོབ་དབང་ཆེན་སྐུར། །མ་གཡེལ་འཆི་མེད་དཀྱིལ་འཁོར་བ། །ཐུགས་རྗེའི་རྩལ་སྤྲུགས་དངོས་གྲུབ་སྩོལ། །མ་གཡེལ་ཚེ་བདག་ལས་བྱེད་རྣམས། །མྱུར་བའི་ཤུགས་ཕྱུངས་ཚེ་དཔལ་བསྐྱེད། །མ་གཡེལ་བདེ་ཆེན་རྟ་མཆོག་དཔལ། །ཚེ་མཆོག་དངོས་གྲུབ་དབང་དུ་བསྡུས། །མ་གཡེལ་མ་སྲིང་མཁའ་འགྲོའི་ཚོགས། །འཆི་མེད་ཚེ་ཡི་བྱིན་གཡང་ཕོབས། །མ་གཡེལ་གྲུབ་པའི་དྲང་སྲོང་རྣམས། །བདེ་ལེགས་ཚེ་ཡི་ཕ་འབབས་སྩོལ། །མ་གཡེལ་ཆོས་སྐྱོང་གཏེར་སྲུང་རྣམས། །ཚེ་ཡི་འབྱོར་པའི་མངའ་ཐང་སྤེལ། །གྲུབ་གཉིས་

p. 174

དངོས་གྲུབ་གཏེར་ཁ་སྲུངས། །ལྟ་ཉན་སྲོག་ལེན་འབྱུང་པོ་ཐུལ། །ཞལ་བཞེས་གཉན་པོའི་ཐ་ཚིག་དགོངས། །མཐུ་རྩལ་ནུས་པའི་རྣོ་སོ་ཕྱུངས། །འཕྲིན་ལས་རྒྱ་མཚོ་ཡིད་བཞིན་མཛོད། །མདོར་ན་རྩ་གསུམ་ཚེ་ཡི་ལྷ། །རྡོ་རྗེ་གསུམ་དང་མི་ཕྱེད་པའི། །རྡོ་རྗེ་མཆོག་གི་ཚེ་གྲུབ་སྟེ། །རྡོ་རྗེ་མི་ཕྱེད་ཕྱག་རྒྱ་ཆེ། །རྡོ་རྗེ་འཆང་གི་དབང་ཕྱུག་བདུན། །རྡོ་རྗེའི་འདུས་པའི་ཚོམ་བུ་ཡིས། །རྡོ་རྗེའི་སྟན་ཐོག་འདིར་ཐོབ་ཅིང་། །རྡོ་རྗེ་མི་འགྱུར་བཀྲ་ཤིས་དཔལ། །རྡོ་རྗེ་ངོ་མཚར་རྨད་པོ་ཆེ། །རྡོ་རྗེ་རྟག་པའི་རྒྱན་དུ་སྩོལ། །[ཞེས་པའི་སྐོང་ཕྲེང་འདི་ལྟ་བུ་ཞིག་བགྱིད་དགོས་པའི་གསལ་སྣང་གཏེར་ཆེན་བླ་མ་རིན་པོ་ཆེར་འཁྲུངས་པའི་རྒྱུ་མཚན་བཀས་གནང་བ་དང་དུས་མཉམ་པར། རང་ཉིད་ལའང་འདི་ལྟ་བུ་ཞིག་སྦྱོར་བའི་བློ་སྐྱེས་པའི་རྟེན་འབྱུང་གི་སྐབས་ཕྱེས་ཏེ། ཚིག་དོན་གཉིས་ཀའི་ཆ་ནས་རོ་བཅུད་མི་ལྡན་ཀྱང་། གང་བྱུང་བསྣོན་ཕྲི་ཆེར་མེད་པར་བྲིས་པ་འདིར་མཁྱེན་ལྡན་རྣམས་ཀྱིས་མི་ཁྲེལ་བ་མཁྱེན་པར་གསོལ་བ་འདེབས་པ་ལགས་སོ། །ཞེས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་བྱིན་རླབས་ཅན་ཏེ། འདིའི་ལུང་རྒྱུན་མཛད་པ་པོ་ནས། ཁྱབ་བདག་གཏེར་ཆེན་བླ་མའི་ཞལ་སྔ་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་ཐོབ་བོ།། །།]

འཆི་མེད་ཚེ་འཕྲིན་གྱི་སྐོང་བ་མི་ཤིགས་རྡོ་རྗེ་བརྩེགས་པའི་སྤྲིན་ཕུང་།

p. 175

[འཆི་མེད་ཚེ་འཕྲིན་གྱི་སྐོང་བ་མི་ཤིགས་རྡོ་རྗེ་བརྩེགས་པའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །] ཧྲཱིཿ འཆི་མེད་ཚེ་ཡི་གྲོང་ཁྱེར་པདྨ་འོད། །ལྷུནརྫོགས་ཡེ་ཤེས་རབ་འབྱམས་གཞལ་ཡས་ཁང་། །ངོ་མཚར་བཀོད་པ་བསམ་འདས་དྲྭ་བ་ཅན། །འཇའ་ཟེར་ཐིག་ལེར་འཁྱིལ་བའི་གུར་ཁྱིམ་བཀྲ། །ཉམས་སུ་དགའ་ཞིང་བག་དྲོ་བརྗིད་རེ་ཆགས། །སྣོད་བཅུད་ཡེ་ཤེས་རོལ་པའི་རྒྱན་དུ་ཆེ། །མཆེད་ལྕམ་དམ་ཚིག་གཙང་ཞིང་དག་སྣང་ཡངས། །རྡོ་རྗེའི་བྱིན་ཆེན་འབར་བའི་མདངས་འོད་མཚེར། །བརྟན་གཡོའི་ཚེ་བཅུད་དྭངས་མ་ཞག་ཏུ་འཁྱིལ། །ཡེ་ཤེས་ལྔ་ལྡན་ཚེ་མདའ་ལྷུན་རེ་འཐུག །ཐབས་ཤེས་བཅུད་ལེན་དམ་རྫས་བདུད་རྩིར་མེར། །བདེ་ཆེན་ཚོགས་ཀྱི་ལོངས་སྤྱོད་རི་ལྟར་སྤུངས། །ཟག་མེད་བདུད་རྩིའི་ལྟུང་བ་མཚོ་ལྟར་བསྐྱིལ། །མཐུན་རྫས་སྤྱན་གཟིགས་དཀོར་ཆ་རྫ་ལྟར་བཀྲམ། །ཕྱི་ནང་གསང་མཆོད་འདོད་ཡོན་སྤྲིན་ལྟར་འཁྲིགས། །འཕོ་བྲལ་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ། །མི་ཤིགས་སྒྱུ་འཕྲུལ་རྒྱན་གྱི་རོལ་མོའི་སྤྲིན། །བདེ་ཆེན་འོད་གསལ་སྣང་སྲིད་གཞིར་བཞེངས་ཀྱི། །ཡིད་བཞིན་འདོད་འབྱུང་མཆོད་པའི་ཕྱག་རྒྱ་འདིས། །མ་ལུས་རིགས་ཀུན་ཁྱབ་བདག་ཐོག་མའི་མགོན། །ཆོས་སྐུ་སྣང་མཐའ་ཡས་པའི་ཐུགས་དམ་བསྐང་། །ལྷུན་གྲུབ་རང་

p. 176

སྣང་ཡོན་ཏན་རྒྱ་མཚོའི་གཏེར། །ལོངས་སྐུ་གར་གྱི་དབང་ཕྱུག་ཐུགས་དམ་བསྐང་། །རྩ་གསུམ་ཀུན་འདུས་དཀྱིལ་འཁོར་རྒྱ་མཚོའི་བདག །སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཐུགས་དམ༴ ། འོད་གསལ་འཆི་མེད་བདུད་རྩིའི་འཇའ་སྐུར་སྨིན། །ཚེ་ཡུམ་མནྡྷ་ར་བའི་ཐུགས༴ ། སྒྲོན་དྲུག་དྭངས་མ་ཆེན་པོའི་སྲོག་རྩ་གྲུབ། །རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ༴ ། བརྟན་གཡོའི་དྭངས་བཅུད་དབྱིངས་ཀྱི་བུམ་པར་བསྐྱིལ། །ལོ་ཆེན་བཻ་རོ་ཙ་ནའི༴ ། ཆོས་ཀུན་བདེ་ཆེན་རྡོ་རྗེའི་ཕྱག་རྒྱར་སྡོམ། །མཐུ་ཆེན་རྡོ་རྗེ་བདུད་འཇོམས༴ ། ཟབ་གསང་མཛོད་འཛིན་བཀའ་གཏེར་རྒྱ་མཚོའི་བདག །ཟིལ་གནོན་ནམ་མཁའི་རྡོ་རྗེའི༴ ། བདེན་ཚིག་རྡོ་རྗེའི་ལུང་གི་མཐུ་ཆེན་ཐོབ། །ཆོས་བདག་བརྒྱུད་ལྡན་སྐྱེས་བུའི༴ ། འཆི་བདག་ཟིལ་གནོན་དཀྱིལ་འཁོར་གཙོ་བོ་མཆོག །ཚེ་བདག་ཐོད་ཕྲེང་རིགས་ལྔའི༴ ། ཕར་ཕྱིན་དྲུག་དངོས་བདེ་ཆེན་ཕྱག་རྒྱའི་གཟུགས། །འདོད་ཡོན་ལྷ་མོ་དྲུག་གི༴ ། དགའ་བཞིའི་རྣལ་འགྱུར་སྟོང་བཞིའི་རང་མདངས་ངོམས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱི༴ ། ཚད་མེད་རྣམ་ཐར་སྒོ་བཞིའི་ཕྱག་རྒྱས་འདེབས། །ལས་བཞིའི་མགྱོགས་མ་ཡབ་ཡུམ༴ ། གཞན་ཡང་འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར། །མ་བསྐྱེད་ལྷུན་རྫོགས་མཉམ་ཉིད་དགོངས་པའི་རྩལ། །དམ་ཚིག་ཐུགས་རྗེའི་དབང་གིས་མངོན་སྣང་བའི། །ཚེ་ལྷ་རབ་འབྱམས་རྒྱ་མཚོའི་ཐུགས་དམ་

p. 177

བསྐང་། །ཀུན་ཁྱབ་ཞི་བ་ཆེན་པོའི་དབྱིངས་སུ་བསྐང་། །ལྷུན་གྲུབ་བདེ་བ་ཆེན་པོའི་ཀློང་དུ༴ ། གདངས་རྩལ་འགགས་པ་མེད་པའི་ངང་དུ༴ ། འཕོ་འགྱུར་མཚན་མ་དག་པའི་མཁའ་རུ༴ ། རིག་སྟོང་འོད་གསལ་རྡོ་རྗེའི་སྦུབས་སུ༴ ། སྐུ་དང་ཡེ་ཤེས་འདུ་བྲལ་མེད་པར༴ ། རླུང་སྔགས་གྲགས་སྟོང་རྡོ་རྗེའི་དབྱངས་སུ་བསྐང་། །ཉམས་ཆགས་ཉེས་ལྟུང་འཁོར་གསུམ་རྟོག་པའི་སྒྲིབ། །མ་སྐྱེས་མི་འགགས་མི་གནས་འོད་གསལ་བ། །དག་མཉམ་བདེན་པ་དབྱེར་མེད་ཁྱབ་བརྡལ་ཆེ། །དམིགས་མཐའ་ཀུན་བྲལ་རང་གྲོལ་ཆེན་པོར་བཤགས། །དེ་ལྟར་ཐུགས་ཀྱི་དམ་ཚིག་བསྐང་བའི་མཐུས། །ལྷན་སྐྱེས་ཀུན་ཏུ་རྟོག་པས་བསྐྱེད་པའི་བདག །ཉེ་བར་བླངས་པའི་བག་ཆགས་ལུས་སེམས་རྟེན། །གཅེས་པར་འཛིན་པའི་རེ་དོགས་རང་གྲོལ་ཏེ། །འཆི་མེད་གཉུག་མའི་གདིང་ཆེན་མངོན་གྱུར་ནས། །མི་འགྱུར་མི་ཤིགས་མཁའ་ལྟར་རྣམ་དག་པ། །རྡོ་རྗེ་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས། །སྐྱེ་འཆི་བསྒྲེས་རྒུད་བྲལ་བ་བུམ་པའི་སྐུར། །མངོན་པར་བྱང་ཆུབ་སྐུ་ཚེ་འོད་སྣང་དང་། །གཟི་བརྗིད་མཚུངས་པ་མེད་པའི་འཕྲིན་ལས་ཀྱིས། །འགྲོ་ཁམས་འཆི་མེད་གྲོང་ཁྱེར་པདྨ་འོད། །བདེ་ཆེན་དག་པའི་ས་ལ་དབུགས་ཕྱུངས་ཏེ། །རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོའི་དཔལ། །ལྷུན་གྲུབ་ཚེ་དབང་རིག་

p. 178

འཛིན་མཆོག་དངོས་སྩོལ། །འཕོ་བྲལ་རྡོ་རྗེའི་ཚེ་ཡི་ཀ་བ་ཚུགས། །འཁོར་འདས་དྭངས་བཅུད་འགྱུར་མེད་སྲོག་ཏུ་ཐེབས། །བདེ་སྟོང་དབྱེར་གཡུང་དྲུང་ཆོས་སུ་བརྟན། །མི་ནུབ་ཚེ་ཡི་རྒྱལ་མཚན་བླ་ན་མཐོ། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་དཔལ་འབར་ཤོག །[དེ་ལྟར་འཆི་མེད་ཚེ་འཕྲིན་གྱི་སྐོང་བ་མི་ཤིགས་རྡོ་རྗེ་བརྩེགས་པའི་སྤྲིན་ཕུང་ཞེས་བྱ་བ་འདི་ཡང་། ཁྱབ་བདག་གཏེར་ཆེན་བླ་མ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་པདྨ་གསང་ཐིག་གི་ཁ་སྐོང་དུ་བསྩལ་བ་ཉིད་བྱིན་རླབས་ཀྱི་བབ་ཆེ་བའི་ཕྱིར་རྡོ་རྗེའི་གསུང་སོར་བཞག་ལ་རང་གཏེར་འཆི་མེད་སྲོག་ཐིག་གི་བརྒྱུད་རིམ་ལྷ་གྲངས་སུ་ཞལ་བསྒྱུར་ཁ་སྐོང་ཅུང་ཟད་ཀྱིས་གསལ་བར་བྱེད་པ་པོ་ནི་གཏེར་སློབ་ལུང་ཟིན་ཆོས་ཀྱི་བདག་པོར་དབུགས་དབྱུང་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།ཨཱ་ཡུརྫྙཱ་ན་སིདྡྷི་རསྟུ།། །།]

ཚེ་སྒྲུབ་འཆི་མེད་སྲོག་ཏིག་གི་སྐོང་བའི་འཆི་མེད་སྤྲིན་ཕུང་།

p. 179

[ཚེ་སྒྲུབ་འཆི་མེད་སྲོག་ཏིག་གི་སྐོང་བའི་འཆི་མེད་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །] ཧྲཱིཿ ཚོགས་ཁང་འཆི་མེད་པདྨ་འོད། །རྣལ་འབྱོར་འཆི་མེད་སྒྲུབ་པ་པོས། །དམ་རྫས་འཆི་མེད་བདུད་རྩི་ཆེ། །རྨད་བྱུང་འཆི་མེད་གྲུབ་པའི་རྫས། །བདེ་ཆེན་འཆི་མེད་སྤྲིན་དུ་གཏིབས། །ཟག་བྲལ་འཆི་མེད་དམ་ཚིག་རྫས། །འདོད་རྒུ་འཆི་མེད་ལོངས་སྤྱོད་ཆེ། །རྡོ་རྗེ་འཆི་མེད་ལྷ་ཚོགས་རྣམས། །ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ། །ཧྲཱིཿ རིགས་ཀུན་ཁྱབ་བདག་ཆོས་ཀྱི་སྐུ། །ཚེ་འོད་དཔག་མེད་ཐུགས་དམ་བསྐང་། །འགྲོ་འདུལ་ལོངས་སྤྱོད་རྫོགས་པའི་སྐུ། །པདྨ་གར་དབང་ཐུགས་དམ༴ ། འཁོར་འདས་ཟིལ་གནོན་དཀྱིལ་འཁོར་གཙོ། །ཚེ་དཔག་མེད་པའི་ཐུགས༴ ། སྟོང་པའི་རང་མདངས་པདྨའི་ལྕམ། །མནྡ་ར་བའི་ཐུགས༴ ། འཆི་མེད་མཆོག་སྩོལ་ཚེ་ཡི་བདག །རིགས་བཞི་ཡབ་ཡུམ་ཐུགས༴ ། ཕ་རོལ་ཕྱིན་དྲུག་དག་པའི་བདག །ལྷ་མོ་དྲུག་གི་ཐུགས༴ ། རྣམ་ཐར་བརྒྱད་ལྡན་མཆོད་སྤྲིན་སྤྲོ། །ཚེ་བདག་མ་བརྒྱད་ཐུགས་དམ༴ ། ཚད་མེད་བཞི་ཡི་འཕྲིན་ལས་ཅན། །སྒོ་སྲུང་ཡབ་ཡུམ་ཐུགས༴ ། གཞན་ཡང་ཚེ་ལྷའི་དཀྱིལ་འཁོར་པ། །རྩ་གསུམ་རབ་འབྱམས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རིག་འཛིན་སྒྲུབ་པ་པོའི། །ཚེ་ཡི་བར་ཆད་ཐམས་ཅད་

p. 180

སོལ། །རྟག་བརྟན་འཕོ་འགྱུར་མེད་པའི་དབྱིངས། །འཆི་མེད་གཉུག་མའི་ཚེ་དབང་སྩོལ། །འཁྲུལ་རྟོག་གཟུང་འཛིན་གཉིས་སྣང་བདུད། །མཉམ་ཉིད་ཡེ་གྲོལ་ཀློང་དུ་ཟློག །བདེ་ཆེན་འཕོ་མེད་ཆོས་ཀྱི་སྐུར། །མངོན་སངས་རྒྱ་བའི་འཕྲིན་ལས་མཛོད། །[ཅེས་པའང་གཏེར་འབྱིན་བླ་མ་མཆོག་གི་གསུང་བསྐུལ་ངོར། དཔལ་ཀརྨ་པའི་མཚན་འཛིན་བཅོ་ལྔ་པས་བྲིས་པ་དགེ་ལེགས་འཕེལ།། །།]

སྨན་མཆོད།

p. 181

ཚེ་དཔག་མེད་མགོན་གསང་ཡེ་ཙཎྜ་ལཱི། །བདེ་གཤེགས་ཀུན་འདུས་འཆི་མེད་ཐོད་ཕྲེང་རྩལ། །དབྱངས་ཅན་ལྷ་མོ་མ་གཅིག་མཚོ་རྒྱལ་མར། །སྨན་མཆོད་འབུལ་ལོ་བདེ་ཆེན་ཚེ་དབང་སྩོལ། །རྣམ་པར་སྣང་མཛད་ལོ་ཆེན་བཻ་རོ་རྗེ། །རྡོ་རྗེ་བདུད་འཇོམས་བཀའ་བབ་སྐྱེས་བུ་མཆོག །གཏེར་འབྱིན་བླ་མ་ཆོས་བདག་བརྒྱུད་བཅས་ལ། །སྨན་མཆོད་འབུལ་ལོ་བདེ་ཆེན་ཚེ་དབང་སྩོལ། །འཆི་མེད་ཚེ་དབང་དངོས་གྲུབ་དཔལ་འབར་ལྷ། །དཀྱིལ་འཁོར་གཙོ་བོ་ཡུམ་དང་སྤྲུལ་པའི་འཁོར། །བཀའ་སྡོད་དམ་ཅན་གནས་གཏེར་སྲུང་མ་ལ། །སྨན་མཆོད་འབུལ་ལོ་བདེ་ཆེན་ཚེ་དབང་སྩོལ། [བརྒྱུད་མཆོད་འདིའང་ཚེ་སྒྲུབ་འཆི་མེད་སྲོག་ཏིག་གི་ཆ་ལག་ཏུ་གཏེར་འབྱིན་བླ་མའི་གསུང་གི་ངོར། ཀརྨ་པའི་མཚན་འཛིན་པ་བཅོ་ལྔ་པས་བྲིས་པ་དགེ།། །།]

ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ལས་བྱང་ཟུར་འདེབས་མདོར་བསྡུས་རཏྣའི་དོ་ཤལ།

p. 182
p. 183

[ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ལས་བྱང་ཟུར་འདེབས་མདོར་བསྡུས་རཏྣའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།། །།]ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ཡེ། [ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ལས་བྱང་སྐྱབས་འགྲོའི་གོང་དུ།] རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་པདྨ་ཚེ་དཔག་མེད་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་མོཿ བདག་སོགས་མཁའ་མཉམ་[སོགས། སྐྱབས་སེམས་ཚོགས་བསགས་མཐར།] ཛཿཧཱུྃ་བྃ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། [ལས་བུམ་མམ་བསང་ཆུ་བྱིན་བརླབ་ལ།] རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་ཧེ་རུ་ཀ་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར། དེའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་པད་ཉི་ལ་གནས་པའི་ཧྲཱིཿདམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་ཧྲཱིཿ པདྨནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲྰི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཁྲོ་བོ་རྟ་མགྲིན་དམར་པོ་ཐོད་དབྱུག་དང་མེ་ཞགས་འཛིན་པའི་སྐུར་གྱུར། [གོང་གི་སྔགས་ཉེར་གཅིག་ཙམ་བཟླས་མཐར།] ཁྲོ་བོ་རྟ་མགྲིན་གྱི་རང་བཞིན་

p. 184

ཅན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། [ཅེས་རྟ་སྔགས་ཀྱིས་བདག་གནས་ཡོ་བྱད་ཐམས་ཅད་བསང་གཏོར་བྱ། སྔོན་གཏོར་རྟ་སྔགས་ཀྱིས་བསང་།] སྭབྷྰ་ཝ[ས་སྦྱངས།] སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ[ས་བརླབ།] སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ[ས་མགྲོན་བཀུག །]སརྦ་བིགྷྣཱན་ན་མ༔ སརྦ་[སོགས།] ཁཾ་གྲྀ་ཧྞེ་དཾ་བ་ལིངྟེ་སྭཱཧཱ། [ཞེས་ལན་གསུམ་གྱིས་བསྔོས་མཐར་གཞུང་གི་བཀའ་བསྒོ་ལ་འཇུག །ཕྱི་ནང་གི་མཆོད་བརླབ་མཐར།] སྨན་སྣོད་བྷནྡྷའི་གཞལ་ཡས་སུ། །བཅུད་རྫས་རིགས་ལྔ་ཡབ་ཡུམ་རྣམས། །སྙོམས་ཞུགས་འོད་ཞུ་བྱང་སེམས་རྒྱུན། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །མཧཱ་སརྦ་པཉྩ་[སོགས།] དུང་ཆེན་འབར་བའི་སྣོད་མཆོག་ཏུ། །ཁམས་གསུམ་ཆགས་པ་བསྡུས་པའི་ཁྲག །གིརྟིའི་མཁའ་རྒྱུན་བདེ་བའི་བཅུད། །ཆགས་མེད་རཀྟའི་རྒྱ་མཚོར་གྱུར། །མཧཱ་རཀྟ་[སོགས།] གཏོར་གཞོང་རཀྟའི་སྣོད་ཡངས་སུ། །གཏོར་མ་ཤ་ལྔ་བདུད་རྩི་ལྔ། །བཟའ་བཅའི་ལོངས་སྤྱོད་མཁོ་རྒུའི་གཏེར། །ཟག་མེད་འདོད་ཡོན་ཕུང་པོར་གྱུར། །མཧཱ་རཏྣ་[སོགས་དང་།] མཧཱ་བོ་དྷི་[སོགས། བཟླས་པའི་གོང་དུ་ཛཔྲ་བསྐུལ་ནི།] ཧཱུྃ་ཧྲཱིཿ ཚེ་དང་ཡེ་ཤེས་སྣང་བའི་དཀྱིལ་འཁོར་འདིར༔ རྨ་བྱ་ལ་སོགས་རིན་ཆེན་མཛེས་པའི་ཁྲི༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་༔ བཅོམ་ལྡན་མགོན་པོ་ཚེ་བདག་

p. 185

རིགས་མཆོག་ལྔ༔ རིགས་ཀྱི་ཡུམ་གྱུར་མགྱོགས་མ་ཕྱག་བརྙན་བཅས༔ མཛེས་པའི་སྐུ་ནི་མཚན་དང་དཔེ་བྱད་རྫོགས༔ གསུང་དབྱངས་ཛཔྲ་ཀྱི་སྔགས་སྒྲས་ཞིང་ཀུན་ཁྱབ༔ ཐུགས་ནི་རང་བྱུང་ཡེ་ཤེས་དགོངས་པར་ལྡན༔ ཨོཾ་གྱི་སྤྲོས་པས་སྟོང་གསུམ་ཚེ་བཅུད་བསྡུས༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་བསྐྱིལ༔ ཨཱཿཡིས་བསྐུལ་བས་ཛཔྲ་དབྱངས་རང་སྒྲ་སྒྲོགས༔ ཧཱུྃ་གི་དགོངས་པས་བདེ་སྟོང་ཏིང་འཛིན་བརྟན༔ མ་གསལ་བར་དུ་ཕྱག་རྒྱ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་སྙིང་པོ་མི་བཏང་ངོ་༔ [ཞེས་བསྐུལ་ལ་གཞུང་གི་ཛཔྲ་དམིགས་ལ་འཇུག །ཐུན་མཚམས་སུ་སྟོང་ཚིགས་ཀྱི་མཆོད་པ་ནི།] ཧཱུྃ་ཧྲཱིཿ རང་སྣང་རྣམ་པར་དག་པའི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཕྱི་ནང་གསང་བའི་ཛཔྲ་བསྙེན་མཆོད་པར་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་བསྟོད༔ བག་མེད་འགལ་འཁྲུལ་ཉམས་ཆག་ཐམས་ཅད་བཤགས༔ རྡོ་རྗེ་མི་ཕྱེད་གསུམ་གྱི་དབང་མཆོག་བསྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་ཏུ་གསོལ༔ མཧཱ་པཉྩ་ཨ་མྲྀ་ཏ་རཀྟ་པ་ལིངྟ་ཁ་རཾ་ཁཱཧི༔ [ཞེས་རོལ་མོ་བྱ། ཚེ་འགུགས་རྒྱས་གདབ་མཐར་སྨོན་ལམ་གདབ་པ་ནི།] ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་གཞོམ་གཞིག་བྲལ། །ཚངས་པའི་

p. 186

གསུང་ནི་བརྗོད་བྲལ་རྟག་པ་ནཱ་དའི་དབྱངས། །སྤྲོས་བྲལ་ཐུགས་ནི་མི་གནས་ཡེ་ཤེས་འགྱུར་བ་མེད། །ཡོན་ཏན་འཕྲིན་ལས་མི་ཟད་ནམ་མཁའི་ནོར་བུ་མཆོག །འཆི་མེད་མགོན་པོ་པདྨ་ཚེ་བདག་ཡབ་ཡུམ་གྱི། །རྡོ་རྗེ་གསུམ་དང་དབྱེར་མེད་གོ་འཕང་བླ་མེད་འགྲུབ། །བུམ་བཟང་དཔག་བསམ་ལྷ་ཡི་རྔ་དང་ཉི་ཟླ་བཞིན། །འཁོར་བ་སྲིད་དུ་འགྲོ་བའི་དོན་རབ་སྤྱོད་གྱུར་ཅིག །[ཅེས་གདབ། ཚོགས་ཕུད་གོང་དུ།] ཨོཾ་གུ་རུ་བཛྲ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བཛྲ་ལཱ་སྱ་ཧཱུྃ༔ བཛྲ་མཱ་ལེ་ཏྲཱཾ༔ བཛྲ་གཱིརྟི་ཧྲཱིཿ བཛྲ་ནཱིརྟཱི་ཨཱཿ བཛྲ་དྷུ་པེ་ཧཱུཾ༔ བཛྲ་པུཥྤེ་ཏྲཱཾ༔ བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་ནཻ་ཝཱིདྱ་ཧྲཱིཿ བཛྲ་ཤཔྡ་ཧོཿ [ཞེས་སྦྱར། ཚོགས་ལྷག་གོང་དུ།] རྩ་གསུམ་ཚེ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །[ཅེས་སྨོན་ལམ་བཏབ་མཐར། ལྷག་གཏོར་ལ་ཞལ་ཆབ་སྦྲེང་ཞིང་།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་བས་ནམ་མཁའ་གང་བར་གྱུར། [ཅེས་བྱིན་བརླབས་ནས།] ཧྲཱིཿ ང་ནི་པདྨ་ཧེ་རུ་ཀ༔ [སོགས་ལ་འཇུག །རྟ་བྲོའི་གོང་དུ།] ཨེ་ནྲྀ་ཏྲི་སརྦ་ཤ་ཏྲུན་བིགྷྣན་ཛཿཧཱུྃ་བྃ་ཧོཿ[ཞེས་འགུག་བསྟིམ་བྱས་ལ་རྡོ་རྗེའི་རྒྱས་བཏབ་ནས།] ཧྲཱིཿ རྡོ་རྗེ་རྟ་ཡི་བརྟུལ་ཞུགས་ཆེ༔ [སོགས་ལ་འཇུག །རྗེས་གཏང་རག་གི་མཆོད་བསྟོད་ནི།]

p. 187

ཨོཾ་གུ་རུ་བཛྲ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བཛྲ་དྷུ་པེ་པུཥྤེ་[སོགས་ནས།] ཤཔྡ་པྲ་ཏཱིཙྪ་སྭཱཧཱ། ཧྲཱིཿ ཆོས་དབྱིངས་འོད་གསལ་འདུས་མ་བྱས་པའི་གཤིས༔ རིག་པ་རང་སྣང་ཆེན་པོར་བཞེངས་པའི་ལྷ༔ སྐྱེ་འགགས་འགྱུར་མེད་འགྲོ་བའི་དོན་མཛད་པ༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། [ཅེས་མཆོད་བསྟོད་མཐར་གཞུང་གི་བཟོད་གསོལ་ལ་འཇུག །ཉེར་བསྡུའི་གོང་དུ།] ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་སྒྲུབ་པའི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་བསྐལ་བ་ཇི་སྲིད་གནས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་དམ་པ་བསྩལ་ཞིང་བརྟན་པར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། [ཞེས་བརྟན་བཞུགས་བྱ། བཀྲ་ཤིས་སྐབས་ཡེདྷརྨས་ཐོག་དྲངས་ཏེ་མཐའ་རྒྱས་པར་བྱའོ། །ཚུལ་འདིར་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་ཟུར་འདེབས་བཞུགས་ཀྱང་རྩ་བའི་]

p. 188

[གཞུང་རྒྱས་པ་ལ་མཚམས་སྦྱོར་རྒྱས་པ་སྤྲོས་པས་མ་ལྕོགས་ཏེ་རང་འདྲ་སྙོམས་ལས་མཁན་གྱི་མོས་བློ་དང་འཚམས་པའི་གསལ་བྱེད་འཇུག་པ་བདེ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།ཤུ་བྷཾ།། །།]

ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ཆོ་གའི་འཁྲིགས་ཟིན་རྣམ་གསལ་ཡིད་ཀྱི་འདོད་འཇོ།

p. 189

༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ཆོ་གའི་འཁྲིགས་ཟིན་རྣམ་གསལ་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

p. 190

ཨོཾ་སྭསྟི། [ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ཆོ་ག་གཏོང་ལུགས་ལག་ལེན་ཟིན་བྲིས་ལ། གང་དུ་བྱ་བའི་སྒྲུབ་ཁང་གི་ཕུགས་ལོགས་སུ་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་སྤྱན་སྔར་སྟེགས་བུ་རིམ་པ་གཉིས་པའི་དང་པོའི་དབུས་སུ་རིན་པོ་ཆེའི་པད་སྣོད་གས་ཆག་མེད་པར་འབྲུ་དཀར་གྱི་ཕྱེ་གཙང་སྨན་སྤོད་ཀྱིས་བྲན་ཅིང་གར་ཆང་དང་མར་ཁུས་སྦྲུས་པ་ལས་ཚེ་གཏོར་རིན་ཆེན་གཏེར་སྤུངས་བང་རིམ་གྲུ་བཞི་བཞི་བརྩེགས་ཀྱི་ཁར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་སྟེང་ཞི་གཏོར་དམར་པོ་ཟླུམ་བརྗིད་ཕྱོགས་བཞིར་པད་འདབ་བཞི་དང་མཚམས་བཞིར་པད་ཤུན་བཞི་ལྡན་ལྟོ་བར་མར་རྒྱན་ལྔ་སྒྲོམ་དང་རྩེར་ཟླ་ཉི་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ་ཤིང་ལོ་མེ་ཏོག་སོགས་རྒྱན་སྤྲས་ཀྱིས་མཛེས་ཤིང་དར་དམར་གྱི་གུར་ཕུབ་པ་འགོད། དེའི་གཡས་ནས་གཡས་སུ་སྨིན་ལུགས་དམ་ཅན་སྤྱིའི་གཏོར་སྤུངས་དང་། ཆད་མདོ། རྩ་བརྒྱད་སྟོང་སྦྱར་གྱི་སྨན་ཐོད། གཡོན་ནས་གཡོན་དུ་སྒེར་སྲུང་གཟའ་བཤོས་ཟུར་གསུམ་གཡས་དཀྱུས་དང་། དེའི་གཡས་སུ་བདུད་བཤོས་ནག་པོ་རྩེ་གུག །གཡོན་དུ་བཙན་བཤོས་དམར་པོ་རྩེ་རིང་། མདུན་དུ་ཀླུ་བཤོས་དཀར་ཟླུམ་སྦྲུལ་དཀྲིས་ཅན། དེ་དག་གི་མཐའ་སྐོར་དུ་མཐེབ་ཀྱུ་གང་མང་གིས་བསྐོར་བ་དང་། བརྟན་མ། སོ་ལྔའི་རྫས་སྦྱར་གྱི་རཀྟ། དེ་མདུན་སྟེགས་བུ་རིམ་པ་གཉིས་པར་གཡས་ནས་འགོ་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། དེ་མདུན་གཙང་མའི་སྟེགས་བུ་མདའ་གང་ལས་མི་ཆུང་བ་ལ་གཞུང་མཐུན་རས་

p. 191

བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་བཀྲམ་པའམ། མ་འབྱོར་མ་མཎྜལ་ལ་འབྲས་དཀར་དྲི་བཟང་གིས་གཤེར་བས་ཚོམ་བུ་ལྷ་གྲངས་གཙོ་འཁོར་ཕྱེད་པར་བཀོད་པའི་དབུས་སུ་འཕྲུལ་སྟེགས་ལ་རིན་པོ་ཆེའི་བུམ་པ་སྐྱོན་མེད་རྒྱུན་འབབས་ཀྱི་ཆུ་གཙང་བླ་མེད་བུམ་རྫས་སོ་ལྔ་དྲི་བཟང་སྦྱར་བས་སུམ་གཉིས་བཀང་བར་དར་སྣ་ལྔའམ་དམར་པོའི་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་གྱིས་བརྒྱན་བ་འགོད། དེའི་མདུན་དུ་སྙིང་པོ་ལྔ་སྦྱར་ཚེ་གལ་མཐུན་སྡེབས་ཀྱི་རྒྱུ་ལས་བསྐྲུན་པའི་ཚེ་འབྲང་བུམ་གཟུགས་ཤིང་ལོ་མེ་ཏོག་གི་རྒྱན་སྤྲོས་ཅན། གཡས་སུ་རྩི་བཞི་དྭངས་མ་ལྔའི་ཕབ་ལྡན་གྱི་ཚེ་རིལ། གཡོན་དུ་བདུད་རྩི་ཨ་མྲྀ་ཏ་མངར་གསུམ་དང་སྦྱར་བའི་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་རྒོད་སྒྲོམ་མདེའུ་ལྕགས་ཅན་དར་ཚོན་སྣ་ལྔ་མེ་ལོང་བླ་གཡུ་བྱེ་རུ་མུ་ཏིག་སྤོས་ཤེལ་མུ་མེན་རྣམས་བཏགས་ཤིང་ལྟོངས་ལ་རྨ་བྱའི་མདོངས་སྒྲོས་བརྒྱན་པ་རྒྱ་གྲམ་མམ་པདྨ་བྲིས་འབུར་གང་རུང་གི་གདན་ལ་བརྟན་པར་བཙུག །མཚམས་བཞིར་བང་རིམ་གྲུ་བཞི་རྐྱང་པ་རེའི་སྟེང་པདྨ་འདབ་བརྒྱད་གྱེན་ལངས་ཀྱི་ཟེའུ་འབྲུར་ཤར་ལྷོར་ནས་རིམ་བཞིན་རྡོ་རྗེ་དཀར་པོ་གྱེན་ལང་། གཡུང་དྲུང་སེར་པོ། སྟེང་ཟླ་བ་འོག་ཉི་མའི་གྭའུ་ཁ་སྦྱོར། རྒྱལ་མཚན་ལྗང་གུ་རྣམས་བཀོད། འདི་བཞི་རྒྱུན་གྱི་སྟབས་བདེར་བྲིས་འབུར་གང་རུང་བཀོད་པས་འཐུས། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར། ཕྱོགས་མཚམས་སུ་རྒྱལ་མཚན་བཞི་དང་འཕན་བཞི་བཅས་བཀོད་མཛེས་སུ་བསྟར། མདུན་སྟེགས་ཟུར་པར་སྔོན་གཏོར། སྲུང་

p. 192

མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། སྤོས་དང་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་རིགས་རྣམས་མ་ཚང་བ་མེད་པར་འདུ་བྱས་ནས། ཆོ་ག་དངོས་ལ། ཐོག་མར་ཚིག་བདུན་གསོལ་འདེབས་ལན་གསུམ་དང་། བླ་མ་སྐུ་གསུམ་གསོལ་འདེབས་མཐར།] ཨོཾ་ཨཱཿཧཱུྃ་ཧྲཱིཿ ཆོས་དབྱིངས་མཁའ་ལྟར་[སོགས་གཞུང་གི་བརྒྱུད་འདེབས་མཐར་འཇམ་རོ[ཌརྐ༽]ལ། དེ་ནས་ཟུར་འདེབས་ལྟར།] རང་གི་སྙིང་གའི་ཧྲཱིཿལས་[སོགས།] ས་མཱ་ཛཿ[ར་བསྡུ་རྒྱ། ཐལ་སྦྱར་བཅས་རང་གདངས་སམ་ལྷུག་འདོན་གྱིས་གཞུང་གི །]ན་མོཿ བདག་སོགས་མཁའ་མཉམ་[སོགས་སྐྱབས་སེམས་ལན་གསུམ་རེ།] ཨོཾ་ཨཱཿཧཱུྃཿ འཆི་མེད་ཚེ་ཡི་[སོགས་ཡན་ལག་བཅུ་པ་ལན་གཅིག་མཐར།] ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་རྣམས་[སོགས།] རང་ཉིད་སྐད་ཅིག་གིས་[སོགས། རྟ་སྔགས་ཉེར་གཅིག་ཙམ་བཟླས་མཐར།] ཁྲོ་བོ་[སོགས།] ཕྲ་རབ་ཏུ་གྱུར། ཨོཾ་ཧྲཱིཿཔདྨ་[སོགས། སྔགས་ལན་གཅིག་ལ་སློབ་དཔོན་གྱིས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་ཆུ་འཐོར། ལས་རྡོར་གྱིས་གྲལ་གཤམ་དུ་སྔོན་གཏོར་བཤམས་པར་སླར་ཡང་ལས་སྔགས་སྐབས་བསང་ཆུ་འཐོར།] སྭབྷཱ་ཝ༴ སྟོང་པའི་ངང་ལས་[སོགས།] ཨོཾ་ཨཱཿཧཱུྃ་ཧོཿ [ར་མཁའ་ལྡིང་རྒྱས་རྡོ་དྲིལ་བླངས་ཏེ།] སརྦ་བྷུ་ཏར་[འགུགས་རྒྱ།] སརྦ་བིགྷྣཱན་[ལ་པད་སྐོར་གཅིག་དང་མཛོད་རྒྱ་ཐལ་སྦུབས་སེ་གོལ་བཅས་ལན་གསུམ་མཐར་བསྐུལ་མཚམས་ཀྱིས།] ཧྲཱིཿ ང་ནི་དཔལ་ཆེན་[སོགས་ཡོ་ག་བཞི་དྲིལ། ཚིག་མཇུག་ལྷུག་ནས་སྔགས་རོལ་འོག །ལས་རྡོར་གྱིས་བགེགས་གཏོར་ཕྱི་རོལ་ཏུ་དོར་ཞིང་གུ་གུལ་ལྡེམ་སྤོས་སུ་བསྲེག །སློབ་

p. 193

དཔོན་གྱིས་ཡུངས་ཐུན་འཐོར་ཞིང་རྡོ་རྗེ་གསོར་བསྐོར་ལན་གསུམ་མཐར་རོལ་མོ་དབྱེ།] ཧྲཱིཿསྣང་སྲིད་དག་པ་[སོགས་ཡོ་སྤྱི་བཞི་དྲིལ། ཚིག་མཇུག་སྔགས་དྲིལ་གསིལ་ནས་རྡོ་དྲིལ་པང་དུ་བཞག །ལག་གཉིས་རྡོ་རྗེའི་ཁུ་ཚུར་དཔུང་མགོར་བསྣོལ་ལ།] ཧོཿ ལན་སྐྱེས་ཀུན་ཏུ་བཏགས་[སོགས་ལྷུག །]བྲ་བེ་ཤ་ཡ་ཕཊ་[ལ་ཁུ་ཚུར་ཁ་ཕྱིར་གྲོལ། ཐལ་སྦྱར་བཅས།] ཧོཿ འཁྲུལ་པས་མ་བསླད་[སོགས་ལྷུག །ཐལ་སྦྱར་ལྷུག་འདོན་སྦྲེལ་ཏེ།] ཧོཿ ཆོས་ཀུན་ཀ་དག་[སོགས། སྙིང་གར་རྡོ་རྗེ་རྩེ་གཅིག་པའི་རྒྱ་བཅས།] ཧོཿ བཅོམ་ལྡན་ཚེ་ཡི་[སོགས་ལྷུག] ། བོ་དྷི་ཙིཏྟ་ཧཱུྃ། [ཞེས་བསྐུལ་མཚམས།] མཁའ་ཁྱབ་ཞིང་གི་[སོགས་ལྷུག །]བྱིན་ཆེན་འབེབས་པར་གྱུར༔ [ཅེས་བསྐུལ་མཚམས། རྡོར་དྲིལ་བླངས་ལ།] ཧྲཱིཿབྱིན་རླབས་དངོས་གྲུབ་[སོགས་ཡོ་སྤྱི་བཞི་དྲིལ། འདི་སྐབས་ལས་རྡོར་གྱིས་སྦྱར་སྤོས་བཏུལ། ཚིག་མཇུག་ལྷུག་ནས་རོལ་[ཌརྐ༽]དེ་ནས་ལས་རྡོར་གྱིས་ནང་མཆོད་དང་སྨན་རཀ་གྱི་ཁེབས་བསལ། བསང་ཆུང་འཐོར་ལ། དྲིལ་བང་གིས།] རཾ་ཡཾ་ཁཾ། ཏིང་འཛིན་རང་རྩལ་[སོགས་ལྷུག །]ཨ་རྒྷཾ་[སོགས་ལ་རྡོ་དྲིལ་དང་པད་སྐོར་སེ་གོལ་མེད་པའི་སོ་སོའི་རང་རྒྱ།] ཤཔྡ་[ར་རོལ[ཌརྐ༽]ཟུར་འདེབས་ལྟར།] སྨན་སྣོད་བྷནྡྷའི་[སོགས།] ཨོཾ་མཧཱ་སརྦ་པཉྩ་[སོགས་སྨན་རཀ་གཏོར་གསུམ་སྔགས་སོ་སོར་ལན་གསུམ་རེ་དང་།] བོ་དྷི་ཙིཏྟ་[ལན་གཅིག་མཐར་སྨན་རཀ་ཁེབས་སྒྲོན། རྡོ་དྲིལ་བླངས་ཏེ།] ཨ༔ འཁོར་འདས་ཆོས་རྣམས་[སོགས་ཡོ་སྤྱི་བཞི་དྲིལ། ཚིག་མཇུག་སྔགས་བཅས་ལྷུག་ནས་]

p. 194

[དྲིལ་པང་།] དེ་ལྟར་ཡོངས་སུ་[སོགས་ལྷུག །]ཀཱ་ཡ་ཝཱ་ཀི་ཙིཏྟར་[རྡོ་རྗེ་རྩེ་ལྔའི་རྒྱ་སྤྱི་མགྲིན་སྙིང་གར་འཇོག །] ཐུགས་ཀའི་འོད་ཀྱིས་[སོགས་ལྷུག །]ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཱ་[ལ་མགོ་བོའི་གནས་ལྔར་རིགས་ལྔའི་རང་རྒྱ་འགོད།] བདག་ཉིད་དཀྱིལ་འཁོར་[སོགས་ལྷུག །]བྱོན་པར་གྱུར་[ཅེས་བསྐུལ་མཚམས་ཀྱིས་རྡོ་དྲིལ་བླངས་ཏེ་རྡོར་གསོར་བཅས།] ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་[སོགས་ཡོ་སྤྱི་བཞི་དྲིལ། ཚིག་འཇུག་ལྷུག་བཅས་དྲིལ་གསིལ་རྡོ་རྗེ་ནང་འདྲེན། སྔགས་རོལ་འོག[ཌརྐ༽]]ཨཱཿ དམ་ཚིག་སྣང་བ་[སོགས་ཡོ་སྤྱི་བཞི་དྲིལ་སྦྲེལ་ཏེ།] པུ་རུ་ཤ་ཡ་ཧོཿ [ཞེས་དྲིལ་གསིལ་མཐར་རྡོ་དྲིལ་སར་བཞག །ལག་གཉིས་ཁུ་ཚུར་བརླ་གཡོན་སྟེང་དུ་བཞག་ལ།] ཨོཾ༔ སྣོད་བཅུད་གདོད་ནས་[སོགས་སྤྱི་གདངས།] གུ་རུ་བཛྲ་[སོགས་ཀུན་ལ་སྦྱར་ཏེ།] བཛྲ་ལཱ་སྱ་[སོགས་ལ་པད་སྐོར་རེ་བཅས་སོ་སོའི་རང་རྒྱ་དང་སེ་གོལ།] ཤཔྡར་[རོལ[ཌརྐ༽]དེ་ནས་ཐལ་སྦྱར་བཅས།] ཨོཾ༔ འདོད་པའི་ཡོན་ཏན་[སོགས་སྤྱི་གདངས་དང་ལྷུག་གང་འོས། སྔགས་རྣམས་ལ་པད་སྐོར་རང་རྒྱ་སེ་གོལ།] ཤཔྡར་[རོལ་བཞི་བརྡེག །]དྷརྨ་དྷཱ་ཏུ[འི་མཇུག་བསྐུལ་མཚམས་ཀྱིས་རྡོ་དྲིལ་བླངས། སློབ་དཔོན་གྱིས་ནང་མཆོད་དང་ལས་རྡོར་གྱིས་སྨན་ཐོད་བཏེགས་ལ།] ཨོཾ༔ རང་བྱུང་གདོད་ནས་[སོགས་རང་རྟའམ་སྤྱི་གདངས། སྔགས་ལ་བདུད་རྩི་འཐོར་སྦྲེང་། ཟུར་བྱང་ལྟར།] ཚེ་དཔག་མེད་མགོན་[སོགས་ཚིག་བཅད་རེ་རེ་བཞིན་གོང་གི་སྔགས་སྦྱར། དེ་ནས་དྲིལ་པང་བསྐུལ་མཚམས་ཀྱིས།] དཀྱིལ་འཁོར་ལྷ་ཚོགས་[སོགས་ལྷུག །]རྡོ་རྗེའི་ཚེ་ཐོབ་གྱུར༔ ཨོཾ་ཨཱཿཧཱུྃ་[ལ་

p. 195

ལག་གཡོན་མཐེབ་སྲིན་གྱིས་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་འགོད་ཅིང་མྱང་། བསྐུལ་མཚམས་ཀྱིས།] ཨཱཿ སྟོང་གསལ་མཐའ་བྲལ་[སོགས་སྤྱི་གདངས་བཞི་དྲིལ། ལས་རྡོར་གྱིས་སྔགས་ལ་རཀྟ་སྦྲེང་།] ཧཱུྃ༔ ཆོས་དབྱིངས་ཀློང་ཡངས་[སོགས་ནས།] དྷརྨ་དྷ་ཏུའི་[བར་སྤྱི་གདངས་བཞི་དྲིལ་ནར་འདེད། དེ་ནས་དྲིལ་སྟབས་སྔོན་དུ་འགྲོ་བས།] ཧྲཱིཿ མི་གཡོ་མཉམ་ཉིད་[སོགས་ཡོ་ག་འཁྱོགས་འབེབས་སམ་སྤྱི་གདངས་བཞི་དྲིལ། ཚིག་མཇུག་ལྷུག་ནས་རྡོ་དྲིལ་སར་བཞག །]ཨོཾ་གྲུབ་པར་གྱུར་ཅིག །ཕྱོགས་བཅུའི་ཞིང་ན་[སོགས་བརྟན་བཞུགས་གསོལ་འདེབས་དང་།] འདི་ནས་ཉི་མ་ལྷོ་ནུབ་[མའི་གསོལ་འདེབས་མཐར།] སྣང་གྲགས་རིག་གསུམ་[སོགས་ཀྱི་ཞོག་ཚོགས་གྲོལ། ༼ཚ་གུང་༽དེ་ནས་ཟུང་འདེབས་ལྟར།] ཧཱུྃ་ཧྲཱིཿ ཚེ་དང་ཡེ་ཤེས་[སོགས་ཛཔྲ་བསྐུལ་ཟངས་མདོག་དཔལ་རིའི་རྟ།] མི་བཏང་ངོ་[ཞེས་བསྐུལ་མཚམས་ཀྱིས།] རིགས་ཀུན་བདག་པོ་[སོགས་ལྷུག་འདོན་ནར་འདེད་ཀྱིས།] ཨ་མི་དྷེ་ཝ་[བཞི་བརྒྱ།] ཨཱཿཧྲཱིཿ[དྲུག་བརྒྱ། རྩ་བསྙེན་ཆིག་སྟོང་སུམ་བརྒྱ། ལས་སྔགས་བཞི་བརྒྱ་ཙམ།] སྣང་སྲིད་འཁོར་འདས་མ་ལུས་ཀུན༔ འོད་ཟེར་[སོགས་ནས།] རོལ་པར་བལྟ༔ ཧྲཱིཿ[སུམ་སྦྲེལ་བརྒྱ་རྩ།] སླར་ཡང་ཧྲཱིཿཡིག་དེ་དག་[སོགས་ནས།] དབྱིངས་སུ་འཁྱིལ༔ [ཞེས་ཧྲཱིཿབཟླས་གོང་བཞིན། བདག་འཇུག་སྐབས་སུ་འདིར་བུམ་བཟླས་བརྒྱ་རྩ་ཙམ་གྱི་མཐར་འོད་ཞུ་བྱ། རྡོ་དྲིལ་བླངས་ཏེ། ཟུར་འདེབས་ལྟར།]

p. 196

ཧྲྰུྃ་ཧྲཱིཿ རང་སྣང་རྣམ་པར་[སོགས་ལྷུག་འདོན་དྲིལ་གསིལ་བཅས་མཐར་རོལ་[ཌརྐ༽།] བདག་མདུན་དཀྱིལ་འཁོར་[སོགས་ལྷུག །འདི་སྐབས་ལས་རྡོར་གྱིས་མདའ་དར་སློབ་དཔོན་ཕྱག་ཏུ་ཕུལ། ལྡེམ་སྤོས་བཏུལ།] ཚེ་མཆོག་ཐོབ་པར་གྱུར་[ཅེས་བསྐུལ་མཚམས། ཞྭ་བཅས་སློབ་དཔོན་ནས་མདའ་དར་དང་། ཀུན་གྱིས་གཡས་རྡོར་གསོར་བཅས།] ཧྲཱིཿཧྲཱིཿ འགྱུར་མེད་རྡོ་རྗེ་[སོགས་ཡོ་སྤྱི་བཞི་དྲིལ། སྔགས་སྐབས་དྲིལ་གསིལ་བཅས་སློབ་དཔོན་ནས་མདའ་དར་གཡབ་ཅིང་བྱིངས་ནས་རྡོ་རྗེ་ནང་འདྲེན། བསྐུལ་མཚམས་ཀྱིས།] ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་[སོགས་ནས་ལྷུག་ནར་འདེད། བསྐུལ་མཚམས་ཀྱིས།] ཧྲཱིཿགཞན་ཡང་རྡོ་རྗེ་ཚེ་ཡི་[སོགས་སྤྱི་གདངས། ཚིག་མཇུག་ལྷུག་ནས་རོལ། དྲིལ་པང་གིས།] ཨཱ༔ མཁའ་ཁྱབ་ཡེ་ཤེས་[སོགས་ཁྲུས་གདངས།] རཀྵ་ཧཾ་[ཞེས་རྡོ་དྲིལ་སར་བཞག །ཐལ་སྦྱར་བཅས།] ཨོཾ་འགྲུབ་པར་གྱུར་ཅིག་[སོགས་ལྷུག་འདོན་ལན་གསུམ་མཐར།] ཨོཾ་སྭསྟི་སདྡྷིརྦྷ་བ་ཏུ། [སོགས་བརྟན་བཞུགས་སྨོན་ལམ།] སྤྲོས་བྲལ་བདེ་ཆེན་[མ་དང་།] སྣང་གྲགས་རིག་གསུམ་[སོགས་ཀྱིས་ཚ་གུང་གྲོལ། ༼བར་ཆད༽ལས་རྡོར་གྱིས་གསོལ་གདབ་སྔོན་དུ་འགྲོ་བས། ཚོགས་ལ་ཆུ་ཆང་ནང་གསུམ་བྲན་ཅིང་།] རཾ་ཡཾ་ཁཾ༔ བདག་ཉིད་དབང་ཆེན་[སོགས་ལྷུག །]ཧ་ཧོ་ཧྲཱིཿ [ཞེས་རྡོ་དྲིལ་བླངས་ཏེ།] ཧྲཱིཿ ངོ་བོ་ཀ་དག་[སོགས་ཡོ་སྤྱི་བཞི་དྲིལ། ཞིག་མཇུག་ལྷུག་ནས་རོལ་ཌརྐ༽། དྲིལ་བང་གིས།] གུ་རུ་ཨཱཿཡུརྫྙཱ་ན་[སོགས་པད་སྐོར་སྔོན་འགྲོས་སོ་སོའི་རང་རྒྱ་སེ་གོལ་བཅས་མཐར་རོལ། ཌརྐ༽ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་

p. 197

བླ་མ་[སོགས་ཡོ་སྤྱི་བཞི་དྲིལ། ཚིག་མཇུག་ལྷུག་ནས་རོལ། ཟུར་བྱང་ལྟར།] ཧྲཱིཿ འཆི་མེད་ཚེ་ཡི་གྲོང་ཁྱེར་[སོགས་བསྐང་བརྒྱ་པའམ།] ཧྲཱིཿ ཚོགས་ཁང་འཆི་མེད་[སོགས་བསྐང་བསྡུས་ཡོ་སྤྱི་བཞི་དྲིལ་མཐར་རོལ།] ཨཱཿཚེ་རབས་བསྐལ་པ་[སོགས་ཡོ་སྤྱི་བཞི་དྲིལ། ཚིག་མཇུག་ལྷུག་ནས་ཡིག་བརྒྱར་དྲིལ་གསིལ་མཐར་དྲིལ་པང་། ལས་རྡོར་གྱིས་ཚོགས་ཐ་མ་སློབ་དཔོན་མདུན་དུ་བཀོད་ལ།] པདྨ་མཧཱ༴ བདག་ཉིད་དཔལ་ཆེན་[སོགས་ལྷུག །རྡོ་དྲིལ་བཅས་ཧཱུྃ་མཛད་རྒྱ།] ན་མོ༔ སྐུ་གསུམ་རིག་འཛིན་[སོགས་ལྷུག །]ཧུ་ལུ་ཧུ་ལུ་[སོགས་རོལ། རྐ༽] ཧྲཱིཿཛཿ དཔལ་གྱི་བཀའ་སྡོད་[སོགས་ལྷུག་བཞི་དྲིལ་ནས་སོ་སོའི་རང་རྒྱ་དང་ཚིག་མཇུག་རོལ། ལས་རྡོར་གྱིས་སློབ་དཔོན་ལ་ལས་ཕུར་ཕུལ།] ཧྲཱིཿཧྲཱིཿཧྲཱིཿ རང་བྱུང་ལྷུན་གྲུབ་[སོགས་ལྷུག་དྲིལ། མཐར་སྔགས་རོལ་རྐ༽འོག་སློབ་དཔོན་གྱིས་བསྒྲལ་ལ། ལས་རྡོར་གྱིས་ནང་མཆོད་བྲན་ཏེ་དཀྱིལ་འཁོར་མདུན་དུ་འབུལ། ཚོགས་གྲངས་གསོག་དགོས་ན་འདིར་བསགས། དེ་ནས་བདག་འཇུག་ལ།] ཇི་ལྟར་བལྟམས་པ་[སོགས་ཁྲུས་གདངས། སྔགས་ལ་ལས་ཆུ་འཐོར།] སུམྦྷ་ནི[ར་རོལ་འོག་སློབ་དཔོན་གྱིས་ཡུངས་ཐུན་འཐོར་ཞིང་བྱིངས་ནས་རྡོ་རྗེ་གསོར་བསྐོར། ལས་རྡོར་གྱིས་གུ་གུལ་བདུག །དེ་ནས་དྲིལ་བང་གིས།] ས་གཞི་སྤོས་ཆུས་[སོགས་ལྷུག །]ཀུཀྵུ་བྷནྡྷ་[ར་ལག་གཉིས་ཁུ་ཚུར་གུང་མཛུབ་བརྐྱང་པ་མིག་དར་འཆིང་རྒྱ།] ཨ་ཁཾ་ཝི་ར[ར་འབྲུ་བཅས་ཐལ་སྦྱར།] ཨོཾ༔ དཔལ་ལྡན་པདྨ་

p. 198

[སོགས་ཁྲུས་གདངས།] རྡོ་རྗེ་སློབ་དཔོན་[སོགས་ལྷུག །]ཨོཾ༔ འཆི་མེད་མགོན་པོ་[སོགས་ལྷུག་བཅས་ལན་གསུམ།] སྙིང་གར་ཀུན་རྫོབ་[སོགས།] བོ་དྷི་ཙིཏྟར་[རྡོ་རྗེ་སྙིང་གར་རེག །]བྷྲཱུྃ་པྲ་ཝེ་ཤ[ར་ཁ་ཚུར་བསྣོལ་འགྲོལ།] ཨོཾ་ན་མ་སྟེ་[སོགས་གནས་གསུམ་ཐལ་སྦྱར་ལན་གསུམ། དམ་བཟུང་སྐབས་རྡོ་རྗེ་མགོ་བོ་དང་སྙིང་གར་བཟུང་བ་དཀྱུས་ལྟར་ལས།] འདི་ནི་ཁྱོད་ཀྱི་[སོགས་ལ་ནང་མཆོད་མྱང་།] ཨོཾ༔ སྣོད་བཅུད་དག་པ་[སོགས་ཁྲུས་གདངས།] རང་ཉིད་དཔལ་ཆེན་[སོགས་ལྷུག །འདི་སྐབས་ལས་རྡོར་གྱིས་ཞྭ་བཅས་འབེབས་རྫས་ལྡེམ་སྤོས་སུ་བསྲེག་ཅིང་། སྔགས་རོལ་འོག་གཡབ་དར་སྣ་ལྔ་གཡབ།] ཏིཥྛ་བཛྲ་ལ་[རྡོ་རྗེ་མགོ་བོར་རྒྱ་གྲམ་དུ་འཇོག་ཚུལ།] ཧོཿ འཆི་མེད་རྒྱལ་བར་[མེ་ཏོག་འཐོར།] ཏྲཱྃཿ རིན་ཆེན་མཛེས་པ་[སོགས།] བཛྲ་པུཥྤེ་[ར་མེ་ཏོག་སྤྱི་བོར་བཀོད།] ཧོཿ ཀུན་ཏུ་སྒྲིབ་མེད་[སོགས།] ཛྙཱ་ན་ཙཀྵུ[ར་རྡོ་རྗེས་མིག་དབྱེ་ཚུལ།] བདེ་གཤེགས་རིགས་འདུས་[སོགས། གོང་གི་མེ་ཏོག་འཐོར་པ་ནས་བཟུང་།] ཨ་ལ་ལ་ཧོ[འི་བར་ལྷུག་འདོན། མཎྜལ་]ས་གཞི་སྤོས་ཆུས། ཨོཾ༔ ཁྱབ་དག་ཆེན་པོ[ར་ཁྲུས་གདངས་ལྷུག་འདོན་གང་འོས།] རང་ཉིད་དཀྱིལ་འཁོར་[སོགས།] པདྨ་བཛྲ་པུཥྤེ་[སོགས་ལ་པད་སྐོར་རང་རྒྱ་སེ་གོལ་དང་]ཤཔྡ[ར་རོལ། ཐལ་སྦྱར་བཅས།] རྡོ་རྗེ་ཅན་གྱི[ས་སོགས་ལྷུག །]ནམ་མཁར་བཞུགས་པའི་[སོགས།] དབང་བསྐུར་བར་གྱུར། [ཅེས་བསྐུལ་མཚམས། སློབ་དཔོན་གྱིས་རྣམ་བུམ་བཏེགས་ལ།]

p. 199

ཧཱུྃ༔ རྡོ་རྗེའི་རིགས་མཆོག་[སོགས་ལྷ་དབང་རྟ། །]ཀ་ལཱ་ཤ[ར་དྲིལ་གསིལ་བཅས་བུམ་པ་སྤྱི་བོར་བཀོད་ཅིང་བུམ་ཆུ་འཐོར།] དེ་ལྟར་བུམ་པའི་ཆུ[ས་སོགས་ནས།] མངོན་དུ་བྱས་སོ། །[བསྐུལ་མཚམས།] ནམ་མཁར་བཞུགས་པའི་[སོགས།] དབང་བསྐུར་བར་གྱུར། [ལག་གཉིས་རྡོ་དྲིལ་བཅས་གུང་འཛུབ་གཤིབ་སྟེ་སྒྲེང་བ་ཅོད་པན་འཛིན་ཚུལ་གྱིས།] སྭཱ༔ རིན་ཆེན་རིགས་མཆོག་[སོགས་སྤྱི་གདངས།] རཏྣ་མུ་ཀུ་ཊ[ར་དབུ་རྒྱན་མགོ་བོར་འཆིང་ཚུལ།] དེ་ལྟར་དབུ་རྒྱན་[སོགས།] མངོན་དུ་བྱས་སོ། །[བསྐུལ་མཚམས།] ནམ་མཁར་བཞུགས་པའི་[སོགས།] དབང་བསྐུར་བར་གྱུར། [ལག་གཡས་རྡོ་རྗེ་གསོར་ཞིང་གཡོན་དྲིལ་པང་གིས།] ཨཱཿ པདྨའི་རིགས་མཆོག་[སོགས་སྤྱི་གདངས།] པདྨ་བཛྲ་ཛྙཱ་ན[ར་རྡོ་རྗེ་གསོར་བཞིན་བསྐོར་འདྲེན་གྱིས་སྙིང་གར་བཟུང་།] དེ་ལྟར་རྡོ་རྗེ་སོགས། བྱས་སོ། །[བསྐུལ་མཚམས།] ནམ་མཁར་བཞུགས་[སོགས་ནས།] བསྐུར་བར་གྱུར། [བསྐུལ་མཚམས། གཡས་རྡོ་རྗེ་སྙིང་གར་བཟུང་བཞིན་པས་གཡོན་གྱིས་དྲིལ་བུ་འདེགས་ལ།] ཧཱ༔ ལས་ཀྱི་རིགས་མཆོག་[སོགས་སྤྱི་གདངས།] ཀརྨ་རྫྙཱ་ན[ར་དྲིལ་བུ་གསིལ་མཐར་དཀུར་བསྟེན།] དེ་ལྟར་དྲིལ་བུས་[སོགས།] བྱས་སོ། །ནམ་མཁར་བཞུགས་པའི་[སོགས།] བསྐུར་བར་གྱུར། [བསྐུལ་མཚམས། ལག་གཡས་ཀྱིས་རྡོ་དྲིལ་བསྣོལ་བ་སྨིན་ཕྲག་ཏུ་བཟུང་ལ།] ཨོཾ༔ བདེ་གཤེགས་རིགས་མཆོག་[སོགས་སྤྱི་གདངས།] བུདྡྷ་ཛྙཱ་ན་[དང་། ཀྱཻ་དཔལ་སོགས་སྦྲེལ་བའི་ཚིག་མཇུག་བར་དྲིལ་གསིལ།]

p. 200

དེ་ལྟར་མིང་གི་[སོགས།] མངོན་དུ་བྱས་སོ། །[བསྐུལ་མཚམས་ཀྱིས།] བདག་ཉིད་རྡོ་རྗེ་[སོགས།] ཁྱབ་པར་གྱུར། ཐབས་ཀྱི་རྡོ་རྗེ་[སོགས་སྤྱི་གདངས་བཞི་དྲིལ།] སརྦ་ཏ་ཐཱ་ག་ཏར་[པད་སྐོར་སྔོན་འགྲོས་འཁྱུད་རྒྱ།] དེ་ལྟར་རྡོ་རྗེ་ཐུགས་[སོགས།] བསྩལ་བར་གྱུར། [དྲིལ་པང་གིས།] ཇི་སྲིད་ནམ་མཁའ་[སོགས་ལྷུག །དྲིལ་གསིལ་མེད།] སླར་ཡང་དེ་ཉིད་[སོགས་ནས།] དབང་བསྐུར་བར་གྱུར། [བསྐུལ་མཚམས། རྡོ་དྲིལ་བཅས་སློབ་དཔོན་གྱིས་རྣམ་བུམ་བཏེགས། བྱིངས་ཀྱིས་རྡོ་རྗེ་གསོར་ལ།] ཨོཾ༔ བཀྲ་ཤིས་རྣམ་པར་[སོགས་ལྷ་དབང་རྟ།] ཀ་ལཱ་ཤ[ར་དྲིལ་གསིལ་བཅས་སློབ་དཔོན་གྱིས་བུམ་ཆུ་མྱང་མཐར་ལས་རྡོར་གྱིས་བཀྱེ།] བདུད་རྩིའི་ཆུ་རྒྱུན་[སོགས།] ཐིམ་པར་གྱུར། སུ་པྲ་ཏིཥྛ[ར་སློབ་དཔོན་གྱིས་འབྲུ་འཐོར།] དེ་ལྟར་ཁམས་གསུམ་[སོགས།] མཆོད་པར་གྱུར། ཨཱ་ཡུརྫྙཱ་ན[ར་པད་སྐོར་རང་རྒྱ་སེ་གོལ་བཅས་]ཤཔྡ[ར་རོལ། ཌ༽]དེ་ལྟར་ན་[སོགས།] བྱས་པའོ། །ས་གཞི་སྤོས་ཆུས་[དང་།] ཨེ་མ་ཧོཿ བདེ་བ་[སོགས་ལྷུག །]སློབ་དཔོན་པདྨ་[སོགས།] བཞག་པར་གྱུར། [བསྐུལ་མཚམས། སློབ་དཔོན་གྱིས་རྡོ་རྗེ་བཅས་གསང་ཐོད་འདེགས་ཤིང་།] ཨཱཿ འཆི་མེད་རྒྱལ་བའི་[སོགས་ལྷ་དབང་རྟ།] བོ་དྷི་ཙིཏྟ[ར་སློབ་དཔོན་གྱིས་ལག་གཡོན་དྲིལ་བཅས་མཐེབ་སྲིན་གྱིས་བདུད་རྩི་མྱང་། འདི་ལ་དྲིལ་གསིལ་མེད།] བྱང་སེམས་ཡི་གེ་[སོགས།] བྱས་པའོ། །[ཡང་མཎྜལ་དང་།] ཨེ་མ་ངོ་མཚར་[སོགས་ལྷུག །]རང་ཉིད་བཅོམ་ལྡན་[སོགས།] བསྐུལ་བར་གྱུར། [བསྐུལ་མཚམས། གཡས་རྡོ་རྗེ་སྙིང་གར་བཟུང་བཞིན་གཡོན་]

p. 201

[པས་དྲིལ་བུ་ནུ་ཐད་དུ་བཏེགས་ལ།] ཧོཿ ཆོས་རྣམས་མ་ལུས་[སོགས་ལྷ་དབང་རྟ།] པདྨ་མུ་དྲ[ར་དྲིལ་བུ་དཀུར་བསྟེན། འདི་ལའང་དྲིལ་གསིལ་མེད།] ཨེ་མ་བདག་གི་[སོགས་ལྷུག །]ཤེས་རབ་མ་དང་[སོགས།] རྒྱུད་ལ་བརྟན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ[ར་ལག་གཉིས་རྡོ་དྲིལ་བཅས་པད་སྐོར་སྔོན་འགྲོས་འཁྱུད་རྒྱ།] དེ་ལྟར་ན་ཕྱག་རྒྱ་[སོགས།] བྱས་པའོ། །[ཡང་མཎྜལ་དང་།] ཨེ་མ་ཧོཿ ཀུན་ཏུ་བཟང་པོ་[སོགས་ལྷུག །] བླ་མ་འཆི་མེད་[སོགས།] དབུགས་དབྱུང་བར་གྱུར། [བསྐུལ་མཚམས། དྲིལ་བང་ངང་ནས།] ཨོཾ༔ གདོད་མའི་ཀ་དག་[སོགས་ལྷ་དབང་རྟ།] དེ་ལྟར་ན་དོན་དམ་[སོགས།] བྱས་པའོ། །[བསྐུལ་མཚམས།] གཙོ་བོས་ཇི་ལྟར་[སོགས་ལན་གསུམ་ཁྲུས་གདངས་སྦྲེལ་ཏེ།] དེང་ནས་བརྩམས་ཏེ་[སོགས།] ས་གཞི་སྤོས་ཆུས་[ལྷུག །འདི་སྐབས་ལས་རྡོར་གྱིས་ཚོགས་འབུལ་ཞིང་ལྷག་གཏོར་བསྡུ། དེ་ནས་དྲིལ་ཆོག་གིས་དམ་ཅན་གཏོར་བསྔོས། གཏེར་སྲུང་། གཏེར་གཞི། བཤགས་པ། ཕྲིན་བཅོལ་བཅས་གྲུབ་ནས།] བསམ་ལྷུན་[དང་]ལྷོ་ནུབ་རྔ་ཡབ་[མ།] ཕྱོགས་བཅུ་དུས་བཞི་[སོགས་བསྟན་པ་སྤྱི་སྨོན་སོགས་ཀྱིས་བར་ཆ་གྲོལ། ༼དགོངས་ཚོགས་༽དེ་ནས་]སིནྡྷུ་རྒྱ་མཚོ་[ཆུང་བ་དང་།] སངས་རྒྱས་བསྟན་པ། འཛམ་གླིང་དག་པ། [ཆ་གསུམ་བཅས་མཐར།] རྩ་གསུམ་ཚེ་ཡི་[སོགས་སྤྱི་གདངས། འདི་སྐབས་ལས་རྡོར་གྱིས་ཕྱག་གསུམ་སྔོན་དུ་འགྲོ་བས་ལྷག་ཞུས།] བཛྲ་ཨ་མྲྀ་ཏ[ར་སློབ་དཔོན་གྱིས་ལྷག་གཏོར་ལ་བདུད་རྩིའི་ཞལ་ཆབ་སྦྲེང་ལ།]

p. 202

ཧྲཱིཿ ང་ནི་པདྨ་[སོགས་སྤྱི་གདངས།] བརྡས་བསྐུལ་ན༔ ཞེས་ཚིག་མཇུག་ལྷུག་ནས་རོལ། ཌརྐཤ༽] བྷྱོ༔ རྡོ་རྗེ་གསང་བའི་[སོགས་སྤྱི་གདངས་བཞི་དྲིལ། མཇུག་རོལ་ཌརྐ༽འོག་ལ་ས་རྡོར་གྱིས་མཁའ་ལྡིང་རྒྱས་ལྷག་གཏོར་བླངས་ལ་གོམ་གང་ཕྱིར་འགྲོས་ཀྱིས་ཕྱི་རོལ་ཏུ་བསྐྱལ། དམ་ཅན་སྤྱི་གཏོར་རྗེས་ཆོག་མཐར་དབྱུང་།] ཧྲཱིཿཧྲཱིཿ ངང་ཉིད་ཁྱབ་བརྡལ་[སོགས་སྤྱི་གདངས་བཞི་དྲིལ་མཇུག་རོལ་འོག་]ཨོཾ་ཨཱཿཧཱུྃ་[ལ་ལས་རྡོར་གྱིས་ཆད་མདོར་སྨན་རཀ་བྲན། ཆད་བརྟན་ལག་གཡས་གཡོན་དུ་བཏེགས་ལ།] ཧྲཱིཿསྔོན་ཚེ་འོག་མིན་[སོགས་སྤྱི་གདངས་བཞི་དྲིལ།] ད་དུས་སྙིགས་མ་[སོགས་ལ་སློབ་དཔོན་གྱིས་འབྲུ་འཐོར་ཞིང་། གཏོར་མ་ཕྱི་རོལ་དུ་ཁྱེར་ལ་ཁ་ཕྱིར་བསྟན་དུ་འཇོག །ཚིག་མཇུག་རོལ་འོག་འབྲུ་གསུམ་སྐབས་ལས་རྡོར་ནས་སྨན་ཕུད་ཀྱིས་གཏོར་གཞོང་བཤལ་ཆུ་བརྟན་གཏོར་ལ་བྲན་ཏེ་ནང་བསྟན་དུ་འཇོག །]པདྨ་ཀྲོ་དྷ་[སོགས་མཐར།] བྷྱོ༔ ཤིན་ཏུ་སྟོང་པ་[སོགས་སྤྱི་གདངས་བཞི་དྲིལ། མཇུག་གི་རོལ་འོག་ལས་རྡོར་ནས་སློབ་དཔོན་ཕྱག་གི་རྡོ་རྗེ་ཞུས་ཏེ།] ཨ་ནྲྀ་ཏྲི་སརྦ་ཤཱ་ཏྲུཾ་བིགྷྣཱ་ན་ཛཿཧཱུྃ་བཾ་ཧོཿ[ཞེས་བརྗོད་ཟིན་བསྟུན་གྲལ་གཤམ་དུ་གཏོར་གཞོང་སྦུབས་པའི་སྟེང་རྡོ་རྗེ་བསྣོལ་བས་རྒྱས་བཏབ།] ཧྲཱིཿ རྡོ་རྗེ་རྟ་ཡི་[སོགས་སྤྱི་དྲིལ། ཚིག་མཇུག་རོལ་འོག་སྔགས་མཐར་རྡོ་རྗེ་དེ་ཉིད་སློབ་དཔོན་ཕྱག་ཏུ་ཕུལ་ལ་གཏོར་གཞོང་བཟེད་པར་འབྲུ་འཐོར། དྲིལ་བང་གིས་རྩ་སྔགས་ཛཔྲ་དབྱངས་ལན་གསུམ་མཐར།] ཨོཾ་ཨཱཿ ཧཱུྃ་ཧྲཱིཿ བདེ་མཆོག་ཀློང་ཡངས་[སོགས་ཁྲུས་གདངས་སམ་སྤྱི་གདངས། འདི་སྐབས་ལས་རྡོར་གྱིས་ཚེ་རྟེན་ཚེ་རྫས་རྣམས་བཏེགས་ལ་ཚིག་མཇུག་

p. 203

རོལ་རིང་འོག་སློབ་དཔོན་གྱིས་དབང་བཞེས་ཤིང་། ལས་རྡོར་གྱིས་ཚོགས་དམངས་ལ་ཚེ་རྫས་བཀྱེ། དེ་ནས་ཉེར་སྤྱོད་ཁ་གསོས།] གུ་རུ་བཛྲ་[ལ་པད་སྐོར་སྔོན་འགྲོས་པུཥྤེ་[སོགས་རང་རྒྱ་]ཤཔྡ[ར་རོལ། ཌརྐ༽]ཧྲཱིཿ ཆོས་དབྱིངས་འོད་གསལ་[སོགས་ལྷུག །ཚིག་མཇུག་དྲིལ་གསིལ།] ཨོཾ༔ འཆི་མེད་མགོན་པོ་[སོགས་རྡོ་དྲིལ་བཅས་ཐལ་སྦྱར། ཚིག་མཇུག་དྲིལ་གསིལ་བཅས་ཡིག་བརྒྱ་ལན་གསུམ་མཐར་དྲིལ་པང་། ཐལ་སྦྱར་མེ་ཏོག་བཅས།] ཕྱོགས་བཅུ་ན་[སོགས།] སུ་པྲ་ཏིཥྛ[ར་འབྲུ་འཐོར། དྲིལ་གསིལ་མེད།] ཨ༔ གདོད་ནས་རྣམ་གྲོལ་[སོགས་ལྷུག །]དྷརྨ་དྷ་ཏུ་ཨ༔ [ཞེས་བསྐུལ་མཚམས།] ཧྲཱིཿ སྐྱེད་མེད་དབྱིངས་ལས་[སོགས་ལྷུག །]ཨཏྨ་ཀོ྅ཧཾ༔ [བསྐུལ་མཚམས་ཀྱིས།] ཨོཾ་ཨཱཿཧཱུྃ༔ འཆི་མེད་ཚེ་ཡི་[སོགས་ལན་གསུམ།] ཡེ་དྷརྨ[ར་ལས་རྡོར་གྱིས་འབྲུ་བཀྱེ། ཞྭ་བཅས།] ཧྲཱིཿསྟོབས་བཅུ་མངའ་བ་[སོགས་སྤྱི་དང་བཞི་དྲིལ།] མི་མཐུན་འགལ་རྐྱེན་ཞི་[ཌརྐ༽སོགས་མན་ཚིག་རེ་བཞིན་དྲིལ་གསིལ་དང་འབྲུ་འཐོར། མཐར་བཀྲ་ཤིས་འཁྱིལ་རོལ་ལམ་འཇམ་རོལ་རིང་པོ།] [དེ་ནས་]མཧཱ་གུ་རུ་[དང་།] ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་[སོགས་བསྟན་རྒྱས་སྨོན་ལམ་དང་། བརྟན་བཞུགས་གསོལ་འདེབས་སོགས་ཀྱི་མཐར།] དེ་ལྟར་འགྲུབ་པའང་[སོགས་ཀྱིས་གྲོལ་ལོ། །དེ་དག་ནི་ཉིན་ཆོག་ལས་བྱང་ཚར་གཅིག་གི་དབང་དུ་བྱས་པ་ཡིན་ལ། ཡང་ཚེ་ཆོག་བརྒྱ་ཚར་སོགས་གྲངས་གསོག་གམ་ཕྱི་ཆོག་ལྟ་བུའི་ཚེ། གོང་གི་ཚེ་འགུགས་རྒྱས་གདབ་ཡན་གྲུབ་པ་དང་། སླར་ཡང་མཆོད་ཁ་གསོས་ཏེ་མཆོད་བརླབ་ནས་བརྩམས་ལས་

p. 204

བྱང་ནར་འདེད་དུ་གཏོང་བ་ལས། སྨན་རཀ་གཏོར་བརླབ་ཚིག་བཅད་རྣམས་དང་། སྨན་གྱི་བརྒྱུད་མཆོད་དངོས་གྲུབ་བླང་བཅས་མི་དགོས་ཤིང་། ཚེ་འགུགས་སྐབས་གཙོ་བོའི་ཚེ་བསྐུལ་རྗེས་སུ་འོག་གི །] ཧྲཱིཿ གཞན་ཡང་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་འདིར༔ [སོགས་སྦྱར་བས་འཐུས། རྒྱས་གདབ་སྨོན་ལམ་གྱི་མཐའ་བར་གོང་ལྟར་གྲངས་ཇི་ལྟར་འོས་པ་བསྐྱར་བས་འགྲུབ། གྲངས་གསོག་གཙོར་འདོན་སྐབས་བདག་འཇུག་ཀྱང་དོར། སྒྲུབ་ཞག་སྦྲེལ་ན་དངོས་གྲུབ་བླང་བའང་གྲོལ་ཉིན་ལས་མི་དགོས་པ་བཅས་སྐབས་ཕྱེད་ཤེས་པར་བྱའོ། །ཞེས་པའང་དོན་གཉེར་ཅན་དུ་མས་ཡང་དང་ཡང་དུ་རྣ་བའི་བུ་ག་གཙེར་བའི་རྐྱེན་ལས་ཆོ་གའི་ལག་ལེན་ཕྱོགས་མཚོན་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་བྲིས་པ་སིདྡྷི་རསྟུ།། །།]

གཏེར་སྲུང་མཆོད་ཐབས་འདོད་དོན་ལྷུན་གྲུབ།

p. 205

[གཏེར་སྲུང་མཆོད་ཐབས་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།། །།]ན་མོ་ཤྲཱི་བཛྲ་མཧཱ་ཀྲོ་དྷ་ཡེ། [འདིར་མོན་ཁ་སེང་གེ་རྫོང་གསུམ་གྱི་གཏེར་སྲུང་མཆོད་པར་བགྱིད་ན། སྣོད་གཙང་དུ་གཏེར་སྲུང་མཆོད་གཏོར་འབྲུ་སྨན་དཀར་མངར་ཤ་ཁྲག་དར་ཟབ་སོགས་མཐུན་རྫས་ཀྱིས་བརྒྱན་པ་དང་། སྨན་རཀ་ཇ་ཆང་སོགས་གསེར་སྐྱེམས་རྔོན་ཆད་དང་ལྡན་པར་བཤམས་ལ།] རཾ་ཡཾ་ཁཾ་[གིས་བསང་།] ཨོཾ་ཨཱཿཧཱུྃ་[གིས་བརླབ།] ཨོཾ་བཛྲ་སྥར་ན་ཁཾ་[གིས་སྤེལ་ལ།] རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་སྲོག་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་རྣོ་མྱུར་འབར་བས་གཏེར་སྲུང་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར་[པར་བསམ་ལ།] ཧཱུྃ། རྡོ་རྗེ་འཆང་ཆེན་གསང་བའི་བདག །རྡོ་རྗེ་ཆོས་དང་ལས་ཀྱི་དབང་། །པྲ་ཆེན་ཧསྟི་པདྨ་འབྱུང་། །མཁར་ཆེན་མཚོ་རྒྱལ་ལ་སོགས་པ། །བརྒྱུད་གསུམ་རིག་འཛིན་རྩལ་འཆང་པའི། །ཧེ་རུ་ཀ་དཔལ་ཐམས་ཅད་ཀྱི། །དགོངས་ཉམས་གཅིག་བསྡུས་ཟབ་གསང་གི །སྙིང་པོ་སྲུང་བར་ཞལ་བཞེས་པའི། །མཐུ་རྩལ་རབ་འབར་གཏེར་གྱི་བདག །གཏུམ་ཆེན་དྲེགས་བྱེད་རཱ་ཧུ་ལ། །སྨུག་ནག་དབུ་དགུ་བྱ་རོག་གདོང་། །སྤྱན་བགྲད་མཆེ་གཙིགས་ལྗགས་དམར་འཁྱུགས། །ཕྱག་དྲུག་དང་པོས་མདའ་གཞུ་བཀང་། །བར་པས་ཆུ་སྲིན་རྒྱལ་མཚན་དང་། །ཉམས་པ་འཆིང་བྱེད་སྦྲུལ་ཞགས་འཕེན། །ཐ་མས་ཆུ་གྲི་ཕུར་བུ་

p. 206

གདེངས། །སྐུ་སྟོད་སྲིན་པོའི་རྣམ་པ་ལ། །སྐུ་སྨད་སྦྲུལ་མཇུག་ཁྲག་མཚོར་འཁྱིལ། །དུས་གསུམ་གཟིགས་པའི་སྤྱན་སྟོང་གཡོ། །ཞིང་གླང་སྟག་སྦྲུལ་མགོ་ཕྲེང་བརྒྱན། །མེ་རླུང་དུག་རླངས་འཚུབས་དབུས་འགྱིངས། །བདུད་པོ་ཟུ་ར་རྭ་སྐྱེས་ནི། །མི་ནག་རྟ་ནག་བདུད་ཆས་ཅན། །མདུང་དར་དགྲ་སྟྭ་ཕྱག་ན་བསྣམས། །བདུད་དམག་བྱེ་བ་ལས་ལ་འགྱེད། །བཙན་རྗེ་སྲོག་ཟན་དམར་པོ་ནི། །མི་དམར་རྟ་དམར་ཁྲག་རྨོག་དང་། །འཁོར་གསུམ་བཙན་ཆས་རབ་ཏུ་བརྗིད། །མདུང་དམར་སྙིང་ཞགས་རྔམས་སྟབས་བསྒྱུར། །བཙན་དམ་ཉི་ཁྲི་ཟུག་བརྒྱས་བསྐོར། །ཀླུ་སྨན་རིན་ཆེན་འོད་འབར་མ། །གཟུགས་བཟང་སྐུ་སྟོད་སྨན་མོ་མཛེས། །སྦྲུལ་མཇུག་བ་གླང་སྣ་རིང་ཆིབས། །རིན་ཆེན་དར་དཔྱངས་རྒྱན་ཆས་བཀླུབས། །ཐལ་སྦྱར་གཏེར་བུམ་ནོར་བུ་འཛིན། །ཀླུ་རིགས་དུང་ཕྱུར་ཕྲག་བརྒྱས་བསྐོར། །པདྨའི་བཀའ་སྡོད་དམ་ཚིག་ཅན། །སྡེ་གསུམ་གཏེར་གྱི་སྲུང་མར་བསྟོད། །སྔོན་ཚེ་བར་དང་ཐ་མའི་དུས། །སྐུ་གསུམ་རིག་འཛིན་བླ་མ་དང་། །ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །སྲོག་གི་སྙིང་པོ་མངོན་སུམ་དུ། །ཕུལ་ནས་ཡང་ཟབ་གཏེར་གྱི་བཅུད། །སྲུང་ཞིང་སྤེལ་བར་ཞལ་བཞེས་པའི། །ཐ་ཚིག་གཉེན་པོ་མ་བསྙེལ་བར། །རང་མཐུན་དགྱེས་རྫས་དཀོར་ཆའི་ཚོགས། །དཔག་མེད་འདོད་ཡོན་རོལ་པའི་རྒྱན། །འདི་བཞེས་

p. 207

ལས་དང་དངོས་གྲུབ་སྩོལ། །འདིར་དུས་དམ་ཚིག་དག་པའི་འཁོར། །མཆེད་དང་ལྕམ་དྲལ་བཅས་པ་རྣམས། །མིག་དང་སྙིང་བཞིན་གཅེས་པར་སྲུངས། །འགལ་རྐྱེན་བར་དུ་གཅོད་པའི་རིགས། །ཞི་བར་མཛོད་ཅིག་གཏེར་གྱི་བདག །ཚེ་བསོད་དཔལ་འབྱོར་སྙན་གྲགས་དང་། །མངའ་ཐང་ལོངས་སྤྱོད་ཡོན་ཏན་རྣམས། །རྒྱས་པར་མཛོད་ཅིག་གཏེར་གྱི་བདག །འཁོར་འདས་དཔལ་ཡོན་བརྟན་གཡོའི་བཅུད། །རླུང་སེམས་མོས་པ་རྣམ་པ་བཞིས། །དབང་དུ་བསྡུས་ཤིག་གཏེར་གྱི་བདག །དམ་སྲི་བདུད་དགྲ་འབྱུང་པོ་དང་། །ཕས་རྒོལ་མནན་གཏད་སྲེག་འཕང་སོགས། །བསམ་སྦྱོར་ངན་པའི་བྱད་མའི་རིགས། །བསྟན་དང་འགྲོ་ལ་འཚེ་བྱེད་པའི། །མི་དང་མི་མིན་བདུད་ཀྱི་སྡེ། །ཚར་ཆོད་ཐལ་བའི་རྡུལ་བཞིན་དུ། །བརླག་པར་མཛོད་ཅིག་གཏེར་གྱི་བདག །མདོར་ན་ཡིད་ལ་བསམ་པའི་དོན། །འབད་མེད་ལྷུན་གྱིས་གྲུབ་པ་དང་། །དབང་བཅུ་ལས་བཞི་གྲུབ་བརྒྱད་སོགས། །རབ་འབྱམས་ལས་ལ་དབང་བསྒྱུར་ཞིང་། །ཟབ་པའི་གསང་བ་བླ་མེད་འདི། །ནམ་མཁའི་ཕ་མཐར་རྒྱས་པར་མཛོད། །དམ་ལས་མ་འདའ་དམ་ཚིག་ཅན། །བཀའ་བཞིན་སྒྲུབས་ཤིག་མཐུ་རྩལ་བདག །མ་གཡེལ་བཅོལ་བའི་འཕྲིན་ལས་མཛོད། །[ཅེས་ལྟ་

p. 208

འགྱད་དུ་གྱུར་པའི་ལྷའི་ང་རྒྱལ་དང་ལྡན་པས་འཕྲིན་ལས་དྲག་ཏུ་བཅོལ་ལ་མཆོད་གཏོར་གཙང་སར་ཕུལ་ལོ། །དེ་ལྟར་གཏེར་སྲུང་མཆོད་ཕྲིན་འདིའང་ཤིང་ཕོ་འབྲུག་ལོར་མོན་ཁ་སེང་གེ་རྫོང་གི་ཀེའུ་ཚང་དུ་དཔལ་ཆེན་ཕུར་བུའི་ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བར་གཏེར་ཞལ་འབྱེད་པའི་སྐབས་སུ་རིག་འཛིན་ཐུགས་མཆོག་རྡོ་རྗེའི་བཀས་བསྐུལ་བཞིན་དུས་ཞབས་ཀྱི་གཏེར་སྟོན་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ་རང་ཉིད་ཀྱིས་སྦྱར་བའོ།། །།]

ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་དཀྱིལ་འཁོར་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཚེ་མཆོག་གྲུབ་པའི་བཅུད་ལེན།

p. 209

༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་དཀྱིལ་འཁོར་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཚེ་མཆོག་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །

p. 210

ན་མོ་གུ་རུ་ཨཱཿཡུརྫྙཱ་ན་པ་རི་མི་ཏ་ཡེ། [དེ་ཡང་ལམ་དུས་ཀྱི་དམ་ཚིག་གསོ་ཞིང་ཚེ་དང་ཡེ་ཤེས་ཀྱི་སྤེལ་བ་ལ་མེད་དུ་མི་རུང་བ་རིགས་འདུས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་འདི་ལ་ཆེ་ཐང་དུ་བརྩོན་པར་བྱ་སྟེ། དེའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྦྱོར་བ་མཚན་མའི་དཀྱིལ་འཁོར་བཞེངས་ཏེ་བདག་མདུན་བུམ་གསུམ་ཐ་མི་དད་ཀྱི་ཚུལ་དུ་ལས་གཞུང་གི་བཟླས་པའི་བར་བསྒྲུབས་རྗེས། བུམ་པའི་དཀྱིལ་འཁོར་ལོགས་སུ་ཕྱེས་ལ།] རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་

p. 211

གཅིག་གྱུར། །[ཞེས་གསལ་བཏབ་སྟེ་རྣམ་རྒྱལ་བུམ་པར་རྩ་བའི་སྙིང་པོ་སྟོང་རྩ་སོགས་ཇི་ལྟར་རིགས་པ་དང་། ལས་བུམ་དུ་སྐད་ཅིག་གིས་རྟ་མགྲིན་བསྐྱེད་ལ་དེའི་སྙིང་པོ་བརྒྱ་རྩ་སོགས་བཟླས་ནས།] ཨོཾ་ཨཱཿཧཱུྃ་[གིས་མཆོད་ཡོན་ཕུལ་བས།] ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་[བསམ་མོ། །གཉིས་པ་དངོས་གཞི་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་རྒྱལ་ཐེབས་ཀྱིས་མཛད་ཅིང་། བདག་ཉིད་རྣམ་འགྱུར་བློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ནས་འཇུག་སྟེ། དེ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་དབང་བླང་བའོ། །སྔ་མ་ལ་གཉིས་ཀྱི། དང་པོ་ཕྱི་འཇུག་ནི།] ཇི་ལྟར་བལྟམས་པ་[སོགས་ཀྱིས་ལས་

p. 212

བུམ་གྱི་ཆུས་ཁྲུས་བྱ།] སུམྦྷ་ནི[འི་སྔགས་ཀྱིས་བགེགས་བསྐྲད།] ས་གཞི་སྤོས་ཆུས་[སོགས་ཀྱིས་མཎྜལ་ཕུལ་ལ།] ཨོཾ་ཙ྇ཀྵུ་བྷནྡྷ་ཝཱ་ར་ཎ་ཡེ་སྭཱཧཱ[ས་མིག་དར་འཆིང་།] ཨཱ་ཁཾ་ཝི་ར་ཧཱུྃ་[གིས་མེ་ཏོག་བཟུང་ནས། ཐལ་མོ་སྦྱར་བས་བཏུད་དེ།] ཨོཾཿ དཔལ་ལྡན་པདྨ་གར་གྱི་བདག༔ འཆི་མེད་ཡེ་ཤེས་སྐུ་འཆང་བ༔ རྡོ་རྗེ་སློབ་དཔོན་ཆེ་བའི་མཆོག༔ བཀྲ་ཤིས་ཚེ་ཡི་དཀྱིལ་འཁོར་དུ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ [ཞེས་ལན་གསུམ་གྱིས་གསོལ་བ་བཏབ།] རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །[ཞེས་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་ཤིང་རྒྱུད་སྦྱང་།] ཨོཾ༔ འཆི་མེད་མགོན་པོ་པདྨ་འབྱུང་༔ སྐུ་གསུམ་འདུས་པ་ཚེ་ཡི་ལྷ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ འདི་བཟུང་ཡང་དག་སྙིང་པོའི་བར༔ སོ་སོ་ཐར་པའི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའི་བསླབ་པ་དང་༔ རིག་འཛིན་སྔགས་ཀྱི་འདུལ་བ་དང་༔ ཁྱད་པར་འཆི་མེད་རྡོ་རྗེ་ཡི༔ སྡོམ་པ་དམ་ཚིག་བཟུང་བར་བགྱི༔ [ཞེས་སྡོམ་པ་བཟུང་།] སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་གཟུགས་སུ་གནས་པར་[བསམ་ཞིང་།] ཨོཾ་སརྦ་ཡོ་གའི་ཙིཏྟ་ཨུཏྤ་ད་ཡཱ་མི༔ [ལན་གསུམ། སྙིང་གར་རྡོ་རྗེ་རེག་ལ།] བོ་དྷི་ཙིཏྟས་མ་ཡ་སྟྭྃ༔

p. 213

[ཞེས་གསང་སྔགས་ནང་གི་སེམས་བསྐྱེད།] ཛཿཧཱུྃ་བྃ་ཧོཿ བྷྲུྃ་པྲ་བེ་ཤ་ཡ་ཕཊ༔ [ཅེས་དཀྱིལ་འཁོར་གྱི་སྒོ་ཕྱེས་པའི་ནང་དུ་ཞུགས་པར་མོས་པས།] ཨོཾ་ན་མསྟེ་ཧཱུྃ། ཨོཾ་ན་མ་མཱི་ཧཱུྃ། ཨོཾ་ན་མོ་ནམ་ཧཱུྃ། [ཞེས་ཕྱག་བྱ། གཉིས་པ་ནང་འཇུག་ལ། སྦྱོར་བ་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་སྟེ།] དེང་ཁྱོད་དཀྱིལ་འཁོར་ཆེན་པོ་འདིར༔ གཞུག་ཅིང་ཡེ་ཤེས་བསྐྱེད་བྱ་སྟེ༔ དེ་ཡིས་དངོས་གྲུབ་མཆོག་ཐོབ་འགྱུར༔ བླ་མེད་གསང་བའི་མན་ངག་རྣམས༔ སྣོད་མིན་རྣམས་ལམ་སྨྲ་ཞིག༔ [རྡོ་རྗེ་སྙིང་གར་བཞག་སྟེ།] དེ་རིང་བཅོམ་ལྡན་འཆི་མེད་མགོན༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ [དམུ་ཆུ་བདུད་རྩི་མྱོང་ལ།] འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་སྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ༔ [སླར་ཡང་རྡོ་རྗེ་སྤྱི་བོར་བཞག་སྟེ།] དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི༔ ཚེ་དཔག་མེད་མགོན་ང་ཡིན་གྱི༔ ང་ཡིས་ཇི་ལྟར་བསྒོས་པ་རྣམས༔ བརྩོན་པས་ཁྱོད་ཀྱིས་བྱ་དགོས་སོ༔ ཁྱོད་ཀྱིས་ང་ལ་སྨད་མི་བྱ༔ གང་ཡང་ང་ལ་མ་གུས་མིན༔ གལ་ཏེ་གུས་པར་མ་བྱས་ན༔ སེམས་ཅན་དམྱལ་བ་ཆེན་པོར་ལྟུང་༔ [ཞེས་དམ་ལ་བཞག །དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ།]

p. 214

ཨོཾ༔ སྣོད་བཅུད་དག་པ་ཆེན་པོའི་དབྱིངས༔ ཡང་དག་རྫོགས་པའི་རང་བཞིན་ཅན༔ འཆི་མེད་རྡོ་རྗེའི་ཡེ་ཤེས་ཆེ༔ གང་གི་དྲིན་གྱི་བདག་དབབ་གསོལ༔ [ཅེས་གསོལ་བ་བཏབ། ལུས་གནས་དྲང་པོར་བསྲང་ཞིང་རླུང་ཁ་སྦྱོར་དུ་འཆིང་ལ།] རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོའི་སྐུར་གསལ་བའི༔ སྙིང་གར་འོད་ལྔའི་གུར་ཁྱིམ་དབུས༔ འཆི་མེད་རིག་འཛིན་ཚེ་དཔག་མེད༔ ཡབ་ཡུམ་མཉམ་སྦྱོར་དགའ་བས་རོལ༔ ཐུགས་ཀར་གར་དབང་ཙཎྜ་ལཱི༔ སྟོང་གསལ་བདེ་ཆེན་འབར་བའི་སྐུ༔ བཅུ་དྲུག་ཉམས་ལྡན་ཚོན་གང་པ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་ཅན༔ གསང་བར་མེ་ཡི་ཆོས་འབྱུང་དབུས༔ ཉི་མ་ལ་གནས་དགའ་བ་འཁྱིལ༔ ཧྲཱིཿདམར་འབར་འཁྲུག་རྣམ་པ་ཅན༔ ཧ་རི་ནི་སའི་ཡི་གེས་བསྐོར༔ དུང་ཁང་ཟླ་བ་ལ་གནས་པའི༔ ཧཾ་དཀར་ཞུན་ཐིག་རྣམ་པ་ཅན༔ དཔའ་བོའི་འབྲུ་བཞིའི་ཡི་གེས་བསྐོར༔ གནས་གསུམ་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་རྣམས་ཀྱིས་མཚན་པར་གསལ༔ བདག་གི་ཐུགས་འོད་དྭངས་མའི་ཟེར༔ ཐབས་ཤེས་ཡི་གེའི་འཁོར་ལོ་ལ༔ ཕོག་པས་གཡས་གཡོན་དྲག་ཏུ་འཁོར༔ ཧྲཱིཿའབར་རེག་བྱས་ཧཾ་ཡིག་བསྐུལ༔ ཟླ་ཞུན་ཐིག་པས་གསོས་བཏབ་སྟེ༔ དཔའ་བོ་འབྲུ་བཅུའི་དཀྱིལ་འཁོར་ལས༔ ཡི་གེ་

p. 215

འཁོར་ལོའི་སྤྲིན་ཆེན་འཕྲོས༔ རང་སྒྲ་སྒྲོགས་པས་རྩ་ཁམས་ཁྱབ༔ ལྷ་མོ་བཟོད་མེད་ཉམས་འབར་ཏེ༔ དགའ་བའི་གར་དང་གླུ་སྒྲ་ཡིས༔ ཕྱོགས་དུས་བདེ་གཤེགས་སྲས་བཅས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་ཀྱི༔ གསང་བ་གསུམ་གྱི་རྣམ་པ་རུ༔ ཁ་བ་བུ་ཡུག་འཚུབས་པ་བཞིན༔ བྱོན་ནས་ཆུ་ལ་ཆུ་བཞག་ལྟར༔ གཉིས་སུ་མེད་པར་ཐིམ་པ་ཡིས༔ ཡེ་ཤེས་གཟི་བྱིན་བརྟན་པར་གྱུར༔ [ཅེས་དམིགས་ལ། ཁྱད་པར་གྱི་སྤོས་དང་རོལ་མོའི་སྦྱོར་བ་ལྷན་ཅིག་པས།] ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་སརྦ་ས་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཨཱ་བེ་ཤ་ཡ་ཨ་ཨཱཿ ཧཱུྃ་ཧཱུྃ༔ [ཞེས་དྲག་ཏུ་བརྗོད་པས་ཡེ་ཤེས་པ་དབབ་ལ།] ཏིཥྛ་བཛྲས་བརྟན་པར་བྱ། ཧོཿ འཆི་མེད་རྒྱལ་བའི་དཀྱིལ་འཁོར་བར༔ རིན་ཆེན་མཛེས་པའི་མེ་ཏོག་འདི༔ བདག་ཅག་དད་པས་འབུལ་ལགས་ན༔ སྔོན་ནས་འབྲེལ་བ་གང་ཡོད་པའི༔ རིགས་ཀྱི་ལྷ་ལ་ཕོག་པར་ཤོག༔ སརྦ་ཨཱ་ཡུརྫྙཱ་ན་མཎྜལ་པུཥྤེ་པྲ་ཏཱིཙྪ་ཧོཿ[ཞེས་མེ་ཏོག་དོར།] ཏྲཱཾཿ རིན་ཆེན་མཛེས་པའི་མེ་ཏོག་འདི༔ རིགས་ཀྱི་རང་བཞིན་མཚོན་པའི་ཕྱིར༔ ཁྱེད་ཀྱི་མགོ་བོར་བཅིངས་པ་ཡིས༔ ཚེ་མཆོག་དམ་པ་བརྟན་གྱུར་ཅིག༔ བཛྲ་པུཥྤེ་ས་མ་ཡ་སིདྡྷི་ཧོཿ

p. 216

[ཞེས་མེ་ཏོག་སླར་སྤྱི་བོར་བཀོད།] ཧོཿ ཀུན་ཏུ་སྒྲིབ་མེད་ས་ལེ་བ༔ ཡེ་ཤེས་སྣང་བྱེད་ཐུར་མ་འདིས༔ ཁྱོད་ཀྱི་མ་རིག་ལིང་ཏོག་བསལ༔ རིག་པ་ཡེ་ཤེས་སྤྱན་ཐོབ་ཤོག༔ བཛྲ་མཧཱ་ཛྙཱ་ན་ཙཀྵུ་པ྄་བེ་ཤ་ཡ་ཕཊ༔ [ཅེས་མིག་དར་བསལ་བས།] བདེ་གཤེགས་རིགས་འདུས་པདྨ་ཚེ་དཔག་མེད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་[བསམ་ཞིང་།] ཨེ་མ་སྐལ་བར་ལྡན་པའི་བུ༔ ངོ་མཚར་རྨད་དུ་བྱུང་བ་ཡི༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིའི༔ ཞལ་མཆོག་མཐོང་བ་ཙམ་གྱིས་ཀྱང་༔ ཐོག་མེད་དུས་ནས་བསགས་པ་ཡི༔ ལས་དང་ཉོན་མོངས་སྡིག་སྒྲིབ་བྱང་༔ འཆི་མེད་རྡོ་རྗེའི་གོ་འཕང་མཆོག༔ རྙེད་བ་མཉམ་མེད་དེ་རིང་ནས༔ ཁྱོད་ཀྱིས་ཡང་དག་རྙེད་ཟིན་ན༔ གསང་ཆེན་སྔགས་ཀྱི་དེ་ཉིད་དང་༔ དཀྱིལ་འཁོར་ལྷ་དང་སློབ་དཔོན་གྱི༔ བཀའ་དྲིན་རྗེས་སུ་དྲན་པ་དང་༔ དགའ་དང་སྤྲོ་བ་བསྒོམ་པར་གྱིས༔ གུ་རུ་ཨཱ་ཡུརྫྙཱ་ན་མཎྜལ་ས་མ་ཡ་ཨ་ལ་ལ་ཧོཿ [ཞེས་ཆེད་དུ་བརྗོད་ཅིང་སྤྲོ་བ་བསྐྱེད་དོ། །གཉིས་པ་དབང་བླང་བ་དངོས་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །སྔ་མ་ལ་གཉིས་ཀྱི། དང་པོ་ཕྱི་ཕན་པའི་དབང་ནི། མཎྜལ་ཕུལ་ལ།] ཨོཾ༔ ཁྱབ་བདག་ཆེན་པོའི་བྱིན་རླབས་ཀྱིས༔ རིགས་ལྔ་སྒྱུ་འཕྲུལ་འཆང་བའི་ལྷ༔ བྱང་ཆུབ་དམ་པར་སྨིན་མཛད་ལྟར་༔

p. 217

བདག་ཀྱང་ཡང་དག་སྐྱོབ་པའི་ཕྱིར༔ མགོན་པོས་སྨིན་པར་མཛད་དུ་གསོལ༔ [ཞེས་ལན་གསུམ་གྱིས་གསོལ་བ་བཏབ།] རང་ཉིད་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཁྱམས་སུ་དབང་སྟེགས་མཆོད་སྤྲིན་གྱིས་མཛེས་པའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་ཚེ་དཔག་མེད་ཀྱི་སྐུའི་རྣམ་པས་འཁོད་པར་མོས་ལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་པའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་མདུན་གྱི་ནམ་མཁའི་གནས་སུ་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར་པ་ལ། ཨོཾ་གུ་རུ་བཛྲ་ཨཱ་ཡུ་རྫྙཱ་ན་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱཧཱ། [ཞེས་སོགས་ནས།] ཤཔྡ[འི་བར་གྱིས་མཆོད།] རྡོ་རྗེ་ཅན་གྱིས་སངས་རྒྱས་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང་༔ ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ༔ དེ་ལྟར་བདག་ལའང་བསྩལ་ཏུ་གསོལ༔ ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་

p. 218

བསྐྲད། བུམ་འཛིན་རིག་པའི་ལྷ་མོ་རྣམས་ཀྱིས་མི་བསྐྱོད་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་བུམ་པའི་ཆུས་མངོན་པར་དབང་བསྐུར་བར་[མོས་ལ།] ཧཱུྃ༔ རྡོ་རྗེའི་རིགས་མཆོག་བླ་ན་མེད༔ མི་བསྐྱོད་རང་བཞིན་བུམ་པའི་ཆུ༔ ཉོན་མོངས་ཞེ་སྡང་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བཛྲ་ཨ་མྲྀ་ཏ་ཛྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་གཏིགས།] དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་ཚེ་དཔག་མེད་ཀྱི་ངོ་བོར་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་སོ། །[ཞེས་རྟོགས་པ་བསྐྱེད།] ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་འབྱུང་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་དབུ་རྒྱན་དར་དཔྱངས་དང་ལྡན་པས་མངོན་པར་དབང་བསྐུར་བར་[མོས་ལ།] སྭཱཿ རིན་ཆེན་རིགས་མཆོག་བླ་ན་མེད༔ རིན་འབྱུང་རང་བཞིན་དབུ་ཡི་རྒྱན༔ ཉོན་མོངས་ང་རྒྱལ་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རཏྣ་མུ་ཀུ་ཊ་ཛྙཱ་ན་ཨ་བྷྀ་ཥིཉྩ་ཏྲཱྃ༔ [ཞེས་དབུ་རྒྱན་མགོ་བོར་བཅིང་།] དེ་ལྟར་དབུ་རྒྱན་ཅོད་པན་གྱིས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་འབྱུང་ཚེ་དཔག་མེད་ཀྱི་ངོ་བོར་གནས་གྱུར།

p. 219

མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །[ཞེས་རྟོགས་པ་བསྐྱེད།] ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྣང་མཐའ་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་རྡོ་རྗེས་མངོན་པར་དབང་བསྐུར་བར་[མོས་ལ།] ཨཱཿ པདྨའི་རིགས་མཆོག་བླ་ན་མེད༔ སྣང་མཐའི་རང་བཞིན་རྡོ་རྗེ་ཆེ༔ ཉོན་མོངས་འདོད་ཆགས་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ པདྨ་བཛྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ [ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།] དེ་ལྟར་རྡོ་རྗེས་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་མཐའ་ཚེ་དཔག་མེད་ཀྱི་ངོ་བོར་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་སོ། །[ཞེས་རྟོགས་པ་བསྐྱེད།] ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་གྲུབ་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་དྲིལ་བུས་མངོན་པར་དབང་བསྐུར་བར་[མོས་ལ།] ཧཱཿ ལས་ཀྱི་རིགས་མཆོག་བླ་ན་མེད༔ དོན་གྲུབ་རང་བཞིན་དྲིལ་བུ་མཆོག༔ ཉོན་མོངས་ཕྲག་དོག་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ [ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།] དེ་ལྟར་དྲིལ་བུས་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་གྲུབ་ཚེ་དཔག་མེད་ཀྱི་

p. 220

ངོ་བོར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་སོ། །[ཞེས་རྟོགས་པ་བསྐྱེད།] ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་སྣང་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་མིང་གིས་མངོན་པར་དབང་བསྐུར་བར་[མོས་ལ།] ཨོཾ༔ བདེ་གཤེགས་རིགས་མཆོག་བླ་ན་མེད༔ སྣང་མཛད་རང་བཞིན་རྡོ་རྗེའི་མིང་༔ ཉོན་མོངས་གཏི་མུག་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བུདྡྷ་ཛྙཱ་ན་ན་མཿཨ་བྷི་ཥིཉྩ་ཨོཾ༔ ཀྱེ་དཔལ་པདྨ་ཚེ་ཡི་དབང་ཕྱུག་རྩལ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །[ཞེས་རྡོ་དྲིལ་ལྷན་ཅིག་ཏུ་བཟུང་བ་སྤྱི་བོར་དཀྲོལ།] དེ་ལྟར་མིང་གི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་སྣང་ཚེ་དཔག་མེད་ཀྱི་ངོ་བོར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །[ཞེས་རྟོགས་པ་བསྐྱེད། གཉིས་པ་ནང་ནུས་པའི་དབང་ནི།] བདག་ཉིད་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་ཁྱམས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་གནས་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཕུབ་ཅིང་མཐའ་སྐོར་དུ་མཆོད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པ་ལས། རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་པདྨ་ཚེ་དཔག་

p. 221

མེད་པའི་སྐུར་གྱུར་པ་ལ་ཐབས་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་ལག་གཡས་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་དྲིལ་བུ་ལག་གཡོན་དུ་གཏད་པ་སྙིང་གར་བསྣོལ་ཏེ་འཁྱུད་རྒྱ་བྱས་པས་རང་ཉིད་རིགས་འདུས་ཚེ་དཔག་མེད་པར་གསལ་བའི་པང་དུ་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་མ་ཙཎྜ་ལཱི་ལོ་བཅུ་དྲུག་ལོན་པ་ལྟ་བུ་རེ་རེས་ཡང་དག་པར་འཁྱུད་པས་བདེ་བ་ཆེན་པོས་ཡོངས་སུ་ཁྱབ་པར་གྱུར་[པར་མོས་ལ།] ཐབས་ཀྱི་རྡོ་རྗེ་ཤེས་རབ་དྲིལ༔ འཛིན་དང་བཅས་པས་སྙེམས་མར་སྦྱོར༔ བདེ་སྟོང་གཉིས་སུ་མེད་པར་ནི༔ བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་ཆེའི༔ གོ་འཕང་ཉིད་དུ་དབང་བསྐུར་རོ༔ ཨོཾ་སརྦ་ཏཐཱ་ག་ཏ་བཛྲ་ཨཱ་ཙརྱ་ཏིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་རྡོ་དྲིལ་བཟུང་ལ་འཁྱུད་རྒྱ་བྱ།] དེ་ལྟར་རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུ་ཡི་དམ་ཚིག་གསུམ་པོ་ལེགས་པར་བྱིན་པས་ཕྱི་ནང་གི་རྡོ་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱུད་གང་བས་དོན་གཉིས་སྒྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་ལ། རྐང་འོག་ཏུ་འཁོར་ལོ། ལག་ཏུ་དུང་དང་གླེགས་བམ་གཏད་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བྱེད་ལས་གཞན་དོན་འཆད་ཕྲིན་གྱི་གནང་བ་བསྩལ་བར་[མོས་ལ།] ཇི་སྲིད་ནམ་མཁའ་དེ་སྲིད་དུ༔

p. 222

སྐལ་ལྡན་གདུལ་བྱ་རྣམ་མང་པོར༔ ཆོས་སྟོན་ཆོས་ཀྱི་རྒྱལ་མཚན་ཟུངས༔ ཐེག་མཆོག་ལམ་དུ་དབུགས་དབྱུང་ཤིག༔ [ཅེས་དང་།] སླར་ཡང་དེ་ཉིད་བརྟན་པར་བྱ་བའི་སླད་དུ་སངས་རྒྱས་ཀུན་གྱིས་རྡོ་རྗེ་མ་ཤིགས་པའི་བདག་ཉིད་ཅན་རྣམ་རྒྱལ་བུམ་པའི་ཆུ་རྒྱུན་གྱིས་རྒྱལ་ཐབས་སྤྱི་བླུགས་སུ་དབང་བསྐུར་བར་[མོས་ལ།] ཨོཾ༔ བཀྲ་ཤིས་རྣམ་པར་རྒྱལ་བ་ཡི༔ བུམ་པ་བཟང་པོའི་དཀྱིལ་འཁོར་དུ༔ རིགས་འདུས་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཧྲྰུྃ་ཏྲཱྃ་ཧྲཱིཿཨཱཿཨཱ་ཡུརྫྙཱ་ན་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་བུམ་ཆུ་མྱང་།] བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་རྒྱལ་བ་འོད་མི་འགྱུར་བས་དབུ་བརྒྱན། སྤྱན་དྲངས་པའི་ལྷ་རྣམས་ཀྱང་རང་ལ་དབྱེར་མེད་དུ་ཐིམ་པར་[མོས་ལ།] ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། [ཞེས་མེ་ཏོག་འཐོར།] དེ་ལྟར་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བྱིན་གྱིས་བརླབས་པ་ལ་མངའ་དབུལ་བའི་སླད་དུ་མཆོད་པར་[མོས་ལ།] ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་པུཥྤེ་[ནས།] ཤཔྡ་པྲ་ཏཱིཙྪ་སྭཱཧཱ[འི་བར་གྱིས་མཆོད།] དེ་ལྟ་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་

p. 223

བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །[ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་ཁྱད་པར་གྱི་དབང་ལ་གསུམ་གྱི། དང་པོ་གསང་དབང་ནི། མཎྜལ་ཕུལ་ལ།] ཨེ་ཧ་ཧོཿ བདེ་བ་ཆེན་པོའི་བདག་ཉིད་ཀྱི༔ ཡེ་ཤེས་རོལ་པའི་བྱང་ཆུབ་སེམས༔ གསང་བ་མཆོག་གྱི་དཀྱིལ་འཁོར་དུ༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ [ཞེས་གསོལ་བ་བཏབ།] སློབ་དཔོན་པདྨ་ཚེ་དཔག་མེད་རང་སྣང་གི་ཡུམ་ཙཎྜ་ལཱི་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྟེན་དུ་གྱུར་པ་དྷུ་ཏིའི་ལམ་ནས་བརྒྱུད་འཁོར་ལོ་བཞིར་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་ཡུམ་གྱི་པདྨོར་འཁྱིལ་བ་ཉི་ཟླ་གཉིས་འདྲེས་ཀྱི་ཐིག་ལེ་བདུད་རྩི་དྭངས་མའི་རྒྱུན་དེ་ཉིད་ལྕེ་ཐོག་ཏུ་བཞག་པར་[མོས་ལ།] ཨཱ༔ འཆི་མེད་རྒྱལ་བའི་དཀྱིལ་འཁོར་པ༔ སྦྱོར་བ་བྱང་ཆུབ་སེམས་ཀྱི་མདངས༔ དམ་ཚིག་མཆོག་གི་རྫས་ཆེན་པོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཨ་ཧོ་མཧཱ་སུ་ཁ་ཨ་ལ་ལ་ཧོ༔ [ཞེས་བདུད་རྩི་མྱང་།] བྱང་སེམས་

p. 224

ཡི་གེའི་སྤྲིན་ཨཱ་ལི་ཀཱ་ལིའི་རྣམ་པར་འཆར་བས་རྩ་གནས་ཐམས་ཅད་གང་སྟེ་རྩའི་འཆིང་བྱེད་ཀྱི་མདུད་པ་གྲོལ། གཟུང་འཛིན་བརྒྱད་ཅུའི་རྟོག་པ་འགགས། ཐིག་རླུང་སེམས་གསུམ་ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་ནས་བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ། དེ་ལྟ་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་གཏུམ་མོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུ་བདག་བྱིན་གྱིས་རློབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །[ཞེས་རྟོགས་པ་བསྐྱེད། གཉིས་པ་ཤེར་དབང་ནི། མཎྜལ་ཕུལ་ལ།] ཨེ་མ་ངོ་མཚར་རྨད་བྱུང་བ༔ ཡང་དག་ཡོན་ཏན་བླ་ན་མེད༔ ཤེས་རབ་སྙིང་པོའི་དཀྱིལ་འཁོར་དུ༔ རྣམ་གྲོལ་དབང་མཆོག་བསྐུར་ཏུ་གསོལ༔ [ཞེས་གསོལ་བ་བཏབ།] རང་ཉིད་བཅོམ་ལྡན་ཚེ་དཔག་མེད་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བ་ལ། སློབ་དཔོན་གྱི་ཡུམ་ཙཎྜ་ལཱི་ལས་རིགས་མཐུན་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་[མོས་ལ།] ཧོཿ ཆོས་རྣམས་མ་ལུས་འབྱུང་བའི་གནས༔ རྣམ་པ་ཀུན་ལྡན་ཡིད་འོང་མ༔

p. 225

འདི་བརྟེན་དགའ་བྲལ་ལྷན་སྐྱེས་ཀྱི༔ ཡེ་ཤེས་དྲི་མེད་རྟོགས་པར་གྱིས༔ པདྨ་མུ་ཏྲ་ཛྙཱ་ན་མོཀྵ་ཨ་བྷི་ཥིཉྩ་ཧོ༔ [ཞེས་རིག་ཙཀ་གམ་དྲིལ་བུ་བླངས། རིག་མ་དེས་ཀྱང་།] ཨེ་མ་བདག་གི་གསང་བའི་མཁའ༔ བདེ་ཆེན་མཆོག་ནི་ཡང་དག་ལྡན༔ གང་ཞིག་ཆོ་གས་བརྟེན་བྱས་པ༔ དེ་ཡི་མདུན་དུ་བདག་གནས་སོ༔ འཆི་མེད་མགོན་པོ་དགྱེས་ལ་སོགས༔ བྱ་བ་གསང་བ་ཇི་བཞིན་བྱེད༔ རྣལ་འབྱོར་རྒྱལ་པོ་ཁྱོད་ཉིད་ནི༔ དཀྱིལ་འཁོར་འདིར་ནི་རྟག་ཞུགས་མཛོད༔ བློ་ཆེན་སྲེད་དང་བྲལ་བའི་ངང་༔ དགའ་བཞིའི་ཡེ་ཤེས་མཆོག་ལ་རེག༔ བྷཉྫ་མོཀྵ་ཧོཿ [ཞེས་བདེ་བ་བསྒྲུབ་པར་གདམས་པ་ན།] ཤེས་རབ་མ་དང་འདུ་ཤེས་གསུམ་གྱི་རོལ་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་ནས་བྱང་སེམས་ཐིག་ལེའི་དྭངས་མ་དབབ་བཟློག་གི་སྦྱོར་བས་བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་ཀྱི་རོལ་མོ་རྒྱུད་ལ་བརྟན་པར་[བསམ་ཞིང་།] ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷ་ཝ་ཨཏྨ་ཀོ྅ཧཾ༔ [ཞེས་འཁྱུད་རྒྱ་བྱ།] དེ་ལྟ་ན་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་

p. 226

དུ་བྱས། འབྲས་བུ་ཐུགས་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །[ཞེས་རྟོགས་པ་བསྐྱེད། གསུམ་པ་ཚིག་དབང་ནི། མཎྜལ་ཕུལ་ལ།] ཨེ་མ་ཧོཿ ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ ཡེ་ཤེས་སྙིང་པོ་བླ་ན་མེད༔ དཀྱིལ་འཁོར་གཙོ་བོའི་བཀའ་དྲིན་གྱིས༔ དོན་གྱིས་དབང་མཆོག་བསྐུར་ཏུ་གསོལ༔ [ཞེས་གསོལ་བ་བཏབ།] བླ་མ་འཆི་མེད་མགོན་པོའི་ཞལ་ནས་སྐྱེད་མེད་རྡོ་རྗེའི་ཚིག་གིས་རང་བྱུང་དོན་གྱི་དགོངས་པ་ངོ་སྤྲད་དེ་དབུགས་དབྱུང་བར་[མོས་ལ།] ཨོཾ༔ གདོང་མའི་ཀ་དག་དབྱིངས་ཀྱི་བབ༔ སྤྲོས་མཐའ་ཀུན་བྲལ་བདེ་བ་ཆེ༔ རང་བྱུང་རིག་སྟོང་རྗེན་པ་འདི༔ མ་བཅོས་ཆོས་སྐུའི་དགོངས་པའོ༔ བཛྲ་ཨཱ་ཡུརྫྙཱ་ན་དྷ་རྨ་དྡྷ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ [ཞེས་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་བཞག །]དེ་ལྟ་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཕྲ་བའི་སྒོ་གསུམ་སྣང་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །[ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ནི།] གཙོ་བོས་ཇི་ལྟར་བཀའ་བསྩལ་བ། །

p. 227

དེ་དག་ཐམས་ཅད་བདག་གིས་བགྱིད། །[ཅས་དང་།] དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །[ཞེས་དམ་ཚིག་ཁས་བླངས་ཏེ་ལུས་ལོངས་སྤྱོད་དབུལ་ཞིང་། སླར་ཡང་གཏང་རག་གི་མཎྜལ་སྔར་ལྟར་ཕུལ་ལོ། །དེ་ནས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ཀྱང་ལས་བྱང་བཞིན་མཐར་དབྱུང་བར་བྱའོ། །ལམ་དབང་བདུད་རྩིའི་རྒྱུན་བཟང་གིས། །རྒྱུ་ཡིས་སྨིན་བྱེད་གསོས་ཐེབས་ཏེ། །འབྲས་བུའི་དབང་མཆོག་རྡོ་རྗེའི་སྐུ། །འཆི་མེད་རིག་འཛིན་མྱུར་འགྲུབ་ཤོག །ཅེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་དབང་བསྐུར་རྩ་བའི་གཞུང་ལས་ངག་འདོན་སྙིང་པོར་བཀོལ་ཞིང་མཚམས་སྦྱོར་གྱི་སྤྲོས་པ་འཇུག་བ་བདེ་བར་བྱས་ཏེ ལུང་ཟིན་ཆོས་ཀྱི་བདག་པོར་དབུགས་དབྱུང་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་མོ་ཡོས་ཀྱི་ལོ་ས་ཟླ་ཕྱི་མའི་ཡར་ངོ་ལ་བུ་ཆུ་རིག་འཛིན་དགའ་ཚལ་དུ་ཚུལ་འདིའི་སྒྲུབ་ཆེན་སྐབས་ཀྱི་ཐུན་མཚམས་སུ་སྤེལ་བ་ཨཱ་ཡུརྫྙཱ་ན་སིདྡྷི་རསྟུ།། །།]

ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ།

p. 228
p. 229

༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །

p. 230

ཨོཾ་སྭསྟི་སིདྡྷཾ། ཚེ་དང་ཡེ་ཤེས་གཟི་བརྗིད་མཐའ་ཡས་པས། །འགྲོ་ལ་འཆི་མེད་མཆོག་སྩོལ་ཐོད་ཕྲེང་རྩལ། །མགོན་ཁྱོད་སྐལ་བཟང་བདག་བློར་བླ་མའི་སྐུར། །ཡོངས་སྣང་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་སྐྱོངས། །གང་གི་ཟབ་གཏེར་ནོར་བུའི་སྒྲོམ་ཆེན་ལས། །ཡོངས་ཕྱུངས་འཆི་མེད་སྲོག་ཐིག་དཀྱིལ་འཁོར་ཆེ། །ཚོམ་བུ་ཚོགས་སུ་སྒྲུབ་པའི་ལས་ཀྱི་ཁྲིགས། །རྣམ་གསལ་ལེགས་བཤད་ཤིང་རྟ་འདྲེན་ལ་སྤྲོ། །[དེའང་རྡོ་རྗེའི་ཚེ་སྒྲུབ་པ་ཀུན་གྱི་ཡ་གྱལ་ཟབ་ལམ་འཆི་མེད་སྲོག་གི་ཐིག་ལེའི་དཀྱིལ་འཁོར་གྱི་འཁོར་ལོ་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཚུལ་གསལ་བར་བྱེད་པ་ལ་སྤྱི་

p. 231

དོན་རྣམ་པ་གསུམ་སྟེ། གང་ཞིག་བསྒྲུབ་པར་བྱ་བའི་གཞི། །གང་གིས་སྒྲུབ་པར་བྱེད་པའི་ཐབས། །དེ་ཉིད་མངོན་པར་སྒྲུབ་པའི་འབྲས་བུའོ། །དང་པོ་ནི། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་ཤི་འཕོ་འགྱུར་མཚན་མའི་ཆོས་ལས་འདས་པའི་ཡེ་ཤེས་འཆི་མེད་རྡོ་རྗེ་བདེ་བ་ཆེན་པོ་ཚེ་མཐའ་ཡས་པ་ཐོད་ཕྲེང་རྩལ་ཅེས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་གམ་སྙིང་པོའི་ཚུལ་དུ་གློ་བུར་དྲི་མའི་ཚོགས་ཀྱི་ལྡན་ལ་མ་གོས་པར་བཞུགས་པ་ཉིད་དོ། །གཉིས་པ་གང་གིས་སྒྲུབ་པར་བྱེད་པའི་ཐབས་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། རྗེས་ཀྱི་ལས་རིམ་རྣམས་ཀྱིས་སྒྲུབ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། ཇི་སྐད་དུ་རྒྱུད་

p. 232

ལས། གནས་དང་བདག་ཉིད་འཁོར་རྫས་དུས། །ཕུན་སུམ་ཚོགས་པ་ལྔར་ལྡན་ན། །ལས་རྣམས་གང་འདོད་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར་ཕུན་སུམ་ཚོགས་པ་ལྔར་ངེས་པ་ལས། དང་པོ་གནས་ནི། གཏེར་གཞུང་རྩ་བར། གོང་མས་བྱིན་བརླབས་སྒྲུབ་པའི་གནས༔ ཉམས་ཆག་སྐྱོན་བྲལ་འཚེ་བ་མེད༔ བག་དྲོ་ཡིད་འོང་ཉམས་དགའ་བའི༔ ས་ཕྱོགས་སྣུམ་ཞིང་གཟི་བརྗིད་ལྡན༔ རྩི་ཤིང་ནགས་ཚལ་ཆུ་ཀླུང་རྒྱས༔ ཚེ་དང་ཡེ་ཤེས་འཕེལ་བའི་ཞིང་༔ བཀྲ་ཤིས་དགེ་བ་གནས་མཆོག་ཏུ༔ ཞེས་གསུངས་པ་ལྟར་ལྷག་པར་དམ་ཉམས་སྡེ་འཁྲུགས་སོགས་ཀྱི་གྲིབ་ཀྱིས་མ་གོས་པའི་ས་ཕྱོགས་གནས་ཁང་གཙང་མའི་གནས་སུའོ། །གཉིས་པ་སློབ་དཔོན་བདག་ཉིད་ནི། །ཐུགས་སྒྲུབ་དགོངས་པ་ཡོངས་འདུས་ལས། །བདེ་གཤེགས་བཀའ་བབས་ལུང་དང་རྟོགས་པས་ཟིན༔ དབང་བཞི་ཡོངས་རྫོགས་དཀྱིལ་འཁོར་དམ་ལ་གནས༔ ལྟ་བས་ཐག་ཆོད་ཏིང་འཛིན་དྲོད་ཚད་ཕེབས༔ དགག་སྒྲུབ་སྤངས་བླངས་འཛིན་བྲལ་མན་ངག་ལྡན༔ གསང་སྔགས་ཟབ་མོའི་བསྐྱེད་རྫོགས་དོན་ལ་གོམས༔ ཐོས་པས་རྒྱུད་གྲོལ་སྙིང་རྗེ་ཆེན་པོ་ཡིས༔ འགྲོ་ཀུན་ཐུགས་རྗེས་བུ་བཞིན་སྐྱོང་མཁས་པ༔ ཞེས་སོ། །གསུམ་པ་ཚོམ་བུར་འབྲེལ་བའི་འཁོར་ནི། སྔ་མ་ལས། རྡོ་རྗེ་རྒྱལ་ཚབས་ལས་ཀྱི་རྒྱལ་ཐེབས་དང་༔ ཤེས་རབ་གཟུངས་མ་མཛེས་སྡུག་མཚན་ལྡན་དང་༔ ཀརྨ་ལས་གིང་བརྡ་སྦྱོར་རྡུལ་ཕྱག་སོགས༔ མདོར་ན་བསླབ་ཤེས་ལྡན་ཞིང་བརྩོན་འགྲུས་ལྡན༔ བརྩོན་འགྲུས་]

p. 233

སྡུག་སྲན་ཆེ་ཞིང་གཏོང་ཕོད་ཆེ༔ འཁོར་བར་སུན་ཕྱུངས་མོས་གུས་སྐྱོ་ཤས་ལྡན༔ ཚེ་འདི་བློས་བཏང་བྱང་ཆུབ་སྒྲུབ་ལ་བརྩོན༔ བླ་མས་ཅི་གསུངས་བཀའ་བཞིན་བསྒྲུབ་ལ་བརྩོན༔ ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཅན༔ ཞེས་གསུངས་པ་ལྟར་ཁྱད་པར་དུ་སྒྲུབ་པ་པོ་ནང་ཕན་ཚུན་དམ་སེལ་གཏན་ནས་མེད་པ་ཞིག་གལ་ཆེའོ། །བཞི་པ་རྫས་སམ་ཡོ་བྱད་ནི། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་བསྙེན་དང་བར་ཆད་ཟློག །ཡོ་བྱད་དམ་པ་བསྡུ་བྱ་སྟེ། །ཞེས་གསུངས་པ་ལྟར། སྒྲུབ་རྫས། རྒྱན་རྫས། མཆོད་རྫས་ལ་སོགས་པ་དམ་ཚིག་གི་ཡོ་བྱད་ཐམས་ཅད་སྔ་ཚགས་སུ་ཚུད་པར་བྱའོ། །ལྔ་པ་དུས་ནི། རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་པ་ལྟར་ལ། ལྷག་པར་ཉི་མ་བྱང་བགྲོད་ཀྱིས་སྐབས་དང་འགྲིགས་ན་མཆོག་ཏུ་བསྔགས་ཤིང་གང་ལྟར་ཟླ་བའི་ཡར་ངོ་བདུད་རྩིའི་སྦྱོར་བ་དང་ལྡན་པའི་ཚེས་གྲངས་བཟང་པོའི་ཉིན་དབུ་འཛུག་ཅིང་ཡར་ཚེས་རང་ལ་མཐའ་རྒྱས་པར་བྱ་བ་དམིགས་བསལ་དུ་ཤེས་པ་ཉིད་དོ། །གཉིས་པ་སྒྲུབ་པའི་གཞུང་བསྲང་བ་དངོས་ལ་གཉིས། སྔོན་དུ་འགྲོ་བ་དང་། དངོས་གཞིའི་ལས་རིམ་མོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་དཔུང་བསྐྱེད་པ་དང་། སའི་ཆོ་ག་བྱ་བའོ། །དང་པོ་ལ་སྒྲུབ་གཞུང་ཆེན་པོ་རྣམས་སུ་རྣམ་གྲངས་མང་

p. 234

ཡང་གནད་དུ་དྲིལ་ན་བཞི། རང་རྒྱུད་སྦྱོང་བ། ཆོས་འཁོར་བསྐོར་བ། གཏོར་མ་བཏང་བ། སྦྱིན་གཏོང་བྱ་བའོ། །དེ་རེ་རེ་ལ་བཞི་བཞིར་འབྱུང་སྟེ་དང་པོ་ནི། ལུས་ཀྱི་སྒྲིབ་པ་སྦྱང་ཕྱིར་སཱ་ཙྪ་གདབ། ཉེའུ་འདོན་སོགས་སྲོག་བསླུ། རྣམ་འཇོམས་སྨེ་བརྩེགས་ཀྱི་ཁྲུས་བྱ། ངག་སྒྲིབ་སྦྱང་ཕྱིར་ན་རག་དོང་སྤྲུགས་དང་ཡིག་བརྒྱ་བཟླ། ཡིད་སྒྲིབ་སྦྱང་ཕྱིར་སེམས་བསྐྱེད་བླང་། བླ་མའི་རྣལ་འབྱོར་བསྒོམ། ཞི་བའི་སྦྱིན་སྲེག་བླུགས། གསུམ་ཀའི་ཕྱིར་དུ་ཕྱག་བསྐོར་དང་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་སྐོང་རྒྱ་ཆར་བྱ། གཉིས་པ་ནི། ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། བདུད་འཇོམས་ཕྱིར་ལྷོར་སྟོབས་པོ་ཆེ། རྒྱུ་འབྲས་གོ་ཕྱིར་ནུབ་ཏུ་ལངས་ཀར་གཤེགས་པ། བར་ཆད་ཞི་ཕྱིར་བྱང་དུ་ཏོག་གཟུངས་དང་གྲྭ་ལྔ་བཀླག །གསུམ་པ་ནི། བྱིན་རླབས་འབྱུང་ཕྱིར་སྲི་ཞུ། འཕྲིན་ལས་བཅོལ་ཕྱིར་ཡོན་ཏན། འབྱོར་བ་ཐོབ་ཕྱིར་སྙིང་རྗེ། བུ་ལོན་འཁོར་ཕྱིར་ལན་ཆགས་ཀྱི་མགྲོན་རྣམས་ལ་ཕྱི་ཆུ་གཏོར་དང་མདོས་གླུད། ནང་གཏོར་མ། གསང་བ་ལུས་ཀྱི་མཆོད་སྦྱིན་བྱའོ། །བཞི་པ་ནི། དངོས་སུ་སྣང་བའི་མགྲོན་བཞི་ལ་དངོས་འབྱོར་ཅི་རིགས་པས་མཉེས་ཤིང་ཚིམས་པར་བྱེད་པ་སྟེ། བླ་མ་དགེ་འདུན། རྗེ་དཔོན་དང་ཡོན་ཏན་ཅན། ནད་པ་དབུལ་ཕོངས་བྱ་རིགས་ཆུ་གནས། བུ་ལོན་ཆགས་པ་དང་མི་འཛའ་བ་རྣམས་ཡོན་དང་བཟའ་བཏུང་ཅི་འབྱོར་བསྟབས་ལ་སྒྲུབ་པ་མཐར་ཕྱིན་ཅིང་བར་ཆད་མེད་པའི་སྨོན་ལམ་

p. 235

[གདབ་བོ། །གཉིས་པ་སའི་ཆོ་ག་ལྔ། བརྟག་པ། བསླང་བ། དབང་དུ་བྱ་བ། སྦྱང་བ། གཟུང་ཞིང་བསྲུང་བའོ། །དང་པོ་ནི། མཚན་ཉིད། རྟེན་འབྲེལ། ལྟོ་འཕྱེ་བརྟགས་བ་རྣམས་ཏེ་སྒྲུབ་གནས་རྙིང་པ་ལ་མི་དགོས་པས་འདིར་མ་སྨོས་ཤིང་ཤེས་པར་འདོད་ན་གཞན་དུ་བལྟའོ། །གཉིས་པ་ས་བསླང་བ་ནི། སྣང་བ་མི་ལས་རང་དབང་དུ་གྱུར་པ་གཞིར་བྱས་ཏེ། མི་སྣང་བ་ལས་བསླང་བ་ལ། སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། ཕུན་ལོགས་སུ་སྟེགས་བུ་གཙང་མར་བདག་བསྐྱེད་ཀྱི་མཆོད་གཏོར་སྨན་རག་ཉེར་སྤྱོད་བཅས་བཤམ། དེའི་མདུན་ཕྱོགས་སོགས་གང་དུ་བྱ་བའི་དཀྱིལ་འཁོར་གྱི་གཞི་སྟེགས་བྱི་དོར་བྱས་པའི་དབུས་སུ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་ཐེབ་རིལ་གྱིས་མཚན་པ་དང་། ཞིང་སྐྱོང་སྤྱིའི་དཀར་གཏོར་དང་གསེར་སྐྱེམས། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཤམ། གཞན་ཡང་ས་བཟུང་གི་ཕུར་བུ་སོགས་འོག་གི་སྐབས་སོ་སོར་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་རྟ་སྔགས་ཀྱིས་བསང་།] སྭབྷཱ་ཝ[ས་སྦྱང་།] ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་

p. 236

ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻདྱ་ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ [ཞེས་དང་།] གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃཿ [ཞེས་ལན་གསུམ་གྱིས་བྱིན་བརླབ།] ཚོམ་བུ་ཉིད་པཾ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་བུམ་པ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་སྟེང་དུ་འཐོན་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་ས་འོག་ནས་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲཱ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་རིན་ཆེན་འབྱུང་གནས་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་པྲི་ཐི་ཝི་དེ་ཝི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། [སོགས་ནས་]ཤཔྡ[འི་བར་གྱིས་མཆོད།] ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཾ་ཨཱཏྱ་ནུཏྤནྟ་ཏོཏྟེ་ཨོཾ་ཨཱཿཧཱུྃ་ཕཊ་

p. 237

སྭཱཧཱ། [ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ་ས་གནོན་གྱི་རྒྱས།] སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་ད་དེ་ཉིད་དུ་ཐིམ་པར་[བསམ། དེ་ནས་བྱེ་བྲག་གི་སའི་བདག་པོ་རྣམས།] བྷྰུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ [ས་སྤྱན་དྲངས།] སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། [ཞེས་ལན་གསུམ་གྱིས་གཏོར་མ་ཕུལ།] ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་༔ གངས་རི་གཡའ་རྩ་ལུ་མ་སྐྱེད་མོས་འཚལ༔ མཚོ་རྫིང་སྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱི༔ འཛམ་གླིང་ལྷ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་

p. 238

མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་ཏུ་གསོལ༔ བྷྰུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་[བསམ་ཞིང་། གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་འབུལ། ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །གསུམ་པ་དབང་དུ་བྱ་བ་ནི། སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དར་དམར་གྱི་ཅོད་པན་ཅན་བཟུང་ནས་སྟེགས་བུའི་མདུན་དུ་འཁོད་ལ།] རང་ཉིད་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་ཧྲཱིཿཡིག་མར་མེ་ལྟར་འབར་བ་འཕྲོས། ཕུ་བུ་ལ་ཐིམ་པས་དེ་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་བུའི་དཔལ་ཅན་དུ་གྱུར་[པར་བསམ་ཞིང་།] ཨོཾ་ཧྲཱིཿཔདྨནྟ་ཀྲྀ་ཏ་མཧཱ་ཀྲོ་དྷ་ཧྱ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ [ཅེས་ལན་བདུན་བཟླས་ནས་ས་གཞི་ལ་བཏབ་པས།] ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ལ་ཁྱབ་པས་བདག་གི་དབང་དུ་གྱུར་[པར་བསམ་མོ། །བཞི་པས་སྦྱོང་བ་ནི།] རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། [སློབ་དཔོན་གྱི་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་མོས་པས་བསྐོར་ཞིང་རེག་ལ།] ཨོཾ་སྭབྷཱ་ཝ་

p. 239

ཤུདྡྷ་སརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ༔ [ལན་གསུམ།] སྟོང་པའི་ངང་ལས་སྣོད་བཅུད་སྣང་སྲིད་ཐམས་ཅད་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་ཆེན་པོར་ཡོངས་སུ་རྫོགས་པར་[བསམ་མོ། །ལྔ་པས་བཟུང་ཞིང་སྲུང་བ་ནི། བགེགས་ལ་གཏོར་མ་སྦྱིན་ཞིང་བཀའ་བསྒོས་ཏེ་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་རྒྱང་རིང་དུ་བསྐྲད་མཐར།] བདག་གི་ཐུགས་ཀ་ནས་ཁྲོ་བོའི་སྤྲིན་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར། ཕུར་བུ་པདྨ་ཀཱི་ལ་ཡ་སྟོད་ཁྲོ་བོ་ཕྱག་གཉིས་ཕུར་བུ་འདྲིལ་བ་སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་[པར་མོས་ཏེ། ལས་ཕུར་བསྒྲིལ་ཞིང་།] ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱ་ན་བྫྲ་དྷ་རོད་ཨཱ་ཛྙཱ་བ་ཡ་ཏི་སརྦ་བིགྷྣ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ། [ལན་གསུམ།] ཕུར་བ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཐམས་ཅད་ཁེངས་པར་[བསམ་མོ། །དེ་དག་ནི་སའི་ཆོ་གའོ། །རྩ་བའི་གཉིས་པ་དངོས་གཞི་ལ་གསུམ། ཡེ་ཤེས་ཀྱི་ལྷ་བསྙེན་པ་དང་ཉེ་བར་བསྙེན་པའི་རིམ་པ། ལྷ་དང་དབྱེར་མེད་དུ་བྱེད་པ་སྒྲུབ་པའི་རིམ་པ། གྲུབ་ནས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོའི་རིན་པའོ། །དང་པོ་ལ་དགུ་སྟེ། མཚམས་བཅད་རྟེན་བཅའ་སྟ་གོན་བྱ། །རྒྱན་འགོད་མངའ་གསོལ་བརྡ་སྦྱར་ཅིང་། །བསྲེལ་བསྣན་སྐོས་འདབ་བྱིན་འབེབས་སོ། །ཞེས་པའི་དང་པོ་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱི་རོལ་གྱི་ཕྱོགས་

p. 240

བཞིར་ཐོ་བཞི་ལ་རྒྱལ་ཆེན་སྡེ་བཞིའི་སྐུ་གཟུགས་སྔགས་བྱང་རྒྱལ་མཚན་དང་བཅས་པ་བཙུགས་པ་སོ་སོའི་མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་སྒྲུབ་ཁང་ནས་འདོན་ཏེ། ཐོག་མར་ཤར་གྱི་ཐོ་མདུན་དུ་འཁོད་ལ། སྔར་ས་ལྷའི་སྐབས་བཞིན་མཆོད་གཏོར་བྱིན་གྱིས་བརླབ། ཐོ་སྐུ་རྟེན་དང་བཅས་པ་རྟ་སྔགས་ཀྱིས་བསང་།] སྭཱ་བྷཱ་ཝ[ས་སྦྱངས།] སྟོང་པའི་ངང་ལས་དྷྲི་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་ཅིང་དྲི་ཟའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ཞིང་།] ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ[ས་བསྟིམ།] ཨོཾ་དྷྲཥྚི་རཱཥྚཱ་ཡ་སྭཱཧཱ། [ལན་བདུན།] ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་ནས་]ཤཔྡ་པྲ་ཏཱིཙྪ་སྭཱཧཱ[འི་བར་གྱིས་མཆོད། རྩ་སྔགས་མཐར།] ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱཧི་[ཞེས་ལན་གསུམ་གྱིས་གཏོར་མ་ཕུལ།] ཧཱུཾ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་

p. 241

པི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །[ཅེས་བསྟོད་ཅིང་འཕྲིན་ལས་བཅོལ།] ཨོཾ་དྷྲཥྚི་རཱཥྚཱ་ཡ་སྭཱཧཱ། ཏིཥྛ་བཛྲ་[ཞེས་བརྟན་བཞུགས་བྱ། དེ་བཞིན་དུ་ལྷོར་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་།] སྟོང་པའི་ངང་ལས་བཻ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ་གཤིན་རྗེའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ཞིང་།] ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོ༔ [ས་བསྟིམ།] ཨོཾ་བེ་རཱུ་དྷ་ཀཱ་ཡ་སྭཱཧཱ། [ལན་བདུན།] ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་ཀྱིས་མཆོད། རང་སྔགས་ལ་གཏོར་སྔགས་སྦྱར་བ་ལན་གསུམ་གྱིས་གཏོར་མ་ཕུལ།] ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། །

p. 242

མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །[ཅེས་དང་། རང་སྔགས་ཏིཥྛ་བཛྲས་བརྟན་བཞུགས་བྱ། ནུབ་ཏུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་།] སྟོང་པའི་ངང་ལས་བི་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་སྤྱན་མི་བཟང་དམར་པོ་མཆོད་རྟེན་དང་སྦྲུལ་ཞགས་བསྣམས་པ་ཀླུའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་བོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ཞིང་།] ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་བསྟིམ། ཨོཾ་བི་རཱུ་པཀྵ་ཡ་སྭཱཧཱ། [ལན་བདུན།] ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མཐར།] ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་

p. 243

མི་བཟང་། དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །[ཅེས་དང་། སྔར་ལྟར་བརྟན་ཞུགས་བྱ། བྱང་དུ་ཕྱིན་ལ། མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་།] སྟོང་པའི་ངང་ལས་ཀུ་ཡིག་ཡོངས་སུ་གྱུར་བ་ལས་རྒྱལ་ཆེན་རྣམ་ཐོས་སྲས་ལྗང་ནག་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ཞིང་།] ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་སྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འདིར་གཤེགས་རྟེན་ལ་བརྟེན་པར་བཞུགས། །བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ[ས་བསྟིམ།] ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱཧཱ། [ལན་བདུན།] ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་

p. 244

དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མཐར།] ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ། །གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །[ཅེས་དང་། སྔར་ལྟར་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་བཅད་པ་ལ་གསུམ་གྱི། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛ་ཁ་སྤྲོད་ཀྱི་བར་དུ་ཏྲི་ཡིག་དང་། དེ་མཐར་མགྲིན་པའི་ཐད་ནས་བརྩམས་ཏེ་ཡིག་མགོ་ཕྱིར་བསྟན་དུ་ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛཿནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿཁུག་ཁུག་ནན༔ ཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲམ་གྱིས་བསྐོར་བ་བྲིས་ལ་ལིང་ཁྲུས་བྱ། འགྲུབ་ན་སྒྲུབ་པའི་སྔ་ཉིན་ལྟ་བུར་རྡོ་རྗེ་མཚམས་པ་སོགས་ཀྱིས་ཕུར་པ་སོགས་དྲག་པོའི་འཕྲིན་ལས་

p. 245

བཏང་བའི་ཚོགས་ཐ་མའི་གདབ་ཁ་དང་འབྲེལ་བར་བཀུག་བསྟིམ་གྲངས་མང་ཡིད་ཆེས་པར་བྱས་ལ་ཐུན་གདབ། འདྲི་ལྟེབ་ཏུ་བཅག་ཅིང་ཚོན་སྐུད་ཀྱིས་བཅིངས། ཐོད་ངན་ནམ་ཁྱི་ཐོད་ལྟ་བུར་བཅུག །ཕུང་རས་དྲིལ་ལ་རྩང་གིས་གཟིར་བའི་མནན་ཆས་སྤྱི་ལྟར་བྱ། གང་ལྟར་ཡང་སྒྲུབ་ཁང་གི་སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པར་མནན་ལིང་བཀོད། འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ནས་ཐོག་མར་སྡོང་གྲོགས་འཆོལ་བའི་ཕྱིར་གསེར་སྐྱེམས་ཐོགས་ལ།] རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པའི་བདུད་རྩི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ༔ ཧྲཱིཿ[ལན་གསུམ་གྱིས་བརླབས་ཏེ།] ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་རྟ་མཆོག་འབར་བའི་ལྷ་ཚོགས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་གཏེར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས༴ ། སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་

p. 246

དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །[ཅེས་གསེར་སྐྱེམས་ཕུལ།] ཨོཾ་ཧྲཱིཿཔདྨ་ནྟ་ཀྲིཏ་མཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ [ཅེས་པས།] རང་ཉིད་དབང་ཆེན་རྟ་མགྲིན་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར་པའི་ང་རྒྱལ་བསྐྱེད་དེ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་འབྱུང་པོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་[གསལ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས།] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའ་བདེན་པ་དང་། ཁྱད་པར་དབང་ཆེན་རྟ་མཆོག་འབར་བ་སྤྲུལ་འཁོར་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་བ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་

p. 247

བཛྲ་ཨངྐུ་ཤཛ༔ ཛཿཧཱུྃ་བྃ་ཧོཿ[ཞེས་ལན་གསུམ་གྱིས་དགུག་བསྟིམ་བྱས་ལ། འོག་གི་འདོན་ཚིག་དང་བསྟུན་ཏེ་སྐྱེར་ཕུར་སོར་བཞི་པ་གདབ། ཐུན་རྫས་བྲབ། གུ་གུལ་བདུག །དུར་རྡོ་ལ་རི་གླིང་དང་རྒྱ་གྲམ་བྲིས་པས་མནན་ཏེ།] ཧཱུྃཿ དམ་སྲི་བྱ་བའི་ལས་ངན་འདིས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས༔ མཆེད་ལྕམ་རྣམས་ལ་གནོད་ཅིང་འཚེ༔ རྒྱལ་ཁམས་ཀུན་ཏུ་མི་དགེ་བཏང་༔ གསང་སྔགས་ལམ་གྱི་སྒོ་ཡང་བཀག༔ བཀའ་འདས་ནམ་ཡང་མི་བཏང་བས༔ ད་ནི་ཁྲོ་བོའི་ཕུར་ཚོགས་གདབ༔ ཐུན་ཚོགས་གདབ་སྟེ་དུང་ཚོགས་གཏིབ༔ གཏུབ་ཅིང་སྲིན་པོའི་ཞལ་དུ་བསྟབ༔ རི་རབ་བརྗིད་པའི་འོག་ཏུ་མནན༔ [ཞེས་པའི་མཐར་ས་ཆུ་མེ་རླུང་རིམ་པ་བཅུ་གསུམ་རེས་གཡོགས་ཤིང་སཱཙྪ་ནག་པོས་མནན་ལ།] ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་ཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་ཡན་ལག་བདུན་གྱི་རྒྱ༔ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་པ་ཐེག་པ་རིམ་དགུའི་རྒྱ༔ བཅུ་པ་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་བཏབ༔ རི་རབ་བརྗིད་པས་སྟེང་ནས་མནན༔ དཔའ་བོའི་བྲོ་ར་བྱས་

p. 248

ཏེ་བརྡུངས༔ བསྐལ་པ་བྱེ་སྙེད་མཐའ་རུ་མནན༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ [ཞེས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་དབང་གི་ཕོ་བྲང་བཏབ་པར་བསམ་ཞིང་། མཆེད་རྣམས་སྲིན་ལག་ལུ་གུ་རྒུད་དུ་སྦྲེལ་ཏེ་ཧཱུྃ་བཞིའི་སྔགས་ཀྱིས་བྲོ་ར་བསྐོར་ལ་ལས་བྱང་བཞིན་རྟ་བྲོ་བརྡུང་ངོ་། །གཉིས་པ་སྒོ་བྱང་གདགས་པ་ནི། བསེ་བྱང་གཉིས་ཀྱི་མདུན་ངོས་ལ་གཤིན་རྗེ་གཤེད་དང་བདུད་རྩི་འཁྱིལ་བའི་སྐུ་མངོན་རྟོགས་བཞིན་བྲི་ཞིང་རྒྱབ་ཏུ་སོ་སོའི་སྙིང་པོ་འདོད་ཡོན་གྱི་སྤེལ་ཚིག་ཅན་ཕུར་བུ་རེ་དང་བཅས་པའི་གཤིན་རྗེ་སྒོའི་ཕྱི་ངོས་དང་འཁྱིལ་བ་སྒོའི་ནང་ལོགས་ཀྱི་སྟེང་དུ་བཀོད། མདུན་དུ་མཆོད་གཏོར་དམར་གྱི་བཤོས་བུ་རེ་དང་ཉེར་སྤྱོད་ལྔ་སོ་སོར་བཤམས་ལ། ཐོག་མར་ཕྱི་སྒོའི་མཆོད་གཏོར་]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་ཨ་ལས་བྷཉྫའི་སྣོད་དུ་མཆོད་པའི་དངོས་པོ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་འཆར་བས་ནམ་མཁའ་གང་བ། གཏོར་སྣོད་བྷཉྫ་འབར་བར་གཏོར་རྫས་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་[པར་བསམ།] ཨོཾ་ཨཱཿཧཱུཾ་[གིས་བྱིན་བརླབ། རྟེན་བསང་སྦྱང་།] སྟོང་པའི་ངང་ལས་པད་ཉི་དྲེགས་པའི་སྟེང་དུ་ཡ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་བེ་ཅོན་དང་ཐོ་བ་འཛིན་པ། སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་པོའི་དབུས་ན་གནས་

p. 249

པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ[ས་བསྟིམ།] ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ [ཅེས་ལན་བདུན།] ཨོཾ་བཛྲ་ཨརྒྷཾ་[སོགས་ཀྱིས་ཉེར་སྤྱོད་དང་། རྩ་སྔགས་ལ།] ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱཧི༔ [ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་ལ།] ཧཱུྃ༔ བཅོམ་ལྡན་གཤིན་རྗེའི་གཤེད་པོ་ནི༔ ལས་ཀྱི་ཕོ་ཉ་ཀུན་གྱི་བདག༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ སྒྲུབ་ལ་མི་དབང་གདོན་དང་བགེགས༔ སྡེ་བརྒྱད་ཁྱོད་ཀྱི་འཁོར་ལགས་པས༔ རྣམ་སྨིན་བྱང་ཆུབ་ཆོས་ཤོད་ལ༔ ས་འདི་ཡན་ཆད་མ་བཏང་ཞིག༔ [ཅེས་འཕྲིན་ལས་བཅོལ། རྩ་སྔགས་དང་།] ཏིཥྛ་བཛྲ[ས་བརྟན་བཞུགས་བྱ། དེ་ནས་ནང་སྒོའི་མཆོད་གཏོར་སྔ་མ་བཞིན་བྱིན་བརླབ་རྟེན་བསང་སྦྱང་།] སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་ཞགས་པ་འཛིན་པ། སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་བོའི་དབུས་ན་གནས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ[ས་བསྟིམ།]

p. 250

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཅེས་བདུན་ནམ་ཉེར་གཅིག་བཟླ།] ཨོཾ་བཛྲ་ཨ་རྒྷཾ་[སོགས་ཀྱིས་ཉེར་སྤྱོད་དང་། སྙིང་པོའི་ཤམ་དུ་གཏོར་སྔགས་སྦྱར་བ་ལན་གསུམ་གྱི་གཏོར་མ་ཕུལ་ལ།] ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཁྱོད༔ འདིར་བཞུགས་གདོན་བགེགས་མཚམས་ཆོད་ཅིག༔ དངོས་གྲུབ་འབྱུང་བའི་གནས་འདི་རུ༔ འཆི་མེད་བདུད་རྩིའི་སྲུང་མ་མཛོད༔ དམ་སྲི་ཐལ་བ་རྡུལ་དུ་རློག༔ [ཅེས་འཕྲིན་ལས་བཅོལ་ཞིང་གོང་བཞིན་བརྟན་བཞུགས་བྱའོ། །གསུམ་པ་གསང་མཚམས་བཅད་པ་ནི། སེང་ལྡེང་ལ་སོགས་པའི་ཕུར་བུ་སོར་བཅུ་གཉིས་པ་ཙནྡན་དམར་པོས་བྱུགས་ཤིང་དར་གྱི་ཅོད་པན་ཅན་བཅུ་འདུ་བྱ། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་ཨེ་བཅུ་བཀོད། ཀཱི་ལ་ཡའི་ཛཔྲ་ལན་གསུམ་བརྗོད་བཞིན་ཕུར་བུ་རྣམས་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རཀྟས་བྱུགས་པ་རྣམས་བྱས་ལ། བསང་སྦྱང་།] ཕུར་བུ་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཡིག་བཅུ་ཡོངས་སུ་གྱུར་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྟོད་ཁྲོ་བོའི་གཟུགས་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འཕྲོས་པའི་འོད་ཀྱིས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ[ས་བསྟིམ།] ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་དབང་བསྐུར་ཏེ་བྱིན་བརླབ།] རང་གི་ཐུགས་

p. 251

ཀ་ནས་ཁྲོ་བོ་ཊཱ་ཀི་རཱ་ཛ་སྤྲོས་ཏེ་ཕྱོགས་སྐྱོང་བཅུ་བཀུག་ནས་སྟེང་འོག་ཕྱོགས་མཚམས་སོ་སོར་ཨེ་བཅུ་བཀོད་པ་ལ་གཟིར་བར་[བསམ་ཞིང་། སློབ་དཔོན་གྱིས་ལག་གཡས་ཐོ་བ་དང་། གཡོན་པས་ཕུར་བུ་རྣམས་རིམ་པར་ཐོགས་ལ།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ [ཅེས་སྟེང་གི་ཕུར་བུ་ཤར་གྱི་ཤར་དུ་གདབ། དེ་བཞིན་དུ་གོང་འོག་གི་སྔགས་ཚིག་འགྲེས་སྦྱར་ཏེ། ཕྱོགས་བཞིར་ཤར་ནས་གཡས་བསྐོར་གྱིས།] བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ ༔ ཧྱ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ [མཚམས་བཞི་བྱང་ཤར་ནས་གཡོན་བསྐོར་གྱིས།] ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷནྡྷི་བྷནྡྷི་ཧཱུྃ་ཕཊ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨཱརྻ་ཨ་རྩ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ [འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་ཅིང་།] མཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ [ཅེས་འབར་བའི་སྟངས་སྟབས་དང་བཅས་གདབ་པས།] བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་[པར་བསམ་ཞིང་།] ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་

p. 252

མཚམས་ཐམས་ཅད་ཁྱབ་པར་[མོས་ལ། ལས་བྱང་བཞིན་སྲུང་འཁོར་གསལ་བཏབ་ལ་དོན་དམ་པར་བསྲུང་བྱ་སྲུང་བྱེད་ཐམས་ཅད་ལས་འདས་པ་སེམས་ཉིད་ཡེ་ནས་སྟོང་གསལ་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ངོ་བོ་ལ་བར་ཆད་ཀྱི་མཚན་མ་ནམ་ཡང་གྲུབ་པ་མེད་པས་ན་སྲིད་ཞི་མཉམ་ཉིད་དུ་རིག་པ་མི་ཤིགས་རྡོ་རྗེའི་རང་བཞིན་དུ་ལ་བཟླ་བར་བྱའོ། །གཉིས་པ་རྟེན་གྱི་དཀྱིལ་འཁོར་བཅའ་པ་ལ་གསུམ་ལས། དང་པོ་ཆག་ཆག་གདབ་པ་ནི། ཀ་པཱ་ལར་དྲི་བཟང་གི་ཆུ་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་བ་ཐོགས་ལ།] ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པས༔ འཆི་མེད་རྒྱལ་བའི་སྐུ་གསུང་ཐུགས་བསྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་མཧཱ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ [ཞེས་དཀྱིལ་འཁོར་གྱི་གཞི་ལ་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་གོ །གཉིས་པ་ཐིག་གདབ་པ་ནི། མཚན་ཉིད་དང་ལྡན་པའི་ཐིག་སྐུད་རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམ་ཕྲ་སྒོའི་པཉྩ་རེ་ཁཱ་དང་མཉམ་པ་འདུ་བྱ། སློབ་དཔོན་ནུབ་ནས་ཤར་དང་གཟུངས་མའམ་དེར་མོས་པའི་ལས་རྡོར་ཤར་ནས་ནུབ་ཏུ་ཕྱོགས་པས་འཁོད་དེ།] བདག་དང་གཟུངས་མ་པདྨ་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་གནས་ལྔར་རིགས་ལྔ་ཡབ་ཡུམ་གྱིས་མཚན་པར་[མོས་ལ། ཐིག་སྣེ་

p. 253

ལྟེ་བར་བཟུང་ཞིང་།] འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ གསང་བ་ཡེ་ཤེས་ཐིག་གདབ་མཛོད༔ མཚན་ལྡན་རིགས་མ་ཡིད་འོང་མས༔ ཡང་གསང་འགྱུར་མེད་ཐིག་གདོབ་ཅིག༔ ཛྙཱ་ན་མདྷ་ལ་ཧཱུྃ་བྷྲཱུྃ༔ [ཞེས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་སྤྲིན་ཡུམ་གྱི་མཁར་སྐར་མདའ་ལྟར་སྦྲེང་བས་རྒྱལ་བའི་དཀྱིལ་འཁོར་རང་བྱུང་བར་བསམ་ལ། གོང་གི་སྔགས་བརྗོད་བཞིན་དུ་ཐོག་མར་ནམ་མཁའ་ལ་ཡེ་ཤེས་ཀྱི་ཐིག་གདབ་པར་བྱ་སྟེ། གདབ་ཚུལ་རྡོ་རྗེ་དང་བཅས་པའི་མཐེ་བོང་དང་གང་མོས་ཐིག་སྐུད་བཟུང་བ་འོག་ནས་གྱེན་དུ་གཅུས་ཏེ་སེ་གོལ་གྱིས། ཐོག་མར་སློབ་དཔོན་ནུབ་ཏུ་འདུག །གཟུངས་མ་ཤར་དུ་གནས་པ་ཡིས། །ཚངས་ཐིག་དང་པོ་མཁའ་ལ་གདབ། །དེ་བཞིན་སློབ་དཔོན་ལྷོ་དང་ནི། །གཟུངས་མ་བྱང་གནས་གཉིས་པ་གདབ། །སློབ་དཔོན་མེ་ཡི་མཚམས་སུ་དང་། །གཟུངས་མ་དབང་ལྡན་གནས་པ་ཡིས། །ཤར་གྱི་ལོགས་ཐིག་དང་པོ་གདབ། །སློབ་དཔོན་རླུང་དང་གཟུངས་མ་ནི། །སྲིན་པོར་གནས་པས་ནུབ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་གཟུངས་མ་ནི། །དབང་ལྡན་གནས་པས་བྱང་ཕྱོགས་གདབ། །སློབ་དཔོན་མེ་དང་ཟུངས་མ་ནི། །སྲིན་པོར་གནས་པས་ལྷོ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་གཟུངས་མ་ནི། །རླུང་གནས་ཟུར་ཐིག་དང་པོ་གདབ། །སློབ་དཔོན་སྲིན་པོ་གཟུངས་མ་ནི། །དབང་ལྡན་གནས་པས་གཉིས་པ་སྟེ། །ཀུན་ལ་གཡས་བསྐོར་ཁྱད་པར་དུ། །ཚངས་ལོགས་རྒྱབ་འགྲོས་

p. 254

ཚུལ་གྱིས་གདབ། །ཡབ་ཡུམ་སྔར་གྱི་གནས་སུ་འཁོད། །ཐིག་སྐུད་སློབ་དཔོན་ཐུགས་ཀར་བསྡུ། །ཞེས་པ་ལྟར་བཏབ་པས་སྔགས་དང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་སད་པར་བྱས། ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་མོས། དེ་ནས་ས་ལ་ལས་ཀྱི་ཐིག་གདབ་པ་ནི། ཐིག་སྐུད་སྙིང་གའི་ཐད་དུ་བཟུང་ལ།] འཆི་མེད་མགོན་པོ་ལྷ་ཡི་ལྷ༔ རིག་འཛིན་དྷཱ་ཀི་འཁོར་དང་བཅས༔ བླ་མེད་དངོས་གྲུབ་དུས་འདིར་ཐོབ༔ ཡེ་ཤེས་རྡོ་རྗེའི་ཐིག་གདབ་མཛོད༔ གསང་བ་ཡུམ་གྱི་བྷ་གའི་ས་གཞི་ལ༔ ཡེ་ཤེས་བོ་དྷི་ཙིཏྟའི་ཐིག་སྤྲོས་པས༔ འཆི་མེད་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་གསལ༔ བྷྲཱུྃ་ཛྙཱ་ན་མ་དྷ་ལ་ཧཱུྃ་བྷྲཱུྃ༔ [ཞེས་བརྗོད་ཅིང་། ཇི་ལྟར་གདབ་པའི་ཚུལ་ནི། དང་པོ་ཤར་ནུབ་ཚངས་ཐིག་གདབ། །དེ་ཡི་དབུས་སུ་མཚན་མ་བྱ། །དེ་ནི་དཀྱིལ་འཁོར་དབུས་ཡིན་ནོ། །དབུས་ནས་ཤར་ནུབ་ཚད་མཉམ་པའི། །མཚན་མ་བྱས་པའི་བརྐྱངས་པ་ཡིས། །ལྷོ་བྱང་གཉིས་སུ་བྱ་རྗེས་བྱ། །དེ་སྟེང་ཚངས་ཐིག་གཉིས་པ་གདབ། །དེ་བཞིན་ལྷོ་བྱང་ཚངས་ཐིག་ལའང་། །ཤར་ནུབ་ལྟ་བུའི་མཚན་མ་བྱ། །དེ་ཡི་བར་བརྐྱངས་སྲད་བུ་ནི། །ཕྱོགས་བཞི་མཚན་མའི་སྟེང་བཟུང་ནས། །ཟུར་བཞིར་བྱ་རྗེས་མཚན་མ་བྱ། །དེ་སྟེང་ཟུར་ཐིག་གཉིས་པོ་གདབ། །ངོས་དེར་ཇི་ལྟར་འཚམས་པ་ཡི། །ལོགས་ཐིག་བཞི་བཏབ་མདའ་ཡབ་ཐིག །མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་གསུམ་བགོ །སུམ་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་བཏབ་

p. 255

རྩ་བའི་ཐིག །མདའ་ཐིག་དང་ནི་རྩ་ཐིག་བར། །ཕྱེད་བགོས་ཆ་ཆེན་གཉིས་འབྱུང་ངོ་། །ནང་མ་དབུས་དེར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཆ་ཚན་ཕྱི་མ་ཕྱེད་བགོས་ལ། །ཕྱི་མ་དེ་ཡང་ཕྱེད་དུ་བཅད། །དྲྭ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། །མདའ་ཐིག་ཕྱི་རུ་ཆ་ཆེན་གཉིས། །ནང་མ་ཆ་བཞིར་བགོ་བར་བྱ། །རྟ་བབ་སྣམ་བུ་བཞི་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །དེ་རྗེས་ནང་གི་རྩ་ཐིག་ནས། །རྟ་བབ་ཕྱི་ཐིག་བར་དུ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་གདབ་པར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུང་སྒོ་འགྲམ་སྒོ་ལོགས་དང་། །རྩིག་མུན་ཀ་བ་ཀ་རྒྱན་འབྱུང་། །རྟ་བབ་ཕྱི་མཐའི་རིམ་པ་ཡང་། །དང་པོ་ཀ་རྒྱན་མཐའ་དང་མཉམ། །དེ་རྗེས་གསུམ་པོ་རེ་རེ་ཐུང་། །མིག་གསུམ་བསྐོར་ཚུལ་རྟ་བབ་ཀྱི། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱིས་དབུས་མ་བསྐོར། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་བ་ནས། །ཆ་ཕྲན་གཅིག་རེ་གཡས་གཡོན་བསྐོར། །དེ་མཉམ་ནང་དུ་ཕྱེད་རེ་བསྐོར། །སྣ་ཚོགས་རྡོ་རྗེའི་ར་བསྐོར་ཚུལ། །ཚངས་ཕྱིར་གསུམ་ཕྱིན་མདའ་ཕྱིར་གཅིག །ཕྱིན་ཏེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་ཕྲད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་

p. 256

བསྐོར། །མདའ་ཐིག་རྩེ་ནས་ཕྱི་རོལ་དུ། །ཆ་ཆེན་ཕྱེད་དང་ཆ་ཕྲན་གཅིག །ཆ་ཆེན་གཅིག་བསྐོར་པདྨ་དང་། །རྡོ་ར་མེ་རི་རྣམས་སུ་འགྱུར། །ལྷ་གནས་བསྐོར་ཚུལ་ལྟེ་བ་ནས། །རྩ་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་ཕྱིའི་མུ་ཁྱུད། །མུ་ཁྱུད་དེ་ནས་ལྟེ་བའི་བར། །ཆ་མཉམ་བཞི་བགོ་བསྐོར་བའི་ནང་། །ཆ་ཕྲན་གཅིག་གི་མུ་ཁྱུད་བསྐོར། །ནང་ནས་རིམ་བཞིན་ལྟེ་བ་དང་། །མུ་ཁྱུད་འདབ་བཞི་འདབ་མ་དྲུག །འདབ་བརྒྱད་མུ་ཁྱུད་རྣམས་སུ་འགྱུར། །ཞེས་པ་ལྟར་མ་འཁྲུལ་བར་གདབ་བོ། །གསུམ་པ་ཚོན་དགྱེ་བ་ནི། ཚོན་སྣོད་དབུས་དམར་ཤར་དཀར་ལྷོ་སེར་ནུབ་སྔོ་བྱང་ལྗང་ཀུ་བཞག་པར་ཨཱཾ་ཧཱུྃ་སྭཱ་ཨོཾ་ཧཱ་ལྔ་བྲིས་ལ་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་རེག་སྟེ།] རིགས་ལྔ་ཡབ་ཡུམ་སྦྱོར་པའི་བྱང་སེམས་ཁ་དོག་ལྔ་ལྡན་ལ་རྣམ་པ་རིན་པོ་ཆེའི་རྡུལ་ཚོན་འོད་འབར་བར་གྱུར་[པར་བསམ་ལ་འབྲུ་ལྔ་བརྒྱ་རྩ་བརྗོད།] ཨེ་ཡཾ་པཾ་ལཾ་རཾ་སུཾ་བྷྲཱུྃ༔ [ཞེས་བརྗོད་ཅིང་དབུས་ཀྱི་ཕུར་ཁུང་རིམ་པས་མཐིང་ལྗང་དཀར་སེར་དམར་པོ་རྣམས་བླུགས་ལ་བཀང་སྟེ་འབྱུང་བ་རིམ་བརྩེགས་སུ་ཕོ་བྲང་བཞེངས་པར་བསམ། སློབ་དཔོན་ཞལ་ཤར་དུ་ཕྱོགས་པས་རེ་ཁཱ་གཅིག་དྲངས་ཏེ།] ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག༔ འཆི་མེད་རྡོ་རྗེའི་ལས་ཐོབ་ཕྱིར༔ ཡེ་ཤེས་ལྔ་ཡི་ཚོན་བཀྱེའོ༔ [ཞེས་བརྗོད་ལ། ཚོན་ཇི་ལྟར་དགྱེ་བའི་ཚུལ་ནི། ལྟེ་བ་དམར་ལ་མུ་ཁྱུད་ལྗང་། །འདབ་བཞི་ཕྱོགས་མདོག་འདབ་དྲུག་དང་། །འདབ་བརྒྱད་མཛེས་ཚོན་མུ་ཁྱུད་མཐིང་། །]

p. 257

གྲུ་ཆད་སྒོ་ཁྱམ་ཕྱོགས་ཀྱི་མདོག །རྩི་གབ་ནང་ནས་རིམ་པ་བཞིན། །དམར་དཀར་སེར་མཐིང་ལྗང་ཀུའོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་བའི་གཞི་ནག་དྲྭ་བ་དཀར། །ཤར་བུའི་གཞི་སྔོ་ཤར་བུ་དཀར། །མདའ་ཡབ་དཀར་པོ་པད་འདབ་རིས། །མུན་བ་པ་ཏི་གླང་རྒྱབ་ནག །ཀ་བ་ཕྱོགས་མདོག་རྒྱན་མཛེས་མཚོན། །རྟ་བབ་སྣམ་བུ་བཞི་པོ་ལ། །ནང་ནས་དམར་སྔོ་ལྗང་སེར་རམ། །ཡང་ན་སེར་མཐིང་དམར་ལྗང་བྱ། །པདྨ་དམར་ལ་འཁོར་ལོ་དང་། །རི་དྭགས་སེར་མདོག་གདུགས་དཀར་པོ། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །པད་འདབ་སོ་གཉིས་མདངས་མཛེས་ཚོན། །རྡོར་གཞི་ནག་རྡོར་ཕྲེང་སེར། །མེ་རི་སྣ་ཚོགས་ཆོས་འཁོར་རོ། །ལྷ་གནས་རྣམས་སུ་མཚན་མ་ནི། །སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་ནམ། །མ་གྲུབ་གཙོ་འཁོར་རང་རང་གི །སྐུ་མདོག་དང་མཚུངས་ཚོན་སྤུང་བྱ། །ཚོན་རྩི་མི་མཐུག་མི་སྲབ་ཅིང་། །མ་འདྲེས་ཆད་[དང་ཡོ་བ་སོགས། །ཉེས་པའི་སྐྱོན་ཀུན་རབ་སྤངས་ཏེ། །སྒྲིན་པོའི་བློ་ཡིས་ལེགས་པར་བྲི། །ཞེས་པ་ལྟར་མཛེས་ཤིང་ཡིད་དུ་འོང་ལ་དང་བ་འདྲེན་པར་དགྱེའོ། །གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་མི་འགྲུབ་པའི་ཕྱོགས་ལ་གོང་གི་ཆག་ཆག་གྲུབ་པ་དང་སྤྲོ་ན་ཡེ་ཐིག་ཙམ་བཏབ་ལ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ་མོ། །དེ་རྣམས་ཀྱིས་ཉིན་དང་པོའི་བྱ་བ་རྣམས་གྲུབ་བོ། །གསུམ་པ་སྟ་གོན་གྱི་

p. 258

རིམ་པ་ནི། སྒྲུབ་ཆེན་དབང་བསྐུར་དང་འབྲེལ་བའི་སློབ་མ་རྗེས་འཛིན་གཙོ་བོར་བྱེད་པའི་སྐབས་ལས། མོས་སློབ་སྒྲུབ་ཆེན་འདྲ་འབག་སྤྱི་ཙམ་ལ་ནི་དེ་དག་ངེས་པར་དགོས་པ་མ་ཡིན་པས་སྒྲུབ་གཞུང་ཆེན་པོ་གཞན་དག་ལས་ཀྱང་མི་འབྱུང་བ་བཞིན་འདིར་ཡང་མ་སྨོས་སོ། །བཞི་པ་རྒྱན་འགོད་པ་ནི། ཐོག་མར་དམ་ཚིག་གི་ཡོ་བྱད་རྣམས་ཉེར་བསྡོག་བྱ་སྟེ། སྐུ་རྟེན་བྲིས་འབུར་གང་ཡང་རུང་བ་ཚད་ལྡན་དུ་བཞེངས་པའི་སྐུ་འབག་བྱིན་ལྡན། གསུང་རྟེན་ཚེའི་རྒྱུད་དམ་སྒྲུབ་ཐབས་ཀྱི་གླེགས་བམ་དར་དམར་གྱི་ན་བཟས་དྲིལ་པ། ཐུགས་རྟེན་རྡོ་རྗེ་རྩེ་ལྔ་པ་དང་རང་བྱུང་གི་ཤེལ་རྡོ་ཟུར་དྲུག་པ། ཡོན་ཏན་གྱི་རྟེན་རྡོ་རྗེ་དྲིལ་བུ་དར་དཀར་དམར་གྱིས་བཅིངས་པ། ཕྲིན་ལས་ཀྱི་རྟེན་དབང་གི་རྟ་ཕུར་དར་དམར་མཐིང་གི་ཅོད་པན་ཅན། སྒྲུབ་གཏོར་རིན་པོ་ཆའི་པད་སྣོད་གས་ཆག་མེད་པར་འབྲུ་དཀར་གྱི་ཕྱེ་གཙང་སྨན་སྤོད་ཀྱིས་བྲན་ཅིང་གར་ཆང་དང་མར་ཁུས་སྦུས་པ་ལས་ཚེ་གཏོར་རིན་ཆེན་གཏེར་སྤུངས་བང་རིམ་གྲུ་བཞི་བཞི་བརྩེགས་ཀྱི་ཁར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་སྟེང་ཞི་གཏོར་དམར་པོ་ཟླུམ་བརྗིད་ཕྱོགས་བཞིར་པད་འདབ་བཞི་དང་མཚམས་བཞིར་པད་ཤུན་བཞི་ལྡན་ལྟོ་བར་མར་རྒྱན་ལྔ་སྒྲོམ་དང་རྩེར་ཟླ་ཉི་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ་ཤིང་ལོ་མེ་ཏོག་སོགས་རྒྱན་སྤྲོས་ཀྱིས་མཛེས་ཤིང་དར་དམར་གྱི་གུར་ཕུབ་པ། རིན་པོ་ཆེའི་བུམ་པ་སྐྱོན་མེད་ལྔའམ་གཅིག་རྒྱུན་

p. 259

འབབས་ཀྱི་ཆུ་གཙང་བླ་མེད་བུམ་རྫས་སོ་ལྔ་དྲི་བཟང་སྦྱར་བས་སུམ་གཉིས་བཀང་བར་དར་སྣང་ལྔའམ་དམར་པོའི་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་གྱིས་བརྒྱན་པ། སྙིང་པོ་ལྔ་དང་ཚེ་གལ་མཐུན་སྡེབས་ཀྱི་རྒྱུ་ལས་བསྐྲུན་པའི་ཚེ་འབྲང་བུམ་གཟུགས་ཤིང་ལོ་མེ་ཏོག་གི་རྒྱན་སྤྲོས་ཅན། ཚེ་རིལ་ལ་རྫས་ཀྱི་བྱང་སེམས་ཆུ་གང་དང་སིནྡྷུར། དྭངས་མ་ལྔ། རྩི་བཞི། འབྲས་བུ་གསུམ་པ། བཟང་པོ་དྲུག །རྩ་བ་ལྔ། ལྔ་ཚན་ལྔ་རྣམས་དབང་ལག་བཅུད་དུ་བཀུག་པ་དང་སྦྱར་ཏེ་ཞིབ་པར་བཏགས་ལ། གུ་རུ་ཡབ་ཡུམ་གྱི་བྱང་སེམས་ཚེ་རྫས་གཏའ་ཕབ་འཁྲུལ་མེད། སེལ་མེད་ཁུང་བཙུན་གྱི་བདུད་རྩི་ཆོས་སྨན་སོགས་བྱིན་རྟེན་རྣམས་ཆང་བཟང་པོའི་ཉིང་ཁུར་སྦང་བས་སྦྲུས་ཏེ་རིལ་བུ་སྲན་མ་འཕོས་པ་ཙམ་དུ་བསྒྲིལ་ཞིང་མཚལ་བཟང་པོའི་ན་བཟའ་གསོལ་བ། བདུད་རྩི་ཨ་མྲྀ་ཏ་མངར་གསུམ་དང་སྦྱར་བའི་ཚེ་ཆང་། ཚེ་མདའ་རྒོད་སྒྲོ་མ་མདེའུ་ལྕགས་ཅན་དར་ཚོན་སྣ་ལྔ་མེ་ལོང་བླ་གཡུ་བྱེ་རུ་མུ་ཏིག་སྤོས་ཤེལ་མུ་མེན་རྣམས་བཏགས་ཤིང་སྟོངས་ལ་རྨ་བྱའི་མདོངས་སྒྲོས་བརྒྱན་པ་རྒྱ་གྲམ་མམ་པདྨ་བྲིས་འབུར་གང་རུང་གི་གདན་ལ་བརྟན་པར་བཙུགས་པ། སྲོག་རྟེན་རྡོ་རྗེ་དཀར་པོ་གྱེན་ལང་། བླ་རྟེན་གཡུང་དྲུང་སེར་པོ་གཡས་འཁྱིལ། དབུགས་རྟེན་ཉི་ཟླའི་གའུ་ཁ་སྦྱོར། ཚེ་རྟེན་གཡུ་ཡི་རྒྱལ་མཚན་

p. 260

ལྗང་ཁུ་རྣམས་བྲིས་འབུར་གང་ཡང་རུང་བ། གཞན་ཡང་མཆོད་རྫས་གཏོར་མ། རྒྱན་བཀོད་ཀྱི་ཡོ་བྱད་སོགས་འོག་ཏུ་ཉེ་བར་མཁོ་བའི་ཆས་རྣམས་མ་ཚང་བ་མེད་པར་འདུ་བྱས་ནས། རྒྱན་བཀོད་དངོས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྒྲུབ་རྫས་རྣམས་གུ་གུལ་གྱིས་བདུག་ཅིང་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། ཛཔྲ་དབྱངས་དང་བཅས་སློབ་དཔོན་གྱིས་དྲིལ་སྤོས་འཛིན་པས་སྣ་དྲངས་ཏེ། རྒྱལ་ཚབ་སོགས་ཀྱིས་རྟེན་སྒྲུབ་མཆོད་པའི་རྫས་རྣམས་རིམ་པར་ཐོགས་ནས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་མདུན་དུ་འཁོད་ལ།] ཧཱུྃ༔ བླ་མེད་གསང་མཆོག་ཚེ་ཡི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཀོད་པ་ནི༔ ཐུགས་རྗེའི་སྐུ་མཆོག་འགྲོ་ཀུན་ཐར་པར་འདྲེན༔ སྐུ་གསུང་ཐུགས་རྟེན་དངོས་གྲུབ་ཀུན་འབྱུང་གནས༔ ཡོན་ཏན་འཕྲིན་ལས་མ་ལུས་རྫོགས་པའི་དཔལ༔ ཕོ་བྲང་སྣོད་བཅུད་རྟགས་ལྡན་རྒྱན་དུ་བཞུགས༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཐུགས་རྗེ་རྣམ་འཕྲུལ་གཙོ་འཁོར་ལྷ་ཚོགས་བཅས༔ གསང་བའི་དམ་རྫས་སྨན་གཏོར་རཀྟ་དང་༔ སྣོད་བཅུད་ཡོངས་རྫོགས་བུམ་པ་གཞལ་ཡས་གསལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་མ་ལུས་རྫོགས༔ མ་རིག་ལོག་རྟོག་དྲྭ་བ་

p. 261

གཅོད་པའི་གྲི༔ ཤེས་རབ་ཐབས་ལྡན་ལོག་རྟོག་འབིག་པའི་མདའ༔ དྲི་མེད་རང་གསལ་སྐུ་གསུམ་མེ་ལོང་མཛེས༔ རིགས་ལྔ་རབ་མཚོན་དར་སྣ་ལྔ་ཡིས་བརྒྱན༔ དག་བྱེད་ཁྲུས་བུམ་ཚོན་སྐུད་དྲྭ་བ་དང་༔ དར་དཔྱངས་གཟུངས་ཐག་སྒབ་སྐོར་འཕན་ཕྲན་དང་༔ ཀུན་ཁྱབ་བླ་བྲེ་ཤེས་སྐྱོབ་ཡོལ་བ་དང་༔ རྒྱན་དྲུག་ཅོད་པན་མི་ནུབ་རྒྱལ་མཚན་དང་༔ རྡོ་རྗེ་དྲིལ་བུ་རྔ་དང་ཌཱ་མ་རུ༔ པི་ཝཾ་གླིང་བུ་ཕོ་གླིང་མོ་གླིང་དང་༔ དུང་དང་ཆ་ལང་མཁར་རྔ་ཏིང་ཏིང་ཤག༔ སྐུ་གསུང་ཐུགས་རྟེན་མཆོད་པའི་ཚོགས་དཔག་མེད༔ སྐལ་ལྡན་བདག་ཅག་དངོས་གྲུབ་ཡོངས་འགྲུབ་ཅིང་༔ འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་བསྒྲལ་བྱའི་ཕྱིར༔ དཀྱིལ་འཁོར་གཞལ་ཡས་ཁང་འདིར་དགྱེས་པར་བཞུགས༔ ཨོཾ་ཛྙཱ་ན་ས་མ་ཡེ་མཧཱ་ཛྙཱ་ན་ཤུནྱ་ཏིཀྵ༔ མ་ཧཱ་དྲྀ་ཤ་ཀཱི་ལ་ཡ་དྷརྨ་ཀ་ཡ་བཛྲ་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ༔ མུ་ཀུ་ལེ་ན་དྷ་རི་ཀ་ཏ་ཧཱུྃ༔ དྷརྨ་དྷཱ་ཏུ་ས་མ་ཡ་ཏ་ཥྛི་ལྷན༔ [ཅེས་རོལ་མོ་དང་བཅས་དཀྱིལ་འཁོར་དབུས་ཀྱི་འཕྲུལ་སྟེགས་སུ་རྣམ་བུམ། མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ། ཤར་ལྷོར་རྡོ་རྗེ། ལྷོ་ནུབ་ཏུ་གཡུང་དྲུང་། ནུབ་བྱང་དུ་ཉི་ཟླའི་གའུ།]

p. 262

[བྱང་ཤར་དུ་རྒྱལ་མཚན་རྣམས་བཀོད། ལྡིང་ཁྲི་གོང་མའི་དབུས་སུ་སྐུ་འབག །མཐའ་སྐོར་དུ་རྟེན་གཞན་རྣམས་འགོད་ཅིང་། རྒྱབ་ངོས་སུ་གཏོར་ཆེན། དཀྱིལ་འཁོར་གྱི་རྡོ་རྭའི་སྟེང་དུ་སྔར་བཏབ་པའི་ཁྲོ་བཅུའི་ཕུར་བུ་རྣམས་མ་འཆོལ་བར་བཀོད། ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་བཅས་བཙུགས་ལ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། ཟུར་བཞིར་རྒྱལ་མཚན་བཞི། ལོགས་བཞིར་འཕན་བཞི། དར་གྱི་ལྡ་ལྡི། རིན་པོ་ཆེའི་དྲྭ་ཕྱེད། སྟེང་ན་གདུགས་དང་བླ་བྲེ། གཤམ་དུ་སྟག་གཟིག་གི་སྒབ་དཀྲིས་སོགས་ཕྱག་ལེན་མཐོང་བརྒྱུད་བཞིན་བཀོད་པས་མཛེས་བརྗིད་ཆགས་པར་བཀྲམ། དཀྱིལ་འཁོར་གྱི་མདུན་རྒྱབ་གང་བདེར་རྩ་བའི་མཆོད་གཏོར་རྒྱན་སྤྲོས་ཅན་དང་། དེའི་གཡས་ནས་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་སྤྱིའི་གཏོར་སྤུངས། གཏེར་བདག་སྒོས་སྲུང་། ཆད་མདོ། སྨན་ཐོད། གཡོན་ནས་གཡོན་དུ་མོ་རྒྱུད་སྤྱིའི་གཏོར་སྤུངས། གཞི་བདག་སྤྱི་གཏོར། བརྟན་མ། རཀྟའི་སྣོད་རྣམས་དང་། མདུན་ཁོ་ནར་བརྗེ་ཞིང་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོ་ནུབ་ཏུ་ལྕགས་ཧོམ་ནང་ཉུ་ལེའི་ལིང་ག །ལས་ཕུར། ཐུན་རྫས་སོགས་བཀོད། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམས་ཏེ་ནང་མཆོད། རྡོ་དྲིལ། ལས་བུམ། ཌཱ་མ་རུ། མེ་ཏོག་གི་སྣོད། གཡབ་དར་རྣམས་དང་། གཞན་ཡང་རྔ་སིལ་སོགས་རོལ་མོའི་བྱེ་བྲག །ཉིན་རེ་བཞིན་འབུལ་རྒྱུའི་ཚོགས་དང་གཏོར་མའི་ཡོ་བྱད་སོགས་འཕྲིན་ལས་ལ་དགོས་པའི་ཡན་ལག་རྣམས་མ་ཚང་བ་མེད་པར་བཤམ་ལ། མཆོད་རྫས་རྣམས་སྤྱི་ཁྱབ་ཏུ་དམིགས་ཏེ་]

p. 263

བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ཏ་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། [ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །ལྔ་པ་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། རྒྱལ་ཚབ་བམ་ཐེབས་ཀྱི་གཙོ་བོས་འདུས་པའི་གྲལ་གཤམ་ནས་འབྲེལ་ཆགས་པའི་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་པོར་ལེན་ཚུལ་གྱིས།] ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ [ཞེས་དང་། རྒྱལ་ཚབ་ལ།] ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་འཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ [ཡུམ་ལ།] གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང་༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔

p. 264

[རྡོ་རྗེ་ལས་པར།] འཕྲིན་ལས་གཞུང་བསྲང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨར་མངའ་གསོལ་དགྱེས་པར་བཞུགས༔ [གིང་ལ།] བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས་༔ [མཚམས་པར།] ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང་༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ [སྤྱན་པར།] དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ [དུས་མཚམས་པར།] འཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ [ཕྱག་ཚང་པར།] ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཙང་མངའ་གསོལ་དགྱེས་པར་བཞུགས༔ [བྱན་བོར།] གཡོ་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ་དགྱེས་པར་བཞུགས༔ [མཆེད་ལྕམ་གཞན་རྣམས་ལ།] གསལ་དག་ཛཔྲ་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་ལྕམ་མངའ་གསོལ་དགྱེས་པར་བཞུགས༔ [རྡུལ་འཕྱག་པར།] ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུ་ལེ་སྐྲོད༔

p. 265

རྡུལ་ཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ [ཞེས་ལས་ཀྱི་རྡོ་རྗེས་བདུད་རྩིའི་སྐྱེམས་སོ་སོར་དྲངས་ལ་མངའ་གསོལ་ཞིང་རང་གྲལ་དུ་འཁོད་པ་ལས་ནམ་ཡང་མ་འཕྱུག་པར་བྱའོ། །དྲུག་པ་བརྡ་སྦྱར་བ་ནི། བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ལས་བྱང་བཞིན་བྱའོ། །བདུན་པ་བསྲེ་བསྣན་བྱ་བ་ནི། དབང་མ་ཐོབ་ཅིང་སྔོན་ཆད་སྒྲུབ་གྲལ་དུ་མ་ཞུགས་པའི་མཆེད་གསར་བུ་ཡོད་ན་དེ་རྣམས་གཞུང་གྲལ་ལས་ལོགས་སུ་ཕྱེས་ཏེ་སློབ་དཔོན་གྱི་གསུང་ཐོས་པའི་ཉེ་ཕྱོགས་སུ་འཁོད། སློབ་དཔོན་གྱིས་ལས་བྱང་ལྟར་བདུད་རྩི་བྱིན་བརླབས་སྔོན་དུ་འགྲོ་བས་སྨན་མཆོད་མཚན་དོན་ཁཱཧི་བཅས་ཀྱིས་རྒྱས་པར་ཕུལ་ལ།] སློབ་དཔོན་དཔལ་རྟ་མཆོག་འབར་བར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་[བསམ་ཞིང་།] ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཅེས་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པ་རོལ་མོ་སོགས་ཚམ་རྔམས་ཀྱིས་བགེགས་བསྐྲད། གསར་བུ་རྣམས་ཀྱི་རྒྱུད་སྦྱོང་བའི་ཕྱིར་སྐྱབས་སེམས་ཚོགས་བསགས་རྗེས་ཟློས་ལན་གསུམ་རེ་བྱས་མཐར།] སྙིང་གར་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་ཡོད་པར་བསྒོམས་[ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེ་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས།] ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་

p. 266

དང་༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ཁྲག་གཞིབ་སྟེ་འཐུང་༔ སྙིང་ལ་ཡང་དག་གནས་པའོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ [ཅེས་བྱིན་པས། སློབ་མས་ཀྱང་།] ཨི་དནྟེ་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ [ཞེས་མྱོངས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་ཞིང་། ཐམས་ཅད་ཀྱི་ལག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ།] ཧྲཱིཿ རྣམ་དག་ལྟ་སྤྱོད་བླ་མའི་བཀའ༔ རྒྱུད་ལས་མི་འགལ་དམ་ཚིག་མཆོག༔ འདི་ནས་ཀུན་མཁྱེན་མ་ཐོབ་པར༔ སྲོག་ཕྱིར་མི་གཏོང་དངོས་གྲུབ་སྩོལ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱཿ [ཞེས་མེ་ཏོག་འཐོར། མཆེད་གསར་རྙིང་གཉིས་ཀར་བདུད་རྩི་གཡས་བསྐོར་གཡོན་བསྐོར་བསྣོལ་མར་དྲང་། མཆེད་གསར་རྙིང་གྲལ་བསྲེས་ཏེ་རང་གྲལ་དུ་འཁོད་དུ་བཅུག་ལ། སློབ་དཔོན་གྱིས།] དེང་ཕྱིན་ཆད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག །[ཅེས་བསྒོ་ཞིང་།] ཧཱུྃ༔ རྡོ་རྗེ་འདུ་འབྲལ་མེད་པའི་གཟུངས་ཐག་ལ༔ དམ་ཚིག་སྲོག་གིས་བསྡུས་པའི་མཆེད་དང་ལྕམ༔ སྐུ་གསུང་ཐུགས་

p. 267

ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ [ཅེས་སྨོན་ལམ་གདབ་བོ། །བརྒྱད་པ་སྒོས་གདབ་པ་ནི། ཐམས་ཅད་ལྷའི་ང་རྒྱལ་དང་ལྡན་པས།] ཨོཾ་མཧཱ་བཛྲ་ཧཱུྃ༔ [ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།] ཨོཾ་བཛྲ་གཎྜེ་ཨཱཿ [ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།] ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ཝ་ཨཏྨ་ཀོ྅ཧཾ༔ [ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་རོལ་མོ་སྣ་ཚོགས་ཀྱི་སྒྲ་རྒྱ་ཆེར་བསྒྲག་ཅིང་།] ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཚེ་ཡི་ལྷ༔ དཀྱིལ་འཁོར་ལྷ་ཚོགས་ཡབ་ཡུམ་སྲས་འཁོར་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་གྱི༔ སྤྲུལ་པ་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ [ཅེས་དང་སྔགས་མཐར།] ས་མ་ཡ་ཏིཥྛ་ལྷན༔ [ཞེས་བཏགས་པ་བརྗོད་པས་ལྷ་རྣམས་དཀྱིལ་འཁོར་དུ་རང་རང་གི་གནས་སུ་བཞུགས་པར་བསམ་མོ། །དགུ་པ་བྱིན་དབབ་པ་ནི། སྒྲུབ་པ་པོ་རྣམས་ཞྭ་གོས་སོགས་ཀྱིས་གཟི་བྱིན་བསྐྱེད་དེ་དཀྱིལ་འཁོར་ལ་བསྐོར། སྤོས་ཀྱི་དུད་སྤྲིན། དར་སྣའི་གཡབ་མོ། རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ།] རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་

p. 268

ཐུགས་རྒྱུད་བསྐུལ། ཐམས་ཅད་སྤྲིན་གཏིབས་པ་ལྟར་བྱོན་ནས་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ་ཞིང་འཕྲིན་ལས་བསྒྲུབ་པར་[མོས་ལ། ལས་བྱང་གི་བྱིན་འབེབས་དཀྱུས་ལྟར་རམ། ཅུང་ཟད་སྤྲོ་ན།] ཧྲཱིཿ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ བདེ་ཆེན་དབང་གི་ཕོ་བྲང་ནས༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཡང་གསང་ཨཱཿཡུའི་དཀྱིལ་འཁོར་འདིར༔ ཚེ་དང་ཡེ་ཤེས་བྱིན་ཆེན་ཕོབ༔ ཧྲཱིཿ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རྡོ་རྗེའི་ཚེ་འདི་སུ་ཡིས་བསྒྲུབས༔ སྐྱེ་འཆི་མེད་པ་སུ་ཡི་བརྙེས༔ བསྒྲེས་རྒུད་མེད་པ་སུ་ཡིས་ཐོབ༔ མགོན་པོ་ཚེ་དཔག་མེད་པ་དང་༔ ཡུམ་མཆོག་གསང་བའི་གོས་དཀར་མོས༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་འི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ རིག་འཛིན་དགའ་རབ་རྡོ་རྗེ་དང་༔ མཁའ་འགྲོ་བདེ་ཆེན་རྒྱལ་མོ་གཉིས༔ ཆུ་བོ་ཆེན་པོ་དན་ཏིག་ཏུ༔ སྐྱེ་འཆི་མེད་པའི་ཚེ་དབང་༴ བསྒྲེས་རྒུད་མེད་པའི་སྐུ་མཆོག༴ ཁྱེད་ཀྱི་ཐུགས་དམ་དུས་ལ༴ གནས་མཆོག་འདི་རུ་བྱིན་ཕོབ་༴

p. 269

སྒྲུབ་མཆོག་བདག་ལ་དབང་བཞི༴ རིག་འཛིན་ཤྲཱི་སེང་ཧ་དང་༔ མཁའ་འགྲོ་རིག་འཛིན་ཞི་བ་མཚོས༔ སོ་ས་གླིང་གི་དུར་ཁྲོད་དུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ སློབ་དཔོན་པདྨ་འབྱུང་གནས་དང་༔ མཁའ་འགྲོ་ལྷ་ལྕམ་མནྡཱ་རས༔ བྲག་ཕུག་མཱ་ར་ཏི་ཀ་རུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ པཎ་ཆེན་བི་མ་མི་ཏྲ་དང་༔ མཁའ་འགྲོ་དབང་ཕྱུག་རྒྱལ་མོ་ཡིས༔ ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་དང་༔ བྲམ་ཟེའི་བུ་མོ་བདེ་ལྡན་མས༔ སྒྲུབ་གནས་བྲག་དམར་བྱ་ཁྱུང་དུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ གནུབས་བན་ནམ་མཁའི་སྙིང་པོ་དང་༔ མཁའ་འགྲོ་ཤེལ་དཀར་རྡོ་རྗེ་འཚོས༔ ལྷོ་བྲག་མཁར་ཆུའི་སྒྲུབ་གནས་སུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ རིག་འཛིན་པདྨ་འབྱུང་གནས་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ གཡའ་མ་ལུང་གི་སྒྲུབ་གནས་སུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་

p. 270

མཆོག༴ ལོ་ཆེན་བཻ་རོ་ཙ་ན་དང་༔ ལས་ཅན་རྗེ་འབངས་གྲོགས་བཅས་ཀྱིས༔ བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ སྣ་ནམ་རྡོ་རྗེ་བདུད་འཇོམས་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ སེང་གེ་རྫོང་གི་ཀེའུ་ཚང་དུ༔ མ་འོངས་བུ་འབངས་འགྲོ་བའི་དོན༔ སྐྱེ་འཆི་མེད་པར་སྨོན་ལམ་བཏབ༔ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ ཟིལ་གནོན་ནམ་མཁའི་རྡོ་རྗེ་དང་༔ ཆོས་བདག་གསང་འཛིན་ཌཱ་ཀི་མས༔ མོན་ཁ་མཚོ་རྒྱལ་གསང་ཕུག་ནས༔ ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ༔ སྐྱེ་འཆི་མེད་པའི་གདིང་རྙེད་ཅིང་༔ འཆི་མེད་གྲུབ་པའི་མཚན་མ་ཐོབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ སྔོན་དུས་ཚེ་ཡི་ཁུངས་རེ་བཟང་༔ ད་ལྟ་ཚེ་ཡི་དཔལ་རེ་འདུ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་དང་༔ གྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ ནམ་མཁའི་མཐའ་དང་མཉམ་པ་ཡི༔ སྣོད་བཅུད་ཐམས་ཅད་ཚེ་རུ་བསྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་ཚེ་དབང་བསྐུར༔

p. 271

སྐུ་ཡི་སྤྲུལ་པ་གློག་སྟོང་འཁྱུག༔ གསུང་གི་སྤྲུལ་པ་འབྲུག་སྟོང་ལྡིར༔ ཐུགས་ཀྱི་སྤྲུལ་པས་ཚེ་བཅུད་བསྡུས༔ སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ནས༔ རང་བྱུང་ཚེ་ཡི་བཅུད་ཁུག་བསྟིམས༔ བླ་ཚེ་ཉམས་པ་སོར་ཆུད་དེ༔ ཚེ་ཡི་དངོས་གྲུབ་བུམ་པར་བསྡུས༔ དཔལ་དང་བསོད་ནམས་བདག་ལ་བསྐྱེད༔ རྟགས་དང་མཚན་མ་བསྟན་པ་དང་༔ ཚེ་ཡི་དངོས་གྲུབ་བསྩལ་ཏུ་གསོལ༔ [ཞེས་བྱིན་དབབ་པས་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པ་ཉིད་དུ་གྱུར་པར་བསམ་ཞིང་ཛཔྲ་དབྱངས་བྱ། དེ་ནས་བདག་བསྐྱེད་རྒྱུན་སྤྱོད་མཐར་དབྱུང་པས་ཉིན་གཉིས་པའི་བྱ་བ་གྲུབ། དེ་རྣམས་ཀྱི་བསྙེན་པ་དང་ཉེ་བར་བསྙེན་པའི་རིམ་པ་རྫོགས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལྷ་དང་དབྱེར་མེད་དུ་བསྒྲུབ་པའི་རིམ་པ་ལ་གསུམ། འཕྲིན་ལས་ཀྱི་གཞུང་བསྲང་བ། སྒྲུབ་པའི་བར་ཆད་བསལ་བ། རྟགས་ཚད་གཏན་ལ་འབེབས་པའོ། །དང་པོ་ནི། སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་ཁྲུས་བྱས་དྲིས་བྱུགས་ཤིང་རྒྱན་གོས་བཟང་པོས་བརྒྱན། དང་བའི་ཡིད་ཀྱིས་དཀྱིལ་འཁོར་ལ་ཕྱོགས་པར་འཁོད་དེ། ཉིན་གསུམ་པ་ནས་བཟུང་འཕྲིན་ལས་ཀྱི་བྱང་བུ་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པ་ཉིད་རབ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག །འབྲིང་ཉན་གཉིས་མཚན་གཉིས་ཏེ་དུས་བཞི། ཐ་མས་ཀྱང་ཉིན་མཚན་གཉིས་ལ་གཞུང་ཚར་རེ་བསྲང་དགོས་པས་རབ་འབྲིང་གཉིས་པོ་གང་བདེ་ལག་ཏུ་

p. 272

བླང་བར་བྱ་བ་ལས། ཐུན་དང་པོ་ལ་བླ་མ་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ཚོགས་བསགས་སྔོན་གཏོར་ནས་བརྩམས་སྔོན་འགྲོའི་ལས་རིམ་རྣམས་རྒྱས་པར་བཏང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་སྟེ། མདུན་གྱི་སྒྲུབ་དཀྱིལ་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྒོམ་ལ། ཡེ་ཤེས་པ་སྤྱན་འདྲེན་ཞིང་བཞུགས་གསོལ་ཕྱག་མཆོད་བསྟོད་བཤགས་རྣམས་ཚང་བར་བྱ། ཛཔྲ་བསྐུལ་སྔོན་དུ་འགྲོ་བས་གཟུངས་ཐག་བླངས་ལ་རིགས་བདག་གཉིས་པོ་འོས་འཚམས་དང་རྩ་བསྙེན་ལ་བཟླས་པའི་དངོས་གཞི་བྱ་ཞིང་། མཐར་ལས་སྦྱོར་དང་ཧྲཱིཿ བཟླས་ཉུང་ཙམ་རེ་སྦྱར། འདི་ནས་བཟུང་གྲོལ་ཉིན་གྱི་ཐུན་ཐ་མའི་བར་སྔགས་ཀྱི་གསུང་སྒྲ་སྐད་ཅིག་ཀྱང་རྒྱུན་མ་ཆད་པར་བྱ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་སྟོང་ཚིག་གི་མཆོད་བསྟོད་ཕུལ། ཚེ་འགུགས་རྒྱས་གདབ་བཅས་གྲུབ་ནས་འོག་ནས་འབྱུང་བ་ལྟར་ཉུ་ལེ་བསྐྲད་པ་དང་བྱིན་འབེབས་མདོར་བསྡུས་བྱས་པས་ཐུན་དང་པོ་གྲུབ། ཐུན་གཉིས་པ་ལ་ལས་བྱང་གི་མཆོད་བརླབ་ནས་བཟུང་ཉུལ་བསྐྲད་བྱིན་འབེབས་པར་སྔར་དང་འདྲ། ཐུན་གསུམ་པའང་དེ་དང་འདྲ་བ་ལས་ཚེ་འགུགས་རྒྱས་གདབ་བཅས་གྲུབ་པ་དང་། དམ་ཅན་ཆོས་སྐྱོང་སྤྱི་དང་བྱེ་བྲག་གཏེར་སྲུང་སོགས་ཀྱི་གཏོར་ཆོག་བཏང་། ཚོགས་མཆོད་རྒྱས་པར་འབུལ་ཞིང་ལྷག་མ་བཙོན་དུ་འཛིན། གཏོར་སྐྱོང་རྟ་བྲོ་

p. 273

གཏང་རག་ནོངས་བཤགས་མདུན་དཀྱིལ་བརྟན་བཞུགས་བདག་བསྐྱེད་བསྡུ་ལྡང་རྒྱུན་སྤྱོད་བསྔོ་སྨོན་ཤིས་བརྗོད་བཅས་གྲུབ་ནས། ས་སྲོད་ཙམ་ལ་ཉུ་ལེ་བསྐྲད་གཟིར་དང་བྱིན་འབེབས་རྒྱས་པར་བྱ། མཚན་ཐུན་དང་པོར་སྐྱབས་སེམས་ཚོགས་བསགས་མཚམས་གཅོད་ནས་བཟུང་གཞན་ཉིན་ཐུན་དང་འདྲ་བ་ལས། མཐུན་མཇུག་སོ་སོར་བར་ཆད་བསལ་ཞིང་བྱིན་དབབ་པ་དང་། ཐོར་ཐུན་གཤམ་དུ་འགྲུབ་ན་ཚོགས་མཆོད་རེའང་བྱས་ལ་རྒྱུན་སྤྱོད་མཐར་དབྱུང་། དེ་ལྟ་བུའི་འགྲོས་ཀྱིས་དངོས་གཞིའི་སྒྲུབ་ཞག་བདུན་ལ་སོགས་པ་ཇི་ཙམ་བྱ་བའི་གཞུང་བསྲང་བར་བྱའོ། །གཉིས་པ་དངོས་གྲུབ་ལ་བར་དུ་གཅོད་པ་བསལ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། དེ་ལྟར་བསྒྲུབ་པའི་སྐབས་སུ་བར་ཆད་ཀྱི་མཚན་མ་བྱུང་ན། སྤྱིར་རེ་དོགས་ཀྱི་ཞེན་འཁྲིས་བཅད་དེ་ལྟ་བས་ཟིལ་གྱིས་གནོན། བྱེ་བྲག་ཏུ་ཉུ་ལེ་བསྐྲད་པའི་ཆོ་ག་བྱ་སྟེ། སློབ་དཔོན་ནམ་རྒྱལ་ཐེབས་དྲག་པོའི་ཆས་སུ་ཞུགས་པའི་མདུན་དུ་ལིངྒ་བཀོད་ལ།] ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་[པར་བསམ་ཞིང་།] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་[སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།] བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་

p. 274

དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ [ཞེས་ལན་གསུམ་གྱིས་འགུག་གཞུག་བྱ། གིང་པ་ལས་ཀྱི་ཕོ་ཉར་གསལ་བི་ཐུགས་ལས་མཚོན་ཆའི་ཆར་ཕབ་པས་གནོད་བྱེད་རྡུལ་དུ་བརླག་པར་བསམ་ཞིང་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི།] ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དབང་ཆེན་ཡོངས་རྫོགས་དྲག་པོའི་འཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་དབང་གི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དབང་དྲག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་ཧྲཱིཿཔདྨནྟ་ཀྲྀ་ཏ་མཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ [ཅེས་དྲག་སྔགས་ཕུར་བསྐོར་དང་བཅས་པས་གདབ་ཅིང་ཊྭཀྐིས་ཐུན་གྱིས་བྲབ༔ ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི།]

p. 275

ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུགས་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱིས་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་

p. 276

བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབས་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབས་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་རྣམས་ཀྱི༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེག༔ དམ་ཉམས་ཉུ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ གྲུ་བུ་གྲུ་ཨ་པ་ཙེ༔ རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟྭཾ་བྷ་ཡ༔ ཡཀྵ་བྱིན༔ ཡཀྵ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ [ཞེས་ཀུན་ཐུབ་མའི་ཕྱག་མཚན་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་གཟིར། ཊཱཀྐི་དཀར་པོས་གྲི་ཤར་བྱེད་ཅིང་།] ཨོཾ་བཛྲ་ཀཱི་ལི་ཀཱི་ལཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ པུ་ན་རཀྴ་བུད་ལིང་༔ ཏྲིའུ་ཏྲིའུ་མ་ཡ་ན་མོ་ཤོ་ཛ་མཱ་ར་ཡ་རྦད་རྦད༔ [ཊཱཀྐི་ནག་པོས་གྲི་ལག་ལ་མི་ལྤགས་ཀྱི་ལྕགས་འབྲས་བཏགས་པས་བྲབ་ཅིང་།] ཨོཾ་སུམྦྷ་ནི་[སོགས་]ཧཱུྃ་[བཞི་པའི་སྔགས་བརྗོད་ལ་ཐུན་གྱིས་བྲབ་པ་སོགས་ཚམ་རྔམས་དྲག་པོས་བསྐྲད༔ དེ་མ་ཐག་དངོས་གྲུབ་སྟེར་བའི་ལྷ་འབྱུང་བས་བྱིན་དབབ་དགོས་པར་གསུངས་པས་ཆས་སོགས་ཀྱིས་གཟི་བྱིན་བསྐྱེད་ལ་བྱིན་འབེབས་བྱ་ཞིང་ཛཔྲ་དབྱངས་གྱེར་རོ། །སྔ་ཐུན་སོགས་སུ་ཉུ་ལེ་བསྐྲད་གཟིར་སྤྲོས་པས་བསྡུ་ན། གུ་གུལ་བདུག་ཅིང་ཐུན་རྫས་བྲབ་ལ།

p. 277

རྟ་སྔགས་དང་།] ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་བཛྲ་དྷ་རོད་ཨཱ་ཛྙཱ་བ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལི་ལ་ཡ་ཧཱུྃ་ཧཱུྃ༔ [ཅེས་སྡེར་མོའི་སྔགས་དྲག་ཏུ་བརྗོད་པས་ཚར་བཅད་པ་ཙམ་གྱིས་ཀྱང་དོན་འགྲུབ་བོ། །གསུམ་པ་རྟགས་ཚད་གཏན་ལ་དབབ་པ་ནི། རྩ་བར། དུས་ནི་ཟླ་དྲུག་ལོ་གསུམ་སོགས༔ རྣལ་འབྱོར་ནུས་པའི་དྲོད་དང་སྦྱར༔ ཞེས་གསུངས་པ་ལྟར་སྨིན་སློབ་ཀྱི་དབང་དུ་ཟླ་བ་དྲུག །མོས་སློབ་ཀྱི་དབང་དུ་མཛད་ནས་ཟླ་བ་གཅིག་གམ། ཞག་བདུན་ནམ། ཉིན་ཞག་གསུམ་གྱིས་མཐའ་བརྟེན་པར་བསྒྲུབས་པས་ཀྱང་དུས་དང་དབང་པོ་དང་མཐུན་པར་དངོས་གྲུབ་ཅི་རིགས་པ་ཐོབ་པར་གསུངས་ལ། གྲངས་ནི་འབུམ་ཕྲག་བརྒྱ་ནས་བཅུ་གཉིས་ཀྱི་བར་དང་། མཚན་མ་ནི་རྩ་བར། རྟགས་ཀྱི་རིམ་པ་མཐའ་ཡས་ཀྱང་༔ དད་བརྩོན་སྙིང་སྟོབས་དང་ལྡན་པའི༔ ལས་འཕྲོ་ཅན་གྱི་གང་ཟག་གིས༔ ཏིང་འཛིན་ཟབ་མོས་རྩེ་གཅིག་ཏུ༔ གཞུང་བཞིན་ཡང་དག་བསྒྲུབ་གྱུར་ན༔ བྲིས་སྐུ་བཞད་དང་གཏོར་རྫས་ཞུ༔ བདུད་རྩི་ཁོལ་ཞིང་ཚེ་མདའ་འཕེལ༔ རྟེན་དང་རྫས་ལ་འོད་དམར་འཕྲོ༔ དྲི་བཟང་ཁྱབ་དང་འཇའ་ཚོན་ཟུག༔ དཀྱིལ་འཁོར་བཀྲ་མདངས་གཟི་བརྗིད་འབར༔ སྒྲུབ་ཁང་བག་དྲོ་བྱིན་འཐིབ་ཅིང་༔ མར་མེ་ཚེ་རིང་མདངས་འཚེར་སོགས༔ མངོན་སུམ་ཉིད་དུ་མཐོང་བར་འགྱུར༔ རྨི་ལམ་ཉི་ཟླ་ཤར་བ་དང་༔ མཆོད་རྟེན་དང་ནི་རི་མཐོར་འཛེག༔ ཆུ་ཆེན་བརྒལ་དང་གོས་བཟང་གྱོན༔ རྩི་ཤིང་ནགས་ཚལ་ཆུ་ཀླུང་རྒྱས༔ མེ་ཏོག་དམར་པོའི་ཚལ་དུ་ཕྱིན༔ རྡོ་རྗེ་ནོར་བུ་གཡུ་བཟང་རྙེད༔ རྟ་གླང་

p. 278

སེང་གེ་ཞོན་པ་དང་༔ ས་ཆུ་མེ་རླུང་ཐོགས་པ་དང་༔ མཁའ་ལ་ཐོགས་མེད་འགྲོ་བ་དང་༔ གཞན་གྱིས་ཟས་ནོར་སྟེར་བ་སོགས༔ རྡོ་རྗེའི་ཚེ་མཆོག་གྲུབ་པའི་རྟགས༔ དཔག་ཏུ་མེད་པ་མཐོང་བར་འགྱུར༔ ཞེས་གསུངས་པ་ལྟར་ལྟས་བཟང་གཏན་ལ་ཕེབས་པའམ་གྲངས་དང་དུས་ཀྱི་དམ་བཅའ་ཐེམས་ནས་དུས་ཀྱི་དངོས་གྲུབ་བསྐུལ་ཞིང་། གློ་བུར་དུ་དངོས་གྲུབ་ཀྱི་ལྟས་བཟང་ངེས་པ་ཅན་བྱུང་ན་དེ་མ་ཐག་རྒྱུན་གྱི་དངོས་གྲུབ་བསྐུལ་བ་གནད་དུ་ཆེའོ། །གསུམ་པ་གྲུབ་ནས་དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོའི་ལས་རིམ་ནི། འདི་ཉིད་དངོས་སྦྱོར་སྒྲོལ་ལ་བརྟེན་པ་ཡིན་ཀྱང་ད་ལྟ་མོས་སློབ་ཀྱི་སྐབས་སུ་རྫས་ལ་བརྟེན་ཏེ་བླང་བར་བྱ་བ་ལ་གསུམ། དངོས་གྲུབ་ཀྱི་རྫས་བཤམ་པ། སྐབས་ཀྱི་སྔོན་འགྲོའི་རིམ་པ། དངོས་གྲུབ་ལེན་ཆོག་དངོས་སོ། །དང་པོ་རྫས་བཤམ་པ་ནི། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོངས་ཐུན་ནས་དངོས་གྲུབ་བྱུང་བའི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་དཀར་པོས་གཡོགས་པར་འབྲུ་དཀར་གྱིས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མངར་གསུམ་ཞོ་མར་འོ་མ་ཛ་གད་ཀྱིས་སྦྲུས་པའི་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་རྒྱན་ལྡན་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཅས་འགོད། དེ་སྟེང་མཉྫིའི་ཁར་ཐོད་པ་མཚན་ལྡན་མངར་གསུམ་ཨ་མྲྀ་ཏ་དང་སྦྱར་བའི་ཆང་བཟང་པོས་བཀང་བ་བཞག་ལ་དར་དམར་མཐིང་གིས་ཁ་བཀབ། མཐའ་སྐོར་དུ་འབྲང་རྒྱས། ལ་དུ། ཟླ་རྒྱས། ཟླ་ཕྲུམ། གལ་ཕྱེ། རྒུན་འབྲུམ། བཅའ་ལྒ་སོགས་སྤོད་དང་ཤིང་

p. 279

ཏོག་གི་རིགས། མཱཾ་ས། མ་ད་ན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མ་ཚང་བ་མེད་པ་ལེགས་པར་བཤམ་མོ། །གཉིས་པ་སྐབས་ཀྱི་སྔོན་འགྲོའི་རིམ་པ་ནི། ཕྱི་ནང་འཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པ་གྲུབ་པ་ན་གཟུངས་ཐག་བསྡུས་ལ་བསྙེན་རྒྱུན་སྔ་མ་གྲོལ་ནས་སྙིང་པོ་ལ།] ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ [ཞེས་དངོས་གྲུབ་བླང་བའི་སྔགས་བཏགས་པ་བཟླ། དེ་ནས་དངོས་གྲུབ་ལ་མི་དབང་བའི་ལྟ་ཉན་གྱི་བགེགས་ཚོགས་ཚར་གཅོད་པའི་ཕྱིར་ལས་བྱང་ལྟར་བཀའ་བསྒོས་ལ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད་དེ་སྲུང་འཁོར་བསྐོམ།] ཨོཾ༔ འཆི་མེད་མགོན་པོ་རིག་འཛིན་ཚེ་དཔག་མེད༔ [ཞེས་སོགས་དང་ཡི་གེ་བརྒྱ་པ་བཟླས་པས་འཁོན་ལྕུགས་སྦྱངས། སྤོས་དང་རོལ་མོར་བཅས་པས་བྱིན་དབབ་པོ། །གསུམ་པ་དངོས་གྲུབ་བསྡུ་ཞིང་བླང་བ་དངོས་ནི། བདག་མདུན་བཞིན་དང་མེ་ལོང་ལྟ་བུར་བསྒོམ་ལ་གདུང་ཤུགས་ཀྱིས་བསྐུལ་ཏེ།] ཧཱུྃ༔ ལྷ་དང་རིག་འཛིན་མཁའ་འགྲོ་དགོངས༔ འདིར་འདུས་རིག་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ཤིང་༔ བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲངས༔ བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡིས༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་ཝཱ་ཀ་

p. 280

ཙིཏྟ་སིདྡྷི་ཧཱུྃ་ཨཱཿ དེ་ལྟར་རྩེ་གཅིག་ཐུགས་དམ་རྒྱུད་བསྐུལ་བས། །རྩ་བའི་དཀྱིལ་འཁོར་ལྷ་རྣམས་མཉམ་སྦྱོར་བའི། །སྦྱོར་མཚམས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་རྒྱུད་སྦྱངས་མཁའ་ཁྱབ་ཀྱི། །བདེ་བར་གཤེགས་པ་རྣམས་ལ་དགྱེས་པ་བསྐྱེད། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །དངོས་གྲུབ་མ་ལུས་འོད་ཟེར་ཚུལ་དུ་བསྡུས། །བདག་ལ་ཐིམ་པས་ནུས་པ་བརྟན་པར་བྱས། །རྫས་ལ་ཐིམ་པས་འཆི་མེད་བདུད་རྩིའི་བཅུད། །དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། །[ཞེས་གསལ་བཏབ་ལ། དངོས་གྲུབ་རྫས་ཀྱི་ཁར་གཟུངས་ཐག་རྡོ་རྗེ་བཞག་པའི་སྣེ་མོ་ནས་བཟུང་ལ་རྩ་སྔགས་ཤམ་དུ།] ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ [ཞེས་བཏགས་པ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླ། བཟླས་པ་གྲུབ་ནས་གཟུངས་ཐག་བསྡུས་ལ།] དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་དངོས་གྲུབ་ཐམས་ཅད་འབྲུ་གསུམ་གྱི་ཚུལ་དུ་བར་མ་ཆད་པར་བྱུང་བ་རང་གི་གནས་གསུམ་དུ་ཐིམ་པར་[མོས་ཏེ། རྡོ་རྗེ་རྒྱལ་ཚབ་པས་རྣམ་བུམ། ཡུམ་གྱིས་ཚེ་འབྲང་། ལས་རྡོར་སོགས་ཀྱིས་སྒྲུབ་རྟེན་དངོས་གྲུབ་ཀྱི་རྫས་རྣམས་སྦྲེང་ཚར་དུ་ཐོགས་ལ།] ཨོཾ་ཨཱཿཧཱུྃ་ཧྲཱིཿ བདེ་མཆོག་ཀློང་ཡངས་ཁྱབ་བརྡལ་ནམ་མཁའི་དཀྱིལ༔ [ཞེས་སོགས་ཀྱིས་བསྐུལ་ལ། སྒྲུབ་རྟེན་རྣམས་གནས་གསུམ་དུ་

p. 281

གཏུགས་ཤིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ། མཐར་ཚེ་བརྟན་པར་བྱ་བའི་སླད་དུ།] ཧཱུྃ་ཧཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོཿ ཏིཥྛ་ལྷན༔ [ཞེས་བདུན་ནམ་ཉེར་གཅིག་ཙམ་བཟླས་ལ།] ཧྲཱིཿ སྙིང་པོ་བརྟན་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་གཡང་མཆོག༔ སྤྲོས་པས་སྟོང་ཁམས་བཀྲག་མདངས་ལྡན༔ བསྡུས་པས་རྣལ་འབྱོར་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་སྐལ་ལྡན་རྣལ་འབྱོར་ལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ འཆི་མེད་རྡོ་རྗེའི་དོན་རྟོགས་ཤོག༔ [ཅེས་དངོས་གྲུབ་བླངས་པས།] བདག་ཉིད་ལྷ་དང་དངོས་གྲུབ་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་འཆི་མེད་རྟག་པ་དམ་པའི་རང་བཞིན་དུ་གྱུར་[པར་ལྟས་ལ། མེ་ཏོག་འཐོར་ཞིང་།] ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱཿ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་ཀུན་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧོཿ [ཞེས་ཚེ་བརྟན་པའི་བཀྲ་ཤིས་

p. 282

བརྗོད་དོ། །འདིར་སྤྲོ་ཞིང་ནུས་ན་རྒྱས་པའི་སྦྱིན་སྲེག་གི་སྒོ་ནས་ཚེ་སྤེལ་བའི་ལས་སྦྱོར་བརྩམ་ན་མཆོག་ཏུ་འགྱུར་ཏེ། འདིའི་ཚུལ་ནི་ལོགས་སུ་སྨོས་པ་ལས་ཤེས་སོ། །གཞན་ཡང་སྒྲུབ་ཁང་དུ་འཇུག་པར་འོས་པའི་མཆེད་ནང་མ་ཙམ་ལ་རྩ་བའི་དབང་བསྐུར་བ་སྐབས་སུ་བབས་ནའང་དབང་མཆོག་གི་གཞུང་བཞིན་འདིར་བསྐུར་བར་བྱའོ། །དེ་རྣམས་ཀྱིས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་རིམ་པ་རྫོགས་པ་ཡིན་ནོ། །གསུམ་པ་མཇུག་མཐའ་རྒྱས་ཀྱི་རིམ་པ་ལ་བརྒྱད་ལས། དང་པོ་ཚོགས་དང་གཏོར་མ་གཏོང་བ་ནི། ལས་བྱང་གི་ཚོགས་བྱིན་བརླབ་ནས་བརྩམ་ཚོགས་མཆོད་རྒྱས་པར་བྱ། ཞལ་བསྟབ་སྐབས་ཉུ་ལེའི་ལིངྒ་མེ་ཧོམ་དུ་བསྲེག་ཏེ་ཐལ་བ་ཆོས་སྐྱོང་གི་གཏོར་མར་བསྟབ། ཚོགས་ལ་རོལ་མཐར་ལྷག་མ་བསྡུས་ལ་སྔར་གྱི་ལྷག་གཏོར་གཏར་བཟུང་བ་དང་ལྷན་ཅིག་ལྷག་ཆོག་བྱ་ཞིང་སྒྲུབ་ཁང་གི་ལྷོ་ནུབ་གོམ་པ་བདུན་ཅུའི་མཚམས་སུ་བསྐྱལ། ཆོས་སྐྱོང་གཏོར་འབུལ་བྱས་ལ་བཀའ་སྲུང་གི་གཏོར་མ་དང་ཆད་བརྟན་རྣམས་མེ་སྒྲོན་དང་བཅས་ཡང་ཐོག་ཏུ་འབུལ་ཞིང་རྟ་བྲོ་བརྡུང་ངོ་། །གཉིས་པ་གཏེར་སྦེད་པ་ནི། བཀྲ་ཤིས་པའི་རྟེན་འབྲེལ་དུ་རིན་པོ་ཆེའམ་རྫའི་བུམ་པར་ལྔ་ཚན་ལྔ་དང་འབྲུ་སྣ་སྨན་སྣ་རིན་ཆེན་ཆོས་སྨན་གྱིས་གཏམས་པའི་ཁར་ཚེ་རིལ་རྟེན་གཏོར་སོགས་སྒྲུབ་རྫས་དང་དངོས་གྲུབ་ཀྱི་ཕུད་བཅུད་སྟེ་ཁ་དམ་པར་བཅད་ནས་རིགས་ལྔའི་ཕྱག་མཚན་བྲིས་པ་ཉིད་སློབ་དཔོན་ནམ་རྒྱལ་ཚབ་པའི་ཕྱག་ཏུ་ཐོགས་ལ།] ཧཱུྃ། འབྱུང་ལྔ་ཡེ་ནས་མངོན་སངས་རྒྱས༔ ས་ཡི་ལྷ་མོའི་མཁའ་ཕྱེས་ཤིག༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་དུ༔

p. 283

སྐུ་གསུང་ཐུགས་ཡོན་འཕྲིན་ལས་བཞི༔ སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ༔ སྙིང་པོ་རིན་ཆེན་དར་སྣ་འབྲུ༔ སྨན་སྣ་དམ་རྫས་གཏོར་ཆེན་སོགས༔ མི་ཟད་གཏེར་མཆོག་འདི་སྦས་པས༔ འདིར་ཚོགས་རྣལ་འབྱོར་བདག་ཅག་རྣམས༔ སྙིང་པོ་བྱང་ཆུབ་མ་ཐོབ་པར༔ སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ༔ གཏེར་མཆོག་ཁྱོད་ཀྱི་བྱིན་རླབས་ཀྱིས༔ བདེ་ཐོབ་ལོངས་སྤྱོད་ཀུན་ལྡན་ཤོག༔ ནད་ཡམས་མུ་གེ་མཚོན་འཁྲུགས་སོགས༔ འཇིགས་པ་བརྒྱད་ལས་སྐྱོབ་པར་ཤོག༔ སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་པས༔ ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨཱ་ཡུ་སིདྡྷི་བྷྲཱུྃ་བྷྲཱུྃ༔ [ཞེས་སྒྲུབ་ཁང་གི་ཕུག་སོགས་ཕྱོགས་གང་བདེར་སྦ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་རོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ་ཞིང་ནོངས་པ་བཟོད་པར་གསོལ་ལ། རྡུལ་ཚོན་གྱི་ཡེ་ཤེས་པ་སྒྲུབ་པའི་རྟེན་ལ་བརྟན་བཞུགས་བྱ། སྤྲུལ་པའི་དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་མོས་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷར་ལྡངས་ལ་གོ་བགོའོ། །བཞི་པ་མཚམས་བཀྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པར་སྔར་བཞིན་སོང་སྟེ་མངོན་པར་བཤམས་པའི་མཆོད་གཏོར་རྣམས་བྱིན་གྱིས་བརླབས། སོ་སོའི་རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་

p. 284

གཏོར་མ་དང་།] ཨརྒྷཾ་[སོགས་ཀྱིས་ཉེར་སྤྱོད་ཕུལ་ལ།] ཧཱུྃ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པའི་བར་ཆད་བསྲུང་མཛད་པའི༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ རང་གནས་གཤེགས་ཏེ་བྱང་ཆུབ་བར༔ དངོས་གྲུབ་མཆོག་སྩོལ་བར་ཆད་སོལ༔ བཛྲ་མུཿ [ཞེས་གཤེགས་གསོལ་བྱས་ལ་ཐོ་བྱང་བསྡུ། ཕྱོགས་གཞན་གསུམ་ལའང་དེས་འགྲེས་ཏེ་སོ་སོའི་སྔགས་བརྗེ་བ་དང་། འཕྲིན་བཅོལ་རྐང་པ་དང་པོའི་མལ་དུ།] རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ [ཞེས་བསྒྱུར། སྒོ་བྱང་ཕྱི་ནང་ཐུན་མོང་དུ་མཆོད་པ་བྱིན་བརླབ། རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་རེས་གཏོར་མ་དང་། ཉེར་སྤྱོད་ལྔར་བཞིན་ཕུལ་ལ།] ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ བགེགས་ཚོགས་གཉེན་པོ་གཤིན་རྗེ་གཤེད༔ ངོ་མཚར་རྨད་བྱུང་སྒྲུབ་གནས་འདིར༔ ཕྱི་ནང་སྒོ་སྲུང་མཛད་པ་ཡི༔ ཕྲིན་ལས་མཐར་ཕྱིན་ངོ་མཚར་ཆེ༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ ཆོས་ཀྱི་དབྱིངས་སུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུཿ[ཞེས་བསྡུ། ད་ནས་ནང་དུ་ཞུགས་ལ་རྒྱལ་ཚབ་པས་ལག་གཉིས་སྐམ་པའི་རྒྱ་དང་བཅས་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ།] ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། [ཕུར་རྩེ་

p. 285

རྣམས་འོ་མས་བཀྲུ་ཞིང་།] ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ༔ [ཞེས་ལྷ་རྣམས་གཤེགས་ལ་ཁུང་བུ་ཡང་དགང་ངོ་། །ལྔ་པ་རྡུལ་ཚོན་བསྡུ་ཞིང་གཤེགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་གསིལ་ཞིང་ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་གཡས་པའི་རྡོ་རྗེས་རྡུལ་ཚོན་ཤར་གྱི་ཚང་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱེ་ཞིང་། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ་དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་ཏེ་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གི་ཆུས་དབྱི། དུས་དེ་ཉིད་དུའམ་གཞན་གྱི་ཚེ་ནའང་རུང་སྟེ་རྡུལ་ཚོན་ཉིད་སློབ་དཔོན་སློབ་མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ་རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་རྒྱུན་མི་འཆད་པའི་ཆུ་ཀླུང་ཆེན་པོའི་འགྲམ་དུ་ཁྱེར་ནས། དེར་དྲིའི་མཎྜལ་དཀར་པོ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་མཚམས་བརྒྱད་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཉེར་སྤྱོད་དཀར་སྐྱེམས་ལྷ་བཤོས་དང་བཅས་པ་དང་། དེའི་མདུན་རྒྱབ་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞུགས་སུ་གསོལ། མཆོད་པ་རྣམས་བྱིན་གྱིས་བརླབས་ནས། རྟེན་བསང་སྦྱང་།] སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་

p. 286

སྣང་གི་ཡུམ་དང་བཅས་པའོ། །སྙིང་གནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི།] སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པའི་སྨད་སྤྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་[བལྟས་ལ།] ཨོཾ་བཛྲ་སཏྭ་ཨཥྚ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་ཨརྒྷ་[སོགས་ཀྱིས་མཆོད།] ཨོཾ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝཿཕྲུཾ་སྭཱཧཱ། [ཞེས་ལན་གསུམ་གྱི་འོ་ཐུག་གི་གཏོར་མ་ཕུལ།] གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །[ཅེས་བསྟོད།] ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པའི་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། [ཞེས་རྡུལ་ཚོན་གཏད་དེ་ཆུར་སྦྱང་བ་

p. 287

དེ་རྣམས་ཀྱིས་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་སྤྱན་དྲངས་པར་བསམ་ཞིང་།] ཨོཾ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། [ཞེས་པས་ཀླུ་རྣམས་རང་གནས་སུ་གཤེགས།] ཛཿཧཱུྃ་བྃ་ཧོཿས་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་[མོས། མཆོད་གཏོར་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་བཀྲུ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས་སྔར་བཞིན་ཁྱེར་ཏེ།] ཨོཾ་རུ་རུ་སྥུ་རུ་[སོགས་སྤྱན་མའི་སྔགས་བཟླ་བཞིན་དུ་ཞི་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་སོགས་ལ་འཐོར་བར་བྱའོ། །དྲུག་པ་སྨོན་ལམ་གདབ་པ་ནི། མཆེད་ལྕམ་རྣམས་ཀྱི་ལག་བསྣོལ་བའི་སྲིན་ལག་སྦྲེལ་བའམ་དར་དཀར་རམ་ཕྲེང་བ་ལུ་གུ་རྒྱུད་དུ་སྦྲེལ། མར་མེ་དང་སྤོས་ཀྱི་རེང་བུ་རེ་ཐོགས། རྒྱལ་ཚབ་པས་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་བོར་ལེན་ཚུལ་གྱིས།] ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་མཛད་ནས༔ དམ་ཚིག་ལྡན་པའི་མཆེད་དང་ལྕམ་དྲལ་རྣམས༔ དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ འཁོར་བའི་གཡང་ས་ཆེན་པོར་མི་ལྷུང་ཞིང་༔ མ་རིག་མུན་པའི་ནང་དུ་མི་འཁྱམས་ཤོག༔ གཅོང་རོང་དོག་མོའི་གནས་སུ་མི་སྐྱེ་དང་༔ དམྱལ་བའི་ཟངས་ཁང་གནས་སུ་མི་ལྷུང་ཞིང་༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་ཤིང་༔ མཚོན་ཆ་གདུག་པའི་དབལ་གྱིས་མི་ཕོག་ཤོག༔ རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ་བ་དང་༔ མཚན་ལྡན་གཟུངས་མ་རྡོ་རྗེ་མཆེད་

p. 288

ལྕམ་རྣམས༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་འཆི་བའི་དུས་བྱུང་ཚེ༔ མ་རིག་དབང་གིས་འཁོར་བར་ལྷུང་སྲིད་ན༔ སྣང་གསལ་མར་མེས་མ་རིག་སྡུག་བསྔལ་སོལ༔ ཉོན་མོངས་དབང་གིས་རིགས་དྲུག་གནས་འཁྱམས་ན༔ སྣང་གསལ་མར་མེས་འགྲོ་དྲུག་སྡུག་བསྔལ་སོལ༔ རྒྱུ་མཆོག་འདི་ཡིས་ས་བཅུ་ཡོངས་བགྲོད་དེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ སྣང་གསལ་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་མཐུ་བྱིན་གྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་ནོན་ཤོག༔ ཀུན་ཏུ་འོད་དང་མ་ཆགས་པདྨའི་སྤྱན༔ འཁོར་ལོ་ཚོགས་ཆེན་སྟུག་པོ་བཀོད་པའི་ས༔ དེ་བ་ཀོ་ཤ་ཀུན་བཟང་དབྱེར་མེད་པས༔ རྡོ་རྗེ་སེམས་མིང་ལྕང་ལོ་ཅན་གྱི་གནས༔ བླ་མའི་ས་དང་སྲིད་གསུམ་གཞི་རྫོགས་པས༔ རྩོལ་བྲལ་ལྷུན་པོའི་ས་ལ་ཐིག་ལེ་ཡི༔ ས་ལམ་འགྲོས་རྣམས་མ་ལུས་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག༔ [ཅེས་འདུས་པ་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་འདུན་པ་རྩེ་གཅིག་པས་གདབ། གཞན་ཡང་ལས་བྱང་གི་

p. 289

དཀྱུས་སུ་བསྟན་པ་ལྟར་སྨོན་ལམ་ནན་ཏན་དུ་བྱའོ། །བདུན་པ་བཀྲ་ཤིས་བརྗོད་པ་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ། ཞལ་ནས་གསུངས་པའི་ཐོག་དྲངས་ལས་བྱང་ནས་འབྱུང་བས་མཚོན་ཤིས་པ་རྒྱ་ཆེར་བརྗོད་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ལ་ཡུན་རིང་བར་བསྒྲག་གོ །བརྒྱད་པ་དགའ་སྟོན་དང་གནས་སྲུང་བ་ནི། སླར་ཡང་ཞག་ལྔའམ་གསུམ་ལ་སོགས་པར་ཐག་རིང་དུ་མི་འགྲོ་བར་བཟའ་བཅའ་མྱང་བ་ལྡག་གཞིབ་ཆང་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་དང་ལྡན་པས་སྐྱེ་བོ་དམ་པའི་འདུས་པ་དང་དགའ་སྟོན་རྒྱ་ཆེན་པོ་བྱ་ཞིང་། གནས་སྲུང་བ་དང་དགའ་སྟོན་གྱི་རིམ་པ་ཇི་ཙམ་བྱས་པ་དེ་ཙམ་དུ་བསྟན་འགྲོ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེའི་སྣང་བཟད་མི་ཤེས་པས་ཁྱབ་ཅིང་རྟག་པར་འགྱུར་རོ། །ཞར་བྱུང་འཕྲོས་དོན་དུ་མོས་སློབ་ཀྱི་སྒྲུབ་ཆེན་འདྲ་འབག་ཙམ་ཡང་མི་ལྕོགས་པས་སྒྲུབ་མཆོད་སྤྱི་འགྲོ་ལྟར་བྱེད་པར་འདོད་ན། སྦྱོར་བའི་ཉིན་ས་ཆོག་གིས་སྦྱོང་བ་ཡན་ཆད་སྔར་བཞིན་ལས། ས་བསྲུང་གི་ཚེ་གསང་མཚམས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ཕུར་གདབ་རྣམས་བྱ། ཆག་ཆག་གདབ་ཅིང་ཐིག་ཚོན་གྱི་དཀྱིལ་འཁོར་བྲི་བའམ་རས་བྲིས་བཀྲམ། སྒྲུབ་རྫས་མཆོད་གཏོར་དཀྱིལ་འཁོར་གྱི་རྒྱན་སོགས་སྡེབས་འགོད་བྱས་ཏེ་སྔགས་རྒྱས་སྤེལ། བརྡ་སྦྱར་ཞིང་བྱིན་དབབ་པ་བཅས་ཀྱིས་སྦྱོར་བའི་ཆོས་རྣམས་གྲུབ། དེ་ནས་སྒྲུབ་མཆོག་དངོས་གཞི་ཞག་གྲངས་ཇི་ཙམ་བྱེད་ཀྱི་བར་ཉིན་རེ་བཞིན་ལས་བྱང་གི་གཞུང་སྲོང་ལུགས་འདྲ་བ་

p. 290

ལས་ཐུན་བཞིའི་ངེས་པ་མ་འགྲུབ་ཀྱང་རུང་། འགྲུབ་ན་བདག་འཇུག་རེ་ལེན། ནུབ་ཐ་མར་དངོས་གྲུབ་ལེན་པ་དང་། ལྕོགས་ན་རྒྱས་པའི་སྦྲིན་སྲེག་བྱ། དཀྱིལ་འཁོར་བསྡུ་བ་དང་། ཕུར་བུ་ཕྱུང་ལ་རྡུལ་ཚོན་དབྱེ་ཞིང་ཆུ་བོར་གཤེགས། མར་མེ་སྨོན་ལམ་དང་ཤིས་པ་བརྗོད་པས་མཐའ་རྒྱས་པར་བྱས་པ་ཙམ་གྱིས་འགྲུབ་སྟེ་འདོར་ལེན་གྱི་དམིགས་ཕྱེད་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་མངོན་པར་གྲུབ་པའི་འབྲས་བུ་ནི། དེ་ལྟར་བརྩོན་པས་ཚུལ་བཞིན་ཉམས་སུ་བླངས་པའི་ཕན་ཡོན་དང་འབྲས་བུ་ཇི་ལྟར་ཐོབ་པའི་ཚུལ་ཡང་རྩ་གཞུང་ལས། འདི་བསྒྲུབས་ཡོན་ཏན་བརྗོད་ལས་འདས༔ རླུང་སེམས་རང་སྣང་དབང་དུ་འདུ༔ འབར་བ་གསུམ་གྱི་དངོས་གྲུབ་ཐོབ༔ གཞན་གྱི་སྣང་བ་ཟིལ་གྱིས་གནོན༔ འདུ་བ་གསུམ་གྱི་འཕྲིན་ལས་རྒྱས༔ དུས་མིན་འཆི་བ་ངེས་པར་བཟློག༔ ཚེ་ཟད་པ་ཡང་རིང་དུ་སྲིང་༔ ཁྱད་པར་མཆོག་ཏུ་མི་འགྱུར་བ༔ གཏིང་གསལ་ཀ་དག་རྡོ་རྗེའི་དབྱིངས༔ གཡོ་མེད་དགོངས་པའི་གདིང་ཆེན་པོར༔ འཕོ་འགྱུར་མེད་པའི་བརྟན་པ་ཐོབ༔ ཟག་བཅས་ཕུང་པོའི་སྙིགས་མ་སྦྱང་༔ ཤིན་ཏུ་དྭངས་མའི་བཅུད་དུ་སྨིན༔ འཕོ་བ་ཆེན་པོ་འོད་ཀྱི་ལུས༔ འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད༔ དེ་ཕྱིར་ཕྱི་རབས་སྐལ་ལྡན་རྣམས༔ འདི་ཉིད་ཁོ་ན་ཉམས་སུ་ལོངས་༔ རིག་འཛིན་ཚེ་ཡི་སྒྲུབ་པ་འདི༔ ཟབ་མོ་ཀུན་གྱི་བཅུད་ཐིག་ཡིན༔ གཞན་དང་འདྲ་མིན་ཁྱད་པར་ཆེ༔ ཐེ་ཚོམ་གེགས་དབང་མ་ཤོར་བར༔ རང་ཉམས་ལོངས་དང་ངེས་ཤེས་སྐྱེ༔ སྙིགས་མའི་འགྲོ་བ་བསོད་ནམས་དམན༔ ཟབ་མོའི་དངོས་གྲུབ་བར་ཆད་ཆེ༔ གཉིས་འཛིན་འགོང་པོ་ལོག་ལྟ་སྐྱེན༔ སྐལ་ལྡན་རེ་འགའ་མ་གཏོགས་པ༔ སྐལ་བར་ཆུག་པ་ཤིན་ཏུ་དཀའ༔ ཤིན་ཏུ་ཟབ་མོའི་ལམ་འདི་ལ༔ ཞུགས་ཏེ་དངོས་གྲུབ་མ་ཐོབ་ན་

p. 291

པདྨ་བདག་གིས་ཕྱི་རབས་བསླུས༔ ཚེ་སྒྲུབ་བྱེ་བ་ཕྲག་བརྒྱ་ཡིས༔ སྙིང་པོ་སྲོག་གི་ཐིག་ལེར་བསྡུས༔ རིན་ཆེན་གཏེར་གཅིག་ཁོ་ནའོ༔ ཞེས་བདེན་གསུང་རྡོ་རྗེའི་གསུང་གི་རྗེས་སུ་གདམས་པ་ཉིད་ནམ་ཡང་མི་བསླུ་བའི་ཚད་མ་མཆོག་ཏུ་ངེས་པ་ཡིན་ནོ། །འཆི་མེད་སྒྲུབ་པའི་གདམས་ཟབ་རྨད་དུ་བྱུང་བ། །འཆི་མེད་རིག་འཛིན་པདྨའི་ཐུགས་ཀྱི་བཅུ། །འཆི་མེད་སྲོག་ཐིག་དཀྱིལ་འཁོར་ཚོགས་སྒྲུབ་ཚུལ། །འཆི་མེད་དགའ་སྟོན་འགྱེད་སྙམ་འདིར་གསལ་བྱ། །བསོད་ནམས་གང་དེ་མོས་ལྡན་སྐལ་བཟང་ཚོགས། །ཚེ་སྲོག་རིང་འཚོའི་དཔལ་དུ་ཡོངས་སྨིན་ཅིང་། །དེས་ཀྱང་གཉུག་མ་མི་ཤིགས་རྡོ་རྗེའི་སྐུ། །མངོན་བྱས་མཁའ་ཁྱབ་འགྲོ་སྒྲོལ་མཐུ་གྲུབ་ཤོག །དེ་ལྟར་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་འདི་ནི། རང་གཞན་རྣམས་མི་ཤིགས་བདེ་བ་ཆེན་པོ་རྡོ་རྗེའི་སྲོག་བསྒྲུབ་པའི་ཆ་རྐྱེན་དམ་པར་མེད་དུ་མི་རུང་བར་མཐོང་ནས། གཏེར་གཞུང་རྩ་བའི་དགོངས་པ་ལས་མ་གཡོས་པར་རིགས་མཐུན་གྱི་གཏེར་ཁ་གོང་མ་དག་ལས་ངག་འདོན་ཁ་སྐོང་དུ་བསྡེབས་ཤིང་གསང་བ་སྤྱིའི་མན་ངག་གི་ཟབ་གནད་ལག་ལེན་རྣམ་གསལ་འཇུག་པ་བདེ་བའི་ལུགས་སུ་བཀྲལ་ཏེ། ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བདུན་དུ་སོན་པ་རིན་ཆེན་བཞི་པའི་ཁམས་འཛིན་ནོར་སྐྱོང་གི་ལོ། ནམ་མཁའི་ནོར་བུ་གཡང་དཀར་གྱི་ཁྱིམ་དུ་རྩེ་བའི་ཟླ་བ་ཡར་ངོའི་རྒྱལ་བ་དང་པོ་ལ་རང་གནས་རི་བོ་རིན་ཆེན་སྤུངས་ཀྱི་མགུལ་ཁུག་བཀྲ་ཤིས་སྐྱེད་ཙལ་དུ་གྲུབ་པར་སྦྱར་བ་ལས། ཐོག་མའི་

p. 292

ཡི་གེར་འབེབས་པ་པོ་ནི་ལྷོ་མོན་ཙནྡན་ནགས་མའི་ལྗོངས་ཀྱི་རིགས་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་ཟབ་ཆོས་ཀྱི་འཕྲིན་ལས་ཕྱོགས་མཐར་ཁྱབ་ཅིང་རྟག་པ་དང་སྐལ་བཟང་རྣམས་རིང་པོར་འཚོ་བའི་དགའ་སྟོན་ལ་སྤྱོད་བཞིན་པདྨ་ཚེ་མཐའ་ཡས་པའི་གོ་སར་བདེ་མྱུར་ཏུ་བཀྲི་བའི་གཞིར་གྱུར་ཅིག །། སརྦ་དཱ་མངྒ་ལཾ།། །།]

ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར།

p. 293

༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར་ཞེས་བྱ་བ་བཞུགས་སོ། །

p. 294

ཨོཾ་སྭསྟི། འགྲིབ་མེད་ལང་ཚོ་འབར་བའི་ཞུགས་ཀྱི་ལྕེས། །མཚན་མའི་ཀུན་རྟོག་བསྲེག་བྱ་འབུམ་ཟོས་ཏེ། །བདེ་ཆེན་སྣང་པ་འོད་དུ་གསལ་མཛད་པ། །བླ་མ་འཆི་མེད་པདྨས་དགེ་བར་སྲུངས། །[དེའང་འཆི་མེད་སྲོག་གི་ཐིག་ལེའི་སྒྲུབ་ཕྲིན་དང་འབྲེལ་བར་ཚེ་བསོད་རྒྱས་པའི་སྲེག་བླུགས་ཀྱི་ཆོ་ག་ཟབ་མོ་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དུས་རབ་བཞིའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར། གང་དུ་བྱ་བའི་གཞི་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བསྔོ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་བདག་པོའི་སྔགས་ཀྱིས་སྦྱོང་བ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བ་

p. 295

ཙམ་བྱས་རྗེས། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་ས་བཟང་པོ་སོགས་དཔལ་ཅན་གྱི་ས་ལས་བསྐྲུན་པའི་ཐབ་སྟེགས་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་གང་བ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བརྒྱད་དོར་བའི་རྒྱར་དཔངས་སོར་བརྒྱད་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ། མུ་རན་ལ་མེ་རི་གཡས་བསྐོར། ཐབ་དབུས་སུ་རིན་པོ་ཆེའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་ནོར་བུ་སེར་པོས་མཚན་པ། བྲིས་ཐབ་ཏུ་བྱེད་ན་སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་

p. 296

བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུའམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བ་རེ་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིགས་པའི་ནང་གི་ཤར་ལྷོའི་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་བྱང་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་སྟེགས་དང་གཡོན་དུ་རྫས་སྟེགས་གཉིས་ཀ་དང་རས་སེར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་འདས་གཏོར་གྲུ་བཞི་དང་། མདུན་དུ་འཇིག་རྟེན་པའི་གཏོར་མ་དེ་དང་མཚུངས། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཆ་གཉིས་ཕྲེང་ཚར་དུ་བཀོད། རྫས་སྟེགས་སུ་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བའི་ཡམ་ཤིང་ཁྲུ་གང་བ་དྲི་བཟང་དང་མངར་གསུམ་མར་ཁུས་སྦགས་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་སྨན་རིན་པོ་ཆེན་དྲི་བཟང་དང་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དཱུརྤ། ཀུ་ཤ །ཡུངས་ཀར། བི་ཝ་དང་ཁམ་བུ་ལ་སོགས་པའི་ཤིང་ཏོག་རྣམས་དང་། དར་སེར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཁ་དོག་སེར་ཞིང་དབྱིབས་གྲུ་བཞི་པའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད།

p. 297

ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་མེ་དར་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ཏེ་དགའ་བའི་སེམས་ཀྱིས་དར་ཟབ་སོགས་སྟན་སེར་བོ་ལ་བཟང་པོའི་སྟབས་ཀྱིས་ཁ་བྱང་དུ་ཕྱོགས་པས་འཁོད་ནས་བདག་གི་རྣལ་འབྱོར་ལ་གནས་པས་ལས་རིམ་ལ་འཇུག །སྒྲུབ་མཆོད་དང་འབྲེལ་བའི་ཚེ་རྩ་སྔགས་ལ།] ཕཊ་ཛཿ [བཏགས་པ་བརྗོད་པས།] རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ལྷ་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་[མོས་ལ། ཚུལ་བཞིན་བསྒྲུབས་པའི་ལས་བུམ་གྱི་ཆུད་དང་རྟ་སྔགས་ཀྱིས་རྡོ་དྲིལ་བསང་།] སྭབྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མཧཱ་བཛྲ་ཧཱུྃ༔ [ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།] ཨོཾ་བཛྲ་གཎྜེ་ཨཱཿ [ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།] ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ཝ་ཨཏྨ་ཀོ྅ཧཾཿ [ཞེས་པད་བསྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་ལ་བློ་བཞག །དགང་བླུགས་སྔར་བཞིན་བསང་སྦྱང་།] སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་

p. 298

པའི་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པ། རང་གི་སྙིང་གནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་པོའི་དམ་ཚིག་གི་ཡོ་བྱད་དུ་གྱུར་[པར་བསམ། ཕྱི་ནང་གི་མཆོད་རྫས་རྣམས་བསང་སྦྱངས་ཏེ་བྱིན་གྱིས་བརླབ་པ་ལས་བྱང་ལྟར་བྱ། བསྲེག་རྫས་རྣམས་བསང་སྦྱང་།] སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱས་པའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་[བསམ་ཞིང་། རྡོར་དྲིལ་དང་བཅས་དགང་བླུགས་འཛིན་པས་བསྲེག་རྫས་རྣམས་ལ་གཡས་བསྐོར་དུ་རེག་ལ།] ཨོཾ་སྭཱཧཱཿ[ཡམ་ཤིང་ལ།] ཨོཾ་ཨཱཿ སྭཱཧཱཿ [ཞུན་མར་ལ།] ཨོཾ་ཤྲཱི་སྭཱཧཱཿ [འབྲུ་རྣམས་ལ།] ཨོཾ་ཛྲིཾ་སྭཱཧཱཿ [རྫས་གཞན་རྣམས་ལ།] ཨོཾ་ཀུ་རུ་ཀུ་རུ་སྭཱཧཱཿ ཨོཾ་ཨཱཿཧཱུྃཿ [ཞེས་སྔགས་རྣམས་ལན་གསུམ་གསུམ་དུ་བརྗོད་པས་བྱིན་གྱིས་བརླབ། དེ་ནས་རྒྱལ་རིགས་ཀྱི་ཁྱིམ་དང་རྩུབས་ཤིང་ལས་བྱུང་བའི་མེ་དུ་བ་མེད་པ་གཡས་སུ་བསྐོར་ཏེ།] ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ༔ [ཞེས་ཐབ་ཀྱི་ཤར་ལྷོ་ནས་བཅུག །]ཧཱུྃ་ཧཱུྃ་ཧཱུྃ༔ [ཞེས་རླུང་གཡབ་ཀྱིས་མེ་སྦར་ཞིང་།] ཧྲཱིཿ[ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུའི་ཐིག་པས་ཀྱང་གསོ། དེ་ནས་

p. 299

ཀུ་ཤུ་སྔོ་ལྗང་དྲི་མ་མེད་པ་ལས་བུམ་གྱིས་ཆུས་བྲན་ཏེ།] ཨོཾ་ཧྱ་གྲཱི་ཝ་བིགྷྣན་ན་ཤ་ཡ་ཧཱུྃ་ཕཊ༔ [ཅེས་བསང་ལ།] ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱཧཱ། [ཞེས་ཀུ་ཤ་ཐབ་ཀྱི་གཡས་བསྐོར་དུ་བཀྲམ་ཞིང་སླར་རྩེ་མོ་བྱང་དུ་བསྟན་པའི་ཀུ་ཤ་པ་ལང་གི་རྣབ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །གཉིས་པ་དངོས་གཞི་ལ་གཉིས། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འདས་པའི་མེ་ལྷ་མཆོད་པའོ། །དང་པོ་ནི། ཐབ་བསང་སྦྱང་།] སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་སེར་པོ་ལས་དབྱུག་ཐོ་སེར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་སེར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་སེར་པོ་དང་ལྡན་པ།

p. 300

ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཏོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། [དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ།] དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་[བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་།] ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེགས་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨ་གཙྪ་ཡཿམ་མ་པུཥྚིཾ་ཀུ་རུ་ཨོཾ། [ཞེས་མདུན་གྱི་ནམ་མཁར་བཞུགས་པལ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བགེགས་བསྐྲད།] ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ[ལྕགས་ཀྱུའི་ཕྱག་རྒྱས་དགུག །] ཨོཾ་བཛྲ་པཱ་ཤ་ཧཱུྃ། [ཞགས་པའི་ཕྱག་རྒྱས་གཞུག །]ཨོཾ་བཛྲ་སྥོ་ཊ་བ། [ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱས།] ཨོ་བཛྲ་གྷཎྜེ་ཧོཿ [དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད།] སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས༔ མི་

p. 301

གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག༔ ཨོཾ་སྭབྷ་ཝ་ཤུདྡྷོཿསྭཱཧཱཿ བདག་ཅག་མེ་ཏོག་སྤོས་རབ་དང་༔ མར་མེ་དྲི་ཆབ་ལྷ་ཡི་བཤོས༔ སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ[ནས་ཤཔྡའི་བར་གྱིས་མཆོད།] ཧཱུྃ༔ གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྩོལ་མཛད་པའི༔ བདག་གཞན་དོན་གྲུབ་ས་ལ་བཞུགས༔ འཛིན་བྱེད་མེ་ལྷ་ཉིད་ལ་འདུད༔ [ཅེས་བསྟོད། བུམ་ཆུས་གཏོར་ཞིང་།] ཇི་ལྟར་བལྟམས་པ་[སོགས་ཀྱིས་མཐར།] ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ [ཞེས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར།] ཨོཾ་རཏྣ་ཨ་ལོ་ཀཱ་ར་སྭཱཧཱ། [ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི།] མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་[བསམ་ལ། ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས།

p. 302

ཨོཾ་བི་མ་ལ་ཨགྣ་ཡེ་སྭཱཧཱ། [ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་།] ཨོཾ་པཱ་བ་ཀ་ཨགྣ་ཡེ་[ཞེས་པའི་མཐར།] རྣལ་འབྱོར་པ་བདག་ཅག་[གམ།] སྐྱེས་མཆོག་རིག་པ་འཛིན་པ[འམ།] སྦྱིན་པའི་བདག་པོ་[སོགས་སྐབས་ཐོབ་བཞིན་ཁ་བསྒྱུར་ལ།] སློབ་དཔོན་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛད་དུ་གསོལ། [ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དེ་ལྟ་བུའི་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག་པས་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་བསྲུང་བ་བྱའོ། །དེ་ནས་རྫས་རྣམས་ལས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་དུརྦ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་པས་བཟུང་དུ་གཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་།] ཨོཾ་བོ་དྷི་བྲིཀྵ་ཡ་སྭཱཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ [མར་ཁུ།] ཨོཾ་ཨགྣ་ཡེ་སྭཱཧཱ༔ འབྱོར་བ་ཕུན་སུམ་ཚོགས་

p. 303

པ་ཐམས་ཅད༴ [ཏིལ།] ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ༔ སྡིག་སྒྲིབ་ཞི་བ་ཕུན་སུམ་ཚོགས་པ༴ [ཞོ་ཟན་ནམ་ཟས་མཆོག །]ཨོཾ་སརྦ་སམྤ་དེ་སྭཱཧཱ༔ བདེ་བ་ཕུན་སུམ་ཚོགས་པ༴ [འབྲས།] ཨོཾ་བཛྲ་པུཥྚ་ཡ་སྭཱཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ༴ [ནས།] ཨོཾ་མཧཱ་བེ་ག་ཡ་སྭཱཧཱ༔ ཤུགས་ཕུན་སུམ་ཚོགས་པ༴ [སོ་བ།] ཨོཾ་བཛྲ་བི་ཛ་ཡ་སྭཱཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ༴ [གྲོ།] ཨོཾ་བཛྲ་གྷསྨ་རི་ཡ་སྭཱཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ༴ [སྲན་མ།] ཨོཾ་མཧཱ་བ་ལ་ཡ་སྭཱཧཱ༔ སྟོབས་ཕུན་སུམ་ཚོགས་པ༴ [དུརྦ།] ཨོཾ་བཛྲ་ཨ་ཡུ་ཥེ་སྭཱཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ༴ [ཀུ་ཤ །] ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཏ་བཛྲ་ཡ་སྭཱཧཱ༔ མིན་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ཕུན་སུམ་ཚོགས་པ༴ [ཡུངས་ཀར།] ཨོཾ་བཛྲ་སིདྡྷ་ཡེ་སྭཱཧཱ༔ གདོན་བགེགས་འཇོམས་པ་ཕུན་སུམ་ཚོགས་པ༴ [ཤིང་ཏོག །]ཨོཾ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀ་ཏི་སྭཱཧཱ༔ རིགས་བརྒྱུད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ [དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར།] ཨ་ཀཱ་རོའི་སྔགས་[ལན་གསུམ་གྱིས་གཏོར་མ་བསྔོ། བསྟོད་པ་ནི།] ཧཱུྃ༔ ཚངས་པའི་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་བོ་དྲང་སྲོང་མཆོག༔ འབྱུང་པོ་ཡོངས་

p. 304

སུ་སྐྱོབ་པའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ༔ རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ༔ ཉོན་མོངས་སྲེག་པའི་ཤེས་རབ་འོད༔ བསྐལ་པའི་མེ་བཞིན་གཟི་བརྗིད་འབར༔ མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན༔ ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས༔ བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང༔ བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ༔ ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད༔ འཇིག་རྟེན་གནས་ཀྱང་མྱ་ངན་འདས༔ ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ༔ དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ [ཅེས་བསྟོད། ཡིག་བརྒྱ་བརྗོད་པས་ནོངས་པ་བཤགས་ལ།] ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེགས་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། རྣལ་འབྱོར་པ་བདག་ཅག་[གམ།] སྐྱེས་མཆོག་རིག་པ་འཛིན་པ[འམ།] སྦྱིན་པའི་བདག་པོ་[སོགས་སྐབས་ཐོབ་བཞིན་སྦྱར་ལ།] འཁོར་དང་བཅས་པའི་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ཟས་ནོར་ལོངས་སྤྱོད་བུ་སློབ་འཁོར་འབངས་མངའ་རིས་ཆོས་སྲིད་ལ་སོགས་པ་དར་ཞིང་རྒྱས་

p. 305

པར་དུ་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ་མཐུ་སྟོབས་ནུས་རྩལ་ཉམས་དང་རྟོགས་པ་ས་ལམ་གྱི་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཨོཾ༔ [ཞེས་འདོད་དོན་གསལ།] ཨོཾ་ཨཱཿཧཱུྃ་མུཿ ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་[བསམ་མོ། །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཅུང་ཟད་ཁ་གསོས་ལ་བསང་སྦྱང་།] ཧྲཱིཿ དམ་ཚིག་མེ་ལྷའི་ལྟོ་བ་འབྱམས་ཀླས་དབྱིངས༔ རང་བྱུང་ལྷུན་གྲུབ་རིན་ཆེན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབ་གདུགས་ཏོག་དང་༔ ཆོས་འཁོར་ལ་སོགས་ཚད་དང་མཚན་ཉིད་ཀུན༔ ཡོངས་རྫོགས་ཕྱི་ནང་སྒྲིབ་མེད་ཟང་ཐལ་ལེ༔ འོད་ཟེར་དྲྭ་བས་ཡོངས་སུ་ཁེབས་པའི་དབུས༔ དྭངས་གསལ་དྲི་མེད་པདྨ་འདབ་བརྒྱད་ཀྱི༔ གེ་སར་རབ་ཏུ་རྒྱས་པའི་ལྟེ་བ་ལ༔ ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་བརྡལ་བའི་སྟེང་༔ བཅོམ་ལྡན་མགོན་པོ་འཆི་མེད་པདྨ་འབྱུང་༔ འཁོར་འདས་ཟིལ་གནོན་དཀྱིལ་

p. 306

འཁོར་གཙོ་བོ་མཆོག༔ [ཞེས་སོགས་ནས།] མ་འགགས་རོལ་པ་ཆེན་པོའི་དབྱིངས་སུ་ཤར༔ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཨཱཿཡུརྫྙཱ་ན་སརྦ་མཎྜལ་ཧྲཱིཿབྷྲཱུྃ༔ [ཞེས་པའི་བར་གྱིས་ལྷ་ཚོགས་གསལ་བཏབ་ནས་སྤྱན་འདྲེན་ལ་འཇུག །ཡང་དམིགས་གསལ་སྒྲུབ་མཆོད་དང་འབྲེལ་བའི་སྐབས་ཡིན་ན་གོང་གི་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་དེ།] ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་བརྡལ་བར་གྱུར༔ [ཅེས་པའི་མཚམས་སུ།] ཧྲཱིཿཧྲཱིཿ ཡུལ་གྱི་མིང་ནི་ནུབ་ཕྱོགས་བདེ་བ་ཅན༔ [ཅེས་སོགས་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་སྔགས་བཟླ་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་ལྷན་ཅིག་བསྐྱེད་བསྔགས་བརྗོད་པའི་མཐར།] རིན་ཆེན་ཕོ་བྲང་དབུས་ཀྱི་གདན་སྟེང་དུ༔ བཅོམ་ལྡན་མགོན་པོ་འཆི་མེད་པདྨ་འབྱུང་༔ འཁོར་འདས་ཟིལ་གནོན་དཀྱིལ་འཁོར་གཙོ་བོ་མཆོག༔ [ཅེས་སོགས་སྔར་བཞིན་བརྟེན་པ་ལྷ་ཚོགས་གསལ་འདེབས་པ་ཙམ་ཁྱད་པར་རོ། །གང་ལྟར་ཡང་བཞུགས་སུ་གསོལ་བ་ནས་བསྟོད་པའི་བར་ལས་བྱང་གི་དཀྱུས་བཞིན་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ།] དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་

p. 307

གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་[བསམ། གོང་བཞིན་དགང་བླུགས་རྩ་བསྙེན་གྱི་དགང་ཞིང་རིགས་ལྔ་སྤྱི་དྲིལ་སྤེལ་ཚིག་དང་བཅས་པས་ཕུལ། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་རྩ་སྔགས་ལན་རེའི་མཐར་རྫས་སྔགས་ཀྱིས་བཅུ་ལ་སོགས་པ་ཇི་ལྟར་རིགས་པ་ཕུལ་མཐར་སྤེལ་ཚིག་གོང་ལྟར་སྤེལ། ཚུལ་དེ་ལྟ་བུས་བརྒྱའམ་སུམ་ཅུ་ཉེར་གཅིག་སོགས་སྐབས་དང་སྦྱར་ཏེ་ཕུལ། ཡང་ཁྲི་འབུམ་ལ་སོགས་གྲངས་མང་པོ་གསོག་དགོས་པའི་ཚེ་རྒྱས་པ་ཁོ་ན་ལྕོགས་དཀའ་བས། གོང་བཞིན་རྒྱས་པ་ལན་གསུམ་སོགས་གནང་ནུས་ཀྱི་མཐར་རྫས་སྤུངས་སུ་བྱས་ཏེ་རྩ་སྔགས་ཁོ་ནས་ཀྱང་རུང་ལ། འདིར་ཚེ་རྒྱས་པའི་དབང་གིས་རྫས་ཡང་དུརྦ་ཁོ་ན་གཙོ་བོར་ཕུལ་བ་དམིགས་བསལ་དང་། དེའི་ཚེ་སྤེལ་ཚིག་ཀྱང་།] བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། [ཞེས་སྦྱར་རོ། །མཐར་རྫས་རྣམས་རྫོགས་ཏེ་ལས་བཅོལ་བ་ནི།] ཧོཿ བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་[སོགས་གོང་བཞིན་འདོད་དོན་གསོལ་བས།] ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་

p. 308

གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་[བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར།] ཨོཾ་བཛྲ་ཝ་སྟྲ་ཡ་སྭཱཧཱ༔ [ཞེས་གོས་བཟུང་དང་།] ཨོཾ་བཛྲ་ཏ་མྦུ་ལཱ་ཡ་སྭཱ༔ [ཞེས་སོ་རྩི་འབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤླཽ་ཀ་གཅིག་གིས་བསྟོད།] མ་རྙེད་ཡོངས་སུ་མ་ཚང་དང་། །[སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས།] ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ [ཅེས་སོགས་ནས།] བཛྲ་མུཿ[ཞེས་སེ་གོལ་གྱིས་སྒྲས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་མཆོད་དང་འབྲེལ་བའི་ཚེ།] དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་[བསམ་ཞིང་མཎྜལ་མེ་ཏོག་གིས་མཚོན་པར་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས།] གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་[བསམ་མོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་།] བཛྲ་ས་མཱ་ཛཿ[ས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར་[པ་ལ་སྔར་བཞིན་དགང་བླུགས་དང་

p. 309

ཡང་ཤིང་ལ་སོགས་པའི་སྲེག་རྫས་ལྷག་མ་རྣམས་སོ་སོའི་སྔགས་མཐར།] ཨོཾ་པཱ་བ་ཀ་ཨགྷ་ཡེ་རྣལ་འབྱོར་པ་བདག་ཅག་སློབ་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་སྲེག་བླུགས་ཀྱི་ཆོ་ག་འདིར༔ རྫས་དང་ཡོ་བྱད་མ་ཚོགས་པ་དང་༔ ཏིང་ངེ་འཛིན་མ་གསལ་བ་དང་༔ ཆོ་ག་ལྷག་པ་དང་༔ ཉམས་པ་དང་༔ ལྷ་གོང་འོག་ནོར་བ་ལ་སོགས་པ་ཉེས་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ༔ [ཞེས་སྦྱར་བས་འབུལ། གོས་ཟུང་དང་སོ་རྩི་ལ་གོང་གི་སྔགས་ཀྱིས་ཕུལ་མཐར།] པུཥྤེ་[སོགས་ཉེར་སྤྱོད་ལྔས་མཆོད།] མེ་སྟེ་བསྲེགས་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག། ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །[ཞེས་བསྟོད།] ཨ་ཀཱ་རོ[ས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་དབུལ་ཞིང་།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །[སོགས་ཀྱིས་འཕྲིན་ལས་བཅོལ།] མ་རྙེད་ཡོངས་སུ་[སོགས་ཀྱིས་ནོངས་པ་བཤགས།] བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཿ [ཞེས་པས།] ཡེ་ཤེས་

p. 310

ཀྱི་མེ་ལྷ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་[བསམ། འདིར་རབ་གནས་ཀྱི་དུས་སོགས་སྐབས་འགའ་ཞིག་ཏུ་བཀྲ་ཤིས་པའི་བཟའ་བ་འོ་ཐུག་བསྒྲུབ་པར་འདོད་ན། འོ་མ། འབྲས་མ་གྲུགས་པ། མར། སྦྲང་རྩི། ཀ་ར་རྣམས་རང་གི་འདོད་ལྷའི་ས་བོན་ལས་བྱུང་བར་བསམ་ལ། ནག་པོ་མ་ཡིན་པའི་སྣོད་གཙང་མ་དྲིས་བྱུག་ཅིང་མེ་ཏོག་གི་ཕྲེང་བས་བཅིངས་པའི་ནང་དུ་དགང་བླུགས་ཀྱི་གཟར་བུས་བླུགས་ལ་མཉྫི་སོགས་ཀྱི་སྟེང་དུ་བཀོད་ནས་སྦྱིན་སྲེག་གི་ཐབ་ཏུ་བཞག །རང་ལྷའི་རྣལ་འབྱོར་གྱིས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བལྟས་ལ།] ཨོཾ་དཱི་བྱ་ཨ་ནི་ས་མཱ་དྷི་དྷྱཱ་ན་བྲི་ཎ་ནེ་སྭཱཧཱ། [ཞེས་དང་ཡིག་བརྒྱ་བཟླ་ཞིང་བསྐོལ་ལ།] ཐོག་མར་དཀྱིལ་འཁོར་པ་ལ་དབུལ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་དང་བདག་དང་སློབ་མ་སྦྱིན་པའི་བདག་པོར་བཅས་པས་ལོངས་སྤྱད་ཅིང་སློང་བའི་སེམས་ཅན་གཞན་དག་ལ་ཡང་སྦྱིན་ནོ། །སྦྱིན་སྲེག་རྫོགས་པའི་མཐར་མེ་རང་ཞིར་བཏང་བའམ་ལོང་མེད་ན་དྲི་བཟང་གི་ཆུས་བཅིལ་ལ་ཐལ་བ་བུམ་པར་བླུགས་ཏེ་བང་མཛོད་སྦ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་པར་བྱའོ། །བྱིན་ཟ་ཞུགས་ཀྱི་ལས་ལ་ཡོངས་བརྟེན་ནས། །ལྷ་རྣམས་མཉེས་ཚིམ་དངོས་གྲུབ་བདེ་བླག་ཏུ། །སྒྲུབ་བྱེད་ཆོ་གའི་ངག་ཁྲིགས་

p. 311

གསལ་བྱས་པ། །འདིས་ཀྱང་སྐལ་བཟང་འདོད་པ་འཇོ་བྱེད་ཤོག །དེ་ལྟར་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར་ཞེས་བྱ་བ་འདི་ནི། རང་གཞན་རྣམས་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྤེལ་བའི་ཆ་རྐྱེན་དམ་པར་མེད་དུ་མི་རུང་བར་མཐོང་ནས་རིགས་མཐུན་གྱི་གཏེར་ཁ་གོང་མ་དག་དང་རྒྱུད་ལུང་གི་ངེས་པ་གྲུབ་པའི་མན་ངག་གིས་ལེགས་པར་ཕྱེས་པ་རྣམས་ལ་བརྟེན་ནས། ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐུན་མོང་གི་ལོ་དཔྱིད་ཟླ་འབྲིང་པོ་བཀྲ་ཤིས་པའི་ཟླ་བའི་ཡར་ཚེས་བཟང་པོ་ལ་གྲུབ་བར་སྤེལ་བའི་ཡི་གེ་པ་ནི་རིག་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་ཨ་ཡུ་སིདྡྷི་རསྟུ།། །།

ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒོ་ནས་བསུན་ཟློག་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་འཆི་མེད་རྟག་པའི་དགའ་སྟོན།

p. 312
p. 313

༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒོ་ནས་བསུན་ཟློག་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་འཆི་མེད་རྟག་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །

p. 314

ཨོཾ་སྭསྟི་སིདྡྷཾ། འཕོ་བྲལ་བདེ་ཆེན་ཉི་མའི་གཟི་འོད་ཀྱིས། །འཆི་བདུད་མུན་པའི་གཡུལ་ངོ་མཐར་མཛད་པ། །བླ་མ་འཆི་མེད་ཚེ་མཐའ་ཡས་མགོན་དེས། །རྟག་བརྟན་ཕན་བདེའི་པད་ཚལ་བཞད་མཛད་གསོལ། །[དེའང་རང་ཉིད་ལ་བཀའ་དྲིན་ཆེ་བའི་རྡོ་རྗེས་སློབ་དཔོན་སོགས་རྣམ་འདྲེན་ཡུལ་ཁྱད་པར་ཅན་ལ་སུན་ཟློག་དང་འབྲེལ་བར་བརྟན་བཞུགས་ཇི་ལྟར་འབུལ་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཟླ་བ་ཡར་ངོའི་དུས་ཚེས་བཟང་པོར་གནས་ཁང་ཕྱག་བདར་བྱ་ཞིང་བཀོད་པས་མཛེས་པར་བརྒྱན་པའི་གུང་དུ་སེང་གེའི་ཁྲི་ཕུན་སུམ་ཚོགས་པ་སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་མཚན་པས་བཀབ་པ་དང་། དེའི་མདུན་དུ་མཆོད་པའི་བྱེ་བྲག །ཕུགས་ལོགས་གང་བདེར་ཚེ་དཔག་མེད་

p. 315

རྩ་བའི་དཀྱིལ་འཁོར་དང་། ཉེ་ལོགས་སུ་གཏོར་ཟླུམ་ལྔ་ཚོམ་པད་འདབ་ཅན་མཐེབ་ཀྱུ་དང་རིལ་བུས་བརྒྱན་པ། ལས་བཞིའི་དཔལ་གཏོར་ཟླུམ་པོ། གྲུ་བཞི། ཟླ་གམ། ཟུར་གསུམ་རྣམས་མཐེབ་ཀྱུ་རིལ་བུས་བརྒྱན་ཞིང་ཁ་དོག་སོ་སོར་བསྒྱུར་བ། རིན་པོ་ཆེའི་སྣོད་དུ་གསེར་སྐྱེམས་བཅས་བཤམས། དེ་རྣམས་ཀྱི་མདུན་དུ་སྐུ་གླུད་ཆེ་བ་གླུད་ཕྲན་མང་པོས་བསྐོར་བ་ནམ་རྒྱང་མདའ་འཕང་ཤིང་རིས་ཀྱིས་སྤྲ་བ་དང་། ཉེར་སྤྱོད་འདོད་ཡོན་སོགས་སྤྱན་གཟིགས་དཀོར་ཆ་ཅི་འབྱོར་བས་མཛེས་པར་གཏམས། གཞན་ཡང་མཎྜལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན། བཀྲ་ཤིས་རྫས་རྟགས་སྣ་བདུན་སོགས་འདིར་ཉེ་བར་མཁོ་བའི་ཡོ་བྱད་རྣམས་དང་། དར་ལམ་དང་མཁའ་འགྲོའི་ཆས་ཞུགས་སོགས་ཕྱག་ལེན་ལྟར་ཉེར་བསྡོགས་བྱ། གཉིས་པ་དངོས་གཞི་ནི། ནང་པར་སྔ་བར་

p. 316

ལངས་ཏེ་ཆོ་གའི་གཞུང་བསྲང་ལ་བདག་མདུན་བུམ་བཟླས་ཚེ་འགུགས་སོགས་དང་། ཚོགས་མཆོད་ཀྱི་ཚོགས་ཐ་མའི་བར་སྔོན་དུ་སོང་ནས། ཉི་མ་འཆར་ཀའི་དུས་དང་འགྲིགས་ན་མཆོག་ཏུ་ལེགས་ཤིང་། གང་ལྟར་ཡང་སྔ་དྲོའི་ཆར་བརྟན་བཞུགས་འབུལ་ཡུལ་ཉིད་སྤོས་རོལ་སོགས་བཀུར་སྟི་དང་བཅས་ཏེ་སྤྱན་དྲངས་ནས་མངོན་པར་བཤམས་པའི་ཁྲི་ལ་བཞུགས་སུ་གསོལ་རྗེས། ལས་བུམ་གྱི་ཆུས་མེ་ལོང་གི་ངོས་ལ་སྐུ་ཁྲུས་གསོལ་ཞིང་།] ཨོཾ་ཨཱཿཧཱུྃ། སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་སུ། ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་། །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་ཁྲུས་གསོལ་བས། །སྒྲིབ་གསུམ་བག་ཆགས་ཉེས་བྱས་ཀུན་བྱང་ཞིང་། །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེར་གསལ། །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ། །སྲིད་ཞིའི་དཔལ་དུ་མི་འགྱུར་བརྟན་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷིཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། [སྐུ་ཕྱི་བའི་ཚུལ་དང་བཅས་ལ།] ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། [དེ་ནས་མཆོད་གཏོར་སྐུ་གླུད་དང་བཅས་པ་རྟ་སྔགས་ཀྱིས་བསང་།] ཨོཾ་སྭབྷཱ་ཝ [ས་སྦྱངས།] སྟོང་པའི་ངང་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཅུད་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར་པའི་སྟེང་དུ་ཨོཾ་དཀར་པོ།

p. 317

ཨཱཿདམར་པོ། ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ། [ལན་གསུམ།] འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། [ཞེས་བརླབས་ལ། ཐོག་མར་རིགས་ལྔའི་ལྷ་ཚོགས་སྤྱི་ལ་མཆོད་གཏོར་འབུལ་བ་ནི།] ཧྲཱིཿ ཆོས་དབྱིངས་ལྷུན་གྲུབ་འོད་ཟེར་ཕྱོགས་མཚམས་འཁྲིགས། །རང་གསལ་པད་སྡོང་འོད་ཀྱི་ཕོ་བྲང་དབུས། །ཚེ་ལྷ་རིགས་ལྔ་སྣང་སྟོང་འོད་ཟེར་ཀློང་། །ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོས་བསྐོར། །བཀའ་ཉན་དྲེགས་པ་ལས་བྱེད་ཆོས་སྲུང་བཅས། །འདིར་གཤེགས་མཆོད་གཏོར་སྐུ་གླུད་ཚོགས་མཆོད་དང་། །ནམ་མཁའ་གང་བའི་ཕྱི་ནང་གསང་མཆོད་སྤྲིན། །དགྱེས་པར་བཞེས་ལ་འཕྲིན་ལས་རྣམ་བཞི་སྒྲུབས། །ཨོཾ་བཛྲ་ཨརྒྷཾ་པ་དྷྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པྲ་ཏཱིཙྪ་སྭཱཧཱ། [ཞེས་དང་།] ཨོཾ་ཨཱཿཧཱུྃ། ཞེ་སྡང་རྣམ་དག་རྡོ་རྗེ་རིགས་ཀྱི་ལྷ། །ཞི་བའི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ཤར་ཕྱོགས་རྡོ་རྗེ་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་ཆུ་དང་ཉོན་མོངས་ཞེ་སྡང་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །མེ་ལོང་ཡེ་

p. 318

ཤེས་རྡོ་རྗེའི་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ང་རྒྱལ་རྣམ་དག་རིན་ཆེན་རིགས་ཀྱི་ལྷ། །རྒྱས་པའི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ལྷོ་ཕྱོགས་རིན་ཆེན་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་ས་དང་ཉོན་མོངས་ང་རྒྱལ་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །མཉམ་ཉིད་ཡེ་ཤེས་རིན་ཆེན་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །འདོད་ཆགས་རྣམ་དག་པདྨ་རིགས་ཀྱི་ལྷ། །དབང་གི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ནུབ་ཕྱོགས་པདྨ་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་མེ་དང་ཉོན་མོངས་འདོད་ཆགས་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །སོར་རྟོག་ཡེ་ཤེས་པདྨའི་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ཕྲག་དོག་རྣམ་དག་ལས་ཀྱི་རིགས་ཀྱི་ལྷ། །མངོན་སྤྱོད་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །བྱང་ཕྱོགས་ལས་ཀྱི་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་རླུང་དང་ཉོན་མོངས་ཕྲག་དོག་ལས། །གྱུར་པའི་འགལ་

p. 319

རྐྱེན་བར་ཆད་ཀུན་སོལ་ལ། །བྱ་གྲུབ་ཡེ་ཤེས་འཕྲིན་ལས་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །གཏི་མུག་རྣམ་དག་སངས་རྒྱས་རིགས་ཀྱི་ལྷ། །ལྷུན་གྲུབ་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །དབུས་ཕྱོགས་བུདྡྷ་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་མཁའ་དང་ཉོན་མོངས་གཏི་མུག་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །ཆོས་དབྱིངས་ཡེ་ཤེས་ལྷུན་གྲུབ་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །[གསེར་སྐྱེམས་འབུལ་ཞིང་།] ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁྱོན་གང་བའི། །ལས་བཞིར་དབང་སྒྱུར་དཔའ་བོ་མཁའ་འགྲོ་དང་། །སྡེ་བརྒྱད་དྲེགས་པའི་བསུན་མ་བཟློག་ཏུ་གསོལ། །སྔོན་ལས་འཕྲལ་རྐྱེན་ལྟས་ངན་བར་ཆད་དང་། །ཆག་ཆེ་ཉམ་ང་རྦོད་གཏོང་བྱད་སྟེམས་རྣམས། །བླ་མ་ཡི་དམ་མཁའ་འགྲོའི་བདེན་པས་ཟློག །ཚེ་རྐུ་སྲོག་འཕྲོག་སྟོབས་དཔལ་མངའ་ཐང་དང་། །བཀྲག་མདངས་གཟི་བརྗིད་བཞམ་པའི་བསུན་མ་ཟློག །བླ་ཚེ་སྲོག་ཚེ་དབུགས་ཚེ་ཡར་དང་གུད། །ཉམས་ཆད་དུས་མིན་འཆི་བའི་ལྟས་མི་བཟད། །ཆོས་སྐྱོང་སྲུང་མའི་དཔུང་གིས་བཟློག་

p. 320

པར་གྱིས། །དཔའ་བོ་ཌཱ་ཀིའི་ནུས་པས་མཚམས་ཆོད་ཅིག །བླ་མ་ཡི་དམ་ཐུགས་རྗེས་དེང་སྐྱོབ་ལ། །སྟན་འདིར་འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ། །[ཅེས་སྤྱིར་མཆོད། དེ་ནས་བྱེ་བྲག་ཏུ་བསུན་མའི་དཔུང་ཚོགས་ལ་གཏོར་མ་དང་སྐུ་གླུད་འབུལ་བ་ནི། གཞོན་ནུ་མ་གྲོང་བའི་ཆོས་ཀྱི་མ་གོས་པ་ལྔའམ། དེ་ཡང་རིགས་བཟང་དཔལ་ཅན་འཛོམ་ན་རབ། དེ་མིན་ཁྱེའུ་བུ་ཕོས་ཀྱང་རུང་སྟེ་ཌཱ་ཀིའི་ཆས་སུ་ཞུགས་པ་ལྔས་དང་པོ་བསུ་བའི་ཚུལ་དུ་རང་མདོག་དང་མཐུན་པའི་དར་ཚོན་གཅིག་པ་རེ་ལག་པ་གཉིས་ཀས་བཟུང་བའི་སྣེ་མོ་རྡོ་རྗེ་སློབ་དཔོན་གྱི་སྟན་འོག་ཏུ་ཚུད་པ་ནས་ཅུང་ཟད་གཡབ་ཅིང་།] ཀྱཻ། འོང་ངོ་ངེད་ཅག་མཁའ་འགྲོའི་ཚོགས། །ཁྱབ་བརྡལ་ཆོས་སྐུའི་ཞིང་ནས་འོངས། །ལྷུན་གྲུབ་ལོངས་སྐུའི་ཞིང་ནས་འོངས། །མ་ངེས་སྤྲུལ་སྐུའི་ཞིང་ནས་འོངས། །འཇའ་ཟེར་འོད་ལྔའི་ཀློང་ནས་འོངས། །ཉི་ཤུ་རྩ་བཞིའི་གནས་ནས་འོངས། །དུར་ཁྲོད་ཆེན་པོ་བརྒྱད་ནས་འོངས། །མཁའ་སྤྱོད་དག་པའི་ཞིང་ནས་འོངས། །འོང་བ་གང་གི་དོན་ཡིན་ན། །འདི་ན་བཞུགས་པའི་སྐྱེས་མཆོག་ལ། །གདུང་ཞིང་འཕྲེང་བའི་སེམས་ཀྱིས་འོངས། །སྐྱེ་བོ་དད་མེད་བསམ་བརླག་ལ། །ཁྲེལ་ཞིང་གཤུང་བའི་སེམས་ཀྱིས་འོངས། །ཚེ་ལ་ལོག་ལྟ་སྒྲོ་སྐུར་གཟན། །གྲིབ་ལ་དམ་ཚིག་ཉམས་པ་ཐུ། །ནད་ལ་འདུ་བ་རྣམ་བཞི་ལྡང་། །རྩ་རླུང་ཐིག་

p. 321

ལེའི་གནད་འཕྱུགས་ན། །སྐྱེས་མཆོག་བཞུགས་པའི་གནས་མ་མཆིས། །[ཞེས་དང་།] ང་ནི་རྡོ་རྗེ་མཁའ་འགྲོ་ཡིན། །འཁོར་ཡང་འབུམ་ཕྲག་དུ་མ་ཡོད། །འོད་ཟེར་དཀར་པོའི་དར་ཐག་ཀློང་། །རིག་འཛིན་བླ་མ་གཤེགས་སུ་གསོལ། །ང་ནི་རིན་ཆེན༴ ། འཁོར་ཡང་༴ ། འོད་ཟེར་སེར་པོའི་༴ ། རིག་འཛིན་བླ་མ༴ ། ང་ནི་པདྨ༴ ། འཁོར་ཡང་༴ འོད་ཟེར་དམར་པོའི༴ ། རིག་འཛིན༴ ། ང་ནི་སངས་རྒྱས༴ ། འཁོར་ཡང༴ ། འོད་ཟེར་མཐིང་ཁའི༴ ། རིག་འཛིན༴ ། [ཞེས་དང་། ཡང་ན།] མཁའ་སྤྱོད་ཞིང་ཁམས་ཉམས་རེ་དགའ། །ལྷུན་གྲུབ་ཕོ་བྲང་བཀོད་རེ་ལེགས། །རང་བྱུང་འདོད་ཡོན་ལྷུན་རེ་སྡུག །དཔའ་བོའི་ཚོགས་རྣམས་བྱིན་རེ་ཆགས། །མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ། །དེ་ན་སྐྱེ་དང་འཆི་བ་མེད། །རྒ་དང་ན་བ་ག་ལ་སྲིད། །དེ་ན་དམ་ཚིག་ཉམས་པ་མེད། །དེ་ན་ལོག་ལྟ་ཅན་ཡང་མེད། །བླ་མའི་བཞུགས་གནས་དེ་རུ་བཟང་། །ལམ་ལ་འཇའ་ཚོན་དར་ལམ་འཇམ། །གྲོགས་ལ་མཁའ་འགྲོའི་འདུ་བ་བཟང་། །སྐྱེས་མཆོག་མ་བཞུགས་གཤེགས་སུ་གསོལ། །[ཞེས་གདུང་ཚིག་བརྗོད་པ་ན། བསུན་མའི་ཚོགས་

p. 322

ལ་སྐྱེམས་དྲངས་ཤིང་ལན་དུ་བརྗོད་པ་འདི་སྐད་ཅེས།] ཀྱཻ། བསུན་མའི་མགྲོན་རྣམས་ཚུར་གསོན་དང་། །འདི་ན་བཞུགས་པའི་སྐྱེས་མཆོག་ལ། །གདུང་ཞིང་འཕྲེང་བ་ཁྱེད་བདེན་ཏེ། །འགྲོ་བའི་བསམ་པ་ཐ་དད་པས། །འདྲེན་པ་སྤངས་རྣམས་རྨོངས་པའི་སྐྱོན། །ཐེག་པ་ཆེན་པོའི་སྐྱེས་བུ་རྣམས། །དེ་ལ་ཁྲོ་བའི་སྐབས་མི་དབྱེ། །བསོད་ནམས་ལྡན་པའི་སྐྱེ་བོའི་ཚོགས། །དམ་པ་རྣམས་ལ་དད་ཅིང་འདུན། །འདི་ཕྱིའི་ལམ་སྟོན་རེ་བས་ན། །འདི་མེད་འཇིག་རྟེན་ལོང་བར་གྱུར། །སངས་རྒྱས་བསྟན་པ་སུ་ཡིས་འཛིན། །ཁྱད་པར་གསང་སྔགས་ཟབ་མོ་ཡི། །དམ་ཚིག་གཉེན་པོས་འབྲེལ་བ་ལ། །ཉམས་པའི་བཀའ་ཆད་བྱུང་སྲིད་ན། །སླར་ལ་གནོང་ཞིང་བཤམས་པས་སྦྱངས། །མཁའ་སྤྱོད་མཁའ་འགྲོའི་གླིང་རྣམས་ཀྱང་། །མི་ཡི་ཡུལ་ལས་ལྷག་པ་ཅི། །ཡང་དག་རྩིས་ན་ལེགས་རྒྱུ་མེད། །རྨི་ལམ་སྒྱུ་མ་ཙམ་ཞིག་ཡིན། །གྲོང་མཆོག་ཁྱད་པར་འཛམ་བུའི་གླིང་། །དམ་ཆོས་དར་ཞིང་རྒྱས་པའི་ས། །འདི་ལས་ལྷག་པ་གཞན་ན་མེད། །སྲས་བཅས་རྒྱལ་བའི་དམ་ཆོས་ཀྱི། །བསྟན་པ་རིན་ཆེན་ཡོངས་འཛིན་པའི། །རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ། །རྡོ་རྗེ་སློབ་དཔོན་འདི་ལགས་པས། །

p. 323

བདག་སོགས་འདུས་པའི་དབུས་ཉིད་དུ། །བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས། །བསུན་མའི་མགྲོན་རྣམས་བཟློག་ཏུ་གསོལ། །[ཞེས་བསྒོས་པས། སླར་ཡང་བསུན་མ་རྣམས་ཀྱིས།] ཀྱཻ། ཁྱེད་རྣམས་གདུང་སེམས་མི་གཏོང་བས། །རྡོ་རྗེ་སློབ་དཔོན་འདིར་བཞུགས་ན། །དེ་རིང་བསུན་མའི་ཚོགས་རྣམས་ལ། །འདི་ཡི་སྐུ་ཚབ་མདོས་གཏོར་དང་། །ཚོགས་འཁོར་འདོད་ཡོན་མི་ཟད་པ། །ཡུན་དུ་འཚོ་བའི་ལོངས་སྤྱོད་ཀྱིས། །འདོད་པ་ཚིམས་པའི་རྫོངས་ཤིག་ཐོབ། །ཡིད་ལ་འབབ་པའི་སྨེང་ཞིག་སྒྲོགས། །དམ་ཚིག་གཙང་མའི་དམ་ཞིག་ཆོས། །དེ་ནས་ངེད་རྣམས་མཁའ་སྤྱོད་དང་། །གནས་ཡུལ་ཞིང་དུ་ལོག་ནས་འགྲོ། །[ཞེས་བརྗོད་པ་ན། སྐུ་གླུད་དང་དཀོར་ཆ་རྣམས།] ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། [ཞེས་བརླབས་ལ།] ཀྱཻ། དེ་རིང་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་རིན་ཆེན་པདྨ་ལས། །འབུམ་ཕྲག་ཡངས་པའི་ཕོ་བྲང་འདིར། །མཆོད་སྦྱིན་མགྲོན་རྣམས་གསན་དུ་གསོལ། །བསུན་མའི་དཔུང་ཚོགས་ཐམས་ཅད་ལ། །སྣང་སྲིད་མདོས་སུ་བཤམས་ནས་འབུལ། །སྣོད་བཅུད་བདུད་རྩིར་བསྐྱིལ་ནས་འབུལ། །ཆོས་དབྱིངས་རཀྟས་བཀང་ནས་འབུལ། །སྲིད་

p. 324

ཞི་འདོད་རྒུར་སྤུངས་ནས་འབུལ། །ཏིང་འཛིན་སྦྱོར་སྒྲོལ་མཆོད་པ་འབུལ། །སྐུ་གླུད་མི་ལས་དགའ་བ་འབུལ། །གསུང་གླུད་ཆོས་ཕུང་བརྒྱད་ཁྲིར་འབུལ། །ཐུགས་གླུད་ཏིང་འཛིན་འོད་འབར་འབུལ། །བླ་གླུད་གཡང་མོ་ལུག་མཛེས་འབུལ། །སྲིད་ཞིའི་འདོད་རྒུ་ཀུན་ཚང་བ། །ཡོན་ཏན་གཞལ་དུ་མེད་པའི་གླུད། །འབུལ་ལོ་ཡེ་ཤེས་མཁའ་འགྲོའི་ཚོགས། །ཁྱད་རྣམས་ཐུགས་དམ་གཉན་སྐོངས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །ཉན་ཐོས་འདུལ་ཁྲིམས་འཆལ་བ་བཤགས། །བྱང་སེམས་བསླབ་པ་ཉམས་པ་བཤགས། །གསང་སྔགས་རྩ་ལྟུང་ཕོག་པ་བཤགས། །རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་དམ་ཚིག་ཉམས་པ་བཤགས། །ཁྱད་པར་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་ཀྱི་ཌཱ་ཀི་མ། །ཡེ་ཤེས་མཁའ་འགྲོའི་དམ་ཚིག་ལས། །འགལ་གྱུར་ཉམས་ཆག་ཐམས་ཅད་བཤགས། །ཆོས་སྐུ་སྐྱེ་མེད་ཀློང་དུ་བཤགས། །ལོངས་སྐུ་འགགས་མེད་ཀློང་དུ༴ ། སྤྲུལ་སྐུ་ཡེ་ཤེས་འོད་ལྔར༴ ། སྐུ་གསུམ་མཉམ་ཉིད་ཐིག་ལེར་བཤགས། །དག་ཅིང་ཚངས་པར་མཛད་དུ་གསོལ། །[ཅེས་ཕུལ། གྲངས་གསོག་པར་འདོད་ནའང་ཇི་ལྟར་རིགས་པ་བསགས། དེ་ནས་དར་ཐག་རྣམས་ཚིག་དང་བསྟུན་རིམ་པར་

p. 325

བསྡུས་ལ།] ཀྱཻ། ཤར་ནས་རྡོ་རྗེ་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་མདངས་དང་ལྡན། །རང་འདྲ་དཀར་མོ་འབུམ་དང་བཅས། །ཤར་གྱི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིག་མ་བལྟ་ཞིག །ཤར་གྱི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་བླ་མའི་སྐུ་ཚེ་སྲིངས། །ཀྱཻ། ལྷོ་ནས་རིན་ཆེན་མཁའ་འགྲོ་མ། །སྐུ་མདོག་སེར་མོ་མདངས་དང་ལྡན། །རང་འདྲ་སེར་མོ་འབུམ་དང་བཅས། །ལྷོ་ཡི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིག་མ་བལྟ་ཞིག །ལྷོ་ཡི་བསུན་མ་བཟློག་ཏུ་གསོལ། །སྤྱི་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་བླ་མའི་སྐུ་ཚེ་སྲིངས། །ཀྱཻ། ནུབ་ནས་པདྨ་མཁའ་འགྲོ་མ། །སྐུ་མདོག་དམར་མོ་མདངས་དང་ལྡན། །རང་འདྲ་དམར་མོ་འབུམ་དང་བཅས། །ནུབ་ཀྱི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིན་མ་བལྟ་ཞིག །ནུབ་ཀྱི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་

p. 326

བླ་མའི་སྐུ་ཚེ་སྲིངས། །ཀྱཻ། བྱང་ནས་ལས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་གུ་མདངས་དང་ལྡན། །རང་འདྲ་ལྗང་གུ་འབུམ་དང་བཅས། །བྱང་གི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིག་མ་བལྟ་ཞིག །བྱང་གི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་བླ་མའི་སྐུ་ཚེ་སྲིངས། །ཀྱཻ། དབུས་ནས་སངས་རྒྱས་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་མདངས་དང་ལྡན། །རང་འདྲ་སྔོན་མོ་འབུམ་དང་བཅས། །དབུས་ཀྱི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིག་མ་བལྟ་ཞིག །དབུས་ཀྱི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་བླ་མའི་སྐུ་ཚེ་སྲིངས། །[ཞེས་བསྡུ། དེ་ནས་གཏོར་མ་དང་སྐུ་གླུད་རྣམས་བཏེགས་ལ།] ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནི། །འཇའ་ཟེར་ཐིག་ལེའི་གུར་ཁང་ཕུབ། །ཉི་ཤུ་རྩ་བཞིའི་གནས་མཆོག་ཀུན། །སྨན་དང་དྲི་བཟང་སྤོས་ངད་འཐུལ། །མཁའ་འགྲོའི་བཞུགས་གནས་དེ་ན་བཟང་། །

p. 327

འདི་ན་བཞུགས་པའི་གནས་མེད་ཀྱི། །བསུན་མའི་དཔུང་ཚོགས་དེར་གཤེགས་ཤིག །ད་ནི་གཤེགས་ཤིག་ཏ་ལ་ལ། །ད་ནི་བཞུད་ཅིག་སི་ལི་ལི། །གླུ་གར་གླིང་བ་ཀྱུ་རུ་རུ། །དྲིལ་གཡེར་རོལ་མོ་འུ་རུ་རུ། །མཛེས་པའི་གར་སྟབས་ཁྱུགས་སེ་ཁྱུག །དར་དཔྱངས་ཅོད་པན་པུ་རུ་རུ། །རི་རབ་རི་ཡི་རྩེ་མོར་གཤེགས། །རྒྱ་གར་ཡུལ་གྱི་ཕ་མཐར་གཤེགས། །གནས་ཡུལ་ས་སྤྱོད་ཞིང་དུ་གཤེགས། །འོག་མིན་མཁའ་སྤྱོད་གྲོང་དུ་གཤེགས། །ཆོས་དབྱིངས་གདོད་མའི་ཀློང་དུ་བཞུད། །[ཅེས་རོལ་མོའི་སྒྲ་དང་བཅས་བསུན་མ་རྣམས་ཀྱིས་མདུན་བསུས་ཏེ་སྐུ་གླུད་དང་གཏོར་མ་རྣམས་ཕྱི་རོལ་ནུབ་ཕྱོགས་སུ་བསྐྱལ། རྟ་སྔགས་བརྗོད་པས་རྗེས་འབྲང་གི་འཇིག་རྟེན་ཤ་ཟ་བསེན་མོ་སོགས་མཚམས་བཅད་པར་བསམ་ལ།] ཧྲཱིཿ པད་ཟླ་ཉི་གདན་བམ་རོ་བསྣོལ་བའི་སྟེང་། །སྐད་ཅིག་དྲན་རྫོགས་དབང་ཆེན་ཡབ་ཡུམ་གྱི། །སྐུ་ལས་མི་འབར་ཁྲོ་བཅུ་ཕོ་ཉའི་དཔུང་། །མནར་མེད་སྲིད་རྩེར་ཁྱབ་པའི་ཕྱག་མཚན་གྱིས། །གནོད་བྱེད་དགྲ་བགེགས་འབྱུང་པོ་ཚར་བཅད་ནས། །རྡོ་རྗེ་བེ་ཅོན་པདྨ་རལ་གྲི་དང་། །འཁོར་ལོའི་གུར་ཁང་འཇའ་འོད་འཁྱིལ་བས་གཏམས། །ཅིས་ཀྱང་མི་ཤིགས་གུར་དུ་ཚུད་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། [དེ་ནས་སློབ་དཔོན་གདན་ཁྲི་དང་བཅས་པ་རྟ་

p. 328

སྔགས་ཀྱིས་བསང་།] སྭབྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བ་རྡོ་རྗེ་དང་གཡུང་དྲུང་གིས་མཚན་པའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་ཧྲཱིཿ དམར་པོ་ལས་རྡོ་རྗེ་སློབ་དཔོན་པདྨ་ཚེ་དཔག་མེད་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟར་རབ་ཏུ་དྭངས་ཤིང་འོད་ཟེར་ཁ་དོག་སྣ་ཚོགས་པར་འཕྲོ་བ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ལྷའི་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། པང་དུ་ཡུམ་མནྡ་ར་བ་མདའ་དར་ཚེ་བུམ་འཛིན་པ་དང་མཉམ་པར་སྦྱོར་བ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་པདྨ་ཚེ་དཔག་མེད་པའི་རྣམ་པར་སྤྱན་དྲངས་པ་དང་། འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་འོད་ཟེར་ཉི་མ་འཆར་ཀའི་མདངས་ལྟ་བུར་བཀུག་སྟེ་རྡོ་རྗེའི་སློབ་དཔོན་གྱི་སྐུ་ལ་སིབ་སིབ་ཐིམ་པས་འཆི་མེད་སྐུ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་[བསམས་ལ། མདའ་དར་གཡབ་ཅིང་།] ཧྲཱིཿ སྐུ་གསུམ་ཞིང་དང་ཉི་ཤུ་རྩ་བཞི་ཡི། །ངོ་མཚར་

p. 329

རྒྱན་དང་བཀོད་རབ་འབར་བའི་ཞིང་། །འཇའ་ཟེར་སྤྲོས་སྤྲིན་མེ་ཏོག་མདངས་མཛེས་ཀུན། །ལྷ་དང་ལྷ་མོའི་འོད་ཀྱི་གུར་ཁང་འཁྲིགས། །དབུས་ཕྱོགས་པདྨ་འཁྱིལ་བའི་ཞིང་མཆོག་ནས། །སོར་རྟོག་ཡེ་ཤེས་པདྨ་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །པདྨའི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ཤར་ཕྱོགས་རྡོ་རྗེ་འཁྱིལ་བའི་ཞིང་ཁམས་ནས། །མེ་ལོང་ཡེ་ཤེས་མི་བསྐྱོད་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །རྡོ་རྗེ་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ལྷོ་ཕྱོགས་རིན་ཆེན་འཁྱིལ་བའི་ཞིང་ཁམས་ནས། །མཉམ་ཉིད་ཡེ་ཤེས་རཏྣ་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་

p. 330

སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །རིན་ཆེན་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ནུབ་ཕྱོགས་འཁོར་ལོ་འཁྱིལ་བའི་ཞིང་ཁམས་ནས། །ཆོས་དབྱིངས་ཡེ་ཤེས་རྣམ་སྣང་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །བདེ་གཤེགས་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །བྱང་ཕྱོགས་རྒྱ་གྲམ་འཁྱིལ་བའི་ཞིང་ཁམས་ནས། །བྱ་གྲུབ་ཡེ་ཤེས་ཀརྨ་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །ལས་ཀྱི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །[ཞེས་ཚེ་ཛཔྲ་རོལ་མོ་དང་བཅས་པས་ཚེ་འགུགས། དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་བུམ་པ་ཕྱག་ཏུ་ཕུལ་ལ།] ཧྲཱིཿ མགོན་པོ་ཚེ་དཔག་

p. 331

མེད་པའི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལཱི་ལ་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ཀྱི་བྱིན་གྱིས་རློབས༔ འཆི་མེད་སྐུ་ཚེའི་དངོས་གྲུབ་བསྩལ་ཏུ་གསོལ༔ [མེ་ཏོག་འཐོར་ཞིང་།] སྐུ་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར་ཅིག །[ཅེས་བརྗོད། ཚེ་རིལ་ཕུལ་ལ།] བཀྲ་ཤིས་ཚེ་རྟེན་དཔལ་གྱི་ཟས། །སྙིང་པོ་འདུས་པའི་བཅུད་འདི་ནི། །དེ་རིང་ཁྱེད་ཀྱིས་གསོལ་བར་བགྱི། །འདི་གསོལ་བཅོམ་ལྡན་ཚེ་དཔག་མེད། །ཞལ་མཐོང་འགྱུར་བར་གདོན་མི་ཟ། །[ཞེས་དང་།] ཐབས་ཀྱི་རྫས་ཚེའི་རིལ་བུ་ཕུལ་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོའི་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག །[ཚེ་ཆང་ཕུལ་ལ།] འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །[ཞེས་དང་།] ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་བ་ལ་བརྟེན་ནས་ཤེས་རབ་

p. 332

སྟོང་ཉིད་རྡོ་རྗེ་ཚེའི་དངོས་གྲུབ་བརྙེས་པར་གྱུར་ཅིག །[ཅེས་མེ་ཏོག་འཐོར། ཚེ་མདའ་ཕུལ་ལ།] ཨཿ མཁའ་ཁྱབ་ཡེ་ཤེས་ཆེན་པོའི་འོད་ཟེར་སྤྲིན༔ སྤྲོས་པས་འཁོར་འདས་ཀུན་ཁྱབ་ཚེ་ཡི་བཅུད༔ དྭངས་མ་མི་ཤིགས་འཁྱིལ་བའི་ཐིག་ལེར་བསྡུས༔ ཟུང་འཇུག་འདུ་འབྲལ་མེད་པའི་དབྱིངས་སུ་བསྟིམས༔ འོད་གསལ་ཀློང་ཡངས་ཆེན་པོར་རྒྱས་བཏབ་པས༔ གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཐོབ་ཤོག །དྷརྨ་དྷཱ་ཏུ་མུ་ཏྲ་ཛྙཱ་ན་བཛྲ་ཏིཥྛ་རཀྵ་རཀྵ་ཧཾ༔ [ཞེས་རྒྱས་གདབ། སྐབས་འདིར་སྤྲོ་ན་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་རྒྱས་བསྡུས་འཚམས་པའི་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་སྙན་འབུལ་གྱིས་མཚམས་སྦྱར་ཏེ་མཎྜལ་ཕུལ། གང་ལྟར་མཎྜལ་ཚོམ་བུ་སོ་བདུན་མ་རྒྱས་པར་འབུལ་བ་དཀྱུས་ལྟར་ལ།] མ་ཚང་བ་མེད་པ་འདི་ཉིད་ཁྱབ་བདག་འཁོར་ལོའི་མགོན་པོ་རྣམ་འདྲེན་རྡོ་རྗེ་སློབ་དཔོན་མཆོག་གི་ཞབས་པད་བསྐལ་པ་རྒྱ་མཚོར་ཞིང་གཞེས་ལ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་པ་རྒྱུན་དུ་བསྐོར་བར་གསོལ་བ་འདེབས་པའི་སླད་དུ་འབུལ་བར་བགྱིའོ། །[སོགས་སྦྱར། དེ་ནས་སྐུ་རྟེན་སོགས་རིམ་པར་འབུལ་ཞིང་། སྐུ་རྟེན་ལ།] བསྟན་འགྲོའི་གཙུག་རྒྱན་དཔལ་ལྡན་བླ་མ་ལ། །ངོ་མཚར་མཚན་དཔེའི་སྣང་བརྙན་འདི་ཕུལ་བས། །གང་སྐུ་བསྐལ་པ་རྒྱ་མཚོར་འཚོ་གཞེས་པའི། །དགེ་མཚན་

p. 333

སྣང་བ་རྟག་ཏུ་འབར་གྱུར་ཅིག །[གསུང་རྟེན་ལ།] ཆོས་ཀྱི་དབང་ཕྱུག་དཔལ་ལྡན་བླ་མ་ལ། །ཐེག་མཆོག་བདུད་རྩིའི་གླེགས་བམ་འདི་ཕུལ་བས། །གང་གསུང་ཡན་ལག་དྲུག་ཅུའི་སྤྲིན་ཆེན་ལས། །ཟབ་རྒྱས་དམ་ཆོས་ཆར་ཆེན་དབབ་ཏུ་གསོལ། །[ཐུགས་རྟེན་ལ།] ཡེ་ཤེས་མཆོག་བརྙེས་དཔལ་ལྡན་བླ་མ་ལ། །རྒྱལ་བའི་ཆོས་སྐུའི་རྟེན་མཆོག་འདི་ཕུལ་བས། །གང་ཐུགས་སྟོང་དང་སྙིང་རྗེ་ཟུང་འཇུག་པའི། །གཟིགས་པས་བདག་སོགས་འགྲོ་ལ་རྗེས་དགོངས་གསོལ། །[ཡོན་ཏན་གྱི་རྟེན་བུམ་པ་བཅུད་ལྡན་ལྟ་བུ་ལ།] ཡོན་ཏན་རྨད་བྱུང་དཔལ་ལྡན་བླ་མ་ལ། །འདོད་དགུ་འཇོ་བའི་བུམ་བཟང་འདི་ཕུལ་བས། །བྲལ་སྨིན་ནོར་བུའི་དགའ་སྟོན་མི་ཟད་པས། །ས་གསུམ་འགྲོ་བའི་རེ་བ་སྐོང་མཛད་གསོལ། །[འཕྲིན་ལས་ཀྱི་རྟེན་སྣ་ཚོགས་རྡོ་རྗེ་ལྟ་བུ་ལ།] ཕྲིན་ལས་མཐའ་ཡས་དཔལ་ལྡན་བླ་མ་ལ། །སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་འདི་ཕུལ་བས། །གང་འདུལ་ཕན་དང་བདེ་བའི་མཛད་པ་མཆོག །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་གྱུར་ཅིག །[ཅེས་འབུལ། འབུལ་ཚན་གཞན་ཡོད་ནའང་འདིར་འབུལ་ཞིང་། འདུན་པ་རྩེ་གཅིག་པས་བརྟན་བཞུགས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་གསོལ་བ་གདབ། ཞལ་བསྲོ་བའི་སླད་དུ་ཚོགས་འཁོར་གྱི་དགའ་སྟོན་སོགས་བྱ། དེ་ནས་བཀྲ་ཤིས་རྫས་རྣམས་རྟ་སྔགས་ཀྱིས་བསང་།] སྭབྷཱ་ཝ[ས་སྦྱངས།] སྟོང་པའི་

p. 334

ངང་ལས་མཱྃ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ། [ཞེས་པས་བྱིན་བརླབས་ལ།] སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། བྲམ་ཟེ་ཀུཎྜ་ལིས་རྩ་དཱུ་རྦ་ཕུལ་བ། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རྡོ་རྗེ་སློབ་དཔོན་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་སླད་དུ་དཱུརྦའི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །[དེ་བཞིན་དུ།] གླང་པོ་ཆེ་ས་སྲུང་གིས་སྨན་གི་ཝཾ་ཕུལ་བ་[སོགས།] གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བ༴ ། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དཔྱིད་དུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་

p. 335

གྱུར་ཅིག །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིལྦ་ཕུལ་བ༴ ། བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ༴ ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བ༴ ། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ༴ ། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བ༴ ། ལི་ཁྲི་དམར་པོ་

p. 336

དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །[ཅེས་རྫས་བརྒྱད་དང་། སྐབས་འགའ་ཞིག་ཏུ་རྒྱས་པ་ལ་མོས་ན།] ཐུགས་རྗེ་རྨད་བྱུང་དཔལ་གྱི་གདུགས་དཀར་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །དགོས་འདོད་ཀུན་འབྱུང་རིན་ཆེན་བུམ་པ་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར༴ ། ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར༴ ། བརྩེ་བས་བཞེས་ཏེ་འདོད་པའི༴ ། གསེར་ལས་གྲུབ་པའི་མདངས་ལྡན་ཉ་མོ་འདི། །རྡོ་རྗེ་སློབ་དཔོན༴ ། ཟབ་རྒྱས་ཆོས་འཁོར༴ ། བརྩེ་བས་བཞེས་ཏེ༴ ། འདབ་སྟོང་ལྡན་པའི་གེ་སར་པདྨ་འདི། །རྡོ་རྗེ༴ ། ཟབ་རྒྱས༴ ། བརྩེ་བས༴ ། དྲི་མེད་རབ་དཀར་དཔལ་གྱི་དུང་དཀར་འདི། །རྡོ་རྗེ༴ ། ཟབ་རྒྱས༴ ། བརྩེ་བས༴ ། རིན་ཆེན་ཟུར་བརྒྱད་དཔལ་གྱི་བེའུ་འདི། །རྡོ་རྗེ༴ ཟབ་རྒྱས༴ ། བརྩེ་བས༴ ། ཁམས་གསུམ་ཀུན་ལས་མཆོག་གྱུར་རྒྱལ་མཚན་འདི། །རྡོ་རྗེ༴ ། ཟབ་རྒྱས༴ ། བརྩེ་བས༴ ། འཁོར་འདས་ཆོས་ལ་དབང་བསྒྱུར་འཁོར་ལོ་འདི། །རྡོ་རྗེ༴ ཟབ་རྒྱས༴ ། བརྩེ་བས༴ ། [ཅེས་རྟགས་བརྒྱད་དང་།]

p. 337

ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་བའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་བན་སྡུག་ཅིང་ཚུལ་བཟང་མ། །པགས་མའི་མདོག་ལེགས་འཇམ་ཞིང་དྲི་མཆོགལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་

p. 338

དང་ཀུན་ནས་འོངས་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །[ཅེས་རྒྱལ་སྲིད་སྣ་བདུན་འབུལ། རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས།] ཕུན་སུམ་ཚོགས་པ་[ལ་སོགས་པའི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ཅིང་ཡུན་རིང་བས་བདེ་ལེགས་སུ་བྱ། བརྟན་བཞུགས་འབུལ་ཡུལ་ཉིད་སྤོས་རོལ་སོགས་བཀུར་སྟི་དང་བཅས་སླར་རང་གནས་སུ་སྤྱན་དྲང་ངོ་། །གསུམ་པ་རྗེས་ནི། ལྷག་མ་དང་གཏོར་སྐྱོང་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་གི་དཀྱུས་ལྟར་མཐའ་རྒྱས་སུ་བྱའོ། །ཡང་སྐབས་འགའ་ཞིག་ཏུ་སྤྲོས་པ་བསྡུ་བའི་ཚུལ་གྱིས་འབུལ་བར་འདོད་ན། བཅས་ཤོམ་ཀྱི་སྐབས་མཁའ་འགྲོའི་དཔལ་གཏོར། གསེར་སྐྱེམས། སྐུ་གླུད་ཙམ་གྱིས་འཐུས། དངོས་གཞི་ཁྲུས་གསོལ་གྱི་རྗེས་སུ་གླུད་གཏོར་བསང་སྦྱངས།] ཨོཾ་ཨཱཿཧཱུྃ། དག་པ་རབ་འབྱམས་ཀྱི་མདངས་ནམ་མཁའི་སྣོད་ཆེན་པོར་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་[པར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ཏེ།] ཀྱཻ། དཔལ་འཁོར་འདས་ཀུན་ཏུ་འཆར་བའི་མ། །དོན་དུག་ལྔ་དག་པའི་ཡེ་ཤེས་ལྔ། །རིགས་ལྔ་ཡི་སྒྱུ་འཕྲུལ་འགག་མེད་དུ། །ཚུལ་ཅིར་ཡང་སྣང་བའི་མཁའ་འགྲོའི་ཚོགས། །འཁོར་གྲངས་མེད་ཀྱི་ཕོ་ཉར་བཅས་པ་རྣམས། །སྐུ་མཛེས་པའི་རྒྱན་འཆང་བརྡ་ཚིག་གསུང་། །ཐུགས་བདེ་ཆེན་གྱིས་

p. 339

རབ་མྱོས་སྤྲིན་ཕུང་བཞིན། །དེང་འདིར་གཤེགས་བདག་གི་ཚིག་འདིར་དགོངས། །མགོན་རྡོ་རྗེ་སློབ་དཔོན་སྐུ་གཟུགས་ཚབ། །དཔལ་ཀུན་ཏུ་བཟང་པོའི་ལོངས་སྤྱོད་སྤྲིན། །དབྱིངས་སྲིད་ཞི་གང་བའི་ནམ་མཁའི་མཛོད། །དེ་ཟག་མེད་བདུད་རྩིའི་སྦར་ཏེ་འབུལ། །ཐུགས་དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །སྤྱིར་དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །སྒོས་རིགས་ལྔའི་མཁའ་འགྲོའི་བསུན་མ་ཟློག །བརྡ་ཐ་སྙད་ཀྱི་དར་ཐག་དབྱིངས་སུ་ཆོད། །མགོན་རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ། །དུས་ཇི་སྲིད་དུ་མི་གཡོ་ཞབས་བརྟན་ཅིང་། །ཆོས་ཟབ་དོན་གྱིས་གྲངས་མེད་གདུལ་བྱའི་འགྲོ། །རྒྱུད་སྨིན་གྲོལ་དུ་མཛད་ལ་གེགས་མེད་མཛོད། །[ཅེས་གཏོར་མ་དང་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་པས་ནུབ་ཕྱོགས་སུ་ཕུལ། དེ་ནས་སློབ་དཔོན་ཚེ་དཔག་མེད་དུ་གསལ་གདབ་བ་སོགས་གོང་ལྟར་ལ་མཐའ་རྟེན་ཡང་རྫས་བརྒྱད་ཙམ་གྱིས་ཆོག་སྟེ་རིག་པས་འཕྲུལ་ཤེས་པར་བྱའོ། །ཞེས་བརྟན་བཞུགས་འབུལ་བའི་ཆོ་ག་གསལ་བདེར་སྤེལ་བ་འཆི་མེད་རྟག་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། ཟབ་ཆོས་ཀྱི་བདག་པོ་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་ཞབས་པད་ཡུན་རིང་དུ་བརྟན་པའི་སླད་དུ་དམིགས་ཏེ། ཚད་མར་གྱུར་པའི་གཏེར་ཆེན་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གསུང་ཁོ་ན་གུང་བསྡེབས་ཏེ་འཇུག་བདེ་རྣམ་གསལ་གྱི་ཚུལ་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐུན་མོང་གི་ལོ་དཔྱིད་ཟླ་འབྲིང་པོའི་ཡར་ཚེས་བཅུ་ལ་རི་བོའི་རིན་ཆེན་སྤུངས་ཀྱི་མགུལ་དུ་སྦྱར་བ་ལས་ཡི་གེ་པ་ནི་རིགས་བྱེད་སྨྲ་བ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་སིདྡྷི་རསྟུ།། །།]

ཚེ་སྒྲུབ་འཆི་མེད་སྲོག་ཐིག་དང་འབྲེལ་བར་འཆི་བ་བསླུ་བའི་ཆོ་ག་འཆི་བདག་གདོང་ཟློག

p. 340
p. 341

༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་དང་འབྲེལ་བར་འཆི་བ་བསླུ་བའི་ཆོ་ག་འཆི་བདག་གདོང་ཟློག་ཅེས་བྱ་བ་བཞུགས་སོ། །

p. 342

ཨོཾ་སྭསྟི། [ཚེ་སྒྲུབ་འཆི་མེད་སྲོག་ཐིག་དང་འབྲེལ་བར་འཆི་བ་བསླུ་བའི་ཆོ་ག་བསྒྲུབ་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ་རྩ་བའི་དཀྱིལ་འཁོར་མཆོད་གཏོར་ཚེ་རྟེན་དང་བཅས་པ་ལེགས་པར་བཤམས་པའི་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སམ་ཅི་བདེ་བར། རྒྱ་ཤོག་ལ་འབྱུང་བ་ལྔའི་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་རེ་རེ་བྲིས་པའི་ལྟེ་བ་དང་རྩིབས་ལ་འབྱུང་བ་སོ་སོའི་ས་བོན་ཡཾ་རཾ་ཁཾ་ལཾ་ཨེ་རྣམས་བྲིས་པའི་མུ་ཁྱུད་ལ། ཨཱ་ལི་གཡོན་སྐོར་དང་། ཀཱ་ལི་གཡས་སྐོར་དུ་ཆད་ལྷག་མེད་པ་དག་པར་བྲི། འབྱུང་བ་སོ་སོའི་རང་མདོག་སྟེ། རླུང་ལྗང་ཁུ། མེ་དམར་པོ། ཆུ་དཀར་པོ། ས་སེར་པོ། ནམ་མཁའི་འཁོར་ལོ་སྔོན་པོར་བསྒྱུར་བ་གཞི་གཙང་མའི་ཁར་བཀྲམ། འགྲུབ་ན་མཆོད་པ་ཡང་བཤམ། སྦྱོང་ཁྲུས་སྔོན་དུ་འགྲོ་བས། འཁོར་ལོ་རྣམས་

p. 343

བསང་སྦྱངས།] སྟོང་པའི་ངང་ལས་འབྱུང་བ་ལྔའི་འཁོར་ལོ། །རླུང་མེ་ཆུ་ས་ནམ་མཁའི་ལྷ་མོ་ལྔ། །ལྗང་དམར་དཀར་སེར་མཐིང་མདོག་མཛེས་ཤིང་འཛུམ། །དར་དང་རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས། །བདེ་བའི་ཉམས་ལྡན་ཕྱག་རྒྱ་གར་གྱིས་རོལ། །གདོད་ནས་དམ་ཡེ་དབྱེར་མེད་ངོ་བོ་གསལ། །ཨོཾ་བཛྲ་ཨརྒྷཾ་[སོགས་ནས།] ཤཔྡའི་[བར་གྱིས་མཆོད།] འབྱུང་བ་ཆེན་པོ་རྣམ་ལྔ་ནི། །ཡེ་ནས་ཡུམ་ལྔའི་རང་བཞིན་ཏེ། །རྣམ་འགྱུར་མ་འགག་ཅིར་ཡང་སྣང་། །དོན་དམ་འདུ་འབྲལ་མེད་ལ་བསྟོད། །[ཅེས་བསྟོད།] དེ་དག་ཐུགས་ཀའི་རང་སྲོག་ཡི་གེ་ལས། །འོད་འཕྲོས་འབྱུང་བ་ལྔ་ཡི་བཅུད་

p. 344

ཐམས་ཅད། །རང་རང་ཡིག་འབྲུ་བསྒྲུབ་བྱའི་ལོ་གྲངས་སུ། །བཀུག་ཅིང་ཐིམ་པས་གཉིས་སུ་མེད་པར་གྱུར། །[ཞེས་གསལ་བཏབ་ལ། འབྱུང་བ་ལྔའི་ས་བོན་སྦྲེལ་བ་དང་། ཨཱ་ལི་ཀཱ་ལི་ལོ་གྲངས་བརྗོད་ལ་བྱིན་གྱིས་བརླབས་ཏེ།] ལྷ་མོ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་འབྱུང་བ་ལྔ་སོ་སོའི་འཁོར་ལོར་གྱུར་[པར་བསམས་ལ། རྟེན་འབྲེལ་སྙིང་པོ་བརྗོད་ལ་མེ་ཏོག་འཐོར། ནམ་མཁའ་རླུང་མེ་ཆུ་སའི་རིམ་པས་འཁོར་ལོ་རྣམས་བརྩེགས་ཏེ། རྫ་ཕོར་སོ་མ་ཁ་སྦྱོར་དུ་བཅུག །ཚོན་སྐུད་ལྔས་རྒྱ་གྲམ་དུ་དཀྲིས། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སམ་ཅི་བདེ་བར་ཕྱར་བ་ལ་སོགས་པ་གདན་གཞི་རྒྱ་ཆེ་བ་ཞིག་གི་སྟེང་དུ་བསྒྲུབ་བྱའི་དྲི་ཆེ་ཆུང་། སྐྲ་སེན་ཁ་སྣའི་ཆུ་ལ་སོགས་པ་དྲི་མས་སྦགས་ཤིང་། རིན་པོ་ཆེ་སྣ་ཚོགས་བསྲེས་པའི་ངར་ཕྱེ་དུད་འགྲོ་དང་མི་ལ་སོགས་པའི་སེམས་ཅན་རིགས་མི་མཐུན་པ་དུ་མར་བགྲེས་ཤིང་དབུགས་ལ་བདུགས་པའི་ཟན་ལ་འདྲ་གླུད་ཁྲུ་གང་པ་ལོང་ཏང་གི་མིག་སོགས་སྐྱེ་མཆེད་དོད་པ་འགྲོབ་ལ་རིངས་པ་འདྲ་བ་ཞིག་བཅོས་པའི་ལྟོ་བར་སྔར་གྱི་འཁོར་ལོའི་རྫ་ཕོར་དེ་ཉིད་སྟེང་འོག་མ་ལོག་པར་བཅུག །མིག་ཏུ་རཾ་དམར་པོ། རྣ་བར་ཡཾ་ལྗང་གུ། སྣ་ལ་ཁཾ་དཀར་པོ། ལྕེ་ལ་ལཾ་སེར་པོ། སྙིང་གར་ཨེ་སྔོན་པོ་རྣམས་ཤོག་པུར་བྲིས་པ་དྲིལ་ཏེ་བཅུག །ནམ་མཁའ་དང་རྒྱང་བུ་བཙུག །མདའ་བཀྲ། འཕཊ་བཀྲ། ཤིང་རིས། གཏོར་མ། ཏིང་ལོ། ཆངས་བུ། ཤ་ཆང་། འབྲུ་སྣ་དར་ཟབ། བྱ་གཅན་རི་དྭགས་གཡུང་དྭགས་ཀྱི་གཟུགས་སོགས་དཀོར་ཆ་སྣ་ཚོགས་པས་མཐའ་བསྐོར། སྣོད་གཞན་ཞིག་ཏུ་སྔར་གྱི་རྒྱུ་ལས་གླུད་ཕྲན་མཛུབ་གང་བ་ལོ་གྲངས་སམ་བརྒྱ་རྩ་བཅོས་པ་ཁ་དོག་ནག་སེར་དམར་ལྗང་གུ་ཁྲ་བོ་སོགས་སྣ་

p. 345

ཚོགས་པར་བསྒྱུར་ཏེ། དར་སྣས་བརྒྱན་པར་སྲིན་བྱ་འུག་པ་ལ་སོགས་པའི་ལྟས་ངན་གྱི་བྱ་སྒྲོ་མང་པོ་བཙུགས། གླུད་སོ་སོའི་མདུན་དུ་རང་མདོག་གི་གཏོར་མ་ཟླུམ་པོ་རེ་དང་ཆངས་བུ་རེའང་བཤམ། གཞན་ཡང་རྫོང་འདེབས་ཀྱི་འབྲུ་སྣ་ཟས་སྣ་སོགས་ཅི་འབྱོར་པ་དང་། མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པ་ཅི་མང་མཐར་ཚེ་འགུགས་རྒྱས་གདབ་བཅས་བྱ། དེ་ནས་ཡས་གླུད་རྣམས་ལ་བསང་ཆུ་འཐོར་ཞིང་།] རཾ་ཡཾ་ཁཾ་[གིས་མ་དག་པའི་དངོས་པོ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་བསམ་ཞིང་།] ཨོཾ་ཨཱཿཧཱུྃ་[གིས་སྤྱིར་བྱིན་གྱིས་བརླབ། བྱེ་བྲག་ཏུ་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་ལ། ཆོས་ཉིད་རྣམ་དག་ནི། ཐལ་མོ་ཁོང་སྟོང་དུ་སྙིང་གར་སྦྱར་ཏེ།] ཨོཾ་སྭབྷཱ་ཝ་ཤུདྡྷཿསརྦ་དྷརྨཱ༔ སྭབྷཱ་ཝ་ཤུདྡྷོ྅ཧཾཿ [ལན་གསུམ་མམ་བདུན་བརྗོད།] རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། [ནམ་མཁའ་མཛོད་ནི། ཐལ་མོ་ཁོང་སྟོང་དུ་སེན་མོ་རྩེ་སྤྲད་པའི་ཚིག་རྣམས་བཅག་པ་སྨིན་མཚམས་སུ་བཞག་ལ།] ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བསམ། བདུད་རྩི་ཐབས་སྦྱོར་ནི། ཐལ་མོ་ཁ་སྦྱར་བ་ཕྱིར་བསྐྱེད། མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་བཞག་ལ།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་

p. 346

ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་[པར་བསམ། རྒྱ་ཆེན་ཤུགས་ལྡན་ནི། གཡས་རྡོ་རྗེ་ཁུ་ཚུར་བཅང་པའི་མཛུབ་མོ་སྒྲེངས། གཡོན་པས་གནོན་བྱས་ལ།] ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་མཐུན་པར་[བསམ། ཡེ་ཤེས་སྐར་མདའ་ནི། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་ཞིང་། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་བྱས་ལ།] ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ཐམས་ཅད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་[བསམ། དབང་སྒྱུར་འཁོར་ལོ་ནི། ལག་གཉིས་ཀྱི་སོར་མོ་ནང་དུ་བསྣོལ་ནས་མཁྲིགས་མ་སྦྱར། མཐེ་བོང་གཉིས་གཤིབ་སྟེ་གྱེན་ལ་སྤྱི་བོར་བཞག་ནས།] ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མཧཱ་ས་མ་ཡ་སྭཱཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་འདུས་པར་[བསམ། དེ་ལྟར་སྔགས་རྣམས་ལན་གསུམ་མམ་བདུན་བརྗོད་པའི་ཕྱག་རྒྱ་བཀྲོལ་བ་ན་སེ་གོལ་བྱའོ། །]ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་

p. 347

འབྱུང་གྱུར་ཅིག །[ཅེས་བདེན་པའི་སྟོབས་བརྗོད། མགྲོན་དགུག་པ་ནི།] ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ ཆོས་ཅན་ཆོས་ཉིད་བདེན་པའི་མཐུས༔ བསྒྲུབ་བྱའི་བླ་རྐུ་སྲོག་ལ་འཇབ༔ ཚེ་དང་མདངས་འཕྲོག་འབྱུང་པོའི་ཚོགས༔ ཞི་བའི་སེམས་ཀྱིས་འདིར་ཁུག་ཅིག༔ བདག་གིས་བསྒོ་བའི་བཀའ་ལ་ཉོན༔ ཕན་པའི་སེམས་ཀྱིས་གནས་པར་གྱིས༔ ཊ་ཀི་ཧཱུཾ་ཛཿསརྦ་བིགྷྣཱ་ན་ཨཾ་ཀུ་ཤ་ཡ་ཛ་ཛཿ [ཞེས་འགུགས་པའི་ཕྱག་རྒྱ། གསུར་དུད་བཤུག་སྒྲ་རོལ་མོ་དང་བཅས་ལན་གསུམ་སོགས་ཀྱིས་མགྲོན་བཀུག་སྟེ་དགའ་ཞིང་གུས་པས་མདུན་དུ་འཁོད་པར་བསམ། གླུད་ཀྱི་སྨྲེང་ནི།] ཧཱུྃཿ སྟོང་གསུམ་ཁམས་ན་གནས་བཅས་ཤིང་༔ སྟེང་འོག་བར་གསུམ་འཁོད་པ་ཡི༔ ལྷ་ཀླུ་ས་བདག་མཐུ་བོ་ཆེ༔ སྤར་མེ་ལོ་ཟླ་དུས་ཚོད་དང་༔ འབྱུང་ལྔ་ལ་དབང་དྲེགས་པ་ཅན༔ བདུད་དང་གཤིན་རྗེ་མན་ཆད་ནས༔ ཡི་དྭགས་ཕྲ་མོ་ཡན་ཆད་རྣམས༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་ལ༔ སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་༔ བླ་ལ་རྐུ་ཞིང་སྲོག་ལ་རྔམས༔ ཚེ་ལ་བར་དུ་གཅོད་པ་ཀུན༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ རིན་ཆེན་འབྲུ་མཆོག་ངར་གྱི་མི༔ ནམ་མཁའི་སེམས་

p. 348

ལ་ཞོ་ཤའི་སྙིང༔ དུང་གི་རུས་ལ་བསེ་ཡི་ཤ༔ མཚལ་གྱི་ཁྲག་ལ་མེ་ཡི་དྲོད༔ རླུང་གི་དབུགས་ལ་ཆུ་ཡི་ཁམས༔ ཟེར་མོའི་སྐྲ་ལ་མུ་ཏིག་ཀླད༔ ལོང་ཏང་མིག་ལ་མགྲོན་བུའི་སོ༔ ལེ་བརྒན་ལྕེ་ལ་དབང་པོའི་ལག༔ ཟངས་ལྕགས་རྐང་ལ་དར་ཟབ་གོས༔ རིན་ཆེན་རྒྱན་ཆ་དཀོར་ཆའི་ནོར༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ གཟུགས་མཛེས་གོམ་སྟབས་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ནི་རྟོག་དཔྱོད་ཧྲིགས་སེ་ཧྲིག༔ བཅས་བཅས་དེ་ནི་བརྡར་བརྡར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ བརྒྱན་བརྒྱན་དེ་ནི་སྤུངས་སྤུངས་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ བཙལ་བཙལ་དེ་ནི་བསགས་བསགས་ནས༔ རྒྱལ་པོའི་བང་མཛོད་དབྱེ་བ་འདྲ༔ དེ་འདྲའི་གླུད་བཟང་ངོ་མཚར་ཅན༔ མི་བས་གླུད་འདི་མི་དགའ་རྒྱུ༔ དངོས་ལས་ཡོན་ཏན་དུ་མས་འཕགས༔ ནོར་ལས་དཀོར་འདིས་མི་རྔམས་རྒྱུ༔ ཅི་འདོད་འབྱུང་ཞིང་ཟད་མི་ཤེས༔ མང་པོར་ཏིང་འཛིན་མཐུ་ཡིས་སྤྲུལ༔ སོ་སོར་ཐོབ་པ་སྔགས་ཀྱིས་སྤེལ༔ ཕྱག་རྒྱས་འཐབ་རྩོད་ཉེ་རིང་མེད༔ ཕུང་ཁམས་སྐྱེ་མཆེད་མཛེས་ཤིང་བརྗིད༔ ནམ་མཁའ་འོད་ལྔའི་པ་ཏྲ་འཁྱིལ༔ ལུས་ངག་ཡིད་གསུམ་རྒྱང་བུས་མཚོན༔ ཐབས་ཤེས་

p. 349

ཕོ་མོའི་གདོང་པ་དང་༔ མདའ་བཀྲ་འཕང་བཀྲ་ལྡེམས་སེ་ལྡེམ༔ ཤིང་རིས་སྲིད་པའི་མིག་བསྒྱུར་ཆེ༔ དཀོར་ཆ་འདོད་ཡོན་བསམ་མི་ཁྱབ༔ དེ་བས་མདོས་གླུད་བཟང་པོ་འདི༔ དགའ་ཞིང་མགུ་བས་ད་ལོངས་ལ༔ ཞི་ཞིང་མཛའ་བའི་སེམས་ཀྱིས་ནི༔ སྦྱིན་བདག་བླ་སྲོག་ཚེ་གསུམ་ལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཐེག༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ [ཅེས་གྱེར་ལ།] བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །[ཞེས་དང་།] སམྦྷ་ར་[ལན་ཉེར་གཅིག་སོགས་ཀྱིས་བསྔོས་ཏེ།] ཀྱེཿ སྲིད་གསུམ་འདི་ན་སུ་ཡང་རུང་༔ བསྒྲུབ་བྱའི་ཚེ་ལ་བར་གཅོད་པའི༔ སྔོན་ལས་འཕྲལ་རྐྱེན་གདོན་བགེགས་རིགས༔ འཆི་བདག་གཤིན་རྗེ་མན་ཆད་ནས༔ ཐེའུ་རང་ཕྲ་མོ་ཡན་ཆད་ཀུན༔ བྱམས་པའི་སེམས་ཀྱིས་གནས་འདིར་འདུས༔ དགའ་བའི་མིག་གིས་གླུད་ལ་ལྟོས༔ སྙིང་རྗེ་མ་གདུང་བུ་ཡི་ཚུལ༔ ཚེ་རབས་འབྲེལ་བའི་བདེན་པ་སོམས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ བྱིན་བརླབས་རྟེན་འབྲེལ་ནུས་པའི་རྫས༔ མི་བས་དགའ་བའི་གླུད་བཟང་པོ༔ ཕུང་ཁམས་སྐྱེ་མཆེད་

p. 350

ཡོངས་སུ་རྫོགས༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་འདི༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ ཤ་རིན་ཁྲག་ཚབ་སྲོག་གི་གླུད༔ མཐུན་པའི་རྫས་སུ་ད་ལོངས་ཤིག༔ སྲེད་དང་ཆགས་དང་ཞེན་པ་སྤོངས༔ དྲན་དང་བཟུང་དང་བསམ་དང་རེག༔ ཞི་དང་གློད་ལ་གྲོལ་བར་མཛོད༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ [ཞེས་གླུད་ཕྲན་གཏོར་མ་ཆངས་བུ་དང་བཅས་པ་རེ་རེ་ངར་མི་ཆེ་བའི་མཐའ་སྐོར་དུ་བསྒྲིག །ཚུལ་དེའི་འགྲོས་ཀྱིས་བརྒྱ་རྩའམ་ལོ་གྲངས་བསགས། དཀོར་ཆ་རྣམས་བསྔོས་པས་དགྱེས་ཤིང་ཚིམ་སྟེ་བསྒྲུབ་བྱའི་བུ་ལོན་དང་ལན་ཆགས་ཐམས་ཅད་ཁྱེར་ནས་གདུག་རྩུབ་ཀྱི་བསམ་པ་ཞི་བར་བསམ། དེ་ལྟར་གྲངས་རྫོགས་པ་ན་ལམ་བསྟན་པ་ནི། མདོས་ཡས་ཁ་ཕྱིར་བསྒྱུར། མར་མེ་སྦར་ཞིང་རྫོང་བཏབ་ལ།] ཧཱུྃ༔ ད་ནི་གཤེགས་སོ་སོ་སོར་གཤེགས༔ ད་ནི་བཞུད་དོ་རང་གནས་བཞུད༔ ཡས་གླུད་བཟང་པོ་འདི་ཁྱེར་ལ༔ དགའ་ཞིང་བྱམས་པའི་སེམས་བསྐྱེད་ནས༔ ཕྱི་མིག་ལ་བལྟ་བདེ་བར་དེངས༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ བདག་ཉིད་དབང་ཆེན་ཁྲོས་པའི་ཡི༔ སྤྲུལ་པའི་ཁྲོ་བོའི་ཚོགས་བཅས་ཀྱིས༔ ཁྱེད་རྣམས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིན་དེངས་ཤིག༔ སརྦ་བིགྷྣཱ་ག་གཙྪ༔ [ཞེས་དང་།] ཨོཾ་ཧྲཱིཿ

p. 351

པདྨནྟ་ཀྲྀཏ་བཛྲ་ཀྲོདྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ། སུམྦྷ་ནི་[སོགས་དྲག་སྔགས་ཀྱི་སྒྲ་སྒྲོག །ཡུངས་ཐུན་གྱིས་བྲབ། གུགས་གྱིས་བདུག །རོལ་མོའི་ཚིམ་རྔམས་དང་བཅས་གླུད་ཡས་རྣམས་རྒྱུན་འབབ་ཀྱི་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ་ལ། ཕྱི་མིག་མི་བལྟ་བར་ལྡོག །ནང་དུ་སླེབས་ནས་སྲུང་འཁོར་བསྒོམ། ནད་པ་སོགས་བསྒྲུབ་བྱ་གང་ཡིན་མདུན་དུ་བོས་ལ་ཚེ་དབང་བསྐུར་བའམ་ཚེ་འགུགས་བསྐུལ་མཐར།] རང་གི་སྙིང་གནས་འོད་ཟེར་སྤྲོས་ཏེ་འབྱུང་བ་ལྔའི་བཅུད་ཐམས་ཅད་ཨེ་ཡཾ་རཾ་ཁཾ་ལཾ་གྱི་རྣམ་པར་བཀུག་པ་བསྒྲུབ་བྱའི་དབང་པོ་སྒོ་ལྔར་ཐིམ་པས་འབྱུང་བ་ལྔའི་དྭངས་མ་སྟོབས་སུ་གྱུར་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་[བསམ་ལ། སོ་སོའི་ས་བོན་ལོ་གྲངས་རེ་བརྗོད་དེ་གནས་སོ་སོར་སྔགས་ཀྱིས་བཏབ་ལ་སྲུང་བའི་གོ་བགོ་ཞིང་བཀྲ་ཤིས་རྒྱས་པར་བརྗོད། འཕྲིན་ལས་རྗེས་ཀྱི་ལམ་རིམ་རྣམས་གཞུང་བཞིན་མཐར་དབྱུང་བས་འགྲུབ་བོ། །དེས་ནི་ལོ་གསུམ་གྱི་འཆི་བ་བཟློག་པར་ཐེ་ཚོམ་མེད་དེ། སློབ་དཔོན་ཆེན་པོའི་ཟབ་པའི་མན་ངག་སྙིང་པོར་དྲིལ་བའོ། །༈ ། ཡང་འདི་དང་འབྲེལ་བར་བླ་བསླུའི་ཆོ་ག་མདོར་བསྡུས་བྱ་བར་འདོད་ན། གུང་དུ་ཚེ་རྟེན་གྱི་དཀྱིལ་འཁོར་བཤམས་པའི་མདུན་སོགས་ཕྱོགས་གང་བདེར། རིན་པོ་ཆེའི་སྣོད་ཆུ་སྣས་བཀང་བར་བླ་ལུག་ཕོ་མོའི་སྐྱེ་མཆེད་དོད་པོར་བཟོས་པའི་ཁོག་པར་གྲོག་གའམ་ཤོག་གུར་གསེར་རམ་མཚལ་གྱིས་བསྒྲུབ་བྱའི་

p. 352

མིང་བྱང་བྲིས་པ་དང་། བླ་གཡུ་འོད་འབར་བ། ནས་དཀར་ལོ་་གྲངས་བཅས་དར་དམར་གྱིས་དྲིལ་བ་བཅུག་སྟེ་བཞག་པ་དང་། ཉེ་ལོགས་སུ་བསྒྲུབ་བྱའི་འདྲ་གླུད་ཡས་སྟག་རྣམས་སྔར་བཤད་པ་བཞིན་འདུ་བྱ། འབྱུང་ལྔའི་འཁོར་ལོའི་བཅས་དང་འདོན་བྱ་མི་དགོས། ཚེ་སྒྲུབ་ཀྱི་གཞུང་བསྲངས་ཏེ་བཟླས་པ་དང་།] ཨོཾ་རྫ་བ་རྫ་བ་རྫུ་བ་རྫུ་བ་བྷ་དྲ་སློང་སློང་ནྲྀ་ཁུག་ཛ་ཛཿ [ཞེས་བཏགས་པ་ཅི་མང་བཟླས་མཐར་ཚེ་འགུགས་བསྐུལ། དེ་ནས་ཡས་གླུད་བྱིན་གྱིས་བརླབ་པ་ནས་བསྔོ་བའི་བར་གོང་བཞིན་བཏང་ལ་ལོ་གྲངས་སོགས་ཚར་ཅི་རིགས་བསགས་རྗེས།] རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས། གདོན་བགེགས་རྣམས་ལ་ཕོག་པས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས། འོད་ཟེར་ཚུར་འདུས་པས་བསྒྲུབ་བྱའི་བླ་ཚེ་ཉམས་པ་ཐམས་ཅད་འོད་དང་ཐིག་ལེ་ཡི་གེའི་རྣམ་པར་རྟེན་དང་བསྒྲུབ་བྱར་ཐིམ་པས་བླ་ཚེ་སོར་ཆུད། བཀྲག་མདངས་རྒྱས་ཤིང་བརྟན་གཡོའི་ཚེ་བཅུད་ཐོབ་པར་[བསམ་ལ། མདའ་དར་གཡབ་ཅིང་ཚེ་འགུགས་བསྐུལ་ཏེ་གོང་གི་སྔགས་ཅི་རིགས་བཟླས་མཐར་སླར་ཡང་བདེན་སྟོབས་དམོད་པས་འགུགས་པ་ནི།] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ༴ ། ཆོས་ཀྱི་བཀའ༴ ། དགེ་འདུན་གྱི་བཀའ༴ ། བཅོམ་ལྡན་འདས་པདྨ་ཚེ་དཔག་

p. 353

ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ༴ ། བཀའ་སྡོད་ཆོས་སྐྱོང་མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་། གྲོང་ཁྱེར་ཆེན་པོའི་སྲང་མདོ། ཁྲོམ་ཆེན་པོའི་འདུས། ལྷ་སྲིན་གདུག་རྩུབ་ཅན་གནས་པའི་ས་ནས། ཚེ་དང་ལྡན་པ་[མིང་རུས་ལོ་ཁམས་འདི་ཞེས་བྱ་བའི་]བླ་ཚེ་ཉམས་པ་དང་། ཡར་བ་དང་། སྟོར་བ་དང་། བྲོས་པ་དང་། འཁྱམས་པ་དང་། གདོན་ཆེན་གྱིས་འཕྲོག་པ། གདོན་ཆུང་གིས་བརྐུས་པ། བྱད་མ་ལྷ་སྲུང་གིས་ཁྱེར་བ་ཐམས་ཅད་ད་ལྟ་ཉིད་དུ་རང་གནས་སུ་ཁུག་ཅིག །[ཅེས་ལན་གསུམ་ལ་སོགས་པས་བཀུག་ཅིང་། བར་སྐབས་སུ།] ན་མོ། མཆོག་གསུམ་རྩ་བ་གསུམ་གྱི་བྱིན་རླབས་དང་། །དྲང་སྲོང་རིག་འཛིན་ལྷ་ཡི་བདེན་ཚིག་དང་། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཡིས། །རྟེན་འབྲེལ་ལེགས་ཉེས་མ་འདྲེས་གསལ་གྱུར་ཅིག །[ཅེས་དང་། རྟེན་འབྲེལ་སྙིང་པོ་བཟླ་བཞིན་དུ་བླ་ལུག་བསྐོར་བས་ལན་གཅིག་མ་ཡིན་པར་རྟེན་ལ་ཁ་ཕྱོགས་ན་ཁུག་པའི་རྟགས་སོ། །མཐར་གླུད་རྫོང་བཏབ་ལ་ལམ་བསྟན་ཏེ་ཡས་གླུད་ཕྱི་རོལ་དུ་བསྐྱལ། དྲག་སྔགས་སོགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ། དེ་ནས་

p. 354

བསྒྲུབ་བྱ་ལ་ཚེ་དབང་བསྐུར་བའམ་ཚེ་འགུགས་བསྐུལ་ལ་བླ་རྟེན་རྣམས་ལག་ཏུ་གཏད་དེ་རྒྱུན་དུ་འཆང་བར་གདམས་ཤིང་ཚེ་སྦ་བསྟིམས་རྒྱས་གདབ་བྱ། བཀྲ་ཤིས་རྒྱས་པར་སྤེལ་བས་གྲུབ་བོ། །ཞེས་པའང་ཚེ་སྒྲུབ་འདི་དང་འབྲེལ་བར་ཉེ་བར་མཁོ་བའི་ཡན་ལག་ཏུ་དགོས་པར་མཐོང་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིགས་མཐུན་གྱི་ཟབ་གཏེར་ལས་འཇུག་བདེའི་ཁ་སྐོང་དུ་བསྡེབས་པའོ།། །།སརྦ་དཱ་མངྒ་ལཾ།། །།]

གཏེར་གསར་ཕུར་པ་ཡང་གསང་བཅུད་དྲིལ་གྱི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཏིག་གི་དབང་གི་མཚམས་སྦྱོར་ཉུང་ངུར་སྤྲོས་པའི་འཆི་མེད་ནོར་བུའི་བུམ་བཟང་།

p. 355

༄༅། །གཏེར་གསར་ཕུར་པ་ཡང་གསང་བཅུད་དྲིལ་གྱི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཏིག་གི་དབང་གི་མཚམས་སྦྱོར་ཉུང་ངུར་སྤྲོས་པའི་འཆི་མེད་ནོར་བུའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

p. 356

སྭསྟི། ཁྱབ་བདག་པདྨ་གར་གྱི་དབང་། །འཆི་མེད་མགོན་ལ་གུས་བཏུད་ནས། །སྨིན་བྱེད་དབང་གི་རིམ་པ་ཡི། །ཟུར་རྒྱན་མཚམས་སྦྱོར་ཉུང་ངུར་སྤེལ། །[དེ་ཡང་། གུ་རུ་དུས་གསུམ་མཁྱེན་པའི་ཐུགས་བཅུད། སྙིགས་དུས་རིག་འཛིན་ཡོངས་ཀྱི་སྲོག་མཐུད་ཚེ་སྒྲུབ་ཟབ་མོའི་དབང་བསྐུར་གྱི་རིམ་པ་རྡུལ་ཚོན་དང་འབྲེལ་བའི་ཆོ་གའི་ཚུལ་ནི་གཞུང་དང་ཕྱག་བཞེས་ཉིད་ལས་ཤེས་པར་བྱ་བ་ཡིན་ལ་འདིར་རས་བྲིས་སམ་ཚོམ་བུ་ཙམ་ལ་བརྟེན་པའི་དབང་བསྐུར་གྱི་རིམ་པ་འཆད་པ་ལ་གསུམ་གྱི་དང་པོ་ནི། དགེ་ཞིང་ཤིས་པའི་གནས་སུ་རྩ་བ་གསུམ་སྤྱི་དང་བྱེ་བྲག་གི་རྟེན་བཀྲམ་པའི་མདུན་དུ། དཀྱིལ་འཁོར་དབང་རྫས་མཆོད་གཏོར་སོགས་མཁོ་བའི་ཡོ་བྱད་རྣམས་གཞུང་བཞིན་ལེགས་པར་ཚོགས་པར་བྱའོ། །གཉིས་པ་ལ་གསུམ་གྱི། དང་

p. 357

པོ་ནི། སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་དང་ལྡན་པས་འཕྲིན་ལས་སྔོན་འགྲོ་ནས་བརྩམས། དངོས་གཞི་བསྙེན་སྒྲུབ་ཡན་ལག་བཞི་རྫོགས་ཀྱི་བསྐྱེད་བཟླས་ལས་སྦྱོར་ཚེ་འགུགས་བསྟིམ་གྱི་རིམ་པ་དང་བཅས་པས་བདག་དང་སྒྲུབ་རྫས་ནུས་ལྡན་དུ་བྱས་མཐར། སྤྱི་བྱེའི་སྲུང་མའི་གཏོར་ཆོག །འཕྲིན་ལས་གཞུང་གི་ཚོགས་མཆོད་བསྟབ་པའི་བར་གྲུབ་པ་དང་། ལས་བུམ་ནུས་ལྡན་དུ་བསྒྲུབ་ཅིང་། རྒྱས་པར་བདག་ཉིད་འཇུག་པ་སློབ་མ་ལ་ཇི་ལྟ་བ་བཞིན་བླང་བའམ། བསྡུ་ན་སྔགས་རྙིང་མའི་རྡོ་རྗེ་འཛིན་པ་རྣམས་ཀྱི་ཕྱག་བཞེས་སུ་འབྱུང་བ་བཞིན་རིག་པའི་མེ་ཏོག་དོར་ཞིང་ལྷ་བདག་གཉིས་མེད་ཀྱི་དགོངས་ཉམས་བསྐྱང་བས་ཀྱང་འཐུས། གང་ལྟར་ཡང་སློབ་མ་གཞུག་པར་གསོལ་བ་འདེབས་པའི་རིམ་པའམ་གསང་བ་སྤྱིའི་ཕྱག་ལེན་བཞིན་གྲུབ་པར་བྱས་

p. 358

ནས། གཉིས་པ་དངོས་གཞིའི་དབང་བསྐུར་བ་ལའང་གསུམ་ལས། དང་པོ་ནི། སྣོད་ལྡན་ཟུང་དུ་མ་གྱུར་པ་རྣམས་ཕྱི་རོལ་དུ་ཁྲུས་བྱས། ནང་དུ་འོང་འདུད་ཕྱག་སྔོན་དུ་འགྲོ་བས་གྲལ་དུ་འཁོད་པར།] འོ་ལགས་སོ་འདིར་གསང་བ་ཟབ་མོའི་དཀྱིལ་འཁོར་དུ་དབང་བསྐུར་བསྒྲུབ་པའི་ཐོག་མར་སློབ་དཔོན་སངས་རྒྱས་གསང་བས། དག་པ་ཁྲུས་ནས་མ་བཏོན་པར། །གསང་སྔགས་དབང་གི་སྒོ་མི་དབྱེ། །བྱུར་དང་མི་ཤིས་མ་བསལ་བར། །གསང་སྔགས་དབང་གི་གྲལ་མི་བཀོད། །སྲུང་བའི་འཁོར་ལོ་མ་བསྒོམས་པར། །གསང་སྔགས་དབང་གི་ཆོས་མི་འཆད། །ཅེས་གསུངས་པས། དག་པ་ཁྲུས་ནས་དབྱུང་བའི་རིམ་པ་སྔོན་དུ་སོང་ཟིན་ནས་འདིར་བྱུར་དང་མི་ཤིས་པ་བསལ་བའི་ཕྱིར་ལན་ཆགས་ཀྱི་བགེགས་ལ་གཏོར་མ་སྦྱིན་ཞིང་ཕྱིར་བསྐྲད་པ་དང་། སྲུང་བའི་འཁོར་ལོས་མཚམས་བཅད་པ་བཅས་བགྱི་བ་ལགས་ཏེ་[ཞེས་པས་མཚམས་སྦྱར་ནས་ལས་གཞུང་ནས་འབྱུང་བ་བཞིན་གྱི་བགེགས་གཏོར་བསྔོ་ཞིང་། ཚམས་རྔམས་རོལ་མོར་བཅས་ཀྱིས་བསྐྲད། སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་གྲུབ་ཟིན་ནས།] འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མཐར་ཐུག་འཆི་མེད་བླ་མའི་དཀྱིལ་འཁོར་གྱི་གོ་འཕང་མཆོག་ལ་སྦྱོར་བ་དང་། གནས་སྐབས་ཚེ་བགེགས་

p. 359

མི་མཐུན་པའི་ཕྱོགས་ལས་རྒྱལ་ཞིང་། ཆོས་ལྡན་གྱི་རྟེན་མཆོག་ཡུན་ཏུ་འཚོ་བའི་ཕྱིར་རྡོ་རྗེ་ཚེའི་དབང་བསྐུར་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་ཀུན་སློང་དང་ལྡན་པས་གསན་འཚལ། དེ་ཡང་རྒྱལ་བ་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་གདུལ་བྱའི་མོས་པ་དང་དབང་པོ་སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཐེག་པའི་འཇུག་སྒོ་མཐའ་ཡས་པ་ཞིག་བསྟན་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་དེ་དེ་ལ་ཡང་རང་ཅག་བོད་ཡུལ་འདིར་འགྱུར་སྔ་ཕྱིའི་དབང་གིས་གསར་རྙིང་གཉིས་སུ་གྲགས་པའི་གསར་མ་ལས་ཆེ་བ་དུ་མས་ཁྱད་དུ་འཕགས་པའི་གསང་སྔགས་རྙིང་མ་ཡིན་ཞིང་། དེ་ལའང་རིང་རྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་གཉིས་སུ་ཕྱེ་བའི་ཕྱི་མ་ཉིད་བཀའ་མ་ལས་ཀྱང་བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་དུ་མས་ཆེ་ཞིང་བརྒྱུད་ཐག་ཉེ་བའི་བྱིན་རླབས་ཀྱི་དྲོད་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ཡང་སྙིགས་མ་ལྔ་བདོ་ཞིང་རྒྱས་བསྟན་སྤྱི་དང་བྱེ་བྲག་རི་མོའི་མར་མེ་ལྟར་གྱུར་པའི་སྐབས་འདིར་ལས་འཕྲོ་སད་པའི་སྐལ་ལྡན་གྱི་སྐྱེས་བུས་

p. 360

དོན་གཉིས་རླབས་པོ་ཆེ་འགྲུབ་པར་འགྱུར་ལ་དགོངས་ནས། གུ་རུ་ཡབ་ཡུམ་དང་ལས་ཅན་རྗེ་འབངས་རྣམས་ཀྱིས་རྒྱུད་ལུང་མན་ངག་གི་ཡང་བཅུད་རྣམས་བོད་ཡུལ་མཐའ་དབུས་ཀྱི་གཙུག་ལག་ཁང་དང་རི་བྲག་མཚོ་གསུམ་སོགས་སུ་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་སྦ་བར་མཛད་པ་རྣམས་དུས་བབ་འགྲོ་འདུལ་སྤྲུལ་པའི་སྐུ་སོ་སོས་ཟབ་མོའི་གཏེར་ནས་ཕྱུངས་ཏེ་བསྟན་འགྲོར་ཕན་བདེ་སྤེལ་བའི་འཕྲིན་ལས་ངོ་མཚར་ལ་རྒྱུན་མི་ཆད་པ་རང་ཅག་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་འདི་ཉིད་ལས། ད་ལམ་གྱི་སྐབས་སུ་བབ་པ་རྡོ་རྗེ་ཕུར་པ་ཡང་གསང་བཅུད་དྲིལ་གྱི་ཆ་ལག་ཚེའི་སྒྲུབ་ཐབས་འཆི་མེད་རིག་འཛིན་སྲོག་ཅིག་གི་སྨིན་བྱེད་ཟབ་མོ་བསྒྲུབ་པའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་ན། རང་སྣང་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་དུ་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་འཆི་མེད་འོད་མི་འགྱུར་བས། རང་རྩལ་རིག་པའི་འཁོར་ལ་བརྗོད་མེད་རང་ཤར་གྱི་དགོངས་པས་འཆི་མེད་གཉུག་མའི་ཏནྟྲ་དུས་བཞི་མཉམ་པ་ཉིད་དུ་བསྟན་པ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། འོག་མིན་པདྨ་དབང་ཆེན་རོག་པའི་དུར་ཁྲོད་ཆེན་པོར། ཀུན་བཟང་ཞི་ཁྲོ་རིགས་ལྔའི་སྟོན་པས་འཁོར་ཉིད་ལས་མི་གཞན་པའི་རིག་འཛིན་རིགས་ལྔའི་མཁའ་འགྲོ་འབུམ་ཕྲག་

p. 361

ཡངས་པའི་ཚོགས་དང་བཅས་པ་རྣམས་ལ་འཆི་མེད་རྡོ་རྗེ་ཚེའི་ཏནྟྲ་བརྡ་ཐབས་བྱིན་རླབས་ཀྱི་སྒོ་ནས་བསྟན་པ་ནི་རིག་འཛིན་བརྡའི་བརྒྱུད་པ། འགྲོ་འདུལ་འཆི་མེད་གྲུབ་པའི་གནས་མཆོག་མ་རཱ་ཏི་ཀར་རང་བྱུང་པདྨ་ཡབ་ཡུམ་གྱི་མདུན་དུ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་དངོས་སུ་བྱོན་ནས་སྐྱེ་འཆི་མེད་པར་དབང་བསྐུར། བགྲེས་རྒུད་བྲལ་བར་བྱིན་གྱིས་བརླབས་ཤིང་། རྡོ་རྗེ་ཚེའི་ཏནྟྲ་ཆེན་པོ་བཤད། སླར་བོད་ཡུལ་དབུས་ཀྱི་སྒྲུབ་གནས་གཡའ་མ་ལུང་ལྷོ་བྲག་མཁར་ཆུ་སོགས་དང་ཁྱད་པར་སེང་གེ་རྫོང་དང་དཔལ་གྱི་སྟག་ཚང་རྣམས་སུ་འཆི་མེད་བླ་མ་པདྨ་ཀཱ་རས་ལས་ཅན་རྗེ་འབངས་རྣམས་ལ་རྡོ་རྗེ་ཚེའི་དབང་བསྐུར་རྒྱུད་བཤད་མན་ངག་ཚང་སྤྲུགས་སུ་བསྟན་པ་ནི་གང་ཟག་སྙན་ཁུང་གི་བརྒྱུད་པ། སྐབས་དེར་གུ་རུ་ཡབ་ཡུམ་རྗེ་འབངས་དང་བཅས་པས་མ་འོངས་པའི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཚེ་རྒྱུད་སྒྲུབ་ཐབས་དམ་རྫས་སོགས་སོ་སོར་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་ཟབ་མོའི་གཏེར་དུ་བསྩལ་བ་ཉིད། དེང་སང་འདོན་པའི་དུས་ལ་བབས་པ་ན། རྣམ་སྣང་ལོ་ཆེན་བཻ་རོ་ཙ་ན་དང་། རྡོ་རྗེ་བདུད་འཇོམས་ཟུང་གི་རྣམ་འཕྲུལ་རིག་འཛིན་ཆེན་པོ་ཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷོ་ཕྱོགས་

p. 362

མོན་ཁ་སེང་གེ་རྫོང་གི་མཚོ་རྒྱལ་གསང་ཕུག་ནས། ཤིང་འབྲུག་གི་ལོར་སྐལ་ལྡན་གྱི་འདུས་པ་དུ་མའི་མིག་ལམ་དུ། རིག་འཛིན་མཁའ་འགྲོས་བྱིན་གྱིས་བརླབས་པའི་ལྟས་དང་། གཏེར་སྲུང་ཆོས་སྐྱོང་གིས་འཕྲིན་ལས་སྒྲུབ་པའི་མཚན་མའི་ཆོ་འཕྲུལ་དང་ལྡན་པར་སྤྱན་དྲངས་ཤིང་དག་པའི་སྣང་བར་གུ་རུ་ཡབ་ཡུམ་རྗེ་འབངས་དང་བཅས་པས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་དབང་བསྐུར་རྫོགས་པར་ནོད་ཅིང་རྒྱལ་ཚབས་ཆེན་པོར་མངའ་གསོལ་བ་ནི་སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་སྟེ། དེ་ལྟར་ཡིད་ཆེས་ལ་ཁུངས་བཙན་པའི་ཟབ་མོའི་གཏེར་ཆོས་འདི་ཉིད་ཀྱི་དབང་བསྐུར་ཟབ་མོ་འབུལ་བར་བྱེད་པ་ལ། བདག་སློབ་དཔོན་གྱི་བགྱི་བར་འོས་པའི་རིམ་པ་རྣམས་གྲུབ་ཟིན་པ་ལགས་པས། སྐུ་ཉིད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་བསྐུར་ཟབ་མོ་གསན་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། [ཞེས་བརྡ་སྦྱར་ནས་མཎྜལ་འབུལ་དུ་གཞུག །]དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་ལས་གྲུབ་པའི་མེ་ཏོག་གི་ཕྲེང་བ་མ་ཉམས་པ་རེ་ཕྱག་ཏུ་ཐོགས་པར་མོས་མཛོད། ཨོཾ་རཏྣ་པུཥྤེ་ཨཱཿཧཱུྃ༔ [གིས་མེ་ཏོག་དང་།] སྔོན་ཆད་མ་རིག་པའི་སྒྲིབ་པས་གཡོགས་ཏེ་རང་བྱུང་ཚེ་ལྷའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་

p. 363

འཆིང་བར་ཞུ། ཨོཾ་ཨཱཿཧཱུྃ༔ [གིས་བསངས་པའི་མིག་དར་བྱིན།] སློབ་དཔོན་དཀྱིལ་འཁོར་གྱི་ཁྱབ་བདག་ཆེན་པོར་བཞུགས་པའི་དྲུང་དུ་དབང་བསྐུར་ཞུ་བའི་དོན་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། [ཅེས་བརྡ་སྦྱར་ནས།] ཨོཾ༔ དཔལ་ལྡན་པདྨ་གར་གྱི་བདག༔ འཆི་མེད་ཡེ་ཤེས་སྐུ་འཆང་བ༔ རྡོ་རྗེ་སློབ་དཔོན་ཆེ་བའི་མཆོག༔ བཀྲ་ཤིས་ཚེ་ཡི་དཀྱིལ་འཁོར་དུ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ [ལན་གསུམ།] དེ་ལྟར་གསོལ་བ་བཏབ་པའི་ལན་དུ་བུ་ཡི་བློ་གྲོས་བརྟག་པའི་ཕྱིར་སློབ་དཔོན་གྱིས་འདི་སྐད་བརྗོད་པར་སྙན་གཏོད་འཚལ༔ ཨེ་མ་སྐལ་ལྡན་བུ་རྣམས་ཉོན༔ གསང་བ་སྙིང་པོའི་དཀྱིལ་འཁོར་འདི༔ དམ་ཚིག་དག་པ་ལ་རབ་གནས༔ ཤིན་ཏུ་ཟབ་ཅིང་ཁེ་ཉེན་ཆེ༔ དེ་ཕྱིར་སྙིང་ནས་འཇུག་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདི་སྐད་གསུངས་པར་ཞུ། ཀྱེ་ཧོཿ སྐུ་གསུམ་རྒྱལ་བའི་གདུང་འཚོ་བ་མགོན༔ ཐུགས་རྗེ་ཆེན་པོའི་བདག་ཉིད་མཆོག༔ འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས༔ བླ་མེད་སྙིང་པོའི་དཀྱིལ་འཁོར་འདིར༔ བདག་ནི་སྙིང་

p. 364

ནས་འཇུག་པར་སྤྲོ༔ ཡང་དག་སྙིང་པོར་གཞུག་ཏུ་གསོལ༔ དེ་ལྟར་གསོལ་བ་ལ་སློབ་དཔོན་གྱིས་མཁྱེན་བརྩེའི་སྒོ་ཕྱེས་ཏེ་གནང་བ་སྦྱིན་ཞིང་དམ་ཚིག་གི་གནད་བསྒྲག་པ་ནི། ཧོཿ སྔོན་ནས་ལས་འཕྲོ་ལྡན་པའི་བུ༔ བཀའ་གསང་བླ་མེད་དཀྱིལ་འཁོར་འདིར༔ འཇུག་པར་འདོད་པ་ཤིན་ཏུ་ལེགས༔ བདག་གིས་ཁྱོད་ཉིད་གཞུག་བྱ་ཡི༔ དམ་ཚིག་ཆེན་པོའི་རྡོ་རྗེའི་གནས༔ སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན༔ ཉམས་པའི་དྲི་མ་ཀུན་སྤངས་ནས༔ སྲོག་ལྟར་གཅེས་པར་བཟུང་བར་གྱིས༔ ཞེས་བསྒྲགས་པའི་ལན་དུ་རྡོ་རྗེ་ཐེག་པའི་དམ་ཚིག་ཆེན་པོ་ཚུལ་བཞིན་བསྲུང་ཞིང་ནམ་ཡང་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ སྔོན་ཆད་མ་རིག་ལས་ཉོན་གྱིས༔ ནོན་ཏེ་ཁྱོད་ཀྱི་བཀའ་ལས་འདས༔ ད་ནི་གནོང་ཞིང་འགྱོད་སེམས་ཀྱིས༔ དམ་ཚིག་ཆེན་པོའི་ཚུལ་དག་ལས༔ སླན་ཆད་མི་འདའི་གཡར་དམ་བཟུང་༔ མགོན་པོ་མཆོག་ཁྱོད་དཔང་དུ་གསོལ༔ ཞེས་ཞུས་པར། སླར་ཡང་རྡོ་རྗེ་གསང་བའི་ཆོ་གའི་ཚུལ་རྣམས་སྣོད་མིན་ལ་གསང་བར་གདམས་པ་དང་། དམ་ཚིག་གི་དཔང་པོར་རྡོ་རྗེའི་ཆུ་ནན་སྦྱིན་པ་ནི། ཧོཿ དེ་ལྟར་ཡིན་ན་ཧེ་རུ་ཀའི༔

p. 365

དཀྱིལ་འཁོར་གཉན་པོར་ད་ཞུགས་ཤིག༔ འདི་ཚུལ་ཕྱི་རོལ་ལ་གནས་པའི༔ དམ་མེད་དག་ལ་མ་སྨྲ་ཞིག༔ གལ་ཏེ་རླུང་ཕྱོགས་ཙམ་སྨྲས་ན༔ འདི་ནས་འཕོས་ཏེ་མནར་མེད་དུ༔ ཁྱོད་ལུས་འདྲལ་ཏེ་བསྲེག་པར་བྱེད༔ དེ་ཕྱིར་རྡོ་རྗེའི་མནའ་ཆུ་འདི༔ སྙིང་ལ་ཡོངས་སུ་བསྟིམ་པར་བགྱི༔ ཨོཾ་བཛྲ་ཨ་དཱ་ཀ་ཋ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཧཱུྃ༔ ཞེས་མནའ་ཆུ་བྱིན་པ་དེ་ཉིད་སྙིང་དབུས་སུ་ཞུགས་པར་མོས་ལ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ དེ་ལྟར་བྱིན་པའི་ཆུ་ནན་དེ་ཉིད་ཁྱེད་རང་རྣམས་ཀྱི་སྙིང་དབུས་སུ་གནས་ནས་དམ་ཚིག་ཉམས་ན་ཡཀྴ་སྡིག་པ་མགོ་དགུ་པས་སྙིང་ཁྲག་འཐུང་ཞིང་རྡོ་རྗེའི་དམྱལ་བར་སྲེག་པར་བྱེད་ལ། དམ་ཚིག་སྲུང་ན་རྡོ་རྗེ་སེམས་དཔར་གྱུར་ཏེ་དངོས་གྲུབ་ཆེན་པོ་སྩོལ་བར་མཛད་པ་ཡིན་པས་ཁེ་ཉེན་གྱི་གནད་ལ་བླང་དོར་ཚུལ་བཞིན་མཛད་པ་དང་། སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་རེག་པས་ཡེ་ཤེས་སེམས་དཔའ་དེ་ཉིད་སྒོ་གསུམ་ལས་ནམ་ཡང་མི་འདའ་བར་རྒྱས་བཏབ་པར་མོས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏཱ་མཧཱ་ཨཱཿཡུརྫྙཱ་ན་ཀཱ་ཡ་བཛྲ་ས་མ་ཡ་ཨོཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏཱ་མཧཱ་ཨཱཿཡུརྫྙཱ་ན་ཝཱ་ཀ་བཛྲ་ས་མ་ཡ་

p. 366

ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨཱཿཡུརྫྙཱ་ན་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ [ཞེས་བརྗོད་པས་བརྟན་པར་བྱ།] ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོར་འཇུག་པར་བྱེད་པ་ལ་རྒྱུད་སྡོམ་ལྡན་དུ་བསྒྲུབ་པའི་ཐོག་མར་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་རྡོ་རྗེ་ཚེ་ལྷའི་དཀྱིལ་འཁོར་པ་གཙོ་བོར་གྱུར་པའི་ཕྱོགས་དུས་ཀྱི་རྩ་གསུམ་རབ་འབྱམས་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་སྒོ་གསུམ་འཇུག་པ་གཅིག་པས་དེང་ནས་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ན་མོཿ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྐྱབས་ཡུལ་ཀུན་འདུས་མགོན་པོ་ཚེ་ཡི་ལྷར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ [ལན་གསུམ།] མེད་བཞིན་འཁྲུལ་པའི་འགྲོ་བ་མཐའ་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་རྣམས་ལ་ཚད་མེད་པའི་བྱམས་པ་དང་སྙིང་རྗེས་ཁྱབ་པར་བྱས་ཏེ་འདི་དག་ཐམས་ཅད་འཆི་མེད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་སྨིན་གྲོལ་གྱི་ལམ་ཟབ་མོར་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿ གཟུང་འཛིན་འཁྲུལ་བའི་སྣང་བས་

p. 367

བསྐྱེད་པའི་འགྲོ༔ མཐའ་མེད་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས༔ ཡེ་གྲོལ་འཆི་མེད་གཞོན་ནུ་བུམ་སྐུའི་ཀློང་༔ རོ་མཉམ་ཆེན་པོར་འགོད་པར་སེམས་བསྐྱེད་དོ༔ [ལན་གསུམ།] ཚོགས་ཀྱི་ཞིང་མཆོག་ཁྱད་པར་དུ་འཕགས་པ་དེ་རྣམས་ཀྱི་སྤྱན་སྔར་བསགས་སྦྱོང་གི་སྙིང་པོར་གྱུར་པ་ཡན་ལག་བཅུ་པ་ཚིག་རིས་དང་མཐུན་པའི་དོན་གསལ་འདེབས་བཞིན་དུ་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ༔ འཆི་མེད་ཚེ་ཡི་ལྷ་ཚོགས་མ་ལུས་པ༔ འདིར་གཤིགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ ཡེ་ནས་འཕོ་འགྱུར་བྲལ་བ་ནམ་མཁའི་སྐུར༔ གཉིས་མེད་རང་གསལ་ཆེན་པོར་གུས་ཕྱག་འཚལ༔ སྣང་སྲིད་རྣམ་དག་འདོད་ཡོན་རོ་པའི་རྒྱན༔ བྱར་མེད་ལྷུན་རྫོགས་མཆོད་སྤྲིན་རྒྱ་མཚོས་མཆོད༔ རྟག་ཆད་མཚན་མས་སྒྲིབ་པའི་ཉོན་མོངས་ལས༔ སྡིག་ལྟུང་མི་དགེའི་ཚོགས་རྣམས་འགྱོད་པས་བཤགས༔ མངོན་པར་བྱང་ཆུབ་ཡོན་ཏན་རྒྱ་མཚོའི་ཞིང་༔ ཁྱེད་ཀྱི་རྣམ་པར་ཐར་ལ་ཡི་རང་ངོ་༔ འོད་གསལ་སྐྱེ་མེད་རྡོ་རྗེའི་སྒྲ་དབྱངས་ཀྱིས༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུར༔ མི་འདའ་འགྲོ་བའི་དོན་ཕྱིར་བཞུགས་སུ་གསོལ༔ དགེ་རྩ་དམིགས་

p. 368

མེད་འཁོར་གསུམ་ཡོངས་དག་པ༔ མི་གནས་ཆོས་དབྱིངས་མཉམ་པ་ཉིད་དུ་བསྔོ༔ སྐྱེ་འཆི་འགྱུར་མེད་མགོན་པོ་ཚེ་མཐའ་ཡས༔ ཡོན་ཏན་དཔག་མེད་ཚེ་འདིར་མངོན་གྱུར་ཤོག༔ [ལན་གསུམ།] ཞིང་མཆོག་དེ་དག་གི་སྤྱན་སྔར་སོ་བྱང་སྔགས་གསུམ་སྤྱི་དང་ཁྱད་པར་གྱི་བསྡུས་པའི་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་དུ་སྲུང་སྡོམ་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས་མཛོད། ཨོཾཿ འཆི་མེད་མགོན་པོ་པདྨ་འབྱུང་༔ སྐུ་གསུམ་འདུས་པ་ཚེ་ཡི་ལྷ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ འདིར་བཟུང་ཡང་དག་སྙིང་པོའི་བར༔ སོ་སོ་ཐར་པའི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའི་བསླབ་པ་དང་༔ རིག་འཛིན་སྔགས་ཀྱི་འདུལ་བ་དང་༔ ཁྱད་པར་འཆི་མེད་རྡོ་རྗེ་ཡི༔ སྡོམ་པ་དམ་ཚིག་མ་ལུས་པ༔ བདག་གིས་ཡོངས་སུ་བཟུང་བར་བགྱི༔ [ལན་གསུམ། གཉིས་པ་ནི།] དེ་རྣམས་ཀྱིས་དབང་གི་སྔོན་འགྲོ་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའི་རིམ་པ་སོང་ནས་དངོས་གཞིའི་དབང་བསྐུར་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ། དམིགས་རིམ་འདི་ལྟར་མཛད་པར་ཞུ། སློབ་མ་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོའི་སྐུར་གསལ་བའི༔ སྙིང་གར་འོད་

p. 369

ལྔའི་གུར་ཁྱིམ་དབུས༔ འཆི་མེད་རིག་འཛིན་ཚེ་དཔག་མེད༔ ཡབ་ཡུམ་མཉམ་སྦྱོར་དགའ་བས་རོལ༔ ཐུགས་ཀར་གར་དབང་ཙཎྜ་ལཱི༔ སྟོང་གསལ་བདེ་ཆེན་འབར་བའི་སྐུ༔ བཅུ་དྲུག་ཉམས་ལྡན་ཚོན་གང་པ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་ཅན༔ གསང་བར་མེ་ཡི་ཆོས་འབྱུང་དབུས༔ ཉི་མ་ལ་གནས་དགའ་བ་འཁྱིལ༔ ཧྲཱིཿདམར་འབར་འཁྲུག་རྣམ་པ་ཅན༔ ཧ་རི་ནི་སའི་ཡི་གེས་བསྐོར༔ དུང་ཁང་ཟླ་བ་ལ་གནས་པའི༔ ཧྃ་དཀར་ཞུན་ཐིག་རྣམ་པ་ཅན༔ དཔའ་བོ་འབྲུ་བཞིའི་ཡི་གེས་བསྐོར༔ གནས་གསུམ་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་རྣམས་ཀྱིས་མཚན་པར་གསལ༔ བདག་གི་ཐུགས་འོད་དྭངས་མའི་ཟེར༔ ཐབས་ཤེས་ཡི་གེའི་འཁོར་ལོ་ལ༔ ཕོག་པས་གཡས་གཡོན་དྲག་ཏུ་འཁོར༔ ཧྲཱིཿ འབར་རེག་བྱས་ཧྃ་ཡིག་བསྐུལ༔ ཟླ་ཞུན་ཐིག་པས་གསོས་བཏབ་སྟེ༔ དཔའ་བོ་འབྲུ་བཅུའི་དཀྱིལ་འཁོར་ལས༔ ཡི་གེ་འཁོར་ལོའི་སྤྲིན་ཆེན་འཕྲོས༔ རང་སྒྲ་སྒྲོགས་པས་རྩ་ཁམས་ཁྱབ༔ ལྷ་མོ་བཟོད་མེད་ཉམས་འབར་ཏེ༔ དགའ་བའི་གར་དང་གླུ་སྒྲ་ཡིས༔ ཕྱོགས་དུས་བདེ་གཤེགས་སྲས་བཅས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་ཀྱི༔

p. 370

གསང་བ་གསུམ་གྱི་རྣམ་པ་རུ༔ ཁ་བ་བུ་ཡུག་འཚུབས་པ་བཞིན་༔ བྱོན་ནས་ཆུ་ལ་ཆུ་བཞག་ལྟར༔ གཉིས་སུ་མེད་པར་ཐིམ་པ་ཡིས༔ ཡེ་ཤེས་གཟི་བྱིན་བརྟན་པར་བསམ༔ [དཔོན་སློབ་གཉིས་ཀ་དགོངས་པའི་གདིང་བསྐྱེད་འབེབས་རྫས་ཀྱི་དུད་པ་དང་། བཤུག་གླུ་རོལ་མོ་གདུང་བའི་དབྱངས་ཀྱིས་གཟི་བྱིན་བསྐྱེད་ལ་ལས་བྱང་གི་བྱིན་འབེབས་དང་ཡེ་ཤེས་དབབ་པའི་སྔགས་བཅས་བརྗོད་མཐར།] དེ་ལྟར་ཕབ་པའི་རྡོ་རྗེའི་བྱིན་ཆེན་སྒོ་གསུམ་ལ་ཞུགས་པའི་རྟགས་ཀྱི་རིམ་པ་ཇི་ལྟར་ཤར་བ་རྣམས་ལ་དགའ་བྲོ་ཞེན་པའི་འཛིན་རྟོག་གིས་མ་བསླད་པར་གང་ཤར་བཟོ་མེད་ཀྱི་ཉམས་ཐད་ཀར་སྐྱོང་འཚལ། དབང་དོན་གྱི་ཡེ་ཤེས་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་བཞག་པའི་མོས་པ་མཛོད། ཏིཥྛ་བཛྲ། རིགས་དང་སྐལ་པ་བརྟགས་པའི་དོན་དུ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་རང་རང་གི་སྔོན་ནས་འབྲེལ་པའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པ་དང་། ཚིག་འདིའི་རྗེས་ཟློས་བཅས་མེ་ཏོག་དཀྱིལ་འཁོར་དུ་འབུལ་བར་ཞུ། ཧོཿ འཆི་མེད་རྒྱལ་བའི་དཀྱིལ་འཁོར་པར༔ རིན་ཆེན་མཛེས་པའི་མེ་ཏོག་འདི༔ བདག་ཅག་དད་པ་འབུལ་ལགས་ན༔ སྔོན་ནས་འབྲེལ་པ་གང་ཡོད་པའི༔ རིགས་ཀྱི་ལྷ་ལ་ཕོག་པར་ཤོག༔ སརྦ་

p. 371

ཨཱཿཡུརྫྙཱ་ན་མཎྜལ་པུཥྤེ་པྲ་ཏཱིཙྪ་ཧོཿ [ཞེས་བརྗོད་ཅིང་མེ་ཏོག་འབུལ་དུ་བཅུག་པ་དེ་ཉིད་སློབ་མའི་མགོ་བོར་འཆིངས་བཞིན།] དེ་ལྟར་ཕུལ་བའི་མེ་ཏོག་གང་དུ་བབ་ཀྱང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་གཙོ་བོ་འཆི་མེད་མགོན་པོའི་ཡེ་ཤེས་ཀྱི་རོལ་རྩལ་ལས་ཤར་བའི་ཕྱིར་ཁྱེད་རྣམས་ཀྱི་ལྷག་པའི་ལྷར་འཁོར་ལོའི་མགོན་པོ་ཉིད་དུ་འཛིན་ཅིང་། པདྨ་གར་དབང་འཆི་མེད་འདུས་པ་རྩལ་ཞེས་གསང་བའི་མཚན་དང་། མེ་ཏོག་འདི་ཉིད་ལྷག་པའི་ལྷའི་ངོ་བོ་དབང་རྟགས་ཅོད་པན་གྱི་ཚུལ་དུ་མི་འབྲལ་བར་བཅང་འཚལ། ཏྲཱྃ༔ རིན་ཆེན་མཛེས་པའི་མེ་ཏོག་འདི༔ རིགས་ཀྱི་རང་བཞིན་མཚོན་པའི་ཕྱིར༔ ཁྱོད་ཀྱི་མགོ་བོར་བཅིངས་པ་ཡིས༔ འགྱུར་མེད་རྡོ་རྗེ་ལྟ་བུ་ཡི༔ ཚེ་མཆོག་དམ་པ་བརྟན་གྱུར་ཅིག༔ བཛྲ་པུཥྤེ་ས་མ་་སིདྡྷི་ཧོཿ མ་རིག་པའི་སྒྲིབ་གཡོགས་བསལ་བར་གསོལ་བ་འདེབས་པའི་ཕྱིར་ལྷའི་ནོར་བུ་རིན་པོ་ཆེའི་སྒྲོན་མེད་ཕྱག་རྟེན་དུ་ཕུལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿ ཡེ་ཤེས་སྒྲོན་མེ་མཆོག་དམ་པ༔ ཚད་མེད་ཐུགས་རྗེའི་འོད་སྣང་གིས༔ མུན་པའི་ཚོགས་བདག་མ་རིག་པའི༔ དྲྭ་བ་དབྱེ་བར་མཛད་དུ་གསོལ༔ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གསེར་

p. 372

གྱི་ཐུར་མ་ལྟ་བུས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་མཛོད། ཧོཿ ཀུན་ཏུ་སྒྲིབ་མེད་ས་ལེ་བ༔ ཡེ་ཤེས་སྣང་བྱེད་ཐུར་མ་འདིས༔ ཁྱོད་ཀྱི་མ་རིག་ལིང་ཏོག་བསལ༔ རིག་པ་ཡེ་ཤེས་སྤྱན་ཐོབ་ཤོག༔ བཛྲ་མཧཱ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ [ཕྱག་ཤིང་ལ་སོགས་པས་མཚོན་ཏེ།] དེ་ལྟར་མ་རིག་པའི་སྒྲིབ་གཡོགས་བསལ་བས་ཐམས་ཅད་ལ་ཐོགས་པ་མེད་པའི་རྡོ་རྗེའི་མིག་གིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་ནི་གཉིས་འཛིན་མཚན་མས་མི་ཕྱེད་པའི་སྲུང་འཁོར། ཉོན་མོངས་སྲེག་པའི་མེ་རིའི་གུར་ཁང་དང་བཅས་པའི་ལྟེ་བར་བྱང་ཆུང་སྙིང་པོའི་ཡོན་ཏན་གྱི་ཚོགས་རྣམས་རྒྱན་དུ་ཤར་བའི་བཀོད་པ་དང་ལྡན་པའི་ཐར་པ་ཆེན་པོའི་ཕོ་བྲང་གི་དབུས་སུ་ཁྱབ་བདག་མགོན་པོ་སྐུ་གསུམ་གྱི་ཚེ་དཔག་མེད་ཡབ་ཡུམ་ཚེ་བདག་ཐོད་ཕྲེང་རིགས་བཞི་ཡུམ་དང་བཅས་པ་གྲྭ་བཞིར་བླ་ཚེ་སྲོག་དབུགས་དྭངས་མའི་རྟེན་མཁར་དང་། དེའི་ཕྱིར་རྡོ་རྗེའི་ལྷ་མོ་དྲུག །དེའི་ཕྱི་རོལ་ཏུ་སྒེག་སོགས་བཀྲ་ཤིས་མཆོད་པའི་ལྷ་མོ་བརྒྱད། སྒོ་བཞིར་སྒོ་སྲུང་ཡབ་ཡུམ་བརྒྱད། སྟེང་འོག་ཕྱོགས་མཚམས་རིག་འཛིན་བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མ་གྲུབ་པ་དྲང་སྲོང་ཚེ་ལ་དབང་བའི་ཚོགས་

p. 373

ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་བཞུགས་པ་མངོན་སུམ་དུ་མཐོང་བ་འདིས་མཚོན། རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་གདོད་ནས་གྲུབ་པའི་བཞུགས་ཚུལ་སྒྲིབ་མེད་དུ་མཐོང་བ་ལ་ཆེད་དུ་བརྗོད་ཅིང་སྤྲོ་བ་བསྐྱེད་པའི་ཚིག་འདི་ལ་སྙན་གཏོད་འཚལ། ཨེ་མ་སྐལ་བར་ལྡན་པའི་བུ༔ ངོ་མཚར་རྨད་དུ་བྱུང་བ་ཡི༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིའི༔ ཞལ་མཆོག་མཐོང་བ་ཙམ་གྱིས་ཀྱང་༔ ཐོག་མེད་དུས་ནས་བསགས་པ་ཡི༔ ལས་དང་ཉོན་མོངས་སྡིག་སྒྲིབ་བྱང་༔ འཆི་མེད་རྡོ་རྗེའི་གོ་འཕང་མཆོག༔ རྙེད་པ་མཉམ་མེད་དེ་རིང་ནས༔ ཁྱོད་ཀྱིས་ཡང་དག་རྙེད་ཟིན་ན༔ གསང་ཆེན་སྔགས་ཀྱི་དེ་ཉིད་དང་༔ དཀྱིལ་འཁོར་ལྷ་དང་སློབ་དཔོན་གྱི༔ བཀའ་དྲིན་རྗེས་སུ་དྲན་པ་དང་༔ དགའ་དང་སྤྲོ་བ་བསྒོམ་པར་གྱིས༔ གུ་རུ་ཨཱཿཡུརྫྙཱ་ན་མཎྜལ་ས་མ་ཡ་ཨ་ལ་ལ་ཧོཿ དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ནས་གཡས་སྐོར་གྱིས་སོང་སྟེ་སླར་ཤར་གྱི་སྒོ་འགྲམ་དུ་གནས་པས་ལྷ་ཚོགས་རྣམས་ལ་གཉིས་སུ་མེད་པའི་དོན་ཕྱག་འཚལ་བའི་མོས་པས་ཐལ་མོ་གནས་གསུམ་དུ་བཀོད་ནས་ཕྱག་འཚལ་བའི་མོས་པ་མཛོད། དེ་ནས་ཕན་ནུས་ཟབ་མོའི་དབང་རྣམས་རིམ་པ་བཞིན་དུ་བསྐུར་བའི་ཐོག་མར།

p. 374

ཕྱི་ཕན་པའི་དབང་རྣམས་ཞུ་བའི་དོན་དུ་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་མཆོད་སྤྲིན་གྱིས་མཛེས་པའི་དབུས་སུ་འཁོད་པར་མོས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཿ ཁྱབ་བདག་ཆེན་པོའི་བྱིན་རླབས་ཀྱིས༔ རིགས་ལྔ་སྒྱུ་འཕྲུལ་འཆང་བའི་ལྷ༔ བྱང་ཆུབ་དམ་པར་སྨིན་མཛད་ལྟར༔ བདག་ཀྱང་ཡང་དག་སྐྱོབ་པའི་ཕྱིར༔ མགོན་པོས་སྨིན་པར་མཛད་དུ་གསོལ༔ [ལན་གསུམ།] སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ལྷ་མོ་རྣམས་ཀྱིས་རྣམ་རྒྱལ་གྱི་བུམ་པ་ལ་སོགས་པའི་དབང་རྫས་སོ་སོས་དབང་བསྐུར། སེམས་དཔའ་སེམས་མ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དང་མཆོད་པའི་སྤྲིན་གཏིབས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་བཞིན་པར་དབང་བསྐུར་བའི་མོས་པ་མཛོད། ཧཱུྃཿ རྡོ་རྗེའི་རིགས་མཆོག་བླ་ན་མེད༔ མི་བསྐྱོད་རང་བཞིན་བུམ་པའི་ཆུ༔ ཉོན་མོངས་ཞེ་སྡང་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྣམ་ཤེས་ཕུང་པོ་གནས་དག་སྟེ༔ མེ་ལོང་ཡེ་ཤེས་སྐུ་ཐོབ་ཤོག༔ བཛྲ་ཨ་མྲྀ་ཏ་ཛྙཱ་ན་ཀ་ལཱ་ཤ་

p. 375

ཨ་བྷི་ཥིཉྩ་ཧཱུཾ༔ [རིན་ཆེན་དབུ་རྒྱན་ཅོད་པན་ཅན༔ མགོ་བོར་བཅིངས་ཞིང་འདི་སྐད་བརྗོད༔] སྭཱཿ རིན་ཆེན་རིགས་མཆོག་བླ་ན་མེད༔ རིན་འབྱུང་རང་བཞིན་དབུ་ཡི་རྒྱན༔ ཉོན་མོངས་ང་རྒྱལ་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཚོར་བའི་ཕུང་པོ་གནས་དག་སྟེ༔ མཉམ་ཉིད་ཡེ་ཤེས་སྐུ་ཐོབ་ཤོག༔ རཏྣ་མུ་ཀ་ཊ་ཛྙཱ་ན་ཨ་བྷི་ཥིཉྩ་ཏྲཱྃ༔ [ལེ་བརྒན་དར་གྱི་ཅོད་པན་དང་༔ ལྡན་པའི་རྡོ་རྗེ་ལག་ཏུ་གཏད།] ཨཱཾཿ པདྨའི་རིགས་མཆོག་བླ་ན་མེད༔ སྣང་མཐའི་རང་བཞིན་རྡོ་རྗེ་ཆེ༔ ཉོན་མོངས་འདོད་ཆགས་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འདུ་ཤེས་ཕུང་པོ་གནས་དག་སྟེ༔ སོར་རྟོགས་ཡེ་ཤེས་སྐུ་ཐོབ་ཤོག༔ པདྨ་བཛྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ [སྒྲ་དང་ལྡན་པའི་དྲིལ་བུ་ལ༔ དར་ལྗང་ཅོད་པན་ལྡན་པ་གཏད༔]ཧཱཿ ལས་ཀྱི་རིགས་མཆོག་བླ་ན་མེད༔ དོན་གྲུབ་རང་བཞིན་དྲིལ་བུ་མཆོག༔ ཉོན་མོངས་ཕྲག་དོག་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འདུ་བྱེད་ཕུང་པོ་གནས་དག་སྟེ༔ བྱ་གྲུབ་ཡེ་ཤེས་སྐུ་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ [མིང་གི་དོན་དུ་རྡོར་དྲིལ་སྦྲེལ༔ དར་དཀར་ཅོད་པན་གྱིས་བརྒྱན་པ༔ སྤྱི་བོར་དཀྲོལ་ཞིང་ཀུན་ཏུ་བསྐོར༔]ཨོཾཿ བདེ་གཤེགས་རིགས་མཆོག་བླ་ན་མེད༔ སྣང་མཛད་རང་བཞིན་རྡོ་རྗེའི་མིང་༔ ཉོན་མོངས་གཏི་

p. 376

མུག་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གཟུགས་ཀྱི་ཕུང་པོ་གནས་དག་སྟེ༔ ཆོས་དབྱིངས་ཡེ་ཤེས་སྐུ་ཐོབ་ཤོག༔ བུདྡྷ་ཛྙཱ་ན་ན་མཿཨ་བྷི་ཥིཉྩ་ཨོཾ༔ [ཞེས་བརྗོད་བུདྡྷ་བཛྲ་དང་༔ རཏྣ་པདྨ་ཀརྨའི་མཐར༔ ཚེ་དབང་རྩལ་ཞེས་གདགས་པ་སོགས༔ མཐའ་ཡས་རིགས་ཀྱི་དབྱེ་བ་ཡིས༔ གསང་བའི་མིང་ནི་ཇི་སྙེད་གདག༔] ཛཿཧཱུྃ་བྃ་ཧོཿ[ས་དབང་གི་ལྷ༔ བསྟིམ་ཞིང་དབྱེར་མེད་བརྟན་པར་བསམ༔] དེ་ལྟར་དབང་བསྐུར་བས་ཉོན་མོངས་པ་ལྔ་དག་ཕུང་པོ་ལྔ་སྐུ་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ནས་དོན་གཉིས་འཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་བར་བྱེད་པ་ནང་ནུས་པ་འཇུག་པའི་དབང་བསྐུར་ཞུ་བའི་དོན་དུ་[ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །]གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾཿ སྣོད་བཅུད་དག་པ་ཆེན་པོའི་དབྱིངས༔ ཡང་དག་རྫོགས་པའི་རང་བཞིན་ཅན༔ འཆི་མེད་རྡོ་རྗེའི་ལམ་མཆོག་གི༔ ནུས་པའི་ཁྱད་པར་བླ་མེད་དོན༔ གང་གི་དྲིན་གྱིས་བདག་ལ་སྩོལ༔ [ལན་གསུམ།] དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་དང་ལྷན་ཅིག་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པས་རྣམ་རྒྱལ་གྱི་བུམ་པའི་དབང་བསྐུར་བས་ཐ་མལ་གྱི་སྣང་ཞེན་གཏོར་ཇི་ལྟར་སྣང་བ་ལྷ་ཡི་འཁོར་ལོར་ཤར་བའི་ནུས་སྟོབས་

p. 377

རྒྱུད་ལ་བླུགས་པར་མོས་ཤིག །ཨོཾ༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་རུ༔ རིགས་འདུས་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་བཞུགས༔ སྣོད་བཅུད་ཡེ་ཤེས་རོལ་པ་བདུད་རྩིའི་ཆུ༔ ཉོན་མོངས་བདུད་ཚོགས་འཇོམས་པའི་སྨན་ཆེན་པོ༔ ནུས་པའི་ཁྱད་པར་བླ་ན་མེད་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐ་མལ་སྣང་བའི་ཞེན་པ་ཀུན་སྦྱངས་ཏེ༔ གདོད་ནས་རྣམ་དག་འཆི་མེད་རྡོ་རྗེའི་ཚེ༔ འགྱུར་མེད་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་པདྨ་ཨཱཿཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཨཱཿཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཨཱཿཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཏྲཱྃ༔ བུདྡྷ་ཨཱཿཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨཱཿཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱཿ[ཞེས་བརྗོད་ཅིང་བུམ་པ་མགོ་བོའི་གནས་ལྔར་བཞག་བུམ་ཆུ་སྦྱིན།] རྗེས་འབྲེལ་དུ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་པ་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ཏེ་སྤྱི་བོ་ནས་བྱོན་སྙིང་གའི་མི་ཤིགས་པའི་ཐིག་ལེར་ཐིམ་པའི་མོས་པ་མཛོད། [སྣང་མཐའ་ཡབ་ཡུམ་སྐུ་གཟུམས་ཐོགས་༔]ཨཱཿ གདོད་མའི་མགོན་པོ་ཆོས་ཀྱི་སྐུ༔ རིགས་རྣམས་ཀུན་བདག་བདེ་བ་ཆེ༔ འོད་མི་འགྱུར་བ་ཡབ་ཡུམ་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔

p. 378

ཆོས་སྐུའི་ཚེ་དབང་ཐོབ་པར་ཤོག༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [ལོངས་སྐུ་གར་དབང་ཡབ་ཡུམ་གྱི༔ སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔] ཧྲཱིཿ སྙིང་རྗེའི་རང་བཞིན་ལོངས་སྤྱོད་རྫོགས༔ འགྲོ་བ་འདུལ་བའི་བདག་ཉིད་ཆེ༔ གར་གྱི་དབང་ཕྱུག་ཡབ་ཡུམ་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལོངས་སྐུའི་ཚེ་དབང་ཐོབ་པར་ཤོག༔ སམྦྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [གཙོ་མཆོག་རིགས་ལྔའི་སྐུ་ཐོགས་ལ༔] ཧྲཱིཿ བདེ་གཤེགས་གསུང་མཆོག་དབྱིངས་ཀྱི་ལྷ༔ པདྨ་ཐོད་ཕྲེང་ཚེ་ཡི་བདག༔ གཙོ་མཆོག་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ པདྨ་ཚེ་ཡི་དབང་ཐོབ་ཤོག༔ པདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃཿ བདེ་གཤེགས་ཐུགས་མཆོག་དབྱིངས་ཀྱི་ལྷ༔ བཛྲ་ཐོད་ཕྲེང་ཚེ་ཡི་བདག༔ བཅོམ་ལྡན་མི་བསྐྱོད་ཡབ་ཡུམ་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཏྲཱྃཿ བདེ་གཤེགས་ཡོན་ཏན་དབྱིངས་ཀྱི་ལྷ༔ རཏྣ་ཐོད་ཕྲེང་ཚེ་ཡི་བདག༔ བཅོམ་ལྡན་རིན་འབྱུང་ཡབ་ཡུམ་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རིན་ཆེན་ཚེ་ཡི་དབང་ཐོབ་ཤོག༔ རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾཿ བདེ་གཤེགས་སྐུ་མཆོག་དབྱིངས་ཀྱི་ལྷ༔ བུདྡྷ་ཐོད་ཕྲེང་ཚེ་ཡི་བདག༔ བཅོམ་ལྡན་སྣང་

p. 379

མཛད་ཡབ་ཡུམ་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཚེ་ཡི་དབང་ཐོབ་ཤོག༔ བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿ བདེ་གཤེགས་འཕྲིན་ལས་དབྱིངས་ཀྱི་ལྷ༔ ཀརྨ་ཐོད་ཕྲེང་ཚེ་ཡི་བདག༔ བཅོམ་ལྡན་དོན་གྲུབ་ཡབ་ཡུམ་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལས་རབ་ཚེ་ཡི་དབང་ཐོབ་ཤོག༔ ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐུ་ཡི་དབང་བསྐུར་བ་དེ་ཉིད་མི་ཉམས་པར་བརྟན་པར་བྱ་བའི་ཕྱིར་ཚེ་རྟེན་རྒྱལ་མཚན་སྤྱི་བོར་བཞག་པར་མོས་མཛོད། ཨོཾཿ ཚེ་ལྷ་རྒྱལ་བ་རམ་འབྱམས་ཀྱི༔ སྐུ་ཡི་རང་བཞིན་རྒྱལ་མཚན་འདི༔ འགྱུར་མེད་ཚེ་ཡི་རྟེན་མཁར་ཡིན༔ ཁྱོད་ཀྱི་སྤྱི་བོར་རྒྱས་གདབ་པས༔ ནུབ་པ་མེད་པའི་དཔལ་ཐོབ་ཤོག༔ ཀཱ་ཡ་བཛྲ་དྷྭ་ཛ་ཏིཥྛ་བྷྲཱུྃ༔ དེ་ལྟར་དབང་བསྐུར་བས་སྣང་བ་ལྷ་ཡི་འཁོར་ལོར་བྱིན་གྱིས་བརླབས་ཏེ་སྣང་སྟོང་ལྷ་སྐུ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་བ་ཡིན་ནོ། །གསུང་གི་དབང་བསྐུར་བའི་དོན་དུ་རྒྱལ་བ་ཀུན་གྱི་གསུང་གི་འཕྲིན་ལས་ཡི་གེའི་གཟུགས་སུ་ཤར་པའི་གླེགས་བམ་མགྲིན་པར་བཞག་པས་ཆོས་སྒོ་རབ་འབྱམས་ལ་འཆད་རྩོམ་ཐོགས་མེད་ཀྱིས་འཇུག་པའི་སྙིང་པོ་ལུང་གི་དབང་མཆོག་ཐོབ་པར་མོས་ཤིག །ཨཱཿ བརྗོད་

p. 380

པ་ཀུན་སྤང་རྡོ་རྗེའི་སྒྲ༔ ཇི་སྙེད་རྒྱལ་བ་ཀུན་གྱི་གསུང༔ མ་ལུས་འདུས་པའི་ཆོས་ཀྱི་མཛོད༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ སྙིང་པོ་ལུང་གི་དབང་ཐོབ་ཤོག༔ ཨཱཿཡུརྫྙཱ་ན་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ བཟླས་ལུང་སྦྱིན་པའི་དོན་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་མགྲིན་པ་ནས་ཐོན་ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་བརྒྱུད་ཐུགས་སྲོག་ཧྲཱིཿཡིག་འོད་འབར་བའི་མཐའ་མར་གཡས་བསྐོར་གྱིས་འཁོད་པས་གསུང་གི་བྱིན་རླབས་རྒྱུད་ལ་ཞུགས། ངག་ལ་སྔགས་ཀྱི་ནུས་མཐུ་འབར་ཞིང་འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཤིང་བསྟིམ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། [ཅེས་ལྷ་སྔགས་རྣམས་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །]རིག་པ་ཆེན་པོའི་ཙཀྲས་དབང་བསྐུར་ཞིང་ཕྱག་ཏུ་གཏད་པས་དུས་མིན་འཆི་བའི་གཡུལ་ལས་རྒྱལ་ཞིང་འཆི་མེད་རྡོ་རྗེའི་གསུང་གི་དངོས་གྲུབ་ཐོབ་པར་མོས་ཤིག །ཧྲཱིཿ འཆི་མེད་རྒྱལ་བ་འདུས་པ་ཡི༔ བྱིན་རླབས་རོལ་པ་ལས་བྱུང་བའི༔ རིག་པ་ཆེན་པོའི་ཙཀྲ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དུས་མིན་འཆི་བའི་གཡུལ་ངོ་ལས༔ རྣམ་པར་རྒྱལ་བའི་དབང་ཐོབ་ཤོག༔ བཛྲ་ཨཱཿཡུརྫྙཱ་ན་ཙཀྲ་ཨ་བྷི་ཥིཉྩ་མི༔ གསུང་

p. 381

དབང་ཐོབ་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་དབུགས་རྟེན་ཉི་ཟླའི་གའུ་མགྲིན་པར་བཞག་པར་མོས་མཛོད། ཨཱཿ ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི༔ གསུང་གི་རང་བཞིན་གའུ་འདི༔ འགྲིབ་མེད་དབུགས་ཀྱི་རྟེན་མཁར་ཡིན༔ ཁྱོད་ཀྱི་མགྲིན་པར་རྒྱས་གདབ་པས༔ འཛད་པ་མེད་པའི་གཏེར་ཐོབ་ཤོག༔ ཝཀ་བཛྲ་བུདྡྷ་ཏིཥྛ་བྷྲཱུྃ༔ དེ་ལྟར་གསུང་གི་དབང་བསྐུར་བས་སྒྲ་གྲགས་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་ཏེ་གྲགས་སྟོང་གསང་སྔགས་ཆུ་བོའི་རྒྱུན་བཞིན་བཟླ་བ་ལ་དབང་བ་ཡིན་ནོ། །ཐུགས་ཀྱི་དབང་བསྐུར་བའི་དོན་དུ་ཚེ་ལྷ་རྒྱལ་བའི་ཕྱག་མཚན་ཚེ་འབྲང་སྙིང་ཁར་བཞག་པས་འཆི་མེད་གཉུག་མ་དོན་གྱི་ཡེ་ཤེས་སྙིང་དབུས་སུ་ཤར་བའི་སྐྱེ་འཆི་འཕོ་བ་དང་བྲལ་བའི་རྡོ་རྗེའི་ཚེ་དབང་ཐོབ་པར་མོས་མཛོད། ཧཱུྃཿ ཚེ་ལྷ་རབ་འབྱམས་འདུས་པའི་ཐུགས༔ རྡོ་རྗེའི་རང་བཞིན་འགྱུར་བ་མེད༔ འོད་གསལ་དབྱིངས་ཀྱི་བུམ་པར་འཁྱིལ༔ བཀྲ་ཤིས་ཚེ་ཡི་འབྲང་རྒྱས་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྐྱེ་འཆི་བྲལ་བའི་གདིང་ཐོབ་ཤོག༔ ཨཱཿཡུརྫྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [སྐུ་གསུམ་འཆི་མེད་རིག་འཛིན་གྱི༔ ཐུགས་དམ་བསྐུལ་ཞིང་དགོངས་པ་གཏད༔] ཧྲཱིཿ སྐྱེ་མེད་ཆོས་སྐུའི་ངོ་བོ་འོད་དཔག་

p. 382

མེད༔ འགགས་མེད་ལོངས་སྐུའི་རང་བཞིན་གར་གྱི་དབང་༔ ཐུགས་རྗེའི་རོལ་པ་རིགས་ལྔ་ཚེ་ཡི་ལྷ༔ ཐུགས་དམ་གནད་ནས་བསྐུལ་ལོ་བྱིན་གྱིས་རློབས༔ འཆི་མེད་བདུད་རྩིའི་བཅུད་འཛིན་ཙཎྜ་ལཱི༔ བདེ་ཆེན་ཡེ་ཤེས་སྐུ་བརྙེས་བི་མ་ལ༔ ཚེ་དབང་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཐུགས་དམ་གནད་ནས་བསྐུལ་ལོ་བྱིན་གྱིས་རློབས༔ མ་གཅིག་དབྱིངས་ཀྱི་རྒྱལ་མོ་མནྡ་ར༔ མཁར་ཆེན་མཚོ་རྒྱལ་དགེ་སློང་ནམ་མཁའི་སྙིང་༔ ཁྲི་སྲོང་ལྡེའུ་བཙན་ལོ་ཆེན་བཻ་རོ་ཙ༔ ཨ་ཙ་ར་ས་ལེ་བཀྲ་ཤིས་ཁྱེའུ་འདྲེན་མ༔ ཐུགས་དམ་གནད་ནས་བསྐུལ་ལོ་བྱིན་གྱིས་རློབས༔ རྡོ་རྗེ་བདུད་འཇོམས་ལ་སོགས་འཆི་མེད་ཀྱི༔ གསང་བའི་མཛོད་འཛིན་བརྒྱུད་གསུམ་བླ་མ་ལྷ༔ རབ་འབྱམས་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཚོགས༔ ཐུགས་དམ་གནད་ནས་བསྐུལ་ལོ་བྱིན་གྱིས་རློབས༔ འཆི་མེད་རྡོ་རྗེའི་དབང་ཆེན་བསྐུར་དུ་གསོལ༔ ཚེ་དང་ཡེ་ཤེས་མཆོག་དངོས་བསྩལ་ཏུ་གསོལ༔ འཆི་བདག་བདུད་དཔུང་གཞོམ་པར་མཛད་དུ་གསོལ༔ དགོངས་བརྒྱུད་ཡེ་ཤེས་འཕོ་བར་མཛད་དུ་གསོལ༔ འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ གུ་རུ་ཨཱཿཡུརྫྙཱ་ན་སརྦ་སིདྡྷི་ཧྲཱིཿ ཨོཾ་ཨཱཿཧཱུྃ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་དབང་བརྟེན་པར་

p. 383

བྱ་ཕྱིར་སྲོག་རྟེན་རྡོ་རྗེ་སྙིང་གར་བཞག་པར་མོས་མཛོད། ཧཱུྃ༔ ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་ཀྱི་རང་བཞིན་རྡོ་རྗེ་འདི༔ མི་ཤིགས་སྲོག་གི་རྟེན་མཁར་ཡིན༔ ཁྱོད་ཀྱི་སྙིང་གར་རྒྱས་གདབ་པས༔ འཕོ་འགྱུར་བྲལ་བའི་གདིང་ཐོབ་ཤོག༔ ཙིཏྟ་བཛྲ་གརྦྷ་ཏིཥྛ་བྷྲཱུྃ༔ དེ་ལྟར་ཐུགས་ཀྱི་དབང་བསྐུར་བས་འཁྲུལ་རྟོག་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་ཏེ་རིག་སྟོང་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར་ནུས་པར་དབང་བར་བྱས་པ་ཡིན་ནོ། །[ཡོན་ཏན་གྱི་དབང་བསྐུར་བའི་དོན་ཏུ། ཐབས་ཀྱི་ཚེ་རྫས་རིལ་བུ་ནི༔ གཡས་བསྐོར་ལག་པ་གཡས་སུ་གཏད༔]ཧྲཱིཿ འཁོར་འདས་སོགས་ནས་གཡོན་དུ་གཏད་བར་ཆད་ཨཱཿ སྣོད་ནི་རྣམ་དག་ཀ་པཱ་ལར༔ བཅུད་ནི་འཆི་མེད་བདུད་རྩི་སྨན༔ བླ་ན་མེད་པའི་དམ་ཚིག་འདི༔ དེ་རིང་སྐལ་ལྡན་བུ་ལ་སྦྱིན༔ ཤེས་རབ་ཚེ་ལ་དབང་འབྱོར་ཤོག༔ བཛྲ་ཨཱཿཡུ་ཥེ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོཿ [བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀྱི༔ ཞལ་ཟས་རྣམ་པ་སྣ་ཚོགས་སྦྱིན༔] བྷྲཱུྃ༔ རྒྱལ་བ་ཀུན་

p. 384

གྱི་ཡོན་ཏན་མཛོད༔ བདེ་ཆེན་མཆོག་གི་ལོངས་སྤྱོད་ཆེ༔ ཞལ་ཟས་རྣམ་པ་དུ་མ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེ་ཚེ་དང་ལང་ཚོ་ལ༔ ལོངས་སུ་སྤྱོད་པའི་དབང་ཐོབ་ཤོག༔ བཛྲ་ཨཱཿཡུ་ཥེ་སརྦ་གུ་ཎ་ཨ་བྷི་ཥིཉྩ་མི༔ [ལྷ་རྫས་དར་གྱི་ན་བཟའ་གཏད༔] ཧྲཱིཿ རིན་ཐང་བྲལ་བ་ལྷ་ཡི་གོས༔ ཁ་དོག་སྣ་ཚོགས་མདངས་མཛེས་ལྡན༔ རེག་ན་བདེ་བའི་དཔལ་དམ་པ༔ དེ་རིང་སྐལ་ལྡན་བུ་ལ་བགོ༔ རྒས་མེད་ལང་ཚོ་ལྡན་པར་ཤོག༔ བཛྲ་ཨཱཿཡུ་ཥེ་ཝཱསྟྲ་སིདྡྷི་ཕ་ལ་ཧོཿ[རིན་ཆེན་སྣ་ཚོགས་རྒྱན་ཕྲེང་གཏད༔] ཏྲཱྃཿ འབྱུང་བ་ཆེན་པོའི་དྭངས་མའི་ཁམས༔ རིན་ཆེན་སྣ་ཚོགས་རྒྱན་ཕྲེང་སྤེལ༔ ཡིད་འོང་མཆོག་གི་རང་བཞིན་འདི༔ དེ་རིང་སྐལ་ལྡན་བུ་ལ་གཏད༔ རྒུད་མེད་དཔལ་གྱིས་འབྱོར་བར་ཤོག༔ བཛྲ་ཨཱཿཡུ་ཥེ་རཏྣ་མ་ལཱ་སརྦ་སིདྡྷི་ཕ་ལ་ཧོཿ [ཡོན་ཏན་དབང་མཆོག་བརྟན་པའི་ཕྱིར༔ བླ་རྟེན་གཡུང་དྲུང་ལྟེ་བར་བཞག༔] སྭཱཿ ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི༔ ཡོན་ཏན་རང་བཞིན་གཡུང་དྲུང་འདི༔ འཕོ་མེད་བླ་ཡི་རྟེན་མཁར་ཡིན༔ ཁྱོད་ཀྱི་ལྟེ་བར་རྒྱས་གདབ་པས༔ ཉམས་པ་མེད་པའི་དབྱིག་ཐོབ་ཤོག༔ གུ་ན་བཛྲ་ནྲྀ་བྷྲཱུྃ་ཏིཥྛ་ཧཱུྃ༔ དེ་ལྟར་དབང་བསྐུར་བས་འདོད་ཡོན་མ་སྤང་ཡེ་ཤེས་ཀྱི་འཁོར་ལོས་

p. 385

ཡུལ་དབང་མཉམ་སྦྱོར་ཟག་མེད་ཀྱི་ཚོགས་སུ་སྒྱུར་བའི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་དབང་འབྱོར་པ་ཡིན་ནོ། །ཕྲིན་ལས་ཀྱི་དབང་བསྐུར་བའི་དོན་དུ་འབྱུང་ལྔའི་དཀྱིལ་འཁོར་ལག་ཏུ་གཏད་པས་འབྱུང་ལྔའི་ལས་ཆེན་གྱིས་ཁམས་ལྔའི་ཚེ་སྤེལ་བ་ལ་སོགས་པའི་འཕྲིན་ལས་རབ་འབྱམས་ལ་དབང་ཐོབ་པར་མོས་མཛོད། ཨཱཿ དབྱིངས་ཕྱུག་མཁའ་ཡི་མེ་ལོང་ངོས༔ འབྱུང་བའི་ཡུམ་ཆེན་ཀུན་ཏུ་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྱི་ནང་འབྱུང་ལྔའི་ལས་ཆེན་ལ༔ བརྟེན་ནས་ཁམས་ལྔའི་ཚེ་སྤེལ་བའི༔ འཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ བཛྲ་ཨཱཿཡུརྫྙཱ་ན་སརྦ་ཀརྨ་ཨ་བྷི་ཥིཉྩ་མི༔ དབང་གི་རྟ་ཕུར་ལག་ཏུ་གཏད་པས་དྲག་པོའི་ལས་ཀྱི་དབང་ཐོབ་པར་མོས་ཤིག༔ ཧྲཱིཿ བདེ་གཤེགས་སྟོབས་འདུས་དྲག་པོའི་མཚོན༔ འབར་བ་དབང་གི་རྟ་ཕུར་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཚེ་བདུད་འབྱུང་པོ་མ་ལུས་པ༔ སྒྲོལ་བ་ལས་ཀྱི་དབང་ཐོབ་ཤོག༔ པདྨ་ཀཱི་ལ་ཡ་ཧུ་ལུ་ཧུ་ལུ་སརྦ་བིགྷྣཱ་ན་མཱ་ར་ཡ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ༔ [ཞེས་རྡོ་རྗེ་བརྟན་པའི་སྔགས་རྒྱས་བརྟེན་པར་བྱའོ། །] དེ་ལྟར་དབང་བསྐུར་བས་བྱེད་རྩོལ་

p. 386

ཐམས་ཅད་འཕྲིན་ལས་རབ་འབྱམས་སྒྲུབ་པར་བྱེད་པ་ལ་དབང་བ་ཡིན་ནོ། །དེ་རྣམས་དང་རྗེས་སུ་འབྲེལ་བ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་སྦྱིན་པའི་སླད་དུ། ཁྱེད་རང་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་འཁོད་པའི། གཡས་གཡོན་དུ་རྒྱལ་མཚན་དང་དར་འཕན་བསྒྲེང་། སྟེང་ན་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ། ལྷ་ཡི་རྔ་སིལ་སྙན་པའི་གླུ་དབྱངས་དང་བཅས་པའི་མཆོད་སྤྲིན་རྒྱ་མཚོས་མདུན་བདར། ཕྱག་གཉིས་སུ་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་བྱིན་པས། རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུ་ཡི་རྣལ་འབྱོར་ལས་ནམ་ཡང་མི་ཕྱེད་པར་བརྟན་ཅིང་གླེགས་བམ་ཕྱག་གཉིས་ཀྱི་དབུས་སུ་བཞག་པས་ཐེག་པ་རབ་འབྱམས་ཀྱི་སྒོ་ནས་གདུལ་བྱའི་དོན་སྤྱོད་པར་དབང་བསྐུར་ཞིང་། ཆོས་ཀྱི་རྒྱལ་པོ་གསང་སྔགས་ཀྱི་སྟོན་པ་ཆེན་པོར་མངའ་གསོལ་བ་ལགས་ཏེ། ཧོཿ བརྟུལ་ཞུགས་ཆེན་པོའི་བདག་ཉིད་ཅན༔ བུ་ཁྱོད་དེ་རིང་ནས་བཟུང་སྟེ༔ རྡོ་རྗེ་སློབ་དཔོན་ཆེན་པོ་རུ༔ མངའ་དབང་རྫོགས་པར་བགྱིས་ཟིན་པས༔ དམ་ཚིག་གསུམ་དང་མི་འབྲལ་ཞིང་༔ སྔགས་ཀྱི་དེ་ཉིད་དང་ལྡན་པའི༔ གདུལ་བའི་ཐབས་ཚུལ་བླ་མེད་པ༔ ཉན་བཤད་སྒོམ་སྒྲུབ་ལ་སོགས་པས༔ ཁམས་གསུམ་འགྲོ་བ་མ་ལུས་པ༔

p. 387

སྒྲོལ་བའི་མངའ་དབང་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱཧཱ་སརྦ་ཨ་བྷི་ཥིཉྩ་མི༔ དམ་ཚིག་གསུམ་དྲན་ཅིང་སློབ་དཔོན་དུ་གྱུར་པའི་ང་རྒྱལ་དང་བཅས་འདིའི་རྗེས་ཟློས་ཀྱང་མཛད་པར་ཞུ། སརྦ་མཎྜལ་ས་མ་ཡ་དྷརྨ་དྷ་ཏུ་ཨཏྨ་ཀོ྅ཧཾ༔ དཀྱིལ་འཁོར་བདག་པོར་གྱུར་པ་ལ༔ མཆོད་པ་ཆེན་པོས་མངའ་དབུལ་ཕྱིར༔ འདོད་ཡོན་ལྷ་མོ་རྣམ་དྲུག་གི༔ སྣ་ཚོགས་མཆོད་སྤྲིན་རྒྱ་མཚོ་ཡིས༔ མངའ་གསོལ་མཆོད་པའི་ཐུགས་འདུན་མཛོད༔ ཨོཾཿ སྔོན་ཚེ་སེམས་དཔའ་ཆེ་རྣམས་ཀྱིས༔ རྫོགས་པའི་བྱང་ཆུབ་སྒྲུབ་པའི་ལམ༔ ཕ་རོལ་ཕྱིན་དྲུག་རྣམ་དག་པ༔ གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི༔ འདོད་ཡོན་ལྷ་མོའི་གླུ་གར་སྤྲིན༔ ནམ་མཁའི་མཛོད་ཀྱི་འཁོར་ལོ་འདིས༔ སྐལ་ལྡན་ཁྱོད་ལ་མངའ་གསོལ་བས༔ ཚོགས་གཉིས་ཟུང་འཇུག་རྡོ་རྗེའི་སྐུ༔ འཁོར་ལོས་སྒྱུར་བའི་དབང་བརྙེས་ཤོག༔ བཛྲ་ཀཱ་མ་གུ་ཎ་མཧཱ་པཱུ་ཛ་སརྦ་ཨ་བྷི་ཥིཉྩ་མི༔ [བཀྲ་ཤིས་མཆོད་པའི་ལྷ་མོ་ནི༔ རྣམ་པ་བརྒྱད་ཀྱིས་མཆོད་པར་གྱུར༔] ཨོཾ༔ སྔོན་ཚེ་བྱང་ཆུབ་ཤིང་དྲུང་དུ༔ མི་མཆོག་སྐྱོབས་པ་སེང་གེ་ཡིས༔ བདུད་ཀྱི་སྡེ་ཚོགས་ཕམ་བྱས་ཏེ༔ ཡང་དག་བདུད་རྩི་བརྙེས་པའི་ཚེ༔ ལྷ་དང་ལྷ་མོ་ཚོགས་རྣམས་ཀྱི༔ དགེ་ལེགས་བཀྲ་

p. 388

ཤིས་རྟགས་བརྒྱད་ཀྱིས༔ རྡོ་རྗེའི་སྐུ་ལ་མངའ་ཕུལ་བས༔ ཆོས་ཀྱི་འཁོར་ལོས་སྒྱུར་བ་ལྟར༔ སྒེག་མོ་ཕྲེང་བ་གླུ་གར་དང་༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི༔ བཀྲ་ཤིས་རྟགས་ཀྱི་རོལ་མོ་འདིས༔ སྐལ་ལྡན་ཁྱོད་ལ་མངའ་གསོལ་ལོ༔ ཤྲཱི་མངྒ་ལ་ཨཥྚ། ཧཱ་སྱ། ལཱ་སྱ། གཱིརྟི། ནཱིརྟི། པུཥྤེ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ་མཧཱ་པཱུ་ཛ་སརྦ་ཨ་བྷི་ཥིཉྩ་ཧོཿ [དེ་ནས་བཀྲ་ཤིས་རྫས་བརྒྱད་དང་། །རྒྱལ་སྲིད་བདུན་གྱིས་མངའ་གསོལ་ཞིང་། །] དོན་ཀུན་གྲུབ་པས་བྱིན་བརླབས་པའི། །ངོ་མཚར་གྲུབ་པའི་རྫས་བརྒྱད་དང་། །འཁོར་ལོས་སྒྱུར་པའི་དཔལ་འབྱོར་མཆོག །རིན་ཆེན་བདུན་གྱིས་མངའ་གསོལ་བས། །དགེ་ལེགས་བཀྲ་ཤིས་འཕེལ་གྱུར་ཅིག །ཨོཾཿ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དུག་

p. 389

གསུམ་ཞི་གྱུར་ཅིག །དཱུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་དབང་ཐོབ་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །[ཅེས་དང་།] ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་

p. 390

དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོགས་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །

p. 391

དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །[ཅེས་རིམ་བཞིན་དུ་མངའ་དབུལ་བར་བྱའོ། །]དེ་རྣམས་བརྟན་པར་བྱ་བའི་སླད་དུ། ཚེ་འགུགས་ཤིང་བཅུད་བསྡུ་བ། ཚེ་སྦ་ཞིང་རྒྱས་གདབ་པ་རྣམས་རིམ་པ་བཞིན་བགྱིད་པ་ལགས་པས་སོ་སོའི་སྐབས་སུ་ཚིག་རིས་དང་མཐུན་པའི་ཐུགས་འདུན་རྩེ་གཅིག་ཏུ་མཛད་པར་ཞུ་[ཞེས་མཚམས་སྦྱར་ནས།] ཧྲཱིཿཛཿ [སོགས་ལས་བྱང་གི་ཚེ་འགུགས་དམིགས་གནད་གསལ་གདབ་མདའ་དར་གཡབ། སྤོས་རོལ་དབྱངས་དང་བཅས་ཚེ་འགུགས་རྒྱས་གདབ་] རཀྵ་རཀྵ་ཧཾ་[གི་བར་བརྗོད།] སླར་ཡང་ཕྱག་རྒྱ་བཞི་ཕྱག་ཏུ་གཏད་ཅིང་མདའ་དར་གནས་ལྔ་བཞག་པས་རྟག་བརྟན་གཞོམ་གཞིག་དང་བྲལ་བ་འཆི་མེད་གཉུག་མའི་དབྱིངས་ལས་ནམ་ཡང་མི་ཕྱེད་པའི་ཕྱག་རྒྱས་བཏབ་པའི་ཐུགས་འདུན་མཛད་པར་ཞུ། ཧྲཱིཿ དཀྱིལ་འཁོར་སྒོ་བཞི་སྐྱོང་མཛད་པ༔ ཚད་མེད་བཞི་ཡི་ངོ་བོ་ཉིད༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུ་འཛིན་པ་ཡི༔ སྒོ་སྲུང་བཞི་ཡིས་རྒྱས་གདབ་བོ༔ འགྱུར་བ་མེད་པར་བརྟན་པར་ཤོག༔ ཛཿཧཱུྃ་བྃ་ཧོཿཏིཥྛ་བཛྲ་ཨ་བྷི་ཥིཉྩ་ཧོཿ ཨཱཿ སྟོང་གསལ་ཆོས་སྐུའི་སྨྱུག་མ་ལ༔ ལོངས་སྤྱོད་ཡོངས་རྫོགས་སྒྲོ་ཡིས་བརྒྱན༔ མདེའུ་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་རྒྱལ་བས་རྒྱས་གདབ་བོ༔ སྐུ་ལྔའི་རང་བཞིན་རིན་ཆེན་ལྔ༔ སྣང་རིག་ཐབས་ཀྱིས་རྒྱས་གདབ་བོ༔ ཡུམ་ལྔའི་རང་བཞིན་

p. 392

དར་སྣ་ལྔ༔ སྟོང་དབྱིངས་ཤེས་རབ་རྒྱས་གདབ་བོ༔ ཡེ་ཤེས་ལྔ་ལྡན་རྨ་བྱའི་མདངས༔ གཉིས་མེད་ཟུང་འཇུག་རྒྱས་གདབ་བོ༔ སྐྱེ་འཆི་མེད་པ་གཞི་ཡི་ཚེ༔ ཆོས་ཀྱི་དབྱིངས་སུ་རྒྱས་གདབ་བོ༔ འཕོ་འགྱུར་མེད་པ་ལམ་གྱི་ཚེ༔ མཉམ་ཉིད་ཆེན་པོར་རྒྱས་གདབ་བོ༔ བྲལ་ཐོབ་མེད་པ་འབྲས་བུའི་ཚེ༔ ཁྱབ་བརྡལ་ཀློང་དུ་རྒྱས་གདབ་བོ༔ བྱར་མེད་རྒྱས་གདབ་འགྲོལ་མི་སྲིད༔ དམིགས་མེད་རྒྱས་གདབ་འཐོར་བ་མེད༔ ངང་མཉམ་རྒྱས་གདབ་ཉམས་པ་མེད༔ ཕྱལ་ཡས་རྒྱས་གདབ་ཆད་པ་མེད༔ ཀུན་ཁྱབ་རྒྱས་གདབ་ཟད་པ་མེད༔ ལྷུན་རྫོགས་རྒྱས་གདབ་ཡར་བ་མེད༔ མི་འགྱུར་སྙིང་པོ་རྡོ་རྗེའི་ཚེ༔ གཞོམ་མེད་ཡེ་ཤེས་མཁའ་ཀློང་དུ༔ སྐྱེ་འཆི་མེད་པར་རྒྱས་གདབ་བོ༔ དྷརྨཱ་དྷརྟུ་བཛྲ་ཛྙཱ་ན་རཀྵ་ཨ་ཧཾཿ [རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྡོ་རྗེའི་སྒྲ་དང་བཅས་པས་བརྟན་པར་བྱའོ། །]དེ་ལྟར་ནང་ནུས་པ་འཇུག་པའི་དབང་མཐའ་རྟེན་དང་བཅས་པ་བསྐུར་བའི་དག་པ་བརྗོད་པ་ནི། གཞུང་ལས། དེ་ལྟར་དབང་གི་རིམ་པ་ནི༔ བུམ་པ་སྐུ་ཡི་དཀྱིལ་འཁོར་ལ༔ བརྟེན་དེ་ཐ་མལ་སྣང་ཞེན་གྱི༔ སྣོད་བཅུད་ལྷ་དང་ཞིང་ལ་དབང་༔ སྙིང་པོ་གསུང་གི་དཀྱིལ་འཁོར་ལ༔ བརྟེན་ནས་ངག་རླུང་འབྱུང་འཇུག་སྒྲ༔ སྐྱེ་མེད་རྡོ་རྗེའི་རང་སྒྲར་དབང་༔ ཕྱག་མཚན་ཐུགས་ཀྱི་དཀྱིལ་

p. 393

འཁོར་ལ༔ བརྟེན་ནས་འཁྲུལ་པའི་རྟོག་ཚོགས་ཀུན༔ ཆོས་ཉིད་ཡེ་ཤེས་རོལ་པར་སྨིན༔ ལོངས་སྤྱོད་ཡོན་ཏན་དཀྱིལ་འཁོར་ལ༔ བརྟེན་ནས་དབང་ཡུལ་འདོད་ཡོན་ཚོགས༔ མཉམ་ཉིད་མཆོག་གི་དཔལ་ལ་དབང་༔ རབ་འབྱམས་ལས་ཀྱི་དཀྱིལ་འཁོར་ལ༔ བརྟེན་ནས་མཚན་མའི་བྱེད་རྩོལ་རྣམས༔ ཐོགས་མེད་འཕྲིན་ལས་འཁོར་ལོར་སྨིན༔ སྒྲིབ་པ་ཀུན་སྦྱང་ཡེ་ཤེས་ཀྱི༔ གོ་འཕང་མངོན་དུ་བྱེད་པའི་ཐབས༔ ནུས་པའི་དབང་མཆོག་རྫོགས་པར་བྱེད༔ ཅེས་གསུངས་པ་བཞིན་ལགས་སོ། །དེ་ནས་ཐུན་མོང་མ་ཡིན་པ་གསང་བ་ཟབ་མོའི་དབང་གསུམ་རིམ་པ་བཞིན་དུ་བསྐུར་བའི་ཐོག་མར་རྡོ་རྗེ་སློབ་དཔོན་གྱི་ལུས་དཀྱིལ་ལས་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་[ཞེས་བརྡ་སྦྱར། མཎྜལ་འབུལ་དུ་བཅུག །]གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོཿ བདེ་བ་ཆེན་པོའི་བདག་ཉིད་ཀྱི༔ ཡེ་ཤེས་རོལ་པའི་བྱང་ཆུབ་སེམས༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ [ལན་གསུམ།] དེའི་ལན་དུ་གནང་བ་སྦྱིན་པ་ནི། བུ་ཁྱོད་སྐལ་པ་ཤིན་ཏུ་བཟང་༔ འདི་ནི་མཆོག་ཏུ་གསང་བའི་ལམ༔ རྟོག་པའི་དྲྭ་བ་ཀུན་སྤངས་ཏེ༔ བརྟུལ་ཞུགས་ཆེན་པོས་

p. 394

འདིར་ཞུགས་ཤིག༔ རྣམ་གྲོལ་བདུད་རྩི་སྦྱིན་པར་བྱའོ༔ དབང་དངོས་ཀྱི་དོན་དུ་སྤྱན་དམིགས་འདི་ལྟར་མཛད་འཚལ། བླ་མ་དཀྱིལ་འཁོར་གཙོ་བོར་གསལ༔ ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བས༔ བདེ་ཆེན་དགྱེས་པའི་ཉམས་འབར་ཏེ༔ དགའ་བའི་སྒྲ་དང་འོད་ཟེར་གྱིས༔ མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་པ༔ སྤྱན་དྲངས་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ འོད་ཞུ་ཨེ་ཝཾ་མཁར་འཁྱིལ་བའི༔ དཀར་དམར་འདྲེས་པའི་བྱང་སེམས་བཅུད༔ མེ་ལོང་གཡའ་བྲལ་གྱིས་བླངས་ཏེ༔ སྐལ་ལྡན་བུ་ཡི་ལྕེ་ཐོག་བཞག༔ ཨཱཿ འཆི་མེད་རྒྱལ་བའི་དཀྱིལ་འཁོར་པ༔ སྦྱོར་བ་བྱང་ཆུབ་སེམས་ཀྱི་མདངས༔ མ་རིག་རྣམ་རྟོག་འཇོམས་པའི་བདུད༔ རང་རིག་ཡེ་ཤེས་རྒྱས་པའི་རྩི༔ དམ་ཚིག་མཆོག་གི་རྫས་ཆེན་པོས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདེ་སྟོང་དྭངས་མའི་ཁམས་འཕེལ་ཏེ༔ གསང་བའི་དབང་མཆོག་ཐོབ་པར་ཤོག༔ བོ་དྷི་ཙིཏྟ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་བྱིན་པའི་བདུད་རྩི་དེ་ཉིད་བདེ་ཆེན་བྱང་ཆུབ་ཀྱི་སེམས་དངོས་གྲུབ་དམ་པའི་དབྱིག །སངས་རྒྱས་འདུས་པའི་ངོ་བོ། མྱང་བས་ལུས་ཀྱི་རྩ་གནས་ཐམས་ཅད་ཁྱབ་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨ་ཧོ་མཧཱ་སུ་ཁ་ཨ་

p. 395

ལ་ལ་ཧོཿ དེ་ལྟར་དབང་བསྐུར་བ་ལས་སྐྱེས་པའི་བདེ་བ་ཁྱད་པར་ཅན་གྱི་རྐྱེན་གྱིས་སྟོང་ཆེན་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་རང་ངོ་ལ་མཉམ་པར་འཇོག་མཛོད། [ཅེས་ཉམས་སྐྱོང་དུ་བཅུག །]སླར་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ངོ་མཚར་རྨད་བྱུང་བ༔ ཡང་དག་ཡོན་ཏན་བླ་ན་མེད༔ ཤེས་རབ་སྙིང་པོའི་དཀྱིལ་འཁོར་དུ༔ རྣམ་གྲོལ་དབང་མཆོག་བསྐུར་དུ་གསོལ༔ [ལན་གསུམ།] དེ་ལ་སློབ་དཔོན་གྱིས་ལན་སྦྱིན་ཞིང་དམ་ཚིག་དང་བརྟུལ་ཞུགས་ཀྱི་གནད་བསྒྲགས་པའི་སྒོ་ནས་འདྲི་བ་བགྱིད་པ་ལགས་ཏེ། ཧོཿ འདི་ནི་ཤིན་ཏུ་གསང་བའི་ལམ༔ གང་ཞིག་མ་དག་རྣམས་ལ་མིན༔ བརྟུལ་བཞུགས་ཟབ་མོའི་བདག་ཉིད་ཅན༔ བློ་ཆེན་སྣོད་དང་ལྡན་ལ་སྟེ༔ ཕྱག་རྒྱ་བཀུར་ཞིང་བདེ་མཆོད་བརྩོན༔ ཁུ་ཁྲག་བདུད་རྩིར་སྤྱོད་པ་སོགས༔ ཁྱད་པར་དམ་ཚིག་གང་བཤད་པ༔ འདའ་བ་མེད་པར་བཟུང་ནུས་སམ༔ དེའི་ལན་བརྗོད་ཅིང་དམ་ཚིག་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། ཤེས་རབ་མ་ཚོགས་ཡོངས་སུ་བཀུར༔ བདེ་མཆོག་ལམ་ལ་ལྷག་པར་གནས༔ འཕོ་མེད་ལྷན་སྐྱེས་ཀུན་ཏུ་

p. 396

འཛིན༔ ཁུ་ཁྲག་བདུད་རྩིར་བདག་པར་སྤྱོད༔ ཕྱག་རྒྱའི་དམ་ཚིག་གང་བསྒྲགས་པ༔ ཉམས་པའི་དྲི་མ་ཀུན་སྤང་ན༔ དམ་པའི་དེ་ཉིད་བདག་ལ་སྩོལ༔ གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་ཚེ་ཡུམ་མནྡཱ་ར་བའི་ངོ་བོར་གསོལ་བ་ཁྱེད་རང་རྣམས་ལ་སྦྱིན་པའི་མོས་པ་མཛོད། ཧོཿ ཆོས་རྣམས་མ་ལུས་འབྱུང་བའི་གནས༔ རྣམ་པ་ཀུན་ལྡན་ཡིད་འོང་མ༔ མཚན་ལྡན་ཡང་དག་ཕྱག་རྒྱ་འདི༔ བདེ་གཤེགས་མ་ལུས་བསྒྲོད་པའི་ལམ༔ ཡེ་ཤེས་སྣང་བྱེད་སྒྲོན་མ་ཆེ༔ འདི་ནི་མཆོག་ཏུ་བསྟེན་པར་བྱ༔ གང་ཞིག་འདི་ཉིད་མ་མཐོང་བའི༔ བྱིས་པ་རྣམས་ལ་གྲོལ་བ་མེད༔ དེ་ཕྱིར་སྐལ་བར་ལྡན་པའི་བུ༔ ལམ་གྱི་དམ་པ་འདིར་ཞུགས་ལ༔ དགའ་བྲལ་ལྷན་སྐྱེས་ཡེ་ཤེས་ཀྱི༔ བདེན་དོན་དྲི་མེད་རྟོགས་པར་ཤོག༔ པདྨ་མུ་ཏྲ་ཛྙཱ་ན་མོ་ཀྵ་ཨ་བྷི་ཥིཉྩ་ཧོཿ དེ་ལྟར་བྱིན་པའི་ཤེས་རབ་མ་དང་། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གྱི་སྐུར་གསལ་བ་ལྷ། མཁའ་གསང་རྡོ་རྗེ་པདྨ་ཧཱུྃ་ཨཿས་མཚན་པ་སྔགས། ཐབས་འདི་ལ་བརྟེན་ནས་འཆི་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱའོ་སྙམ་པ་ཆོས་ཏེ། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་དགའ་བ་

p. 397

ཡོངས་སུ་རྫོགས་ཤིང་། འཕོ་མེད་ལྷན་ཅིག་སྐྱེས་པའི་བདེན་པ་མཆོག་ཏུ་མི་འགྱུར་བའི་རང་ངོ་ལ་མཉམ་པར་འཇོག་མཛོད། དེ་ནས་དབང་མཆོག་ཐམས་ཅད་ཀྱི་རྒྱལ་པོ་མཐར་ཐུག་མངོན་སུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྐབས་སུ་བབས་པ་སྟེ། མཆོག་ཏུ་ཟབ་མོ་ཀུན་གྱི་མཐིལ༔ དོམ་དམ་ཡེ་ཤེས་མངོན་སུམ་དུ༔ ཅར་ཕོག་རྗེན་པར་སྟོན་པའི་ཐབས༔ བཞི་པའི་དབང་མཆོག་བསྐུར་བའི་ཕྱིར༔ སྒོ་གསུམ་ལོངས་སྤྱོད་གཅེས་རྒུའི་ནོར༔ བུ་དང་ཆུང་མས་རྟེན་བྱས་ཏེ༔ འོད་གསལ་རིག་པ་བྱང་ཆུབ་སེམས༔ ཀུན་ཏུ་བཟང་པོའི་རོལ་པར་བརྡལ༔ ཞེས་གསུངས་པ་བཞིན་ཐོག་མར་མཎྜལ་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོཿ ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ ཡེ་ཤེས་སྙིང་པོ་བླ་ན་མེད༔ དཀྱིལ་འཁོར་གཙོ་བོའི་བཀའ་དྲིན་གྱིས༔ དོན་གྱི་དབང་མཆོག་བསྐུར་དུ་གསོལ༔ [ལན་གསུམ།] དེའི་ལན་དུ་འདི་སྐད་འབྱུང་བ་ལགས་ཏེ། ཨེ་མཿ སྐལ་ལྡན་རིགས་ཀྱི་བུ༔ མཐར་ཐུག་སྙིང་པོ་དོན་གྱི་དབང་༔ མངོན་སུམ་ཡེ་ཤེས་དཀྱིལ་འཁོར་དུ༔ འཇུག་པའི་བློ་ཅན་ཤིན་ཏུ་དཀོན༔ བུ་ཁྱོད་ངེས་པར་འཇུག་འདོད་ན༔ སྒོ་གསུམ་ལོངས་

p. 398

སྤྱོད་གཅེས་རྒུའི་ནོར༔ ཕོངས་པ་མེད་པར་གཏོང་ནུས་སམ༔ བླ་མ་ལྷ་དང་རང་རིག་གསུམ༔ ཐ་དད་མེད་པར་བལྟ་ནུས་སམ༔ ལུས་དང་སྲོག་ལའང་ལྟོས་མེད་པར༔ སྒྲུབ་པའི་རྒྱལ་མཚན་བརྟན་ནུས་སམ༔ འབྲས་བུ་ཕྱི་དུས་མི་རེ་བར༔ ཚེ་འདིར་འཆི་མེད་རིག་འཛིན་གྱི༔ རང་ཞལ་རྗེན་པར་མཇལ་ནུས་སམ༔ དེ་ལྟར་ནུས་ན་གཞུག་པར་བྱའོ༔ ཞེས་གདམས་ཤིང་དྲིས་པའི་ལན་དུ་འདི་སྐད་གསུངས་འཚལ། ཧོཿ ཁྱབ་བདག་ཆེན་པོ་དགོངས་སུ་གསོལ༔ ཇི་ལྟར་གདམས་པའི་དོན་ཐ་དག༔ ཚུལ་བཞིན་མི་འདའ་བསྒྲུབ་པར་ནུས༔ ཡེ་ཤེས་རང་ཞལ་བསྟན་དུ་གསོལ༔ འོ་ན་ཁྱེད་རང་རྣམས་ཀྱི་སྒོ་གསུམ་གྱི་གནད་གཅུན་ནས་གཞན་དུ་མ་ཡེངས་པར་རྡོ་རྗེ་སེམས་དཔའི་མེ་ལོང་གི་དཔེས་མཚོན་ཏེ་ཡེ་རྫོགས་ལྷུན་གྲུབ་ཀྱི་གནས་ལུགས་ཅར་ཕོར་ཏུ་ངོ་སྤྲད་པ་འདི་ལ་གསན་འཚལ། ཨོཾ༔ གདོད་མའི་ཀ་དག་དབྱིངས་ཀྱི་བབ༔ དྲི་མེད་ཤེལ་གྱི་གོང་བུ་བཞིན༔ རྣམ་པར་མི་རྟོག་རྟོག་ལས་འདས༔ སྤྲོས་མཐའ་ཀུན་བྲལ་བརྡལ་བ་ཆེ༔ རང་བྱུང་རིག་སྟོང་རྗེན་པ་འདི༔ མ་བཅོས་ཆོས་སྐུའི་དགོངས་པའོ༔ ཨཱཿ ལྷུན་གྲུབ་རང་གདངས་ཡེ་ཤེས་ནི༔ ཤེལ་ལས་འཇའ་ཚོན་སྣང་བ་ལྟར༔ མ་འདྲེས་མངོན་

p. 399

སུམ་ལྷང་ངེ་བ༔ ལོངས་སྤྱོད་རྫོགས་སྐུའི་དགོངས་པའོ༔ ཧཱུྃཿ དབྱེར་མེད་ཟུང་འཇུག་ཆུ་ཟླ་ལྟར༔ བདེན་རྫུན་མཐའ་གྲོལ་རོལ་པ་ཆེ༔ གང་འདུལ་སྒྱུ་མའི་ཆོ་འཕྲུལ་ཅན༔ སྤྲུལ་པ་སྐུ་ཡི་དགོས་པའོ༔ ཧྲཱིཿ སྐུ་གསུམ་འཆི་མེད་རིག་འཛིན་གྱི༔ དགོངས་པ་མཆོག་ཏུ་མི་འགྱུར་བ༔ བསྐུར་ཐོབ་ལས་འདས་འོད་གསལ་བའི༔ ཡེ་ཤེས་རབ་འབྱམས་དབང་ཆེན་པོ༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ རང་རིག་དོན་གྱི་པདྨ་འབྱུང་༔ འཆི་མེད་མགོན་པོ་ཚེ་འདི་ལ༔ མངོན་སུམ་ཉིད་དུ་མཐོང་བ་ཡི༔ དབང་མཆོག་རྒྱལ་པོ་ཐོབ་པར་ཤོག༔ བཛྲ་ཨཱཿཡུརྫྙཱ་ན་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ འོ་རིགས་ཀྱི་བུ་སྐལ་བ་མཆོག་དང་ལྡན་པ་རྣམས་མ་ཡེངས་པར་ཉོན་ཅིག །ཆོས་དབྱིངས་གཞོན་ནུ་བུམ་པ་སྐུའི་ཡེ་ཤེས་ཞེས་བྱ་བའི་ཀ་དག་ཆོས་ཀྱི་དགོངས་པ་གཡེར་པོ་ཆེ་ཞིག་ལོགས་ན་བསྒྲུབ་ཏུ་ཡོད་པར་མ་འཛིན་ཅིག །རང་གི་སེམས་ཉིད་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉག་ཅིག་སྤྲོས་མཚན་ཡིད་བྱེད་བྱ་རྩོལ་ཐམས་ཅད་འདས་པའི་རང་གསལ་ཆེན་པོའི་དབྱིངས་འདི་ཉིད་ཀ་དག་ཆོས་སྐུའི་དགོངས་པ་ལགས་པས་དཔེ་ཤེལ་གོང་དྲི་མེད་ཟང་ཐལ་རང་གསལ་འདིས་

p. 400

མཚོན་ནས་ཤེས་པར་མཛོད་ཅིག །ལྷུན་གྲུབ་རང་སྣང་གི་ཡེ་ཤེས་ཞེས་བྱ་བ་ལོངས་སྐུའི་དགོངས་པའང་ལོགས་ན་མེད་དེ། དབྱིངས་ཀྱི་ཡེ་ཤེས་དེ་ཉིད་རང་བཞིན་གྱི་འོད་གསལ་བའི་རིག་པ་འགྱུར་མེད་བདེ་བ་ཆེན་པོ་དང་ཐ་མི་དད་པར་ཟུང་འཇུག་ཏུ་སྣང་བ་འདི་ཉིད་དཔེ་ཤེལ་དང་འཇའ་ཚོན་ཐ་མི་དད་ཅིང་སོ་སོ་མ་ཡིན་པར་རང་ཆས་སུ་རྫོགས་ཤིང་མ་འདྲེས་པར་རང་གསལ་འདིས་མཚོན་ནས་ཤེས་པར་མཛོད་ཅིག །ཐུགས་རྗེ་སྤྲུལ་པའི་སྐུའི་དགོངས་པ་ཞེས་ལོགས་སུ་འབྱུང་བ་མ་ཡིན་ཏེ། དབྱིངས་རིག་ཡེ་ཤེས་ཟུང་འཇུག་ཆེན་པོའི་རང་རྩལ་དམིགས་པ་མེད་པར་རང་ཆས་སུ་ཤར་ཞིང་། ལྷུན་གྲུབ་ཏུ་རྫོགས་པ་ཤེལ་འོད་རྐྱེན་དང་འཕྲད་པའི་དཔེས་མཚོན་ནས་གང་འདུལ་དེར་སྣང་གི་འཕྲིན་ལས་རང་སྣང་བྱ་རྩོལ་མེད་པའི་དབྱིངས་ལས་ཐུགས་རྗེའི་རོལ་རྩལ་གཞན་སྣང་དུ་སྣ་ཚོགས་པར་ཤར་བ་འདི་ཀ་ལགས་སོ། །དེ་ཐམས་ཅད་ཀྱང་སོ་སོ་མ་ཡིན་གཅིག་ཏུ་རྫོགས་ཤིང་། གཅིག་ཉིད་ཀུན་ལ་ཁྱབ་པ་ལྷུན་གྲུབ་ཡངས་པ་ཆེན་པོའི་དཀྱིལ་འཁོར་ཀུན་ཟླུམ་ཐིག་ལེ་ཉག་ཅིག་གི་དགོངས་པ་གཞན་དུ་མ་དམིགས་རང་ཆས་སུ་རྫོགས་པའི་རང་བྱུང་གི་ཡེ་ཤེས་ཐལ་ཆེན་པོའི་རང་ངོ་ལ་མཉམ་པར་འཇོག་མཛོད། དེ་རྣམས་ཀྱི་སྒོ་ནས་མཆོག་ཏུ་གསང་བ་ཤིན་ཏུ་

p. 401

ཟབ་མོའི་དབང་རྣམས་ལེགས་པར་ཐོབ་པའི་དག་པ་བརྗོད་པ་འདི་ལ་སྙན་གཏོད་འཚལ། དེ་ལྟར་ཟབ་མོའི་དབང་གི་རིམ༔ བདེ་ཆེན་བྱང་སེམས་དཀྱིལ་འཁོར་ལ༔ བརྟེན་ནས་རླུང་སེམས་སྒྱུ་མར་སྦྱོར༔ ཤེས་རབ་ཕོ་ཉའི་དཀྱིལ་འཁོར་ལ༔ བརྟེན་ནས་བདེ་སྟོང་ཡེ་ཤེས་འཆར༔ མངོན་སུམ་ཡེ་ཤེས་དཀྱིལ་འཁོར་ལ༔ བརྟེན་ནས་འཆི་མེད་ཡེ་ཤེས་ཀྱི༔ རྡོ་རྗེ་ལྟ་བུའི་ཚེ་ལ་དབང་༔ སྒྲིབ་པ་ཀུན་སྦྱོང་སྐུ་གསུམ་གྱི༔ གོ་འཕང་བླ་ན་མེད་པ་ཐོབ༔ ཅེས་གསུངས་པ་བཞིན་དུ་ལགས་སོ། །དེ་རྣམས་ཀྱི་སྒོ་ནས་རྡོ་རྗེ་ཚེའི་དཀྱིལ་འཁོར་ཆེན་པོར་ཁྱེད་ཅག་རྣམས་བཅུག་ནས་ཕན་ནུས་ཟབ་མོའི་དབང་གི་ཆུ་བོ་མཐའ་རྟེན་དང་བཅས་པ་ཆིག་རྫོགས་སུ་གྲུབ་པ་ལགས་ཤིང་། ཚུལ་ཆེན་དེ་ཉིད་ཐོབ་པ་དབང་གིས་ཐོབ་ཀྱང་དབང་སྲོག་དམ་ཚིག་གིས་འཛིན་པ་ལ་རག་ལུས་ཤིང་དེ་ལའང་དབྱེ་ན་དམ་ཚིག་གི་རྣམ་གྲངས་ས་མ་ཡ་འབུམ་སྡེ་རྣམས་ཏེ། དེ་ཐམས་ཅད་ཀྱི་སྙིང་པོ་འདུས་པ་རྩ་བ་སྐུ་གསུང་ཐུགས་ཡན་ལག་ཉི་ཤུ་རྩ་ལྔ་རྣམས་དང་ཁྱད་པར་དུ་རྡོ་རྗེའི་ཚེ་སྒྲུབ་པར་མི་མཐུན་ཕྱོགས་རྣམས་སྤངས་ཤིང་ཟབ་མོའི་ཏིང་འཛིན་ལ་བརྩོན་པ་སོགས་བསྒྲུབ་བྱ་གཙོ་བོར་གྱུར་པའི་དམ་ཚིག་རྣམས་སྲོག་དང་མིག་འབྲས་ལས་གཅེས་པར་སྲུང་སྡོམ་ཚུལ་བཞིན་དུ་མཛད་དགོས་པ་སྟེ་ཇི་སྐད་བཤད་པའི་སྤངས་

p. 402

བླང་གི་གནད་རྣམས་ལེགས་པར་བཟུང་བར་བགྱིའོ་སྙམ་པའི་ཐུགས་འདུན་དང་བཅས་འདི་ཡི་རྗེས་ཟློས་གནང་བར་ཞུ། གཙོ་བོརས་ཇི་ལྟར་[སོགས་དང་། མཎྜལ་ཡོན་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་དང་། གསུམ་པ་རྗེས་རིམ་རྣམས་གཞུང་བཞིན་དང་རིག་པ་འཛིན་པའི་ཕྱག་བཞེས་ལས་འབྱུང་བ་བཞིན་མཐའ་རྒྱས་སུ་བྱའོ། །འཕོ་བཅས་ཀུན་རྫོབ་སྒྱུ་མའི་ཚེ། །འཕོ་མེད་དབྱིངས་ཀྱི་ཕྱག་རྒྱས་ཐེབས། །མི་འགྱུར་ལྷུན་གྲུབ་ཚེ་མཐའ་ཡས། །འཆི་མེད་རྡོ་རྗེའི་སྐུ་འགྲུབ་ཤོག །ཅེས་པའང་གཏེར་འབྱིན་བླ་མ་མཆོག་ནས་འདི་ལྟར་སྦྱོར་ཤིག་པར་གསུང་གིས་བསྐུལ་བའི་ཕྱིར། འགལ་བྱེད་ཀྱི་ལོ་གངས་ཅན་གྲུབ་པའི་ལུགས་ཀྱི་གཙུག་ལག་མཁན་པོས་ཆོ་འཕྲུལ་ཟླ་བར་འབོད་པའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པར། སྔགས་ཀྱི་བཙུན་པར་རློམ་པའི་སྙོམས་ལས་མཁན་དཔལ་ཀརྨ་མཁའ་ཁྱབ་བདེ་བའི་རྡོ་རྗེར་འབོད་པས་ཤར་མར་སྤེལ་བ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།]

གཏེར་གསར་ཕུར་པ་ཡང་གསང་བཅུད་དྲིལ་གྱི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ཚེ་དབང་སྙིང་པོར་བསྡུས་པ་འཆི་མེད་ཆུ་རྒྱུན།

p. 403

༄༅། །གཏེར་གསར་ཕུར་པ་ཡང་གསང་བཅུད་དྲིལ་གྱི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ཚེ་དབང་སྙིང་པོར་བསྡུས་པ་འཆི་མེད་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

p. 404

ཨོཾ་སྭསྟི། གཉུག་མ་མི་ཤིགས་རྡོ་རྗེའི་གཟིས། །འཆི་བའི་མུན་པ་དྲུང་ཕྱུངས་ནས། །ཚེ་ཡི་པད་ཚལ་རྒྱས་མཛད་མགོན། །གར་དབང་ཚེ་དཔག་མེད་ལ་འདུད། །[འདིར་གཏེར་གསར་ཕུར་པའི་ཆ་ལག་ཚེ་སྒྲུབ་ཀྱི་ཚེ་དབང་སྙིང་པོར་བསྡུས་པ་སྤེལ་བ་ལ་གསུམ། སྦྱོར་དངོས་རྗེས་རིམ་མོ། །དང་པོ་ནི། སྟེགས་བུའི་ཁར་རས་བྲིས་སམ་མ་འབྱོར་ན་མཎྜལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་ཁྲིའུའི་ཁར་བུམ་པ་བཅུད་ལྡན་སོ་ལྔའི་རྫས་སྦྱར་བར་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་སོགས་ཆས་འཛོམ། རྒྱབ་ཏུ་གཙོ་སྐུ་དང་གླེགས་བམ་མམ་སྔགས་བྱང་། ཚེ་གཏོར། ཚེ་མདའ། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། འབྱུང་ལྔའི་གཟུགས་བྲིས་པའི་ཙ་ཀླི་རྣམས་དང་། སྤྲོ་ན་བླ་ཚེ་སྲོག་དབུགས་རྟེན་རྒྱལ་མཚན།]

p. 405

[ཉི་ཟླའི་གྭའུ། རྡོ་རྗེ། གཡུང་དྲུང་བཅས་བྲིས་འབུར་གང་རུང་། མདུན་དུ་མཆོད་གཏོར། སྨན་རཀ །ཉེར་སྤྱོད། ཚོགས། འབུལ་གཏོར། གཞན་ཡང་མཎྜལ་མེ་ཏོག་ལས་བུམ་རྡོར་དྲིལ་ཌཱ་མ་རུ་སོགས་ཉེར་མཁོའི་ཡོ་བྱད་རྣམས་འདུ་བྱ་ཞིང་བཀོད་ལེགས་སུ་བཤམ་མོ། །གཉིས་པ་ནི། ཕྲིན་ལས་སྔོན་འགྲོ་ནས་བརྩམ་བདག་མདུན་དབྱེར་མེད་ཀྱི་བསྐྱེད་རིམ་སྤྱན་འདྲེན་བཞུགས་ཕྱག་མཆོད་བསྟོད་བཅས་མཐར་ཆགས་སུ་བཏང་། བཟླས་པའི་སྐབས་ཛཔྲ་ཁང་ཕྱེས་ཏེ་བསྙེན་སྒྲུབ་ལས་སྦྱོར་གྱི་སྤྲོ་བསྡུའི་བཟླས་པ། ཚེ་འགུགས་བསྟིམ་མཐར་མཆོད་བསྟོད་མདོར་བསྡུས་དང་། སྤྲོ་ན་སྲུང་མའི་གཏོར་འབུལ། ཚོགས་མཆོད་བསྟབ་པའི་བར་དུ་བཏང་། ལས་བུམ་ནུས་ལྡན་དུ་བསྒྲུབས་ནས། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་ནས་དབྱུང་། ཕྱག་བཅས་གྲལ་དུ་འཁོད་པ་དང་ལས་]

p. 406

[བྱང་བཞིན་བགེགས་གཏོར་བསྔོ་ཞིང་བགེགས་བསྐྲད། སྲུང་འཁོར་བརྟན་པོར་བསྒོམ། ལས་རྡོར་པས་མེ་ཏོག་བཀྱེ་བསྡུ་ཟིན་ནས།] འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་མིན་གྱི་འཆི་བ་ལ་སོགས་པའི་འཇིགས་དང་སྡུག་བསྔལ་ཐམས་ཅད་ལས་བསྒྲལ་ཏེ་ཁྱབ་བདག་བླ་མ་འཆི་མེད་གར་གྱི་དབང་པོའི་གོ་འཕང་ལ་དུས་མྱུར་བ་ཉིད་དུ་འགོད་པར་བྱ། དེ་ཡི་ཆེད་དུ་བྱང་ཆུབ་སྒྲུབ་པའི་ལམ་གྱི་གཞི་རྟེན་འཆི་མེད་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ་པའི་ཕྱིར་རྡོ་རྗེ་ཚེ་ཡི་དབང་བསྐུར་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ཡང་ཁམས་གསུམ་པའི་འགྲོ་བ་མཐའ་དག་སྐྱེས་པའི་མཐའ་མ་འཆི་བ་ལས་མ་འདས་ཤིང་། དེའང་འདོད་པ་དང་གཟུགས་ཀྱི་ལྷ་སོགས་དང་། གླིང་གཞན་གྱི་མི་རྣམས་ཕལ་ཆེར་ལ་ཚེ་ཚད་ངེས་པ་ཅན་དུ་ཡོད་ཀྱང་། རང་ཅག་འཛམ་གླིང་གི་མི་རྣམས་ཚེ་ཚད་མ་ངེས་པས། སོ་སོ་ལ་ཚེ་ཡི་དབང་སྐལ་ཇི་ཙམ་ཡོད་པ་དེ་ཉིད་ཀྱང་མཐར་མ་ཕྱིན་པར། གློ་བུར་གྱི་རྐྱེན་གྱིས་བསྐྱེད་པས་ཚེ་ཉམས་པ་དང་། གུད་ཅིང་ཟད་པ་དང་། ཡར་ཞིང་འདྲོགས་པ། འཐོར་ཞིང་ཆད་པ། བྱད་ཕུར་རྦོད་གཏོང་གིས་བཅོམ་པ། འདྲེ་གདོན་གྱིས་བརྐུས་འཕྲོག་ཁྱེར་བ་

p. 407

སོགས་དང་། གཞན་ཡང་དུས་མིན་དུ་འཆི་བའི་རྐྱེན་དྲག་པོ་དུ་མས་གློ་བུར་དུ་ཚེ་ཡི་དུས་བྱེད་པར་འགྱུར་བ་དེ་ཉིད་ལས་སྐྱོབ་པའི་ཆེད་ཚེ་བསྲིང་བའི་ཐབས་ཁོ་ན་ལ་འབད་པ་གལ་ཆེ་སྟེ། ཇི་སྐད་དུ། འཁོར་བར་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པར་མ་མཐོང་བས། །དེས་ན་མྱུར་ཏུ་ཐབས་མང་པོས། །འཆི་བ་བསླུ་བར་ཡང་དག་སྦྱོར། །ཞེས་གསུངས་པ་ལྟར་ལགས་ལ། ཁྱད་པར་ཆོས་ལྡན་གྱི་ལུས་འདི་ཉིད་ཡུན་དུ་འཚོ་བ་ནི་འདི་དང་གཏན་གྱི་དོན་གཉིས་མཐའ་དག་བསྒྲུབ་པའི་གཞི་རྟེན་གཅིག་པུར་གྱུར་པས་ན་ཅི་ནས་ཀྱང་ཚེ་བསྲིང་བའི་ཐབས་ལ་བརྩོན་དགོས་ཤིང་། དེའི་ཐབས་ཚུལ་གྱི་བྱེ་བྲག་ཏུ་མ་ཞིག་ཕྱི་ནང་ཀུན་ལ་འབྱུང་མོད་ཀྱང་རྒྱུ་རྐྱེན་གཉིས་སུ་འདུ་སྟེ། རྒྱུ་ནི་སྔོན་དང་ད་ལྟར་སྐྱེ་འགྲོ་གཞན་གྱི་སྲོག་བཅད་པ་ལས་བྱུང་བའི་འབྲས་བུས་རང་ཉིད་ཚེ་ཐུང་བར་འགྱུར་བས་དེའི་གཉེན་པོར་སྲོག་གཅོད་པ་སྤོང་ཞིང་གཞན་ཡང་སྤོངས་སུ་གཞུག་པ་དང་། ཚེ་ཐར་སྲོག་བསླུ་སོགས་ལ་འབད་དགོས་པ་ལགས། རྐྱེན་གྱི་སྒོ་ནས་ཚེ་བསྲིང་བའི་ཐབས་མཆོག་ཏུ་གྱུར་པ་ནི་བདེ་བར་གཤེགས་པའི་ཐུགས་རྗེ་རྨད་དུ་བྱུང་བའི་འཕྲིན་ལས་ཀྱི་སྒོ་ནས་འཕོ་བཅས་

p. 408

ཀྱི་ཚེ་ལ་འཕོ་བྲལ་འཆི་མེད་རྡོ་རྗེའི་ཕྱག་རྒྱས་བཏབ་སྟེ་ཐུན་མཆོག་གི་དངོས་གྲུབ་སྟན་ཐོག་གཅིག་ལ་རང་རང་གི་དད་དམ་མོས་བརྩོན་དང་མཚུངས་པར་ལོ་ཟླ་ཙམ་གྱིས་སྦྱིན་པར་ནུས་པ་རྣམས་ཡིན་ལ། དེ་ལྟ་བུའི་ཐབས་ཚུལ་བཀའ་གཏེར་དག་སྣང་གི་བཀའ་བབ་སོ་སོས་ལས་བྱོན་པ་དུ་མ་ཞིག་མཆིས་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་རྡོ་རྗེ་ཕུར་པ་ཡང་གསང་བཅུད་དྲིལ་གྱི་ཆ་ལག་ཚེའི་སྒྲུབ་ཐབས་འཆི་མེད་རིག་འཛིན་སྲོག་ཐིག་གི་སྨིན་བྱེད་ཟབ་མོ་བསྒྲུབ་པའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་ན། རང་སྣང་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་དུ་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་འཆི་མེད་འོད་མི་འགྱུར་བས། རང་རྩལ་རིག་པའི་འཁོར་ལ་བརྗོད་མེད་རང་ཤར་གྱི་དགོངས་པས་འཆི་མེད་གཉུག་མི་ཏནྟྲ་དུས་བཞི་མཉམ་པ་ཉིད་དུ་བསྟན་པ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། འོག་མིན་པདྨ་དབང་ཆེན་རོལ་པའི་དུར་ཁྲོད་ཆེན་པོར་ཀུན་བཟང་ཞི་ཁྲོ་རིགས་ལྔའི་སྟོན་པས་འཁོར་ཉིད་ལས་མི་གཞན་པའི་རིག་འཛིན་རིགས་ལྔའི་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པ་རྣམས་ལ་འཆི་མེད་རྡོ་རྗེ་ཚེའི་ཏནྟྲ་བརྡ་ཐབས་བྱིན་རླབས་ཀྱི་སྒོ་ནས་བསྟན་པ་ནི་རིག་འཛིན་བརྡའི་བརྒྱུད་པ། འགྲོ་འདུལ་འཆི་མེད་གྲུབ་

p. 409

པའི་གནས་མཆོག་མཱ་ར་ཏི་ཀར་རང་བྱུང་པདྨ་ཡབ་ཡུམ་གྱི་མདུན་དུ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་དངོས་སུ་བྱོན་ནས་སྐྱེ་འཆི་མེད་པར་དབང་བསྐུར། བསྒྲེས་རྒུད་བྲལ་བར་བྱིན་གྱིས་བརླབས་ཤིང་། རྡོ་རྗེ་ཚེ་ཡི་ཏནྟྲ་ཆེན་པོར་བཤད། སླར་བོད་ཡུལ་དབུས་ཀྱི་སྒྲུབ་གནས་གཡའ་མ་ལུང་ལྷོ་བྲག་མཁར་ཆུ་སོགས་དང་ཁྱད་པར་སེང་གེ་རྫོང་དང་དཔལ་གྱི་སྟག་ཚང་རྣམས་སུ་འཆི་མེད་བླ་མ་པདྨ་ཀ་རས་ལས་ཅན་རྗེ་འབངས་རྣམས་ལ་རྡོ་རྗེ་ཚེའི་དབང་བསྐུར་རྒྱུད་བཤད་མན་ངག་ཚངས་སྤྲུགས་སུ་བསྟན་པ་ནི་གང་ཟག་སྙན་ཁུང་གི་བརྒྱུད་པ། སྐབས་དེར་གུ་རུ་ཡབ་ཡུམ་རྗེ་འབངས་དང་བཅས་པས་མ་འོངས་པའི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཚེ་རྒྱུད་སྒྲུབ་ཐབས་དམ་རྫས་སོགས་སོ་སོར་མི་འཇིགས་པའི་ཕྱག་རྒྱས་བཏབ་སྟེ་ཟབ་མོའི་གཏེར་དུ་བསྩལ་བ་ཉིད། དེང་སང་འདོན་པའི་དུས་ལ་བབས་པ་ན་རྣམ་སྣང་ལོ་ཆེན་བཻ་རོ་ཙ་ན་དང་རྡོ་རྗེ་བདུད་འཇོམས་ཟུང་གི་རྣམ་འཕྲུལ་རིག་འཛིན་ཆེན་པོ་ཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷོ་ཕྱོགས་མོན་ཁ་སེང་རྫོང་གི་མཚོ་རྒྱལ་གསང་ཕུག་ནས། ཤིང་འབྲུག་གི་ལོར་སྐལ་ལྡན་གྱི་འདུས་པ་དུ་མའི་མིག་ལམ་དུ་རིག་འཛིན་མཁའ་འགྲོས་བྱིན་གྱིས་བརླབས་པའི་ལྟས་དང་།

p. 410

གཏེར་སྲུང་ཆོས་སྐྱོང་གིས་འཕྲིན་ལས་སྒྲུབ་པའི་མཚན་མའི་ཆོ་འཕྲུལ་དང་ལྡན་པར་སྤྱན་དྲངས་ཤིང་། དག་པའི་སྣང་བར་གུ་རུ་ཡབ་ཡུམ་རྗེ་འབངས་དང་བཅས་པས་རྗེས་སུ་བཟུང་ནས་བྱིན་བརླབས་དབང་བསྐུར་རྫོགས་པར་ནོད་ཅིང་རྒྱལ་ཚབས་ཆེན་པོར་མངའ་གསོལ་བ་ནི་སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་སྟེ། དེ་ལྟར་ཡིད་ཆེས་ལ་ཁུངས་བཙུན་པའི་ཟབ་མོའི་གཏེར་ཆོས་འདི་ཉིད་ཀྱི་སྒོ་ནས་ཚེའི་དབང་བསྐུར་ཟབ་མོ་སྙིང་པོར་བསྡུས་པ་འབུལ་བར་བྱེད་པ་ལ། བདག་སློབ་དཔོན་གྱིས་བགྱི་བར་འོས་པའི་རིམ་པ་རྣམས་གྲུབ་ཟིན་པ་ལགས་པས། སྐུ་ཉིད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་བསྐུར་ཟབ་མོ་གསན་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། [ཞེས་བརྡ་སྦྱར་ནས་མཎྜལ་འབུལ་དུ་གཞུག །]སློབ་དཔོན་དཀྱིལ་འཁོར་གྱི་ཁྱབ་བདག་ཆེན་པོར་བཞུགས་པའི་དྲུང་དུ་དབང་བསྐུར་ཞུ་བའི་དོན་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། [ཅེས་བརྡ་སྦྱར་ནས།] ཨོཾ༔ དཔལ་ལྡན་པདྨ་གར་གྱི་བདག༔ འཆི་མེད་ཡེ་ཤེས་སྐུ་འཆང་བ༔ རྡོ་རྗེ་སློབ་དཔོན་ཆེ་བའི་མཆོག༔ བཀྲ་ཤིས་ཚེ་ཡི་དཀྱིལ་འཁོར་དུ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔

p. 411

[ལན་གསུམ།] ཐོག་མར་ཁྱེད་རང་རྣམས་ཀྱི་རྒྱུད་སྡོམ་ལྡན་དུ་བསྒྲུབ་དགོས་པས་དེའི་ཕྱིར་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་རྡོ་རྗེ་ཚེ་ལྷའི་དཀྱིལ་འཁོར་པ་གཙོ་བོར་གྱུར་པའི་ཕྱོགས་དུས་ཀྱི་རྩ་གསུམ་རབ་འབྱམས་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱིས་སེམས་ཅན་རྣམས་སྒོ་གསུམ་འཇུག་པ་གཅིག་པས་དེང་ནས་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ན་མོཿ བདག་སོགས་མཁའ་མཉམ་[སོགས་ལན་གསུམ།] མེད་བཞིན་འཁྲུལ་པའི་འགྲོ་བ་མཐའ་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་རྣམས་ལ་ཚད་མེད་པའི་བྱམས་དང་སྙིང་རྗེས་ཁྱབ་པར་བྱས་ཏེ་འདི་དག་ཐམས་ཅད་འཆི་མེད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་སྨིན་གྲོལ་གྱི་ལམ་ཟབ་མོར་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོཿ གཟུང་འཛིན་འཁྲུལ་པའི་[སོགས་ལན་གསུམ།] ཚོགས་ཀྱི་ཞིང་མཆོག་ཁྱད་པར་དུ་འཕགས་པ་དེ་རྣམས་ཀྱི་སྔན་སྔར་བསགས་སྦྱོང་གི་སྙིང་པོར་གྱུར་པ་ཡན་ལག་བཅུ་པ་ཚིག་རིས་དང་མཐུན་པའི་དོན་གསལ་འདེབས་བཞིན་དུ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ འཆི་

p. 412

མེད་ཚེ་ཡི་ལྷ་ཚོགས་[སོགས་ལན་གསུམ།] ཞིང་མཆོག་དེ་དག་གི་སྤྱན་སྔར་སོ་བྱང་སྔགས་གསུམ་སྤྱི་དང་ཁྱད་པར་གྱི་བསྡུས་པའི་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་དུ་སྲུང་སྡོམ་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས་མཛོད། ཨོཾ༔ འཆི་མེད་མགོན་པོ་པདྨ་འབྱུང་༔ སྐུ་གསུམ་འདུས་པ་ཚེ་ཡི་ལྷ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ འདི་བཟུང་ཡང་དག་སྙིང་པོའི་བར༔ སོ་སོར་ཐར་པའི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའི་བསླབ་པ་དང་༔ རིག་འཛིན་སྔགས་ཀྱི་འདུལ་བ་དང་༔ ཁྱད་པར་འཆི་མེད་རྡོ་རྗེ་ཡི༔ སྡོམ་པ་དམ་ཚིག་མ་ལུས་པ༔ བདག་གིས་ཡོངས་སུ་བཟུང་བར་གྱི༔ [ལན་གསུམ།] ད་དབང་གི་གཞི་མ་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པའི་སླད་དུ་སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། སློབ་མ་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོའི་སྐུར་གསལ་བའི༔ སྙིང་གར་འོད་ལྔའི་གུར་ཁྱིམ་དབུས༔ འཆི་མེད་རིག་འཛིན་ཚེ་དཔག་མེད༔ ཡབ་ཡུམ་མཉམ་སྦྱོར་དགའ་བས་རོལ༔ ཐུགས་ཀར་གར་དབང་ཙཎྜ་ལཱི༔ སྟོང་གསལ་བདེ་ཆེན་འབར་བའི་སྐུ༔ བཅུ་དྲུག་ཉམས་ལྡན་ཚོན་གང་པ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་ཅན༔ གསང་

p. 413

བར་མེ་ཡི་ཆོས་འབྱུང་དབུས༔ ཉི་མ་ལ་གནས་དགའ་བ་འཁྱིལ༔ ཧྲཱིཿདམར་འབར་འཁྲུག་རྣམ་པ་ཅན༔ ཧ་རི་ནི་སའི་ཡི་གེས་བསྐོར༔ དུང་ཁང་ཟླ་བ་ལ་གནས་པའི༔ ཧྃ་དཀར་ཞུ་ཐིག་རྣམ་པ་ཅན༔ དཔའ་བོ་འབྲུ་བཞིའི་ཡི་གེས་བསྐོར༔ གནས་གསུམ་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་རྣམས་ཀྱིས་མཚན་པར་གསལ༔ བདག་གི་ཐུགས་འོད་དྭངས་མའི་ཟེར༔ ཐབས་ཤེས་ཡི་གེའི་འཁོར་ལོ་ལ༔ ཕོག་པས་གཡས་གཡོན་དྲག་ཏུ་འཁོར༔ ཧྲཱིཿའབར་རེག་བྱས་ཧྃ་ཡིག་བསྐུལ༔ ཟླ་ཞུན་ཐིག་པས་གསོས་བཏབ་སྟེ༔ དཔའ་བོ་འབྲུ་བཅུའི་དཀྱིལ་འཁོར་ལས༔ ཡི་གེ་འཁོར་ལོའི་སྤྲིན་ཆེན་འཕྲོས༔ རང་སྒྲ་སྒྲོགས་པས་རྩ་ཁམས་ཁྱབ༔ ལྷ་མོ་བཟོད་མེད་ཉམས་འབར་ཏེ༔ དགའ་བའི་གར་དང་གླུ་སྒྲ་ཡིས༔ ཕྱོགས་དུས་བདེ་གཤེགས་སྲས་བཅས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་ཀྱི༔ གསང་བ་གསུམ་གྱི་རྣམ་པ་རུ༔ ཁ་བ་བུ་ཡུག་འཚུབས་པ་བཞིན༔ བྱོན་ནས་ཆུ་ལ་ཆུ་ཞག་ལྟར༔ གཉིས་སུ་མེད་པར་ཐིམ་པ་ཡིས༔ ཡེ་ཤེས་གཟི་བྱིན་བརྟན་པར་བསམ༔ [དཔོན་སློབ་གཉིས་ཀས་དགོངས་པའི་གདེངས་བསྐྱེད། འབེབས་རྫས་ཀྱི་དུད་

p. 414

པ་དང་། བཤུག་གླུ་རོལ་མོ་གདུང་བའི་དབྱངས་ཀྱིས་གཟི་བྱིན་སྦར་ལ་ལས་བྱང་གི་བྱིན་འབེབས་དང་ཡེ་ཤེས་དབབ་པའི་སྔགས་བཅས་བརྗོད་མཐར།] ཏིཥྛ་བཛྲ་[ས་བརྟན་པར་བྱས།] དེ་ནས་དབང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་རྣམས་རྗེས་འབྲེལ་དང་བཅས་པ་རིམ་པར་འབྱུང་བ་ལས། ཐོག་མར་སྐུའི་དབང་བསྐུར་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པས་རྣམ་རྒྱལ་གྱི་བུམ་པའི་དབང་བསྐུར་བས་ཐ་མལ་གྱི་སྣང་ཞེན་གཏོར་ཇི་ལྟར་སྣང་བ་ལྷ་ཡི་འཁོར་ལོར་ཤར་བའི་ནུས་སྟོབས་རྒྱུད་ལ་བླུགས་པར་མོས་ཤིག །ཨོཾཿ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་རུ༔ རིགས་འདུས་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་བཞུགས༔ སྣོད་བཅུད་ཡེ་ཤེས་རོལ་པ་བདུད་རྩིའི་ཆུ༔ ཉོན་མོངས་བདུད་ཚོགས་འཇོམས་པའི་སྨན་ཆེན་པོ༔ ནུས་པའི་ཁྱད་པར་བླ་ན་མེད་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐ་མལ་སྣང་བའི་ཞེན་པ་ཀུན་སྦྱངས་ཏེ༔ གདོད་ནས་རྣམ་དག་འཆི་མེད་རྡོ་རྗེའི་ཚེ༔ འགྱུར་མེད་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་པདྨ་ཨཱཿཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཨཱཿཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ རཏྣ་ཨཱཿཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཏྲཱྃ༔ བུདྡྷ་ཨཱཿཡུརྫྙཱ་ན་

p. 415

ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨཱ་ཡུརྫྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨ༔ [ཞེས་བརྗོད་ཅིང་བུམ་པ་མགོ་བོའི་གནས་ལྔར་བཞག་བུམ་ཆུ་སྦྱིན།] རྗེས་འབྲེལ་དུ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི་དཀྱིལ་འཁོར་གྱི་གཙོ་བོའི་སྐུ་ལས་སྐུ་གཉིས་པ་འཕྲོས་སྤྱི་བོ་ནས་ཞུགས་ཏེ་སྙིང་གར་ཐིམ་པས་ལུས་སྣང་ལྷ་སྐུ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གྱུར་པར་མོས་མཛོད། ཧྲཱིཿ བདེ་གཤེག་གསུང་མཆོག་དབྱིངས་ཀྱི་ལྷ༔ པདྨ་ཐོད་ཕྲེང་ཚེ་ཡི་བདག༔ གཙོ་མཆོག་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ པདྨ་ཚེ་ཡི་དབང་ཐོབ་ཤོག༔ པདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [སྐུ་སྤྱི་བོར་བཞག །བསྡུས་པར་བྱེད་ན་འདི་མཚམས་དབང་གི་དག་པ་བརྗོད་མཐར་གསུང་དབང་ལ་འཇུག་པ་སོགས་འོག་མ་རྣམས་ལ་རིགས་འགྲེ། སྤྲོ་ན་རྒྱལ་མཚན་ཐོགས་ལ།] དེ་ལྟར་སྐུ་ཡི་དབང་བསྐུར་བ་དེ་ཉིད་མི་ཉམས་པར་བརྟན་པར་བྱ་བའི་ཕྱིར་ཚེ་རྟེན་རྒྱལ་མཚན་སྤྱི་བོར་བཞག་པར་མོས་མཛོད། ཨོཾ༔ ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་ཡི་རང་བཞིན་རྒྱལ་མཚན་འདི༔ འགྱུར་མེད་ཚེ་ཡི་རྟེན་མཁར་ཡིན༔ ཁྱོད་ཀྱི་སྤྱི་བོར་རྒྱས་གདབ་པས༔ ནུབ་པ་མེད་པའི་དཔལ་ཐོབ་ཤོག༔ ཀཱ་ཡ་བཛྲ་དྷྭ་ཛ་ཏིཥྛ་བྷྲཱུྃ༔ དེ་ལྟར་དབང་

p. 416

བསྐུར་བས་སྣང་བ་ལྷའི་འཁོར་ལོར་བྱིན་གྱིས་བརླབས་ཏེ་སྣང་སྟོང་ལྷ་སྐུ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་བ་ཡིན་ནོ། །གསུང་གི་དབང་བསྐུར་བའི་དོན་དུ་རྒྱལ་པ་ཀུན་གྱི་གསུང་གི་འཕྲིན་ལས་ཡི་གེའི་གཟུགས་སུ་ཤར་བའི་གླེགས་བམ་མགྲིན་པར་བཞག་པས་ཆོས་སྒོ་རབ་འབྱམས་ལ་འཆད་རྩོམ་ཐོགས་མེད་ཀྱིས་འཇུག་པའི་སྙིང་པོ་ལུང་གི་དབང་མཆོག་ཐོབ་པར་མོས་ཤིག །ཨཱཿ བརྗོད་པ་ཀུན་སྤང་རྡོ་རྗེའི་སྒྲ༔ ཇི་སྙེད་རྒྱལ་བ་ཀུན་གྱི་གསུང་༔ མ་ལུས་འདུས་པའི་ཆོས་ཀྱི་མཛོད༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ སྙིང་པོ་ལུང་གི་དབང་ཐོབ་ཤོག༔ ཨཱཿཡུརྫྙཱ་ན་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ [པུ་སྟིའམ་སྔགས་བྱང་མགྲིན་པར་བཞག །]གསུང་དབང་ཐོབ་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་དབུགས་རྟེན་ཉི་ཟླའི་གྭའུ་མགྲིན་པར་བཞག་པར་མོས་མཛོད། ཨཱཿ ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི༔ གསུང་གི་རང་བཞིན་གྭའུ་འདི༔ འགྲིབ་མེད་དབུགས་ཀྱི་རྟེན་མཁར་ཡིན༔ ཁྱོད་ཀྱི་མགྲིན་པར་རྒྱས་གདབ་པས༔ འཛད་པ་མེད་པའི་གཏེར་ཐོབ་ཤོག༔ ཝཱ་ཀ་བཛྲ་བུདྡྷ་ཏིཥྛ་བྷྲཱུྃ༔ དེ་ལྟར་གསུང་གི་དབང་བསྐུར་བས་སྒྲ་གྲགས་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་ཏེ་གྲགས་

p. 417

སྟོང་གསལ་སྔགས་ཆུ་བོའི་རྒྱུན་བཞིན་བཟླ་བ་ལ་དབང་བ་ཡིན་ནོ། །ཐུགས་ཀྱི་དབང་བསྐུར་བའི་དོན་དུ་ཚེ་ལྷ་རྒྱལ་བའི་ཕྱག་མཚན་ཚེ་འབྲང་སྙིང་ཁར་བཞག་པས་འཆི་མེད་གཉུག་མ་དོན་གྱི་ཡེ་ཤེས་སྙིང་དབུས་སུ་ཤར་བས་སྐྱེ་འཆིའི་འཕོ་བ་དང་བྲལ་བའི་རྡོ་རྗེའི་ཚེ་དབང་ཐོབ་པར་མོས་མཛོད༔ ཧཱུྃ༔ ཚེ་ལྷ་རབ་འབྱམས་འདུས་པའི་ཐུགས༔ རྡོ་རྗེའི་རང་བཞིན་འགྱུར་བ་མེད༔ འོད་གསལ་དབྱིངས་ཀྱི་བུམ་པར་འཁྱིལ༔ བཀྲ་ཤིས་ཚེ་ཡི་འབྲང་རྒྱས་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྐྱེ་འཆི་བྲལ་བའི་གདིང་ཐོབ་ཤོག༔ ཨཱཿཡུརྫྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [ཚེ་འབྲང་སྙིང་གར་བཞག །]ཐུག་དབང་བརྟན་པར་བྱ་ཕྱིར་སྲོག་རྟེན་རྡོ་རྗེ་སྙིང་གར་བཞག་པར་མོས་མཛོད། ཧཱུྃཿ ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་ཀྱི་རང་བཞིན་རྡོ་རྗེ་འདི༔ མི་ཤིགས་སྲོག་གི་རྟེན་མཁར་ཡིན༔ ཁྱོད་ཀྱི་སྙིང་གར་རྒྱས་གདབ་པས༔ འཕོ་འགྱུར་བྲལ་བའི་གདིང་ཐོབ་ཤོག༔ ཙིཏྟ་བཛྲ་གརྦྷ་ཏིཥྛ་བྷྲཱུྃ༔ དེ་ལྟར་ཐུགས་ཀྱི་དབང་བསྐུར་བས་འཁྲུལ་རྟོག་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་ཏེ་རིག་སྟོང་ཆོས་ཉིད་ཀྱི་རོལ་བར་ལམ་དུ་ཁྱེར་ནུས་པར་དབང་བར་བྱས་པ་ཡིན་ནོ། །ཡོན་ཏན་གྱི་དབང་

p. 418

བསྐུར་བ་ནི་ཐབས་ཤེས་ཀྱི་རྫས་མཆོག་འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་འདུས་པའི་རིལ་བུ་དང་། འཆི་མེད་ཀྱི་དངོས་གྲུབ་བཅུད་དུ་འཁྱིལ་བའི་ཨ་མྲྀ་ཏ་ཕྱག་ཏུ་ཕུལ་བ་དེ་ཉིད་མྱང་བ་ཙམ་གྱིས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་སྙིགས་མའི་ལུས་ངག་ཡིད་གསུམ་འཆི་མེད་དྭངས་མའི་ཐིག་ལེར་སྨིན་པར་བྱས་པའི་ཐུགས་འདུན་མཛད་པར་ཞུ། [ཐབས་ཀྱི་ཚེ་རྫས་རིལ་བུ་ནི༔ གཡས་བསྐོར་ལག་པ་གཡས་སུ་གཏད༔] ཧྲཱིཿ འཁོར་འདས་རྩི་སྨན་ནུས་པའི་བཅུད༔ སྙིང་པོ་དྭངས་མའི་དབྱིག་ཏུ་འཁྱིལ༔ འཆི་མེད་ཚེ་ཡི་རིལ་བུ་འདི༔ དེ་རིང་སྐལ་ལྡན་བུ་ལ་སྦྱིན༔ ཐབས་མཆོག་ཚེ་ལ་དབང་འབྱོར་ཤོག༔ བཛྲ་ཨཱཿཡུ་ཥེ་ཧྲཱྀ་དཱ་ཡ་སིདྡྷི་ཕ་ལ་ཧོཿ [ཤེས་རབ་ཚེ་ཆང་བདུད་རྩི་ནི༔ གཡོན་བསྐོར་ལག་པ་གཡོན་ཏུ་གཏད༔] ཨཱཿ སྣོད་ནི་རྣམ་དག་ཀ་པཱ་ལར༔ བཅུད་ནི་འཆི་མེད་བདུད་རྩི་སྨན༔ བླ་ན་མེད་པའི་དམ་ཚིག་འདི༔ དེ་རིང་སྐལ་ལྡན་བུ་ལ་སྦྱིན༔ ཤེས་རབ་ཚེ་ལ་དབང་འབྱོར་ཤོག༔ བཛྲ་ཨཱཿཡུ་ཥེ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོཿ [གཡུང་དྲུང་ཐོགས་ལ།] དེ་ལྟར་ཡོན་ཏན་རིན་པོ་ཆེ་མི་ཟད་པའི་གཏེར་གྱི་དབང་ཐོབ་པ་དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་སླད་དུ་འགྱུར་མེད་ཀྱི་རང་གཟུགས་གཡུང་དྲུང་ལྟེ་བར་བཞག་པར་

p. 419

མོས་མཛོད༔ སྭཱཿ ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི༔ ཡོན་ཏན་རང་བཞིན་གཡུང་དྲུང་འདི༔ འཕོ་མེད་བླ་ཡི་རྟེན་མཁར་ཡིན༔ ཁྱོད་ཀྱི་ལྟེ་བར་རྒྱས་གདབ་པས༔ ཉམས་པ་མེད་པའི་དབྱིག་ཐོབ་ཤོག༔ གུ་ཎ་བཛྲ་ནྲྀ་བྷྲཱུྃ་ཏིཥྛ་ཧཱུྃཿ དེ་ལྟར་དབང་བསྐུར་བས་འདོད་ཡོན་མ་སྤང་ཡེ་ཤེས་ཀྱི་འཁོར་ལོ་ཡུལ་དབང་མཉམ་སྦྱོར་ཟག་མེད་ཀྱི་ཚོགས་སུ་བསྒྱུར་བའི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་དབང་འབྱོར་བ་ཡིན་ནོ། །ཕྲིན་ལས་ཀྱི་དབང་བསྐུར་བའི་དོན་དུ་འབྱུང་ལྔའི་དཀྱིལ་འཁོར་ལག་ཏུ་གཏད་པས་འབྱུང་ལྔའི་ལས་ཆེན་གྱིས་ཁམས་ལྔའི་ཚེ་སྤེལ་བ་ལ་སོགས་པའི་འཕྲིན་ལས་རབ་འབྱམས་ལ་དབང་ཐོབ་པར་མོས་མཛོད། ཨཱཿ དབྱིངས་ཕྱུག་མཁའ་ཡི་མེ་ལོང་ངོས༔ འབྱུང་བའི་ཡུམ་ཆེན་ཀུན་ཏུ་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྱི་ནང་འབྱུང་ལྔའི་ལས་ཆེན་ལ༔ བརྟེན་ནས་ཁམས་ལྔའི་ཚེ་སྤེལ་བའི༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ བཛྲ་ཨཱཿཡུརྫྙཱ་ན་སརྦ་ཀརྨ་ཨ་བྷི་ཥིཉྩ་མི༔ དེ་ལྟར་དབང་བསྐུར་བས་འབྱུང་ལྔའི་ལས་ཆེན་ལ་བརྟེན་ནས་རང་དང་གཞན་གྱི་ཁམས་ལྔའི་ཚེ་སྤེལ་བ་ལ་སོགས་ཚེ་ལྷ་རྒྱལ་

p. 420

བའི་འཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །དེ་རྣམས་ཀྱི་བརྟན་བྱེད་དུ་ཚེ་འགུགས་ཤིང་བཅུད་བསྡུ་བ་དང་། སྦ་ཞིང་རྒྱས་གདབ་པ་རྣམས་རིམ་པ་བཞིན་དུ་བགྱི་བ་ལགས་པས་སོ་སོའི་ཚིག་རིས་དང་མཐུན་པའི་དམིགས་རིམ་ལ་ཐུགས་རྩེ་གཅིག་ཏུ་གཏོད་པར་ཞུ། [ཞེས་མཚམས་སྦྱར་ནས།] ཧྲཱིཿཛཿ བདག་མདུན་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་ཞིང་རྣམས་ནས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་མ་ལུས་རྣམས༔ སྤྱན་དྲངས་མདུན་གྱི་ནམ་མཁར་སྤྲིན་ལྟར་འཁྲིགས༔ སྐུ་ཡི་འོད་ཀྱི་དཀྱིལ་འཁོར་གཙོ་མཆོག་བསྐུལ༔ ཐུགས་སྲོག་སྦྱོར་མཚམས་ཀུན་ནས་འོད་འཕྲོས་པས༔ ཚེ་བདག་རིགས་ལྔའི་རྒྱུད་བསྐུལ་དེ་དག་གི༔ འོད་ཀྱིས་ཚེ་ཡི་ལྷ་མོ་མགྱོགས་མ་དང་༔ སྒོ་བ་ཡབ་ཡུམ་ལ་སོགས་ཕོ་ཉ་རྣམས༔ བསྐུལ་བས་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ༔ དེ་དག་སྐུ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་སྤྲོས་པའི་རྩེར༔ སྤྲུལ་པ་ཡང་སྤྲུལ་ཉི་ཟེར་རྡུལ་འཚུབས་ལྟར༔ དཔག་ཏུ་མེད་པ་ནམ་མཁའ་ཁྱབ་པར་འཕྲོས༔ རང་གི་བླ་ཚེ་སྲོག་དབུགས་ཉམས་པ་དང་༔ གདོན་བགེགས་འབྱུང་པོས་བརྐུས་

p. 421

འཕྲོགས་ཡར་བ་དང་༔ འཁོར་འདས་སྣོད་བཅུད་བརྟན་གཡོའི་དྭངས་མའི་ཚེ༔ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བྱིན་རླབས་སྟོབས༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཡི༔ མཐུ་དཔལ་ཡོན་ཏན་འཁོར་ལོས་སྒྱུར་རྒྱལ་གྱི༔ ཚེ་བསོད་སྟོབས་འབྱོར་མངའ་ཐང་ལེགས་ཚོགས་ཀུན༔ འོད་ཟེར་ཐིག་ལེ་སྣུམ་ལ་ལྕི་བ་དང་༔ ཧྲཱིཿནྲྀ་ཨཱཿབྷྲཱུྃ་བཀྲག་མདངས་འབར་བ་ཡི༔ རྣམ་པར་འུབ་ཀྱིས་བསྡུས་ནས་བདག་མདུན་གྱི༔ རྟེན་ལ་སིབ་སིབ་ཐིམ་པས་འཁོར་འདས་ཀྱི༔ ཚེ་བཅུད་དྭངས་མ་གཅིག་ཏུ་འཁྱིལ་བ་ཡི༔ འཇའ་ལུས་རྡོ་རྗེའི་ཚེ་མཆོག་ཐོབ་པར་བསམ༔ [ཞེས་སོགས་ཀྱི་དམིགས་རིམ་གསལ་བཏབ་ནས། མདའ་དར་གཡབ། སྤོས་རོལ་དབྱངས་དང་བཅས། སྐུ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་བའི་རིམ་པ་ནི།] ཧྲཱིཿ༠ཧྲཱིཿ འགྱུར་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི༔ [ཞེས་སོགས་ལྷུ་གཅིག་མཐར།] ཧྲཱིཿ གཞན་ཡང་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་འདིར༔ [ཞེས་སོགས་སྦྲེལ་བས་ཚེ་འགུགས་བསྐུལ།] དེ་ལྟར་བཀུགས་པའི་ཚེ་བཅུད་ཀྱི་དྭངས་མ་རྣམས་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་འདུས་སྙིང་དབུས་བླ་ཚེ་སྲོག་རྟེན་རྣམས་ལ་ཐིམ་པས་བཀྲག་མདངས་འོད་དུ་འཚེར། ཉི་ཟླའི་གྭའུ་ཁ་

p. 422

འགྲིགས། འོག་གི་རྡོ་རྗེའི་རྭ་རྣམས་སྟེང་དུ་མདུད། དེ་ཕྱིར་འོད་ལྔའི་གུར་ཁྱིམ་གྱིས་གཡོགས་པའི་སྟེང་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་རྭ་གདངས་མེ་ཡི་ཚྭ་ཚྭ་འཕྲོ་བས་མཚན་པ་དང་། མདའ་དར་གནས་ལྔར་རྒྱ་གྲམ་དུ་བཞག་པས་རྡོ་རྗེའི་རྡུལ་གྱིས་ལུས་ཞུ་ལུགས་སུ་གཡོགས་པས་བསྲུང་། དབྱིངས་ཡེ་ཟུང་འཇུག་གཉུག་མ་མི་ཤིགས་པའི་ཐིག་ལེའི་ཀློང་དུ་རྒྱས་བཏབ་པས་བར་ཆད་ཀྱི་མཚན་མ་འཇུག་པའི་སྐབས་མེད་པའི་ཐུགས་མོས་མཛོད། ཨཿ མཁའ་ཁྱབ་ཡེ་ཤེས་ཆེན་པོའི་འོད་ཟེར་སྤྲིན༔ སྤྲོས་པས་འཁོར་འདས་ཀུན་ཁྱབ་ཚེ་ཡི་བཅུད༔ དྭངས་མ་མི་ཤིགས་འཁྱིལ་བའི་ཐིག་ལེར་བསྡུས༔ ཟུང་འཇུག་འདུ་འབྲལ་མེད་པའི་དབྱིངས་སུ་བསྟིམས༔ འོད་གསལ་ཀློང་ཡངས་ཆེན་པོར་རྒྱས་བཏབ་པས༔ གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཐོབ་ཤོག༔ དྷརྨ་དྷཱ་ཏུ་མུ་དྲ་ཛྙཱ་ན་བཛྲ་ཏིཥྛ་རཀྵ་རཀྵ་ཧཾཿ [མདའ་དར་གནས་ལྔར་རྒྱ་གྲམ་དུ་འཇོག་བཞིན།] ཨ༔ སྟོང་གསལ་ཆོས་སྐུའི་སྨྱུག་མ་ལ༔ ལོངས་སྤྱོད་ཡོངས་རྫོགས་སྒྲོ་ཡིས་བརྒྱན༔ མདེའུ་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་རྒྱལ་བས་རྒྱས་གདབ་བོ༔ སྐུ་ལྔའི་རང་བཞིན་རིན་ཆེན་ལྔ་༔ སྣང་རིག་ཐབས་ཀྱིས་རྒྱས་གདབ་བོ༔ ཡུམ་ལྔའི་རང་བཞིན་དར་སྣ་ལྔ༔ སྟོང་དབྱིངས་ཤེས་

p. 423

རབ་རྒྱས་གདབ་བོ༔ ཡེ་ཤེས་ལྔ་ལྡན་རྨ་བྱའི་མདོངས༔ གཉིས་མེད་ཟུང་འཇུག་རྒྱས་གདབ་བོ༔ སྐྱེ་འཆི་མེད་པ་གཞི་ཡི་ཚེ༔ ཆོས་ཀྱི་དབྱིངས་སུ་རྒྱས་གདབ་པོ༔ འཕོ་འགྱུར་མེད་པ་ལམ་གྱི་ཚེ༔ མཉམ་ཉིད་ཆེན་པོར་རྒྱས་གདབ་བོ༔ བྲལ་ཐོབ་མེད་པ་འབྲས་བུའི་ཚེ༔ ཁྱབ་བརྡལ་ཀློང་དུ་རྒྱས་གདབ་བོ༔ བྱར་མེད་རྒྱས་གདབ་གྲོལ་མི་སྲིད༔ དམིགས་མེད་རྒྱས་གདབ་འཐོར་བ་མེད༔ ངང་མཉམ་རྒྱས་གདབ་ཉམས་པ་མེད༔ ཕྱལ་ཡས་རྒྱས་གདབ་ཆད་པ་མེད༔ ཀུན་ཁྱབ་རྒྱས་གདབ་ཟད་པ་མེད༔ ལྷུན་རྫོགས་རྒྱས་གདབ་ཡར་བ་མེད༔ མི་འགྱུར་སྙིང་པོ་རྡོ་རྗེའི་ཚེ༔ གཞོམ་མེད་ཡེ་ཤེས་མཁའ་ཀློང་དུ༔ སྐྱེ་འཆི་མེད་པར་རྒྱས་གདབ་བོ༔ དྷརྨ་དྷ་ཏུ་བཛྲ་ཛྙཱ་ན་རཀྵ་ཨ་ཧཾཿ [རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར་རོ། །]དེ་ལྟར་ཚེ་བཀུགས་ཤིང་བཅུད་བསྡུས་པ་དེ་ཉིད་རྩ་གསུམ་ལྷའི་དངོས་གྲུབ་བྱིན་རླབས་ཀྱི་དབྱིག་དང་ལྷན་ཅིག་པར་བསྟིམ་ཞིང་རྒྱས་བཏབ་པས་ལུས་གཞོམ་མེད་རྡོ་རྗེའི་ཁམས་སུ་སྨིན། གཟུང་འཛིན་གཉིས་སྣང་གི་འཆི་བདུད་གཉིས་མེད་དག་མཉམ་བདེ་བ་ཆེན་པོའི་ཕོ་ཉས་བཅོམ་སྟེ་འཆི་མེད་ཀ་དག་ཆོས་སྐུ་ཐིག་ལེ་ཉག་གཐིག་གི་གཏན་སྲིད་ལ་དབང་

p. 424

འབྱོར་པའི་ཐུགས་འདུན་དང་བཅས་གཉུག་མའི་རང་ངོ་ལ་མཉམ་པར་འཇོག་མཛོད། [ཅེས་དར་གཅིག་དགོངས་ཉམས་སྐྱོང་དུ་བཅུག །མཚམས་སྦྱོར་སྤྱི་མཐུན་བཅས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་འོས་བརྗོད།] དེ་རྣམས་ཀྱི་སྒོ་ནས་རྡོ་རྗེའི་ཚེའི་དབང་བསྐུར་ཟབ་མོ་ལེགས་པར་ཕུལ་ཟིན་པས་དེ་དག་གི་སྐབས་སུ་ཐོབ་པའི་གསང་བའི་དམ་ཚིག་སྤྱི་དང་། བྱེ་བྲག་སྲོག་གཅོད་བརྡུང་བརྡེག་རྟེན་གསུམ་གཞིག་གཞོམ་སོགས་སྤང་བྱ་དང་། ཚེ་ཐར་སྲོག་བསླུ་འཇིགས་སྐྱོབ་རྟེན་གསུམ་བཞེངས་པ་སོགས་བསྒྲུབ་བྱ་སྤྱི་དང་ཁྱད་པར་བསྙེན་སྒྲུབ་ལ་བརྩོན་པ་སོགས་དམ་ཚིག་གི་རིམ་པ་ལས་མི་འདའ་བའི་གཡར་དམ་ལྷུར་བཞེས་པ་དང་བཅས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་[སོགས། གཏང་རག་མཎྜལ་དང་ལུས་དབུལ་དགེ་བསྔོ་བཅས་སྤྱི་ལྟར་གྲུབ་ནས་སློབ་མ་གྱེས། གསུམ་པ་རྗེས་རིམ་ནི། ཚོགས་ཡོད་ན་ལྷག་མ་ཕྱིན་དང་། དེ་མིན་རྗེས་ཀྱི་མཆོད་བསྟོད། དངོས་གྲུབ་བླང་བ། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །ཚེ་ལམ་གྲུབ་པའི་ཉི་མ་ཡིས། །འཆི་བདག་མུན་པའི་གཡུལ་ངོ་བཅོམ། །ཚེ་དབང་པདྨོའི་ཟིལ་དངར་གྱིས། །འཆི་མེད་ལང་ཚོ་བརྟས་གྱུར་ཅིག །ཅེས་པའང་གཏེར་འབྱིན་བླ་མ་གང་ནས་འདི་ལྟར་བྲིས་ཤིག་པའི་བསྐུལ་མ་རིང་མོའི་དུས་ནས་ནན་

p. 425

ཆགས་སུ་མཛད་པའི་ཕྱིར། དུས་ཞབས་ཀྱི་སྔགས་བན་རང་བྱུང་ལྷན་སྐྱེས་རྡོ་རྗེའམ་མིང་གཞན་མཁའ་ཁྱབ་རྡོ་རྗེར་འབོད་པས་བག་ཡོད་ཀྱི་ལོའི་དཔྱིད་འབྲིང་དབོས་ཉ་བ་རྡོ་རྗེ་གདན་བཞིའི་བརྡ་ལས་བཟང་པོར་འབོད་པའི་ཟླ་བའི་ཡར་ཚེས་ཀྱི་རྒྱལ་བ་དང་པོའི་ཐུན་གསེང་གཅིག་ལ་ཤར་མར་བྲིས་པ་ཨ་ཡུ་སིདྡྷི་རསྟུ།། །།]

ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་མན་ངག་གོ་དོན་བསྙེན་ཐབས་ཟབ་ཁྲིད་དང་བཅས་པའི་ཡི་གེ་འཆི་བ་མེད་པའི་ལམ་བཟང་།

p. 426
p. 427

༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་མན་ངག་གོ་དོན་བསྙེན་ཐབས་ཟབ་ཁྲིད་དང་བཅས་པའི་ཡི་གེ་འཆི་བ་མེད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

p. 428

ཨོཾ་སྭསྟི་སིདྡྷཾ། ཡོངས་གྲུབ་བདེ༵་ཆེ༵ན་འགྱུར་མེད་གཉུག་མའི་ཁམས། །འཆི་བདག་བདུད་དཔུང་ཟི༵ལ་གནོ༵ན་ཧེ་རུ་ཀ །ཀུན་ཁྱབ་ན༵མ་མཁ༵འི་རང་བཞིན་རྡོ༵་རྗེ༵འི་སྐུར། །རྟག་བཞུགས་རིགས་བདག་གཏེར་ཆེན་བླ་མས་སྐྱོངས། །འཆི་མེད་རིགས་འདུས་པདྨ་ཐུགས་བཅུད་མཆོག །གསང་འཛིན་ཌཱ་ཀིའི་ཞལ་རླངས་མ་ཡལ་བ། །ཚེ་སྒྲུབ་བྱེ་བའི་ཡང་ཞུན་ངོ་མཚར་དབྱིག །ལས་འཕྲོའི་སྐལ་པར་ཐོབ་ལ་སུ་ཞིག་བསྙོན། །དེ་ལྟའི་གདམས་ཟབ་མན་ངག་བདུད་རྩིའི་སྐྱེས། །མ་ཉམས་ལེགས་བཤད་ཡོལ་གོར་ལེགས་བསྐྱིལ་ནས། །རིང་འཚོའི་དགའ་སྟོན་གསར་པ་འདིར་

p. 429

སྤེལ་གྱི། །སྐལ་མཉམ་ཚོགས་རྣམས་སྤྲོ་བས་དེང་ལོངས་ཤིག །དེའང་ཡང་གསང་ཚེ་སྒྲུབ་འཆི་མེད་སྲོག་གི་ཐིག་ལེའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པའི་ཚུལ་གསལ་བར་བྱེད་པ་ལ་སྤྱི་དོན་རྣམ་པ་གཉིས་ཏེ། ཚེ་སྒྲུབ་དགོས་པའི་རྒྱུ་མཚན་དང་འབྲེལ་བར་སྤྱིའི་གོ་དོན་རྣམ་གཤག་མདོ་ཙམ་སྨོས་པ་དང་། སྐབས་དོན་ཉམས་སུ་ལེན་བྱའི་མན་ངག་བྱེ་བྲག་ཏུ་འཆད་པའོ། །དང་པོ་ནི། འདི་ལ་དོན་རྣམ་པ་བཅུས་སྟོན་ཏེ། ཚེའི་ངོ་བོ། མཚན་ཉིད། སྒྲ་དོན། དབྱེ་བ། འཚོ་འཆིའི་བྱེ་བྲག །འཆི་བའི་ལྟས། འཚོ་ཐབས་ཀྱི་ཆོ་ག །རྒྱུད་སྒྲུབ་ཐབས་ཀྱི་མདོར་བསྟན། ཆོ་གའི་འབྲེལ།

p. 430

ཚེ་གྲུབ་པའི་འབྲས་བུ་བསྟན་པའོ། །དང་པོ་ཚེའི་ངོ་བོ་ནི། མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་ནམ་རྒྱུར་གྱུར་ཅིང་། ལས་ཀྱི་རྣམ་པར་སྨིན་པ་ལ་བརྟེན་པ། མིང་གི་རྣམ་གྲངས་སུ་སྲོག་གི་དབང་པོ་ཞེས་ཀྱང་བྱ་བ་སྟེ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་བཞེད་དོ། །གཉིས་པ་མཚན་ཉིད་ནི། དཔེར་ན་མདའ་འཕངས་པའི་ཤུགས་སམ། ས་བོན་བཏབ་པའི་དུས་ཀྱི་འཕེན་པས་ཇི་སྲིད་ས་ལ་ལྟུང་བ་དང་། འབྲས་བུ་སྨིན་པའི་བྱ་བ་གྲུབ་ཀྱི་བར་དུ་འགྲོ་བ་དང་། སྨིན་པའི་བྱ་བ་བྱེད་པ་བཞིན་དུ། ལས་ཀྱིས་ཇི་སྲིད་འཕངས་པ་དེ་སྲིད་དུ་འཚོ་ཞིང་གནས་པའི་རང་བཞིན་ཅན་ནོ། །གསུམ་པ་སྒྲ་དོན་ནི། གསོན་པའི་ལས་ཀྱི་དུས་ལ་ཨཱ་ཡུ་སྟེ་ཚེ་ཞེས་གྲུབ་པ་ནི་འཚོ་བའི་དུས་ལ་འགྲོ་བའི་ལས་བརྗོད་པ་སྟེ་ཚེ་སྐབས་ཀྱི་དོན་དང་། པྲཱ་ཎཿའི་སྒྲ་རབ་ཏུ་འགྲོ་བ་སྟེ་རྟག་ཏུ་ཕྱི་ནང་དུ་རྒྱུ་བའི་ལས་བྱེད་པས་སམ་འཚོ་བའི་དུས་ཇི་སྲིད་དུ་འགྲོ་བ་སྟེ་སྲོག་གམ་སྙིང་གི་རླུང་ལ་འཇུག་གོ །བཞི་པ་དབྱེ་བ་ནི། ཆོས་མངོན་པ་ལས། སྲོག་གི་དབང་པོ་གང་ཞེ་ན། །ཁམས་གསུམ་པ་ཡི་ཚེ་ཡིན་ནོ། །ཞེས་པས། ངོ་བོ་ལ་དབྱེ་བ་བྱེར་མེད་ཅིང་། རྣམ་པའི་ལྡོག་པའམ། རྟེན་དང་བརྟེན་པའི་བྱེ་བྲག་ལས་བརྩམས་ཏེ་

p. 431

དབྱེ་ན་འཆད་ཚུལ་གསུམ་སྟེ། དང་པོ་ཐེག་པ་ཐུན་མོང་བ་ལྟར་ན། སྔོན་ལས་ཀྱིས་ལུས་རྟེན་དེར་ཚེ་རིང་ཐུང་ཇི་ཙམ་ཞིག་འཕངས་པའི་སྲོག་གི་རྒྱུན་རིས་མཐུན་གནས་པར་འགྱུར་བ་དེ་ནི་ཚེའི་འདུ་བྱེད་ཡིན་ཅིང་། ད་ལྟའི་ལས་སམ་བྱེད་པའི་འབྲས་བུས་དུས་ཇི་སྲིད་པར་འཚོ་བ་དེ་ནི་སྲོག་གི་འདུ་བྱེད་དོ། །མདོ་ལས་བཅོམ་ལྡན་འདས་ཀྱིས་སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་སྐུ་ཚེའི་འདུ་བྱེད་དག་བཏང་ངོ་ཞེས་པས་གསལ་ལོ་ཞེས་མངོན་པ་བ་བཞེད་ཅིང་། དེ་ཡང་ཚེའི་རྟེན་དྲོད་དང་རྣམ་ཤེས་ཡིན་ལ་དེ་དག་གི་རྟེན་ཀྱང་ཚེ་ཡིན་པས་ཕན་ཚུན་ལྟོས་ནས་འཇུག་པས་དྲོད་དང་རྣམ་ཤེས་ཀྱི་རྟེན་གཉིས་སོ། །སེམས་དང་ཡིད་ཀྱི་ཆ་ནས་དབྱེ་བ་བྱར་མེད་དོ། །གཉིས་པ་གཙུག་ལག་ལས་འབྱུང་བ་ལྟར་ན་བཞི་སྟེ། དང་པོ་མདངས་ནི། ཡན་ལག་བརྒྱད་པ་ལས། གང་ཞིག་འཇིགས་པས་འཇིག་འགྱུར་ཞིང་། །གང་ཞིག་ལུས་ཅན་འཚོ་བྱེད་པ། །སྙིང་ལ་གནས་དང་ཁྱབ་གྱུར་གང་། །དེ་ནི་སྲོག་གི་གནས་མཆོག་ཡིན། །ཞེས་འབྱུང་བ་ལྟར་ཁ་ཟས་ཀྱི་དྭངས་མ་ལུས་ཟུངས་བདུན་པོའི་མཐར་ཕྱིན་པ་མདངས་ཀྱི་མཆོག་ཅེས་བྱ་བ་ལུས་ཀུན་ཁྱབ་ཅིང་ཚེ་རིང་དུ་གནས་པའི་རྟེན་དུ་གྱུར་པ་གང་ཡིན་པའོ། །གཉིས་པ་

p. 432

བླ་ནི། སྲོག་གམ་ཚེ་གནས་པའི་རྟེན་ངོ་བོ་ཚེ་སྲོག་གི་དྲིས་བགོས་པ་བླ་རྩའི་ནང་ནས་སྲིན་ལག་བརྒྱུད་དེ་ཕྱི་རོལ་ཏུ་འཁྱམས་པ་ལས། མི་དེ་དབང་ཐང་ཞན་ན་མཚན་མོར་རྒྱུ་བའི་འབྱུང་པོ་རྣམས་ཀྱིས་བདག་ཏུ་བཟུང་ནས་ལོངས་སྤྱོད་པ་ལས་བླ་འཁྱམས་པ་དང་འཕྲོག་པ་དང་བརྐུས་པ་སོགས་ཟེར་ཞིང་རྟེན་བླ་ལ་གནོད་པས་བརྟེན་པ་ཚེ་སྲོག་ལའང་གནོད་པར་འགྱུར་བ་དེ་ཉིད་བརྟེན་པའི་རྩ་ལའང་བླ་རྩ་ཞེས་གྲགས་ཏེ། ཇི་སྐད་དུ་སྨན་རྒྱུད་ལས། སེམས་ལ་རང་དབང་མ་ཐོབ་ཕྱིར་བལྟས་པས། །མ་རིག་སྲིད་པའི་ལུས་ངན་བླངས་པ་ཡིས། །ཚེ་སྲོག་རྟེན་དུ་བླ་རྩ་འཁྱམས་པོ་བྱུང་། །ཞེས་སོ། །གསུམ་པ་ཁྲག་ནི། སློབ་དཔོན་དཔའ་བོས། དེ་ལ་སེམས་ཅན་རྣམས་ཀྱི་འཚོ་བ་ནི་ཁྲག་ལ་རགས་ལས་པ་ཡིན་ཏེ་ཁྲག་ལེགས་པར་གནས་ཤིང་རྒྱུན་ནི་སྲོག་ཀྱང་ལེགས་པར་གནས་པ་ཡིན་ནོ། །ཞེས་སོ། །བཞི་པ་མེ་དྲོད་ནི། ཕོ་བ་དེར་ཞུ་བའི་གནས་ལ་བརྟེན་ཏེ་ཚེ་དང་སྟོབས་དང་གཟི་མདངས་འབྱུང་བ་ཆེན་པོ་ལྔའི་དྭངས་མ་ཁམས་བདུན་པོ་འཕེལ་ཞིང་རྒྱས་པར་བྱེད་དོ་ཞེས་སྲོག་འཚོ་བའི་གཙོ་བོར་བཤད་ཅིང་མངོན་པ་ནས་གསུངས་པའི་དྲོད་དང་གནད་གཅིག་གོ །འདི་དག་ལ་བརྟེན་ནས་ཚེ་གནས་པ་དང་མི་གནས་པའི་འགྲོ་ལྡོག་བྱེད་པས་བདག་ཉིད་གཅིག་པ་དང་རྟེན་བརྟེན་

p. 433

པའི་འབྲེལ་བར་གྲུབ་བོ། །གསུམ་པ་རྡོ་རྗེ་ཐེག་པའི་ལུགས་ལྟར་གསུམ་སྟེ། རྩ་དང་རླུང་དང་ཐིག་ལེའོ། །དང་པོ་རྩ་ནི། ཁམས་དྲུག་ལྡན་གྱི་གང་ཟག་གི་དབང་དུ་བྱས་ཏེ་འཁོར་ལོ་དྲུག་པོའི་བར་ནར་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ལྡན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ་སྟོང་སེང་ངེ་བ་ནམ་མཁའ་དྭངས་པ་ལྟ་བུ་ཨ་བ་དྷྰུ་ཏི་དང་སུ་སུམ་མ་སོགས་མིང་གི་རྣམ་གྲངས་མང་པོ་དང་ལྡན་ལ་སྲོག་བརྟེན་པའི་ཆ་ནས་སྲོག་གི་རྩ་ཞེས་གྲགས་ཤིང་། ཇི་སྲིད་འཁོར་ལོའི་དབུ་མའི་འཕོ་བའི་རྩ་བཅུ་གཉིས་སུ་རླུང་དང་བྱང་ཆུབ་ཀྱི་སེམས་འབབ་པ་དེ་སྲིད་དུ་འཚོ་བའོ། །གཉིས་པ་རླུང་ནི། གང་གི་ཚེ་མངལ་དུ་ཀུན་གཞིའི་རྣམ་ཤེས་ཞུགས་པ་དེའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་འདུ་བྱེད་པ་ལངས་པས་དཀར་དམར་གཉིས་ཀྱི་དྭངས་མ་ལས་སྲོག་རླུང་ཨའི་རྣམ་པ་ཆགས་ནས་ཟླ་བ་བཅུ་ལ་རླུང་བཅུ་འཕེལ་ཏེ་ད་ལྟ་ལུས་དང་འཚོ་བའི་རྒྱུན་གནས་པར་བྱེད་ཅིང་ཇི་སྲིད་འཕེལ་འགྲིབ་མེད་པར་རྩ་ཐམས་ཅད་དུ་རླུང་རྒྱུ་བ་དེ་སྲིད་དུ་འཚོ་ཞིང་འཆི་བའི་ལྟས་མི་འབྱུང་བ་ཡིན་ནོ། །གསུམ་པ་ཐིག་ལེ་ནི། ཀུན་གཞི་དང་སྲོག་གི་རླུང་རྟེན་བྱེད་ཕ་མ་ལས་ཐོབ་པའི་དཀར་ཆ་ཧཾ་དང་དམར་ཆ་ཨ་ཐུང་

p. 434

གི་རྣམ་པ་དབུ་མའི་ཡར་མར་སྣ་རྩེར་གནས་པ་ལ་བརྟེན་ནས་དྭངས་མ་བཅུ་གཉིས་དང་། སྙིགས་མ་ཉེར་བཞི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཐིག་ལེ་ལོངས་སྤྱོད་བདག་པོའི་ཚུལ་གྱིས་འབབ་པ་སྟེ་ཐིག་ལེ་ཇི་ཙམ་རྒྱས་པ་དེ་ཙམ་དུ་ཚེ་དང་བསོད་ནམས་ལ་སོགས་པ་འཕེལ་པ་ཡིན་ནོ། །ལྔ་པ་འཚོ་འཆིའི་བྱེ་བྲག་ནི། དེ་ཡང་གླིང་གཞན་གྱི་མི་དང་འདོད་གཟུགས་ཀྱི་ལྷ་སོགས་ལ་ཚེ་ཚད་ངེས་པ་ཅན་དུ་ཡོད་ཀྱང་། ལྷོ་གླིང་འདིར་ནི་ཐུང་མཐའ་ཚེ་ལོ་བཅུ་དང་། རིང་མཐའ་བསྐལ་པ་དང་པོའི་མི་རྣམས་ཚེ་ལོ་དཔག་མེད་འཚོ་ལ། དེང་སང་ཚེ་ལོ་སུམ་ཅུའམ་ཉི་ཤུ་ཁ་རལ་དུའང་བཞེད་པས། ཞི་བ་ལྷས། དེ་རིང་ཙམ་ཡང་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱོས། །ཞེས་གསུངས་པ་ལྟར་ཚེའམ་ཆོས་སོགས་བསྒྲུབ་བྱ་ལ་ཕྱི་བཤོལ་མ་སོང་བ་ཁོ་ན་གཅེས་སོ། །དེའང་མར་མེ་ནི་རེས་འགའ་སྡོང་བུ་ཟད་པས་དང། རེས་འགའ་འབྲུ་མར་ཟད་པས་དང་། རེས་འགའ་གཉིས་ཀ་ཟད་པ་དང་། རེས་འགའ་གཉིས་ཀ་མ་ཟད་ཀྱང་རླུང་ལ་སོགས་པས་འཆི་བ་བཞིན་དུ། ཚེ་ཟད་པས་འཆི་ལ།

p. 435

བསོད་ནམས་ཟད་པས་མ་ཡིན་པ་དང་། དེ་ལས་ལྡོག་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་ལས། དང་པོ་ནི། ལས་ཀྱིས་ས་འཕངས་པའི་སྲོག་གི་རྒྱུན་རྫོགས་པས་འཆི་བ་དང་། གཉིས་པ་ནི། ལོངས་སྤྱོད་ཀྱི་རྣམ་སྨིན་ཅན་གྱི་ལས་ཟད་པས་འཆི་བ་དང་། གསུམ་པ་ནི། ཚེ་དང་ལོངས་སྤྱོད་ཀྱི་རྣམ་སྨིན་ཅན་གྱི་ལས་གཉིས་ཀ་ཟད་པས་འཆི་བ་དང་། བཞི་པ་ནི། དེ་གཉིས་ཀ་མ་ཟད་ཀྱང་བག་མེད་པའི་སྤྱོད་པ་དང་གཡུལ་དང་མེ་ཆུ་སོགས་ཡ་ང་བ་མི་སྤོང་བས་འཆི་བའོ། །དེས་ན་མུ་དང་པོའི་ཕྱིར་སྲོག་སྐྱོབ་པ་དང་། མཆོད་རྟེན་བཞེངས་པ་སོགས་རྒྱུ་མཐུན་གྱི་དགེ་བ་རྣམས་དང་། གཉིས་པའི་ཕྱིར་དཀོན་མཆོག་མཆོད་པ་སོགས་བསོད་ནམས་ཀྱི་བྱ་བ་སྤྱི་དང་། གསུམ་པའི་དོན་དུ་གཉིས་ཀ་ལ་འབད་དེ་འཆི་བ་བསླུ་ཞིང་། བཞི་པའི་ཆེད་དུ་ཟས་དང་སྤྱོད་ལམ་ཀུན་ལ་བག་ཡོད་པར་བྱ་བ་དང་། ཡ་ང་བའི་གནས་རྣམ་པ་ཀུན་ཏུ་སྤང་། མོ་བོན་སྨན་ལ་སོགས་པས་ཀྱང་ཕྱི་མ་འདི་ཙམ་ལ་ཕན་གདགས་སུ་རུང་གི་སྔ་མ་གསུམ་ལ་ནི་དེ་དག་གི་མཐུ་འཇུག་པ་མ་ཡིན་ནོ། །དཀར་པོའི་རྒྱུ་ནི་དེ་དག་གཞིར་བཞག་པའི་སྟེང་དུ་སྔགས་ཀྱི་བསྐྱེད་རྫོགས་ཟབ་མོས་ཚེ་བསྒྲུབ་པ་ནི་བཞི་ཀ་ལ་

p. 436

གཅེས་ཏེ་བུ་ལོན་མ་ཁུག་པའི་དབུལ་པོ་གཉེན་ཁས་དྲག་གི་མགོན་ནས་ནོར་དང་སྤྲད་པ་ལྟ་བུའོ། །དེ་ཡང་སྤྱིར་མི་དགེ་བའི་བསམ་སྦྱོར་དང་བག་མེད་པ་ཁོ་ནས་གློ་བུར་དུ་འཆི་བའི་རྒྱུ་རྐྱེན་བྱེད་པ་དང་། ཁྱད་པར་མིའི་འཇིག་རྟེན་དུ་འཇིགས་པ་ཆེན་པོ་བཅུ་དྲུག་ཏུ་གྲགས་པ་ནི། དུས་འཁོར་བསྡུས་རྒྱུད་ལས། དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆི་བ་དང་། །ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟའི་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང་། །དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས་པའི་འཇིགས་པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ། །ཞེས་པ་ལྟར་ལ། འཇིགས་པ་གློ་བུར་བ་དེ་དག་སྔགས་ལ་སོགས་པའི་མཐུས་བཟློག་པར་འགྱུར་བའི་ཚུལ་ཡང་། དེ་ཉིད་ལས། གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་ཉིན་ཞག་སོ་སོར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། །ཞེས་སོ། །གཞན་ཡང་མདོ་ལས་གློ་བུར་དུ་འཆི་བའི་རྒྱུ་དགུར་གསུངས་ཏེ། ཟས་མི་འཕྲོད་པ་ཟབ། ཟས་འགྲངས་ཀྱང་མང་དུ་ཟ་བ། སྔ་མ་མ་ཞུ་བར་ཕྱི་མ་ཟ་བ། གཤང་གཅི་དུས་སུ་མི་འདོར་བ། ནད་པས་སྨན་པ་དང་ནད་གཡོག་ལ་མི་ཉན་པ། གདོན་དྲག་པོས་བཏབ་པ། སྐྱུགས་སྨན་ལོག་པ། མ་བརྟགས་

p. 437

པའི་དྲག་ཤུལ་སྤྱོད་པ། བག་མེད་པར་འཁྲིག་པ་སྤྱོད་པ་རྣམས་དང་། གཞན་ཡང་གློ་བུར་བརྒྱད་ཅུ་རྩ་གཅིག་ཏུ་གྲགས་པ་སོགས་མང་ཡང་དེ་དག་ཏུ་མ་འདུས་པ་མེད་ལ། མདོར་ན་དེ་དག་མ་བྱུང་བའི་སྔ་རོལ་ནས་བསྲུང་བ་དང་སྤང་བ་ལ་མཁས་པར་བྱ་བ་ནི་ཚེ་རིང་པོར་འཚོ་བའི་ཆོ་ག་ཕུལ་དུ་བྱུང་བའོ། །དྲུག་པ་འཆི་བའི་ལྟས་བརྟག་པ་ནི། འདི་ལ་རྣམ་གྲངས་མང་ཡང་མདོར་བསྡུ་ན། རང་རང་གི་ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང་། སྔོན་ན་བསགས་པའི་ལས་ཀྱི་ལྷག་མ་དང་། བསོད་ནམས་ཀྱི་མཐུ་གསུམ་ལས་གང་རུང་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་། ལྷན་ཅིག་ཏུ་ཟད་པ་སྟེ་གསུམ་ཀའང་སྔོན་བསགས་ལས་ཀྱི་འཕེན་པ་ལ་རག་ལས་ཤིང་། འཕྲལ་རྐྱེན་གྱི་འགྲོ་ལྡོག་ལའང་ངེས་པར་ལྟོས་ཏེ། སྔ་འགྱུར་གྱི་རྒྱུད་ལས། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་ཚེ་འཛད་པའི་རྐྱེན་དང་། ངག་དབང་གྲགས་པས། རྐུན་མ་ཉ་དང་རི་དྭགས་སྦྲུལ། །

p. 438

བྱ་སོགས་སྲོག་ལ་ཆགས་པ་རྣམས། །འདི་དག་བསད་ན་འཕྲལ་དུ་ནི། །ཚེ་རིང་བ་ཡང་ཚེ་ཐུང་འགྱུར། །ཞེས་སྲོག་གཅོད་སོགས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་འཕེལ་བས་རྣམ་པར་དཀར་བའི་ལས་ཀྱི་འཕྲོ་རྫོགས་པའི་རྐྱེན་དང་། མཆོད་རྟེན་འཇིག་པ་དང་། དགེ་འདུན་གྱི་ཆོས་འཁོར་འཇོམས་པ་སོགས་བསོད་ནམས་མ་ཡིན་པའི་ལས་ཀྱིས་བསོད་ནམས་འཛད་པའི་རྐྱེན་བྱེད་པས། ལས་ཀྱི་འཕེན་པ་ཟད་ན་དུས་ཀྱི་འཆི་ལྟས་དང་། རྐྱེན་གྱི་དབང་ལས་དུས་མ་ཡིན་པའི་འཆི་ལྟས་འབྱུང་བའི་རྒྱུ་བྱེད་ཅིང་། ཚེ་དང་ལས་དང་བསོད་ནམས་གསུམ་པོའང་མར་མེ་དང་སྡོང་བུ་དང་མར་ཁུ་བཞིན་དུ་གཅིག་ལ་གཅིག་བརྟེན་ཏེ་རིང་དུ་འཚོ་བར་བྱེད་དོ། །དཔེར་ན་ཕྱི་རོལ་གྱི་ཁང་པ་ལ་སྐྱོན་མེད་ན་ནང་གི་ཀ་བ་བརྟན་ཅིང་། ཀ་བ་བརྟན་པས་ཁང་པ་མི་འཇིག་པ་གཅིག་ལ་གཅིག་ལྟོས་པ་བཞིན། ལུས་སྲོག་ཕན་ཚུན་དུ་ལྟོས་པས་སྲོག་གནས་པའང་ལུས་ལ་རགས་ལས་ཤིང་། ལུས་ཀྱི་འཚོ་བ་སྲོག་ལ་ལྟོས་པ་སྟེ། ལུས་ནི་རྒྱུད་དང་གསོ་དཔྱད་སོགས་ལས་ཞིབ་པར་འབྱུང་བ་བཞིན་དང་པོ་འབྱུང་བཞིའི་དྭངས་མ་འདུས་པ་ལས་སྐྱེས། བར་དུ་འབྱུང་བ་བཞི་གཅིག་གྲོགས་གཅིག་གིས་བྱས་ཏེ་གནས། ཐ་མར་གཅིག་

p. 439

གཤེད་གཅིག་གིས་བྱས་ཏེ་སྲོག་འདོར་བ་ཕྱི་སྣོད་ཀྱི་ཆགས་འཇིག་དང་མཚུངས་ཤིང་། འབྱུང་བཞི་འཁྲུགས་པའི་རྒྱུ་དུག་གསུམ་དང་རྐྱེན་ཟས་སྤྱོད་མ་སྙོམས་པས་བྱེད་ཅིང་། དེ་ལས་དྭངས་མ་ཟད་ཅིང་སྙིགས་མ་འཕེལ་བའི་རྟགས་ལུས་ལ་ཤར་བ་སྟེ། སའི་དྭངས་མཉམས་པས་ཤ་སྐེམ། གཉེར་མ་འདུ། ཆུ་ཉམས་པས་ཁྲག་སྐེམ། མདངས་ཉམས། ལུས་གྱོང་། མེ་ཉམས་པས་དྲོད་ཤོར། ཤ་སྔོ། རླུང་ཉམས་པས་སྟོབས་མེད། ལུས་རྒུད། ནམ་མཁའི་དྭངས་མ་ཉམས་པས་བརྗེད་ངས་ཆེ། རིག་པ་འཐིབས། དེ་ལས་དབང་པོ་རྣམས་ཀྱང་འགྲིབ་སྟེ། ཡུལ་དང་དབང་བོ་སྲོག་རྣམས་ནི། །འགག་པ་འཆི་བའི་མཚན་ཉིད་དོ། །ཞེས་པ་དེ་འབྱུང་བ་ཡིན་ལ། རང་རང་དབུགས་ཀྱི་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཉིན་ཕག་རེ་བརྩིས་པའི་ལོ་བརྒྱ་ན་རྩ་རླུང་ཐིག་ལེ་གསུམ་པོ་སྡུད་པའི་རིམ་པས་དུས་ཀྱི་འཆི་ལྟས་འབྱུང་ཞིང་། རྐྱེན་གློ་བུར་བའི་དབང་གིས་གཡས་གཡོན་ཉི་ཟླའི་རྒྱུ་བ་ཡོན་པོ་ཤུགས་ཆེར་འཕེལ་ཞིང་ལྟེ་བར་ཁྱིམ། སྙིང་གར་ཐུན་བརྒྱད། མགྲིན་པར་རྒྱུ་སྐར། སྤྱི་བོར་ཟླ་རྐང་གི་རིམ་པ་རྣམས་ཡུན་ཐུང་ངུས་འདོར་བ་ལས་དུས་མ་ཡིན་པའི་འཆི་ལྟས་འབྱུང་བ་ཡིན་

p. 440

ལ། དེ་ཡང་ཀརྐ་ཊ་དང་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་གི་ཉིན་གུང་རང་གྲིབ་འཕེལ་འགྲིབ་གོ་ལྡོག་པའམ་ཚད་ལས་འདས་པར་འགྲིབ་པ་ནི་འཆི་བའི་ལྟས་དང་། ཚད་ལས་འདས་པར་འཕེལ་བ་ནད་ཀྱིས་འཚེ་བའི་ལྟས་ཏེ་དེ་སོགས་གྲིབ་མ་ལ་བརྟག་པ་དང་། རྐང་མཐིལ་དང་ལྟེ་བ་ཕུག་སྙམ་བྱེད་ན་ཉིན་ཞག་གསུམ་གྱི་གོང་དུ་ལྔ་པར་འགྱུར་བ་སོགས་གློ་བུར་ཟུག་རྔུ་ལ་བརྟག་པ་དང་། གཤང་གཅིའི་མཉམ་པོར་སྦྲིད་པ་བྱུང་བ། དཀར་པོའི་ཚེས་གཅིག་ལ་ཁམས་ནག་པོར་འབབ་པ། རི་རབ་ཀྱི་དུ་བ། རྣ་བའི་ཨུཏྟ། རྒྱལ་མོའི་འོད་མདངས། ཚངས་པའི་སྐུད་པ་ཆད་པ་སོགས་ལུས་ལ་བརྟག་པ་དང་། མིག་གིས་གཟུགས་དང་རྣ་བས་སྒྲ་སོགས་ཡུལ་རྣམས་ཚུལ་ལྡན་ཏུ་མི་འཛིན་པའམ་ལོག་པར་འཛིན་ཏེ་འཁྲུལ་པ་སྣ་ཚོགས་སུ་མྱང་བ་སོགས་དབང་པོ་ལ་བརྟག་པ་དང་། སྤྲིན་མེད་པའི་ནམ་མཁར་སྔ་དྲོ་ཕྱི་དྲོའམ། ཡང་ན་ཟླ་འོད་དུ་རང་གི་གྲིབ་མར་ཡུན་རིང་བལྟས་པའི་གྲིབ་གཟུགས་ནམ་མཁར་མཐོང་བ་ལ་སྐྱོན་ཡོད་མེད་བརྟག་པ་སྟེ་གྲིབ་གཟུགས་ལ་བརྟག་པ་དང་། རྩ་སྡུད་ཅིང་རླུང་ཡོན་པོར་རྒྱུ་བ་དང་། རྩ་གནས་སུ་གདོན་ཞུགས་ཏེ་ནད་དྲངས་པའི་རྐྱེན་ལས་མུན་རུབ་ཉི་ཟླ་ནུབ་པ་དང་།

p. 441

རྒྱན་གོས་ཕྲེང་བ་དམར་པོ་ཐོགས་པ། གཅེར་བུར་འཁྱམས་པ། བོང་བུ་ལ་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་བ་སོགས་ཚེ་ཉམས་པ། བླ་འཁྱམས་པ། ཉེས་པ་གསུམ་དང་འདུས་པས་གློ་བུར་དུ་འཆི་བའི་ལྟས་སོ་སོར་སྣང་བ་རྨི་ལམ་ལ་བརྟག་པ་རྣམས་དང་། གཞན་ཡང་རྒྱུད་ལས། བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་སོགས་ངེས་པ་དང་མ་ངེས་པ་དང་། ཉེ་བ་དང་རིང་བའི་འཆི་ལྟས་ཀྱི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པས་གཞན་ལས་ཤེས་པར་བྱ་ཞིང་། དེ་ཡང་སློབ་དཔོན་གྱིས། འཆི་ལྟས་རྣམས་ནི་མཐའ་ཡས་ཕྱིར། །གཅིག་ཅར་འབྱུང་བར་མི་འདོད་ཅིང་། །ཐམས་ཅད་རིམ་པས་ཀྱང་མ་ཡིན། །འོན་ཀྱང་གཅིག་སོགས་གྲངས་ཀྱིས་སོ། །ཞེས་གསུངས་པ་ལྟར་སྐྱེས་བུ་གཅིག་གི་འཚོ་བ་ཟད་པ་ལ་འཆི་ལྟས་གྲངས་མེད་པ་དེ་དག་རིམ་དང་གཅིག་ཅར་དུ་འབྱུང་བ་མ་ཡིན་ཅིང་། ངེས་པའི་འཆི་ལྟས་ནི་གཅིག་གམ་གཉིས་སོགས་འབྱུང་ལ་དེས་ཀྱང་ངེས་པར་འཆི་ཞིང་། མ་ངེས་པའི་འཆི་ལྟས་མང་དུ་བྱུང་ཡང་འཆི་བ་བསླུ་

p. 442

བའི་ཐབས་ཀྱིས་བཟློག་པར་འགྱུར་བ་དང་། ཡང་ཁ་ཅིག་རྨི་ལམ་དང་རྣམ་འགྱུར་ལ་སོགས་པའི་འཆི་ལྟས་མ་བྱུང་ཡང་འཆི་བར་འགྱུར་བ་ནི་ཚེ་གཟུགས་སམ། རླུང་འཐེམ་པ་སོགས་ངེས་པར་འཆི་ལྟས་ཤར་རུང་རང་གིས་མ་ངེས་པ་དང་། རྨི་ལམ་ལ་སོགས་པའི་ལྟས་བྱུང་རུང་མི་འཆི་བ་ནི་ལྷས་ཆོས་ལ་བསྐུལ་བ་དང་། ཆོས་སྤྱོད་པ་ལ་འབྱུང་པོ་ལ་སོགས་པས་གནོད་པ་རྩོམ་པའི་ལྟས་སུ་རིགས་པར་བྱའོ། །མདོར་ན་ཞི་བ་ལྷས། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །བསྣོན་པ་གུད་ནས་ཡོང་མེད་ན། །བདག་ལྷ་འཆི་བར་ཅིས་མི་འགྱུར། །ཞེས་ངེས་པར་འཆི་ཞིང་མྱུར་ཏུ་འཆི་བའི་ངེས་པ་ཅན་ཡིན་པས་ཕྱི་བཤོལ་མི་བྱ་བར་ཆོས་བསྒྲུབ་པ་དང་འཆི་བ་བསླུ་བའི་ཐབས་ལ་ད་ལྟ་ནས་བརྩོན་དགོས་ཀྱི། རྩ་རླུང་གི་ནུས་པ་སྡུད་ཟིན་པ་དང་། ནད་ཀྱིས་ལུས་ཟུངས་བཅོམ་ཟིན་པ་དང་། འབྱུང་གདོན་གྱིས་གནད་ལ་ཐེབ་ཟིན་ནས་འཆི་བ་བསླུར་མེད་དེ། དཔེར་ན་འོག་ཁང་ལ་མེ་ཤོར་སྐབས་ཐབས་ཀྱིས་གསོད་ན་བཅོས་སུ་ཡོད་ཀྱི། སྟེང་ཁང་ལ་ཤོར་ན་མི་སོད་ཅིང་འཆོས་སུ་མེད་པ་དང་འདྲའོ། །དེ་ལ་དགོངས་ཏེ་སློབ་དཔོན་གྱིས། །འཆི་བའི་མཚན་ཉིད་

p. 443

རིང་མོ་ནས། །ཤེས་བྱར་འོས་པས་བཅོས་པར་བྱ། །སྤྱི་བོར་ཐོག་ནི་བབས་པའི་ཚེ། །རབ་ཏུ་མཁས་ཀྱང་ཅི་བྱར་ཡོད། །ཅེས་དང་། འཆི་བའི་རིང་ནས་ངེས་བྱེད་ཅིང་། །ཇི་ལྟར་ནུས་པས་གཏོང་བ་དང་། །གསོ་བ་ལ་ཡང་འཇུག་པ་ནི། །རབ་ཏུ་གྲུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟར། འཆི་བའི་ལྟས་མ་ཤེས་པས་ནམ་འཆིའི་དུས་ཚོད་མི་ཤེས། དེ་མ་ཤེས་པས་ཆོས་དང་འཚོ་ཐབས་ལ་བརྩོན་འགྲུས་རྩོམ་པ་མི་བྱེད། དེ་མ་བརྩམས་པས་ཚེ་ཟད་པ་མ་ཚོར་བར་འཆི་བའི་དུས་ཐེབས་ཏེ་བསླུར་མེད་པས་རིང་མོ་ནས་འཚོ་འཆི་བརྟགས་ཏེ་འཚོ་ཐབས་ལ་འབད་པས་རིང་འཚོའི་འབྲས་བུ་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །བདུན་པ་འཚོ་ཐབས་ཀྱི་ཆོ་ག་ནི། འདི་ལ་རྣམ་གྲངས་མཐའ་ཡས་ཀྱང་བསྡུ་ན་གཉིས་ཏེ། ཕྱི་དང་ནང་ངོ་། །སྔ་མ་ལ་གསུམ་ལས། དང་པོ་ནོར་བུའི་རིགས་ནི། རྗེ་རང་བྱུང་རྡོ་རྗེས། རྒྱལ་བའི་རིང་བསྲེལ་ནོར་བུའི་མཆོག །དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དེ་བཞིན་རྣལ་འབྱོར་ལྡན་པའི་གདུང་། །མཆོད་ཅིང་ལུས་ལ་བཅངས་པ་ཡིས། །དོན་ཀུན་ཕྱོགས་སུ་ཉེ་མི་ནུས། །ཞེས་པ་

p. 444

ལྟར་དེ་དག་ནི་འཆང་བ་ལྟ་ཅི་སྨོས། མཐོང་ཐོས་དྲན་རེག་ཙམ་གྱིས་སྡིག་སྒྲིབ་ཞི་ཞིང་འདོད་པའི་དངོས་གྲུབ་འབྱུང་པ་སོགས་ཕན་ཡོན་མཐའ་ཡས་ཤིང་། ནོར་བུ་མཆོག་རྣམས་ཀྱང་རྒྱལ་བའི་གདུང་འབའ་ཞིག་ལས་གྲུབ་པ་ཡིན་ལ། རྟོགས་པ་ལས། རིན་ཆེན་མཚན་ཉིད་བསྟན་བཅོས་སུ། །བཤད་པས་རབ་བརྟགས་རྡོ་རྗེའི་འཆང་། །ཚེ་ཡི་ནོར་བུ་འཆང་བའང་རུང་། །དེ་བཞིན་སྣ་ཚོགས་ནོར་བུ་འཆང་། །ཨིནྡྲ་ནི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང་། །བཅངས་པས་འཆི་བ་ཐམས་ཅད་ནི། །བསླུ་བར་འགྱུར་བ་ཐེ་ཚོམ་མེད། །གང་ཕྱིར་ནོར་བུའི་མཐུ་འདིར་ནི། །སོམ་ཉི་བྱ་བར་རིགས་མིན་ཏེ། །ནོར་བུ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་ལྡན་པར་ཐམས་ཅད་འདོད། །ཅེས་པ་ལྟར། རྡོ་རྗེ་རིན་ཆེན་རིགས་བཞི་དང་། །ཨིནྡྲ་ནི་ལ་སོགས་མཆོག་གི་རིན་ཆེན་ལྔ། གསེར་སོགས་འབྲིང་པོ་ལྔ། ཤེལ་སོགས་ཐ་མ་ལྔ། རྒྱལ་པོ་འཁྱིལ་བ། ཆུའི་ནོར་བུ། སྦྲུལ་དང་གླ་བའི་ནོར་བུ། དཀར་ཕྲ་མེན། གཟི་མིག་དགུ། ཅེ་སྤྱང་གི་རྭ་ལ་སོགས་པའི་རིན་པོ་ཆེ་བཅངས་པས་ནད་གདོན་རིམས་དུག་སོགས་སྲུང་ཞིང་ཞི་བ་དང་། འགའ་ཞིག་ཆོ་ག་དང་སྦྱར་ན་ཚེ་རིང་པོར་འཚོ་བའི་བཅུད་ལེན་དུ་འགྱུར་བ་སོགས་

p. 445

ནོར་བུ་སྣ་རེའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་བོ། །གཉིས་པ་སྨན་དང་བཅུད་ལེན་ནི། སྨན་གྱི་ནོར་བུ་ཨ་རུ་ར་རྣམ་པར་རྒྱལ་བ་དང་། ཤུ་དག །གླ་རྩི། སླེ་ཏྲེས། ཡུངས་ཀར་ལ་སོགས་པ་རང་བཞིན་གྱིས་གྲུབ་པ་དང་། རིན་ཆེན་རིལ་བུ་དང་མང་སྦྱོར་ཆེན་མོ་ལ་སོགས་པ་སྦྱོར་བའི་སྨན་རྣམས་བཅངས་པའམ་ཟོས་པའི་ཕན་ཡོན་ཀྱང་མངོན་ཏུ་འབྱུང་སྟེ། རྟོགས་པ་ལས། གྲུབ་པའི་སྨན་ནི་གཞན་རྣམས་ཀྱང་། །ངེས་པར་བརྟེན་པར་གྱུར་པ་ཡིས། །ཚེ་འཕེལ་བ་དང་རྒ་བའི་ནད། །ཟད་པས་འཆི་བ་མི་མཐོང་ངོ་། །ཞེས་དང་། དངུལ་དང་གསེར་[སོགས་]ཀྱིས་བཅིངས་པའི། །དངུལ་ཆུ་ཆོ་ག་བཞིན་བཟོས་ན། །གྲུབ་པའི་བཅུད་ལེན་རང་བཞིན་ཕྱིར། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཞེས་སོགས་དང་། གཞན་ཡང་བདུད་རྩིར་མོ་ཤག་དང་། རྟག་ཏུ་དུ་དང་། དབང་བོ་ལག་པ། རྩི་བཞི་དྭངས་མ་ལྔའི་སྦྱོར་བ་སོགས་བཅུད་ལེན་གྱི་རིགས་སྦྱོར་ཚུལ་བཀའ་གཏེར་གྱི་གཞུང་རྣམས་སུ་རྒྱ་ཆེར་འབྱུང་བ་ཉིད་བརྟེན་པར་བྱ་བ་སྟེ། རྒས་པ་སྐྲ་དཀར་གཉེར་མ་དང་བྲལ་ཞིང་ཚེ་ཉི་ཟླ་དང་མཉམ་པ་སོགས་བཅུད་ལེན་གྱི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །གསུམ་པ་སྒོ་གསུམ་

p. 446

གྱི་བྱ་བ་ནི། ལུས་ཀྱི་བྱ་བ་ལྷ་ཁང་མཆོད་རྟེན་སྐུ་གཟུགས་གསར་དུ་བཞེངས་པ་སོགས་རྫས་ལས་བྱུང་བའི་བསོད་ནམས་བདུན་དང་། [འདུལ་བ་ལུང་རྣམ་འབྱེད་ལས། ཀུན་དགའ་ར་བ་གཙུག་ལག་ཁང་། མལ་སྟོན་འཚོ་བ་ནར་མ་དང་། །གློ་བུར་ནད་པར་ནད་གཡོག་དང་། །ཡུལ་ངན་ཆེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཅེས་པ་ལྟར་རོ། །མཆན།] ཞིག་པ་འཆོས་པ། སཱཙྪ་འདེབས་པ། ལམ་འཕྲང་བཅོས་པ། རྟེན་གསུམ་ལ་མཆོད་པའི་བྱེ་བྲག་འབུལ་བ། དགེ་འདུན་ཆོས་སྟོན་གསོལ་བ། ཕ་མ་བླ་མ་ཡེ་ཤེས་རྒན་པ་རྣམས་ལ་བསྙེན་བཀུར་བ། མཆོད་རྟེན་ལ་ཕྱག་དང་བསྐོར་བ་བྱེད་པ་ལ་སོགས་པ་དང་། ངག་གི་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྣམས་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་དང་། ཁྱད་པར་ཚེ་དཔག་མེད་དང་གཙུག་གཏོར་རྣམ་རྒྱལ་ལ་སོགས་པའི་གཟུངས་རང་གིས་ཁ་ཏོན་དུ་བགྱིད་པའམ། དགེ་སློང་ཚུལ་དང་ལྡན་པ་ལ་བཀུར་བསྟི་དང་བཅས་ཏེ་འདོན་འཇུག་པ་དང་། ཡིད་ཀྱི་བྱ་བ་ནི། རྟོགས་པ་ལས། འབད་པས་འཆི་བ་བསླུ་བ་ནི། །དད་པ་ཉིད་ཀྱིས་བྱ་བར་ནུས། །དེ་བས་དད་པ་བརྟན་པར་བྱ། །གཞན་དུ་ངལ་བ་དོན་མེད་འགྱུར། །ཞེས་སོགས་འབྱུང་བ་ལྟར་དཀོན་མཆོག་ལ་དད་པ་བརྟན་

p. 447

པོ་དང་། ལས་འབྲས་ལ་ཡིད་ཆེས། བསྒྲུབ་བྱའི་ལྷ་ལ་ངེས་ཤེས་དང་། ཁྱད་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་དུ་སློབ་ཅིང་འཚོ་བའི་ཆོ་ག་ལ་སྤྲོ་བ་ཆེན་པོ་དང་ལྡན་པར་བྱའོ། །ལུས་ངག་ཡིད་གསུམ་ཀའི་བྱ་བར་བདེན་པ་དང་དཀའ་ཐུབ། སྦྱིན་དང་བཟོད་པ། དཀྱིལ་འཁོར་བྲི་བ། སྦྱིན་སྲེག །ཕྱག་རྒྱ། གཏོར་མ། ཚོགས་འཁོར་ལ་སོགས་པ་བྱ་བ་དང་། རྟོགས་པ་ལས། བྱ་ཉ་རི་དྭགས་རྐུན་མ་དང་། །སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཞེས་དང་། བཙོན་ར་ནད་དང་གདུང་བ་དང་། །འཚེ་སོགས་འཇིགས་པ་ཇི་ཙམ་ཡང་། །བསྐྱབས་བྱས་ན་ནི་ངེས་པར་ཏུ། །ཚེ་རིང་འཆི་བ་བསླུ་བྱེད་ཡིན། །ཞེས་པ་ལྟར་འབྲས་བུའི་རྒྱུ་མཐུན་ལ་ནན་ཏན་དུ་འབད་པ་དང་། ཁྱད་པར་དུ་ནི་གསང་སྔགས་ཀྱི་ཚུལ་ལ་བརྟེན་ནས་ཚེ་སྤེལ་བའི་ལས་སྦྱོར་ལ་འབད་པ་ཉིད་ཆེས་ཟབ་པ་ཡིན་ནོ། །གཉིས་པ་ནང་ལྟར་ན་གཉིས་ཏེ། གཞན་གྱིས་འཚོ་བའི་ཆོ་ག་བྱེད་པ་དང་། རང་གིས་བྱེད་པའོ། །དང་པོ་ནི། ཚེ་ཉམས་པ་ལ་སོགས་པའི་ལྟས་མཐོང་ཡང་རང་ཉིད་ཀྱིས་གསོ་བའི་ཐབས་མི་

p. 448

ཤེས་པའི་སྐྱེ་བོ་ཕལ་པའམ། ཤེས་ཀྱང་ཉམས་སུ་ལེན་མི་ནུས་པ་དག་གིས་མཁྱེན་བརྩེ་ནུས་པ་དང་ལྡན་པའི་རྡོ་རྗེའི་སློབ་དཔོན་གཞན་ལ་བརྟེན་ཏེ་རིང་འཚོའི་ཆོ་ག་བསྒྲུབ་དགོས་ཏེ། དེའི་མཚན་ཉིད་ཀྱང་རྒྱུད་ལས། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཅེས་གསུངས་པ་ལྟར་ལ། གསོ་བྱེད་ཀྱི་ཚུལ་ནི་ལྷག་པའི་ལྷ་ཁྱད་པར་ཅན་གྱི་རྣལ་འབྱོར་ལ་བརྟེན་ནས་རང་དོན་དུ་སྒྲུབ་པའི་ཚུལ་ལྟར་ལ་ཏིང་ངེ་འཛིན་གྱི་ཁ་སྒྱུར་ཅི་རིགས་སུ་བྱ་བ་ཡིན་ནོ། །གཉིས་པ་རང་གི་བྱེད་པ་ལ་གཉིས། བསྐྱེད་རིམ་གྱིས་ཚེ་བསྲིང་བ་དང་། རྫོགས་རིམ་ལ་བརྟེན་ནས་བསྲིང་བའོ། །དང་པོ་ལ་གཉིས། སྔོན་འགྲོ་དང་། དངོས་གཞི། །དང་པོ་ནི། སྒྲོལ་མ་འབྱུང་བའི་རྒྱུད་ཕྱི་མ་ལས། བགེགས་འཇོམས་བདུད་རྩི་འཁྱིལ་བ་ནི། །དང་པོར་འབུམ་ཕྲག་བཟླས་བྱས་ནས། །མཆོད་རྟེན་ལ་སོགས་བྱེད་པ་དང་། །མཆོད་དང་བསྐོར་བ་ལ་སོགས་བྱ། །ཞེས་འབྱུང་སྟེ། ཆར་འབེབས་པ་ལ་རླུང་མནན་པའམ། ལོ་ཏོག་བསྐྲུན་པ་ལ་གནོད་པ་སྲུང་བའི་བྱ་བ་གཙོར་འདོན་དགོས་པ་ལྟར། འདོད་

p. 449

པའི་དོན་སྒྲུབ་པ་ལ་ཐོག་མར་བར་ཆད་ངེས་པར་ཞི་བར་མ་བྱས་ན་འབད་པ་དོན་དང་མི་ལྡན་པས། སྤྱི་འགྲོར་བགེགས་མཐར་བྱེད་ཀྱི་སྙིང་པོ་འབུམ་དང་སྦྱིན་སྲེག་ཁྲི་བྱ་བའམ། དམིགས་བསལ་བདུད་བགེགས་འདུལ་བ་ལ་ཆེད་དུ་བསྔགས་པའི་ཁྲོ་བོ་ཆེན་པོ་གང་ཡང་རུང་བའི་བསྒོམ་བཟླས་སྦྱིན་སྲེག་དང་བཅས་པས་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱ་སྟེ། ཚོང་དོན་གཉེར་དུ་འགྲོ་བ་ལ་སྐྱེལ་མའམ་གྲོགས་སྟོབས་ཆེན་དང་འགྲོགས་པ་བཞིན་ཚེ་སྒྲུབ་སྤྱི་ལ་འདི་ཁོ་ན་གལ་ཆེ་བས། གསར་རྙིང་གི་མན་ངག་འགར་ཚེ་རྟ་ཟུང་འབྲེལ་དང་ཚེ་ཕུར་སྒྲགས་མ་སོགས་འབྱུང་བའང་དོན་འདི་ལ་དགོངས་པའོ། །གཉིས་པ་དངོས་གཞི་བསྐྱེད་རིམ་ལ་བརྟེན་པ་ནི། སྤྱིར་རང་གི་ལྷག་པའི་ལྷ་གང་ཡིན་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གནས་པ་དང་། ཁྱད་པར་འཆི་མེད་ཚེ་དབང་སྩོལ་བ་ལ་ཆེད་དུ་ཐུགས་བསྐྱེད་ཅིང་སྨོན་ལམ་ཡོངས་སུ་གྲུབ་པ་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་བསྐྱེད་རིམ་ནན་ཏན་དུ་བསླབ་ཅིང་བཟླས་པ་བྱ་བ་དང་། ཏིང་འཛིན་བསམ་གཏན་ལ་ཟླ་བ་དྲུག་ལ་སོགས་པར་རྩེ་གཅིག་ཏུ་གནས་པས་ངེས་པར་འཆི་བ་ལས་རྒྱལ་བར་འགྱུར་རོ། །གཉིས་པ་རྫོགས་རིམ་ལ་གཉིས།

p. 450

མཚན་བཅས་ཀྱི་རྫོགས་རིམ་དང་། མཚན་མེད་ཀྱི་རྫོགས་རིམ་ལ་བརྟེན་ཏེ་ཚེ་བསྲིང་བའོ། །དང་པོ་ལ་གཉིས། རྡོར་བཟླས་དང་། བུམ་པ་ཅན་ནོ། །དང་པོ་ནི། སྤྱིར་རིམ་ལྔ་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡ་གྱུར་དང་ནི་དོན་དམ་མོ། །ཞེས་རྡོར་བཟླས་ཀྱི་དབྱེ་བ་བཞིར་གསུངས་པ་གང་ཡང་རུང་བ་འབུམ་ཕྲག་གཅིག་བཟླས་པས་ཚེ་ཉམས་པའང་ལོ་ལྔར་འཚོ་བ་སྡོམ་འབྱུང་ལས་གསུངས། ཁྱད་པར་བདུད་རྩི་སྡུད་པའམ་རྩོལ་བ་འགོག་པ་ཞེས་ཚེ་བསྲིང་བ་ལ་མཆོག་ཏུ་བསྔགས་པའི་མན་ངག་གི་རྡོར་བཟླས་ནི། རྟོགས་པ་ལས། རླུང་ནི་འཇུག་པ་བསྔགས་པ་ཡིན། །བདུད་རྩི་འཚོ་བར་བྱེད་པའི་ཐབས། །དེ་ཕྱིར་འཆི་བས་མི་ཚུགས་སོ། །རིམ་གྱིས་འབུམ་སོགས་གྲངས་ཀྱིས་ནི། །རྩེ་གཅིག་སེམས་ཀྱི་ཆོ་ག་བཞིན། །རླུང་ནི་འཇུག་པ་བགྲང་བ་ནི། །སྒྲ་མེད་པ་ཡི་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་ཕྲག་གི །ཆོ་ག་ཡོངས་སུ་རྫོགས་པ་ཡིས། །མི་ནི་ཚེ་ཉམས་གྱུར་པ་ཡང་། །ལོ་ལྔའི་བར་དུ་འཚོ་བར་ངེས། །ཉིས་འབུམ་ལ་སོགས་བཟླས་པ་ཉིད། །ཚེ་འཕེལ་བར་ནི་བསྒྲེ་བར་བྱ། །ཞེས་དང་། ནང་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བགྲང་ན་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང་། །

p. 451

ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་སོ། །གཉིས་པ་བུམ་པ་ཅན་ལ་ཆེ་འབྲིང་ཆུང་གསུམ་ལས་ཆེན་པོ་གྲུབ་པས་ཚེ་བསྲིང་བར་འགྱུར་ཏེ། རྡོ་རྗེ་སྙིང་འགྲེལ་ལས། ཉིན་མཚན་དུ་ནི་དབུ་མར་སྲོག །ཞུགས་པས་ནད་རྣམས་འཕྲོག་པར་བྱེད། །ཚེས་ཀྱི་ཉིན་ཞག་སྲོག་བཅིངས་ན། །འདིས་ནི་མཁའ་སྤྱོད་ཉིད་སྟེར་བྱེད། །ཟླ་གཅིག་སྲོག་བསད་སྙིང་གར་གནས། །རྣལ་འབྱོར་པ་རྣམས་འཆི་མེད་འགྱུར། །ཞེས་བུམ་ཅན་ཞག་གཅིག་འཆིངས་ནུས་པས་ནད་ལས་རྒྱལ་བ་དང་། ཟླ་ཕྱེད་ཀྱིས་མཁའ་སྤྱོད་འགྲུབ་པ་དང་། ཟླ་གཅིག་གིས་འཆི་མེད་འགྲུབ་པར་བཤད་དོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ལ་གཉིས། རྣམ་གྲངས་དང་། དོན་དམ་མོ། །དང་པོ་ནི། ཇི་སྐད་དུ། མཁས་པས་དངོས་པོ་མི་བསྒོམ་ཞིང་། །དངོས་པོ་མེད་པའང་བསམ་མི་ཁྱབ། །དངོས་དང་དངོས་མེད་ལས་རྣམ་གྲོལ། །དེ་སྤང་བ་ནི་བསྒོམ་པར་བྱ། །ཞེས་པའི་ཚུལ་ལ་དཔྱད་སྒོམ་པས་རྒྱས་འདེབས་དང་། འཇོག་སྒོམ་པས་མོས་དཔྱད་ཀྱི་ཚུལ་གྱིས་ཉམས་སུ་ལེན་པ་དང་། གཉིས་པ་དོན་དམ་ནི། ཡུལ་རྣམས་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་། ཡུལ་ཅན་འགྱུར་མེད་ཀྱི་བདེ་བ་ཆེན་པོ་རོ་མཉམ་མངོན་སུམ་ལམ་དུ་བྱས་ཏེ་ཏིང་ངེ་འཛིན་གྱི་

p. 452

སྐུ་བསྒྲུབ་པ་སྟེ། དེ་དག་གིས་ནི་སྲིད་པའི་འཆི་བ་སོགས་ཆུ་བོ་བཞི་གཏན་དུ་གཅོད་པའི་ཕྱིར། ངག་གི་དབང་ཕྱུག་གིས། རྣམ་ཀུན་འཆི་བ་བསླུ་བ་ནི། །གྲོལ་བ་ཉིད་ལ་རགས་པ་ཡིན། །མ་གྲོལ་བ་རྣམས་ཐམས་ཅད་ལ། །ཇི་ཙམ་དུས་ལས་བསྲིང་བའོ། །ཞེས་དང་། དེ་བཞིན་ཉིད་ཀྱིས་འཆི་བདག་བདུད། །དགྲ་རྣམས་གཞན་ལས་རྒྱལ་བར་འགྱུར། །ཉེས་པ་མ་ལུས་རབ་ཏུ་ཞི། །ཡོན་ཏན་མ་ལུས་འབྱུང་བ་དང་། །སྐྱེས་བུ་དེ་ཉིད་ཀྱིས་རྒྱལ་ཞིང་། །མངོན་པར་འདོད་པ་རྣམས་ཀྱང་འགྲུབ། །དེ་བཞིན་ཉིད་ནི་སྟོང་ཉིད་བཤད། །རྣམ་པ་ཀུན་མཆོག་བདག་ཉིད་ཅན། །དེ་ཉིད་རྟག་ཏུ་གོམ་བྱས་ན། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཞེས་གསུངས་སོ། །བརྒྱད་པ་རྒྱུད་སྒྲུབ་ཐབས་ཀྱི་མདོར་བསྟན་པ་ནི། འདི་ལ་སྔ་འགྱུར་བཀའ་མའི་ཕྱོགས་སུ་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་སོགས་རང་རྐང་ཚུགས་པ་དང་། འདུས་མདོའི་རྩ་རྒྱུད་ལེ འུ་བཅུ་གསུམ་པ་ནས་གསུངས་པའི་ཚེ་དཀྱིལ་དང་། རྫོགས་ཆེན་གྱི་རྒྱུད་རྣམས་ནས་འཆི་བསླུ་གསལ་རྒྱས་སུ་གསུངས་པས་མཚོན་ཞར་བྱུང་གི་རིམ་པ་རྣམ་གྲངས་ཤིན་ཏུ་མང་བར་བཞུགས་ཤིང་། གཏེར་མའི་ཕྱོགས་ལ། སངས་རྒྱས་གཉིས་པ་པདྨ་ཀཱ་ར་ཉིད་ངེས་པའི་དོན་དུ་

p. 453

རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཉིད་དུ་གྲུབ་ཀྱང་གདུལ་བྱ་གཞན་སྣང་དུ་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་མནྡྷ་ར་བ་ལ་བརྟེན་ཏེ་མཱ་ར་ཏི་ཀར་ཚེ་དབང་རིག་འཛིན་བརྙེས་པའི་ཚུལ་བསྟན། ཚེ་རྒྱུད་བྱེ་བ་བརྒྱ་ཕྲག་ལྷ་མོ་ཙཎྜ་ལཱིས་ཕུལ་ཞིང་ཚེ་དཔག་མེད་ཀྱིས་རྗེས་སུ་གནང་བ་བཞིན་ཚེའི་རིག་འཛིན་སྒྲུབ་པའི་ཐབས་དཔག་ཏུ་མེད་པར་མཛད་དེ་འཕགས་བོད་ལ་སོགས་པར་རྒྱ་ཆེར་སྤེལ་ཞིང་། མ་འོངས་གངས་ཅན་པའི་གདུལ་བྱ་ལ་དགོངས་ནས་ཕྱོགས་བཞི་དབུས་ལྔའི་མཚོན་བོད་ཁམས་མཐའ་དབུས་ཀུན་ཏུ་ཟབ་མོའི་གཏེར་དུ་བཙས་པ་རྣམས་གདུལ་བྱ་དུས་ལ་བབས་པ་ན་སྤྲུལ་སྐུ་གཏེར་འབྱིན་སྐྱེས་བུ་རྣམས་ཀྱིས་རིམ་པར་བཏོན་ཅིང་སྤེལ་བའི་རྒྱུད་དང་གདམས་པའི་རྣམ་གྲངས་བརྗོད་ཀྱིས་མི་ལང་ཞིང་། དེ་དང་རྗེས་སུ་འབྲེལ་པ་དགོངས་གཏེར་དང་དག་སྣང་གི་ཕྱོགས་སུ་ཚེ་སྒྲུབ་བསྐྱེད་རྫོགས་ཤིན་ཏུ་ཟབ་པ་ཡོངས་སུ་གྲགས་པ་དང་མ་གྲགས་པ་ཇི་སྙེད་བྱིན་རླབས་ཉམས་མྱོང་གྲུབ་པའི་རྟགས་མཚན་མ་ཆད་པར་བཞུགས་ལ། དེ་དག་རེ་རེ་ལའང་བསྙེན་སྒྲུབ། དབང་བསྐུར། ཚེ་རྫས། འཁོར་ལོ། ཟ་ཡིག །བཅུད་ལེན། ཐབས་ལམ། ནམ་མཁའ་ཟས་ཟ་སོགས་ལ་བརྟེན་ནས་ཚེ་བསྲིང་བའི་ཐབས་སྣ་རེ་

p. 454

རེས་ཀྱང་དགོས་པ་འགྲུབ་པའི་གདངས་ངག་གི་དབྱེ་བསྡུ་ནི་སྨོས་ཀྱིས་མི་ལང་ལ། ཕྱི་འགྱུར་གསར་མའི་ཕྱོགས་སུའང་རྒྱུད་སྡེ་བཞི་དང་འབྲེལ་བར་ཚེ་སྒྲུབ་པའི་ལྷ་སྔགས་མདོ་རྒྱུད་རང་རྐང་ཚུགས་པ་སློབ་དཔོན་སོ་སོའི་བཀའ་སྲོལ་ལས་བྱུང་བའི་མན་ངག་ཚེ་ཁྲིད་མཐའ་རྒྱས་བཅུད་ལེན་ལས་ཚོགས་དང་བཅས་པ་གྲུབ་པའི་མཚན་རྟགས་མ་ཆད་པར་བཞུགས་པའི་རྣམ་གྲངས་ཤིན་ཏུ་མང་ངོ་། །དགུ་པ་ཆོ་ག་དེ་རྣམས་རིང་འཚོའི་བྱ་བ་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་གཉིས། དངོས་དང་། དོགས་གནས་ལ་དཔྱད་པའོ། །དང་པོ་ནི། སྤྱིར་ལྷག་པའི་ལྷ་རྣམས་ལ་ཐུགས་རྗེ་དང་ནུས་པ་ཚད་མེད་པ་མངའ་ཞིང་། སྒོས་དམིགས་བསལ་དུ་སྨོས་པ་དེ་རྣམས་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་ལས་འགྲོ་བ་གང་ཞིག་ཚེ་ཡིས་ཕོངས་པ་ལ་རིང་འཚོའི་མཆོག་སྩོལ་ཞིང་། དུས་མ་ཡིན་པར་འཆི་བ་ལས་སྐྱོབས་པའི་འཕྲིན་ལས་ཁྱད་པར་ཅན་མངའ་བས་ན་བསྒོམ་ཞིང་བཟླས་པ་ལྟ་ཅི་སྨོས། གསོལ་བ་བཏབ་པ་ཙམ་གྱིས་ཀྱང་གནས་སྐབས་དང་མཐར་ཐུག་གི་འདོད་པའི་འབྲས་བུ་སྟེར་བ་སྟེ། ངག་དབང་གྲགས་པས། རང་གི་འདོད་ལྷའི་རྣལ་འབྱོར་གྱིས། །ང་རྒྱལ་བརྟན་པར་གྱུར་པ་ལས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །འདོད་པའི་དོན་

p. 455

ནི་རབ་སྒྲུབ་བྱེད། །ཅེས་གསུངས་པས། རྣམ་རྟོག་གཞན་དུ་མི་གཡོ་བས་ལྷ་བསྒོམ་པ་དང་། ངག་བཟླས་དང་འགོག་བཟླས་སོགས་བཟླས་པའི་བྱེ་བྲག་ལ་རྩེ་གཅིག་ཏུ་བརྩོན་པས། སེམས་ཀྱི་བཅུད་མ་ཟག་པས་ལུས་ཀྱི་དྭངས་མ་སྟོབས་རྒྱས་ཏེ་སྲོག་མི་གཡོ་བའི་རྟེན་འབྲེལ་འགྲིགས་པ་དང་། ཕུང་ཁམས་ལྷ་ལ་སོགས་པར་སྣང་བ་ལ་དུས་ཀྱི་ཞགས་པས་ཀྱང་འཆིང་བར་འོས་པ་མ་ཡིན་པ་དང་། ལུས་ངག་ཡིད་གསུམ་ཤིན་ཏུ་སྦྱངས་པས་སྲོག་ཡེ་ཤེས་ཀྱི་ཆར་ཇི་ཙམ་བཀག་པ་དེ་ཙམ་དུ་དུས་ཀྱི་ཆད་པ་ལས་རིང་དུ་བསྲིང་བར་གྲུབ་པ་དང་། ཕྱི་ནང་རྟེན་འབྲེལ་གྱི་འགྲོས་གཅིག་ཅིང་སྣང་བ་སེམས་ཀྱི་རང་གཟུགས་ཡིན་པའི་དབང་ལས་ཚེ་བཅུད་བསྡུ་བསྟིམ་གྱི་འཕྲོ་འདུས་ནང་གི་འབྱུང་བཞིའི་དྭངས་མ་སྟོབས་སུ་གྱུར་པ་ལས་གོང་དུ་སྨོས་པའི་ཉེས་པ་ཐམས་ཅད་ཟད་ཅིང་དེ་ལས་ལྡོག་པའི་ཡོན་ཏན་རྣམས་བསྐྱེད་པའི་ཕྱིར། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་པ་ལྟར་ཆོ་ག་བྱས་པས་ལུས་སྲོག་འཚོ་བའི་འབྲེལ་ནི་དེ་ལ་སོགས་པ་ཤིན་ཏུ་མང་ངོ་། །གཉིས་པ་དོགས་གནས་ལ་དཔྱད་པ་ནི། འདིར་ཁ་ཅིག་གིས་སྣོད་དང་བཅུད་ཀྱི་ཚེ་བཅུད་དེ་དངོས་སུ་བསྡུ་བ་ཡོད་ན་བསྡུ་གཞི་ལ་གནོད།

p. 456

ཅིང་། མེད་ན་བསྡུ་ཡུལ་ལ་མི་ཕན་པ་དང་། དེས་ནི་ཡང་ན་དམིགས་པའི་འཁྲུལ་འཁོར་ཐམས་ཅད་དོན་མེད་དུ་འགྱུར་བས་སྔགས་མི་འགྲུབ་ལ། ཡང་ན་སྔགས་གྲུབ་ཀྱང་སྤྱོད་་པ་ཕྱིན་ཅི་ལོག་ཏུ་སོང་བས་ཐར་པ་དང་འགལ་བ་སོགས་ཀྱི་དོགས་སློང་བྱེད་པར་སྲིད་ན། དེ་ནི་གསང་སྔགས་ཐེ་ཚོམ་ཟ་བའི་རིགས་པར་སོང་བས་རྟོག་གེ་བའི་བློ་གྲོས་སུ་ཟད་དེ། དེ་ལྟ་ན་ཞི་སོགས་ཀྱི་ལས་ལའང་དཔྱད་པ་འཇུག་ལ། དེའང་དཔྱད་ན་ཐུག་མེད་དུ་འགྱུར་བས་སྔགས་ཀྱི་ལས་རབ་འབྱམས་འགོག་དགོས་པར་འགྱུར་ཞིང་། དེ་འགོག་ན། ཐབས་མང་དཀའ་བ་མེད་པ་སོགས་ཀྱི་སྒྲུབ་བྱེད་ཀྱང་དོན་མེད་དུ་འགྱུར་བ་དང་། གཞན་ཡང་འཕགས་པ་རྣམས་ཀྱི་བྱིན་རླབས་བསྡུ་བ་དེའང་དངོས་སུ་བསྡུར་ཡོད་དམ་མེད། མེད་ན་རང་ལ་བྱིན་གྱིས་རློབ་པར་མི་འགྱུར་ལ། ཡོད་ན་འཕགས་པ་ལ་གནོད་པར་འགྱུར་རོ། །དངོས་སུ་བསྡུར་མེད་ཀྱང་མོས་པའི་མཐུ་ལས་བྱིན་གྱིས་རློབས་པར་འགྱུར་ན་འབྱུང་བཅུད་སོགས་ལའང་རིགས་པ་མཚུངས་ཤིང་། ཡོད་ཀྱང་འཕགས་པ་ལ་གནོད་པར་མི་འགྱུར་ཏེ་གསང་བ་བསམ་གྱིས་མི་ཁྱབ་བོ་ཞེ་ན། སེམས་ཅན་གྱིས་ལས་སྣང་ཡང་བསམ་གྱིས་མི་ཁྱབ་པས་ན་དེ་བས་ཀྱང་མཚུངས་སོ། །གཅིག་ཤོས་

p. 457

ལ་ཕན་པས་གཅིག་བཤོས་ལ་གནོད་པ་ཁོ་ནའང་མ་ངེས་ཏེ། རྒྱ་མཚོ་ལས་ཆར་བྱུང་བས་ལོ་ཏོག་ལ་ཕན་ཀྱང་རྒྱ་མཚོ་ལ་མི་གནོད་པ་བཞིན་དང་། ནོར་བུ་ཤིན་ཏུ་སྦྱངས་པ་ལ་གསོལ་བ་བཏབ་པས་འདོད་པ་ཉིད་འཇོ་ཡང་། དངོས་པོ་དེ་དག་གཞན་ལས་འཕྲོག་པའང་མིན་ཅིང་ནོར་བུ་རང་གི་ངོ་བོ་གཞན་དུ་འགྱུར་བ་མེད་པར་རྟེན་འབྲེལ་གྱི་ནུས་པས་བྱེད་པོ་རང་ཉིད་ལ་ཕན་བཏགས་པ་བཞིན་དུ། སྔགས་དང་ཏིང་ངེ་འཛིན་གྱི་མཐུ་ནི་བསམ་གྱིས་མི་ཁྱབ་པས་མོས་པའི་མཐུ་ལས་གྲུབ་པ་སྦྱིན་པ་སྟེ། ངག་དབང་གྲགས་པས། འཇིག་རྟེན་ན་ནི་དངོས་གཞན་ཡང་། །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་པས་འབད་པ་ལ། །སྔགས་རྣམས་ཡིད་བཞིན་ནོར་བུར་མཚུངས། །ཞེས་སོ། །དེའི་ཕྱིར་རྟོག་གེའི་རིགས་པས་ཆོས་ཉིད་དང་སྔགས་ཀྱི་ཚུལ་ལ་གཞལ་ན་བློ་ཆུང་མང་པོ་ངན་འགྲོའི་གཡང་སར་འཕེན་པ་ལས་དགོས་ནུས་གཞན་མ་མཆིས་པས། བཟོད་པ་དང་མངོན་ཤེས་མ་ཐོབ་པ་དག་གིས་མོས་པ་བརྟན་པོས་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ཏེ། རྒྱུད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་སྟེ། །ཡང་ན་བླུན་པོ་དང་

p. 458

པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིག་དཔྱོད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་རིང་དུ་བསྐལ། །ཞེས་གསུངས། དེས་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པའི་དོན་ལ་དྲན་པ་ཉེར་བར་བཞག་པ་ལ་ཕྱོགས་སོ། །བཅུ་པ་ཚེ་གྲུབ་པའི་འབྲས་བུ་ནི། དེའང་རྩ་ཐིག་རླུང་གསུམ་སྐུ་གསུང་ཐུགས་རྡོ་རྗེར་སྦྱངས་ནས་ཡེ་ཤེས་རྡོ་རྗེའི་ངོ་བོར་མཉམ་པ་མཐར་ཐུག་གི་འཆི་མེད་རྣམ་གསུམ་འགྲུབ་པར་འགྱུར་བ་སྟེ། སེམས་སྒྲིབ་བྲལ་དུ་དག་པས་ཐུགས་རྡོ་རྗེ་དུས་གསུམ་མཉམ་ཉིད་ཀྱི་ཆོས་སྐུ་སེམས་འཆི་མེད་དང་། ངག་སྒྲིབ་བྲལ་དུ་དག་པས་གསུང་རྡོ་རྗེ་ཟབ་གསལ་དབྱེར་མེད་ཀྱི་ལོངས་སྐུ་གཞོམ་མེད་ཀྱི་བདེ་བས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་མཛད་པ་ངག་འཆི་མེད་དང་། ལུས་སྒྲིབ་བྲལ་དུ་དག་པས་སྐུ་རྡོ་རྗེ་ཀུན་ཁྱབ་སྒྱུ་འཕྲུལ་དྲྭ་བའི་སྤྲུལ་སྐུ་གང་འདུལ་གྱི་རོལ་པར་སྟོན་པ་ལུས་འཆི་མེད་དེ། སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་མངོན་པར་རྫོགས་ཤིང་བྱང་ཆུབ་པར་འགྱུར་བས་ན་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པ་ལ་ནན་ཏན་དུ་བྱའོ། །༈ ། རྩ་བའི་གཉིས་པ་སྐབས་དོན་ཉམས་སུ་ལེན་བྱའི་མན་ངག་བྱེ་བྲག་ཏུ་འཆད་པ་ལའང་གཉིས། གང་ལང་བྱུང་བའི་གདམས་

p. 459

པའི་ཁུང་སྨོས་པ་དང་། དེ་ལས་བྱུང་བའི་གདམས་པ་དངོས་ཀྱི་མན་ངག་གོ །དང་པོ་ནི། དེའང་རང་སྣང་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་དུ་ཐོག་མའི་མགོན་པོ་ཀུན་བཟང་ཆོས་སྐུ་འཆི་མེད་འོད་མི་འགྱུར་བས་རང་རྩལ་རིག་པའི་འཁོར་ལ་བརྗོད་མེད་རང་ཤར་གྱི་དགོངས་པས་འཆི་མེད་གཉུག་མའི་ཏནྟྲ་དུས་བཞི་མཉམ་པ་ཉིད་དུ་བསྟན་པ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། འོག་མིན་པདྨ་དབང་ཆེན་རོལ་པའི་ཞིང་ཁམས་ཆེན་པོར། ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སྟོན་པས་འཁོར་ཉིད་ལས་མི་གཞན་པའི་རིག་འཛིན་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས་ལ་འཆི་མེད་རྡོ་རྗེ་ཚེའི་ཏནྟྲ་བརྡ་ཐབས་བྱིན་རླབས་ཀྱི་སྒོ་ནས་བསྟན་པ་ནི་རིག་འཛིན་བརྡའི་བརྒྱུད་པ། འགྲོ་འདུལ་འཆི་མེད་གྲུབ་པའི་གནས་མཆོག་མཱ་ར་ཏི་ཀར་རང་བྱུང་སྤྲུལ་སྐུ་པདྨ་ཡབ་ཡུམ་གྱི་མདུན་དུ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་དངོས་སུ་བྱོན་ནས་སྐྱེ་འཆི་མེད་པར་དབང་བསྐུར། བསྒྲེས་རྒུད་བྲལ་བར་བྱིན་གྱིས་བརླབས་ཤིང་། རྡོ་རྗེ་ཚེའི་ཏནྡྲ་ཆེན་པོ་བཤད། སླར་འཆི་མེད་བླ་མ་པདྨ་ཀཱ་རས་བོད་ཡུལ་དབུས་ཀྱི་སྒྲུབ་གནས་གཡའ་མ་ལུང་དང་ལྷོ་བྲག་མཁར་ཆུ་སེང་གེ་རྫོང་དང་དཔལ་གྱི་

p. 460

སྟག་ཚང་སོགས་སུ་ལས་ཅན་རྗེ་འབངས་རྣམས་ལ་རྡོ་རྗེའི་ཚེའི་དབང་བསྐུར་རྒྱུད་བཤད་མན་ངག་ཚང་སྤྲུགས་སུ་བསྟན་པ་ནི་གང་ཟག་སྙན་ཁུང་གི་བརྒྱུད་པ། སྐབས་དེར་གུ་རུ་ཉིད་ནས་མ་འོངས་པའི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་གསང་ཆེན་བཀའི་གཉེར་འཛིན་མཁའ་འགྲོ་མཚོ་རྒྱལ་ལ་གཉེར་དུ་གཏད་པ་བཞིན་དེས་ཀྱང་ཚེ་རྒྱུད་སྒྲུབ་ཐབས་དམ་རྫས་དང་བཅས་པས་སོ་སོར་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་ཟབ་མོའི་གཏེར་དུ་བསྩལ་བར་མཛད་པ་ནི་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། དེང་སང་འདོན་པའི་དུས་ལ་བབས་པ་ན། རྣམ་སྣང་ལོ་ཆེན་བཻ་རོ་ཙ་ན་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་ཟུང་གི་རྣམ་འཕྲུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷོ་ཕྱོགས་མོན་ཁ་སེང་གེ་རྫོང་གི་མཚོ་རྒྱལ་གསང་ཕུག་ནས་ཤིང་འབྲུག་གི་ལོར་སྐལ་ལྡན་གྱི་འདུས་པ་དུ་མའི་མིག་ལམ་དུ་རིག་འཛིན་མཁའ་འགྲོས་བྱིན་གྱིས་བརླབས་པའི་ལྟས་དང་། གཏེར་སྲུང་ཆོས་སྐྱོང་གིས་འཕྲིན་ལས་སྒྲུབ་པའི་མཚན་མའི་ཆོ་འཕྲུལ་དང་ལྡན་པར་སྤྱན་དྲངས་ཤིང་། དག་པའི་སྣང་བར་གུ་རུ་ཡབ་ཡུམ་གྱིས་རྗེས་སུ་བཟུང་ནས་བྱིན་རླབས་དབང་བསྐུར་རྫོགས་པར་ནོད་ཅིང་རྒྱལ་ཚབས་ཆེན་པོར་མངའ་གསོལ་བ་ནི་སྨོན་ལམ་དབང་བསྐུར་གྱི་

p. 461

བརྒྱུད་པ། ཟབ་མོའི་གཏེར་འདིས་སྟེང་དུ་ཐོན་ནས་མི་ལོ་ཉི་ཤུ་དང་རང་ལོ་ཉེར་གཅིག་པའི་ངོ་མཐོང་ཤིང་བྱི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་དགེ་བར་གྲྭ་ནང་སྡིངས་པོ་ཆེའི་གཙུག་ལག་ཁང་གི་ཡང་སྟེང་བདེ་ལྡན་པདྨ་འཁྱིལ་བའི་ཕོ་བྲང་དུ་ཁྱབ་བདག་གཏེར་འབྱིན་བླ་མ་རྡོ་རྗེ་འཆང་དབང་དངོས་ཀྱི་ཞལ་སྔ་ནས་ཁོ་བོས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་ཟབ་གཏེར་གྱི་ཁ་བྱང་བཞིན་ལུང་ཟིན་ཆོས་ཀྱི་བདག་པོར་ངོས་འཛིན་དང་འབྲེལ་སྨིན་གྲོལ་གདམས་པའི་བདུད་རྩི་བུམ་པ་གང་བྱོས་སུ་བསྩལ་ཞིང་། ཟབ་ཆོས་འདི་ཉིད་འཛིན་སྤེལ་འཕྲིན་ལས་ཀྱི་བྱེད་པོར་དབུགས་དབྱུང་མངའ་གསོལ་གཟེངས་བསྟོད་པར་མཛད་པ་ནི་བཀའ་བབ་ལུང་བསྟན་གྱི་བརྒྱུད་པ་སྟེ། དེ་ལྟར་བརྒྱུད་པ་དྲུག་ལྡན་གྱི་གདམས་ཟབ་ཉེ་བརྒྱུད་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་ལས་འཕྲོ་སད་པའི་སྐལ་ལྡན་ཁོ་ནའི་མནོག་ཆོས་གཅིག་པུར་གྲུབ་པའི་ཚུལ་ཡང་། གཞུང་ལས། རིག་འཛིན་ཚེ་ཡི་སྒྲུབ་པ་འདི༔ ཟབ་མོ་ཀུན་གྱི་བཅུད་ཐིག་ཡིན༔ གཞན་དང་འདྲ་མིན་ཁྱད་པར་ཆེ༔ ཐེ་ཚོམ་གེགས་དབང་མ་ཤོར་བར༔ རང་ཉམས་ལོངས་དང་ངེས་ཤེས་སྐྱེ༔ སྙིགས་མའི་འགྲོ་བ་བསོད་ནམས་དམན༔ ཟབ་མོའི་

p. 462

དངོས་གྲུབ་བར་ཆད་ཆེ༔ གཉིས་འཛིན་འགོང་པོ་ལོག་ལྟ་སྐྱེན༔ སྐལ་ལྡན་རེ་འགའ་མ་གཏོགས་པ༔ སྐལ་བར་ཆུད་པ་ཤིན་ཏུ་དཀའ༔ ཤིན་ཏུ་ཟབ་མོའི་ལམ་འདི་ལ༔ ཞུགས་ཏེ་དངོས་གྲུབ་མ་ཐོབ་ན༔ པདྨ་བདག་གིས་ཕྱི་རབས་བསླུས༔ ཚེ་སྒྲུབ་བྱེ་བ་ཕྲག་བརྒྱ་ཡི༔ སྙིང་པོ་སྲོག་གི་ཐིག་ལེར་བསྡུས༔ རིན་ཆེན་གཏེར་གཅིག་ཁོ་ནའོ༔ ཞེས་གསུངས་པ་ལྟར་རོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་གཉིས། སྔོན་འགྲོའི་རིམ་པ་དང་། དངོས་གཞིའི་མན་ངག་གོ །དང་པོ་ནི། བསྐྱེད་རྫོགས་བསྙེན་སྒྲུབ་ལ་འཇུག་པའི་ཐོག་མར་སྔོན་འགྲོའི་རིམ་པས་རྒྱུད་སྦྱོང་བ་ཁོ་ན་གཅེས་ཏེ། དེ་ལ་དབེན་པའི་གནས་སུ་ལུས་གནད་བསྲང་། རླུང་རོ་བསལ་ལ། བདག་གི་དལ་འབྱོར་གྱི་མི་ལུས་རྙེད་དཀའ་ལ་ཕན་འདོགས་ཆེ་བ་ཐོབ། བླ་མ་མཚན་ལྡན་ལས་གསང་སྔགས་ཟབ་མོ་ཐོབ་ཀྱང་ལེ་ལོས་གཡེངས་ན། འདུས་བྱས་ཐམས་ཅད་མི་རྟག་ཅིང་རང་ཡང་མྱུར་ཏུ་འཆི་ངེས། འཆི་བའི་ཚེ་དགེ་སྡིག་ལས་ཀྱི་རྣམ་སྨིན་ཁོ་ན་རྗེས་སུ་འབྲང་། སྡིག་པས་ངན་འགྲོར་སྐྱེས་ཏེ་སྡུག་བསྔལ་མི་ཟད་པ་ཉམས་སུ་མྱོང་ན་ཇི་ལྟར་བྱ། དེ་ལས་སྐྱོབས་ནུས་པ་བླ་མ་དང་དཀོན་མཆོག་རིན་པོ་ཆེའི་ཡོན་ཏན་རྗེས་སུ་དྲན་

p. 463

ཏེ་སྙིང་ཐག་པ་ནས་གུས་པ་ཆེན་པོས་སྐྱབས་སུ་བཟུང་ངོ་སྙམ་པའི་སྒོ་ནས། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་འཆི་མེད་ཚེ་ལྷའི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བསགས་སྦྱོང་གི་ལས་ལ་བརྩོན་པར་བསམ་ཞིང་། སྐྱབས་སུ་འགྲོ་བ་ནི། ན་མོཿ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྐྱབས་ཡུལ་ཀུན་འདུས་མགོན་པོ་ཚེ་ཡི་ལྷར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ཞེས་ཅི་ནུས་སུ་འབད། སེམས་བསྐྱེད་པ་ནི། འགྲོ་བ་མཐའ་དག་ཕ་མར་ཤེས་པས་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་བསྐྱེད། ཐམས་ཅད་ཕན་བདེ་བླ་ན་མེད་པ་ལ་འགོད་པར་བགྱི། དེའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་བསླབ་པར་བགྱིའོ་སྙམ་པས། ཧོཿ གཟུང་འཛིན་འཁྲུལ་པའི་སྣང་བས་བསྐྱེད་པའི་འགྲོ༔ མཐའ་མེད་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས༔ ཡེ་གྲོལ་འཆི་མེད་གཞོན་ནུ་བུམ་སྐུའི་ཀློང་༔ རོ་མཉམ་ཆེན་པོར་འགོད་པར་སེམས་བསྐྱེད་དོ༔ ཞེས་བརྗོད་ཅིང་བློ་

p. 464

སྦྱང་། ཚོགས་བསགས་པ་ནི། ཨོཾ་ཨཱཿཧཱུྃ༔ འཆི་མེད་ཚེ་ཡི་ལྷ་ཚོགས་མ་ལུས་པ༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ ཡེ་ནས་འཕོ་འགྱུར་བྲལ་བ་ནམ་མཁའི་སྐུར༔ གཉིས་མེད་རང་གསལ་ཆེན་པོར་གུས་ཕྱག་འཚལ༔ སྣང་སྲིད་རྣམ་དག་འདོད་ཡོན་རོལ་པའི་རྒྱན༔ བྱར་མེད་ལྷུན་རྫོགས་མཆོད་སྤྲིན་རྒྱ་མཚོས་མཆོད༔ རྟག་ཆད་མཚན་མས་སྒྲིབ་པའི་ཉོན་མོངས་ལས༔ སྡིག་ལྟུང་མི་དགེའི་ཚོགས་རྣམས་འགྱོད་པས་བཤགས༔ མངོན་པར་བྱང་ཆུབ་ཡོན་ཏན་རྒྱ་མཚོའི་ཞིང་༔ ཁྱོད་ཀྱི་རྣམ་པར་ཐར་ལ་ཡི་རང་ངོ་༔ འོད་གསལ་སྐྱེད་མེད་རྡོ་རྗེའི་སྒྲ་དབྱངས་ཀྱིས༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ འཕོ་བ་ཆེན་པོའི་འཇའ་ལུས་རྡོ་རྗེའི་སྐུར༔ མི་འདའ་འགྲོ་བའི་དོན་ཕྱིར་བཞུགས་སུ་གསོ༔ དགེ་རྩ་དམིགས་མེད་འཁོར་གསུམ་ཡོངས་དག་པ༔ མི་གནས་ཆོས་དབྱིངས་མཉམ་པ་ཉིད་དུ་བསྔོ༔ སྐྱེ་འཆི་འགྱུར་མེད་མགོན་པོ་ཚེ་མཐའ་ཡས༔ ཡོན་ཏན་དཔག་མེད་ཚེ་འདིར་མངོན་འགྱུར་ཤོག༔ ཅེས་ཡན་ལག་བདུན་པ་སྤྱིར་འབུལ། བྱེ་བྲག་ཏུ་རང་གཞན་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཎྜལ་དུ་ཕུལ་ལ། ཨོཾ་ཨཱཿཧཱུྃ༔ བདག་གཞན་ལུས་དང་ལོངས་སྤྱོད་དགེ་

p. 465

རྩར་བཅས༔ བཀོད་པར་རྫོགས་ཞིང་ཁམས་འབྱོར་པའི་སྤྲིན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྡོ་རྗེའི་ཞིང་ལ་སྤྱོད་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏེ་བྷྱོ་མཎྜལ་པུ་ཛ་ཧོཿ ཞེས་ལན་མང་དུ་ཕུལ་ལ། མཐར་ཚོགས་ཞིང་རང་ལ་བསྟིམ། སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཐིག་ཕྱག་གཉིས་ཞི་ཞིང་འཛུམ༔ རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན༔ པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོས་མཚན༔ སྡིག་ལྟུང་ལ་འགྱོད་སྐྱབས་གསོལ་སྔགས་བཟླས་པས༔ ཧཱུྃ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན༔ ཞབས་ཀྱི་མཐེ་བོང་ལས་བརྒྱུད་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པར་གྱུར༔ ཅེས་མོས་ལ་ཡིག་བརྒྱ་ཅི་ནུས་བཟླ། མཐར། རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་རྡོ་རྗེ་སེམས་དཔར་གསལ་ལ། ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བཟླས་ཏེ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངང་དུ་མཉམ་པར་བཞག །བླ་མའི་རྣལ་འབྱོར་ནི། ཨོཾ་ཨཱཿཧཱུྃ༔

p. 466

དབྱིངས་ནི་རྣམ་པར་དག་པ་ཆོས་ཀྱི་སྐུ༔ རིག་པ་ཡེ་ཤེས་འོད་ལྔ་ལོངས་སྤྱོད་རྫོགས༔ ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་རྩལ༔ དབྱེར་མེད་བླ་མ་པད་འབྱུང་ཚེ་མཐའ་ཡས༔ རཱ་གའི་མདོག་ཅན་མཉམ་གཞག་ཚེ་བུམ་འཛིན༔ རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང་ན་རོལ༔ བརྒྱུད་གསུམ་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ ཡི་དམ་ཞི་ཁྲོ་རབ་འབྱམས་འཇའ་ལྟར་ཤར༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཟེར་ལྟར་འཕྲོ༔ མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་གྱུར༔ ཅེས་གསལ་བཏབ་ལ། མོས་གུས་གདུང་ཤུགས་དྲག་པོས། མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལཱི་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཞེས་དང་། བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པའི་ཚེ༔ མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པས་རྡོ་རྗེའི་ལུས་སུ་གྱུར༔ འཆི་མེད་པདྨ་འབྱུང་གནས་ལ་གསོལ་

p. 467

བ་འདེབས༔ གསོལ་བ་འདེབས་སོ་འཆི་མེད་པདྨ་འབྱུང་༔ བྱིན་གྱིས་རློབས་ཤིག་ཨོ་རྒྱན་རིན་པོ་ཆེ༔ སྨིན་གྲོལ་དབང་བསྐུར་མཆོག་ཐུན་དངོས་གྲུབ་སྩོལ༔ ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་ཤིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཞེས་གསོལ་འདེབས་ཀྱི་བསྙེན་པ་ཅི་ནུས་བཟླས་མཐར། བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ ཅེས་དབང་བཞི་བླངས་རྗེས། འཁོར་རྣམས་བླ་མ་ཡབ་ཡུམ་ལ་འདུས། བླ་མ་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་པ་ལ་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་ངོ་། །དེ་ལྟར་སྔོན་འགྲོའི་རིམ་པ་འདི་རྣམས་བསྙེན་པའི་སྔོན་དུ་ཕྱི་མཚམས་བཅད་དེ་ཁྲི་འབུམ་སོགས་ཅི་ནུས་སུ་འབད་པར་བྱ་སྟེ་དངོས་གཞིའི་ཡོན་ཏན་སྐྱེ་བ་སྔོན་འགྲོ་ལ་རགས་ལས་པའི་ཕྱིར་རོ། །གཉིས་པ་དངོས་གཞི་ལ་བཞི། ཕྱི་ནང་གསང་བ་ཡང་གསང་ངོ་། །དང་པོ་ཕྱི་རྩ་བའི་སྒྲུབ་ཐབས་བཞིན་བསྙེན་ཅིང་སྒྲུབ་པའི་ཚུལ་ནི། ཐོག་མར་དཀོན་མཆོག་མཆོད་པ་དང་

p. 468

གསུང་རབ་བཀླག་པ་སོགས་རྒྱབ་རིམ་གྱི་དགེ་བའི་དཔུང་ཅི་འགྲུབ་སྔོན་དུ་འགྲོ་བས། གནས་ཀྱི་ཁྱད་པར་དགྲ་རྐུན་ལ་སོགས་པའི་འཚེ་བ་མེད་ཅིང་སྣོད་དང་མི་ལྡན་པའི་སྐྱེ་བོ་འདུ་འཛི་རྣམ་གཡེང་སོགས་དང་བྲལ་བའི་གནས་དབེན་ཞིང་བཀྲ་ཤིས་ཉམས་དགའ་བག་ཕེབས་ཡིད་དང་མཐུན་པ་རང་དབང་དུ་གྱུར་བའི་སར། དུས་ཉི་མ་བྱང་བགྲོད་དང་འགྲིགས་ན་རབ་དང་དེ་མིན་ཟླ་བ་གང་ཡང་རུང་བའི་ཡར་ངོ་རྒྱས་པའི་ལས་ལ་ཤིས་པའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་དང་ལྡན་པའི་དུས་དགེ་བ་ལ། མཆོད་གཏོར་གྱི་རྒྱུ་དང་བཟའ་བཏུང་གི་ཡོ་བྱད་ལྡབ་འཕར་དུ་ལྡངས་པ་སོགས་མཐུན་རྐྱེན་དུ་འབྱོར་བའི་ཡོ་བྱད་ཀྱི་དངོས་པོ་ཅི་དགོས་པ་ཐམས་ཅད་ཚང་བར་བསགས། གྲོགས་བློ་མཐུན་ཞི་དུལ་ཀུན་སྤྱོད་དང་དམ་ཚིག་དག་པ་མཐུན་པའི་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་བརྟེན། བསམ་པ་བསྙེན་པ་མཐར་མ་ཕྱིན་གྱི་བར་སྟན་ཐོག་འདི་ཉིད་ལས་མི་འདའ་བའི་དམ་འཆའ་ཞིང་། ཟླ་གྲངས་འདི་ཙམ་ལ་འགྲོ་བ་བྱེད་ཅེས་ངང་ཐུང་བློས་བཅད་ཀྱི་འཁྲིགས་མེད་པར་བྱ། དགོས་དབང་གི་མི་དང་ཡོ་བྱད་སོགས་ཕྱིས་གཏོང་ལེན་དགོས་པ་རྣམས་ཐོག་མ་ནས་མཚམས་ཁོག་ཏུ་འཇུག་ཅིང་། དེ་ལྟར་མིན་པ་རྣམས་ནང་དུ་བཏང་ན་མཚམས་རལ་བའི་

p. 469

རྒྱུར་འགྲོ་བས་སྤང་བླང་དེ་དག་དང་ལྡན་པའི་སྒོ་ནས་མཚམས་ལ་འཇུག་པ་ནི་སྤྱིར་ཤེས་པར་བྱ་བ་ཡིན་ལ། འདི་ཉིད་བསྙེན་སྒྲུབ་ཆིག་དྲིལ་ཡིན་པས་ཐོག་མ་ཉིད་ནས་མདུན་རྟེན་དཀྱིལ་འཁོར་བཤམ་པར་བྱ་སྟེ། མདུན་དུ་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་བཀྲམ་པའི་སྤྱན་སྔར་སྟེགས་བུ་དར་རས་དམར་པོས་བཀབ་པའི་ཁར་ཚུལ་བཞིན་བསྒྲུབས་པའི་རས་བྲིས་ཀྱི་དཀྱིལ་འཁོར་འགོད་པའམ། མ་འབྱོར་ན་མཎྜལ་ལ་ལྷ་གནས་རྣམས་སུ་དྲི་བཟང་གི་ཐིག་ལེ་དང་རྩ་སྔགས་བརྗོད་པས་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ཕྱེད་པར་འགོད། དེའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་སྐྱོན་མེད་མགུལ་ཆིངས་ཁ་རྒྱན་ཅན་རྒྱུན་བབ་ཀྱི་ཆུ་གཙང་དྲི་བཟང་སོ་ལྔའི་རྫས་སྦྱར་གྱིས་བཀང་བ་བརྟན་པར་འགོད། མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་མདའ་དར། མཚམས་བཞིར་བླ་ཚེ་སྲོག་དབུགས་ཀྱི་རྟེན། ཚེ་གཏོར་རིན་ཆེན་གཏེར་སྤུངས་རྣམས་ཀྱི་བཅས་ཤོམ་ཆོ་གའི་ཁྲིགས་ཟིན་དུ་སྨོས་པ་ལྟར་ལ། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སྨན་རཀ་ཕྱི་ནང་གི་མཆོད་པ་སོགས་གཙང་ཞིང་བཀོད་ལེགས་པར་བཤམ། རང་

p. 470

ཉིད་མདུན་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་ཁ་ཕྱོགས་པའི་གདན་ནང་ཚངས་ཅན་འཇམ་ཞིང་བདེ་བའི་འོག་ཏུ་ས་དཀར་རམ་འབྲས་ཀྱིས་གཡུང་དྲུང་ཆོས་འཁོར་དུ་བྲི། གཡས་སམ་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་མེ་ཏོག་གི་སྣོད་དང་བཅས་པ་བཞག །གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་སྐབས་འདིར་དགོས་པའི་ཆས་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱ། དེ་ནས་ཉམས་ལེན་གྱི་ངོ་བོ་ནི་ཐུན་བཞིའི་རྣལ་འབྱོར་གྱིས་རིམ་པས་བསྒྲུབ་པ་ལ། ཉིན་དང་པོའི་སྔ་ཐུན་ནས་འགོ་འཛིན་པ་ལས། ཐོག་མར་བདེ་བསི་སྟན་ལ་འདུག་སྟེ། རྒྱུ་སྦྱོངས་སྐྱབས་སེམས་ཚོགས་བསགས་མཐར། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་ཧེ་རུ་ཀ་ཁྲོ་བོའི་ཆས་ཅན་གཡས་ཐོད་དབྱུག་དང་གཡོན་མེ་ཞགས་འཛིན་པའི་སྐུར་གསལ་བའི་ང་རྒྱལ་བརྟན་པོར་བཟུང་། གཞི་བདག་དང་བགེགས་ལ་གཏོར་མ་བསྔོས་པའི་མཐར་དྲག་སྔགས་བཟླས་པའི་ཡུངས་ཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་པ་སོགས་ནན་ཆེར་བྱས་ནས། སྒོ་དྲུང་དུ་ཐོ་བརྩིགས་པ་རྒྱལ་པོ་ཆེན་པོ་བཞིར་མོས་ལ། མཆོད་གཏོར་ཕུལ་ནས་བར་ཆད་བསྲུང་བའི་འཕྲིན་ལས་བཅོལ་ལ་བརྟན་བཞུགས་བྱ། དེ་ནས་རང་ཉིད་དབང་ཆེན་རྟ་མཆོག་ཏུ་གསལ་

p. 471

བའི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱུ་ཨཱ་ལི་ཀཱ་ལི་ལས་གྲུབ་པའི་ཐབས་ཤེས་ཉི་ཟླ་འོད་ཀྱི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་དང་བྲལ་བའི་འོག་ཐམས་ཅད་རྡོ་རྗེའི་ས་གཞིར་བརྡལ་བ། ལོགས་ཐམས་ཅད་རྡོ་རྗེ་གྱེན་ལངས་ཀྱི་རྭ་བས་ཟླུམ་པོར་བསྐོར་བའི་ཕྱི་རོལ་གྱི་སྐེད་པར་རྡོ་རྗེའི་ཕྲེང་བའི་དྲྭ་བས་བཅིངས་པ། སྟེང་ན་རྡོ་རྗེའི་གུར་ཟླུམ་པོར་ཕུབ་པའི་ཕྱི་ངོས་ལ་རྡོ་རྗེའི་ཕྲེང་བ་ལུ་གུ་རྒྱུད་ཟ་ར་ཚགས་སུ་འཕྱང་བ་རྩེ་མོར་རྡོ་རྗེའི་ཏོག་གིས་སྤྲས་པ། བར་མཚམས་ཐམས་ཅད་རྡོ་རྗེ་ཕྲ་མོས་གོ་སྐབས་མེད་པར་གཏམས་པ། དེའི་ནང་དུ་རྡོ་རྗེའི་བླ་བྲེ་གདུགས་ལྟར་ཕུབ་པ། དེའི་ཕྱི་རོལ་དུ་རལ་གྲི་མདའ་མདུང་ཕུར་བུ་སོགས་རྣོ་ངར་གཅོད་པའི་པའི་དབལ་དང་ལྡན་པའི་མཚོན་ཆ་ཐམས་ཅད་རྩེ་མོར་ཕྱིར་གཟིངས་པའི་མཐར་ཡེ་ཤེས་ཀྱི་མེ་ཁ་དོ་ག་རྣམལྔ་དུས་མཐའི་མེའི་ཕུང་པོ་ལྟར་འུར་འུར་ཆེམ་ཆེམ་དྲག་ཏུ་འབར་བའི་རྩེ་མོ་ནས་ཁྲོ་བོ་འཆོལ་བ་དང་མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཕྲོ་བས་བར་གཅོད་བདུད་དཔུང་ཐམས་ཅད་བཅད་བསྲེགས་ཐལ་བར་བྱེད་པས་ཕྱོགས་ཀུན་ཁྱབ་པར་རྩེ་གཅིག་ཏུ་བསམ་ལ། སྲུང་འཁོར་འདི་ནི་མཚམས་

p. 472

འགྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་ཐམས་ཅད་ཀྱི་འགོར་ཡང་གསལ་འདེབས་རེ་བྱ་སྟེ་བར་ཆད་མི་འཇུག་པའི་དགོས་པ་ཆེན་པོ་ཡོད་དོ། །དེ་ནས་བརྡ་སྒོ་དབྱེ་ཕྱག་ནས་བརྩམས་ཆོ་གའི་གཞུང་དཀྱུས་ལྟར་ལ། དངོས་གཞི་བདག་མདུན་དབྱེར་མེད་གཅིག་ཏུ་བྱ་བའི་ཟུང་འཇུག་པའི་དགོས་པ་ཆེན་པོ་ཡོད་དོ། །དེ་ནས་བརྡ་སྒོ་དབྱེ་ཕྱག་ནས་བརྩམས་ཆོ་གའི་གཞུང་དཀྱུས་ལྟར་ལ། དངོས་གཞི་བདག་མདུན་དབྱེར་མེད་གཅིག་ཏུ་བྱ་བའི་ཟུང་འཇུག་གི་རྣལ་འབྱོར་རམ། དེ་ཙམ་གཉིས་འཛིན་གྱིས་མ་འཆུན་ན་སྒྲུབ་རྫས་ཐ་དད་དུ་ལྷར་བསྐྱེད་སྒོམ་གྱེར་ཚིག་གཅིག་གིས་བྱ་བ་སྟེ། ཚིག་རྗེས་སུ་དོན་རྣམས་ཤིན་ཏུ་གསལ་བ་ཐ་མལ་གྱི་རྣམ་པར་རྟོག་པས་བར་མ་ཆོད་པ་རྫོགས་པར་བསྒོམ་ཞིང་བར་ཆོད་ན་དེ་ཉིད་ནས་སླར་ཡང་དྲན་འདུན་གྱིས་བཟུང་། བཟླས་པ་ལ་འཇུག་ཁར་རང་ཉིད་གཙོ་བོའི་སྐུ་མདོག་ཞལ་ཕྱག་ལ་སོགས་པ་རྣམ་པ་གསལ་བ་དང་། བཅོམ་ལྡན་པདྨ་ཚེ་དཔག་མེད་དངོས་ཡིན་སྙམ་པའི་ང་རྒྱལ་དྲག་པོ་རྒྱུན་ཅི་རིང་དུ་བསྒོམས་ནས་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །བཟླས་པའི་ཐོག་མར་བྱེ་རུའམ་ཙནྡན་དམར་པོ་བོ་དྡྷི་ཙེ་གང་ཡང་རུང་བའི་བགྲང་ཕྲེང་སྙིམ་པར་བཟུང་སྟེ་བསང་སྦྱངས། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་བཞིན་ཧྲཱིཿཡིག་ལས་སྐྱེས་པའི་ཚེ་དཔག་མེད་ཀྱི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ

p. 473

ཛཿཧཱུྃ་བྃ་ཧོཿ ས་གཉིས་མེད་དུ་གྱུར། ཡབ་ཡུམ་སཉོམས་པར་ཞུགས་པ་བདེ་བའི་རྐྱེན་གྱིས་འོད་དུ་ཞུ་བ་ལས་རིན་པོ་ཆེའི་ཕྲེང་བར་གྱུར་པར་བསམ་ལ། ཨོཾ་རུ་ཙི་ཏ་མ་ཎི་པྲ་ཝརྡྷ་ན་ཡེ་ཧཱུྃ། ཞེས་ལན་བདུན་ནམ་ཉེར་གཅིག་བཟླས་ནས་ཕུས་འདེབས་ཤིང་དབྱངས་གསལ་ལན་གསུམ་བརྗོད། དེ་ཡང་བཟླས་པ་བྱ་བའི་ཚེ་རང་ཉིད་གཙོ་བོའི་ང་རྒྱལ་དང་གསལ་སྣང་མ་བྲལ་བའི་འདུན་པ་རྩེ་གཅིག་པས་བཟླ་ཞིང་། དེ་ལ་ནན་ཏན་བྱས་པས་རིམ་བཞིན་གོམས་པ་ན་ཡེངས་མེད་ཤིན་ཏུ་བརྟན་པའི་ཏིང་འཛིན་གྱི་ངང་ནས་བཟླས་པ་ཚེགས་མེད་པར་འགྲོ་ཞིང་། ཐོག་མར་བག་ཡངས་པོས་གནད་དུ་མ་གཅུར་བར་བཟླས་ན་རྣམ་རྟོག་ཆུ་གཉེར་ལྟར་ཟད་མཐའ་མེད་པའི་ངང་ལ་བཟླས་པ་ཇི་ཙམ་སོང་མི་ཚོར་བར་དོན་མེད་ངལ་བའི་རྒྱུར་འགྲོ་བས་དྲན་འདུན་རྩེ་གཅིག་པའི་ངང་ནས་ཚིག་གཞན་གྱིས་བར་མ་ཆོད་པར་བཟླ། བཟླས་དམིགས་གཞུང་གསལ་ལྟར་བཟླས་པ་སོ་སོར་ཆ་བསྒོས་ཏེ་བཟླ་བ་ལས་གཙོ་བོར་རྩ་བསྙེན་ཁོ་ན་བཟླ་ཞིང་མཇུག་ཏུ་ལས་སྦྱོར་དང་ཧྲཱིཿབཟླས་ཉུང་ཙམ་རེ་བཟླ། ཐུན་བསྡུ་བ་ན་དབྱངས་གསལ་དང་ཡིག་བརྒྱའི་མཐར། ཨོཾ་ཨཱ་ཡུརྫྙཱ་ན་སིདྡྷི་ཀུ་རུ་སྭཱ་ཧཱ༔ ཞེས་བཏགས་པ་ལན་བདུན་ནམ་གསུམ་

p. 474

ཙམ་བཟླས་མཐར་སྟོང་ཚིག་གི་མཆོད་བསྟོད་ཕུལ། ཚེ་འགུགས་བསྐུལ་བརྒྱས་གདབ་བཅས་གྲུབ་ནས། མདུན་གྱི་དཀྱིལ་འཁོར་ལྷར་གསལ་བ་མི་བསྡུ་བར་བདག་ཉིད་ལྷར་གསལ་བ་འོད་གསལ་དུ་བསྡུས་ནས་ཅི་གནས་སུ་མཉམ་པར་བཞག །དེ་ལས་སླར་ཐུན་མཚམས་ཀྱི་ལྷར་ལངས་ཏེ་དགེ་བ་བསྔོ་ཞིང་ཤིས་བརྗོད་མདོར་བསྡུས་བྱ། བར་འདིར་དགེ་སྦྱོར་གཞན་བྱེད་དགོས་དང་བཟའ་བཏུང་སོགས་བྱ། དེ་ནས་དགོངས་ཐུན་ལ། སྐྱབས་སེམས་ཚོགས་བསགས་མཐར་མཆོད་བརླབ་ནས་བརྩམ་ཕྲེང་བ་བྱིན་རླབས་མི་དགོས་པ་ཙམ་ལས་གཞན་སྔར་དང་འདྲ་ཞིང་ཚེ་འགུགས་སྐབས་གཙོ་བའོི་ཚེ་བསྐུལ་ལྷུ་གཅིག་གི་རྗེས་སུ་འོག་གི །གཞན་ཡང་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་འདིར༔ སོགས་ལ་འཇུག་པས་འཐུས། སྲོད་ཐུན་ཀྱང་དེ་དང་འདྲ་བ་ལས་རྒྱས་གདབ་མཐར། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བྱེད། འདི་ནུབ་བསྙེན་པའི་ཞག་དང་པོ་ཡིན་པས་ཚོགས་མཆོད་བསྐུལ་ཆད་ཐོ་བརྟན་སྐྱོང་བྲོ་བརྡུང་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱས་ནས། སྙིང་གར་ཧྲཱིཿཡིག་མར་མེ་ལྟར་འབར་བ་གསལ་ལ་དྭངས་པ་ཞིག་ལ་འདུན་པ་རྩེ་གཅིག་ཏུ་གཏད་ནས་ཉལ་ལོ། །དེ་ནས་ཐོ་རངས་ལ་བབས་པ་

p. 475

ན་དབང་ཆེན་ཧེ་རུ་ཀའི་རྟ་སྐད་ཀྱིས་གཉིད་ལས་སད་པར་མོས་ལ་རང་ཉིད་ཚེ་དཔག་མེད་ཀྱི་སྐུར་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། སྐྱབས་སེམས་ཚོགས་བསགས་མཐར་སྔོན་གཏོར་བཞག་པའི་སྲུང་འཁོར་ནས་བརྩམ་སྟེ་རྗེས་བསྔོ་སྨོན་གྱི་བར་སྔར་གྱི་དགོངས་ཐུན་དང་འདྲ། དེ་ནས་སྔ་ཐུན། དགོངས་ཐུན། སྲོད་ཐུན་གསུམ་ལ་སྔོན་འགྲོ་སྐྱབས་སེམས་ཚོགས་བསགས་ཙམ་གྱིས་ཆོག །དངོས་གཞི་མཆོད་བརླབ་ལྷ་བསྐྱེད་ནས་བཞུགས་གསོལ་གྱི་བར་དཀྱུས་བཞིན་དང་། མཆོད་བསྟོད་སོགས་བཟླས་པ་འགྲོ་ཆེ་ཁྱད་བསྡུས་པ་ཙམ་བྱས་ཀྱང་མི་འགལ་ཞིང་ཕྲེང་བ་བྱིན་བརླབ་ཀྱང་མི་དགོས། སྲོད་ཐུན་གྱི་རྗེས་སུ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བྱེད། ཚོགས་མཆོད་འགྲུབ་ན་ལེགས་ཤིང་མ་གྲུབ་ཀྱང་ཆོག །རྗེས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ནས་ཉལ་བའི་རྣལ་འབྱོར་གྱི་བར་སྔར་ཁོ་ན་བཞིན་ནོ། །དེ་ལྟར་ཐུན་བཞིའི་ངེས་པར་ཁོ་ནའམ། ཁམས་ཀྱིས་མི་ལྕོག་ཅིང་བསྙེན་གྲངས་འགྲོ་ཆེ་བའི་ཁྱད་སོགས་ཀྱིས་ཐོར་ཐུན་དང་སྲོད་ཐུན་སྔ་དགོངས་ཀྱི་ཐུན་ལ་བསྡོམ་སྟེ་ཐུན་གཉིས་མར་བྱས་ཀྱང་མི་འགལ་ཞིང་། གང་ལྟར་ཡང་སྟན་གྱི་དྲོད་མ་ཡལ་བ་དང་།

p. 476

ཐུན་སྒང་དུ་མི་ཚིག་གིས་བར་མ་ཆོད་པར་བཟླ། བཟླས་པའི་གྲངས་ཚད་གཞུང་གསལ་ལྟར་ལ་འབུམ་རྗེས་སུ་ཁྲི་དང་ཁྲི་རྗེས་སུ་སྟོང་གིས་ཁ་བསྐང་ན་རྗེས་སུ་སྦྱིན་སྲེག་མ་གྲུབ་ཀྱང་ཆད་སྐྱོན་མེད་པ་བཅས་གྲངས་བསྙེན་གྱི་དབང་དུ་བྱས་པ་ཡིན་ཅིང་། དུས་བསྙེན་ནི་ཟླ་བ་དྲུག་གམ་ལོ་གཅིག །མཚན་མའི་བསྙེན་པ་ལ་རྟགས་མཐོང་གི་བར་ལས་གྲངས་ངེས་མེད་དོ། །ཐུན་མཚམས་སུ་བཟླས་པ་བགྱིས་པ་རྣམས་ནི་རྩ་བའི་གྲངས་ཚད་ལ་མི་བརྩི་ཞིང་། འོན་ཀྱང་ངག་ནུས་བསྐྱེད་པ་སོགས་ཀྱི་དགོངས་པ་ཡོད་པས་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་སྐབས་དེ་དག་ཏུ་ཡང་བཟླས་པ་བྱའོ། །བཟླས་པའི་སྐབས་འདིར་དམིགས་པའི་ཁྱད་པར་རང་ཉིད་གཙོ་བོའི་ཐུགས་དབུས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གདན་ཐབས་སུ་འཁོད་པའི་ལྟེ་བའི་སྟེང་དུ་འོག་ཉི་མ་དང་སྟེང་ཟླ་བ་བྱས་པའི་གའུ་ཁ་སྦྱོར་ཅུང་ཟད་ཁ་བྱེ་བ། དེའི་དབུས་སུ་རང་སེམས་སྲོག་གི་ངོ་བོ་ཧྲཱིཿཡིག་དམར་གསལ་བ་ཚག་ངོས་རྒྱབ་རྒལ་ཚིགས་ངོས་ན་བསྟན་པ་གཡོ་འགུལ་མེད་པར་ཁྲོང་ངེར་གནས་པ། དེའི་ཧ་ཁོག་ཏུ་བླ་མི་འགྱུར་བའི་ངོ་བོ་ནྲྀ་ལྗང་ཀུ། ནྲྀ་མིག་ཨ་ལོང་ལྟ་བུའི་ནང་དུ་སྲོག་མི་འགྱུར་བའི་ངོ་བོ་ཨ་དཀར་གསལ། ཧྲཱིཿཡིག་གི་མདུན་དུ་ཨོཾ་ནས་བརྩམས་ཏེ་

p. 477

བཟླ་བྱའི་སྔགས་ཕྲེང་དམར་གསལ་གྱེན་ལངས་ཡིག་ངོ་ཕྱིར་བསྟན་གཡོན་ནས་གཡོན་དུ་བཀོད་པ། འདི་ཉིད་ཐོག་མར་སྔགས་ཕྲེང་མི་གཡོ་བར་གནས་པ་ཁོ་ན་ལ་སེམས་གཏད་ཅིང་། གསལ་སྣང་ཐོན་དཀའ་བའམ་བོགས་འབྱིན་པའི་སླད་དུ་ཇི་ཞིག་ནས་ཨོཾ་གྱིས་སྣ་དྲངས་ཏེ་མགལ་མེའི་འཁོར་ལོ་བཞིན་གཡས་སུ་གྱི་ལི་ལི་འཁོར་བར་བསམ་པའང་རུང་། གང་ལྟར་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པའི་འཕྲོས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ། དེ་དག་ན་གནས་པའི་ལྷ་སྲིན་སྡེ་བརྒྱད་མ་རུངས་པ་རྣམས་ཀྱིས། རང་གི་བླ་ཚེ་ཁྱེར་བ་དང་། བརྐུས་པ་དང་། གཞབས་པ་དང་། བན་བོན་མཐུ་བོ་ཆེ་རྣམས་ཀྱིས་རྫས་སྔགས་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་བརྟེན་ནས་ཚེ་སྲོག་འཕྲོག་པ་ལ་སོགས་པ་རྣམས་འོད་ཟེར་དེས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་བསྡུས། ཡང་འོད་ཟེར་འབྱུང་བ་ལྔའི་ཁམས་ཐམས་ཅད་ལ་ཕོག །འོག་གཞི་གསེར་གྱི་ས་གཞི། རིའི་རྒྱལ་པོ་རི་རབ། གསེར་གྱི་རི་བདུན། གླིང་བཞི་གླིང་ཕྲན་བརྒྱད། ཁོར་ཡུག་ལྕགས་ཀྱི་རི་བོའི་བར་ན་གནས་པའི་འབྱུང་བ་སའི་བཅུད་སྲ་ཞིང་འཐས་པ་ཐམས་

p. 478

ཅད་གསེར་ཞུན་མ་ལྟ་བུའི་རྣམ་པ་དང་། འོག་གཞི་ཆུའི་དཀྱིལ་འཁོར་ཆེན་པོ་དང་། ཕྱིའི་རྒྱ་མཚོ། ནང་གི་རོལ་མཚོ། གངྒཱ་ལ་སོགས་པ་ཆུ་བོ་ཆེན་པོ་བཞི་དང་། མདོར་ན་མཚོ་དང་རྫིང་བུ་ལྟེང་ཀ་ཆུ་མིག་ཆུ་ཀླུང་ཆུ་བྲན་སོགས་འབྱུང་བ་ཆུའི་བཅུད་བརླན་ཞིང་གཤེར་བ་ཐམས་ཅད་ཟླ་བ་ཆུ་ཤེལ་གྱི་ཕུང་པོ་ལྟ་བུའི་རྣམ་པ་དང་། འོག་གཞི་མེའི་དཀྱིལ་འཁོར་དང་། རྟ་གདོང་གི་མེ་དང་། སྲེག་ཟའི་མེ་དང་། ཁྱིམ་གྱི་མེ་དང་། བརྡབས་པ་དང་། གཙུབས་པ་ལས་བྱུང་བའི་མེ་དང་། ཉི་ཟླ་ནོར་བུའི་འོད་ལ་སོགས་པ་འབྱུང་བ་མེའི་བཅུད་འབར་ཞིང་བསྲེག་པ་ཐམས་ཅད་པདྨ་རཱ་གའི་ཁ་དོག་ལྟ་བུའི་རྣམ་པ་དང་། འོག་གཞི་རླུང་གི་དཀྱིལ་འཁོར་དང་། ལྡེམ་འདེགས་འཐོར་སྐྱོད་ལ་སོགས་པ་ལས་བྱེད་ཀྱི་རླུང་དང་། སྐྱེས་བུའི་ལུས་ལ་གནས་པའི་ལས་དང་ཡེ་ཤེས་ཀྱི་རླུང་སོགས་འབྱུང་བ་རླུང་གི་བཅུད་ཡང་ཞིང་གཡོ་བ་ཐམས་ཅད་ཨིནྡྲ་ནཱི་ལའི་ཁུ་བ་ལྟ་བུའི་རྣམ་པ་དང་། ཀུན་གྱི་གོ་འབྱེད་འབྱུང་བ་ནམ་མཁའི་ཁམས་ཀྱི་བཅུད་དང་ནུས་པ་ཐམས་ཅད་བདུད་རྩི་འོད་ཟེར་བཻཌཱུརྱའི་ཐིག་པ་ལྟ་བུའི་རྣམ་པར་བསྡུས། ཡང་འོད་ཟེར་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག །རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་གི་ཚེ་དང་

p. 479

བསོད་ནམས་ལས་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་དང་། ཁྱད་པར་དུ་ལྷ་དང་དྲང་སྲོང་ཚེའི་རིག་འཛིན་གྲུབ་པ་རྣམས་ཀྱི་ཚེ། འཇིག་རྟེན་གྱི་གཙོ་བོ་གསུམ་དང་ལྷའི་དབང་པོ་ལ་སོགས་པ་རྣམས་ཀྱི་བསོད་ནམས་མཐུ་དཔལ། མཁྱེན་ལྡན་གྱི་པཎྜི་ཏ། ནུས་ལྡན་གྱི་རིག་འཛིན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་ཕྲན་ལ་སོགས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པ་མཐུ་སྟོབས་གཟི་བརྗིད་ཚེ་དཔལ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་འོད་ཟེར་ཨ་ནྲྀ་ཧཱུྃ་གི་རྣམ་པ་དང་། བྱེ་བྲག་ཏུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སོགས་རྒྱལ་བ་སྲས་དང་བཅས་པའི་དབང་བྱིན་དངོས་གྲུབ་ཀྱི་དྭངས་བཅུད་ཐམས་ཅད་ལྔ་ལྡན་འོད་ཟེར་ཨོཾ་ཨཱཿཧཱུྃ་གི་རྣམ་པར་འུབ་ཀྱི་བསྡུས་ནས་རང་ལུས་ཐུགས་སྲོག་དང་བཅས་པ་ལ་ཐིམ་པར་བསམ་པ་དང་། ཡང་སྐབས་སུ་ཁྱད་པར་གྱི་དམིགས་པ་གུད་དུ་སྦས་པ་ནི། རང་ཉིད་གཙོ་བོའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ལྔ་ལྡན་འོད་ཟེར་སྔགས་ཀྱི་ཡིག་འབྲུ་དང་བཅས་པ་བར་མ་ཆད་པར་གྱེན་དུ་འཕྲོས། ལྕགས་ཀྱི་པདྨོར་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་གསང་བ་ཡི་གེ་ཨཱཿདམར་གསལ་དེ་ལ་གཡས་བསྐོར་དུ་ལན་གཅིག་བསྐོར། ཞལ་ནས་ཐོན་པ་ན་

p. 480

སྔགས་ཕྲེང་འོད་ཟེར་ཆེར་མཆེད་དེ་སྟོང་ཁམས་ཐམས་ཅད་ལ་ཁྱབ། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་དམིགས་གནས་སྔ་མ་ལྟ་བུས་འུབ་ཀྱིས་བསྡུས་ཏེ་སྔགས་ཕྲེང་ཡིག་འབྲུ་དང་བཅས་པ་ཡུམ་གྱི་ཞལ་ནས་མར་བཞུགས། སྐུའི་དབྱིབས་བརྒྱུད། གསང་བའི་པདྨོར་བདུད་རྩི་སྦྲང་རྩི་ལྟར་དྭངས་པའི་རྣམ་པར་བསྐྱིལ། མཐར་ཡུམ་གྱི་པདྨོར་ཚེ་བཅུད་དངོས་གྲུབ་ཐམས་ཅད་བདུད་རྩི་དྭངས་མ་ཆེན་པོར་བསྐྱིལ་བ་རྣམས། །རང་ཉིད་གཙོ་མཆོག་གི་གསང་བའི་རྡོ་རྗེ་རྩེ་ལྔ་པ་ཁོང་གསེང་ཅན་དུ་མོས་པས་འོག་རླུང་ཅུང་ཟད་འཐེན་པའི་སྦྱོར་བ་དང་བཅས་ཏེ་ཚེ་བཅུད་དེ་རྣམས་ནུ་རུ་རུ་རྡོ་རྗེའི་ལམ་ནས་གྱེན་དུ་དྲངས། སྐུའི་ལྟེ་བའི་དབྱིབས་བརྒྱུད་ཐུགས་ཀའི་ཉི་ཟླའི་གའུ་ཅུང་ཟད་ཁ་བྱེ་བའི་བར་ནས་སྔགས་ཕྲེང་སྲོག་ཡིག་ལ་ཐིམ་པས་རྗེ་ཆེར་རྒྱས་ཤིང་འོད་ཟེར་བདུད་རྩིའི་དྭངས་མས་ལུས་ཐམས་ཅད་ཁྱབ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེའི་སྐུར་གྲུབ་པར་བསམ་ལ་བཟླ་ཞིང་། མཇུག་ཏུ་སྒྲུབ་རྫས་ལྷར་གསལ་བ་ལའང་ཐིམ་པའི་དམིགས་པ་ཁ་བསྒྱུར་ཡང་ཅི་རིགས་བྱ་བ་ཡིན་ནོ། །དེ་ལྟར་གྲངས་དུས་མཚན་མའི་བསྙེན་པ་གསུམ་པོ་གང་བྱེད་ཀྱང་རུང་སྟེ་ནང་པར་གྲོལ་རྒྱུའི་དེ་རིང་གི་སྔ་ཐུན་

p. 481

ནས་བཟུང་སླར་ཡང་མཆོད་གཏོར་གསར་པ་མང་དུ་བཤམ་ཞིང་རྙིང་པ་རྣམས་ཀྱང་ཁ་གསོ། ཐུན་བཞིའི་བབས་སྤྱི་སྔར་དང་འདྲ་བ་ལས་ཁྱད་པར་མདུན་གྱི་སྒྲུབ་རྫས་རྣམས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་ལྷག་པར་གསལ་བས། དམིགས་པའི་འཕྲོ་འདུ་སྔར་བཞིན་ལ་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་མདུན་གྱི་སྒྲུབ་རྫས་ལ་སིབ་སིབ་ཐིམ་པར་བསམ་ཞིང་། སྙིང་པོའི་ཤམ་དུ། ཀཱ་ལ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བཟླ། དེ་ནས་ཕྱིར་ནང་གྲོལ་རྒྱུའི་ཐོར་ཐུན་གྱི་དུས་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམ། ལས་བྱང་རྒྱས་པར་གཏོང་ཞིང་ཆོས་སྐྱོང་སྤྱི་དགོས་ཀྱི་གཏོར་འབུལ་བསྐང་བཤགས་ཚོགས་མཆོད་ཆད་ཐོ་བརྟན་སྐྱོང་རྟ་བྲོ་རྣམས་སོང་རྗེས། མདུན་རྟེན་ལྷར་གསལ་བ་སླར་ཡང་མཆོད་ཅིང་བསྟོད། འཁོན་གཅུག་སྦྱར་ཕྱིར་ཡིག་བརྒྱ་མང་དུ་བཟླས་མཐར་ཕྱིན་དབབ། དངོས་གྲུབ་བསྡུ་བའི་ཛཔྲ་གང་འགྲུབ་བཟླ། དེ་ནས་ཉི་ཤར་གྱི་དུས་དང་སྤྲད་དེ། ཨོཾ་ཨཱཿཧཱུྃ་ཧྲཱིཿ བདེ་མཆོག་ཀློང་ཡངས་སོགས་ཀྱི་དངོས་གྲུབ་བསྐུལ་རྗེས། མདུན་བསྐྱེད་ཀྱི་ལྷའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས།

p. 482

རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། མཐར་ལྷ་ཚོགས་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་མོས་ལ། བུམ་པ་སོགས་གནས་གསུམ་དུ་གཏུགས་ཤིང་བུམ་ཆུ་དང་ཐབས་ཤེས་ཀྱི་རྫས་སོགས་ལྕེ་ཐོག་ཏུ་མྱང་བས། ཟག་མེད་ཀྱི་བདུད་རྩི་ཆེས་ཆེར་འཕེལ་ཏེ་ལུས་ཀྱི་རྩ་ཁམས་ཐམས་ཅད་གང་བའི་བདེ་བ་ཆེན་པོ་ལ་མཉམ་པར་བཞག །མཇུག་ཆོག་ཤིས་བརྗོད་དང་བཅས་པ་གཞུང་བཞིན་ནོ། །འདིར་ཁ་སྐོང་སྦྱིན་སྲེག་བྱ་བ་ནི ། ཆོ་ག་རྒྱས་པ་ལོགས་སུ་འབྱུང་བ་ལ་ལྷ་སྔགས་ཁ་བསྒྱུར་ཏེ་བྱ་བའམ། མི་ལྕོགས་ན་མདོར་བསྡུས་སུ། ཐབ་དཀྱིལ། ཡམ་ཤིང་། མར་ཁུ། བསྲེག་རྫས་རྣམས་ཅི་འབྱོར་པ་དང་། ཁྱད་པར་ཏིལ་དཀར་པོ་མང་དུ་བསགས། རྫས་རྣམས་ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། མེ་སྤར་ལ་ཐབ་བསང་སྦྱང་། མི་དམིགས་སྟོང་པའི་ངང་ལས་རང་ཉིད་ཀྱི། །མདུན་དུ་ཞི་བའི་ཐབ་ཁུང་མཚན་ཉིད་ཀུན། །ཡོངས་རྫོགས་འོད་ཟེར་དཀར་པོ་འཕྲོ་བའི་དབུས། །པད་ཉི་ཟླ་སྟེང་ཧྲཱིཿལས་བཅོམ་ལྡན་འདས། །ཚེ་དཔག་མེད་མགོན་དཀར་གསལ་ལོངས་སྤྱོད་རྫོགས། སྐྱིལ་ཀྲུང་མཉམ་གཞག་འཆི་མེད་ཚེ་བུམ་འཛིན།

p. 483

མནྡྷ་ར་བ་མདའ་དར་བུམ་འཛིན་འཁྱུད། །རང་རྩལ་འཁོར་ཚོགས་རྒྱ་མཚོ་སྤྲིན་ལྟར་གཏིབས། །གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ནས་ཤཔྡའི་བར་གྱིས་མཆོད། ཆོས་དབྱིངས་འོད་གསལ་འདུས་མ་བྱས་པའི་གཤིས༔ རིག་པ་རང་སྣང་ཆེན་པོར་བཞེངས་པའི་ལྷ༔ སྐྱེ་འགག་འགྱུར་མེད་འགྲོ་བའི་དོན་མཛད་པ༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ལྷ་ཚོགས་དགྱེས་པའི་ལྗགས་དང་གཟར་བུའི་ཁ། །ཧྲཱིཿཡིག་འོད་ཟེར་འབར་བས་མཚན་པ་ཡིས། །བསྲེག་བླུགས་བདུད་རྩེའི་རྒྱུན་དྲངས་གསོལ་བ་ཡིས། །དགྱེས་ཚིམས་དངོས་གྲུབ་མ་ལུས་སྩལ་བར་གྱུར། །ཅེས་མོས་ལ། རྩ་སྔགས་ཁོ་ནས་མར་ཁུ་སོགས་རྫས་རྣམས་འབུལ་ཞིང་། གྲངས་བརྒྱ་རྩ་རེའི་མཐར་སྤེལ་ཚིག་ནི། ཏིང་ངེ་འཛིན་མི་གསལ་བ་དང་སྔགས་ཀྱི་ཆད་ལྷག་གི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་སྦྱར། མཐར་གཏང་རག་གི་མཆོད་བསྟོད་དང་ཡིག་བརྒྱས་ནོངས་པ་བཤགས་པ། ཡེ་ཤེས་ལྷ་ཉིད་སྒྲུབ་པའི་རྟེན་ལ་ཐིམ། །དམ་ཚིག་འོད་ཞུ་ཐུགས་སྲོག་དྭངས་མར་བསྡུ། །ཞེས་

p. 484

བསྡུས་ཏེ་བསྔོ་སྨོན་ཤིས་བརྗོད་བྱ། དེའི་འགྲོས་ཀྱིས་བཟླས་པའི་བཅུ་ཆའི་གྲངས་ལོངས་ངེས་མཚམས་ཁོངས་དེ་ཉིད་དུ་བསྒྲུབ་པར་བྱའོ། །ཞར་ལ་ཚེ་སྤེལ་བའི་སྲེག་བླུགས་སྟབས་བདེར་བྱ་བར་འདོད་ནའང་ཆིངས་གཞན་གོང་བཞིན་ལ་དམིགས་བསལ་གྱི་བསྲེག་རྫས་དཱུརྦ་མང་དུ་བསགས། ངག་འདོན་རྒྱས་པའི་ཐབ་ཁུང་དང་། འོད་ཟེར་སེར་པོ། ཚེ་དཔག་མེད་མགོན་སེར་གསལ་ཅེས་སུ་བསྒྱུར། རྫས་འབུལ་སྐབས་སྤེལ་ཚིག་ཏུ། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར་བ་ཙམ་ཁྱད་པར་རོ། །དེ་ལྟར་བསྙེན་སྒྲུབ་མཐར་ཕྱིན་ནས་མཚམས་འགྲོལ་བའི་ཚེ། ཆོས་སྐྱོང་གཞི་བདག་སོགས་ལ་གཏང་རག་གི་མཆོད་གཏོར་དང་། ཁྱད་པར་མཚམས་ཐོའི་ཡེ་ཤེས་པ་མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ་བར་བྱའོ། །སྤྱིར་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བ་ནི། ཤེས་པ་བྱིང་ནས་གཉིད་བྲོ་བ་སོགས་བྱུང་ན་རིག་པ་ངར་བསྐྱེད་དེ་སྔགས་སྒྲ་དང་བཅས་པས་བཟླ། ཤེས་པ་རྒོད་ནས་དམིགས་པ་མི་གསལ་ན་ཏིང་འཛིན་སེམས་དཔའ་ཁོ་ན་ལ་རྩེ་གཅིག་ཏུ་སེམས་བཟུང་ནས་ཤུབ་བུར་བཟླ། སུན་ཉམས་བྱུང་ན་སྔོན་བྱོན་གོང་མ་རྣམས་ཀྱི་བཟོད་སྲན་དཀའ་སྤྱད་ཀྱི་

p. 485

ཚུལ་ལ་གཞིགས་ཏེ་ཧུར་བསྐྱེད། རྩ་ཁམས་དྭངས་པ་དང་ལྕེ་བདེ་བའི་དུས་སྔགས་འགྲོ་ཆེ་ན་མྱུར་ཏུ་འགྲོ་བར་འདུག་སྙམ་པའི་བྲོད་ཁ་མི་བྱ། དེ་ལས་ལྡོག་ནས་གུ་ལྡོག་ཉམས་བྱུང་ན་སྙིང་རུས་ཆེར་བསྐྱེད་ཅིང་ངལ་བ་མི་བྱ། སྐབས་རེ་ཤེས་པ་ཉོག་ཅིང་ལྕེ་མི་བདེ་ན་ཇ་དཀར་གྱི་བཏུང་བ་སོགས་བརྟེན། གཡེང་ཞིང་འཕྱོ་ན་རུས་ཐང་དང་བུ་རམ་མུར་བས་ཕན། ཐུན་སྒང་དུ་ཁའི་ཕྱེད་ལག་གིས་བཀག་པའི་གཏམ་བྱ་བ་སྐད་དང་། གཞན་ལ་བྱིན་རླབས་དང་བསྲུང་མདུད་སྟེར་བ་སོགས་མི་བྱ། ཐུན་མཚམས་མ་གཏོགས་པར་བཟའ་བཏུང་དང་འགྲོ་འཆག་མང་པོ་མི་བྱེད། ནང་གི་ཡོ་བྱད་ཀྱི་རིགས་ཀྱང་ཕྱིར་མི་གཏོང་དངོས་གྲུབ་ཡལ་བའི་རྒྱུར་འགྲོ། མཚམས་ཁོངས་སུ་མ་བཅུག་པའི་མི་དང་ཡོ་བྱད་ནང་དུ་མི་འཇུག་མོད། བཅུག་པ་ཡང་སང་ཙམ་ཡོང་རྒྱུའི་དེ་རིང་ལྟ་བུར་ཤེས་པ་གཡེང་ཞིང་ཉོག་པ་སེམས་མི་བདེ་ཞིང་གཉིད་ཡར་བ་སོགས་བྱུང་ནས་སང་ཉིན་མི་དང་ཡོ་བྱད་སོགས་བྱུང་ན་དེའི་འགྲུལ་སྣ་ཡིན་པས་བསྲུང་འཁོར་བསྒོམ། སྔོན་ལ་མ་བྱུང་བར་རྟིང་ལ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་མང་དུ་བཟླ། རྫས་དེ་དག་ཀྱང་འགྲུབ་ཏུ་རུང་ན་ཞག་མ་འདས་པར་ལོངས་མི་སྤྱད།

p. 486

ཅིར་ཡང་མཚམས་ཀྱི་འགོ་ལ་ལྷོད་པ། བར་དུ་དམ་པ། རྗེས་སུ་ལྷོད་པ་བྱེད། གང་གི་ཚེ་ཡང་དུས་གསུམ་གྱི་རྣམ་རྟོག་ཆེ་ཕྲ་ཆུ་གཉེར་ལྟར་ཤར་ན་ཐོལ་སྐྱེས་དེ་ག་དྲན་པས་ཚིར་བཟུང་། ཡེངས་མེད་ཀྱི་ངང་ནས་ལྷ་དང་སྔགས་ཀྱི་སྒྲ་ལ་སེམས་གཏད། བདེ་སྡུག་དང་མཐོ་དམན་སྣ་ཚོགས་བྱུང་ན་འཛིན་ཆགས་མེད་པར་ལྷོད་ཀྱིས་གློད། མཚམས་ལ་ཐོག་མར་ཞུགས་པ་ནས་མ་གྲོལ་གྱི་བར་སྐྲ་སེན་མི་འདྲེག །ཁ་ལག་མི་བཀྲུ། སྟན་མི་སྤྲུག །གདན་གྱི་དྲོད་མ་ཡལ་བར་བྱེད། མཚམས་གྲོལ་ནས་ཀྱང་ཐོག་མར་དམ་ཚིག་གཙང་བའི་མི་རེ་གཉིས་དང་འཕྲད། དེ་ནས་རིམ་བཞིན་ཡངས་པར་བྱ་སྟེ་གྲིབ་དང་བགས་ཀྱིས་འདྲིས་སུ་འཇུག་པ་གལ་ཆེའོ། །གཉིས་པ་ནང་སྒྲུབ་ནི། འདི་ཉིད་སྤྲོད་མེད་རྒྱུན་གྱི་རྣལ་འབྱོར་རྫོགས་རིམ་དང་འབྲེལ་བའི་ཕྱིར་སྒྲུབ་རྟེན་དཀྱིལ་འཁོར་སོགས་ཀྱི་སྤྲོས་པ་མི་དགོས་ཤིང་། ཇི་ལྟར་ཉམས་སུ་ལེན་པིའ་ཚུལ་ནི་རྗེ་གཏེར་ཆེན་བླ་མ་ཉིད་ཀྱི་གསུང་འཆི་མེད་བཅུད་ཐིག་ལྟར་ལ། བཟླས་པའམ་ཧྲཱིཿབཟླས་ཁོ་ན་གཙོ་བོར་འདོན། འདི་སྐབས་དམིགས་གནད་ཞལ་ཤེས་ཐུན་མོང་མ་ཡིན་པ་ནི། རང་གི་ཐུགས་ཀའི་ཧྲཱིཿལས་ཧྲཱིཿཡིག་དམར་གསལ་གྲངས་མེད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་

p. 487

འཕྲོས་པས་སྟོང་ཁམས་ཐམས་ཅད་མེར་གྱིས་གང་། དེ་རྣམས་ཀྱིས་ཧྲཱིཿའི་རང་སྒྲ་བུང་བ་ཚང་ཞིག་པ་ལྟར་སྒྲོགས་ཤིང་ལྔ་ལྡན་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས། ཕྱི་སྣོད་འབྱུང་བ་ལྔའི་དྭངས་བཅུད་ཐམས་ཅད་འོད་ལྔའི་རྣམ་པ་དང་། ནང་བཅུད་སྲིད་གསུམ་སྐྱེ་འགྲོའི་ཚེ་བསོད་དཔལ་ཡོན་ཐམས་ཅད་ཨ་ནྲྀ་ཧཱུཾ་གི་རྣམ་པ་དང་། གསང་བ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་དབང་བྱིན་སྐུ་ཚེའི་དངོས་གྲུབ་ཐམས་ཅད་ཨོཾ་ཨཱཿཧཱུྃ་སྭཱ་ཧཱའི་རྣམ་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་བསྡུས་ཏེ་ཧྲཱིཿཡིག་རྣམས་ལ་ཐིམ་པས་ཧྲཱིཿརྣམས་ཉི་མ་བྱེ་བ་ཁྲག་ཁྲིག་གི་གཟི་མདངས་འོད་དུ་འབར། དེ་ནས་ཧྲཱིཿ ཡིག་རྣམས་མཚོ་ལ་སྦྲང་ཆར་བབས་པ་ལྟར་རང་ལུས་ལ་སིབ་སིབ་ཐིམ་པས་རང་གི་བླ་ཚེ་སྲོག་དབུགས་ཉམས་པ་རྣམས་སོར་ཆུད། གནས་པ་གོང་དུ་འཕེལ། ལོ་བཅུ་དྲུག་གི་ན་ཚོད་དུ་གྱུར། འཆི་བ་མེད་པའི་ཚེ། རྒས་པ་མེད་པའི་ལང་ཚོ། རྒུད་བ་མེད་པའི་སྟོབས། འགྲིབ་པ་མེད་པའི་བསོད་ནམས། རྟག་བརྟན་གཞོམ་གཞིག་དང་བྲལ་བ་ལ་མངའ་བརྙེས། དྭངས་

p. 488

མ་སྙིང་གའི་ཉི་ཟླའི་གྭའུ་ཅུང་ཟད་ཁ་ཕྱེ་བའི་བར་མཚམས་ནས་ཞུགས་ཏེ་ཚེ་རྟེན་ལ་འུབ་ཀྱིས་འདྲིལ་བས་རྡོ་རྗེའི་ཚེ་ཡི་སྲོག་ཕུར་ཐེབས། ཉི་ཟླའི་གྭའུ་ཁ་འགྲིགས། སྣ་ཚོགས་རྡོ་རྗེའི་རྭ་རྣམས་སྟེང་དུ་མདུད་པའི་ཕྱི་ནས་འོད་ལྔའི་དྭངས་མས་ཞུ་ལུགས་སུ་བཀླུབས་པའི་སྟེང་དུ་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་རྭ་གདེངས་མེའི་ཚྭ་ཚྭ་འཕྲོ་བ་ཚོན་གང་བས་རྒྱས་བཏབ་པས་ཅིས་ཀྱང་མི་ཤིགས་པར་བསམ་ལ་བརྗོད་བྲལ་ཀ་དག་ཆེན་པོར་ལ་བཟླའོ། །འདི་ལ་གྲངས་ཚད་དམིགས་སུ་མ་གསུངས་ཤིང་གཙོ་བོར་མཚན་མའི་རྟགས་དང་སྦྱར་བ་ཁོ་ནའོ། །གསུམ་པ་གསང་སྒྲུབ་ནི་སྦས་སྒོམ་གྱི་མན་་ངག་སྟེ། རྗེ་གཏེར་ཆེན་བླ་མའི་གསུང་སྦས་སྒོམ་རྒྱུན་ཁྱེར་ཁོལ་དུ་ཕྱུངས་པ་ལྟར་ཉམས་སུ་བླང་བར་བྱའོ། །བཞི་པ་ཡང་གསང་གི་ཚེ་སྒྲུབ་ནི། འདོད་ཆགས་ལ་བརྟེན་ནས་འཆི་མེད་རྡོ་རྗེའི་སྲོག་བསྒྲུབ་པའི་མན་ངག་ཚེ་སྒྲུབ་ཀུན་གྱི་རྒྱལ་པོ་སྟེ། འདི་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ཐོག་མར་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་མཚན་ཉིད་དང་ལྡན་པའམ། དེ་ཙམ་མ་འབྱོར་ཡང་ལོ་བཅུ་དྲུག་ནས་ཉེར་ལྔ་མན་ཆད་ཀྱི་བུ་མོ་ལང་ཚོ་རྒྱས་ཤིང་ལྟ་ན་སྡུག་པ། གསང་ཐུབ་ཅིང་གསང་སྔགས་ཀྱི་ཆོས་

p. 489

ལ་དད་མོས་ཆེ་བ། མྱ་ངན་སོགས་ཀྱིས་སྨ་མ་ཕབ་པའི་མཚན་བཟང་གྲོགས་སུ་བཙལ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོས་རྒྱུད་དག་པར་བྱ། གནས་ཡིད་དང་མཐུན་ཞིང་ཕྱི་ནང་གི་ཡོ་བྱད་འཛོམ་པ་གློ་བུར་ཡེ་འདྲོག་གི་འཚེ་བ་མེད་པར་ཕྱི་ནང་གི་མཚམས་དམ་དུ་བཅད། ཕྱོགས་སྐྱོང་དང་གཞི་བདག་ལ་གཏོར་མ་བྱིན་ནས་ཡ་ཀ་མི་སྒྲོག་ཅིང་བར་གཅོད་མི་འབྱུང་བའི་འཕྲིན་ལས་བཅོལ། བར་གཅོད་ལོག་འདྲེན་གནོད་བྱེད་ལ་གཏོར་མ་བསྔོས་ཏེ་བཀའ་བསྒོ། རོ་ཙ་ན་བརྟེན་པ་སོགས་ལུས་ཟུངས་གསོ་བའི་ཐབས་ལ་འབད། དེ་ནས་བདེ་བའི་སྟན་ལ་འདུག་སྟེ་རྩ་བའི་བླ་མ་ཚེ་དཔག་མེད་ཀྱི་ངོ་བོར་བཞུགས་པ་ལ་འདོད་ཆགས་བདེ་སྟོང་འཆི་མེད་ཀྱི་ལམ་དུ་ལོངས་པའི་གསོལ་བ་གདབ་ཅིང་། ཐབས་འདི་ལ་བརྟེན་ནས་རང་གནས་བདེ་ཆེན་ཡེ་ཤེས་ཀྱི་སྲོག་བསྒྲུབ་པར་བགྱིའོ་སྙམ་པའི་ངང་ནས། སྐད་ཅིག་གིས་རང་ཉིད་ཐབས་ཀྱི་སྐུ་རིག་འཛིན་པདྨ་འབྱུང་གནས་སྐུ་མདོག་དཀར་གསལ་མདངས་དང་ལྡན་པ། གསང་བའི་རྡོ་རྗེ་མཁྲང་ཞིང་འོད་དུ་འབར་བ། རིན་པོ་ཆེ་དང་རུས་པའི་རྒྱན་ཅན་ཡིད་དུ་འོང་བ་སྟོང་གསལ་གྱི་སྐུ་པདྨ་ཉི་ཟླའི་གདན་ལ་

p. 490

བཞུགས་པར་གསལ་བའི་གསང་བ་ནས་སྤྱི་བོའི་བར་པདྨ་འདབ་མ་བརྒྱད་པ་ལྗང་། སེར། སྔོ། དམར། དཀར་བའི་སྡོང་བུ་བརྩེགས་མར་གནས་པ། དེའི་སྤྱི་བོ་བདེ་ཆེན་འཁོར་ལོའི་པདྨའི་ལྟེ་བར་བུདྡྷ་ཚེ་དཔག་མེད་སྐུ་མདོག་མཐིང་ག་དབྱིངས་ཕྱུག་མདང་མཉམ་པར་སྦྱོར་བ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་པདྨའི་ལྟེ་བར་པདྨ་ཚེ་དཔག་མེད་སྐུ་མདོག་དམར་པོ་གོས་དཀར་མོ་དང་མཉམ་པར་སྦྱོར་བ། སྙིང་ག་ཆོས་ཀྱི་འཁོར་ལོའི་པདྨའི་ལྟེ་བར་བཛྲ་ཚེ་དཔག་མེད་སྐུ་མདོག་དཀར་པོ་མཱ་མ་ཀི་དང་མཉམ་པར་སྦྱོར་བ། ལྟེ་བ་སྤྲུལ་པའི་འཁོར་ལོའི་པདྨའི་ལྟེ་བར་རཏྣ་ཚེ་དཔག་མེད་སྐུ་མདོག་སེར་པོ་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། གསང་གནས་བདེ་སྐྱོང་གི་འཁོར་ལོའི་པདྨའི་ལྟེ་བར་ཀརྨ་ཚེ་དཔག་མེད་ལྗང་གུ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ། ཀུན་ཁྱང་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཡབ་རྣམས་མཉམ་གཞག་ཚེ་བུམ་དང་། ཡུམ་རྣམས་མདའ་དར་ཚེ་བུམ་འཛིན་པ། རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་སྦྱོར་བདེ་ཉམས་དང་ལྡན་པར་བསྐྱེད། དེ་ནས་ཤེས་རབ་ཕྱག་རྒྱ་མ་དེའང་ལྷ་ལྕམ་མནྡྷ་ར་བ་སྐུ་མདོག་དཀར་གསལ་འོད་དུ་འབར་བ་བཅུ་དྲུག་ལོན་པའི་ན་ཚོད་ཅན་

p. 491

ནུ་མ་འབུར་ཞིང་བྷ་ག་རབ་ཏུ་རྒྱས་པ་ལ་ཆགས་པའི་ཟིལ་གྱིས་བརླན་པ། རིན་པོ་ཆེན་དང་རུས་པའི་རྒྱན་ཅན་ཡིད་དུ་འོང་བ། ཡབ་ཀྱི་པང་དུ་འཁྲིལ་ཏེ་ཡབ་ཡུམ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་གསང་བ་ནས་སྤྱི་བོའི་བར་དུ་པད་སྡོང་བརྩེགས་མ་ཁ་དོག་ལྔ་ལྡན་གྱི་སྟེང་དུ་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་ལ་ཇི་ལྟར་བསྐྱེད་པ་བཞིན་བསྐྱེད་ལ་བདེ་བ་ཆེན་པོའི་ཉམས་དང་ལྡན་པར་བསམ། དེ་ནས་ཐོག་མར་ཕྱག་རྒྱ་མའི་གཟུགས་དང་གདོང་ལ་འཛུམ་པ་དང་ཆགས་པའི་ཉམས་འགྱུར་གྱིས་བལྟ་བ་དང་། གླུ་གར་སོགས་སྙན་པའི་དབྱངས་དང་ཆགས་པའི་གཏམ་སྣ་ཚོགས་སྨྲ་བ་དང་། ཕྱག་རྒྱའི་ལུས་ཀྱི་དྲི་ཞིམ་སྣོམ་པ་དང་། རོ་འཛིན་དང་མཆུ་སོགས་གཞིབ་ཅིང་གཡའ་ཟའི་གནས་དང་ནུ་མ་ལ་སེན་མོ་འདེབས་པ་དང་། ཡུམ་གྱིས་ཡབ་ཀྱི་བོ་ལ་བལྟ་ཞིང་མཉེད་པ་དང་། ཡབ་ཀྱིས་ཡུམ་གྱི་བྷ་ག་ལ་བལྟ་ཞིང་ནེམ་ཉུག་བྱེད་པ་སོགས་ཀྱིས་ཡབ་ཡུམ་རྗེས་ཆགས་ཀྱི་བདེ་བ་གཡོ་བ་ནི་དགའ་བའི་ཉམས་སོ། །དེ་ནས་ཕྱག་རྒྱ་མ་པང་དུ་བླངས་ཏེ་ལྷ་སྐུ་ཞལ་སྦྱོར་ལྟ་བུའམ། གན་རྐྱལ་དུ་སྤྱི་དཀྱུས་ལྟར་རོལ་པ་གང་བདེའི་སྒོ་ནས་ཕན་ཚུན་ཀྱི་ཡན་ལག་ཐམས་ཅད་

p. 492

ལེགས་པར་འཁྱུད། རྡོ་རྗེ་འགྲེང་ཞིང་བརྟན་པ་པདྨའི་ནང་དུ་བཅུག་སྟེ་དལ་བུས་བསྲུབ་ཅིང་། རིག་མས་ཀྱང་བསྒུལ་བསྐྱོད་དང་བཅས་ནས་རོལ་བས་བདེ་བར་སྔར་བས་ལྷག་པ་སྐྱེས་པ་ནི་མཆོག་དགའི་ཉམས་སོ། །དེ་ལས་བདེ་བའི་ཉམས་ཆེར་རྒྱས་ཏེ། ཡབ་ཡུམ་བདེ་བའི་སྐད་འབྱིན་ཞིང་བཞིན་གྱི་རྣམ་པ་འགྱུར་བ་ནི་ཁྱད་པར་གྱི་དགའ་བའི་ཉམས་སོ། །དེ་ལས་ཀྱང་བདེ་བ་ཆེས་ཆེར་རབ་ཏུ་རྒྱས་ཏེ་འབར་བའི་ཉམས་ཟུག་རྔུ་དང་བཅས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ཉམས་སོ། །འདི་དག་ལ་འཇིག་རྟེན་པ་ལུགས་སུ་འབྱུང་བའི་ཉམས་བཞིའི་འགྱུར་བ་ཞེས་བྱའོ། །དེ་ནས་བསྐྱོད་པ་བཤོལ་ལ་ཀ་དག་གི་ངང་དུ་ཆམ་གྱི་བཞག །དེ་ལྟར་འབད་པས་ཡབ་ཡུམ་གཉིས་ཀའི་ཁམས་དྭས་སྙིགས་ཕྱེད་དེ་ཁམས་ཀྱི་སྙིགས་མ་ཐམས་ཅད་ཆུ་སེར་དང་བའི་ཁ་ཆུ་ལྟ་བུར་ཕྱིར་བོ་བས་གེགས་མི་འབྱུང་ལ། དྭངས་མ་འཕོ་མེད་དུ་བཅིང་བ་ནི་ཐུན་མོང་མ་ཡིན་པའི་རླུང་གནད་དང་། ཉི་ཟླ་ཁ་སྦྱོར་ལུགས་འབྱུང་ལུགས་བཟླག་གི་ལུས་གནད་དང་ལྡན་པས་བརྩོན་པ་ཆེན་པོས་ཉམས་སུ་བླང་བ་གལ་ཆེ་ཞིང་། ཁྱད་པར་རིག་པ་ཀ་དག་ཆེན་པོའི་ངང་དུ་ལྷད་དེ་རང་བབས་སུ་མཉམ་པར་བཞག་པ་དེ་ཁོ་ན་ཉིད་

p. 493

ཀྱིས་ཐིག་ལེ་དབབ་བཟུང་ལྡོག་དགྲམ་ཐམས་ཅད་རྩོལ་མེད་ངང་གིས་འབྱུང་ངོ་། །དེ་ལྟར་དྭངས་སྙིགས་འབྱེད་པའི་སྦྱོར་བ་འདི་དག་ལས་དང་པོ་པས་ཐུན་འགོར་ལན་དྲུག་རེ་བྱ་ཞིང་། ཞག་གསུམ་ནས་ཐུན་འགོ་རྣམས་སུ་ལན་རེ་རེ་བྱའོ། །གཉིས་པ་དོས་གཞི་ནི། གོང་ལྟར་ཡབ་ཡུམ་བདེ་བར་སྦྱོར་བའི་ངང་ལས་གསང་གནས་བདེ་སྐྱོང་འཁོར་ལོའི་ལྟེ་བའི་དབུས་ཀྱི་ཀརྨ་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་ལ་བསྲུབ་པ་དང་བསྲུབ་པའི་སྦྱོར་བའི་བསྐུལ་བས་བདེ་བ་གཡོས་པའི་ཚེ་ཀརྨ་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་ལྗང་གུ་འཕྲོས། ལུས་ཀྱི་ནང་ཁེངས། ཕྲག་དོག་གི་ཉེས་ལྟུང་སྦྱངས། ཕྱིར་འཕྲོས། དབུགས་ཀྱི་ཁམས་ནས་ཚེ་ཉམས་པ་དང་། འབྱུང་བ་རླུང་གི་བཅུད་ཐམས་ཅད་བདུད་རྩི་ལྗང་གུའི་འོད་དུ་བསྡུས། ཡབ་ཡུམ་གྱི་མཁར་བསྟིམ། བདེ་བ་འབར་བ་ན་ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང་། དབུ་གཙུག་ནས་བདུད་རྩི་ལུད། ཕྱིར་བབས་ཏེ་གསང་གནས་ཀྱི་པད་འདབ་ཁེངས་པ་ལས་བདུད་རྩི་བབས། རང་ལུས་ཀྱི་རྐང་སོར་ནས་ལོང་བུ་པུས་མོ་ལྟེ་བ་དཔྱི་དང་གསང་གནས་ཕྱིན་ཆད་བདུད་རྩི་ལྗང་གསལ་བཀྲག་མདངས་

p. 494

དང་ལྡན་པས་ལྟེམ་གྱིས་གང་། བྱ་བ་གྲུབ་པའི་བདེ་སྟོང་གི་དགའ་བའི་ཡེ་ཤེས་ཤར། དོན་གྲུབ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས། ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་ཡིད་ཀྱིས་བཟླ་ཞིང་། མཐར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང་ལྡོག་དགྲམ་བྱ། ཡང་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་བའི་ངང་ལས། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་ཀྱི་རཏྣ་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་ལ་བསྲུབ་པ་དང་བསྲུབ་པའི་སྦྱོར་བའི་བསྐུལ་བས་བདེ་བ་གཡོ་བའི་ཚེ། རཏྣ་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་སེར་པོ་འཕྲོས། ལུས་ཀྱི་ནང་ཁེངས། སེར་སྣ་དང་ང་རྒྱལ་གྱི་ཉེས་ལྟུང་སྦྱངས། ཕྱིར་འཕྲོས། ཤ་དང་རུས་པའི་ཁམས་ནས་ཚེ་ཉམས་པ་དང་། འབྱུང་བ་སའི་བཅུད་ཐམས་ཅད་བདུད་རྩི་སེར་པོའི་འོད་དུ་བསྡུས། ཡབ་ཡུམ་གྱི་མཁར་བསྟིམ། བདེ་བ་འབར་བ་ན། ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང་། དབུ་གཙུག་ནས་བདུད་རྩི་ལུད། ཕྱིར་བབས་ཏེ་ལྟེ་བའི་པད་འདབ་ཁེངས་པ་ལས་བདུད་རྩི་བབས། རང་ལུས་ཀྱི་སྤུ་མཚམས་ཡན་ལྟེ་བ་ཕྱིན་ཆད་བདུད་རྩི་སེར་གསལ་བཀྲག་མདངས་དང་ལྡན་པས་ལྟེམ་གྱིས་གང་།

p. 495

མཉམ་པ་ཉིད་ཀྱི་བདེ་སྟོང་མཆོག་དགའི་ཡེ་ཤེས་ཤར། རཏྣ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས། ཏྲཱཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུཾ༔ ཞེས་ཡིད་བཟླས་བྱ་ཞིང་། མཐར་རྟོག་བྲལ་ཆེན་པོས་བྱང་སེམས་བཟུང་ཞིང་ལྡོག་དགྲམ་བྱའོ། །ཡང་ཡབ་ཡུམ་བདེ་བར་སྦྱོར་བའི་ངང་ལས། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་བཛྲ་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་ལ། བསྲུབ་པ་དང་བསྲུབ་པའི་སྦྱོར་བའི་བསྐུལ་བས་བདེ་བ་གཡོ་བའི་ཚེ། བཛྲ་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་དཀར་པོ་འཕྲོས། ལུས་ཀྱི་ནང་ཁེངས། ཞེ་སྡང་གི་ཉེས་ལྟུང་སྦྱངས། ཕྱིར་འཕྲོས། ཁྲག་གི་ཁམས་ནས་ཚེ་ཉམས་པ་དང་། འབྱུང་བ་ཆུའི་བཅུད་ཐམས་ཅད་བདུད་རྩི་དཀར་པོའི་འོད་དུ་བསྡུས། ཡབ་ཡུམ་གྱི་མཁར་བསྟིམ། བདེ་བ་འབར་བ་ན། ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང་། དབུ་གཙུག་ནས་བདུད་རྩི་ལུད། ཕྱིར་བབས་ཏེ་སྙིང་གའི་པད་འདབ་ཁེངས་པ་ལས་བདུད་རྩི་བབས། རང་ལུས་ཀྱི་ལྟེ་བ་ཡན་སྙིང་ག་ཕྱིན་ལག་སོར་ཚུན་བདུད་རྩི་དཀར་གསལ་བཀྲག་མདངས་དང་ལྡན་པས་ལྟེམ་གྱིས་གང་། མེ་

p. 496

ལོང་ལྟ་བུའི་བདེ་སྟོང་ཁྱད་པར་གྱི་དགའ་བའི་ཡེ་ཤེས་ཤར། རྡོ་རྗེ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས། ཧྲྰུཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུཾ༔ ཞེས་ཡིད་བཟླས་བྱ་ཞིང་། མཐར་རྟོག་བྲལ་ཆེན་པོས་བྱང་སེམས་བཟུང་ཞིང་ལྡོག་དགྲམ་བྱའོ། །ཡང་ཡབ་ཡུམ་བདེ་བར་སྦྱོར་བའི་ངང་ལས། མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས་ཀྱི་པདྨ་ཚེ་དཔག་མེད་ཡབ་ཡུམ་གསལ་བཏབ་ལ། བསྲུབ་པ་དང་བསྲུབ་པའི་སྦྱོར་བའི་བསྐུལ་བས་བདེ་བ་གཡོ་བ་ན། པདྨ་ཚེ་དཔག་མེད་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་འཕྲོས། ལུས་ཀྱི་ནང་ཁེངས། འོད་ཆགས་ཀྱི་ཉེས་ལྟུང་སྦྱངས། ཕྱིར་འཕྲོས། དྲོད་ཀྱི་ཁམས་ནས་ཚེ་ཉམས་པ་དང་འབྱུང་བ་མེའི་བཅུད་ཐམས་ཅད་བདུད་རྩི་དམར་པོའི་འོད་དུ་བསྡུས། ལུས་ཀྱི་ནང་ཁེངས། འདོད་ཆགས་ཀྱི་ཉེས་ལྟུང་སྦྱངས། ཕྱིར་འཕྲོས། དྲོད་ཀྱི་ཁམས་ནས་ཚེ་ཉམས་པ་དང་འབྱུང་བ་མེའི་བཅུད་ཐམས་ཅད་བདུད་རྩི་དམར་པོའི་འོད་དུ་བསྡུས། ཡབ་ཡུམ་གྱི་མཁར་བསྟིམ། བདེ་བ་འབར་བའི་ཚེ་ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང་། དབུ་གཙུག་ནས་བདུད་རྩི་ལུད། ཕྱིར་བབས་ཏེ་མགྲིན་པའི་པད་འདབ་ཁེངས་པ་ལས་བདུད་རྩི་བབས། རང་ལུས་ཀྱི་མགྲིན་པའི་དཀྱིལ་འཁོར་ཐམས་ཅད་བདུད་རྩི་དམར་གསལ་བཀྲག་མདངས་ད་ལྡན་པས་ལྟེམ་གྱིས་གང་། སོར་རྟོག་བདེ་སྟོང་ལྷན་

p. 497

ཅིག་སྐྱེས་པའི་དགའ་བའི་ཡེས་ཤེས་ཤར། པདྨ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས། ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུཾ༔ ཞེས་ཡིད་བཟླས་བྱ་ཞིང་། མཐར་རྟོག་བྲལ་ཆེན་པོས་བྱང་སེམས་བཟུང་ཞིང་ལྡོག་དགྲམ་བྱའོ། །ཡང་ཡབ་ཡུམ་བདེ་བར་སྦྱར་བའི་ངང་ལས། སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་ཀྱི་བུདྡྷ་ཚེ་དཔག་མེད་ཡབ་ཡུམ་གསལ་བཏབ་ལ། བསྲུབ་པ་དང་བསྲུབ་པའི་སྦྱོར་བའི་བསྐུལ་བས་བདེ་བ་གཡོ་བའི་ཚེ། བུདྡྷ་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་མཐིང་ག་འཕྲོས། ལུས་ཀྱི་ནང་ཁེངས། གཏི་མུག་གི་ཉེས་ལྟུང་སྦྱངས། ཕྱིར་འགྲོས། རྣམ་པར་ཤེས་པའི་ཁམས་ནས་ཚེ་ཉམས་པ་དང་། འབྱུང་བ་ནམ་མཁའི་བཅུད་ཐམས་ཅད་བདུད་རྩི་མཐིང་གའི་འོད་དུ་བསྡུས། ཡབ་ཡུམ་གྱི་མཁར་བསྟིམ། བདེ་བ་འབར་བ་ན། ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང་། དབུའི་གཙུག་ནས་བདུད་རྩི་ལུད། ཕྱིར་བབས། སྤྱི་བོའི་པད་འདབ་ཁེངས། དེ་ལས་བདུད་རྩི་བབས། རང་ལུས་ཀྱི་སྤྱི་གཙུག་ཕྱིན་མགོའི་ནང་ཐམས་ཅད་བདུད་རྩི་དཀར་གསལ་བཀྲག་མདངས་དང་ལྡན་

p. 498

པས་གང་། འཁོར་འདས་ཡོངས་གྲོལ་རང་བྱུང་ཆོས་དབྱིངས་དགའ་བྲལ་གྱི་ཡེ་ཤེས་ཤར། རྣམ་སྣང་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་དུ། ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུཾ༔ ཞེས་ཡིད་བཟླས་བྱ་ཞིང་། མཐར་རྟོག་བྲལ་ཆེན་པོས་བྱང་སེམས་བཟུང་ཞིང་ལྡོག་དགྲམ་བྱའོ། །དེ་ལྟ་བུའི་རིམ་པ་ཡང་ནས་ཡང་དུ་བསྐྱར་ཞིང་། བདེ་བ་ཆེས་པས་ཐིག་ལེ་འཆོར་གྲབ་བྱེད་ན་བསྐྱོད་འཕྲོ་བཤོལ་ལ་རིག་ངོ་བསྐྱང་། ཡང་བདེ་བ་ཡལ་ན་དལ་བུས་བསྐྱོད་པ་སོགས་སྐབས་དང་སྦྱར། ཆགས་པ་ཤུགས་ཆུང་ངུ་སོང་ནའོ་དང་འཁྱུད་ལྡེམས། འཁྲིག་ཚིག་ལ་སོགས་པའི་སྒོ་ནས་གསོས་བཏབ་སྟེ་བདེ་བ་སྦར། ནམ་ཡང་བྱང་སེམས་མ་ཉམས་པར་བྱ་བ་ནི་གནད་དོ། །གསུམ་པ་རྗེས་ནི། ཐུན་འཇོག་ཁར་ཡུམ་གྱི་གནས་ལྔའི་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་རྣམས་རྗེས་ཆགས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ལྷག་པར་ཐུགས་མྱོས་པའི་ཤུགས་ཀྱི་བདུད་རྩིར་ཞུ་ནས་ཡུམ་ལ་ཐིམ། ཡུམ་ཡང་བདུད་རྩིར་ཞུ་བའི་དྭངས་མ་རང་ཉིད་ཡབ་ཀྱི་གསང་བའི་རྡོ་རྗེའི་ཁོངས་གསེང་གི་སྦུབས་ནས་ཞུགས་ཏེ་ལུས་ཀུན་ཁྱབ་པས་རང་གི་གནས་ལྔའི་ལྷ་རྣམས་ཀྱང་རྗེས་ཆགས་

p. 499

ཀྱིས་བདུད་རྩིར་ཞུ་བ་རང་ལུས་དང་དབྱེར་མེད་དུ་འདྲེས། བདུད་རྩིའི་དྭངས་མ་སྙིང་དབུས་མི་ཤིགས་པའི་ཐིག་ལེར་རོ་གཅིག་པར་བསམ་ལ་བརྗོད་བྲལ་ཀ་དག་གི་ངང་ལ་ཡུན་རིང་དུ་མཉམ་པར་འཇོག་ཅིང་། མཐར་དགེ་བ་བསྔོའོ། །དེ་ལྟར་ནན་ཏན་དུ་འབད་པས་ཚེའི་འགལ་རྐྱེན་ཐམས་ཅད་བཟློག་ཅིང་། ལུས་བཀྲག་མདངས་རྒྱས་པ་དང་། མིག་གསལ། རྣ་བ་གསང་། སྣ་རྣོ། ལྕེ་བདེ། རིག་པ་དྭངས་ཞིང་བདེ་ཉམས་ཆེ། སྐྲ་དཀར་དང་གཉེར་མ་ལ་སོགས་པ་འཇིག་ཅིང་གཞོན་ཤ་ཆགས། རྡོ་རྗེ་ལྟ་བུའི་ལུས་སུ་འགྱུར་ཞིང་། རྩོལ་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ནས་མྱུར་ཏུ་བདེན་པ་མཐོང་ཞིང་འཆི་མེད་ཚེའི་རིག་འཛིན་འགྲུབ་པར་གསུངས། འདི་དག་གི་དུས་སུ་རྫས་དང་སྨན་གྱི་བཅུད་ལེན་སྦྱར་ཐབས་གཞན་དུ་གསལ་བ་ལྟར་ཚུལ་བཞིན་བསྒྲུབ་ནས་བརྟེན་ན་ཉམས་ལེན་གྱི་གྲོགས་སུ་འགྲོ་ཞིང་། རྒྱུན་གྱི་ཟས་དང་སྤྱོད་ལམ་ཡང་། ལན་ཚྭ་ཧ་ཅང་ཆེས་པ་དང་། ཁ་ཚ་རུལ་གསུམ། ཆང་སྐྱུར་ཙག །སྔོ་ངད། འཇུ་དཀའ་ཞིང་ཧ་ཅང་བསིལ་བ་སོགས་རྩུབ་པའི་ཟས་ཐམས་ཅད་སྤངས་ནས། ཤ་གསར་པ་དང་། རྒྱུ་ལེགས་པའི་ཆང་གི་རིགས་

p. 500

སོགས་འཇམ་བཅུད་སྣུམ་དྲོད་དང་ལྡན་པའི་ཟས་མང་ཉུང་རན་པར་བསྟེན། རྡུལ་འཐོན་པའི་ལས་དང་། མེ་དང་ཉི་མས་ཧ་ཅང་བདུད་ཆེས་པ་དང་། བྲེལ་དྲག་པ། ཐིག་ལེ་ཉམས་པའི་སྤྱོད་པ་བགྱིས་པ། སྨྲ་བརྗོད་མང་བ། མྱ་ངན་དང་སེམས་ལས་བགྱིས་པ། གཉིད་ཆག་པ། རླུང་ཤས་ཧ་ཅང་ཆེ་ན་མ་གཏོགས་ཉི་མོ་གཉིད་ལོག་པ་སོགས་སྤངས་ནས། བད་ཀན་ཆེ་ན་རྐང་པ་རན་པར་འཆག་ཅིང་། དྲོ་སར་འདུག་པ་དང་། མཁྲིས་ཤས་ཆེ་ན་བསིལ་སར་དལ་བར་འདུག་པ་དང་། རླུང་ཤས་ཆེ་ན་བསིལ་དྲོད་སྙོམས་པར་ཡིད་མཐུན་གྱི་གྲོགས་དང་བསྡེབས་ནས་འདུག་པ་སོགས་མདོར་ན་ལུས་ངག་ཡིད་གསུམ་དལ་ཞིང་བག་ཡངས་ལ། ཡིད་དུ་འོང་བའི་གཟུགས་ལ་བལྟ་བ། སྙན་པའི་སྒྲ་ཉན་པ། ཞིམ་པའི་དྲི་བསྣོམ་པ། བདའ་བའི་རོ་མྱང་བ། འཇམ་པའི་རེག་བྱ་བགོ་བ་སོགས་འདོད་ཡོན་ལམ་ཁྱེར་དང་མ་བྲལ་བར་ཉམས་སུ་ལེན་པ་ནི་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ཁྱད་ཆོས་སོ། །དེ་ལྟར་འདིར་དཀྱུས་སུ་བསྟན་པ་ནི་གཞན་ལུས་ལ་བརྟེན་པའི་མན་ངག་གབ་པ་རྗེན་ཕྱུངས་ལག་ཁྲིད་དུ་གདམས་པ་ཉིད་གསལ་བར་བྱས་པ་སྟེ། ཡང་གཞན་ལུས་བརྟེན་པའི་འོས་སུ་མ་གྱུར་པའི་ཉན་ཐོས་ཚངས་སྤྱོད་ཀྱི་སྡོམ་པ་དང་དཀའ་ཐུབ་ལ་གནས་

p. 501

[པ་དག་གིས་སམ། རྣལ་འབྱོར་པ་སྔགས་ལམ་པ་ཡིན་ཀྱང་གནས་དུས་ཀྱིས་གཞན་ལུས་བསྟེན་པ་སྐབས་སུ་མ་བབས་པ་དག་གིས་རང་ལུས་ཐབས་ལྡན་གྱི་མན་ངག་གཞན་ནས་འབྱུང་བ་ལྟར་ལ་དངོས་དོན་དམིགས་པ་གོང་བཞིན་ཉམས་སུ་བླངས་པས་ཀྱང་བརྩོན་འགྲུས་དད་མོས་སྐལ་པ་དང་མཐུན་པའི་དངོས་གྲུབ་ངེས་པར་འགྲུབ་བོ། །དེ་ལྟར་ཐབས་མཆོག་ཟབ་ལམ་ཀུན་གྱི་སྙིང་པོར་གྱུར་པའི་གདམས་པ་འདིའང་། སློབ་དཔོན་ཆེན་པོས། བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཆགས་ཆེན་ཕོ་ཉའི་ལམ་བརྟེན་ཚེའི་སྒྲུབ་ཐབས༔ སྔོན་ཆད་བོད་འདིར་མ་བསྟན་ཟབ་རྒྱའི་ཆོས༔ དྭངས་མའི་དྭངས་མ་བསྒྲུབ་པའི་ཡང་བཅུད་འདི༔ པདྨ་བདག་གིས་སྙིང་གིས་གསང་ཁུ་བརྟོལ༔ སྔོན་ཆད་རྒྱ་བོད་གཉིས་སུ་བསྒྲགས་པ་མེད༔ གཅེས་ཚད་སྲོག་ལ་འཕངས་ཚད་མིག་བཞིན་དུ༔ འཚོ་ཤེས་བྱ་བ་མན་ངག་གནད་ཐེམས་ཡིན༔ ཅེས་གསུངས་པ་ལྟར་ལ། འདི་ལྟ་བུའི་གདམས་པ་ཟབ་མོ་གསང་བའི་སྒོ་ནས་རང་གི་ཉམས་སུ་མི་ལེན་པར་གཞན་ལ་གསང་བ་ཁྲོམ་བསྒྲགས་སུ་བགྱིས་ན་བཀའ་སྲུང་གཏེར་བདག་རྣམས་ཀྱིས་ཆད་པ་དྲག་པོ་

p. 502

འབེབས་པར་གདོན་མི་ཟ་བས་ན་རྗེས་འཇུག་རྣམས་ནས་ཀུན་ཏུ་བག་ཡོད་པས་བསྒྲུབ་པར་མཛོད་ཅེས་བདག་གིས་བསྐུལ་བ་ཡིན་ནོ། །ངོ་མཚར་ཟབ་གཏེར་གསང་བའི་མཛོད་ཁང་ནས། །ཕུལ་བྱུང་གདམས་པ་ཡིད་བཞིན་དབང་གི་རྒྱལ། །སྔོན་མེད་འདོད་འཇོའི་ཕུང་པོ་རྗེན་ཕྱུངས་སུ། །སྙིམ་པར་ཐོབ་འདི་ཅིའི་ཕྱིར་སྐལ་བཟང་མིན། །དེ་སླད་བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། །སྐལ་མཉམ་འཆི་བས་འཇིགས་རྣམས་ངལ་གསོའི་ཆེད། །མོས་དང་ལྷག་བསམ་ཡུ་བ་ལ་བརྟེན་ནས། །ལེགས་བཤད་རྒྱལ་མཚན་རྩེ་མོར་ཁོ་བོས་བཀོད། །འདི་ལས་གྲུབ་གཉིས་བདུད་རྩིའི་རྒྱུན་བཟང་པོ། །སྐལ་ལྡན་སྙིང་གི་ཡོལ་གོར་འཇོ་མོད་ཀྱང་། །དད་བརྩོན་ཟས་ཀྱིས་ཕོངས་པའི་སྙིགས་མའི་མགྲོན། །སྐལ་དམན་ཡི་དྭགས་མགྲིན་པར་ཚུད་འགྱུར་རམ། །ཀྱེ་མ་འདུས་བྱས་རྟག་པའི་གནས་མེད་ཕྱིར། །ཚེ་ལ་ལོང་མེད་འཆི་ལ་བྱོལ་མེད་པས། །ད་ལྟ་རང་དབང་འབྱོར་ཞིང་ཤེས་བཞིན་དུ། །སྒྲུབ་ལ་མི་བརྩོན་དེ་དག་སྙིང་རུལ་ལམ། །འཆི་མེད་གཉུག་མའི་གཏན་སྲིད་མ་ཟིན་ཀྱང་། །རིང་པོར་འཚོ་བའི་ཐབས་ལ་འབད་ནས་སུ། །

p. 503

ཚེ་ལྷག་འདི་ཙམ་དོན་ལྡན་དུ་བསྒྲུབ་ན། །རང་དྲིན་རང་ལ་ཆེའོ་གྲོགས་དག་སོམས། །ཐབས་ཆེན་མྱུར་བདེའི་ལམ་བཟང་འདིར་བརྟེན་ན། །རིང་འཚོའི་ཚེ་དང་བདེན་ཆེན་དྭངས་མའི་སྲོག །ལྷན་ཅིག་དཀའ་བ་མེད་པར་ངེས་འགྲུབ་སྟེ། །རྡོ་རྗེའི་གསུང་གིས་བསླུས་པ་སྲིད་དམ་ཅི། །བདག་གིས་འདིར་འབད་བསོད་ནམས་གང་མཆིས་པ། །ཟབ་ཆོས་མཆོག་འདིའི་བསྟན་པ་རྒྱས་ཕྱིར་བསྔོ། །དེ་ལས་གུ་རུའི་དགོངས་པ་ཡོངས་བསྐངས་ཏེ། །འགྲོ་ཀུན་སྒྲོལ་བའི་འཕྲིན་ལས་མཐར་རྒྱས་ཤོག །ཚེ་ལམ་ཉིན་མོར་བྱེད་པའི་འཛུམ་ཟེར་གྱིས། །ཚེ་དཔལ་པདྨོའི་སྐྱེད་ཚལ་ཡོངས་བཞད་ནས། །ཚེ་བཅུད་གེ་སར་རྡུལ་ཕྲེང་རབ་འཛག་པས། །ཚེ་འཛིན་བུང་བའི་དགའ་སྟོན་རྒྱས་གྱུར་ཅིག །དེ་ལྟར་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་བསྙེན་ཐབས་ཟབ་ཁྲིད་དང་བཅས་པའི་ཡི་གེ་འཆི་བ་མེད་པའི་ལམ་བཟང་ཞེས་བྱ་བ་འདི་ནི། སྔ་མོ་ཉིད་ནས་འདི་ལྟར་འབྲི་བའི་འདུན་པ་མཆིས་པའི་ཁར་རྡོ་རྗེའི་མཆེད་པོ་འགའ་ཞིག་གིས་བསྐུལ་མ་བཏུད་མར་བྱུང་བ་ཡིད་ལ་གཅག་ཀྱང་གཞན་དབང་སྙོམས་ལས་ཁོ་ནས་རིམ་ལུས་སུ་གྱུར་ལ། ད་ཆ་བགྲང་

p. 504

བྱའི་ཁུར་གྱིས་དུབ་ཅིང་སྲིད་པའི་ཆུ་བོ་གསུམ་པས་བར་མེད་དུ་གཙེས་པའི་རྐྱེན་ལས་འབྲི་རྩོམ་གྱི་ཕྱོགས་ལ་ངལ་གདུང་ཤིན་ཏུ་ཆེ་ནའང་། རང་ཉིད་ཚེ་འཕྲང་ལྔ་ལས་བརྒལ་ཏེ་ཡུན་དུ་འཚོ་བ་འདི་ལྟ་བུ་ཡང་ཁྱད་པར་འཕགས་པའི་ཟབ་ཆོས་མཆོག་འདིའི་བྱིན་རླབས་ཀྱི་མཐུ་ཁོ་ནར་ངེས་ཤེས་རྙེད་དེ་ཞབས་ཏོག་ཏུ་དམིགས་པའི་རྒྱུ་དང་། སྐལ་མཉམ་གྱི་ཆོས་མཛད་གཞན་ལའང་ཅུང་ཟད་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། གཏེར་གཞུང་རྩ་བའི་དགོངས་པ་ཁྱབ་བདག་རིག་འཛིན་བླ་མའི་མན་ངག་གི་རྗེས་སུ་གདམས་པའི་དོན་ཉིད་གཙོ་བོར་བཟུང་། རིགས་མཐུན་གཏེར་ལ་གོང་མའི་མན་ངག་སྐབས་སུ་བབས་པ་ངང་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་རྣམས་ཀྱིས་ལེགས་པར་བཀྲལ་བའི་ཆ་ཤས་ཇི་ལྟར་རིགས་པས་ཀྱང་གསལ་བར་བྱས་ཏེ། རྒྱལ་ཁམས་པའི་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་དགུ་པའི་ངོ་མཐོང་ཆུ་ཕོ་བྱི་བའི་ལོ་ཆོ་འཕྲུལ་ཟླ་བའི་ཡར་ངོའི་རྒྱལ་བ་དང་པོ་ལ། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཀྱི་རྒྱལ་པོ་མོན་གྱི་སྤ་གྲོ་སྟག་ཚང་སེང་ཕུགས་དང་ཉེ་བའི་ཆ། ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་བ་བསམ་འགྲུབ་རྩེའི་སྨན་

p. 505

ལྗོངས་ཉམས་དགའ་བའི་སྐྱེད་མོས་ཚལ་གྱིས་བ་གམ་དུ་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་མི་ཕྱེད་པའི་དད་བརྩོན་གྱི་ནོར་ཅན་སྔགས་སྟོན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ཀྱི་ཞབས་པད་རྡོ་རྗེའི་རང་བཞིན་དུ་བརྟན་པ་དང་། འབྲེལ་ཚད་ཀྱི་སྐྱེ་འགྲོ་ཐམས་ཅད་འཆི་མེད་རྡོ་རྗེའི་སྲོག་འགྲུབ་པའི་གཞིར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

ཚེ་སྒྲུབ་འཆི་མེད་སྲོག་ཐིག་ལས་ཡང་གསང་གི་ཚེ་སྒྲུབ་རླུང་སྦྱོར་འབར་འཛག་གི་སྐབས་སུ་གེགས་སེལ་ལུས་སྦྱོང་འཁྲུལ་འཁོར་གྱི་མན་ངག

p. 506
p. 507

ཚེ་སྒྲུབ་འཆི་མེད་སྲོག་ཐིག་ལས་ཡང་གསང་གི་ཚེ་སྒྲུབ་རླུང་སྦྱོར་འབར་འཛག་གི་སྐབས་སུ་གེགས་སེལ་ལུས་སྦྱོང་འཁྲུལ་འཁོར་གྱི་མན་ངག་ལ། སྟེང་རླུང་མནན་ལ་འོག་རླུང་བསྡམས༔ རླུང་གཉིས་ཁ་སྦྱར་མ་ཤོར་བཟུང་༔ རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱ༔ ལག་གཉིས་པུས་མོ་གཉིས་ལ་བཀབ༔ སྐེད་པ་གཡས་ལ་ལན་གསུམ་བསྐོར༔ རླུང་ནི་སྣ་བུག་གཡས་སུ་ཕུ༔ དེ་བཞིན་གཡོན་དུའང་ཤེས་པར་བྱ༔ ལག་གཉིས་བསྣོལ་ལ་དཔུང་པ་བཟུང་༔ རོ་སྟོད་གཡས་གཡོན་གསུམ་གསུམ་བསྐོར༔ ལག་གཉིས་བསྣོལ་ལ་གྲུ་མོ་བཟུང་༔ རེ་སྟོད་གསེང་ཞིང་བསྒྲིལ་བར་བྱ༔ མཛུབ་མོ་བསྣོལ་ལ་གུང་མོ་བསྒྲེང་༔ ནམ་མཁའི་མཐོངས་སུ་འཐེན་པར་བྱ༔ དེ་ཚེ་རླུང་གི་སྟོད་འཐེན་བྱ༔ ལག་གཉིས་བརྐྱང་ཞིང་ཞག་ཤ་སྡེབ༔ སྟེང་དུ་བརྐྱང་ཞིང་འོག་ཏུ་དབབ༔ དེ་དུས་མཆན་འོག་གྲུབ་མོས་བརྡུང་༔ གཡས་བསྐོར་གཡོན་བསྐོར་སྟོད་ནད་སེལ༔ གཡས་འགྱིང་གཡོན་འགྱིང་སྟོད་ནད་སེལ༔ གསོར་ཞིང་བསྲུབ་པས་གློ་ནད་སེལ༔ ནམ་མཁར་བརྒྱངས་

p. 508

པས་ཐིག་ལེ་འདྲེན༔ ལག་པས་རི་འཕུལ་ཐིག་ལེ་འགྲིམས༔ བསྐྱོད་ཅིང་དབབ་པས་གེགས་རྣམས་སེལ༔ ཞེས་གསུངས་པ་ལྟར་དམིགས་རྐང་སོ་སོར་འཁྲུལ་འཁོར་ལ་གནད་དུ་བསྣུན་པས་ལུས་རྩ་རླུང་གི་གེགས་ཐམས་ཅད་སེལ་བར་ངེས་སོ། །འདི་ཡང་པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་སྲོག་རྩོལ་རླུང་གི་མན་ངག་ལས་ཁོལ་ཕྱུངས་སཱ་ཁ་སྐོང་དུ་བསྡེབས་པ་སྟེ་ཛྙཱ་ནས་སོ།། །།

རྡོ་རྗེ་ཚེ་སྒྲུབ་དང་འབྲེལ་བ་བཅུད་ལེན་གྱི་གདམས་པ།

p. 509

༁ྃ༔ རྡོ་རྗེ་ཚེ་སྒྲུབ་དང་འབྲེལ་བ་བཅུད་ལེན་གྱི་གདམས་པ་བཞུགས་སོ། །

p. 510

པདྨ་འབྱུང་གནས་བདག་གིས་ཀྱང་༔ ཡི་དམ་ལྷ་ཡི་ལུང་ཡང་བསྟན༔ ཌཱ་ཀི་རྣམས་ལ་གསོལ་བ་བཏབ༔ ཚེ་ཡི་སྒྲུབ་ཐབས་འདི་ཉིད་ཞུས༔ དང་པོ་སྔོན་དུ་འགྲོ་བ་ནི༔ ཡར་ངོ་བཀྲ་ཤིས་དུས་བཟང་ཚེ༔ སྔོ་དང་ཁྲག་དང་རུལ་སུང་སྤངས༔ ཆུ་བསྐོལ་བཏང་ཞིང་རྩ་སྦུབས་སྦྱངས༔ ཟས་ཀྱང་བཅུད་ལྡན་ཆུང་བ་ཟ༔ སྲོག་བསླུ་སྨན་གྱི་སྦྱིན་པ་བཏང་༔ དེ་ནས་དངོས་གཞིའི་རིམ་པ་ནི༔ འཆི་མེད་བདུད་རྩི་འདི་ཉིད་དོ༔ ས་ཡི་དྭངས་མ་བྲག་ཞུན་བྲེ་ཕྱེད་ལ༔ རྡོ་ཡི་དྭངས་མ་ཅོང་ཞི་བྲེ་གང་གིས༔ སོའུ་སྐྱེ་ཞི་རུས་པ་མཁྲེགས་པར་བྱེད༔ ཤིང་

p. 511

གི་དྭངས་མ་བུ་རམ་བྲེ་དོ་ལ༔ རྩི་ཡི་དྭངས་མ་འབྲི་མར་བྲེ་བཞི་སྦྱར༔ སྟོབས་ཆེ་བཅུད་རྣམས་འཕེལ་ཞིང་རྒྱས་པར་བྱེད༔ མེ་ཏོག་དྭངས་མ་སྦྲང་རྩི་བཀྲག་མདངས་གསོས༔ ཤུག་པ་[འདབ་མ་རྒྱས་དུས།] བ་ལུ་[མེ་ཏོག་རྒྱས་དུས།] མཁན་པ་[འདབ་མ་སྔོ་དུས།] མཚེ་དང་[སྔོ་དྲི་ཐིམ་དུས།] བཞི༔ དུས་བཞིར་བཅུད་ལྡན་བདུད་རྩི་བཞི་ཡིན་པས༔ དེ་བཞིའི་བཅུད་བསྡུས་ཁ་ནད་ཁྱོར་གང་གྲོགས༔ [དེ་རྣམསས་རང་རང་གི་ཁ་ནད་འདོན་པ་ཡིན།] སྦྱོར་བའི་ཐབས་ནི་ཅོང་ཞི་བྲེ་གང་ཚད༔ ཆུ་བྲེ་དྲུག་ལ་བསྡུས་ལ་རྩིགས་མ་དབྱུང་༔ སྙིང་པོ་བྲེ་གང་སོ་ཚེ་བདུད་རྩི་བཞི༔ བྲག་ཞུན་མར་དང་འོ་མ་

p. 512

ཉིས་འགྱུར་བསྲེ༔ མ་འདྲེས་བསྡུས་ལ་ཆུ་དེ་ཆོད་པ་དང་༔ སྦྲང་དང་བུ་རམ་མར་དང་ལེགས་པར་བསྲེ༔ [འདིའི་ཕྱག་ལེན་ཞིབ་པར་མཐོང་བརྒྱུད་ལས་རྟོགས་པར་བྱསོ། །]མཚན་ལྡན་ཐོད་པ་ལྔར་བླུག་དལ་ལ་བཀོད༔ ཡིག་འབྲུ་ལྔ་ལས་རིགས་ལྔ་ཡབ་ཡུམ་བསྐྱེད༔ རང་བཞིན་གནས་ནས་སྤྱན་དྲངས་བརྟན་པར་གསོལ༔ [ཛཿཧཱུྃ་བྃ་ཧོཿ མཆོད་པ་རྒྱ་ཆེར་ཕུལ།] གོང་ལྟར་སྙིང་པོ་བཟླ་ཞིང་ཏིང་འཛིན་བསྒོམ༔ རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་བྱང་ཆུབ་སེམས༔ བདུད་རྩི་བབས་པས་ཐོད་པ་གང་བར་བསམ༔ དེ་ལྟར་ཞག་བདུན་བསྒྲུབ་ནས་དངོས་གྲུབ་བླང་༔ ཐོ་རངས་ལྟོ་སྟོང་དུས་སུ་རྟག་ཏུ་སྤྱད༔ མ་ཞུའི་བར་ལ་ཁ་ཟས་གཞན་རྣམས་སྤངས༔ ཚེ་ནི་ཉི་ཟླའི་ཚེ་དང་མཉམ་པར་འགྱུར༔ རིམས་དང་རྐྱེན་དང་འབྱུང་བའི་དར་རྒུད་དང་༔ རྒས་དང་འདུ་བ་རྣམ་བཞིའི་ནད་ལས་ཐར༔ བརྒྱད་ཅུ་ལོན་ཀྱང་སྐྲ་དཀར་གཉེར་མ་དང་༔ ཤ་སྐམ་ལུས་སྟོབས་ཆུང་དང་མིག་མི་གསལ༔ སེམས་འཐིབ་རྒས་པའི་སྐྱོན་རྣམས་འབྱུང་མི་འགྱུར༔ གཞོན་ནུ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར༔ གྲུབ་རྟགས་སྟོབས་དང་གྱད་དང་མདངས་དང་འགྲོས༔ སེང་གེ་གླང་ཆེན་རྨ་བྱ་རྟ་ལྟར་འགྱུར༔ རྟག་ཏུ་སྤྱད་ན་ཤ་རྒྱས་གཉེར་མ་མེད༔ སྭོ་སྐྱེ་དབང་པོ་གསལ་ལ་ལུས་

p. 513

སེམས་བདེ༔ ཚེ་ནི་ཉི་ཟླ་མགྱོགས་པ་རླུང་ལྟར་འགྱུར༔ རིག་འཛིན་མཁའ་འགྲོས་བུ་བཞིན་སྐྱོང་བར་འགྱུར༔ བདུད་རྩི་བཅུད་ལེན་ཚེ་ཡི་སྒྲུབ་ཐབས་སོ༔ གོང་ལྟར་སྦྱར་ཏེ་སྒྲུབ་པ་མ་བྱུང་ཡང་༔ སྐབས་སུ་སྤྱད་ན་ཡོན་ཏན་བསམ་མི་ཁྱབ༔ སྤྱོད་ལམ་དྲག་ཤུལ་རྡུལ་ཐོན་ལས་མི་བྱ༔ འགྲོ་འདུག་ཁ་ཤས་སྐབས་ཡང་བསྲུང་མི་དགོས༔ ལྔ་བརྒྱ་ཐ་མ་ཤར་བས་ཚེ་ཚད་ཐུང་༔ ནད་མང་ལོངས་སྤྱོད་ཆུང་ཞིང་བར་ཆད་མང་༔ དམ་པའི་དོན་ཡང་མི་འགྲུབ་ཡི་རེ་ཆད༔ དེ་ཕྱིར་པདྨ་འབྱུང་གནས་ཉམས་མྱོང་འདིར༔ ལྔ་བརྒྱ་ཐ་མ་དུས་ངན་འབྱུང་དུས་སུ༔ ལས་ཅན་ང་ཡི་བུ་དང་འཕྲད་གྱུར་ནས༔ སངས་རྒྱས་བསྟན་པ་ཡུན་དུ་གནས་པར་ཤོག༔ [ཅེས་བྱང་གཏེར་ཐུགས་སྒྲུབ་མན་ངག་ལས་ཁོལ་ཕྱུང་ཁ་སྐོང་དུ་བསྡེབས་པའོ།། །།]

རྡོ་རྗེ་ཕུར་པ་ཡང་གསང་བཅུད་དྲིལ་ལས་ཚེ་སྒྲུབ་ཡང་ཟབ་སྙིང་པོ།

p. 514
p. 515

༁ཾ༔ རྡོ་རྗེ་ཕུར་པ་ཡང་གསང་བཅུད་དྲིལ་ལས༔ ཚེ་སྒྲུབ་ཡང་ཟབ་སྙིང་པོ་བཞུགས་སོ༔

p. 516

པདྨ་ཚེ་ཡི་ལྷ་ལ་འདུད༔ འཆི་མེད་འོད་གསལ་དྭངས་མའི་སྲོག༔ འཕོ་བྲལ་གཞོན་ནུ་བུམ་པའི་སྐུར༔ རྟག་པ་དམ་པ་སྒྲུབ་པའི་ཐབས༔ ཡང་ཟབ་སྙིང་པོའི་རྣལ་འབྱོར་བསྟན༔ ས་མ་ཡ༔ [དེ་ལ་སྦྱོར་དངོས་རྗེས་ཀྱིས་ཏེ༔ དཀྱིལ་འཁོར་བུམ་པ་ཐབས་ཤེས་རྫས༔ ཚེ་མདའ་ཕྱི་ནང་གསང་བ་ཡི༔ མཆོད་པས་ཡོངས་བསྐོར་སྒྲུབ་པ་པོ༔ བདེ་བའི་སྟན་ལ་བག་ཕེབས་འཁོད༔ དག་པ་མཉམ་ཉིད་ལྟ་དགོངས་དང་༔ ལྡན་པས་སྐྱབས་སུ་འགྲོ་བ་ནི༔]ན་མོ་གདོད་མའི་གནས་ལུགས་མི་ཤིགས་པ༔ རང་བྱུང་ཁྱབ་བརྡལ་རོལ་པའི་གཤིས༔ རང་གསལ་ལྷུན་གྲུབ་ཆེན་པོའི་ངང་༔ འདུ་འབྲལ་མེད་

p. 517

པར་སྐྱབས་སུ་མཆི༔ [བྱང་ཆུབ་མཆོག་སེམས་བསྐྱེད་པ་ནི༔]ཧྲཱིཿ རང་བཞིན་མེད་པའི་འཁྲུལ་སྣང་གཟུགས༔ དངོས་འཛིན་བག་ཆགས་འགྲོ་བའི་ཁམས༔ གཉུག་མའི་ངང་དུ་ཕྱག་བརྡལ་བའི༔ རང་གྲོལ་རྒྱ་ཡན་སེམས་མཆོག་བསྐྱེད༔ [གཉིས་སྣང་བགེགས་ཚོགས་བསྐྲད་པ་ནི༔]ཧྲཱིཿ སྣང་སྲིད་ཁྲོ་བོ་རོལ་པའི་སྤྲིན༔ རྟ་མཆོག་རྒྱལ་བའི་བརྟུལ་ཞུགས་ལས༔ ནམ་ཡང་འགྲོ་འོང་བྲལ་བའི་ཕྱིར༔ བགེགས་ཚོགས་ཀློང་ཡངས་དབྱིངས་སུ་བསྐྲད༔ སརྦ་བྷུ་ཏ་ཨུཏྪཊ་ཡ་ཕཊ༔ དྷརྨ་དྷཱ་ཏུ་རཀྵ་ཧོཿ[མཆོད་རྫས་བྱིན་གྱིས་བརླབ་པ་ནི༔]ཧྲཱིཿ དངོས་བཤམས་ཡིད་སྤྲུལ་མཆོད་པའི་

p. 518

རྫས༔ རབ་འབྱམས་ནམ་མཁའི་ཁམས་གང་བ༔ ཀུན་ཏུ་བཟང་པོའི་རོལ་པ་ཆེ༔ ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར༔ ཨོཾ་ཨཱཿཧཱུྃ་བྷྲཱུཾ་རྫྙཱ་ན་ཙཀྲ་སྥ་ར་ཎ་ཁཾ༔ [དངོས་གཞི་བསྐྱེད་པའི་རིམ་པ་ནི༔] ཧྲཱིཿ ཆོས་རྣམས་མཐའ་བྲལ་དེ་བཞིན་ཉིད༔ སྟོང་ཉིད་སྙིང་རྗེ་ཀུན་ཏུ་སྣང་༔ སོར་རྟོག་ཡེ་ཤེས་རྒྱུ་ཡི་ཧྲཱིཿ ལས་འཕྲོས་འོད་ཀྱིས་སྣོད་བཅུད་སྦྱངས༔ ཡེ་ཤེས་དཀྱིལ་འཁོར་མཚན་རྫོགས་དབུས༔ ཧྲཱིཿཉིད་ཡོངས་གྱུར་སྐད་ཅིག་གིས༔ བཅོམ་ལྡན་མགོན་པོ་ཚེ་ཡི་བདག༔ རྡུལ་བྲལ་པདྨ་རཱ་གའི་མདོག༔ ཐིག་ལེ་ཉག་གཅིག་ཞི་འཛུམ་ཞལ༔ རྣམ་ཐར་གསུམ་ལྡན་སྤྱན་གསུམ་མཛེས༔ སྲིད་ཞི་མཉམ་ཉིད་ཕྱག་མཉམ་གཞག༔ འཆི་མེད་ཚེ་བུམ་རྣམ་པར་འཛིན༔ ཐབས་ཤེས་ཤུང་འཇུག་རྡོར་དཀྱིལ་བཞུགས༔ དབུ་སྐྲ་ཐོར་ཚུགས་ནོར་བུའི་ཏོག༔ རིན་ཆེན་རུས་རྒྱན་དར་ཆས་བཀླུབས༔ ལོངས་སྤྱོད་ཡོངས་རྫོགས་རྒྱན་གྱིས་སྤྲས༔ ཡུམ་མཆོག་མནྡཱ་ར་བ་དམར༔ མདའ་དར་ཚེ་བུམ་འཛིན་པས་འཁྱུད༔ གནས་ལྔར་རིགས་ལྔ་ཚེ་དཔག་མེད༔ དཀར་དམར་མཐིང་སེར་ལྗང་གུའི་མདངས༔ རང་རིགས་ཡུམ་མཆོག་རྣམ་ལྔར་རོལ༔ རྒྱན་ཆ་གཙོ་བོ་ལྟ་བུའོ༔ འཇའ་འོད་ཟེར་ཐིག་འཁྱིལ་

p. 519

དབུས་བརྗིད༔ དེ་ཕྱིར་པདྨ་འདབ་བརྒྱད་སྟེང་༔ སྒེག་སོགས་མཆོད་པའི་ལྷ་མོ་བརྒྱད༔ བདེ་སྟོང་ཉམས་རྒྱས་རང་རང་གི༔ མཆོད་པའི་སྤྲིན་ཕུང་མཁའ་ཁྱབ་སྤྲོ༔ སྒོ་བཞིར་མགྱོགས་མ་ལས་བཞིའི་མདོག༔ རང་རིགས་ཕྱག་མཚན་ཚེ་བུམ་བསྣམས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ ཚེ་ལྷ་རབ་འབྱམས་སྤྲིན་ལྟར་གཏིབས༔ གནས་གསུམ་འབྲུ་གསུམ་ཡི་གེས་མཚན༔ རང་བྱུང་རང་གསལ་དབང་མཆོག་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་པདྨ་ཀོ྅ཧཾ༔ [དད་མོས་གདུང་བའི་ཤུགས་བསྐྱེད་ལ༔ སྤོས་བཏུལ་དབྱངས་རོལ་དང་བཅས་པས༔ ཡེ་ཤེས་དཀྱིལ་འཁོར་སྤྱན་འདྲེན་ནི༔]ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དག་པའི་གྲོང་༔ ཡེ་ཤེས་འོད་ལྔའི་ད་ལ་ནས༔ སྐྱེ་འཆི་གཉིས་མེད་ཚེ་ཡི་བདག༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཛྲ་ས་མ་ཡ་ཛཿཛཿ[བརྟན་བཞུགས་ཕྱག་མཆོད་ལས་རིམ་ནི༔] ཨོཾ༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ དག་པའི་སྟན་ལ་བརྟན་པར་བཞུགས༔ རང་གསལ་མཉམ་གནས་བརྡ་ཕྱག་འཚལ༔ འདོད་ཡོན་ལྔ་ལྡན་ཕྱི་མཆོད་དང་༔ དུག་གསུམ་རང་གྲོལ་ནང་མཆོད་

p. 520

དང༔ མཉམ་སྦྱོར་བདེ་ཆེན་གསང་མཆོད་ཆེ༔ ཞེན་བྲལ་བློ་འདས་དེ་ཁོ་ན༔ མཆོད་བྱ་མཆོད་ཡུལ་མཆོད་བྱེད་རྣམས༔ ལྷུན་གྲུབ་བྱ་རྩོལ་བྲལ་བར་འབུལ༔ འཆི་མེད་དངོས་གྲུབ་བསྩལ་ཏུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་[སོགས་ནས།] ཤཔྡ་པཉྩ་ཀ་མ་གུ་ཎ་སརྦ་པཱུ་ཛ་མེ་གྷ་པྲ་ཏཱིཙྪ་ཧོཿ [སྙན་པའི་དབྱངས་ཀྱིས་འགྱུར་བས་བསྟོད༔] ཧཱུྃ་ཧྲཱིཿ རྡུལ་བྲལ་དག་པའི་རང་མདངས་ཁམས༔ སོར་རྟོག་ཡེ་ཤེས་ཕྱག་རྒྱར་རྫོགས༔ མཚན་དཔེའི་འོད་ཕྲེང་མེར་ཞིང་འཁྱིལ༔ སྲིད་ཞིའི་ཚེ་བཅུད་འགུགས་པའི་དཔལ༔ བླ་མ་ཚེ་མཐའ་ཡས་ལ་བསྟོད༔ བདེ་སྟོང་དགའ་བཞིའི་རོལ་རྩལ་གར༔ སྒེག་སོགས་མཆོད་པའི་ལྷ་མོ་བརྒྱད༔ མགྱོགས་མ་བཞི་སོགས་ཚེ་ཡི་ལྷ༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ [སྙིང་པོ་བཟླས་པའི་རྣལ་འབྱོར་ནི༔] རང་གི་ཐུགས་ཀར་འོད་ལྔའི་ཀློང་༔ ཡེ་ཤེས་སེམས་དཔའ་མཐིང་གསལ་གྱི༔ ཐུགས་ཀའི་དབུས་སུ་རྒྱ་གྲམ་ལྟེར༔ ཉི་ཟླའི་གྭའུ་ཁ་སྦྱོར་སྦུབས༔ ཏིང་འཛིན་སེམས་དཔའ་ཡི་གེ་ཧྲཱིཿ མཐའ་སྐོར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ འོད་འཕྲོས་འགྲོ་བའི་ཚེ་གེགས་སྦྱངས༔ ཚུར་འདུས་སྲིད་ཞིའི་ཚེ་བཅུད་བསྡུས༔ འཆི་མེ་ཡེ་ཤེས་

p. 521

འགྲུབ་པར་[བསམ༔] ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ [ཞེས་པ་ཆུ་བོའི་རྒྱུན་བཞིན་བཟླ༔ ཐུན་མཐའ་ཚོགས་གཉིས་སྤེལ་བའི་ཕྱིར༔ བཟའ་བཏུང་འདོད་ཡོན་ཚོགས་སུ་བཤམས༔] རྃ་ཡྃ་ཁྃ༔ ཡི་གེ་གསུམ་གྱི་ཆོ་འཕྲུལ་ལས༔ ཚོགས་ཀྱི་ཉེས་སྐྱོན་སྟོང་པར་སྦྱངས༔ སླར་ཡང་ཨོཾ་ཨཱཿཧཱུྃ་འོད་ཀྱིས༔ ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་འཕྲོ༔ ཨོཾ་ཨཱཿཧཱུྃ༔ [སྤྱན་འདྲེན་ནི༔] ཧཱུྃ༔ འཆི་མེད་རྒྱལ་བའི་དཀྱིལ་འཁོར་པ༔ བདག་སོགས་ཚོགས་གཉིས་བསགས་པའི་ཕྱིར༔ ཚོགས་ཁང་གཞལ་ཡས་ཉམས་དགའ་འདིར༔ སྤྱན་འདྲེན་དགྱེས་བཞུགས་འདོད་ཡོན་གཏེར༔ ཡེ་ཤེས་རོལ་པའི་ཚོགས་མཆོད་བཞེས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ས་མ་ཡ་ཧྲིང་ཧྲིང་ཛཿཧཱུྃ་བྃ་ཧོཿ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ [བཤགས་པ་ནི༔] ཧོཿ ཚེ་རབས་ཐོག་མེད་ནས་བཟུང་ཏེ༔ ཐ་མ་ད་ལྟ་ཡན་ཆད་དུ༔ ཉམས་ཆག་ཉེས་པའི་ཚོགས་རྣམས་ཀུན༔ ཚོགས་མཆོད་ཡེ་ཤེས་རོལ་པས་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ [བསྒྲལ་སྟོབ་ནི༔] ཧཱུྃཿ མ་རིག་གཉིས་འཛིན་བདུད་ཀྱི་དཔུང་༔ རང་བྱུང་རིག་པའི་མཚོན་

p. 522

གྱིས་བསྒྲལ༔ རྣམ་ཤེས་ཆོས་དབྱིངས་ཆེན་པོར་སྦྱངས༔ ཤ་ཁྲག་ཚོགས་ཀྱི་འཁོར་ལོར་འབུལ༔ སརྦ་ནྲྀ་ཏྲི་མཱ་ར་ཡ་ཕཊ་ཁཱཧི༔ [བར་པ་མཆེད་ལྕམ་ཐམས་ཅད་ཀྱིས༔ རྡོ་རྗེའི་ལོངས་སྤྱོད་ཆེན་པོར་རོལ༔ ཐ་མ་ཞེན་བྲལ་འདོད་ཡོན་སྤུངས༔ བདུད་རྩིའི་གསང་ནན་དང་བཅས་དབབ༔] ཧཱུྃ་ཧྲཱིཿ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང་༔ ལེགས་ཉེས་དམ་ཚིག་རྗེས་གཅོད་པའི༔ མ་སྲིང་མཁའ་འགྲོའི་ཚོགས་ལ་འབུལ༔ ཟབ་གསང་བསྟན་པ་སྤེལ་བ་དང་༔ དགྲ་བགེགས་སྒྲོལ་པའི་འཕྲིན་ལས་མཛོད། ཨུཙྪིཥྚ་པ་ལིངྟ་ཁཱཧི༔ [ཆད་ཐོ་ནི༔] ཧཱུྃ་ཧྲཱིཿ སྔོན་ཚེ་བླ་མ་འོད་སྣང་ཚེའི༔ སྤྱན་སྔར་ཞལ་བཞེས་ཆད་དོན་བཞིན༔ ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ བདུད་གཞིའི་གཡུལ་ལས་རྒྱལ་ར་མཛོད༔ སརྦ་བ་ལིངྟ་ཁཱཧི༔ [བརྟན་མ་ནི༔] ཧཱུྃ་ཧྲཱིཿ བདུད་དང་སྨན་མོ་གནོད་སྦྱིན་སོགས༔ མ་སྲིང་བརྟན་མ་འཁོར་བཅས་ཀྱིས༔ བཤལ་ཆུ་དམ་རྫས་འདི་བཞེས་ལ༔ སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔ མ་མ་ཧྲིང་ཧྲིང་བ་ལིངྟ་ཁཱཧི༔ [གཏོར་བྲོ་ནི༔] ཧྲཱིཿ ཧ་ཡ་གྲཱི་བ་རྔམས་པའི་སྐུ༔ སྒེག་པའི་གར་གྱིས་ས་གསུམ་ཁྱབ༔ མ་རིག་འབྱུང་པོ་བགེགས་ཀྱི་རིགས༔ གཞི་རྫོགས་མཐའ་བྲལ་ཆེན་

p. 523

པོར་མནན༔ ཧཱུྃ་ལྃ་སྟྭྃ་བྷ་ཡ་ནན༔ [རྗེས་སུ་དངོས་གྲུབ་བླང་བ་ནི༔] ཧཱུྃ༔ འཆི་མེད་ཡེ་ཤེས་བདུད་རྩིའི་དབྱིག༔ ཟད་མེད་དངོས་གྲུབ་འཁྱིལ་བའི་བཅུད༔ གསང་བ་ཟབ་མོའི་ཚེ་ཡི་དཔལ༔ ད་ལྟ་ཉིད་དུ་བསྩལ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་བྷྲཱུྃ་སརྦ་སིདྡྷི་ཕ་ལ་ཧོ༔ [བསྔོ་བ་ནི༔] ཟག་མེད་ཡེ་ཤེས་ཆེན་པོ་ཡིས༔ བསྡུས་པའི་དགེ་ཚོགས་གང་ལགས་པ༔ འཆི་མེད་ཡེ་ཤེས་ཐོབ་པའི་ཕྱིར༔ དམིགས་མཐའ་བྲལ་བར་བསྔོ་བར་བྱ༔ [སྨོན་ལམ་ནི༔] ཧྲཱིཿ མཁའ་མཉམ་སེམས་ཅན་མ་ལུས་པ༔ མི་གནས་ཆོས་དབྱིངས་ཀུན་ཁྱབ་ཀློང་༔ སྐྱེ་འགག་བྲལ་བ་གདོད་མའི་ཀློང་༔ བྱ་རྩོལ་མེད་པར་མཉམ་གནས་ཤོག༔ [བཀྲ་ཤིས་ནི༔] ཧྲཱིཿ གཞོམ་བྲལ་རིག་པ་བུམ་པའི་སྐུ༔ འོད་གསལ་སྣང་བ་གོང་འཕེལ་དུ༔ ཆོས་ཉིད་གཞིར་རྫོགས་ཚེ་ཡི་དཔལ༔ མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ [མཇུག་ཏུ་སྐལ་ལྡན་སྨིན་འདོད་ན༔ འཆི་མེད་བུམ་པ་དངོས་གྲུབ་རོལ༔ ཁྲུས་དབྱུང་བགེགས་ཕྲལ་སྲུང་མཚམས་བཅད༔ རྒྱུད་སྦྱང་ལྷར་བསྐྱེད་ཡེ་ཤེས་བསྟིམ༔ མོས་གདུང་ཐལ་སྦྱར་གསོལ་བ་གདབ༔] ཀྱེ་ཧོཿ རིགས་བདག་པདྨ་ཚེ་མཐའ་ཡས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བཀྲ་ཤིས་ཟླ་གསང་ཚེའི་

p. 524

དལ་དུ༔ གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ [ཞེས་གསོལ་ཚེ་བུམ་སྤྱི་བོར་བཞག༔ སློབ་མའི་མགོར་བཞག་བུམ་ཆུ་སྦྱིན༔] ཧཱུྃ༔ བུམ་པའི་བདུད་རྩི་འཆི་མེད་བཅུད༔ གདན་གསུམ་རྡོ་རྗེའི་ནང་གཏམས་པས༔ ཚེ་ཡི་དངོས་གྲུབ་འཁྱིལ་བ་ཡི༔ དབང་མཆོག་མཉམ་པ་ཆེན་པོར་བསྐུར༔ ཨ་མྲྀ་ཏ་ཀཱ་ཡ་ཨ་བྷིཥིཉྩ་ཧྲཱིཿ [ཚེ་ཆང་རོལ་ལ༔]ཨཱཿ འཁོར་འདས་དྭངས་བཅུད་བདུད་རྩིའི་གཏེར༔ རྩ་ཁམས་དྭངས་མའི་ཁམས་བཀང་བས༔ འཕོ་བྲལ་ལོངས་སྤྱོད་རྫོགས་པའི་ཚེ༔ རང་གསལ་འོད་སྣང་རྒྱས་པར་བསྐུར༔ ཨ་མྲྀ་ཏ་ཝཱ་ཀ་ཨཱ་ཡུརྫྙཱ་ན་བྷྲཱུྃ༔ [ཚེ་རིལ་རོལ་ལ༔] ཧཱུྃ༔ བརྟན་གཡོའི་ཚེ་བཅུད་འདུས་པའི་གཏེར༔ འོད་གསལ་སྙིང་པོའི་རིལ་བུ་འདི༔ སྐལ་ལྡན་བ་ལ་སྦྱིན་པ་ཡིས༔ སྐྱེ་འགགས་བྲལ་བའི་ཚེ་ཐོབ་ཤོག༔ ཨ་མྲྀ་ཏ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ [དེ་ནས་རྒྱས་གདབ་བརྟན་པར་བྱ༔ སྔོན་རྗེས་སྤྱོད་ལམ་སྤྱི་ལྟར་བྱ༔ སྲོག་བསླུ་ཆུ་སྦྱིན་རླུང་དར་དང་༔ སྲེག་བླུག་ཚེ་བསོད་རྒྱས་ཐབས་དང་༔ ཚེ་ཡི་འཁོར་ལོ་རྫས་ལྡན་འདོགས༔ རྟེན་འབྲེལ་སྔགས་དང་ནུས་ལྡན་རྫས༔ བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་དང་༔ རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་དང་༔ ཨ་ཧཾ་འབར་འཛག་བདེ་ཆེན་དང་༔ སྟོབས་བསྐྱེད་སྨན་གྱི་འཁྲུལ་འཁོར་སོགས༔ ཟབ་ཡིག་གུད་སྦས་ནང་ལྟར་སྤྱོད༔ ས་མ་ཡ༔ དེ་ལྟར་རྣལ་འབྱོར་ལྡན་པ་ཡིས༔ ཐེ་ཚོམ་བྲལ་བར་བསྒྲུབ་གྱུར་ན༔ རྡོ་རྗེ་ཚེ་ཡི་རིག་འཛིན་གྲུབ༔ ཚེ་ཟད་པ་

p. 525

ཡང་རིང་དུ་བསྲིང་༔ མ་འོངས་ཆོས་བདག་སྐྱེས་བུ་དང་༔ དམ་ལྡན་སློབ་མའི་སྲོག་མཐུད་པའི༔ ཚེ་སྒྲུབ་ཀུན་དྲིལ་བཅུད་འདུས་ཀྱི༔ སྒྲུབ་ཐབས་སྙིང་པོར་བསྡུས་པ་འདི༔ ཨོ་རྒྱན་ཆེན་པོའི་ཐུགས་དམ་ལྷ༔ གཞན་ལ་མ་བསྟན་གུད་དུ་སྦས༔ ལྷོ་ནུབ་སྲིན་ཡུལ་ཕེབས་ཉེར་ཚེ༔ སྐལ་ལྡན་མཁར་ཆེན་བཟའ་བདག་ལ༔ ཡེ་ཤེས་ཐུགས་ཀྱིས་བཟུང་ནས་བསྩལ༔ ཕུར་པ་ཡང་ཟབ་བཅུད་དྲིལ་གྱི༔ སྙིང་པོ་ཆོས་སྐོར་དང་འབྲེལ་བ༔ མོན་ཁ་སེང་གེ་རྫོང་གསུམ་དུ༔ ལེ་ལག་ཕྱེས་ནས་སྦས་པ་འདི༔ བྲག་རི་པདྨ་བརྩེགས་པའི་རྩེར༔ སྦས་ཏེ་ཀླུ་མོ་འོད་འབར་མང༔ ཉེར་དུ་གཏད་དུ་བཀའ་རྒྱས་བཏབ༔ མ་འོངས་བོད་ཁམས་ཕྱི་ནང་ཀུན༔ འགོང་པོ་སྤུན་དགུས་མནར་བའི་དུས༔ ང་སྤྲུལ་བུ་ཡིས་ལོངས་སྤྱོད་ནས༔ འགྲོ་དོན་འཕྲིན་ལས་མཐའ་རྒྱས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁོ་བོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་ཤིང་འབྲུག་ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་ལ་དཔལ་གྱི་སེང་གེ་རྫོང་གི་མདུན་རི་བྲག་པདྨ་སྤུངས་པ་འདྲ་བ་ནས་སྤྱན་དྲངས་པའི་ཤོག་སེར་ཚོན་གང་བ་གཅིག་ལས་གནས་དུས་གྲོགས་ཀྱི་རྟེན་འབྱུང་ངང་གིས་འགྲིགས་ནས་འབྲུག་ལྷུན་རྩེ་རྫོང་དུ་ཤར་མར་ཕབ་པ་བཀྲ་ཤིས་དགེ་བར་གྱུར་ཅིག།། །།]༈ ། [ཚེ་སྒྲུབ་ཡང་ཟབ་སྙིང་པོ་ལས༔ ཚེ་འགུགས་བུང་་བཅུད་སྡུད་བཞུགས༔] ཧྲཱིཿ ཆོས་དབྱིངས་བརྡལ་བ་ཆེན་པོའི་ཀློང་༔ འཕོ་བྲལ་རྟག་བརྟན་རྡོ་རྗེའི་དངོས༔ འོད་གསལ་མཆོག་ཏུ་མི་འགྱུར་བའི༔

p. 526

ཆོས་སྐུ་རབ་འབྱམས་ཚེ་ཁུག་ཅིག༔ མཁའ་ཁྱབ་བདེ་ཆེན་རྡོ་རྗེའི་དངོས༔ ལྷུན་གྲུབ་ཞིང་སྐུ་ཁམས་ཀླས་པའི༔ ཡེ་ཤེས་རོལ་པ་ཆེ་བའི་མཆོག༔ ལོངས་སྐུ་རབ་འབྱམས་ཚེ་ཁུག་ཅིག༔ རྩལ་སྣང་ཐུགས་རྗེ་ཆོ་འཕྲུལ་རྒྱན༔ མ་འགག་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ སྲིད་ཞི་ཀུན་ཁྱབ་དྭངས་མའི་སྲོག༔ སྤྲུལ་སྐུ་རབ་འབྱམས་ཚེ་ཁུག་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་སྲོག་དབུགས་ཉམས་པ་གསོས༔ གདོན་བགེགས་འབྱུང་པོས་ཁྱེར་བ་ཁུག༔ ཚེ་དཔལ་གཟི་བརྗིད་སྟོབས་མདངས་བསྐྱེད༔ ཚེ་རྫས་འདི་ལ་བྱིན་བཅུད་ཕོབ༔ ཚེ་མདའ་འདི་ལ་རྟགས་མཚན་སྤེལ༔ བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་རྒྱན་ཉི་ལི་ལི༔ འཇའ་འོད་ཟེར་ཐིག་བྲེངས་སེ་བྲེང་༔ བདེ་དྲོད་རང་འབར་ཆི་ལི་ལི༔ ད་ལྟ་ཉིད་དུ་ཚེ་གཡང་ཁུག༔ མྱུར་བ་ཉིད་དུ་མཆོག་དངོས་སྩོལ༔ བྱིན་ཆེན་ལྡན་པས་བྱིན་ཕོབ་ལ༔ དབང་ཆེན་མངའ་པས་ཚེ་དབང་བསྐུར༔ མཐུ་ཆེན་རྣམས་ཀྱིས་མཐུ་རྩལ་ཕྱུངས༔ ལས་ཀྱི་འབྲས་བུ་དེང་མཆིས་མཛོད༔ ཨོཾ་ཨཱཿཧྰུྃ་བཛྲ་གུ་རུ་མཧཱ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧྲིང་ཧྲིང་ཕེཾ་ཕེཾ་ཛཿཛཿནྲྀ་བྷྲཱུྃ་ཛཿཧྰུྃ་བྃ་ཧོཿ [ཞེས་བརྗོད་སྤོས་

p. 527

རོལ་གཟི་བྱིན་བསྐྱེད༔ མོས་གུས་གདུང་ཤུགས་དྲག་པོ་དང༔ རིག་པ་ཧུར་ཕྱུང་ཏིང་འཛིན་བརྟན༔ ཐེ་ཚོམ་ཡིད་གཉིས་བྲལ་བ་ཡིས༔ གཞུང་བཞིན་གང་གིས་བརྩོན་གྱུར་ན༔ དེ་ཉིད་དུ་ནི་དྲོད་རྟགས་མཐོང༔ འཆི་བདག་ཞག་པས་ཐེབས་ཟིན་ཀྱང༔ ཉམ་ང་མི་དགོས་མན་ངག་གནད༔ རིག་འཛིན་བདག་གི་ཐུགས་ཐིག་གི༔ དེ་ནས་རྒྱས་གདབ་དབྱིངས་སུ་སྦ༔] ཨ༔ སྐྱེ་འགགས་བྲལ་བའི་མཁའ་ཀློང་ནས༔ སྤྲོས་པས་འཁོར་འདས་ཀུན་ལ་ཁྱབ༔ སླར་བསྡུས་དྭངས་སྲོག་ཧྲཱིཿལ་བསྡུས༔ གཉུག་མའི་གཤིས་སུ་རྒྱས་གདབ་པས༔ རྡོ་རྗེའི་ཚེ་སྲོག་བརྟན་པར་ཤོག༔ ཧྲཱིཿཧྲཱིཿཧྲཱིཿཨཱ་ཡུརྫྙཱ་ན་དྷརྨ་དྷ་ཏུ་རཀྵ་ཨ་ཧཾཿ [དགོངས་པ་ཀློང་དུ་གྱུར་པའི་གདིང་༔ ཁྱབ་བརྡལ་ཆེན་པོའི་མཁའ་ལ་སྦ༔ ས་མ་ཡ༔ ཁོ་བོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་མོན་ཁ་སེང་གེ་རྫོང་གི་མདུན་རིའི་བྲག་པདྨ་སྤུངས་པ་འདྲ་བ་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕྱིས་སུ་བུམ་ཐང་དཔལ་རི་དགོན་ཏུ་རྟེན་འབྲེལ་ཞིག་ལ་བརྟེན་ནས་ཕབ་པའོ།། །།]༈ ། [ཚེ་སྒྲུབ་ཡང་ཟབ་སྙིང་པོའི་བརྒྱུད་འདེབས་འཆི་མེད་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །]ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཡེ། གདོད་མའི་མགོན་པོ་འོད་སྣང་ཚེ་མཐའ་ཡས། །ཐུགས་རྗེ་ཆེན་པོས་པདྨ་ཚེ་ཡི་བདག །མནྡཱ་ར་བ་བདེ་ཆེན་མཚོ་རྒྱལ་ལྕམ། །

p. 528

གསོལ་བ་འདེབས་སོ་རྡོ་རྗེའི་ཚེ་དབང་སྩོལ། །རྣམ་སྣང་ལོ་ཆེན་རྡོ་རྗེ་བདུད་འཇོམས་རྩལ། །གཏེར་འབྱིན་དཔའ་བོ་ཆོས་བདག་བརྒྱུད་བཅས་དང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཚེ་དབང་སྩོལ། །ཚེ་བདག་རིགས་ལྔ་སྒེག་སོགས་ལྷ་མོ་བརྒྱད། །མགྱོགས་མ་བཞི་སོགས་ཚེ་དབང་རིག་འཛིན་གྱི། །དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཚེ་དབང་སྩོལ། །སྣང་སྲིད་སྣོད་བཅུད་བསྐྱེད་རིམ་ལྷར་སྣང་རྟོགས། །རླུང་སྔགས་དབྱེར་མེད་རྡོ་རྗེའི་གདངས་སུ་གྲགས། །རྟོག་ཚོགས་རིག་སྟོང་འོད་གསལ་ཆེན་པོར་རྫོགས། །སྐྱེ་འཆི་གཇིས་མེད་རྡོ་རྗེའི་ཚེ་བརྙེས་ཤོག །[ཅེས་པའང་རིགས་ཀྱི་མྱུ་གུ་ཀུན་བཟང་འོད་གསལ་རྟག་བརྟན་རྡོ་རྗེ་དང་སློབ་བུའི་ཐུ་བོ་འབྲུག་བྲང་ལ་སློབ་དཔོན་པདྨ་ཀུན་བཟང་འཕྲིན་ལས་མཐའ་ཡས་ཟུང་གིས་བསྐུལ་ངོར་གཏེར་སྟོན་རང་ཉིད་ཀྱིས་ཤར་མར་སྦྱར་བའོ།། །།]༈ ། [རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ལས། ཚེ་སྒྲུབ་ཡང་ཟབ་སྙིང་པོའི་དབང་གི་མཚམས་སྦྱོར་བདུད་རྩིའི་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། །]ན་མོ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ཡེ། འཆི་མེད་འོད་སྣང་ཉི་མ་ཆེས། །འཆི་བདག་མུན་པ་མཐར་མཛད་པ། །པདྨ་ཚེ་དཔག་མེད་མགོན་ལ། །བཏུད་ནས་སྨིན་བྱེད་

p. 529

མཚམས་སྦྱར་དགོས། །[རྒྱལ་དབང་པདྨ་སམྦྷ་ཝའི་ཐུགས་བཅུད་ཚེ་སྒྲུབ་ཡང་ཟབ་སྙིང་པོའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་ཤོམ། དངོས་གཞི་སྒྲུབ་ཐབས། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་དུ་རས་བྲིས་སམ་རིན་པོ་ཆེའི་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར་མཉྫིའི་སྟེང་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་གྱིས་སྤྲས་པ། དེ་མདུན་ཚེ་བུམ། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ། མདུན་རྒྱབ་གང་བདེར་བླ་གཏོར་ཟླུམ་བརྗིད་ཀྱི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཉེར་སྤྱོད། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན། ཆོས་སྲུང་གི་གཏོར་འབུལ། རང་གི་མདུན་དུ་ལས་བུམ། གུལ་ཡུངས༔ མེ་ཏོག །ཌཱ་དྲིལ་སོགས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་ཐབས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ནས་བཟུང་འཕྲིན་ལས་བསྟོད་པའི་བར་མཐར་དབྱུང་། བསྙེན་དམིགས་ཀྱི་དབུར་ཛཔྲ་ཁང་དབྱེ་བའམ་བདག་མདུན་བུམ་གསུམ་བཞིན་དང་མེ་ལོང་ལྟར་སེམས་ཉིད་ཀྱི་རོལ་པ་ཡེ་ཤེས་ཆེན་པོའི་ཀློང་དུ་རོ་གཅིག་པར་རྟོགས་པའི་ལྟ་དགོངས་དང་ལྡན་པས་བཟླས་པ་ཅི་འགྲུབ་མཐར་སྟོང་ཚིག་མཆོད་བསྟོད་མདོར་བསྡུས་དང་ཚེ་འགུགས་བཅས་བཏང་། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱས་རྗེས་བཀའ་གཏེར་སྲུང་མའི་གཏོར་འབུལ་རྒྱས་བསྡུས་གང་འོས་དང་། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་སྟོབ་ཀྱི་མཐའ་བར་བཏང་

p. 530

རྗེས་རིག་པའི་མེ་ཏོག་དོར་བས་དཀྱིལ་འཁོར་དུ་འཇུག་ཅིང་། སློབ་བུ་གཞུག་པར་གནང་བ་ནོད། དེ་ནས་འདུ་བར་འོས་པའི་སློབ་བུ་རྣམས་སྒོ་དྲུང་ནས་ཁྲུས་དབྱུང་དང་། ནང་དུ་ཚོགས་ཏེ་བགེགས་ཕྲལ་སྲུང་མཚམས་བཅད་ནས།] འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཆི་མེད་བླ་མ་པདྨ་ཚེ་མཐའ་ཡས་པའི་གོ་འཕང་རིན་པོ་ཆེར་དུས་མྱུར་བ་ཉིད་དུ་འགོད་པར་བྱ། དེའི་ཆེད་དུ་ཡང་ཟབ་ཚེའི་དབང་མཆོག་ཟབ་མོ་ཞུ་ནས་རྩེ་གཅིག་ཏུ་ཉམས་སུ་བླང་བར་བྱའོ་སྙམ་པའི་སེམས་བསྐྱེད་དང་ལྡན་པས་གསན་འཚལ། དེ་ཡང་ཆོས་ལྡན་གྱི་ལུས་རྟེན་རིང་དུ་འཚོ་བ་ནི་ཤིན་ཏུ་གལ་ཆེ་ཤོས་ཀྱི་རྩ་བ་ཡིན་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་བསྒྲུབ་པའི་རྟེན་གཞི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་བསྒྲུབ་པའི་ཐབས་ཚུལ་ཕྱི་ནང་གི་གྲུབ་མཐའ་ཀུན་ལ་ཇི་སྙེད་ཅིག་ཡོད་པ་ལས་ཁྱད་པར་དུ་མས་འཕགས་པ་འཆི་མེད་མགོན་པོ་མ་ཧཱ་གུ་རུ་པདྨ་ཚེ་མཐའ་ཡས་པ་ཉིད་འཆི་མེད་ཀྱི་རིག་འཛིན་ཆེན་པོ་རྡོ་རྗེ་སློབ་དཔོན་གྱི་རོལ་གར་དུ་བཞེངས་པ་དུས་གསུམ་ཀུན་མཁྱེན་སངས་རྒྱས་གཉིས་པ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསང་གསུམ་རྡོ་རྗེའི་སྒྱུ་འཕྲུལ་ཚད་མེད་འཕྲིན་ལས་ཀྱི་འཇུག་པ་ཟབ་མོས་སྙིགས་འགྲོའི་སེམས་ཅན་མགོན་མེད་རྣམས་

p. 531

བརྩེ་བ་ཆེན་པོས་ཆེད་དུ་དགོངས་ཏེ་ནང་གི་རྒྱུད་སྡེའི་རྒྱལ་པོ་ཡོ་ག་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱ་ཟབ་མོའི་གཏེར་སྦས་པ་ཐམས་ཅད་ཀྱི་སྙིང་པོའི་ཡང་ཟབ་བླ་ན་མ་མཆིས་པ། རྡོ་རྗེ་ཕུར་པ་འཕྲིན་ལས་བཅུད་དྲིལ་གྱི་ཆ་ལག་ཚེ་སྒྲུབ་ཡང་ཟབ་སྙིང་པོའི་སྨིན་བྱེད་བགྱི་བ་ཡིན་ཏེ། གཏེར་གཞུང་རྩ་བ་ལས། འཆི་མེད་འོད་གསལ་དྭངས་མའི་སྲོག༔ འཕོ་བྲལ་གཞོན་ནུ་བུམ་པའི་སྐུར༔ རྟག་པ་དམ་པ་སྒྲུབ་པའི་ཐབས༔ ཡང་ཟབ་སྙིང་པོའི་རྣལ་འབྱོར་བསྟན༔ ཅེས་དང་། དེ་ལྟར་རྣལ་འབྱོར་ལྡན་པ་ཡིས༔ ཐེ་ཚོམ་བྲལ་བར་བསྒྲུབ་གྱུར་ན༔ རྡོ་རྗེ་ཚེ་ཡི་རིག་འཛིན་འགྲུབ༔ ཚེ་ཟད་པ་ཡང་རིང་དུ་བསྲིང་༔ མ་འོང་ཆོས་བདག་སྐྱེས་བུ་དང་༔ དམ་ལྡན་སློབ་བུའི་སྲོག་མཐུད་ཕྱིར༔ ཚེ་སྒྲུབ་ཀུན་དྲིལ་བཅུད་འདུས༔ སྒྲུབ་ཐབས་སྙིང་པོར་བསྡུས་པ་འདི༔ ཨོ་རྒྱན་ཆེན་པོའི་ཐུགས་དམ་ལྷ༔ གཞན་ལ་མ་བསྟན་གུད་དུ་སྦས༔ ཞེས་ཆེད་དུ་གདམས་པར་མཛད་པ་དེ་ཉིད་སྤྲུལ་སྐུ་ནམ་མཁའི་རྡོ་རྗེས་མོན་ཁ་སེང་གེ་རྫོང་བདུད་རྩི་སྨན་གྱི་ཅུད་ལེན་རིལ་བུ་དང་ལྷན་ཅིག་གདན་དྲངས་པའི་འཆི་མེད་ཚེ་ཡི་དབང་བསྐུར་

p. 532

ཟབ་མོ་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་གྱུར་པ་ཞིང་ཁམས་འབུལ་བར་ཞུ། [ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག།] དཀྱིལ་འཁོར་གྱི་ཁྱབ་བདག་བླ་མ་ཚེ་དཔག་མེད་ལ་མོས་གུས་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿ རིགས་དག་པདྨ་ཚེ་མཐའ་ཡས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བཀྲ་ཤིས་ཟླ་གསང་ཚེའི་དལ་དུ༔ གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ [ཞེས་ལན་གསུམ།] ཕྱོགས་དུས་ཀྱི་སྐྱབས་ཡུལ་ཀུན་འདུས་བླ་མ་པདྨ་ཚེ་དཔག་མེད་དངོས་སུ་གསལ་བ་ལ་དུས་འདི་ནས་བཟུང་སྟེང་སྙིང་པོ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོཿ གདོད་མའི་གནས་ལུགས་མི་ཤིག་པ༔ རང་བྱུང་ཁྱབ་བརྡལ་རོལ་པའི་གཤིས༔ རང་གསལ་ལྷུན་གྲུབ་ཆེན་པོའི་ངང༔ འདུ་བྲལ་མེད་པར་སྐྱབས་སུ་མཆི༔ [ལན་གསུམ།] སྐྱབས་ཡུལ་དེ་དག་གི་སྤྱན་སྔར་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ རང་བཞིན་

p. 533

མེད་པའི་འཁྲུལ་སྣང་གཟུགས༔ དངོས་འཛིན་བག་ཆགས་འགྲོ་བའི་ཁམས༔ གཉུག་མའི་ངང་དུ་ཕྱམ་བརྡལ་བའི༔ རང་གྲོལ་རྒྱ་ཡན་སེམས་མཆོག་བསྐྱེད༔ [ལན་གསུམ།] ད་དབང་གི་གཞི་འགོད་པ་ལ་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་དག་རྩེ་གཅིག་ཏུ་བསྒོམ་མཛོད། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལས་རང་རིག་གསལ་མདངས་ཆེན་པོའི་གདངས་རྩལ་འགགས་པ་མེད་པའི་ཆ་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རིན་ཆེན་རྨ་བྱའི་ཁྲི་རྐང་པདྨ་ཉི་ཟླའི་སྟེང་དུ་ཧྲཱིཿདམར་ཡོངས་སུ་གྱུར་བ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་རིག་འཛིན་པདྨ་ཚེ་དཔག་མེད་དམར་གསལ་ཞལ་གཅིག་ཞི་འཛུམ་བརྗིད་པའི་ཉམས་ཅན་སྤྱན་ཟུང་ལྟ་སྟངས་ཧྲིག་གེ་བ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་བདུད་རྩིས་གང་བ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། མཚན་དཔེའི་གཟི་བྱིན་རབ་ཏུ་འབར་ཞིང་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་སྒེག་པ། རིགས་ཀྱི་ཡུམ་མཆོག་མདའ་དར་དང་ཚེ་བུམ་འཛིན་པས་རྣམ་པར་འཁྱུད་ཅིང་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་རྒྱ་གྲམ་ཉི་ཟླའི་གའུའི་སྦུབས་སུ་ཐུགས་སྲོག་སྔགས་ཕྲེང་གིས་བསྐོར་

p. 534

བ་འཇའ་ཟེར་ཐིག་ལེ་དྭངས་མར་འཁྲིགས་པའི་ཀློང་ན་དགྱེས་ཉམས་རོལ་པ་ཆེན་པོས་བཞུགས་པའི་གནས་གསུམ་འབྲུ་གསུམ་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས། ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ན་བཞུགས་པའི་སྐུ་གསུམ་འཆི་མེད་ཚེའི་ལྷ་ཚོགས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་ཕྱག་རྒྱའི་རྣམ་པར་མཚོ་ལ་ཆར་བབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད། [དྲི་བཟང་པོའི་སྤོས་དང་དབྱངས་རོལ་བཅས།] ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དག་པའི་གྲོང་༔ ཡེ་ཤེས་འོད་ལྔའི་ད་ལ་ནས༔ སྐྱེ་འཆི་གཉིས་མེད་ཚེ་ཡི་བདག༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧྰུྃ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཨ་ཝེ་ཤ་ཡ་ཨ་ཨཱཿ[ཞེས་དྲག་ཏུ་བརྗོད།] དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་རྣམས་དང་འབྲལ་མེད་པར་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། [ཞེས་རྡོ་རྗེ་རྒྱ་གྲམ་སྤྱི་བོར་འཇོག །རྣམ་བུམ་ཐོགས་ལ།] དེ་ནས་དངོས་གཞིའི་དབང་བསྐུར་བ་ལ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་འཆི་མེད་མགོན་པོའི་ལྷ་ཚོགས་མངོན་སུམ་དུ་བཞུགས་པའི་སྐུ་ལས་འོད་ཟེར་བདུད་རྩིའི་

p. 535

རྒྱུན་བབས་ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་དུས་མིན་འཆི་བའི་འགལ་རྐྱེན་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ལུས་ཐམས་ཅད་བདུད་རྩིས་དཀར་ལྟེམ་གྱིས་གང་འཆི་མེད་རྡོ་རྗེ་སྤྲུལ་སྐུ་རབ་འབྱམས་ཀྱི་ཚེའི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད། ཧྰུྃ༔ བུམ་པའི་བདུད་རྩི་འཆི་མེད་བཅུད༔ གདན་གསུམ་རྡོ་རྗེའི་ནང་གཏམས་པས༔ ཚེ་ཡི་དངོས་གྲུབ་འཁྱིལ་བ་ཡི༔ དབང་མཆོག་མཉམ་པ་ཆེན་པོར་སྐུར༔ ཨ་མྲྀ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱིཿ [བུམ་པ་མགོར་བཞག་ཅིང་བུམ་ཆུ་བྱིན། ཚེ་ཆང་ཐོགས་ལ།] ཆོས་དབྱིངས་རང་བྱུང་བྷཉྫ་ཡངས་པའི་སྣོད་དུ། རིག་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དྭངས་བཅུད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་བཞག་ཅིང་ལྕེ་ཐོག་ཏུ་མྱང་བས་འཆི་མེད་རྡོ་རྗེ་ལོངས་སྐུ་རབ་འབྱམས་ཀྱི་ཚེའི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། ཨཱཿ འཁོར་འདས་དྭངས་བཅུད་བདུད་རྩིའི་གཏེར༔ རྩ་ཁམས་དྭངས་མའི་ཁམས་བཀང་ས༔ འཕོ་བྲལ་ལོངས་སྤྱོད་རྫོགས་པའི་ཚེ༔ རང་གསལ་འོད་སྣང་རྒྱས་

p. 536

པར་བསྐུར༔ ཨ་མྲྀ་ཏ་ཝཱ་ཀ་ཨཱ་ཡུརྫྙཱ་ན་བྷྲཱུྃ༔ [མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན། ཚེ་རིལ་ཐོགས་ལ།] བརྟན་དང་གཡོ་བའི་སྣོད་བཅུད་ཀྱི་དྭངས་སྲོག་ཐིག་ལེར་འཁྱིལ་བའི་འོད་གསལ་རྟག་པ་དམ་པའི་བཅུད་ལེན་གྱི་རིལ་བུ་དངོས་གྲུབ་ཀྱི་དབྱིག་ཏུ་བྱིན་པས་སྐྱེ་འགགས་འཕོ་བའི་ཆོས་ལས་འདས་པའི་རྡོ་རྗེ་ཆོས་སྐུ་རབ་འབྱམས་ཀྱི་ཚེའི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད་ཅིག །ཧཱུྃཿ བརྟན་གཡོའི་ཚེ་བཅུད་འདུས་པའི་གཏེར༔ འོད་གསལ་སྙིང་པོའི་རིལ་བུ་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ སྐྱེ་འགགས་བྲལ་བའི་ཚེ་ཐོབ་ཤོག༔ ཨ་མྲྀ་ཏ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧྰུྃ༔ [སྙིང་གར་བཞག་ཅིང་ཚེ་རིལ་སྦྱིན།] དེ་ནས་བདག་མདུན་དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཟེར་དང་སྤྲུལ་པའི་མགྱོགས་མ་ཉི་རྡུལ་གྱི་གྲངས་མཉམ་ནམ་མཁའ་གང་ར་འཕྲོས་ཏེ་སྣོད་བཅུད་ཀྱི་དྭངས་མ་རབ་འབྱམས་རྒྱལ་བ་རྩ་གསུམ་རྒྱ་མཚོའི་མཁྱེན་བརྩེ་ནུས་པའི་བྱིན་གཟི། ཁྱེད་རང་རྣམས་ཀྱི་བླ་ཚེ་སྲོག་དབུགས་ཉམས་པ་དང་། འབྱུང་པོ་མ་རུང་པས་བརྐུས་འཕྲོག་ཁྱེར་བ་ཐམས་ཅད་འོད་ཟེར་ཐིག་ལེ་ཡིག་འབྲུའི་རྣམ་པར་འུབ་ཀྱིས་བསྡུས་ནས་དྭངས་མ་

p. 537

ལྔ་ལྡན་གྱི་སྲོག་ཡིག་ལ་ཐིམ་པས་བཀྲག་མདངས་གཟི་འོད་འབར་ཞིང་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་རྟག་བརྟན་དམ་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། [མདའ་དར་གཡབ་ཅིང་སྤོས་རོལ་དབྱངས་དང་བཅས། གཏེར་གཞུང་གི་ཚེ་འགུགས་རྒྱས་གདབ་བཅས་བྱ།] དེ་ལྟར་མཚན་བཅས་དམིགས་པའི་སྤྲོ་བསྡུའི་ཚེ་བཅུད་སྤེལ་བ་དེ་དག་མཚན་མ་ཀུན་བྲལ་འོད་གསལ་གཉུག་མ་མི་ཤིགས་རྡོ་རྗེའི་ཀློང་དུ་རྒྱས་ཐེབས་པས་ནམ་ཡང་འཕོ་བྲལ་འགྱུར་མེད་གཞོམ་གཞིག་དང་བྲལ་བའི་རང་ངོ་ལ་མཉམ་པར་འཇོག་མཛོད། [ཅེས་ཉམས་བསྐྱང་དུ་གཞུག།] དབང་དོན་གྱི་ཡེ་ཤེས་འགྱུར་མེད་དུ་བརྟན་ཅིང་ཤིས་པར་བྱ་བའི་ཕྱིར་དུ་མཁའ་དབྱིངས་གང་བའི་སྲས་བཅས་རྒྱལ་བའི་ཚོགས་ཀྱིས་ཤིས་བརྗོད་ཀྱི་རྡོ་རྗེའི་གླུ་དབྱངས་བརྗོད་ཅིང་བཀྲ་ཤིས་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་མངའ་གསོལ་བར་མོས་མཛོད། [ཅེས་ཞལ་ནས་གསུངས་པའི་བཀྲ་ཤིས་གང་འོས་བརྗོད་དོ། །]དེ་དག་གིས་ཕུར་པ་འཕྲིན་ལས་བཅུད་དྲིལ་གྱི་ཆ་ལག་འཆི་མེད་ཚེ་སྒྲུབ་ཡང་ཟབ་སྙིང་པོའི་སྨིན་བྱེད་ཟབ་ཁྱད་ཅན་བསྐུར་གྲུབ་པ་ཡིན་ཏེ། གཏེར་གཞུང་ལས། མོས་གུས་གདུང་ཤུགས་དྲག་པོ་དང་༔ རིག་པ་

p. 538

ཧུར་ཕྱུང་ཏིང་འཛིན་བརྟན༔ ཐེ་ཚོམ་ཡིད་གཉིས་བྲལ་བ་ཡིས༔ གཞུང་བཞིན་གང་གིས་བརྩོན་གྱུར་ན༔ དེ་ཉིད་དུ་ནི་དྲོད་རྟགས་མཐོང་༔ འཆི་བདག་ཞགས་པས་ཐེབས་ཟིན་ཀྱང་༔ ཉམ་ང་མི་དགོས་མན་ངག་གནད༔ རིག་འཛིན་བདག་གི་ཐུགས་ཐིག་གོ༔ ཞེས་ཆེད་དུ་གདམ་པ་བསྩལ་པ་ལྟར། བྱིན་རླབས་དང་ཟབ་གཉན་ཤིན་ཏུ་ཆེ་བའི་བབ་སོ་ཡང་དག་པ་དང་ལྡན་པ་འདི་ཉིད་ཡི་དམ་དུ་བྱ་བ་དང་། རྡོ་རྗེའི་དམ་ཚིག་གཉན་པོ་ཚུལ་བཞིན་ཏུ་སྲོག་ལ་བབ་ཀྱང་འདའ་བ་མེད་པར་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་[སོགས།] ཚེའི་དབང་བསྐུར་ཟབ་མོ་ལེགས་པར་གྲུ་བའི་བཀའ་དྲིན་གཏང་རག་གི་ཡོན་ཏུ་མཎྜལ་འབུལ་བར་ཞུ། [ཞེས་མཎྜལ་འབུལ་བུ་གཞུག །]སླར་ཡང་བདག་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་ཏེ་[སོགས།] དེ་ལས་བྱུང་བའི་དགེ་རྩ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་ཞིང་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རླབས་པོ་ཆེ་གནང་བར་ཞུ། བསོད་ནམས་འདི་ཡིས་[སོགས་བརྗོད་ལ་སློ་བུ་རྣམས་རང་གནས་སུ་གྱེས། ཆོ་གའི་རྗེས་ཆོག་གཞུང་བཞིན་མཐར་དབྱུང་བས་གྲུབ་བོ། །འཕོ་བཅས་

p. 539

ཀུན་རྫོབ་སྒྱུ་མའི་ཚེ། །འཕོ་མེད་དབྱིངས་སུ་རྒྱས་ཐེབས་པས། །རྟག་བརྟན་གཞོམ་བྲལ་རྡོ་རྗེའི་ཆོས། །གཉུག་མའི་ཚེ་ལ་དབང་ཐོབ་ཤོག །ཅེས་པའི་མཚམས་སྦྱོར་འདིའང་རང་སློབ་ཟབ་མོའི་རྣལ་འབྱོར་དམ་པ་བྱང་ཟང་ཟང་བླ་མ་པདྨ་ཐེག་མཆོག་བདེ་ཆེན་དགྱེས་པ་རྡོ་རྗེ་དང་། འབྲུག་བྲང་ལ་སློབ་དཔོན་པདྨ་ཀུན་བཟང་ཐེག་མཆོག་རྡོ་རྗེ་ཟུང་གིས་ཡང་ཡང་བསྐུལ་ངོར་དགྱེས་མཛད་རྡོ་རྗེའི་ཕོ་བྲང་འོག་མིན་གྲོ་བོ་ལུང་གི་དགོན་པར་བསྟན་འགྲོའི་དུས་རིམ་ཆེད་དམིགས་དཔལ་ཆེན་པོའི་ཚོགས་འབུམ་བསགས་པའི་ཐུན་གསེང་དུ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་སྦྱར་བ་ཨཱ་ཡུརྫྙཱ་ན་བཛྲ་ཏིཥྛནྟུ།། །།]

བདེ་ཆེན་རྡོ་རྗེའི་ཚོགས་གླུ་རྣལ་འབྱོར་རོལ་བའི་དགའ་སྟོན།

p. 540
p. 541

[བདེ་ཆེན་རྡོ་རྗེའི་ཚོགས་གླུ་རྣལ་འབྱོར་རོལ་བའི་དགའ་སྟོན་ཅེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་ཧེ་རུ་ཀ་པདྨ་བཛྲ་རྩལ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ཡང་པདྨ་གསང་བའི་ཐིག་ལེ་ལས༔ དེ་དག་ཀུན་ཏུ་ཟབ་བའི་རྒྱུད༔ བཀླག་དང་ཁྱད་པར་ངོ་མཚར་བའི༔ ཚིགས་ཆེན་བརྒྱད་དང་རྡོ་རྗེ་ཡི༔ གད་མོ་བཅུ་གཉིས་ལ་སོགས་པ༔ གླུ་བླངས་ཉམས་རྟོགས་གོང་དུ་སྤོར༔ ཞེས་གསུངས་པ་ལྟར། དེང་འདིར་ཧེ་རུ་ཀའི་ཚོགས་ཀྱི་འདུ་བ་རྡོ་རྗེའི་གསང་གྲལ་ཟབ་མོར་འཁོད་པའི་མཆེད་ལྕམ་རྣམས་ལུས་ཐ་མལ་དུ་མི་འཛིན་པར་གདོད་ནས་གདན་གསུམ་དག་པ་ལྷའི་དཀྱིལ་འཁོར་རང་ཤར་བའི་རྡོ་རྗེ་གར་གྱི་རྣམ་འགྱུར་མིག་འཕྲུལ་ལྟ་བུར་བསྒྱུར་ཞིང་། ངག་ཐ་མལ་དུ་མི་འཛིན་པར་འགགས་མེད་ཧེ་རུ་ཀའི་རྒྱངས་གླུ་སྙན་ཅིང་བརྗིད་ལ་འགྱུར་བའི་དབྱངས་ཀྱི་བྱེ་བྲག་མཐའ་ཡས་པའི་མགྲིན་གླུ་ཤུགས་འབྱུང་རྩོལ་མེད་དུ་བསྐུལ་ཞིང་། ཡིད་ཐ་མལ་དུ་མི་ལྟ་བར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཡེ་འབྱམས་ཀློང་ཡངས་རོལ་པ་ཆེན་པོའི་ལྟ་དགོངས་ལས་གཡོ་བ་མེད་པའི་རང་བབ་མ་བཅོས་ལྷུག་གྲོལ་ཆེན་པོའི་ངང་ནས་འདི་ལྟར་གསན་འཚལ།] ཨ་ཧོཿ ཡེ་གྲོལ་སྟོང་ཆེན་རྡོ་རྗེ་བཙུན་མོ་མཁའ་ཀློང་། །རྣམ་ཐར་གསུམ་ལྡན་གཞི་དབྱིངས་ཀ་དག་གི་རང་བབ། །འོད་གསལ་ལྷུན་འབྱམས་ཟབ་ཐལ་ཆོ༷ས་སྐུ༷་ཡི་བླ་མ། །བྱར་མེད་བློ་འདས་ཆེན་པོའི་གླུ་གར་ཞིག་བསྒྱུར་ཤོག །ལྔ་ལྡན་འོད་

p. 542

མདངས་མ་འདྲེས་ལྷུན་གྲུབ་གྱི་ཉམས་སྣང་། །སྐུ་དང་ཡེ་ཤེས་འཇའ་ཟེར་ཐིག་ལེ་ཡི་གུར་ཁྱིན། །སྣང་སྲིད་དག་པ་རབ་འབྱམས་ལོ༷ངས་སྐུ༷་ཡི་བླ་མ། །བདེ་ཆེན་འབར་བ་ཆེན་པོའི་གླུ་གར་ཞིག་བསྒྱུར་ཤོག །རྩོལ་བྲལ་འགགས་མེད་གང་འདུལ་དེར་སྟོན་གྱི་རོལ་པ། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་མཛད་པ་ཡི་གར་མཁན། །བརྟན་གཡོ་ཀུན་ཁྱབ་སྤྲུལ༷་པ་སྐུ༷་མཆོག་གི་བླ་མ། །ཐུགས་རྗེ་གློགས་བཞིན་མྱུར་བའི་གླུ་གར་ཞིག་སྒྱུར་ཤོག །ཉི་མ་ལྷོ་ནུབ་ཤ་ཟ་སྲིན་པོ་ཡི་གྲོང་དབུས། །ཟངས་མདོག་དཔལ་གྱི་རི་བོ་སྤྲུལ་པ་ཡི་ཞིང་ནས། །རིགས་འདུས་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གྱི་པདྨ། །མོས་པའི་བུ་ལ་བརྩེ་བའི་གླུ་གར་ཞིག་བསྒྱུར་ཤོག །སྣང་བའི་དངོས་ཀུན་ཐབས་ཆེན་དམ་ཚིག་གི་རྫས་མཆོག །མཱཾ་ས་རྣམ་པ་ལྔ་ཡི་རྡུལ་བརྩེགས་ཀྱི་རི་བོ། །རིགས་ལྔ་འདུས་པའི་བཅུད་ལེན་ཡེ་ཤེས་ཀྱི་རྫས་མཆོག །མ་དང་མཁའ་འགྲོ་དགྱེས་པའི་དགའ་སྟོན་ལ་རོལ་ཤོག །སྟོང་པ་འོད་གསལ་ཆེན་པོ་ཆགས་བྲལ་གྱི་དྭངས་མ། །ཡུམ་ལྔའི་རང་བཞིན་བདུད་རྩི་རྣམ་ལྔ་ཡི་རྒྱ་མཚོ། །ཟག་མེད་ཛ་གད་བཏུང་བ་འདོད་ཡོན་གྱི་གཏེར་ཆེན། །ཁྲག་འཐུང་དཔའ་བོ་དགྱེས་པའི་དགའ་སྟོན་ལ་རོལ་ཤོག །ཕྱི་སྣོད་དག་པ་ཨོ་རྒྱན་མཁའ་སྤྱོད་ཀྱི་གྲོང་ཁྱེར། །ནང་བཅུད་གདན་གསུམ་རྡོ་རྗེའི་ལྷ་

p. 543

ཚོགས་ཀྱི་ཚོམ་བུ། །ཐབས་ཤེས་ཟུང་འཇུག་བདེ་ཆེན་རྡོ་རྗེ་ཡི་ལོངས་སྤྱོད། །ཚིམ་པ་དྲུག་ལྡན་ཚོགས་ཀྱི་དགའ་སྟོན་ལ་རོལ་ཤོག །གཙང་དང་དམེ་བར་ལྟ་བའི་བླང་དོར་གྱི་རྟོག་པ། །གཟུང་འཛིན་འཁྲུལ་པའི་ཞེན་ཐག་གཏད་མེད་དུ་གྲོལ་ཏེ། །གཞི་མཉམ་ཁྱབ་གདལ་སྣང་སྲིད་གཞིར་བཞེངས་ཀྱི་མཆོད་སྤྲིན། །འདོད་འབྱུང་ག་ཎ་ཙ་ཀྲའི་འདུ་བ་ལ་རོལ་ཤོག །སྤངས་ཐོབ་གཞི་ལམ་འབྲས་བུའི་འཛིན་སྟངས་ཀྱི་ཐ་སྙད། །མ་བཅོས་གཉུག་མའི་ངང་དུ་འཛིན་མེད་དུ་ཐིམ་པའི། །འོད་གསལ་རིག་སྟོང་རྗེན་པ་ལྟ༷་བ༷་ཡི་མཐར་ཐུག །ཤར་གྲོལ་དུས་མཉམ་ཆེན་པོའི་ཚོགས་འཁོར་ལ་རོལ་ཤོག །གཤིས་རིག་རྒྱ་ཡན་མ་བཅོས་ཟང་ཀ་མའི་ཤེས་པ། །མཉམ་ཉིད་ཐིག་ལེ་ཉག་གཅིག་བློ་འདས་ཀྱི་རང་བབ། །དགག་སྒྲུབ་ཡིད་བྱེད་བྲལ་བ་སྒོ༷མ་པ༷་ཡི་མཐར་ཐུག། སྨྲ་བསམ་བརྗོད་པ་བྲལ་བའི་ཚོགས་འཁོར་ལ་རོལ་ཤོག། ཚིག་དང་དཔེ་ཡིས་མཚོན་མིན་རང་གནས་ཀྱི་ཡེ་ཤེས། །རེ་དང་དོགས་པས་མ་བསླད་གུ་ཡངས་ཀྱི་རྣལ་འབྱོར། །ཤུགས་འབྱུང་འགག་མེད་སྤྱོ༷ད་པ༷་བརྟུལ་ཞུགས་ཀྱི་མཐར་ཐུག །ཕྱོགས་ལས་རྣམ་པར་རྒྱལ་བའི་ཚོགས་འཁོར་ལ་རོལ་ཤོག། ཡོད་དང་མེད་པའི་ཕྱོགས་འཛིན་འཇིགས་ཚོགས་ལྟ༷་བ༷། །ས་དང་

p. 544

ལམ་གྱི་རྣམ་བཞག་གྲུ༷བ་མཐ༷འ་ཡི་ཁས་ལེན། །ཕྱི་ནང་ཐེ༷ག་པ༷འི་གོ་རིམ་བློ་འདས་སུ་ཟད་པའི། །འུབ་ཆུབ་རྫོ༷གས་པ༷་ཆེ༷ན་པོ༷འི་ཚོགས་འཁོར་ལ་རོལ་ཤིག །ཕྱི་ལྟར་གནས་ཡུལ་དུར་ཁྲོད་རྣལ་འབྱོར་གྱི་ཚོགས་ཁང་། །ནང་ལྟར་རྡོ་རྗེའི་ཕུང་པོ་ཧེ་རུ་ཀའི་གྲོང་ཁྱེར། །གསང་བ་ཐིག་རླུང་སེམས་གསུམ་དཔའ་བོ་དང་མཁའ་འགྲོ། །མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་ཚོགས་འཁོར་ལ་རོལ་ཤོག །སྣ༷ང་ཡུ༷ལ་གདོད་ནས་དག་པ་རབ་འབྱམས་ཀྱི་ཞིང་ཁམས། །བརྟན་གཡོའི་སྒྲ༷་སྐ༷ད་འོད་གསལ་རྡོ་རྗེ་ཡི་རོལ་མོ། །དྲ༷ན་རྟོག༷་བརྡལ་བ་ཆེན་པོ་ཡེ་ཤེས་ཀྱི་འཁོར་ལོ། །ཟུང་འཇུག་ཆུ་བོའི་རྒྱུན་གྱི་ཚོགས་འཁོར་ལ་རོལ་ཤོག། སྒྲོན་དྲུག་དྭངས་མ་ཆེན་པོའི་འཇའ་ཟེར་གྱི་ཐིག་ཕྲེང་། །སྣང་བཞིའི་ཡེ་ཤེས་ཆེན་པོ་མཁའ་ཁྱབ་ཏུ་འབར་བས། །རགས་ལུས་ཕུང་པོའི་རྡུལ་ཕྲན་འོད་གསལ་དུ་གཞིལ་ཏེ། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ཚོགས་གྲལ་ལ་དེངས་འགྲོ། །ཐེག་མཆོག་རྡོ་རྗེ་སྙིང་པོའི་གངས་རི་ཡི་རྩེ་མོར། །སྡེ་གསུམ་ཀློང་དགུའི་མན་ངག་གཡུ་རལ་དུ་གཟེངས་ཏེ། །ཟབ་དོན་སེང་གེའི་ང་རོ་རྩོལ་མེད་དུ་སྒྲོགས་པའི། །སྐལ་བཟང་འདི་ཡང་ཕ་གཅིག་པད་བྱུང་གི་དྲིན། །འདིར་འདུས་ལས་སྨོན་རྣམ་དག་རྡོ་རྗེ་

p. 545

ཡི་མཆེད་ལྕམ། །དམ་ཚིག་གཅིག་ཏུ་འཁོད་པའི་རྟེན་འབྱུང་གི་ཆེ་བས། །འོག་མིན་པདྨ་དྲྭ་བའི་རིག་འཛིན་གྱི་འདུ་བར། །ཚོམ་བུ་གཅིག་ཏུ་འདྲེས་པའི་བདེན་ཚིག་ཞིག་ཡོད་དོ། །[དེ་ལྟར་བརྗོད་ཅིང་འདོད་ཡོན་ལ་སྲེན་ཞེན་བྲལ་བས་ནང་གི་ལོངས་སྤྱོད་དུ་རོལ་ལ་ལྟ་སྒོམ་གྱི་ཉམས་སྣང་སྣ་མི་བསྐྱིལ་བར་ཤར་གྲོལ་འཛིན་པ་བྲལ་བའི་རྣལ་འབྱོར་ཟབ་མོར་མཉམ་པར་བཞག་ཅིང་རྗེས་ཐོབ་ཏུ་སྣང་གྲགས་རྟོག་གསུམ་ཡེ་ཤེས་ཀྱི་རོལ་པར་བལྟས་ལ་རྡོ་རྗེའི་རྒྱུད་བཀླག་པ་སོགས་གཞུང་བཞིན་བྱའོ། །ཞེས་པ་འདིའང་ངེས་གསང་བསྟན་པའི་སྣང་བྱེད་མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་ཆེན་གྱིས་སྔར་སོར་ནས་བསྐུལ་གནང་མཛད་ཀྱང་རིམ་ལུས་སུ་གྱུར་བར་ཉེ་ཆར་རང་སློབ་དང་དམ་རྣམ་པར་དཀར་བའི་རྟ་རྣ་བླ་མ་པདྨ་དབང་དྲག་ནས་ཀྱང་ནན་ཏན་ཆེན་པོས་བསྐུལ་ངོར། ལྷོ་འབྲུག་བུམ་ཐང་མོན་ཁ་སྐུ་རྗེས་ཆེན་པོའི་ཉེ་ཆར་ཨོ་རྒྱན་ཆེན་པོས་ཟབ་གཏེར་དུ་མའི་གསང་མཛོད་དུ་བྱིན་གྱིས་བརླབས་པའི་སྟངས་སྨད་མེ་འབར་མཚོ་རུ་ཉེར་ལྔའི་ཚོགས་མཆོད་སྐབས་སུ་གཏད་མེད་བྱུང་རྒྱལ་གྱི་སྤྲང་པོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་གང་ཤར་ཤུགས་འབྱུང་དུ་སྨྲས་པ་དགེ། །།]

གང་ཤར་གླུ་རུ་བླངས་པ་སྐྱེད་མེད་རྡོ་རྗེའི་གླིང་བུ།

p. 546
p. 547

[གང་ཤར་གླུ་རུ་བླངས་པ་སྐྱེད་མེད་རྡོ་རྗེའི་གླིང་བུ་ཞེས་བྱ་བ་བཞུགས་སོ། །]ཨེ་བྃ་མཧཱ་སུ་ཁཱ་ཨ་རལླྀ་བཛྲ། ཁྱབ་བརྡལ་མཆོག་ཏུ་མི་འགྱུར་བདེ་ཆེན་གྱི་རང་བཞིན། །མི་ཕྱེད་རོལ་པ་ཆེན་པོ་གསང་བ་གར་མཁན། །གང་གང་འདུལ་བ་དེ་དེར་སྟོན་པ་ཡི་དཔའ་བོ། །དཔལ་ཆེན་གྲུབ་པའི་རིག་འཛིན་རྒྱ་མཚོ་དེ་མཁྱེན་ནོ། །འོག་མིན་དཔལ་གྱི་ཞིང་མཆོག་པདྨ་ཡི་དྲྭ་བ། །ས་སྤྱོད་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་། །འཆོལ་བའི་ཁྲོ་རྒྱལ་གཏུམ་ཆེན་འབར་བ་ཡི་ཕོ་བྲང་། །དབེན་ཅིང་ཉམས་དགའ་བོད་ཡུལ་གནས་མཆོག་གི་སྙིང་པོ། །སྣང་སྲིད་འཁོར་འདས་བདེ་ཆེན་བདུད་རྩི་ཡི་ཐིག་ལེ། །འཕྲོ་བྲལ་སྦྱོར་ཐབས་ཆེན་པོ་རྣམ་བརྒྱད་ཀྱི་རོལ་པས། །བརྟན་གཡོ་ཀུན་ཁྱབ་འཛད་མེད་རྒྱ་མཚོ་རུ་བསྐྱིལ་ཡོད། །སྐལ་ལྡན་ལས་སྨོན་ཅན་རྣམས་ཅི་དགའ་རུ་རོལ་ཤོག །ངེས་གསང་ཐེག་མཆོག་རྒྱལ་པོའི་ཁྱད་པར་གྱི་འཕགས་ཆོས། །ཐབས་མཆོག་གྲོལ་བ་དྲུག་གི་གསེང་ལམ་ལ་བརྟེན་ནས། །ཟག་ཅས་ཕུང་པོ་རང་ཟད་ཟག་མེད་ཀྱི་འཇའ་ལུས། །འོད་གསལ་འཕོ་བ་ཆེན་པོས་གཞི་དབྱིངས་སུ་དེངས་འགྲོ། །རྣམ་པ་ཀུན་བྲལ་ཀུན་ཏུ་བཟང་མོ་དང་མཇལ་ཏེ། །ལྷན་སྐྱེས་ཡེ་ཤེས་བདེ་བའི་དགའ་བ་ལ་རོལ་ནས། །གཞི་སྣང་རྣམ་བཅས་ལྷུན་གྲུབ་

p. 548

ཆོ་འཕྲུལ་གྱི་ཕྱག་རྒྱས། །འཁོར་འདས་མཉམ་བརྡལ་ཆེན་པོའི་འགྲོ་དོན་ལ་ཆས་འགྲོ། །ང་བདག་འཁྲུལ་འཛིན་ཞིག་པའི་བྱ་བྲལ་གྱི་རྣལ་འབྱོར། །བཏང་བཞག་འགྲོ་འོང་དམིགས་མེད་ངང་མཉམ་གྱི་གཤིས་སུ། །རང་གསལ་ཡེ་ཤེས་ལྷུན་རྫོགས་འཁོར་ལོ་ཡི་ཚོགས་ཆེན། །མྱུར་རྫོགས་འཁོར་བ་དོང་སྤྲུགས་དོན་གཉིས་དེ་བསྒྲུབ་འགྲོ། །བདེ་དང་སྟོང་པའི་ཕྱོགས་བྲལ་ཟུང་འཇུག་གི་མྱུར་ལམ། །རྩ་གསུམ་འཁོར་ལོ་ལྔ་ལྡན་ལུས་གནས་ཀྱི་གྲོང་ཁྱེར། །ཨ་ཧཾ་ཡིག་གེའི་འདུ་འཕྲོ་གནས་ཡུལ་གྱི་འདུ་བར། །ཤིན་ཏུ་ཉེ་རྒྱུའི་བརྟུལ་ཞུགས་གསང་སྤྱོད་ལ་ཆས་འགྲོ། །ཆགས་མེད་ཆགས་པ་ཆེན་པོ་དགའ་བྲལ་གྱི་བདེན་དོན། །ཟབ་ཅིང་ཕྲ་བ་དེ་ཉིད་སྐད་ཅིག་མར་མཐོང་བས། །སྒྲིབ་གསུམ་མུན་པའི་དྲྭ་བ་ལྷག་མེད་དུ་བཅོམ་ནས། །ཐོག་མའི་སངས་རྒྱས་ས་ལ་ད་ལྟ་རུ་ཐེག་འགྲོ། །ཚེ་དུས་བསྐལ་པ་གྲངས་མེད་དཀའ་ཐུབ་ཀྱི་སྡུག་བཙིར། །རང་ལྟ་མཆོག་ཏུ་འཛིན་པའི་མངོན་པ་ཡི་ང་རྒྱལ། །འཇིགས་སྐྱོབས་ལེགས་སྨོན་སྒྲོག་གྲོལ་ཡང་དག་གི་དགེ་སློང་། །གུ་ཡངས་རྣལ་འབྱོར་ཕོ་མོ་ང་ཅག་རང་སྐྱིད་དོ། །འབྱུང་བ་ཕུང་པོ་སྦྱང་རྟོགས་སྦར་བ་ཡི་བདུད་རྩི། །ཨ་ལ་ལ་ཧོ་ཕྱི་ཡི་ཚོགས་འཁོར་ལ་རོལ་ཤོག །གདལ་ཁྱབ་གཉུག་མ་ཆོས་ཉིད་ལྷུན་འབྱམས་ཀྱི་དགོངས་པ། །

p. 549

ཛྙཱ་ན་དྷརྟུ་ནང་གི་ཚོགས་འཁོར་ལ་རོལ་ཤོག །འདུ་ཤེས་གསུམ་ལྡན་རྡོ་རྗེ་པདྨ་དང་སྦྱོར་བའི། །མ་ཧཱ་སུ་ཁ་གསང་བའི་ཚོགས་འཁོར་ལ་རོལ་ཤོག །མེད་དང་གཅིག་པོ་ཕྱལ་པ་ཆེན་པོ་ཡི་རང་བཞིན། །སྲུང་མཚམས་ཡེ་བྲལ་བསམ་ཡས་ཚོགས་འཁོར་ལ་རོལ་ཤོག། གསང་གྲལ་འདི་རུ་འཁོད་པའི་རྣལ་འབྱོར་གྱི་མཆེད་ལྕམ། །མ་བཅོས་བརྟུལ་ཞུགས་ཆེ་ཆུང་གཏད་མེད་དུ་སྤྱོད་དང་། །སྙན་འགྱུར་གླུ་ལ་དྲངས་པའི་མགུར་མ་རེ་འཐེན་དང། །དད་སྤྲོ་ཉམས་སྣང་འུར་བའི་ཞབས་བྲོ་རེ་འཁྲོབ་དང་། །ཆོས་ཉིད་བདེན་པ་ཟབ་མོའི་རྟེན་འབྱུང་གི་ཆེ་བས། །འོག་མིན་མཁའ་ལ་སྤྱོད་པའི་གནས་མཆོག་གི་སྙིང་པོར། །རིག་འཛིན་མཁའ་འགྲོ་འདུ་བའི་ལོངས་སྤྱོད་ཀྱི་འཁོར་ལོར། །ལུས་རྟེན་འདི་ལ་སྤྱོད་འགྲོ་སྐལ་ལྡན་གྱི་བུ་རྣམས། །ཡིད་གཉིས་ཐེ་ཚོམ་མེད་པའི་འདུན་སྨོན་གྱི་མཐུན་སྦྱོར། །བསླུ་མེད་རྩ་གསུམ་རྒྱ་མཚོས་ད་ལྟ་རང་གནང་བའི། །ཤིས་བརྗིད་མེ་ཏོག་ཆར་ཆེན་འབེབས་པ་འདིར་གཟིགས་མཛོད། །[དེ་ལྟར་གང་ཤར་མ་བཅོས་པའི། །ཉམས་གླུ་རྡོ་རྗེའི་གླིང་བུ་འདི། །ས་ཕོ་སྤྲེལ་ལོའི་དུས་ཆེན་ལ། །སྤ་གྲོ་སྟག་ཚང་དཔལ་ཕུག་ཏུ། །བདེ་གཤེགས་ཁྲག་འཐུང་འདུས་པ་ཡི། །བདུད་རྩི་སྨན་སྒྲུབ་དང་འབྲེལ་བའི། །ཟབ་མོའི་གཏེར་ཞལ་གསར་འབྱེད་སྐབས། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །གཏེར་སྟོན་ནམ་མཁའི་རྡོ་རྗེ་ཡིས། །སྨྲས་པའི་དགེ་བས་མཆོག་གསང་གི། །

p. 550

བསྟན་པའི་དབུ་འཕང་དགུང་སྙེགས་ཤོག། །།དགེའོ། །དགེའོ། །དགེའོ།། །།]

Pecha page