སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།
མགོ་བརྗོད།
རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།
ཐུགས་རྗེ་ཆེ་ཞུ།
ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།
འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས།
འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་བཞུགས་སོ། །རྒྱ་གར་སྐད་དུ། ཨཱཪྱ་རསྨི་བི་མ་ལ་བི་ཤུདྷེ་པྲ་བྷ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ཀྱི་ཕོ་བྲང་གི་འཁོར་གྱི་ཁྱམས་ཆེན་པོ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ལག་ན་རྡོ་རྗེ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། འཇམ་དཔལ་དང་། ཤེས་རབ་འོད་དང་། བྱམས་པ་ལ་སོགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་གྲངས་མེད་པས་བཅོམ་ལྡན་འདས་ལ་ཞེ་སར་བྱས། རི་མོར་བྱས། བཀུར་སྟིར་བྱས་ཏེ། ཡོངས་སུ་བསྐོར་བ་ལ་ཆོས་སྟོན་ཅིང་བཞུགས་སོ། །དེའི་ཚེ་སེར་སྐྱའི་གྲོང་ཁྱེར་ན་གནས་པ་བྲམ་ཟེ་ཆེན་པོ་སེར་སྐྱའི་ཟླ་བ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཡིད་མི་ཆེས་ཤིང་ལོག་པར་ལྟ་བ་ཞིག་གནས་པ་དེ་དུས་གཞན་ཞིག་གི་ཚེ་གཞན་ཞིག་གི་རྨི་ལྟས་སུ་རྨིས་ཏེ། བསྟན་པ་བྲམ་ཟེ་ཆེན་པོ་ཁྱོད་ད་སྟེ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་ཟེར་བ་ཐོས་ནས། བྲམ་ཟེ་དེ་ཤིན་ཏུ་ཡང་མི་དགའ་སྟེ། འཇིགས་སྐྲག་ནས་ཡིད་ལ་བསམ་པ། ད་བདག་གིས་སྲོག་གི་སྐྱབས་སུ་ལ་བཙལ་བར་བྱ། ཡང་དགེ་སྦྱོང་གོ་ཏ་མ་ཐམས་ཅད་མཁྱེན་པ་རྫུ་འཕྲུལ་དང་ལྡན་པ་ཞིག་ཡིན་ནོ་ཞེས་གྲགས་ན། བདག་དེའི་གན་དུ་སོང་སྟེ། དེ་ཐམས་ཅད་མཁྱེན་པ་ཡིན་ཡང་དག་ན་དེ་འཇིགས་པས་ཉམ་ཐག་པར་འགྱུར་བའི་སྐྱབས་མཛད་པའི་ཕྱིར་ཆོས་སྟོན་གོར་མ་ཆག་གོ་སྙམ་བསམས་ནས། བཅོམ་ལྡན་འདས་ཀྱི་གན་དུ་སོང་བ་དང་། རྒྱང་རིང་པོ་ནས་བཅོམ་ལྡན་འདས་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་པ་མཐོང་ནས། བཅོམ་ལྡན་འདས་ལ་ཞུ་བར་མ་སྤོབས་ཏེ་སེམས་ཤིང་འདུག་པ་ལ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དུས་གསུམ་མཁྱེན་པ། ཐམས་ཅད་གཟིགས་པ། སྒྲིབ་པ་མི་མངའ་བས་བྲམ་ཟེ་དེའི་བསམ་པ་མཁྱེན་ནས་བྱམས་པའི་ཐུགས་ཀྱིས་བརྩེ་བར་དགོངས་ཏེ། བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ད་སྟེ་ཞག་བདུན་ན་འཆི་བའི་དུས་བྱས་ནས་ངན་སོང་ངན་འགྲོ་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ནས་ཡང་རིམ་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བཅུ་དྲུག་ཏུ་ཁ་བརྒྱུད་དེ་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་རིགས་ངན་ཤན་པའི་ལུས་སུ་སྐྱེ་བར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཡང་ཕག་གི་ལུས་སུ་སྐྱེ་བར་འགྱུར་ཏེ། རྟག་ཏུ་ངན་སྐྱུགས་མི་གཙང་བ་ཟ་ཞིང་འདམ་རྫབ་ཀྱི་ནང་དུ་ཡང་ཡུན་རིང་དུ་གནས་ཏེ། རྒྱུན་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ལུས་ཐོབ་ན་ཡང་ཤིན་ཏུ་འབུལ་བ་དང་། མི་གཙང་བ་དང་། དྲི་ང་བ་དང་། མདོག་མི་སྡུག་ཅིང་གནག་པ་དང་། ལུས་རིད་ཅིང་ཉམ་ཆུང་བ་དང་། མཛེ་ནད་ཅན་དུ་འགྱུར་ཏེ། སྐྱེ་བོ་ཡོངས་ལ་མི་སྡུག་ཅིང་རྟག་ཏུ་བཀྲེས་པས་ཉམ་ཐག་པ། སྐྱེ་བོ་ཡོངས་ཀྱིས་སྨད་པ། རྟག་པར་བརྡེག་བཙོག་བྱ་ཞིང་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ་ཞེས་བཀའ་སྩལ་པ་དེ་ཐོས་ནས། བྲམ་ཟེ་དེ་ཤིན་ཏུ་འཇིགས་སྐྲག་སྟེ། ཡིད་གདུངས་པས་དུས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་མགོན་དང་། སྐྱབས་མཛད་པ་ལགས་ན། བདག་ནི་སྡིག་པའི་ལས་ཐམས་ཅད་འཆགས་ཏེ། དེར་སླན་ཆད་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བགྱིད་ན་བདག་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བར་སྐྱེ་བའི་སྡུག་བསྔལ་ལས་སྐྱབས་མཛད་པར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་སོང་ལ་གྲོང་ཁྱེར་སེར་སྐྱའི་ལམ་གྱི་སུམ་མདོ་ན་མཆོད་རྟེན་རིང་བསྲེལ་ཅན་རྙིང་པ་རལ་བ་ཞིག་ཡོད་པ་དེ་སླར་བརྩིགས་ཏེ། མཆོད་རྟེན་གྱི་རྩེ་མོར་སྲོག་ཤིང་བཙུགས་ལ། གསང་སྔགས་ཡི་གེར་བྲིས་པ་དེའི་ནང་དུ་བཅུག་སྟེ་མཆོད་པ་བྱས་ནས་གསང་སྔགས་ལན་བདུན་བཏོན་ན་ཁྱོད་ཀྱི་ཚེ་ཡང་ཕྱིར་ནུར་ཏེ་འཕེར་བར་འགྱུར་ལ། འཆི་བའི་དུས་བྱས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་གནས་ལོངས་སྤྱོད་ཆེ་བ་རྣམས་སུ་སྐྱེ་སྟེ། བསྐལ་པ་སྟོང་ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་ཀྱང་ཕྱིར་འཕེལ་ཞིང་རྒྱས་པར་འགྱུར། དེ་ནས་ཀྱང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཏེ། བསྐལ་པ་བརྒྱ་སྟོང་དུ་མར་བདེ་བ་ཆེན་པོ་མྱོང་བར་འགྱུར་རོ། །དེ་ནས་ཡང་ཤི་འཕོས་ནས་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། །དེར་ཡང་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་མི་ཟད་པ་མྱོང་བར་འགྱུར་རོ། །ཚེ་རབས་གང་དུ་སྐྱེས་པའི་གནས་ཀུན་ཏུ་ཡང་ཡིད་གཞུངས་ཤིང་ཚེའི་བར་ཆད་མེད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་ནས་ནམ་དུ་ཡང་སེམས་ཅན་དམྱལ་བར་ལྟུང་བར་མི་འགྱུར་རོ། །རྟག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་རྣམས་དང་ཕྲད་ཅིང་རྗེས་སུ་དགོངས་པར་མཛད་དོ། །བྲམ་ཟེ་ཆེན་པོ་གཞན་ཡང་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཚེ་ཐུང་བའམ་ནད་མང་བ་ཞིག་ཡོད་ན་དེས་མཆོད་རྟེན་རྙིང་པ་བཅོས་སམ། གསར་དུ་བརྩིགས་ཀྱང་རུང་སྟེ། གསང་སྔགས་འདི་བྲིས་ལ་ནང་དུ་བཞུགས་ནས་དཀྱིལ་འཁོར་བྱི་དོར་བྱས་ཏེ་མཆོད་ན་དེ་དག་གི་ཡོན་ཏན་ནི་ཚེ་ཟད་པ་ཡང་ཚེ་སླར་ནུར་ཞིང་རིང་བ་དང་། ནད་ཀྱིས་བཏབ་ཅིང་སྡུག་བསྔལ་བ་ཡང་ནད་དོ་ཅོག་ལས་ཐར་པ་དང་། ནམ་དུ་ཡང་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་དང་། བྱོང་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་མི་འགྱུར་ཏེ། དེ་དག་གི་སྒྲ་རྣ་ལམ་དུ་ཡང་གྲག་པར་མི་འགྱུར་ན་དེ་དག་ཏུ་སྐྱེ་བ་ལྟ་ཅི་སྨོས། དེ་ནས་བྲམ་ཟེ་དེས་དེ་སྐད་ཐོས་ནས་ཤིན་ཏུ་ཡི་རངས་ཏེ། མཆོད་རྟེན་ཞིག་བ་བཅོས་པར་བསམས་ནས་དེ་འཁོར་དེ་ནས་ལངས་ཏེ་སོང་ངོ་། །དེའི་ཆེ་འཁོར་དེ་ཉིད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་ཞིག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་སྔགས་ཀྱི་ཆོ་ག་འདི་ཇི་ལྟ་བུར་བགྱིས་ན་ཡོན་ཏན་དང་། ལེགས་པ་དང་། དགེ་བའི་རྩ་བ་བསྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་སྔགས་ཆེན་པོ་རྣམས་ཀྱི་ཡང་མཆོག་བདག་ཉིད་ཆེ་བ་དྲི་མ་མེད་ཅིང་རྣམ་པར་དག་པའི་འོད་ཅེས་བྱ་བ་འདི་དཀྱིལ་འཁོར་ཆེན་པོའི་ཆོ་ག་བཞིན་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བར་འགྱུར་རོ། །ལ་ལ་ཞིག་གིས་གསང་སྔགས་འདི་ཐོས་ན་མཚམས་མེད་པ་ལྔ་བྱས་པའི་སྡིག་པ་ཡང་མ་ལུས་པར་འབྱང་བར་འགྱུར་རོ། །སེར་སྣ་དང་། བརྣབ་སེམས་དང་། ཕྲག་དོག་ལ་སོགས་པ་མི་དགེ་བའི་རྩ་བ་ཐམས་ཅད་ཀྱང་འབྱང་བར་འགྱུར་ཏེ། ཚེ་ཟད་པ་ལས་ཀྱང་ཚེ་རིང་དུ་ནུར་བ་དང་། བཀྲ་ཤིས་དང་། ལེགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་སྐྱབས་མཛད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་བསལ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ཆོ་ག་འདི་ཐམས་ཅད་དང་ལྡན་པའི་འཁོར་ལ་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གནང་སྟེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་གྱི་སྟེང་ནས་འོད་ཟེར་གྱི་སྣང་བ་ཆེན་པོ་བྱུང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་མཁྱེན་པར་མཛད་ནས་འོད་ཟེར་དེ་དག་སླར་འདུས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་བོ། །དེ་ནས་བཅོམ་ལྡན་འདས་དགྱེས་ཤིང་བྱ་ཀ་ལ་པིངྐའི་གསུང་དབྱངས་ཀྱིས་གསང་སྔགས་བཀའ་སྩལ་པ། ན་མཿ སཔྟཱ་ནཱ་ན། སྃ་མྱ་ཀ་སྃ་བུདྡྷ་ཀོ་ཊཱི་ནཱན་པ་རི་ཤུདྡྷེ་མ་ན་སི། ཨབྷྱཱ་རྩི་ཏ་པ། ཊིཥྛ་ཏུ་ནཱན། ན་མོ་བྷ་ག་བ་ཏེ། ཨ་མྲྀ་ཏ་ཨཱ་ཡུ་ཥ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷི། ཨཱ་ཡུར་བི་ཤོ་དྷ་ནེ། སཾ་ཧ་ར། སྃ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིཪྱ་བ་ལེ་ན་པྲ་ཏི་སྃ་ཧ་ར། ཨཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི་བུདྷྱ་བུདྷྱ། བོདྷ་ཡ་བོདྷ་ཡ་མ་མ་སརྦ་པཱ་པཾ་ཨཱ་བ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལྃ། ཚ་ར་སུ་བུདྡྷ་ཧུ་རུ་ཧུ་རུ་སྭཱ་ཧཱ། འདི་ནི་རྩ་བའི་སྔགས་ཏེ། གང་ལ་ལ་འདིའི་ཆོ་ག་བྱེད་པར་འདོད་ན་ཚེས་བརྒྱད་དང་བཅུ་གསུམ་དང་བཅུ་བཞི་དང་བཅྭ་ལྔ་རྣམས་གང་ཡང་རུང་བ་ལ་མཆོད་རྟེན་རིང་བསྲེལ་ཅན་ལ་ལན་བདུན་ཅུ་རྩ་བདུན་བསྐོར་ལ། གསང་སྔགས་འདི་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ཏེ། ཁྲུས་བྱས་ལ་དཀྱིལ་འཁོར་བྱས་ནས་གསང་སྔགས་ཀྱི་ཡི་གེ་བདུན་ཅུ་རྩ་བདུན་བྲིས་ཏེ། དེའི་ཚེ་གསང་སྔགས་འདོན་པ་དང་། ཡི་གེར་འདྲི་བ་ཡང་ཁྲུས་བྱས་ལ་གོས་གཙང་མ་གྱོན་ཏེ། ལུས་སྤོས་ཀྱིས་བྱུགས་ནས་ཁ་ཟས་གཙང་མ་ཟོས་ལ། མེ་ཏོག་དང་། བདུག་པས་མཆོད་དེ། དེ་ལ་རིན་པོ་ཆེ་སྣ་བདུན་ཡང་ཡོན་ཏུ་ཕུལ་ལམ། ཡང་ན་བདག་གི་ཉམས་ཀྱིས་ཅི་འབྱོར་པར་ཕུལ་ཡང་རུང་སྟེ། སེམས་མགུ་བར་བྱའོ། །ཆོས་བཙུན་པར་བྱ་བའི་ཕྱིར་བསྟི་སྟང་དང་། རི་མོ་ཆེར་བྱའོ། །གསང་སྔགས་ཀྱི་ཡི་གེ་ལ་ཡང་དཀོན་ཞིང་རིན་པོ་ཆེར་འདུ་ཤེས་བཞག་སྟེ། མཆོད་རྟེན་ཆེ་ཆུང་ཇི་ཙམ་ནུས་པ་བདུན་ཅུ་རྩ་བདུན་གདབ་པར་བྱ་ཞིང་། དེ་རེ་རེའི་ནང་དུ་གསང་སྔགས་བཅུག་སྟེ། སེམས་རྩེ་གཅིག་ཏུ་མཆོད་པ་ཆེན་པོ་བྱས་ན་ཚེ་ཟད་པ་ལས་ཚེ་སླར་ནུར་ཏེ་ཚེ་རིང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཚེ་རབས་གྲངས་མེད་པའི་སྡིག་པ་ཐམས་ཅད་བྱང་ནས་ནམ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་སྐྱེ་གནས་ཐམས་ཅད་དུ་སྐྱེ་བར་འགྱུར་རོ། །གང་དུ་སྐྱེ་བའི་གནས་ཐམས་ཅད་དུ་ཡང་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་འགྱུར། ཡིད་ལ་བསམ་པ་ཐམས་ཅད་ཀྱང་དེ་བཞིན་དུ་འགྲུབ་པར་འགྱུར། དེ་བཞིན་གཤེགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གང་ལ་ལ་ཞི་གནད་ཚབས་པོ་ཆེས་བཏབ་སྟེ། འཆི་བའི་དུས་བྱེད་པ་ལ་ཐུག་ན་དཀྱིལ་འཁོར་གྲུ་བཞི་པར་བྱས་ལ། དེའི་སྟེང་དུ་ཚོན་སྣ་ལྔས་རི་མོར་བྲིས་ཏེ། དབུས་ཀྱི་ཆར་ནི་འཁོར་ལོ་དང་། རྡོ་རྗེ་དང་། དུང་དང་། མདུང་རྩེ་གསུམ་པ་དང་། གཡུང་དྲུང་རིས་དང་། པདྨོ་རྣམས་བྲིའོ། །གྲྭ་བཞིར་ཡང་པདྨོ་རེ་རེ་བྲིས་ཏེ་དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པའི་རིག་བཞིར་བཞག་གོ། །བདུག་སྤོས་ཀྱི་སྣོད་བཀང་བ་སྤོས་སྣ་ཚོགས་འཐུལ་བ་ཡང་གཞག་གོ། །ཁ་དོག་སྣ་ལྔའི་སྣོད་དུ་ཁ་ཟས་སྣ་ཚོགས་དང་། ཟས་དཀར་གསུམ་དང་འབྲས་ཆན་དུ་སྦྱར་བ་བཞག །ཡང་དྲིའི་ཆུ་དང་། མེ་ཏོག་དང་། འབྲས་སམ། འབྲུའི་སྣོད་བཀང་བ་ཕོར་བུ་རེ་རེ་བླུགས་པ་དང་། ཡང་ཁ་ཟས་སྣ་ཚོགས་སྦྱར་བའི་གཏོར་མ་སྤོས་ཆུ་བུམ་པ་གང་དང་སྦྱར་ཏེ། དཀྱིལ་འཁོར་གྱི་སྟེང་དུ་གཞག་གོ། །གཏོར་མ་དེ་དང་འབྲས་ཀྱི་དྲུང་དུ་ཉེ་བར་ཚོགས་ཀྱི་བདག་པོའི་གཟུགས་བྲིས་ལ་དེའི་སྤྱི་བོའི་སྟེང་དུ་མར་མེ་གཞག་གོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ནད་པ་བཞག་ལ། དཀྱིལ་འཁོར་གྱི་ནང་དུ་ཁ་བསྟན་པའི་ནད་པའི་མདུན་དུ་ཡང་མཆོད་པའི་བཤོས་བཞག་སྟེ་དབུལ་དུ་གཞུག་གོ། །དེ་ནས་སྔགས་མཁན་གཙང་སྦྲ་ཆེར་བྱས་ཏེ། ནད་པ་དེ་ལ་གསང་སྔགས་བདུན་ཅུ་རྩ་བདུན་གྱིས་བཏབ་སྟེ། ཆོ་ག་འདི་ལྟར་བྱས་ན་ནད་པ་ཚེ་ཟད་དེ་འཆི་བའི་དུས་བྱེད་དུ་ཉེ་བ་ཞག་བདུན་ནས་དྲན་པ་ཉམས་ཤིང་འཁྲུལ་བར་འགྱུར་པ་ཡང་ཆེ་སླར་ནུར་ཞིང་ཚེ་རིང་པོར་འགྱུར་རོ། །རྨི་ལམ་གྱི་སྡུག་བསྔལ་ཡང་མྱོང་བར་མི་འགྱུར་རོ། །གང་ལ་ལ་ཞིག་གིས་གཙང་སྦྲ་ཆེར་བྱས་ཏེ། ཉིན་གཅིག་བཞིན་རྟག་པར་གསང་སྔགས་ལན་རེ་རེ་ཇི་སྲིད་འཚོའི་བར་དུ་བཏོན་ན་དེ་འཆི་བའི་དུས་བྱས་ནས་ལོངས་སྤྱོད་དང་། བདེ་བ་མི་ཟད་པའི་གནས་སུ་སྐྱེ་བར་འགྱུར་རོ། །རྟག་པར་དུས་ཐམས་ཅད་དུ་བཟླས་བརྗོད་བྱས་ན་སངས་རྒྱས་བཞུགས་པའི་ཞིང་དུ་སྐྱེ་བར་འགྱུར་ཞིང་། ཚེ་རབས་རྗེས་སུ་དྲན་པར་ཡང་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་དང་། སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཡང་གང་ལ་ལ་ཞི་གིས་མི་ཤི་བའི་ཆེད་དུ་ཕན་པར་འདོད་པས་སེམས་ཐར་པ་ནས་གསང་སྔགས་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ན་ཤི་བ་དེ་ངན་སོང་གི་གནས་སུ་ལྟུང་ན་ཡང་དེའི་མོད་ལ་ལས་ཀྱི་སྒྲིབ་པ་རྣམས་ཟད་ནས་མཐོ་རིས་ཀྱི་ལྷའི་གནས་སུ་སྐྱེ་ཞིང་བདེ་བ་མྱོང་བར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཡི་གེར་བྲི་བ་གཞན་གྱི་མིང་ནས་སྨོས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ལ་ནན་ཏན་དུ་མཆོད་པ་བྱས་ན་ཤི་བ་གང་ཡིན་པ་དེ་ངན་སོང་གི་གནས་ནས་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །ཐན་བྱ་དང་རི་དྭགས་ལ་སོགས་ཏེ་གང་དག་ལ་མཆོད་རྟེན་དེའི་གྲིབ་མ་ཕོག་པ་དེ་དག་ཀྱང་ནམ་ཡང་དུད་འགྲོ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར་རོ། །གང་ལ་ལ་མཚམས་མེད་པ་ལྔའི་སྡིག་པ་ཆེན་པོ་དང་ལྡན་པ་ཡང་མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་མས་ཕོག་ཀྱང་རུང་སྟེ། དེའི་སྡིག་པ་ཐམས་ཅད་བྱང་ཞིང་ཟད་པར་འགྱུར་རོ། མཆོད་རྟེན་དེའི་གནས་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་ལ་སོགས་པ་ལུས་ལ་འཇུག་ཅིང་གནོད་པ་དང་། གཅན་གཟན་ཁྲོ་བོ་དང་། ཐོག་འབབ་པ་དང་། སྡིག་སྦྲུལ་ཁ་གདུག་པ་དང་། སྦྱར་དུག་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མི་ཚུགས་ཤིང་མེད་པར་འགྱུར་རོ། །གཞན་ཡང་ཕ་རོལ་གྱི་དམག་ཚོགས་དང་། མཚོན་དང་། མེ་དང་། ཆུ་དང་། སེར་བ་དང་། མུ་གེ་དང་། དུས་མ་ཡིན་པར་འཆི་བ་དང་། རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་དང་། སྡུག་བསྔལ་གྱི་གནོད་པ་ཐམས་ཅད་མེད་པར་འགྱུར་རོ། །ཡུལ་དེར་ལྟས་ངན་ཞིག་བྱུང་ན་ཡང་མཆོད་རྟེན་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འོད་ཟེར་ཆེན་པོ་བྱུང་བས། ལྟས་ངན་དང་། བཀྲ་མི་ཤེས་པ་ཐམས་ཅད་ཟློག་པར་འགྱུར་རོ། །གང་གཞན་ཞིག་བསམ་པ་ངན་པས་དམག་དང་། ཆོམ་རྐུན་གྱི་གནོད་པ་བྱ་བར་སེམས་སམ། དགྲ་རྒོལ་བ་ཞིག་བྱུང་ན་ཡང་གནས་དེར་མཆོད་རྟེན་དེ་ལ་འོད་ཟེར་ཆེན་པོ་འབྱུང་སྟེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་མེ་ལྕེ་ཀུན་ཏུ་འབར་བས་བསྐོར་བའི་ནང་ནས་དམག་གི་དཔུང་དང་། མཚོན་ཆའི་ཆར་མངོན་པར་བསྟན་པས་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཞི་ཞིང་ཕྱིར་ལྡོག་པར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་བསྲུང་བ་དང་། བསྐྱབ་པ་བྱས་ཏེ། ཕྱོགས་བཞིར་དཔག་ཚད་བརྒྱ་ཚུན་ཆད་དུ་མཚམས་བཅད་དེ་བསྲུངས་པས་དེའི་ནང་དུ་འཁྲུག་པ་དང་། ནད་འགོ་བ་དང་། ཕྱུགས་ནད་ཐམས་ཅད་མི་འབྱུང་ངོ་། །འཐབ་ཅིང་རྩོད་པ་མི་འབྱུང་། ཆོས་མ་ཡིན་པར་སྤྱོད་པ་མེད་པར་འགྱུར་རོ། །འདི་ལ་གསང་སྔགས་གཞན་གྱིས་བཅད་པ་དང་། མནན་པར་མི་ནུས་ཏེ། གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །ཡང་མཆོད་རྟེན་དེའི་སྲོག་ཤིང་གི་གསང་སྔགས་བཤད་པ། ༀ་སརྦ་ཏ་ཐཱ་ག་ཏཱ་བི་པུ་ལ་ཡཥྚི། མ་ཎི་ཀ་ནཀ་རཱ་ཛ་ཏ། བི་པུ་ཥི་ཏ་ཡཥྚི་དྷུ་རུ་དྷུ་རུ། ས་མནྟེ་བི་ལོ་ཀི་ཏེ། ས་ར་ས་ར། མ་མ་སརྦ་པཱ་པ་བི་ཤོ་དྷ་ནི། སཾ་བོ་དྷ་ནི། པྲ་བར་ཡཥྚི། པ་རི་མ་ཎི་དུཥྚ་ཧུ་རུ་ཙི་ར་མ་ལ་བི་ཤུདྡྷེ་ཧཱུྃ་ཧཱུྃ་སྭཱ་ཧཱ། རིགས་ཀྱི་བུ་ཅི་ནས་ཀྱང་གསང་སྔགས་འདི་ནན་ཏན་དུ་དགུ་བཅུ་རྩ་དགུར་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་སྲོག་ཤིང་གི་ངོས་བཞིར་གཞུག་གོ། །དེ་ཡང་ཆོ་གའི་གཞུང་འདི་ཉིད་ཀྱང་བྲིས་ཏེ་སྲོག་ཤིང་གི་ནང་དུ་གཞུག་གོ། །ཆོ་ག་དེ་ལྟར་བྱས་ན་མཆོད་རྟེན་དགུ་ཁྲི་དགུ་སྟོང་གི་སྲོག་ཤིང་བཙུགས་པ་དང་འདྲའོ། །དེའི་གོང་དུ་ཡང་མཆོད་རྟེན་རིང་བསྲེལ་ཅན་དགུ་ཁྲི་དགུ་སྟོང་བཞེངས་པ་དང་འདྲའོ། །དེའི་ཡང་གོང་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དགུ་ཁྲི་དགུ་སྟོང་བྱས་པར་འགྱུར་རོ། །དེའི་ཡང་གོང་དུ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ཆོས་བཟང་ལྷའི་མདུན་ས་དང་འདྲ་བའི་གཙུག་ལག་ཁང་གི་མཆོད་རྟེན་དགུ་ཁྲི་དགུ་སྟོང་བརྩིགས་པ་དང་འདྲའོ། །ཡང་གང་ལ་ལ་ཞིག་གིས་འཇིམ་པ་ལས་མཆོད་རྟེན་ཆུང་ངུ་ཞིག་བྱས་ཏེ། དེའི་ནང་དུ་གསང་སྔགས་འདི་དག་བཅུག་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དགུ་ཁྲི་དགུ་སྟོང་བརྩིགས་པ་དང་འདྲའོ། །ཡང་གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། ཐལ་མོ་སྦྱར་རམ། མེ་ཏོག་ཕུལ་ལམ། བྱུག་པ་དང་། བདུག་སྤོས་ཕུལ་ལམ། དྲིལ་བུ་དང་། བ་དན་དང་། གདུགས་འགའ་ཞིག་ཕུལ་ན་ཡང་དེ་བཞིན་གཤེགས་པ་དགུ་ཁྲི་དགུ་སྟོང་གི་མཆོད་རྟེན་ལ་ཕུལ་བའི་བསོད་ནམས་དང་མཉམ་པ་ཡིན་ནོ། །དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་དཔལ་དང་། མཐུ་སྟོབས་རྒྱ་ཆེན་པོ་ཐོབ་པར་འགྱུར་ཏེ། ཐ་ན་བྱ་དང་སྦྲང་མ་ལ་སོགས་པ་མཆོད་རྟེན་དེའི་གྲིབ་མས་ཕོག་ན་ཡང་དེའི་བཞིན་གཤེགས་པས་མཁྱེན་ཅིང་རྗེས་སུ་དགོངས་པར་མཛད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ། དྲིལ་བུའི་སྒྲ་ཐོས་སམ། མཆོད་རྟེན་བཞེངས་པ་རྣ་བར་གཏམ་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་ལ་སོགས་ཏེ། སྡིག་པ་དང་། སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྲུང་བ་དང་། རྗེས་སུ་དགོངས་པ་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །གསང་སྔགས་འདི་ནི་མཆོད་རྟེན་གྱི་སྲོག་ཤིང་གི་གསང་སྔགས་ཞེས་བྱའོ། །ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་བྱ་བའི་གསང་སྔགས་དེ་དག་གི་སྙིང་པོ་ནི་འདི་ཡིན་ནོ། །ༀ་སརྦ་ཏ་ཐཱ་ག་ཏ། མ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾ་སྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨདྷིཥྛཱི་ན་ཨ་དྷིཥྛི་སྭཱ་ཧཱ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གང་ལ་ལ་ཞིག་གིས་མཆོད་རྟེན་བདག་ཉིད་ཀྱིས་བྱས་སམ། གཞན་བྱེད་དུ་བཅུག་གམ། མཆོད་རྟེན་རྙིང་བ་བཅོས་ལེགས་བྱས་ཀྱང་རུང་། ས་འཇིམ་ལས་མཆོད་རྟེན་ཆུང་ངུ་བྱས་སམ། སོ་ཕག་གམ། རྡོ་བ་ལས་བྱས་ཀྱང་རུང་སྟེ། དང་པོ་གསང་སྔགས་ཀྱི་སྙིང་པོ་སྟོང་རྩ་བརྒྱད་ཚད་དུ་བཟླས་བརྗོད་བྱས་ཏེ། དེའི་འོག་ཏུ་མཆོད་རྟེན་སེན་མོ་གང་ཙམ་གྱིས་ལ་བྱས་སམ། ཁྲུ་གང་གི་ཚད་དུ་བྱས་སམ། དཔག་ཚད་གཅིག་ཙམ་གྱི་ཚད་དུ་བྱས་ན་ཡང་རུང་སྟེ། གསང་སྔགས་ཀྱི་མཐུ་དང་། སེམས་རྩེ་གཅིག་ཏུ་བྱས་པའི་སྟོབས་ཀྱིས་མཆོད་རྟེན་དེ་ལ་ཡང་སྤོས་ཀྱི་ངད་ལྡང་སྟེ། ཙནྡན་དང་། ག་བུར་དང་། གླ་རྩི་དང་། གུར་གུམ་ལ་སོགས་པའི་དྲི་བྲོའམ། ལྷའི་སྤོས་དྲི་ཞིམ་པོའི་ངད་ལྡང་བར་འགྱུར་རོ། །བདག་དང་གཞན་མཆོད་རྟེན་གྱི་ལས་བྱེད་པ་དང་། བཟླས་བརྗོད་བྱེད་པ་དེ་བསམ་པ་ཐམས་ཅད་ཀྱང་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པར་འགྱུར་ཏེ། ཡོན་ཏན་དང་། ལེགས་པ་ཕུན་སུམ་ཚོགས་པ་ཡང་འཐོབ་པར་འགྱུར། ཚེ་ཐུང་བའི་ལས་ཤིག་ཡོད་ན་ཡང་ཚེ་ནུར་ཞིང་རིང་བར་འགྱུར། ནམ་འཆི་བའི་དུས་བྱེད་པ་ན་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་ཞལ་མཐོང་ཞིང་། དེ་བཞིན་གཤེགས་པ་དེ་དག་གིས་རྗེས་དུ་དགོངས་ཏེ། སྐྱེ་གནས་ཕྱི་མར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཞིང་མངོན་སུམ་དུ་ལུང་སྟོན་པར་འགྱུར། དེར་ཡང་ཚེ་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐུབ་པར་འགྱུར་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་མིག་དང་། ལྷའི་རྣ་བ་རྣམ་པར་དག་པ་འཐོབ་ཅིང་། ཕ་རོལ་གྱི་སེམས་ཤེས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་ཤེས་པ་འཐོབ་བོ། །ལུས་ལས་ཙནྡན་གྱི་དྲིའི་ངད་འབྱུང་ཞིང་ཁ་ནས་ཨུཏྤ་ལའི་བསུང་ལྡང་བ་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཐོབ་ནས་ཕྱིར་མི་ལྡོག་པའི་ས་ཡང་ཐོབ་པར་འགྱུར་རོ། །ཡང་དྲིའི་བྱུག་པ་ཡུངས་འབྲུ་ཙམ་ཡང་རུང་སྟེ། གསང་སྔགས་བཟླས་ནས་མཆོད་རྟེན་ལ་བསྐུས་ན་ཡང་དེ་དག་གི་ཡོན་ཏན་དང་། ལེགས་པ་སྔར་བཤད་པ་བཞིན་དུ་ཐོབ་པར་འགྱུར་རོ། །ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ལ་ལ་ཞིག་གིས་བདག་ཉིད་གཙང་བར་བྱས་ཏེ། གསང་སྔགས་ཀྱི་ཚིག་འདི་དག་དཀོན་པ་དང་། རིན་པོ་ཆེར་འདུ་ཤེས་པས་གཟུང་ན་དེ་དེ་བཞིན་གཤེགས་པ་དང་འདྲ་བར་དད་པར་བྱ་སྟེ། གསང་སྔགས་རྣམས་ལ་གུས་པ་བསྐྱེད་ནས་ཡི་གེར་བྲི་བར་བྱ་སྟེ། གོང་དུ་བཤད་པ་བཞིན་དུ་གསང་སྔགས་དང་ཕྱག་རྒྱ་ཆོ་ག་བཞིན་དུ་བྲིས་ནས་མཆོད་རྟེན་གྱི་སྲོག་ཤིང་གི་རྩ་བར་སྙིང་པོ་བཅུག་སྟེ། མཆོད་རྟེན་བྱས་ན་དེ་དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པར་འགྱུར་ཏེ། ཡོན་ཏན་དང་ལེགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ཕྱག་རྒྱའི་ཆོ་ག་འདི་དག་བཤད་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཐུགས་རངས་པར་མཛད་ནས་གསུངས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཅན་མཉམ་པར་དགོངས་ཤིང་། ཐམས་ཅད་ཆོས་ཀྱི་དབྱིངས་ལ་བཀོད་ནས་གསང་སྔགས་ཆེན་པོའི་ཕྱག་རྒྱའི་ཆོ་གའི་བྱིན་གྱི་རླབས་འཐོབ་པར་བསྟན་པ་ནི་ལེགས་སོ་ལེགས་སོ། །ཤིན་ཏུ་ཡང་ལེགས་ཏེ། དགེ་བའི་རྩ་བ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་ཉིད་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འདུས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། འཇིག་རྟེན་སྐྱོང་བའི་མེས་པོ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ཀུ་བེར་དང་། དེ་དག་ལ་སོགས་པ་རྫུ་འཕྲུལ་ཆེ་བའི་ལྷ་དེ་དག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཐོས་ནས་བདག་ཅག་རང་རང་གི་སྤྱོད་ཡུལ་ལ་སྐྱོ་ཞིང་ཡིད་བྱུང་བར་གྱུར་ཏེ། མཐར་གྱིས་ཡོན་ཏན་ཆེན་པོ་ཐོབ་པར་འདོད་པའི་ཕྱིར་གཅིག་ལ་གཅིག་བོས་ཏེ་སྨྲས་པ། ཀྱེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་ནི་ཤིན་ཏུ་ཡང་རྙེད་པར་དཀའོ། །དེའི་བསྟན་པ་དམ་པའི་ཆོས་ཐོས་པ་ཡང་ཤིན་ཏུ་རྙེད་པར་དཀའ། གསང་སྔགས་དང་ཕྱག་རྒྱའི་ཚོགས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ཐོས་པ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། འདི་ནི་ཤིན་ཏུ་ངོ་མཚར་ཏོ་ཞེས་སྨྲས་སོ། །དེ་ནས་དེའི་ཚེ་བྲམ་ཟེ་སེར་སྐྱའི་ཟླ་བ་ཞེས་བྱ་བ་བཅོམ་ལྡན་འདས་ལས་དེ་ལྟ་བུའི་གསང་སྔགས་དང་ཆོ་གའི་ཡོན་ཏན་ཆེན་པོ་དེ་དག་ཐོས་ཤིང་ཐོབ་ནས་སེམས་ཀྱི་སྒྲིབ་པའི་རྡུལ་དང་རྙོག་པ་རྣམས་དང་བར་གྱུར། འཆི་བའི་འཇིགས་པ་དང་། སྡིག་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་དག་པར་གྱུར། ཚེ་ཡང་ཕྱིར་ནུར་ཏེ་རིང་བར་གྱུར་ནས་དགའ་མགུ་ཡི་རངས་ཏེ་ཡིད་བདེ་བ་ཆེན་པོ་ཐོབ་པར་གྱུར་ཏོ། །དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱང་སེམས་དང་ཞིང་རྗེས་སུ་ཡི་རང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་འཁོར་དེར་རིན་པོ་ཆེའི་ཁང་པ་བརྩེགས་པ་ནོར་བུ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་མངོན་པར་སྤྲུལ་ནས། ཆོས་ལ་དགའ་བའི་ཕྱིར་བཅོམ་ལྡན་འདས་ལ་ཕུལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་ཀྱིས་གསང་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་ཆོ་ག་ཤིན་ཏུ་རྙེད་པར་དཀའ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་རྣམས་ཀྱི་མཆོག་འཛམ་བུའི་གླིང་གི་སེམས་ཅན་སྒྲིབ་པ་ཆེ་བ་རྣམས་ཀྱི་དོན་དུ་བཤད་དེ། དགེ་བའི་རྩ་བ་བསྐྱེད་ཅིང་ཚེ་རིང་བ་དང་། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ལས་ཐར་བར་མཛད་པ་ལགས་ན། དེ་འདིར་བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་གསོལ་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ཡང་དག་པའི་ཡེ་ཤེས་ཆུབ་པར་བགྱིད་པའི་ཕྱག་རྒྱ་དང་། གསང་སྔགས་ཀྱི་ཚིག་བཤད་པར་འཚལ་ལོ། །ན་མོ་བྷ་ག་བ་ཏེ། ན་བ་ན་བ་ཊཱི་ནཱཾ། སཾ་མྱ་ཀ་སཾ་བུདྡྷེ་ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྭཱ་ཎཱཾ། ན་མཿ སརྦ་ནི་པ་ར་ཎ་བི་སྐམྦི་ནི་བོ་དྷ་ས་ཏྭཱ་ཡ། ༀ་ཏུ་རུ་ཏུ་རུ་མ་མ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནི། སརྦ་ཏ་ཐཱ་ག་ཏ་ཨཱ་ཡུར་བ་ལཱ་ནི། བི་པུ་ལ་ནི་ར་མ་ལེ། སརྦ་སིདྡྷི་ན་མ་སྐྲྀ་ཏྭཱ། བ་ར་བ་ར། སརྦ་སཏྭཱ་ཨ་བ་ལོ་ཀི་ནི། ༀ་སརྦ་ནི་བཱ་ར་ཎ། བི་སྐམ་བི་ཎི། མ་མ་སརྦ་པཱ་པ་བི་ཤོ་དྷ་ནི་ཀུ་རུ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གི་གསང་སྔགས་འདི་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་བཤད་པ་ལགས་ཏེ། གང་ལ་ལ་ཞིག་གིས་མ་ཡེངས་པའི་སེམས་ཀྱིས་རྩེ་གཅིག་ཏུ་བྱས་ཏེ། སྐད་ཅིག་གཅིག་བཏོན་ན་ཡང་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་འདི་ཆོ་ག་བཞིན་དུ་དགུ་བཅུ་རྩ་དགུ་ཡི་གེར་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ན་མཆོད་རྟེན་དེ་ལ། ལ་ལ་ཞིག་གིས་ཕྱག་བྱས་སམ། ཚིག་སྙན་པས་བསྟོད་དམ། སྤོས་དང་། མེ་ཏོག་དང་། བྱུག་པ་དང་། མར་མེ་འབུལ་ན་རིགས་ཀྱི་བུ་དེ་དེའི་ཚེ་འདི་ཉིད་ལ་སྡིག་པ་ཐམས་ཅད་བྱང་ཞིང་ལས་ཀྱི་སྒྲིབ་པ་ཐམས་ཅད་བསལ་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་འགྱུར། སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བྱས་པ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་མཆོད་པ་བྱས་པར་འགྱུར་རོ། །དེའི་དགེ་བའི་རྩ་བ་རྒྱ་ཆེན་པོ་སོགས་པར་འགྱུར་རོ། །ཡང་དགེ་སྦྱོང་གང་ཞིག་གིས་ཚེས་བརྒྱད་དང་། བཅུ་བཞི་དང་བཅོ་ལྔ་གང་ཡང་རུང་བ་ལ་ཁྲུས་དང་གཙང་སྦྲ་བྱས་ཏེ། གོས་གཙང་མ་གྱོན་ལ་ཞག་གཅིག་སྨྱུང་བའམ། ཡང་ན་ཟས་དཀར་གསུམ་ཟོས་ཏེ། མཆོད་རྟེན་ལ་བསྐོར་ཞིང་གསང་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་འབྱང་བར་འགྱུར། གཞན་ཡང་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་གྱུར་ནས། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བདག་ཉིད་ཀྱི་ལུས་མངོན་པར་བསྟན་ཏེ། བསམ་པ་ཐམས་ཅད་དངོས་གྲུབ་ཏུ་སྦྱིན་པར་མཛད་ཅིང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཞལ་ཡང་མཐོང་བར་འགྱུར་རོ། །དེ་བཞིན་དུ་གང་ལ་ལ་ཞིག་གིས་ཉིས་བརྒྱ་རྩ་བརྒྱད་བཏོན་ན་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གང་གིས་སུམ་བརྒྱ་རྩ་བརྒྱད་བཏོན་ན་སྒྲིབ་པར་ཐམས་ཅད་བྱང་སྟེ། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། །ཡང་གང་གིས་བཞི་བརྒྱ་རྩ་བརྒྱད་བཏོན་ན་རྒྱལ་ཆེན་རིས་བཞིའི་རྒྱལ་པོ་ཆེན་པོ་དག་ཀྱང་ཉེ་བར་འོངས་ནས་ལུས་མངོན་པར་བསྟན་ཏེ། བསྲུང་བ་དང་། སྐྱབས་པར་བྱེད་ཅིང་ཤེས་རབ་ཀྱི་སྟོབས་ཀྱང་བསྐྱེད་ནས་བསོད་ནམས་ཐམས་ཅད་ཉེ་བར་བསྒྲུབ་བོ། །གང་གིས་ལྔ་བརྒྱ་རྩ་བརྒྱད་བཏོན་ན་དགེ་བའི་རྩ་བ་དེ་ཉིད་ཀྱིས་འདུས་མ་བྱས་ཀྱི་ལམ་གནས་པ་ཐོབ་བོ། །ཡང་གང་གིས་དྲུག་བརྒྱ་རྩ་བརྒྱད་བཏོན་ན་རིག་སྔགས་འཆང་དུ་འགྱུར་ཏེ། ནམ་མཁའ་ལ་རིག་འཛིན་གྱི་གནས་སུ་འགྲོ་བར་འགྱུར་རོ། །ཡང་གང་གིས་བདུན་བརྒྱ་རྩ་བརྒྱད་ཚང་བར་བཏོན་ན་ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་རོ། །ཡང་གང་གིས་བརྒྱད་བརྒྱ་རྩ་བརྒྱད་བཏོན་ན་གཞན་གྱིས་བསྒོ་བ་མེད་པའི་རང་དབང་འཐོབ་སྟེ། སེམས་རྣམ་པར་དག་པར་འགྱུར་རོ། །ཡང་གང་གིས་དགུ་བརྒྱ་རྩ་བརྒྱད་དུ་བཏོན་ན་ཕུང་པོ་ལྔ་རྣམ་པར་དག་པར་འགྱུར་རོ། །ཡང་གང་གིས་སྟོང་རྩ་བརྒྱད་དུ་བཏོན་ན་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་བོ། །གང་གིས་ཉིས་སྟོང་ཚང་པར་བཏོན་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །གང་གིས་སུམ་སྟོང་ཚང་བར་བཏོན་ན་ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །གང་གིས་བཞི་སྟོང་ཚང་བར་བཏོན་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །གང་གིས་ལྔ་སྟོང་ཚང་བར་བཏོན་ན་རང་སངས་རྒྱས་ཀྱི་ས་འཐོབ་པར་འགྱུར་རོ། །གང་གིས་དྲུག་སྟོང་ཚང་བར་བཏོན་ན་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་གནས་འཐོབ་པར་འགྱུར་རོ། །ཡང་གང་གིས་བདུན་སྟོང་ཚང་བར་བཏོན་ན་བྱང་ཆུབ་སེམས་དཔའི་ས་དང་པོ་འཐོབ་པར་འགྱུར་རོ། །ཡང་གང་གིས་བརྒྱད་སྟོང་ཚང་བར་བཏོན་ན་བྱང་ཆུབ་སེམས་དཔའི་ས་ལྔ་པ་གནོན་པར་འགྱུར་རོ། །ཡང་གང་གིས་དགུ་སྟོང་ཚང་བར་བཏོན་ན་རིག་སྔགས་དང་། གསང་སྔགས་རྣམས་ཀྱི་བདག་པོ་གསང་བ་པའི་ལུས་ཐོབ་པར་འགྱུར་རོ། །ཡང་གང་གིས་ཁྲི་ཚང་བར་བཏོན་ན་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་གནོན་པར་འགྱུར་རོ། །ཡང་གང་གིས་ཉི་ཁྲི་ཚང་བར་བཏོན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཐོབ་པར་འགྱུར་ཏེ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་ཕ་མའི་དོན་གྱི་ཕྱིར་བསོད་ནམས་ཀྱི་ལས་བྱ་བར་འདོད་ན། མཆོད་རྟེན་རྙིང་པ་རིང་བསྲེལ་ཅན་ཞིག་རལ་དུ་གྱུར་པ་གསོས་ལ་བཅོས་ལེགས་བྱས་ཏེ། གཡས་ཕྱོགས་སུ་བསྐོར་བ་བྱེད་ཅིང་སྔགས་ལན་བརྒྱ་རྩ་བརྒྱད་ཚང་གི་བར་དུ་བསྐོར་བ་བྱས་ན་བསམ་པ་ཐམས་ཅད་ཡིད་བཞིན་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ངའི་གྲོགས་བྱས་ཏེ། དེ་བཞིན་གཤེགས་པའི་གསང་སྔགས་ཀྱི་ཆོ་ག་ཚུལ་བཞིན་དུ་བཤད་པ་དེ་ཁོ་ན་བཞིན་ནོ། །དེ་ནས་གནོད་སྦྱིན་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་པའི་བདག་པོས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་རྒྱལ་པོ་གསང་སྔགས་ཀྱི་ཆོ་ག་འདི་དག་དེ་བཞིན་གཤེགས་པ་རྣམས་དང་འདྲ་བ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་བྱུང་བ་ལགས་ན། བཅོམ་ལྡན་འདས་སྙིང་པོ་དམ་པ་འདི་དག་འཛམ་བུ་གླིང་ན་གནས་པའི་སེམས་ཅན་རྣམས་ཀྱི་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་བསལ་ནས་དེ་ཕྱིན་ཆད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་འཇུག་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་བའི་བདག་པོ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་གསང་སྔགས་ཀྱི་ཆོ་ག་འདི་དག་ནི་མ་འོངས་པའི་དུས་ན་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་པ་དང་འདྲ་བ་ཡིན་ནོ། །ངས་ཆོ་ག་ཇི་སྐད་བསྟན་པ་བཞིན་དུ་བྱས་ན་ལས་ཀྱི་སྦྱོར་བ་ཆུང་ངུས་ཀྱང་འབྲས་བུ་ཆེན་པོ་འགྲུབ་ཅིང་ཕན་ཡོན་ཆེ་བར་གནས་པར་འགྱུར་ན། ལས་ཀྱི་སྦྱོར་བ་ཆེར་བྱས་པ་ལྟ་ཅི་སྨོས་ཏེ། དགེ་བའི་རྩ་བ་ཐམས་ཅད་བསགས་པར་འགྱུར་རོ། །དེ་ལྟ་བས་ན་དེ་དག་གི་ཡོན་ཏན་ནི་དེ་བཞིན་གཤེགས་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བཤད་ཀྱང་མི་རྫོགས་ཏེ། དེ་བཞིན་གཤེགས་པ་དེ་དག་གིས་མཁྱེན་ཅིང་གཟིགས་པར་ཟད་དོ། །གསང་བ་པའི་བདག་པོས་གསོལ་པ། བཅོམ་ལྡན་འདས་ལས་ཚེགས་ཆུང་ངུ་ཇི་ལྟ་བུ་ཞིག་བགྱི་ན་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་འགྲུབ་ཅིང་བསོད་ནམས་ཆེན་པོ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ལེགས་པ་ཉོན་ཅིག་དང་བཤད་པར་བྱའོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ལ་ལ་ཞིག་གིས་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཐོབ་ཅིང་ཡོན་ཏན་ཐོབ་པར་འདོད་པས་གསང་སྔགས་ཀྱི་རྒྱལ་པོའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱས་ཏེ། དགུ་བཅུ་རྩ་དགུ་ཡི་གེར་བྲིས་ལ་སངས་རྒྱས་ཀྱི་མཆོད་རྟེན་གྱི་མདུན་དུ་དཀྱིལ་འཁོར་གྲུ་བཞིར་བྱས་ལ་བའི་ལྕིབས་བྱུགས་ཏེ། གྲྭ་བཞིར་དྲིའི་ཆུ་ཕོར་བུ་བཀང་བ་རེ་རེ་གཞག །བདུག་སྤོས་ཀྱི་སྣོད་དུ་བ་འཐུལ་བ་ཡང་བཞག་ནས་སྣོད་ཆེན་པོའི་ནང་དུ་མེ་ཏོག་དང་། དྲིའི་ཆུ་དང་། འབྲས་སྐམ་པོ་རྣམས་བླུགས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་གཞག་པ་དང་། ཡང་ཏིལ་ནག་པོ་དང་། སྲན་མ་མ་ཤ་དང་། འབྲས་རྣམས་བསྲེག་ཏེ་བཙོས་པའི་འབྲས་ཐུག་ཀྲི་སར་ཞེས་བྱ་བ་དང་། ཟས་དཀར་གསུམ་དང་། འདི་རྣམས་བུམ་པའི་ནང་དུ་བླུགས་པ་དང་། ཡང་ཤིང་ཏོག་སྣ་ཚོགས་འབྲས་བུ་དགུ་བཅུ་རྩ་དགུ་དང་། ཁ་ཟས་མིང་གིས་སྨོས་པ་འདི་རྣམས་དང་། སྤོས་དང་། མེ་ཏོག་ལ་སོགས་པ་དཀྱིལ་འཁོར་གྱི་སྟེང་དུ་བཀྲམ་ལ། གསང་སྔགས་ཀྱི་ཡི་གེ་མཆོད་རྟེན་གྱི་སྲོག་ཤིང་གི་ནང་དུ་བཅུག་ནས་མཆོད་རྟེན་གྱི་ཕྱོགས་བཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་དམིགས་ཏེ་ཕྱག་བྱས་ལ་སེམས་རྩེ་གཅིག་པས་གསངས་སྔགས་འདི་དག་གདོན་པར་བྱའོ། །འདི་ལྟ་སྟེ། ༀ་བི་པུ་ལ། བི་མ་ལེ། བྲ་བ་རེ་ཛི་ན་བ་རེ། ས་ར་ས་ར། སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་གར་བྷེ། ཨ་དྷེ་ཥྛི་ཏེ་སྭཱ་ཧཱ། ཨཱ་ཡཏ་ཏོ་པ་ཎི་སྭཱ་ཧཱ། སརྦ་དེ་བ་ཎི་བ་ཧ་ཡ་བི་བུདྡྷ་ཨདྟི ཥྛི་ཎ་ས་མ་ཡེ་སྭཱ་ཧཱ། བདུག་སྤོས་འཐུལ་བ་རྒྱུན་མི་འཆད་པར་བྱ་ཞིང་། གསང་སྔགས་ལན་ཉི་ཤུ་རྩ་བརྒྱད་བཏོན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། གསང་བ་པའི་བདག་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེག་མེད་ཀྱི་བུ་རྣམས་དེའི་མོད་ལ་མཆོད་རྟེན་དེ་ལ་མཆོད་པ་དང་། རིམ་གྲོ་བྱེད་དེ་སྲོག་ཤིང་བརྟན་པར་བྱེད་དོ། །དེ་བས་གོང་དུ་ཡང་སངས་རྒྱས་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་དགུ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གནས་དེར་གཤེགས་ཏེ། མཆོད་རྟེན་དེ་ལ་མཆོད་པ་དང་། ཆོས་ཀྱི་སྐུར་བྱིན་གྱིས་རློབ་ཅིང་རིང་བསྲེལ་དང་ལྡན་པར་མཛད་དོ། །དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན་ཡོན་ཏན་དེ་དག་དང་། གཞན་ཡང་མཆོད་རྟེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོར་པར་འགྱུར་ཏེ། རིན་པོ་ཆེའི་རྣམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་ལུས་རྣམ་པར་དག་ལ་ཚེ་རིང་ཞིང་ནད་མེད་པ་དང་། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གང་གཞན་ལ་ལ་ཞིག་གིས་མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ན་ཡང་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་ཞིག་གིས་མཆོད་རྟེན་དེའི་མིང་ཙམ་ཐོས་པ་ཡང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར། ཐ་ན་བྱ་དང་། རི་དྭགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ། བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །གང་ལ་ལ་ཞིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱོད་པར་འདོད་པ་དེས་སྔ་མ་བཞིན་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། ས་དང་ལྕི་བས་བྱུགས་ལ་དེའི་སྟེང་དུ་སྤོས་ཀྱི་སྐྱོང་ནུལ་གྱིས་བླུགས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་དྲིའི་ཆུས་བཀང་བའི་སྣོང་རེ་རེ་གཞག་ལ། སྔར་བསྟན་པའི་གསང་སྔགས་བཞི་པོ་དག་ལས་རྣམ་པ་གཅིག་ཀྱང་དགུ་བཅུ་རྩ་དགུ་བྲིས་ཏེ། རང་གི་ལག་གིས་མཆོད་རྟེན་ཆུང་ངུ་དགུ་བཅུ་རྩ་དགུ་གདབ་ཅིང་གསང་སྔགས་རྣམས་གཅིག་ཀྱང་རེ་རེའི་ནང་དུ་གཞུག་གོ། །དེ་ནས་ཡང་གསང་སྔགས་འདི་དགུ་བཅུ་རྩ་དགུ་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་འཕང་ལོ་རྣམས་ཀྱི་ནང་དུ་བཅུག་ལ། མཆོད་རྟེན་རྣམས་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། མེ་ཏོག་དང་། བྱུགས་པས་མཆོད་ལ། ལན་བདུན་བདུན་དུ་བསྐོར་ཞིང་གསང་སྔགས་འདི་ཡང་གདོན་པར་བྱའོ། །ན་མཿ ན་བ་ན་བ་ཏཱི་ནཱཾ། ཏ་ཐཱ་ག་ཏ་གཾ་དཱི་བཱ་ལུ་ཀཱ་ནཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱཾ། ༀ་བོ་བོ་རི། ཙ་རི་ཎི་ཙ་རི། མོ་རི་གོ་རི་ཙ་ལ་བཱ་རི་སྭཱ་ཧཱ། ཆོ་ག་འདི་ལྟར་བྱས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱད་པར་ཡང་མ་ཟད་དེ། དེས་ནི་རིན་པོ་ཆེའི་མཆོད་རྟེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱས་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བྱས་པར་འགྱུར་རོ། །དེའི་གོང་དུ་ཡང་ལྷ་ཐམས་ཅད་ཀྱིས་མཆོད་པའི་སྤྲིན་སྣ་ཚོགས་བསྡུས་ཏེ། མཆོད་རྟེན་དེ་ལ་ཡོ་བྱད་སྣ་ཚོགས་སྦྱར་ནས། དེ་བཞིན་གཤེགས་པའི་ཕོ་བྲང་དང་། ཡོ་བྱད་སྣ་ཚོགས་སྦྱར་ནས་མཆོད་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྙེད་ཀྱིས་མཁྱེན་ཅིང་གཟིགས་ཏེ་བྱིན་གྱིས་རློབ་པར་མཛད་དོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་བརྒྱ་ཆེན་པོའི་བསོད་ནམས་དང་། ཡོན་ཏན་ཐམས་ཅད་ཐོབ་པར་མཛད་དོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཀྱི་རྒྱལ་པོ་འདི་སྙིང་པོ་མ་ནོར་བར་ཡི་གེར་བྲིས་ལ་རྟག་ཏུ་བཏོན་ཏེ། མཆོད་པའི་ལས་བྱས་ལ་ལུས་ལ་ཐོགས་ན་རིག་པ་དེ་ཉིད་ཀྱིས་བསྲུང་བ་དང་། བསྐྱབ་པ་མཛད་དེ། ཕས་ཀྱི་རྒོལ་བའི་དགྲ་ཐམས་ཅད་དང་། ཤར་གཉེར་བ་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་ལ་སོགས་པ་ཐམས་ཅད་ཀྱང་གནོད་པ་བྱེད་པར་མི་འགྱུར་ཏེ། འཇིགས་ཤིང་སྐྲག་ནས་སོ་སོར་འབྱེར་བར་འགྱུར་རོ། །གང་ལ་ལ་ཞིག་གིས་རིག་པ་འདོན་པ་དེ་དང་གཏམ་བྱས་པ་ཡང་མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འབྱང་བར་འགྱུར་རོ། །གང་ལ་ལ་ཞིག་གིས་སྔགས་པ་དེའི་སྒྲ་ཐོས་སམ། གྲིབ་མས་ཕོག་གམ། ལུས་ལ་རེག་ཀྱང་རུང་སྟེ། དེའི་ཚེ་རབས་གཞན་གྱི་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །གང་རིག་པ་འདོན་པ་དེའི་ལུས་ལ་དུག་གིས་མི་ཚུགས། མེས་མི་ཚུགས། ཆུས་ཁྱེར་བར་མི་འགྱུར། གདོན་ཐམས་ཅད་ཀྱིས་ཀྱང་གླགས་མི་རྙེད། ཐོག་འབབ་པར་མི་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་བསྲུང་བ་དང་། བསྐྱབ་པ་མཛད་ཅིང་སྤྱན་རས་ཀྱིས་འཚོ་བར་མཛད་དོ། །ལྷ་ཐམས་ཅད་དང་། དམ་ཙིག་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལ་བསྟང་གྲོགས་བྱེད་པར་འགྱུར་ཏེ། གཞན་གྱི་རིག་སྔགས་དང་། བྱང་དང་། སྦྱོར་བ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ལྟ་བས་ན་རིག་པ་འདོན་པ་གནས་གང་ན་འདུག་ཀྱང་གསང་སྔགས་འདིའི་ཆོ་ག་དོན་དུ་གཉེར་བར་བྱ་སྟེ། གསང་སྔགས་ཡི་གེར་བྲིས་ལ་ལམ་གྱི་བཞི་མདོའམ། སུམ་མདོ་སྐྱེ་བོ་མང་པོ་ཕན་ཚུན་འགྲོ་བའི་གནས་སུ་མཆོད་རྟེན་བྱས་ལ། དེའི་ནང་དུ་བཅུག་ན་འགྲོ་བ་ཐམས་ཅད་དང་། བྱ་དང་། སྦྲང་མ་དང་། ཐ་ན་གྲོག་སྦུར་ཡན་ཆད་ཀྱིས་མཐོར་བ་དང་། ཐོས་པ་དང་། རེག་པ་དང་། དེ་ལ་ཕོག་པའི་ས་དང་། རྡུལ་དང་། རླུང་དང་། གྲིབ་མས་ཕོག་ན་ཡང་བྱོལ་སོང་དང་། ཡི་དགས་དང་། ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་སྡིག་པ་ཐམས་ཅད་དང་བྲལ་ཞིང་། འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བས་ཚེ་རབས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ཞིང་ཕྱིར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པ་སེལ་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ལ་བཀའ་སྩལ་པ། སྐྱེས་བུ་ངམ་པ་དགངས་གསང་སྔགས་ཀྱི་རྒྱལ་པོའི་སྙིང་པོ་འདི་དག་ཁྱེད་རྣམས་ལ་ཡོངས་སུ་གཏད་ཀྱིས་རྟག་ཏུ་རིམ་གྲོར་བྱ་ཞིང་ཡོངས་སུ་གཟུང་བར་བྱ་སྟེ། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་ཆུག་ལ་གནས་ཐམས་ཅད་དུ་བསྒྲགས་ཏེ། ནམ་དུ་ཡང་རྒྱུན་མ་བཅད་པར་སེམས་ཅན་ལ་སྟོན་ཅིག །མཐོང་ཞིང་ཐོས་པར་བྱས་ན་མཚམས་མེད་པ་ལྔའི་སྡིག་པ་ཡང་འབྱང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དག་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཚིག་མཐུན་པར་སྨྲས་ཏེ། གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་གསང་སྔགས་འདིའི་ཆོ་ག་དང་། མཆོད་རྟེན་བགྱི་བའི་ཆོ་ག་ཇི་སྐད་གསུངས་པ་རྣམས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བདག་ཅག་ཀུན་གྱིས་བསྲུང་ཞིང་རིམ་གྲོར་བགྱི། རྟག་པར་གཟུངས་སུ་གཟུང་ཞིང་མི་བསྐྱུད་པར་བགྱི། ཡི་གེར་བྲི་བ་དང་། བཀླག་པ་དང་། མཆོད་པའི་ལས་རྣམས་ཀྱང་བགྱི་སྟེ། མ་འོངས་པའི་དུས་ན་སེམས་ཅན་གང་ལ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཤིང་ཁོང་དུ་ཆུང་ནས་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་ལ་སོགས་པ་དང་། སྡིག་པ་ཐམས་ཅད་ལས་ཐར་བར་འགྱུར་བར་བཅོམ་ལྡན་འདས་ཀྱིས་གསུངས་པས་ན། བདག་ཅག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་སྤྱི་བོས་བླངས་པའི་སླད་དུ་གསང་སྔགས་ཀྱི་ཆོ་ག་འདི་དག་རིམ་གྲོར་བགྱི། བཙུན་པར་བགྱི། གུས་པར་བགྱི། རིན་པོ་ཆེའི་འདུ་ཤེས་གཞག་པར་བགྱི། རྒྱ་ཆེར་འཕེལ་བར་བགྱི། བཅོམ་ལྡན་འདས་ཀྱི་ཞལ་དང་འདྲ་བར་བལྟ་བར་བགྱི། ནམ་དུ་ཡང་ནུབ་པར་མི་འགྱུར་ཞིང་ཅི་ནས་ཀྱང་རྒྱས་པར་བགྱི་བའི་སླད་དུ་ནན་ཏན་བགྱི་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་དམ་ཚིག་ལ་གནས་པས་གསང་སྔགས་ཀྱི་ཆོ་ག་འདི་དག་བསྲུང་བ་དང་། རིམ་གྲོར་བྱ་བ་དང་། ཡོངས་སུ་གཟུང་བར་ཁས་བླངས་པ་ནི་ལེགས་སོ་ལེགས་སོ། །ཤིན་ཏུ་ཡང་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བདྱཱ་ཀ་ར་སིངྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཇོ་བོ་ཨ་ཏི་ཤ་དང་དགེ་བཤེས་འབྲོམ་སྟོན་པས་སྔགས་རྣམས་དག་པར་བསྒྱུར་རོ།། །།
འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ། དགེ་སློང་རིན་ཆེན་གྲུབ།
འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ་ཞེས་བྱ་བ་བཞུགས། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ་ཞེས་བྱ་བ། དཔལ་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་བརྩེའི་དཀྱིལ་འཁོར་ལས། །གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི། །ཚ་ཟེར་འཕྲོས་པས་འགྲོ་བ་ཡི། །སྡུག་བསྔལ་མུན་པ་སེལ་ལ་འདུད། །འགྲོ་བའི་བསོད་ནམས་སྤེལ་བ་དང་། །དུས་མིན་འཆི་བ་བསལ་བའི་ཕྱིར། །འོད་ཟེར་དྲི་མེད་རྣམ་དག་པའི། །གཟུངས་ཀྱི་དཀྱིལ་འཁོར་ཆོ་ག་བྲི། །འདིར་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ལས་དཀྱིལ་འཁོར་བྱ་བར་གསུང་ལ། དེའི་ཆོ་ག་རྒྱས་པར་མ་གསུངས་པ་ལ། སྤྱི་རྒྱུད་ལས། གང་དུ་ལས་ནི་ཡོད་གྱུར་ལ། །རང་གི་ལས་ཀྱི་ཆོ་ག་མེད། །དེར་ནི་མཁས་པའི་སྤྱི་རྒྱུད་ལས། །གསུངས་པའི་ལས་རྣམས་བྱ་བ་ཡིན། །ཞེས་གསུངས་ཏེ། སྤྱི་རྒྱུད་ལ་བརྟེན་ནས་ཁ་བསྐང་སྟེ་བརྗོད་པར་བྱའོ། ། དེ་ལ་སྒྲུབ་པ་པོ་བདག་ཉིད་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། རྗེས་སུ་གནང་བ་ཐོབ་པའི་མཚན་ཉིད་དང་ལྡན་པའི་གྲོགས་དང་ལྷན་ཅིག་ཏུ། མཚན་ཉིད་དང་ལྡན་པའི་གནས་སུ་སྔོན་དུ་བསྙེན་པ་བྱའོ། །དེ་ལ་ཐོག་མར་ནངས་པར་མལ་ནས་ལངས་ཏེ་རིགས་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་པར་བྱ་སྟེ། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་སྟེ་མགོ་ལ་བཞག །ༀ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ཀྱིའོ། །ཐལ་མོ་སྦྱར་བ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་ཏེ་སྙིང་གར་བཞག་ལ། ༀ་པདྨ་ཨུད་བྷ་བ་ཡེ་སྭཱ་ཧཱ། པདྨའི་རིགས་ཀྱིའོ། །ཐལ་མོ་ལྡོག་སྟེ་སྦྱར་ལ། མཐེ་བོང་གཉིས་དང་མཐེ་ཆུང་གཉིས་སྦྱར་ནས་ལྟེ་བའི་ཐད་དུ་བཞག་ལ། ༀ་བཛྲ་ཨུད་བྷ་བ་ཡེ་སྭཱ་ཧཱ། རྡོ་རྗེ་རིགས་ཀྱིའོ། །དེ་ནས་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་བར་བསྒོམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱས་ལ་བདག་དབུལ་བར་བྱ་སྟེ། ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། བདག་ཉིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དུས་ཐམས་ཅད་དུ་ཡོངས་ཡེ་འབུལ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་བཞེས་སུ་གསོལ། བདག་ལ་དངོས་གྲུབ་བླ་ན་མེད་པ་སྩལ་དུ་གསོལ། །ཞེས་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པས་སེམས་བསྐྱེད་ལ། ཁུ་ཚུར་བཅིངས་ཏེ། མཐེའུ་ཆུང་གཉིས་གཤིབས་ལ་བསྒྲེང་། མཛུབ་མོ་རྩེ་མོ་སྦྱར་བའི་གློར་མཐེ་བོང་གཉིས་བཙུགས་པའི་ཕྱག་རྒྱ་དང་། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭ་ན་ས་ཏྭ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པ་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་ཉིད་བསྲུང་བར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བ་རྣམ་སྣང་གི་ས་བོན་མ། མགྲིན་པར་འོད་དཔག་མེད་ཀྱི་ས་བོན་མཾ། མགོ་བོར་མི་བསྐྱོད་པའི་ས་བོན་ཧ་འབར་བའི་ཕྲེང་བ་འཁྲིགས་པར་བསམ་ལ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་དེ། རང་བཞིན་གྱིས་དག་པར་མོས་པ་བྱས་ལ་ཕྱིར་བྱུང་སྟེ་སོ་ཤིང་བཅའ་བ་ལ་སོགས་པ་དང་། ལྷ་ཁང་གི་བྱི་དོར་ལ་སོགས་པ་བྱ། གཤང་གཅི་ཆེ་ཆུང་དང་ཟན་ཟ་བའི་ཚེ་ཁྲོ་བོ་མནོལ་བ་མེད་པས་བསྲུང་བར་བྱའོ། །དེ་ནས་ཁྲུས་ཀྱི་ཕྱིར་སྐྱེ་བོ་འདུ་བ་དང་ཡ་ང་བ་མེད་པའི་འཇུག་ངོགས་སུ་སོང་སྟེ། ལག་པ་གཉིས་ཀྱི་སོར་མོ་ཕྱི་རོལ་དུ་བསྣོལ་ཏེ་བཀུག་ནས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོང་གཉིས་དེའི་དྲུང་དུ་བཞག་པའི་ཕྱག་རྒྱ་ས་གཙང་མ་ལ་གཏུགས་ཏེ། ༀ་ནི་ཁ་ན་བ་སུ་དྷི་སྭཱ་ཧཱ། ཞེས་བཟླས་ཏེ་བླངས་ལ། ཆ་གསུམ་དུ་བགོས་ཏེ་གནས་གཙང་མར་བཞག་གོ། །དེ་ནས་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ། སོར་མོ་ལྷག་མ་རྣམས་བར་ནས་གང་ཙམ་ཕྱེ་སྟེ། རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ་བསྣོལ་ལ་དཔུང་པར་བཞག་སྟེ། ཡ་སོས་མ་མཆུ་མནན་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་མཁུར་དབུས་ཏེ། རྐང་པ་གཡས་སུ་བྱས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩནྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསྲུང་བ་བྱས་ལ། ཁུ་ཚུར་གཉིས་ནང་དུ་བཅིངས་ཏེ་མཛུབ་མོ་ཕྱུངས་ནས་བསྒྲེངས་ཏེ། དེས་མགོ་ནས་རྐང་པ་ལ་ཐུག་གི་བར་དུ་བྲབ་ཅིང་། ༀ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ལུས་ཀྱི་བགེགས་བསལ་ལ། ཐལ་མོ་བཀན་པ་ལས། མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཞག །གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ། དེའི་ཚིགས་གསུམ་པར་མཛུབ་མོ་བཀུག་སྟེ། མཐེ་བོང་གཉིས་སྦྱར་ནས་དབུས་སུ་བཞག་པའི་ཕྱག་རྒྱ་དང་། ༀ་བཛྲ་ཨགྣེ་པྲ་དཱི་པ་ཏ་ཡེ་སྭཱ་ཧཱ། ཞེས་པས་རྡོ་རྗེའི་གོ་ཆ་བསྐོན་ལ་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བསྐྱེད་ནས་རྡོ་རྗེའི་ཚུལ་དུ་བྱས་པ་རྡོ་རྗེ་གོ་ཆའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུྃ་ཝ་ཀི་ལི་ཧཱུྃ་ཕཊ། ཅེས་པའི་སྔགས་རྒྱས་མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་གོ་ཆ་བྱའོ། །དེ་ནས་ལག་པ་གཡོན་པའི་སོར་མོ་དབུས་མ་གཉིས་མཐེ་བོས་མནན་ལ། མཛུབ་མོ་དང་མཐེའུ་ཆུང་གདུ་བུའི་ཚུལ་དུ་བྱས་ཏེ་སོར་མོ་དབུས་མའི་ཚིགས་དབུས་མར་གཟུག །ལག་པ་གཡས་པའི་སོར་མོ་དབུས་མ་གསུམ་རྡོ་རྗེའི་ཚུལ་དུ་བྱས་ཏེ་སྐེད་པར་བཞག་པ་བགེགས་བསལ་བའི་ཕྱག་རྒྱ་དང་། ན་མོ་བཛྲ་ཡ་ཧཱུྃ་ཧ་ན་ཧུ་ན་མ་ཐ་བི་དྷྭ་ན་ས་ཡ་ཨུཏྤ་དཱ་ཡ་ཕཊ། ཅེས་པའི་སྔགས་ཚུལ་བཏབ་ལ་བགེགས་བསལ་ཞིང་སྔགས་བཟླའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ན་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་ཧ་ན་ཧ་ན་བཛྲ་བཛྲ་ན་ཧ། ཞེས་པའི་སྔགས་ཆུ་ལ་གདབ། དེ་ནས་ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་པའི་ཕྱག་རྒྱ་དང་། ༀ་ཀཱི་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ་ཅེས་སྔགས་ཆུ་གཏིགས་ཏེ་ས་ལ་བསང་གཏོར་བྱའོ། །དེ་ནས་ༀ་བཛྲ་ཧཱ་ཧཱུྃ། ཞེས་ལན་བདུན་བཟླས་ལ་སའི་ཆ་གཅིག་བླང་སྟེ་ཆུའི་ནང་དུ་ལྟེ་བ་ནུབ་ཙམ་དུ་ཕྱིན་ལ་ཁྲུས་རས་དང་བཅས་པས་ཁྲུས་བྱའོ། །དེ་ནས་སའི་ཆ་ལྷག་མས་ལག་པ་བཀྲུས་ཏེ་ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་མཛུབ་མོ་མཐེ་བོའི་དྲུང་དུ་བཞག་སྟེ། མཐེ་བོང་ཡང་མཛུབ་མོའི་ཚིགས་དབུས་མར་བྱས་པ་དབྱངས་ཅན་མའི་ཕྱག་རྒྱ་དང་། ༀ་ཤྲུ་ཏི་སྨྲི་ཏི་དྷ་རི་ཎི་ཧཱུྃ་ཧ། ཞེས་པས་ཉེ་རེག་བྱའོ། །དེ་ནས་ༀ་སརྦ་སིདྡྷ་ཀ་རི་ཧཱུྃ་ཕཊ། ཅེས་པའི་སྔགས་ཀྱིས་གཙུག་ཕུད་བཅིངས་པ་བསྲུང་བར་བྱའོ། །དེ་ནས་བླངས་ཏེ་ༀ་བྷུ་ར་ཛ་ལ་ཧཱུྃ་ཕཊ། ཅེས་བསྔགས་ལ་གཡས་ནས་བསྐོར་ཏེ་ཉི་མ་ལ་བསྟན་ནས་ལུས་ལ་བཀུའོ། །དེ་ནས་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པ་ཎ་ཡེ། མ་ཧཱ་ཡཀྵ་བཛྲ་པ་ཎ་ཡེ། ན་མོ་མ་ཧཱ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾཥྚོ་ཏ་ཀ་ཊ་བྷེ་ར་བཱ་ཡ། ཏདྱ་ཐཱ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་བི་ན་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི་ཛི་བི་ཏ་ཨནྟ་ཀ་ར་ཡ་སྭཱ་ཧཱ། ཞེས་པའི་སྔགས་དང་ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་གུང་མོ་དང་སྲིན་ལག་བཀུག་སྟེ། མཐེ་བོང་གི་རྩེ་མོས་མནན། མཛུབ་མོ་དང་མཐེ་ཆུང་ཅུང་ཟད་བཀུག་པ་ཆུ་བསྲུབ་པའི་སྔགས་རྒྱས་ཆུ་བསྲུབ་ལ། ༀ་ཏ་རེ་ཏ་རེ་བུདྡྷ་ཡ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཆུ་ཁྱོར་བ་གསུམ་དཀོན་མཆོག་གསུམ་ལ་དབུལ་ལོ། །དེ་ནས་ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པའི་སྔགས་ཀྱིས་རང་གི་མགོ་བོར་ཆུ་སྙིམ་པ་གསུམ་བླུག །དེ་ནས་བདུད་རྩི་ཐབས་སྦྱོར་གྱི་སྔགས་དྲན་བཞིན་པས་གཅི་བས་ཁྲུས་བྱའོ། །ཁྲུས་ཟིན་པ་དང་ལག་པ་བཀྲུས་ཏེ་གསང་སྔགས་དེ་ཉིད་ཀྱི་ཆུ་སྙིམ་པ་གསུམ་གྱིས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །དེ་ནས་རང་གི་ལྷ་དེ་ཉིད་ཡིད་ཀྱིས་སྤྱན་དྲངས་ཏེ་པདྨའི་གདན་ལ་བཞུགས་སུ་གསོལ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སྐུ་ཁྲུས་གསོལ་ལོ། །དེ་ནས་ནང་དུ་རང་གི་ལྷའི་སྔགས་ཉེར་གཅིག་བཟླས་ནས་ལངས་ཏེ་གོས་གྱོན་ནས་རིམ་གྱིས་ལྷའི་རྐང་པའི་དྲུང་དུ་ཕྱིན་ལ་རྐང་པ་བཀྲུས་ཏེ་ཉེ་རེག་བྱས་ནས་ལྷ་ཁང་དུ་ཞུགས་ལ་ལྷ་རྣམས་མངོན་སུམ་དུ་དམིགས། ཕྱག་བྱས་དམ་ཚིག་ལ་འཇུག་པའི་སྔགས་འདི་བཟླའོ། །ༀ་བི་ར་ཛ་བི་ར་ཛ། མ་ཧཱ་བཛྲེ། པ་ཏ་པ་ཏ། པཱ་ཱར་ཏེ་པཱ་ར་ཏེ། ཏྲ་ཡི་ཏྲ་ཡི་བིདྷ་མ་ནི་སཾ་བྷཉྫ་ནི་ཏ་ར་མ་ཏི་སིདྡྷ་ཨ་ཀྲོ་ཏ་སྭཱ་ཧཱ། དེ་ནས། ༀ་ཏྲཾ་བྷནྡྷ་སྭཱ་ཧཱ། ཞེས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཐམས་ཅད་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་སྤོས་ཆུ་ལ་ཡོངས་སུ་བཟླས་ཏེ་ས་བདག་ལ་གཏོར་ནས་བགེགས་བསལ་བར་བྱའོ། །སྔགས་དེ་ཉིད་བཟླས་པའི་སྤོས་ཆུས་མེ་ཏོག་ལ་སོགས་པའི་མཆོད་རྫས་རྣམས་ཀྱི་བགེགས་བསྐྲད། ལག་པ་གཡོན་པར་བཞག་པའི་སྤོས་ཆུས་བསང་གཏོར་བྱས་ལ་རིགས་ཀྱི་བདག་པོའི་སྔགས་སམ། རིགས་ཀྱི་སྙིང་པོས་ཐམས་ཅད་བསང་ལ་སྔར་གྱི་བགེགས་བསལ་བའི་ཕྱག་རྒྱ་ལས། གཡོན་པའི་གུང་མོར་ལག་པ་གཡས་པའི་རྡོ་རྗེ་བཟུང་བ་བྱིན་བསྐྱེད་པའི་ཕྱག་རྒྱ་མེ་ཏོག་ལ་སོགས་པའི་མཆོད་རྫས་ཀྱི་སྟེང་དུ་བྲིས་ལ། ༀ་ཏེ་ཛཿཏེ་ཛཿསཱ་ན་སིདྡྷི་སཱ་ཱདྷ་ཡ་ཧཱུྃ་ཕཊ། ཅེས་པས་མཆོད་རྫས་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བརྗིད་བསྐྱེད་ལ། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བྱིན་གྱིས་བརླབ་ཅིང་། རིགས་ཀྱི་སྙིང་པོས་བརྟན་པར་བྱའོ། །དེ་ནས་གནས་བསྲུང་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམས་ཏེ། ༀ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷཱུ་ར་བྷནྡྷ་ཧཱུཾ་ཕཊ། ཅེས་སྤོས་ཆུ་ལ་ལན་བདུན་བཟླས་ཏེ་ཕྱོགས་ཀུན་ཏུ་བསང་གཏོར་བྱས་ལ་གནས་སྲུང་བར་བྱའོ། །དེ་ནས་ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་ཕན་ཚུན་གདུ་བུར་བྱས་ཏེ་སོ་སོའི་དྲུང་དུ་རྩེ་མོ་སྦྱར། མཐེའུ་ཆུང་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོང་ཕུར་བུའི་ཚུལ་དུ་བྱས་ཏེ་ས་ལ་བཙུགས་པ་ཕུར་བུའི་ཕྱག་རྒྱ་དང་། སྔར་བསྟན་པའི་སྔགས་ཀྱིས་བགེགས་རྣམས་ལ་ཕུར་གདབ་པར་བསམ། དེ་ནས། ༀ་སུ་སིདྡྷི་ཀ་ར་ཛ་ལི་ཏ། ཨ་ནནྟ་མུ་ཏྲ་ཡེ། ཛྭ་ལ་ཛྭ་ལ། བྷནྡྷ་བྷནྡྷ། ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་ཛྭ་ལ་ཧཱུྃ། ཞེས་བཟླས་པའི་བདུག་སྤོས་ཀྱིས་བདུག་ལ་སྟེང་གི་ལྷ་རྣམས་བཅིངས་པར་བྱའོ། །དེ་ནས་རིགས་ཀྱི་སྙིང་པོ་ཡོངས་སུ་བཟླས་པའི་སྤོས་ཆུ་ཕྱོགས་ཐམས་ཅད་གཏོར་ལ། བྷྲཱུྃ། ༀ་ཨ་མྲྀ་ཏོཏྦྷཝ་ཨུཏྦྷ་ཝ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲིཧྞ་གྲིཧྞ་ཧཱུྃ། གྲིཧྞ་པཱ་ཡ་གྲིཧྞ་པཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝན། བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཕྱོགས་ཀྱི་བགེགས་ཐམས་ཅད་བཅིངས་པར་བསམ། དེ་ནས་སྔར་གྱི་ཕུར་བུའི་ཕྱག་རྒྱ་ཉིད་ལས་མཐེ་བོང་གཉིས་གྱེན་དུ་བསྒྲེང་བ་ར་བའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེན་པཱ་ཏ་ཡེ། ཏདྱ་ཐཱ། ༀ་ས་ར་ས་ར། བཛྲ་པྲ་ཀ་ར་ཧཱུྃ་ཕཊ། ཅེས་པས་ཕྱོགས་བརྒྱད་པོ་ཐམས་ཅད་རྡོ་རྗེའི་ར་བས་གོ་མཚམས་མེད་པས་བསྐོར་བར་བསམ། ར་བའི་ཕྱག་རྒྱ་ཉིད་ཁ་མཐུར་དུ་བསྟན་ནས་བསྐོར་བ་དྲྭ་བའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ན་ཧ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཡེ། ཏདྱ་ཐཱ། ༀ་བི་སྥུ་ར་རཀྵ་བཛྲ་པཱ་ཎི་ཧཱུྃ་ཕཊ། ཅེས་པས། རྡོ་རྗེ་ར་བའི་སྟེང་ནས་རྡོ་རྗེའི་དྲྭ་བ་སྟེ་རྡོ་རྗེའི་གུང་བྲེས་པར་བ སམ། སྔར་བཞིན་བདུད་རྩི་ཐབས་སྦྱོར་དང་། ཀཱི་ལི་ཀཱི་ལའི་སྔགས་རྒྱས་བརྟན་པར་བྱིན་གྱིས་བརླབ་བོ། །དེ་ནས་ཁུ་ཚུར་བཅིངས་པའི་མཐེ་བོས་སེན་མོ་རྣམས་མནན་ཏེ་མཛུབ་མོ་ཕྱུང་ནས་ལན་གསུམ་དུ་བསྐོར་བ་མཚམས་བཅད་པའི་ཕྱག་རྒྱ་དང་། ན་མསྶ་མནྟ་བཛྲ་ནཱཾ། ༀ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཌ་མ་ཌ། བྷནྡྷ་བྷནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ། ས་སི་མེ་ས་མ་བྷནྡྷ། ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ། ཀཱ་རུ་ཎ། མ་ཡེ་ཏུ་ཏ་ཡེ། རུ་ཏ་ཡེ། བ་ར་བ་ར། ཀ་ར་ཀ་ར། སུ་མི་ས་མནྟ། བི་དྷཱནྶ་ཡེ་ཛྭ་ལ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ར་བའི་ཕྱོགས་ཐམས་ཅད་མེ་དཔུང་འབར་བས་ཁེངས་བར་བསམ་ལ་མཚམས་བཅིང་ངོ་། །དེ་ནས་བགེགས་བསལ་བ་དང་། འཕགས་པའི་སྐྱོན་སྤང་བའི་ཕྱིར་སྤོས་ཆུ་ལག་མཐིལ་དུ་བླུགས་ལ་རིགས་ཀྱི་སྙིང་པོ་བཟླས་ཏེ་རང་གི་སྤྱི་བོར་བསང་གཏོར་བྱས་ལ་བདག་ཉིད་སྦྱང་བར་བྱའོ། །དེ་ནས་རང་གི་ཀུ་ཤའི་སྟན་ལ་སོགས་པ་སྟན་གང་ཡིན་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་རྒྱས་བསང་གཏོར་བྱས་ནས། དེ་ནས་བཀྲ་ཤིས་སམ། པདྨ་འམ། རྡོ་རྗེའི་སྐྱིལ་ཀྲུང་གི་འདུག་སྟངས་གང་ཡང་རུང་བས་འདུག་པར་བྱའོ། །དེ་ནས་ༀ་དྷུ་ན་བཛྲ་ཧཱ། ཞེས་པའི་སྔགས་ཀྱིས་བསྔགས་པའི་ཐོག་ཕོག་པའི་ཤིང་ངམ། དུར་ཁྲོད་ཀྱི་འགལ་དུམ་ལས་བྱས་པའི་རྡོ་རྗེ་རྩེ་གསུམ་པ་ཙནྡན་དམར་པོས་བཀུས་ལ་ལྷ་ལ་མཆོད་པ་བྱ་སྟེ་ལེགས་པར་གྲུབ་བྱེད་སྤྱན་དྲངས་ལ་མཆོད་དེ་སྔགས་བཟླས་ལ། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་བཞུགས་ཏེ་བདག་གི་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད་ནས། དེ་མཆོད་པ་ལ་སོགས་པ་བྱེད་པ་ན་ལག་པ་གཡོན་པས་བཟུང་བར་བྱའོ། །དེ་ནས་བུ་མོས་བཀལ་བའི་སྲད་བུ་གྲངས་མ་མཉམ་པ་སྒྲིལ་ནས་མདུད་པ་གྲངས་མི་མཉམ་པ་བོར་ཏེ་དབུས་སུ་བོ་དྷི་ཙིའི་ཕྲེང་བ་རྡོག་པོ་གཅིག་བཏགས་ལ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷཱ་ནི་སྭཱ་ཧཱ། ཞེས་བཟླས་ལ་མཁྲིག་མ་གཡོན་ལ་གདགས། ཛི་ན་ཛིཀ྄་བཟླས་པའི་ཀུ་ཤའི་བསང་བྱེད་སྲིན་ལག་ལ་གདགས། ཟེའུ་ཁའི་རས་ལ་འོག་ནས་འབྱུང་བའི་སྔགས་བཟླས་ལ་ཟེའུ་ཁ་བཅིང་ངོ་། །དེ་ནས་ལུས་དྲང་པོར་བསྲང་སྟེ་བཞག་ལ་དབང་པོ་ལྔ་ཡུལ་གྱི་ཁྱད་པར་དག་ལས་ལྡོག་སྟེ་མགྲིན་པ་རྨ་བྱ་ལྟར་བྱས་ནས་དབུགས་ཕྱི་ནང་དུ་རྒྱུ་བ་དལ་བུས་དབྱུང་ཞིང་མིག་ཅུང་ཟད་ཙམ་ཕྱེ་སྟེ་སྣའི་རྩེ་མོ་ལྟ་བ་དེ་གཏད་ཅིང་སོས་སོ་མནན་ནས་ལྕེ་རྐན་ལ་སྦྱར་ཏེ། སེམས་ཅན་གྱི་ཚོགས་མ་ལུས་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ནས་ཁམས་གསུམ་པོ་ཐམས་ཅད་རྣམ་པར་ཤེས་པ་ཙམ་ལས་གཞན་དུ་མེད་ཅིང་རྣམ་པར་ཤེས་པ་དེ་ཡང་དོན་དམ་པའི་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་ལྟ་བུར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀུན་རྫོབ་ཏུ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པ་ནི་སྟོང་པ་ཉིད་ཀྱི་ལྷའོ། །དེ་ལས་ལངས་ནས་བཟླ་བར་བྱ་བའི་སྔགས་ཀྱི་སྒྲར་གྲགས་པ་ནི་སྒྲའི་ལྷའོ། །དེ་ལས་སྔགས་ཀྱི་ཡི་གེའི་རྣམ་པར་ནམ་མཁའ་གནས་པར་བྱ་སྟེ་ཡི་གེའི་ལྷའོ། །དེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཀོད། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་པའི་རྩེ་ལ་རང་གི་ལྷའི་གཟུགས་ཀྱི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་སྤྲོས། དེས་མཆོད་པའི་སྤྲིན་ཕུང་དཔག་མེད་སྤྲུལ་ནས་འཕགས་པ་ཐམས་ཅད་མཆོད། སྤྲིན་ཆེན་པོ་སྤྲུལ་པ་ལས་བདུད་རྩིའི་ཆར་རྒྱུན་བབ་པས་དམྱལ་བ་པ་རྣམས་བདེ་བས་ཚིམ་པར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་དང་བཅས་པའི་འོད་ཟེར་སླར་ལོག །རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་ནས་གཅིག་ཏུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེངྒེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པར་བསྒོམ་པ་ནི་གཟུགས་ཀྱི་ལྷའོ། །ལག་པ་ཁུ་ཚུར་དུ་བྱས་ཏེ་སོར་མོ་བརྐྱང་པའི་རྩེ་མོ་རྣམས་ཕན་ཚུན་དུ་སྤྲད་དེ་ནང་སྟོང་པར་བྱས་པ་གཙུག་ཏོར་གྱི་ཕྱག་རྒྱ་དང་། ༀ་དྲུཾ་བནྡྷ་སྭཱ་ཧཱ། ཞེས་པས་དབུ་གཙུག་ཏོར་དང་ལྡན་པར་བྱིན་གྱིས་བརླབ། ལག་པའི་སོར་མོ་རྣམས་ཕན་ཚུན་སྦྱར་ལ་ལག་པ་གཉིས་བཀན་ཏེ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་བ་ལྡོག་ནས་མཐུར་དུ་བསྟན་ཏེ་དཔྲལ་བར་བཞག་པ་མཛོད་སྤུའི་ཕྱག་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱ། ཨརྷ་ཏེ་བྷྱ། སམྱ་ཀྶཾ་བུདྡྷ་བྷྱ། ཧེ་ཧེ་བནྡྷ་བནྡྷ། ཏིཥྛ་ཏིཥྛ། དྷ་ར་ཡ་དྷ་ར་ཡ། ནི་རུནྡྷ་ནི་རུནྡྷ། ཨུཏྣ་མ་ཎི་སྭཱ་ཧཱ། ཞེས་པས་སྨིན་མཚམས་ཀྱི་མཛོད་སྤུ་དང་ལྡན་པར་བྱིན་གྱི་བརླབ། ཐལ་མོ་ཕན་ཚུན་སྦྱར་ཏེ་གུང་མོ་གཉིས་རྡོ་རྗེའི་རྩེ་མོ་ལྟར་བྱས་ལ་དེའི་རྒྱབ་ཏུ་མཛུབ་མོ་གཉིས་ཅུང་ཟད་བཀུག་ལ་བཞག །མཐེ་བོང་གཉིས་ནང་དུ་བཅུག་པ་སྤྱན་གྱི་ཕྱག་རྒྱ་དང་སྔར་གྱི་རུ་རུ་སྥུ་རུ་སོགས་བཟླས་པས་སངས་རྒྱས་ཀྱི་སྤྱན་དང་ལྡན་པར་བྱིན་གྱིས་བརླབ། ཐལ་མོ་སྦྱར་བ་བྱས་ནས་གདུབ་སྐོར་ལྟར་བྱས་པ་ནོར་བུ་རིན་པོ་ཆེའི་ཕྱག་རྒྱ་དང་། ༀ་ཏེ་ཛ་ཛྭ་ལ་སརྦ་ཨརྠ་སཱ་དྷ་ཀ་སིདྡྷྱ་ཙིནྡྷ་མ་ཎི་རཏྣ་ཧཱུྃ། ཞེས་པས་ཡིད་བཞིན་གྱི་ནོར་བུ་ལྟར་བྱིན་གྱིས་བརླབ། སྐྱིལ་ཀྲུང་གི་གཡས་གཡོན་བརླ་ཉྭའི་ཕྱོགས་སུ་ཁུ་ཚུར་རྒྱལ་མཚན་དུ་འཛིན་པ་མཁར་གསིལ་གྱི་ཕྱག་རྒྱ་དང་། ༀ་དྷ་ན་ཛི་ཏ་ར་ཎ་ཧཱུྃ། ལག་པ་ཐལ་མོ་སྦྱར་བ་ཕན་ཚུན་དུ་མངོན་པར་ཕྱོགས་པ་སྣམ་སྦྱར་གྱི་ཕྱག་རྒྱ་དང་། ཆོས་གོས་ཀྱི་སྔགས་ཀྱིས་སྣམ་སྦྱར་དང་ལྡན་པར་བྱིན་གྱིས་བརླབ། ལག་པ་ཐལ་མོ་སྦྱར་ནས་བཟེད་པ་ལྟར་བྱས་པ་ལྷུང་བཟེད་ཀྱི་ཕྱག་རྒྱ་དང་། ༀ་ལོ་ཀ་པ་ལ་ཨ་དྷིཥྛ་ཏམྦ་ར་ཡ་དྷ་ར་ཡ། མ་ཧཱ་ནུ་བ་ནུ་དྷ་པཱ་ཏྲ་སྭཱ་ཧཱ། ལག་པ་གཡས་མཐེ་བོ་བཏེག་ལ་ཁུ་ཚུར་བཅིང་། གཡོན་ཆོས་གོས་འཛིན་པ་ཆོས་གོས་ཀྱི་ཕྱག་རྒྱ་དང་། ༀ་རཀྵ་རཀྵ་མཾཿསརྦ་བུདྡྷ་ཨ་དྷིཥྛི་ཏཱ་དམ་ཙཱི་བར་སྭཱ་ཧཱ། ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྡམས་པ་ལས། གཡོན་པའི་མཐེ་བོ་བཏེག་པ་མཆེ་བའི་རྒྱ་དང་། ན་མཿས་མནྟ་བཛྲ་ཎཾ་ཏིཥྛ་ཧེ་ཏྲཊ་ཏྲཊ། མ་ཊ་མ་ཊ། ཛྭ་ལ་ནཱཾ་ཁི་ཁ་རེ། ཚེམས་མཆེ་བ་བཞི་དང་ལྡན་པར་བྱིན་གྱིས་བརླབ། ལག་པ་གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་། གཡོན་ཆོས་གོས་འཛིན་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨ་བི་ཤ་ར་དཱ་བཛྲ་མཱརྒ་ནིརྡཪྴ་ཀ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་མི་འཇིགས་པ་དང་ལྡན་པར་བྱིན་གྱིས་བརླབ། སྔར་གྱི་སྤྱན་གྱི་ཕྱག་རྒྱ་ལས་གུང་མོའི་ཚིགས་བཀུག་ནས་གུང་མོ་གཉིས་གཅིག་ཏུ་བྱས་པ་བྱམས་པའི་ཕྱག་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་མུ་ཁེ་བྷྱ། སརྦ་ཐཱ་མེ་ཏྱ་ར་ག་ཏ། སརྦ་སཏྭ་ཧི་ཏངྐ་ར་སྭཱ་ཧཱ། ཞེས་པས་བྱམས་པའི་ཐུགས་ལྡན་པར་བྱིན་གྱིས་བརླབ་པར་བྱའོ། །སོར་མོ་རྣམས་ཕན་ཚུན་བསྡུས་ནས་ཁུ་ཚུར་བྱས་ལ་གུང་མོ་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོའི་རྩེ་མོ་བཀུག་ནས་སྦྱར་བ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་། ༀ་ཚིནྡྷ་ཚིནྡྷ། ཧ་ན་ཧ་ན། ཙཀྲ་དིཔྟ་ཧཱུྃ། ཞེས་པས་ཆོས་ཀྱི་འཁོར་ལོར་བྱིན་གྱིས་བརླབ། ལག་པ་གཡས་ཀྱི་སོར་མོ་གསུམ་རྡོ་རྗེའི་རྩེ་མོ་ལྟར་བྱས་ལ་སྐེད་པའི་ཕྱོགས་སུ་བཞག་པ་གནས་པའི་ཕྱག་རྒྱས་བྱིན་གྱིས་བརླབ། དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་སྙིང་ག་དང་། མགྲིན་པ་དང་། སྨིན་མཚམས། དཔུང་མགོ་གཉིས་ཏེ་གནས་ལྔར་གཏུགས་ནས་བྱིན་གྱིས་བརླབ། སྔར་གྱི་གོ་བསྐོན་པའི་སྔགས་རྒྱས་གོ་བསྐོན་ལ་བསྲུང་སྟེ། ཕྱག་རྒྱའི་ལྷའོ། །དེ་ཉིད་ལ་རྣམ་པར་རྟོག་པ་གཞན་གྱིས་མ་ཡེངས་པར་རྣམ་རྟོག་དང་བཅས་པའི་ཏིང་ངེ་འཛིན་གྱི་དེ་ཉིད་ཡང་དང་ཡང་དུ་བསྒོམ་པ་མཚན་མ་དང་བཅས་པའི་ཏིང་ངེ་འཛིན་གྱི་ལྷའོ། །དེ་ལྟར་བདག་བསྐྱེད་ནས་མདུན་དུ་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བརྡལ་བ་བསམ་ནས། ༀ་ཙ་ལ་བཱི་ར་ཧཱུྃ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ། དེའི་སྟེང་དུ་འོ་མའི་རྒྱ་མཚོ་ཆེན་པོ་ལ་ཉ་ལྕིབས་ལ་སོགས་པའི་སྐྱོན་དང་བྲལ་བ། པདྨ་དང་། ཨུཏྤལ་ལ་སོགས་པའི་མེ་ཏོག་གིས་བརྒྱན་པ། རིན་པོ་ཆེའི་བྱའི་ཚོགས་མང་པོ་ལྡིང་བ་རྣམས་བསམ་ལ། ༀ་བི་མ་ལ་དྷཱ་ཧཱ་ཧཱུཾ། ཞེས་པའི་བྱིན་གྱིས་བརླབ་བོ། །དེའི་དབུས་སུ་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ། ངོས་བཞི་ནས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ། མཐའ་སྐོར་དུ་དཔག་བསམ་གྱི་ཤིང་ལེགས་པར་འཁྲུངས་པ་ལ་རྣམ་པར་རྒྱལ་བའི་བ་དན་སྟོང་འཕུར་བ་རང་གི་ཁྱད་པར་གྱི་རྒྱན་གྱིས་བརྒྱན་པར་བསམ། རི་རབ་དེའི་སྟེང་དུ་པདྨའི་སྡོང་པོ་རིན་པོ་ཆེ་དུ་མས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མ་དང་གསེར་གྱི་ཟེའུ་འབྲུ་དང་གེ་སར་གྱིས་བརྒྱན་པ། སྤུར་ལོང་གི་ཟེ་འབྲུ་ཅན། སྙིང་པོའི་ཐོག་ལ་དངུལ་གྱི་རི་མོས་བསྐོར་བ་དཔག་ཚད་དུ་མའི་ཁྱོན་ཅན། རི་རབ་ཀྱི་དབུས་བརྡོལ་ནས་བྱུང་བར་བསམ། དེ་ལས་ཀྱང་པདྨའི་དྲྭ་བ་གཞན་བརྒྱ་སྟོང་བྱེ་བ་སྙེད་བྱུང་བར་བསམ་ལ། ཕྱག་འཚལ་བའི་ཐལ་མོ་ཕན་ཚུན་བསྣོལ་ཏེ་གཡས་པའི་མཐེ་བོས་གཡོན་པའི་མཐེ་བོང་མནན་པའི་ཕྱག་རྒྱ་བཅིངས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ་སརྦ་ཐཱ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་བརྒྱ་བཟླས་པས་དེ་རྣམས་བརྟན་པར་བྱ། དེ་བཞིན་དུ་སྟེང་ནས་བླ་བྲེ་ལ་སོགས་པའང་བསམ། དེ་ནས་ལྷ་སྤྱན་དྲངས་པའི་ཕྱིར་ཟངས་ལ་སོགས་པའི་མཆོད་ཡོན་གྱི་སྣོད་དུ། ནས་དང་། འོ་མ་དང་། མེ་ཏོག་དཀར་པོ་དང་། ཏིལ་དང་། ཀུ་ཤ་དང་། འབྲས་ཡོས་དང་། དྲི་བཟང་དང་། ཆུ་གཙང་དང་སྦྱར་བའི་མཆོད་ཡོན་བཤམ་ནས། དེ་ལ་བདུག་སྤོས་ཀྱིས་བདུག །དེ་ནས་སྤྱིའི་རིགས་ཀྱི་སྙིང་པོའམ། ལྷ་སྤྱན་དྲང་བའི་གསང་སྔགས་སམ། ལས་ཐམས་ཅད་པའི་སྔགས་དང་རིགས་སྔགས་བཟླས་ཤིང་། ལྷ་གནས་པའི་ཕྱོགས་སམ། རི་མོ་ལ་སོགས་པ་ལྷའི་གཟུགས་བཞུགས་པ་དེར་ཁ་བལྟས་ཏེ། སོར་མོ་ཕན་ཚུན་བསྣོལ་ཏེ་ཐལ་མོ་བཀན་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོ་གཉིས་གཡབ་པ་སྤྱན་དྲང་བའི་ཕྱག་རྒྱ་བྱས་ལ། དད་པ་དང་ནི་དམ་ཚིག་གི། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཅེས་བརྗོད་པ་སྔགས་གང་རུང་གི་མཐར་ཤཱཀྱ་མུ་ནེ་ཨེ་ཧྱེ་ཧི། ཞེས་པས་བཅོམ་ལྡན་ཤཱཀྱ་ཐུབ་པ་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ལ། པུས་མོ་ས་ལ་བཙུགས་ཏེ་མཆོད་ཡོན་གྱི་ཕྱག་རྒྱ་སྤྱི་བོར་བཅས་ནས་འོག་ནས་འབྱུང་བ་ལྟར་མཆོད་ཡོན་དུ་དབུལ་བས་སྤྱན་དྲངས་ལ་ལས་ཀྱི་བྱེ་བྲག་ལས་ཤར་རམ། བྱང་ངམ། ནུབ་ཏུ་ཁ་བལྟས་ཏེ། ལྷ་མདུན་དུ་བཞུགས་སུ་གསོལ་ལ། པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལས་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་པ་རྡོ་རྗེའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་། ༀ་བཛྲ་ཨཱ་ས་ན་ཧཱུྃ་ཕཊ། ཅེས་པས་གདན་ཕུལ་ནས། ལག་པ་གཡས་པའི་མཐེ་བོས་མཐེ་ཆུང་གི་སེན་མོ་མནན་ཏེ་སོར་མོ་ལྷག་མ་རྣམས་རྡོ་རྗེ་ལྟར་བྱས་པ་དམ་ཚིག་གི་ཕྱག་རྒྱ་དང་། ཤཾ་ཀ་རེ་ས་མ་ཡེ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་ལག་པ་གཉིས་ཕན་ཚུན་ཁུ་ཚུར་བཅིངས་ནས་མཐེ་བོ་གཉིས་བརྟན་པར་བྱས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་བསྟན་ལ། ཛི་ན་ཛིཀ྄ །ཅེས་བརྗོད་དོ། །དེ་ནས་སོར་མོ་ཕན་ཚུན་སྦྱར་ཏེ་ཁུ་ཚུར་བཅིངས་ལ་གུང་མོ་གཤིབས་པའི་ཕྱི་རོལ་དུ་མཛུབ་མོ་རྡོ་རྗེ་ལྟར་བྱས་ནས་མཐེ་བོང་གཉིས་གློ་ལ་སྦྱར་བ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་སྟེ། དེ་བཅིངས་ཏེ་བསྐོར་བས་ནང་དུ་བྱས་པ་ཐམས་ཅད་ལས་བསྲུང་བ་ཆེན་པོར་འགྱུར་རོ། །དེ་ནས་སྔར་བཤད་པ་ལྟར་མཆོད་རྫས་རྣམས་བགེགས་བསལ་བ་དང་། བསང་བ་དང་། གཟིན་བྱིན་བསྐྱེད་པ་རྣམས་བྱས་ལ། མཆོད་འབུལ་གྱི་ཕྱག་རྒྱ་འཆའ་བའི་སྔོན་དུ་ཁྲོ་བོ་ཀཱི་ལི་ཀཱི་ལའི་ཕྱག་རྒྱ་བཅས་ལ། དེ་ནས་རྡོ་རྗེ་ཐལ་མོ་བྱ། དེ་ལས་མཉམ་པའི་ཐལ་མོ་བྱ་བ་མཆོད་པ་སྤྱིའི་ཕྱག་རྒྱའོ། །དེ་ཐམས་ཅད་ལ་སྔོན་དུ་འགྲོ་བ་མཐེ་ཆུང་དང་སྲིན་ལག་ནང་དུ་ཕན་ཚུན་བསྣོལ་ནས་གུང་མོ་གཤིབས་ཏེ་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོ་གཟུག །མཐེ་བོང་ངོས་ལ་སྦྱར་བ་མཆོད་ཡོན་གྱི་ཕྱག་རྒྱ་དང་། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ཞེས་པ་དང་། རང་སྔགས་ཀྱི་མཐར། ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད་ཡོན་དབུལ་ལ། སྐུ་ཁྲུས་གསོལ་བར་བྱ་སྟེ། རི་མོ་སོགས་ལ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལ་སྐུ་ཁྲུས་གསོལ་ཞིང་མ་འབྱོར་ན་བསྒོམ་ལ། ཐལ་མོ་བཀན་ལ་མཛུབ་མོ་རྩེ་སྦྱར་བ་དང་མཐེ་བོང་གི་རྩེ་མོ་སྦྱར་བ་ཁྲུས་གསོལ་བའི་ཕྱག་རྒྱ་དང་། ༀ་སརྦ་དེ་བ་ཏ་ཨ་ཙིནྟ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་བརྗོད་ཅིང་རིན་པོ་ཆེའི་བུམ་པ་སྤོས་ཆུ་དྲི་ཞིམ་པོས་གང་བ་དུ་མས་སྤོས་ཆུའི་སྤྲིན་ཆེན་པོས་སྐུ་ཁྲུས་གསོལ་བར་བསམ། དེ་ནས་ཡིད་ཀྱིས་ན་བཟའ་དང་རྒྱན་གསོལ། དུང་དང་རྔ་བོ་ཆེ་ལ་སོགས་པ་རོལ་མོ་དུ་མས་མཆོད་ལ། བསྟོད་པའི་གླུ་དབྱངས་བླང་ངོ་། །དེ་ནས་མཆོད་རྫས་རྣམས་ལ་རང་གི་ལྷའི་སྔགས་བཟླས་ལ་ལག་པ་སྐྱབས་སྦྱིན་གྱི་ཕྱག་རྒྱའི་མཁྲིག་མ་ནས་ལག་པ་གཡོན་པས་བཟུང་བ་དྲིའི་ཕྱག་རྒྱ་དང་། གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་སྭཱཧཱ། ཞེས་པའི་དྲི་ཆབ་དབུལ་ཏེ། སྔགས་འདི་མར་མེ་མ་གཏོགས་པ་གཞན་བཞི་ལའང་འགྲེའོ། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྣོལ་ཏེ་ལག་པའི་ནང་དུ་མཛུབ་མོ་གཉིས་ཕན་ཚུན་རྩེ་མོ་གཅིག་ཏུ་བྱས་ལ་གདུ་བུའི་ཚུལ་དུ་བྱས་ནས་མཐེ་བོང་གློར་བཞག་པ་པདྨ་ལྟར་བྱས་པ་མེ་ཏོག་གི་ཕྱག་རྒྱ་དང་། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ལག་པ་གཉིས་ཀྱི་མཐེ་ཆུང་དང་སྲིན་ལག་དང་གུང་མོ་རྣམས་ཀྱི་སོར་མོ་རྣམས་ཕན་ཚུན་སྦྱར་ཏེ། སྔ་མ་སྔ་མའི་རྒྱབ་ཀྱི་སེན་མོའི་དྲུང་དུ་བཀུག་ནས་མཛུབ་མོ་གཉིས་ལོགས་ཤིག་ཏུ་བརྐྱང་སྟེ། མཐེ་བོང་གཉིས་གློར་བཞག་པ་བདུག་སྤོས་ཀྱི་ཕྱག་རྒྱ་དང་། ནགས་ཚལ་བཅུད་ནི་ཡིད་དུ་འོང་། །དྲི་ཡིས་སྦྱར་བ་ལྷ་ཡི་རྫས། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་པས་བདུག་སྤོས་དང་། བཟེད་པའི་ཐལ་མོ་ལས་མཛུབ་མོ་ཅུང་ཟད་བཀུག་པ་ལྷ་བཤོས་ཀྱི་ཕྱག་རྒྱ་དང་། སྨན་རྣམས་བཅུད་ནི་ཡིད་དུ་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་པས་ཞལ་ཟས་དང་། མཐེ་བོ་དང་གུང་མོ་གཅིག་ཏུ་སྦྱར་ཏེ་བསྒྲེང་། ལག་པ་གཡས་ཁུ་ཚུར་གཅིག་ཏུ་བྱས་པ་མར་མེའི་ཕྱག་རྒྱ་དང་། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །མར་མེ་འདི་དག་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱཧཱ། དེ་ནས་བསྟོད་པ་བྱ་སྟེ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །སོགས་ནས། དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དེ་ནས་བསྟོད་པ་འབྱུང་བའི་སྔགས། ན་མཿསརྦ་བུདྡྷ་བོདྷི་སཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏཱ་ཨ་བྷི་ཛྙཱར་ཤི་ནི་ན་མཿསྟུ་ཏེ་སྭཱ་ཧཱ། འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་པ། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་པ་ཅི་བ གྱིས་དང་། །སྔོན་གྱི་ཚེ་རབས་གཞན་དག་དང་། །ཚེ་རབས་འདི་དག་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང་། །ཁྲོ་བ་དག་གིས་འཁྲུལ་གྱུར་ཏེ། སངས་རྒྱས་ཆོས་དང་དགེ་བདུན་ནམ། །བླ་མ་དག་དང་ཕ་མ་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །སྦྱིན་གནས་གང་ཡང་རུང་བ་དང་། །དེ་ལས་གཞན་པའི་སེམས་ཅན་དང་། །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང་། །གང་ཡང་བགྱིད་དུ་སྩལ་བ་དང་། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང་། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་ལ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ཏེ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱི་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱིད། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། །དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ། །ས་ལ་མགོ་བོས་གཏུགས་ནས་ནི། །དཀོན་མཆོག་གསུམ་ལ་བློ་ཅན་གྱིས། །དེ་ལྟར་གུས་པས་སྐྱབས་སུ་འགྲོ། །དེ་ནས་མཆོག་གི་ས་བོན་གང་། །ཐར་པ་བདུད་རྩིའི་འབྲས་བུ་འབྱིན། །ཤིན་ཏུ་བསྒོམས་ནས་མཆོག་གྱུར་པ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་སྒྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོགས་པ་ན། །དུཿཁ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་བསྐྱབ་བྱའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་། །དུཿཁ་བདེ་བར་བྱེད་པ་དང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང་། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་ཡི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང་། །གང་ཡང་ཅུང་ཟད་བྱེད་གྱུར་པ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང་། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང་། བྱང་ཆུབ་བར་དུ་བདག་བརྩོན་ནོ། །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །ཆོ་ག་བཞིན་དུ་ཀུན་ཏུ་བསྐྱེད། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། བྱམས་པ་ཉེ་བར་གནས་པར་བྱ། །སེམས་ནི་ལེགས་པར་སྦྱང་བའི་ཕྱིར། །སྣ་ཚོགས་ཐབས་ཀྱིས་རྗེས་དྲན་དྲུག །ནང་གི་བདག་ཉིད་ཞི་བ་ཡི། །བསམ་པ་གཅིག་ཏུ་བསྒོམ་པར་བྱ། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་ནས་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་བ་དང་། །ཞི་ཞིང་ནད་ཀྱང་མེད་པར་ཤོག །བདག་ནི་བྱ་བ་ཀུན་ནུས་ཤིང་། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་བ་དད་པ་དང་། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་དོན་ཡིད་ལ་བརྣག་པས་བརྗོད་དོ། །དེ་ནས་བོ་དྷི་ཙི་སྟོང་བརྒྱ་རྩ་བརྒྱད་དམ། བརྒྱ་རྩ་བརྒྱད་དམ། ལྔ་བཅུ་རྩ་བཞིའམ། ཉི་ཤུ་རྩ་གཅིག་བླངས་ལ་མིག་ཕུག་སྟེ་བའི་རྣམ་ལྔས་བཀྲུས་པ་བུ་མོས་བཀལ་བའི་སྐུད་པ་གསུམ་སྒྲིལ་གྱིས་བརྒྱུས་ནས། མདུད་པ་བོར་ལ་ལྷ་ལ་མཆོད་པ་བྱས་ནས་སྙིམ་པར་བཅུག་ལ། ༀ་བྷ་ག་བྷ་ཏཱི་སིདྡྷི། སིདྡྷི་ཡ། སིདྡྷརྠེ་སྭཱ་ཧཱ། འདི་ནི་ཕྲེང་བའི་རབ་གནས་སོ། །བཟླས་པའི་དུས་ཐལ་མོ་སྦྱར་ནས་བླ་མ་ལ་ཕྱག་བྱས། ལྷ་གསལ་བར་བསྒོམས་ལ་སྔགས་ཀྱི་ནོར་བུ་སྙིམ་པར་བཅུག་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨརྦྷུ་ཏེ་བི་ཛ་ཡ་སིདྡྷི་སིདྡྷི རྠེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་པའི་བྱིན་གྱིས་བརླབས། སྙིང་གར་ཕྲེང་བ་བཟུང་ནས་གུང་མོ་དང་མཐེའུ་ཆུང་བརྐྱང་སྟེ་མཛུབ་མོ་བཀུག་ནས་གུང་མོའི་རྒྱབ་ཏུ་བཞག་ནས་སྲིན་ལག་དང་མཐེ་བོས་དྲག་པོའི་ལས་མ་གཏོགས་པ་ཐམས་ཅད་བགྲང་སྟེ། སྔགས་རེ་རེ་ལ་ནོར་བུ་རེ་རེ་བགྲང་ངོ་། །དེ་ལ་རང་ལྷར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་དང་མདུན་གྱི་ལྷ་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ན་མཿསབྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྠི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨཱ་ཡུར་བི་ཤྭ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨ་ཝ་ར་ཎ་བི་ཤུ དྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུ དྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་པ་རྩ་བའི་སྔགས་སམ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་ུདྷ་བ་ལེ་པྲ་ཏི་སཾསྐ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྠ་ན་ཨ་དྷིཥྠི་ཏེ་སྭཱ་ཧཱ། ཞེས་པ་སྙིང་པོའམ་སྔགས་ཀྱི་ཡི་གེ་རྣམས་རིམ་པ་བཞིན་དུ་བཀོད་ལ། མངོན་སུམ་ལྟར་བལྟ་སྟེ་ཟློས་པ་པོས་རུས་སྦལ་གྱི་ཡན་ལག་བསྐུམ་པ་དང་། ལྕེ་ཡིས་ཆུ་བཏུང་བ་ལྟར་ལུས་ཐམས་ཅད་ཀྱི་དབུགས་རྒྱུ་བ་དང་དབང་པོའི་གྲོང་ནང་དུ་བསྡུས་ཀྱང་ནང་གི་མི་ཕྱིར་བལྟ་བའི་ཚུལ་གྱིས་མི་གཟིམ་པ་བྱས་གདོང་ཅུང་ཟད་སྟོད་དེ་སྒྲ་སྔགས་ཀྱི་ཕྲེང་བ་དང་། སེམས་ཟླ་བའི་དཀྱིལ་འཁོར་དང་། གཞི་སངས་རྒྱས་ཀྱི་སྐུ་རྣམས་རིམ་པ་འདིས་ཅིག་ཅར་དམིགས་ཤིང་། ཡིད་བཟླས་སམ་ཤུབ་བུའི་བཟླས་པ་བྱའོ། །བར་སྐབས་སུ་རླུང་བག་ཡངས་སུ་བྱ་ཞིང་དབུགས་དབྱུང་བ་ན་གསང་སྔགས་མི་འགྱུར་བའི་གཞི། རང་གི་བསྒོམ་པའི་ལྷ་ལ་བལྟས་ནས། ཡང་སྔར་བཞིན་དུ་མདུན་གྱི་སྐུ་ལ་སོགས་པ་གསུམ་ལ་དམིགས་ཤིང་དབུགས་དབྱུང་བའི་མཐའི་བར་དུ་སྲོག་རྩོལ་བསྡམས་ལ་བཟླས་བརྗོད་བྱའོ། །དེ་ལྟར་བཟླས་ཚེ་ན་ཁྲོ་བ་དང་དགའ་བ་ལ་སོགས་པའི་རྣམ་རྟོག་དང་གཏམ་གཞན་མི་སྨྲ། ལྷ་གཞན་མི་བསྒོམ། ཡན་ལག་འགྱུར་བ་མེད་པར་བཟླས་སོ། །ངལ་ན་སྒྲ་ལ་སོགས་པ་རིམ་པས་བསྡུས་ཏེ་ཐ་མལ་གྱི་ངང་ལ་བཟླའོ། །གལ་ཏེ་བཟླས་པ་བྱེད་འཕྲོ་ལ་གཉིད་བྲོ་བའམ། གླལ་བའམ། སྦྲིད་པའམ། གློ་དང་ལུད་པའམ། འོག་རླུང་ངམ། གཤང་གཅི་བྱུང་ན་མདོ་ཁོ་ན་ཕྲེང་བ་བཞག་སྟེ་བཅག་པ་ལ་སོགས་པ་བྱས་ནས་ཁྲུས་དང་ཉེ་རེག་བྱས་ནས་བཟླས་པ་དང་པོ་ནས་བརྩམ་པར་བྱ་ཡི། སྔར་གྱི་དེ་གྲངས་སུ་མི་གཞུག་གོ། །ཕྲེང་བའི་ཐོག་མ་དང་མཐའ་མ་བགྲང་བའི་ཚེ་ན་སྔགས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །སྔགས་གྲངས་རྫོགས་པའི་ཚེ། ལྷའི་རི་མོའམ། སྐུ་གཟུགས་སམ། མཆོད་རྟེན་ནམ། དེའི་གདན་ལ་མིག་གིས་ཀུན་ཏུ་བལྟ་བར་བྱའོ། །བག་མེད་པས་ལྷ་གཞན་གྱི་སྔགས་བཟླས་ན་ཡིད་ཀྱིས་གསོལ་བ་བཏབ་ལ། བཟླས་བརྗོད་ཀྱང་སླར་བརྩམ་པར་བྱའོ། །བཟླས་བརྗོད་ཀྱི་གྲངས་ཐེམས་པའམ་ལྷག་པར་བྱས་པའི་མཇུག་ཏུ་ལག་པ་གཡས་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག །གཡོན་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག་ནས་སྦྱར་ཏེ་ལག་པ་གཡས་པའི་མཛུབ་མོས་གཡོན་པའི་གུང་མོ་དང་སྲིན་ལག་དཀྲི་ཞིང་གཡོན་པའི་མཛུབ་མོས་གཡས་ཀྱི་གུང་མོ་དང་སྲིན་ལག་དཀྲིས་ལ་མཐེ་ཆུང་གཉིས་གཤིབས་ཏེ་སྒྲེངས་ནས། མཐེ་བོ་གཉིས་མཛུབ་མོའི་ཚིགས་དབུས་མར་བཞག་པ་བུམ་པའི་ཕྱག་རྒྱ་བཅས་ལ། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི་དངོས་གྲུབ་ཆེ་གོ་མོ་ཞིག་གི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །མགོན་པོ་ཁྱེད་ཀྱིས་ཆེ་གེར་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད་ལ་གཏང་རག་གི་མཆོད་པ་དང་བསྟོད་པ་སྔར་བཞིན་བྱས་ལ་སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང་། རང་རང་གི་སྙིང་པོའམ་སྤྱིའི་སྙིང་པོ་ལ་གཙྪ་བཏགས་པ་བརྗོད་དོ། །མཆོད་ཡོན་ཕུལ་ནས་སྤྱན་དྲང་བའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ་ལོ། །དེ་ནས་ལག་པ་གཡོན་པ་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་བཞག་སྟེ། སོར་མོ་བསྣོལ་བའི་རྩེ་མོ་དྲུད་པར་སྦྱར་ཏེ་ཐད་ཀར་བཞག་པ་མི་མཉམ་པའི་ཡན་ལག་གམ། ཕྱག་རྒྱ་གཡོན་ཕྱོགས་ནས་བསྐོར་ཞིང་། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ཞེས་བརྗོད་ལ་སྔར་གྱི་ར་བ་དང་དྲྭ་བས་ཕྱོགས་མཚམས་བཅིངས་པ་ལ་སོགས་པ་དཀྲོལ་བར་བྱའོ། །དེ་ནས་བུ་མོས་བཀལ་བའི་སྐུད་པ་དམར་པོ་ལེ་བརྒན་རྩིའམ། གུར་གུམ་གྱིས་བཙོས་པ་ལ་མདུད་པ་བདུན་བོར་ལ། ༀ་ཧ་ར་ཧ་ར་བནྡྷཱ་ནི་ཤུ་པྲ་དྷཱ་ར་ཎི་སིདྡྷིརྠེ་སྭཱ་ཧཱ། ལན་སྟོང་བཟླས་ནས་སྲོད་ཀྱི་དུས་སུ་སྐེད་པ་ལ་བཅིངས་ཏེ་འཛག་པ་བསྲུང་བར་བྱའོ། །ༀ་རཀྵ་རཀྵ་མཱཾ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨཏྨ་ཙཱི་བ་ར་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པའི་བླ་གོས་ལན་གསུམ་དུ་བསང་གཏོར་དང་བཀྲུ་བ་བྱས་ལ་བགོ་ཞིང་། རྡུལ་དང་དྲི་མས་མ་ཕོག་པར་བྱ། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པ་མཐང་གོས་མི་སྤང་། རྗེས་གླེགས་བམ་བཀླག་པ་དང་། མཆོད་རྟེན་གདབ་པ་དང་། རྗེས་སུ་དྲན་པ་དྲུག་བསྒོམ་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་འབད་པར་བྱ་སྟེ། སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ལྟར་བསྙེན་པ་སྔོན་དུ་སོང་ནས་སྤྱི་དང་ཁྱད་པར་གྱི་སྒོ་ནས་བརྟགས་པས་རུང་བར་ཤེས་པའི་ས་གཞི་ལ་གཟའ་སྐར་དུས་ཚོད་བཟང་པོ་ལ་ཞག་བདུན་གྱི་གོང་ནས་སྔར་བསྟན་པ་བཞིན། བདག་དང་གནས་བསྲུང་བ་བྱས་ཏེ་བའི་རྣམ་ལྔ་ལ་སྔར་བཤད་པའི་ཁྲོ་བོ་ཀཱི་ལི་ཀཱི་ལའི་སྔགས་རྒྱས་བསང་གཏོར་བྱ། རྐང་པ་གཡས་པ་ས་ལ་བཞག་སྟེ། གཡོན་བཏེགས་པའི་བོལ་གྱིས་གཡས་བརྐང་པའི་བརླ་ལ་བཞག །ལག་པ་གཡས་པ་བསྣུན་པའི་ཚུལ་དུ་ང་རྒྱལ་གྱིས་བརྟན་པར་བྱེད་པའི་ཕྱག་རྒྱ་དང་། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ཞེས་པ་གཞན་གྱིས་མི་ཐུབ་པའི་སྔགས་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏ་དཱཪྱ་ཨ་བ་ལོ་ཀི་ཏ་མ་ར་བཛྲོཥྞཱི་ཥ་ཧཱུྃ་ཧཱུྃ་པྲ་ཛྙཱ་མི་ཏ་མུརྟི་སྭཱ་ཧཱ། ལག་པ་གཉིས་སྙིམ་པར་སྦྱར་ལ་སྲིན་ལག་གཉིས་དང་མཐེ་ཆུང་གཉིས་ནང་དུ་བཀུག་སྟེ་མཛུབ་མོ་གཉིས་ཀྱིས་མཐེ་བོང་གཉིས་ལ་འཁྱུད་པ་རྡོ་རྗེ་གཙུག་ཏོར་གྱི་སྔགས་རྒྱས་སྦྱངས་ལ་བརྐོ་བ་ལ་སོགས་པ་དགོས་པའི་ས་གཞི་ཡིན་ན་སེང་ལྡེང་གི་ཕུར་བུ་མཛུབ་གང་བ་རྣོ་བ་བཞི་ལ་ཙནྡན་དམར་པོ་བཀུས་པ་སྐུད་པ་དམར་པོ་དཀྲི། རྡོ་རྗེ་ཕུར་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། གནས་ཀྱི་ཕྱོགས་བཞིར་གདབ། ལས་ཐམས་ཅད་པ་དང་བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླས་པའི་ཡུངས་ཀར་གྱིས་བགེགས་བསལ། རིག་པའི་རྒྱལ་པོའི་སྔགས་བཟླས་པའི་བ་དན་དཀར་པོ་སྨྱུག་མ་རིང་པོས་ཡུ་ུབ་བྱས་པ་ཤར་དུ་གཟུག །ལྕགས་ཕྱེ་ལ་རྡོ་རྗེ་ར་བའི་སྔགས་རྒྱས་བཟླས་ནས་རྡོ་རྗེའི་ར་བ་བྱ། རྡོ་རྗེ་དྲྭ་བའི་སྔགས་རྒྱས་བཟླས་པའི་ལྕགས་ཕྱེས་ཁོར་ཡུག་ཏུ་རྡོ་རྗེའི་ཕྲེང་བ་བྲིས་ལ་རྡོ་རྗེས་དྲྭ་བ་བྱ། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསྲུང་བ་བྱས་ལ་དེ་ནས་བརྐོས་ཏེ། སའི་ཟུག་རྔུ་རྣམས་བསལ་ལ་ཞིབ་མོར་བརྡུངས་ཏེ་བའི་གཅིན་གྱིས་བྲན། ས་གཞི་ལག་མཐིལ་ལྟར་མཉམ་པར་བྱས་ལ། ཤར་ཕྱོགས་ནས་བརྩམས་ཏེ་བ་གཅིས་བྱུག །དབུས་སུ་ཁུང་བུ་བརྐོས་ཏེ་འབྲུ་ལྔ་དང་རིན་པོ་ཆེ་ལྔ་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་ལ་གཞུག །ཟུག་རྔུ་དབྱུང་བར་མི་ནུས་པ་ཡོད་ན་ལས་ཐམས་ཅད་པ་དང་སངས་རྒྱས་སྤྱན་གྱི་སྔགས་བཟླས་ཤིང་ལག་པས་བྲབ་པར་བྱའོ། །གལ་ཏེ་བརྐོ་བ་ལ་སོགས་མི་དགོས་ན་ས་གཞི་བྱི་དོར་བྱས་པ་གཏེར་དུ་བཅུག །བ་བྱུང་དང་དྲི་བཟང་པོའི་ཆུས་བྱུག་ནས་ལག་པས་རེག་སྟེ། མཛུབ་མོ་གཉིས་སྦྱར་ནས་དཀྱིལ་འཁོར་ལྟ་བུར་བྱས་པ་དང་། ༀ་ཛ་ཡོཥྞཱི་ཥ་ཛྭ་ལ་ཛྭ་ལ་བནྡྷ་བནྡྷ་ད་མ་ད་མ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧ་ན་ཧཱུྃ་ཞེས་པས་རྒྱལ་བའི་གཙུག་ཏོར་དང་། ལས་ཐམས་ཅད་དེའི་སྔགས་བཟླས་པར་བྱ་སྟེ་ས་སྦྱང་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་འབྲི་བའི་ས་གཞི་དེར་ལས་ཐམས་ཅད་པའི་སྔགས་བཟླས་ལ་དེར་འོག་ནས་འཆད་པའི་དཀྱིལ་འཁོར་བསྒོམ་སྟེ། ལྷ་སྤྱན་དྲང་བ་ནས་བཟླས་པ་དང་བཅས་པ་བྱས་ནས་ལྷ་གཤེགས་སུ་གསོལ་བའི་བར་ཞག་གསུམ་དུ་བྱ་སྟེ་དཀྱིལ་འཁོར་གྱི་ས་གཞི་བཟུང་བའོ། །དེ་ནས་ལག་པ་གཅིག་གིས་དྲིའི་ཆུས་བསང་གཏོར་བྱ། གཅིག་ས་ལ་རེག་སྟེ། ལས་ཐམས་ཅད་པ་དང་རིག་པའི་རྒྱལ་པོའི་སྔགས་བཟླས་ལ་གནས་འདིར་དཀྱིལ་འཁོར་བྲིའོ་སྙམ་དུ་བློས་ཡོངས་སུ་བཟུང་བར་བྱ་སྟེ་ས་ཡོངས་སུ་བཟུང་བའི་ཆོ་གའོ། །དེ་ནས་སང་ཉི་མ་ཤར་བ་དང་དཀྱིལ་འཁོར་གྱི་ས་ཆ། དཀྱིལ་འཁོར་གྱི་བཀོད་པའི་ས་ཡིད་ཀྱིས་བརྟགས་ནས་ཁ་ཟས་གཙང་མ་ཟོས་ཉི་མ་ནུབ་ནས་ཁྲུས་བྱས་ལ། གོས་གཙང་མ་བགོ་སྟེ། དཀྱིལ་འཁོར་གྱི་ས་ཕྱོགས་བྱི་དོར་ལེགས་པར་བྱས། བ་བྱུང་དང་དྲི་བཟང་གིས་བྱུག །རིག་པའི་རྒྱལ་པོ་དང་ལས་ཐམས་ཅད་པ་བཟླས་པའི་སྤོས་ཆུས་བསང་གཏོར་བྱས་ལ་ལྷ་གནས་མི་འཆོལ་བའི་ཕྱིར་སྐམ་ཐིག་བཏབ་སྟེ། ལྷ་སོ་སོའི་གནས་སུ་དྲིས་དཀྱིལ་འཁོར་སོར་བཅུ་གཉིས་པ་བྱ་གསུངས་ཏེ་སྐབས་དང་སྦྱར། རིགས་ཀྱི་སྙིང་པོ་དང་ལྷ་རང་རང་གི་སྔགས་ལན་བདུན་བདུན་བཟླས་པས་ལྷ་དེ་དང་དེར་བསྐྱེད་ལ། དེ་ནས་ལྷ་སྤྱན་དྲང་བ་ནས་བཟླས་པའི་བར་འོག་བཞིན་བྱ། གྲུབ་ན་སྦྱིན་སྲེག་སྟ་གོན་ཡང་བྱས་ལ་ཡང་མཆོད་པས་མཆོད། གཡས་སྤོས་པོར་འཛིན་གཡོན་དྲིལ་བུ་དཀྲོལ་ཞིང་། ཤཱཀྱ་སེང་གེ་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་སྙིང་བརྩེར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་བོ་ཆེ། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འོད་ཟེར་དྲི་མེད་ཅི་ནུས་ཀྱི། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། བསྟོད་པས་བསྟོད་ནས་གཤེགས་སུ་གསོལ། དབང་བསྐུར་བའི་བུམ་པ་དང་སློབ་མ་ལྷག་གནས་ནི་དབང་མི་བསྐུར་བས་མི་དགོས་སོ། །ནངས་པར་སྔ་བར་ལངས་ནས་ཁྲུས་ནས་བཟླས་པའི་བར་བྱས་ལ། ལས་ཐམས་ཅད་པའི་གསང་སྔགས་ཀྱིས་བསང་གཏོར་བྱས་ལ། གཞོན་ནུ་མས་བཀལ་བའི་སྐུད་པ་སྔར་གཞན་དུ་ལོངས་མ་སྤྱད་པའི་གསར་པ་གཙང་མ་དྲི་ཞིམ་པ་རེག་ན་བདེ་བ། སྦོམ་ཕྲ་རན་པ། སྦོམ་ཕྲ་དང་འཇུར་མདུད་མེད་པ་ཁ་དོག་དཀར་དམར་སེར་ལྗང་ནག་ལྔ་ལ་ལས་ཐམས་ཅད་པ་དང་རིག་པའི་རྒྱལ་པོའི་སྔགས་བཟླས་ཤིང་། དང་པོ་སོ་སོར་སྒྲིལ། དེ་ནས་གཅིག་ཏུ་སྒྲིལ་ལ་ལས་ཐམས་ཅད་པའི་སྔགས་ལན་བརྒྱ་བཟླས་ཏེ། མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ལ། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསམ་ལ་དཀོན་མཆོག་གསུམ་ལ་མཆོད་པ་བྱ། ལྷ་རྣམས་ལའང་ཕྱག་དང་མཆོད་པ་བྱས་ནས་ཤར་དུ་ཐིག་སྐུད་རྡོགས་ཏེ་བཟུང་། དེ་ནས་ལྷོར་ཕྱིན་ལ་ཁ་བྱང་དུ་བལྟས། སྒྲུབ་པའི་གྲོགས་མཆོག་བྱང་དུ་འདུག་སྟེ་ཁ་ལྷོར་བལྟས་པའི་ལག་ཏུ་ཐིག་སྐུད་གཏད། དེ་ནས་གཡས་སྐོར་གྱིས་ཤར་དུ་སོང་སྟེ་ནུབ་ཏུ་བལྟས་ནས་ཚངས་ཐིག་དང་པོ་གདབ། དེ་ནས་ལྷོར་སོང་སྟེ་བྱང་དུ་བལྟས་ནས་གཉིས་པ་གདབ། དེ་ནས་མེར་སོང་ལ་བྱང་དུ་བལྟས་ཤར་གྱི་རྩ་ཐིག་དང་། དེ་ཉིད་དུ་འདུག་སྟེ་ནུབ་ཏུ་བལྟས། ལྷོའི་རྩ་ཐིག་དང་། རླུང་དུ་འདུག་སྟེ་ལྷོར་བལྟས་ལ་ནུབ་ཀྱི་རྩ་ཐིག་དང་། དེ་ཉིད་དུ་འདུག་ནས་ཤར་དུ་བལྟས་ལ་བྱང་གི་རྩ་ཐིག་དང་། མེར་འདུག་སྟེ་རླུང་དུ་བལྟས་ལ་ཟུར་ཐིག་དང་། བདེན་བྲལ་དུ་འདུག་སྟེ་དབང་ལྡན་དུ་བལྟས་པས་ཟུར་ཐིག་གཉིས་པ་བཏབ་ལ། རྩ་ཐིག་གི་དབུས་སུ་བརྒྱད་ཆ་ཕྱིས་བསྒོ་ཡིན། དེའི་བཞི་ཆ་ཆ་ཆུང་ངོ་། །གཞན་རྣམས་སྤྱི་དང་མཐུན་པར་གདབ། རྩ་ཐིག་གི་ནང་དུ་སྒོ་ཚད་གཉིས་དོར་བར་ཐིག་གདབ་པ་ནི་ནང་གི་དཀྱིལ་འཁོར་རོ། །སྒོ་བཞི་པའམ། ཡང་ན་སྒོ་གཅིག་ནུབ་ཏུ་བསྟན་པའི་དབུས་སུ་སྔར་བསྟན་པའི་ཕུར་བུ་གདབ་སྟེ། དེ་ལ་སྲད་བུ་བཏགས་ནས་ཐིག་ཟླུམ་བགོས་པ་རྣམས་བསྐོར་ཏེ། དེ་ནས་དཀོན་ཅོག་གསུམ་ལ་མཆོད་པ་ཅི་འབྱོར་བས་མཆོད་ལ། ཁྲོ་བོའི་རྒྱལ་པོ་བསྒོམ་ནས་སྐྱུ་རུ་རའི་ཕྱེ་མ་ལ་བྱས་པའི་ཁྲུས་ཆབ་ཀྱིས་ཁྲུས་བྱས་ལ་གོས་གཙང་མ་བགོ། །དཀྱིལ་འཁོར་གྱི་ས་གཞི་རྣམས་ལ་བའི་ཆུ་དང་ལྕི་བ་བསྲེས་ལ་བྱུགས། སྤོས་ཆུས་བསང་གཏོར་བྱ། ཕྱག་བདར་དང་། ཆག་ཆག་བཏབ་ལ་མེ་ཏོག་སིལ་མ་གཏོར། སྲད་བུས་བསྐོར། རྒྱལ་མཚན་དང་། རྟ་བབས་དང་། མེ་ཏོག་གི་ཕྲེང་བ་བརྒྱུས་པ་རྣམས་ཀྱིས་བརྒྱན་ལ། དེ་ནས་དགོས་པའི་ཡོ་བྱད་ཐམས་ཅད་བྱང་ཕྱོགས་སུ་བསགས་ཏེ་ཁྲོ་བོའི་རྒྱལ་པོས་བསྲུངས་ནས་གནས་ཁང་ལ་བསང་གཏོར་བྱ་བ་དང་བགེགས་བསལ་བ་བྱས་ནས་བདག་དང་དཀྱིལ་འཁོར་བསྲུང་བ་བྱས་ལ་སེམས་སྤྲོ་བ་ཆེན་པོས་རིགས་གསུམ་གྱི་ལྷ་རེ་རེ་ལ་ཕྱག་བྱས་ལ་དཀྱིལ་འཁོར་འབྲི་བ་ལ་འཇུག །ལྟས་ངན་པ་བྱུང་ན་ཞི་བའི་སྦྱིན་སྲེག་བྱ། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་ལ་མཆོད་ཡོན་རྩ་སྔགས་ཀྱིས་དབུལ། མེ་ཏོག་ལ་སོགས་པའི་མཆོད་པས་མཆོད། སློབ་མ་དང་དཀྱིལ་འཁོར་འབྲི་བ་ལ་སོགས་པའི་གྲོགས་རྣམས་ལ་བསང་གཏོར་དང་བསྲུང་བ་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན། ཕྱག་བྱས་ཏེ་དཀྱིལ་འཁོར་བྲིའོ། །དེ་ལ་འོད་ཟེར་དྲི་མེད་ཀྱི་གཟུངས་ལས། དཀྱིལ་འཁོར་གྲུ་བཞི་པར་བྱས་ལ་དེའི་སྟེང་དུ་ཚོན་ལྔས་རི་མོ་བྲིས་ཏེ། དབུས་ཀྱི་ཆར་ནི་འཁོར་ལོ་དང་། རྡོ་རྗེ་དང་། དུང་དང་། མདུང་རྩེ་གསུམ་པ་དང་། གཡུང་དྲུང་རིས་དང་། པདྨོ་རྣམས་བྲིའོ། །གྲྭ་བཞིར་ཡང་པདྨོ་རེ་རེ་བྲིས་ཏེ་དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་རེ་རེ་གྲྭ་བཞིར་བཞག་གོ། །བདུག་སྤོས་ཀྱིས་སྣོད་བཀང་བ་སྤོས་སྣ་ཚོགས་འཐུལ་བ་ཡང་བཞག་གོ། །ཁ་དོག་སྣ་ལྔའི་སྣོད་དུ་ཁ་ཟས་སྣ་ཚོགས་དང་། ཟས་དཀར་གསུམ་དང་འབྲས་ཆན་དུ་སྦྱར་བ་བཞག །ཡང་དྲིའི་ཆུ་དང་། མེ་ཏོག་དང་། འབྲས་སམ། འབྲུས་སྣོད་བཀང་བ་ཕོར་བུ་རེ་རེ་བླུག་པ་དང་། ཡང་ཁ་ཟས་སྣ་ཚོགས་སྦྱར་བའི་གཏོར་མ་སྤོས་ཆུ་བུམ་པ་གང་དང་སྦྱར་ཏེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་གོ། །གཏོར་མ་དེ་དང་འབྲས་ཀྱི་དྲུང་དུ་ཉེ་བར་ཚོགས་ཀྱི་བདག་པོའི་གཟུགས་བྲིས་ལ་དེའི་སྤྱི་བོའི་སྟེང་དུ་མར་མེ་བཞག་གོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ནད་པ་བཞག་ལ་དཀྱིལ་འཁོར་གྱི་ནང་དུ་ཁ་བསྟན་པའི་ནད་པའི་མདུན་དུ་ཡང་མཆོད་པའི་བཤོས་བཞག་སྟེ་འབུལ་དུ་གཞུག་གོ། །ཞེས་གསུངས་པས། འདི་གཙོ་ཆེར་སྡིག་པ་ཞི་བའི་ཕྱིར་ན་འབྲས་སཱ་ལུའི་ཕྱེ་མ་ཁ་བསྒྱུར་བའམ། ཚེ་བསྲིང་བའི་ཕྱིར་ན་རྒྱས་པའི་ལས་ཡིན་པས་མཚལ་དང་བ་བླ་ལ་སོགས་པའི་ཕྱེ་མ་འབྱུང་ཁུངས་ནས་བྱུང་བའི་ཚོན་རྣམ་པ་ལྔ་བསང་བ་དང་། བགེགས་བསལ་བ་དང་། གཟི་བྱིན་བསྐྱེད་པ་རྣམས་སྔར་བཞིན་དུ་བྱས། ལས་ཐམས་ཅད་པའི་སྔགས་ལན་བརྒྱར་བཟླས་པས་བྱིན་གྱིས་བརླབ་ལ། ལྷའི་མཚན་མ་འགོད་པའི་གནས་རྣམས་སུ་གཅི་བཀུ་བའི་རྣམ་ལྔའི་ཆུས་བཀྲུ། དྲི་ཆུས་གཏོར། རྡུལ་མཚོན་ལའང་རིག་པའི་རྒྱལ་པོས་བསྔགས་པའི་དྲིའི་ཆུས་གཏོར་ལ། དབུས་ཀྱི་ཕུར་བུ་ཕྱུང་ལ་བུ་ག་རྩིག་པའི་རིམ་པ་བཞིན་དུ་ཚོན་གྱིས་བཀང་། རེ་ཁཱ་ལྔའི་ས་ལ་རྡོ་རྗེ་ཁུ་ཚུར་རམ། ལྷུང་བཟེད་ཀྱི་ཕྱག་རྒྱའམ། ལྕགས་ཀྱུའི་ཕྱག་རྒྱའམ། རིག་བྱེད་ཀྱི་ལག་པས་རེ་ཁ་ལྔ་ནང་ནས་རིམ་པ་བཞིན། དཀར་དམར་སེར་ལྗང་ནག་ལྔ་པོ་གཡས་བསྐོར་གྱིས་བར་མ་ཆད་མཉམ་པར་བྲིས་ལ་རིན་པོ་ཆེ་ལ་སོགས་པའི་སྣོད་ཀྱིས་བཀབ་ལ་བཞག་གོ། །ཕྱིས་སྦྲེལ་རན་པ་དང་བླངས་ཏེ་མཚན་མ་བཏགས་ལ་སྦྲེལ་ལོ། །ཕྱོགས་ཚོན་དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག་གོ། །གཞན་རྣམས་ཕལ་ཆེར་སྤྱི་དང་མཐུན་པར་བྱ། སྒོ་བཞི་བྱེད་ན། ནུབ་སྒོ་མིན་པ་གསུམ་པོ་རེ་ཁ་དཀར་པོ་ཕྲ་མོས་བཅད་ལ་བཞག །གཅིག་ལས་མེད་ན་མི་དགོས་སོ། །དེ་ནས་ནང་གི་དཀྱིལ་འཁོར་ཤར་གྱི་ཆའི་དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ་ཚོན་དཀར་པོས་འཁོར་ལོ་རྩིབས་བརྒྱད་པ་འོད་ཟེར་ཕྲེང་བ་དང་བཅས་པ་སྔར་བཤད་པའི་རྩ་སྔགས་དང་རིགས་ཀྱི་སྙིང་པོ་ཛི་ན་ཛིཀ྄་ཟློས་ཤིང་བཀོད་ལ། སྔར་བཤད་པའི་བཅོམ་ལྡན་འདས་ཤཱཀྱ་སེངྒེ། མཚན་ཉིད་ཐམས་ཅད་ཚང་བ་ཞལ་ནུབ་ཏུ་བསྟན་པར་བསམ་མོ། །དེའི་གཡོན་ངོས་ལྷོ་ཕྱོགས་སུ་གདན་གྱི་ཁྲི་ཟླུམ་པོ་ལ་པད་ཟླའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་མོ་གསུམ་པ་ལ་ཕྱག་ན་རྡོ་རྗེའི་སྔགས་དང་རིགས་ཀྱི་སྙིང་པོ་བཛྲ་དྷྲྀཀ྄་ཟློས་ཤིང་བྲིས་ལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཤིན་ཏུ་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྔ་ཡབ། གཡོན་ན་རྡོ་རྗེ་འཛིན་པ། ཁྲོ་བོའི་ལུས་ཀྱི་ཉམས་ལ་གནས་པའོ། །དེའི་སྔགས་ནི། ན་མོ་རཏྣ་ཏྲ་ཡ་ཡཱ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏ་སྱ། ན་མཥྩཎྜ་པྲ་མརྔྷ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། དེ་ནས་དེའི་མདུན་དུ་ནུབ་ཀྱི་ཕྱོགས་སུ་གདན་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་ཁྱབ་འཇུག་གི་སྔགས། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། བཟླས་ཤིང་དུང་བྲིས་ལ་དེ་ཉིད་ཁྱབ་འཇུག་ནག་པོ་ལག་པ་བཞི་པ། གཡས་ན་འཁོར་ལོ་དང་དུང་། གཡོན་ན་བེ་ཅོན་དང་རལ་གྲི་ཐོགས་པ་ནམ་མཁའ་ལྡིང་གི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །དུང་ནི་ཁྱབ་འཇུག་གི་མཚན་མ་ཡིན་ཏེ། རིག་པ་མཆོག་གི་རྒྱུད་ལས། འཁོར་ལོ་དུང་དང་བེ་ཅོན་དང་། །རལ་གྲི་དང་ནི་ཕུབ་ཟླུམ་དང་། །ནམ་མཁའ་ལྡིང་དང་ཕག་རྣམས་ནི། །ཁྱབ་འཇུག་ཕྱག་རྒྱ་བདུན་པོ་ཡིན། །ཞེས་གསུངས་པས་སོ། །དེའི་གཡོན་འཁོར་ལོའི་ཐད་དུ་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་མདུང་རྩེ་གསུམ། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། ཞེས་བཟླས་ལ། དྲག་པོ་དཀར་པོ་མགྲིན་པ་སྔོན་པོ་ལག་པ་གཡས་ན་མདུང་རྩེ་གསུམ། གཡོན་ན་རལ་གྲི་ཐོགས་པ། གླང་བུ་ཁྱུ་མཆོག་ལ་ཞོན་པའོ། །དེའི་གཡོན་དུ་གཡུང་དྲུང་རིས་བྲི་བ་ནི། རིག་པ་མཆོག་གི་རྒྱུད་ལས། གཡུང་དྲུང་རིས་ནི་དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཉིས་རིམ་དུ་བྲེས་ཏེ་དངོས་བཞི་ནས་ཤད་བཞི་དྲངས་ལ་ཚིགས་བཅག་སྟེ་གཡས་ཕྱོགས་སུ་འཁྱིལ་བ་བྲིའོ། །ཤད་བཞི་པོ་དག་ཀྱང་རིན་པོ་ཆེའི་ཕྲེང་བས་བསྐོར་བར་བྱའོ། །ཞེས་བཤད་པ་བཞིན་ནོ། །ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། ཞེས་བཟླས་ཤིང་བྲིས་ལ། རིག་པ་མཆོག་གི་རྒྱུད་དུ་གཡུང་དྲུང་རིས་རྣམས་ནི་ཚོགས་རྣམས་ཀྱིའོ། །ཞེས་གསུངས་པས་ཚོགས་བདག་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ་མདུན་དུ་སྒུར་བ་དང་། ཕྱིར་དགྱེ་བའི་ཚུལ་གྱིས་བཞུགས་པའོ། །དེ་གསུམ་མཚན་མ་རྣམས་མགོ་ནུབ་ཏུ་བསྟན་པ་བྲིས་ལ། ལྷ་རྣམས་ཞལ་ཤར་དུ་གཟིགས་པའོ། །ཤར་གྱི་འཁོར་ལོའི་གཡས་བྱང་ཕྱོགས་སུ་གདན་ཟླུམ་པོ་ལ་པད་ཟླའི་སྟེང་དུ་སྡོང་བུ་དང་བཅས་པའི་པདྨ། ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཞེས་བཟླས་ཤིང་བྲིས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོན་ཀའི་འདམ་བུའི་མདོག་ལྟར་དཀར་བ། པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་ན་པདྨ་བསྣམས་པ། གཡས་པ་མཆོག་སྦྱིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ་མོ། །ཕྱིའི་སྣམ་བུའི་གྲ་བཞིར་པདྨ་འདབ་བརྒྱད་བྲི། དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་དཀར་པོ་མགུལ་ཆིངས་ཁ་རྒྱན་དང་བཅས་པ་བཞག །ཤར་གྱི་སྣམ་བུའི་སྟེང་དུ་སྤོས་སྣ་ཚོགས་འཐུལ་བའི་སྤོས་སྣོད་ལྔའམ་གསུམ་གང་འབྱོར་བཞག །ལྷོའི་བུམ་པ་ལ་སྣོད་ཁ་དོག་ལྔར་བསྒྱུར་བའི་ནང་དུ་ཁ་ཟས་སྣ་ཚོགས་དང་། ཞོ་འོ་མ་མར་ཏེ་དཀར་གསུམ་དང་འབྲས་ཆན་སྦྱར་བ་བཞག །ནུབ་ཀྱི་སྣམ་བུ་ལ་དྲིའི་ཆུས་བཀང་བའི་དུང་ཆོས་དང་། མེ་ཏོག་གིས་གང་བའི་སྣོད་དང་འབྲས་སོགས་འབྲུས་བཀང་བ་བཞག །བྱང་གི་སྣམ་བུ་ལ་ཁ་ཟས་སྣ་ཚོགས་སྦྱར་བའི་གཏོར་མ་དང་། དྲིའི་ཆུས་བཀང་བའི་བུམ་པ་མགུལ་ཆིངས་ཁ་རྒྱན་དང་བཅས་པ་བཞག །བྱང་གི་གཏོར་མ་དང་ནུབ་ཀྱི་འབྲས་གཉིས་ཀྱི་བར་སྔར་གྱི་དྲིའི་བུམ་པའི་རྒྱབ་ཏུ་ཚོགས་ཀྱི་བདག་པོའི་གཟུགས་གླང་པོ་ཆེའི་གདོང་པ་ཅན་དཀར་པོ་དགྲ་སྟྭ་དང་ལ་ཕུག་འཛིན་པ་བྲིས་ལ་དེའི་སྤྱི་བོའི་སྟེང་དུ་མར་མེ་བཞག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བཀོད་ནས་དེའི་མཐའ་བསྐོར་དུ་མཆོད་ཡོན་དང་མེ་ཏོག་ལ་སོགས་པའི་མཆོད་པ་བྱ་བའི་རྒྱུད་ལམ་བཀག་པ་བཅུ་ལ་སོགས་པ་ཅི་འབྱོར་བ་བཤམ། དཀྱིལ་འཁོར་གྱི་ཕྱོགས་བཞིར་མཆོད་ཡོན་འབུལ་བའི་སྟེགས་བུ་རེ་རེ་བྱ། དེ་ནས་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་རྒྱལ་མཚན་བརྒྱད་གཟུག་པ་དང་བཀྲ་ཤིས་པའི་རྫས་ཀྱི་བརྒྱན་པ་ལ་སོགས་པ་ཅི་འབྱོར་བ་བྱ། དེ་ནས་སྔར་བཤད་པ་ལྟར་ཁྲུས་དང་ཉེ་རེག་བྱས་ལྷ་རྣམས་ལ་ཕྱག་བྱས་ནས་སྙིང་པོའམ་སྔགས་བཟླ་ཞིང་མཚན་མ་བརྟགས་པར་བྱའོ། །དེ་ནས་བདག་ཉིད་བསྲུང་བ་བྱས་ནས་མདུན་དུ་རི་རབ་ཀྱི་སྟེང་དུ་པདྨ་བསྐྱེད་པའི་བར་སྔར་བསྙེན་པའི་སྐབས་དང་འདྲ་བ་ལས་ཁྱད་པར་འདིར་པདྨའི་སྟེང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིའམ། ཡང་ན་སྒོ་གཅིག་ནུབ་ཏུ་བསྟན་པ། རིན་པོ་ཆེའི་རྩིག་པ་ལྔ་དང་ལྡན་པ། ཕ་གུ་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་ལ་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་ནས་འདོད་ཡོན་གྱི་སྣམ་བུའི་ཁ་ཁྱེར་གྱིས་བསྐོར་བ། རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། མཚན་ཉིད་ཐམས་ཅད་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པར་བསམ་ལ་སྔར་བརྗོད་པའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ནས་གཞལ་ཡས་ཁང་དབུས་མའི་ནང་དུ་སྔར་བསྐྱེད་པའི་ལྷ་རྣམས་གསལ་བ་དང་། སྣམ་བུ་ུལ་བཀོད་པའི་མཆོད་རྫས་རྣམས་ལའང་བསང་བ་དང་། བགེགས་བསལ་བ་དང་། གཟི་བྱིན་བསྐྱེད་པ་དང་། ལས་ཐམས་ཅད་པའི་སྔགས་བཟླས་ལ་བཞག །ཕྱི་ནས་བཤམས་པའི་མཆོད་རྫས་རྣམས་ཀྱང་སྔར་བཞིན་དུ་བྱིན་གྱིས་བརླབ་བོ། །དེ་ནས་སྤྱན་དྲང་བའི་ཕྱག་རྒྱ་བཅས་ལ་རིག་པའི་རྒྱལ་པོའི་སྔགས་བྷྲཱུྃ་དང་། སྔར་བཤད་པའི་སྙིང་པོའི་ཤམ་དུ། བཅོམ་ལྡན་འདས་ཤཱཀྱ་མུ་ནེ་ཨེ་ཧྱ་ཧི་བྱས་པས་སྤྱན་དྲངས་ལ་ཤར་གྱི་སྟེགས་བུའི་སྟེང་དུ་སྔར་བཞིན་མཆོད་ཡོན་དང་། དེ་ནས་རིག་པའི་རྒྱལ་པོ་རྟ་མགྲིན་ཡི་གེ་བཅུ་པའི་སྔགས་དང་། སྔར་བཞིན་སྤྱན་རས་གཟིགས་ཀྱི་སྔགས་ཀྱི་མཐར། ཨཱཪྱཱ་བ་ལོ་ཀི་ཏེ་ཤྭ་ར་ཨེ་ཧྱ་ཧི་ཞེས་པས་སྤྱན་དྲངས་ལ་མཆོད་ཡོན་སྙིང་ག་ནས་བྱང་གི་སྟེགས་བུའི་སྟེང་དུ་དབུལ་ལོ། །རིག་པའི་རྒྱལ་པོ་ཧཱུཾ་བཞི་པ་དང་ཕྱག་རྡོར་གྱི་སྔགས་ཀྱི་ཤམ་དུ། བཛྲ་པཱ་ཎི་ཨེ་ཧྱ་ཧི་ཞེས་པས་ཕྱག་རྡོར་སྤྱན་དྲངས་ལ་མཆོད་ཡོན་ལྟེ་བའི་ཐད་ནས་ལྷོའི་སྟེགས་བུའི་སྟེང་དུ་དབུལ། ནུབ་ཕྱོགས་པ་རྣམས་ལ་ཧཱུྃ་བཞི་པའི་སྔགས་དང་རང་རང་གི་སྔགས་ཀྱི་ཤམ་དུ་རང་རང་གི་མིང་ཁྱབ་འཇུག་ལ་བིཥྞུ། དྲག་པོ་ལ་རུ་ཏྲ། ཚོགས་ཀྱི་བདག་པོར་ག་ཎ་རྣམས་ལ་ཨེ་ཧྱ་ཧི་བཏགས་པས་སྤྱན་དྲངས། མཆོད་ཡོན་ནུབ་ཀྱི་སྟེགས་བུར་དབུལ། དེ་ལ་ཁ་ཕྱོགས་དེ་དང་དེར་བལྟས་ཞིང་། ལྷ་ལངས་པ་ལ་ལངས་ནས། འདུག་པ་ལ་འདུག་ནས། བཟུར་པ་ལ་བཟུར་ནས་སྤྱན་དྲང་ངོ་། །དེ་ནས་བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ནི། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ག་ག་ན་ས་མ་ཡེ་ཧཱུྃ་ཞེས་པས་བྱོན་ལེགས་བྱས་ནས་ཚིག་དེ་ཉིད་འདོན་པ་ཁ་བསྒྱུར་ཏེ། ཞབས་བསིལ་ཕུལ་བས་ཞབས་བཀྲུས་པར་བསམ་ལ། སྔར་གྱི་སྔགས་རྒྱས་རྡོ་རྗེའི་འདུག་སྟངས་ཀྱི་གདན་དང་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཉིད་པདྨའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་། ༀ་ཀ་མ་ལ་ཡེ་སྭཱ་ཧཱ། ཞེས་པས་པདྨའི་འདུག་སྟངས་ཀྱིས་གདན་དང་། ཕྱག་རྒྱ་དེ་ཉིད་ལས་སོར་མོ་དབུས་མ་གསུམ་གཅིག་ཏུ་སྦྱར་བའི་དཔའ་བོའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་། ༀ་བཛྲ་ཀ་ཧཱུྃ་ཕཊ་ཅེས་པས་དཔའ་བོའི་འདུག་སྟངས་ཀྱིས་གདན་ཕུལ་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་གསོལ་བ་གདབ། དེ་ནས་ལྷ་དེ་རྣམས་ལ་གུས་པས་ཕྱག་བཙལ་ནས། མཆོད་པ་དབུལ་བའི་ཕྱིར། དང་པོ་མཆོད་ཡོན། དེ་བཞིན་གཤེགས་པའི་རིགས་རྣམས་ཀྱིས། །གསང་སྔགས་ཀུན་ལ་དབུལ་ལོ་བཞེས། །མེ་ཏོག་སྤོས་ཆུས་བཀང་བ་ཡི། །མཆོད་ཡོན་དག་ནི་དབུལ་བར་བྱ། །སངས་རྒྱས་པ་ལ་ཤར་ཕྱོགས་སུ། །པདྨ་འཛིན་ལ་བྱང་ཕྱོགས་སུ། །གསང་བའི་བདག་པོར་བཞེད་པ་ཡི། །གསང་སྔགས་རྣམས་ལ་ལྷོ་ཕྱོགས་སུ། །ཆོ་ག་འདི་ཡི་ནུབ་ཕྱོགས་སུ། །འཇིག་རྟེན་པ་ཡི་ལྷ་རྣམས་ནི། །ཀུན་ལ་དབུལ་ལོ་ཞེས་བརྗོད་ཅིང་། །ཕྱི་རོལ་སྟེགས་བུའི་སྟེང་དུ་མཆོད། །ཅེས་གསུངས་པ་བཞིན་བྱའོ། །དེ་ལྟར་སྔར་བསྙེན་པའི་སྐབས་སུ་བཤད་པ་བཞིན་དུ་སྐུ་ཁྲུས་གསོལ་བ་ནས་མར་མེ་དབུལ་བའི་བར་སྔར་བཞིན་དུ་བྱ། དེ་ཡང་རིགས་སོ་སོ་ལ་མཆོད་པ་སོ་སོར་དགོས་པ་ལ་བོད་དུ་དེ་མི་རྙེད་ཅིང་རིགས་གཞན་གྱི་མཆོད་རྫས་གཞན་ལ་འབུལ་ན་རང་གི་སྔགས་ཀྱིས་བཏབ་ནས་དབུལ་བར་བཤད་པ་བཞིན་དུ་བྱ། མེ་ཏོག་དང་བདུག་སྤོས་ལ་སོགས་པའི་སྣོད་གཅིག་ལས་མེད་ན་ལྷ་གཅིག་ལ་དབུལ་བ་ཚར་ནས་ཡང་བསང་གཏོར་ལ་སོགས་པ་བྱས་ནས་ལྷ་གཅིག་གི་སྔགས་ཀྱི་བྱིན་བརླབ་བྱས་ལ་དབུལ། དེ་ཡང་གཙོ་བོ་ལ་ཉིས་འགྱུར་དུ་དབུལ། གཞན་རྣམས་ལ་ཆ་ཕྲི་ལ་དབུལ། ལྷ་བཤོས་དབུལ་བའི་སྐབས་སུ་ཁུར་བའི་བྱེ་བྲག་དང་། ཤིང་ཏོག་དང་། སྲན་ཚོད་ལ་སོགས་པའི་ཚོད་མ་སྣ་ཚོགས་དང་། འོ་ཐུག་ལ་སོགས་པའི་ཐུག་པ་སྣ་ཚོགས་རྣམས་སོ་སོའི་མིང་ནས་སྨོས་ལ་འདི་དབུལ་ལོ་ཞེས་བརྗོད་ལ་དབུལ་བར་བཤད་དོ། །དེ་ནས་དཀྱིལ་འཁོར་ནང་དུ་བཤམས་པའི་གཏོར་མ་རྣམས་བསང་སྦྱངས་བྱིན་བརླབས་གཟི་བྱིན་བསྐྱེད་པ་རྣམས་བྱ་སྟེ། ནང་གི་འཇིག་རྟེན་པ་གསུམ་གྱི་མིང་ལ་ནམ་མཁའ་མཛོད་ཀྱི་སྔགས་བཏགས་ལ་དབུལ། དེ་ནས་སྒྲུབ་ཁང་གི་ཕྱི་རུ་ཕྱིན་ལ་དཔུང་བཟང་ནས་འབྱུང་བའི་ཚོགས་ཕྱོགས་མཚམས་རྣམས་སུ་གཏོར་མ་གསུམ་གསུམ་བྱ། བགེགས་རྣམས་ལ་ཡང་གཏོར་མ་སྦྱིན་ནོ། །གཏོར་མ་འཐོར་བའི་ཚེ་ལྕེ་སྤྱང་གི་སྒྲའམ། སྒྲ་ཆེན་པོའམ། འབྲུག་སྒྲའམ། ཤིང་གི་ཡལ་ག་ཆག་པ་ལ་སོགས་པ་བྱུང་ན་གཏོར་མ་ཡང་བསྐྱར་ལ་སྦྱིན་ཞིང་སྔར་བཤད་པའི་ཆོ་ག་རྣམས་བྱའོ། །དེ་ནས་ལག་པ་བཀྲུས་ཉེ་རེག་བྱས་ནས་ཕྱི་རོལ་དུ་སྤོས་ཆུས་བཀྲུས་ནས་ནང་དུ་ཞུགས་ནས་ལྷ་ལ་མཆོད་ཡོན་ཕུལ། བདུག་སྤོས་ཀྱིས་བདུག་ནས་མཆོད་པའི་གཤོམས་རྣམས་ཀྱང་ཕུལ་ལ། འབྱོར་ན་ལྷ་ཐམས་ཅད་ལ་རས་ཟུང་རེ། མ་འབྱོར་ན་གཙོ་བོ་གསུམ་ལ་ཟུང་རེ། དེའང་མ་འབྱོར་ན་སྤྱིར་ཟུང་གཅིག་དབུལ། དེ་ནས་གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས། ལྷ་གཞན་རྣམས་ཀྱི་བདུན་བདུན་བཟླས། དེ་ནས་རིགས་ཀྱི་སྙིང་པོ་ཛི་ན་ཛིཀ྄་ལ་སོགས་པ་སུམ་བརྒྱ་རེ་བཟླས། དེ་ནས་སོ་སོའི་ཕྱག་རྒྱ་བསྟན་པར་བྱ་སྟེ། རང་རང་སོ་སོའི་སྔགས་ལན་གསུམ་གསུམ་བཟླས་ལ་རང་རང་གི་ཕྱག་རྒྱ་བཅིང་ངོ་། །དེ་ལ་གཙོ་བོའི་ཕྱག་རྒྱ་ནི་གོང་དུ་བཤད་དོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ལས་མཐེ་བོང་གཡས་པ་གཅིག་པུ་བསྟན་པ་སྤྱན་རས་གཟིགས་ཀྱིའོ། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྡམས་པ་ལས་གུང་མོ་གཉིས་ཕྱུངས་ཏེ་བརྐྱང་བ་རྩེ་མོ་གཅིག་ཏུ་བྱས་པ་རྡོ་རྗེའི་རྩེ་མོ་འདྲ་བ་བྱས་པ་ཕྱག་རྡོར་གྱིའོ། །ཐལ་མོ་ཁོང་སྟོང་དུ་སྦྱར་ནས་མཐེ་བོང་གཉིས་བཏུད་ནས་ཅུང་ཟད་སྟོང་པ་ཁྱབ་འཇུག་གི་ཕྱག་རྒྱའོ། །མཐེ་ཆུང་གི་རྩེ་མོ་མཐེ་བོས་མནན་ནས་སོར་མོ་གསུམ་བརྐྱང་བ་སྔར་གྱི་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་རྩེ་མོ་མཐུར་དུ་བསྟན་པ་དྲག་པོའི་མདུང་རྩེ་གསུམ་གྱི་ཕྱག་རྒྱའོ། །ལག་པ་གཉིས་བཀན་ཏེ་མཛུབ་མོ་དང་སྲིན་ལག་རྣམས་བསྣོལ་བར་དཀྲིས་ལ་མཐེ་བོང་གཉིས་ལག་པའི་ནང་དུ་བཀུག་ནས་སོར་མོ་ལྷག་མ་རྣམས་ནི་ཐམས་ཅད་ཀྱང་འདྲ་བར་སོ་སོ་ནས་ལག་སྟེང་དུ་གདུ་བུ་ལྟར་བཀུག་པ་ནི་གཡུང་དྲུང་རིས་ཀྱིའོ། །དེ་ནས་རིགས་གསུམ་སྤྱིའི་ཕྱག་རྒྱ་གསུམ་བསྟན་ལ། སྙིང་པོ་ཡི་གེ་གསུམ་པ་བཟླའོ། །དེ་ནས་གྲུབ་ན་སྦྱིན་སྲེག་གི་ཆོ་ག་བྱས་ལ། དེ་ནས་ལྷ་ལ་བདུག་སྤོས་ཕུལ་ཏེ་བསྟོད་པ་ནས་སྨོན་ལམ་གདབ་པའི་བར་སྔར་བཞིན་བྱ། བསྟོད་པའི་སྐབས་སུ་འཇིག་རྟེན་པ་གསུམ་གྱིས་བསྟོད་པས་ཁ་བསྐང་། དེ་ནས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱས་ལ་གླེགས་བམ་བཀླག་པར་བྱ་སྟེ། དེས་ནི་དཀྱིལ་འཁོར་སྒྲུབ་མཆོད་ཚར་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་སྒྲུབ་མཆོད་བྱས་ནས་བསྒྲུབ་བྱ་གང་གི་དོན་དུ་བྱ་བ་དེ་ལ་དམིགས་ནས་རིང་བསྲེལ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་ལན་བདུན་ཅུ་རྩ་བདུན་བྱ། རྩ་སྔགས་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ལ། སྔགས་འདོན་པ་དང་ཡི་གེ་འབྲི་མཁན་ཁྲུས་བྱས། གོས་གཙང་མ་གྱོན་ཁ་ཟས་གཙང་མ་ཟོས་ལ་མེ་ཏོག་དང་བདུག་པས་མཆོད། རིན་པོ་ཆེ་ལ་སོགས་པའི་ཡོན་གྱིས་མགུ་བར་བྱ། རྩ་སྔགས་ཚར་བདུན་ཅུ་རྩ་བདུན་བྲིས་ཏེ་སློབ་དཔོན་ཞི་བ་སྙིང་པོས་མཛད་པའི་མཆོད་རྟེན་བསྒྲུབ་པའི་ཆོ་ག་ལས་འབྱུང་བ་བཞིན་སཱཙྪ་བདུན་ཅུ་རྩ་བདུན་བཏབ་ལ་དེའི་ནང་དུ་རྩ་སྔགས་བཅུག་སྟེ། དཀྱིལ་འཁོར་གྱི་ཉེ་འཁོར་དུ་བཞུགས་སུ་གསོལ་ལ། ཞི་བ་སྙིང་པོའི་ཆོ་ག་བཞིན་དུ་རབ་ཏུ་གནས་པར་བྱ། བསྡུ་ན་དེས་ཆོག་ལ། རྒྱས་པར་མཁན་པོ་བོདྡྷི་སཏྭས་མཛད་པའི་དྲི་མེད་ཀྱི་གཟུངས་ཀྱི་ཆོ་ག་འདོན་པ་ཁ་སྤོས་ལ་བྱའོ། །དེ་ནས་བསྒྲུབ་བྱ་གང་ཡིན་དེ་ཁྲུས་བྱས་གོས་གཙང་མ་གྱོན། དཀྱིལ་འཁོར་དུ་འཇུག་པའི་སྒོ་ནུབ་ཕྱོགས་སུ་བཞག་ནས་དེའི་མདུན་དུ་མཆོད་པ་ཚང་བ་དང་། ཁྱད་པར་ལྷ་བཤོས་ཚད་ཀྱི་བཟང་དུ་བྱ་སྟེ། བསང་སྦྱང་བྱིན་བརླབ་བྱས་ལ། མཆོད་པའི་ཚིགས་བཅད་དང་རྩ་སྔགས་ཀྱིས་འབུལ་དུ་གཞུག །གྲ་བཞིའི་བུམ་པ་ལ་རྩ་བའི་སྔགས་བདུན་ཅུ་རྩ་བདུན་དང་། སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས། ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ལས་འོད་ཟེར་འཕྲོས། ངན་སོང་གིས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་དུཿཁ་དང་སྡིག་པ་ཐམས་ཅད་བསལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད། དེ་རྣམས་ཐམས་ཅད་ལས་འོད་ཟེར་བདུད་རྩི་ལྟ་བུ་བྱུང་ནས་བུམ་པ་གང་བར་བསམ་ཞིང་བཟླས་པ་བྱས་ལ། དེས་བསྒྲུབ་བྱ་དེ་ལ་རྩ་སྔགས་བདུན་ཅུ་རྩ་བདུན་བཟླས་ལ་ཁྲུས་བྱ། དེ་ནས་མཁན་པོ་བོ་དྷི་ས་ཏྭས་མཛད་པའི་དྲི་མེད་ཀྱི་ཆོ་ག་ནས་བཤད་པའི། དེ་ནས་ནངས་པར་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་མཆོད་ནས། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་འདེབས་སུ་སྩལ་ཏེ། ཞེས་པ་ནས་དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །ཅེས་པའི་བར་འདོན་པ་ཁ་སྤོས་ལ་བྱ། དེ་ཙམ་མ་འགྲུབ་ན་འདི་ཉིད་ཀྱིས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ནས་སྨོན་ལམ་གདབ་པའི་བར་སྔར་བཞིན་བྱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཆོས་སྐྱོང་བའི་ཚོགས་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། །བདག་ཅག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ནས་འབྱུང་བའི་ཆོ་ག་བཞིན་དེའི་རྩ་བའི་སྔགས་བདུན་ཅུ་རྩ་བདུན་བྲིས་ཏེ་ནང་དུ་བཅུག་པའི་མཆོད་རྟེན་བདུན་ཅུ་རྩ་བདུན་བཏབ་སྟེ་མཆོད་ཅིང་མངའ་གསོལ་བ་ཡང་བགྱིས། དཀྱིལ་འཁོར་བྲིས་ཏེ་འཕགས་པའི་ཚོགས་དམ་པ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་རྣམས་གདན་དྲངས་ནས་མཆོད་པའི་ཚོགས་སྦྱར་བ་རྣམས་ཀྱིས་མཆོད་ཅིང་གསོལ་བ་བཏབ་པ་དང་། གཟུངས་སྔགས་བཟླས་ཤིང་འབྱུང་པོ་རྣམས་གཏོར་མས་ཚིམས་པར་བྱས་པའི་མཐུས། ཆེ་གེ་ལ་སོགས་པ་ལས་དང་ཉོན་མོངས་པས་མནར་ཞིང་། ནད་དང་སྡུག་བསྔལ་གྱིས་གཙེས། དུས་མ་ཡིན་པར་འཆི་བས་ཉེན་ཏེ་སྐྱབས་སུ་སོང་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ནས་སྔོན་གྱི་སྨོན་ལམ་བཟང་པོ་ལས་གླེངས་ཏེ། ཆེ་གེ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དུཿཁ་དང་གནོད་པ་ཐམས་ཅད་བྱང་ཞིང་། ཞི་བ་དང་ཕན་པ་དང་བདེ་བ་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་བར་བྱིན་གྱིས་རློབ་ཅིང་། ཇི་ལྟར་འཚལ་བ་བཞིན་དུ་འགྲུབ་པའི་དངོས་གྲུབ་དམ་པ་སྩལ་བར་ཅི་གནང་། སྔོན་བྲམ་ཟེ་སེར་སྐྱའི་ཟླ་བ་ལ་ཐུགས་བརྩེ་བའི་སྒོ་ནས་དཔལ་གྱི་མགུར་ནས་འདི་སྐད་དུ། གང་ལ་ལ་འདིའི་ཆོ་ག་བྱེད་པར་འདོད་ན། ཚེས་བརྒྱད་དང་། བཅུ་གསུམ་དང་། བཅུ་བཞི་དང་། བཅོ་ལྔ་རྣམས་གང་ཡང་རུང་བ་ལ་མཆོད་རྟེན་རིང་བསྲེལ་ཅན་ལན་བདུན་ཅུ་རྩ་བདུན་བསྐོར་ལ། གསང་སྔགས་འདི་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ཏེ། ཁྲུས་བྱས་ལ། དཀྱིལ་འཁོར་བྱས་ནས་གསང་སྔགས་ཀྱི་ཡི་གེ་བདུན་ཅུ་རྩ་བདུན་བྲིས་ཏེ། དེའི་ཚེ་གསང་སྔགས་འདོན་པ་དང་ཡི་གེ་འབྲི་བ་ཡང་ཁྲུས་བྱས་ལ། གོས་གཙང་མ་གྱོན་ཏེ། ལུས་སྤོས་ཀྱིས་བྱུགས་ནས་ཁ་ཟས་གཙང་མ་ཟོས་ལ། མེ་ཏོག་དང་བདུག་པས་མཆོད་དེ། དེ་ལ་རིན་པོ་ཆེན་སྣ་བདུན་ཡང་ཡོན་དུ་ཕུལ་ལམ། ཡང་ན་བདག་གི་ཉམས་ཀྱིས་ཅི་འབྱོར་བ་ཕུལ་ཡང་རུང་སྟེ་སེམས་མགུ་བར་བྱའོ། །ཆོས་བཙུན་པར་བྱ་བའི་ཕྱིར་བསྟི་སྟངས་དང་རི་མོ་ཆེར་བྱའོ། །གསང་སྔགས་ཀྱི་ཡི་གེ་ལ་ཡང་དཀོན་ཞིང་རིན་པོ་ཆེའི་འདུ་ཤེས་བཞག་སྟེ། མཆོད་རྟེན་ཆེ་ཆུང་ཇི་ཙམ་ནུས་པ་བདུན་ཅུ་རྩ་བདུན་གདབ་པར་བྱ་ཞིང་། དེ་རེ་རེའི་ནང་དུ་གསང་སྔགས་རེ་རེ་བཅུག་སྟེ་སེམས་རྩེ་གཅིག་ཏུ་མཆོད་པ་ཆེན་པོ་བྱས་ནས་ཚེ་ཟད་པ་ལས་ཚེ་སླར་ནུར་ཏེ་ཚེ་རིང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཚེ་རབས་གྲངས་མེད་པའི་སྡིག་པ་ཐམས་ཅད་བྱང་ནས། ནམ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་ཀྱི་སྐྱེ་གནས་ཐམས་ཅད་སྐྱེ་བར་མི་འགྱུར་རོ། །གང་དུ་སྐྱེས་པའི་གནས་ཐམས་ཅད་དུ་ཡང་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་འགྱུར། ཡིད་ལ་བསམ་པ་ཐམས་ཅད་ཀྱང་དེ་བཞིན་དུ་འགྲུབ་པར་འགྱུར། དེ་བཞིན་གཤེགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གང་ལ་ལ་ཞིག་ནད་ཚབས་ཆེན་པོས་བཏབ་སྟེ་འཆི་བའི་དུས་བྱེད་པ་ལ་ཐུག་ན་དཀྱིལ་འཁོར་གྲུ་བཞི་པར་བྱས་ལ། དེའི་སྟེང་དུ་ཚོན་སྣ་ལྔས་རི་མོ་བྲིས་ཏེ། དབུས་ཀྱི་ཆར་ནི་འཁོར་ལོ་དང་། རྡོ་རྗེ་དང་། དུང་དང་། མདུང་རྩེ་གསུམ་པ་དང་། གཡུང་དྲུང་རིས་དང་། པདྨོ་རྣམས་བྲིའོ། །གྲྭ་བཞིར་ཡང་པདྨ་རེ་རེ་བྲིས་ཏེ། དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་རེ་རེ་གྲྭ་བཞིར་བཞག་གོ། །བདུག་སྤོས་ཀྱིས་སྣོད་བཀང་བ་སྤོས་སྣ་ཚོགས་འཐུལ་བ་ཡང་བཞག་གོ། །ཁ་དོག་སྣ་ལྔའི་སྣོད་དུ་ཁ་ཟས་སྣ་ཚོགས་དང་། ཟས་དཀར་གསུམ་དང་། འབྲས་ཆན་དུ་སྦྱར་བ་བཞག །ཡང་དྲིའི་ཆུ་དང་མེ་ཏོག་དང་འབྲས་སམ། འབྲུས་སྣོད་བཀང་བ་ཕོར་བུ་རེ་རེ་བླུགས་པ་དང་། ཡང་ཁ་ཟས་སྣ་ཚོགས་སྦྱར་བའི་གཏོར་མ་སྤོས་ཆུ་བུམ་པ་གང་དང་སྦྱར་ཏེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་གོ། །གཏོར་མ་དེ་དང་འབྲས་ཀྱི་དྲུང་དུ་ཉེ་བར་ཚོགས་ཀྱི་བདག་པོའི་གཟུགས་བྲིས་ལ་དེའི་སྤྱི་བོའི་སྟེང་དུ་མར་མེ་བཞག་གོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ནད་པ་བཞག་ལ་དཀྱིལ་འཁོར་གྱི་ནང་དུ་ཁ་བསྟན་པའི་ནད་པའི་མདུན་དུ་ཡང་མཆོད་པའི་བཤོས་བཞག་སྟེ་འབུལ་དུ་གཞུག་གོ། །དེ་ནས་སྔགས་མཁན་གཙང་སྦྲ་ཆེར་བྱས་ཏེ། ནད་པ་དེ་ལ་གསང་སྔགས་བདུན་ཅུ་རྩ་བདུན་གྱིས་བཏབ་སྟེ་ཆོ་ག་འདི་ལྟར་བྱས་ན། ནད་པ་ཚེ་ཟད་དེ་འཆི་བའི་དུས་བྱེད་དུ་ཉེ་བ་ཞག་བདུན་ནས་དྲན་པ་ཉམས་ཤིང་འཁྲུལ་པར་གྱུར་བ་ཡང་ཚེ་སླར་ནུར་ཞིང་ཚེ་རིང་པོར་འགྱུར་རོ། །རྨི་ལམ་གྱི་དུཿཁ་ཡང་མྱོང་བར་མི་འགྱུར་རོ། །གང་ལ་ལ་ཞིག་གིས་གཙང་སྦྲ་ཆེར་བྱས་ཏེ་ཉིན་གཅིག་བཞིན་རྟག་པར་གསང་སྔགས་ལན་རེ་རེ་ཇི་སྲིད་འཚོའི་བར་དུ་བཏོན་ན་དེ་འཆི་བའི་དུས་བྱས་ནས་ལོངས་སྤྱོད་དང་བདེ་བ་མི་ཟད་པའི་གནས་སུ་སྐྱེ་བར་འགྱུར་རོ། །རྟག་པར་དུས་ཐམས་ཅད་དུ་བཟླས་བརྗོད་བྱས་ན་སངས་རྒྱས་བཞུགས་པའི་ཞིང་དུ་སྐྱེ་བར་འགྱུར་ཞིང་ཚེ་རབས་རྗེས་སུ་དྲན་པར་ཡང་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་དང་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་མི་ཤི་བའི་ཆེད་དུ་ཕན་པར་འདོད་པས་སེམས་ཐག་པ་ནས་གསང་སྔགས་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ན་ཤི་བ་དེ་ངན་སོང་གི་གནས་སུ་ལྷུང་ན་ཡང་དེའི་མོད་ལ་ལས་ཀྱིས་སྒྲིབ་པ་རྣམས་ཟད་ནས་མཐོ་རིས་ཀྱི་ལྷའི་གནས་སུ་སྐྱེ་ཞིང་བདེ་བ་མྱོང་བར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཡི་གེར་བྲིས་པ་གཞན་གྱི་མིང་ནས་སྨོས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ལ་ནན་ཏན་དུ་མཆོད་པ་བྱས་ན་ཤི་བ་གང་ཡིན་པ་དེ་ངན་སོང་གི་གནས་ལས་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ངན་སོང་ལྟུང་བར་མི་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །ཐ་ན་བྱ་དང་རི་དྭགས་ལ་སོགས་ཏེ་གང་དག་ལ་མཆོད་རྟེན་དེའི་གྲིབ་མ་ཕོག་པ་དེ་དག་ཀྱང་། ནམ་ཡང་དུད་འགྲོ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར་རོ། །གང་ལ་ལ་མཚམས་མེད་པ་ལྔའི་སྡིག་པ་ཆེན་པོ་དང་ལྡན་པ་ཡང་མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་མས་ཕོག་ཀྱང་རུང་སྟེ་དེའི་སྡིག་པ་ཐམས་ཅད་འབྱང་ཞིང་ཟད་པར་འགྱུར་རོ། །མཆོད་རྟེན་དེའི་གནས་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་ལ་སོགས་པ་ལུས་ལ་འཇུག་ཅིང་གནོད་པ་དང་། གཅན་གཟན་ཁྲོ་བོ་དང་། ཐོག་འབབ་པ་དང་། སྡིག་སྦྲུལ་ཁ་གདུག་པ་དང་། སྦྱར་དུག་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མི་ཚུགས་ཤིང་མེད་པར་འགྱུར་རོ། །གཞན་ཡང་ཕ་རོལ་གྱི་དམག་ཚོགས་དང་། མཚོན་དང་། མེ་དང་། ཆུ་དང་། སེར་བ་དང་། མུ་གེ་དང་། དུས་མ་ཡིན་པར་འཆི་བ་དང་། རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་དང་། དུཿཁའི་གནོད་པ་ཐམས་ཅད་མེད་པར་འགྱུར་རོ། །ཡུལ་དེར་ལྟས་ངན་ཞིག་བྱུང་ན་ཡང་མཆོད་རྟེན་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འོད་ཟེར་ཆེན་པོ་བྱུང་བས། ལྟས་ངན་དང་། བཀྲ་མི་ཤིས་པ་ཐམས་ཅད་བཟློག་པར་འགྱུར་རོ། །གང་གཞན་ཞིག་བསམ་པ་ངན་པས། དམག་དང་ཆོམ་རྐུན་གྱིས་གནོད་པ་བྱ་བར་སེམས་སམ། དགྲ་རྒོལ་བ་ཞིག་བྱུང་ན་ཡང་གནས་དེར་མཆོད་རྟེན་དེ་ལ་འོད་ཟེར་ཆེན་པོ་འབྱུང་སྟེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མེ་ལྕེ་ཀུན་ཏུ་འབར་བས་བསྐོར་བའི་ནང་ན་དམག་གི་དཔུང་དང་། མཚོན་ཆའི་ཆར་མངོན་པར་བསྟན་པས། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཞི་ཞིང་ཕྱིར་བཟློག་པར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པ་བྱས་ཏེ། ཕྱོགས་བཞིར་དཔག་ཚད་བརྒྱ་ཚུན་ཆད་དུ་མཚམས་བཅད་དེ་བསྲུངས་པས། དེའི་ནང་དུ་འཁྲུག་པ་དང་། ནད་འགོ་བ་དང་། ཕྱུགས་ནད་ཐམས་ཅད་མི་འབྱུང་ངོ་། །འཐབ་ཅིང་རྩོད་པ་མི་འབྱུང་ངོ་། །ཆོས་མ་ཡིན་པར་སྤྱོད་པ་མེད་པར་འགྱུར་རོ། །འདི་ལ་གསང་སྔགས་གཞན་གྱིས་བཅད་པ་དང་མནན་པར་མི་ནུས་ཏེ། གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་འགྲུབ་པར་ཅི་གནང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཇི་ལྟར་བཀའ་སྩལ་པ་བཞིན་དུ་བདེན་པ་མངོན་སུམ་དུ་བསྟན་པར་ཅི་གནང་ཞེས་ལན་གསུམ་དུ་གསོལ་བ་ནན་ཏན་དུ་གདབ་བོ། །དེ་ནས་བསྒྲུབ་བྱ་ལ་ཁྲོ་བོ་མནོལ་བ་མེད་པ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསྲུང་བ་དང་། གོ་ཆའི་སྔགས་ཀྱིས་བསྲུང་བ་དང་། གོ་བསྐོན་པ་བྱས་ལ་བཏང་། དེའི་རྗེས་སུ་མཆོད་པ་གསོ་བའམ་སྤོས་ལ་གཏང་རག་གི་མཆོད་པ་ཕུལ། འགྲུབ་ན་སྦྱིན་སྲེག་བྱས་ལ་བསྟོད་པ་ནས་སྨོན་ལམ་གདབ་པའི་བར་དང་། ཕྱི་རོལ་དུ་ཕྱོགས་ཀྱི་གཏོར་མ་སྔར་བཞིན་བྱ། སྔར་གྱི་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང་ལྷ་རང་རང་གི་སྙིང་པོའི་ཤམ་དུ་གཙྪ་བཏགས་པ་བརྗོད་ཅིང་། མཆོད་ཡོན་སྦྲེང་ནས་སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ། སྔགས་ཀྱིས་སྤྲུལ་པའི་ལྷ་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་བསྡུ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་བསྡུ། ཡི་གེ་ཟླ་བ་ལ་བསྡུ། ཟླ་བ་རྣམ་སྨིན་གྱི་ལུས་ལ་བསྡུས་ནས། ཐོག་མར་དཀྱིལ་འཁོར་གྱི་མཚན་མ་རྣམས་བསྡུ། དེ་ནས་གདན་རྣམས་བསྡུས་ཏེ་རྡུལ་ཚོན་རྣམས་ཕྱགས་ལ་མཆོད་རྫས་དང་དམན་པ་རྣམས་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་ུལ་དོར་བར་བྱ། བཟའ་བཅའ་རྣམས་ཕོངས་པ་རྣམས་ལ་སྦྱིན་ཞིང་ཁྱི་དང་བྱ་རོག་ལ་ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །དེ་ནས་སྔར་བཤད་པ་བཞིན་གྱི་སྔགས་རྒྱས་ར་བ་དང་། དྲྭ་བ་དང་། ཕྱོགས་མཚམས་བཅིངས་པ་རྣམས་བཀྲོལ་ལ། བདག་ཉིད་ལ་གོ་ཆ་བསྐོན་ཏེ་བསྲུང་བར་བྱ། མཇུག་ཏུ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་པར་བྱ་སྟེ་དེ་ནི་འཆི་བ་བསླུ་བའི་ཆོ་གའོ། །མཆོད་རྟེན་གྱིས་སྲོག་ཤིང་འཛུགས་པའི་ཆོ་ག་བྱེད་པར་འདོད་ན་བསྙེན་པའི་སྐབས་སུ་གཞན་སྔར་དང་འདྲ་བ་ལས། བཅོམ་ལྡན་འདས་ཐུབ་པའི་དོད་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གསེར་མདོག་ཐོར་ཚུགས་ཅོད་པན་ཅན། ཕྱག་ན་ཡིད་བཞིན་གྱི་ནོར་བུ་བསྣམས་པ། དེའི་སྔགས་ནི། ན་མོ་བྷ་ག་ཝ་ཏེ། ན་བ་ན་བ་ཊཱི་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲ་ཎཱཾ། ན་མཿསརྦ་ནཱི་ཝ་ར་ཎ་བི་སྐམྦི་ནི་བོདྷི་ས་ཏྭཱ་ཡ། ༀ་ཏུ་རུ་ཏུ་རུ་མ་མ་སརྦ་ཨཱ་བ་ར་ཎ་བི་ཤྭ་དྷ་ནི། སརྦ་ཏ་ཐཱ་ག་ཏ་ཨ་ཡུཪྦ་ལ་ནི། བི་པུ་ལ་ནིརྨ་ལེ། སརྦ་སིདྡྷི་ན་མ་སྐྲྀ་ཏྭཱ། བ་ར་བ་ར། སརྦ་སཏྭཱ་ཨ་ཝ་ལོ་ཀི་ནི། ༀ་སརྦ་ནི་བཱ་ར་ཎ། བིསྐམྦི་ནི། མ་མ་སརྦ་པཱ་པཾ་བི་ཤྭ་དྷ་ནི་ཀུ་རུ་སྭཱ་ཧཱ། ཕྱག་རྒྱ་ནི་ཐལ་མོ་བརྐྱང་པ་སྦྱར་ནས་ཅུང་ཟད་རྩེ་མོ་བསྐུམ་པར་བྱས་པའོ། །བདག་བསྐྱེད་ཀྱིི་སྐབས་སུ་གཙུག་ཏོར་གྱི་ཕྱག་རྒྱ་ནས་གནས་པའི་ཕྱག་རྒྱའི་བར་མི་དགོས། མདུན་དུ་ཡེ་ཤེས་པ་སྤྱན་འདྲེན་པ་ན་ཡང་སྒྲིབ་པ་རྣམ་སེལ་ཉིད་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་བསྟན་པའི་སྔོན་དུ་རང་གི་ཕྱག་རྒྱ་བསྟན་ལ་སྔགས་བཟླ། བཟླས་པའི་སྐབས་སུ་སྔར་གྱི་སྔགས་གཉིས་པོའི་དོད་ལ། རང་གི་སྔགས་གཅིག་པོ་བཟླ། གཞན་སྔར་དང་འདྲ་བ་སྔོན་དུ་བསྙེན་པ་བྱས་ནས། དཀྱིལ་འཁོར་སྔར་ལས་ཁྱད་པར་མ་གསུངས་ཀྱང་མཚན་མ་འགོད་པའི་སྐབས་སུ་བཅོམ་ལྡན་འདས་ཀྱི་གཡོན་དུ་སྒྲིབ་པ་རྣམ་སེལ་གྱི་མཚན་མ་ཡིད་བཞིན་ནོར་བུ་བཀོད་ན་འཐད་པར་མངོན། །དཀྱིལ་འཁོར་གྱི་སྣམ་བུའི་གྲ་བཞིར་བུམ་པ་བཞི་མི་དགོས་པས་དེའི་དོད་དུ་དྲིའི་ཆུས་གང་བའི་དུང་ཆོས་རེ་རེ་བཞག །སྔར་སྣམ་བུའི་ནུབ་ཏུ་འགོད་པ་རྣམས་ལྷོ་རུ་འགོད། ཏིལ་ནག་དང་། མ་ཤ་དང་། འབྲས་བསྲེས་ནས་བཙོས་པའི་ཐུག་པ་ཀྲི་ས་ར་དང་། ཟས་དཀར་གསུམ་རྣམས་བུམ་པའི་ནང་དུ་བླུག་པ་དང་། ཤིང་ཏོག་སྣ་ཚོགས་འབྲས་བུ་དགུ་བཅུ་རྩ་དགུ་རྣམས་ནུབ་ཏུ་དགོད། བྱང་དུ་སྔར་གྱི་སྟེང་དུ་སྤོས་དང་མེ་ཏོག་བསྣན་ལ་དགོད། གཞན་སྔར་དང་འདྲ་བར་ས་ཆོག་ནས་སྒྲུབ་མཆོད་ཀྱི་བར་ཁྱད་མེད་པར་བྱའོ། །དེ་ནས་སྒྲིབ་སེལ་གྱི་གཟུངས་དེ་ཉིད་དགུ་བཅུ་རྩ་དགུ་བྲིས་ཏེ་སྲོག་ཤིང་གི་ཕྱོགས་བཞིར་གཞུག །འོད་ཟེར་དྲི་མེད་ཀྱི་གཟུངས་རིལ་པོ་བྲིས་ནས་སྲོག་ཤིང་གི་ནང་དུ་གཞུག །སྔར་གྱི་སྙིང་པོའི་སྔགས་བྲིས་ནས་སྲོག་ཤིང་གི་རྩ་བར་གཞུག །གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་བྲིས་ལ་སྲོག་ཤིང་གི་རྩེ་མོར་བཅུག་སྟེ་མཆོད་རྟེན་གསར་པའམ་རྙིང་པ་ཞིག་རལ་གསོ་བའི་དབུས་སུ་བཙུགས་ལ། མཆོད་རྟེན་དེའི་ཕྱི་རོལ་གྱི་ཕྱོགས་བཞིར་མཆོད་པ་ཚང་བ་གཏོར་མ་དང་བཅས་པ་བཤམ། དེ་ནས་དཀྱིལ་འཁོར་སྒྲུབ་མཆོད་ཚར་བ་དང་མཆོད་རྟེན་གྱི་ཕྱོགས་བཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་སེམས་བརྒྱད། གནོད་སྦྱིན་གྱི་སྡེ་དཔོན་བརྒྱད། གསང་བའི་བདག་པོ། རྒྱལ་ཆེན་བཞི། ཚངས་པ། དབང་ཕྱུག །ཁྱབ་འཇུག་རྣམས་མངོན་སུམ་དུ་བྱོན་པར་བསྒོམ་སྟེ། དེ་རྣམས་ལ་དམིགས་ནས། ཕྱག་འཚལ་བ་མཁན་པོ་བོདྷི་སཏྭའི་དྲི་མེད་ཀྱི་ཆོ་ག་ནས་འབྱུང་བ་བཞིན། ཕྱོགས་བཞི་ནས་ཕྱག་བྱ་སྟེ། བཅོམ་ལྡན་འདས་མི་འཁྲུགས་པ་ལ་སོགས་པ་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱབས་སུ་འཆིའོ། །དེ་བཞིན་དུ་རིན་པོ་ཆེ་ཏོག་ལ་སོགས་པ་ལྷོ་ཕྱོགས་ཀྱི༴ འོད་དཔག་མེད་ལ་སོགས་པ་ནུབ་ཕྱོགས་ཀྱི༴ རྔ་སྒྲ་ལ་སོགས་པ་བྱང་ཕྱོགས་ཀྱི༴ ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ལ་སོགས་པ་བྱང་ཤར་གྱི༴ པདྨོ་དམ་པའི་དཔལ་ལ་སོགས་པ་ལྷོ་ཤར་གྱི༴ ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ལ་སོགས་པ་ལྷོ་ནུབ་ཀྱི༴ གདུགས་དམ་པ་ལ་སོགས་པ་ནུབ་བྱང་གི༴ རྣམ་པར་སྣང་མཛད་ལ་སོགས་པ་འོག་ཕྱོགས་ཀྱི༴ ཡེ་ཤེས་ཏོག་ལ་སོགས་པ་སྟེ་སྟེང་ཕྱོགས་ཀྱི༴ ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་ཤྭཀྱ་ཐུབ་པ་གདུལ་བྱའི་དབང་གིས་ཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ། སྣ་ཚོགས་ཀྱི་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ལ༴ འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་ལ༴ གནོད་སྦྱིན་གྱི་དབང་པོ་ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད༴ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་བ་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་ལ༴ ཞེས་ཕྱག་བྱས་ལ། མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང་རོལ་མོས་མཆོད། གནོད་སྦྱིན་དང་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་གཏོར་མ་བྱིན་ལ་བསྟོད་པ་ཅི་ཤེས་པས་བསྟོད་དེ། འོག་ནས་འབྱུང་བའི་སྔགས་ཉི་ཤུ་རྩ་བརྒྱད་བརྗོད་ལ་པུས་མོ་བཙུག་ཐལ་མོ་སྦྱར་ནས་བདུག་སྤོས་འཛིན་བཞིན་པས། སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་དང་། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འཁོར་དང་བཅས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་། ཁྱད་པར་དུ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ལས་འབྱུང་བའི་ཆོ་ག་བཞིན་འཕགས་པ་གདན་འཛོམ་པར་མཛད་པའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ་འཕགས་པ་རྣམས་སྤྱན་དྲངས་ནས་མཆོད་ཅིང་གསོལ་བ་བཏབ་པ་དང་། མཆོད་རྟེན་གྱི་སྲོག་ཤིང་བཙུག་པའི་དགེ་བའི་རྩ་བ་འདིས། འཕགས་པ་ཐམས་ཅད་ཀྱིས་མཆོད་རྟེན་འདི་ཆོས་ཀྱི་སྐུ་རུ་བྱིན་གྱིས་བརླབས་ཏེ། རིང་བསྲེལ་དང་ལྡན་པར་མཛད་ནས། མཆོད་རྟེན་ལ་མཆོད་པ་དང་རིམ་གྲོ་བྱེད་ཅིང་སྲོག་ཤིང་བརྟན་པར་མཛད་དུ་གསོལ། ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས། ཚེ་རིང་ཞིང་ནད་མེད་པ་དང་། བར་ཆད་ཀྱི་བགེགས་ཐམས་ཅད་དང་བྲལ་བ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྔོན་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ལ་ལ་ཞིག་གིས་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཐོབ་ཅིང་། ཡོན་ཏན་ཐོབ་པར་འདོད་པས་གསང་སྔགས་ཀྱི་རྒྱལ་པོའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱ་སྟེ། དགུ་བཅུ་རྩ་དགུ་ཡི་གེར་བྲིས་ལ། སངས་རྒྱས་ཀྱི་མཆོད་རྟེན་གྱི་མདུན་དུ་དཀྱིལ་འཁོར་གྲུ་བཞིར་བྱས་ལ་བའི་ལྕི་བས་བྱུགས་ཏེ། གྲ་བཞིར་དྲིའི་ཆུ་ཕོར་པུ་བཀང་བ་རེ་རེ་བཞག །བདུག་སྤོས་ཀྱི་སྣོད་དུ་བ་འཐུལ་བ་ཡང་བཞག་ནས། སྣོད་ཆེན་པོའི་ནང་དུ་མེ་ཏོག་དང་། དྲིའི་ཆུ་དང་། འབྲས་སྐམ་པོ་རྣམས་བླུགས་ཏེ། འདི་རྣམས་བུམ་པའི་ནང་དུ་བླུགས་པ་དང་། ཡང་ཤིང་ཏོག་སྣ་ཚོགས་འབྲས་བུ་དགུ་བཅུ་རྩ་དགུ་དང་། ཁ་ཟས་མིང་གིས་སྨོས་པ་འདི་རྣམས་དང་། སྤོས་དང་མེ་ཏོག་ལ་སོགས་པ་དཀྱིལ་འཁོར་གྱི་སྟེང་དུ་བཀྲམ་ལ། གསང་སྔགས་ཀྱི་ཡི་གེ་མཆོད་རྟེན་གྱི་སྲོག་ཤིང་གི་ནང་དུ་བཅུག་ནས་མཆོད་རྟེན་གྱི་ཕྱོགས་བཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་དམིགས་ཏེ་ཕྱག་བྱས་ལ་སེམས་རྩེ་གཅིག་པས་གསང་སྔགས་འདི་དག་གདོན་པར་བྱའོ། །འདི་ལྟ་སྟེ། ༀ་བི་པུ་ལ། བི་མ་ལེ། པྲ་བ་རེ་ཛི་ན་པ་རེ། ས་ར་ས་ར། སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་གརྦྷེ། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨ་ཡ་ཏ་ཏོ་བ་ནི་སྭཱ་ཧཱ། སརྦ་དེ་བ་ཎི་བ་ཧ་ཡ་བི་བུདྡྷ་ཨ་དྷིཥྛ་ན་ས་མ་ཡེ་སྭཱ་ཧཱ། བདུག་སྤོས་འཐུལ་བ་རྒྱུན་མི་ཆད་པར་བྱ་ཞིང་། གསང་སྔགས་ལན་ཉི་ཤུ་རྩ་བརྒྱད་བཏོན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། གསང་བའི་བདག་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་རྣམས་དེའི་མོད་ལ་མཆོད་རྟེན་དེ་ལ་མཆོད་པ་དང་། རིམ་གྲོ་བྱེད་དེ་སྲོག་ཤིང་བརྟན་པར་བྱེད་དོ། །དེ་བས་གོང་དུ་ཡང་སངས་རྒྱས་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་དགུ་དང་། གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གནས་དེར་གཤེགས་ཏེ། མཆོད་རྟེན་དེ་ལ་མཆོད་པ་དང་། །ཆོས་ཀྱི་སྐུར་བྱིན་གྱིས་རློབ་ཅིང་རིང་བསྲེལ་དང་ལྡན་པར་མཛད་དོ། །དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན་ཡོན་ཏན་དེ་དག་དང་། གཞན་ཡང་མཆོད་རྟེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོབ་པར་འགྱུར་ཏེ། རིན་པོ་ཆེའི་རྣམ་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་ལུས་རྣམ་པར་དག་པ་ཚེ་རིང་ཞིང་ནད་མེད་པ་དང་། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གང་གཞན་ལ་ལ་ཞིག་གིས་མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ན་ཡང་ལས་ཀྱི་སྒྲིབ་པ་དང་སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་ཞིག་གིས་མཆོད་རྟེན་དེའི་མིང་ཙམ་ཐོས་པ་ཡང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར། ཐ་ན་བྱ་དང་རི་དྭགས་ལ་སོགས་པའི་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ། བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །ཞེས་བཀའ་སྩལ་བའི་ཕན་ཡོན་ཐམས་ཅད་ཆེ་གེ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་འགྲུབ་པར་ཅི་གནང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཇི་ལྟར་བཀའ་སྩལ་པ་བཞིན་དུ་བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། ཞེས་ལན་གསུམ་གསོལ་བ་ནན་ཏན་དུ་གདབ་བོ། །དེ་བཞིན་དུ་མཆོད་རྟེན་གྱི་ཕྱོགས་བཞི་ཀ་ནས་ཚར་རེ་རེ་བྱས་ལ། འཇུག་ཏུ་བཀྲ་ཤིས་དང་སྨོན་ལམ་རྒྱས་པར་གདབ་བོ། །དཀྱིལ་འཁོར་གྱི་འཇུག་གི་བྱ་བ་རྣམས་སྔ་མ་ལྟར་བྱ་སྟེ། སྲོག་ཤིང་འཛུགས་པའི་ཆོ་གའོ། །ཡང་ཚོགས་རྫོགས་ཤིང་སྡིག་པ་དག་པར་འདོད་པས་བསྙེན་གནས་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་བར་བསྟན་མ་ཐག་པ་དང་འདྲ་བར་བྱས་ལ། སྔར་གྱི་སྲོག་ཤིང་གི་སྔགས་དང་། སྙིང་པོའི་སྔགས་དང་། སྒྲིབ་པ་རྣམ་སེལ་གྱི་གཟུངས་དང་། སྲོག་ཤིང་བརྟན་པར་བྱེད་པའི་གཟུངས་བཞི་པོ་རེ་རེ་བཞིན་དགུ་བཅུ་རྩ་དགུ་བྲིས་ལ། དེ་ནང་དུ་བཅུག་པའི་སཱཙྪ་དགུ་བཅུ་རྩ་དགུ་བྱས་ཏེ། འོག་ནས་འཆད་པའི་ན་མོ་ན་བ་ན་བ་ཏཱི་ནཱཾ་ལ་སོགས་པའི་སྔགས་བྲིས་ལ། མཆོད་རྟེན་གྱི་འཕང་ལོའི་ནང་དུ་གཞུག །དཀྱིལ་འཁོར་གྱི་སྣམ་བུའི་སྟེང་ནས་མར་བཞུགས་སུ་གསོལ། དཀྱིལ་འཁོར་དུ་ཤོང་བ་མེད་ན་དཀྱིལ་འཁོར་གྱི་མཐའ་བསྐོར་དུ་པདྨའི་གདན་བྱས་ལ་བཞུགས་སུ་གསོལ། ཞི་བ་སྙིང་པོའི་གཞུང་ངམ་མཁན་པོ་བོ་དྷི་ས་ཏྭའི་གཞུང་བཞིན་དུ་མཆོད་རྟེན་གྱི་མངའ་གསོལ་བ་དང་མཆོད་པ་རྒྱ་ཆེར་བྱ། བསྐོར་བ་ལན་བདུན་བྱ་ཞིང་། འོག་ནས་འབྱུང་བའི་སྔགས་ན་མོ་ན་བ་ལ་སོགས་བརྒྱ་རྩའམ་དགུ་བཅུ་རྩ་དགུ་བཏོན་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཆོས་སྐྱོང་བའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པ་འོད་ཀྱི་གཟུངས་ནས་འབྱུང་བའི་ཆོ་ག་བཞིན། འཕགས་པ་རྣམས་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་བཞེངས་ཏེ་འཕགས་པ་རྣམས་སྤྱན་དྲངས་ནས་མཆོད་ཅིང་བསྟོད་ནས་བཟླས་བརྗོད་བགྱིས་པ་དང་། གསང་སྔགས་བཞི་པོ་རེ་རེ་བཞིན་ནང་དུ་བཅུག་པའི་མཆོད་རྟེན་དགུ་བཅུ་རྩ་དགུ་བགྱིས་ཏེ། གསང་སྔགས་ཡི་གེར་བྲིས་ནས་མཆོད་རྟེན་གྱི་འཕང་ལོར་བཅུག་པའི་མཆོད་རྟེན་བགྱིས་ཏེ་མཆོད་ཅིང་བསྟོད་ནས་བསྐོར་བ་བྱས་ཤིང་གཟུངས་བཟླས་པའི་མཐུས། ཆེ་གེ་ལ་སོགས་པའི་སེམས་ཅད་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་། གནོད་པ་དང་སྡུག་བསྔལ་ཐམས་ཅད་ཞི་ནས་ཕན་བདེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་དངོས་གྲུབ་སྩོལ་བར་ཅི་གནང་། སྔོན་གསང་བའི་བདག་པོ་ལ་དཔལ་གྱི་མགུར་ནས་འདི་སྐད་དུ། གང་ལ་ལ་ཞིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱོད་པར་འདོད་པ་དེས་སྔ་མ་བཞིན་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། ས་དང་ལྕི་བས་བྱུགས་ལ་དེའི་སྟེང་དུ་སྤོས་ཀྱི་རྐྱང་ནུལ་གྱིས་བྱུགས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་དྲིའི་ཆུས་བཀང་བའི་སྣོད་རེ་རེ་བཞག་ལ། སྔར་བསྟན་པའི་གསང་སྔགས་བཞི་པོ་དག་ལས་རྣམ་པ་གཅིག་ཀྱང་དགུ་བཅུ་རྩ་དགུ་བྲིས་ཏེ། རང་གི་ལག་གིས་མཆོད་རྟེན་ཆུང་ངུ་དགུ་བཅུ་རྩ་དགུ་གདབ་ཅིང་གསང་སྔགས་རྣམས་ཀྱང་རེ་རེ་དེའི་ནང་དུ་གཞུག་གོ། །དེ་ནས་ཡང་གསང་སྔགས་འདི་དགུ་བཅུ་རྩ་དགུ་ཡི་གེར་བྲིས་ཏེ་མཆོད་རྟེན་གྱི་འཕང་ལོ་རྣམས་ཀྱི་ནང་དུ་བཅུག་ལ། མཆོད་རྟེན་རྣམས་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། མེ་ཏོག་དང་བྱུགས་པས་མཆོད་ལ། ལན་བདུན་བདུན་བསྐོར་ཞིང་གསང་སྔགས་འདི་ཡང་གདོན་པར་བྱའོ། །ན་མོ་ན་བ་ན་བ་ཏཱི་ནཱཾ། ཏ་ཐཱ་ག་ཏ་གངྒཱ་ནཾ་དི། བ་ལུ་ཀ་ནཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱཾ། ༀ་བོ་བོ་རི། ཙ་རི་ཎི་ཙ་རི། མོ་རི་གོ་རི་ཙ་ལ་བཱ་རི་སྭཱ་ཧཱ། ཆོ་ག་འདི་ལྟར་སྤྱད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱད་པར་ཡང་མ་ཟད་དེ། དེས་ནི་རིན་པོ་ཆེའི་མཆོད་རྟེན་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱས་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བྱས་པར་འགྱུར་རོ། །དེའི་གོང་དུ་ཡང་ལྷ་ཐམས་ཅད་ཀྱིས་མཆོད་པའི་སྤྲིན་སྣ་ཚོགས་བསྡུས་ཏེ། མཆོད་རྟེན་དེ་ལ་ཡོ་བྱད་སྣ་ཚོགས་སྦྱར་ནས། དེ་བཞིན་གཤེགས་པའི་ཕོ་བྲང་དང་། ཡོ་བྱད་སྣ་ཚོགས་སྦྱར་ནས་མཆོད་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྙེད་ཀྱིས་མཁྱེན་ཅིང་གཟིགས་ཏེ་བྱིན་གྱིས་རློབ་པར་མཛད་དོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་རྒྱ་ཆེན་པོའི་བསོད་ནམས་དང་། ཡོན་ཏན་ཐམས་ཅད་ཐོབ་པར་མཛད་དོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཀྱི་རྒྱལ་པོ་འདིའི་སྙིང་པོ་མ་ནོར་བར་ཡི་གེར་བྲིས་ལ་རྟག་ཏུ་བཏོན་ཏེ་མཆོད་པའི་ལས་བྱས་ལ་ལུས་ལ་ཐོགས་ན་རིག་པ་དེ་ཉིད་ཀྱིས་བསྲུང་བ་དང་བསྐྱབ་པ་མཛད་དེ། ཕས་ཀྱི་རྒོལ་བའི་དགྲ་ཐམས་ཅད་དང་། ཤར་གཉེར་བ་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་གནོད་པ་བྱེད་པར་མི་འགྱུར་ཏེ། འཇིགས་ཤིང་སྐྲག་ནས་སོ་སོར་འབྱེར་བར་འགྱུར་རོ། །གང་ལ་ལ་ཞིག་གིས་རིག་པ་འདོན་པ་དེ་དང་གཏམ་བྱས་པ་ཡང་། མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འབྱང་བར་འགྱུར་རོ། །གང་ལ་ལ་ཞིག་གིས་སྔགས་དེའི་སྒྲ་ཐོས་སམ། གྲིབ་མས་ཕོག་གམ། ལུས་ལ་རེག་ཀྱང་རུང་སྟེ། དེའི་ཚེ་རབས་གཞན་གྱི་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་རོ། །གང་རིག་པ་འདོན་པ་དེའི་ལུས་ལ་དུག་གིས་མི་ཚུགས། མེས་མི་ཚུགས། ཆུས་ཁྱེར་བར་མི་འགྱུར། གདོན་ཐམས་ཅད་ཀྱིས་ཀྱང་གླགས་མི་རྙེད། ཐོག་འབབ་པར་མི་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་བསྲུང་བ་དང་། བསྐྱབ་པ་མཛད་ཅིང་། སྤྱན་རས་ཀྱིས་འཚོ་བར་མཛད་དོ། །ལྷ་ཐམས་ཅད་དང་། དམ་ཚིག་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལ་སྡོང་གྲོགས་བྱེད་པར་འགྱུར་ཏེ། གཞན་གྱི་རིག་སྔགས་དང་། བྱད་དང་། སྦྱོར་བ་ངན་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ལྟ་བས་ན་རིག་པ་འདོན་པ་གནས་གང་ན་འདུག་ཀྱང་། གསང་སྔགས་འདིའི་ཆོ་ག་དོན་དུ་གཉེར་བར་བྱ་སྟེ། གསང་སྔགས་ཡི་གེར་བྲིས་ལ་ལམ་གྱི་གཞི་མདོའམ། སུམ་མདོ། སྐྱེ་བོ་མང་པོ་ཕན་ཚུན་འགྲོ་བའི་གནས་སུ་མཆོད་རྟེན་བྱས་ལ། དེའི་ནང་དུ་བཅུག་ན་འགྲོ་བ་ཐམས་ཅད་དང་། བྱ་དང་། སྦྲང་མ་དང་། ཐ་ན་གྲོག་སྦུར་ཡན་ཆད་ཀྱིས་མཐོང་བ་དང་། ཐོས་པ་དང་། རེག་པ་དང་། དེ་ལ་ཕོག་པའི་ས་དང་། རྡུལ་དང་། རླུང་དང་། གྲིབ་མས་ཕོག་ན་ཡང་བྱོལ་སོང་དང་། ཡི་དྭགས་དང་། ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་སྡིག་པ་ཐམས་ཅད་དང་བྲལ་ཞིང་། འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་ནས་ཚེ་རབས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ཞིང་། ཕྱིར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་རོ། །ཞེས་བཀའ་སྩལ་བའི་ཕན་ཡོན་ཐམས་ཅད་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་ཕྲལ་དུ་འགྲུབ་པར་ཅི་གནང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པའི་ཚད་མར་གྱུར་པས། ཇི་ལྟར་བཀའ་སྩལ་པ་བཞིན་དུ། བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། ཞེས་ལན་གསུམ་གསོལ་བ་ནན་ཏན་དུ་གདབ་བོ། །དེ་ནས་དཀྱིལ་འཁོར་གྱི་མཇུག་གི་ཆོ་ག་ཐམས་ཅད་སྔ་མ་དང་འདྲ་བ་ཡིན་ཏེ། ཚོགས་བསགས་པའི་ཆོ་གའོ། །བྱ་རྒྱུད་རིན་ཆེན་འབྱུང་གནས་ལས། །འོད་ཟེར་དྲི་མེད་ནོར་བུ་བླངས། །སྤྱི་རྒྱུད་བཞི་ཡིས་བྱི་དོར་བྱས། །ལེགས་བཤད་རྒྱལ་མཚན་རྩེར་མཆོད་པའི། །དགེ་བས་འགྲོ་བ་མ་ལུས་པ། །རྣམ་གྲོལ་རིན་ཆེན་གླིང་གི་བདག །ཡོན་ཏན་རོ་འཛིན་ཉི་སྟོང་ལྡན། །ཀུན་མཁྱེན་གདེངས་ཅན་གྲུབ་གྱུར་ཅིག །འདི་ལ་ནོངས་པའི་ཚོགས་མཆིས་ན། །བླ་མ་རྣམས་དང་ལྷག་པའི་ལྷ། །བྱ་བའི་རྒྱུད་ལ་མཁས་རྣམས་ཀྱིས། །བཟོད་པའི་མེ་ཡིས་གཞོམ་དུ་གསོལ། །འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ལས་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ་ལས་སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པའི་བྱ་བ་སྤྱིའི་སྒྲུབ་ཐབས་སུ་བསྡུས་པ་དང་། བྱ་བ་སྤྱིའི་རྒྱུད་རྣམ་པ་བཞི་ནས་ཁ་བསྐང་ཞིང་། མ་ཚང་བ་དག་འཇམ་དཔལ་རྩ་རྒྱུད་དང་། དོན་ཞགས་ཆོ་ག་ཞི བ་མོ་དང་། ཕྱག་རྡོར་རིག་པ་མཆོག་གི་རྒྱུད་ལ་སོགས་པ་བྱ་བའི་རྒྱུད་སྡེ་ཆེ་བ་རྣམས་ནས་ཅུང་ཟད་ཁ་བསྐང་སྟེ། དཀྱིལ་འཁོར་གྱི་ཆོ་ག་ཉུང་བསྡུས་སུ་བསྡེབས་པ་འདི ། ལུང་དང་། རིགས་པ་དང་། མན་ངག་གི་ཡོན་ཏན་དུ་མས་ཕྱུག་པར་གྱུར་པ་བླ་མ་ཆོས་རྗེ་ཁྲོ་ཕུ་ལོ་ཙཱ་བའི་དབོན་མཁན་པོ་བསོད་ནམས་སེངྒེ་དང་། རྒྱུད་སྡེ་རིན་པོ་ཆེ་དུ་མས་རྒྱུད་ཕྱུག་ཅིང་། ཁྱད་པར་དུས་ཀྱི་འཁོར་ལོའི་ཕྱི་ནང་གསང་གསུམ་ལ་མི་འཇིགས་པའི་སྤོབས་པ་ཅན་དགེ་བའི་བཤེས་གཉེན་ཡར་ལུང་པ་ནམ་མཁའ་བློ་གྲོས་གཉིས་ཀྱིས་ཆོ་ག་འདི་སྔར་མ་དར་བས་ལག་ཏུ་བླང་དཀའ་བར་འདུག་པས་ཡིག་ཆ་ཞིག་ཅིས་ཀྱང་གྱིས། ངེད་ཀྱིས་སྦྱིན་བདག་དད་པ་ཅན་རྣམས་ལ་བསྐུལ་མ་བྱས་ལ་མཆོད་རྟེན་བཞེང་དུ་གཞུག་གོ། །ཞེས་ཁས་བླངས་པའི་ངོར། དགེ་སློང་རིན་ཆེན་གྲུབ་ཀྱིས་ཀུན་ལྡན་གྱི་ལོ། གྲོ་ཞུན་ཅན་གྱི་ཟླ་བའི་ཉི་ཤུ་བརྒྱད་ལ་སྦྱར་བའི་ཡི་གེ་པ་ནི་དེ་ཉིད་ལ་ཉེ་བར་གནས་པའི་དགེ་སློང་བསོད་ནམས་གྲུབ་བོ། །འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག། །།
འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ལྷན་ཐབས་དབང་ཆོག་དང་བཅས་པ་མུན་སེལ་ཉིན་བྱེད་སྣང་བ། བྱང་གླིང་པ་བསོད་མཆོག
འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ལྷན་ཐབས་དབང་ཆོག་དང་བཅས་པ་མུན་སེལ་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ། །འཕགས་པ་འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོས་མཛད་པའི་ལྷན་ཐབས་དབང་ཆོག་དང་བཅས་པ་མུན་སེལ་ཉིན་བྱེད་སྣང་བ་ཞེས་བྱ་བ། བླ་མ་དང་སྟོན་མཆོག་ཐུགས་རྗེའི་དབང་ཕྱུག་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གསང་བ་སྤྱི་རྒྱུད་ལས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ། །གང་ཞིག་ལེགས་པར་དབང་བསྐུར་པ། །དེ་ནི་རིགས་རྣམས་གསུམ་ཅར་གྱི། །དཀྱིལ་འཁོར་ལ་སོགས་སློབ་དཔོན་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རིགས་གཉིས་དཀྱིལ་འཁོར་གྱི། །སློབ་དཔོན་དུ་ནི་དབང་བསྐུར་འགྱུར། །ཕྱག་ན་རྡོ་རྗེའི་གཟི་བྱིན་གྱི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རྡོ་རྗེ་རིགས་གཅིག་གི། །དཀྱིལ་འཁོར་གྱི་ནི་སློབ་དཔོན་འགྱུར། །ཞེས་པ་བཞིན་དབང་ཐོབ་ལ་མ་ཉམས་པ། བསྙེན་པ་སྔོན་དུ་སོང་བས། མཉུག་མར་གནས་པའི་སར་དཀྱིལ་འཁོར་འབྲི་བའི་དབང་དུ་བྱས། ཕྱག་རྒྱ་འཆིང་ཚུལ། འཆིང་མཚམས། ཕྱག་ལེན་ཞིབ་ཆ་སོགས་དཀྱིལ་ཆོག་ཏུ་གསལ་བ་རྣམས་དེ་ཉིད་ལས་ངེས་པར་བྱ་ཞིང་། ཚིག་དོན་རྣམས་དང་ཐོག་མཐའ་བར་གྱི་ཆོ་གའི་ཆིངས་མི་གསལ་བ་རྣམས་གསལ་བར་ཕྱེ་ནས། དཀྱིལ་ཆོག་གི་དགོངས་དོན་བཞིན་བཤད་པར་བྱ་སྟེ། གནས་ཁང་བྱི་དོར་བྱས་དཀོན་མཆོག་གི་རྟེན་གསུམ་མཆོད་པས་བརྒྱན་པ། སློབ་དཔོན་གྱི་མདུན་དུ་མཛེས་པའི་སྟེགས་བུར། སློབ་དཔོན་གྱི་གཡོན་ནས་འགོ་བརྩམས་མཆོད་པ་བཞི། དེའི་ནང་དུ་གཡོན་ནས་རིམ་བཞིན། བསང་ཆུ་འཐོར་ཡབ་དང་བཅས་པ། རྡོར་དྲིལ་དང་། སྤོས། བ་བྱུང་། དྲི་བཟང་སོགས་ཀྱང་ཇི་ལྟར་འོས་པ་བཀོད། སྒྲུབ་གྲོགས་རྣམས་ཀྱི་མདུན་དུའང་རྡོར་དྲིལ། རྔ་སིལ། དཀར་དུང་སོགས་འོག་ཏུ་དགོས་པའི་ཡོ་བྱད་མ་ཚང་བ་མེད་པ་བཀོད་ལེགས་མཐོང་བས་ཡིད་འཕྲོག་པར་བཤམ། ཐོག་མར་ས་ཆོག་གི་བདག་དང་གནས་བསྲུང་ནི། དཀྱིལ་ཆོག་གི་ཐོག་མ་བསྙེན་པའི་སྐབས་ནས་བླངས་ཏེ། ༀ་བཛྲ་ཀྲོདྷ་མ་ཧཱ་བ་ལ་ནས། ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། བདག་ཉིད་བསྲུང་བར་གྱུར། རང་གི་སྙིང་གར་ཟླ་བ་ལ་རྣམ་སྣང་གི་ས་བོན་མ། འདིར་འོད་དཔག་མེད་ཆད་དཔེ་དཔང་མ་རྙེད་ཅེས་དཀྱིལ་ཆོག་གི་མཆན་བུར་འབྱུང་བ་ཕྱིས་བརྙེད་ནས་བསམས་པ་ནི། མགྲིན་པར་འོད་དཔག་མེད་ཀྱི་ས་བོན་མཾ། མགོ་བོར་ནས། ཕྲེང་བས་འཁྲིགས་པར་གྱུར། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རང་བཞིན་གྱི་དག་པར་གྱུར། ༀ་ནི་ཁ་ནས། སྭཱ་ཧཱ། ན་མོ་རཏྣ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ། སྲུང་བ་བྱས་པར་གྱུར། འོག་ཏུ་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཞེས་པར། སྔགས་འདི་ཡིན། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱ་ཞེས་པ། སྔགས་འདི་བརྗོད་ཅིང་ཕྱག་རྒྱའང་འཆ ིང་ངོ་། །ༀ་ཧ་ན་ནས། ཧཱུྃ་ཕཊ། ལུས་ཀྱི་བགེགས་བསལ་བར་གྱུར། ༀ་བཛྲ་ཨགྣེ་ནས། ཏ་ཡེ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ནས། ཧཱུྃ་ཕཊ། མགོ་བོ་དང་། ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ན་མོ་བཛྲ་ཡ་ཧཱུྃ་ཧ་ན་ནས། ཨུཏྤ་ད་ཕཊ། ཆུའི་བགེགས་བསལ་བར་གྱུར། ན་མོ་རཏྣ་ནས། བཛྲ་ཎ་ཧ། ༀ་ཀཱི་ལི་ནས། བཛྲ་ཧཱུྃ་ཕཊ། ས་ལ་བསང་གཏོར་བྱས་པར་གྱུར། འོག་ཏུ་ཀཱི་ལི་ཀཱི་ལིའི་སྔགས་རྒྱ་ཞེས་པ་འདིའོ། །ༀ་ནས། ཧཱུྃ། བདུན། ཁྲུས་བྱས། ༀ་ཤྲུ་ཏི་ནས། ཧཱུྃ་ཧ། ཉེ་རེག་བྱ། ༀ་སརྦ་ནས། ཧཱུྃ་ཕཊ། གཙུག་ཕུད་བཅིངས་ལ། སྲུང་བ་བྱས་པར་གྱུར། ༀ་བྷུ་ར་ནས། ཧཱུྃ་ཕཊ། ན་མོ་རཏྣ་ནས། ཨནྟ་ཀ་ར་ཡ་སྭཱ་ཧཱ། ཆུ་དཀྲུགས་པར་གྱུར། ༀ་ཏ་རེ་ནས། སྭཱ་ཧཱ། ཆུ་ཁྱོར་བ་གསུམ་དཀོན་མཆོག་གསུམ་ལ་དབུལ་བར་གྱུར། ༀ་ནས། ཏེ་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླ་ཞིང་གཅི་བས་ཁྲུས་བྱ། དོན་ཞགས་ཡིད་ཆེས་ཁུངས་བཙུན་ལས། སྐབས་འགའ་ཞིག་ཏུ་བ་བྱུང་ལྔས་ཉེ་རེག་བྱ་སྟེ་ཞེས་པ་ཆུ་གཙང་དང་བ་བྱུང་ལྔ་སྦྱར་བས་བྱེད་པ་ཁྱད་པར་རོ། །དེ་བཞིན་དུ་བ་གཅིས་ཉེ་རེག་བྱས་ཏེ་ཞེས་པ་དང་། དྲིའི་ཆུས་ཉེ་རེག་བྱས་ཏེ་ཞེས་འབྱུང་བའང་ཆུ་ལ་བ་གཅི་བཏབ་པ་དང་། དྲི་བཏབ་པས་བྱ་སྟེ་བྱེད་ཚུལ་ནི་འདྲའོ། །ཞེས་གསུངས། བདུད་རྩི་ཐབས་སྦྱོར་གྱི་སྔགས་དེ་ཉིད་བཟླ་ཞིང་། ཆུ་སྙིམ་པ་གསུམ་གྱིས་བདག་ཉིད་ལ་དབང་བསྐུར་བར་གྱུར། རང་གི་ལྷ་ཉིད་ནས། བཞུགས་སུ་གསོལ། ༀ་སརྦ་ནས། ཨ་མྲྀ་ཏེ་སྭཱ་ཧཱ། སྐུ་ཁྲུས་གསོལ་བར་གྱུར། ན་མཿསཔྟ་ནཱཾ། ནས། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་པ་བར་རྩ་སྔགས་འོག་གི་བསྙེན་པའི་བཟླས་པའི་སྐབས་བཞིན་ཉེར་གཅིག །ལྷའི་ཁང་པའི་དྲུང་དུ་ཕྱིན་པར་གྱུར། ཉེ་རེག་བྱ། ལྷ་ཁང་དུ་ཞུགས་ལ། ལྷ་རྣམས་ནས། མཐོང་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ནས། བཛྲ་བྷདྡྷ་ནཾ་ཀ་རོ་མི། ཞེས་པའི་བར་དཀྱིལ་ཆོག་གི་དབུར་རིགས་གསུམ་གྱི་ཕྱག་རྒྱ་བཅིང་བའི་མཇུག་ན་ཡོད་པ་བཞིན་ཕྱག་བྱ། འདི་རྣམས་སྐྱེ་བོ་འདུ་བ་དང་། ཡ་ང་བ་མེད་པའི་འཇུག་ངོགས་སུ་དངོས་སུ་སོང་ནས་བྱ་བ་འགྲུབ་ན་རབ། མ་འབྱོར་ན་སྒྲུབ་ཁང་གི་ཕྱི་རོལ་དུ་ཆོ་ག་བྱེད་ཅིང་ཡན་ལག་ལྔ་ཁྲུས་བྱས་ནས་ནང་དུ་འཇུག་པའི་ཆ ོ་གས་འཇུག །དེ་ཡང་མ་གྲུབ་ན་ཡིད་ཆེས་ཁུངས་བཙུན་ལས། རྒན་པོ་དང་ཁམས་ངན་པའི་དྲི་ཆབ་ཀྱིས་བུམ་པ་བྱིན་གྱིས་བརླབས་པའི་ཆུར་ཁྲུས་ཀྱི་སྔགས་ཉེར་གཅིག་བརྗོད་ནས་གདོང་དང་རྐང་ལག་བཀྲུ་བ་ཙམ་ལའང་བསྡུར་རུང་ངོ་ཞེས་གསུངས་སོ། །ༀ་བི་ར་ཛ་ནས། ཨ་ཀྲོ་ཏཾ་སྭཱ་ཧཱ། ༀ་ཏྲཾ་ནས། སྭཱ་ཧཱ། འདི་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཐམས་ཅད་པ་ཡིན་པས་དེ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་བདུན་གྱིས་མདུན་གྱི་སྤོས་ཆུ་བྱིན་གྱིས་བརླབས། བདུད་རྩི་ཐབས་སྦྱོར་ནི་རིགས་གསུམ་ཀའི་ལས་སྔགས་ཡིན་ཏེ་སྤྱི་རྒྱུད་ལས། ལས་རྣམས་ཀུན་ལ་རབ་ཏུ་དྲག །ཁྲོ་བོ་བདུད་རྩི་ཐབས་སྦྱོར་ནི། །རིག་སྔགས་གསུམ་དག་སྤྱི་ལ་ཡང་། །བགེགས་རྣམས་ཐམས་ཅད་གཞོམ་པའི་ཕྱིར། །གསང་བ་པ་ཡི་བདག་པོས་བཤད། །ཅེས་བཤད་པས་སྔགས་དེ་གཉིས་བཟླ་བཞིན་སྤོས་ཆུ་འཐོར་ཡབ་ཀྱིས་བདག་ལ་གཏོར་ནས་བདག་ཉིད་ཀྱི་བགེགས་བསལ་བར་གྱུར། ༀ་ཏྲཾ་བྷནྡྷ་སྭཱ་ཧཱ། བདུད་རྩི་ཐབས་སྦྱོར་གྱི་སྔགས། ན་མོ་རཏྣ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཛི་ན་ཛིཀ྄ །འདི་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོ་ཡིན། སྤྱིར། ཛི་ན་ཛིཀ྄ །དེ་བཞིན་གཤེགས་པའི། ཨ་རོ་ལིཀ །པདྨའི། བཛྲ་དྷྲིཀ྄། རྡོ་རྗེའི་རིགས་ཀྱི་སྙིང་པོ་ཡིན་ནོ། །ལྷ་རྫས་ལས་གྲུབ་པའི་མཆོད་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། སོ་སོའི་རིག་པས་བྱིན་གྱིས་བརླབས་པའི་དྲི་ཆབ། མེ་ཏོག །བདུག་སྤོས། མར་མེ་ལ་སོགས་པ་མཆོད་རྫས་ཀྱི་བྱེ་བྲག་ཇི་སྙེད་ཡོད་པ་ཐམས་ཅད་རང་བཞིན་སྟོང་པ། རྣམ་པ་མཆོད་ཡོན་ལ་སོགས་པའི་མཆོད་རྫས་སོ་སོར་སྣང་བ། ངོ་བོ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ། བླ་མ་དང་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ༀ་སརྦ་བིཏྤཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱའི་མཐར་སེ་གོལ་གཏོགས་པ་དང་བཅས་སྤྱི་བཞིན། ཨཱ་ཧ་ར་སོགས་མཆོད་པའི་སྔགས་རྒྱས་བྱིན་གྱིས་བརླབ། ༀ་ཏེ་ཛ་ནས། སཱ་དྷ་ཡ་ཧཱུྃ་ཕཊ། མཆོད་རྫས་རྣམས་ནས། གཟི་བྱིན་བསྐྱེད་པར་གྱུར། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བྱིན་གྱིས་བརླབས་པར་གྱུར། ཛི་ན་ཛིཀ྄ །བརྟན་པར་གྱུར། ཐལ་མོ་སྦྱར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞི་བ་བླ་ན་མེད་པ་སོ་སོ་རང་གི་རིག་པ་ལ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང་། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་སྐྱེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པའི་ཕྱིར། རང་གི་སེམས་ཐོག་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཇི་ལྟ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད། སྐྱབས་སེམས་འདི་བཞིན་བྱ། བྱ་རྒྱུད་ཀྱི་གཞུང་ཆེན་རྣམས་དང་མཐུན་གསུངས། སྤྱི་འགྲོས་ཀྱང་འཐུས། ༀ་ཀཱི་ལི་ཀཱི་ལ་ནས། བནྡྷ་ཧཱུྃ་ཕཊ། མདུན་གྱི་སྤོས་ཆུ་ལ་ལན་བདུན་བཟླས་པ་འཐོར་གཡབ་ཀྱིས་ཕྱོགས་ཀུན་ཏུ་འཐོར་ཞིང་སྔགས་དེ་བཟླ། གནས་སྲུང་བར་གྱུར། ༀ་ཀཱི་ལི་ཀཱི་ལ་ནས། བནྡྷ་ཧཱུྃ་ཕཊ། བགེགས་ནས། གདབ་པར་གྱུར། ༀ་སུ་ར་སིདྡྷི་ནས། ཛྭ་ལ་ཧཱུྃ། སྤོས་རེང་གཡས་སུ་ཁྱེར་ནས་སྟེང་ཕྱོགས་སུ་བདུག །སྟེང་གི་ལྷ་རྣམས་བཅིངས་པར་གྱུར། ཛི་ན་ཛིཀ྄ །མདུན་གྱི་སྤོས་ཆུ་ལ་བཟླ། འཐོར་གཡབ་ཀྱི་ཕྱོགས་ཐམས་ཅད་དུ་གཏོར། བྷཱུཾ། རིག་པའི་རྒྱལ་པོའི་སྔགས་ཞེས་པ་འདི་ཡིན། ༀ་ཨ་མྲྀ་ཏོཏྦྷ་ཝ་ཨུཏྦྷ་ཝ་ཧཱུྃ་ཕཊ། རིག་པའི་རྒྱལ་པོ་རྟ་མགྲིན་ཡི་གེ་བཅུ་པའི་སྔགས་འདི་ཡིན། ན་མོ་རཏྣ་ཏྲ་ཡཱ་ཡ། ནས། བིདྱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། རིག་པའི་རྒྱལ་པོ་ཧཱུྃ་བཞི་པ་འདི་ཡིན་ཏེ། སྤྱི་རྒྱུད་ལས། རྒྱལ་བའི་རིགས་ལ་རིགས་སྔགས་རྒྱལ། །འཁོར་ལོ་བསྒྱུར་བའི་ཡི་གེ་གཅིག །པདྨའི་རིགས་ལ་རིགས་སྔགས་རྒྱལ། །རྟ་མགྲིན་ཡི་གེ་བཅུ་པའོ། །རྡོ་རྗེའི་རིགས་ལ་རིགས་སྔགས་རྒྱལ། །དེ་བཞིན་གནོད་མཛེས་མཐུ་བོ་ཆེ། །ཡི་གེ་ཧཱུྃ་ནི་བཞི་དང་ལྡན། །ཞེས་གསུངས་པ་བཞིན་དཀྱིལ་ཆོག་འདི་ཉིད་ཀྱི་བྲིས་ཡིག་སྐབས་ཤིན་ཏུ་གསལ་བར་བཤད། ཕྱོགས་ཀྱི་ནས། བཅིངས་པར་གྱུར། ན་མོ་རཏྣ་ནས། བཛྲ་པྲ་ཀ་ར་ཧཱུྃ་ཕཊ། ཕྱོགས་བརྒྱད་པོ་ནས། བསྐོར་བར་གྱུར། ན་མོ་རཏྣ་ནས། བཛྲ་པཱ་ཎི་ཧཱུྃ་ཕཊ། རྡོ་རྗེའི་ར་བའི་ནས། གུར་བྲེས་པར་གྱུར། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱ། ཀཱི་ལི་ཀཱི་ལའི་སྔགས་རྒྱས། བརྟན་པར་བྱིན་གྱིས་བརླབས་པར་གྱུར། ན་མཿསམནྟ་ནས། ཛྭ་ལ་ཡ་སྭཱ་ཧཱ། ར་བའི་ཕྱོགས་ནས། ཁེབས་པར་གྱུར། ཛི་ན་ཛིཀ྄ །བདག་ཉིད་སྦྱངས་པར་གྱུར། དེ་ལྟར་བདག་གནས་སྲུང་བ་དཀྱིལ་ཆོག་གི་སྐབས་ཉིད་ནས་བླངས་ཏེ། ཀཱི་ལི་ཀཱི་ལའི་སྔགས་རྒྱས་སྔར་བཞིན། དེའང་སྤྱི་རྒྱུད་ལས། ཁྲོ་བོ་ཀཱི་ལི་ཀཱི་ལ་ཡིས། །བ་ཡི་རྣམ་ལྔ་ལ་བཟླས་ཏེ། །བསང་གཏོར་བྱས་ན་སྦྱང་བར་གྱུར། །ཞེས་པ་བཞིན་བ་བྱུང་ལ་བཟླས་ཏེ་དཀྱིལ་འཁོར་གྱི་ས་གཞིར་གཏོར། ༀ་ཧུ་ལུ་ནས། མ་ཏངྒི་སྭཱ་ཧཱ། ན་མཿསརྦ་ནས། མུརྟི་སྭཱ་ཧཱ། ༀ་ཛ་ཡོཥྞི་ཥ་ནས། ཧོ་ཧ་ན་ཧཱུྃ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་ལས་སྔགས་བཟླས་ཏེ་ས་སྦྱང་བའོ། །དཀྱིལ་འཁོར་འབྲི་བའི་ས་གཞི་དེར་ལས་སྔགས་བཟླས་ཏེ། དཀྱིལ་འཁོར་འབྲི་བའི་ས་གཞིར་ལྷ་གནས་རྣམས་སུ་དྲིའི་ཐིག་ལེ་མེ་ཏོག་ཚོམ་བུ། ཕྱི་ནང་གི་མཆོད་གཏོར་བུམ་པ་སོགས་འོག་མདུན་བསྐྱེད་སྐབས་ནས་བཤད་པ་བཞིན་བཤམ། བསྙེན་པའི་སྔར་གྱི་འཕྲོ་ནས་བླངས་ཏེ། རང་གི་ཀུ་ཤའི་སྟན་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསང་གཏོར་བྱས། ཀུ་ཤའི་སྟན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་འཁོད་པར་གྱུར། ༀ་ནས། བཛྲ་ཧ། རང་གི་ལག་གི་རྡོ་རྗེ་ལ་ལེགས་པར་གྲུབ་བྱེད་ཨེ་ཧྱེ་ཧི། མཆོད་པས་མཆོད། ༀ་དྷུ་ན་བཛྲ་ཧ། བདུན། བཅོམ་ལྡན་འདས་ནས། མཛད་དུ་གསོལ། སྲད་བུ་གསུམ་བསྒྲིལ་མདུད་པ་གསུམ་བོར་བ། དབུས་སུ་བོ་དྷི་ཙིའི་ཕྲེང་བ་རྡོག་པོ་གཅིག་བཏགས་པ་མཁྲིག་མ་གཡོན་ལ་གདགས་པར་གྱུར། ༀ་རུ་རུ་ནས། སཱ་དྷ་ནི་སྭཱ་ཧཱ། ཛི་ན་ཛིཀ྄ །ཀུ་ཤའི་བསང་བྱེད་སྲིན་ལག་གཡས་ལ་གདགས་པར་གྱུར། ༀ་རཀྵ་ནས། བ་ར་སྭཱ་ཧཱ། ཞེས་གོས་ཀྱི་སྔགས་བརྗོད། ཟེའུ་ཁ་བཅིངས་པར་གྱུར། སེམས་ཅན་གྱི་ཚོགས་ནས། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར། དེ་ལས་ལངས་ནས་ནས། སྒྲ་གྲགས་པར་གྱུར། དེ་ལས་སྔགས་ཀྱི་ནས། ནམ་མཁར་གནས་པར་གྱུར། དེ་ཟླ་བའི་ནས། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པར་གྱུར། ༀ་དྲུཾ་བནྡྷ་སྭཱ་ཧཱ། དབུ་གཙུག་ཏོར་དང་ལྡན་པར་གྱུར། ན་མཿསརྦ་ནས། མ་ཎི་སྭཱ་ཧཱ། སྨིན་མཚམས་ནས། ལྡན་པར་གྱུར། ༀ་རུ་རུ་ནས། སཱ་དྷ་ནི་སྭཱ་ཧཱ། སངས་རྒྱས་ནས། ལྡན་པར་གྱུར། ༀ་ཏེ་ཛ་ནས། རཏྣ་ཧཱུྃ། ཡིད་བཞིན་ནས། ལྟར་གྱུར། ༀ་དྷུ་ན་ནས། ཧཱུྃ། མཁར་གསིལ་དང་ལྡན་པར་གྱུར། ༀ་རཀྵ་ནས། བ་ར་སྭཱ་ཧཱ། སྣམ་སྦྱར་དང་ལྡན་པར་གྱུར། ༀ་ལོ་ཀ་ནས། པ་ཏྲ་སྭཱ་ཧཱ། ལྷུང་བཟེད་དང་ལྡན་པར་གྱུར། ༀ་རཀྵ་ནས། བ་ར་སྭཱ་ཧཱ། ཆོས་གོས་དང་ལྡན་པར་གྱུར། ན་མཿས་མནྟ་ནས། ཛྭ་ལ་ན་ཁི་ཁ་རེ་སྭཱ་ཧཱ། ཚེམས་ནས། ལྡན་པར་གྱུར། ན་མཿསརྦ་ཏ་ཐཱ་ཱནས། ཤ་ཀ་སྭཱ་ཧཱ། མི་འཇིགས་ནས། ལྡན་པར་གྱུར། ན་མཿསརྦ་ནས། ཧི་ཏིངྐ་ར་སྭཱ་ཧཱ། བྱམས་པའི་ཐུགས་དང་ལྡན་པར་གྱུར། ༀ་ཚིནྡྷ་ནས། དཱིཔྟ་ཧཱུྃ། ཆོས་ཀྱི་འཁོར་ལོར་གྱུར། གནས་པའི་ཕྱག་རྒྱས་བྱིན་གྱིས་བརླབས་པར་གྱུར། ཐལ་མོ་བཀན་པ་ལས་མཛུབ་མོ་བཀུག་པ། དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་གནས་ལྔར་གཏུགས། ༀ་སརྦ་ཏ་ཐཱ་ག་ཏ་ཨུཏྦྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད། ༀ་བཛྲ་ཨགྣེ་ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཞེས་པའི་བར་གོ་བསྐོན་པའི་སྔགས་རྒྱ་སྔར་བཞིན། དེ་ཉིད་ལ་རྣམ་པར་རྟོག་པ་ནས། ཏིང་ངེ་འཛིན་གྱི་དེ་ཉིད་ཡང་དང་ཡང་དུ་གསལ་བར་གྱུར། ཡིད་ཆེས་ཁུངས་བཙུན་ལས། འདིར་གསང་འདུས་ཀྱི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བདག་ཉིད་ལྷ་ཡི་སྙེམས་པ་མེད་པ་དང་། །ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་། །ཞེས་བྱ་བའི་རྒྱུད་ལ་བདག་བསྐྱེད་མེད་པར་བཤད་པ་ནི། དུས་ཐམས་ཅད་དུ་ལྷའི་སྙེམས་མེད་པ་ལྟ་བུ་ལ་དགོངས་ནས་ཡིན་གྱིས་གཏན་ནས་མ་ཡིན་ནོ། །ཞེས་སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པའི་ལེགས་པར་གྲུབ་པའི་སྒྲུབ་ཐབས་བསྡུས་པ་ལས། བྱ་བའི་རྒྱུད་ལས་ལྷ་སྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་མ་བསྟན་ཏེ་སྙམ་དུ་བསམ་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཕལ་ཆེར་མ་བསྟན་ཀྱང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང་། དེ་ཁོ་ན་ཉིད་བཅུ་ལ་འཇུག་པ་དག་ལས་གཙོ་བོར་བསྟན་ཏོ། །གཅིག་ཏུ་དངོས་གྲུབ་ཐམས་ཅད་ནི། གསང་སྔགས་ཀྱི་ལྷ་དང་། དེ་ཁོ་ན་ཉིད་རག་ལས་པ་ཡིན་ལ། དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་མི་འགྱུར་བས། བླ་མས་བཤད་དང་རྒྱུད་ཀྱི་ཁྱད་པར་ཅུང་ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་སོགས་རྒྱས་པར་གསུངས་སོ། །མདུན་དུ་རིན་པོ་ཆེ་ནས། བྱེ་མ་བརྡལ་བར་གྱུར། ༀ་ཙ་ལ་ནས། སྭཱ་ཧཱ། དེའི་སྟེང་དུ་ནས། མང་པོ་ལྡིང་བར་གྱུར། ༀ་བི་མ་ལ་ནས། ཧཱུྃ། བྱིན་གྱིས་བརླབས་བར་གྱུར། དེའི་དབུས་སུ་ནས། རྒྱན་གྱིས་བརྒྱན་པར་གྱུར། རི་རབ་དེའི་སྟེང་དུ་ནས། རི་རབ་ཀྱི་དབུས་བརྡོལ་ནས་བྱུང་བར་གྱུར། དེ་ལས་ཀྱང་ནས། བྱེ་བ་སྙེད་བྱུང་བར་གྱུར། ཞེས་པའི་བར་བསྙེན་པའི་སྐབས་བཞིན། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་བྲིས་སྒྲུབ་སྐབས་ནས་བླངས་ཏེ། པདྨའི་སྟེང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནང་ནས་རིམ་པ་བཞིན་དཀར། དམར། སེར། ལྗང་། ནག་པོའི་རིམ་པ་ལྔ་དང་ལྡན་པ། ཕ་གུ། དྲྭ་བ་དྲྭ་ཕྱེད། ཤར་བུ་མདའ་ཡབ་ལ་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱོགས་མདོག་དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག་པོ། ཕྱི་ནང་འདོད་ཡོན་གྱི་སྣམ་བུའི་ཁ་ཁྱེར་གྱིས་བསྐོར་བ། རྩེ་མོར་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། མཚན་ཉིད་ཐམས་ཅད་ཕུན་སུམ་ཚོགས་པ། ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པར་གྱུར། ཕྱག་འཚལ་ཞིང་ཐལ་མོ་ལས་ཕན་ཚུན་བསྣོལ་ཏེ། གཡས་པའི་མཐེ་བོས་གཡོན་པའི་མཐེ་བོ་མནན་པའི་ཕྱག་རྒྱ་བཅིངས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ། སརྦ་ཐཱ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འགྲུབ་ན་ལན་བརྒྱ་བཟླ་བར་བཤད། དེ་རྣམས་བརྟན་པར་བྱས་པར་གྱུར། སྟེང་ནས་བླ་བྲེ་ལ་སོགས་པའང་གྲུབ་པར་གྱུར། དེ་ནས་དཀྱིལ་འཁོར་བྲི་ཡིག་སྐབས་ནས་བླངས་ཏེ། ནང་གི་དཀྱིལ་འཁོར་གྱི་ནས། པད་ཟླ་ལ་ན་མ་སཔྟཱ་ནཱཾ་ནས། ཧུ་རུ་སྭཱ་ཧཱ། ཞེས་རྩ་སྔགས་དང་། ཛི་ན་ཛིཀ྄ །བཅོམ་ལྡན་འདས་དཔལ་ཤཱ ཀྱ་ཐུབ་པ་ནས། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། ཞལ་ནུབ་ཏུ་བསྟན་པ། དེའི་གཡོན་ངོས་ནས། པད་ཟླའི་སྟེང་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ནས། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། བཛྲ་དྷྲིཀ྄ །ཕྱག་ན་རྡོ་རྗེ་ནས། ཉམས་ལ་གནས་པ། དེའི་མདུན་དུ་ནུབ་ཀྱི་ནས། ཟླུམ་པོའི་སྟེང་དུ། ན་མོ་ནས། ཙཀྲ་ཡ་སྭཱ་ཧཱ། ཁྱབ་འཇུག་ནས། ཐམས་ཅད་ཀྱིས་བརྒྱན་པར་གྱུར། དེའི་གཡོན་བཅོམ་ལྡན་འདས་ཀྱིས་ཐད་དུ་ནས། སྟེང་དུ། ༀ་པ་ཤུ་ནས། བྲཱི་ཡ་སྭཱ་ཧཱ། དྲག་པོ་ནས། ཞོན་པའོ། །དེའི་གཡོན་དུ། ན་མོ་ནས། ར་ཏི་ནི་སྭཱ་ཧཱ། ཚོགས་བདག་སྐུ་མདོག་ནས། ཕྱིར་དགྱེ་བའི་ཚུལ་གྱིས་བཞུགས་པའོ། །ལྷ་དེ་གསུམ་ཞལ་ཤར་དུ་གཟིགས་པའོ། །ཤར་གྱི་བཅོམ་ལྡན་འདས་ཀྱི་བྱང་ཕྱོགས་སུ་ནས། པད་ཟླའི་སྟེང་དུ། ༀ་ཛི་ཛི་ཛི་ནས། སྭཱ་ཧཱ། ཨ་རོ་ལིཀ྄། འཕགས་པ་སྤྱན་རས་གཟིགས་ནས། སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཕྱིའི་སྣམ་བུའི་གྲྭ་བཞིར་པདྨ་འདབ་བརྒྱད། དེའི་སྟང་དུ་སྤོས་ཆུས་བཀང་བའི་བུམ་པ་དཀར་པོ་མགུལ་ཆིངས་ཁ་རྒྱན་དང་བཅས་པ། སྣམ་བུ་ལ་བཀོད་པའི་མཆོད་རྫས་རྣམས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུན། བདུད་རྩི་ཐབས་སྦྱོར་གྱི་སྔགས་བདུན་གྱིས་བསང་ཆུས་བསངས་ལ་ལག་པ་གཡོན་པར་སྤོས་ཆུ་བླུགས། གཡས་པའི་འཐོར་གཡབ་ཀྱིས་གསང་གཏོར་བྱ་ཞིང་། ཛི་ན་ཛིཀ྄ །བདུན། ༀ་ཏེ་ཛ་ནས། སཱ་དྷ་ཡ་ཧཱུྃ་ཕཊ། ཞེས་གཟི་བྱིན་བསྐྱེད་པའི་སྔགས་རྒྱ། མཆོད་རྫས་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ལས་སྔགས། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱ། བྱིན་གྱིས་རླབས་པར་གྱུར། ཛི་ན་ཛིཀ྄ །བརྟན་པར་གྱུར། འོག་ཏུ་མཆོད་གཏོར་བསང་བ་སོགས་བྱིན་བརླབ་གོང་བཞིན་ཞེས་པ་སོ་སོའི་ཁྱད་པར་མ་གཏོགས་འདི་བཞིན་དཀྱིལ་ཆོག་གི་བསྙེན་པའི་སྐབས་ཀྱི་ལྷ་སྤྱན་འདྲེན་མཆོད་བསྟོད་སོགས་ཀྱི་སྐབས་དང་། འོག་མདུན་བསྐྱེད་སྐབས་གཉིས་ཀ་ནས། ཐོག་མཐའ་བར་གྱི་ཚིག་དང་ཕྱག་རྒྱ་སོགས་བླངས་ཏེ། ལྷ་སྤྱན་དྲངས་པའི་ཕྱིར། ལེགས་གྲུབ་ལས། རྗེས་སུ་མཐུན་པའི་མེ་ཏོག་དང་། །སྤོས་ཀྱི་ཆུ་ནི་གཙང་མ་ཡི། །མཆོད་ཡོན་གོ་རིམ་བཞིན་བཤམ་ནས། །བདུག་སྤོས་ཀྱིས་ཀྱང་རབ་བདུག་སྟེ། །ལན་བདུན་བཟླས་ལ་མཆོད་ཡོན་དེས། །ལྷ་རྣམས་དག་ནི་སྤྱན་དྲང་ངོ་། །ཞེས་དང་། སྤྱི་རྒྱུད་ལས། མཆོད་ཡོན་སྣོད་ནི་གསེར་དངུལ་ལམ། །ཟངས་སམ་ཤེལ་ལམ་ནོར་བུའམ། །འཆིང་བུ་དཀར་པོ་ལས་བྱས་པ། །ཤིང་ངམ་དེ་བཞིན་རྡོ་ལས་བྱས། །དུང་ངམ་ལོ་མ་ཀྱང་བའ མ། །ཉ་ཕྱིས་དག་གམ་ཁམ་ཕོར་ནི། །གསར་པ་ཡན་ལག་མ་ཉམས་པ། །དག་པར་བྱས་ལ་བླངས་པར་བྱ། །དེར་ནི་ཁྲོ་རྒྱལ་བཟླས་པ་ཡི། །མེ་ཏོག་དག་ཀྱང་བཅུག་ནས་སུ། །མཉམ་པར་བཞག་སྟེ་དཀྱིལ་འཁོར་གྱི། །གསང་སྔགས་ལན་བདུན་བཟླས་ནས་ནི། །སྔ་མ་བཞིན་དུ་དྲི་ཆུ་ཡི། །མཆོད་ཡོན་གུས་པར་དབུལ་བར་བྱ། །ཞེས་སོགས་ཀྱི་དོན། མཆོད་ཡོན་རྫས་བདུན་ཆུ་གཙང་དང་སྦྱར་བ་དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྟེགས་བུར་བཀོད་ལ། སྤོས་ཀྱིས་བདུག །ཛི་ན་ཛིཀ྄ །བདུན། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུན། བདུད་རྩི་ཐབས་སྦྱོར་བདུན་བཟླས་ཏེ་སྤྱན་འདྲེན་གྱི་མཆོད་ཡོན་བསྒྲུབས། དད་པ་དང་ནི་ནས། བདག་ལ་དགྱེས་པར་མཛོད། །བྷྲཱུྂ། ༀ་སརྦ་ཏ་ཐཱ་ག་ཏ་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་སྙིང་པོའི་སྔགས། བསྙེན་དུས་བཟླས་སྐབས་བཞིན་གྱི་མཐར་ཤཱཀྱ་མུ་ནེ་ཨེ་ཧྱེ་ཧི། བདེ་བར་གཤེགས་སོ་ནས། མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་སོགས་སྙིང་པོའི་མཐར། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༈ ༀ་ཨ་མྲྀ་ཏོདྦྷ་ཝ་ཨུཏྦྷ་ཝ་ཧཱུྃ་ཕཊ། ༀ་ཛི་ཛི་ནས། དེ་ནི་སྭཱ་ཧཱ། ཨཪྱཱ་བ་ལོ་ནས། ཧི། བདེ་བར་གཤེགས་སོ་ནས། མཛད་དུ་གསོལ། ༀ་ཛི་ནས། སྭཱ་ཧཱ། ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ༈ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་སུམྦྷ་ནས། བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ན་མོ་རཏྣ་ནས། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། བཛྲ་དྷྲིག་ཨེ་ཧྱེ་ཧི། བདེ་བར་ནས། མཛད་དུ་གསོལ། ན་མོ་ནས། ཏི་རི་ཎི་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༈ ན་མོ་ནས། བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ན་མོ་ནས། ཙཀྲ་ཡ་སྭཱ་ཧཱ། བིཥྞུ་ཨེ་ཧྱེ་ཧི། ན་མོ་ནས། ཙཀྲ་ཡ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ༈ ན་མོ་ནས། རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་པ་ཤུ་ནས། བྲཱི་ཡ་སྭཱ་ཧཱ། རུ་དྲ་ཨེ་ཧྱེ་ཧི། པ་ཤུ་ནས། བྲཱི་ཡ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༈ ན་མོ་ནས། རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ན་མོ་ནས། ར་ཏི་ནི་སྭཱ་ཧཱ། ག་ན་ཨེ་ཧྱེ་ཧི། ན་མོ་ནས། ར་ཏི་ནི་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། བཅོམ་ལྡན་ཐུགས་རྗེས་ནས། ས་མ་ཡེ་ཧཱུྃ། བཅོམ་ལྡན་ནས། བདག་གི་ཞབས་བསིལ་བཞེས་ནས་ནི། །ནས། ས་མ་ཡེ་ཧཱུྃ། ༀ་བཛྲ་ཨ་ས་ནི་ནས། ཕུལ་བར་གྱུར། ༀ་ཀ་མ་ལ་ནས། ཕུལ་བར་གྱུར། ༀ་བཛྲ་ཀ་ནས། ཕུལ་བར་གྱུར། བདག་དང་འགྲོ་ལ་ཐུབས་བརྩེའི་ཕྱིར། །ནས། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ནས། ནཾ་ཀ་རོ་མི། ཞེས་སྔར་བཞིན་ཕྱག་བྱ། མཆོད་ཡོན་རྣམས་ཁ་གསོས། དཀྱིལ་འཁོར་ཤར་ཕྱོགས་ཀྱི་མཆོད་པ་རྣམས་བསང་བ་སོགས་བྱིན་རླབས་གོང་བཞིན། བདེ་བར་གཤེགས་སོ་ནས། མཛད་དུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་སོགས་སྙིང་པོའི་མཐར། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སྤྱན་འདྲེན་སྐབས་བཞིན། འོག་མ་རྣམས་ལ་ཡང་མཆོད་ཡོན་སྤྱན་འདྲེན་སྐབས་བཞིན་ཤེས་པར་བྱ། ༀ་སརྦ་ནས། ཨ་མྲྀ་ཏ་སྭཱ་ཧཱ། རིན་པོ་ཆེའི་ནས། སྐུ་ཁྲུས་གསོལ་བར་གྱུར། རྒྱས་པར་སྤྲོ་ན། གང་འདིར་བཅོམ་ལྡན་འདས་ནས། ཡོ་བྱད་ཐམས་ཅད་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །རྣམ་དག་སྐྱོན་བྲལ་བྱང་ཆུབ་སེམས་ཀྱི་དབྱིངས། །རྣམ་དག་སྐྱོན་བྲལ་ཡོན་ཏན་ཚོགས་ཀྱི་གཏེར། །ཀུན་གྱིས་ཕྱག་བྱས་བསྟོད་ཅིང་མཆོད་པའི་གནས། །བདུད་བཞིའི་དཔུང་རྣམས་མ་ལུས་ཚར་བཅད་ཕྱིར། །ཆོས་དབྱིངས་དག་པའི་སྐུ་ལ་ཁྲུས་ཆབ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། གསུང་དང་། ཐུགས་འདོན་པ་སྤོས། བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྲུབ་པར་ཤོག །ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཡང་ན། ༀ་སརྦ་ར་ཙོ་ཨ་དི་ར་ན་སྭཱ་ཧཱ། ཞེས་བརྗོད། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་བཟང་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ༀ་བཛྲ་གནྡྷེ་སྭཱ་ཧཱ། ཞེས་སམ། ཨཱ་ཧ་ར་སོགས་དྲིའི་སྔགས། ལྷ་རྫས་ལས་བྱུང་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་ལྡན། གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་པ། །འཇིག་རྟེན་དབང་ཕྱུག་སོགས་ལ་དབུལ་བར་བགྱི། །ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱེད་དང་། རིན་ཆེན་འོད་ཆགས་འབར་བས་སྐུ་བརྒྱན་ཅིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་ཕྲེང་བ་སེ་མོ་དེ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱང་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ཅིག །ༀ་བཛྲ་ཨ་ལངྐ་ར་ཝ་པུ་ཥ་ཎི་སྭཱ་ཧཱ། དེ་ལྟར་སྐུ་ཁྲུས་གསོལ་བའི་ཚིགས་བཅད་མཁན་པོ་བོ་དྷི་ས་ཏྭས་མཛད་པའི་དྲི་མེད་མཆོད་ཆོག་ལས། སྔགས་སྤྱི་འགྲོ། བྱུགས་པའི་ཚིག་སྤྱོད་འཇུག་ལས། ན་བཟའ་དང་རྒྱན་འབུལ་བའི་ཚིགས་བཅད་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཁ་བཀང་ན་ལེགས་ཤིང་མ་བྱས་ཀྱང་དཀྱིལ་ཆོག་དཀྱུས་ལ་ཆད་སྐྱོན་ཅི་ལ་སྲིད་པས་གཙོ་བོའི་མཆོད་པ་དང་པོ་ལ་ཁྲུས་རྒྱས་པ། གཞན་ཐམས་ཅད་བསྡུས་པ་བྱ། ཁྲུས་སོགས་རྒྱས་པ་ཁ་བཀང་ན་ན་བཟའ་རྒྱན་སོགས་དེ་ཀས་འཐུས། ཁྲུས་བསྡུས་པ་བྱས་ན། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། པིཝཾ་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རཉྫ། །རྒྱུད་མང་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེད་འཇོ་རོལ་མོ་ཡིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ༀ་བཛྲ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་མོ་འབུད་དཀྲོལ་བྱ། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །མཆོད་རྫས་ལ་དམིགས་ཏེ། ན་མཿསཔྟཱ་ནཱཾ་སོགས་རྩ་སྔགས་ཚར་གཅིག །གཙང་ཞིང་གཙང་མ་ལས་བྱུང་བའི། །སོགས་ཚིགས་བཅད་སྔགས་རྒྱས། དྲི་ཆབ། མེ་ཏོག །སྤོས། ཞལ་ཟས་ཀྱི་རྗེས་སུ། སྨན་རྣམས་བཅུད་ནི་ཡིད་དུ་འོང་། །སྔགས་ཀྱི་ཁུར་བ་བཅུད་འདི་དག །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་བཞིན་དུ། ཁུར་བའི་གནས་སུ། ཤིང་ཏོག །སྲན་ཚོད། འོ་ཐུག །ཅེས་བཅུག །དེ་བཞིའི་སྔགས་རྒྱ་ཞལ་ཟས་བཞིན། གནོད་རྣམས་འཇོམས་ཤིང་ནས། པཱུ་ཛི་ཏེ་སྭཱ་ཧཱ། ཞེས་མར་མེ་དབུལ་ལོ། ༈ །སླར་ཡང་ཤར་ཕྱོགས་མཆོད་ཡོན་སོགས་མཆོད་པ་ཁ་གསོས་བསང་བ་སོགས་བྱིན་རླབས་གོང་བཞིན། མཆོད་ཡོན་ནས་མར་མེའི་བར། ༈ ཡང་མཆོད་པ་ཁ་གསོས་བསང་བ་སོགས་བྱིན་རླབས་ནས་མར་མེའི་བར་ཏེ་གཙོ་བོ་ལ་སུམ་འགྱུར་དུ་དབུལ། ༈ །ཡང་བྱང་ཕྱོགས་ཀྱི་མཆོད་པ་བསང་བ་སོགས་བྱིན་རླབས། བདེ་བར་གཤེགས་སོ་སོགས་སྤྱན་འདྲེན་དུས་ཀྱི་མཆོད་ཡོན་བཞིན་དང་། མཆོད་རྫས་ལ་དམིགས་ཏེ་རྩ་སྔགས། ན་མཿསཔྟཱ་ནཱཾ་སོགས་བཟླ་བའི་དོད། ༀ་ཛི་ཛི་ཛི་སོགས་སྤྱན་རས་གཟིགས་ཀྱི་སྔགས་བཟླས་པ་བྱིན་གྱིས་བརླབ་ནས་མར་མེའི་བར་ཚར་གཉིས། ༈ །ཡང་ལྷོ་ཕྱོགས་ཀྱི་མཆོད་པ་བསང་བ་སོགས་བྱིན་རླབས། བདེ་བར་གཤེགས་སོ་སོགས་སྤྱན་འདྲེན་བཞིན་མཆོད་རྫས། ན་མཿསཔྟཱ་ནཱཾ་གྱི་ཚབ། ཕྱག་རྡོར་གྱི་སྔགས་ཀྱིས་བྱིན་རླབས་ནས་མར་མེའི་བར་ཚར་གཉིས། འདི་གཉིས་ཀྱི་མཆོད་པ་རྗེས་མའི་འགོར་མཆོད་ཡོན་སོགས་མཆོད་པ་ཐམས་ཅད་ཁ་གསོ། ༈ །ཡང་ནུབ་ཕྱོགས་ཀྱི་མཆོད་པ་བསང་བ་སོགས་བྱིན་རླབས། ཁྱབ་འཇུག་གི་སྔགས་ལ་ཨརྒྷཾ་བཏགས་པ་སྤྱན་འདྲེན་བཞིན་གྱི་མཆོད་རྫས་ལ་ན་མཿསཔྟཱ་ནཱཾ་བཟླ་བའི་ཚབ། ཁྱབ་འཇུག་གི་སྔགས་ཚར་གཅིག་གིས་བྱིན་བརླབ་ནས་མར་མེའི་བར་ཚར་གཅིག ། ༈ །ཡང་ནུབ་ཕྱོགས་ཀྱི་མཆོད་པ་ཐམས་ཅད་ཁ་གསོས་ནས་བསང་བ་སོགས་བྱིན་རླབས། རང་སྔགས་ཀྱིས་མཆོད་ཡོན་དང་། ན་མཿསཔྟཱ་ནཱཾ་གྱི་ཚབ་རང་སྔགས་བརྗོད་ནས། དྲག་པོ་ལ་ཚར་གཅིག ། ༈ །ཡང་ནུབ་ཕྱོགས་ཀྱི་མཆོད་པ་ཐམས་ཅད་ཁ་གསོས་བྱིན་བརླབ། རང་སྔགས་ཀྱིས་མཆོད་ཡོན། ན་མཿསཔྟཱའི་ཚབ་རང་སྔགས་བརྗོད་དེ། ཚོགས་བདག་ལ་ཚར་གཅིག །ཕྱོགས་བཞིར་མཆོད་ཡོན་རེ་བཤམ། མཆོད་པ་གཞན་ཕྱོགས་རེ་རེར་ཚར་རེ། སྣོད་མ་འབྱོར་ན། མཆོད་པ་བསང་བའི་གོང་དུ་མཆོད་པ་ཐམས་ཅད་ཁ་གསོ་དགོས་སོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ནས། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཁ་དོག་ལྡན་ཞིང་འོད་དང་ལྡན། །མཐུ་དང་སྡེ་དང་བཞོན་པར་བཅས། །ཐབས་དང་སྙིང་རྗེས་འཇིག་རྟེན་ཀུན། །སྐྱོང་མཛད་རྣམས་ལ་ཕྱག་འཚལ་ལོ། །ན་མཿསརྦ་ནས། སྟུ་ཏེ་སྭཱ་ཧཱ། ཞེས་བསྟོད་པ་འབྱུང་བའི་སྔགས་བརྗོད། དཀྱིལ་འཁོར་ནང་དུ་བཤམས་པའི་གཏོར་མ་བསང་བ་སོགས་བྱིན་རླབས་སྔར་བཞིན་ལས། ཁྱད་པར་མཆོད་རྫས་རྣམས་ཞེས་པར། གཏོར་མ་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ཞེས་བསྒྱུར། རྡོར་ཐལ་གྱེན་དུ་ཁ་ཕྱེ་མཐར་སེ་གོལ་གཏོགས་པས། བིཥྞུ། རུ་དྲ། ག་ཎ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲི་ཧྞེ་དཾ་བ་ལིདྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། གསུམ། དེ་ནས་སྒྲུབ་ཁང་གི །འདི་རྣམས་བཟླས་པ་ལ་འཇུག་པ་ལས་སྐབས་འདིར་ཕྱིར་རོལ་གཏོར་མ་སོགས་དགོས་མི་དགོས་དཔྱད། ཕྱི་རུ་ཕྱིན་ལ་དཔུང་བཟང་ནས་འབྱུང་བའི་ཆོ་གས་ཞེས་སོགས་ཀྱི་དོན་ཕྱོགས་གཏོར་རྒྱས་པའམ། ཡང་ན་དཔུང་བཟང་ལས། དེ་ལྟར་གདོན་ལ་མཆོད་པ་བྱས་ནས་སུ། །དེ་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་བྱ། །ཞེས་པས་སྒྲུབ་ཁང་གི་ཕྱིར་སོང་སྟེ། གཏོར་མ་གཉིས་མཆོད་པ་དང་བཅས་པ་ནང་གཏོར་བཞིན་བསང་བ་སོགས་བྱིན་གྱིས་བརླབས་ནས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནས། གསན་ནས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག །ཅེས་གདོན་གྱི་རིགས་སྨོས་པའི་སྒོ་ནས་སྤྱན་དྲང་། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །ནས། ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་གནས་སྨོས་པའི་སྒོ་ནས་མཆོད་གཏོར་ཕུལ་ཏེ་ཕྲིན་ལས་གསོལ། དེ་ལྟར་གདོན་ལ་ཐོག་མར་མཆོད་པ་བྱ་བ་ནི། དེ་དག་གཏུམ་ཞིང་མྱུར་དུ་འཚེ་བའི་ཕྱིར་རོ། །ཞེས་ཡོ་གའི་ཊཱི་ཀ་ཡིད་བཞིན་ནོར་བུར་གསུངས། ཕྱོགས་སྐྱོང་ལ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །ནས། བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ཅེས་ཕྲིན་ལས་བཅོལ། ༀ་ཨིནྡྷ་ཡེ་སྭཱ་ཧཱ། སོགས་ཕྱོགས་སྐྱོང་གི་སྔགས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་བཏགས་པ་གསུམ་གྱིས་གཏོར་མ་དབུལ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ནས། དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་བསྟོད་ཅིང་ཕྲིན་ལས་བཅོལ། ལས་ཀྱིི་རྡོ་རྗེས་མཆོད་པ་རྣམས་རིམ་གྱིས་གཏོར་མའི་ཐོག་ཏུ་བླུག །སློབ་དཔོན་གྱིས་མཆོད་ཡོན་ཕྱེད་གཏོར་མའི་མགོ་ལ། ཕྱེད་ཀྱིས་གཏོར་ལམ་ཕྱེད། སརྦ་བིགྷྣཱན་གཙྪ། ལས་སྔགས། བདུད་རྩི་ཐབས་སྦྱོར་གྱི་སྔགས། རོལ་མོ་དྲག་པོ། ཉི་མ་ནུབ་ན་དཔལ་འབར་བཅས་གཏོར་མ་གཙང་སར་དོར། བགེགས་རྣམས་ལའང་གཏོར་མ་སྦྱིན་ནོ། །ཞེས་པ འི་དོན། མཁས་པའི་དབང་པོ་ཙནྡྲ་ཤྲཱིས། སྡེ་བརྒྱད་བགེགས་ལ་གནོད་ཞེས་མིང་དུ་ུབཏགས་པ་ཡིན། ཞེས་གསུངས་པས་འཐུས། ཉེ་རེག་བྱ་སྟེ་དཔུང་བཟང་ལས། ལུས་ལ་ས་ཡི་དྲིལ་ཕྱིས་བྱས་ནས་སུ། །ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་ཀྱང་། །ཇི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། །བྱུང་ནས་ཤར་དང་བྱང་དུ་ཁ་བལྟས་ནས། །ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་སུ། །པུས་མོ་ཕྱི་རོལ་དུ་ནི་བསྟན་བྱས་ཏེ། །བར་དུ་ལག་བཞག་ཙོག་ཙོག་པོར་འདུག་ནས། སྒྲ་མེད་དབུ་བ་མེད་པའི་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང་། །ཆུ་ལ་ལན་གཉིས་ཡོངས་སུ་ཕྱེ་བར་བྱེད། །ཅེས་དང་། འཇམ་དཔལ་རྩ་རྒྱུད་དུ། མཚོ་ཆེན་དང་ནི་འབབ་ཆུའམ། །ཆུ་མིག་ཆུ་བོ་ལ་གནས་དང་། །གཙང་མའི་ཕྱོགས་ནས་བྱུང་བ་ཡི། །སེམས་ཅན་དག་པ་ལག་བླང་ལ། །གཉིས་སམ་གསུམ་དུ་རྟག་ཏུ་ཡང་། །བསྔགས་པས་ཉེ་རེག་བྱ་བ་ཡིན། །དེ་ནས་ཆུ་དེ་གདོང་དང་ནི། །དེ་བཞིན་དུ་ནི་སྣ་བུག་དག །མིག་དང་རྣ་ཁ་ལག་གཉིས་དང་། །སྤྱི་བོ་ལྟེ་བའི་ཕྱོགས་རེག་བྱ། །དགེ་བ་སྤྱོད་པའི་ལན་ལྔའམ་བདུན། །ཆོ་ག་ཇི་བཞིན་ཐམས་ཅད་བྱ། །ཞེས་པ་སྡོམ་ཚིག་ཏུ་མཛད་པ་ལ། ཁ་སྣ་མིག་རྣ་ཁ་ལག་མགོ། །ལྟེ་བ་རྣམས་སུ་གཉིས་གསུམ་རེག །ཅེས་སོ། །སློབ་དཔོན་གྱིས་རྟིང་མནན་ཏེ་ལོག །སྒྲུབ་ཁང་གི་སྒོར། སྤྱི་རྒྱུད་ལས། ཁྲུས་ལ་སོགས་པ་བྱེད་པའི་ཚེ། །དཀྱིལ་འཁོར་ལྟ་བ་གཞན་བཞག་སྟེ། །དཀྱིལ་འཁོར་འབྲི་བའོ་ཚེ་ན་ནི། །ནམ་ཡང་སྟོང་པར་མི་བཞག་གོ། །ཞེས་གསུངས་པའི་དཀྱིལ་འཁོར་བསྲུང་བའི་སྒྲུབ་གྲོགས་ཀྱིས། བསང་ཆུས་བསང་། སྤོས་ཀྱིས་བདུག །ཉེ་རེག་སོགས་དགོས་པའི་རྒྱུ་མཚན་ཕྱི་རོལ་དུ་འབྱུང་པོ་ཁ་ལབ་བྱས་པའི་གྲིབ་སེལ་བ་ཡིན་པས། དཀྱིལ་འཁོར་སྲུང་བའི་གྲོགས་ཏེ། །དེ་བར་སྒྲུབ་ཁང་གི་ནང་དུ་མ་ཡོང་བ་ཞིག་དགོས། དེ་ནས་ནང་དུ་ཞུགས་ནས་གདན་ལ་འཁོད་དེ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨཱ་ཧ་ར་སོགས་སྤོས་ཀྱི་སྔགས་རྒྱ། ཨཱ་ཧ་ར་སོགས་བཤོས་ཀྱི་སྔགས་རྒྱ། ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་ཟུང་རེ་འབུལ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡ་རེ་ཡང་ནི་འབུལ་བར་བགྱི། །ༀ་བཛྲ་ཝསྟྲ་ཡ་སྭཱ་ཧཱ། གཙོ་བོའི་རྩ་སྔགས་དང་། སྙིང་པོ་བརྒྱ་རྩ། ལྷ་གཞན་རྣམས་ཀྱི་སྔགས་བདུན་རེ་བཟླ། རིགས་སྤྱིའི་སྙིང་པོ། ཛི་ན་ཛིཀ྄ །ཨ་རོ་ལིཀ྄ །བཛྲ་དྷྲིཀ྄ །གསུམ་སོ་སོར་བརྒྱ་རྩ་རེ་བཟླས་སོ། །གཤེགས་གསོལ་གྱིས་ཕྱག་རྒྱ་དང་། ཛི་ན་ཛིཀ྄་གཙྪ། ཨ་རོ་ལིཀ྄་གཙྪ། བཛྲ་དྷྲིཀ྄་གཙྪ། འཇིག་རྟེན་པ་གསུམ་སོ་སོའི་སྔགས་མཐར། གཙྪ་རེ་བཏགས། མཆོད་ཡོན་རྒྱ་དང་། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྤྱན་དྲངས་པའི་ནས། གཤེགས་སུ་གསོལ། སྔགས་ཀྱི་སྤྲུལ་པའི་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། དཀྱིལ་འཁོར་གྱི་ལྷས་ས་བཟུང་བའོ། །ༀ་ཏྲཾ་བནྡྷ་སྭཱ་ཧཱ། བྷྲཱུྂ། གནས་འདིར་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །བློས་བཟུང་སྟེ་ས་བཟུང་བའི་ཆོ་གའོ། །ས་བཟུང་དང་སྟ་གོན་ཞག་གིས་བར་ཆོད་ན་བདག་བསྐྱེད་རྣལ་འབྱོར་བསྡུ་བ་ནི། བདག་གི་ལྷའི་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། ཡི་གེ་ཟླ་བ་ལ་ཐིམ། ཟླ་བ་རྣམ་སྨིན་གྱི་ལུས་ལ་ཐིམ་བར་གྱུར། ༀ་ཧུ་ལུ་ནས། མ་ཏཾ་གི་སྭཱ་ཧཱ། ར་བ་དང་ནས། དཀྲོལ་བར་བྱའོ། །ༀ་བཛྲ་ཨགྣེ་པྲ་དཱི་པ་ཏ་ཡེ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ཡཱ་ཡ། ༀ་ཧཱུྃ་ཝ་ཀི་ལི་ཧཱུྃ་ཕཊ། མགོ་བོ་དང་ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། །ཞེས་གོ་ཆའི་སྔགས་རྒྱ་སྔར་བཞིན། ཐིག་ལེ་བསྲུང་བ། བླ་གོས་བསང་གཏོར། སྔགས་བཟླ་བ་སོགས་ཀྱང་དཀྱིལ་ཆོག་བཞིན་གྲུབ་ན་ལེགས། ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་བརྗོད། ཤེས་རབ་སྙིང་པོ་ཚར་གཅིག་འདོན་ཏེ། ལེགས་གྲུབ་ལས། ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱི། །གླེགས་བམ་མཇུག་ཏུ་བཀླག་པ་དང་། །ཞེས་སོ། །སང་ནངས་པར་མཆོད་པ་སོགས་བཤམ། ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས། བདག་ཉིད་སྲུང་བ་ནས། ཏིང་ངེ་འཛིན་ཡང་དང་ཡང་དུ་གསལ་བར་གྱུར། ཞེས་པའི་བར་བདག་བསྐྱེད་བྱས་ནས་དཀྱིལ་འཁོར་ས་གཞིར་བ་བྱུང་། དྲི་བཟང་འཐོར་བ་ནས་བརྩམ་སྟ་གོན་ལ་འཇུག །ཞག་གིས་བར་མ་ཆོད་ན་སྔར་གྱི་རྣལ་འབྱོར་གྱི་རྒྱུན་གྱིས་ས་བཟུང་གྲུབ་པའི་རྗེས་ཐོག་ཉིད། དཀྱིལ་འཁོར་ས་གཞིར་བ་བྱུང་། དྲི་བཟང་གཏོར། བྷྲཱུྂ་ༀ་བནྡྷ་སྭཱ་ཧཱ། ཞེས་བཟླས་པའི་སྤོས་ཆུས་ཀྱང་གཏོར། སྐམ་ཐིག་བཏབ། ཅེས་གསུངས་པ་ལྟར་ན་འོག་ཐིག་འདེབས་དུས་ཡེ་ཐིག་ཁ་དོག་ལྔ་དང་། ལས་ཐིག་དཀར་པོ་སོ་སོར་བྱས་པ་བྱིན་གྱིས་བརླབ། དཀར་པོ་ཐིག་ཆལ་གྱིས་གཤེར་ནས་ཆ་དབྱེ་བ་ཡིན་ནའང་དེང་སང་ཕྱག་ལེན་ལ། སྐབས་འདི་ཉིད་དུ་སྐྱ་ཐིག་འདེབས་པས། དེ་ཡང་། ཚངས་ཟུར་བཞི་གདབ་ལྟེ་བ་ནས། །ཆེ་ཆུང་ཇི་ཙམ་བྱེད་པ་ཡི། །མདའ་ཐིག་བར་དེ་གསུམ་དུ་བགོས། །ཕྱེ་མ་ཕྱེད་དུ་བགོ་བྱ་དེའི། །ནང་མ་དབུས་དོར་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་ཕྱི་མ་གདབ། །བར་མ་ཕྱེད་དུ་བགོས་པ་ཡི། །ཕྱི་མ་མན་ཆོད་སྣམ་བུ་དང་། །ནང་མ་ཡན་ཆད་ལྷ་ཡི་གནས། །ནུབ་སྒོའི་སྒོ་བཞི་སྤྱི་རྒྱུད་ལས། །རབ་ཏུ་བཟང་པོ་སྒོ་བཞིར་བྱ། །ནུབ་ཕྱོགས་སྒོའམ་ཡང་ན་ནི། །གོང་ལས་ཇི་སྐད་བཤད་པར་དབྱེ། །ལྷག་མ་རྣམས་ནི་དཀར་པོ་ཡི། །ཕྱེད་ལས་བཅད་པར་བྱ་བ་ཡིན། །ཞེས་དང་རྒྱུད་ཆེན་དེ་ཉིད་ལས། །ཆབ་སྒོ་གཞན་རྣམས་བཅད་པར་ནི། །ཕྱེ་མ་དཀར་པོ་དག་གིས་ནི། སྒོ་ཡི་དབུས་ཀྱི་ཆ་དག་ཏུ། རི་མོ་ཕྲ་མོ་བྲི་བར་བྱ། །ཞེས་གསུངས་མདའ་ཡབ་ཟུར་རྩེ་ནས། །ཆ་ཕྲན་གཉིས་དང་གཉིས་དང་བཞི། །བསྐོར་བ་པད་རྡོར་མེ་རིའོ། །ཞེས་ཐིག་བཏབ་ནས། སྤྱི་རྒྱུད་ལས། ས་གཞིའི་སྟེང་དུ་བྱུགས་སྤོས་ཀྱིས། །དཀྱིལ་འཁོར་སོར་གྲངས་བཅུ་གཉིས་བྱ། །ཞེས་གསུངས་ཏེ་དཀྱིལ་ཆོག་ཏུ་སྐབས་དང་སྦྱར། ཞེས་གསུངས་པས། སློབ་དཔོན་རྡོར་དྲིལ་དྲི་བཟང་གི་ལྡེ་གུ་ཐོགས་པས། འཇིག་རྟེན་ལས་འདས་པའི་ལྷ་གནས་གསུམ་དུ་དྲིའི་དཀྱིལ་འཁོར་གྲུ་བཞི། འཇིག་རྟེན་པ་གསུམ་གྱི་གནས་སུ་ཟླུམ་པོ་དཀྱིལ་འཁོར་ཆེ་ཆུང་གི་སྐབས་དང་སྦྱར་བའི་སྟེང་དུ། ལས་ཀྱི་རྡོ་རྗེས་མེ་ཏོག་གི་ཚོམ་བུ་བཀོད། འོག་མདུན་བསྐྱེད་སྐབས་བཤད་པའི་ཕྱི་ནང་གི་མཆོད་གཏོར་བུམ་པ་སོགས་ཇི་སྐད་བཤད་པ་མ་ཚང་བ་མེད་པ་བཀོད་པས་མཛེས་པར་བཤམ། གདན་ལ་འཁོད་དེ། མདུན་དུ་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བརྡལ་བ། ནས། བཟླས་པའི་བར་ས་བཟུང་སྐབས་གཞིན་ལས་ཁྱད་པར། སྤྱི་རྒྱུད་ལས། དེ་ནས་གཙོ་བོ་ལྷ་རྣམས་ནི། །མིང་གིས་ཡིད་ལ་བསམས་ནས་སུ། །ཞེས་པའི་མིང་གིས་ཞེས་པ་སྔགས་བདུན་བདུན་བརྗོད་པ་དང་། ཡིད་ལ་བསམ་པ་ནི་ལྷ་བསྒོམ་པའོ། །ཞེས་ཆོས་རྗེ་ཐམས་ཅད་མཁྱེན་པས་ཡིད་ཆེས་ཁུངས་བཙུན་དུ་བཀའ་སྩལ་ཞིང་། དཀྱིལ་ཆོག་འདི་གཉིས་སོགས་སུའང་གསུངས་པས། ལྷ་བསྐྱེད་དུས་རིགས་སྙིང་དང་། སོ་སོའི་སྔགས་བདུན་བདུན་བརྗོད་དོ། །སྤྱི་རྒྱུད་ལས། དེ་ནས་མཆོད་པ་ཡང་བྱས་ལ། །ཞེས་དང་། དོན་ཞགས་དཀྱིལ་ཆོག་ཏུ། དྲིའི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པས་རྒྱས་པར་མཆོདནས། ཞེས་གསུངས་པས་འགྲུབ་ན་སྔར་བཞིན་རྒྱས་པ་དང་། མ་འགྲུབ་ན། ཨཱ་ཧ་ར་སོགས་བཞིས་མཆོད། ཤཱཀྱ་སེང་གེ་བཅོམ་ལྡན་འདས། །ནས། བྱིན་གྱིས་བརླབས་པར་མཛད་དུ་གསོལ། །གསུམ། སློབ་མར་དབང་མི་བསྐུར་ན། སློབ་མ་ཞེས་པ་སྦྱིན་བདག་ཅེས་འདོན། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །སོགས་སྔར་བཞིན་བསྟོད། བསྟོད་པ་འབྱུང་བའི་སྔགས་བརྗོད། ཛི་ན་ཛིཀ་གཙྪ། ནས། དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། །ལྷ་སྟ་གོན་ནོ། །དཀྱིལ་ཆོག་ཏུ་དབང་ཆོག་མ་བཤད་པས། བུམ་སྒྲུབ་དང་སློབ་མ་ལྷག་གནས་གསུངས་པས། དེ་དག་སྤྱི་རྒྱུད་སོགས་ལས་གསུངས་པ་བཞིན་གྲུབ་ན་ལེགས་ཀྱང་། ཕྱག་བཞེས་ལྷ་བཙུན་རྣམ་རྒྱལ་བའི་དབང་ཆོག་ཟིན་བྲིས་བཞིན་མཛད་ཀྱིན་འདུག་པས་རེ་ཞིག་དེ་སོར་བཞག་ནི། དེ་ཉིད་ལས། སློབ་མ་རྗེས་འཛིན་ནི། བུམ་པ་བཞིའམ་གཉིས། ལྷ་བུམ་དུ་གཙོ་བོ་བསྐྱེད་ལ་སྙིང་པོ་དང་རྩ་སྔགས་བཟླ་ཞིང་། ལྷ་ཞུ་བས་ཆུར་བལྟ་བའོ། །དེ་དང་འདྲ་བ་ལས་བུམ་དུ་བདུད་རྩི་འཁྱིལ་བ་སྐྱེད་པ་སོགས་སྤྱི་འགྲོ་ལྟར་མཛད་ཅེས་འབྱུང་། བུམ་པ་སྟ་གོན་ནོ། །ཡང་དེ་ཉིད་ལས། དེ་ནས་དཀྱིལ་འཁོར་སྒྲུབ་མཆོད་གཞུང་ལྟར་བྱེད། དེ་ནས་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་མཎྜལ་འབུལ། མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་འཁོད་པ་ལ། བླ་མས་ལས་རྒྱུ་འབྲས་བཤད། འཁོར་བ་ལ་ངེས་པར་འབྱུང་བ་དང་། ཐར་པ་འདོད་པའི་བློ་བཅོས། སྡོམ་པ་སྦྱིན་པ་ནི། ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ། སྲོག་གཅོད་མ་བྱིན་ལེན་པ་དང་། །གཞན་གྱི་བུད་མེད་རྫུན་སྨྲ་རྣམས། །སྤང་བྱ་འཕགས་པ་ཇི་བཞིན་བྱ། །ལྔ་པ་ཆང་གི་ལྟུང་བ་ཉིད། །ཅེས་པས་བསླབ་བྱ་ལྔ་བཟུང་དུ་གཞུག་སྟེ། བདག་གིས་སེམས་ཅན་གསད་མི་བྱ། །ཕ་རོལ་ནོར་ནི་མི་འཕྲོག་གོ། །བདག་གིས་ཚངས་པར་སྤྱོད་པ་སྤྱད། །རྫུན་གྱི་ཚིག་ཀྱང་སྤང་བར་བགྱི། །མྱོས་བྱེད་བཏུང་བར་མི་བྱ་སྟེ། །གར་དང་གླུ་དང་རྒྱན་རྣམས་དང་། དགོད་བག་རྣམས་ནི་སྤང་བར་བྱ། །ཁྲི་སྟན་ཆེ་དང་མཐོ་བ་དང་། །དུས་མིན་བཟའ་བ་སྤང་བྱ་སྟེ། །དེ་ལྟར་གསོ་སྦྱོང་ཡན་ལག་བརྒྱད། །རྣམ་དག་བདག་གིས་གཟུང་བར་བགྱི། །ཞེས་ལན་གསུམ་གྱིས་གསོ་སྦྱོང་ཕོག་ནས། སློབ་དཔོན་གྱིས་བརྗོད་པ། དཀྱིལ་འཁོར་འཁོར་ལོའི་ཆོ་ག་ནི། །འཁོར་བཞི་ཆར་ལ་ཡང་དག་གནང་། །རང་རང་བསླབ་པ་དང་ལྡན་པ། །ཐེག་པ་ཆེན་པོ་སྒྲུབ་བྱེད་པ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་ཞུགས་པར་བྱ། །བསོད་ནམས་ལྡན་པ་དེ་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །སླར་ཡང་དད་དང་ལྡན་པ་ཡིས། །འཇིག་རྟེན་ཕ་རོལ་མ་དམིགས་ན། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད་དོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ཞུའོ་སྙམ་པའི་བློ་བསྐྱེད་དུ་བཅུག །དེ་ནས་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སློབ་མའི་ལུས་ལ་ཕོག་པས་སྡིག་སྒྲིབ་སྦྱང་། འོད་ཀྱི་རང་བཞིན་དུ་གྱུར་པ་དེ་རང་གི་ཐུགས་ཀར་བཅུག་ནས་འོད་ཟེར་དྲི་མེད་དུ་བསྐྱེད་པ་ལ། སངས་རྒྱས་ཐམས་ཅད་བསྟིམ། དབང་བསྐུར་སླར་ཕྱིར་ཕྱུང་ནས། དཀྱིལ་འཁོར་གྱི་ཤར་སྒོར་ནུབ་སྒོར། དབང་སྟེགས་ཀྱི་སྟེང་དུ་རིམ་བཞིན་འཁོད་པར་མོས་ཏེ། སློབ་མས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ཞེས་པ་ནས། མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་པའི་བར་གྱིས་གསོལ་བ་གདབ། བླ་མས། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །གང་དག་དེ་བཞིན་གང་མ་བྱོན། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་བའི་དོན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་རྙེད། །གསང་སྔགས་སྦྱོར་བ་མཉམ་མེད་པ། །ཤཱཀྱ་སེང་གེ་སྐྱོབ་བ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་དོན་བཤད་དེ་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པ་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་བཟུང་། ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་ནི། བླ་མ་སངས་རྒྱས་སྲས་དང་བཅས། །འོད་ཟེར་དྲི་མ་མེད་བའི་ལྷ། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །འདི་ལྟར་དུས་འདི་ནས་བཟུང་སྟེ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སེམས་ཅན་མ་ལུས་པ་ཡི་དོན། རྫོགས་པར་བྱ་ཕྱིར་སེམས་བསྐྱེད་དེ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་པ་བཟུང་། དེ་ནས་སློབ་མ་ལ་ཡུངས་ཀར་གྱིས་བྲབ། ༀ་ཨཱཿབིགྷྣཱཾཏ་ཀྲིཏ་ཧཱུྃ་ཕཊ། ལན་གསུམ་གྱིས་བགེགས་བསལ། མེ་དང་། ཆུ་དང་། ཡུངས་ཀར་གྱིས་བསྐོར་ཞིང་། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱ་ཧཱ། སྡིག་པ་བསྲེགས་ཤིང་བཀྲུས་ནས་བྱུར་བསལ། སྙིང་པོའི་སྔགས་བརྗོད་པས་བརྟན་པར་བྱ། དེ་ནས་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་སློབ་མའི་གནས་གསུམ་དུ་རེག་ཅིང་། ༀ་ཨཱཿཧཱུྃ་བརྗོད་དེ། ཡི་གེ་གསུམ་སེམས་ལ། དེ་ལ་ཡེ་ཤེས་པ་བསྟིམ་ནས་བསྲུང་བར་བྱ། དེ་ལ་མེ་ཏོག་ལ་སོགས་པས་མཆོད་དོ། །དེ་ནས་འོ་མ་ཅན་གྱི་ཤིང་སོར་བཅུ་གཉིས་པ་སྲིན་དང་ཆག་གས་མེད་པ་རྩེ་མོར་མེ་ཏོག་བཅིངས། བ་བྱུང་ལྔས་བྱུགས་པའི་མཎྜལ་ཚོམ་བུ་ལྔ་པར་དོར་ཏེ། རྩེ་མོ་སྟེང་དང་། བདག་ལ་ལྟས་ན་མཆོག་འགྲུབ། ཕྱོགས་བཞིར་ཞི་རྒྱས་དབང་དྲག །མཚམས་བཞིར་གྲུབ་ཆེན་བརྒྱད། འོག་ཏུ་བལྟས་ན་ཁྱད་པར་དུ་ས་འོག་འགྲུབ་བོ། །ཞེས་ལུང་བསྟན། མཎྜལ་གྱི་ཕྱིར་ལྷུང་ན་དངོས་གྲུབ་མི་འགྲུབ་པས་བསྐྱར་ལ་བོར་རོ། །དེ་ནས་ལས་བུམ་གྱི་ཆུ་ཁྱོར་བ་གཡས་སུ་བྱིན་ལ་ལན་གསུམ་འཐུངས་ནས། ལུས་ངག་ཡིད་ཀྱི་སྡིག་སྒྲིབ་དག་པར་མོས་ལ། ༀ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ན་ཙི་སཱཾ་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུྃ། ལན་གསུམ་བརྗོད་དོ། །དེ་ནས་སྲད་བུ་དམར་པོ་ལུས་ཚད་གསུམ་བསྒྲིལ་ལ་རྡོ་རྗེའི་མདུད་པ་གསུམ་བྱས་ཏེ། ཡེ་ཤེས་པ་བཅུག །ༀ་བུདྡྷ་མ་ཏྲི་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཏགས་ཏེ་བསྲུངས། ཧཱུྃ་ལས་བྱུང་བའི་ཀུ་ཤ་ཆེ་ཆུང་གཉིས་ཆེ་བ་གཡས་སུ་གཏད་ལ། ༀ་བཛྲ་ཏིཀྵྞ་དྷིཿདང་། ཆུང་བ་གཡོན་དུ། ༀ་བཛྲ་ཧ་ས་ཧ། ཞེས་པས་སྟན་དང་སྔས་སུ་སྦྱིན་ནས་རྨི་ལམ་བརྟག་ཏུ་གཞུག་པའོ། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །སྔགས་ཀྱི་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་ན་མེད་པར་བྱེད་ནུས་པ། །གཉིས་མེད་ཟབ་མོའི་སྤྱོད་འདི་ཡིས། །སེམས་ཅན་སངས་རྒྱས་ཐོབ་པའོ། །བསྐལ་བ་བྱེ་བ་གྲངས་མེད་པར། །བསགས་པའི་སྡིག་པ་གང་དང་གང་། །དཀྱིལ་འཁོར་བཟང་པོ་འདི་མཐོང་བས། །དེ་དག་ཐམས་ཅད་ཟད་པར་གྱུར། །ཞེས་པའི་དོན་བཤད་དེ་སྤྲོ་བ་བསྐྱེད། ནངས་པར་རྨི་ལམ་བཟང་ན་གཟེངས་བསྟོད། ངན་ན་སློབ་དཔོན་གྱིས་ཞི་བའི་སྦྱིན་སྲེག་བྱ་བར་གསུངས་པས། གང་རྨིས་པ་དེ་ང་ལ་སྨོས་ཤིག་བྱས་ལ་སློབ་མ་རྣམས་རང་རང་གི་གནས་སུ་བཏང་ངོ་། །རྣལ་འབྱོར་བསྡུ་བ། བདག་གི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ་ནས། བཀྲ་ཤིས་བརྗོད། ཤེས་རབ་སྙིང་པོ་ཚར་གཅིག་འདོན་པའི་བར་སྔར་བཞིན་བྱ་སྟེ་སྟ་གོན་ནོ། །ནངས་པར་ཐིག་གི་སྔོན་དུ་ལྷའི་རྣལ་འབྱོར་སྒོམ་དགོས་པར་གསང་བ་སྤྱི་རྒྱུད་ལས། དཀྱིལ་འཁོར་གྱི་ནི་གསང་སྔགས་ཀུན། །ནངས་པར་རྗེས་སུ་དྲན་བྱས་ནས། །གོས་དཀར་བགོས་ཤིང་མ་ཡེངས་པར། །ཞེས་པའི་དོན་དཀྱིལ་ཆོག་ཏུ། ནངས་པར་སྔ་བར་ལངས་ནས། ཁྲུས་ནས་བཟླས་པའི་བར་བྱས་ལ། ཞེས་གསུངས་པས། ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་སྲུང་བ་ནས། སྟེང་ནས་བླ་བྲེ་ལ་སོགས་པའང་གྲུབ་པར་གྱུར། ཞེས་པའི་རྗེས་སུ་སྤྱན་འདྲེན་གྱི་མཆོད་ཡོན་བྱིན་བརླབས་བར་ས་བཟུང་བཞིན་ནོ། །བསྙེན་པའི་སྐབས་ནས་བླངས་ཏེ། དད་པ་དང་ནི་དམ་ཚིག་གིས། །ནས། མཆོད་པས་བདག་ལ་དགྱེས་པར་མཛོད། །ཛི་ན་ཛིཀ྄ །ཤཱཀྱ་མུ་ནེ་ཨེ་ཧྱེ་ཧི། བཅོས་ལྡན་འདས་ནས། མདུན་དུ་སྤྱན་དྲངས། བདེ་བ་གཤེགས་སོ་ནས། མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི་སོགས་སྙིང་པོའི་མཐར། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མདུན་དུ་བཞུགས་སུ་གསོལ། ༀ་བཛྲ་ནས། ཧཱུྃ་ཕཊ། ཤཾ་ཀ་ནས། སྭཱ་ཧཱ། ཛི་ན་ཛིཀ྄ །དམ་ཚིག་ཆེན་པོའི་ཕྱག་རྒྱ་བཅིངས། །ཐམས་ཅད་བསྲུང་བ་ཆེན་པོར་གྱུར། །བསང་བ་སོགས་མཆོད་པ་བྱིན་རླབས་སྔར་བཞིན། བདེ་བར་གཤེགས་སོ་སོགས་གོང་བཞིན་མཆོད་ཡོན་དབུལ། ༀ་སརྦ་དེ་བ་སོགས་སྐུ་ཁྲུས་གསོལ་བ་ནས་ཞལ་ཟས་ཀྱི་རྗེས་སུ་མར་མེ་འབུལ་བའི་བར། ལེགས་གྲུབ་ལས། མགོན་པོ་ཐུགས་རྗེ་ནས། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ན་མཿསརྦ་བུདྡྷ་ནས། ན་མཿསྟུ་ཏེ་སྭཱ་ཧཱ། ཞེས་བསྟོད་པ་འབྱུང་བའི་སྔགས། འཇིག་རྟེན་དག་གི་ཕྱོགས་ཀུན་ན། །ནས། སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་ལེགས་གྲུབ་ནས་གསུངས་པའི་རྒྱུན་བཤགས། ཨཱ་ཧ་རཨཱ་ཧ་ར་སོགས་མཆོད་པ་བཞིན། ༀ་བྷ་ནས། སིདྡྷི་རྠེ་སྭཱ་ཧཱ། བླ་མ་ལ་ཕྱག་འཚལ་ལོ། །ལྷ་གསལ་བར་གྱུར། ན་མོ་རཏྣ་ནས། སིདྡྷི་རྠེ་སྭཱ་ཧཱ། རང་ལྷར་གསལ་བའི་ནས། ཧུ་རུ་ཧུ་རུ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཡི་གེ་རྣམས་རིམ་བཞིན་བཀོད། སྒྲ་སྔགས་ཀྱི་ཕྲེང་བ་ནས། རིམ་པ་འདིས་ཅིག་ཅར་གསལ་བར་གྱུར། བཟླ་དུས་ཀྱི་བསླབ་བྱ་དང་ལྡན་པས་རྩ་སྔགས། སྙིང་པོ་སོ་སོར་ཅི་འགྲུབ་མཐར། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །མགོན་པོ་ཁྱེད་ཀྱིས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་བརྗོད། ཐིག་ཚོན་གྱི་ཆོ་ག་གཞན་ནས་ཁ་འགེངས་མཛད་པ། སྤྱི་རྒྱུད་སོར་བཞག་འདིར་བཀྲལ་བས། ༀ་ཏྲཾ་བྷནྡྷ་སྭཱ་ཧཱ། ཞེས་དཀྱིལ་འཁོར་ས་གཞིར་བསང་གཏོར་བྱ། སློབ་དཔོན་དཀྱིལ་འཁོར་གྱི་ཤར་དང་། སློབ་མ་ནུབ་ཏུ་འཁོད་པའི། ཐིག་སྐུད་ཁ་དོག་ལྔ་སློབ་དཔོན་གྱི་ཕྱག་གཡོན་པའི་མཛུབ་མོའི་རྩ་བ་ནས་རྩེ་མོའི་རྩིག་པའི་རིམ་པ་དང་མཐུན་པ་བཀོད་དེ། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། བྷྲཱུྂ། བཟླས་ཤིང་དང་པོ་སོ་སོར། དེ་ནས་གཅིག་ཏུ་བསྒྲིལ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བརྒྱ་བཟླས། ཨཱ་ཧ་ར་སོགས་བཞིས་མཆོད། མདུན་གྱི་ནམ་མཁར་ནས། ལྷ་ཐམས་ཅད་ཞུགས་པར་གྱུར། དཀོན་མཆོག་གསུམ་ལ་ཨཱ་ཧ་ར་སོགས་བཞིས་མཆོད། ལྷ་རྣམས་ལ་དངོས་སུ་ཕྱག་འཚལ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སོགས་བརྗོད། ཨཱ་ཧ་ར་སོགས་བཞིས་མཆོད། དཀྱིལ་ཆོག་བཞིན་ཐིག་གདབ། དེའི་ཚེ་ཕྱོགས་འཁྲུལ་སྤངས་ཕྱིར། ཕྱོགས་ཀྱི་དབྱེ་བ་མི་རྟོག་པས་བཏགས་པ་ཡིན་གྱི། དོན་དམ་པར་ཕྱོགས་ཐམས་ཅད་མཉམ་པ་ཉིད་དོ། །ཅེས་དང་། གནམ་ཐིག་ས་ཐིག་གཉིས་ཀ་གདབ། འདེབས་དུས། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་པ་རྣམས་ཁ་བཀང་ཀྱང་ལེགས། དཀོན་མཆོག་གསུམ་ལ་ཨཱ་ཧ་ར་སོགས་བཞིས་མཆོད། རང་ཉིད་ཁྲོ་བོའི་རྒྱལ་པོར་སྒོམ་པ་སོགས་གོ་ཆའི་གོ་རིམ་དཀྱིལ་ཆོག་བཞིན། དཀྱིལ་ཆོག་ནས་ཇི་ལྟར་གསུངས་པ་བཞིན་ལས། བསང་གཏོར་རྣམས་ལས་སྔགས་དང་བདུད་རྩི་ཐབས་སྦྱོར་གྱི་སྔགས་དང་། དཔུང་པ་ཁྲོ་བོ་མནོལ་བ་མེད་པ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་སྲུང་བ་དང་། གོ་ཆའི་སྔགས་རྒྱས་སྲུང་བ་དང་གོ་བསྐོན། རྩ་སྔགས་སམ་སྙིང་པོས་སྲུང་བ་ཡང་སྤྱི་རྒྱུད་དུ་གསུངས། ཕྱག་འཚལ་བའི་སྔགས་སྔར་བཞིན། ཤེར་ཕྱིན་མདོ་ཤེས་རབ་སྙིང་པོ་ཚར་གཅིག་འདོན་ནོ། །རྡུལ་ཚོན་སྣ་ལྔ་སློབ་དཔོན་གྱི་མདུན་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་བཀོད། བགེགས་བསལ་བ་སོགས་སྔར་མཆོད་པ་བྱིན་རླབས་བཞིན་ལས། རྡུལ་ཚོན་རྣམས་ལྷ་རྫས་ཀྱི་ཡོ་བྱད་སོགས་བརྗོད། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བརྒྱ་རྩ། ལྷ་གནས་རྣམས་སུ་བ་ལྕི་དང་། བ་བྱུང་གི་ཆུ་བསྐུ། དྲི་བཟང་གི་ཆུས་གཏོར་བ་རྣམས་རྒྱུད་དོན་དཀྱིལ་ཆོག་ཏུ་བཀྲལ་བ་མ་ཆད་པར་བྱ། བྷྲཱུྂ་ཞེས་ཚོན་རྣམས་ལ་དྲི་བཟང་གི་ཆུས་གཏོར། བསྐོར་ཐིག་མི་མཛད་པས་ཐིག་འདེབས་ཀྱི་ཕུར་གདབ་མི་དགོས་པས། ཕུར་བུ་ཕྱུང་བ། ཁུང་བུ་འགེངས་པའང་མི་དགོས། ༈ །ལྷའི་མཚན་མ་རྣམས་འབྲི་ཚེ་སོ་སོའི་སྔགས་ཟློས་དགོས་ཏེ་སྤྱི་རྒྱུད་ལས། ཡིད་ལ་དེ་ཡི་སྔགས་ཟློས་ཤིང་། །ཕྱེ་མ་དཀར་པོ་བྲི་བར་བྱ། །ཞེས་སོ། །མཆན། ཚོན་པྲ་བརྟག་པའང་འདི་ཕྱོགས་ཀྱི་ཕྱག་ལེན་ལ་མི་སྣང་། ཐིག་ཚོན་ལ་བསྐྱེད་ཆོག་མེད་པས་གཤེགས་གསོལ་མི་དགོས། དཀྱིལ་འཁོར་གྱི་ཕྱིའི་མཐའ་སྐོར་གྱི་མཆོད་པ་བཤམས་སྐབས། ཕྱོགས་བཞིར་མཆོད་ཡོན་དབུལ་བའི་སྟེགས་བུའི་སྟེང་དུ་རྫས་བདུན་ཆུ་གཙང་དང་སྦྱར་བའི་མཆོད་ཡོན་འཐོར་ཡབ་བཟེད་ཞལ་བཅས་པ་རེ་རེ། དྲི་ཆབ། མེ་ཏོག །བདུག་སྤོས། མར་མེ། ཞལ་ཟས། ཁུར་བའི་བྱེ་བྲག །ཤིང་ཏོག །སྲན་ཚོད། འོ་ཐུག་རྣམས་ཕྱོགས་རེར་ཚར་རེ། ནུབ་ཕྱོགས་སུ་འཇིག་རྟེན་པ་གསུམ་ལ་སོ་སོའམ་ཐུན་མོང་དུ་གཅིག །རྒྱལ་མཚན་སྤྱི་རྒྱུད་ལས། རྒྱལ་མཚན་གསར་པ་སྣ་ཚོགས་དང་། །བརྒྱད་ནི་ཁོ་ར་ཁོར་ཡུག་ཏུ། །ཡུལ་བ་དྲང་པོ་རིང་པོ་ལ། །དཔྱངས་ནས་ཉེ་བར་བཟུང་བྱས་ཏེ། །དཀར་པོ་ཤར་གྱི་ཕྱོགས་སུ་གཟུག །སྔོན་པོ་ལྷོ་ཡི་ཕྱོགས་སུ་གཟུག །ཤར་ལྷོའི་ཕྱོགས་སུ་ལེ་བརྒན་གཟུག །ལྷོ་ནུབ་མཚམས་སུ་དུད་ཀ་གཟུག །ནུབ་ཀྱི་ཕྱོགས་སུ་དམར་པོ་གཟུག །ནུབ་བྱང་མཚམས་སུ་ཁྲ་བོ་གཟུག །བྱང་གི་ཕྱོགས་སུ་སེར་པོ་གཟུག །བྱང་ཤར་མཚམས་སུ་ལྗང་སེར་གཟུག །དེ་ལྟར་རྒྱལ་མཚན་བརྒྱད་པོ་རྣམས། །གོ་རིམ་བཞིན་དུ་གཟུག་པར་བྱ། །རྒྱལ་མཚན་རྣམས་ཀྱི་རྩེ་མོ་ལ། །ཏོག་ནི་རྨ་བྱའི་མདོངས་ཀྱིས་བརྒྱན། །རྒྱལ་མཚན་རྣམས་ནི་མ་རྙེད་ན། །ཐམས་ཅད་དཀར་པོ་གཅིག་པུའམ། །ཡང་ན་དེ་བས་མང་ཡང་རུང་། །ཤར་གྱི་ཕྱོགས་སུ་གཟུག་པར་བྱ། །ཞེས་སོ། །ཐིག་ཚོན་བསྐྱེད་ཆོག་མེད་པས་གཤེགས་མི་དགོས། དཀྱིལ་ཆོག་བྲི་བཤམས་གྲུབ་དུས། སྤྱི་རྒྱུད་ལས། དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །ཉེ་རེག་བྱས་ཤིང་གཙང་བར་བྱ། །ལྷ་རྣམས་ལའང་ཕྱག་བྱས་ནས། །བཟང་ངམ་མི་བཟང་བརྟག་པར་བྱ། །ཞེས་པའི་དོན་དཀྱིལ་ཆོག་ནས་བཤད་པ་ལྟར་མཚན་མ་བརྟག །ཞག་གི་བར་ཆོད་ནས་དཀྱིལ་འཁོར་བྲིས་བཞིན་མ་གྲུབ་ན་ཉིན་རེ་བཞིན་བསྙེན་པའི་སྐབས་སོར་བཞག་བཟླས་པའི་བསྒོམ་བཟླས། མཐར་མཆོད་བསྟོད། ཛི་ན་ཛིཀྲ་གཙྪ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྤྱན་དྲངས་པའི་ནས། གཤེགས་སུ་གསོལ། སྔགས་ཀྱི་སྤྲུལ་པའི་ནས། བདག་ལ་ཐིམ། བདག་གི་ལྷའི་ནས། ཤེར་སྙིང་འདོན་པའི་བར་རྣལ་འབྱོར་བསྡུ་ཅོག་བྱའོ། ༈ །དེ་ལྟར་དཀྱིལ་འཁོར་བྲི་བ་སོགས་གྲུབ་ནས། དངོས་གཞི་དཀྱིལ་འཁོར་སྒྲུབ་མཆོད་ནི། ནངས་པར་མཆོད་པ་སོགས་བཤམ། ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་ཉིད་བསྲུང་བ་ནས། ནང་གི་དཀྱིལ་འཁོར་གྱི་ཤར་གྱི་ཆའི་དབུས་སུ། གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ། ཞེས་པའི་བར་ས་བཟུང་བཞིན། དེ་ནས་དཀྱིལ་འཁོར་བྲི་ཡིག་ལས་བླངས་ཏེ། འཁོར་ལོ་རྩིབས་བརྒྱད་པ་འོད་ཟེར་ཕྲེང་བ་དང་བཅས་པ། ནམཿསཔྟཱ་ནཱཾ་སོགས་རྩ་སྔགས་ཚར་གཅིག །ཛི་ན་ཛིཀྲ །འཁོར་ལོ་དེ་ཉིད་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ནས། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། ཞལ་ནུབ་ཏུ་བསྟན་པ། དེའི་གཡོན་ངོས་ནས། རྡོ་རྗེ་སྔོན་པོ་རྩེ་གསུམ་པ། ན་མོ་རཏྣ་ནས། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། བཛྲ་དྷྲིཀ །རྡོ་རྗེ་དེ་ཉིད་ཕྱག་ན་རྡོ་རྗེ་ནས། ཁྲོ་བོའི་ལུས་ཀྱི་ཉམས་ལ་གནས་པ། དེའི་མདུན་དུ་ནུབ་ཀྱི་ནས། ཟླུམ་པོའི་སྟེང་དུ་དུང་། ན་མོ་བཛྲ་ནས། ཙཀྲ་ཡ་སྭཱ་ཧཱ། དུང་དེ་ཉིད་ཁྱབ་འཇུག་ནས། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་གཡོན་བཅོམ་ལྡན་འདས་ཀྱི་ཐད་དུ། དཀྱིལ་འཁོར་ནས། བྲཱི་ཡ་སྭཱ་ཧཱ། མདུང་རྩེ་གསུམ་དེ་ཉིད་དྲག་པོ་དཀར་པོ་ནས། གླང་བུ་ཁྱུ་མཆོག་ལ་ཞོན་པ། དེའི་གཡོན་དུ་གཡུང་དྲུང་རིས་ཀྱི་དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཉིས་རིམ། ངོས་བཞི་ནས་ཤད་བཞི་དྲངས་ལ་ཚིགས་བཅག་སྟེ་གཡས་ཕྱོགས་སུ་འཁྱིལ་བ། ཤད་བཞི་པོ་དག་ཀྱང་རིན་པོ་ཆེའི་ཕྲེང་བས་བསྐོར་བ། ན་མོ་བཛྲ་པཱ་ཎི་ནས། ར་ཏི་ནི་སྭཱ་ཧཱ། གཡུང་དྲུང་རིས་དེ་ཉིད་ཚོགས་བདག་སྐུ་མདོག་ནས། ཚུལ་གྱིས་བཞུགས་པ། ལྷ་དེ་གསུམ་ཞལ་ཤར་དུ་གཟིགས་པའོ། །ཤར་གྱི་བཅོམ་ལྡན་འདས་ཀྱི་གཡས་བྱང་ཕྱོགས་སུ་ནས། དེ་ནི་སྭཱ་ཧཱ། ཨ་རོ་ལིཀྲ །སྡོང་བུ་དང་བཅས་པའི་པདྨ་དེ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནས། སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་རྒྱུད་ལས། དང་པོ་གཟུགས་སུ་བྲི་བར་གཤད། །གཉིས་པ་དག་ནི་ཕྱག་རྒྱ་བྲིས། །གསུམ་པ་སྟན་དང་གནས་དག་ཏུ། །བྲི་བའི་ཆོ་ག་ཡོངས་སུ་བསྒྲགས། །ཞེས་སོགས་དང་། ཕྱག་རྒྱ་རྣམ་གསུམ་གང་བཀོད་པ། །བར་དུ་རབ་ཏུ་བསྒྲགས་པ་ཡིན། །ཁྱད་པར་དུ་ནི་དེ་བསྔགས་ཏེ། །དེ་ལ་བྱིན་གྱིས་རློབས་པར་འགྱུར། །ཕྱག་རྒྱ་བྲི་ན་བདེ་བ་སྟེ། །ཕྱག་རྒྱ་གང་ཡིན་དེ་ཉིད་ལྟ། །དེ་བས་མཁས་པས་ནན་ཏན་དུ། །དཀྱིལ་འཁོར་དང་ནི་ཕྱག་རྒྱ་བྲི། །ཞེས་སོགས་ཀྱི་དོན་དཀྱིལ་ཆོག་འདིར་ཡང་ཕྱག་མཚན་འགོད་པར་མཛད་པས། དེ་ཉིད་ལྷར་བསྐྱེད་ཆོག་གི་ཁྱད་པར་དེ་དག་སྦྱར། ཕྱི་ཡི་སྣམ་བུའི་གྲྭ་པདྨ་འདབ་བརྒྱད། དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་དཀར་པོ་ནས། བཟླས་པའི་བར་ས་བཟུང་བ་བཞིན། ནམཿསཔྟ་ནཱཾ་སོགས་གཙོ་བོའི་རྩ་སྔགས་སོགས་ལྷ་སོ་སོའི་སྔགས་ལན་གསུམ་བཟླ་ཞིང་སོ་སོའི་ཕྱག་རྒྱ་བསྟན། རིགས་གསུམ་སྤྱིའི་ཕྱག་རྒྱ་དཀྱིལ་ཆོག་གི་དབུ་ན་བཞུགས་པ་བཞིན་གྱི་ཕྱག་རྒྱ་འཆིངས་ཤིང་། སྔགས། ཛི་ན་ཛིཀྲ། ཨ་རོ་ལིཀྲ །བཛྲ་དྷྲིཀྲ་སྟེ་སྙིང་པོའི་སྔགས་གསུམ་པོ་བཟླས། ཨཱ་ཧ་ར་སོགས་སྤོས་ཀྱི་སྔགས་རྒྱ། མགོན་པོ་ཐུགས་རྗེ་ནས། སྐྱོང་མཛད་རྣམས་ལ་ཕྱག་འཚལ་ལོ། །བསྟོད་པ་འབྱུང་བའི་སྔགས། འཇིག་རྟེན་དག་གི་ཕྱོགས་ཀུན་ན། །ནས། སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ནས། དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཤེར་ཕྱིན་སོགས་གླེགས་བམ་ཀློག །མ་འགྲུབ་ན་ཤེར་སྙིང་ཚར་གཅིག །དཀྱིལ་འཁོར་སྒྲུབ་མཆོད་དོ། །འཆི་བསླུ། སྲོག་ཤིང་འཛུགས་པ། ཚོགས་སོགས་བྱེད་ན་དཀྱིལ་ཆོག་བཞིན་དེ་དག་ལ་འཇུག །སློབ་མ་དབང་བསྐུར་ཡིན་ན། དབང་ཆོག་ཟིན་བྲིས་ལས། དངོས་གཞི་ལ་དཀྱིལ་ཆོག་བཞེངས་ནས། བདག་མདུན་བུན་གསུམ་བསྒྲུབ། སློབ་དཔོན་མཆོད་རྫས་ཐོགས་པ་དང་བཅས་པས། དཀྱིལ་འཁོར་ལ་བསྐོར་ཞིང་། ཡི་གེ་བརྒྱ་པ་འདོན་བཞིན། ཤར་སྒོར་གནས་པས། ༼ནུབ་སྒོར་གནས་པས་དེ་གཉིས་གཅིག་ཏུ་དབྱེ་དགོས་སོ། །མཆན།༽ ༀ་བཛྲ་ཨུདྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པས་སྒོ་དབྱེ་བར་བསམ། དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་ཐ་མི་དད་པར་མོས་ནས་མཎྜལ་ཕུལ་ཏེ། སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་རང་གིས་བདག་འཇུག་བླངས། དམ་ཚིག་དག་ཅིང་སློབ་དཔོན་གྱིས་ལས་ལ་གནང་བ་ཐོབ་པར་བསམ་ནས། སློབ་མའི་དོན་དུ་བདེན་པ་བརྗོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཡང་དག་འབྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱི་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་དུའོ། །ཞེས་སོ། །སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བའི་ཚུལ་ལ་རྒྱུད་སྡེའི་དབྱེ་བས་བྱ་རྒྱུད་ཀྱི་དབང་གི་ཁྱད་པར་ནི། ཆོས་རྗེ་ཐམས་ཅད་མཁྱེན་པས་རྒྱུད་སྡེ་སྤྱི་རྣམས་སུ། གཉིས་པ་སྨིན་པར་བྱེད་པ་དབང་གི་ཁྱད་པར་ནི། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱ། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །ཞེས་གསུངས་པས། འདིའི་དོན་གཏན་ལ་དབབ་པ་ལ། དབང་གི་ཁྱད་པར་དབྱེ་བ་དངོས་དང་། དེ་ལ་རྩོད་པ་སྤང་བ་གཉིས་ཀྱི། དང་པོ་ལ་འདི་ཉིད་ཀྱི་འགྲེལ་པ་རྡོ་རྗེ་གསང་བས་མཛད་པ་ལས། ཆུ་མི་བསྐྱོད་པ་དང་། དབུ་རྒྱན་རིན་ཆེན་འབྱུང་ལྡན་ཏེ། དེ་ཉིད་བྱ་བའི་རྒྱུད་ལ། རྡོ་རྗེ་འོད་དཔག་མེད། དྲིལ་བུ་དོན་ཡོད་གྲུབ་པ། མིང་རྣམ་པར་སྣང་མཛད། གསུམ་པོ་དེ་སྤྱོད་རྒྱུད་ཀྱི་ཁྱད་པར་དུ་མཛད་དེ། དེ་ལྟར་ཆུ་མི་བསྐྱོད་པས་ལ་སོགས་པར་བྱས་པ་ནི་རྣལ་འབྱོར་བླ་མེད་ཀྱི་ཡིན་གྱི། རྣལ་འབྱོར་རྒྱུད་མན་ཆད་ལ་དེའི་ངེས་པ་མེད་དེ་དེའི་ཚུལ་འོག་ཏུ་འཆད་དོ། །དེ་ལ་བྱ་བའི་རྒྱུད་དུ་ཆུ་ཡི་དབང་བསྐུར་གསལ་བར་བསྟན་ལ། དབུ་རྒྱན་ནི་གསལ་བར་གསུངས་པ་མི་སྣང་ཡང་། ཕྱག་རྒྱ་བཅིངས་ནས་སྤྱི་བོར་གཏུགས་པ་དེ་ཉིད་དབུ་རྒྱན་ཡིན་དགོས་ཏེ། གསང་བ་སྤྱི་རྒྱུད་ལས། མདོར་ན་དེ་ལ་སོགས་པ་ཡི། །ཆོ་ག་རྒྱས་པ་བྱས་ནས་སུ། །ཡིད་ཀྱི་དཀྱིལ་འཁོར་ལྷ་ཀུན་ལ། །མཁས་པས་གསོལ་བ་བཏབ་ནས་ནི། །བུམ་པ་བཟླས་བརྗོད་བརྒྱ་བྱས་ལ། །དེ་ནི་ལེགས་པར་བླངས་ནས་སུ། །དཀྱིལ་འཁོར་དལ་བུས་ལན་གསུམ་བསྐོར། །རྩ་བའི་གསང་སྔགས་ཀུན་འདོན་ཅིང་། །བློ་དང་ལྡན་པས་དབང་བ སྐུར་བྱ། །དེ་ནས་ཕྱག་རྒྱ་བཅིངས་ནས་སུ། །གསང་སྔགས་བློས་ནི་སྤྱི་བོར་གཏུག །གསང་སྔགས་རྒྱུད་ནི་འཛིན་འགྱུར་པ། །བློ་དང་ལྡན་པས་དབང་བསྐུར་རོ། །ཞེས་ཆུའི་དབང་བསྐུར་གསལ་བར་གསུངས་ཤིང་། དེ་བཞིན་དུ་འཇམ་དཔལ་རྩ་རྒྱུད་དང་། དོན་ཞགས་ཀྱི་ཆོ་ག་ཞིབ་མོ་དང་། ཕྱག་རྡོར་རིག་པ་མཆོག་ལ་སོགས་པ་རིགས་སོ་སོའི་རྒྱུད་རྣམས་སུའང་ཆུའི་དབང་གསལ་བར་གསུངས་ཀྱི། དབུ་རྒྱན་གྱི་དབང་གསལ་བར་མ་གསུངས་ལ། རྣལ་འབྱོར་རྒྱུད་ཀྱི་རིག་པ་བཀབ་ན། ཕྱག་རྒྱས་དབང་བསྐུར་བར་བཤད་པས་དབུ་རྒྱན་གྱི་དབང་བསྟན་ཏེ། དེ་ཉིད་བསྡུས་པར། དེ་ནས་ཕྱག་རྒྱ་ཕྲེང་བ་གང་རུང་གིས་བཅིངས་ལ། ཞེས་པའི་ཚིག་གིས་རིགས་ཐམས་ཅད་ཀྱི་དབུ་རྒྱན་གྱི་དབང་བསྟན་པར་འགྲེལ་པར་བཤད། ཕྱག་རྒྱས་དབང་བསྐུར་བ་ནི་སྤྱི་རྒྱུད་ལས་ཀྱང་བཤད་ལ། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། དང་པོ་རེ་ཞིག་རིག་པའི་དབང་བསྐུར་བ་བྱིན་ཏེ་ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་འཆིང་དུ་གཞུག་པར་བྱའོ། །ཞེས་དང་། དོན་ཞགས་ཆོ་ག་ཞིབ་མོ་ལས་ཀྱང་། ཐལ་མོ་ལྷན་ཅིག་བསྡམ་དུ་སྦྱར་ཏེ། མཁས་པས་པདྨོ་ཚུལ་དུ་བགྱིས་ལ་མཛུབ་མོ་ནོར་བུ་བགྱིས་ཏེ་གུང་མོ་ཡིད་ཙམ་ཞིག་བཀུག་པ་ནི། ཡིད་བཞིན་གྱི་ནོར་བུ་ཆེན་པོ་རྒྱལ་མཚན་གྱི་རྩེ་མོ་སྟེ་ལག་པ་སྤྱི་བོར་བརྐྱང་ནས་དབང་བསྐུར་བ་སྩོལ་བའི་སྔགས་འདི་བརྗོད་དོ། །ཞེས་དང་། འདིས་དབང་བསྐུར་བ་ཙམ་གྱིས་རིགས་སྔགས་འཆང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་རོ། །ཞེས་དང་། རིག་མཆོག་ལས། རྒྱལ་བའི་རྒྱུད་ལས་དབང་བསྐུར་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཞེས་གསུངས་པས། དེ་དག་གིས་དབང་བསྐུར་བསྟན་ནམ་སྙམ་སྟེ། འོན་ཀྱང་དེ་དག་གི་འགྲེལ་པ་མ་མཐོང་བས་ངེས་པ་དཀའ་བར་འདུག་ལ། རྣམ་འཇོམས་དང་། གཙུག་ཏོར་དང་། ཕྱག་རྡོར་ལ་སོགས་པའི་དཀྱིལ་ཆོག་རྣམས་སུ་ནི་ལ་ལས་ཆུ་དབང་ཙམ་དང་། ལ་ལས་རྣལ་འབྱོར་གྱི་རྒྱུད་བཞིན་ཕྱིར་མི་ལྡོག་གི་དབང་ཡན་ཆད་བསྐུར་བ་ཡང་བྱས་འདུག་པས་ངེས་པ་མི་སྣང་ངོ་། །སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་ནི། རྡོ་རྗེ་སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པ་ཡང་བྱ་རྒྱུད་ལ་མི་འགལ་བར་འཆད་དེ། དེས་མཛད་པའི་གསང་འདུས་ཀྱི་དཀྱིལ་ཆོག་ནས། འདིར་ཕྲེང་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་བྱ་བའི་རྒྱུད་རྣམས་སུ་ཡང་མི་འགལ་ཏེ། འཇམ་དཔལ་གྱི་རྒྱུད་ལ་སོགས་པ་རྣམས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། བྱ་བའི་རྒྱུད་ལ་ཆུ་ཡི་དབང་ལས་མེད་ན། འཇམ་དཔལ་རྩ་རྒྱུད་ལས། རེ་རེ་ལའང་ཇི་ལྟར་འདོད་པ་བཞིན་དུ་དབང་བསྐུར་བ་ལྔ་སྦྱིན་པར་བྱའོ། །ཞེས་བཤད་པ་དང་འགལ་ཞེ་ན། སྐྱོན་མེད་དེ། དཀྱིལ་འཁོར་གྱི་ཕྱིའི་འཇུག་སྒོའི་བུམ་པ་དང་བཅས། དཀྱིལ་འཁོར་གཉིས་པར་ལྷ་ཐམས་ཅད་ཀྱི་བུམ་པ་དང་། གསུམ་པ་ཉན་རང་གི་བུམ་པ་དང་། བྱང་སེམས་ཀྱི་བུམ་པ་དང་། སངས་རྒྱས་ཀྱི་བུམ་པ་རྣམ་རྒྱལ་ཏེ་ཆུ་དབང་ལན་ལྔ་བསྐུར་བ་ལ་དགོངས་པ་ཡིན་ནོ། །ཞེས་སོ། །དེ་ལྟར་རྒྱས་པར་གཏན་ལ་དབབ་པ་དང་། བྱ་རྒྱུད་ཀྱི་ཆོ་ག་རྒྱ་གར་ནས་འགྱུར་བ་མང་དག་ལས་སློབ་མའི་དབང་ལྔ། ཕྱིར་མི་ལྡོག་པའི་དབང་དང་དྲུག་གསལ་བར་བསྟན་ཞིང་། རྒྱུད་རྡོ་རྗེས་འོག་ལས་ཀྱང་། སྡོམ་ལྡན་དབང་བསྐུར་རྣམ་ལྔས་བསྐུར། །བུམ་པ་དང་ནི་རྡོ་རྗེ་དང་། །དྲིལ་བུ་དབུ་རྒྱན་མིང་གི་དབང་། །ལས་ཀྱི་ཆོ་ག་ཇི་བཞིན་ནོ། །ཞེས་དང་། བོད་ཀྱིའང་ཟངས་དཀར་ལོ་ཙཱ་བས། ཁ་ཅིག་མིང་དང་ཕྱིར་མི་ལྡོག །བུམ་པའི་མཐའ་རྟེན་མ་ལུས་པའི། །དབང་རྣམས་སྦྱིན་པར་བཞེད་པ་ཡོད། །འདིར་ཡང་བློ་བཟང་རྒྱས་པར་ཡོད། །ཞེས་པ་དང་། འོད་ཟེར་དྲི་མེད། ཕྱག་རྡོར་འགྲོ་བཟང་། རྣམ་འཇོམས་དཀར་པོ་རྣམས་ལ་སློབ་མའི་དབང་། ཕྱིར་མི་ལྡོག་པ་སློབ་དཔོན་གྱི་དབང་མཐའ་རྟེན་བཅས་བླ་མ་རྣམས་ཀྱི་ཕྱག་བཞེས་ཆུ་བབ་ཀྱི་རྒྱུན་ལ་དེང་སང་བར་དུ་མ་ཆད་པར་བཞུགས་པའི་ཕྱག་རྡོར་དཀྱིལ་ཆོག །སྔགས་འཆང་ཤཱཀྱ་དཔལ། མཁས་པའི་དབང་པོ་ཙནྡྲ་ཤྲི། ཐམས་ཅད་མཁྱེན་པ་ཤངས་ཆེན་ཡེ་ཤེས་རྒྱ་མཚོ་རྣམས་ཀྱིས་མཛད་པ་དང་། རྣམ་འཇོམས་དཀྱིལ་ཆོག་ཐུགས་སྲས་ལོ་ཙཱ་བའི་དངོས་སློབ་མཁས་གྲུབ་བསོད་ནམས་འཕེལ་བས་མཛད་པ། འོད་ཟེར་དྲི་མེད་ཀྱི་དབང་ཆོག་ཟིན་བྲིས་ཐུགས་སྲས་སེམས་དཔའ་ཆེན་པོའི་དངོས་སློབ་ལྷ་རྣམ་རྒྱལ་བས་མཛད་པ་རྣམས་ཀྱི་རྗེས་སུ་འབྲང་སྟེ། ལྷ་བཙུན་རྣམ་རྒྱལ་བའི་དབང་ཆོག་གཞིར་བཞག་མཁས་པ འི་དབང་པོས་དཔྱད་པ་མཛད་པ་རྣམས་ཀྱིས་གསལ་བར་བྱས་ནས་བརྗོད་པར་བྱ་སྟེ། དེ་ནས་སློབ་མ་རྣམས་ཁྲུས་བྱས། དྲིས་བྱུགས། རྒྱན་དང་གོས་གསར་གྱོན་ཏེ། ཕྱག་དང་མཎྜལ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་བདག་དཀྱིལ་འཁོར་འཇུག་པའི་ཡོན་དུ་དབུལ་བར་བགྱིའོ། །ཨི་དཾ་གུ་རུ་མཎྜལ་ཀཾ་ཎིརྻ་ཏ་ཡ་མི། གསུམ། ཡོལ་བའི་ཕྱིར་གནས་པ་ལ། ༀ་ཙཀྵཱུ་བནྡྷ་ཝ་ར་མ་ཎ་ཡ་སྭཱ་ཧཱ། གདོང་བཅིངས། ཨ་ཁཾ་ཝི་ར་ཧཱུྃ། མེ་ཏོག་ཕྲེང་བ་གཏད། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུད་རྩི་ཐབས་སྦྱོར་གྱི་སྔགས་བརྗོད་ཅིང་། ལས་བུམ་གྱི་ཆུས་གཏོར་ལ་བགེགས་བསལ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་དཀར་ཧཱུྃ་སྟེ་གནས་གསུམ་བྱིན་གྱིས་བརླབས་ལ། སྐལ་བ་འདྲི་སྟེ། བླ་མས། ཀྱེ་སྐྱེས་བུ་སུ་ཡིན། ཅི་ལ་དགའ། སློབ་མས། བདག་གི་སྐལ་པ་བཟང་པོ་ལགས། །འོད་ཟེར་དྲི་མ་མེད་པ་ལ་དགའོ། །ཞེས་དང་། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མགོན་ལ་སྐྱབས་སུ་མཆི། །བདེར་གཤེགས་འོད་ཟེར་དྲི་མ་མེད། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་བགྱི། །ཞེས་བླ་མ་དང་ལྷ་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ། བླ་མས་རྡོ་རྗེ་དྲིལ་བུ་འཛིན་པས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །འོད་ཟེར་དྲི་མེད་ཅེས་བྱ་བ། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུ མ་དུ་གསོལ་བ་བཏབ། སློབ་མས་རྡོ་རྗེ་ལ་འཇུས་ནས། ཡོལ་བའི་ནང་དུ་ཁྲིད། མེ་ཏོག་དང་བཅས་པའི་ཐལ་མོ་གནས་གསུམ་དུ་སྦྱར་ཞིང་རིམ་པས། ༀ་ན་མ་སྟེ་ཧཱུྃ། ན་མ་མེ་ཧཱུྃ། ན་མོ་ན་མཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་དེ་ཕྱག་བྱེད་དུ་བཅུག ཤར་སྒོ་ནས་༼ནུབ་སྒོ་ནས་དགོས།༽ སྙིམ་པར་མེ་ཏོག་འཛིན་པས། དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ། སྟ་གོན་གྱི་སྐབས་ལྟར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་ཐུན་མོང་དང་། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སོགས་ཀྱིས་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་། སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཟླ་བ་དང་། རྡོ་རྗེ་གཉིས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་དམིགས་ལ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡཱ་མི། ཞེས་པས་རྣལ་འབྱོར་དུ་སེམས་བསྐྱེད། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ། ཧོཿསིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་པའི་བྱིན་གྱིས་བརླབས། དེ་ནས་དམ་མེད་ལ་གསང་བའི་དོན་རྣམས་མ་སྨྲ་ཞེས་དམ་ལ་བཞག་པ་ལ་བཞི་ལས། ཕན་ཡོན་བསྟན་ཏེ་དམ་ལ་བཞག་པ་ནི། སློབ་མའི་སྤྱི་བོར་རྡོ་རྗེ་འཛིན་པས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེས་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡི། ཡེ་ཤེས་གང་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱིི་མདུན་དུ་སྨྲ་བར་མི་བྱ་སྟེ། དད་པ་མེད་པ་རྣམས་ལ་ཡང་མ་ཡིན་ནོ། །སྨྲས་ན་དམ་ཚིག་ཉམས་པར་འགྱུར་རོ། །ཞེས་བརྗོད། ཉེས་དམིགས་ཀྱི་དམ་བཞག་ནི། རྡོ་རྗེ་མགོ་ལ་རེག་ལ། འདི་ནི་སུ་ཡང་རུང་བ་ལ། །གལ་ཏེ་ཁྱོད་ཀྱིས་སྨྲས་པ་ན། །དམ་ཚིག་རྡོ་རྗེ་དེ་ཉིད་དེ། །རང་གི་མགོ་བོ་འགེམས་པར་འགྱུར། །ཞེས་བརྗོད། གཉིས་ཀའི་སྒོ་ནས་དམ་བཞག་ནི། ལས་བུམ་གྱི་ཆུ་བླུད་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ། །དམ་ལས་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་བྱིན། བླ་མའི་བཀའ་ཉན་པའི་དམ་བཞག་ནི། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །འོད་ཟེར་དྲི་མེད་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱི་དེ་ལྟར་བྱ་དགོས་སོ། །ང་ལ་བརྙས་ན་དམྱལ་མེས་སྲེག །ཞེས་འདོམས་པའོ། །དེ་ནས་སློབ་མས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རླབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་དབབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། སློབ་མ་བསང་སྦྱང་། གཙོ་བོར་བསྐྱེད་པའི་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞེངས་ནས་ཞབས་བགྲད་འདོམས་སུ་རྂ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ་མེ་ལྟར་འབར་བ་ལ་རྂ། སྙིང་གར་ལྂ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་ལ་ལྂ། སྤྱི་བོར་བྂ་ལས་ཆུའི་དཀྱིལ་འཁོར་དཀར་པོ་བྂ་གྱིས་མཚན་པར་བསམ་སྟེ། རླུང་གཡོས། མེ་སྦར། ས་དྲོས། ཆུ་ཁོལ་བ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་གང་། འོག་གི་རླུང་གིས་བཏེགས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་ཐིམ་པར་བསམ། གུ་གུལ་གྱིས་བདུག །རོལ་མོ་སྦིར། ༀ་བཛྲ་ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། སྟྭམྦྷ་ཡ་སྟྭམྦྷ་ཡ། ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཧ་ཨ་ཛྷཻཾ། ཞེས་བཟླས། ཏིཥྛ་བཛྲ་ཧཱུྃ་གིས་མེ་ཏོག་སྤྱི་བོར་སྦྱིན་ལ་བསྟན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་བར་སྣང་ལ་བལྟས་ནས་ཁ་དོག་དྲིས་ལ། དཀར། སེར། དམར། ནག་ལས་ཞི། རྒྱས། དབང་། དྲག །ལྗང་ཁུ་དང་ཁྲ་བོ་ལས་སྣ་ཚོགས་འགྲུབ་པར་ལུང་བསྟན། བླ་མས་དྲིལ་བུ་གསིལ་ལ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །དེ་ལྟར་བསོད་ནམས་དེ་བཞིན་ཤོག །ཅེས་གསོལ་བ་བཏབ། གཙོ་བོ་ལ་ཕུལ་བར་མོས་ནས། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་དོར། མེ་ཏོག་དེ་ཉིད་སླར་སློབ་མའི་མགོ་ལ་བཞག་སྟེ། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱི་ནི། །འདི་ནི་རབ་ཏུ་བཟུང་བར་གྱིས། །མཛེས་པའི་ཅོད་པན་མཆོག་འདི་ཡིས། །རིགས་ཀྱི་བདག་པོར་དབང་བསྐུར་རོ། །ༀ་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བྷ་ལ། དེ་ནས་མིག་གཉིས་སུ་ༀ་རེ་བསམ་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ནཻ་ཏྲ་ཨ་ས་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་གདོངས་གཡོགས་དཀྲོལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་བདེར་གཤེགས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་འདིས་ཕུན་སུམ་ཚོགས་པ་ཀུན། །དངོས་གྲུབ་ཐམས་ཅད་འགྲུབ་པ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པ་མངོན་སུམ་ལྟར་མཐོང་བར་བསམ་ཞིང་། རྟེན་བརྟེན་པའི་དཀྱིལ་འཁོར་བསྟན། དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །དེ་ནས་དབང་གི་དོན་དུ་ཕྱག་དང་མཎྜལ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ། ཕུལ་ལ། འོད་ཟེར་དྲི་མེད་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་རྡོ་རྗེ་ཅན། །དེ་ལྟར་ཡོན་ཏན་ཀུན་འབྱུང་བ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །ཅེས་ལན་གསུམ་གསོལ་བ་བཏབ། བླ་མས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ནམ་མཁའ་སྤྱན་དྲངས་པ་ལ་མཆོད་ནས། སློབ་མ་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔ་དང་ཡུམ་རྣམས་ཀྱིས་དབང་བསྐུར། ལྷ་མོས་མཆོད་པ་བྱེད། ཁྲོ་བོས་བགེགས་བསྐྲད། བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད་པར་བསམ་ལ། འདིར་ཕྱག་རྡོར་གྱི་སྔགས་དང་། ཡུངས་ཀར་གྱིས་བྲབ་ལ་བགེགས་བསྐྲད། བཀྲ་ཤིས་བརྗོད་རོལ་མོ་བྱ་སྟེ། སྔོན་དུ་ཤིས་པའི་ཆོ་གའོ། །དེ་ནས་ཤར་སྒོ་ནས་༼ནུབ་སྒོ་༽མེ་ཏོག་ཕྲེང་བ། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པས་གཙོ་བོ་ལ་ཕུལ། དབང་སྟེགས་སེང་གེའི་ཁྲི་པདྨ་དང་ཟླ་བ་ལ་སློབ་མ་བཞག་ལ། མེ་ཏོག་ཕྲེང་བ་སླར་བླངས་ཏེ་སྙིང་པོ་དང་རྩ་སྔགས་སུ་མོས་པའི་སློབ་མའི་མགོ་ལ་བཞག་ཅིང་། ༀ་དྷརྨ་ཀུ་དྷ་ཨ་བྷི་ཥིཉྩ་མཾ། མེ་ཏོག་ཕྲེང་བའི་དབང་འདིས་ནི། །འདོད་ལྷའི་དངོས་གྲུབ་མྱུར་རྫོགས་ཏེ། །པདྨ་ཅན་གྱི་ཞིང་མཆོག་ཏུ། །སངས་རྒྱས་ཉིད་དུ་ཁྱོད་གྱུར་ཅིག །ཅེས་པའི་སྔགས་ཀྱིས་དབང་བསྐུར་བའོ། །དེ་ནས་དམ་རྫས་རྣམས་དང་སློབ་མ་བསང་སྦྱང་། སྟོང་པའི་ངང་ལས། ཧཱུྃ། ཏྲཱྂ། ཧྲཱིཿ ཨཱཿ ༀ་སོ་སོ་ལས་ཕྱག་མཚན་དང་། དེ་ལས་རིགས་སོ་སོའི་སྐུར་བསྐྱེད། གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་གཞུག་དབང་རྫས་ལ་དབང་བསྐུར། རྒྱས་བཏབ་ནས། དེ་ཞུ་བ་ལས་བྱུང་བའི་དབང་རྫས་ཀྱི་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་ནས་རྣམ་རྒྱལ་བུམ་པར་ཐམས་ཅད་ཀྱི་ཆུ་བསྡུས་ལ། དབང་འདི་མི་བསྐྱོད་པ་ཞུ་བའི་རང་བཞིན་གྱིས་ཆུས་བུམ་དབང་བསྐུར་ཏེ། ༀ་བཛྲ་ཨ་བྷི་ཥིཉྩ་མཾ། ལྷག་པ་ལྷ་ཡི་བདུད་རྩིའི་ཆུ། །བག་ཆགས་ཐམས་ཅད་དག་བྱེད་པ། །ཆུ་ཡི་དབང་བསྐུར་མཆོག་འདི་ཡིས། །ཉོན་མོངས་ཐམས་ཅད་བྱང་གྱུར་ཅིག །ཅེས་སྤྱི་བོ་ནས་བླུགས་ཤིང་ཁྲུས་བྱས་ནས་དྲི་མ་ཐམས་ཅད་དག །མི་བསྐྱོད་པའི་སྐུར་གྱུར་པ་ལ་མཆོད་དོ། །རིན་ཆེན་འབྱུང་ལྡན་ཞུ་བའི་དབུ་རྒྱན། ༀ་ས་ཊ་བཛྲ་ཨ་ར་ལི་ཧོཿ ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི། །བདེ་གཤེགས་ཀུན་གྱིས་རབ་བསྔགས་པ། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་མཛེས་པས་དབང་བསྐུར་རོ། །བུམ་ཆུས་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱུར་པ་ལ་མཆོད། འོད་དཔག་མེད་ཞུ་བའི་རྡོ་རྗེ། ༀ་བཛྲ་ཨ་དྷི་པ་རི་སྟྭཾ་ཨ་བྷི་ཥིཉྩ་མཾ། སངས་རྒྱས་རྡོ་རྗེའི་དབང་བསྐུར་བ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ཞེས་ལག་པ་གཡས་སུ་གཏད། བུམ་ཆུས་དབང་བསྐུར། སྣང་བ་མཐའ་ཡས་སུ་གྱུར་པ་ལ་མཆོད། དོན་ཡོན་གྲུབ་པ་ཞུ་བའི་དྲིལ་བུ། ༀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བི་ར་ས་མ་ཡ་སྟྭཾ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་ལག་པ་གཡོན་དུ་གཏད་ལ་དཀྲོལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞན་དག་པའི་སེམས་ལྡན་པ། །སྲིད་པའི་དམ་པ་བྱེད་པར་འགྱུར། །ཞེས་རྡོར་དྲིལ་བསྣོལ་ཏེ་དཀྲོལ། བུམ་ཆུས་དབང་བསྐུར། དོན་ཡོད་གྲུབ་པར་གྱུར་པ་ལ་མཆོད་དོ། །སློབ་དཔོན་ལྷའི་ང་རྒྱལ་གྱིས་གཡས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སློབ་མའི་མགོ་བོར་བཞག་ལ། གང་ལ་སྣང་བ་དེ་དང་དེ། །ཤཱཀྱ་སེང་གེ་བདག་ཉིད་གཙོ། །གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་ཉིད་ཡིན། །ༀ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི། བཛྲ་ན་མ་ཨབྷི་ཥེ་ཀ་ཏ། ཀྱེ་དཔལ་ཤཱཀྱ་སེང་གེའམ། འོད་ཟེར་དྲི་མ་མེད་པ། རྣམ་པར་སྣང་མཛད། ཅེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་དང་། བུད་མེད་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ཞེས་སྦྱར། བུམ་ཆུས་དབང་བསྐུར། རྣམ་པར་སྣང་མཛད་དུ་གྱུར་པ་ལ་མཆོད་དོ། །རིགས་པའི་དབང་ལྔ་ཐོབ་པར་བརྡའ་སྤྲད། མཁས་པའི་དབང་པོས་སྐབས་འདི་རྣམས། ཧཱུྃ། ཨཾ། ཛིཾ། ཁཾ། བྷྲཱུྂ་ལས་ཕྱག་མཚན། དེ་ལས་གོས་སྔོན་ཅན་རིགས་ལྔ་བསྐྱེད་དེ་ཞུ་བའི་དབང་རྫས་སོ་སོར་བསྐྱེད་ནས་སྔགས་ལའང་རིགས་སོ་སོའི་བཛྲའི་གནས་སུ། རཏྣ། པདྨ། ཀརྨ་ནཱི་ལམྦྷ་ར་དྷ་ར་ཞེས་སྦྱོར་བ་ནི། བླ་མེད་ནས་འཆུགས་པར་མངོན་ཞིང་ཞེས་གསུངས་པ་འདིར་ཡང་མཚུངས་པས། དེ་ལྟར་ན་ཕྱག་རྡོར་གྱི་དཀྱིལ་ཆོག་མཁས་པའི་དབང་པོ་དང་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱ་མཚོས་མཛད་པ་བཞིན་བྱས་ན་འཐད་དམ་སེམས། དེ་དག་ནི་སློབ་མའི་དབང་དྲུག་གོ། །སློབ་དཔོན་གྱི་དབང་གི་ཕྱིར། ཕྱག་དང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ། མཎྜལ་ཕུལ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་སྩལ་ནས་ཀྱང་། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱིས་ནི་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིའོ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དབང་སྟེགས་ལ་སློབ་མ་ཧཱུྃ་ལས་རྡོ་རྗེ་སེམས་དཔར་བསྐྱེད་ལ་ཡེ་ཤེས་པ་བཅུག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ། ཨེ་ཥ་དྷ་ར་ཡ་མི། ཧི་ཧི་ཧི་ཧཱི་ཧཱུྃ། ཞེས་པས་རྡོ་རྗེ་གཡས་སུ་གཏད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོའི་ཀུན་བདག་ཉིད། །རྡོ་རྗེ་སེམས་དཔའ་བདག་ཉིད་གཙོ། །ཞེས་པས་རྡོ་རྗེའི་དག་པ་བརྗོད་པས་ཐུགས་ཀྱི་རྗེས་གནང་དང་། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུ་སྒྲ་ཀུན་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ༀ་བཛྲ་གཎྜེ་ཨཱཿ ཞེས་གཡོན་དུ་དྲིལ་བུ་གཏད། ཨཱཿ སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པའི་དམ་པ་བྱེད་པར་འགྱུར། །ཞེས་དམ་པ་བརྗོད་པ་གསུང་གི་རྗེས་གནང་དང་། རྡོ་དྲིལ་ཐུགས་ཀར་བསྣོལ་ལ། ཡིད་ཀྱི་ལུས་ནི་བརྟན་བྱའི་ཕྱིར། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བཤད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བཤད། །ཅེས་པ་སྐུའི་རྗེས་གནང་སྟེ། སྐུ་གསུང་ཐུགས་ཀྱི་རྗེས་གནང་སྦྱིན། དེ་བརྟན་ཕྱིར་བུམ་ཆུས་དབང་བསྐུར་ནས། ཉོན་མོངས་པ་དྲི་མ་བག་ཆགས་དང་བཅས་པ་དག །ཆུ་ལྷག་མ་སྤྱི་བོར་ལུད་པ་ལས། རྡོ་རྗེ་སེམས་དཔའ་སྤྲུལ་སྐུས་དབུ་བརྒྱན་པ་ལ་མཆོད་དོ། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་དོར་བས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བར་བསམ། དེའི་མཐའ་རྟེན་གསུམ་ལས། རིགས་ལྔའི་རྗེས་གནང་ནི། སློབ་མ་རིགས་ལྔ་སོ་སོའི་ང་རྒྱལ་འཛིན་པས། འཁོར་ལོ་སྦྱིན་ཞིང་། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཀུན་ནས་འཇིག་རྟེན་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་ཁྱོད་ཀྱིས་བསྐོར། །ཞེས་རྣམ་སྣང་དང་། དེ་བཞིན་དུ། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་འཁོར་ལོ་ཁྱོད་ཀྱིས་བསྐོར། །ཞེས་བསྒྱུར་ལ་བརྗོད་དེ། རྗེས་གནང་ལྔ་རྗེས། ལུང་བསྟན་པ་ནི། སློབ་དཔོན་གཡོན་ཆོས་གོས་རྟའི་རྣ་བ་ལྟར་བྱས། གཡས་དྲིལ་བུ་དང་བཅས་པའི་སྐྱབས་སྦྱིན་སློབ་མའི་སྤྱི་བོར་གཏུགས་ལ། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་བཏོན། །ཀྱེ། དེ་བཞིན་གཤེགས་པ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་སིདྡྷི་ས་མ་ཡ་སྟྭཾ། བྷུརྦུ་ཝ་སྭཱ་ཧཱ། ཞེས་མེ་ཏོག་ཕོག་པའི་ལྷ་རུ་འཚང་རྒྱ་བར་ལུང་བསྟན། དབུགས་དབྱུང་བ་ནི། ཁམས་གསུམ་རྒྱལ་སྲིད་ཆེན་པོ་ཡི། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །ཞེས་པས་སྔར་ལུང་བསྟན་པའི་མིང་དང་ལྡན་པའི་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་བརྗོད་དོ། །སྐུ་གསུང་ཐུགས་དང་རིགས་ལྔ་ཡི། །རྗེས་གནང་ལུང་བསྟན་དབུགས་དབྱུང་བྱ། །དེ་ནི་ཐུན་མོང་དབང་ཡིན་ནོ། །ཞེས་པའི་དོན་ཏེ། ངོ་བོ་ནི་སློབ་དཔོན་གྱི་དབང་ཡིན་ནོ། །དེ་ནས་གཟུངས་ཀྱི་དབང་ནི། འདིའི་གཟུངས་ཀྱི་གླེང་གཞི་ནས། རྗེས་སུ་ཡི་རང་བའི་བར་སློབ་དཔོན་གྱིས་ཀློག་ཅིང་། ཡིག་འབྲུ་ཐམས་ཅད་འདིའི་གཟུངས་ཀྱི་རྣམ་པའམ། གཙོ་འཁོར་ལྷའི་ཚུལ་གང་མོས་སུ་སློབ་མ་ལ་ཐིམ་པར་དཔོན་སློབ་གཉིས་ཀས་བསྒོམ། བླ་མས། འབྲས་བུ་ཉེ་དང་མི་བསླུ་བ། །རྒྱལ་བའི་གཟུངས་སྔགས་ཡིད་བཞིན་ནོར། །དེ་རིང་བུ་ལ་སྦྱིན་པར་བྱ། །འོད་ཟེར་དྲི་མེད་གཟུངས་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊི་ནཱཾ། བུདྡྷ། བཛྲ། རཏྣ། པདྨ། ཀརྨ་དྷ་ར་ཨ་བྷི་ཥིཉྩ་མཾ། ཞེས་སྦྱིན་ནོ། །མཐའ་རྟེན་གྱི་དབང་ལ། བཀྲ་ཤིས་རྫས་བརྒྱད་རིམ་པ་ལྟར། །ཚིགས་བཅད་ཚིགས་ལྷུག་གཉིས་ཀས་ལག་ཏུ་གཏད། །དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་པ་ནི། གདུགས་བྱིན་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ལག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །ཐོགས་ནས་རྒྱལ་བའི་དབུ་ལ་མཆོད་པ་ལྟར། །དབུ་ལ་གདུགས་ཀྱི་བཀྲ་ཤིས་ཐོབ་པར་ཤོག །ༀ་མངྒ་ལ་ཚྭ་ཏྲཾ་ཨ་བྷི་ཥིཉྩ་མཾ། དེས་འགྲེས། བཀྲ་ཤིས་གང་ཞིག༴ ལག་ན་གསེར་གྱི་ཉ་མོ་འོད་འབར་བ། །ཐོགས་ནས་རྒྱལ་བའི་སྤྱན་པ༴ སྤྱན་ལ་ཉ་ཡི་བཀྲ་ཤིས༴ མཙྪ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །ཐོགས་ནས་རྒྱལ་བའི་ལྗགས་ལ༴ ལྗགས་ལ་པདྨའི་བཀྲ་ཤིས༴ པདྨོ༴ བཀྲ་ཤིས༴ ཕྱག་ན་རིན་ཆེན་བུམ་པ་ཡོངས་གང་བ། །ཐོགས་ནས་རྒྱལ་བའི་མགུལ་ལ༴ མགུལ་ལ་བུམ་པའི་བཀྲ་ཤིས༴ ཀུམྦྷ༴ བཀྲ་ཤིས༴ ཕྱག་ན་རིན་ཆེན་དཔལ་བེའུ་འོད་འབར་བ། །ཐོགས་ནས་རྒྱལ་བའི་ཐུགས་ལ༴ ཐུགས་ལ་དཔལ་བེའུའི་བཀྲ་ཤིས༴ ཤྲཱི་པཉྩ༴ བཀྲ་ཤིས༴ ཕྱག་ན་རིན་ཆེན་རྒྱལ་མཚན་ཡིད་འོང་བ། །ཐོགས་ནས་རྒྱལ་བའི་སྐུ་ལ༴ སྐུ་ལ་རྒྱལ་མཚན་བཀྲ་ཤིས༴ དྷཱ་ཛ༴ བཀྲ་ཤིས༴ ཕྱག་ན་ཆོས་དུང་དཀར་པོ་སྒྲ་དབྱངས་ཅན། །ཐོགས་ནས་རྒྱལ་བའི་གསུང་ལ༴ གསུང་ལ་དུང་གི་བཀྲ་ཤིས༴ ཤངྑ༴ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་པ། །ཐོགས་ནས་རྒྱལ་བའི་ཞབས་ལ༴ ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་ཤོག །ༀ་མངྒ་ལ་ཙཀྲ་ཨ་བྷི་ཥིཉྩ་མཾ། དེ་ནས་རྒྱལ་སྲིད་རིན་ཆེན་སྣ་བདུན་སྤྱི་འགྲོ་ལྟར། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟ་བ་ལྟར། འདིར་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་དབང་བསྐུར་བ་ཡིན་པས། སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །ཅེས་བསྒོའོ། །དེ་ནས་སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་གསུམ། ཕྱག་དང་དབང་རྫོགས་པར་ཐོབ་པའི་བཀའ་དྲིན་གྱི་ཡོན་དུ། མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །སོགས་གསུམ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་བསྔོ་བས་རྒྱས་བཏབ་སྟེ་རང་གནས་སུ་བཏང་ངོ་། །རྗེས་ཆོག་ནི། མཆོད་པ་རྣམས་སོ་མ་བཤམས། བགེགས་བསལ་ནས་གཟི་བྱིན་བསྐྱེད་པ་སོགས་སྔར་བཞིན་བྱིན་གྱིས་བརླབ། མཆོད་ཡོན། ཁྲུས་ནས་མར་མེའི་བར་གཙོ་བོར་སུམ་འགྱུར་སོགས་རྒྱས་པ་དང་། ནང་གཏོར། མགོན་པོ་ཐུགས་རྗེས་སོགས་བསྟོད་པ་ནས། སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་པའི་བར་མདུན་བསྐྱེད་མཆོད་བསྟོད་རྒྱས་པ་བཞིན། ཕྱི་རོལ་པ་ཉེ་རེག །སྒྲུབ་ཁང་གི་སྒོར་བསང་བ་སོགས་སྔར་བཞིན་བྱས་ནས་སྟན་ལ་འཁོད་དེ། བླ་མ་དང་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་ནས། དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། བཟོད་གསོལ་རྡོར་སེམས་ཀྱི་ཡིག་བརྒྱ་གསུམ། མ་འབྱོར་བ་དང་ཉམས་པ་དང་། །སོགས། དགེ་བའི་རྩ་བ་དེ་ཡངས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་ནས། གཟིར་ལས་སྒྲོལ། ཞེས་པའི་བར་སྤྱི་འགྲོ་བཞིན། ཡིག་བརྒྱ་འདོན་ཞིང་དཀྱིལ་འཁོར་ལ་བསྐོར་བ་གསུམ་མམ་བདུན་བྱ། ནུབ་སྒོའི་ཐད་ནས། གང་ཡང་བདག་བློ་གཏི་མུག་པས། །ནས། དེ་ཀུན་མགོན་པོས་བཟོད་པར་མཛད། །གཤེགས་གསོལ་གྱི་ཕྱག་རྒྱ་དང་། ཛི་ན་ཛིཀ྄་གཙྪ། ནས། སྔགས་ཀྱི་སྤྲུལ་པའི་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམས། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེར་ཐིམ། ནས། ཟླ་བ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་བྱང་། ནུབ། ལྷོ། ཤར་རྣམས་ཚངས་ཐིག་གི་ལམ་ནས་༼མེ་རི་ནས།༽ རྩིག་པ་ལ་རེག་པའི་བར་རྡོ་རྗེས་རི་མོ་བྱས་ནས། ལྷ་མཚན་མས་རིམ་གྱིས་མཎྜལ་སྟེང་དུ་བསྡུས། གཙོ་བོའི་མཚན་མ་རང་གི་སྤྱི་བོར་བཞག །རྡུལ་ཚོན་རྣམས་ཕྱགས་ལ་བུམ་པར་བླུག །མཆོད་རྫས་དམན་པ་དང་ལྷན་ཅིག་ཀླུ་ཆོག་གི་ཀླུ་རྣམས་ལ་གཏད་དེ་རྒྱ་མཚོར་སྤྱན་དྲངས་པར་བསམ་ལ་རྒྱ་མཚོར་བབས་པའི་ཆུ་ལ་དོར་ཏེ། སྤྱི་རྒྱུད་ལས། དམན་པ་རྣམས་ནི་ཕྱགས་ནས་སུ། །མཚོ་ཆེན་ནང་དུ་དོར་བར་བྱ། །བཟའ་བ་དང་ནི་བཅའ་བ་རྣམས། །ཅི་དགར་འཕོངས་པ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོག་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་དཔོན་དག་གིས་བསྡུས་ནས་སུ། །བདག་རང་ཉིད་ཀྱིས་སྤྱད་པར་བྱ། །སློབ་མ་རྣམས་ལ་བགོར་མི་རུང་། །དཀྱིལ་འཁོར་གྱི་ཡོ་བྱད་ཀུན། །སློབ་དཔོན་བདག་ཉིད་དབང་བར་བཤད། །དེ་ལ་སློབ་མས་སྤྱད་ན་ནི། །དམ་ཚིག་ལས་ནི་ཉམས་པར་འགྱུར། །གང་ཞིག་སྤྱོད་པར་མི་འདོད་ན། །དེ་ཡི་ཆོ་ག་རིམ་འདིའོ། །དཀོན་མཆོག་གསུམ་གྱི་ཡོ་བྱད་དུ། །དེ་དག་ཆོ་ག་བཞིན་དུ་དབུལ། །གདུགས་དང་རྔ་ཡབ་དྲིལ་བུ་སོགས། །སངས་རྒྱས་ཉིད་ལ་དབུལ་བར་བྱ། །གདན་དང་བདུག་སྤོས་དྲི་ལ་སོགས། །དམ་པའི་ཆོས་ལ་དབུལ་བར་བྱ། །གོས་དང་ཡོ་བྱད་གནས་ལ་སོགས། །དགེ་འདུན་རྣམས་ལ་དབུལ་བར་བྱ། །དེ་དག་ལ་ནི་སློབ་མ་ཡིས། །ཅུང་ཟད་ཙམ་ཡང་མི་བསྐུར་རོ། །དགེ་འདུན་མེད་ན་དགེ་སློང་སྦྱིན། །ཡང་ན་དགེ་སློང་མ་ལ་སྦྱིན། །གལ་ཏེ་བདག་ཉིད་མི་འདོད་ན། །དགེ་བསྙེན་དག་ལ་སྦྱིན་པར་བྱ། །ཞེས་གསུངས། རྡུལ་ཚོན་གྱི་སྣོད་བུམ་པ་ཆུས་བཀང་བས་དཀྱིལ་འཁོར་གྱི་ཁང་པར་བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར་བསང་གཏོར་བྱ། ༀ་ཧུ་ལུ་ནས། མ་ཏངྒི་སྭཱ་ཧཱ། ར་བ་དང་ནས། དཀྲོལ་བར་བྱའོ། །ༀ་བཛྲ་ཨགྣེ་ནས། དཱིཔྟ་ཡེ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་གྱོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ་ནས། ༀ་ཧཱུཾ་ཝ་ཀི་ལི་ཧཱུྃ་ཕཊ། མགོ་བོ་དང་། ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཞེས་པའི་སྔགས་རྒྱས་རྣམས་སྔར་བཞིན་དཀྱིལ་འཁོར་བྲིས་པའི་ས་གཞི་ལ་མེ་ཏོག་གི་ཆར་དབབ་ཅིང་བཀྲ་ཤིས་ཀྱི་ཆོ་ག་རྒྱས་པར་བྱ་ཞིང་ཤེར་སྙིང་ཚར་གཅིག་འདོན། སྒྲུབ་མཆོད་སྦྲེལ་ནས་བྱེད་ན། སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་པའི་རྗེས་སུ། མདུན་གྱི་དཀྱིལ་འཁོར་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ནས། ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་འཁོར་དང་བཅས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། གཡས་རྡོ་རྗེ་དང་བཅས་པས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། བདག་གི་ལྷའི་སྐུ་གཟུགས་ནས། རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། ༀ་བཛྲ་ཨགྣེ་ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་བྱ། སང་ནངས་པར་མཆོད་པ་སོགས་བཤམ། ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བསྲུང་བ་ནས། ཆེ་བའི་ཆེ་མཆོག་གི་བར་བརྗོད་མ་ཐག་པ་བཞིན་བྱའོ། །དབང་བསྐུར་བའི་ཆོ་གའོ། །འཆི་བ་བསླུ་བའི་ཆོ་ག་དཀྱིལ་ཆོག་ན་གསལ་བ་བཞིན་ལས། ཞི་བ་སྙིང་པོ་དང་ཨ་བྷ་ཡའི་རྗེས་སུ་འབྲངས་པའི་ཚེའི་ཆོ་ག་ཆོས་རྗེ་མཁྱེན་པས་བཀྲལ་བ་ནི། འོག་ཏུ་དགོས་པའི་ཡོ་བྱད་རྣམས་བསགས། བརྟགས་ཏེ་རུང་བའི་སར་ས་བླངས་ཏེ། ཚོན་སྐུད་ལ། ༀ་བཛྲ་སཱུ་ཏྲ་ས་མ་ཡ་ཧཱུྃ། ཞེས་བཟླས་པས། རྒྱ་ཚད་ཅི་རིགས་ཚོན་སྐུད་ཀྱིས་བསྐོར་ཏེ། མཐའ་མར་ཕུར་པ་གདབ་པའི་ཆོ་ག་བྱས་ན། ཡུངས་ཀར་དང་དྲི་བཟང་བསྲེས་པ་ལ་སྔགས་བཟླས་པ་ཕྱོགས་བཞིར་གཏོར་ཏེ། ༀ་བཛྲ་ཁ་ན་ཁ་ན་ཡ་ཧཱུྃ་ཕཊ། ཅེས་བཟླས་པས་ས་རིན་པོ་ཆེར་བསམ་ལ་བརྐོ། བརྐོས་ཚར་བ་དང་། ཧཱུྃ་བཞིས་ཕུར་བུ་བཏོན་ཏེ་སངས་རྒྱས་སྤྱན་གྱི་སྔགས་བཟླས་པའི་འོ་མ་བུ་གར་བླུག་ལ་ས་རྣམས་སྣོད་གཙང་མར་བཞག་ལ། ༀ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བཟླས་ལ་བརྡུང་། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བཟླས་པའི་སྤོས་ཆུ། ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་འོད་ཟེར་གྱི་སྤོས་ཆུས་ཁྱབ་པར་འཁྱིལ་ནས། བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ་སྦྲུ་སྟེ། ༀ་བཛྲ་པྲ་མརྡ་ནཱ་ཡ་ཧཱུྃ་ཕཊ། ཅེས་བཟླས་ཏེ་བརྫིས་ལ། འཇིམ་གོང་གི་༼བསྡུ་ན་འདི་མན་གྱིས་ཆོག་པར་གསུངས།༽ སྟེང་དུ་ལག་པ་གཡོན་པ་གན་རྐྱལ་དུ་བྱས་པའི་མཐེའུ་ཆུང་གི་སེན་མོ་མཐེ་བོས་མནན་ཏེ། སོར་མོ་གསུམ་ནས་རེ་ཙམ་བར་ཕྱེ་སྟེ་བཞག་པའི་སྟེང་དུ། གཡས་དེ་ལྟར་བྱས་ནས་ཁ་སྦུབ་པ་བདུད་རྩི་ཐབས་སྦྱོར་སྔགས་རྒྱས་རེག་ནས། ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ། ཏདྱ་ཐཱ། ༀ་སུཀྵྨེ་སུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མ་རོ་པེ། ཨ་ན་ལམྦེ། ཏ་ར་ལ་མྦེ། ཨ་ཤོ་བ་ཏི་མ་ཧཱ་ཏེ་ཛ། ནི་ར་ཀུ་ལེ། ནིརྦཱ་ཎེ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛཱི་ཏེ་སྭཱ་ཧཱ། ཞེས་ལན་ཉེར་གཅིག་བརྗོད་པས། འཇིམ་གོང་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། སླར་འདུས་པར་རིན་ཆེན་ལྔའི་གོང་བུར་གྱུར་པར་བསམ། ༀ་བ་སུ་དྷེ་སྭཱ་ཧཱ། ཞེས་འཇིམ་པ་བླང་ལ། ༀ་ཨདྷིཥྛི་ཏེ་སྭཱ་ཧཱ། ཞེས་བཟླས་པས། ཡེ་ཤེས་ལྔའི་འོད་ཟེར་གྱིས་ཕྱོགས་བཅུ་བཀང་སྟེ་འགྲོ་བ་མང་པོའི་དོན་བྱས། སླར་འདུས་ཏེ་འབི་འབི་ལ་ཐིམ་པས་ཡེ་ཤེས་ལྔ་རྒྱས་ཏེ་ཤེལ་གོང་དག་པ་ལྟར་བསམ། དེ་ནས་གུར་གུམ་བཟང་པོས་གྲོ་གའམ་ཤོག་བུ་ལ། ན་མཿསཔྟཱ་ནཱཾ་སོགས་རྩ་སྔགས་བྲིས་ལ་གུར་གུམ་བྱུགས་ཀྱང་རུང་། རབ་གནས་བསྡུས་པ་བྱས་ལ་གྲབས་སུ་བཅུག་པ་ལས། རེ་རེ་འབི་འབིའི་ནང་དུ་གཞུག་ཅིང་། ༀ་བཛྲ་དྷརྨ་དྷཱ་ཏུ་གརྦྷེ་ཛྭ་ལ་སྭཱ་ཧཱ། ཞེས་བརྗོད་པས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནང་དུ་ཞུགས་པར་བསམ། དེ་ནས་བྱང་ཆུབ་སེམས་ཀྱིས་བགོས་པར་བསམ་ཞིང་། ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱས་སྣུམ་བསྐུ། ཐབས་ཤེས་འབྲེལ་བས་ཆོས་དབྱིངས་སུ་ཞུགས་པར་བསམ་ཞིང་། ༀ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བརྗོད་ལ་རྒྱར་གཞུག །ཡེ་ཤེས་ཆེན་པོའི་ངོ་བོར་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། སྔར་གྱི་བརྡུང་བའི་སྔགས་དང་། རྟེན་འབྲེལ་སྙིང་པོ་བརྗོད་ལ་བརྡུང་། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་རྫོགས་པར་བསམ་ཞིང་། ༀ་དྷརྨ་ར་ཏེ་སྭཱ་ཧཱ། ཞེས་པས་དབྱུང་། ཕྱུང་མ་ཐག །ཐབས་ཤེས་ཟུང་འབྲེལ་ལས་ཆོས་སྐུ་གྲུབ་པར་བསམ། ༀ་སརྦ་ཏ་ཐཱ་ག་ཏ་དྷརྨ་ཀཱ་ཡ་མ་ཧཱ་སུ་ཥ་ར་ཏ་ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །དེ་ལས་གཟུགས་སྐུ་རྣམ་གཉིས་བྱུང་བས་འགྲོ་དོན་བསམ་གྱིས་མི་ཁྱབ་པར་བསམ་སྟེ། ༀ་སརྦ་ཏ་ཐཱ་ག་ཏ་སམྦྷོ་ཀ་ཀཱ་ཡ་ས་མ་ཡ་སྟྭཾ། ༀ་སརྦ་ཏ་ཐཱ་ག་ཏ་ནིརྨཱ་ཎ་ཀཱ་ཡ་ས་མ་ཡ་སྟྭཾ། ཞེས་བརྗོད། སྟོང་པའི་ངང་དུ་བརྟན་པར་བཞུགས་པར་བསམ་ཞིང་། ༀ་སུ་པྲ་ཏིཥྛི་བཛྲ་སྭཱ་ཧཱ། ཞེས་བརྗོད་ལ་མདུན་དུ་མེ་ཏོག་གི་གདན་ལ་བཞུགས་སུ་གསོལ། སྣུམ་བསྐུ་བའི་སྔགས་དང་དམིགས་པས་སྐུ་དཀར་གསོལ། དཀྱིལ་འཁོར་མཐའ་བསྐོར་དུ་བཞུགས་སུ་གསོལ་ལ། འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་ལ་བཞུགས་སུ་གསོལ་བར་བསམ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་སྟེ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པས་རབ་གནས་བྱ། བསྡུ་ན་དེས་ཆོག །ཆོ་ག་ཚར་རེ་ལ་སཙྪ་གཟུངས་ཅན་ཆོ་ག་དེ་བཞིན་བྱས་པ་བདུན་ཅུ་རྩ་བདུན་རེ་གྲུབ་པར་བྱ་ཞིང་། སཙྪ་སྔ་མ་རྣམས་རང་བཞིན་དག་པའི་ངང་ནས་སེམས་ཅན་གྱི་དོན་ལ་གཤེགས་པར་བསམ་ཞིང་། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་ཨ་ཧ་ར་ཨ་ཧ་ར་ཨཱ་གཙྪ། དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པས་གཞན་དུ་གདན་དྲངས། ཉེས་པ་བཟོད་པར་བསམ་ཞིང་། ༀ་ཨ་ཀཱ་ཤཱ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་བརྗོད་དོ། །སྲོག་ཤིང་འཛུགས་ཆོག་ནི། མཆོད་རྟེན་ཆུང་ངུ་ལྟ་བུ་བུམ་པའི་ནང་དུ་དཀྱིལ་འཁོར་མི་ཤོང་བའམ། བུམ་པར་དཀྱིལ་འཁོར་གཞུག་པར་མི་སྤྲོ་ན། མཆོད་རྟེན་ཉེ་ལོགས་སུ་རྟེན་དང་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་སྲོག་ཤིང་བརྟན་པའི་ཆོ་ག་བྱས། ལྷ་རྣམ་རྒྱལ་བས་མཛད་པའི་མཆོད་རྟེན་བཞེངས་ཚུལ་དུ་བཤད་པ་བཞིན། གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་གྱི་སྟེང་དུ། འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས། སྲོག་ཤིང་གི་ཆོ་ག་བྱ། དཀྱིལ་འཁོར་བརྟན་བཞུགས་བྱས་ནས་གཞུག་༼ཕྱག་ལེན་ལ་དཀྱིལ་འཁོར་བུམ་པར་གཞུག༽པར་མཛད་པ་ལྟར་ན། བུམ་རྟེན་དང་། དེའི་ཁར་བུམ་ལྡིར་ཅུང་ཟད་བརྩིགས། མཐོས་ན་སྲོག་ཤིང་འཛུགས་པ་དཀའ་བ་ཡོང་བས་རན་པར་བརྩིགས་ནས། གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་ལ་ཞལ་ཁེབས་སྟེང་བཀབ་པའོ། །རྡོ་ལེབ་ཁར་ས་ཆོག་མི་དགོས། ལྷ་སྟ་གོན་མན་དཀྱིལ་ཆོག་ནས་བཤད་པའི་ཁྱད་པར་རྣམས་མ་འདྲེས་པར་སྦྱར་ཞིང་དཀྱིལ་འཁོར་ཆུ་ཚོན་གྱིས་བྲིས། ཤིང་བཟོ་བ་དང་ཡི་གེ་པ་གསོ་སྦྱོང་གི་སྡོམ་པར་གནས་པས། སྲོག་ཤིང་ཙནྡན་ནམ་ཤུག་པ་བཟང་པོ་རྩ་རྩེ་མ་ལོག་པ་གྲུ་བཞི་རྩེ་རིམ་གྱིས་ཅུང་ཕྲ་བ། དེའི་བྱ་སྤྱོད་ཀྱི་གཟུངས་དཀྲི་བའི་ཐད་དུ་ཕྱོགས་བཞིར་གཟུངས་ཁུང་བྲུས་ལ་སྒྲིབ་སེལ་གྱི་གཟུངས་ཚར་དགུ་བཅུ་གོ་དགུ། སྲོག་ཤིང་རྩེ་མོའི་ནང་བྲུས་ལ་འོད་ཟེར་དྲི་མེད་ཀྱི་གཟུངས་མདོ་རིལ་པོ། བླ་མའི་སྐུ་གདུང་རིང་བསྲེལ་དབུ་སྐྲ་སོགས་དེ་བཞིན་གཤེགས་པའི་རིང་བསྲེལ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྣམས་བཅུག །སྲོག་ཤིང་གི་རྩ་བ་བྲུས་པར། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་སོགས་འོད་ཟེར་དྲི་མེད་ཀྱི་སྙིང་པོ་དང་། རྟེན་འབྲེལ་སྙིང་པོ་བཅུག །གཟུངས་ཐམས་ཅད་ལ་དྲི་བཟང་བྱུགས། ཞབས་ནས་བསྒྲིལ། ན་བཟའ་སེར་པོས་བརྒྱན། གདུང་རིང་བསྲེལ་རྣམས་ལའང་སྐུ་ཁྲུས་གསོལ། དྲི་བཟང་དང་ལྷན་ཅིག་ན་བཟས་དྲིལ་གཟུངས་ཀྱིས་དཀྲིས། སླར་ཡང་ན་བཟའ་བཟང་པོས་བརྒྱན། དེ་རྣམས་ཐམས་ཅད་སྦྱངས་ཁྲུས་ཡིད་ཆེས་པ་སྔོན་དུ་འགྲོ་བའི་རབ་གནས་བསྡུས་པ་བྱ། གཟུངས་ཁུང་རྣམས་ཀྱི་ནང་དུ་ཡང་དྲི་བཟང་པོས་བྱུག །གུ་གུལ་གྱིས་བདུག །སྦྱངས་ཁྲུས་ལྷན་ཅིག་བྱས་པའི་ནང་དུ། དབུ་ཞབས་མ་ལོག་པ་སྤོས་ཀྱིས་བདུག་ཅིང་། ༀ་མནྟྲ་དྷཱ་ཏུ་གརྦྷ་ཡ་སྭཱ་ཧཱ། ཞེས་བཟླ་ཞིང་བཞུགས་སུ་གསོལ། སྒོ་དམ་པར་བཀག །སྲུབ་མི་མངོན་པར་བྱས་ནས་སྲོག་ཤིང་ཚོན་པོས་བྱུགས། སྲོག་ཤིང་གི་བྲེའི་ཐད་ཀའི་ཕྱོགས་བཞིར། རིག་པ་ཆེན་མོའི་སྔགས། ༀ་བཛྲ་བིདྱཱ་སྭཱ་ཧཱ། གནས་གསུམ་དུ། ༀ་ཨཱཿཧཱུྃ་དང་། སྲོག་ཤིང་གི་མགོ་མཇུག་ཐམས་ཅད་དང་། ཁྱད་པར་ཐུགས་ཀའི་ཐད་དུ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པ་རྣམས་ལཉྩ་ལ་སོགས་པ་བྲིས། དེ་རྣམས་དང་སྲོག་ཤིང་ལ་དཀྲི་རྒྱུ་སོགས་ནང་གཞུག་ཐམས་ཅད་ལ་སྦྱང་ཁྲུས་རབ་གནས་བྱས་ན་གོ་རིམ་མ་ལོག་པར་དཀྲིས་པའི་ཕྱི་ནས། མཆོད་སྤྲིན་གྱི་གཟུངས་དང་ན་བཟའ་སེར་པོས་ཁྱབ་པར་དཀྲིས་པ་དེ་ལ་ཡང་སྦྱངས་ཁྲུས་རབ་གནས་བྱས་ནས་བ་དན་དང་རྒྱལ་མཚན་སྣ་ཚོགས་ཀྱིས་བརྒྱན་ལ་དཀྱིལ་འཁོར་ཡོད་ན་དེའི་དབུས། དཀྱིལ་འཁོར་བུམ་པར་མི་གཞུག་ན་མཆོད་རྟེན་གྱི་དབུས་སུ་གཞུག །ཕྱོགས་བཞི་ནས་ཐག་པས་འཐེན། དེ་ལ་དར་གྱི་ལྡ་ལྡི་དང་མེ་ཏོག་གི་ཆུན་འཕྱང་མང་དུ་བཏགས། ཀ་སྒྲོམ་ལྟ་བུས་ཡ་ཡོ་མི་ཡོང་བ་བྱས། དེ་ནས་དཀྱིལ་འཁོར་གྱི་སྣམ་བུའི་སྟེང་དང་། ཕྱི་ནས་མཆོད་གཏོར་རྣམས་བཤམ་དང་དཀྱིལ་འཁོར་སྒྲུབ་མཆོད་མི་འདྲ་བའི་ཁྱད་པར་རྣམས་དཀྱིལ་ཆོག་བཞིན་མ་འཁྲུལ་བར་གྲུབ་པར་བྱ། དེ་ནས་མཆོད་རྟེན་གྱི་ཕྱོགས་བཞིར་མཛེས་པའི་སྟེགས་ཀྱི་སྟེང་དུ། མཆོད་བྱའི་གཡོན་ནས་འགོ་བརྩམ་པའི་མཚོན་རྫས་བདུན་ལྡན། སོགས་མཆོད་བསྟོད་རྒྱས་པ་དང་། རིན་པོ་ཆེའི་སྣོད་གསུམ་དུ་དཀར་གཏོར་ཟླུམ་པོ་རྒྱན་ལྡན་བཤམ། ཆབ་གཙང་གིས་བྲན། གཞན་ཡང་ཕྱོགས་བཞིར་མཆོད་པ་སྣ་ཚོགས། འཕན། གདུགས། རོལ་མོ་སོགས་བཀོད་མཛེས་ཡིད་དུ་འོང་བར་བཤམ། སློབ་དཔོན་སྒྲུབ་གྲོགས་བཅས་པ་སྣམ་སྦྱར་གྱོན། སྤོས་དང་རོལ་མོའི་སྒྲ་དང་བཅས་པས་མཆོད་རྟེན་གྱི་ཤར་ཕྱོགས་སུ་སོང་ལ། དེར་མཆོད་རྟེན་ལ་ཞལ་ཕྱོགས་པས་བཞེངས། ཕྱོགས་བཅུའི་ནས། མངོན་སུམ་དུ་བྱོན་པར་གྱུར། སངས་རྒྱས་རྣམས་མདུན་དུ་མངོན་སུམ་དུ་བྱོན་ནས་སྲོག་ཤིང་བྱིན་གྱིས་བརླབ་པར་བསམ། བཅོམ་ལྡན་འདས་མི་འཁྲུགས་པ་ལ་སོགས་པ་ནས། སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཞེས་ཕྱག་འཚལ་ལོ་རེ་རེ་བཞིན་དངོས་སུ་ཕྱག་བྱ། མཆོད་པ་རྣམས་སྔར་བཞིན་བྱིན་གྱིས་བརླབས་ཏེ། རྟེན་ཅིང་འབྲེལ་བ་འབྱུང་བའི་ཚིག་བཅད་དང་སྦྱར་བའམ་སྔགས་རྒྱས་མཆོད། ཤིན་ཏུ་སྤྲོ་ན་རངས་ཀྱི་རྟེན་འབྲེལ་དོན་ལྡན་གར་དབྱངས་བཅས་པས་མཆོད། རོལ་མོ་རྣམས་བསྒྲགས་ཤིང་མཆོད་སྤྲིན་གྱི་གཟུངས་བརྗོད། སྟན་ལ་འཁོད་དེ། གཏོར་མ་རྣམས་སྔར་བཞིན་བྱིན་གྱིས་བརླབས་པའི་དང་པོ། ༀ་པུ་མ་ཧཱ་ཡཀྵ་སྱ་ན་ཨ་དྷི་པ་ཏ་ཡེ་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཞེས་སོགས་ཀྱིས་གནོད་སྦྱིན་དང་། གཉིས་པ། ༀ་ཙ་ཏུརྨ་ཧཱ་རཱ་ཛ་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་རྒྱལ་ཆེན་བཞི་དང་། གསུམ་པ། ༀ་བྲ་ཧྨ་ཎ། ཨཱི་ཤྭ་ར། བིཥྞུ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་ཚངས་དབང་སྲེད་མེད་རྣམས་ལ་ཕུལ། ཁ་དོག་ལྡན་ཞིང་སོགས། བསྟོད་པ་ཅི་ཤེས་པས་བསྟོད། ༀ་བི་པུ་ལ་བི་མ་ལེ། སོགས་འོག་ནས་འབྱུང་བའི་སྔགས་ཉི་ཤུ་རྩ་བརྒྱད་བརྗོད། སྟོན་པ་བཅོམ་ལྡན་འདས་ནས། བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། གསུམ། དེ་བཞིན་དུ་ཕྱོགས་གསུམ་དུ་ཡང་། སྤྱན་དྲངས་པ་ནས་གསོལ་བཏབ་ཚར་གསུམ་གྱི་བར་སྔར་བཞིན་བྱས། མཇུག་ཏུ་ཤར་ཕྱོགས་ནས། རྨི་ངན་འཇིགས་དང་སྡིག་པ་ཐམས་ཅད་ཞི་བྱེད་པ། །ནས། འགྲོ་བ་རྣམས་སུ་བྱང་ཆུབ་སྤྱོད་པར་ཤོག །ཅེས་པའི་བར་གཙུར་ཏོར་དྲི་མེད་བཞིན་བཀྲ་ཤིས་དང་སྨོན་ལམ་བྱ་ཞིང་། གཞན་ཡང་བཀྲ་ཤིས་རྒྱ་ཆེར་བརྗོད་ཅིང་། རོལ་མོ་སྣ་ཚོགས་དང་བཅས་ཏེ་མེ་ཏོག་གི་ཆར་དབབ་བོ། །དེ་ནས་རྗེས་ཆོག་སྔར་བཞིན་ལ། མཆོད་རྟེན་གྱི་བུམ་པར་དཀྱིལ་འཁོར་གཞུག་ན་དེར་བརྟན་བཞུགས་དང་ལྷན་ཅིག་སྤྱན་དྲངས་པའི་འཕགས་པ་རྣམས་སྲོག་ཤིང་ལ་ཐིམ་པ་ཆོས་ཀྱི་སྐུར་བྱིན་གྱིས་བརླབས་པར་བསམ། དཀྱིལ་འཁོར་བུམ་པར་མི་གཞུག་ཉེ་ལོག་ཟུར་དུ་ཡོད་ན། དཀྱིལ་འཁོར་གཤེགས་གསོལ་དང་། སྲོག་ཤིང་བརྟན་བཞུགས་སོགས་ཀྱི་རྣམ་དབྱེ་ངེས་པར་བྱ། དེ་ནས་བུམ་པར་དཀྱིལ་འཁོར་གཞུག་ན་དེ་ལ་ཞལ་ཁེབས་བཀབ་ནས་བུམ་པའི་འཕྲོ་བརྩིག །དེའི་བར་ལ་གནས་ཁང་ཡངས་པོར་དྲི་མེད་སཙྪའི་རབ་གནས་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གང་རུང་བཞེས་ནས་མཁན་ཆེན་ཞི་བ་འཚོས་མཛད་པའི་ཆོག་ཁྲིགས་ཐུགས་སྲས་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ་བཞིན་སཙྪའི་རབ་གནས་རྒྱས་པར་བྱ། ནང་གཞུག་གཞན་རྣམས་ལའང་སྦྱང་ཁྲུས་རབ་གནས་བྱས། དེ་ནས་བུམ་ལྡིར་ནང་གུ་གུལ་གྱིས་བདུག །སྤོས་དང་མེ་ཏོག་གི་གདན་བཀྲམ། དཔོན་སློབ་ལས་བཅས་ཁ་སྟོང་མིན་པར་དཀར་གསུམ་སོགས་རུང་བའི་ཟས་ལ་ལོངས་སྤྱོད། བཀྲ་ཤིས་པའི་གཏམ་དང་དགེ་མཚན་གྱིས་ཉེ་འཁོར་མཐོང་ཡུལ་ཁྱབ་པར་བྱས་ཏེ། སྤོས་སྣ། འཕན། གདུགས། རོལ་མོ་སོགས་ཀྱིས་སྐུ་གསུང་ཐུགས་རྟེན་སོགས་ནང་དུ་གཞུག་རྒྱུ་ཐམས་ཅད་ཉེ་ལོགས་སུ་སྤྱན་དྲངས། སློབ་དཔོན་ལྷའི་ང་རྒྱལ་བརྟན་པོས། སླར་ཡང་རྟེན་རྣམས་བུམ་ལྡིར་གྱི་ནང་དང་བཅས་པ་ལ་སྦྱང་བ་བྱས་མཐར། བདེན་བརྡར་ཡེ་ཤེས་སེམས་དཔའི་ཕྱིར་འབྲང་གི་བགེགས་བསྐྲད། ཡུངས་དཀར་གྱིས་བྲབ། དྲག་སྔགས་རོལ་མོ་དྲག་ཏུ་བྱ། ལས་ཀྱི་རྡོ་རྗེས་དེ་དག་གུ་གུལ་གྱིས་བདུག །དེ་ལྟ་བུ་ངེས་པར་བགེགས་དང་བྲལ་སོང་སྙམ་པའི་ཡིད་ཆེས་ཀྱི་བར་དུ་བྱས་ནས། བུམ་ནང་གི་ཕྱོགས་བཞིར་གོ་རིམ་དབུ་ཞབས་མ་ལོག་པར་བཞུགས་སུ་གསོལ། མཆོད་བསྟོད་བརྟན་བཞུགས་དང་། བཀྲ་ཤིས་བརྗོད་ནས། དེ་དག་ལ་བླ་བྲེ་དང་། ཐོག་བཟང་པོ་དབུབ། དེ་ནས་བྲེ་རྟེན་སོགས་བརྩིགས། དྲིལ་བུམ་ཉི་ཟླའི་རྣམ་པ་གང་རུང་གི་གཉྫི་ར་གདུགས་དཀར་གྱིས་རྒྱལ་མཚན་འཛུགས་པའི་ཆོ་གས་བཙུགས། གཟུངས་འབུལ་དགོས་རྣམས་ཀྱང་སྔར་བཞིན་ཏེ། གསལ་བྱེད་ལྷན་ཐབས་དགོས་པ་དེ་ཙམ་ལས་གཞན་དཀྱིལ་ཆོག་གཞུང་ན་གསལ་བར་བཞུགས་ལགས། རིན་ཆེན་རང་བཞིན་དྲི་མེད་རི་དབང་རྒྱལ། །རྒྱུད་ཆེན་བཞི་ཡི་རི་གླིང་རྒྱ་མཚོས་བསྐོར། །ལུང་རིགས་ཉི་འོད་འདོད་དགུས་ཡོངས་གང་བའི། །མཎྜལ་མཆོག་འདི་བླ་མའི་སྤྱན་སྔར་འབུལ། །ཞིང་འདིར་སྤྲུལ་པའི་སྣང་བརྙན་བསྐལ་པ་བརྒྱར། །མི་འགྱུར་འཚོ་གཞེས་དམ་ཆོས་འོད་སྣང་ཆེར། །འཛམ་གླིང་ཐུབ་པའི་བསྟན་པ་ཆེས་གསལ་ཞིང་། །འགྲོ་ཀུན་རྣམ་གྲོལ་མཆོག་ལ་འགོད་པར་གསོལ། །ཐུགས་རྗེ་མི་དཔོག་དཀར་པོའི་བུམ་བཟང་ལས། །བྱིན་རླབས་དྲི་བསུང་ལྦུ་ཕྲེང་ལྡན་པའི་ཆུས། །བདག་ཡིད་པད་མཚོ་འཛུམ་པའི་ཀེ་ས་རའི། །བཅུད་ཀྱི་སྦྲ་མ་ར་ཀུན་ཚིམ་གྱུར་ཅིག །བརྗོད་བྱའི་རྒྱུད་དོན་རྟོགས་དཀའི་ཁང་བཟང་སྒོ། །རྗོད་བྱེད་ཚིག་འདོམས་སྒོ་ལྕགས་ཀྱིས་སྡོམས་པ། །བླ་མའི་ཐུགས་རྗེ་སྤྱི་རྒྱུད་ལྡེ་མིག་གིས། །འབྱེད་ནུས་བྱིན་རླབས་མིན་ན་གཞན་ཅི་ཞིག །འོན་ཀྱང་འདིར་ནོངས་བླ་མའི་སྤྱན་སྔར་བཤགས། །དགེ་བས་སྲིད་ལམ་ཡུན་རིང་ལ་དུབ་པའི། །མ་རྣམས་རྣམ་མཁྱེན་མྱུར་དུ་ཐོབ་པ་དང་། །ལམ་འདི་འཕེལ་རྒྱས་ཡུན་རིང་བརྟན་གྱུར་ཅིག །བདག་ཀྱང་སྔོན་ལས་འཕྲལ་རྐྱེན་ནད་གདོན་བགེགས། །མ་ལུས་བླ་མའི་ཐུགས་རྗེས་མྱུར་གྲོལ་ནས། །བསྐལ་བཟང་སྒྲོན་མེ་བདུན་པའི་བསྟན་པའི་རྒྱུད། །སྲིད་མཐར་སྤེལ་བའི་བསམ་སྦྱོར་ཀུན་འགྲུབ་ཤོག །ཅེས་པ་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་གཅིག་ཏུ་བསྡུས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གངས་ཅན་འགྲོ་བའི་དཔལ་དང་། བདག་ཅག་མགོན་མེད་རྣམས་ཀྱི་སྐྱབས་མགོན་དུ་བསམ་བཞིན་བྱོན་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་བཀའ་ཡི་ཅོད་པན་ཡིད་བཞིན་ནོར་བུའི་ཕྲེང་བ་གུས་པའི་གཙུག་གི་ནོར་བུར་བསྟེན་ཏེ། བྱང་གླིང་པ་བསོད་མཆོག་གིས་ཟིལ་གནོན་ཁྲུམ་ཟླའི་མར་ངོའི་དགའ་བ་གཉིས་པ་ལ་གྲུབ་པར་གཙང་སྟོད་ཞ་ལུ་གསེར་བཀང་ཁྲ་མོའི་ཆོས་གྲྭ་ཆེན་པོར་བྲིས་པའི་ཡི་གེ་པ་ནི་ཉེ་བར་གནས་པ་པུཎྱཻ་རཏྣའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན། ཞ་ལུ་བ་བསོད་མཆོག
འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། །འཁོར་འདས་ཀུན་གྱིས་རོ་འཛིན་གྲངས་མེད་དུ། །སྤྲུལ་ནས་བསྐལ་བརྒྱར་བརྗོད་ཀྱང་མི་ཟད་པའི། །ཡོན་ཏན་རིན་ཆེན་ལྷུན་གྲུབ་ཐུབ་པའི་དབང་། །ལྷ་མིའི་བླ་མ་དེ་ལ་ཕྱག་འཚལ་ལོ། །སྟོན་མཆོག་དམ་པ་ཐུགས་རྗེ་ཅ ན་དེ་དང་། །མཇལ་བའི་སྐལ་བས་དམན་པའི་རྨོངས་ཆེན་བདག །ཡོན་ཏན་དེ་མཚུངས་ཕྱག་ན་པདྨོ་ཡི། །རྣམ་སྤྲུལ་ཀུན་མཁྱེན་བླ་མས་རིང་དུ་སྐྱོངས། །འཕགས་པ་འོད་ཟེར་དྲི་མེད་ཀྱི། །དཀྱིལ་ཆོག་བྱ་རྒྱུད་རང་སྐད་དུ། །བཀྲལ་ཕྱིར་དེ་དང་མཐུན་པ་ཡི། །དབང་ཆོག་འཆད་པ་ཉེས་མེད་སྙམ། །ཐོག་མར་གསོ་སྦྱོང་ནི། དཔུང་བཟང་ལས། གསོ་སྦྱོང་སྡོམ་པ་དག་དང་ལྡན་པ་ཡིས། །བདག་ཉིད་དག་པར་བྱ་ཕྱིར་བསྙེན་པར་བྱ། །ཞེས་དང་། དེའི་རྣམ་དབྱེ་ཞིབ་པར་ཡིད་ཆེས་ཁུངས་བཙུན་ལྟར་དང་། གཟུངས་གྲྭ་ལྔའི་ལྷན་ཐབས་ཆོས་རྗེ་བཅོ་བརྒྱད་འཇམ་དབྱངས་པས་མཛད་པར་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེའི་གསུང་སྒྲོས་བཀོད་པ་ནི། སློབ་དཔོན་ཁྱིམ་པ་ཡིན་ན་ངེས་པར་བླངས་དགོས། དགེ་སློང་དགེ་ཚུལ་ཁྲིམས་ལྡན་ལ། །གསོ་སྦྱོང་ཡིན་པས་བླངས་ཀྱང་རུང་། །བསྲུང་རྒྱུ་ཟུར་པ་མེད་པས་སླ། །མ་བླངས་ཀྱང་རུང་གསུང་ཞིང་། དཀར་གསུམ་ལ་བརྟེན་པ་དང་། སྒོག་བཙོང་སོགས་སྤངས་པའི་གཙང་སྦྲ་ཙམ་ནི་མཛད་དེ། ཞེས་དང་། སྤང་བ་ནི་ལེགས་གྲུབ་ལས། ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་ཚྭ་དག་དང་། ཆང་སྐྱུར་རྣམ་པ་ཐ་དད་དང་། །ཅུང་སེད་དང་ནི་སྲན་རིལ་དང་། །དེ་བཞིན་མ་ཤའི་སྲན་མ་དང་། །ཏིལ་གྱི་ཅུང་སེད་ལ་དུ་དག །དངོས་གྲུབ་འདོད་པས་རྣམ་པར་སྤང་། །ལོག་འདྲེན་དག་གི་ཟས་ཀུན་དང་། །གཏོར་མའི་ཁ་ཟས་ཐམས་ཅད་དག །ཀྲྀ་ས་ར་དང་འོ་ཐུག་དང་། །གསང་སྔགས་བཟླས་པས་རྣམ་པར་སྤང་། །ཞེས་དང་། དཔུང་བཟང་ལས། ཤ་ཆང་ཀེའུ་བཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ུར་ཎ། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། །གུ་ལོང་མཆོད་བྱས་གཏོར་མ་མི་ཟའོ། །ཞེས་དང་། ཆོ་ག་ཞིབ་མོ་ལས་ཀྱང་བཀག་པའི་ཟས་ངན་པ་དང་། ཆང་དང་། ཤ་དང་། སྒོག་སྐྱ་དང་། ཀུན་དོང་དང་། ཀེའུ་དང་། ལྷག་མ་དང་། འབགས་པ་དང་། དེ་རྣམས་དང་འདྲེས་པ་དང་། གཅིག་ཏུ་བསྲེས་པ་དང་། ཅུང་ཟད་བཀྲུས་པའང་། རང་གི་ཁམ་འཕྲོ་དང་། བདེ་བྱེད་ལ་བྱིན་པའི་ལྷག་མ་དང་། ལ་ཕུག་རྣམས་སྤང་། རྟག་ཏུ་ཁམ་ཕྱེད་དུ་བཅད་པ་ལ་མི་ཟ། ཟས་འདྲེས་པའི་ལག་པ་གདོང་ལ་མི་རེག །ཟས་ཀྱི་ལྷག་རོ་ལྷུང་བཟེད་དུ་མི་དོར་རོ། །དཔུང་བཟང་ལས། ངས་ནི་སྔགས་པ་ཁ་ཟས་དཀར་གསུམ་དང་། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་། །ཞོ་དང་ནས་དང་འོ་མ་མར་དག་དང་། །འབྲུ་མར་ཚིག་མ་ད་ར་འོ་ཀོན་དང་། །ཐུག་པ་དག་ནི་བཟའ་བཏུང་ཡིན་པར་གསུངས། །ཞེས་སོ། །བྱ་རྒྱུད་ལ་ཆུ་དབང་དངོས་བསྟན་གཙོ་ཆེ་ཞིང་། དེ་ལ་བུམ་སྒྲུབ་དགོས་པས། བུམ་པའི་རྒྱུ་ཚད་གྲངས་སོགས་གསང་བ་སྤྱི་རྒྱུད་དང་། ལེགས་གྲུབ། འཕགས་པ་དྲ་བི་དའི་གཟུངས་ཆོག །དོན་ཞག་དཀྱིལ་ཆོག །དེའི་ཡིད་ཆེས་ཁུངས། བྱ་རྒྱུད་སྤྱི་རྣམ་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ་སོགས་སུ་གསལ། འཇུག་སྒོའི་བུམ་པ་རྣམ་རྒྱལ་ལ་བསྡུས་ཏེ། དེ་ལྟའི་བུམ་པ་གཉིས་ཕྱག་ལེན་བཞིན་བཤམ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་རིགས་ཀྱི་ལས་སྔགས་དང་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་བསང་། ལྷ་རྫས་ལས་གྲུབ་པའི་རིན་པོ་ཆེའི་བུམ་པ་རྩབ་རྩུབ་དང་ནག་པོ་མེད་པ། དབུས་ཀྱི་དབྱིབས་ལྷུང་བཟེད་ལྟ་བུ། མགྲིན་པའི་དཔངས་སོར་བཞི་པ་དང་། མགྲིན་པའི་སྟེང་ཁའི་ཕྱི་རོལ་གྱི་ཁ་ཁྱེར་གྱི་འདབ་མ་སོར་གཉིས་ཀྱི་ཚད་དུ་མཉམ་པ། ཁ་སོར་བཞི་པ། ཞབས་ཀྱི་གདུབ་ཀོར་དཔངས་སོར་གཅིག་གི་ཚད་དུ་བྱས་པ། རས་དཀར་པོ་གཙང་མ་ཁ་ཚར་མ་ཉམས་པས་མགུལ་པ་ལ་དཀྲིས་པ། ཚོན་སྐུད་ལྔས་བཅིངས་པ། དྲི་བཟང་པོའི་ཆུས་སུམ་གཉིས་ཙམ་གང་བའི་ནང་དུ། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔ། དྲི་ལྔ་རྣམས་ཀྱིས་ཡོངས་སུ་གང་ཞིང་། ཡལ་ག་དང་། ལོ་མ་དང་། འབྲས་བུར་ལྡན་པའི་ཤིང་དྲི་ཞིམ་པོས་ཁ་བརྒྱན་པ། མེ་ཏོག་དང་། རིན་པོ་ཆེ་ལ་སོགས་པ་སྣ་ཚོགས་པའི་རྒྱན་གྱིས་མཛེས་པར་བརྒྱན་པ། འཁོར་ལོ་རྣམ་རྒྱལ་བུམ་པའི་དུང་ཆོས་ཀྱི་སྟེང་དུ་བཞག་པ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ། བུམ་པའི་ནང་དུ་ཤར་གྱི་ཆའི་དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ། ན་མཿསཔྟཱ་ནཱཾ་སོགས། ཛི་ན་ཛིཀ྄ །བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ནས། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལས་བུམ་དུ་པད་ཟླ་ལ། བདུད་རྩི་ཐབས་སྦྱོར་གྱི་སྔགས་བརྗོད། ཁྲོ་བོ་བདུད་རྩི་ཐབས་སྦྱོར་སྔོན་པོ། ཕྱག་བཞི་གཡས་ན་རལ་གྲི་དང་གཏུན་ཤིང་། གཡོན་ན་དགྲ་སྟྭ་དང་ཞགས་པ་བསྣམས་པའོ། །བུམ་པའི་མཚན་མ་ཡང་ལྷ་དེ་རྣམས་ཀྱི་སྐུར་གྱུར། སྤྱན་འདྲེན་མཆོད་ཡོན་སྒྲུབ་པ་ནས། ཕྱག་གི་བར་ས་བཟུང་བའི་སྐབས་བཞིན་ལས། ཁྱད་པར་འཕགས་པ་སྤྱན་རས་གཟིགས་སྤྱན་དྲངས་པའི་རྗེས་སུ། ལས་བུམ་གྱི་བདུད་རྩི་ཐབས་སྦྱོར་སྤྱན་འདྲེན་རིགས་འགྲེ་སྦྱར། མཆོད་པ་བསང་བ། གཟི་བྱིན་བསྐྱེད་པ་སོགས། མཆོད་བསྟོད། ཕྱག་རྡོར་གྱི་བསྟོད་པའི་རྗེས་སུ། ལས་བུམ་གྱི་ལྷ་ལ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། སོགས་ཤོ་ལོ་ཀ་གཅིག །གཟུངས་ཐག་བཟུང་སྟེ། འཆི་བསླུའི་སྐབས་ཀྱི་བུམ་བཟླས་ཀྱི་དམིགས་པ་གསལ་བས། གཙོ་བོའི་རྩ་སྔགས་དང་སྙིང་པོ། ལྷ་གཞན་རྣམས་ཀྱི་སྔགས། རིགས་སྤྱིའི་སྙིང་པོ་གསུམ། ལས་བུམ་ལ་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྣམས་བརྒྱ་རྩ་རེ། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་མཆིས་པ་ཀུན། །བཅོམ་ལྡན་བུམ་པའི་ལྷ་ལ་བདག་འབུལ་ན། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། སྟོང་གསུམ་སོགས་ཚིག་གཞན་འདྲ་བ་ལ། ལྷ་རྫས་མེ་ཏོག །ལྷ་རྫས་བདུག་སྤོས། ཞེས་དང་། སྔགས་ཨ་ཧཱ་ར་སོགས་ཀྱིས་བུམ་པར་མཆོད་ཡོན་མེ་ཏོག །སྤོས་ཕུལ། བཅོམ་ལྡན་བུམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་དང་རྡོ་རྗེ་སློབ་མ་རྣམས་ལ་མངོན་པར་དབང་བསྐུར་བ་དང་། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །ཡིད་ཆེས་ཁུངས་བཙུན་ལས། བོད་ཀྱི་བླ་མ་ཁ་ཅིག་བུམ་པའི་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བའི་ཆུར་བསྒོམས་ནས་ཁྲུས་བྱེད་པར་བཞེད། སློབ་དཔོན་སངས་རྒྱས་གསང་བས་ལྷ་ཡེ་ཤེས་པ་གཤེགས་པའི་གསལ་ཁ་བྱུང་ཡང་། དམ་ཚིག་པ་ལ་དམིགས་བསལ་ཅི་ཡང་མ་བྱུང་སྟེ། རྣམ་འཇོམས་ཀྱི་དཀྱིལ་ཆོག་འགའ་ཞིག་ནས་ལྷ་ཞུ་བ་ཡང་བཤད་འདུག་པས། ཞུ་བར་བྱ་བ་ཡང་རུང་ངམ། ཡང་ན་བདག་ལ་བསྡུ་བར་བྱའོ། །ཞེས་གསུངས་པའི་ཕྱག་ལེན་ལ། སྒྲུབ་མཆོད་ཚར་དུ་བྱེད་ཀྱང་ཉིན་རེ་བཞིན་བསམ་ནས། གསོལ་གདབ་ཀྱི་བར་བུམ་པ་བསྒྲུབ། སྒྲུབ་མཆོད་རྗེས་མའི་དུས། རྡུལ་ཚོན་གཤེགས་གསོལ་གྱི་སྐབས། མདུན་བུམ་གཉིས་ཀྱི་ཡེ་ཤེས་པ་གཤེགས། རས་བྲིས་ཡིན་ན་མདུན་བསྐྱེད་ལ་བརྟན་བཞུགས་དང་། བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་རང་ལྷར་གསལ་བའི་ཐུགས་ཀར་བསྟིམ། རང་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ་སོགས་མཛད་དེ་བུམ་སྒྲུབ་བོ། །དེ་ནས་སློབ་མ་ལེགས་པར་བརྟགས་ཏེ་སྣོད་དུ་མི་རུང་བ་སྤང་ཞིང་། དཀོན་མཆོག་གསུམ་ལ་དད་པ། ཐེག་པ་ཆེན་པོ་ལ་མོས་ཤིང་གསང་སྔགས་ལ་བསྒྲུབ་བློ་དྲག་པོ་ཡོད་པ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་ནང་གཤིན་པ་རྣམས་ཁྲུས་བྱས། གོས་དཀར་པོ་གཙང་མ་བགོས་ནས་སློབ་དཔོན་ལ་ཡོན་ཕུལ། གྲལ་ལ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱས་ཏེ། ༀ་བཛྲ་བྷཱུ་མི་ནས་ཐམས་ཅད་ཀྱིས་ཡོངས་སུ་གང་བ་འདི་ཉིད་བླ་མ་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐ་མི་དད་པ་ལ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཨི་དཾ་གུ་རུ་མཎྜལ་ཀཾ་ནིཪྱ་ཏ་ཡཱ་མི། ཞེས་ཕུལ། གསོལ་གདབ་སྤྱི་རྒྱུད་ན་མེད། སློབ་མ་རྣམས་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་པ་ལ། ཁ་ཅིག་གསང་སྔགས་སྒྲུབ་པའི་ཕྱིར། །དེ་ལས་གཞན་པ་བསོད་ནམས་འདོད། །གཞན་དག་འཇིག་རྟེན་ཕ་རོལ་འདོད། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །འཇིག་རྟེན་ཕ་རོལ་ཆེད་དུ་ནི། །དད་པ་ཆེན་པོ་སྐྱེད་བྱས་ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱའི་ཕྱིར། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །འཇིག་རྟེན་ཕ་རོལ་དོན་དུ་ནི། །སྐྱེས་བུ་ཚེ་འདིར་འབྲས་རྒྱས་པ། །དེ་ལྟར་ཚེ་འདིར་འདོད་པ་ཡི། །འཇིག་རྟེན་ཕ་རོལ་རྒྱས་མི་འགྱུར། །ཞེས་པའི་དོན་བཤད་པ་ལ་བསམ་པ་རབ་འབྲིང་ཐ་གསུམ་ལས། རབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱའོ་སྙམ་པའི་སེམས་བསྐྱེད་ཅིག །ཅེས་གདམས་ལ། དོན་དྲན་བཞིན་པས་རྗེས་ཟློས་གྱིས་ཤིག །ཅེས་བརྗོད་ལ། སྲོག་ཆགས་དུཿཁ་ཞི་བྱའི་ཕྱིར། །ནས། བྱང་ཆུབ་བར་དུ་བདག་བརྩོན་ནོ། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེ་ནས་བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླས་པའི་སྤོས་ཆུས་མགོ་ལ་གཏོར་ཞིང་། ལག་པ་བཤལ་ལ་ལན་བདུན་བཟླ། དེ་ནས་དྲི་བཟང་གི་བསྐུས་པས་ལག་པ་མགོ་ལ་བཞག་སྟེ། བྷྲཱུྂ་དང་བདུད་རྩི་ཐབས་སྦྱོར་གྱི་སྔགས་ལན་བདུན་བཟླས། དེ་ནས་ལས་ཀུན་བྱེད་པའི་སྔགས། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་སྤྱི་བོར་དགྲམ་ཞིང་བཟླ། འདི་སྤྱི་རྒྱུད་ལས། དེ་ནས་ལས་ཀུན་བྱེད་པ་ཡི། །སྔགས་ཀྱིས་སྤྱི་བོར་དགྲམ་ཞིང་བཟླས། །ཞེས་གསུངས་པས་དགོས་སམ། དོན་ཞགས་དཀྱིལ་ཆོག་དང་། སྤྱི་རྣམ་ན་མེད་པ་བརྟག །དེ་ཉིད་བཟླས་པའི་དྲིས་བསང་གཏོར་བྱ། བདུག་སྤོས་ཀྱིས་བདུག་གོ། །དེ་ནས་སློབ་མ་རྣམས་དྲིའི་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཁ་བྱང་དུ་བལྟས་ཏེ་ཐལ་མོ་སྦྱར་ནས་འཁོད་པ་ལ་ཨུ་དུམྺཱ་རའམ། ཨཤྭརྠ་རྨ་མེད་པ་ཧ་ཅང་མི་སྦོམ། ཧ་ཅང་མི་ཕྲ་བ་སོར་བཅུ་གཉིས་པ་ལ་དྲིའི་ཆུས་བཀྲུས། སྐུད་པས་དཀྲིས། བྱུག་སྤོས་ཀྱིས་བྱུགས། བདུག་པས་བདུག་ལ་ལག་པས་རེག་ནས། ༀ་ཛི་ན་ཛིཀ྄་ལན་བདུན་བཟླས་ལ་མགོ་ཞབས་མཉམ་པར་མེ་ཏོག་བཏགས་ལ་སློབ་མ་ཁ་ཤར་དུ་ཕྱོགས་པའི་མདུན་དུ་བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་སོ་ཤིང་བྱིན་ཏེ། དེས་སོ་ཤིང་གི་རྩེ་མོ་ནས་འཆོས་ཏེ་མདུན་དུ་ལྟོས་པ་མེད་པར་དོར་བས། རྩེ་མོ་བདག་ལ་བལྟ་བ་དང་། གྱེན་དུ་འགྲེང་ན་མཆོག །ཤར་དུ་བལྟ་ན་འབྲིང་། མཚམས་དང་བྱང་དུ་བལྟ་ན་འཇིག་རྟེན་པའི་དངོས་གྲུབ། མཐུར་དུ་བལྟ་ནས་འོག་གི་དངོས་གྲུབ་འགྲུབ་པར་ཤེས་པར་བྱས་ལ་འཁོད་དེ། ལས་ཐམས་ཅད་པ་བཟླས་པའི་དྲིའི་ཆུ་ཁྱོར་བར་བླུག་ལ་ལན་བདུན་བླུད། དེ་ནས་སློབ་མས་ལངས་ལ་ཕྱི་རོལ་དུ་ཁ་བཀྲུ་བར་བྱའོ། །དེ་ནས་གཞོན་ནུ་མའི་བཀལ་བའི་སྐུད་པ་ལ། ལས་ཐམས་ཅད་པ་ལན་ཉི་ཤུ་རྩ་དགུ་བཟླས་ཏེ་མདུད་པ་བོར་ལ་སློབ་མའི་དཔུང་པ་ལ་བཅིང་ངོ་། །སྤྱི་རྒྱུད་ན། བུ་མོ་གཞོན་ནུས་བཀལ་བའི་སྐུད། །བླངས་ནས་བཞི་བཅུ་རྩ་དགུ་བཟླས། །ཞེས་པ་དཔེ་གཞན་རྙེད་ན་བརྟག །དེ་ནས་ཀུ་ཤ་ཆེ་ཆུང་གཉིས་ལ་སྔགས་བཟླས་ཏེ་བྱིན། དེ་ནས་སློབ་མ་རྣམས་ལ་ཆོས་ཟབ་མོ་བཤད་པས་སྤྲོ་བ་བསྐྱེད་པར་བྱས་ཏེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ནས། དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་པའི་བར་རྣམ་སྣང་མངོན་བྱང་ལས་འབྱུང་བ་སྤྱི་འགྲོ་བཞིན་བརྗོད་དེ་དོན་བཤད་ལ། ཀུ་ཤ་བཏིང་བའི་ས་གཞི་ལ་ཁ་ཤར་དུ་ཕྱོགས་པས་ཉལ་དུ་བཅུག་སྟེ། ནངས་པར་སྔ་བར་ལངས་ནས་རྨི་ལམ་དྲིས་ལ་སངས་རྒྱས་མཐོང་བ་ལ་སོགས་པའི་རྨི་ལམ་རབ་འབྲིང་ཐ་གསུམ་མཐོང་ན་དངོས་གྲུབ་རབ་འབྲིང་ཐ་གསུམ་ལུང་བསྟན། ངན་ན་ཞི་བའི་སྦྱིན་སྲེག་གི་ཆོ་གས་བའི་མར་གྱི་བསྲེག་བླུག་བརྒྱ་རྩ་བརྒྱད་བྱིན་ལ་ཞི་བར་བྱའོ། །སློབ་མ་སྟ་གོན་ནོ། །དངོས་གཞིའི་སྐབས་དཀྱིལ་འཁོར་སྒྲུབ་མཆོད་ཡན་དཀྱུས་བཞིན་༼འདིར་བུམ་སྒྲུབ།༽ དེ་ནས། སློབ་དཔོན་བདག་འཇུག་བྱ་བ་སྤྱི་རྒྱུད་ན་མི་གསལ་ཡང་། ཆོ་ག་ཞིབ་མོར་གསུངས་པས། བླ་མའི་བྱ་བ་རྣམས་གཙོ་བོས་མཛད། ལས་ཀྱི་སློབ་དཔོན་གྱི་བྱ་བ་རྣམས་ལས་ཐམས་ཅད་ཀྱི་ཁྲོ་བོས་བྱས་པར་བསྒོམ། སློབ་མའི་བྱ་བ་རྣམས་རང་གིས་བྱས་པར་བསྒོམས་ལ། ཁྲུས། མཎྜལ། གསོལ་བ་གདབ་ཅིང་བསྲུང་བ། ཆས་སུ་ཞུགས་པ་ནས་བརྩམས་ཏེ་མཇུག་ཏུ་དམ་ཚིག་བསྒོ་བའི་བར་སློབ་མ་ལ་ཇི་ལྟར་བྱེད་པ་བཞིན་རང་གིས་བླངས་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་གསུམ་གྱིས་ཁས་བླངས། བཀའ་དྲིན་བཏང་རག་གི་མཎྜལ་དབུལ། དེང་ནས་བརྩམས་ཏེ་བདག་བྲན་སོགས་གསུམ་བརྗོད། བདག་འཇུག་གོ། །སྔར་སྟ་གོན་དུ་གནས་པའི་སློབ་མ་རྣམས་ཁྲུས་བྱས་ནང་དུ་བཅུག་ཡོན་དབུལ་གྲལ་ལ་འཁོད། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ། ༀ་བཛྲ་བྷཱུ་མི་ནས། ཐམས་ཅད་ཀྱིས་ཡོངས་སུ་གང་བ་འདི་ཉིད་བླ་མ་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐ་མི་དད་པ་ལ། དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཨི་དཾ་གུ་རུ་མཎྜ་ལ་ཀཾ་ནིཪྱ་ཏ་ཡཱ་མི། ཞེས་མཎྜལ་དབུལ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསང་སྔགས་སྤྱོད་པ་སྒྲུབ་པ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམ་པར་ཐར་པའི་དལ་གསང་ཆེན་དུ་ཡང་དག་པར་གཞུག་པ་དང་། ཆོས་ཀྱི་རྒྱལ་སྲིད་དང་བཅས་པའི་སངས་རྒྱས་ཉིད་དུ་ལྷག་པར་འགྱུར་བས་སློབ་དཔོན་སྤྲོ་བར་མཛོད་ཅིག །ཅེས་འཇམ་དཔལ་རྩ་རྒྱུད་ནས་འབྱུང་བ་ལན་གསུམ་གྱིས་གསོལ་བ་བཏབ་ལ། དེ་ལ་བར་ཆད་བསྲུང་བ། སྔར་སྲུང་འཁོར་དུ་བཤད་པའི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ༀ་ས་ར་ནས། བརྟན་པར་བྱིན་གྱིས་བརླབ་པར་གྱུར། ཞེས་པའི་བར་ཕྱག་རྒྱ་དང་བཅས་པ་དང་། ༀ་བཛྲ་ཨགྣེ་ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཞེས་གོ་ཆའི་སྔགས་རྒྱས་གོ་བསྐོན་ཞིང་། ལས་སྔགས་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་སྲུང་། སློབ་མ་རྣམས་ལས་བུམ་གྱིས་ཆུས་ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླ་ཞིང་བསང་། ཛི་ན་ཛིཀ྄་ཅེས་པས་མངོན་པར་བསྔགས་ནས། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། བདུད་རྩི་ཐབས་སྦྱོར་བཏབ་པའི་གདོང་གཡོགས་སྦྱིན། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་སྟེ་མགོ་ལ་བཞག་ལ། ༀ་ཏ་ཐཱ་ག་ཏ་ཨུཏྦྷ་ཝ་ཡེ་སྭཱ་ཧཱ། ཞེས་དེ་བཞིན་བཤེགས་པ་རིགས་སྤྱིའི་སྔགས་དང་ཕྱག་རྒྱ་འཆིང་དུ་བཅུག་ལ་དེར་མེ་ཏོག་གི་ཕྲེང་བ་སྦྱིན། སྲོག་ཆགས་སྡུག་བསྔལ་ནས། བདག་བརྩོན་ནོ། །གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་སྔར་སྟ་གོན་དུ་བཤད་པ་ལྟར་བྱེད་དུ་བཅུག་ལ། ལས་ཀྱི་རྡོ་རྗེས་སྣ་ཁྲིད་དེ། བསྐོར་བ་ལན་གསུམ་བྱ། དེ་ནས་ཐལ་མོ་སྦྱར་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བྷནྡྷ་ནཾ་ཀ་རོ་མི། ཞེས་པས་སྒོ་བཞི་ནས་རིམ་པ་བཞིན་ཕྱག་འཚལ། ཡང་ནུབ་སྒོ་ནས་ཕྱག་གསུམ་བཙལ་ལ། དེ་ནས་འཇུག་སྒོའི་བུམ་པའི་ཆུས་གཙོ་བོའི་སྙིང་པོའི་སྔགས་ལ་བཛྲ་ཨ་བྷི་ཥིཉྩ་བཏགས་པས་སྤྱི་བོ་ནས་དབང་བསྐུར་ཞིང་འཐུང་དུ་ཡང་གཞུག་སྟེ་ཕྱིའི་འཇུག་པའོ། །དེ་ནས་སློབ་མ་རྣམས། བཅོས་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ནས། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པར་གྱུར། ཞེས་གཙོ་བོར་བསྐྱེད་ལ། གཙོ་བོའི་ཕྱག་རྒྱ་ནི། ལག་པ་གཉིས་ཕན་ཚུན་ཁུ་ཚུར་བཅང་ནས། མཐེ་བོ་གཉིས་བརྟན་པར་བྱས་པ་དེའི་སྤྱི་བོར་བཞག་ལ། ན་མཿསཔྟཱ་ནཱཾ་སོགས་ལན་གསུམ་བཟླས་ལ་བདེན་པའི་སྟོབས་བརྗོད་པ་ནི། འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཙུད་ན། །ལྷ་ཡི་རིགས་ཀྱི་རིམ་པ་དག །འདི་ཡི་བསོད་ནམས་ཅི་འདྲ་ལས། །དེ་བཞིན་དུ་ནི་འབབ་བར་འགྱུར། །འདིས་ནི་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ནི་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་གྱུར། །ནུབ་སྒོ་དབྱེ། དཀྱིལ་འཁོར་དུ་ཞུགས་པར་བསམ། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་སྙིང་ཁར་ཐིམ་པས་བྱིན་གྱིས་བརླབས་པར་བསམ་སྟེ། འདི་ནི་ཆོ་ག་གཞན་ནས་བཤད་པའི་ཡེ་ཤེས་དབབ་པ་དེའི་དོད་པོ་ཡིན་པས་གལ་ཆེའོ། །ཞེས་ཡིད་ཆེས་ཁུངས་བཙུན་དུ་གསུངས། ལག་པ་ཐལ་མོ་སྦྱར་བའི་བར་དུ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་བཟུང་ལ། མེ་ཏོག་རང་གི་ལྷ་ལ་དབུལ་སྙམ་པ་བྱས་ཏེ། དཀྱིལ་འཁོར་དུ་དོར། གདོང་གཡོགས་དང་བཅས་པས་དཀྱིལ་འཁོར་དུ་ཞུགས་པའོ། །མེ་ཏོག་གང་ལ་བབས་པ་དེ་རིགས་ཀྱི་ལྷ་ཡིན་ནོ། །དེ་ནས་གདོང་གཡོགས་དཀྲོལ་ཏེ། དཀྱིལ་འཁོར་ལྟར་བཅུག་ལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཕྱིར་ནི་དམ་ཚིག་སྲུངས། །གསང་སྔགས་དག་ལའང་བརྩོན་པར་གྱིས། །ཞེས་བསྒོ། སློབ་མས་མེ་ཏོག་གིས་སྙིམ་བ་བཀང་ནས་དཀྱིལ་འཁོར་གྱི་ལྷ་ལ་བསྔོས་ནས་ཕྱག་བཙལ་ཏེ་ལན་གསུམ་གཏོར་རོ། །སློབ་དཔོན་གྱིས་མེ་ཏོག་ཕྲེང་བ་དེ་བླངས་ནས། མེ་ཏོག་གང་ལ་ཕོག་པའི་ལྷ་དེའི་སྙིང་པོའམ་སྔགས་ཀྱི་ཕྲེང་བར་བསྒོམས་ཏེ་དེ་ཉིད་བཟླས་ལ་བྱིན། དེས་ཀྱང་སྔགས་ཀྱི་ཕྲེང་བར་མོས་པས་བླངས་ཏེ་སྔགས་དེ་ལན་གསུམ་དུ་བཟླའོ། །ཞེས་བཤད་ཀྱང་དེང་སང་ཕྱག་ལེན་མེ་ཏོག་གཙོ་བོའི་དབུ་ལ་བབས་པར་མོས་འབུལ་བའི་སྟངས་ཀ་ཙམ་བྱས་ཏེ། གཙོ་བོའི་སྙིང་པོའམ་སྔགས་བཟླའོ། །དེ་ནས་སློབ་མས་དཀྱིལ་འཁོར་ལ་ཕྱག་དང་། མཆོད་པ་དབུལ། བསྐོར་བ་བྱའོ། །དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་གཞུག་པ་སྟེ་དཀྱིལ་འཁོར་དུ་ཞུགས་པའི་ཆོ་གའོ། །དབང་བསྐུར་བའི་འོས་ཡིན་ན་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པའི་ཀུ་ཤ་ལ་སོགས་པའི་སྟན་གསར་པ་ལ་ཁ་ནུབ་ཏུ་ཕྱོགས་པར་བཞག །ༀ་བཛྲ་ཨགྣེ་ནས། མགྲིན་པར་གོ་ཆ་བྱས་པར་གྱུར་ཞེས་པའི་སྔགས་རྒྱས་གོ་བསྐོན་ལ། སློབ་མ་རྣམས་བཅོས་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ནས། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་བཞུགས་པར་གྱུར། ཞེས་གཙོ་བོར་བསྐྱེད་པ་གསལ་བཏབ་ནས། གཙོ་བོའི་རྩ་བའི་ཕྱག་རྒྱ་སྔར་བཤད་པས་གནས་ལྔར་གཏུགས་ཏེ། དཀྱིལ་འཁོར་གྱི་ལྷའི་སྔགས་རྣམས་འདོན་ཞིང་། སྤྱི་བོར་གདུགས་དཀར་པོ་ལ་མེ་ཏོག་དཀར་པོའི་ཕྲེང་བས་བརྒྱན་ཅིང་རས་ཕྲན་དཀར་པོའི་བ་དན་དཔྱངས་པ་བཟུང་། ལེགས་པར་སྦྱར་བའི་བདུག་པ་ཁྲོ་བོའི་སྔགས་ཀྱི་བདུག །གཡས་གཡོན་གྱི་རྔ་ཡབ་དང་བསིལ་ཡབ་འཛིན་པ་དང་། སྤོས་ཕོར་ཐོགས་པས་སྤོས་དབུལ་ཞིང་། སློབ་མས་ཀྱང་ཡོན་ཕུལ་ལ། བླ་མས་དེ་ལ་སྔགས་ཀྱིས་སྐྱོན་བསལ་ལ། ཡིད་ཆེས་ཁུངས་བཙུན་དུ། སྔགས་ཀྱི་སྐྱོན་བསལ། བཀྲ་ཤིས་བྱ། ཞེས་པའི་སྐབས་སུ་སྦྱང་བ་གཅིག་ཐོབ་པ་འདྲ་སྟེ། གསལ་པོ་མ་བྱུང་བས་མ་བཀོད་དོ། །ཞེས་བྱ། ཤིས་པའི་ཆོ་ག་བྱ་བ་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ནས། བཀྲ་ཤིས་གསུམ་པ་ཡིན། ཞེས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་སྙན་པའི་གླུ་དབྱངས་བླངས། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་འདོན། དུང་དང་རྔ་བོ་ཆེ་ལ་སོགས་པའི་རོལ་མོ་བྱའོ། །བླ་མས་ཡིད་ཀྱི་དཀྱིལ་འཁོར་གྱི་ལྷ་ཀུན་ལ་གསོལ་བ་བཏབ་ནས། བུམ་པ་རང་རང་གི་སྔགས་ཀྱི་བཟླས་བརྗོད་བརྒྱར་བྱས་པ་རྣམས་ལེགས་པར་བླངས་ནས་དཀྱིལ་འཁོར་དལ་བུས་ལན་གསུམ་དུ་བསྐོར་ཞིང་། སློབ་མའི་སྤྱི་བོར་བཞག་ནས། ལྷ་སོ་སོར་སྔགས་ཀྱི་རྗེས་སུ་ཆུ་དབང་གི་སྔགས་བཏགས་པས་སྤྱི་བོ་ནས་དབང་བསྐུར་ཞིང་། ཁྲུས་བྱས་འཐུང་དུའང་གཞུག །ཐམས་ཅད་རྫོགས་པ་དང་རྣམ་རྒྱལ་བུམ་པའི་ཆུ་དང་གཙོ་བོའི་སྔགས་འདོན་ཅིང་། དབང་བསྐུར་བས་མི་མཐུན་ཕྱོགས་དྲི་མ་ཐམས་ཅད་དག །ལྷ་སོ་སོའི་ཡེ་ཤེས་ཐོབ་པའི་ས་བོན་རྒྱུད་ལ་བཞག་པར་བསམ་སྟེ་ཆུས་དབང་བསྐུར་བའོ། །དེ་ནས་དེ་བཞིན་གཤེགས་རིགས་སྤྱིའི་ཕྱག་རྒྱ་སྔར་བཤད་པ་སྤྱི་བོར་བཞག་ལ། ༀ་ཏ་ཐཱ་ག་ཏ་ཨུཏྦྷ་ཝ་ཡེ་ཨ་བྷི་ཥིཉྩ། ཞེས་རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་བཅིངས་པ་ཅོད་པན་གྱི་དབང་ངོ་། །དེ་ནས་ཆུས་བསངས་པའི་གོས་བརྗེས་ནས་ༀ་རཀྵ་རཀྵ་མཱཾ་སོགས་གོས་ཀྱིས་སྔགས་ཀྱིས་གོས་གསར་པ་བསྐོན། ཉེར་སྤྱོད་ལྔས་མཆོད། ༀ་རཀྵ་རཀྵ་མཱཾ་སོགས་གོས་ཀྱི་སྔགས་བརྗོད་དེ། ཟེའུ་ཁ་བཅིངས་པར་གྱུར། ༀ་རུ་རུ་སྥུ་རུ་སོགས་བཟླས་པའི་གཞོན་ནུ་མས་བཀལ་བའི་སྐུད་པ་གསུམ་བསྒྲིལ་མདུད་པ་གསུམ་བོར་བའི་དབུས་སུ་བོ་དྷི་ཙིའི་ཕྲེང་བ་རྡོག་གཅིག་པའི་གདུ་བུ་མཁྲིག་མ་གཡོན་པ་ལ་གདགས་པར་གྱུར་ཞེས་གདུ་བུ་གདགས། དེ་ནས་བླ་མས་དེའི་སྟེང་དུ་གདུགས་བཟུང་ལ། སློབ་མ་ཐལ་མོ་སྦྱར་ནས་དཀྱིལ་འཁོར་ལ་བསྐོར་བ་བྱེད་དུ་བཅུག་སྟེ། ནུབ་སྒོ་ནས་གདུགས་དང་བཅས་པའི་སྤྱི་བོས་བཏུད་པའི་ཕྱག་འཚལ་དུ་བཅུག་ལ། བླ་མས། སྔགས་དང་རྒྱུད་ནི་འཛིན་གྱུར་པའི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་པས་ལྷ་ལ་ཕུལ་ཏེ། དེ་ནས་གདུགས་གཞན་དུ་བཞག་ལ། སློབ་མ་ལག་པས་བླངས་ཏེ། འདི་སྐད་བསྒོ་བར་བྱ། ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་ཀུན་གྱིས་བཀུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱོས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཞེས་བསྒོས་ལ། དེ་ནས་སྦྱིན་སྲེག་བྱ་བར་བཤད་ཀྱང་དེང་སང་སྐབས་འདིར་མི་འགྲུབ་པ་མང་བས་མ་བྲིས། སློབ་དཔོན་ལ་ཡོན་འབུལ། ལས་སྔགས་གཉིས་བཟླ་ཞིང་ལས་བུམ་གྱི་ཆུས་སྤྱི་བོ་ནས་གཏོར་ནས། བདག་འཇུག་ལ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། ཞེས་དང་། གཟུངས་དང་སྙིང་པོ་རྣམས་ཀློག །སློབ་མ་ལ་དབང་བསྐུར་དུས། དཀྱིལ་འཁོར་རྟེན་དང་བརྟེན་པའི་ལྷ་ངོ་རྒྱས་པར་བསྟན། གཟུངས་དང་སྙིང་པོ་རྣམས་ཀྱང་ཀློག་ཏུ་གཞུག་གོ། །དེ་ནས་སློབ་མས་མེ་ཏོག་གིས་སྙིམ་པ་བཀང་ནས་ལྷ་ལ་དབུལ། དེ་ནས་བླ་མ་ལ་ཡོན་ཅི་དགོས་པ་དབུལ། བླ་མས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཀླགས་ནས་དམ་ཚིག་བསྒོ་བར་བྱ་སྟེ། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་བདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །རིགས་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པས་རབ་ཏུ་བསྟེན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱའོ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱིས་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་བརྗོད་ལ་སློབ་མས་ཀྱང་། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དེ་རྣམས་བསྲུང་བར་ཁས་བླང་། སློབ་དཔོན་གྱིས་དེ་རྣམས་ལ་ལྷ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཤད། སློབ་མས་ལྷ་དང་བླ་མ་ལ་ཕྱག་གསུམ་གསུམ་བཙལ་ནས། ཅི་འབྱོར་པའི་ཡོན་ཕུལ་ནས། བདག་ལ་རིག་སྔགས་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ་ཅིང་། བླ་མས་ཀྱང་ལྷ་ལ་གསོལ་བ་བཏབ་ལ། ལྷ་དང་བླ་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སྔགས་ཀྱི་ཕྲེང་བ་གནས་པ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་ནས། སློབ་མའི་སྙིང་ཁའི་ཟླ་བ་ལ་གནས་པར་བསམ་ལ། སློབ་དཔོན་གྱིས་རྗེས་ཟློས་བྱེད་པས། གཟུངས་དངོས་ཚར་གསུམ་དང་། གོང་འོག་གི་ལྷུག་པ་ཚར་གཅིག་བརྗོད། ལྷ་རྣམས་ཀྱི་སྙིང་པོ་ཡང་ཚར་གསུམ་གསུམ་བརྗོད། སློབ་དཔོན་གྱིས་མེ་ཏོག་དྲི་ཞིམ་པོ་ལ་དེ་རྣམས་བཟླས་ཏེ། བཅོམ་ལྡན་འདི་ལ་བསྙེན་པ་དང་། །འདི་ལ་རབ་ཏུ་འགོ་བར་མཛོད། །ཅེས་བརྗོད་ལ་སྦྱིན། སློབ་མས་ཀྱང་། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་ལ་སྤྱི་བོར་བཟུང་སྟེ། ལྷ་རྣམས་ཀྱི་སྙིང་པོ་བདུན་ལ་སོགས་བཟླའོ། །དེ་ནས་བླ་མས་དཀྱིལ་འཁོར་ཡང་རྒྱས་པར་བཤད་དོ། །དེ་ནས་སློབ་མས་ཁ་ལག་བཀྲུས་ནས་མཆོད་ཡོན། བདུག་སྤོས་ལ་སོགས་པས་མཆོད་པ་རྒྱ་ཆེན་པོ་བྱ། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་སོགས་ལན་གསུམ་བརྗོད། བསྔོ་བ་སྨོན་ལམ་ཤིས་བརྗོད་བྱ། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །སྤྲོ་ན། བཟླས་ལུང་ཡན་ཆད་ཚར་མཚམས་སུ། བཀྲུ་བྱབ། བསྲུང་བ། རིན་ཆེན་སྣ་བདུན། བཀྲ་ཤིས་རྫས་བརྒྱད། བཀྲ་ཤིས་རྟགས་བརྒྱད། ཤིས་བརྗོད་རྒྱས་པར་གྲུབ་ན་ལེགས་སོ། །དེ་ནས་སློབ་དཔོན་གྱིས་བཟླས་པ་ཅི་འགྲུབ་བྱ། རྗེས་ཆོག་དཀྱུས་བཞིན་ལགས། དེ་ལྟར་གསང་བ་སྤྱི་རྒྱུད་ཀྱི་དགོངས་པ་ཆོས་རྗེ་ཐམས་ཅད་མཁྱེན་པས་དོན་ཞག་དཀྱིལ་ཆོག་ཏུ་བཀྲལ་བ་གཞིར་བཞག །ཁ་འགེངས་དགོས་ཆོ་ག་ཞིབ་མོ་སོགས་ནས་ཅུང་ཟད་བསྐང་། པད་རིགས་དང་། དེ་བཞིན་གཤེགས་རིགས་ཀྱི་ཁྱད་པར་རྣམས་རྒྱུད་ཉིད་དང་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་བྱ་རྒྱུད་སྤྱི་རྣམ་གྱིས་གསལ་བར་ཕྱེས། དེ་དང་གྲུབ་མཐའ་མི་གཅིག་པ་རྣམས་མ་འདྲེས་པར་རང་ལུགས་གཙང་མར་སྦྱར་བའི་ཁུལ་ཙམ་ལགས། ནོར་འཁྲུལ་མཆིས་མོད་གུས་པས་ཐལ་སྦྱར་ཏེ། །ཀུན་མཁྱེན་བླ་མའི་སྤྱན་སྔར་མཐོལ་ཞིང་བཤགས། །རྣམ་དག་ཆོ་ག་གསལ་བར་ཕྱེས་པ་ཡི། །དགེ་ཚོགས་གང་བསྐྲུན་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པ་བདག་ཅག་ཁ་བ་ཅན་པ་རྣམས་ཀྱི་སྐྱབས་གཅིག་འཕགས་པ་ཐུགས་རྗེའི་དབང་ཕྱུག་གི་རྣམ་སྤྲུལ་འཛམ་གླིང་བསྟན་པའི་བདག་པོ་རྒྱལ་དབང་ཀུན་མཁྱེན་ཀུན་གཟིགས་ཆེན་པོའི་བཀའ་དྲིན་ཁོ་ནས་འཚོ་བའི་ཞ་ལུ་བ་བསོད་མཆོག་གིས། ཟིལ་གནོན་ཁྲུམས་ཟླའི་གཉིས་པའི་ཕྱོགས་ཀྱི་དགའ་བ་གསུམ་པ་ལ་ཞ་ལུ་བླ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་རིན་ཆེན་ནོ། །མངྒ་ལཾ།། །།
འཕགས་པ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་གྱི་ལས་རིམ་ཆོག་བསྒྲིགས་སུ་བྱས་པ་འོད་ཟེར་ཕྲེང་བ། བཙུན་པ་བློ་གསལ་བསྟན་སྐྱོང་།
འཕགས་པ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་གྱི་ལས་རིམ་ཆོག་བསྒྲིགས་སུ་བྱས་པ་འོད་ཟེར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མཿཤཱཀྱ་མུ་ན་ཡེ། རྣམ་དག་མཚན་གྱི་འོད་ཟེར་ཕྲ་མོས་ཀྱང་། །མ་དག་སྒྲིབ་པའི་མུན་སྟུག་མཐར་བྱེད་ཅིང་། །ཡང་དག་ལམ་བཟང་དྲི་མེད་གསལ་མཛད་པ། །ཐུབ་དབང་ཤཱཀྱ་སེང་གེས་དགེ་ལེགས་སྩོལ། །དྲི་མེད་ཆོས་ཀྱི་སྲོལ་འབྱེད་ཞི་བ་འཚོ། །དྲི་མེད་ལམ་བཟང་རྒྱས་མཛད་རིན་ཆེན་གྲུབ། །དྲི་མེད་དབང་དང་མན་ངག་སྩོལ་མཛད་པའི། །དྲི་མེད་མཁས་གྲུབ་རྣམས་ལ་གུས་ཕྱག་འཚལ། །འཕགས་པ་ཀུན་ནས་སྒོར་འཇུག་རྣམ་དག་འོད། །འཆི་མེད་འབྱུང་བ་དཀྱིལ་འཁོར་ཆོ་ག་ཡི། །ཕྱག་ལེན་དཀའ་གནས་ལྷན་ཐབས་ཟུང་འཇུག་གི། །ཆོག་བསྒྲིགས་འོད་ཟེར་ཕྲེང་བ་འདིར་བཤད་བྱ། །འདིར་འཕགས་པ་འོད་ཟེར་དྲི་མ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པ་འཆི་མེད་འབྱུང་བ་དང་། དེའི་ལྷན་ཐབས་མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པ་མུན་སེལ་ཉིན་བྱེད་སྣང་བ་ཟུང་དུ་འཇུག་པའི་ཆོག་བསྒྲིགས་འོད་ཟེར་ཕྲེང་བ་བཤད་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། འདིའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་ལ་མ་ཉམས་པ། བསྙེན་པ་སྔོན་དུ་སོང་བས་གཉུག་མར་གནས་པའི་སར་དཀྱིལ་འཁོར་འབྲི་བའི་དབང་དུ་བྱས་ནས་གནས་ཁང་བྱི་དོར་བྱས། དཀོན་མཆོག་གསུམ་གྱི་རྟེན་མཆོད་པས་བརྒྱན་པ་སྟེགས་མཛེས་པའི་སྟེང་དུ་བཀོད། སློབ་དཔོན་གྱི་མདུན་དུ་ཅོག་ཙེ་ལྟ་བུའི་ཁར་གཡོན་ནས་འགོ་བརྩམས་པའི་མཆོད་པ་བཞི། དེའི་ནང་དུ་གཡོན་ནས་རིམ་བཞིན་བསང་ཆུ་འཐོར་ཡབ་དང་བཅས་པ། རྡོར་དྲིལ་དང་། སྤོས། བ་བྱུང་། དྲི་བཟང་སོགས་ཀྱང་ཇི་ལྟར་འོས་པ་བཤམས། སྒྲུབ་གྲོགས་རྣམས་ཀྱི་མདུན་དུའང་། རྡོར་དྲིལ། རྔ། སིལ་སྙན། དཀར་དུང་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པ་ལེགས་པར་འདུ་བྱ། ཚེ་འདིའི་རྣམ་རྟོག་ངན་པ་རྣམས་སྤངས་ཏེ་དགེ་སེམས་ཁྱད་པར་ཅན་གསལ་འདེབས་པ་རྣམས་ནི་སྦྱོར་བའི་ཆོས་མདོར་བསྡུས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ། སའི་ཆོ་ག །སྟ་གོན་གྱི་ཆོ་ག་དཀྱིལ་འཁོར་དངོས་གཞིའི་ཆོ་ག་དང་གསུམ་ལས། དང་པོ་ལ་ཡངས་སྦྱང་བ་དང་། བཟུང་བ་གཉིས་ཀྱི། དང་པོ་ལ་ཐོག་མར་ཁྲུས་ཀྱི་ཆོ་ག་ལ་སོགས་པ་ནས་འཇུག་དགོས་པས་དཀྱིལ་ཆོག་དྲི་མེད་རབ་གསལ་ལྟར་སྲུང་འཁོར་ཡན་ཆད་བཏང་ནས། བར་འདིར་ཕྱག་ལེན་ལྷན་ཐབས་ལས་ས་སྦྱང་༼དཀྱིལ་འཁོར་གྱི་གཞི་དེར།༽ མཛད་པས། ༀ་ཀཱི་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ། ཅེས་ཀཱི་ལི་ཀཱི་ལའི་སྔགས་རྒྱ་ཆུ་ལ་གཏུགས་ཏེ། ས་ལ་བསང་གཏོར་བྱས་པར་གྱུར་གྱི་པར་བརྗོད། རྐང་པ་གཡས་པ་ས་ལ་བཞག་སྟེ། གཡོན་བཏེགས་པའི་འབོལ་གྱིས་གཡས་བརྐྱངས་པའི་བརླ་ལ་བཞག་ལ། ལག་པ་གཡས་པ་བསྣུན་པའི་ཚུལ་དུ་ང་རྒྱལ་བརྟན་པར་བྱེད་པའི་ཕྱག་རྒྱ་དང་། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏངྒི་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ནོ་དཱརྻ་ཨ་བ་ལོ་ཀི་ཏ་བཛྲ་མ་ར་བཛྲོཥྞཱི་ཥ་ཧཱུྃ་ཧཱུྃ་པྲཛྙཱ་མི་ཏ་མུརྟི་སྭཱ་ཧཱ། ལག་པ་གཉིས་སྙིམ་པ་སྦྱར་ལ་སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་བཀུག་སྟེ་མཛུབ་མོ་གཉིས་ཀྱིས་མཐེ་བོང་གཉིས་ལ་འཁྱུད་པ་རྡོ་རྗེ་གཙུག་ཏོར་གྱི་སྔགས་རྒྱས་སྦྱང་བའོ། །བ་བྱུང་དང་དྲི་བཟང་༼གུང་མཛུབ་སྲིན་གསུམ།༽ གི་ཆུས་བྱུགས་ནས་ལག་པས་རེག་སྟེ་མཛུབ་མོ་གཉིས་སྦྱར་ནས་བསྐོར་ལ། དཀྱིལ་འཁོར་ལྟ་བུར་བྱས་པ་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱ་དང་། ༀ་བཛྲ་ཡོཥྞཱིཥ། ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ད་མ་ད་མ། ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧ་ན་ཧཱུྃ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་པས་སྔགས་བཟླས་ཏེ་ས་སྦྱང་བའོ། །ས་བཟུང་གི་དོན་དུ་དཀྱིལ་འཁོར་འབྲི་བའི་ས་གཞིར་ལྷ་གནས་རྣམས་སུ་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ། ཕྱི་ནང་གི་མཆོད་གཏོར་བུམ་པ་སོགས་འོག་མདུན་བསྐྱེད་སྐབས་ནས་བཤད་པ་བཞིན་བཤམས། དེ་ནས་སྟན་བསང་གཏོར་ནས་དཀྱུས་ལ་འཇུག་ཅིང་། ནང་གི་དཀྱིལ་འཁོར་གྱི་ཤར་གྱི་ཆའི་དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ། མཚམས་སུ་འདིར་འཇུག །ན་མཿསཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྛི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྴ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨ་ཡུར་བི་ཤོ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྡྷི་བོ་དྡྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུ དྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་རྩ་སྔགས་དང་། ཛི་ན་ཛིཀ྄ །པད་ཟླའི་སྟེང་དུ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱེད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ་ཞལ་ནུབ་ཏུ་བསྟན་པ། དེའི་གཡོན་ངོས་ལྷོ་ཕྱོགས་སུ་གདན་གྱི་ཁྲི་ཟླུམ་པོ་ལ་པ ད་ཟླའི་སྟེང་དུ། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཥྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་བ་ཏི་སྱ། ན་མཥྩཎྜ་པྲ་མརྔྷ་ན་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། བཛྲ་དྷིཀ྄ །ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཤིན་ཏུ་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྔ་ཡབ། གཡོན་ན་རྡོ་རྗེ་འཛིན་པ། ཁྲོ་བོའི་ལུས་ཀྱི་ཉམས་ལ་གནས་པ། དེའི་མདུན་ནུབ་ཀྱི་ཕྱོགས་སུ་གདན་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། ཁྱབ་འཇུག་ནག་པོ་ལག་པ་བཞི་པ། གཡས་ན་འཁོར་ལོ་དང་དུང་། གཡོན་ན་བེ་ཅོན་དང་རལ་གྲི་ཐོགས་པ་ནམ་མཁའ་ལྡིང་གི་གདན་ལ་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། དེའི་གཡོན་བཅོམ་ལྡན་འདས་ཀྱི་ཐད་དུ་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། དྲག་པོ་དཀར་པོ་མགྲིན་པ་སྔོན་པོ་ལག་པ་གཡས་ན་མདུང་རྩེ་གསུམ་པ། གཡོན་ན་རལ་གྲི་ཐོགས་པ་གླང་བུ་ཁྱུ་མཆོག་ལ་ཞོན་པའོ། །དེའི་གཡོན་དུ། ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏེ་ནི་སྭཱ་ཧཱ། ཚོགས་བདག་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། མདུན་དུ་སྒུར་བ་དང་། ཕྱིར་དགྱེ་བའི་ཚུལ་གྱིིས་བཞུགས་པའོ། །ལྷ་དེ་གསུམ་ཞལ་ཤར་དུ་གཟིགས་པའོ། །ཤར་གྱི་བཅོམ་ལྡན་འདས་ཀྱི་བྱང་ཕྱོགས་སུ་གདན་ཟླུམ་པོ་ལ་པད་ཟླའི་སྟེང་དུ། ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཨ་རོ་ལིཀ྄ །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟོན་ཀའི་འདམ་བུའི་མདོག་ལྟར་དཀར་བ། པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་ན་པདྨ་བསྣམས་པ། གཡས་པ་མཆོག་སྦྱིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཕྱིའི་སྣམ་བུའི་གྲྭ་བཞིར་པདྨ་འདབ་བརྒྱད། དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་དཀར་པོ་མགུལ་ཆིངས་ཁ་རྒྱན་དང་བཅས་པ། སྣམ་བུར་བཀོད་པའི་མཆོད་རྫས་རྣམས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུན། ན་མོ་རཏྣ་སོགས་བདུད་རྩི་ཐབས་སྦྱོར་སྔགས་བདུན་གྱིས་བསང་ཆུས་བསང་། ལག་པ་གཡོན་པར་སྤོས་ཆུ་བླུག །གཡས་པའི་མཐོར་གཡབ་ཀྱིས་བསང་གཏོར་བྱ་ཞིང་། ཛི་ན་ཛིཀ྄ །བདུན། ༀ་ཏེ་ཛཿཏེ་ཛཿསཱ་ན་སིདྡྷི་སཱ་དྷ་ཡ་ཧཱུྃ་ཕཊ། ཞེས་གཟི་བྱིན་བསྐྱེད་པའི་སྔགས་རྒྱས། མཆོད་རྫས་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བྱིན་གྱིས་བརླབས་པར་གྱུར། ཛི་ན་ཛིཀ྄ །བརྟན་པར་གྱུར། དེ་ནས་སྤྱན་འདྲེན་གྱི་མཆོད་ཡོན་བསྒྲུབ་པ་ནས་བཟླས་བརྗོད་རིགས་ཀྱི་སྙིང་པོ་གསུམ་བར་རྒྱས་བསྡུས་མཚམས་པའི་བཏང་ནས་སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང་། ཛི་ན་ཛིཀ྄་གཙྪ། ཨཱ་རོ་ལིཀ྄་གཙྪ། བཛྲ་དྷྲྀཀ྄་གཙྪ། འཇིག་རྟེན་པ་གསུམ་སོ་སོའི་སྔགས་མཐར་གཙྪ་རེ་གདགས། ཨརྒྷཾ་པྲ་ཏཱིཙྪ། ཞེས་མཆོད་ཡོན་ཕུལ། སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ། སྔགས་ཀྱིས་སྤྲུལ་པའི་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། ཞེས་བརྗོད་དེ་དཀྱིལ་འཁོར་གྱི་ལྷས་ས་བཟུང་བའོ། །ༀ་ཏྲཾ་བནྦྷ་སྭཱ་ཧཱ། བྷྲུྂ། གནས་འདིར་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །ཅེས་བརྗོད་པ་ནི་བློས་བཟུང་བའོ། ༈ །ས་བཟུང་དང་སྟ་གོན་ཞག་གིས་བར་ཆོད་ན་བདག་བསྐྱེད་རྣལ་འབྱོར་བསྡུ་དགོས་པས་དེའི་ཚུལ་ནི། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། ཡི་གེ་ཟླ་བ་ལ་ཐིམ། ཟླ་བ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། དེ་ནས་ལག་པ་གཡོན་པ་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་བཞག་སྟེ་སོར་མོ་བསྣོལ་བའི་རྩེ་མོ་དྲུད་པར་སྦྱར་ཏེ། ཐད་ཀར་བཞག་པ་མི་མཉམ་པའི་ཡན་ལག་གམ་ཕྱག་རྒྱ་གཡོན་ཕྱོགས་ནས་བསྐོར་ཞིང་། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ར་བ་དང་དྲྭ་བས་ཕྱོགས་མཚམས་བཅིངས་པ་ལ་སོགས་པ་དཀྲོལ་བར་གྱུར། ༀ་བཛྲ་ཨ་གྣེ་པྲ་དཱི་པ་ཏ་ཡ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུྃ་ཝ་ཀཱི་ལི་ཧཱུྃ་ཕཊ། མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཞེས་གོ་ཆའི་སྔགས་རྒྱ་སྔར་བཞིན་བྱ། དགེ་བ་འདི་ཡིས་སོགས་སྨོན་ལམ། ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་བརྗོད། འདི་སྐད་བདག་གིས་སོགས་ཤེས་རབ་སྙིང་པོ་ཚར་གཅིག་འདོན། ༈ །དེ་ནས་བུ་མོས་བཀལ་བའི་སྐུད་པ་དམར་པོ་ལེ་བརྒན་རྩིའམ། གུར་གུམ་གྱིས་བཙོས་པ་ལ་མདུད་པ་བདུན་བོར་ལ། ༀ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཀྲ་དྷཱ་ར་ཎི་སིདྡྷཪྠེ་སྭཱ་ཧཱ། ལན་སྟོང་བཟླས་ནས་སྲོད་ཀྱི་དུས་སུ་རྐེད་པ་ལ་བཅིངས་ཏེ་འཛག་པ་བསྲུང་བར་བྱའོ། །ༀ་རཀྵ་རཀྵ་མཱཾ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨཏྨ་ཙཱི་བ་ར་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པའི་བླ་གོས་ལན་གསུམ་དུ་བསང་གཏོར་དང་བཀྲུ་བ་བྱས་ལ་བགོ་ཞིང་། རྡུལ་དང་དྲི་མས་མ་ཕོག་པར་བྱ། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པ་མཐང་གོས་མི་སྤངས། རྗེས་གླེགས་བམ་བཀླག་པ་དང་། མཆོད་རྟེན་གདབ་པ་དང་། རྗེས་སུ་དྲན་པ་དྲུག་བསྒོམ་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་འབད་པར་བྱ་སྟེ། ནུབ་དང་པོ་སའི་ཆོ་ག་བསྟན་ཟིན་ཏོ། ༈ །གཉིས་པ་སྟ་གོན་ལ། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་ནོ། །དང་པོ་ལ་སང་ནངས་པར་སྔ་བར་ལངས་ཏེ་མཆོད་པ་སོགས་བཤམ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སོགས། ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་ཉིད་སྲུང་བ་ནས། ཏིང་འཛིན་གྱི་དེ་ཉིད་ཡང་དང་ཡང་དུ་གསལ་བར་གྱུར། ཅེས་པའི་བར་བདག་བསྐྱེད་བྱ། དེ་ནས་དཀྱིལ་འཁོར་གྱིས་གཞིར་བ་བྱུང་དྲི་བཟང་འཐོར་བ་ནས་བརྩམས་ཏེ་སྟ་གོན་ལ་འཇུག །ཡང་ཞག་གིས་བར་མ་ཆོད་ན་སྔར་གྱི་རྣལ་འབྱོར་གྱི་རྒྱུན་ལ་གནས་པས། ས་བཟུང་གྲུབ་པའི་རྗེས་ཐོག་ཉིད། དཀྱིལ་འཁོར་ས་གཞིར་བ་བྱུང་དྲི་བཟང་གཏོར། བྷྲཱུྂ། ༀ་ཏྲྂ་བནྡྷ་སྭཱ་ཧཱ། ཞེས་བཟླས་པའི་སྤོས་ཆུས་ཀྱང་གཏོར། སྐབས་འདི་ཉིད་དུ། སྐྱ་ཐིག་འདེབས་དགོས་པས། ཐིག་རྩ་ནི། ཚངས་ཟུང་བཞི་གདབ་ལྟེ་བ་ནས། །ཆེ་ཆུང་ཇི་ཙམ་བྱེད་པ་ཡི། །མདའ་ཐིག་བར་དེ་གསུམ་དུ་བགོས། །ཕྱི་མ་ཕྱེད་དུ་བགོ་བྱ་དེའི། །ནང་མ་དབུས་དོར་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་ཕྱི་མ་གདབ། །བར་མ་ཕྱེད་དུ་བགོས་པ་ཡི། །ཕྱི་མ་མཆོད་པའི་སྣམ་བུ་དང་། །ནང་མ་ཡན་ཆད་ལྷ་ཡི་གནས། །ནུབ་སྒོའི་སྒོ་བཞི་སྤྱི་རྒྱུད་ལས། །རབ་ཏུ་བཟང་པོ་སྒོ་བཞིར་བྱ། །ནུབ་ཕྱོགས་སྒོ་འམ་ཡང་ན་ནི། །གང་ལས་ཇི་སྐད་བཤད་པ་དབྱེ། །ལྷག་མ་རྣམས་ནི་དཀར་པོ་ཡི། །ཕྱེ་མས་བཅད་པར་བྱ་བ་ཡི། །ཞེས་དང་རྒྱུད་ཆེན་དེ་ཉིད་ལས། །ཆབ་སྒོ་གཞན་རྣམས་བཅད་པར་ནི། །ཕྱེ་མ་དཀར་པོ་དག་གིས་ནི། །སྒོ་ཡི་དབུས་ཀྱི་ཆ་དག་ཏུ། །རི་མོ་ཕྲ་མོ་བྲི་བར་བྱ། །ཞེས་གསུངས་མདའ་ཡབ་ཟུར་རྩེ་ནས། །ཆ་ཕྲན་གཉིས་དང་གཉིས་དང་བཞི། །བསྐོར་བ་པད་རྡོར་མེ་རིའོ། །ཞེས་འབྱུང་བ་ལྟར་ངེས་པར་བྱས་ལ་ཐིག་བཏབ། སློབ་དཔོན་རྡོར་དྲིལ་འཛིན་པས་དྲི་བཟང་གི་ལྡེ་གུ་ཐོགས་ལ་འཇིག་རྟེན་ལས་འདས་པའི་ལྷ་གནས་གསུམ་དུ་དྲིའི་དཀྱིལ་འཁོར་གྲུ་བཞི། འཇིག་རྟེན་པ་གསུམ་གྱི་གནས་སུ་ཟླུམ་པོ། དཀྱིལ་འཁོར་ཆེ་ཆུང་གི་སྐབས་དང་སྦྱར་བའི་སྟེང་དུ་ལས་ཀྱི་རྡོ་རྗེས་མེ་ཏོག་གི་ཚོམ་བུ་བཀོད། འོག་ཏུ་མདུན་བསྐྱེད་ཀྱི་སྐབས་སུ་བཤད་པའི་ཕྱི་ནང་གི་མཆོད་གཏོར་བུམ་པ་སོགས་མ་ཚང་བ་མེད་པར་བཀོད་པས་མཛེས་པར་བཤམས། གདན་ལ་འཁོད་དེ། མདུན་དུ་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བརྡལ་བ་ནས་བཟླས་པའི་བར་ས་བཟུང་སྐབས་བཞིན་ལས། ཁྱད་པར་ལྷ་བསྐྱེད་དུས་རིགས་ཀྱི་སྙིང་པོ་དང་། སོ་སོའི་སྔགས་ཚར་བདུན་བདུན་བརྗོད་དེ། མཆོད་པ་སྔར་བཞིན་རྒྱས་པ་མ་གྲུབ་ན། ཨཱ་ཧ་ར་སོགས་བཞིའི་མཆོད་པས་མཆོད། གཡས་སྤོས་དང་། གཡོན་དྲིལ་བུ་དཀྲོལ་ཞིང་། ཤཱཀྱ་སེངྒ་རྔ་བཏེགས་ཞྭ་དྲིལ་བཅས། བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་སྙིང་བརྩེར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། གང་ཡང་འབྱུང་པོ་མཐུ་བོ་ཆེ། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་རིག་པ་འཛིན་པ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འོད་ཟེར་དྲི་མེད་ཅི་ནུས་ཀྱི། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གསུམ་སྦྲེལ་མཐར་རོལ། སློབ་མ་དབང་བསྐུར་གྱི་དུས་མ་ཡིན་ན། སྦྱིན་བདག་ཅེས་ཚིག་འཕྲད་བསྒྱུར། མགོན་པོ་ཐུགས་རྗེ་ནས། སྐྱོང་མཛད་རྣམས་ལ་ཕྱག་འཚལ་ལོ། །ནམཿསརྦ་བུདྡྷ་བོ་དྷི་སོགས་བསྟོད་པ་འབྱུང་བའི་སྔགས་དང་བཅས་པས་སྔར་བཞིན་བསྟོད། ཛི་ན་ཛི་ཀྲ་གཙྪ་ནས། དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ་ཞེས་བརྗོད། ལྷ་སྟ་གོན་ནོ། ༈ །གཉིས་པ་བུམ་པ་སྟ་གོན་ལ། བུམ་པ་གཉིས་ཕྱག་ལེན་ལྟར་བཤམས། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། ན་མོ་རཏྣ་ཏྲ་ཡཱ་སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་བསང་། ལྷ་རྫས་ལས་གྲུབ་པའི་རིན་པོ་ཆེའི་བུམ་པ་སོགས་དྲི་མེད་ར བ་གསལ་གྱི་བུམ་མཆོག་ལྟར་ལ་མཐར་གསོལ་བ་གདབ་པར་བྱའོ། །བུམ་པའི་ལྷ་སྐབས་འདི་དག་ཏུ་གཤེགས་གསོལ་སོགས་མི་མཛད་པས་བུམ་པ་སྟ་གོན་ནོ། ༈ ། གསུམ་པ་སློབ་མ་སྟ་གོན་ནི་གཞན་དུ་བྱའོ། ༈ །གསུམ་པ་དཀྱིལ་འཁོར་དངོས་གཞིའི་ཆོ་ག་ཡན་ལག་དང་བཅས་པ་ལ་ལྔ། སྒྲུབ་ཅིང་མཆོད་པ། དབང་བླང་བ། སློབ་མར་དབང་བསྐུར་བ། འཆི་བསླུ་བྱ་བ། སྲོག་ཤིང་འཛུགས་པའོ། །དང་པོ་ལ་ཐིག་ཚོན་གྱི་ཆོ་ག་དང་། མདུན་བསྐྱེད་སྒྲུབ་པ་གཉིས་ཀྱི་དང་པོ་ལ་ཞག་གི་བར་ཆོད་ན་ནངས་པར་སྔ་བར་ལངས་ནས་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་སྲུང་བ་ནས། སྟེང་ནས་བླ་རེ་ལ་སོགས་པའང་གྲུབ་པར་གྱུར། ནང་གི་དཀྱིལ་འཁོར་གྱི་ཆའི་དབུས་སུ་གདན་སེར་པོ་ནས། སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཞེས་པའི་བར་གཙོ་འཁོར་ཚང་མའི་མངོན་རྟོགས་བརྗོད། ཕྱིའི་སྣམ་བུའི་གྲྭ་བཞིར་པདྨ་འདབ་བརྒྱད་ཅེས་པ་ནས། སྤྱན་འདྲེན་གྱི་མཆོད་ཡོན་བྱིན་བརླབས་བར་ཡངས་བཟུང་བཞིན་བྱ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཛི་ན་ཛིཀ྄་ཤཱཀྱ་གུ་ན་ཡེ་ཨེ་ཧྱེ་ཧི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་མདུན་དུ་སྤྱན་དྲངས། བདེ་བར་གཤེགས་སོ་ནས། མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མདུན་དུ་བཞུགས་སུ་གསོལ། ༀ་བཛྲ་ཨཱ་ས་ན་ཧཱུྂ་ཕཊ། ཤཾ་ཀ་རེ་ས་མ་ཡེ་སྭཱ་ཧཱ། ཛི་ན་ཛིཀ྄ །ཐམས་ཅད་ལ་བསྲུང་བ་ཆེན་པོར་གྱུར་ཅིག །མཆོད་པ་བྱིན་བརླབས་སྔར་བཞིན། བདེ་བར་གཤེགས་སོ་སོགས་མཆོད་ཡོན་གོང་བཞིན་ཕུལ། ༀ་སརྦ་དེ་བ་སོགས་སྐུ་ཁྲུས་གསོལ་བ་ནས་ཞལ་ཟས་ཀྱི་རྗེས་སུ་མར་མེ་འབུལ་བའི་བར་བྱ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ནས། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ན་མཿསརྦ་ནས། ན་མཿསྟུ་ཏེ་སྭཱ་ཧཱ། ཞེས་བསྟོད་པ་འབྱུང་བའི་སྔགས་ལན་བརྒྱད་བརྗོད། ༈ །ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་སྲུང་ནས། འོག་གི་བཟླས་བརྗོད་ཀྱི་དགེ་རྩ་འབུལ་བའི་བར། འདི་བསྙེན་པའི་ཆོ་གར་ཡང་མི་འགལ་ཞིང་འཁོར་སྔགས་ཀྱིས་སྤྲུལ་པ་ལ་སྤྱན་འདྲེན་མི་དགོས། མཆན། དེ་ནས་རྒྱུན་བཤགས་བྱ་བ་ན། འཇིག་རྟེན་ཀུན་གྱི་ཕྱོགས་ཀུན་ན། །སོགས་ནས། སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་ལེགས་གྲུབ་ནས་གསུངས་པའི་རྒྱུན་བཤགས་བྱ། ཕྲེང་བ་བྱིན་རླབས་ཀྱི་སྔོན་དུ། ཨ་ཧ་ར་སོགས་མཆོད་པ་བཞིས་མཆོད། བོ་དྷི་ཙིའི་ཕྲེང་བ་སྙིམ་པར་བཅུག་ལ། ༀ་ན་མོ་བྷ་ག་ཝ་ཏེ་སིདྡྷི་སཱ་དྷ་ཡ་སིདྡྷཱརྠ་སྭཱ་ཧཱ། ཞེས་པ་ནི་ཕྲེང་བའི་རབ་ག ནས་སོ། །བཟླས་པའི་སྐབས་སུ་ུཐལ་མོ་སྦྱར་ནས། བླ་མ་ལ་ཕྱག་འཚལ་ལོ། །ལྷ་གསལ་བར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨརྦྷུ་ཏེ་བི་ཛ་ཡ་སིདྡྷི་སིདྡྷརྠེ་སྭཱ་ཧཱ། བདུན་བཟླ་བ་ཕྲེང་བ་བྱིན་རླབས་ཡིན་ནོ། །རང་ལྷར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་དང་མདུན་གྱི་ལྷ་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ན་མཿསཔྟནཱཾ་ནས། ཧུ་རུ་ཧུ་རུ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཡི་གེ་རྣམས་རིམ་བཞིན་འཁོད། སྒྲ་སྔགས་ཀྱི་ཕྲེང་བ་དང་། སེམས་ཟླ་བའི་དཀྱིལ་འཁོར་དང་། གཞི་སངས་རྒྱས་ཀྱི་སྐུ་རྣམས་རིམ་པ་འདིས་ཅིག་ཅར་གསལ་བར་གྱུར། བཟླ་དུས་ཀྱི་བསླབ་བྱ་དང་ལྡན་པས་རྩ་སྔགས་སྙིང་པོ་སོ་སོར་ཅི་འགྲུབ་བཟླ། མཐར། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །མགོན་པོ་ཁྱེད་ཀྱིས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཞེས་བརྗོད། དེ་ནས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་དཀྱིལ་འཁོར་གྱི་ས་གཞིར་བསང་གཏོར་བྱ། སློབ་དཔོན་དཀྱིལ་འཁོར་གྱི་ཤར་དང་སློབ་མ་ནུབ་ཏུ་འཁོད་པའི་ཐིག་སྐུད་ཁ་དོག་ལྔ་སློབ་དཔོན་གྱི་ཕྱག་གཡོན་པའི་མཛུབ་མོའི་རྩ་བ་ནས། རྩེ་མོའི་བར་དུ་རྩིག་པའི་རིམ་པ་དང་མཐུན་པར་དཀར་དམར་སེར་ལྗང་ནག་པོར་བཀོད། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། བྷྲཱུྂ་བཟླས་ཤིང་དང་པོ་སོ་སོར་དེ་ནས་གཅིག་ཏུ་བསྒྲིལ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བརྒྱ་བཟླས། ཨཱ་ཧ་ར་སོགས་བཞིས་མཆོད། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བཞུགས་པར་གྱུར། དཀོན་མཆོག་གསུམ་ལ། ཨཱ་ཧ་ར་སོགས་བཞིས་མཆོད། ལྷ་རྣམས་ལ་དངོས་སུ་ཕྱག་འཚལ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ནས། ཀ་རོ་མི། ཨཱ་ཧ་ར་སོགས་བཞིས་མཆོད། ཕྱོགས་ཀྱི་དབྱེ་བ་ནི་རྟོག་པས་བཏགས་པ་ཡིན་གྱི། དོན་དམ་པར་ཕྱོགས་ཐམས་ཅད་མཉམ་པ་ཉིད་དོ། །ཐིག་སྐོར་ཤར་དང་ལྷོ་ནས་ཚངས་ཐིག་གཉིས། མེ་ནས་ཤར་ལྷོའི་རྩ་ཐིག་གཉིས། །རླུང་ནས་ནུབ་བྱང་རྩ་ཐིག་གཉིས། །མེ་དང་བདེན་བྲལ་ཟུར་ཐིག་གཉིས། །སློབ་དཔོན་འདུག་སའི་དབང་དུ་བྱས། །སློབ་མ་དེ་ལས་ལྡོག་པའོ། །གནམ་ཐིག་ས་ཐིག་གཉིས་ཀ་གདབ། །མཆན། འདེབས་དུས། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད། དེ་ནས་ཐིག་བཏབ་ཚར་བ་དང་དཀོན་མཆོག་གསུམ་ལ། ཨཱ་ཧཱ་ར་བཞིས་མཆོད། རང་ཉིད་ཁྲོ་བོའི་རྒྱལ་པོར་གྱུར། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། ན་མོ་རཏྣ་ཏྲ་ཡཱ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ཁྲུས་དང་བསང་གཏོར་བྱ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ནས། ཨུཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ཁྲོ་བོ་མནོལ་བ་མེད་པའི་སྔགས་དང་། ན་མོ་རཏྣ་སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསྲུང་། ༀ་བཛྲ་ཨགྣེ་ནས། གོ་ཆ་བྱས་པར་གྱུར་གྱི་བར་བསྲུང་བ་དང་གོ་བསྐོན། རྩ་སྔགས་དང་སྙིང་པོ་བརྗོད་ནས་བསྲུང་བར་བྱ། ༀ་སརྦ་ཏ་ཐཱ་ག་ཏ་ནས། ཀ་རོ་མིས་ཕྱག་དང་། འདི་སྐད་བདག་གིས་སོགས་ཤེར་རབ་སྙིང་པོ་ཚར་གཅིག་འདོན་པ་ཐིག་ཆོག་གོ། །རྡུལ་ཚོན་སྣ་ལྔ་སློབ་དཔོན་གྱི་མདུན་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་བཀོད། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུན། ན་མོ་རཏྣ་ཏྲ་ཡཱ་ཡ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུན། ཛི་ན་ཛིཀྲ །བདུན། ༀ་ཏེ་ཛཿཏེ་ཛཿནས། སཱ་དྷ་ཡ་ཧཱུྃ་ཕཊ། རྡུལ་ཚོན་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བརྒྱ་རྩ་བཟླ། བྷྲཱུྂ། ཞེས་བརྗོད་ནས་ཚོན་རྣམས་ལ་དྲི་ཆབ་ཀྱིས་གཏོར། ལྷ་གནས་རྣམས་སུ་བ་བྱུང་གིས་བྱུགས་ཤིང་དྲི་བཟང་གི་ཆུ་གཏོར་ལ་དཀྱིལ་འཁོར་བྲིའོ། །ཕྱོགས་ཚོན་དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག་པོ། གཞན་སྤྱི་དང་མཐུན། ནུབ་སྒོ་མིན་པ་སྒོ་གཞན་གསུམ་རེ་ཁཱ་དཀར་པོ་ཕྲ་མོས་བཅད་ལ་བཞག །སྒོ་གཅིག་ལས་མི་བྱེད་པའང་ཡོད། ནང་གི་དཀྱིལ་འཁོར་གྱི་ཤར་གྱི་ཆའི་དབུས་གདན་སེར་པོ་ལ་འཁོར་ལོ་རྩིབས་བརྒྱད་པ་འོད་ཟེར་ཕྲེང་བ་དང་བཅས་པ། དེའི་གཡས་སུ་པདྨའི་སྡོང་བུ་དཀར་པོ། གཡོན་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ། དེ་རྣམས་ཀྱི་མདུན་ནུབ་ཏུ་དུང་དཀར་པོ། དེའི་གཡོན་འཁོར་ལོའི་ཐད་དུ་མདུང་རྩེ་གསུམ། དེའི་གཡོན་དུ་གཡུང་དྲུང་རིས་རྣམས་མགོ་ནུབ་བསྟན་ཏེ་བཅོམ་ལྡན་འདས་སོགས་ཞལ་ནུབ་བསྟན་དང་། ལྷ་གསུམ་པོ་དེ་ལ་ཕྱོགས་པས་ཞལ་ཤར་གཟིགས་ཡིན་ནོ། །གཙོ་བོའི་མཚན་མའི་མགོ་ཤར་བསྟན་བྲིའོ། །དེ་རྣམས་ཀྱི་གདན་མངོན་རྟོགས་བཞིན་བྲིའོ། །སྒྲུབ་མཆོད་ཞག་གིས་བར་ཆོད་ན་འདིར་འཇུག་ཆོག་བྱ་སྟེ། མཆོད་པ་དང་བསྟོད་པ་ནས་རྒྱུན་བཤགས་བྱ་བའི་བར་གོང་བཞིན་བྱ། ཛི་ན་ཛིཀ྄་གཙྪ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ། སྔགས་ཀྱིས་སྤྲུལ་པའི་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། ཡི་གེ་ཟླ་བ་ཐིམ། ཟླ་བ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། ༀ་ཧུ་ལུ་ནས། དཀྲོལ་བར་བྱའོ། །ༀ་བཛྲ་ཨགྣེ་ནས། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །སོགས་བཀྲ་ཤིས་བྱ། ཤེས་རབ་སྙིང་པོ་འདོན། ཁྲུས་ནས་བརྩམས་ཏེ་བཟླས་པའི་བར་གོང་དུ་བསྟན་པ་བཞིན་དང་། མཐར་འཇུག་ཆོག་འདི་བཞིན་བྱེད་པར་དཀྱིལ་འཁོར་བྲིས་མ་ཚར་བར་ཞག་གིས་བར་ཆོད་ན་ཉིན་རེ་བཞིན་བྱེད་པ་རིགས་འགྲེའོ། །ཐིག་ཚོན་ལ་བསྐྱེད་ཆོག་མེད་པས་གཤེགས་གསོལ་མི་དགོས་ཏེ། དཀྱིལ་འཁོར་བྲིས་བཞེངས་བྱ་ཐབས་ཀྱི་ཆོ་ག་བཤད་ཟིན་ཏོ། ༈ །གཉིས་པ་དངོས་གཞི་དཀྱིལ་འཁོར་སྒྲུབ་མཆོད་དངོས་ལ་བྲིས་ཟིན་པའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་སྟེགས་བུའི་སྟེང་དུ་རྫས་བདུན་ཆུ་གཙང་དང་སྦྱར་བའི་མཆོད་ཡོན། འཐོར་གཡབ་བཟེད་ཞལ་དང་བཅས་པ་རེ་རེ། མེ་ཏོག །བདུག་སྤོས། མར་མེ། ཞལ་ཟས། ཁུར་བའི་བྱེ་བྲག །ཤིང་ཐོག །སྲན་ཚོད། འོ་ཐུག་རྣམས་ཕྱོགས་རེར་ཚར་རེ། ནུབ་ཕྱོགས་སུ་འཇིག་རྟེན་པ་གསུམ་ལ་སོ་སོར་ཚར་རེའམ། ཐུན་མོང་དུ་ུགཅིག །འབྱོར་ན་དཀྱིལ་འཁོར་གྱི་ཤར་དུ་རྒྱལ་མཚན་དཀར་པོ། ཤར་ལྷོར་དམར་པོ། ལྷོར་ནག་པོ། ལྷོ་ནུབ་ཏུ་དུད་ཁ། ནུབ་ཏུ་དམར་པོ། ནུབ་བྱང་དུ་ཁྲ་བོ། བྱང་དུ་སེར་པོ། བྱང་ཤར་དུ་ལྗང་སེར་ཏེ་རྒྱལ་མཚན་བརྒྱད་ཀྱི་རྩེ་མོ་རྨ་བྱའི་སྒྲོ་མདོངས་བཀོད་པ་རྣམས་ཀྱིས་བརྒྱན་པ་བཤམས། ཆོ་ག་དངོས་ལ་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་ཉིད་བསྲུང་བ་ནས་བཟུང་དཀྱིལ་ཆོག་དྲི་མེད་རབ་གསལ་ལྟར་བདག་འཇུག་ཟིན་གྱི་བར་བྱས་ནས་དབང་དང་འབྲེལ་ན་རྗེས་ཆོག་རྣམས་དབང་ཆོག་ལྟར་ཉིན་ལྟར་ཆག་མེད་དང་། སྒྲུབ་མཆོད་སོགས་ཀྱི་སྐབས་དཀྱིལ་འཁོར་བསྡུ་བ་ལ་གཤེགས་གསོལ་གྱི་ཚེ་ཡིག་བརྒྱ་འདོན་ཞིང་དཀྱིལ་འཁོར་ལ་བསྐོར་བ་གསུམ་མམ། བདུན་བྱས་ལ་ནུབ་སྒོའི་ཐད་ནས་ཐལ་མོ་སྦྱར་ཏེ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་པོས་བཟོད་པར་མཛོད། །གཤེགས་གསོལ་གྱི་ཕྱག་རྒྱ་དང་། ཛི་ན་ཛིཀ྄་གཙྪ་ནས། སྔགས་ཀྱིས་སྤྲུལ་པའི་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། ཡི་གེ་ཟླ་བ་ལ་ཐིམ། ཟླ་བ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། སློབ་དཔོན་གྱིས་རྡོ་རྗེས། དཀྱིལ་འཁོར་གྱི་བྱང་ནུབ་ལྷོ་ཤར་རྣམས་ཚངས་ཐིག་གི་ཐད་དྲངས་མེ་རི་ནས་རྩིག་པ་ལ་རེག་གི་བར་བསུབ། ལྷ་མཚན་ལ་རིམ་གྱིས་མཎྜལ་སྟེང་དུ་བསྡུས་ལ་གཙོ་བོའི་མཚན་མ་རང་གི་སྤྱི་བོར་བཞག །རྡུལ་ཚོན་ཕྱགས། ཐིག་རྗེས་དབྱི། མཆོད་རྫས་དམན་པ་དང་རྡུལ་ཚོན་ལྷན་ཅིག་ཆུ་བོར་སྤྱན་དྲངས་ལ་ཀླུ་ཆོག་གིས་རྒྱ་མཚོར་འབབས་པའི་ཆུ་ཀླུང་ལ་དོར། བུམ་པ་ཆུས་བཀང་བ་ཁྱེར་འོངས་ཏེ། དཀྱིལ་འཁོར་གྱི་ཁང་པར་བསངས་གཏོར་བྱ། ༀ་ཧུ་ལུ་ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར་གྱི་བར་སྔར་བསྟན་པ་བཞིན་བྱ། བཀྲ་ཤིས་དང་ཤེར་སྙིང་འདོན་ནོ། །སློབ་མ་ལ་དབང་བསྐུར་དང་། འཆི་བསླུ། སྲོག་ཤིང་འཛུགས་ཆོག་སོགས་ནི་གཞན་དུ་ཤེས་པར་བྱའོ། །རྒྱལ་བའི་འོད་ཟེར་དྲི་བྲལ་གཞལ་མེད་ནོར་བུའི་གཟུངས་ཀྱི་ཆོ་གའི་ཐབས། །རྒྱལ་བསྟན་སྤེལ་མཛད་ཞི་བ་འཚོ་ཡིས་མཁྱེན་བརྩེའི་ལྕགས་ཀྱུས་ཉེར་བཟུང་བ། །རྒྱལ་སྲས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དད་བརྒྱའི་སྙིམ་པ་སྦྱར་བས་མཆོད། །རྒྱལ་རབས་དུ་མའི་ཐུགས་དམ་སྙིང་པོར་གྲགས་པའི་ཨུཏྤལ་ཕྱོགས་བརྒྱར་བཞད། །དེ་ཕྱིར་ཐམས་ཅད་མཁྱེན་པ་བུ་སྟོན་རྗེས། །དེ་ཚུལ་རྒྱས་ཕྱིར་མཆོད་རྟེན་དཔག་ཡས་བསྐྲུན། །དེ་ཡི་གསལ་བྱེད་དཀྱིལ་འཁོར་ཆོ་ག་མཛད། །དེ་འདྲའི་ལག་ལེན་གསལ་བར་འདིར་བཤད་དོ། །རབ་འབད་འདིར་བ རྟེན་འགལ་འཁྲུལ་ནོངས་པའི་ཚོགས། །རབ་མཆོག་མཁས་པའི་སྤྱན་སྔར་སྙིང་ནས་བཤགས། །རབ་དཀར་དགེ་ཚོགས་ཟླ་བའི་འོད་མཚུངས་པ། །རབ་མཁྱེན་ཐུགས་རྗེ་འགྲོ་སྒྲོལ་ཆེད་དུ་བསྔོ། །ཞེས་འཕགས་པ་འོད་ཟེར་དྲི་མེད་ཀྱི་ཆོག་བསྒྲིགས་འོད་ཟེར་ཕྲེང་བ་འདི་ནི། དཔལ་ལྡན་བླ་མ་དམ་པ་མ་ཧཱ་པཎྜི་ཏ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་ལུང་ནོར་བུའི་ཕྲེང་བ་སྤྱི་བོས་ནོས་ཤིང་། སྨན་ཤུལ་སྤྲུལ་པའི་སྐུ་སོགས་དོན་གཉེར་ཅན་གཞན་གྱིས་ཀྱང་བསྐུལ་བ་དང་། རང་གི་རྡོ་རྗེ་སློབ་བུ་བྱང་གླིང་གི་ཁྲི་ཐོག་པ་རིན་ཆེན་བློ་བཟང་མཁྱེན་རབ་ནས་འཕྲལ་དུ་བསྐུལ་བའི་ངོར། བཙུན་པ་བློ་གསལ་བསྟན་སྐྱོང་གིས་ཆུ་མོ་གླང་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གདན་ས་ཆེན་པོ་ཞྭ་ལུ་རི་ཕུག་གི་སྒྲུབ་ཁང་རྣམ་གྲོལ་ཡང་རྩེར་སྦྱར་བའོ། །འདིས་ཀྱང་འཁོར་བ་བསྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག །ཞེས་སྒྲུབ་མཆོད་ཀྱི་སྐབས་སུ་བལྟ་བདེར་འབྱིན་འཇུག་ཅུང་ཟད་བགྱི་བ་པོ་མདོ་སྔགས་བསྟན་འཛིན་བཟང་པོའོ།། །།སརྦ་དཱ་ཀལྱཱ་ཎ་བྷ་བ་ཏུ།། །།
འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་ཀྱི་དཀྱིལ་ཆོག་དྲི་མེད་རབ་གསལ། མདོ་སྔགས་བསྟན་འཛིན་བཟང་པོ།
འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་ཀྱི་དཀྱིལ་ཆོག་དྲི་མེད་རབ་གསལ་བཞུགས་སོ། །ན་མོ་གུ་ར་ཡེ། གང་མཚན་ཉིད་བྱེད་འོད་ཟེར་གྱིས། །སྲིད་ཞིའི་མུན་པ་བསལ་བ་དང་། །དྲི་མེད་སྣང་བ་སྩོལ་མཛད་པ། །ཐུབ་མཆོག་འགྲོ་བའི་བླ་མར་འདུད། །འཕགས་པ་ཀུན་ནས་སྒོར་འཇུག་པའི། །འོད་ཟེར་དྲི་མེད་དཀྱིལ་ཆོག་གི། །ཆོག་བསྒྲིགས་འོད་ཟེར་ཕྲེང་བ་ལ། །བརྟེན་ནས་དྲི་མེད་རབ་གསལ་སྤེལ། །དེ་ཡང་སྒྲུབ་པ་པོ་བདག་ཉིད་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། རྗེས་སུ་གནང་བ་ཐོབ་པའི་མཚན་ཉིད་དང་ལྡན་པའི་གྲོགས་དང་ལྷན་ཅིག་ཏུ། ཕུན་སུམ་ཚོགས་པའི་གནས་སུ་སའི་ཆོ་ག་དང་སྟ་གོན་སོགས་སྔོན་དུ་འགྲོ་བས་དཀྱིལ་འཁོར་བཞེངས་པ་དང་རྒྱན་འགོད་སོགས་འོད་ཟེར་ཕྲེང་བ་ལྟར་གྲུབ་ནས་བསྒྲུབ་ཅིང་མཆོད་པའི་ཆོ་ག་དངོས་བཤད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་ལ་གསུམ། ཁྲུས་ཀྱི་ཆོ་ག་དང་། དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་ཕྱག་འཚལ་བ་དང་ལུས་འབུལ་བ། དམ་ཚིག་ལ་འཇུག་པའི་སྔགས་བཟླ་བ་དང་། མཆོད་པ་བྱིན་གྱིས་བརླབ་པའོ། །དང་པོ་ནི། ཐོག་མར་ཁྲུས་ཀྱི་ཆོ་ག་ལ་སོགས་པ་ནས་འཇུག་དགོས་པར་ཕྱག་ལེན་ལྷན་ཐབས་བཞིན་བཀོད་པ་ལ། ལག་པ་ཁུ་ཚུར་བཅངས་ཏེ་མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་། མཛུབ་མོ་རྩེ་མོ་སྦྱོར་བའི་གློ་ན་མཐེ་བོང་གཉིས་བཅུག་པའི་ཕྱག་རྒྱ་དང་། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭ་ན་ས་ཏྭ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། བདག་ཉ ིད་བསྲུང་བར་གྱུར། རང་གི་སྙིང་གར་ཟླ་བ་ལ་རྣམ་སྣང་གི་ས་བོན་མ། མགྲིན་པར་འོད་དཔག་མེད་ཀྱི་ས་བོན་མྂ། མགོ་བོར་མི་བསྐྱོད་པའི་ས་བོན་ཧ་འབར་བའི་ཕྲེང་བ་འཁྲིགས་པར་གྱུར། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅ཧཾ། རང་བཞིན་གྱིས་དག་པར་གྱུར། ཞེས་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱ་ཞེས་པ་ཡང་གོང་གི་འདིའོ། །དེ་ནས་ཕྱི་ཁྲུས་ལ་འཇུག་པ་ནི་ལག་པ་གཉིས་ཀྱི་སོར་མོ་ཕྱི་རོལ་དུ་བསྣོལ་ཏེ་བཀུག་ནས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོང་གཉིས་དེའི་དྲུང་དུ་བཞག་པའི་ཕྱག་རྒྱས་གཙང་མ་ལ་གཏུགས་ཏེ། ༀ་ནི་ཁ་ན་བ་སུ་དྷི་སྭཱ་ཧཱ། ཞེས་བཟླས་ཏེ་ས་བླང་བའི་ཚུལ་བྱ། མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ། སོར་མོ་ལྷག་མ་རྣམས་བར་ནས་གང་ཙམ་ཕྱེ་སྟེ། རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ་བསྣོལ་ལ་དཔུང་པར་བཞག་སྟེ། ཡ་སོས་མ་མཆུ་མནན་པ་ཁྲོ་བོའི་ལྟ་བས་བལྟ་ཞིང་མཁུར་དབུས་ཏེ། རྐང་པ་གཡས་བརྐྱང་དུ་བྱས་པར་བདུད་རྩི་ཐབས་སྦྱོར་གྱི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། བསྲུང་བ་བྱས་པར་གྱུར། འོག་ཏུ་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱ་དགོས་པ་རྣམས་འདིས་ཤེས་དགོས་སོ། །ཁུ་ཚུར་གཉིས་ནང་དུ་བཅིངས་ཏེ་མཛུབ་མོ་ཕྱུང་ནས་བསྒྲེང་སྟེ། དེས་མགོ་ནས་རྐང་པ་ལ་ཐུག་གི་བར་བྲབ་ཅིང་། ༀ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ལུས་ཀྱི་བགེགས་བསལ་བར་གྱུར། ཐལ་མོ་བཀན་པ་ལས་མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཞག །གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ། དེའི་ཚིག་གསུམ་པར་མཛུབ་མོ་བཀུག་སྟེ། མཐེ་བོང་གཉིས་སྦྱར་ནས་དབུས་སུ་བཞག་པའི་ཕྱག་རྒྱ་དང་། ༀ་བཛྲ་ཨགྣེ་པྲ་དཱི་བ་ཏ་ཡེ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀ་བསྐྱེད་ནས་རྡོ་རྗེའི་ཚུལ་དུ་བྱས་པ་རྡོ་རྗེ་གོ་ཆའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུཾ་ཝ་ཀཱི་ལི་ཧཱུྃ་ཕཊ། མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། དེ་ནས་ལག་པ་གཡོན་པའི་སོར་མོ་དབུས་མ་གཉིས་མཐེ་བོས་མནན་ལ། མཛུབ་མོ་དང་མཐེའུ་ཆུང་གཉིས་གདུ་བུའི་ཚུལ་དུ་བྱས་ཏེ། སོར་མོ་དབུས་མའི་ཚིགས་དབུས་མར་གཟུགས། ལག་པ་གཡས་པའི་སོར་མོ་དབུས་མ་གསུམ་རྡོ་རྗེའི་ཚུལ་དུ་བྱས་ཏེ་སྐེད་པར་བཞག་པ་བགེགས་བསལ་བའི་ཕྱག་རྒྱ་དང་། ན་མོ་བཛྲ་ཡ་ཧཱུྃ་ཧ་ན་ཧུ་ན་མ་ཐ་བི་དྷྭ་ནས་ཡ་ཨུཏྤ་དཱ་ཡ་ཕཊ། ཆུའི་བགེགས་བསལ་བར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་ཧ་ན་ཧ་ན་བཛྲ། བཛྲ་ན་ཧ། ཞེས་བཟླས་ནས་སྔགས་ཆུ་ལ་གདབ། ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་རྡོ་རྗེའི་མཚན་ཉིད་བྱས་པའི་ཕྱག་རྒྱ་དང་། ༀ་ཀཱི་ལི་ཀཱི་འོག་ཏུ་ཀཱི་ལི་ཀཱི་ལའི་བསྔགས་ཆུ་ཞེས་པ་འདིས་ཤེས་དགོས་སོ། །ལ་བཛྲ་ཧཱུྃ་ཕཊ། ཅེས་བསྔགས་ཆུ་གཏིགས་ཏེ། ས་ལ་བསང་གཏོར་བྱས་པར་གྱུར། ༀ་བཛྲ་ཧ་ར་ཧཱུྃ། བདུན་བཟླས་ལ་སའི་ཁྲུས་བྱས། ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་མཛུབ་མོ་མཐེ་བོའི་དྲུང་དུ་བཞག་སྟེ། མཐེ་བོ་ཡང་མཛུབ་མོའི་ཚིགས་དབུས་མར་བྱས་པ་དབྱངས་ཅན་མའི་ཕྱག་རྒྱ་དང་། ༀ་ཤྲུ་ཏི་སྨྲི་ཏི་དྷ་རི་ནི་ཧཱུཾ་ཧ། ཞེས་པས་ཉེ་རེག་བྱ། ༀ་སརྦ་སིདྡྷ་ཀ་རི་ཧཱུྃ་ཕཊ། གཙུག་ཕུད་བཅངས་ལ་བསྲུང་ཕྱག་རྒྱ་ཚུལ་བྱས། བ་བྱས་པར་གྱུར། ༀ་བྷུ་ར་ཛ་ལ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་མ་ཧཱ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾཥྚོ་ཏ་ཀ་ཊ་བྷཻར་བྷ་ཡ། ཏདྱ་ཐཱ། ༀ་ཨ་མྲྀ་ཏ་ཀུཎྜ་ལཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོཊ་ཡ་བི་སྥོཊ་ཡ། སརྦ་བིགྷྣཱན་བིནཱ་ཡ་ཀཱ་ན། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་ར་ཡཱ་སྭཱ་ཧཱ། ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་གུང་མོ་དང་སྲིན་ལག་བཀུག་སྟེ། མཐེ་བོང་རྩེ་མོ་མནན། མཛུབ་མོ་དང་མཐེའུ་ཆུང་ཅུང་ཟད་བཀུག་པ་ཆུ་དཀྲུགས་པའི་ཕྱག་རྒྱ་དང་། ཆུ་དཀྲུགས་པར་གྱུར། ༀ་ར་ཏེ་ར་ཏེ་བུདྡྷ་ཡ་སྭཱ་ཧཱ། ཆུ་ཁྱོར་བ་གསུམ་དཀོན་མཆོག་གསུམ་ལ་དབུལ་བར་གྱུར། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། རང་གི་མགོ་བོར་ཆུ་སྙིམ་པ་གསུམ་བླུགས་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོདྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླ་ཞིང་བ་ལྕིས་ཁྲུས་བྱ། བདུད་རྩི་ཐབས་སྦྱོར་གྱི་སྔགས་དེ་ཉིད་བཟླ་ཞིང་། ཆུ་སྙིམ་པ་གསུམ་གྱིས་བདག་ཉིད་ལ་དབང་བསྐུར་བར་གྱུར། རང་གི་ལྷ་ཉིད་ཡིད་ཀྱིས་སྤྱན་དྲངས་ཏེ་པདྨའི་གདན་ལ་བཞུགས་སུ་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏེ་སྭཱ་ཧཱ། སྐུ་ཁྲུས་གསོལ་བར་གྱུར། ན་མཿསཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊི་ནཱཾ། པ་རི་བུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྛི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ་ཨ་ཡུ་ར་བི་ཤོ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ནི་པྲ་ཏི་སཾ་ཧ་རཱ་ཡུ༔ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྡྷི་བོ་དྷི། བུ དྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་འོད་ཟེར་དྲི་མ་མེད་ཀྱི་རྩ་སྔགས་ཉེར་གཅིག །ལྷའི་ཁང་པའི་དྲུང་དུ་ཕྱིན་པར་གྱུར། འདི་ཡན་ཁྲུས་ཀྱི་རྫིང་བུ་སོགས་སུ་བྱ་བའི་ཆོ་གའོ། །ཉེ་རེག་བྱ། ལྷ་ཁང་དུ་ཞུགས་ལ་ལྷ་རྣམས་མངོན་གསུམ་དུ་མཐོང་བར་གྱུར། ཞེས་བརྗོད། གཉིས་པ་ནི། དེ་ནས་བླ་བརྒྱུད་ཕྱག་འཚལ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཀུན་མཁྱེན་ཀུན་ལ་གཟིགས་པའི་ཟས་གཙང་སྲས། །ཇི་ལྟ་ཇི་སྙེད་མཁྱེན་པ་འཇམ་པའི་དབྱངས། །ཡོན་གནས་ཡོན་ཏན་གཏེར་གྱུར་ཞི་བ་འཚོ། །མཚུངས་མེད་བླ་མ་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་སྲས་ཀུན་གྱི་ཐུ་བོ་ཁྲི་སྲོང་ལྡེ། །རྒྱལ་བའི་བསྟན་པ་རྒྱས་མཛད་མུ་ནེ་བཙན། །རྒྱལ་པོའི་རྣམ་པས་དོན་མཛད་སད་ན་ལེགས། །རྒྱལ་སྲས་བླ་མ་གསུམ་ལ༴ སྒྲིབ་གཉིས་དྲི་མས་མ་གོས་གཙང་མའི་མཆོག །འགྲོ་བའི་ཉོན་མོངས་མུན་པ་འོད་ཀྱིས་སྲུང་། །ཡོན་ཏན་དུ་མའི་རྒྱན་གྱིས་དཔལ་འཁོར་བཙན། །གངས་ཅན་མངའ་བདག་གསུམ་ལ༴ བསྟན་པ་ཉིན་མོར་མཛད་པ་ཉི་མ་མགོན། །བདེ་ལེགས་ཀུན་གྱི་འབྱུང་གནས་བཀྲ་ཤིས་མགོན། །ལྷ་གཅིག་འགྲོ་བའི་བླ་མ་ཡེ་ཤེས་འོད། །བསྟན་པའི་གསལ་བྱེད་གསུམ་ལ༴ གཞན་ཕན་བསིལ་ཟེར་འགྲོ་བའི་བྱང་ཆུབ་འོད། །ལྟ་ངན་མུན་པ་མ་ལུས་ཞི་བ་འོད། །བློ་ངན་བུད་ཤིང་སྲེག་མཛད་འོད་ཀྱི་ལྡེ། །འགྲོ་བའི་སྐྱབས་གནས་གསུམ་ལ༴ སྐྱོན་མེད་ཡོན་ཏན་ལྡན་པའི་རྩེ་ལྡེ་དང་། །དྲི་མེད་བསླབ་གསུམ་རྒྱན་ལྡན་མངའ་རིས་པ། །མཚུངས་མེད་རྣམ་གྲོལ་བརྙེས་པའི་ཞུ་ལྷན་པ། །ཟླ་མེད་བླ་མ་གསུམ་ལ༴ མ་ལུས་འགྲོ་བ་འདྲེན་པ་ཆུ་ལྷད་པ། །མི་དགེའི་ས་ལས་འཕགས་པའི་གྲོ་མོ་ཆེ། །མེ་ཏོག་མདའ་ཅན་འཇོམས་མཛད་སངས་རྒྱས་སྒོམ། །འདྲེན་པ་བླ་མེད་གསུམ་ལ༴ དམ་པ་ཆོས་ཀྱི་སྤྱན་ལྡན་ནམ་མཁའ་གྲགས། །སྡེ་སྣོད་གསུམ་གྱི་མངའ་བདག་བསོད་ནམས་མགོན། །ཀུན་མཁྱེན་གཉིས་པ་བུ་སྟོན་རིན་པོ་ཆེ། །རྒྱལ་ཚབ་བླ་མ་གསུམ་ལ༴ འདི་ཡན་ཐུགས་སྲས་ལོ་ཙཱ་བས་མཛད་པའོ། །ཤེས་བྱ་ཀུན་ལ་ཐོགས་མེད་ཐུགས་སྲས་པ། །འགྲོ་ཀུན་བདེ་བས་ཚིམ་མཛད་ནམ་མཁའི་མཚན། །དཔག་མེད་ཕྲིན་ལས་མཛད་པའི་དོན་གྲུབ་ལེགས། །མཁས་གྲུབ་བླ་མ་གསུམ་ལ༴ བསླབ་གསུམ་ཚུལ་ཁྲིམས་རྣམ་དག་རྒྱལ་མཚན་འཛིན། །མཁྱེན་རབ་སྤྱན་གྱིས་ཆོས་ཀུན་གཟིགས་པའི་རྗེ། །རིན་ཆེན་དབང་གི་རྒྱལ་པོ་བྱང་གླིང་པ། །སྐྱེས་མཆོག་དམ་པ་གསུམ་ལ༴ སྨིན་བྱེད་རིན་ཆེན་ཆར་འབེབས་བཀྲ་ཤིས་བཟང་། །སྨོན་ལམ་ཡིད་བཞིན་གྲུབ་པ་རྒྱལ་པའི་མཚན། །རྒྱ་ཆེན་ཤེས་བྱའི་མངའ་བདག་མཁྱེན་བརྩེའི་དབང་། །མཚན་མཆོག་དོན་ལྡན་གསུམ་ལ༴ དབང་ཕྱུག་ཡོན་ཏན་བརྒྱད་འཛིན་རབ་བརྟན་པ། །རིན་ཆེན་བསོད་ནམས་ཡེ་ཤེས་མཆོག་ཏུ་གྲུབ། ༈ །རླབས་ཆེན་བསོད་ནམས་དགེ་ཚོགས་རྒྱ་མཚོའི་གཏེར། །བྱང་སེམས་བླ་མ་གསུམ་ལ༴ འཇམ་དཔལ་ཐུགས་རྗེ་བྱིན་རླབས་ཚུལ་ཁྲིམས་ཞབས། །ཡོངས་རྫོགས་བསྟན་པ་འཛིན་པའི་ཕྲིན་ལས་པ། །རིན་ཆེན་ལྷུན་གྱིས་གྲུབ་པ་དགེ་བའི་བཤེས། །མཉམ་མེད་བླ་མ་གསུམ་ལ༴ དྲི་མེད་བློ་གསལ་རྒྱལ་བསྟན་འཛིན་སྐྱོང་སྤེལ། །འཇམ་པའི་དབྱངས་དངོས་མཁྱེན་བརྩེ་དབང་པོའི་ཞབས། །མདོ་སྔགས་བསྟན་པ་རྒྱ་མཚོ་གསལ་མཛད་པ། །དྲིན་ཆེན་བླ་མ་གསུམ་ལ༴ སྐྱོབ་པ་སངས་རྒྱས་ཀུན་དང་གཉིས་སུ་མེད། །ལེགས་གསུང་སྒྲོན་མེ་སྟོན་པ་ཆོས་ཀྱི་རྗེ། །སྟོན་པའི་བསྟན་པ་འཛིན་པའི་གང་ཟག་མཆོག །དྲིན་ཆེན་བླ་མ་རྣམས་ལ༴ ཞེས་དང་། ཡང་ན། བསོད་ནམས་མཆོག་གྲུབ་ཀྱི་རྗེས་སུ། ཞ་ལུ་བླ་ཆེན་རིན་ཆེན་དཔལ་བཟང་པོ། །བྱང་སེམས་བླ་མ་གསུམ་ལ༴ སྨྲ་དབང་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་སྡེ། །མཚུངས་མེད་རྒྱལ་སྲས་རིན་ཆེན་རྣམ་པར་རྒྱལ། །རབ་འབྱམས་སྨྲ་བ་འགྱུར་མེད་བསླབ་གསུམ་དཔལ། །མཉམ་མེད་བསྟན་འཛིན་གསུམ་ལ༴ མཁས་བཙུན་ཁྱུ་མཆོག་ཚེ་དབང་རིག་འཛིན་བཟང་། །བྱང་སེམས་མཁན་ཆེན་པདྨ་བཀྲ་ཤིས་དཔལ། །རྒྱལ་སྲས་གཞན་ཕན་ཕ་མཐའ་ཡས་པའི་སྡེ། །འགྲན་མེད་བསྟན་འཛིན་གསུམ་ལ༴ མང་ཐོས་མཁན་ཆེན་པདྨ་རྡོ་རྗེའི་ཞབས། །རྣམ་འདྲེན་ལུང་རྟོགས་བསྟན་པའི་ཉི་མ་བཟང་། །བསྟན་འཛིན་འཇིགས་མེད་ཀུན་དགའ་གྲགས་པ་མཆོག །བསྟན་པའི་རྒྱལ་མཚན་གསུམ་ལ༴ མཁས་གྲུབ་མདོ་སྔགས་བསྟན་འཛིན་ནོར་བུའི་སྡེ། །ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བྱང་སེམས་ངག་དབང་མཁྱེན་བརྩེའི་ནོར་བུ་སྡེ། །དྲིན་ཆེན་བླ་མ་གསུམ་ལ་ཕྱག་འཚལ་ལོ། །ཞེས་ཛྙཱ་ནས་ཁ་བསྐང་པའོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་བར་མོས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ན་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བྷནྡྷ་ནཾ་ཀ་རོ་མེ། ཞེས་ཕྱག་བྱས་ནས། བདག་འབུལ་བ་འདི་ལྷན་ཐབས་སུ་མ་བྱུང་ཡང་དཀྱིལ་ཆོག་ལྟར་བཀོད་པ་ཡིན། ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། བདག་ཉིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུས་ཐམས་ཅད་དུ་ཡོང་ཡེ་འབུལ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་བཞེས་སུ་གསོལ། བདག་ལ་དངོས་གྲུབ་བླ་ན་མེད་པ་སྩལ་དུ་གསོལ། ཞེས་བྱའོ། །གསུམ་པ་ནི། ཐོག་མར་འཕགས་པ་དམ་ཚིག་ལ་འཇུག་པའི་སྔགས་བཟླ་བ་ནི། ༀ་བི་ར་ཛ་བི་ར་ཛ། མ་ཧཱ་བཛྲེ། པ་ཏ་པ་ཏ། པཱ་ར་ཏ་པཱ་ར་ཏེ་ཏྲ་ཡི་ཏྲ་ཡི་བྷི་དྷ་མ་ནི་སཾབྷཉྫ་ནི་ཏ་ར་མ་ཏི་སིདྡྷི་ཨ་ཀྲོ་ཏཾ་སྭཱ་ཧཱ། དེ་ནས་དམ་ཚིག་ལ་འཇུག་པའི་སྔགས་བཟླ་བ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཐམས་ཅད་པའི་སྔགས་ༀ་ཏྲཾ་བྷནྡྷ་སྭཱ་ཧཱ། ཞེས་པ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུན་གྱིས་སྤོས་ཆུ་བྱིན་བརླབ་བྱ། བདུད་རྩི་ཐབས་སྦྱོར་ནི་བྱ་རྒྱུད་རིགས་གསུམ་ཀའི་ལས་སྔགས་ཡིན་པས་དེ་ཉིད་བཟླས་ཤིང་སྤོས་ཆུ་ནས་འཐོར་ཡབ་ཀྱིས་བླངས་ཏེ་རང་ཉིད་ལ་བསང་གཏོར་བྱ། བདག་ཉིད་ཀྱི་བགེགས་བསལ་བར་གྱུར། ཅེས་བརྗོད། དེ་ནས་མཆོད་པ་བྱིན་རླབས་ནི། ༀ་ཏྲཾ་བྷནྡྷ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོདྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲི་ཏེ་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་རོ། །ཛི་ན་ཛིཀ྄ །འདི་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོ་ཡིན། དེ་ཡང་དེ་བཞིན་གཤེགས་པའི་རིགས་ལས་སྔགས་ཀྱིས་བསང་། བདུད་རྩི་ཐབས་སྦྱོར་གྱིས་བགེགས་བསྐྲད། རིགས་ཀྱི་སྙིང་པོས་སྦྱོང་བ་ཡིན་པས། བསང་སྦྱངས་རིགས་ལ་དེ་ལྟར་ཤེས་པར་བྱའོ། །ལྷ་རྫས་ལས་གྲུབ་པའི་མཆོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། སོ་སོའི་རིག་པས་བྱིན་གྱིས་བརླབས་པའི་དྲི་ཆབ། མེ་ཏོག །བདུག་སྤོས། མར་མེ་ལ་སོགས་པ་མཆོད་རྫས་ཀྱི་བྱེ་བྲག་ཇི་སྙེད་ཡོད་པ་ཐམས་ཅད་རང་བཞིན་སྟོང་པ། རྣམ་པ་མཆོད་རྫས་སོ་སོའི་སྣང་བ། ངོ་བོ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་ནུས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཁའ་དང་མཉམ་པ། བླ་མ་དང་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ༀ་སརྦ་བིདྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱའི་མཐར་སེ་གོལ་གཏོགས་པ་དང་བཅས་སྤྱི་འགྲོ་བཞིན། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ལག་པ་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱའི་མཁྲིག་མ་ནས་ལག་པ་གཡོན་པས་འཛིན་པ་དྲིའི་ཕྱག་རྒྱའོ། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྣོལ་ཏེ། ལག་པའི་ནང་དུ་མཛུབ་མོ་གཉིས་ཕན་ཚུན་རྩེ་མོ་གཅིག་ཏུ་བྱས་ལ། གདུ་བུའི་ཚུལ་དུ་བྱས་ནས་མཐེ་བོང་གློར་བཞག་པ་པདྨ་ལྟར་བྱས་པ་མེ་ཏོག་གི་ཕྱག་རྒྱའོ། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་སྭཱ་ཧཱ། ལག་པ་གཉིས་ཀྱི་མཐེའུ་ཆུང་དང་སྲིན་ལག་དང་གུང་མོ་རྣམས་ཀྱི་སོར་མོ་རྣམས་ཕན་ཚུན་སྦྱར་ཏེ་སྔ་མ་སྔ་མའི་རྒྱབ་ཀྱི་སེན་མོའི་དྲུང་དུ་བཀུག་ནས་མཛུབ་མོ་གཉིས་ལོགས་ཤིག་ཏུ་བརྐྱངས་ཏེ། མཐེ་བོང་གློར་བཞག་པ་བདུག་སྤོས་ཀྱི་ཕྱག་རྒྱའོ། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ལག་པ་བཟེད་པའི་ཐལ་མོ་ལས་མཛུབ་མོ་ཅུང་ཟད་བཀུག་པ་ལྷ་བཤོས་ཀྱི་ཕྱག་རྒྱའོ། །ཨཱ་ལོ་ཀཱ་ཡ་ཨཱ་ལོ་ཀཱ་ཡ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། མཐེ་བོང་དང་གུང་མོ་གཅིག་ཏུ་སྦྱར་ཏེ་བསྒྲེང་། ལག་པ་གཡོན་ཁུ་ཚུར་གཅིག་ཏུ་བྱས་པ་མར་མེའི་ཕྱག་རྒྱ་སྟེ་སོ་སོའི་སྔགས་རྒྱས་བྱིན་གྱིས་བརླབས། སྔགས་ཀྱི་བགེགས་བསལ་བའི་ཕྱག་རྒྱ་ལས། གཡོན་པའི་གུང་མོར་ལག་པ་གཡས་པའི་རྡོ་རྗེ་བཟུང་བ་གཟི་བྱིན་བསྐྱེད་པའི་ཕྱག་རྒྱ་དང་། ཨཱོཾ་ཏེ་ཛཿཏེ་ཛཿསཱ་ན་སིདྡྷི་སཱ་དྷཱ་ཡ་ཧཱུྃ་ཕཊ། མཆོད་རྫས་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བྱིན་གྱིས་བརླབས་པར་གྱུར། ཛི་ན་ཛིཀ྄ །བརྟན་པ་གྱུར། ཅེས་བརྗོད་དེ་མཆོད་རྫས་བཤམས་ཤིང་བྱིན་གྱིས་བརླབས་པའི་ཆོ་གའོ། །གཉིས་པ་དངོས་གཞི་ལ་བཞི། བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད། བདག་འཇུག་དང་བཞིའོ། །དང་པོ་ལ་གསུམ། སྐྱབས་སེམས། སྲུང་འཁོར། བདག་བསྐྱེད་དངོས་སོ། །དང་པོ་ནི། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནི། ཐལ་མོ་སྦྱར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རིག་པ་འཛིན་པ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞི་བ་བླ་ན་མེད་པ་སོ་སོ་རང་གི་རིག་པ་ལ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་དང་། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རིག་པ་གསང་མིང་དྲན་ནས་ངག་ཏུ་མི་བརྗོད་པར་རིག་པ་འཛིན་པ་ཞེས་པའི་མཐར། འཛིན་པ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་རྣམ་པར་སྤངས་པ་ཆོས་མེད་བདག་མེད་པ་མཉམ་པའི་ཕྱིར། རང་གི་སེམས་ཐོག་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཇི་ལྟ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བྱང་ཆུབ་སེམས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད། གསོ་སྦྱོང་བླང་ན་འདིར་བྱ། གཉིས་པ་ནི། ༀ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུ་ར་བྷནྡྷ་ཧཱུྃ་ཕཊ། མདུན་གྱི་སྤོས་ཆུ་ལ་ལན་བདུན་བཟླས་པ་འཐོར་གཡབ་ཀྱིས་ཕྱོགས་ཀུན་ཏུ་འཐོར་ཞིང་སྔགས་དེ་བཟླ། གནས་བསྲུང་བར་གྱུར། ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་ཕན་ཚུན་གདུ་བུར་བྱས་ཏེ། སོ་སོའི་དྲུང་དུ་རྩེ་མོ་སྦྱར། མཐེའུ་ཆུང་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོང་ཕུར་བུའི་ཚུལ་དུ་བྱས་ཏེ་ས་ལ་བཙུགས་པའི་ཕྱག་རྒྱ་དང་། ༀ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུ་ར་བྷནྡྷ་ཧཱུྃ་ཕཊ། བགེགས་རྣམས་ལ་ཕུར་བུས་གདབ་པར་གྱུར། ༀ་སུ་སིདྡྷི་ཀཱ་ར་ཛ་ལི་ཏ། ཨ་ནནྟ་མུ་ཏྲ་ཡེ། ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་ཛྭ་ལ་ཧཱུྃ། སྤོས་རེང་གཡས་སུ་ཁྱེར་ནས་སྟེང་ཕྱོགས་སུ་བདུག །སྟེང་གི་ལྷ་རྣམས་བཅིངས་པར་གྱུར། ཛི་ན་ཛིཀ྄ །སྤོས་ཆུར་བཟླས་ལ་ཕྱོགས་ཐམས་ཅད་དུ་འཐོར་གཡབ་ཀྱིས་གཏོར། ཞེས་བརྗོད་དེ་རིག་པའི་རྒྱལ་པོ་སྔགས་འདིའོ། །ༀ་ཨ་མྲྀ་ཏོཏྦྷ་ཝ་ཨུཏྦྷ་ཝ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཕཊ། ཕྱོགས་ཀྱི་བགེགས་ཐམས་ཅད་བཅིངས་པར་གྱུར། སྔར་གྱི་ཕུར་བུའི་ཕྱག་རྒྱ་ཉིད་ལ་མཐེ་བོང་གཉིས་གྱེན་དུ་བསྒྲེང་བ་ར་བའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་ས་ར་ས་ར། བཛྲ་པྲ་ཀ་ར་ཧཱུྃ་ཕཊ། ཕྱོགས་བརྒྱད་པོ་ཐམས་ཅད་རྡོ་རྗེའི་ར་བས་གོ་མཚམས་མེད་པར་བསྐོར་བར་གྱུར། ར་བའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་ནས་བསྐོར་བ་དྲྭ་བའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་བི་སྤུ་ར་རཀྵ་བཛྲ་པཱ་ཎི་ཧཱུྃ་ཕཊ། རྡོ་རྗེ་ར་བའི་སྟེང་ན་རྡོ་རྗེ་དྲྭ་བ་སྟེ། རྡོ་རྗེའི་གུར་བྲེས་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་དང་། ༀ་ཀཱི་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ། ཅེས་ཀཱི་ལའི་སྔགས་རྒྱ་བྱ། བརྟན་པར་བྱིན་གྱིས་བརླབས་པར་གྱུར། ལག་པ་ཁུ་ཚུར་བཅིངས་པའི་མཐེ་བོས་སེན་མོ་རྣམས་མནན་ཏེ་མཛུབ་མོ་རྣམས་ཕྱུང་ནས་དབུས་ནས་ལན་གསུམ་བསྐོར་བ་མཚམས་བཅད་པའི་ཕྱག་རྒྱ་དང་། ན་མཿས་མནྟ་བཛྲ་ནཱཾ། ༀ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཌ་མ་ཌ། བྷནྡྷ་བྷནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ། ས་སི་མེ་སམ་བྷནྡྷ། ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ། ཀཱ་རུ་ཎ། མ་ཡེ་ཏུ་ཏ་ཡེ། རུ་ཏ་ཡེ། བ་ར་བ་ར། ཀ་ར་ཀ་ར། སུ་མི་ས་མནྟ། བི་དྷྭནྶ་ཡེ་ཛྭ་ལ་ཡ་སྭཱ་ཧཱ། ར་བའི་ཕྱོགས་ཐམས་ཅད་མེ་དཔུང་འབར་བས་ཁེབས་བར་གྱུར། རིགས་ཀྱི་སྙིང་པོས་སྤྱི་བོར་བསང་གཏོར་བྱས་ལ། ཛི་ན་ཛིཀ྄ །བདག་ཉིད་སྦྱངས་པར་གྱུར། སྲུང་འཁོར་གྱི་ཆོ་གའོ། །གསུམ་པ་ནི། ན་མོ་རཏྣ་ཏྲཱ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ལ། ཏདྱཱ་ཐཱ། ༀ་ཧུ་ལུ་ཧུ་ུལུ། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་ཀུ་ཤའི་སྟན་ལ་བསང་གཏོར་བྱས་པར་མོས། ཀུ་ཤའི་སྟན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་འཁོད་པར་གྱུར། ༀ་དྷུ་ན་བཛྲ་ཧ། རང་གི་ལག་གི་རྡོ་རྗེ་ལ་ལེགས་པར་གྲུབ་བྱེད་ཨེ་ཧྱེ་ཧི། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། བཞིའི་སྔགས་རྒྱ་དང་། ཨཱ་ལོ་ཀཱ་ཡ་ཨཱ་ལོ་ཀཱ་ཡ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྔགས་རྒྱ་སོགས་ཀྱི་མཆོད་པས་མཆོད། ༀ་དྷུ་ན་བཛྲ་ཧ། བདུན། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་བཞུགས་ཏེ་བདག་གི་ལས་ཐམས་ཅད་གྲུབ་པར་མཛད་དུ་གསོལ། སྲད་བུ་གསུམ་བསྒྲིལ་མདུད་པ་གསུམ་བོར་བ་དབུས་སུ་བོ་དྷི་ཙིའི་ཕྲེང་བ་རྡོག་གཅིག་བཏགས་ནས་མཁྲིག་མ་གཡོན་ལ་གདགས་པར་གྱུར། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛི་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཛི་ན་ཛིཀ྄ །ཀུ་ཤའི་བསང་བྱེད་སྲིན་ལག་གཡས་ལ་གཏགས་པར་གྱུར། ༀ་རཀྵ་རཀྵ་མཱཾ་སརྦ་བུདྡྷ་ཨ་དྷིཥྛི་ཏཱ་ད་མ་ཙཱི་བ་ར་སྭཱ་ཧཱ། ཟེའུའི་ཁ་བཅིངས་པར་གྱུར། སེམས་ཅན་གྱི་ཚོགས་མ་ལུས་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་སྒོམ་པར་བྱའོ། །དེ་ནས་ཁམས་གསུམ་པོ་ཐམས་ཅད་རྣམ་པར་ཤེས་པ་ཙམ་ལས་གཞན་དུ་མེད་ཅིང་། རྣམ་པར་ཤེས་པར་དེ་ཡང་དོན་དམ་པར་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་ལྟ་བུར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀུན་རྫོབ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར། དེ་ལས་ལངས་ནས་བཟླས་པར་བྱ་བའི་སྔགས་ཀྱི་སྒྲ་གྲགས་པར་གྱུར། དེ་ལས་སྔགས་ཀྱི་ཡི་གེའི་རྣམ་པར་ནམ་མཁར་གནས་པར་གྱུར། དེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཀོད། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་པའི་རྩེ་ལ་རང་གི་ལྷའི་གཟུགས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་སྤྲོས། དེས་མཆོད་པའི་སྤྲིན་ཕུང་དཔག་མེད་སྤྲུལ་ནས་འཕགས་པ་ཐམས་ཅད་མཆོད། སྤྲིན་ཆེན་པོ་སྤྲུལ་པ་ལས་བདུད་རྩིའི་ཆར་རྒྱུན་བབས་པས་དམྱལ་བ་པ་རྣམས་བདེ་བས་ཚིམ་པར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་དང་བཅས་པའི་འོད་ཟེར་སླར་ལོག །རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་ནས་གཅིག་ཏུ་གྱུར་པ་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པར་གྱུར། ལག་པ་ཁུ་ཚུར་བྱས་ཏེ་སོར་མོ་བརྐྱངས་པའི་རྩེ་མོ་རྣམས་ཕན་ཚུན་དུ་སྤྲད་དེ་ནང་སྟོང་བར་བྱས་པ་གཙུག་ཏོར་གྱི་ཕྱག་རྒྱ་དང་། ༀ་དྲུཾ་བནྡྷ་སྭཱ་ཧཱ། དབུ་གཙུག་ཏོར་དང་ལྡན་པར་གྱུར། ལག་པའི་སོར་མོ་རྣམས་ཕན་ཚུན་སྦྱར་ལ། ལག་པ་གཉིས་བཀན་ཏེ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ལྡོག་ནས་མཐུར་དུ་བསྟན་ཏེ་དཔྲལ་བར་བཞག་པ་མཛོད་སྤུའི་ཕྱག་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ཧེ་ཧེ། བནྡྷ་བནྡྷ། ཏིཥྛི་ཏིཥྛི། དྷ་ར་ཡ་དྷ་ར་ཡ། ནི་རུནྡྷ་ནི་རུནྡྷ། ཨུཏ྄ཎ྅྅྅མ་ཎི་སྭཱ་ཧཱ། སྨིན་མཚམས་ཀྱི་མཛོད་སྤུ་དང་ལྡན་པར་གྱུར། ཐལ་མོ་ཕན་ཚུན་སྦྱར་ཏེ་གུང་མོ་གཉིས་རྡོ་རྗེའི་རྩེ་མོ་ལྟར་བྱས་ལ། དེའི་རྒྱབ་ཏུ་མཛུབ་མོ་གཉིས་ཅུང་ཟད་བཀུག་ལ་བཞག་མཐེ་བོང་གཉིས་མཐུར་བསྟན་ནང་ཆུད་པ་སྤྱན་གྱི་ཕྱག་རྒྱ་དང་། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷཱ་ནི་སྭཱ་ཧཱ། སངས་རྒྱས་ཀྱི་སྤྱན་དང་ལྡན་པར་གྱུར། ཐལ་མོ་སྦྱར་བ་བྱས་ནས་གདུབ་སྐོར་ལྟར་བྱས་པ་ནོར་བུའི་རིན་པོ་ཆེའི་ཕྱག་རྒྱ་དང་། ༀ་ཏེ་ཛ་ཛྭ་ལ་སརྦ་ཨརྠ་སཱ་དྷ་ཀ་སིདྡྷྱ་ཙིནྡྷ་མ་ཎི་རཏྣ་ཧཱུཾ། ཡིད་བཞིན་གྱི་ནོར་བུ་ལྟར་གྱུར། སྐྱིལ་ཀྲུང་གི་གཡས་གཡོན་བརླ་ཉྭའི་ཕྱོགས་སུ་ཁུ་ཚུར་རྒྱལ་མཚན་དུ་འཛིན་པ་མཁར་གསིལ་གྱི་ཕྱག་རྒྱ་དང་། ༀ་དྷུ་ན་ཛི་ཏ་ར་ཎཱི་ཧཱུཾ། མཁར་གསིལ་དང་ལྡན་པར་གྱུར། ལག་པ་ཐལ་མོ་སྦྱར་བའི་ཕན་ཚུན་དུ་མངོན་པར་ཕྱོགས་བསྣམ་སྦྱར་གྱི་ཕྱག་རྒྱ་དང་། ༀ་རཀྵ་རཀྵ་མཱཾ་སརྦ་བུདྡྷ་ཨ་དྷིཥྛི་ཏཱ་དམ་ཙི་བ་ར་སྭཱ་ཧཱ། སྣམ་སྦྱར་དང་ལྡན་པར་གྱུར། ལག་པ་ཐལ་མོ་སྦྱར་ནས་བཟེད་པ་ལྟར་བྱས་པ་ལྷུང་བ ཟེད་ཀྱི་ཕྱག་རྒྱ་དང་། ༀ་ལོ་ཀ་པ་ལ་ཨ་དྷིཥྛ་ཏཱམྦ་ར་ཡ་དྷ་ར་ཡ། མ་ཧཱ་ནུ་བ་ནུ་དྷ་པ་ཏྲ་སྭཱ་ཧཱ། ལྷུང་བཟེད་དང་ལྡན་པར་གྱུར། ལག་པ་གཡས་པ་མཐེ་བོང་བ ཏེག་ལ་ཁུ་ཚུར་བཅང་། གཡོན་ཆོས་གོས་འཛིན་པ་ཆོས་གོས་ཀྱི་ཕྱག་རྒྱ་དང་། ༀ་རཀྵ་རཀྵ་མཱཾ་སརྦ་བུདྡྷ་ཨ་དྷིཥྛ་ཏཱ་ད་མ་ཙཱི་བ་ར་སྭཱ་ཧཱ། ཆོས་གོས་དང་ལྡན་པར་གྱུར། ལག་པ་གཉིས་སོར་མོ་ཕན་ཚུན་བསྡམས་པ་ལས་གཡོན་པས་མཐེ་བོང་བཏེག་པ་མཆེ་བའི་ཕྱག་རྒྱ་དང་། ན་མཿས་མནྟ་བཛྲ་ཎཱཾ་ཏིཥྛ་ཧེ་ཏྲ་ཊ་ཏྲ་ཊ། མ་ཊ་མ་ཊ། ཛྭ་ལ་ནཱཾ་ཁི་ཁ་རེ་སྭཱ་ཧཱ། ཚེམས་མཆེ་བ་བཞི་དང་ལྡན་པར་གྱུར། ལག་པ་གཡས་མི་འཇིགས་སྦྱིན་པ་དང་། གཡོན་ཆོས་གོས་འཛིན་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨ་བི་ཤ་ར་ད་བཛྲ་མརྒ་ནིཪྡཪྴ་ཀ་སྭཱ་ཧཱ། མི་འཇིགས་པ་དང་ལྡན་པར་གྱུར། སྔར་གྱི་སྤྱན་གྱི་ཕྱག་རྒྱ་ལས་གུང་མོའི་ཚིགས་བཀུག་ནས་མཛུབ་མོ་གཉིས་གཅིག་ཏུ་བྱས་པ་བྱམས་པའི་ཕྱག་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མེ་ཏྱུ་ར་ག་ཏ། སརྦ་སཏྭ་ཧི་ཏིངྐ་ར་སྭཱ་ཧཱ། བྱམས་པའི་ཐུགས་དང་ལྡན་པར་གྱུར། སོར་མོ་རྣམས་ཕན་ཚུན་བསྡུས་ནས་ཁུ་ཚུར་བྱས་ལ་གུང་མོ་གཉིས་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོའི་རྩེ་མོ་བཀུག་ནས་སྦྱར་བ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་། ༀ་ཙྪིནྡྷ་ཙྪིནྡྷ། ཧ་ན་ཧ་ན། ཙཀྲ་དཱིཔྟ་ཧཱུཾ། ཆོས་ཀྱི་འཁོར་ལོར་གྱུར། ལག་པ་གཡས་ཀྱི་སོར་མོ་རྡོ་རྗེ་རྩེ་ལྟར་བྱས་ལ་སྐེད་པའི་ཕྱོགས་སུ་བཞག་པ་གནས་པའི་ཕྱག་རྒྱ་བཅས་ལ། གནས་པའི་ཕྱག་རྒྱས་བྱིན་གྱིས་བརླབས་པར་གྱུར། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་བཀུག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་གནས་ལྔར་གཏུགས། ༀ་སརྦ་ཏ་ཐཱ་ག་ཏ་ཨུཏྦྷ་ཝ་ཡ་སྭཱ་ཧཱ། ཞེས་བརྗོད། ༀ་བཛྲ་ཨགྣེ་པྲ་དཱི་པ་ཏ་ཡེ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུྃ་ཝ་ཀཱི་ལི་ཧཱུྃ་ཕཊ། མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཞེས་གོ་བསྐོན་པའི་སྔགས་རྒྱ་སྔར་བསྟན་པ་བཞིན་བྱ། དེ་ཉིད་ལ་རྣམ་པར་རྟོག་པ་གཞན་གྱིས་མ་ཡེངས་པར་རྣམ་རྟོག་དང་བཅས་པའི་ཏིང་ངེ་འཛིན་གྱི་དེ་ཉིད་ལ་ཡང་དང་ཡང་དུ་གསལ་བར་གྱུར། ཅེས་པ་ནི་བདག་བསྐྱེད་དོ། ༈ །གཉིས་པ་མདུན་བསྐྱེད་ཡན་ལག་དང་བཅས་པ་ནི། མདུན་དུ་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བརྡལ་བར་གྱུར། ༀ་ཙ་ལ་བཱི་ར་ཧཱུཾ་སྭཱ་ཧཱ། དེའི་སྟེང་དུ་འོ་མའི་རྒྱ་མཚོ་ཆེན་པོ་ལ་ཉ་ལྕིབས་ལ་སོགས་པའི་སྐྱོན་དང་བྲལ་བ། པདྨ་དང་། ཨུཏྤལ་ལ་སོགས་པའི་མེ་ཏོག་གིས་བརྒྱན་པ། རིན་པོ་ཆེའི་བྱའི་ཚོགས་མང་པོ་ལྡིང་བར་གྱུར། ༀ་བི་མ་ལ་དྷཱ་ཧཱ་ཧཱུཾ། བྱིན་གྱིས་རླབས་པར་གྱུར། དེའི་དབུས་སུ་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ། ངོས་བཞི་ནས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ། མཐའ་སྐོར་དུ་དཔག་བསམ་གྱི་ཤིང་ལེགས་པར་འཁྲུངས་པ་ལ་རྣམ་པར་རྒྱལ་བའི་བ་དན་སྟོང་འཕུར་བ་རང་གི་ཁྱད་པར་གྱི་རྒྱན་གྱིས་བརྒྱན་པར་གྱུར། རི་རབ་དེའི་སྟེང་དུ་པདྨའི་སྡོང་པོ་རིན་པོ་ཆེ་དུ་མས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མ་དང་གསེར་གྱི་ཟེའུ་འབྲུ་དང་གེ་སར་གྱིས་བརྒྱན་པ། སྦུར་ལོང་གི་ཟེའུ་འབྲུ་ཅན། སྙིང་པོའི་ཐོག་ལ་དངུལ་གྱི་རི་མོས་བསྐོར་བ། དཔག་ཚད་དུ་མའི་ཁྱོན་ཅན་རི་རབ་ཀྱི་དབུས་བརྡོལ་ནས་བྱུང་བར་གྱུར། དེ་ལས་ཀྱང་པདྨའི་དྲྭ་བ་གཞན་བརྒྱ་སྟོང་བྱེ་བ་སྙེད་བྱུང་བར་གྱུར། པདྨའི་སྟེང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནང་ནས་རིམ་པ་བཞིན་དཀར་དམར་སེར་ལྗང་ནག་པོའི་རིམ་པ་ལྔ་དང་ལྡན་པ་ཕ་གུ་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱོགས་མདོག་དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག་པོ། ཕྱི་ནས་འདོད་ཡོན་གྱི་སྣམ་བུའི་ཁ་ཁྱེར་གྱིས་བསྐོར་བ། རྩེ་མོར་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། མཚན་ཉིད་ཐམས་ཅད་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པར་གྱུར། ཕྱག་འཚལ་བའི་ཐལ་མོ་ལས་ཕན་ཚུན་བསྣོལ་ཏེ། གཡས་པའི་མཐེ་བོས་གཡོན་པའི་མཐེ་བོ་མནན་པའི་ཕྱག་རྒྱ་བཅིངས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ། སརྦ་ཐཱ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འགྲུབ་ན་ལན་བརྒྱ་བཟླ་བར་བཤད་ཀྱང་གསུམ་ངེས་པར་བརྗོད། དེ་རྣམས་བརྟན་པར་བྱས་པར་གྱུར། སྟེང་ནས་བླ་བྲེ་ལ་སོགས་པའང་གྲུབ་པར་གྱུར། ནང་གི་དཀྱིལ་འཁོར་གྱི་ཤར་གྱི་ཆའི་དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ་འཁོར་ལོ་རྩིབས་བརྒྱད་པ་འོད་ཟེར་ཕྲེང་བ་དང་བཅས་པ། ན་མཿསཔྟཱ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྛི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྵ་སྱ། ཏ་ཐཱ་ག་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨ་ཡུར་བི་ཤྭ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཛི་ན་ཛིཀ྄ །འཁོར་ལོ་དེ་ཉིད་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། ཞལ་ནུབ་ཏུ་བསྟན་པ། དེའི་གཡོན་ངོས་ལྷོ་ཕྱོགས་སུ་གདན་གྱི་ཁྲི་ཟླུམ་པོ་ལ་པད་ཟླའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། མ་མཥྩཎྜ་བཛྲ་པཱ་ནི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་སྱ། ན་མཥྩཎྜ་པྲ་མརྡྷ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། བཛྲ་དྷྲིཀ྄། དེ་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཤིན་ཏུ་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྔ་ཡབ། གཡོན་ན་རྡོ་རྗེ་འཛིན་པ་ཁྲོ་བོའི་ལུས་ཉམས་ལ་གནས་པ། དེའི་མདུན་ནུབ་ཀྱི་ཕྱོགས་སུ་གདན་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་དུང་། ན་མོ་བཛྲ་བཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། དུང་དེ་ཉིད་ཁྱབ་འཇུག་ནག་པོ་ལག་པ་བཞི་པ། གཡས་ན་འཁོར་ལོ་དང་དུང་། གཡོན་ན་བེ་ཅོན་དང་རལ་གྲི་ཐེགས་པ་ནམ་མཁའ་ལྡིང་གི་གདན་ལ་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་གཡོན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་མདུང་རྩེ་གསུམ། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། མདུང་རྩེ་གསུམ་དེ་ཉིད་དྲག་པོ་དཀར་པོ་མགྲིན་པ་སྔོན་པོ་ལག་པ་གཡས་ན་མདུང་རྩེ་གསུམ་པ། གཡོན་ན་རལ་གྲི་ཐོགས་པ་གླང་བུ་ཁྱུ་མཆོག་ལ་ཞོན་པ། དེའི་གཡོན་དུ་གཡུང་དྲུང་རིས་ཀྱི་དཀྱིལ་འཁོར་གྲུ་བཞི་ལྷ་སྣམ་ཉིས་རིམ། ངོས་བཞི་ནས་ཤད་བཞི་དྲངས་ལ་ཚིགས་བཅག་སྟེ་གཡས་ཕྱོགས་སུ་འཁྱིལ་བ། ཤད་བཞི་པོ་དག་ཀྱང་རིན་པོ་ཆེའི་ཕྲེང་བ་བསྐོར་བ། ན་མོ་བཛྲ་པཱ་ཎི་སྱེ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། གཡུང་དྲུང་རིས་དེ་ཉིད་ཚོགས་བདག་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། མདུན་དུ་སྒུར་བ་དང་ཕྱིར་དགྱེ་བའི་ཚུལ་གྱིས་བཞུགས་པ། ལྷ་དེ་གསུམ་ཞལ་ཤར་དུ་གཟིགས་པའོ། །ཤར་གྱི་བཅོམ་ལྡན་འདས་ཀྱི་གཡས་བྱང་ཕྱོགས་སུ་གདན་ཟླུམ་པོ་ལ་པད་ཟླའི་སྟེང་དུ་སྡོང་བུ་དང་བཅས་པའི་པདྨ། ༀ་ཛི་ཛི་ཛི་ནཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཨཱ་རོ་ལིཀ྄། སྡོང་བུ་དང་བཅས་པའི་པདྨ་དེ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོན་ཀའི་འདམ་བུའི་མདོག་ལྟར་དཀར་བ་པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་ན་པདྨ་བསྣམས་པ། གཡས་མཆོག་སྦྱིན་བ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱིའི་སྣམ་བུའི་གྲྭ་བཞིར་པདྨ་འདབ་བརྒྱད་དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་དཀར་པོ་མགུལ་ཆིངས་ཁ་རྒྱན་དང་བཅས་པའོ། །སྣམ་བུར་བཀོད་པའི་མཆོད་རྫས་རྣམས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ལས་སྔགས་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་བདུན་བདུན་གྱིས་བསང་། ཛི་ན་ཛིཀ྄ །བདུན། ༀ་ཏེ་ཛཿཏེ་ཛཿས་ནི་སིདྡྷི་སཱ་དྷ་ཡ་ཧཱུཾ་ཕཊ། མཆོད་རྫས་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། བྱིན་གྱིས་བརླབས་པར་གྱུར། ཛི་ན་ཛིཀ྄ །བརྟན་པར་གྱུར། དེ་ནས་སྤྱན་འདྲེན་གྱི་མཆོད་ཡོན་རྫས་བདུན་ཆུ་གཙང་དང་སྦྱར་ལ་དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྟེགས་བུར་བཀོད་པ་ལ་སྤོས་ཀྱིས་བདུག་ཅིང་། ཛི་ན་ཛིཀ྄ །བདུན། ༀ་ཏྲཾ་བྷནྡྷ་སྭཱ་ཧཱ། བདུན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུད་རྩི་ཐབས་སྦྱོར་བདུན་བཟླས་ཏེ་མཆོད་ཡོན་བསྒྲུབ། ལྷ་གནས་པའི་ཕྱོགས་སམ་ལྷའི་བྲིས་སྐུ་ལ་སོགས་པ་དེར་ཁ་བལྟས་ཏེ་སོར་མོ་ཕན་ཚུན་བསྣོལ་ནས་བཀན་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེངས། མཐེ་བོང་གཉིས་གཡབ་པ་སྤྱན་དྲངས་པའི་ཕྱག་རྒྱ་དང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། །བྷྲཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾསྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཤཱཀྱ་མུ་ནེ་ཨེ་ཧྱེ་ཧི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ཞེས་དང་། མཆོད་འབུལ་གྱི་ཕྱག་རྒྱ་བཅའ་བའི་སྔོན་དུ། ཁྲོ་བོ་ཀཱི་ལི་ཀཱི་ལའི་ཕྱག་རྒྱ་བཅིངས་ལ། དེ་ལས་རྡོ་རྗེ་ཐལ་མོ་བྱ། དེ་ལས་མཉམ་པའི་ཐལ་མོ་བྱས་པ་ནི། མཆོད་པ་སྤྱིའི་ཕྱག་རྒྱའོ། །དེ་ཐམས་ཅད་ལ་སྔོན་འགྲོ་མཐེའུ་ུཆུང་དང་སྲིན་ལག་ནང་དུ་ཕན་ཚུན་བསྣོལ་ཏེ་གུང་མོ་གཤིབས་ཏེ་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོ་གཟུག་མཐེ་བོང་ངོས་ལ་སྦྱར་བ་མཆོད་ཡོན་གྱི་ཕྱག་རྒྱ་དང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྤྱན་རས་གཟིགས་སྤྱན་འདྲེན་ནི། ༀ་ཨ་མྲྀ་ཏོཏྦྷ་ཝ་ཨུདྦྷ་ཝ་ཧཱུྃ་ཕཊ། ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཨཪྱ་བ་ལོ་ཀི་ཏེ་ཤྭ་ར་ཨེ་ཧྱེ་ཧི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱག་རྡོར་སྤྱན་འདྲེན་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བཱིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཿཙཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ན་མཿཙཎྜ་པྲ་མརྡྷ་ན་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་སྭཱ་ཧཱ། བཛྲ་པཱ་ཎི་ཨེ་ཧྱེ་ཧི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཿཙཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པཱ་ཏི་སྱ། ན་མཿཙཎྜ་པྲ་མརྡྷ་ན་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཁྱབ་འཇུག་སྤྱན་འདྲེན་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ན་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝ་ན་བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་བཛྲ་པ་ཎི་སྱེ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། བིཥྞུ་ཨེ་ཧྱེ་ཧི། ན་མོ་བཛྲ་པཱ་ཎི་སྱེ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དྲག་པོ་སྤྱན་འདྲེན་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། རཱུ་དྲ་ཨེ་ཧྱེ་ཧི། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། ཨརྒྷ་པྲ་ཏཱིཙྪ་སྭཱ་ཧཱ། ཚོགས་བདག་སྤྱན་འདྲེན་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། སོགས། བཱིདྱ་རཱ་ཛ་ཧཱུཾ་ཕཊ་སྭཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱེ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། ག་ཎ་ཨེ་ཧྱེ་ཧི། ན་མོ་བཛྲ་པཱ་ཎི་སྱེ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ལྷ་རྣམས་སྤྱན་དྲངས་པའི་སྐབས་ལྷ་ལངས་པ་ལ་ལངས་ནས་དང་། འདུག་པ་ལ་འདུག་ནས་དང་། བཟུར་བ་ལ་བཟུར་ནས་སྤྱན་འདྲེན་དགོས་པར་བཤད་དོ། །དེ་ནས། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ནི། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ག་ག་ན་ས་མ་ཡ་ཧཱུྃ། ཞེས་མཆོད་ཡོན་ཕུལ། ཡང་ཞབས་བསིལ་ཕུལ་བར་མོས་ཏེ། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་ཞབས་བསིལ་བཞེས་ནས་ནི། འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ག་ག་ན་ས་མ་ཡེ་ཧཱུྃ། སྔར་བཤད་པའི་ཕྱག་རྒྱ་དང་། ༀ་བཛྲ་ཨ་ས་ན་ཧཱུྃ་ཕཊ། རྡོ་རྗེའི་འདུག་སྟངས་ཀྱི་གདན་ཕུལ་བར་གྱུར། པདྨའི་རིགས་ཀྱི་དམ་ཚིག་ཕྱག་རྒྱ་ཉིད་པདྨའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་། ༀ་ཀཱ་མ་ལཱ་ཡ་སྭཱ་ཧཱ། པདྨའི་འདུག་སྟངས་ཀྱི་གདན་ཕུལ་བར་གྱུར། གོང་གི་ཕྱག་རྒྱ་དེ་ཉིད་ལས་སོར་མོ་དབུས་མ་གཉིས་གཅིག་ཏུ་སྦྱར་བ་དཔའ་བོའི་འདུག་སྟངས་ཀྱི་ཕྱག་རྒྱ། ༀ་བཛྲ་ཀ་ཧཱུྃ་ཕཊ། དཔའ་བོའི་འདུག་སྟངས་ཀྱི་གདན་ཕུལ་བར་གྱུར། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་འདི་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ཎ་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཾ་ཀ་རོ་མེ། ཞེས་ཕྱག་བྱ། དེ་ནས་མཆོད་ཡོན་རྣམས་ཁ་གསོལ། དཀྱིལ་འཁོར་གྱི་ཤར་ཕྱོགས་ན་ཡོད་པའི་གཙོ་བོ་རྣམས་ཀྱི་མཆོད་པ་གང་ཡིན་ལ་དམིགས་ཏེ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུན། ན་མོ་རཏྣ་ཏ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྞ་སེ་ནཱ་བ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུན། ཛི་ན་ཛིཀ྄ །བདུན། ༀ་ཏེ་ཛཿཏེ་ཛཿས་ནི་སིདྡྷི་སཱ་དྷ་ཡ་ཧཱུྃ་ཕཊ། ཅེས་གཟི་བྱིན་བསྐྱེད་པའི་སྔགས་རྒྱས། མཆོད་རྫས་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ ཿཙཎྜ་བཛྲ་པཱ་ན་ཡེ། མ་ཧཱ་ཡཀྵ་སེན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས། བྱིན་གྱིས་བརླབས་པར་གྱུར། །ཛི་ན་ཛིཀ྄ །བརྟན་པར་གྱུར། ཅེས་པ་རྣམས་ཀྱི་སྔགས་རྒྱ་དང་བཅས་པ་འོག་ཏུ་བྱིན་རླབས་གོང་བཞིན་ཞེས་པ་རྣམས་ལ་རིགས་འགྲེ་ཤེས་པར་བྱའོ། །དེ་ནས་ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ་བྲ་ཏི་སཾ་སྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་ཕུལ། ཁྲུས་གསོལ་ནི། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །རྣམ་དག་སྐྱོན་བྲལ་བྱང་ཆུབ་སེམས་ཀྱི་དབྱིངས། །རྣམ་དག་སྐྱོན་བྲལ་ཡོན་ཏན་ཚོགས་ཀྱི་གཏེར། །ཀུན་གྱིས་ཕྱག་བཅས་བསྟོད་ཅིང་མཆོད་པའི་གནས། །བདུད་བཞིའི་དཔུང་རྣམས་མ་ལུས་ཚར་བཅད་ཕྱིར། །ཆོས་དབྱིངས་དག་པའི་སྐུ་ལ་ཁྲུས་ཆབ་གསོལ། །ཉོན་མོངས་འཁྲུལ་པའི་རྟོག་པ་དག་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། གསུང་དང་ཐུགས་འདོན་པ་འགྲེས་བསྒྱུར། བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྲུབ་པར་ཤོག །ༀ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཕྱིས་དང་དྲིལ་བྱུག་པའི་ཚུལ་དང་བཅས། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་མཆོག་རྣམས་ཀྱི་ཐུབ་དབང་རྣམས་ཀྱི་སྐུ། །གསེར་བཟང་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ༀ་བཛྲ་གནྡྷེ་སྭཱ་ཧཱ། ལྷ་རྫས་ལས་བྱུང་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་ལྡན། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་པ། འཇིག་རྟེན་དབང་ཕྱུག་སོགས་ལ་དབུལ་བར་བགྱི། །ༀ་བཛྲ་ཝསྟྲ་ཡ་སྭཱ་ཧཱ། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང་། །རིན་ཆེན་འོད་ཆགས་འབར་བས་སྐུ་བརྒྱན་ཅིང་། །བྱང་ཆུབ་ཕྱོགས་ཀྱིས་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་ཕྲེང་བ་སེ་མོ་དོ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱང་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ཅིག །ༀ་བཛྲ་ཨ་ལ ངྐཱ་ར་ཝ་པུ་ཥ་ཎི་སྭཱ་ཧཱ། ཞེས་བརྗོད། ཁྲུས་གསོལ་ན་བཟའ་རྒྱན་འབུལ་དང་བཅས་པའི་ཚིགས་བཅད་འདི་རྣམས་མཁན་ཆེན་ཞི་བ་འཚོས་མཛད་པའི་དྲི་མེད་མཆོད་ཆོག་ལས་བྱུང་དང་། བྱུག་པའི་ཚིགས་བཅད་སྤྱོད་འཇུག་ལས་དང་། སྔགས་རྣམས་སྤྱི་འགྲོ་ནས་ཁ་བསྐངས་ནས་ཕྱག་ལེན་མཛད་པ་ཡིན་གྱི། དཀྱིལ་ཆོག་ན་བསྡུས་པའི་སྐབས་སུ་བཤད་པ་ལྟར་རོ། །པི་ཝཾ་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རཉྫ། །རྒྱུད་མངས་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེད་འཇོ་རོལ་མོ་ཡིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ༀ་བཛྲ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་མོ་འབུད་དཀྲོལ་བྱ། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །དེ་ནས་མཆོད་རྫས་ལ་དམིགས་ཏེ། ན་མཿསཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱཱ་ཙི་ཏ་པྲ་ཏིཥྛི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ་ཨཱ་ཡུར་བི་ཤྭ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏེ་སཾ་ཧ་རཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨ་བ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་རྩ་སྔགས་ཚར་གཅིག་བཟླ། གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །དྲི་ཡི་རྒྱ་དང་། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བཱིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། གཙང་ཞིང་གཙང་མར་སྐྱེས་པ་ཡིས། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །མེ་ཏོག་གི་རྒྱ་དང་། ཨཱ་ཧ་ར་ཨཱ་ཧ་ར༴ སོགས་འགྲེ། ནགས་ཚལ་བཅུད་ནི་ཡིད་དུ་འོང་། །དྲི་ཡིས་སྦྱར་བ་ལྷ་ཡི་རྫས། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བདུག་སྤོས་ཀྱི་རྒྱ་དང་། ཨཱ་ཧ་ར་ཨཱ་ཧ་ར་སོགས། སྨན་རྣམས་བཅུད་ནི་ཡིད་དུ་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ལྷ་བཤོས་ཀྱི་རྒྱ་དང་། ཨ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྨན་རྣམས་བཅུད་ནི་ཡིད་དུ་འོང་། །སྔགས་ཀྱི་ཁུར་བ་འདི་དག་རྣམས། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སོགས། དེ་བཞིན་དུ་ཁུར་བའི་གནས་སུ། ཤིང་ཏོག །སྲན་ཚོད། འོ་ཐུག་རྣམས་ཁ་སྤོས་ལ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ་དང་ཕྱག་རྒྱ་ཞལ་ཟས་བཞིན། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམས་སེལ་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །མར་མེ་འདི་དག་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། མར་མེའི་རྒྱ་དང་བཅས་འབུལ་ལོ། །གཙོ་བོའི་མཆོད་འབུལ་དང་པོའོ། །སླར་ཡང་ཤར་ཕྱོགས་ཀྱི་མཆོད་ཡོན་སོགས་མཆོད་པ་ཁ་གསོས། ༀ་ཏྲཾ་བྷནྡྷ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱཱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛི་ཏིཥྛི། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཛི་ན་ཛིཀ྄ །བདུན། ༀ་ཏེ་ཛཿ སོགས། བསྐྱེད་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས། བྱིན་གྱིས་བརླབས་པར་གྱུར། ཛི་ན་ཛིཀ྄ །བརྟན་པར་གྱུར། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་ུགསོལ། །བདག་གིས་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤྭ་དྷ་ནི། རུ་ུདྷ་བ་ལེ་པྲ་ཏི་སཾསྐཱ་ཱར། ཏ་ཐཱ་ག་ཏ་དྷ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཁྲུས་བསྡུས་པ་ནི། ༀ་སརྦ་དེ་བ་ཏ་ཨ་ཙིནྟ་ཨ་མྲྀ་ཏ་སྭཱ་ཧཱ། རིན་པོ་ཆེའི་བུམ་པ་སྤོས་ཆུ་དྲི་ཞིམ་པོས་གང་བ་དུ་མས་སྤོས་ཆུའི་སྤྲིན་ཆེན་པོས་སྐུ་ཁྲུས་གསོལ་བར་གྱུར། བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དྲུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྲུབ་པར་ཤོག །ༀ་སརྦ་ར་ཙོ་ཨ་དི་ར་ན་སྭཱ་ཧཱ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་བཟང་བཙོ་མ་བྱི་དོར་བྱས་པར་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་བཛྲ་ཝསྟྲ་ཡ་སྭཱ་ཧཱ། པི་ཝང་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རཉྫ། །རྒྱུད་མང་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེད་འཇོ་རོལ་མོ་ཡིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ༀ་བཛྲ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་མོ་འབུད་དཀྲོལ་བྱ། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །དེ་ནས་མཆོད་རྫས་ལ་དམིགས་ཏེ། ན་མཿསཔྟཱ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྛི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྴ་སྱ། ཏ་ཐཱ་ག་ཏ་སྱེ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ་ཨཱ་ཡུར་བི་ཤོ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་རཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མཱ་མ་སརྦ་པཱ་པཾ་ཨ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་རྩ་སྔགས་ཚར་གཅིག་བཟླ། གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །དྲི་ཡི་རྒྱ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །མེ་ཏོག་གི་རྒྱ་དང་། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ནགས་ཚལ་བཅུད་ནི་ཡིད་དུ་འོང་། །དྲི་ཡི་སྦྱར་བ་ལྷ་ཡི་རྫས། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བདུག་སྤོས་ཀྱི་རྒྱ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྨན་རྣམས་བཅུད་ནི་ཡིད་དུ་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ལྷ་བཤོས་ཀྱི་རྒྱ་དང་། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྨན་རྣམས་བཅུད་ནི་ཡིད་དུ་འོང་། །སྔགས་ཀྱི་ཁུར་བ་འདི་དག་རྣམས། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སོགས། དེ་བཞིན་དུ་ཁུར་བའི་གནས་སུ། ཤིང་ཏོག །སྲན་ཚོད། འོ་ཐུག་རྣམས་ཁ་སྤོས་ལ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཕྱག་རྒྱ་ཞལ་ཟས་བཞིན། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམས་སེལ་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །མར་མེ་འདི་དག་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེས་གཙོ་བོའི་མཆོད་འབུལ་གཉིས་པའོ། །ཡང་མཆོད་པ་ཁ་གསོས། བསང་བ་སོགས་བྱིན་བརླབས་ནས་མར་མེའི་བར་བཤད་མ་ཐག་པ་བཞིན་བྱེད་པ་གཙོ་བོའི་མཆོད་འབུལ་གསུམ་པའོ། །དེ་ལྟར་གཙོ་བོ་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་མཆོད་པ་སུམ་འགྱུར་འབུལ་བར་བྱའོ། །གཉིས་པ་སྤྱན་རས་གཟིགས་ཀྱི་མཆོད་པ་ནི། བྱང་ཕྱོགས་ཀྱི་མཆོད་པ་ཁ་གསོས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ནས། ཛི་ན་ཛིཀ྄ །བརྟན་པར་གྱུར། ཅེས་པའི་བར་བྱིན་རླབས་གོང་བཞིན། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གིས་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་སརྦ་དེ་བ་ཏཱ་ཨཱ་ཙིནྟ་ཨ་མྲྀ་ཏ་སྭཱ་ཧཱ། རིན་པོ་ཆེའི་བུམ་པ་སྤོས་ཆུ་དྲི་ཞིམ་པོས་གང་བ་དུ་མས་སྤོས་ཆུའི་སྤྲིན་ཆེན་པོས་སྐུ་ཁྲུས་གསོལ་བར་གྱུར། བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་བས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྲུབ་པར་ཤོག །ༀ་སརྦ་ར་ཙོ་ཨ་དི་ར་ན་སྭཱ་ཧཱ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་མཆོག་རྣམས་ཀྱི་ཐུབ་དབང་རྣམས་ཀྱི་སྐུ། །གསེར་བཞག་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ། པི་ཝཾ་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རཉྫ། །རྒྱུད་མང་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེད་འཇོ་རོལ་མོ་ཡིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ༀ་བཛྲ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་མོ་འབུད་དཀྲོལ་བྱ། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །མཆོད་རྫས་ལ་དམིགས་ཏེ། ༀ་ཛི་ཛི་ཛི་ནཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཞེས་བཟླས་པས་བྱིན་གྱིས་བརླབས་ལ། གཙང་ཞིང་གཙང་མར་སོགས་ཚིགས་བཅད་སྔགས་དང་བཅས་པ་མར་མེའི་བར་ཚར་གཉིས་བྱའོ། །གསུམ་པ་ཕྱག་རྡོར་གྱི་མཆོད་པ་ནི། ལྷོ་ཕྱོགས་ཀྱི་མཆོད་པ་ཁ་གསོས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། སོགས་མཆོད་པ་བྱིན་རླབས་གོང་བཞིན། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་ུགསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ན་མོ་རཏྣ་ཏྲཱ་ཡཱ་ཡ་སྱེ། ན་མཿཙཎྜ་བཛྲ་པཱ་ཎི་སྱེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ན་མཿཙཎྜ་པྲ་མརྡྷ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་སརྦ་དེ་བ་ཏཱ་ཨ་ཙིནྟ་ཨ་མྲྀ་ཏ་སྭཱ་ཧཱ། རིན་པོ་ཆེའི་བུམ་པ་སྤོས་ཆུ་དྲི་ཞིམ་པོས་གང་བ་དུ་མས་སྤོས་ཆུའི་སྤྲིན་ཆེན་པོས་སྐུ་ཁྲུས་གསོལ་བར་གྱུར། བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྲུབ་པར་ཤོག །ༀ་སརྦ་ར་ཙོ་ཨ་དི་ར་ནི་སྭཱ་ཧཱ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་བའི། །སྤོས་མཆོག་རྣམས་ཀྱི་ཐུབ་དབང་རྣམས་ཀྱི་སྐུ། །གསེར་བཟང་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ། པི་ཝཾ་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རཉྫ། །རྒྱུད་མང་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེད་འཇོ་རོལ་མོ་ཡིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ༀ་བཛྲ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་མོ་འབུད་དཀྲོལ་བྱ། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་འགྱུར་ཅིག །མཆོད་རྫས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཿཙཎྜ་བཛྲ་པཱ་ནི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱེ། ན་མཿཙཎྜ་པྲ་མརྡྷ་ན་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་སྭཱ་ཧཱ། གཙང་ཞིང་གཙང་མ་སོགས་ནས་མར་མེའི་བར་གོང་དང་འདྲ་བ་ཚར་གཉིས་གཉིས་ཏེ། སྤྱན་རས་གཟིགས་དང་ཕྱག་རྡོར་ལ་ཉིས་འགྱུར་དུ་འབུལ་བར་བྱའོ། །བཞི་པ་ཁྱབ་འཇུག་གི་མཆོད་པ་ནི། ནུབ་ཕྱོགས་ཀྱི་མཆོད་པ་ཐམས་ཅད་ཁ་གསོས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། སོགས་མཆོད་ལ་བྱིན་བརླབས་གོང་བཞིན། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་སརྦ་དེ་བ་ཏཱ་ཨཱ་ཙིནྟ་ཨ་མྲྀ་ཏ་སྭཱ་ཧཱ། རིན་པོ་ཆེའི་བུམ་པ་སྤོས་ཆུ་དྲི་ཞིམ་པོས་གང་བ་དུ་ུམས་སྤོས་ཆུའི་སྤྲིན་ཆེན་པོས་སྐུ་ཁྲུས་གསོལ་བར་གྱུར། ༀ་སརྦ་ར་ཙོ་ཨ་དི་ར་ན་སྭཱ་ཧཱ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ། པི་ཝཾ་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རཉྫ། །རྒྱུད་མང་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེད་འཇོ་རོལ་མོ་ཡིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ༀ་བཛྲ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་མོ་འབུད་དཀྲོལ་བྱ། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་འགྱུར་ཅིག །མཆོད་རྫས་ལ། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲཱ་ཡ་སྭཱ་ཧཱ། ཞེས་བཟླ། གཙང་ཞིང་གཙང་མར་སོགས་མར་མེའི་བར་ཚར་གཅིག་བྱའོ། །ལྔ་པ་དྲག་པོའི་མཆོད་པ་ནི། ༀ་བ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་སརྦ་དེ་ཝ་ཏཱ་ཨ་ཙིནྟ་ཨ་མྲྀ་ཏ་སྭཱ་ཧཱ། རིན་པོ་ཆེའི་བུམ་པ་སྤོས་ཆུ་དྲི་ཞིམ་པོས་གང་བ་དུ་ུམས་སྤོས་ཆུའི་སྤྲིན་ཆེན་པོས་སྐུ་ཁྲུས་གསོལ་བར་གྱུར། །ༀ་སརྦ་ར་ཙོ་ཨ་དི་ར་ན་སྭཱ་ཧཱ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ། པི་ཝཾ་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རཉྫ། །རྒྱུད་མང་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེད་འཇོ་རོལ་མོ་ཡིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ༀ་བཛྲ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་མོ་འབུད་དཀྲོལ་བྱ། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །མཆོད་རྫས་ལ་དྲག་པོའི་སྔགས། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། ཞེས་བཟླ། གཙང་ཞིང་གཙང་མར་སོགས་མར་མེའི་བར་ཚར་གཅིག་བྱའོ། །དྲུག་པ་ཚོགས་བདག་གི་མཆོད་པ་ནི། ན་མ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏེ་ནཱཾ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་སརྦ་དེ་བ་ཏཱ་ཨཱ་ཙིནྟ་ཨ་མྲྀ་ཏ་སྭཱ་ཧཱ། རིན་པོ་ཆེའི་བུམ་པ་སྤོས་ཆུ་དྲི་ཞིམ་པོས་གང་བ་དུ་མས་སྤོས་ཆུའི་སྤྲིན་ཆེན་པོས་སྐུ་ཁྲུས་གསོལ་བར་གྱུར། །ༀ་སརྦ་ར་ཙོ་ཨ་དི་ར་ན་སྭཱ་ཧཱ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ། པི་ཝཾ་གླིང་བུ་རྔ་སྒྲ་དང་། །ལྷ་ཡི་རྔ་ཆེན་མུ་རཉྫ། །རྒྱུད་མང་གསེར་གྱི་གླིང་བུའི་ཕྲེང་། །གླུ་གར་རྩེད་འཇོ་རོལ་མོ་ཡིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ༀ་བཛྲ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་མོ་འབུད་དཀྲོལ་བྱ། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །མཆོད་རྫས་ལ། ན་མོོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏེ་ནཾ་སྭཱ་ཧཱ། ཞེས་བཟླ། གཙང་ཞིང་གཙང་མར་སོགས་མར་མེའི་བར་ཚར་གཅིག་བྱའོ། །འདི་དག་གི་སྐབས་མཆོད་པ་ཚང་མའི་སྣོད་མ་འབྱོར་ན་རེ་རེ་བཞིན་ཁ་གསོ་དགོས་སོ། །རྒྱས་པར་བྱེད་ན་གཙོ་བོ་ལ་བདུན་འགྱུར། སེམས་དཔའ་གཉིས་ལ་ལྔ་ལྔ། ཁྱབ་འཇུག་མན་ལ་གསུམ་གསུམ་བྱའོ། །ཤིན་ཏུ་བསྡུ་ན། ཁྲུས་གསོལ་ཡང་མགོར་ཐུན་མོང་དུ་བྱས་པ་ཚར་གཅིག་བྱ་སྟེ། ཕྱི་མ་རྣམས་ལ་མཆོད་ཡོན་ཕུལ། མཆོད་རྫས་ལ་སྔགས་བཟླས་ནས་བྱིན་བརླབས་བྱེད་པ་མན་ཆད་བྱའོ། །དེ་ནས་བསྟོད་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཁ་དོག་ལྡན་ཞིང་འོད་དང་ལྡན། །མཐུ་དང་སྡེ་དང་བཞོན་པར་བཅས། །ཐབས་དང་སྙིང་རྗེས་འཇིག་རྟེན་ཀུན། །སྐྱོང་མཛད་རྣམས་ལ་ཕྱག་འཆལ་ལོ། །ན་མཿསརྦ་བུདྡྷ་བོདྷི་ས་ཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏཱ་ཨ་བྷི་ཛྙཱ་ར་ཤི་ནི་ན་མཿསྟུ་ཏེ་སྭཱ་ཧཱ། ཞེས་བསྟོད་པ་འབྱུང་བའི་སྔགས་བརྗོད། དེ་ནས་དཀྱིལ་འཁོར་ནང་དུ་བཤམས་པའི་གཏོར་མ། ༀ་ཏྲཾ་བྷནྡྷ་སྭཱ་ཧཱ་ནས། ཛི་ན་ཛིཀ྄། བརྟན་པར་གྱུར། ཅེས་པའི་བར་བྱིན་རླབས་གོང་བཞིན་ལས་ཁྱད་པར། གཏོར་མ་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ཞེས་བསྒྱུར། རྡོར་ཐལ་གྱེན་དུ་ཁ་ཕྱེ་མཐར་སེ་གོལ་གཏོགས་པ་དང་བཅས། བིཥྞུ་རུ་དྲ་ག་ཎ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིདྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། གསུམ་གྱིས་གཏོར་མ་འབུལ། །དེ་ནས་སྒྲུབ་ཁང་གི་ཕྱི་རོལ་དུ་གཏོར་མ་གཉིས་མཆོད་པ་དང་བཅས་པ་བཤམ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུན། ན་མོ་རཏྣ་ཏྲ་ཡཱ་ཡ། ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུན། ཛི་ན་ཛིཀ྄ །བདུན། ༀ་ཏེ་ཛཿཏེ་ཛཿསོགས། སཱ་དྷ་ཡ་ཧཱུྃ་ཕཊ། གཏོར་མ་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། བྱིན་གྱིས་བརླབས་པར་གྱུར། ཛི་ན་ཛིཀ྄ །བརྟན་པར་གྱུར། ཅེས་གཏོར་མ་བྱིན་རླབས་བྱས་ཏེ་གདོན་གྱི་རིགས་སྨོས་པའི་སྒོ་ནས་སྤྱན་དྲངས་ཕྱིར་དྲིལ་གསིལ་དང་བཅས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་ཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་འབྱུང་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་གཡོག་འཁོར་ཚོགས་དང་བཅས་རྣམས་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི། གསན་ནས་ཕན་གདགས་ཕྱིར་ནི་འདིར་སྤྱོན་ཅིག །ཅེས་སྤྱན་དྲངས། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །ཆུ་བོ་ཀུན་དག་ཆུ་ཡི་མདོ་རྣམས་དང་། །རིན་ཆེན་གནས་ན་ལྷག་པར་གང་གནས་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ལ་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དག་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལམ་སྲང་བཞི་མདོ་དང་ནི་སུམ་མདོ་དང་། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོའམ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བ་གང་གནས་དང་། །གང་དག་གླིང་མཆོག་རྣམས་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང་། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་བས། །འདི་བཞེས་ནས་ནི་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་གནས་སྨོས་པའི་སྒོ་ནས་གདོན་ལ་མཆོད་གཏོར་ཕུལ། དེ་ནས་ཕྱོགས་སྐྱོང་ལ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མ་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ཅེས་ཕྲིན་ལས་བཅོལ། ༀ་ཨིནྡྲ་ཡ་སྭཱ་ཧཱ། ༀ་ཨགྣེ་ཡེ་སྭཱ་ཧཱ། ༀ་ཡ་མཱ་ཡེ་སྭཱ་ཧཱ། ༀ་ནཻ་རི་ཏི་ཡ་སྭཱ་ཧཱ། ༀ་ཝ་རུ་ཎཱ་ཡེ་སྭཱ་ཧཱ། ༀ་ཝ་ཡ་ཝེ་སྭཱ་ཧཱ། ༀ་ཀུ་བེ་རཱ་ཡེ་སྭཱ་ཧཱ། ༀ་ཨི་ཤྭ་ར་ཡ་སྭཱ་ཧཱ། ༀ་བྲ་ཧྨ་ཎཱ་ཡེ་སྭཱ་ཧཱ། ༀ་སུཪྱཱ་ཡ་སྭཱ་ཧཱ། ༀ་ཙནྡྲ་ཡ་སྭཱ་ཧཱ། ༀ་པྲི་ཐི་ཝཱི་བྷྱཿསྭཱ་ཧཱ། ༀ་ཨ་སུ་རེ་བྷྱེཿསྭཱ་ཧཱ། ༀ་ན་གེ་བྷྱཿསྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭི་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིདྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། གསུམ་གྱིས་གཏོར་མ་ཕུལ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱིས་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོ་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གཤིན་རྗེའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་སྲིན་པོའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཚིག་སྲུང་གདོན་གྱི་བདག་པོ་སྟེ། །ནུབ་ཕྱོགས་ཆུ་ལྷ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་རླུང་ལྷ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གནོད་སྦྱིན་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་དབང་ལྡན་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བར་ལྡན། །ལོངས་སྤྱོད་རྒྱ་ཆེ་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་སྲུང་། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བ་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །སརྦ་བིགྷྣ་ན་གཙྪ། ལས་ཀྱི་རྡོ་རྗེས་མཆོད་པ་རྣམས་མས་རིམ་གྱིས་གཏོར་མའི་ཐོག་ཏུ་བླུག །སློབ་དཔོན་གྱིས་མཆོད་ཡོན་ཕྱེད་གཏོར་མའི་མགོ་ལ་བླུག །ཕྱེད་ཀྱིས་གཏོར་ལམ་ཕྱེ། ལས་སྔགས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་དང་། རོལ་མོ་དྲག་པོ་བྱ། ཉེ་རེག་བྱ། སློབ་དཔོན་གྱིས་རྟིང་མནན་ཏེ་ནང་དུ་འོང་ནས་གདན་ལ་འཁོད། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨཱ་ཧ་ར་སོགས་སྤོས་ཀྱི་སྔགས་རྒྱ། ཨ་ཧ་ར་སོགས་བཤོས་ཀྱི་སྔགས་རྒྱ། གོས་ཟུང་ཐོགས་ནས། ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་ཟུང་རེ་དབུལ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡ་རེ་ཡང་ནི་དབུལ་བར་བགྱི། །ༀ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ། ཞེས་ན་བཟའ་ཕུལ། བཟླས་བརྗོད་བྱ་སྟེ། གཙོ་བོའི་རྩ་སྔགས་དང་སྙིང་པོ་བརྒྱ་རྩ། ལྷ་གཞན་རྣམས་ཀྱི་སྔགས་བདུན་རེ། རིགས་ཀྱི་སྙིང་པོའི་སྔགས་གསུམ་བརྒྱ་རྩ་རེ་བཟླའོ། །དེ་ནས་སོ་སོའི་ཕྱག་རྒྱ་བསྟན་པར་བྱ་སྟེ། ན་མཿསཔྟཱ་ནཱཾ། སོགས་གཙོ་འཁོར་ཐམས་ཅད་ཀྱི་སྔགས་ལན་གསུམ་གསུམ་བཟླ་ཞིང་སོ་སོའི་ཕྱག་རྒྱ་བསྟན་པར་བྱའོ། །དེ་ལ་གཙོ་བོའི་ཕྱག་རྒྱ་ནི་གོང་དུ་བཤད་དོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ལས་མཐེ་བོང་གཡས་པ་གཅིག་པུ་བསྟན་པ་སྤྱན་རས་གཟིགས་ཀྱིའོ། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྡམས་པ་ལས་གུང་མོ་གཉིས་ཕྱུང་སྟེ་བརྐྱང་བ་རྩེ་མོ་གཅིག་ཏུ་བྱས་པ་རྡོ་རྗེའི་རྩེ་མོ་འདྲ་བ་ཕྱག་རྡོར་གྱིའོ། །ཐལ་མོ་ཁོང་སྟོང་དུ་སྦྱར་ནས་མཐེ་བོང་གཉིས་བཏུད་ནས་ཅུང་ཟད་སྟོད་པ་ཁྱབ་འཇུག་གིའོ། །མཐེ་ཆུང་གི་རྩེ་མོ་མཐེ་བོང་གིས་མནན་ནས་སོར་མོ་གསུམ་བརྐྱངས་པ་སྔར་གྱི་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་རྩེ་མོ་ཐུར་དུ་བསྟན་པ་དྲག་པོའི་མདུང་རྩེ་གསུམ་གྱི་ཕྱག་རྒྱའོ། །ལག་པ་གཉིས་བཀན་ཏེ་མཛུབ་མོ་དང་སྲིན་ལག་རྣམས་བསྣོལ་བར་དཀྲིས་ལ། མཐེ་བོང་གཉིས་ལག་པའི་ནང་དུ་བཀུག་ནས་སོར་མོ་ལྷག་མ་རྣམས་ནི་ཐམས་ཅད་འདྲ་བར་སོ་སོ་ནས་ལག་པའི་སྟེང་དུ་གདུ་བུ་ལྟར་བཀུག་པ་ནི་གཡུང་དྲུང་རིས་ཀྱིའོ། །རིགས་གསུམ་གྱི་དམ་རྒྱ་ནི། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་བཀུག་སྟེ་མགོ་ལ་བཞག་པ་དེ་བཞིན་གཤེགས་པའི་རིགས་ཀྱིའོ། །ཐལ་མོ་སྦྱར་བ་པདྨ་ཁ་བྱེ་བའི་ཚུལ་དུ་བྱས་ཏེ་སྙིང་གར་བཞག་པ་པདྨའི་རིགས་ཀྱིའོ། །ཐལ་མོ་བཟློག་སྟེ་སྦྱར་ལ་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་སྦྱར་ནས་ལྟེ་བའི་ཐད་དུ་བཞག་པ་རྡོ་རྗེའི་རིགས་ཀྱིའོ། །སྔགས་ནི། ཛི་ན་ཛིཀ྄ །ཨ་རོ་ལིཀ྄ ། བཛྲ་དྷིཀ྄ །རྣམས་བཟླ་སྟེ་རིགས་ཀྱི་སྙིང་པོའི་སྔགས་ཡིན་པས་སོ། །གྲུབ་ན་སྐབས་འདིར་སྦྱིན་སྲེག་བྱ། དེ་ནས། ཨཱ་ཧ་ར་སོགས་སྤོས་ཀྱི་སྔགས་རྒྱས་བདུག་སྤོས་ཕུལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐེམ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཁ་དོག་ལྡན་ཞིང་འོད་དང་ལྡན། །མཐུ་དང་སྡེ་དང་བཞོན་པར་བཅས། །ཐུགས་དང་སྙིང་རྗེས་འཇིག་རྟེན་ཀུན། །སྐྱོང་མཛད་རྣམས་ལ་ཕྱག་འཚལ་ལོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏཱ་ཨ་བྷི་ཛྙཱ་ར་ཤི་ནི་ན་མཿསྟུ་ཏེ་སྭཱ་ཧཱ། །འཇིག་རྟེན་རང་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སྔོན་གྱི་ཚེ་རབས་གཞན་དག་དང་། །ཚེ་རབས་འདི་དག་འཁོར་བ་ན། །འདོད་ཆགས་དབང་གྱུར་བླུན་པ་དང་། །ཁྲོ་བ་དག་གིས་འཁྲུལ་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །སྦྱིན་གནས་གང་ཡང་རུང་བ་དང་། །དེ་ལས་གཞན་པའི་སེམས་ཅན་དག །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང་། །གང་ཡང་བགྱིད་དུ་སྩལ་བ་དང་། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང་། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་པ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ཏེ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱི་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱི། ༈ །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། །དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ། །ས་ལ་མགོ་བོས་གཏུགས་ནས་ནི། །དཀོན་མཆོག་གསུམ་ལ་བློ་ཅན་གྱིས། །དེ་ལྟར་གུས་པས་སྐྱབས་སུ་འགྲོ། །དེ་ནས་མཆོག་གི་ས་བོན་གང་། །ཐར་པ་བདུད་རྩིའི་འབྲས་བུ་འབྱིན། །ཤིན་ཏུ་བསྒོམས་ནས་མཆོག་གྱུར་པ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་སྒྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོགས་པ་ན། །དུཿཁ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་། །དུཿཁ་བདེ་བར་བྱེད་པ་དང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང་། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་ཡི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམ་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང་། །གང་ཡང་ཅུང་ཟད་བྱེད་གྱུར་པ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང་། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང་། །བྱང་ཆུབ་བར་དུ་བདག་བརྩོན་ནོ། ༈ །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །ཆོ་ག་བཞིན་དུ་ཀུན་ཏུ་བསྐྱེད། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། །བྱམས་པ་ཉེ་བར་གནས་པར་བྱ། །སེམས་ནི་ལེགས་པར་སྦྱང་བའི་ཕྱིར། །སྣ་ཚོགས་ཐབས་ཀྱིས་རྗེས་དྲན་དྲུག །ནང་གི་བདག་ཉིད་ཞི་བ་ཡི། །བསམ་པ་གཅིག་ཏུ་བསྒོམ་པར་བྱ། །སྔོན་གྱི་རྒྱལ་བ་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་ནས་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་བ་དང་། །ཞི་ཞིང་ནད་ཀྱང་མེད་པར་ཤོག །བདག་ཀྱང་བྱ་བ་ཀུན་ནུས་ཤིང་། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་བ་དད་པ་དང་། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག ༈ །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །འདི་སྐད་བདག་གིས་སོགས་ཤེར་སྙིང་ཚར་གཅིག་བརྗོད་དོ། །དཀྱིལ་འཁོར་སྒྲུབ་མཆོད་དོ། ༈ །གསུམ་པ་སྒྲུབ་མཆོད་ཀྱི་སྐབས་འདིར་དངོས་གཞི་གཉིས་པ་མན་ཆད་དབང་དོན་གྱི་བུམ་པ་བསྒྲུབ་པ་ནི། ༀ་ཏྲཾ་བནྡྷ་སྭཱ་ཧཱ། དང་། ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་བསང་། ལྷ་རྫས་ལས་གྲུབ་པའི་རིན་པོ་ཆེའི་བུམ་པ་རྩབ་རྩུབ་དང་ནག་པོ་མེད་པ་དབུས་ཀྱི་དབྱིབས་ལྷུང་བཟེད་ལྟ་བུ། མགྲིན་པའི་དཔངས་སོར་བཞི་པ། མགྲིན་པའི་སྟེང་ཁའི་ཕྱི་རོལ་གྱི་ཁ་ཁྱེར་གྱི་འདབ་མ་སོར་གཉིས་ཀྱི་ཚད་དུ་མཉམ་པ། ཁ་སོར་བཞི་པ། ཞབས་ཀྱི་གདུབ་ཀོར་དཔངས་སོར་བཞི་པ། མགྲིན་པའི་སྟེང་ཁའི་ཕྱི་རོལ་རས་དཀར་པོ་གཙང་མ་ཁ་ཚར་མ་ཉམས་པས་མགུལ་བ་ལ་དཀྲིས་པ་ཚོན་སྐུད་ལྔས་བཅིངས་པ། དྲི་བཟང་པོའི་ཆུས་གསུམ་གཉིས་གང་བའི་ནང་དུ། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔ། དྲི་ལྔ་རྣམས་ཀྱིས་ཡོངས་སུ་གང་ཞིང་། ཡལ་ག་དང་། ལོ་མ་དང་། འབྲས་བུར་ལྡན་པའི་ཤིང་དྲི་ཞིམ་པོས་བརྒྱན་པ། མེ་ཏོག་དང་། རིན་པོ་ཆེ་ལ་སོགས་པ་སྣ་ཚོགས་པའི་རྒྱན་གྱིས་མཛེས་པར་བརྒྱན་པ། འཁོར་ལོ་རྣམ་རྒྱལ་བུམ་པའི་དུང་ཆོས་ཀྱི་སྟེང་དུ་བཞག་པ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ། བུམ་པའི་ནང་དུ་ཤར་གྱི་ཆའི་དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ་ན་མཿསཔྟཱ་ནཱཾ་ནས། ཧུ་རུ་ཧུ་རུ་སྭཱ་ཧཱ། ཛི་ན་ཛིཀ྄ །བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱེད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། ཞལ་ནུབ་ཏུ་བསྟན་པ། དེའི་གཡོན་ངོས་ལྷོ་ཕྱོགས་སུ་གདན་གྱི་ཁྲི་ཟླུམ་པོ་ལ་པད་ཟླའི་སྟེང་དུ་ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཥྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ན་མཿཙཎྜ་པྲ་མརྡ་ན་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ནི་སྭཱ་ཧཱ། བཛྲ་དྷྲིཀ྄ །ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཤིན་ཏུ་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྔ་ཡབ། གཡོན་རྡོ་རྗེ་འཛིན་པ་ཁྲོ་བོའི་ལུས་ཀྱི་ཉམས་ལ་གནས་པ། དེའི་མདུན་ནུབ་ཀྱི་ཕྱོགས་སུ་གདན་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། ཁྱབ་འཇུག་ནག་པོ་ལག་པ་བཞི་པ། གཡས་ན་འཁོར་ལོ་དང་མདུང་། གཡོན་ན་བེ་ཅོན་དང་རལ་གྲི་ཐོགས་པ་ནམ་མཁའ་ལྡིང་གི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། དེའི་གཡོན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། དྲག་པོ་དཀར་པོ་མགྲིན་པ་སྔོན་པོ་ལག་གཡས་ན་མདུང་རྩེ་གསུམ་པ། གཡོན་ན་རལ་གྲི་ཐོགས་པ་གླང་ཁྱུ་མཆོག་ལ་ཞོན་པའོ། །དེའི་གཡོན་དུ། ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། ཚོགས་བདག་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། མདུན་དུ་དགུ་བ་དང་ཕྱིར་དགྱེ་བའི་ཚུལ་གྱིས་བཞུགས་པའོ། །ལྷ་དེ་གསུམ་ཞལ་ཤར་དུ་གཟིགས་པའོ། །ཤར་གྱི་བཅོམ་ལྡན་འདས་ཀྱི་བྱང་ཕྱོགས་སུ་གདན་ཟླུམ་པོ་ལ་པད་ཟླའི་སྟེང་དུ། ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཨཱ་རོ་ལིཀ྄། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོན་ཀའི་འདམ་བུའི་མདོག་ལྟར་དཀར་བ། པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་ན་པདྨ་བསྣམས་པ། གཡས་མཆོག་སྦྱིན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཅེས་ལྷ་དྲུག་བསྐྱེད། ལས་བུམ་དུ་པད་ཟླ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཁྲོ་བོ་བདུད་རྩི་ཐབས་སྦྱོར་སྔོན་པོ་ཕྱག་བཞིའི་གཡས་ན་རལ་གྲི་དང་གཏུན་ཤིང་། གཡོན་ན་དགྲ་སྟྭ་དང་ཞགས་པ་བསྣམས་པའོ། །བུམ་པའི་མཚན་མ་ཡང་ལྷ་དེ་རྣམས་ཀྱི་སྐུར་གྱུར། དེ་ནས་སྤྱན་འདྲེན་གྱི་མཆོད་ཡོན་ལ། ཛི་ན་ཛིཀ྄ །བདུན། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུན། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་བདུད་རྩི་ཐབས་སྦྱོར་བདུན་བཟླས་ཏེ་མཆོད་ཡོན་བསྒྲུབ། སྤྱན་དྲངས་པའི་ཕྱག་རྒྱས་མཆོད་ཡོན་བླངས་ལ་སྦྲེང་བཞིན་དུ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛོད། །བྷྲཱུྂ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྤྱན་རས་གཟིགས་སོགས་ལའང་། ༀ་ཨ་མྲྀ་ཏོདྦྷ་ཝ་ཨུདྦྷ་ཝ་ཧཱུཾ་ཕཊ། ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཥྩཎྜ་བཛྲ་ཡཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲི་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ཨ་མྲྀ་ཏེ་ཀུཎྜ་ལཱི་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཿཙཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ན་མཿཙཎྜ་པྲ་མརྡྷ་ན་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ་སྭཱ་ཧཱ། ན་མོ་བཛྲ་པ་ཎི་སྱེ། ༀ་ལོ་ལ་ཙཀྲ་ཡ་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ་སྭཱ་ཧཱ། ༀ་པ་ཤུ་པ་ཏི་ནི་ལ་ཀཎྛ྅྅྅ ཨུ་མ་བྲཱི་ཡ་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱེ། ༀ་བྷྲ་མ་ར་ཏེ་ནི་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ག་ག་ན་ས་མ་ཡེ་ཧཱུཾ། ཡང་རྐང་པའི་མཆོད་ཡོན་གྱི་གནས་སུ། བདག་གི་ཞབས་བསིལ་ཞེས་བསྒྱུར་ཏེ། ༀ་ག་ག་ན་ས་མ་ཡེ་ཧཱུཾ། ཞབས་བསིལ་བར་བསམ། དེ་ནས། ༀ་བཛྲ་ཨཱ་ས་ནི་ཧཱུཾ་ཕཊ། ཅེས་རྡོ་རྗེའི་འདུག་སྟངས་ཀྱི་སྔགས་རྒྱ་དང་། ༀ་ཀ་མ་ལ་ཡ་སྭཱ་ཧཱ། ཞེས་པདྨའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་། ཐལ་མོ་སྦྱར་བ་ཁ་བྱེ་བ། ༀ་བཛྲ་ཀ་ཧཱུཾ་ཕཊ། ཅེས་དཔའ་བོའི་འདུག་སྟངས་ཀྱི་སྔགས་རྒྱས། པདྨའི་ཕྱག་རྒྱ་འདི་ཉིད་ལས་སོར་མོ་དབུས་མ་གཉིས་གཅིག་ཏུ་སྦྱར། གདན་ཕུལ་བར་གྱུར། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་འདི་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །དེ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀྐ་ཙིཏྟ་བཛྲ་པྲ་ན་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཱཾ་ཀ་རོ་མི། ཞེས་པས་ཕྱག་རྒྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་དེ་བ་ཏ་ཨ་ཙིནྟ་ཨ་མྲྀ་ཏེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ། གོས་རྒྱན་དབུལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་བཞིན་དུ། མེ་ཏོག །བདུག་སྤོས། ཞལ་ཟས་ཞེས་བསྒྱུར་ཞིང་སོ་སོའི་རྒྱ་བཅས་དང་། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཁུར་བ་ཤིང་ཏོག་སྲན་ཚོད་དང་། །འོ་ཐུག་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདིས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞལ་ཟས་ཀྱི་རྒྱས་འབུལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །སྣང་གསལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྔགས་རྒྱས་མར་མེ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ༀ་བཛྲ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་རོལ་མོ་དབུལ། གཞུང་གི་ཁ་འཕངས་ལྟར་འགྲུབ་དཀའ་ཕྱིར་མདོར་བསྡུས་ཀྱི་སྤྱན་འདྲེན་མཆོད་པ་འདི་དག་ལོ་ཆེན་གྱི་ཆོ་ག་ལས་བཏུས་པའོ། །དེ་ནས་བསྟོད་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །ཁ་དོག་ལྡན་ཞིང་འོད་དང་ལྡན། །མཐུ་དང་སྡེ་དང་བཞོན་པར་བཅས། །ཐབས་དང་སྙིང་རྗེས་འཇིག་རྟེན་ཀུན། །སྐྱོང་མཛད་རྣམས་ལ་ཕྱག་འཚལ་ལོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏཱ་ཨ་བྷི་ཛྙཱ་ར་ཤི་ནི་ན་མཿསྟུ་ཏེ་སྭཱ་ཧཱ། གཟུགས་ཐག་ནས་བཟུང་སྟེ། དཀྱིལ་འཁོར་ལས་ཀྱི་ལྷ་རྣམས་ལས་འོད་འཕྲོས། ངན་སོང་གི་གཙོར་བྱས། སེམས་ཅན་རྣམས་ཀྱི་དུཿཁ་དང་སྡིག་པ་རྣམས་བསལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད། དེ་རྣམས་ལས་འོད་ཟེར་བདུད་རྩི་ལྟ་བུ་བྱུང་ནས་བུམ་པ་གང་བར་གྱུར། ཞེས་བརྗོད། གཙོ་བོའི་རྩ་སྔགས་དང་སྙིང་པོ་བརྒྱ་རྩ། ལྷ་གཞན་རྣམས་ཀྱི་སྔགས་ཉེར་གཅིག་རེ། སྤྱིའི་སྙིང་པོ་གསུམ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྣམས་བརྒྱ་རྩ་རེ་བཟླ། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་མཆིས་པ་ཀུན། །བཅོམ་ལྡན་བུམ་པའི་ལྷ་ལ་བདག་འབུལ་ན། །ཐུགས་རྗེ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱིས་གནས་སུ། ལྷ་རྫས་མེ་ཏོག །ལྷ་རྫས་བདུག་སྤོས་བཅུག །སྔགས་ཀྱི་གནས་སུ། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྤོས་པས་མཆོད་ཡོན། མེ་ཏོག །སྤོས་གསུམ་ཕུལ། བཅོམ་ལྡན་འདས་བུམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་དང་རྡོ་རྗེ་སློབ་མ་རྣམས་ལ་མངོན་པར་དབང་བསྐུར་བ་དང་། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་བར་དུ་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་བ་གདབ། ཡིད་ཆེས་ཁུངས་བཙུན་ལས། བོད་ཀྱི་བླ་མ་ཁ་ཅིག་བུམ་པའི་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བའི་ཆུར་བསྒོམ་ནས་ཁྲུས་བྱེད་པར་བཞེད། སློབ་དཔོན་སངས་རྒྱས་གསང་བས་ལྷ་ཡེ་ཤེས་པ་གཤེགས་པའི་གསལ་ཁ་བྱུང་ཡང་། དམ་ཚིག་པ་ལ་དམིགས་གསལ་ཅི་ཡང་མ་བྱུང་སྟེ། རྣམ་འཇོམས་ཀྱི་དཀྱིལ་ཆོག་འགའ་ཞིག་ནས་ལྷ་ཞུ་བ་ཡང་བཤད་འདུག་པས་ཞུ་བར་བྱ་བ་ཡང་རུང་ངམ། ཡང་ན་བདག་ལ་བསྡུ་བར་བྱའོ། །ཞེས་གསུངས་པའི་ཕྱག་ལེན་ལ་སྒྲུབ་མཚོད་ཚར་དུ་བྱེད་ཀྱང་། ཉིན་རེ་བཞིན་བསངས་བ་ནས་གསོལ་གདབ་ཀྱི་བར་གྱིས་བུམ་པ་བསྒྲུབ། སྒྲུབ་མཆོད་རྗེས་མའི་དུས་རྡུལ་ཚོན་གཤེགས་གསོལ་གྱི་སྐབས་མདུན་བསྐྱེད་དང་བུམ་པ་གཉིས་ཀྱི་ཡེ་ཤེས་པ་གཤེགས། རས་བྲིས་ཡིན་ན་མདུན་བསྐྱེད་ལ་བརྟན་བཞུགས་དང་། བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་རང་ལྷར་གསལ་བའི་ཐུགས་ཀར་བསྟིམ། རང་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། སོགས་གཞུང་ལྟར་མཛད་པ་སྟེ་བུམ་པ་སྒྲུབ་པའོ། ༈ །བཞི་པ་ནི། དེ་ནས་བདག་འཇུག་ལ་འཇུག་པ་དང་། དབང་བླང་བ་དངོས་གཉིས། དང་པོ་ནི། སློབ་དཔོན་གྱིས། ཇི་ལྟར་བལྟམས་པ་སོགས་ཁྲུས་བུམ་གྱིས་ཁ་བཤལ། གཞན་ལ་འཐོར་ཚུལ་བྱ། ༀ་བཛྲ་བྷཱུ་མི་ནས། ཐམས་ཅད་ཀྱིས་ཡོངས་སུ་གང་བ་འདི་ཉིད་བླ་མ་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐ་མི་དད་པའི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཨི་དཾ་གུ་རུ་མཎྜལ་ཀཾ་ནིཪྱ་ཏ་ཡཱ་མི། ཞེས་མཎྜལ་དབུལ། གསོལ་བ་འདེབས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསང་སྔགས་ཀྱི་སྤྱོད་པ་སྒྲུབ་པ་ལ་ཡང་དག་པར་ཞུགས་པ་དང་། འཇིག་རྟེན་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམ་པར་ཐར་པའི་དཀྱིལ་འཁོར་གསང་ཆེན་དུ་ཡང་དག་པར་གཞུག་པ་དང་། ཆོས་ཀྱི་རྒྱལ་སྲིད་དང་བཅས་པའི་སངས་རྒྱས་ཉིད་དུ་ལྷག་པར་འགྱུར་བས་སློབ་དཔོན་སྤྲོ་བར་མཛོད་ཅིག །ལན་གསུམ། བར་ཆད་སྲུང་བའི་དོན་དུ་ར་བའི་ཕྱག་རྒྱ་འཆའ་ཞིང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་ས་ར་ས་ར། བཛྲ་པྲ་ཀཱ་ར་ཧཱུཾ་ཕཊ། ཕྱོགས་བརྒྱད་པོ་ཐམས་ཅད་རྡོ་རྗེའི་ར་བས་གོ་མཚམས་མེད་པར་བསྐོར་བར་གྱུར། ཡང་ར་བའི་ཕྱག་རྒྱ་འཆའ་ཞིང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་བི་སྥུ་ར་རཀྵ་བཛྲ་པཱ་ཎི་ཧཱུཾ་ཕཊ། རྡོ་རྗེའི་ར་བའི་སྟེང་ནས་རྡོ་རྗེ་དྲྭ་བ་སྟེ། རྡོ་རྗེའི་གུར་བྲེས་པར་གྱུར། བདུད་རྩི་ཐབས་སྦྱོར་དང་ཀཱི་ལའི་སྔགས་རྒྱས་བརྟན་པར་བྱེད་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་ཀཱི་ལི་ཀཱི་ལ་བཛྲ་ཧཱུཾ་ཕཊ། བརྟན་པར་བྱིན་གྱིས་བརླབས་པར་གྱུར། གོ་ཆ་བཅིངས་པ་ནི། ༀ་བཛྲ་ཨགྣེ་པྲ་ཏི་པ་ཏ་ཡེ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུཾ་ཝ་ཀཱི་ལི་ཧཱུཾ་ཕཊ། མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་ལས་སྔགས་དང་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་སྲུང་བའི་བུམ་པའི་ཆུས་བསང་གཏོར་བྱས་ལ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་རཏྣ་ནས། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ལས་སྔགས་གཉིས་བརྗོད། གདོང་གཡོགས་ཤིང་། ཛི་ན་ཛིཀ྄ །ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་རཏྣ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བརྗོད། མེ་ཏོག་གི་ཕྲེང་བ་ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་སྟེ་མགོ་ལ་བཞག་ལ། ༀ་ཏ་ཐཱ་ག་ཏ་ཨུདྦྷ་ཝཱ་ཡ་སྭཱ་ཧཱ། སྐྱབས་འགྲོ་དང་བྱང་སྡོམ་འཛིན་པ་ནི། སྲོག་ཆགས་དུཿཁ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། །དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ། །ས་ལ་མགོ་བོས་བཏུགས་ནས་ནི། །དཀོན་མཆོག་གསུམ་ལ་བློ་ཅན་གྱིས། །དེ་ལྟར་གུས་པས་སྐྱབས་སུ་འགྲོ། །དེ་ནས་མཆོག་གི་ས་བོན་གང་། །ཐར་པ་བདུད་རྩི་འབྲས་བུ་འབྱིན། །ཤིན་ཏུ་བསྒོམ་ནས་མཆོག་གྱུར་པ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་གྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོགས་པ་ན། །དུཿཁ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ལ་སྐྱབས་འགྱུར་ཞིང་། །དུཿཁ་བདེ་བར་བྱེད་པ་དང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང་། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་ཡི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང་། །གང་ཡང་ཅུང་ཟད་བྱེད་གྱུར་པ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང་། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང་། །བྱང་ཆུབ་བར་དུ་བདག་བརྩོན་ནོ། །གསུམ། ཐལ་མོ་སྦྱར་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཾ་ཀཱ་རོ་མེ། ཡང་། ༀ་ནས། ཀཱ་རོ་མེ། འཇུག་སྒོའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང་འཐུང་། ཁྲུས་བྱས་པས་སྡིག་སྒྲིབ་དག་སྟེ་དཀྱིལ་འཁོར་དུ་ཞུགས་པ་ལ་དབང་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤྭ་དྷ་ནི། རུ་དྷ་བ་ལ་པྲ་ཏི་སཾ་སྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། བཛྲ་ཨ་བྷི་ཥིཉྩ། ཞེས་བརྗོད་ལ་དབང་བླང་། གཙོ་བོར་བསྐྱེད་ནས་ཕྱག་རྒྱ་སྔགས་དང་བཅས་པས་བྱིན་གྱིས་བརླབ་པ་ནི། རང་ཉིད་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པར་གྱུར། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ལག་པ་གཉིས་ཕན་ཚུན་ཁུ་ཚུར་བཅངས་ནས་མཐེ་བོང་གཉིས་བསྟན་པར་བྱས་པ་སྤྱི་བོར་བཞག་ལ། ན་མཿསཔྟཱ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱཱ་ཙི་ཏ་པྲ་ཏིཥྛ་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ་ཨཱ་ཡུ་ར་བི་ཤྭ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨ་ཡུ། སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོདྷ་ཡ་བོ དྷ་ཡ། མ་མ་སརྦ་པཱ་པཾ་ཨ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ལན་གསུམ་བཟླ། བདེན་པའི་སྟོབས་བརྗོད་པ་ནི། འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཙུད་ན། །ལྷ་ཡི་རིགས་ཀྱི་རིམ་པ་དག །འདི་ཡི་བསོད་ནམས་ཅི་འདྲ་ལས། །དེ་བཞིན་དུ་ནི་འབབས་པར་འགྱུར། །འདིས་ནི་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ནི་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་གྱུར། །ཅེས་དྲིལ་གསིལ་དང་བཅས་པས་གསུམ་བརྗོད། ནང་དུ་ཞུགས་ལ་མེ་ཏོག་དོར་བ་ནི། ༀ་བཛྲ་ཨུཏགྷ྅྅྅་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པས་ནུབ་སྒོ་དབྱེ། དཀྱིལ་འཁོར་ནང་དུ་གཞུག་པར་གྱུར། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་རང་གི་སྙིང་གར་ཐིམ་བས་བྱིན་གྱིས་བརླབས་པར་གྱུར། འདི་ཆོ་ག་གཞན་ནས་ལྷ་ཡེ་ཤེས་དབབ་བ་དེའི་དོད་པོ་ཡིན། ལག་པ་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་གི་ཕྲེང་བ་བཟུང་ལ། ཛི་ན་ཛིཀ྄ །གདོང་གཡོས་དཀྲོལ་ཏེ་ལྷ་ངོ་བསྟན་པ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་རིག་པས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཕྱིར་ནི་དམ་ཚིག་སྲུངས། །གསང་སྔགས་དག་ལའང་བརྩོན་པར་གྱིས། །ཞེས་བསྒོ། མེ་ཏོག་དཀྱིལ་འཁོར་ལ་ལན་གསུམ་གཏོར། རང་གི་སྤྱི་བོར་བཞག་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾ་སྐ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨདྷིཥྚ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ལན་གསུམ་བཟླ། ཕྱག་སྔགས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཾ་ཀ་རོ་མི། ཉེར་སྤྱོད། ཨཱ་ཧ་ར་སོགས་བཞི་དང་། ཨཱ་ལོ་སོགས་སྔགས་རྒྱ་དང་། བསྐོར་སྔགས་རྣམས་བྱས་ཏེ་དེས་འཇུག་པ་བསྟན་ཟིན་ཏོ། །གཉིས་པ་དབང་དངོས་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པའི་ཀུ་ུཤའི་སྟན་གསར་པ་ལ་རང་ཉིད་དཀྱིལ་འཁོར་གྱི་ནུབ་ཏུ་ཕྱོགས་པས་འཁོད་པར་གྱུར། ༀ་བཛྲ་ཨགྣེ་པྲ་ཏི་པ་ཏ་ཡེ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུཾ་ཝ་ཀཱི་ལི་ཧཱུཾ་ཕཊ། མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཞེས་པའི་སྔགས་རྒྱ་སྔར་བཞིན་ལྷར་བསྐྱེད་པ་གསལ་བཏབ་ནས་ཕྱག་རྒྱ་སྔགས་དང་བཅས་པས་གནས་ལྔར་གཏུགས་ཏེ། རང་ཉིད་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱེད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པར་གྱུར། དེ་ཉིད་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱ་གནས་ལྔར་གཏུགས་ཏེ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་བརྗོད་པས། བརྟན་པར་བྱིན་གྱིས་བརླབས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སསྐཱཾ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ༀ་ཛི་ཛི་ཛི་ནཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཥྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ན་མཥྩཎྜ་པྲ་མརྡྷ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། ༀ་པ་ཤུ་པ་ཏི་ནི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། ལྷ་སྔགས་ཚང་མ་བརྗོད་ཅིང་ཕྱག་རྒྱ་གནས་ལྔར་གཏུགས། མཆོད་པའི་ཡོ་བྱད་གསལ་འདེབས་པ་ནི། སྤྱི་བོར་གདུགས་དཀར་པོ་ལ་མེ་ཏོག་དཀར་པོའི་ཕྲེང་བས་བརྒྱན་ཅིང་རས་ཕྲེང་དཀར་པོའི་བ་དན་དཔྱངས་པ་བཟུང་། གཡས་གཡོན་གྱི་རྔ་ཡབ་བསིལ་ཡབ་འཛིན་པ་དང་། སྤོས་ཕོར་ཐོགས་པའི་སྤོས་དབུལ་བ་སོགས་ཕུན་སུམ་ཚོགས་པའི་རོལ་པ་བསམ་གྱིས་མི་ཁྱབ་པ་འབྱུང་བར་གྱུར། བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླས་ལེགས་པར་སྦྱར་བའི་སྤོས་བསྲེགས། ཤིས་པའི་ཆོ་ག་བྱ་བ་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ལྷ་སོ་སོའི་སྔགས་ཀྱིས་ཆུའི་དབང་བསྐུར་བར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོདྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾསྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། བཛྲ་ཨ་བྷི་ཥིཉྩ། ༀ་ཛི་ཛི་ཛི་ནཾ་ག་ཏེ་ཡ་ཏེ་དེ་ནི་སྭཱ་ཧཱ། བཛྲ་ཨ་བྷི་ཥིཉྩ། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཿཙཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ན་མཿཙཎྜ་པྲ་མརྡྷ་ན་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་སྭཱ་ཧཱ། བཛྲ་ཨ་བྷི་ཥིཉྩ། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲཱ་ཡ་སྭཱ་ཧཱ། བཛྲ་ཨ་བྷི་ཥིཉྩ། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། བཛྲ་ཨ་བྷི་ཥིཉྩ། ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། བཛྲ་ཨ་བྷི་ཥིཉྩ། ཞེས་ལྷ་དྲུག་གི་སྔགས་ལ་ཆུ་དབང་གིས་སྔགས་བཏགས་པས་སྤྱི་བོ་ནས་དབང་བ སྐུར། ཁྲུས་བྱ་འཐུང་། ཐམས་ཅད་རྫོགས་པ་དང་རྣམ་རྒྱལ་བུམ་པའི་ཆུ་དང་གཙོ་བོའི་སྔགས། ན་མཿསཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྛི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ་ཨ་ཡུར་བི་ཤྭ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨ་ཡུ། སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤྭ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾསྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། བཛྲ་ཨ་བྷི་ཥིཉྩ། ཞེས་བརྗོད་ཅིང་། དེ་ལྟར་དབང་བསྐུར་བས་མི་མཐུན་ཕྱོགས་ཀྱི་དྲི་མ་ཐམས་ཅད་དག །ལྷ་སོ་སོའི་ཡེ་ཤེས་ཐོབ་པའི་ས་བོན་རྒྱུད་ལ་བཞག་པར་གྱུར། དེ་བཞིན་གཤེགས་པའི་རིགས་སྤྱིའི་ཕྱག་རྒྱ་སྤྱི་བོར་བཞག་ལ། དབུ་རྒྱན་གྱི་དབང་བསྐུར་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨུདྦྷ་བ་ཡེ་ཨ་བྷི་ཥིཉྩ། ཞེས་བརྗོད། གོས་གསར་པ་བསྐོན་བྱུང་སྙམ་དུ། ༀ་རཀྵ་རཀྵ་མཾ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨཏྨ་ཙི་བ་ར་སྭཱ་ཧཱ། གོས་སྔགས་ཀྱིས་སྟོད་གཡོགས་དང་སྨད་གཡོགས། ཨཱ་ཧ་ར་ཨཱ་ཧ་ར་སརྦ་བཱིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྔགས་རྒྱས་མཆོད། དར་དཔྱངས་འཆིངས་ཚུལ་བཅས། ༀ་རཀྵ་རཀྵ་མཱཾ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨཏྨ་ཙི་བ་ར་སྭཱ་ཧཱ། གོས་སྔགས་བརྗོད། ཟེའུ་ཁ་བཅིངས་པར་གྱུར། དཔུང་སྐུད་འཆིངས་ཚུལ་བཅས། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨ རྠ་སཱ་དྷ་ནི་སྭཱ་ཧཱ། ཛི་ན་ཛིཀ྄ །བཟླས། གཞོན་ནུ་མས་བཀལ་བའི་སྐུད་པ་གསུམ་བསྒྲིལ་མདུད་པ་གསུམ་བོར་བའི་དབུས་སུ་བོ་དྷི་ཙིའི་ཕྲེང་བ་རྡོག་པོ་གཅིག་བཅུག་པའི་གདུ་བུ་མཁྲིག་མ་གཡོན་པ་ལ་གདགས་པར་གྱུར། བླ་མས་རང་གི་སྤྱི་བོར་གདུགས་གཟུང་། ཐལ་མོ་སྦྱར་ནས་དཀྱིལ་འཁོར་ལ་བསྐོར་ནས་ནུབ་སྒོ་ནས་གདུགས་དང་བཅས། སྤྱི་བོས་བཏུད་པའི་མོས་པ་དང་བཅས། དཀྱིལ་འཁོར་ལ་མགོ་བོ་འདུད་ཙམ་རེ་བྱས་ལ། སྔགས་དང་རྒྱུད་ནི་འཛིན་གྱུར་པའི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད། སྤྲོ་བ་བསྐྱེད་པ་ནི། ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་ཀུན་གྱི་བཀུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱོས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཞེས་གདམས་སོ། །དཀྱིལ་འཁོར་ལྟ་བའི་ཆེད་བསང་གཏོར་བྱ། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ་ནས། མ་མྲྀ་ཏེ་ཧཱུཾ་ཕཊ། སྔགས་གཉིས་བཟླ་ཞིང་ལས་བུམ་གྱི་ཆུས་སྤྱི་བོར་བསངས་གཏོར་བྱ། བསྡུ་ན། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། ཡང་རྒྱས་པར་བྱེད་ན། འདི་ན་བཅོམ་ལྡན་འདས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་བཞུགས་པ་ཡིན་ཏེ་དེ་ཡང་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བརྡལ་བ་དེའི་སྟེང་དུ་འོ་མའི་རྒྱ་མཚོ་ཆེན་པོ་ཉ་ལྕིབས་ལ་སོགས་པའི་སྐྱོན་དང་བྲལ་བ་དང་། པདྨ་དང་། ཨུཏྤལ་ལ་སོགས་པའི་མེ་ཏོག་གིས་བརྒྱན་པ། རིན་པོ་ཆེའི་བྱའི་ཚོགས་མང་པོ་ལྡིང་བ། དེའི་དབུས་སུ་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ་ངོས་བཞི་པ་ནས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ། མཐའ་བསྐོར་དུ་དཔག་བསམ་གྱི་ཤིང་ལེགས་པར་འཁྲུངས་པས་རྣམ་པར་རྒྱལ་བའི་བ་དན་སྟོང་འཕུར་བ་རང་གི་ཁྱད་པར་གྱི་རྒྱན་གྱིས་བརྒྱན་པ། རི་རབ་དེའི་སྟེང་དུ་པདྨའི་སྡོང་པོ་རིན་པོ་ཆེ་དུ་མས་བརྒྱན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མ་དང་། གསེར་གྱི་ཟེའུ་འབྲུ་དང་། གེ་སར་གྱིས་བརྒྱན་པ་སྦུར་ལོང་གི་ཟེའུ་འབྲུ་ཅན། སྙིང་པོའི་ཐོག་ལ་དངུལ་གྱི་རི་མོས་བསྐོར་བ་དཔག་ཚད་དུ་མའི་ཁྱོན་ཅན་རི་རབ་ཀྱི་དབུས་བརྡོལ་ནས་བྱུང་བ། དེ་ལས་ཀྱང་པདྨའི་དྲྭ་བ་གཞན་བརྒྱ་སྟོང་བྱེ་བ་སྙེད་བྱུང་བའི་སྟེང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། སྒོ་རིན་པོ་ཆེའི་རྩིག་པ་ནང་ནས་རིམ་པ་བཞིན་དཀར་དམར་སེར་ལྗང་ནག་པའི་རིམ་པ་ལྔ་དང་ལྡན་པ། ཕ་གུ། དྲྭ་བ་དྲྭ་ཕྱེད། ཤར་བུ། མདའ་ཡབ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱོགས་མདོག་དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག་པོ། ཕྱི་ནས་འདོད་ཡོན་གྱི་སྣམ་བུའི་ཁ་ཁྱེར་གྱིས་བསྐོར་བ། རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། མཚན་ཉིད་ཐམས་ཅད་ཕུན་སུམ་ཚོགས་པ། ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའོ། །ནང་གི་དཀྱིལ་འཁོར་གྱིས་ཤར་གྱི་ཆའི་དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱེད་བཟང་པོ་བརྒྱད་ཅུས་བརྒྱན་པ་སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ་ཞལ་ནུབ་ཏུ་བསྟན་པའོ། །དེའི་གཡོན་ངོས་ལྷོ་ཕྱོགས་སུ་གདན་གྱི་ཁྲི་ཟླུམ་པོ་ལ་པད་ཟླའི་སྟེང་དུ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཤིན་ཏུ་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྔ་ཡབ། གཡོན་རྡོ་རྗེ་འཛིན་པ་ཁྲོ་བོའི་ལུས་ཀྱི་ཉམས་ལ་གནས་པའོ། །དེའི་མདུན་ནུབ་ཀྱི་ཕྱོགས་སུ་གདན་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་ཁྱབ་འཇུག་ནག་པོ་ལག་པ་བཞི་པ། གཡས་ན་འཁོར་ལོ་དང་དུང་། གཡོན་ན་བེ་ཅོན་དང་རལ་གྲི་ཐོགས་པ་ནམ་མཁའ་ལྡིང་གི་གདན་ལ་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡོན་བཅོམ་ལྡན་འདས་ཀྱི་ཐད་དུ་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་དྲག་པོ་དམར་པོ་མགྲིན་པ་སྔོན་པོ། ལག་པ་གཡས་ན་མདུང་རྩེ་གསུམ་པ། གཡོན་ན་རལ་གྲི་ཐོགས་པ། གླང་ཁྱུ་མཆོག་ལ་ཞོན་པའོ། །དེའི་གཡོན་དུ་ཚོགས་བདག་སྐུ་མདོག་སྔོན་པོ། གཡས་ན་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ། མདུན་དུ་རྒུ་བ་དང་། ཕྱིར་དགྱེ་བའི་ཚུལ་གྱིས་བཞུགས་པའོ། །ལྷ་དེ་གསུམ་ཞལ་ཤར་དུ་གཟིགས་པའོ། །ཤར་གྱི་བཅོམ་ལྡན་འདས་ཀྱི་བྱང་ཕྱོགས་སུ་གདན་ཟླུམ་པོ་ལ་པད་ཟླའི་སྟེང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོན་ཀའི་འདམ་བུའི་མདོག་ལྟར་དཀར་བ་པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་པདྨ་བསྣམས་པ། གཡས་མཆོག་སྦྱིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཕྱིའི་སྣམ་བུའི་གྲྭ་བཞིར་པདྨ་འདབ་བརྒྱད། དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་དཀར་པོ་མགུལ་ཆིངས་ཁ་རྒྱན་དང་བཅས་པ། དེ་ལྟ་བུའི་འཕགས་པ་འོད་ཟེར་དྲི་མ་མེད་པར་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོ་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། གཟུངས་དང་སྙིང་པོ་རྣམས་ཀྱང་ཀློག་དགོས་པས་འདི་ལྟར་རོ། །ན་མཿསཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱཱ་ཙི་ཏ་པྲ་ཏིཥྛི་ཏ་ནཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ་ཨ་ཡུར་བི་ཤྭ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨ་ཡུ། སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལ། ཚ་ར་སུ་བུདྡྷེ་བདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤྭ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾསྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ༀ་ཨ་མྲྀ་ཏོཏྦྷ་ཝ་ཨུདྦྷ་ཝ་ཧཱུྃ་ཕཊ། ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱ་ན་བིདྱཱ་རཱ་ཛ་ཧཱུཾ་ཕཊ་སྭཱ་ཧཱ། ན་མོ་རཏྣ་ཏྲཱ་ཡཱ་ཡ་སྱ། ན་མཿཙཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་བ་ཏི་སྱ། ན་མཿཙཎྜ་པྲ་མརྡྷ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་སྭཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། ཞེས་མེ་ཏོག་གི ས་སྙིམ་པ་བཀང་ནས་བླ་མ་དང་ལྷ་ལ་དབུལ་བར་མོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཀླག་དགོས་པས་འདི་སྐད་བདག་གིས་ནས་བསྟོད་དོའི་བར་ཤེས་རབ་སྙིང་པོ་འདོན། དམ་ཚིག་བསྒོ་བ་ནི། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པས་རབ་ཏུ་བརྟེན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ཡང་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱོས། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་རྟག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མཆོད་པར་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་ཕྱིར། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་བདག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡི། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་བརྗོད། དམ་ཚིག་དེ་རྣམས་བསྲུང་སྙམ་ནས། གཙོ་བོ་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། ལྷ་དང་བླ་མ་ལ་ཕྱག་གསུམ་གསུམ་བཙལ་ནས། ཅི་འབྱོར་བའི་ཡོན་ཕུལ་བསམ་ལ། བདག་ལ་རིག་སྔགས་སྩལ་དུ་གསོལ། །ལན་གསུམ། ལྷ་དང་བླ་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སྔགས་ཀྱི་ཕྲེང་བ་གནས་པ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་ནས་རང་གི་སྙིང་གའི་ཟླ་བ་ལ་གནས་པར་གྱུར། ན་མཿསཔྟཱ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏཥྛི་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྵ་སྱ། ཏ་ཐཱ་ག་ཏེ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ་ཨ་ཡུར་བི་ཤོ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་རཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ལན་གསུམ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤྭ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾསྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ༀ་ཛི་ཛི་ཛི་ནཾ་ག་ཏི་ཡ་ཏི་ད་ནི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མོ་ཙཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏེ་སྱ། ན་མཥྩཎྜ་པྲ་མརྡྷ་ན་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎཱི་སྭཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། ༀ་པ་ཤུ་པ་ཏི་ནི་ལ་ཀཎྛ་ཨུ་མ་བྲཱྀ་ཡ་སྭཱ་ཧཱ། ན་མོ་བཛྲ་པཱ་ནི་སྱ། ༀ་བྷ་མ་ར་ཏི་ནི་སྭཱ་ཧཱ། ལན་གསུམ་རེ་བཟླ། སླར་ཡང་། སྔགས་བཟླས་པའི་མེ་ཏོག །བཅོམ་ལྡན་འདི་ལ་བསྙེན་པ་དང་། །འདི་ལ་རབ་ཏུ་འགོ་བར་མཛོད། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ། སྤྱི་བོར་བཟུང་སྟེ་ལྷ་རྣམས་ཀྱི་སྙིང་པོ་བདུན་ལ་སོགས་པ་བཟླའོ། །གཏང་རག་གི་མཎྜལ། དེང་ནས་བརྩམས་ཏེ་སོགས་བྱའོ། །བདག་འཇུག་བསྡུ་ན་འདི་ཡན་གྱི་འཐུས། མཐའ་རྟེན་རྒྱས་པར་བྱེད་ན། གོང་གི་བཟླས་ལུང་གི་མཐར་བཀྲུ་བྱབ་སྲུང་གསུམ་བྱ་སྟེ། བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། རྡོ་རྗེ་སློབ་མ་རྣམས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཉེ་བར་འཚེ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འཁོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བྱད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བྱུར་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྐལ་པ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྟས་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྨི་ལམ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཚན་མོ་ནག་མོའི་གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བདུད་ཀྱི་ཞགས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གཤིན་རྗེའི་ཕོ་ཉ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་བཀྲུ་ཚུལ་དང་། ཡང་ཀུ་ཤ་དང་རྨ་བྱའི་སྒྲོས་བྱབས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། རྡོ་རྗེ་སློབ་མ་རྣམས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ནཱ་ཡ་སྭཱ་ཧཱ། ནས། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཨ་པ་ནཱ་ཡ་སྭཱ་ཧཱ། ཞེས་པའི་བར་བརྗོད་ལ་བྱ་བ་ཚུལ་བྱ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་ཆེན་པོ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་འཕགས་པ་འོད་ཟེར་དྲི་མ་མེད་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །ༀ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ་ནས། ཨ་མྲྀ་ཏ་ཧཱུཾ་ཕཊ། ཅེས་བརྗོད་ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོ་དྲག་པོ་བྱའོ། །སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་སོ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་འགྱུར། །རླུང་ནི་སྤྲིན་ལས་རྒྱལ་བར་འགྱུར། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པར་རྒྱལ་གྱུར་རྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིགས་འདི་དག་གིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། སྲུང་བ་བྱ་བ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། སྤྱི་བོ་སོགས་གནས་ལྔར་རྡོ་རྗེ་རྒྱ་གྲམ་དུ་འཇོག་ཅིང་། རྡོ་རྗེ་སློབ་མ་རྣམས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་རཀྵ། ནས། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རཀྵ་རཀྵ། ཞེས་བརྗོད། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བདག་གིས་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱིས། །འགྲོ་བ་འདི་ལ་ལེགས་པར་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །དེ་ནས་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་ཀྱི་ཚིགས་རྣམས་བརྗོད་ཅིང་ལེན་ཚུལ། བཀྲ་ཤིས་རྟགས་བརྒྱད་ནི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །ཐོགས་ནས་རྒྱལ་བའི་དབུ་ུལ་མཆོད་པ་ལྟར། །དབུ་ལ་གདུགས་ཀྱི་བཀྲ་ཤིས་ཐོབ་པར་ཤོག །ༀ་མངྒ་ལ་ཚ་ཏྲཾ་ཨ་བྷི་ཥིཉྩ་མཱཾ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་ཉ་མོ་འོད་འབར་མ། །ཐོགས་ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར། །སྤྱན་ལ་གསེར་ཉའི་བཀྲ་ཤིས་ཐོབ་པར་ཤོག །མཙྪ༴ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །ཐོགས་ནས་རྒྱལ་བའི་ལྗགས་ལ༴ ལྗགས་ལ་པདྨའི༴ པདྨ༴ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་བུམ་པ་ཡོངས་གང་བ། །ཐོགས་ནས་རྒྱལ་བའི་མགུལ་ལ༴ མགུལ་ལ་བུམ་པའི་བཀྲ་ཤིས༴ ཀུ་མྦྷ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་དཔལ་བེའུ་འོད་འབར་བ། །ཐོགས་ནས་རྒྱལ་བའི་ཐུགས་ལ༴ ཐུགས་ལ་དཔལ་བེའུའི་བཀྲ་ཤིས༴ ཤྲཱི་པཉྩ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་རྒྱལ་མཚན་ཡིད་འོང་བ། །ཐོགས་ནས་རྒྱལ་བའི་སྐུ་ལ༴ སྐུ་ལ་རྒྱལ་མཚན༴ དྷྭ་ཛ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་ཆོས་དུང་དཀར་པོ་སྒྲ་དབྱངས་ཅན། །ཐོགས་ནས་རྒྱལ་བའི་གསུང་ལ༴ གསུང་ལ་དུང་གི༴ ཤངྑ༴ བཀྲ་ཤིས་གང་ཞིག༴ ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་འབར། །ཐོགས་ནས་རྒྱལ་བའི་ཞབས་ལ༴ ཞབས་ལ་འཁོར་ལོའི་བཀྲ་ཤིས༴ ༀ་མངྒ་ལཾ་ཙཀྲ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ཅིང་ལེན་ཚུལ་བྱས་ལ། མེ་ཏོག་གི་ཆར་དབབ་ཅིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་འདོན་ནོ། །རྗེས་གཙོ་བོའི་སོགས་དང་། གཏང་རག་གི་མཎྜལ་ཕུལ། གསུམ་པ་རྗེས་ཀྱི་ཆོ་ག་ལ། དེ་ནས་མཆོད་པ་སོགས་བཤམ། བགེགས་བསལ་བ། གཟི་བྱིན་བསྐྱེད་པ། བྱིན་གྱིས་རློབ་པ་སོགས་སྔར་བཞིན། མཆོད་ཡོན། ཁྲུས་ནས་མར་མེའི་བར་གཙོ་བོར་སུམ་གྱུར་སོགས་རྒྱས་པ་དང་། ནང་གཏོར། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །སོགས་བསྟོད་པ་ནས། སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་པའི་བར་མདུན་བསྐྱེད་ཀྱི་མཆོད་བསྟོད་རྒྱས་པ་བཞིན། ཕྱི་རོལ་པ་ཉེ་རེག །སྒྲུབ་ཁང་སྒོར་བསང་བ་སོགས་སྔར་བཞིན་བྱས་ནས་སྟན་ལ་འཁོད་དེ། བླ་མ་དང་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། །ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་གྱི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པའི་རྩ་ལག་དཔལ་ལྡན་བླ་མ་དམ་པ་གོང་མ་ཞི་བར་གཤེགས་པ་རྣམས་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཟག་མེད་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པའི་ཕྲིན་ལས་མཛད་དུ་གསོལ། །ད་ལྟ་ཞལ་བཞུགས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་གཙོར་མཛད། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་བརྟན་པར་བྱིན་གྱིས་བརླབ་ཏུ་གསོལ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་། སྒྲིབ་པ་དང་། དམ་ཚིག་ཉམས་ཆག་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་བར་དུ་གཅོད་པ་དང་། མི་དགེ་བ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། །གནས་སྐབས་སུ་ཡང་ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བའི་གནོད་པ་དང་། སྡུག་བསྔལ་གྱི་བྱེ་བྲག་གདོན་ཆེན་པོ་བཅོ་བརྒྱད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ལོག་འདྲེན་དང་། གཟའ་དང་། རྒྱུ་སྐར་དང་། བྱད་སྟེམ་དང་། ཕ་རོལ་གྱི་རིགས་སྔགས་ལས་གྱུར་པའི་གནོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མེ་དང་། ཆུ་དང་། ས་གཡོ་བ་ལ་སོགས་པ་འབྱུང་བ་ལས་གྱུར་པའི་གནོད་པ་དང་། ལོ་ཉེས་དང་། དགྲའི་གནོད་པ་ལ་སོགས་པ་འཇིགས་པ་ཆེན་པོ་བཅུ་དྲུག་དང་། མུ་གེ་དང་། མི་ནད་དང་། ཕྱུགས་ནད་དང་། ནད་བཞི་བརྒྱ་རྩ་བཞི་དང་། དབུལ་ཞིང་ཕོངས་པ་དང་། དུས་མ་ཡིན་པའི་འཆི་བའི་དུཿཁ་དང་། དེ་དག་གི་རྒྱུ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་སྔོན་གྱི་ལས་ལས་གྱུར་ཀྱང་འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ་ཕྱི་ནང་གི་ཉེ་བར་འཚེ་བ་དང་། ལུས་སེམས་ལ་གནོད་པར་བྱེད་པའི་གདོན་བགེགས་དང་། ནད་ལ་སོགས་པ་ལུས་ཀྱི་དུ་ཁཿདང་། སེམས་ཀྱི་ཡིད་མི་བདེ་བ་དང་། སྐལ་པ་ངན་པ་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལུས་དང་། སྲོག་དང་། ལོངས་སྤྱོད་དང་། སྐལ་བ་དང་། དགེ་བ་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། །མདོར་ན་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་སུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ནས་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་མཐའ་དག་འགྲུབ་པ་དང་། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཞི་བའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་དང་བཅོམ་ལྡན་འདས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། །བདག་ཅག་རྣམས་སོ་སོ་སྐྱེ་བོར་གྱུར་པས་ཉོན་མོངས་པ་ཅན་དུ་གྱུར་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་ཤིང་བདག་མེད་པར་གྱུར་པས་རྣལ་འབྱོར་ལ་དབང་མ་ཐོབ་པས་སེམས་བྱིང་བ་དང་། རྒོད་པའི་དབང་དུ་གྱུར་ཏེ་ཏིང་ངེ་འཛིན་མི་གསལ་བ་དང་། སྙིགས་མ་ལྔའི་དུས་ཀྱི་དབང་གིས་ཉེ་བར་མཁོ་བའི་ཡོ་བྱད་མ་འབྱོར་བ་དང་། མཆོད་རྫས་མེད་ཅིང་ངན་པ་དང་། བརྗེད་ངེས་པ་དང་། ཤེས་བཞིན་མ་ཡིན་པའི་དབང་དུ་གྱུར་ནས་ཆོ་ག་ལྷག་པ་དང་། ཆད་པ་དང་། སེར་སྣའི་དབང་གིས་མཆོད་པ་ངན་ཞིང་ཆུང་བ་དང་། གཏི་མུག་གི་དབང་གིས་རྒྱུད་སྡེ་ནས་འབྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་བཟོད་པར་བཞེས་ནས། བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེའི་སེམས་དཔའི་ཡིག་བརྒྱ་ལན་བདུན། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ཐུན་མོང་དུ་བྱས་ཏེ། དགེ་བའི་རྩ་བ་འདི་དག་གིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་བྲལ་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་བདེན་པའི་བདེ་བ་དང་། མི་བདེ་བ་ཉིད་ཀྱི་མིའི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་གྱུར་ཅིག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་དང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་འདས་འཁོར་དང་བཅས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟན་པར་བཞུགས་སུ་གསོལ། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། གཡས་རྡོ་རྗེ་དང་བཅས་པས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། ཡི་གེ་ཟླ་བ་ལ་ཐིམ། ཟླ་བ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། ༀ་བཛྲ་ཨགྣེ་པྲ་ཏི་པ་ཏ་ཡེ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུཾ་ཝ་ཀཱི་ལི་ཧཱུཾ་ཕཊ། མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་བརླབས་ཀྱིས། །བགེགས་དང་བདུད་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །སོགས་བཀྲ་ཤིས་བྱའོ། །ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ་ཡི། །དཀྱིལ་ཆོག་འཆི་མེད་འབྱུང་བ་གཙོར་བཏོན་ཞིང་། །ལྷན་ཐབས་མུན་སེལ་ཉིན་སྣང་ཟུར་སྡེབས་པའི། །རིན་ཆེན་བློ་གསལ་བསྟན་སྐྱོང་ཆོག་བསྒྲིགས་བཞིན། །བཀླག་ཆོག་དྲི་མེད་རབ་གསལ་བྲིས་པའི་དགེ། །འགྲོ་ཀུན་ཡེ་ཤེས་སྣང་བ་རྟོགས་ཕྱིར་བསྔོ། །ཞེས་པ་འདིའང་ཆོག་བསྒྲིགས་འོད་ཟེར་ཕྲེང་བ་ལྟར་འདོན་བདེར་བཀླག་ཆོག་མར་བཀོད་པ་རྡོ་རྗེ་འཆང་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་དྲིན་གྱིས་ཚུལ་འདི་ལ་ཅུང་ཟད་བློ་ཁ་ཕྱོགས་པ་མདོ་སྔགས་བསྟན་འཛིན་བཟང་པོས་སྤེལ་བ་སརྦ་དཱ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།
འཕགས་པ་འོད་ཟེར་དྲི་མེད་ཀྱི་རྒྱུན་གྱི་བཟླས་པ་བྱ་ཚུལ་འཆི་མེད་འབྱུང་བ། ཡོན་ཏན་རྒྱ་མཚོ།
འཕགས་པ་འོད་ཟེར་དྲི་མེད་ཀྱི་རྒྱུན་གྱི་བཟླས་པ་བྱ་ཚུལ་འཆི་མེད་འབྱུང་བ་ཞེས་བྱ་བ་བཞུགས་སོ། །ཚོགས་གཉིས་རྒྱ་མཚོའི་བཅུད་ལས་འཁྲུངས། །ཐུབ་མཆོག་ནོར་བུའི་འོད་ཟེར་ནི། །བྱང་ཆུབ་བར་དུ་གཙུག་གི་རྒྱན། །བཀོད་ནས་དེ་ཡི་རྣལ་འབྱོར་འཆད། །འདིའི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་དག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་རྣལ་འབྱོར་རྒྱུན་ཁྱེར་བསྡུས་པའི་ཚུལ་ལ་འཇུག་པར་སྤྲོ་ན། ཁ་ཟས་མ་ཟོས་པའི་གོང་ངམ། ཤ་ཆང་སྒོག་བཙོང་སོགས་ཁོང་པར་མ་སོང་བའི་སྔ་དྲོའི་ཆར་ཁྲུས་དང་གཙང་སྦྲ་བྱས་ལ། ཐལ་མོ་སྦྱར་ཏེ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པའི་འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གསལ་བར་གྱུར། དེ་རྣམས་ཀྱི་གཙུག་ཏོར་ནས་འོད་ཟེར་བྱུང་། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སླར་འདུས་ཏེ་རྒྱལ་བ་རྣམས་ཀྱི་གཙུག་ཏོར་ལ་ཐིམ་པས་རྒྱལ་བ་རྣམས་དགྱེས་ཏེ། ཀ་ལ་པིངྐའི་དབྱངས་ལྟ་བུའི་སྒྲས་གསང་སྔགས་གསུངས་པའི་སྒྲའི་རྗེས་ཟློས་བདག་ཉིད་ཀྱིས་བྱེད་པར་གྱུར། ཞེས་མོས་ལ། ན་མཿསཔྟཱ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྛི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨཱ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ་ཨཱ་ཡུར་བི་ཤོ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུ དྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། རྩ་སྔགས་སོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾསྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷུ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། སྙིང་པོའོ། །དེ་དག་ནང་རེར་ཚར་རེ་མ་ཆགས་པར་བཟླ་ཞིང་ལན་མང་དུ་གྲུབ་ན་མཆོག་གོ། །དེའང་གཟུངས་མདོ་ཉིད་ལས། གང་ལ་ལ་ཞིག་གིས་གཙང་སྦྲ་ཆེར་བྱས་ཏེ་ཉིན་གཅིག་བཞིན་དུ་རྟག་པར་གསང་སྔགས་ལན་རེ་རེ་ཇི་སྲིད་འཚོའི་བར་དུ་བཏོན་ན། དེ་འཆི་བའི་དུས་བྱས་ན་ལོངས་སྤྱོད་དང་བདེ་བ་མི་ཟད་པའི་གནས་སུ་སྐྱེ་བར་འགྱུར་རོ། །རྟག་པར་དུས་ཐམས་ཅད་དུ་བཟླས་བརྗོད་བྱས་ནས་སངས་རྒྱས་བཞུགས་པའི་ཞིང་དུ་སྐྱེ་བར་འགྱུར་ཞིང་ཚེ་རབས་རྗེས་སུ་དྲན་པར་ཡང་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་དང་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཞེས་པས་མཚོན་ཏེ་ཕན་ཡོན་རྒྱ་ཆེར་གསུངས་པ་ལ་དད་པས་ཡི་དམ་དུ་བྱའོ། །ཡང་གཙུག་ཏོར་དྲི་མེད་ཀྱི་གཟུངས་སོགས་བཟླ་བར་སྤྲོ་ནའང་རྣལ་འབྱོར་འདི་ཁོ་ནས་བཀླག་པར་བྱ་སྟེ། གཟུངས་འདིའི་འཕྲོས་སམ། འདིའི་ཚབ་ཏུ་བཟླ་བ་གང་འདོད་བྱ་ཆོག་གོ། །མཐར་སངས་རྒྱས་འཁོར་བཅས་མི་དམིགས་པར་བཞག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་སོགས་བསྔོ་སྨོན་གྱི་རྒྱས་གདབ་བོ། །དེང་སང་རྩེ་གཅིག་སྒོམ་ནུས་དཀོན། །ཀློག་པའི་ཁ་ཁྲལ་བརྩོན་པ་མང་། །རྒྱལ་བས་བཀླག་པར་གདམས་འདི་ལ། །ཀློག་པའི་སྐལ་པ་ལྡན་ན་རྨད། །ཅེས་པ་འདིའང་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ཡབ་སྲས་དང་། ངོར་ཆེན་རྡོ་རྗེ་འཆང་ལས་བརྒྱུད་པའི་གདམས་ངག་ལག་ལེན་དུ་ཡོན་ཏན་རྒྱ་མཚོས་བསྡེབས་པ་གཞན་ལ་ཕན་གྱུར་ཅིག །མངྒ་ལཾ།། །།
ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས།
ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས། རྒྱ་གར་སྐད་དུ། ས་མནྟ་མུ་ཁ་པྲ་བེ་ཤ་རཤྨི་བི་མ་ལོ་ཥྞཱི་ཥ་པྲ་བྷཱ་ས་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ས་མ་ཡ་བི་ལོ་ཀི་ཏེ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དགའ་ལྡན་གྱི་ལྷའི་གནས་ན། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཞམ་རིང་བ་ལྷའི་ཚོགས་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། འཁོར་མང་པོ་ཚོགས་པ་ལ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་སྟོན་པར་མཛད་དེ། འདི་ལྟ་སྟེ། ཇི་ལྟར་སྦྱིན་པའི་འབྲས་བུ་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པས་འཁོར་ལོས་སྒྱུར་བའི་དབང་ཕྱུག་གི་འབྲས་བུ་རྣམ་པར་སྨིན་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་པ་དང་། ལྷུན་གྱིས་གྲུབ་པའི་གཏེར་ཆེན་པོ་བསྐྱེད་པར་འགྱུར་བའི་སྤྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་དེ་བཞིན་གཤེགས་པའི་བསྟན་པ་དང་། མངོན་པར་ཤེས་པ་ལྔ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཚངས་པ་དང་། ལྷར་སྐྱེ་བའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་ལྷའི་གཟུགས་ཡིད་དུ་འོང་བ་ལྟ་བས་ཆོག་ཡེ་ཤེས་པའི་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་བརྩོན་འགྲུས་རྩོམ་པ་ལྟ་བ་དང་། བདུད་འདུལ་བ་དང་། རྒ་ཤི་དང་། སྐྱེ་བ་ལས་སྲོལ་བ་དང་། བརྫུས་ཏེ་སྐྱེ་བའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་བྱི་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཐོབ་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་ཤེས་རབ་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་། ཐོས་པ་རྒྱ་མཚོ་བསགས་པ་དང་། མང་དུ་ཐོས་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཀྱི་སྒོ་འདི་ཉིད་ཉིན་མཚན་དུ་རྗེས་སུ་སེམས་ཤིང་རྗེས་སུ་སྤྱད་དེ་དཀའ་བ་ཆེན་པོའི་ཕྱིར་སྒོམ་པར་ཡང་བྱེད་དོ། །དེ་ནས་ལྷའི་འཁོར་དེ་ཉིད་ཀྱི་ནང་ནས་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ཞེས་བྱ་བ་གཡོག་ལྷའི་བུ་བྱེ་བ་ཕྲག་སྟོང་དང་ལྡན་པ། ལྷའི་བུ་མོ་ཁྲི་བརྒྱད་སྟོང་གིས་བསྐོར་བ། ལྷའི་རྣམ་པར་འཕྲུལ་པའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་རྩིག་པ་བརྩིགས་པའི་ཁང་བཟངས་སྐྱེད་མོས་ཚལ་སྣ་ཚོགས་དང་། ལྷའི་མེ་ཏོག་གིས་མཛེས་པར་བྱས་པའི་རྫིང་གིས་ལེགས་པར་བརྒྱན་པ་དང་ལྡན་པ་ཞིག་ཡོད་དེ། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་ལྷའི་བུ་མོའི་མཆོག་མེ་ཏོག་རྒྱས་པ་དང་ལྡན་པ་ཞེས་བྱ་བ་དང་ལྷན་ཅིག་དགའ་བ་ཆེན་པོ་མང་པོ་དང་ལྡན་ཞིང་ལྷའི་བདེ་བ་ལ་ནི་ཆགས། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྒོ་བཞི་དང་ལྡན་པའི་ཁང་བཟངས་ཀྱི་ནང་ན་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་རྒྱགས་པ་དང་། ང་རྒྱལ་གྱིས་དྲེགས་ཏེ་སྙེམས་ཤིང་ཉལ་ལོ། །དེ་ནས་ནམ་ཕྱེད་ཙམ་ན་ལྷའི་བུ་དེ་གཉིད་ཀྱིས་ལོ་གཅིང་ལྷའི་བུ་མོའི་ཚོགས་ཐམས་ཅད་ཀྱང་སྒྲ་བསྐྱུངས་ཏེ་ཉལ་བར་གྱུར་ཏོ། །དེ་ནས་གནས་མཆོག་དེ་ན་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་ཞེས་བྱ་བ་ཞིག་གནས་པ་དེས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་ལ་བསྐུལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལོངས་ལོངས། ཁྱོད་གཉིད་ལ་དགའ་ཞིང་ཆགས་པས་ཅི་ཞིག་བྱ། དགའ་བ་ལ་གོམས་པར་བྱེད་ཅིང་ཆགས་པར་གནས་པས་ཅི་ཞིག་བྱ། ལྷའི་ལོངས་སྤྱོད་དཔག་ཏུ་མེད་པ་ལ་སྤྱོད་པས་ཅི་ཞིག་བྱ། ད་སྟེ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ། ལྷའི་ལོངས་སྤྱོད་དང་བྲལ་ཞིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་བར་འགྱུར་ན། ཁྱོད་ཀྱི་གནས་གཞལ་མེད་ཁང་དམ་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཅི་དགོས། ཁྱོད་ཀྱི་སྲོག་ནི་ཡོད་མེད་ཀྱིས། །ཐབས་ནི་མྱུར་དུ་རྣམ་པར་སོགས། །ཞེས་དེ་སྐད་སྨྲས་ནས་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་མི་སྣང་བར་གྱུར་ཏོ། །དེ་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པས་ཚིག་མི་སྙན་པ་དེ་ཐོས་ནས་བརྒྱལ་ཏེ་མལ་ནས་ཁས་བུབ་ཏུ་ས་ལ་ལྷུང་ངོ་། །དེ་ནས་ལྷའི་བུ་མོའི་ཚོགས་དེ་དག་ཀྱང་སྐྲ་ནི་བཤིག །རྒྱན་རྣམས་ནི་ལྷུང་། གོས་ནི་བསྙིལ། ཁ་ནི་ཁྲག་དང་གཤེར་བག་ནི་ཆང་ནས་མཆུ་དང་། རྐན་དང་། མིད་པ་དང་། ལྕེ་ནི་བསྐམས་ལ། སྨྲེ་སྔགས་སྟོང་ཕྲག་དུ་མ་ནི་སྨྲེ་སྟེ་ངུ་ཞིང་ཆོ་ངེས་འདེབས་ལ། ཀྱི་ཧུད་ཀྱི་ཧུང་ཅེས་འཛེར་ཅིང་། ལྷའི་རིན་པོ་ཆེའི་སྣོད་ནས་སྤོས་ཆུ་དང་། ཙནྡན་གྱི་ཆུ་གྲང་མོས་འཐོར་ཞིང་། ཁ་ཅིག་ནི་མགུལ་ནས་འཇུ། ཁ་ཅིག་ནི་ལག་པ་ནས་འཇུ། ཁ་ཅིག་ནི་དེའི་སྐྲ་ལའོ་བྱེད། ཁ་ཅིག་ནི་རྐང་པ་ནས་འཇུ། ཁ་ཅིག་ནི་མགོ་ལ་འཇུ། ཁ་ཅིག་ནི་བརྒྱལ་ཏེ་འགྱེལ། ཁ་ཅིག་ནི་སའི་སྟེང་ན་ཆུ་མེད་པའི་ཉ་བཞིན་དུ་འགྲེ་ལྡོག །ཁ་ཅིག་ནི་ལུས་ལ་མེས་འཚིག་པ་བཞིན་དུ་འགྲེ་ལྡོག །ཁ་ཅིག་ནི་སྨྲེ་སྔགས་དུ་མ་འདོན་ཅིང་གྱི་ཧུད་ཀྱི་ཧུད་ཅེས་ཐེར་ཅིང་ངུའོ། །དེ་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་བརྒྱལ་བ་ལས་སངས་ཏེ། དྲན་པ་ཐོབ་ནས། ཁ་ནས་ཀྲག་སྐྱུག་ཅིང་སྡུག་བསྔལ་ཆེན་པོ་དྲག་པོ་ཉམས་སུ་མྱོང་ནས་ཤུགས་རིང་དུ་ཕྱུང་སྟེ། ལུས་འདར་ཞིང་ཤིང་རླུང་གི་ཤུགས་ཀྱིས་བཏབ་པ་བཞིན་དུ་གཡོ་བར་གྱུར་ལ། སྒྲ་བསྐྱུངས་པའི་སྙིང་གིས་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་གཏུགས་ཏེ། རྐང་པ་གཉིས་ལ་འཇུས་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བདག་ལ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ལྷའི་རྒྱལ་པོ་ཆེ་བའི་བདག་ཉིད་ཅན་བསྐྱབ་ཏུ་གསོལ། ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་གིས་བསྒོ་བ་ཐོས་ནས་བདག་དགུང་བདུན་འགུམ་པའི་དུས་བགྱིད་དོ། །ཞེས་མཆི་ཞིང་སེམས་ཅན་དམྱལ་བའི་ཚོར་བ་སོམས་ཤིག་ཅེས་མཆིན་ལྷའི་དབང་པོ་ཐབས་གང་གིས་བདག་འཆི་བདག་གི་དབང་དུ་མཆི་བར་མི་འགྱུར་བ་དང་། ངན་འགྲོར་མཆི་བར་མི་འགྱུར་བར་འཇིགས་པ་མ་མཆིས་པའི་གཉེན་པོ་བཀའ་སྩལ་དུ་གསོལ། ལྷའི་དབང་པོ་ཅི་ནས་ཀྱང་བདག་འཆི་བདག་གི་སྒོ་ནས་ཐར་པའི་ཆོ་གས་བདག་ལ་བསྐྱབ་ཏུ་གསོལ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་དེ་ཐོས་ནས་སྙིང་རབ་ཏུ་སྡུག་བསྔལ་བས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་མ་འཇིགས་ཤིག །གང་གིས་འཆི་བདག་ཕམ་པར་འགྱུར་ཞིང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་པར་འགྱུར་བ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་མ་ལྷ་དང་མི་རྣམས་ཀྱི་སྟོན་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་ལས་བརྒལ་བ་བླ་ན་མེད་པའི་སྨན་པ་ཡོད་དེ། དེ་ནི་ཁྱོད་ཀྱི་སྐྱབས་དང་། རྩ་ལག་བཟང་པོ་དང་། དཔུང་གཉེན་དང་ཕ་མ་ལྟ་བུར་གྱུར་པ་ཡིན་ནོ། །དེ་ནི་ངན་འགྲོ་ཐམས་ཅད་འཇིག་པར་མཛད་པ་ཡིན་གྱི་འདྲེན་པ་དེ་གང་ན་བཞུགས་པ་དར་བདག་ཅག་མྱུར་དུ་འདོད་དོ། །དེ་ནས་དེའི་ཐོ་རངས་ལྷའི་དབང་པོ་བརྒྱ་བྱིན་དང་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་ལྷ་དང་ལྷའི་བུ་མོ་སྟོང་ཕྲག་དུ་མ་དང་ལྷན་ཅིག་དགའ་ལྡན་ག་ལ་བ་དེར་དོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྣམ་པར་དམན་པའི་ཚིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ལ་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའི་གདོང་གིས་བསྐུལ་ཏེ་དེ་དགུང་བདུན་གྱི་གདུགས་ལ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་འཆི་བདག་གི་སྤོའི་དབང་དུ་འགྱུར་རོ་ཞེས་མཆི་ན་བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཚིག་གསན་ནས་འཛུམ་པ་མཛད་དེ་འཛུམ་པ་བསྟན་པ་དེས་ཞལ་ནས་ཁ་དོག་དུ་མ་དང་ལྡན་པའི་འོད་ཟེར་བྱུང་སྟེ། འོད་ཟེར་བྱུང་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། འོད་ཟེར་གྱི་སྣང་བ་དེས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཀྱི་གནས་རྣམས་སྣང་བར་བྱས་ནས་བསྐུལ་ཏེ། བསྐུལ་ནས་ཀྱང་འོད་ཟེར་དེ་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ཞུགས་སོ། །ཞུགས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ཞག་བདུན་གྱི་ཉིན་པར་འཆི་བདག་གི་སྒོའི་འཇིགས་པར་འགྱུར་བ་དེ་ཉོན་ཅིག །འདི་གལ་ཏེ་འཆི་བའི་དུས་བྱེད་པར་གྱུར་ན། སྡུག་བསྔལ་ཤིན་ཏུ་མི་བཟད་པ་ཆེན་པོ་དྲག་པོ་ཆེན་པོའི་ཚོར་བ་སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ། །ཐོག་མར་ནི་གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱི་ར་སྨྱིག་མ་མཁན་གྱི་ཕྱི་ས་ཁུང་གི་འདམ་རྫབ་ཀྱི་ནང་དུ་ཤ་ཟ་མོ་ཕག་མགོ་ཅན་དུ་སྐྱེ་བར་འགྱུར་ཏེ། ཕྱི་ས་ཁུང་དེ་ན་བཤང་གཅི་ཟའོ། །ཕྱི་ས་ཁུང་དེ་ཉིད་ཀྱི་ནང་ན་སྲོག་ཆགས་བྱེ་བ་བརྒྱ་སྟོང་གནས་ཏེ་དེ་དག་དུས་གསུམ་དུ་ཕག་མོ་དེའི་ཤ་ཟ་ཞིང་ཀེང་རུས་འབའ་ཞིག་ལུས་པར་བྱེད་དོ། །དེ་ནས་ཡང་ལས་ཀྱི་དབང་གིས་ལུས་ཀུན་རྫོགས་པར་གྱུར་ཏེ་ལོ་བདུན་འཚོ་བར་འགྱུར་རོ། །དེ་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ། དེ་ནས་དགོན་པར་རུས་སྦལ་གྱི་སྐྱེ་གནས་སུ་སྐྱེ་ལ་དེ་ན་ཆུའི་མིང་ཡང་མི་གྲག་ཅིང་ཤིང་གྲིབ་ཀྱང་མེད་དེ་ཉི་ཚན་གྱིས་ལུས་གདུངས་ཤིང་ཚིག་ལ་བྱེ་ཚན་ཟ་ཞིང་བྱ་རོག་དག་གིས་ལུས་བཏོགས་ནས་ལུས་དུམ་བུར་འགྱུར་རོ། །དེ་ནས་ཡང་ལས་ཀྱི་དབང་གིས་ལུས་བྱུང་ནས་ཞིག་པར་འགྱུར་ཏེ་ལོ་ལྔ་ཚང་བར་དེ་ལྟར་འགྱུར་རོ། །དེ་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ་བཱ་རཱ་ཎཱ་སཱི་དེ་ཉིད་དུ་འབབ་ཆུ་ཆེན་པོའི་ཉ་ཆེན་པོར་སྐྱེ་བར་འགྱུར་རོ། །དེ་ནས་ཡང་ལས་ཀྱི་དབང་གིས་གང་ན་ཆུ་མེད་པ་དེར་འཕངས་ནས་ལུས་ཆེན་པོ་དེ་ལ་སྦྲུལ་གདུག་པ་དང་། བྱ་རོག་དང་། སྲེ་མོ་དང་། ཁྱི་དང་། གཟིག་དང་། དྲེད་དང་། ཅེས་སྤྱང་ལ་སོགས་པས་ཟའོ། །སྲོག་ཆགས་སྣ་ཚོགས་པ་གཞན་དག་གིས་ཀྱང་ཟའོ། །དེ་ནས་ཡང་ལས་ཀྱི་དབང་གིས་ལུས་བྱུང་ཞིང་ཟ་བར་འགྱུར་ཏེ་ལོ་གསུམ་དུ་དེ་ལྟར་འགྱུར་རོ། །དེ་ནས་ཡང་འཆི་བའི་དུས་བྱས་ནས་ཁྱིམ་བདུན་དུ་སྐྱེ་ཞིང་འཛམ་བུའི་གླིང་གི་སྡུག་བསྔལ་མྱོང་བར་འགྱུར་ཏེ། མཛེ་ཅན་གྱི་ཁྱིམ་དང་། དབུལ་པོའི་ཁྱིམ་དང་། གཡུང་པོའི་ཁྱིམ་དང་། ཤན་པའི་ཁྱིམ་དང་། རིགས་ངན་གྱི་ཁྱིམ་དང་། གདོལ་པའི་ཁྱིམ་དང་། དམུས་ལོང་གི་ཁྱིམ་དུ་སྐྱེ་སྟེ་ལོ་དྲུག་ཅུའི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །སྡུག་བསྔལ་དེ་དག་མྱོང་ནས་དེ་ནས་ཤི་འཕོས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་བཅུ་དྲུག་ཏུ་བསྐལ་པ་བརྒྱད་ཅུ་རྩ་བཞིར་སྡུག་བསྔལ་མྱོང་བར་འགྱུར་རོ། །ལྷའི་དབང་པོ་དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཅི་སྟེ་བརྒྱ་ལ་མིའི་ལུས་ཐོབ་ན་ཡང་དབུལ་བ་དང་ཡན་ལག་མ་ཚང་བ་དང་། ཤེས་རབ་ཆུང་བ་དང་། ཡི་གེ་མི་ཤེས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་བྲལ་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་དམད་པ་དང་། རྟག་ཏུ་སྐོམ་པ་དང་། བཀྲེས་པ་སེམས་པ་དང་། ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པའི་གཏམ་ངན་ཐོས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤིན་ཏུ་འཇིགས་སྐྲག་སྟེ་ཡིད་མི་དགའ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རེ་བ་མ་མཆིས་པར་གྱུར་ཏོ། །བདག་ལ་སྐྱབས་བགྱིད་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་འཆི་བདག་གི་ཆད་པ་ཆེན་པོ་གཉེན་པོ་ཡོད་ཀྱི་དེ་བས་ན་རེ་བ་མེད་པར་མ་བྱེད་ཅིག །དེས་ཕྱི་མའི་ཚེ་ཕྱི་མའི་དུས་ན་སེམས་ཅན་དེ་དག་འཆི་བའི་དུས་ཀྱི་ཚེ་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །དྲན་པ་ཙམ་གྱིས་སྒྲིབ་པ་ཐམས་ཅད་བྱང་པར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །ཤིན་ཏུ་ཡོངས་སུ་དག་པའི་ལུས་ཐོབ་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རེ་བ་འཕེལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་ལྷ་ཐམས་ཅད་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་སྐྱེ་དགུའི་འཇིག་རྟེན་ཐམས་ཅད་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཆི་བའི་འཇིགས་པ་ཞི་བར་མཛད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་དམྱལ་བའི་སྡུག་བསྔལ་མི་བཟད་པ་བསལ་དུ་གསོལ། བཅོམ་ལྡན་འདས་ཅི་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དགུག་ཏུ་གསོལ། བཅོམ་ལྡན་འདས་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དབུགས་དབྱུང་དུ་གསོལ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཕྱོགས་བཅུ་ཀུན་གྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོས་གདབ་ཏུ་གསོལ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་གཉེན་པོ་སྟོན་པ་ཆེན་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེ་སྐད་ཅེས་གསོལ་པ་ཐུགས་སུ་ཆུད་ནས། རྣམ་པ་ཀུན་ཏུ་རྣམ་པར་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་རྣམ་པ་ཀུན་ཞེས་བྱ་བའི་འོད་ཟེར། གཙུག་ཏོར་གྱི་དབུས་ནས་བྱུང་ནས། དེས་ཕྱོགས་ཀུན་ཏུ་སྣང་བར་བྱས་ཏེ། རིན་པོ་ཆེའི་གདུགས་ལྟ་བུར་ནམ་མཁའ་ལ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་གཟིགས་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་སྔགས་ཟུང་ཤིག །ཕྱག་རྒྱ་འདི་ནི་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་གྲོལ་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་རྣམ་པར་འཇིག་པར་འགྱུར་ཞིང་། སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་འཇིག་པར་འགྱུར་ཏེ། དཔེར་ན་མེ་ཡིས་རྩྭ་བསྲེགས་པ། །རླུང་གིས་ཐལ་བ་མྱུར་དུ་དེད། །དེ་བཞིན་ཚེ་རབས་སྔ་མ་ལ། །བསགས་པའི་སྡིག་པ་ཐམས་ཅད་སྲེག །དཔེར་ན་ཆར་པ་འབབ་འགྱུར་ཏེ། །རི་ལ་འབབ་ཆུ་བབས་པ་ཡིས། །ས་ཡི་སྟེང་གི་ཕྱག་དར་དང་། །ཉལ་ཉིལ་ཐམས་ཅད་འདེད་པར་འགྱུར། །དེ་བཞིན་གཟུངས་འདི་མཐོང་བ་དང་། །ཐོས་པ་ཙམ་གྱིས་སྡིག་པ་འབྱང་། །དཔེར་ན་མེ་ཡིས་གསེར་སྦྱངས་པ། །སོས་གཅད་རུང་བར་སྙི་བར་འགྱུར། །དེ་བཞིན་བཟླས་བརྗོད་བྱས་ཙམ་གྱིས། །ལུས་སྦྱོང་འགྱུར་ཏེ་ཐེ་ཚོམ་མེད། །དཔེར་ན་ཉི་མ་ཤར་གྱུར་ན། །འོད་ཟེར་ཀུན་དུ་རབ་ཏུ་འབྱུང་། །དེ་བཞིན་སུ་ཞིག་གཟུངས་འཆང་བ། །དེ་ཡི་ལུས་ཀྱང་རྣམ་པར་མཛེས། །དཔེར་ན་སྐམ་པོར་ཉ་འགྲེ་ལྡོག །ཆུ་དང་བྲལ་བས་འཆི་སྒོར་འགྲོ། །ལ་ལས་སླར་ཡང་ཆུར་བོར་བས། །དེ་ན་གནས་ཤིང་ཡང་རྩེའོ། །དེ་བཞིན་དྲན་བ་ཙམ་གྱིས་ཀྱང་། །མི་རྣམས་ཚེ་ནི་ཟློག་པར་བྱེད། །ལྷའི་དབང་པོ་གཟུངས་སྔགས་བསྟན་གྱིས་ཉོན་ཅིག །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱི། ༀ་མ་ཧཱ་ཙིནྟཱ་མ་ཎི་ཛྭ་ལ་ན། སཱ་ག་ར་གམྦྷི་རེ། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། ཨཱ་ཡུནྡྷ་ར། ཨཱ་ཡུནྡྷ་ར། སནྡྷ་ར། སནྡྷ་ར། ཀྵ་ཎ་ཀྵ་ཎ། ཀྵེ་ཎི་ཀྞེ་ཎི། ཀྵུ་ཎུ་ཀྵུ་ཎུ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ། ཏིཥྛ་ཏིཥྛ། མ་ཧཱ་བྷུ་བ་ན། སཱ་ག་ར། སཾ་ཤོ་དྷ་ཡ། མཱཾ་སརྦ་ས་ཏྭཱཾཤྩ། བྷ་ག་བ་ཏི། སརྦ་བཱ་པཾ་བི་མ་ལ། ཛ་ཡ་ཛ་ཡ། ཛ་ཡ་ལ་བྡྷེ། སྥུ་ཊ་སྥུ་ཊ། སྤོ་ཊ་ཡ་སྥོ་ཊ་ཡ། བི་ག་ཏ་ཨཱ་བ་ཎི། བྷ་ཡ་ཧ་ར་ཎི། ཧཱུྃ་ཧཱུྃ་ཧཱུྃ། མྲྀ་ཏྱུ་དཎྜ་དྷ་རེ། ཨ་བྷ་ཡ་པྲ་དེ། ཨུཥྞི་ཥ་བྱ་བ་ལོ་ཀི་ཏེ། ས་མནྟ་མུ་ཥེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མཱ་ཡི། མ་ཧཱ་པཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། ཨཱ་ཀཌྜྷ་ཡ། ཨཱ་ཀཌྜྷ་ཡ། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། ཨིནྡྲི་ཡ་བི་ཤོ་དྷ་ནི། བྷཱུ་ཥི་ཏ་བྷུ་ཛེ། མ་ཧཱ་མུ་དྲཱ་བི་ལོ་ཀི་ཏེ། ཛ་ཡ་ཇ་ཡ། སིདྡྷེ་སིདྡྷེ། བུདྡྷ་བུདྡྷ། བོ་དྷ་ནི་བོ་དྷ་ནི། སཾ་བོ་དྷ་ནི་སཾ་བོ་དྷ་ནི། ཤོ་དྷ་ནི་ཤོ་དྷ་ནེ། སཾ་ཤོ་དྷ་ནི་སཾ་ཤོ་དྷ་ནི། བོ་ཤོ་དྷ་ནི་བི་ཤོ་དྷ་ནི། ཧ་ར་ཧ་ར། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་བྷུ་ཛེ། ས་མ་ཡ་ཏིཥྛེ། པྲ་ས་ར་ཏུ་མ་མ་པུཎྱེ། བི་ན་ཤྱནྟུ་པཱ་པཾ། སརྦ་ཀི་ལྤི་ཥ་ཧ་རེ། མ་ཎི་བི་ཤུདྡྷེ། ཤོ་དྷ་ཡ་བི་མ་ལེ། བི་ཀཱ་སི་ཏ་པདྨེ། གབ་ཙི་ཏ་བྷུ་ཛེ། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་བི་ལོ་ཀི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ་སྭཱ་ཧཱ། ཨཱ་ཡུ་རྡ་དེ་སྭཱ་ཧཱ། པུ་ཎྱ་ད་དེ་སྭཱ་ཧཱ། པུ་ཎྱ་བི་ལོ་ཀི་ཏེ་སྭཱ་ཧཱ། པུ་ཎྱ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། མྲྀ་ཏྱུ་ད་ཎྜེ་སྭཱ་ཧཱ། ཡ་མ་དཎྜེ་སྭཱ་ཧཱ། ཡ་མ་དཱུ་ཏེ་སྭཱ་ཧཱ། སཾ་ཧ་ར་ཎི་སྭཱ་ཧཱ། སམྦྷ་ར་ཎི་སྭཱ་ཧཱ། སནྡྷཱ་ར་ཎི་སྭཱ་ཧཱ། པྲ་ཏི་ས་ར་ཎི་སྭཱ་ཧཱ། ཨོ་ཛོ་བ་ཏེ་སྭཱ་ཧཱ། ཏེ་ཛོ་བ་ཏི་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུ་དྲཱ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ལྷའི་དབང་པོ་གཟུངས་སྤགས་འདི་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་སྟོན་ཅིག །དེས་ནི་ཁྱོད་ཀྱིས་ལྷའི་བུ་དེ་ལ་ཡུན་རིང་པོར་ཕན་པ་དང་། བདེ་བར་འགྱུར་རོ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་སྔགས་འདི་བྲིས་ལ་མཆོད་རྟེན་གྱི་ནང་དུ་གཞུག་གོ། །མཆོད་རྟེན་སར་པའམ་རྙིང་པ་བཅོས་པ་ཡང་རུང་སྟེ་དེའི་ནང་དུ་གཞུག་གོ། །སྤོས་དང་། བྱུག་པ་ཡང་ཕུལ་ལ་གཟུངས་ཀྱི་རིག་སྔགས་བརྒྱ་རྩ་བརྒྱད་དྲན་པར་བྱ་ཞིང་ལན་བརྒྱ་རྩ་བརྒྱད་བསྒོམ་པར་བྱའོ། །ཉིན་ཞག་གཅིག་ལ་ཉིན་ལན་གསུམ་མཚན་ལམ་གསུམ་དྲན་པར་བྱའོ། །དེ་ནས་ཉི་མ་ཤར་བ་དང་ཤར་ཕྱོགས་སུ་བལྟས་ཏེ་སྤོས་ཀྱི་དཀྱིལ་འཁོར་བྱས་ལ། ཉི་མ་ལོགས་སུ་མེ་ཏོག་གིས་གཏོར་རོ། །ཨ་ཀ་རུ་དང་། དུ་རུ་སྐའི་བདུག་པས་བདུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པ་ལ་རིག་སྔགས་ཀྱི་སྙིང་པོ་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ན་གང་གཱའི་ཀླུང་གི་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །རིང་བསྲེལ་གྱི་སྙིང་པོར་ཡང་འགྱུར་རོ། །སྙིང་པོ་འདི་བྲིས་པ་གཞུག་གོ། །ༀ་ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ར་ཧྲྀ་ད་ཡ་གཪྦྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿ སཾ་ཤོ་དྷ་ཡ། སཾ་ཤོ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོ་ཥྞཱི་ཥ་བི་མ་ལ་བི་ཤུདྡྷེ། ཧཱུྃ་ཧཱུྃ་ཧཱུྃ། ༀ་བཾ་སཾ་ཛཿསྭཱ་ཧཱ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་ཞེས་བྱ་བ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ་གུས་པར་བྱས་ཏེ་མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་རིང་པོར་སྦྱོང་བར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཚད་ནམ་ཡང་འཆི་བའི་ཚོར་བ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་པའི་སྒྲ་རྣ་ལམ་དུ་ཡང་གྲག་པར་མི་འགྱུར་ན་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རིག་སྔགས་འདི་བཅོམ་ལྡན་འདས་ལས་བཟུང་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་ལྷན་ཅིག་ཏུ་ནམ་ལངས་པ་དང་རང་གི་གནས་སུ་སོང་སྟེ། དེ་བཞིན་གཤེགས་པས་བཀའ་སྩལ་པའི་ལུང་བཞིན་དུ་ཆོ་ག་གོ་རིམས་བཞིན་དུ་མཆོད་རྟེན་གྱི་ལས་བྱས་ནས། བཟླས་བརྗོད་ཀྱི་ཆོ་ག་ཡང་བྱས་པ་དང་། བྱས་མ་ཐག་ཏུ་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་ནས་སྡིག་པ་ཐམས་ཅད་དང་བྲལ་ཏེ། ལུས་རྣམ་པར་དག་ནས་པགས་པའི་མདོག་ནི་གསེར་གྱི་ཁ་དོག་ལྟ་བུར་གྱུར། སྐྲ་དང་མིག་ནི་མཐོན་མཐིང་ལྟ་བུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ནི་མངོན་དུ་མཐོང་། ནམ་མཁའི་དབྱིངས་ནས་དེ་བཞིན་གཤེགས་པས་ལེགས་སོ་ལེགས་སོ་ཞེས་བྱ་བའི་གསུང་ནི་ཕྱུང་ངོ་། །དེ་ནས་ལྷའི་བུ་དེ་སྒྲིབ་པ་དང་བྲལ་བའི་ལུས་སུ་གྱུར་པར་མཐོང་ནས་ཡ་མཚན་ཆེར་བཟུང་སྟེ་རབ་ཏུ་དགའ་ནས། ཨ་ལ་ལ་སངས་རྒྱས། ཨ་ལ་ལ་རིག་སྔགས། ཨ་ལ་ལ་ཆོས། འབྲས་བུ་འཕྲལ་དུ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ། ཐུགས་རྗེ་མཆོག་ཏུ་ཆེ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ལྷའི་བུ་དེ་རང་གི་གནས་སུ་སོང་ནས་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་སྣ་ཚོགས་བླངས་ཏེ། ལྷའི་གོས་དང་། སྤུད་པ་དང་། རྒྱན་ཀྱང་བླངས་ནས་གཡོག་འཁོར་ཐམས་ཅད་དང་། ལྷའི་བུ་མོ་དང་། ལྷའི་ཚོགས་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་དང་། དགའ་ལྡན་གྱི་གནས་སུ་དོང་སྟེ། བཅོམ་ལྡན་འདས་གལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ཏེ་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས་ཆོས་མཉན་པའི་ཕྱིར་དེ་ཉིད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སུག་ལས་གང་གིས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་མི་བཟད་ཅིང་ཤིན་ཏུ་ཚ་བའི་འབྲས་བུ་རྣམ་པར་སྨིན་པ་རྣམས་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་དག་ལེགས་པར་དྲིས་སོ། །དེའི་ཕྱིར་ཉོན་ཅིག་དང་བཤད་པར་བྱའོ། །ལག་ན་རྡོ་རྗེ་སྔོན་བྱུང་བ་འདས་པའི་དུས་ན་ལྷོ་ཕྱོགས་ཀྱི་རྒྱུད་ན་ཡངས་པ་འཁྱིལ་བ་ཞེས་བྱ་བའི་གྲོང་ཁྱེར་ཡོད་དེ། དེ་ན་བྲམ་ཟེ་དྲི་མ་མེད་པ་ཞེས་བྱ་བ་མཁས་པ། བྱང་བ། གསལ་བ། ཡིད་གཞུངས་བ། གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། མདོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། དད་པ་དང་ལྡན་པ། དགེ་བའི་བསམ་པ་ཅན་རིག་པ་སྨྲ་བ་ཞིག་གནས་ཏེ། ད་རིག་སྔགས་ཀྱི་རྒྱལ་མོ་འདི་རྗེས་སུ་སེམས་ཤིང་སྒོམ་ལ་མང་དུ་བྱེད་དེ། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་དོ། །དེ་ནས་གྲོང་ཁྱེར་དེ་ཉིད་ན་ཁྱིམ་བདག་རབ་སྣང་ཞེས་བྱ་བ་ཕྱུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། གཡོག་འཁོར་མང་བ་ཞིག་གནས་ཏེ། ཁྱིམ་བདག་དེ་ནི་དད་པ་དང་མི་ལྡན་ཞིང་གཞན་མུ་སྟེགས་ཅན་ལ་དད་དོ། །བྲམ་ཟེ་དེ་ནི་ཁྱིམ་བདག་དེ་ལ་ཡང་དང་ཡང་རིག་སྔགས་ཀྱི་རྒྱལ་མོ་འདི་སྙིང་པོ་དང་བཅས་པ་སྒྲོགས་ཀྱང་ཁྱིམ་བདག་དེ་ནི་དེ་ལ་དད་པའི་སེམས་མི་སྐྱེད་ཀྱི། དེ་འདི་སྙམ་དུ་སེམས་ཏེ། ངས་བྲམ་ཟེ་འདི་དུམ་བུ་དུམ་བུར་གཏུབས་ལ་ཉ་དང་རུས་སྦལ་བསྲེགས་པ་བཞིན་དུ་བོར་ཏེ་ཁར་ངན་སྐྱུགས་ཀྱིས་དགང་ངོ་སྙམ་མོ། །དེས་འདི་སྙམ་དུ་བསམས་མ་ཐག་ཏུ་ཁྱིམ་བདག་དེ་ལ་ཤ་བཀྲ་དང་། མཛེའི་ནད་ཀྱིས་བཏབ་བོ། །དེ་ནས་འཆི་བ་རེ་དུས་བྱས་ནས་འཆི་ཀར་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་སྟེ། ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་ནས། དེར་བསྐལ་པའི་ཚད་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་ངོ་། །དེ་ནས་ཤི་འཕོས་ནས་ཉ་དང་། ཕག་དང་། རུས་སྐལ་གྱི་ནང་དུ་བསྐལ་པར་སྡུག་བསྔལ་མྱོང་ངོ་། །དེ་ནས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཐིག་ནག་ཏུ་སྐྱེས་ཏེ། དེར་ཡང་བསྐལ་པའི་ཚད་དུ་སྡུག་བསྔལ་ཆེན་པོ་མྱོང་ངོ་། །དེ་ནས་ཤི་འཕོས་ནས་གྲོང་ཁྱེར་དེ་ཉིད་དུ་དམུས་ལོང་གི་ཁྱིམ་དུ་སྐྱེས་ཏེ། དམུས་ལོང་དུ་གྱུར་ནས་ཕན་ཚུན་དུ་སློང་མོ་ལ་སོང་བ་དང་། གཙུག་ལག་ཁང་ཞིག་ཏུ་ཕྱིན་པ་ན། དེ་ན་དགེ་སློང་སྙིང་རྗེ་ལ་གནས་པ་ཞིག་འདུག་སྟེ། དེས་དེ་མཐོང་ནས་བྱམས་པས་རྒྱས་པར་བྱས་ཏེ་ཟས་བྱིན་ནོ། །རིག་སྔགས་ཀྱི་རྒྱལ་མོ་འདི་ཡང་བསྒྲགས་སོ། །དམུས་ལོང་དེས་གཟུངས་སྔགས་འདི་ཐོས་པ་དང་ཚེ་རབས་དྲན་པར་གྱུར་ནས་བྲམ་ཟེ་དེ་ཡང་དྲན་ཏེ། རྗེས་སུ་སེམས་ཤིང་ཀྱེ་མའོ་མི་བཟད་པའི་ལས་བྱས་སོ་སྙམ་ནས་ངོ་ཚ་དང་། ཁྲེལ་ཡོད་པར་གྱུར་ཏེ། འཆི་བའི་དུས་བྱས་པ་དང་གཟུངས་སྔགས་འདིའི་མཐུས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སྐྱེས་ཏེ། གཞལ་མེད་ཁང་ཆེན་པོའི་ནང་ན་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ཅིང་ལྷའི་ལོངས་སྤྱོད་ཆེན་པོ་མྱོང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཁྱིམ་བདག་དམུས་ལོང་དུ་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟའམ་ཡིད་གཉིས་སུ་གྱུར་ན་དེ་ལྟར་མི་བལྟ་སྟེ། ལྷའི་བུ་ནོར་བུ འི་སྙིང་པོ་དྲི་མ་མེད་པ་འདི་ཉིད་དོ། །ལག་ན་རྡོ་རྗེ་དེ་ལྟ་བས་ན་སྡོམ་པ་གསུམ་གྱིས་བསྡམ་པར་བྱའོ། །ལག་ན་རྡོ་རྗེ་ལས་ངེས་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་གྱི་ཚོར་བ་འདི་ལྟ་བུ་མྱོང་ངོ་། །ལྷའི་བུ་འདིས་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་ལས་ཀྱི་འབྲས་བུ་ཐ་མ་འདི་མྱོང་ངོ་། །ལག་ན་རྡོ་རྗེ་དེའི་ཚེ་དེའི་དུས་ན་བྲམ་ཟེ་དྲི་མ་མེད་པར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་མམ་ཡིད་གཉིས་སུ་གྱུར་ན། དེ་ལྟར་མི་བལྟ་སྟེ། ལག་ན་རྡོ་རྗེ་ཁྱོད་ཉིད་དོ། །དམུས་ལོང་ལ་གཟུངས་སྔགས་འདི་སྒྲོགས་པའི་དགེ་སློང་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་དགེ་སློང་དུ་གྱུར་ཏོ། དེ་ནས་ལྷའི་འཁོར་མང་པོ་དེས་སྔོན་བྱུང་བ་འདི་ཐོས་ནས་རྨད་དུ་བྱུང་བར་གྱུར། དགའ་བ་ཐོབ་པར་གྱུར་ཏེ། ཅ་ཅོ་དང་ག་ཞའི་སྒྲ་ཆེན་པོ་ཕྱུང་ནས། ཨ་ལ་ལ་དེ་བཞིན་གཤེགས་པའི་དམ་ཚིག་རིག་སྔགས་འདིའི་མཐུ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་འཁོར་དེ་ལས་ལྷའི་བུ་ཁྲི་ཉིས་སྟོང་ནི་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷའི་བུ་མོ་བྱེ་བ་ཕྲག་འབུམ་ནི་བུད་མེད་ཀྱི་དབང་པོ་དང་བྲལ་ནས་སྐྱེས་པའི་དབང་པོ་བྱུང་སྟེ་ཕྱིར་མི་ལྡོག་པ་ཉིད་ལ་གནས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་ཀྱི་ཚིག་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་མཐུ་ཆེ་བ། ཕན་ཡོན་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཇི་ལྟར་སླད་མའི་ཚེ་སླད་མའ་ིདུ་ན་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འགྱུར་ཞིང་། གང་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་ནས་ཡོངས་སུ་གྲོལ་བར་འགྱུར་བའི་སྒྲུབ་པའི་ཆོ་ག་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་གཟུངས་སྔགས་འདིའི་ཕན་ཡོན་དང་། སྒྲུབ་པའི་ཆོ་ག་འདི་ཉོན་ཅིག །འདི་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མས་རིག་སྔགས་ཀྱི་རྒྱལ་མོ་འདི་དུས་གཅིག་ཏུ་དྲན་པར་བྱའོ། །རིང་བསྲེལ་གྱི་སྙིང་པོའམ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་དུས་གཅིག་ཏུ་དྲན་པར་བྱའོ། །དེས་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིན་ཆད་མངལ་གྱི་གནས་ཀྱི་དྲི་མས་མི་གོས་པར་འགྱུར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་བརྫུས་ཏེ་སྐྱེ་ཞིང་པདྨ་ལས་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྟ་འདོད་པར་འགྱུར་རོ། །བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །གལ་ཏེ་ཆོ་ག་བྱ་བར་འདོད་ན་དེས་ཁྲུས་བྱས་ལ་གོས་སར་པ་བགོས་ཏེ། སྤོས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་བྱའོ། །སྙིང་པོའི་རིག་སྔགས་གྲོ་ག་ལ་བྲི་བར་བྱའོ། །མཆོད་རྟེན་ལྔ་གདབ་པར་བྱའོ། །རིག་སྔགས་འདི་ཡང་མཆོད་རྟེན་གྱི་ནང་དུ་གཞུག་པར་བྱའོ། །མཆོད་རྟེན་བཞི་ནི་གྲྭ་བཞིར་གཞག་གོ། །གཅིག་ནི་དཀྱིལ་འཁོར་གྱི་དབུས་སུ་གཞག་གོ། །ཤིང་བུ་བཙུགས་ཏེ་བ་དན་དམར་པོ་དཔྱང་བར་བྱའོ། །མེ་ཏོག་གིས་གཏོར་རོ། །བུམ་པ་གང་བ་ལྔ་གཞག་གོ། །གྲྭ་བཞིར་པོག་པོར་བཞི་ནས་དུ་རུ་སྐ་དང་། ཨ་ཀ་རུ་དང་། ཙནྡན་དང་། གུ་གུལ་གྱི་བདུག་པས་བདུག་པར་བྱའོ། །སྤོས་ཀྱི་མཆོད་ཡོན་གྱི་སྣོད་བཞི་གཞག་པར་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །སྙིང་པོའི་སྔགས་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ། །ནད་ཀྱིས་བཏབ་པ་དང་། གནོད་པ་དང་། ནད་ཚབས་ཆེ་བ་དང་། ཚེ་ཟད་པ་དང་། དུས་མ་ཡིན་པར་འཆི་བས་འཇིགས་པ་དང་། རྒྱལ་པོ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་སྐྲག་པ་དང་། བུ་འདོད་པ་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་གཞག་གོ། །རྨ་བྱའི་སྒྲོ་ལྔས་བྱབ་པར་བྱའོ། །མཆོད་རྟེན་གྱི་དཀྱིལ་འཁོར་ལ་མཆོད་པར་བྱའོ། །ཆོ་ག་འདི་ལན་གཅིག་བྱས་ན་བསྐལ་པ་འབུམ་དུ་བསགས་པའི་ལས་ཀྱི་སྒྲིབ་པ་དང་བྲལ་ནས་སྒྲིབ་པ་མེད་པར་འགྱུར་རོ། །ནད་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་སྡུག་བསྔལ་དང་། སྒྲིབ་པ་དང་། སྡིག་པ་དང་། གདུག་པ་ཐམས་ཅད་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་རྣམ་པར་འཇིག་པར་འགྱུར་རོ། །ཚེ་ཟད་པ་ཡང་ཕྱིར་ནུར་ཞིང་ཚེ་རིང་བར་འགྱུར་རོ། །ཡུན་རིང་དུ་ནད་ཀྱིས་བརྙོངས་ཏེ་ཤ་ཟད་པ་ཡང་ལུས་ཡོངས་སུ་རྫོགས་པར་འགྱུར་རོ། །ལུས་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །བསམ་པ་ཡང་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱིན་ཆད་འཆི་བདག་གི་སྒོའི་སྡུག་བསྔལ་མི་མཐོང་བར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་པདྨ་ལས་སྐྱེ་བར་འགྱུར་རོ། །ཐམས་ཅད་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་རོ། །སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །འདིའི་བཟླས་བརྗོད་ཀྱི་ཆོ་ག་བཞིན་དུ་ཉིན་གཅིག་བཞིན་དུ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ན་དེའི་སྡིག་པའི་སྒྲིབ་པ་དང་། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །བཟླས་བརྗོད་ཆོ་ག་བཞིན་དུ་ལོ་གཅིག་ཚང་བར་བྱས་ན་འཇིགས་པ་མེད་པར་ལྟ་བ་ཀུན་ནས་སྒོའི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ། །དྲི་མ་མེད་པར་རྣམ་པར་དག་པ་འབར་བའི་གཟི་བརྗིད་ཅེས་བྱ་བའི་ལུས་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །ཚེ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་སུ་ཡང་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འགྲོ་འདོད་པ་དེར་འགྲོ་བར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །འཆི་བདག་གི་སྒོ་མི་མཐོང་ཞིང་རྨི་ལམ་ལྟ་བུར་ཀུན་ཏུ་ཤེས་སོ། །ཚེས་བརྒྱད་དམ། བཅུ་བཞིའམ། བཅྭ་ལྔ་ལ་ཡིད་བཞིན་གྱི་ནོ་བུ་རིན་པོ་ཆེ་ཆེན་པོའི་གཟུངས་སྔགས་འདི་གཉིས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཤིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་བསྐོར་བ་བྱས་ན་བཟླས་བརྗོད་བྱས་པ་ཙམ་གྱིས་འཕྲལ་དུ་མཆོད་རྟེན་ལ་སྒྲ་འབྱུང་སྟེ། ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར་རོ། །འཕྲལ་དུ་སྡིག་པའི་སྒྲིབ་པ་དང་། ཉོན་མོངས་པ་ཐམས་ཅད་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་དང་། སེར་སྣ་དང་། ཕྲག་དོག་དང་བྲལ་བར་འགྱུར་རོ། །ལུས་དྲི་མ་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ། །སྐྱེས་པའམ། བུད་མེད་དམ། ཁྱེའུའམ། བུ་མོ་གང་དང་གཏམ་བྱས་པ་དེ་དག་ཐམས་ཅད་ཀྱང་སྡིག་པ་རྣམས་ལས་གྲོལ་བར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་སྨྲས་ན་ཡང་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །བྱའི་ཚོགས་ཐམས་ཅད་ལ་སྨྲས་ན་ཡང་བྱའི་ཚོགས་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། །ཐ་ན་ཁྱི་དང་། རུས་སྦལ་དང་། སྦྲུལ་དང་། བྱི་ལ་དང་། སྲེ་མོ་དང་། སྲོག་ཆགས་སྣ་ཚོགས་ལ་སྨྲས་ན་ཡང་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། །བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་དུར་ཁྲོད་དུ་གཏོར་ན། གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་པ་གང་དང་དུ་སྐྱེས་པ་དེ་དང་དེ་ནས་ཡོངས་སུ་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །གང་དག་མཐོ་རིས་སུ་སྐྱེས་པ་དེ་དག་གི་ལུས་ལ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །གཅན་གཟན་དང་། བྱ་སྣ་ཚོགས་གང་དག་དུར་ཁྲོད་དེར་འགྲོ་བ་དེ་དག་ཐམས་ཅད་ཀྱང་བདེ་འགྲོར་འགྲོ་བར་འགྱུར་རོ། །རི་ལ་གཏོར་ན་རི་དགས་དང་། བྱ་རྒྱུ་བ་དེ་དག་ཐམས་ཅད་བདེ་འགྲོར་འགྲོ་བར་འགྱུར་རོ། །ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན། གལ་ཏེ་མཚམས་མེད་པ་ལྔ་བྱེད་པ་དག་མནར་མེད་པར་ལྷུང་ནས་གདུང་བས་བསྲེགས་པ་ལས་འཕྲལ་དུ་ཡོངས་སུ་ཐར་བར་འགྱུར་རོ། །ལན་འབུམ་བཟླས་བརྗོད་བྱས་ན། གལ་ཏེ་མགུལ་ནས་ཐག་པས་བཏགས་ཏེ་ཁྲིད་པ་ཡང་གཤིན་རྗེའི་གནས་ནས་འཕྲལ་དུ་ལྡོག་པར་འགྱུར་རོ། །དེའི་འཇིགས་པ་ཆེན་པོ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་རྣམ་པར་ཞི་ཞིང་རྣམ་པར་འཇིག་པར་འགྱུར་ཏེ་ཐེ་ཚོམ་མང་ངོ་། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡང་བྲན་བཞིན་དུ་སེམས་ཤིང་འདུག་གོ། །ལུས་བསམ་གཏན་གྱི་ལམ་བཞིན་ནམ། སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་མངོན་པར་དགའ་ཞིང་འགྲོ་བར་འགྱུར་རོ། །འཆི་བདག་གི་སྡུག་བསྔལ་མི་མཐོང་བར་འགྱུར་རོ། །འབུམ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ན། འབུམ་ཚང་ནས་མཆོད་རྟེན་ཐམས་ཅད་འབར་བར་འགྱུར་རོ། །བདག་ཀྱང་འབར་བར་འགྱུར་རོ། །ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །ས་བཅུ་ལ་གནས་པར་འགྱུར་རོ། །གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ཅིང་ལུང་བསྟན་པ་ཐོབ་པར་འགྱུར་རོ། །དེ་ནས་མཆོད་རྟེན་ཆེན་པོ་གཅིག་གི་ནང་དུ་བཅུག་སྟེ་ཤིང་བུ་བསྒྲེང་བ་བྱས་ན་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་ལོ་འབུམ་གྱི་མཆོད་རྟེན་ཞེས་བྱའོ། །གང་དག་དེ་ལས་བྱ་བ་རྣམས་བྱེད་པ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་དང་། གཞན་ཡང་སྲོག་ཆགས་ཀྱི་རིགས་སྭཱ་ཚོགས་གང་དག་དེར་འདོང་བ་དེ་དག་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །ཐ་ན་གྲིབ་མས་ཕོག་ན་ཡང་ཡོངས་སུ་གྲོལ་བར་འགྱུར་ན་བཀུར་སྟི་མང་དུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདིའི་ཡོན་ཏན་དང་ཕན་ཡོན་ནི་བརྗོད་པར་མི་ནུས་སོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་གྱི་གནས་ན་གནས་པའི་ལྷའི་བུ་དེ་དག་དང་། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་། དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་སྔགས་མཐུ་ཆེན་པོ་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་མཐོང་བ་དང་། ཐོས་པར་དཀའ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་ལྷན་ཅིག་ཚོགས་ནས་སླད་མའི་ཚེ་སླད་མའི་དུས་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཟུང་བར་བགྱིའོ། །རྒྱས་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་བསྒྲག་པར་བགྱིའོ། །འདི་འཛིན་པའི་སེམས་ཅན་ཆེན་པོ་དེའི་སླད་བཞིན་འབྲང་ཞིང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག །རིག་སྔགས་ཀྱི་རྒྱལ་མོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ངས་ཁྱོད་ལ་གཏད་དོ། །འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིགས་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། བཅོམ་ལྡན་འདས་གཙུག་ཏོར་འབར་བ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་བུདྡྷཱ་ནཱྃ། ཨ་པྲ་ཏི་ཧ་ཏ། ཤཱ་ས་ནཱ་ནཱྃ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ། ཕཊ་ཕཊ། སརྦ་དུར་ནི་མིཏྟེ། དུཿསྭཔྣ་ཤིནྟཾ་ཀུ་རུ་སྭཱ་ཧཱ། སངས་རྒྱས་སྟོང་གི་སྔགས་འདི་ནི། །གཙུག་ཏོར་འབར་བཞེས་གྲགས་ཏེ། །ལས་རྣམས་གང་དག་སྟོང་ཕྲག་ནི། །བརྒྱད་ཅུ་དང་ནི་དགུ་ཕྲག་ལྔ། །རྣམ་པ་སྣ་ཚོགས་ལས་རྣམས་དང་། །བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། །རྨི་ལམ་ངན་དང་མཚན་མ་ངན། །ལན་ཅིག་བཟླས་པས་སེལ་བར་བྱེད། །གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།
གཙུག་ཏོར་དྲི་མེད་ལྷ་ལྔའི་ཆོ་ག་ཁྲིགས་ཆགས་རིན་ཆེན་བསམ་འཕེལ། སློབ་དཔོན་ལྷན་སྐྱེས་རོལ་པ།
གཙུག་ཏོར་དྲི་མེད་ལྷ་ལྔའི་ཆོ་ག་ཁྲིགས་ཆགས་རིན་ཆེན་བསམ་འཕེལ་ཞེས་བྱ་བ་བཞུགས་སོ། །གཙུག་ཏོར་དྲི་མེད་ཀྱི་དཀྱིལ་ཆོག་རིན་ཆེན་བསམ་འཕེལ་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བགྲངས་ཡས་ཡོན་ཏན་གཏེར་མངའ་བཅོམ་ལྡན་གྱི། །མཐོན་མཐིང་གཡས་སུ་འཁྱིལ་བའི་གཙུག་ཏོར་ནས། །ལེགས་འཁྲུངས་དཔལ་གྱི་མགུར་ནས་བཀའ་སྩལ་པའི། །ཡིད་བཞིན་ནོར་བུའི་གཟུངས་ཆོག་འཆད་པར་སྤྲོ། །འདི་ལ་གཞུང་ནས་མཆོད་རྟེན་བརྒྱ་རྩ་བརྒྱད་དང་། ལྔ་གདབ་པའི་སྤོས་ཆུའི་དཀྱིལ་འཁོར་གཉིས་གསུངས་ལ། སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པའི་འགྲེལ་པར་དེའི་སྟེང་དུ་དཀྱིལ་འཁོར་རིགས་སོ་སོ་བའི་གསུམ། རིགས་བསྡུས་ཀྱི་ལྔ་སྟེ་བརྒྱད་གསུངས་པ་ཆོས་རྗེ་ཐམས་ཅད་མཁྱེན་པ་ཆེན་པོས་ལྷ་འབུམ་དུ་བཀྲལ་བའི་ལྷ་ལྔའི་དཀྱིལ་འཁོར་གྱི་རིམ་པ་ལ། འདིའི་དཀྱིལ་འཁོར་དུ་ཞུགས་ཤིང་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཐོབ་ལ་མ་ཉམས་པ། བསྙེན་པ་སྔོན་དུ་སོང་བའི་སློབ་དཔོན་གྱི་མདུན་དུ་སྟེགས་བུ་མཛེས་པར་རང་གཉིད་ཀྱི་གཡོན་དུ་རྡོ་རྗེ། གཡས་སུ་དྲིལ་བུ་ཞལ་རང་ལ་བསྟན་པ། རྡོ་རྗེའི་གཡོན་དུ་བསངས་ཆུ་འཐོར་ཡབ་དང་བཅས་པ། དེ་དག་གི་ཕྱིར་མཆོད་ཡོན་རང་གི་གཡོན་ནས་བརྩམ་པའི་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་བཤམ། ཆུ་གཙང་ངམ་དྲི་བཟང་དང་སྦྱར་བས་སྤྱན་སོགས་ལྷ་མོ་བཞིས་བདག་ལ་ཁྲུས་མཛད་པར་མོས་ལ། གཟུངས་ཐུང་། ༀ་ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿ སཾ་ཤྭ་དྷ་ཡ་སཾ་ཤྭ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོཥྞི་ཥ་བི་མ་ལེ་བི་ཤུདྡྷེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨྂ་བྂ་སྂ་ཛ་སྭཱ་ཧཱ། ཟློས་ཤིང་ཁྲུས་བྱས། དེ་ཉིད་དམ་རྟེན་འབྲེལ་སྙིང་པོས་བྱིན་གྱིས་རླབས་པའི་གོས་གསར་གྱོན་པར་བསམ། ༀ་ཨ་མོ་གྷ་པ་རི་ཤུདྡྷེ་ཤོ་དྷ་ཡ་ས་མ་ཏེ་ནི་དྷ་རི་དྷ་རི་ཤུདྡྷེ་ཤྭ་དྷ་ཡ་མ་ཧཱ་པདྨེ་ཧཱུྃ་སྭཱ་ཧཱ། ཞེས་པ་བ་བྱུང་ལ་བཟླས་པས་གནས་ཁང་ལ་ཆག་ཆག་གདབ་པར་བསམ། ཟས་གོས་སྣོད་སྤྱད་རྣམས་ལ་གཏོར་བས་ཉེས་པ་ཀུན་སེལ་བར་བསམ། ༀ་ཤྲཱི་མ་ཧཱ་ཀཱ་རུ་ཎ་པདྨ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་བཛྲ་ཨ་དྷིཥྛ་ན་བྷཱུ་རུ་བྷ་ནཾ་དྷི་རི་སྭཱ་ཧཱ། ཞེས་ཟློས་ཤིང་དྲི་བཟང་གི་ཆུས་གཏོར་ཏེ་བྱུགས་པ་བྱས་པར་བསམ། མཆོད་པ་སོགས་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་ༀ། ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ། ༀ་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བྱེ་བྲག་ཇི་སྙེད་ཡོད་པ་ཐམས་ཅད་རང་བཞིན་སྟོང་པ་རྣམ་པ་མཆོད་ཡོན་སོགས་མཆོད་རྫས་སོ་སོར་སྣང་བ་ངོ་བོ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ། བླ་མ་དང་བཅོམ་ལྡན་འདས་གཙུག་ཏོར་དྲི་མ་མེད་པའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ༀ་སརྦ་བིཏྤཱུ་ར་པཱུ་ར་སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝ རྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ༀ་བཛྲ་ཨ་རྒྷཾ་ཨཱཿཧཱུྃ། ཨརྒྷཾ་གྱི་གནས་སུ། པཱདྱཾ་ནས། ཤཔྡ་རྣམས་བཅུག་པ་ཕྱག་རྒྱ་དང་བཅས་པ་དང་། རོལ་མོའི་བར་ལ་མཆོད་སྤྲིན་གྱི་གཟུངས་བཟླ། བདག་གཞན་ཁམས་གསུམ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །བདག་གིས་བསྒོམ་བཟླས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་སྡིག་སྒྲིབ་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་བླ་མ་དང་གཙུག་ཏོར་དྲི་མ་མེད་པའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་སེམས་ཉན་ཐོས་རང་རྒྱལ་དཔག་ཏུ་མེད་པས་བསྐོར་བ་ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་མ་ལེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། མདུན་གྱི་ནམ་མཁར་བཞུགས་པར་བསམ། དུས་གསུམ་གྱི་ནི་བླ་མ་དང་། །ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་དང་། །གཙུག་ཏོར་དྲི་མེད་ལྷ་ཚོགས་སོགས། །ཕྱག་འོས་ཀུན་ལ་ཕྱག་འཚལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་མ་ལེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱདྱཾ་ནས། ཤཔྟའི་བར་བཅུག་པ་ཕྱག་རྒྱར་བཅས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྤྱི་འགྲོས་བཞིན་ཚོགས་ཞིང་དེ་གའི་སྤྱན་ལྔར་གསོ་སྦྱོང་བླང་། ཚུལ་ཁྲིམས་རྣམ་དག་གི་གཟུངས་དང་། དྲི་མེད་གཟུངས་ཐུང་ཉེར་གཅིག་བདུན་སོགས་བཟླ། བཛྲ་མུཿས། ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཚད་མེད་བཞི་སྒོམ། ༀ་སྭ་བྷཱ་ཝ་སོགས། བདག་དང་སྣང་བ་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བ་ལ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཕྱོགས་མཚམས་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་དམར་སེར་འབར་བ་དང་བཅས་པར་གྱུར། སྲུང་འཁོར་དེའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་པཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། དེའི་སྟེང་དུ་སུཾ་ལས་རི་རབ་གྲུ་བཞི་པ་ལྕོག་བརྒྱད་ཀྱིས་མཛེས་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་ལྟེ་བ་ལྗང་གུ། གེ་སར་སེར་པོ་འདབ་མ་ཁ་དོག་སྣ་ཚོགས་པ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། བྷྲཱུྂ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྤོས་ཀྱི་གཞལ་ཡས་ཁང་གྲུབ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དུ་དཀར་ལྗང་དམར་སེར་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་དུ་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ། དེའི་སྟེང་དུ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་མ་ཀ་རའི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ། དེའི་སྟེང་དུ་བྱ་འདབ་ལ་འཕྱང་བའི་ཤར་བུ་དཀར་པོ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་རྩིག་པའི་ཕྱི་རོལ་གྱི་སྟེགས་བུ་དམར་པོ་ལ་གནས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་པ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་ནས་མཛེས་པར་ཕུབ་པ། དབུས་གཙང་ཁང་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། སྒོའི་ཐད་སོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཅུ་གཅིག་དང་ལྡན་པ་ཆོས་ཀྱི་འཁོར་ལོ་གདུགས་དང་རི་དྭགས་དང་བཅས་པ། གཞན་ཡང་ཟླ་བ་རླུང་གིས་བསྐྱོད་པ་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པ་རྒྱན་དུ་མས་བརྒྱན་པར་གྱུར་པའི་གཞལ་ཡས་ཁང་ཆེན་པོ་ལྷ་དང་མི་ལས་ཁྱད་པར་དུ་འཕགས་པའི་ཁང་བཟང་དྭངས་ཤིང་ཐོགས་པ་མེད་པར་གྱུར་པའི་སྟེང་གི་ཐོག་དང་། འོག་གི་ས་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། སྒོ་བཞིར་པཾ་ལས་པདྨ་དང་། ཨ་ལས་ཟླ་བས་གདན་ཏེ་གདན་དབུས་མའི་སྟེང་དུ་རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པ་ལས། ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨས་མཚན་པ། དེ་ལས་འོད་འཕྲོས། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཨ་ལ་ཐིམ། འཁོར་ལོ་ཨ་དང་བཅས་པ་ལས། བཅོམ་ལྡན་འདས་ཐུབ་པའི་དབང་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཉི་མ་བྱེ་བའི་འོད་དང་མཚུངས་པ། ཞལ་བཞི་པ། ཕྱག་བརྒྱད་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་བཞི་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འགྲོ་བ་མཐའ་ཡས་པ་ལ་གཟིགས་པའི་ཐུགས་རྗེ་ཅན། དེའི་དབུའི་གཙུག་ཏོར་ནས་འོད་ཟེར་ཨ་དཀར་པོའི་རྣམ་པ་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བའི་ཕྱོགས་ཀྱི་ནགས་ཚལ་བསྲེགས། ལས་ངན་པ་སྣ་ཚོགས་ཞི། ཉོན་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །ཡང་དག་པའི་ལྟ་བ་རྟོགས་པར་བྱས། མ་རིག་པ་བག་ལ་ཉལ་ཐམས་ཅད་བྱང་། སྒྱུ་མ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་གཅིག་ཏུ་གྱུར་པ་ལས་བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་བཅོམ་ལྡན་འདས་མ་གཙུག་ཏོར་འབྱུང་ཁུང་གི་མཚན། རྣམ་པར་གཟིགས་མ། ཀུན་ནས་ངོ་བོ་ཉིད་ཀྱི་མཚན། སྒོར་འཇུག་མ། ཀུན་ནས་ཡོན་ཏན་གྱི་མཚན། རྣམ་པར་གཟིགས་མ། སྒྱུ་མ་རང་བཞིན་གྱི་མཚན། ཆེན་མོ། ཞགས་པ་རྟགས་ཀྱི་མཚན། ཆེན་མོ་འཆང་མ། དོན་ཡོད་པའི་ཕྲིན་ལས་ཀྱི་མཚན། དྲི་མ་དང་བྲལ་མ། ཞེས་པའི་མཚན་གྱི་རྣམ་གྲངས་ཅན་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་མ། གཡས་ན་རིན་པོ་ཆེ། གཡོན་ན་ཞགས་པ། འོག་མ་གཉིས་མདའ་གཞུ་བཀང་བ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་དར་གྱི་ན་བཟའ་ཅན། ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ་པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བྱ་བ་ལོ་ཀི་ཏེ་ས་མནྟ་མུ་ཥེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མ་ཡེ། མ་ཧཱ་བཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ་སྭཱ་ཧཱ། ཞེས་བརྗོད་པས་བརྟན་པར་བྱས། ཡང་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ནས་འོད་ཟེར་ལྷ་རྣམས་རང་རང་གི་ས་བོན་གྱི་རྣམ་པར་སྤྲོས་ཏེ། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བའི་ཕྱོགས་ཀྱི་ནགས་ཚལ་བསྲེགས། ལས་ངན་པ་སྣ་ཚོགས་ཞི། ཉོན་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །ཡང་དག་པའི་ལྟ་བ་རྟོགས་པར་བྱས། མ་རིག་པ་བག་ལ་ཉལ་ཐམས་ཅད་བྱང་། ལྷ་སོ་སོའི་གོ་འཕང་ལ་བཀོད། ཚུར་འདུས་གཅིག་ཏུ་གྱུར་པ་ལས། བླ་ཆེན་གྲགས་རིན་པའི་དཀྱིལ་ཆོག་ན་ཤར་དུ་ཤར་སྒོར་ལྷ་འབུམ་ནས་ཤར་སྒོར། ཨཾ་ལས་ལྕགས་ཀྱུ་དཀར་པོ། གཡས་ལྕགས་ཀྱུ། གཡོན་ཕྲེང་བ། ༀ་ཨཾ་སྭཱ་ཧཱ། ལྷོ་སྒོར་པྂ་ལས་ཞགས་པ་སེར་མོ་གཡས་ཞགས་པ། གཡོན་རྔ་ཡབ། ༀ་པཾ་སྭཱ་ཧཱ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་པོ་གཡས་ལྕགས་སྒྲོག །གཡོན་རིལ་བ། ༀ་བཾ་སྭཱ་ཧཱ། བྱང་སྒོར་ཛཾ་ལས། འབེབས་བྱེད་མ་ལྗང་གུ། གཡས་དྲིལ་བུ། གཡོན་ཕྲེང་བ་འཆང་བ། ༀ་ཛཾ་སྭཱ་ཧཱ། ཐམས་ཅད་ཀྱང་ཞི་མ་ལྷ་འབུམ་ན་ཁྲོ་མོ། ཁྲོའི་ཉམས་ཅན་སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་ལྷ་འབུམ་ན་གཡོན་བརྐྱང་། གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ། །དེ་དག་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ གོང་གི་ཚོགས་ཞིང་སྐབས་ལྟར་མཆོད། ཛཿཧཱུྃ་བྂ་ཧོཿས། གཉིས་སུ་མེད་པར་གྱུར། ལྷ་རྣམས་ཀྱི་དཔྲལ་བར་པད་ཟླ་ལ་ༀ་དཀར་པོ། མགྲིན་པར་པདྨ་དམར་པོ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། ༀ་ཨཱཿཧཱུྃ། ལྷ་སོ་སོའི་ཐུགས་ཀར་རང་རང་གི་ས་བོན་བཀོད་པའི་འོད་ཀྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས། ༀ་བཛྲ་ཨརྒྷཾ་པདྱཾ་སོགས་མཆོད། དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཚིགས་བཅས་སྔགས་བཅས། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ཡར་ལུད་པས་གཙོ་བོ་དང་ལྕགས་ཀྱུ་མ་ལ་རྣམ་སྣང་། ཞགས་པ་མ་ལ་རིན་འབྱུང་། ལྕགས་སྒྲོག་མ་ལ་འོད་དཔག་མེད། འབེབས་བྱེད་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་མཉམ་པར་བཞག་གོ། །དེ་ནས་སྔར་བཞིན་མཆོད་པ་བསང་སྦྱངས་བྱིན་བརླབ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། ཞེས་སོགས་ལྟ་བུ་ཚིགས་བཅད་དང་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། རྡོ་རྗེ་དྲིལ་སྟབས་གསུམ་བསྐོར་བཅས་པས། སེམས་ཅན་བརྩེ་མ་ལ་སོགས་པས་ཐུབ་པའི་དབང་པོར་བསྟོད་ཅིང་། དཀྱིལ་འཁོར་དབུས་སུ་ཨ་ལས་ཐུབ་པའི་སྐུ། །ཉི་འོད་ལྟར་གསལ་ངུར་སྨྲིག་གོས་མཆོག་འཆང་། །ཞལ་བཞི་ཕྱག་བརྒྱད་ཆོས་འཆད་ཞབས་བཞི་དག །སེམས་དཔའི་སྐྱིལ་ཀྲུང་བཞུགས་ལ་ཕྱག་འཚལ་བསྟོད། །གང་གི་གཙུག་ཏོར་འོད་ཕྲེང་ལས་སྐྱེས་པའི། །རིགས་བདག་ལྷ་མོ་སྒྱུ་མ་ཆེན་མོ་ནི། །རབ་དཀར་ཞལ་གཅིག་ཕྱག་བཞི་མདའ་གཞུ་དང་། །རིན་ཆེན་ཞགས་པ་འཛིན་ལ་ཕྱག་འཚལ་བསྟོད། །ཤྭ་ལོ་ཀ་འདི་བཙུན་པ་གཞན་ཕན་མཐའ་ཡས་པས་སྦྱར། ཤར་གྱི་ཕྱོགས་སུ་ཨཾ་ཡིག་ལས་སྐྱེས་པའི། །གངས་རི་ལྟར་དཀར་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་ལྕགས་ཀྱུ་གཡོན་པ་ཕྲེང་བ་འཆང་། །ལྷ་མོ་ལྕགས་ཀྱུ་མ་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཕྱོགས་སུ་བྂ་ཡིག་ལས་སྐྱེས་པའི། །གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་ཞགས་པ་གཡོན་པ་རྔ་ཡབ་འཆང་། །ལྷ་མོ་ཞགས་པ་མ་ལ་ཕྱག་འཚལ་བསྟོད། །ནུབ་ཀྱི་ཕྱོགས་སུ་པཾ་ཡིག་ལས་སྐྱེས་པའི། །ཟངས་མདོག་ལྟར་དམར་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་ལྕགས་སྒྲོག་གཡོན་པ་རིལ་བ་འཆང་། །ལྷ་མོ་ལྕགས་སྒྲོག་མ་ལ་ཕྱག་འཚལ་བསྟོད། །བྱང་གི་ཕྱོགས་སུ་ཛཾ་ཡིག་ལས་སྐྱེས་པའི། །དུརྦའི་མདོག་མཚུངས་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་དྲིལ་བུ་གཡོན་པ་ཕྲེང་བ་འཆང་། །ལྷ་མོ་འབེབས་བྱེད་མ་ལ་ཕྱག་འཚལ་བསྟོད་པ་འདི་ཆོས་རྗེ་ནམ་མཁའ་འོད་ཟེར་གྱིས་མཛད་པ་ལགས། བསྟོད། །ཞེས་པས་བསྟོད། ལྷ་སོ་སོའི་ཐུགས་ཀར་ཟླ་བ་ལ་རང་རང་གི་ས་བོན་སྔགས་ཀྱིས་བསྐོར་བར་གྱུར། དེའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་འོད་ཟེར་གྱི་རྣམ་པར་བྱོན་ཞིང་། འཇིག་རྟེན་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་ཀྱང་བསྡུས་ཏེ་ལྷ་རྣམས་ལ་སོ་སོར་ཐིམ་པར་གྱུར། ཞེས་པའི་དམིགས་པ་ཡང་ཡང་གསལ་འདེབས་ཤིང་། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ། ༀ་མ་ཧཱ་ཙིནྟ་མ་ཎི་ཛྭ་ལ་ན་སཱ་ག་ར་གམྦྷི་ར། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། ཨཱ་ཡུནྡྷ་ར་ཨ་ཡུནྡྷ་ར། སནྡྷ་ར་སནྡྷ་ར། ཀྵ་ཎ་ཀྵ་ཎ། ཀྵི་ཎི་ཀྵི་ཎི། ཀྵུ་ཎུ་ཀྵུ་ཎུ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡེ། ཏིཥྛ་ཏིཥྛ། མ་ཧཱ་བྷུ་བ་ན། སཱ་ག་ར། སཾ་ཤྭ་དྷ་ཡ། མཱཾ་སརྦ་སཏྭཱཥྩ། བྷ་ག་ཝ་ཏི། སརྦ་པཱ་པཾ་བི་མ་ལེ། ཛ་ཡ་ཛ་ཡ། ཛ་ཡ་ལ་བྡྷེ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། འགྲེལ་པར་འདི་ཡན་རྩ་བ་རྡོ་རྗེ་ཐུན་མོང་གི་སྔགས་སོ། །བི་ག་ཏ་ཨ་བ་ར་ཎེ། བྷ་ཡ་ཧ་ར་ཎེ། འདི་ནས་གཟུངས་ཀྱི་སྔགས། ཧཱུྃ་ཧཱུྃ་ཧཱུྃ། མྲྀ་ཏྱུ་དཎྜ་དྷ་རེ། ཨ་བྷ་ཡ་པྲ་དེ། ཨུཥྞི་ཥ་བྱ་བ་ལོ་ཀི་ཏེ། ས་མནྟ་མུ་ཁེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མཱ་ཡེ། མ་ཧཱ་པཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ། ཨ་ཀཪྵ་ཡ་ཨ་ཀཪྵ་ཡ། ཨཱ་ཀཌྜྷ་ཡ་ཨཱ་ཀཌྜྷ་ཡ། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ཨིནྡྲི་ཡ་བི་ཤྭ་དྷ་ནི། བྷཱུ་ཥི་ཏ་བྷུ་ཛེ། མ་ཧཱ་མུ་དྲཱ་བི་ལོ་ཀི་ཏེ། ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། བུདྡྷེ་བུདྡྷེ། བོ་དྷ་ནི་བོ་དྷ་ནི། སཾ་བོ་དྷ་ནི་སཾ་བྷོ་ནི། ཤོ་དྷ་ནི་ཤོ་དྷ་ནི། སཾ་ཤོ་དྷ་ནི་སཾ་ཤོ་དྷ་ནི། བི་ཤོ་དྷ་ནི་བི་ཤོ་དྷ་ནི། ཧ་ར་ཧ་ར། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་བྷུ་ཛི། ས་མ་ཡ་ཏིཥྛེ་པྲ་ས་རཾ་ཏུ་མ་མ་པུཎྱེ་བི་ན་ཤྱནྟུ་པཱ་པཾ། སརྦ་ཀིལྤི་ཥ་ཧ་རེ། མ་ཎི་བི་ཤུདྡྷེ། ཤོ་དྷ་ཡ་བི་མ་ལེ། བི་ཀ་སི་ཏ་པདྨེ། ཀ་བཱ་ཙི་ཏ་བྷུ་ཛེ། ཥཌ྄པཱ་྅྅྅ ར་མི་ཏཱ་པ་རི་པཱུ་ར་ཎི། འདི་ནས་རིགས་པའི་སྔགས་སོ། །སརྦ་ཏ་ཐཱ་ག་ཏོཥྞི་ཥ་བི་ལོ་ཀི་ཏཻ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨཱ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨ་ཡུ་རྡ་དེ་སྭཱ་ཧཱ། པུཎྱེ་ད་དེ་སྭཱ་ཧཱ། པུཎྱེ་བི་ལོ་ཀི་ཏེ་སྭཱ་ཧཱ། པུཎྱེ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། མྲྀ་ཏྱུ་དཎྜེ་སྭཱ་ཧཱ། ཡ་མ་དཱུ་ཏེ་སྭཱ་ཧཱ། སཾ་ཧ་ར་ཎི་སྭཱ་ཧཱ། སཾ་བྷ་ར་ཎི་སྭཱ་ཧཱ། སནྡྷ་ར་ཎི་སྭཱ་ཧཱ། པྲ་ཏི་ས་ར་ཎི་སྭཱ་ཧཱ། ཨོ་ཛོ་བ་ཏི་སྭཱ་ཧཱ། ཏེ་ཛོ་བ་ཏི་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུ་དྲཱ་ཨཱ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། གཟུངས་ཐུང་ནི། ༀ་ན་མ་སྟྲཻ་ཡ་དྷྭི་ཀ་ཀ་ནི་དོན་གྱི་གཞུང་གཅིག་སྒྲུབ་པའོ། །ཞེས་འགྲེལ་པར་བཤད། ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨཱ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿ སཾ་ཤོ་དྷ་ཡ་སཾ་ཤོདྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོཥྞི་ཥ་བི་མ་ལེ་འདི་ནི་གསང་སྔགས་སོ། །སྔགས་གོང་འོག་གཉིས་འབྲེལ་བ། བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ༀ་བྂ་སཾ་ཛ་སྭཱ་ཧཱ། ཞེས་གཟུངས་རིང་ཐུང་བཟླས་པར་བྱ་སྟེ་ཐུན་མོང་པའོ། །ཐུན་མོ་མ་ཡིན་པ་ལ། བསོད་ནམས་འཕེལ་བར་འདོད་པས། སྤྱི་བོའི་སྟེང་དུ་རིན་པོ་ཆེའི་གདུགས་དཀར་པོ་ལ་སྔགས་ཀྱི་ཕྲེང་བས་བསྐོར་ནས་བཟླའོ། །སྡིག་པ་བཅོམ་པར་འདོད་པས། རང་གི་མཛོད་སྤུའི་ནང་དུ་ནོར་བུ་རིན་པོ་ཆེ་ལ་སྔགས་ཕྲེང་བཀོད་དེ་བཟླའོ། །ཉོན་མོངས་པའི་དུག་ཐམས་ཅད་འཇོམས་པར་འདོད་པས། རང་གི་སྣ་རྩེར་དཔལ་བེའུའི་རི་མོ་སྔོན་པོ་ལ་བཀོད་དེ་བཟླའོ། །ཡིད་རྣམ་པར་དག་ཅིང་དྲི་མ་དང་བྲལ་བར་འདོད་ན། སྤྱི་བོར་ཟླ་བའི་སྟེང་དུ་བུམ་པ་གང་པ་ལས་ཆུ་རྒྱུན་བྱུང་བས་ལུས་ཚིམ་པར་བསམ་སྟེ་བཟླའོ། །སྒོ་གསུམ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གང་བར་འདོད་ན། ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་བདག་གི་སྤྱི་བོ་མདོམ་གང་ཙམ་ན་བཞུགས་པར་དམིགས་ཏེ་གསོལ་བ་འདེབས་པའི་ཚུལ་དུ་བཟླའོ། །དེ་ལྟར་ཚུལ་གང་ལ་མོས་པས་དེ་དག་ཀུན་ལ་བོ་དྷི་ཙིའི་ཕྲེང་བ་བླངས་ཏེ། གཡེང་བ་དང་། རྨུགས་པ་དང་། གཞན་གྱི་གཏམ་ལ་སོགས་པས་བར་ཆད་པ་དང་། ཧ་ཅང་མྱུར་བ་དང་། ཧ་ཅང་དལ་བ་དང་། མི་གསལ་བར་དང་། འདྲེས་པ་དང་། འཁྲུགས་པ་དང་། ལྷག་པ་དང་། ཆད་པ་དང་། ང་རོ་ངན་པ་སྟེ་སྐྱོན་བཅུ་གཅིག་དང་བྲལ་བས་བཟླའོ། །བཟླས་པའི་ཕྲེང་བ་མ་རྫོགས་ཀྱི་བར་ལ་ཆུ་དང་། བཤང་བ་འདོར་བ་དང་། ཟས་ཟ་བ་དང་། འཆག་པ་དང་། ཉལ་བ་དང་། འཁྲེས་པ་དང་། ཚིག་གཞན་གྱིས་བར་ཆད་པ་ལ་སོགས་པ་སྤངས་ཏེ། སྒོ་གསུམ་གུས་པས་དགའ་བ་དང་རངས་པ འི་ཚུལ་གྱི་གསལ་ཞིང་བྱེད་པ་དང་། སྙན་པའི་གདངས་ཀྱིས་རྩེ་གཅིག་ཏུ་བཟླས་བརྗོད་བྱའོ། །རྗེས་ལ་སྨོན་ལམ་གདབ་པར་བྱ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་འཕགས་ཚོགས་དང་། །འཇིག་རྟེན་སྐྱོང་བ་མཐུ་ཆེན་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །མཐུ་སྟོབས་བདེན་པའི་བྱིན་བརླབས་ཀྱིས། །འཇིག་རྟེན་པ་རྣམས་བདེ་བ་དང་། །འབྱུང་པོ་ཐམས་ཅད་བདེ་བ་དང་། །ཆོས་རྣམས་དུས་སུ་སྟོན་པར་ཤོག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་ཉན་ཐོས་རང་རྒྱལ་དང་། །འཇིག་རྟེན་སྐྱོང་བ་མཐུ་ཆེན་དང་། །སྔགས་ཀྱི་བདེན་པའི་བྱིན་བརླབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ནད་མེད་ཚེ་རིང་དཔལ་འབྱོར་དང་། །བདེ་སྐྱིད་ཉམས་དགའ་ཐོབ་པ་དང་། །སེམས་ཀྱི་གཡེང་བ་བྲལ་ནས་ཀྱང་། །ཟབ་མོའི་ཆོས་ལ་ལོངས་སྤྱོད་ཅིང་། །གཞན་དོན་བྱེད་ལ་བརྩོན་པ་ཡི། །ཐུགས་རྗེའི་རྒྱུན་དང་མ་བྲལ་བར། །བདེ་བའི་ཞིང་མཆོག་རོལ་པར་ཤོག །ༀ་བཛྲ་མུཾཿ དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ཏེ། རང་ཐུབ་པ་ཆེན་པོར་གསལ་བ་བདག་བསྐྱེད་དོ། །དཀྱིལ་འཁོར་འབྲི་བར་བྱ་བའི་སར་གཏོར་མ་གཅིག་ཆབ་ཀྱིས་བྲན། བསང་སྦྱང་། སྟོང་པར་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ། ཡུལ་གྲོང་གནས་གཞིའི་བདག་པོ་ས་པ་རི་ཝཱ་ར་ཨ་ཀཪྵ་ཡ་ཛཿ ༀ་ཡུལ་བདག་གྲོང་བདག་གནས་བདག་གཞི་བདག་གཉུག་མར་གནས་པ་སརྦ་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་སོགས་ནས། ཏྭ་ཏ་ༀ་ཨཱཿཧཱུྃ། གསུམ། ༀ་བཛྲ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །གསུམ། ཨརྒྷཾ་སྭཱ་ཧཱ་སརྦ་ས་སྠཱ་ནཾ་གཙྪ། ཡང་སའི་དབུས་སུ་དྲིའི་ཐིག་ལེའམ་མེ་ཏོག་གི་ཚོམ་བུ་བཀོད་ལ། དེའི་མདུན་དུ་མཆོད་གཏོར་བཤམ། ས་གཞིའི་དབུས་སུ་པྲྀ་ལས་སའི་ལྷ་མོ་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་ན་བུམ་པ་ཐོགས་པ་རང་གི་འོད་ཀྱིས་བསྐོར་བ། ས་གཞི་ནས་པདྨ་དཀར་པོ་ཆིག་རྐྱང་གི་ནང་ནས་ལུས་ཕྱེད་བྱུང་ནས་མེ་ཏོག་ཚོམ་བུའི་སྟེང་དུ་བཞུགས་པར་གྱུར། ལག་པ་གཡས་པར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཧཱུྃ་ཧཱུྃ་དེའི་སྒྲ་དང་ཧཱུྃ་གི་འོད་ཟེར་གྱིས་ས་འོག་ནས་སའི་ལྷ་མོ་ཡེ་ཤེས་པ་བྱུང་སྟེ། ཛཿཧཱུྃ་བྂ་ཧོཿ དམ་ཚིག་པ་དང་འདྲེས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་རྣམ་སྣང་གིས་དབུ་བརྒྱན། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབ། ཁྱད་པར་སའི་ལྷ་མོའི་ཁོར་བཅས་ཀྱི་སྤྱན་ལམ་དུ་ཞེས་བརྗོད། ༀ་པྲྀ་ཐི་ཝི་ས་པ་རི་ཝཱ་རི་ཨ རྒྷཾ་སོགས། གཏོར་མ་བསང་སྦྱངས་བྱིན་གྱིས་བརླབ། ༀ་པྲྀ་ཐི་ཝི་ས་པ་རི་ཝཱ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གསུམ། རྡོར་དྲིལ་སྤོས་བཅས་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་དཔུང་། །བཅོམ་ལ་དཀྱིལ་འཁོར་བྲི་བར་བགྱི། །གསུམ། རིག་སྔགས་འཆང་བ་དཀྱིལ་འཁོར་གྱི་ལས་ཅི་བདེར་གྱིས་ཤིག །ཅེས་གསུངས་ཏེ་ས་དེ་ཉིད་དུ་ཐིམ་པར་གྱུར། ཨ་མྲྀ་ཏ་བཟླ་ཞིང་། ཡུངས་ཆུ། ཐལ་བ། བ་བྱུང་། དྲི་བཟང་རྣམས་ཀྱིས་དཀྱིལ་འཁོར་གྱི་ས་གཞི་ལ་གཡས་སུ་བསྐོར། ༀ་བཛྲ་ས་ན་བྂ་ཧཱུྃ་ཞེས་པས་ཆུ་བླངས་ཏེ། ༀ་བཛྲ་གོ་མ་ཡེ་ཧཱུྃ་ཞེས་པས་བ་བྱུང་དང་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་ས་གཞིར་བྱུགས། ༀ་བཛྲ་རེ་ཥེ་ཧཱུཾ་ཞེས་བརྗོད་ཅིང་། བ་བྱུང་དང་ཙནྡན་གྱི་ཆུས་གཡས་བསྐོར་དུ་བྱུགས། ༀ་རེ་ཥེ་སརྦ་ཏ་ཐཱ་ག་ཏ་ཨི་སྠནྟུ་སྭཱ་ཧཱ། ཞེས་ལག་པའི་རྒྱབ་ཏུ་མེ་ཏོག་བཞག་ལ། ༀ་སརྦ་བིགྷྣཱན་ཨུད་པ་ཏ་ཡ་ཧཱུྃ། ཞེས་དཀྱིལ་འཁོར་གྱི་དབུས་སུ་དོར་པས་བགེགས་བསྲུངས་ཏེ། ༀ་སརྦ་སུ་བི་ཤུདྡྷ་དྷརྨ་ཎཾ་སྭཱ་ཧཱ། ཞེས་ལག་པ་བཀྲུས་ཏེ། ༀ་ཨཱཿཧཱུྃ་ཧོ་སྭཱ་ཧཱ། ཞེས་སྤྱི་བོར་མེ་ཏོག་བཞག་ལ། བདག་ཉིད་ཀྱང་བསྲུངས་ཏེ། སའི་ཕྱོགས་འདིར་བཅོམ་ལྡན་འདས་འཕགས་པ་གཙུག་ཏོར་དྲི་མ་མེད་པའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །གཟུངས་ལན་གསུམ་བརྗོད་པ་ནི་ས་ཆོག་གོ། །འདིར་ཞག་གིས་བར་མ་ཆོད་ན་བདག་བསྐྱེད་དང་ཐུབ་པ་ཆེན་པོར་གསལ་བ་སྔར་བཞིན། ས་ཆོག་དང་འབྲེལ་ན་ས་ཆོག་གྲུབ་མ་ཐག་དཀྱིལ་འཁོར་གྱི་སའི་དབུས་སུ་དྲིའི་ཐིག་ལེ་མེ་ཏོག་ཚོམ་བུ་མཆོད་གཏོར་བཅས་བཀོད། དེར་སའི་ལྷ་མོ་བསྐྱེད་པ་ནས་ས་དེ་ཉིད་དུ་ཐིམ་པར་གྱུར། ཞེས་པའི་བར་ས་ཆོག་གི་སྐབས་བཞིན་སའི་ལྷ་མོ་སྟ་གོན་བྱ། ལྷ་གནས་མི་འཆོལ་བའི་ཕྱིར་ཐིག་ཆེན་བརྒྱད། སྐམ་ཐིག་འདེབས་པར་གསུངས་ཀྱང་ཕྱག་ལན་ལ་སྐྱ་ཐིག་རྫོགས་པར་འདེབས་པས། དཀྱིལ་འཁོར་སྒོ་རྐྱང་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཅུ་གཅིག་ནང་དུ་པད་འདབ་བརྒྱད། སྣ་ཚོགས་རྡོ་རྗེ། པད་ར། རྡོ་ར། མེ་རི་དང་བཅས་པའི་ཐིག་སྤྱི་བཞིན་གདབ་པའི་དབུས་སུ་དྲིའི་ཐིག་ལེ་གྲུ་བཞི། གཞན་དུ་ཟླུམ་པོ་བྱས་པའི་སྟེང་དུ་མེ་ཏོག་ཚོམ་བུ་ལྷ་གྲངས་དང་མཉམ་པར་བཀོད། མཐར་མཆོད་པས་གྲུ་བཞིར་བསྐོར་ཏེ། བསང་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཞེས་སོགས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་པ་གཞུག །གཞན་གསུམ་བྱིན་རླབས། དབང་བསྐུར་རྒྱས་བཏབ་རྣམས་བདག་བསྐྱེད་བཞིན། མཆོད་པ་བསང་སྦྱངས་བྱིན་བརླབ། མཆོད་ཡོན་ཞབས་བསིལ་སྔོན་འགྲོའི་ཉེར་སྤྱོད་རོལ་མོར་བཅས་པ། རིན་ཆེན་བདུན། འདོད་ཡོན་ལྔ། གོས་ཟུང་བསྟོད་པ་རྣམས། སྤེལ་ལེགས་ཚིགས་ཀྱིས་མེ་ཏོག་བཀོད། སྙན་ངག་ཆུན་པོར་བསྡེབ་པས་དད་པའི་སྙིམ་པ་བཀང་ནས་མཆོད་ཅིང་། མཆོད་བསྟོད་ཚིག་རྒྱན་སྣ་ཚོགས་སྡེབ་སྦྱོར་མངོན་བརྗོད་མང་པོས་བརྒྱན་པ་གསུང་རྩོམ་བྱུང་ན་ལེགས་ཤིང་བྱིན་རླབས་ཆེ། དྲི་མ་མེད་པའི་དཀྱིལ་འཁོར་མཆོག །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། མགོན་པོ་བདག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་ལ་མཆོད་པར་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་གསོལ། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་ལྷ་གནས་གང་ལགས་པ། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་རྡོ་རྗེ་སྤྱན་ཅན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །གཙུག་ཏོར་དྲི་མེད་དཀྱིལ་འཁོར་ནི། །འགྲོ་ལ་ཕན་ཕྱིར་བདག་འདྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང་། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་དགོངས་ཏེ་ཉེ་བར་མཛོད། །ལྷ་སྟ་གོན་ནོ། ༈ །བུམ་པ་གཅིག་ནང་རྫས། མགུལ་ཆིངས་ཁ་རྒྱན་བུམ་མཚན། དུང་ཆོས་རྡོ་རྗེའི་གཟུངས་ཐག་སོགས་ཚུལ་བཞིན་བཤམ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཕྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ལ། ནང་བྷྲཱུྂ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྤོས་ཀྱི་གཞལ་ཡས་ཁང་ཞེས་སོགས་ནས། འབེབས་བྱེད་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། ལས་བུམ་བཤམས། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་པ་སོགས་སྤྱི་བཞིན་བྱ། ཞེས་པའི་བར་དང་མཆོད་བསྟོད་བདག་བསྐྱེད་བཞིན། གཟུངས་ཐག་བླངས་ནས། སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས། ལྷ་སོ་སོའི་ཐུགས་ཀར་རང་རང་གི་ས་བོན་གནས་པ་ལ་བསྐོར་བ། དེ་དག་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱོན་ཞིང་། འཇིག་རྟེན་གྱི་བདུད་རྩི་ཐམས་ཅད་ཀྱང་བསྡུས་ཏེ། ལྷ་རྣམས་ལ་སོ་སོར་ཐིམ་པས། ལྷ་རྣམས་ཀྱི་སྐུ་ཡི་ཆ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བུམ་པ་གང་བར་གྱུར། གཟུངས་རིང་ཐུང་ཅི་ཙམ་ནུས་པ་བཟླ། སླར་ཡང་མཆོད་བསྟོད་འདོད་པའི་དོན་ལ་གསོལ་བ་བཏབ། བཟོད་པར་གསོལ། དུང་ཆོས་ཀྱི་མཆོད་ཡོན་ཕུལ་བས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བའི་ཆུར་གྱུར་པར་བསམ། བུམ་ཆོག་རྐྱང་པ་ཡིན་ན། འདིར་གཏོར་མ་བཏང་ཞིང་། དེའི་རྗེས་ལ་བདག་གཞན་བཀྲུ་བྱབ་སོགས་བྱའོ། །བུམ་པ་སྟ་གོན་ནོ། ༈ །སློབ་མ་རྗེས་འཛིན་ཡིན་ན་སློབ་མ་སྟ་གོན་ནི། སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་གྱི་ཁ་ཡར་བའམ་ངེས་པ་མེད་ཀྱང་རུང་སྟེ། དད་མེད་རྣམ་གཡེངས་ལེ་ལོ་ཅན། །བག་མེད་སེམས་རྩུ བ་སེར་སྣ་ཆེ། །གཡོ་སྒྱུ་འདོད་སྲེད་གཉིད་བསྐམ་ཆེ། །བྱས་བཟོ་སྙིང་རྗེ་ཤེས་རབ་ཆུང་། །བར་ཆད་འདི་དག་དང་ལྡན་ན། །གཟུངས་འདི་འགྲུབ་པར་མི་འགྱུར་རོ། །ཞེས་པའི་སྐྱོན་དང་བྲལ་ཞིང་། དད་ལྡན་དཔའ་བརྟན་བརྩོན་འགྲུས་ཅན། །གཏོང་ཕོད་ངག་འཇམ་བརྟུལ་ཕོད་ཆེ། །དྲང་དེས་གསལ་ལ་ཆགས་པ་ཆུང་། །བློ་ལྡན་དྲིན་བཟོ་འཚེ་བ་བྲལ། །ནད་དང་ང་རྒྱལ་ཐེ་ཚོམ་མེད། །དེས་ནི་མྱུར་དུ་འགྲུབ་པར་འགྱུར། །ཞེས་པའི་མཚན་ཉིད་དང་ལྡན་པ་ཕན་ཚུན་ནང་གཤིན་པ་རྣམས་ཁྲུས་བྱས། མཎྜལ་ཕུལ་ཏེ་མེ་ཏོག་གིས་སྙིམ་པ་བཀང་ལ་མ་ཡེངས་པར་འདུག་ཏུ་གཞུག་གོ། །དེ་ནས་རྒྱུད་སྦྱོང་བ་ནི། འཁོར་བའི་ཉེས་དམིགས་བརྗོད་ཅིང་། མྱ་ངན་ལས་འདས་པ་ལ་སྤྲོ་བ་བསྐྱེད་པ་དང་། ཐེག་པ་དམན་པའི་ཉེས་དམིགས་བརྗོད་ཅིང་། སྤྱིར་ཐེག་ཆེན་གྱི་ཕན་ཡོན། ཁྱད་པར་དུ་ཐེག་ཆེན་གསང་སྔགས་ཀྱི་ཕན་ཡོན་རྒྱ་ཆེར་བརྗོད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུདུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཆོ་ག་འདི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་མ་ཡིན། །ཞེས་བཤད་པར་བྱའོ། །དེ་ནས་སྡིག་པ་བཤགས་པར་བྱ་སྟེ། རྗེས་སུ་ཟློས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བས། ཚེ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སོ་སོར་བཤགས་ཤིང་མི་བགྱིད་དོ། །ཞེས་ལན་གསུམ་བརྗོད། དེ་བཞིན་དུ་འོག་མ་རྣམས་ལ་ཡང་དགོངས་གསོལ་སྦྱར་ལ། རྗེས་སུ་ཡི་རང་བ་ནི། སོ་སོ་སྐྱེ་བོ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་གསུམ་བརྗོད། དེ་ནས་སྐྱབས་སུ་འགྲོ་བ་ནི། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །གཟུངས་སྔགས་དང་། གསང་སྔགས་དང་། རིག་སྔགས་དང་། ཡི་དམ་གྱི་ལྷ་དང་། བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ། །སྐྱབས་སུ་འགྲོ་བའི་བསླབ་བྱ་མདོར་བསྡུས་པའང་བཤད་པར་བྱའོ། །དེ་ནས་སྨོན་པའི་སེམས་བསྐྱེད་ནི། བདག་མིང་འདི་ཞེས་བགྱི་བས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིས་པ་དང་། མ་གྲོལ་བ་རྣམས་དགྲོལ་བར་བགྱི་བ་དང་། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བར་བགྱི་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་འདའ་བར་བྱ་བའི་ཕྱིར། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཇི་ལྟར་བྱང་ཆུབ་ཆེན་པོར་སྨོན་པའི་སེམས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད། དེ་ནས་འཇུག་པའི་སེམས་བསྐྱེད་ནི། བདག་མིང་འདི་ཞེས་བགྱི་བས། འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ལ་ཇི་ལྟར་བསླབ་པར་གྱུར་བ་དང་། མ་བྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པར་འགྱུར་བ་དང་། ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པ་དེ་བཞིན་དུ། བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ་པར་བྱ་བ་ལ་བསླབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །སེམས་བསྐྱེད་ཀྱི་བསླབ་བྱ་མདོར་བསྡུས་པའང་བཤད་པར་བྱའོ། །དེ་ནས། འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་ལ། བདག་གིས་གཟུངས་བཟླས་ཤིང་སྙིང་ཁའི་ས་བོན་གྱི་འོད་ཀྱིས་སློབ་མའི་སྡིག་སྒྲིབ་ཐམས་ཅད་དག་ཅིང་བར་ཆད་ཞི་ནས་སྐད་ཅིག་གིས་ལྷར་གྱུར་པར་བསམ་ལ། ལས་ཐམས་ཅད་པའི་ཆུས་གཏོར་ཞིང་། རིགས་ཀྱི་ཁྲོ་བོའི་སྔགས་བརྗོད་ལ་བསྲུང་ངོ་། །དེ་དག་ཀྱང་གསང་བ་སྤྱི་རྒྱུད་ལས། དང་པོ་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་རྣམས་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲན་དུ་གཞུག །དེ་ནས་ལས་ཀུན་བྱེད་པ་ཡི། །སྔགས་ཀྱིས་སྤྱི་བོར་བྲབ་ཅིང་བཟླས། །ཞེས་པའི་དོན་ཡིན་ནོ། །འདིར་དེ་ཙམ་ལས་མེད་ཀྱང་། སྤྱི་རྒྱུད་དང་། རྗེ་བཙུན་ཆེན་པོས། རིགས་གསུམ་སྤྱིའི་རིག་གཏད་ལ་སོགས་ལས་ཀྱང་བཤད་པས། སོ་ཤིང་དང་། སྲུང་སྐུད་དང་། ཁྱོར་ཆུ་དང་། ཀུ་ཤ་དང་། ཆོས་བཤད་པ་དང་། རྨི་ལམ་བརྟག་པ་རྣམས་ཀྱང་གཞན་ནས་འབྱུང་བ་ལྟར་བྱས་ལ། སློབ་མ་རྣམས་གྱེས་ཏེ། ལྷ་ལ་མཆོད་ཅིང་བསྟོད་ལ་དངོས་གྲུབ་གྱི་དོན་དུ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ་ཏེ། ༀ་བཛྲ་བེ་གཱ་ཀྲ་མ་ཧོཿ ཞེས་བརྗོད་དེ་ཡིད་ཀྱིས་དཀྱིལ་འཁོར་ནམ་མཁར་བཏེགས་ལ། བདག་ཉིད་བསྲུང་སྟེ་བུམ་པ་ཡང་དབེན་པར་བཞག་ནས་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ནས་ཚོན་དཀར་པོ་ལ་ༀ། སེར་པོ་ལ་ཨཱྂཿ དམར་པོ་ལ་བྂ། ལྗང་གུ་ལ་པཾ། ནག་པོ་ལ་ཛཿ སྔོན་པོ་ལ་ཧཱུྃ་བྲིས་པའི་སྟེང་དུ་དེ་དག་དང་མཐུན་པའི་ཡེ་ཐིག་སོ་སོར་བཞག །ཕྱོགས་མ་འཆོལ་བར་མཆོད་པ་དང་བཅས་བཀོད། བསང་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ། ༀ་ཨཱྃཿབྂ་པཾ་ཛཿཧཱུྃ་རྣམས་ཞུ་བ་ལས་ཐིག་ཚོན་དཀར་པོ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། སེར་པོ་རིན་འབྱུང་སེར་པོ་མཆོག་སྦྱིན་དང་མཉམ་གཞག །དམར་པོ་སྣང་མཐའ་དམར་པོ་མཉམ་གཞག །ལྗང་གུ་དོན་གྲུབ་ལྗང་གུ་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག ནག་པོ་རྡོ་རྗེ་སེམས་དཔའ་ནག་པོ་དང་། སྔོན་པོ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་གཞག །རང་གི་མིག་གཉིས་ཉི་མ་དང་ཟླ་བ་སེར་པོ། ༀ་དི་སྟ་དྲིཥྚི་ཨངྐུ་ཤ་ཛཿ འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བསྟིམ། ༀ་བཛྲ་ཨརྒྷཾ་སོགས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་རིགས་ལྔ་དང་། སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར། །སེམས་ཅན་རྣམས་ལ་ཆགས་པ་སྟེ། །དེ་ནི་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །ཞེས་རྡོར་སེམས་ལ་བསྟོད། ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐིག་ཚོན་དུ་གྱུར། ཐིག་སྐུད་སྒྲིལ་ཞིང་། ༀ་ཨནྱོ་ནྱ་ཨ་ནུ་ག་ཏེཿ སརྦ་དྷརྨཱ་པ་རསྶ་ར་ཨ་ནུ་ས་བིཥྚ། སརྦ་དྷརྨཱ། ཨདྱནྟ། ཨ་ནུ་པྲ་བིཥྚ། སརྦ་དྷརྨཱ་ཧཱུྃ། གསུམ། ཚོན་མཉེད་པའི་ཕྱག་རྒྱས་མཉེ་ཞིང་། གཟུངས་ཐུང་བརྒྱ་རྩ་བརྒྱད་བཟླའོ། །ཚོན་སོ་སོར་ཧྲཱིཿརེ་བྲིས། རྡོ་རྗེ་མེའི་ཕྱག་རྒྱ་དང་། འབར་བའི་ལྟ་བས། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་། དེ་བཞིན་གཤེགས་པ་རྣམས་སེམས་ཅན་ལ་རྗེས་སུ་ཆགས་པར་གྱུར་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག །དེ་དག་འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ། རྡོ་རྗེར་གྱུར། དེ་ནས་སློབ་དཔོན་ནུབ་དང་གྲོགས་ཤར་དུ་གནས་པས་ཛཿཞེས་ཐིག་སྣ་སློབ་དཔོན་གྱི་ལག་གཡས་ཀྱིས་གཏད། གྲོགས་ཀྱི་གཡོན་པས་དྲངས་ཤིང་། ཛཿཛཿཛཿ ཞེས་བརྗོད། དེ་ཡང་། ནུབ་དང་ལྷོར་གནས་ཚངས་ཐིག་གཉིས། །མེ་རླུང་དེ་ཉིད་མེར་གནས་པས། །ཤར་ནུབ་བྱང་ལྷོའི་རྩ་ཐིག་གདབ། །དེ་ཉིད་དུ་ནི་བདེན་བྲལ་དུ། །གཉིས་པ་ཟུར་ཐིག་གཉིས་པོ་གདབ། །སློབ་དཔོན་འདུག་སའི་དབང་དུ་ུབྱས། །སློབ་མ་དེ་ལས་ལྡོག་པའོ། །ཞེས་གསུངས་པ་ལྟར་དང་པོར་ནམ་མཁའ་ལ་སེ་གོལ་གྱི་སྒྲ་དང་བཅས་པས་གཅུས་ཐིག་གདབ། དེ་ནས་ས་ལ་གདབ་ཅིང་། སེམས་ཅན་དོན་དུ་ུདུས་ཡིན་གྱི། །དེ་ཕྱིར་ཁྱེད་རྣམས་འདིར་སྤྱོན་ཅིག །ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད། བཏབ་ཚར་ནས་ཉེར་སྤྱོད་ཀྱིས་མཆོད། ༀ་བཛྲ་མུཿ ཐིག་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། ༀ་བཛྲ་བེ་ག་ཨ་ཀྲ་མ་ཧཱུྃ། ཞེས་ནུབ་ནས་དཀྱིལ་འཁོར་དབུས་སུ་ཕྱིན། ཀྲོ་དྷ་དྲྀཥྚ་ཧྲཱིཿ སྔགས་དེ་གསུམ་གསུམ་གྱིས་སྒོ་བཞིའི་ནང་གི་རྩ་ཐིག་དྲིའི་ཆུ་ཕྱག་རྒྱ་དང་བཅས་པས་དབྱེ། རང་གི་མིག་ལས་རྡོ་རྗེ་འཕྲོས་པས་ཐར་པའི་སྒོའི་བར་ཆད་ཐམས་ཅད་བཅོམ་པར་གྱུར། བེ་ག་བརྗོད་ནས་ཤར་ནས་ཕྱིན་ཐོན། ཚོན་པྲ་བརྟག་པ་སོགས་ཕྱག་ལེན་ལ་མི་མཛད། ཡེ་དྷརྨཱའི་སྔགས་བརྗོད་ལ་བྲི་བར་བྱ་སྟེ། དེ་ཡང་། དབུས་ཀྱི་པདྨའི་ལྟེ་བ་དཀར། ཕྱོགས་བཞི་དམར། མེ་རླུང་སེར། སྲིན་པོ་ལྗང་། དབང་ལྡན་སྔོ། ཕྱོགས་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། གཞན་རྣམས་སྤྱི་དང་མཐུན་པར་བྲི་སྟེ། འོན་ཀྱང་རྡོ་རྗེ་སྔོན་པོ་དང་མེ་རི་དམར་སེར་དུ་བཤད། བྲིས་ཚར་ནས། ཚོན་ལྷག་གི་ཡེ་ཤེས་པ་ཐིག་སྐུད་བཞིན་གཤེགས། དམ་ཚིག་པ་བསྡུ། ༈ སྟེང་དུ་བླ་རེ་སྔོན་པོ་བྲེས། ཡོལ་བ་དམར་པོ། བྲིས་སྐུ་སོགས་བ་དན་ཁ་དོག་ཐ་དད་པ་ཉི་ཤུ་རྩ་བཞི། རྔ་ཡབ། གཡེར་ཁའི་ཕྲེང་བ། མདའ། གྲི། ཚོན་སྐུད་ཀྱི་དྲ་བ་དང་གུར། མེ་ལོང་རྣམས་བརྒྱད་བརྒྱད་དང་། རྨ་བྱའི་སྒྲོའི་ཆུན་པོ་བརྒྱད་ཀྱང་དཔྱང་བར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་མཉྫའི་སྟེང་དུ་རྣམ་རྒྱལ་གྱི་བུམ་པ་བཞག །དེའི་སྟེང་དུང་ཆོས་ཀྱི་ཆུ་དང་། རྡོ་རྗེ་ལ་མེ་ཏོག་ལྕུག་མ་བཏགས་པ་བཞག །དཀྱིལ་འཁོར་གྱི་ཕྱིའི་ས་གཞི་མཆོད་པའི་སྣམ་བུ་ལ་བ་བྱུང་དང་དྲི་བཟང་བྱུགས། དེའི་སྟེང་དུ་མཆོད་པའི་རིམ་པ་ནི་བརྒྱ་རྩ་བརྒྱད་དམ། ལྷ་གྲངས་དང་མཉམ་པའམ། ཕྱོགས་བཞི་ནས་ཆ་ཚང་བ་རེ་རེ་ངེས་པར་བཤམ་པར་བྱ་སྟེ། དེ་ཡང་མཆོད་ཡོན་ཆུ་གཙང་མ་ལ། ནས། འོ་མ། མེ་ཏོག །ཏིལ་ནག །ཀུ་ཤ །འབྲས་ཡོས། དྲི་བཟང་སྟེ་རྫས་བདུན་དང་ལྡན་པ། མེ་ཏོག་ཁ་དོག་དབྱིབས་ལེགས། སྤོས་ནི་བྱང་ཤར་དུ་དུ་རུཥྐ། ཤར་ལྷོར་ཨ་ཀ་རུ། ལྷོ་ནུབ་ཏུ་ཙནྡན། ནུབ་བྱང་གི་གྲྭར་གུ་གུལ་རྣམས་སྤོས་ཕོར་མཛེས་པར་རྒྱུན་མ་ཆད་པར་བཏུལ། མར་དཀར་གྱི་མར་མེ། དྲི་བཟང་གི་བྱུག་པ། དཀར་གསུམ་གྱིས་བརྒྱན་པའི་ཞལ་ཟས་དང་གཏོར་མ། རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རྣམས་བཤམ་པར་བྱ་སྟེ། ༀ་བཛྲ་སྥ་ར་ཎ་ཁྂ། ཞེས་བརྗོད་ལ་དྭངས་ཤིང་ཐོགས་པ་མེད་པར་བསམ་མོ། །ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་རྨ་བྱ་ཆེན་མོ། བྱང་དུ་གསེར་འོད་དམ་པ་རྣམས་ཀློག་པར་གསུངས་སོ། ༈ །ཉི་མ་དེ་ཉིད་ཀྱི་སྔ་དྲོ་བདག་བསྐྱེད་བསྒོམ་པ་ཡིན་ན། དེ་ཉིད་ཀྱི་རྒྱུན་ལ་གནས་པའམ། ཞག་གིས་ཆོད་ན། སང་སྔ་དྲོ་ཁྲུས་བྱས་ནས་བཟླས་པའི་བར་བདག་བསྐྱེད། བདེ་བའི་ཞིང་ཆོག་རོལ་པར་ཤོག །ཅེས་པའི་བར། མདུན་གྱི་དཀྱིལ་འཁོར། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཞེས་པ་ནས། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ། །ནམ་མཁའི་སྟ་གོན་གྱི་ལྷ་ལ་ཉེར་སྤྱོད་ཀྱིས་མཆོད། ཛཿཧཱུྃ་བྂ་ཧོཿས། ནམ་མཁར་བཞུགས་པའི་སྟ་གོན་གྱི་དཀྱིལ་འཁོར་མདུན་བསྐྱེད་ལ་ཐིམ་པར་གྱུར། རྡོར་དྲིལ་སྤོས་བཅས་འཛིན་པས། མ་ལུས་སེམས་ཅན་སོགས་སྤྱན་འདྲེན། བྱོན་ལེགས། ཁྲུས་གསོལ། གདན་འབུལ་རྣམས་སྤྱི་འགྲོ་བཞིན། ཚོགས་ཞིང་གི་སྐབས་ལྟར་མཆོད། བསྟོད་པས་བསྟོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར་རྒྱས་གདབ་བདག་བསྐྱེད་བཞིན། བདག་བསྐྱེད་ཡེ་ཤེས་པའང་བྱུང་ནས། ས་ལུགས་ཀྱི་དབང་དུ་མཛད་པ་འདྲ། མདུན་བསྐྱེད་ལ་ཐིམ་པར་གྱུར་ཏེ། རྗེ་དཔོན་གྱི་ཚུལ་དུ་མཆོད་པར་བྱ་སྟེ། མཆོད་པ་བྱིན་བརླབ། ནམ་མཁར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ༀ་ཡིག་ལས་སྤྲུལ་པའི་ལྷ་མོའི་ཚོགས་ཀྱིས་མཆོད་པར་གྱུར། མཆོད་བསྟོད་ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོ། རིན་ཆེན་བདུན། འདོད་ཡོན་ལྔ། གོས་ཟུང་རྣམས་ཀྱིས། ལྷ་སྟ་གོན་བཞིན། ལྷ་རྣམས་ཀྱི་དཔྲལ་བར་པད་ཟླའི་སྟེང་དུ། བྷྲཱུྂ་ལས་རིན་པོ་ཆེའི་མཆོད་རྟེན་དཀར་པོ་སྒོ་གཅིག་པའི་ནང་དུ་པད་ཟླའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ༀ། རྩིབས་རྣམས་ལ་མཚམས་བཞིར་ཨཾ་བཾ་པཾ་ཛཾ། ཕྱོགས་བཞིར་ཧཱུྃ་བཞི་སྟེ་ཡི་གེ་དགུ་པོ་རེ་རེ་ལ་གསང་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བར་གྱུར། ཞེས་གཟུངས་རིང་ཐུང་སྦྲེལ་བར་བཟླ། ལྷ་རྣམས་ཀྱི་མགྲིན་པར་པད་ཟླ་ལ་རིན་པོ་ཆེ་ཆ་གསུམ་པའི་དབུས་སུ་ཨ་ལས་ཟླ་བ་དང་། ཨཾ་ལས་ཉི་མའི་བར་དུ་ཨ་དང་། ཨཾ་ལ་ཕྱོགས་བཞིར་ཧཱུྃ་བཞི་དང་། མཚམས་བཞིར་ཨཾ་བཾ་པཾ་ཛཾཿརྣམས་ཀྱིས་བསྐོར་ཏེ། དེ་རེ་རེ་ལ་ཡང་སོ་སོར་གཟུངས་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བར་གྱུར། ཞེས་གཟུངས་རིང་ཐུང་སྦྲེལ་བར་ཟླ། ལྷ་རྣམས་ཀྱི་ཐུགས་ཀར་པད་ཟླའི་སྟེང་དུ། མཆོད་རྟེན་དཀར་པོ་སྒོ་གཅིག་པའི་ནང་དུ། པད་ཟླ་ལ་འཁོར་ལོ་དཀར་པོ་རྩིབས་བཞི་པའི་སྟེང་དུ། རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ། འཁོར་ལོའི་རྩིབས་ལ། ཨཾ་བཾ་པཾ་ཛཾཿ དེ་རེ་རེ་ལ་རིགས་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བར་གྱུར། ཞེས་གཟུངས་རིང་ཐུང་སྦྲེལ་བ་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས་གཏོར་མ་བསངས་སྦྱངས་བྱིན་གྱིས་བརླབ་ནས་གཟུངས་ཐུང་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ཞེས་སོགས་བཏགས་པ་དཀྱིལ་འཁོར་པ་རྣམས་ལ་དབུལ། དེ་ནས་རང་གི་ཆོས་སྐྱོང་དང་གཞི་བདག་ལ་འབུལ་ལོ། །དེ་ནས་ཕྱི་རོལ་དུ་སོང་སྟེ། ཤར་དུ་གཏོར་མ་ཤ་ཆང་སྒོག་བཙོང་ལ་ཕུག་རྣམས་ཀྱིས་བརྒྱན་པ་བཤམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་སྦྱངས། རྡོ་རྗེ་མེའི་སྔགས་རྒྱས་གཟི་བྱིན་བསྐྱེད། རྡོ་རྗེ་བསྡམས་པ་དང་། ཨ་ཀཱ་རོས་སྤེལ། མགྲོན་སྤྱན་དྲང་བ་ནི། འབྱུང་པོའི་བདག་པོ་དབང་ལྡན་དང་། །ལོག་འདྲེན་སྣ་ཡོན་མདུང་ཐུང་དང་། །གཤོལ་མདའ་ཅན་དང་གཏུན་ཤིང་དང་། །འཁྲུགས་བྱེད་རྣམ་དག་ཡང་དག་འགུགས། །འབྱུང་པོ་འཁོར་ལོ་ཅན་ལ་སོགས། །མཆོད་གཏོར་གནས་འདིར་གཤེགས་སུ་གསོལ། །ༀ་བྷུ་ཏ་ཡེ་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་སྤྱན་དྲངས། གདན་ཕུལ་ནས། ས་པ་རི་ཝཱ་རའི་རྗེས་སུ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བཏགས་ལ། ལན་གསུམ་མམ་བདུན་ལ་སོགས་པས་ཕུལ། མཆོད་པས་མཆོད། འབྱུང་པོའི་བདག་པོ་དབང་ལྡན་དང་། །ལོག་འདྲེན་སྣ་ཡོན་མདུང་ཐུང་དང་། །གཤོལ་མདའ་ཅན་དང་གཏུན་ཤིང་དང་། །འཁྲུགས་བྱེད་རྣམ་དག་ཡང་དག་འགུགས། །འབྱུང་པོ་འཁོར་ལོ་ཅན་ལ་སོགས། །འབྱུང་པོ་འཁོར་དང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སོ་སོར་གཏོར་མ་འབུལ་བ་ནི། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང་། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐམས་ཅད་དུ། །ཕྲེང་བ་མེ་ཏོག་དྲི་དང་བྱུགས་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་གྱི། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་དང་། གཟུངས་ཐུང་ཚར་གཅིག་བརྗོད་ལ། ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །ཁྱབ་འཇུག་ལྷ་ཀླུ་གནོད་སྦྱིན་སོགས། །དེད་དཔོན་བརྒྱད་པོ་འཁོར་དང་བཅས། །འཕྲོག་མ་བུ་དང་བཅས་རྣམས་དང་། །འབྱུང་པོའི་ཚོགས་རྣམས་ཀུན་ཉོན་ཅིག །ཕྱོགས་སྐྱོང་། ཀླུ་ཡི། མ་མོའི། བདག་གིས་ཁྲུས་དང་མེ་ཏོག་དང་། །སྤོས་དང་མར་མེ་བྱུགས་པ་དང་། །ཞལ་ཟས་སྣ་ཚོགས་ཁྱེད་ལ་འབུལ། །ཁྱེད་ཀྱི་དཔལ་དང་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ནི། །ནད་དང་གནོད་པ་བསལ་ནས་ཀྱང་། །ཆེ་གེ་མོ་ལ་བཀྲ་ཤིས་མཛོད། །ཤར་ཕྱོགས་སུ་བདག་དང་སེམས་ཅན་ཐམས་ཅད་ལ་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད་ལ་གཏོར་མ་བཏང་། སྔགས་ཀྱི་མཇུག་ཏུ་གཙྪ་ཞེས་བརྗོད་དེ་མགྲོན་གཤེགས་སུ་གསོལ། དེ་བཞིན་དུ་ལྷོ་ཕྱོགས་སུ་གཏོར་མ་ཞག་དང་ཤ་ཁྲག་གིས་བརྒྱན་པར་བཤམས་ཏེ། མ་མོ་ཆེན་མོ་འཛིན་མ་དང་། །རྡོ་རྗེ་གཞོན་ནུ་ལུ་གུ་རྒྱུད། །པདྨའི་མིག་དང་རིགས་གསེར་ཕྲེང་། །རྡོ་རྗེ་ཤུགས་ལྡན་མདངས་ལྡན་མ། །རྡོ་རྗེ་པདྨ་འོད་ཕྲེང་མ། །མ་མོའི་གདོན་ཚོགས་ཐམས་ཅད་ཀུན། །མཆོད་གཏོར་གནས་འདིར་གཤེགས་སུ་གསོལ། །ༀ་མ་ཏྲི་ག་ནི་བྷྱཿ ས་པ་རི་ཝཱ་རི་ཨེ་ཧྱ་ཧི། པདྨ་ཀ་མ་ལ་ཡ་སྟྭཾ། སྔགས་ལ་ནམ་མཁའ་མཛོད་བཏགས་ལ་གཏོང་མ་དབུལ། ཚིགས་བཅད་སོགས་གཞན་ཐམས་ཅད་སྔར་དང་ཚུལ་འདྲ་བ་ལ། འབྱུང་པོའི་ཚོགས་རྣམས་ཀུན་ཉོན་ཅིག །ཅེས་པའི་གནས་སུ། མ་མོའི་ཚོགས་རྣམས་ཀུན་ཉོན་ཅིག །ཅེས་བྱའོ། །དེ་ནས་ནུབ་ཕྱོགས་སུ་གཏོར་མ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམས་ཏེ། ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །མཐའ་ཡས་འཇོག་པོ་སྟོབས་ཀྱི་རྒྱུ། །རིགས་ལྡན་དུང་སྐྱོང་པདྨ་དང་། །ཆུ་ལྷ་ནོར་རྒྱས་ལ་སོགས་པ། །ཀླུ་ཆེན་འཁོར་དང་བཅས་པ་རྣམས། །མཆོད་གཏོར་གནས་འདིར་གཤེགས་སུ་གསོལ། ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། པདྨ་ཀ་མ་ལ་ཡ་སྟྭཾ། སྔར་བཞིན་གཏོར་མ་འབུལ། གཞན་ཐམས་ཅད་སྔར་དང་ཚུལ་འདྲ་བ་ལ། ཀླུ་ཡི་ཚོགས་རྣམས་ཀུན་ཉོན་ཅིག །ཅེས་བྱའོ། །དེ་ནས་བྱང་ཕྱོགས་སུ་གཏོར་མ་དཀར་གསུམ་གྱིས་བརྒྱན་པར་བཤམས་ཏེ། །ཕྱོགས་སྐྱོང་བཅུ་ལ་ཆ་གསུམ་ལྟར་བཏང་ཞིང་། གཟུངས་འདོན་པ་ནས་མཇུག་གི་ཚིགས་བཅད་བརྗོད་ལ། གཏོར་མ་དོར། གཤེགས་སུ་གསོལ། ཉེ་རེག་བྱས་ལ་ནང་དུ་འོངས་ཏེ། རོལ་མོའི་ཚོགས་དུ་མ་དཀྲོལ་ལ་དཀྱིལ་འཁོར་ལ་བསྐོར་བ་བྱ་ཞིང་བཀྲ་ཤིས་ཀྱི་གླུ་དུ་མ་དང་སྨོན་ལམ་དུ་མ་བརྗོད་པ་ནི། རྨི་ངན་འཇིགས་དང་སྡིག་པ་ཐམས་ཅད་ཞི་བྱེད་པ་འདི་ནས། འགྲོ་བ་རྣམས་སུ་བྱང་ཆུབ་སྤྱོད་པར་ཤོག །ཅེས་པའི་བར་ཤིས་བརྗོད་རྣམས་འགྲེལ་ཚིག །ཚེ་དང་འབྱོར་དང་སྟོབས་དང་བདེ་བ་རྣམས་འཕེལ་བ། །ཁྱེད་ཀྱི་བཀྲ་ཤིས་ཐམས་ཅད་འགྲུབ་པར་བྱེད་འདི་དག །རབ་ཏུ་བརྗོད་ཀྱིས་དེ་ཕྱིར་མི་རྣམས་བསྒྲིམས་ཏེ་ཉོན། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྟར། །ཟླ་བ་ཉ་བའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པའི། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམས་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་གང་ཡིན་དང་། །དགེ་མཉམ་བསམ་སེམས་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཅིག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་སྦྱིན་མཛད་འགྲོ་བའི་དོན་ལ་མི་བསླུ་བའི། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར༴ བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་པ། །ཚེ་གྲངས་མེད་པར་བྱིན་གྱིས་རློབས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར༴ སེམས་ཅན་རྣམས་ཀྱི་དོན་ལ་ཐུགས་ནི་རབ་ཏུ་དགོངས་མཛད་དེ། །འགྲོ་བ་མཐའ་དག་འཆིང་བས་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར༴ སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །གསེར་གྱི་མདོག་ཅན་འགྲོ་བའི་རྩ་ལག་གཅིག་པུ་དང་། །ཆོས་དང་དགེ་འདུན་ལྷ་དང་ལྷ་མིན་གྱིས་བསྟོད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བདུད་སྟོབས་རབ་ཏུ་འཇོམས་པའི་བཀྲ་ཤིས་གང་ཡིན་དང་། །རྣམ་པར་སྣང་མཛད་ཐམས་ཅད་སྐྱོབས་དང་རྣམ་གཟིགས་དང་། །ཀུན་ཏུ་མཆོད་ཅིང་རྒྱས་པར་གྱུར་པ་གཟི་བརྗིད་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨའི་བླ་དང་ཤཱཀྱ་ཐུབ་དང་ཐུབ་ཆེན་དང་། །ཡེ་ཤེས་དབང་ཕྱུག་སྤྱན་ལེགས་པ་དང་ཟླ་ཞལ་དང་། །འབྲུག་གི་སྒྲ་དང་རྔ་སྒྲ་ལྟ་བུར་དབྱངས་སྙན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འོད་ཟེར་རྒྱལ་མཚན་དང་ནི་གསེར་ཐུབ་འོད་སྲུང་དང་། །མར་མེ་མཛད་དང་ཤིན་ཏུ་བརྗིད་པར་གཤེགས་པ་དང་། །འདྲེན་པ་གཙུག་ཏོར་ཅན་དང་འོད་ཏོག་དཔག་མེད་འོད། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ པདྨ་མཛེས་དང་ཡེ་ཤེས་སྟོབས་དང་ཟླ་འོད་དང་། །ཉི་མའི་ཞལ་དང་དགྲ་ལས་རྒྱལ་དང་རྒྱལ་བལྟམས་དང་། །ཡོན་ཏན་འབྱུང་གནས་དཔལ་གྱི་གཟི་བརྗིད་འཇིག་རྟེན་གཙོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ མི་འཁྲུགས་པ་ནི་རྡོ་རྗེའི་གདན་ལ་བཞུགས་པ་དང་། །འདྲེན་པ་མཆོག་སྦྱིན་རིན་ཆེན་ཏོག་ཏུ་བཅས་པ་དང་། །རྣམ་པར་སྤེལ་དང་ལག་ན་རིན་ཆེན་རྒྱལ་པོ་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཇིག་རྟེན་དབང་ཕྱུག་རྟག་ཏུ་རྒྱལ་དབང་གཙུག་ཏོར་ཅན། །སྟོན་ཟླ་དྲི་མེད་ལྟ་བུར་ཞལ་རས་མཛེས་པ་དང་། །ནམ་མཁའི་སྙིང་པོ་དང་ནི་ས་ཡི་སྙིང་པོ་དག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཇམ་དཔལ་གཙུག་ཕུད་ཤིན་ཏུ་མཛེས་པས་རབ་བརྒྱན་པ། །གཞོན་ནུའི་གཟུགས་ནི་གསེར་མཆོག་འོད་དང་ལྡན་པ་དང་། །རྟག་ཏུ་རྒྱལ་བར་དཀའ་བ་ལག་ན་རྡོ་རྗེ་དཔལ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ གསུངས་བ་ཤིན་ཏུ་རྨད་དུ་བྱུང་བའི་གཟུགས་མངའ་བ། །ལྕང་ལོ་འཁྱིལ་མངའ་མཆོད་རྟེན་གཙུག་ཏོར་གནས་པ་དང་། །ཀུན་ཏུ་བཟང་དང་ནོར་བཟང་དང་ནི་སྒྲ་གཅན་འཛིན། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ བསྐུལ་བྱེད་མ་དང་སྒྲོལ་མ་ཁྲོ་གཉེར་འགྲོ་ཕན་དང་། །དེ་བཞིན་ཤེས་རབ་ལ་སོགས་ཕ་རོལ་ཕྱིན་དྲུག་དང་། །རྨ་བྱ་དང་ནི་འཕགས་མ་གཞན་གྱིས་མི་ཐུབ་དང་། །བཀྲ་ཤིས་རྣམ་པར༴ གཙུག་ཏོར་ལས་བྱུང་གསང་སྔགས་རྗེས་འཛིན་བཅས་པ་རྣམས། །ཕྱིར་བཟློག་མ་དང་བསིལ་བའི་ཚལ་ནི་རྒྱལ་ལས་འཁྲུངས། །ལྷ་མོ་རི་ཁྲོད་ལོ་མ་ཅན་དང་བཅས་པ་རྣམས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ དོན་ཡོད་གྲུབ་དང་སྟོང་ཆེན་རབ་ཏུ་འཇོམས་མ་དང་། །གྲོང་ཁྱེར་ཝཱ་རཱ་ཎ་སཱི་ཞེས་བྱར་གྲགས་པ་དང་། །པད་སའི་སྙིང་པོ་གཅིག་དང་ཀུ་ཤའི་གྱད་ལྡན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ རྡོ་རྗེ་ལྕགས་ཀྱུ་དང་ནི་གཙུག་འཆང་འོད་པོ་ཆེ། །དེ་བཞིན་བགེགས་འཇོམས་འཕགས་པ་བདུད་རྩི་ཐབས་སྦྱོར་དང་། ཟླ་འོད་དེ་ཡང་གཞོན་ནུ་གཟུགས་དང་ལྡན་པ་ནི། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ གཤིན་རྗེ་གཤེད་པོ་འཇིགས་ཀུན་རབ་ཏུ་འཇོམས་མཛད་པ། །པདྨ་མཐར་བྱེད་གནོད་མཛེས་དེ་བཞིན་འཁོར་ལོ་ཅན། །གཞན་གྱིས་མི་ཐུབ་དབྱུག་སྔོན་བསྣམས་པར་མཛད་པ་དག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཕགས་པ་མི་གཡོ་བགེགས་རིགས་རབ་ཏུ་འཇོམས་པ་དང་། །ཕུན་སུམ་ཚོགས་བྱེད་རྨུག་འཛིན་ཨུཏྤལ་མདོག་ཅན་དང་། །གླང་ཆེན་ཀོ་རློན་སྟག་ལྤགས་དག་གིས་བརྒྱན་གྱུར་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཕགས་པ་ཤཱ་ཱརིའི་བུ་དང་མོའུ་འགལ་འོད་སྲུངས་དང་། །ནོར་བུ་འཛིན་དང་མ་འགགས་ཉེ་བ་འཁོར་དང་བཅས། །རབ་འབྱོར་དང་ནི་ལུས་འཕགས་རི་བོ་ཀུན་དགའ་བོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ སྟོབས་ཆེན་བགེགས་ཀྱི་རིགས་ནི་རབ་ཏུ་འཇོམས་པ་དང་། །འོད་ཟེར་ལྷམ་དང་ཆ་བྱད་རབ་ཏུ་འཚེར་བ་དང་། །དུག་སེལ་སྦྲུལ་གདུབ་རྒྱགས་པ་རབ་ཏུ་འཇིགས་བྱེད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཕྲོག་མ་རྣ་ཆ་བསྣམས་པ་སྣ་ཚོགས་གཡུ་འགུལ་བ། །བུ་ཕོ་ལྔ་བརྒྱ་དག་གིས་བརྒྱན་པར་གྱུར་དེ་དང་། །གནོད་སྦྱིན་བདག་པོ་ལྔ་རྩེན་དང་ནི་པདྨའི་མིག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ ཧ་ལ་ཧ་ལ་སེམས་ཅན་ཀུན་ལ་ཕན་མཛད་ཅིང་། །རིན་ཆེན་སྒྲོལ་མར་གྲགས་དང་ནོར་གྱི་རྒྱུན་མཆོག་དང་། །གནོད་སྦྱིན་བདག་པོ་རྣམ་ཐོས་སྲས་པོའི་དཔལ་ཐོབ་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ ཐམས་ཅད་སྒྲོལ་བ་སྦྱིན་ཕོད་དམ་པ་གཟི་ཆེན་དང་། །བྱམས་པའི་སྟོབས་ཀྱིས་གཏོང་བའི་སྟོབས་ཆེན་ལྡན་པ་དག །སྤྲིན་གྱི་ཏོག་དང་ལྡན་པའི་བུ་ནི་གང་ཡིན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ རབ་ཏུ་དགའ་ལ་སོགས་པའི་ས་བཅུ་དེ་དག་དང་། །དཔའ་བས་བྱིན་པ་དེ་དང་གཙུག་ན་ནོར་བུ་དང་། །རྒྱལ་པོ་དམ་པ་ཟས་གཙང་དང་ནི་ཀ་བི་ན། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ༴ ལུམྦིའི་ཚལ་ནི་བུང་བ་ལང་ལིང་འཕུར་ཞིང་ལྡིང་། །མེ་ཏོག་འབྲས་བུ་རྣམ་པ་སྣ་ཚོགས་རྣམས་ཀྱིས་བརྒྱན། །རྨ་བྱ་དང་ནི་ཁུ་བྱུག་མང་པོའི་སྒྲ་འབྱིན་པ། །བཀྲ་ཤིས་རྣམ་པར་སྤེལ༴ བཙུན་མོ་སྒྱུ་འཕྲུལ་དང་ནི་དེ་བཞིན་གོ་ཏ་མི། །ཤཱཀྱའི་བུ་མོ་སྒྱུ་འཕྲུལ་ཆེན་མོ་གྲགས་འཛིན་དང་། །ནཻ་རཉྫ་ན་བསོད་ནམས་ལྡན་པ་འབབས་ཆུར་བཅས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར༴ འཇིག་རྟེན་དབང་ཕྱུག་པདྨ་བུང་བ་ཁྱུ་ལྡིང་དང་། །འཇམ་དཔལ་ཨུཏྤལ་སྔོན་པོ་ཡིད་དུ་འོང་བ་དང་། །མགོན་པོ་བྱམས་པ་ཡིས་ནི་ཀླུ་ཤིང་མེ་ཏོག་བསྣམས། །བཀྲ་ཤིས་རྣམ་པར༴ རྣམ་སྣང་མཛད་ཀྱི་ཟླ་འོད་ལྟ་བུའི་འཁོར་ལོ་དང་། །རིན་འབྱུང་དཔལ་ཐོབ་རིན་ཆེན་ལྟ་བུའི་འོད་དག་དང་། །མགོན་པོ་འོད་དཔག་མེད་པའི་པདྨ་མཆོག་དག་ནི། །བཀྲ་ཤིས་རྣམ་པར་སྤེལ༴ དོན་ཡོད་གྲུབ་པའི་ལེགས་བསྣམས་རལ་གྲི་མཆོག་དང་ནི། །མི་བསྐྱོད་རྡོ་རྗེ་ཉིད་དང་དེ་བཞིན་གཞན་ཡང་ནི། །སྐྱོབ་པ་ཐམས་ཅད་ཀྱི་ནི་ཕྱག་མཚན་མ་ལུས་པ། །བཀྲ་ཤིས་རྣམ་པར༴ ཡིད་བཞིན་ནོར་བུ་འདོད་འཇོའི་བ་དང་བཅས་པ་དང་། །དཔག་བསམ་གྱི་ནི་ཤིང་དང་བུམ་པ་བཟང་པོ་དང་། །རྒྱལ་བ་ཀུན་གྱིས་ངེས་པར་བསྟེན་པའི་བྱང་ཆུབ་ཤིང་། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལམ་འཇུག་དུས་དང་ནོར་དང་འབྲུ་རྣམས་སྡུད་པ་དང་། །ནངས་པར་དུས་སམ་ཡང་ན་ཞི་བའི་ལས་བྱེད་ཚེ། །དགའ་སྟོན་ཀུན་ནས་འཇུག་དང་དགོས་པ་སྒྲུབ་པ་དང་། །མིང་མཚན་འདི་དག་མི་ཡིས་རབ་ཏུ་བསྒྲིམས་ཏེ་ཉོན། །རྒྱལ་བ་དག་དང་རྒྱལ་བའི་མཚན་འདི་མ་ལུས་སོགས། །ལྷ་ལ་གུས་བཞིན་ཉིན་གཅིག་བཞིན་དུ་ནངས་པར་སུས་བརྗོད་པ། །དེ་ནི་དམྱལ་བ་ཡི་དྭགས་གནས་སུ་མི་སྐྱེ་ནད་མེད་ཅིང་། །དཔལ་དང་བསོད་ནམས་ནོར་དང་བཀྲ་ཤིས་རྣམ་པར་འཕེལ། །ཆེ་བའི་ཆེ་མཆོག་དཀོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་རླབས་ཀྱིས། །བདེན་པ་འདི་གསུངས་དེ་ལ་སྡིག་མེད་ཅིང་། །ལྷར་བཅས་ལྷ་མིན་དག་གིས་མཆོད་འོས་པའི། །བདེན་པ་འདིས་ནི་དེང་འདིར་བདེ་ལེགས་ཤོག །ཅེས་ཕྱོགས་བཞི་ནས་སྙན་པར་བརྗོད་པར་བྱའོ། །སྨོན་ལམ་ནི། ༀ། བདེ་གཤེགས་རིགས་དང་རྡོ་རྗེའི་རིགས། །རིན་ཆེན་པདྨ་ལས་ཀྱི་རིགས། །སྣ་ཚོགས་རིགས་ཀྱི་རྒྱལ་བ་དང་། །སྲས་ཀྱི་ཚོགས་རྣམས་བདག་ལ་དགོངས། །ཐོག་མེད་ལས་ཀྱི་སྲིད་རྒྱུན་ནས། །བསགས་པའི་དགེ་བ་ཇི་སྙེད་དང་། །གཟུངས་སྔགས་འདི་ཡི་མཐུ་དང་ནི། །རིགས་སྔགས་ཕྱག་རྒྱས་བདེན་པ་དང་། །གསང་སྔགས་བྱིན་རླབས་འདི་རྣམས་ཀྱིས། །ཟག་མེད་ཡེ་ཤེས་སྣང་བའི་རྒྱན། །ནམ་མཁའི་མཐའ་དང་མཉམ་པ་སྟེ། །མྱུར་བ་ཉིད་དུ་སྐྱེ་བར་ཤོག །མིག་དང་རྣ་བའི་མངོན་ཤེས་དང་། །གཞན་གྱི་སེམས་དོན་ཤེས་པ་དང་། །སྔ་ཕྱིའི་སྐྱེ་གནས་ཤེས་པ་དང་། །རྫུ་འཕྲུལ་དུ་མ་བསྒྱུར་བ་ཡང་། །ད་ལྟ་ཉིད་དུ་ཐོབ་པར་ཤོག །ཆུ་སྟེང་འགྲོ་དང་རིང་མྱུར་ཕྱིན། །མིག་སྨན་བུམ་པའི་གཏེར་དང་ནི། །རལ་གྲི་བཟུང་ནས་མཁའ་ལ་འགྲོ། །མི་སྣང་སྒྱུ་ལུས་ཐོབ་པར་ཤོག །ས་འོག་འགྲོ་དང་གཏེར་མཐོང་དང་། །བཅུད་རྣམས་རྙེད་ཉིད་རིང་འཚོ་དང་། །གཞན་ལུས་དབང་པོ་སྒྱུར་བ་དང་། །མདོག་བཟང་ན་རྒ་མེད་ཐོབ་ཤོག །ཞི་རྒྱས་དབང་དང་མངོན་སྤྱད་ཀྱིིས། །འགྲོ་དོན་སྣ་ཚོགས་ཅི་འདོད་པ། །རང་རང་སྐལ་བ་ཇི་བཞིན་དུ། །ཐོགས་པ་མེད་པར་བྱེད་པར་ཤོག །གལ་ཏེ་ལེ་ལོའི་རྐྱེན་གྱིས་གོལ་གྱུར་ནས། །འབྲས་བུ་དམ་པ་མྱུར་དུ་མ་རྙེད་ཀྱང་། །བདེ་འགྲོ་མཐོ་རིས་ལྷ་དབང་དམ་པ་དང་། །ཆོས་ལྡན་ཡུལ་དབུས་མི་ལུས་མྱུར་ཐོབ་ཤོག །དེད་ནས་བླ་མེད་བྱང་ཆུབ་མ་ཐོབ་བར། །ལས་ཀྱི་འཁོར་ལོས་སྲིད་གསུམ་གར་སྐྱེས་ཀྱང་། །ལུས་དང་སྲོག་ནི་ཡལ་བར་གྱུར་ཀྱང་རུང་། །བླ་མེད་བྱང་ཆུབ་སེམས་ནི་མི་གཏོང་ཤོག །བླ་མེད་བྱང་ཆུབ་མ་ཐོབ་བར་དུ་ནི། །ལུས་དང་སྲོག་ལ་ཆགས་པ་མེད་པ་ཡང་། །བག་ཡོད་མགོ་ལ་མེ་འབར་ཇི་བཞིན་དུ། །བརྩོན་འགྲུས་ཆེན་པོ་རྒྱུན་མི་ཆད་པར་ཤོག །བདག་དང་གཞན་དོན་བྱང་ཆུབ་སྒྲུབ་པ་ལ། །བར་ཆད་མེད་ཅིང་བརྩོན་པ་མི་གཏོང་བར། །འཇིག་རྟེན་དག་ན་སེམས་ནི་སྐད་ཅིག་ཀྱང་། །བདག་གིས་དོན་མེད་གཡེང་བར་མ་གྱུར་ཅིག །ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པ་ལ། །མི་དགེ་གཞན་གྱི་དབང་དུ་མ་གྱུར་ཅིག །ཚེ་ལ་ནད་ཀྱི་བར་ཆད་མེད་པ་དང་། །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་པར་ཤོག །དགེ་བཤེས་དམ་པ་རྣམས་དང་མི་འབྲལ་ཞིང་། །རྣལ་འབྱོར་བརྩོན་པའི་གྲོགས་དང་འགྲོགས་པར་ཤོག །སྐྱོན་བྲལ་སེམས་དང་སྤྱོད་པར་མཐུན་པ་ཡིས། །འཇིག་རྟེན་དམན་པའི་ལས་ལ་ཆགས་མ་གྱུར། །བྱང་ཆུབ་རིན་ཆེན་བྱང་ཆུབ་ཐོབ་པའི་རྒྱུ། །ཤེས་རབ་ཆེ་དང་སྙིང་རྗེ་ཆེ་ལ་སོགས། །བདག་ཅག་ཚེ་རབས་ཀུན་ཏུ་མི་འབྲལ་ཞིང་། །རྣམ་ཐར་མང་པོའི་སྒོར་ནི་འཇུག་པར་ཤོག །རྒྱལ་སྲིད་མཐོ་རིས་སྡུག་དང་བཤེས་གཉེན་དང་། །འདོད་པའི་ཡོན་ཏན་ལྔ་པོ་ཐམས་ཅད་ལ། །ཐབས་ལ་མཁས་པའི་སྤྱོད་ཡུལ་མ་གཏོགས་པར། །ཤེས་རབ་མཆོག་གིས་གང་ལའང་ཆགས་མ་གྱུར། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བསྡུ་བའི་དངོས་དང་ཕ་རོལ་ཕྱིན་ལ་སོགས། །ཐབས་ལ་མཁས་པའི་སྤྱོད་པ་སྣ་ཚོགས་ཀྱིས། །འགྲོ་བ་རྣམས་སུ་བྱང་ཆུབ་སྤྱོད་པར་ཤོག །ཅེས་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །དེ་དག་ནི་དཀྱིལ་འཁོར་མཆོད་པའི་རིམ་པའོ། །དཀྱིལ་འཁོར་སྒྲུབ་མཆོད་རྐྱང་པ་བྱེད་ན་རྗེས་ཆོག་ལ་འཇུག ༈ །སློབ་མ་ལ་རྗེས་གནང་བྱེད་ན་བདག་འཇུག་མ་བཤད་པས། སློབ་མ་རྗེས་འཛིན་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ། བྱུར་བསལ་བ་ནི། སྔོན་དུ་བཤད་པའི་ཆོ་གས་དཀྱིལ་འཁོར་སྒྲུབ་མཆོད་ལེགས་པར་ཚར་བའི་རྗེས་ལ་སློབ་མ་རྣམས་བོས་ཏེ། ཁྲུས་བྱས། གོས་གསར་པ་གྱོན་ནས་ཁ་བྱང་དུ་བལྟས་ཏེ་འདུག་པ་ལ། ཚོན་སྐུད་སྣ་ལྔས་བསྒྲུབ་བྱའི་མགུལ་དང་། སྲིན་མཛུབ་གཉིས། རྐང་པའི་བོལ་གོང་གཉིས་ཏེ་གནས་ལྔར་བཅིངས། སློབ་དཔོན་གཙོ་བོར་གསལ་བས་བདེན་པའི་སྟོབས་བརྗོད་ཅིང་། རྡོ་རྗེ་སློབ་མ་འདི་དག་ལ་འཚེ་བར་བྱེད་པའི་སྡིག་པ་དང་། ནད་དང་། གདོན་དང་། བགེགས་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། བྱད་བྱུར། སྐལ་བ་ངན་པ་དང་། བདུད་ཀྱི་ཞགས་པ་དང་། གཤིན་རྗེའི་ཕོ་ཉ་མི་མཐུན་པའི་ཕྱོགས་ཐམས་ཅད་ཚོན་སྐུད་སྣ་ལྔ་འདི་ལ་ཐིམ་པར་གྱུར་ཅིག །ཊཀྐི་ཧཱུྃ་ཛཿ ཞེས་བརྗོད། སློབ་མས་ཀྱང་དེ་ལྟར་བསམ། དེ་ནས་སློབ་དཔོན་གྱིས་གྲི་སོ་མ་ཐོགས་ཏེ། ཁཾ་ལས་རལ་གྲི་ཡེ་ཤེས་ཀྱི་མེ་འབར་བར་བསྐྱེད་ལ། གཟུངས་ཐུང་བརྗོད་ཅིང་མེ་དང་ཆུས་ངར་བླུད། དེས་བསྒྲུབ་བྱའི་མི་མཐུན་ཕྱོགས་ཐམས་ཅད་བཅད་པར་བསམ་ལ། ༀ་ན་མ་སྟྲཻ་ཡ་དྷྭི་ཀ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿ སཾ་ཤྭ་དྷ་ཡ་སཾ་ཤྭ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོཥྞི་ཥ་བི་མ་ལེ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨཾ་བཾ་སཾ་ཛཾ་སྭཱ་ཧཱ། ཤློ་ཀ་གསུམ་པོ་འགྲེལ་པ་ལས། ཡང་དག་སངས་རྒྱས་རང་སངས་རྒྱས། །འཕགས་པ་ཉན་ཐོས་ཐམས་ཅད་དང་། །ཚངས་པ་བརྒྱ་བྱིན་དབང་ཕྱུག་ཆེ། །ཁྱབ་འཇུག་དབང་ཕྱུག་ཀླུ་དབང་པོ། །གཞན་ཡང་འཇིག་རྟེན་སྐྱོང་བ་རྣམས། །རང་རང་འཁོར་དང་བཅས་པ་དང་། །འཕྲོག་མ་བུ་དང་བཅས་པ་དང་། །གཞན་ཡང་འབྱུང་པོ་མཐུ་ཆེན་རྣམས། །དེ་དག་ཀུན་གྱི་མཐུ་དང་དཔལ། །བརྩོན་འགྲུས་གཟི་བརྗིད་བྱིན་རླབས་ཀྱིས། །རོ་ལངས་ལ་སོགས་གདོན་རྣམས་ཀྱིས། །ནད་དང་གནོད་པ་ཆད་གྱུར་ཅིག །སརྦ་བྷནྡྷ་ཀ་ཀོ་དྷ་ཙྪེ་དྷ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་གྲིས་བཅད། ཚོན་སྐུད་ཀྱི་དུམ་བུ་རྣམས་སློབ་མ་ལ་ཕྱིར་ལན་གསུམ་བསྐོར་ནས། ནད་གདོན་སྡིག་སྒྲིབ་སོགས་ཚོན་སྐུད་རྣམས་ལ་ཐིམ་པར་གྱུར་ཅིག །ཅེས་བརྗོད། དེ་ནས་ཁམ་ཕོར་དུ་ཙནྡན་གྱི་མེ་སྤར་ཏེ། ཡུངས་ཀར་དང་ནས་ལ་སོགས་པའི་འབྲུ་སྣ་ཚོགས་པ་དག་གིས་ལག་པ་གཡོན་པས་བཟུང་ལ་སློབ་མ་ལ་བསྐོར་ཏེ། ཚོན་སྐུད་བཅས་པ་མེ་ལ་དོར་ཞིང་། ཤློ་ཀ་གཉིས་པོ་འགྲེལ་པ་ལས་རྡོ་རྗེས་རིན་ཆེན་ཕུག་པ་དང་། །མེ་ཡི་བུད་ཤིང་སྲེག་བྱེད་དང་། །རླུང་གིས་སྤྲིན་རྣམས་འཐོར་བ་དང་། །ཉི་མས་འདམ་སོགས་སྐེམས་པ་དང་། །སེངྒེས་རི་དྭགས་ཀུན་སྐྲག་ལྟར། །སྔགས་དང་ཕྱག་རྒྱའི་བདེན་པའི་མཐུས། །རོ་ལངས་འབྱུང་པོའི་ཚོགས་རྣམས་དང་། །བྱད་སྟེམས་ཐམས་ཅད་ཚིག་པར་ཤོག །ཅེས་བརྗོད་ཅིང་བསྲེགས་ལ་ཁམ་ཕོར་སྒོར་བསྐྱུར་ཏེ། སློབ་མ་རྣམས་ཀྱི་ལུས་ལ་དྲི་ཞིམ་པོའི་ཆུས་གཏོར། མེ་ཏོག་ཕྲེང་བ་བཏེགས་ནས་ཤར་དུ་འཁོད་ལ། གཉིས་པ་ཁྲུས་བྱ་བ། བླ་མ་ལ་མཎྜལ་དང་ཡོན་༼འགྲེལ་པར་ཡོན་ནི།༽ བསྲུང་བར་རས་སོགས་ཁ་དོག་དཀར། །ཚེ་བསྲིང་སོགས་ལ་སེར་པོའི་རྫས། །འཆི་བ་བསླུ་བར་ངུར་སྨྲིག་མདོག །བུ་བསླང་སོགས་ལ་དམར་པོ་སྟེ། །གནོད་པ་བཟློག་ལ་སྔོན་པོ་བྱ། །ལས་ཀུན་ལ་ནི་ལྗང་གུ་ཤིས། །སེར་སྣ་མེད་པའི་ཡོན་ཕུལ་ནས། །བློ་ལྡན་སློབ་དཔོན་ཕྱག་རྒྱ་ནི། །ཡལ་གས་བུམ་པ་བླང་བར་བྱ། །འགྲོ་ལ་ལྷག་པའི་སེམས་བཏང་ནས། །འགྱིངས་དང་བཅས་པས་ཁྲུས་གསོལ་ལོ། །ཞེས་སོ། །འབུལ་ཏེ། དེ་ཡང་བསྲུང་བ་ལ་རས་སོགས་ཁ་དོག་དཀར་པོ། ཚེ་བསྲིང་བ་ལ་སེར་པོ། འཆི་བ་བསླུ་བ་ལ་ངུར་སྨྲིག །བུ་བསླང་བ་ལ་དམར་པོ། གནོད་པ་བཟློག་པ་ལ་སྔོན་པོ། ལས་ཐམས་ཅད་ལ་ལྗང་གུ་ཕུལ་ཏེ། ༀ། ཤློ་ཀ་གཅིག་པ་འདི་འགྲེལ་པ་ལས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ལ་བསྲུང་བའི་དོན་གྱིས་ཕྱིར། །སྔགས་ཀྱི་ཆུ་ཡིས་བྱིན་རླབས་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་སྔོན་བཞིན་སློབ་མ་རྣམས་སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། སྡོམ་པ་འཛིན་དུ་བཅུག་ལ། །དེ་ནས་སློབ་དཔོན་གྱིས་བུམ་པ་ཐོགས་ཏེ་འགྱིང་བ་དང་བཅས་པས། འགྲོ་བ་ལ་ལྷག་པ་བྱང་ཆུབ་ཀྱི་སེམས་བཏང་ནས། བདེན་པའི་བྱིན་རླབས་བརྗོད་པར་བྱ་སྟེ། བདེན་བརྗོད་ཚིག་རྐང་དྲུག་པོ་འདི་འགྲེལ་པ་ལས་སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །འཇིག་རྟེན་འདིའམ་ཡང་ན་འདས་པ་དག །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་ཏེ། །མི་མཆོག་འདི་དང་གང་ཡང་མཚུངས་པ་མེད། །དེ་ཕྱིར་སངས་རྒྱས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །ཟབ་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །མཁྱེན་ལྡན་ཤཱཀྱ་ཐུབ་ནི་རབ་དབྱེ་མཛད། །འཆི་མེད་དམ་ཆོས་ཞི་བ་འདུ་བྱེད་བྲལ། །ཆོས་འདི་དག་དང་མཚུངས་པ་གང་ཡང་མེད། །དེ་ཕྱིར་དམ་ཆོས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འགྲེའོ། །གང་འདོད་དེ་ལ་ཚུལ་བཞིན་མཆོག་སྟོན་ལ། །སྟོན་པ་བླ་མེད་རྟག་སྒྲུབ་རྣལ་འབྱོར་བཞི། །རྡོ་རྗེ་ལྟ་བུར་གཉིས་མེད་ལམ་གསལ་བས། །ཏིང་འཛིན་འདི་དང་མཚུངས་པ་གང་ཡང་མེད། །དེ་ཕྱིར་དམ་ཆོས་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་འདི་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་པ་མེད། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཤེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ གང་དག་བསྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །ག་ཏ་མ་ཡི་བསྟན་ལ་རབ་ཞུགས་ནས། །དམ་ཆོས་ཐོས་མང་བདུད་རྩི་མཆོག་བརྙེས་ཤིང་། །མུན་པ་བསལ་ནས་མྱ་ངན་འདས་པ་ཐོབ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིགས་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་པ་མཐོང་། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང་། །སྡིག་པ་རྣམ་བཅུ་ནམ་ཡང་མི་བྱེད་ལ། །གློ་བུར་བྱས་ཀྱང་མི་འཆབ་མྱུར་དུ་བཤགས། །མཆན་རྙིང་དུ། གློ་བུར་བྱས་ནས་འཆབ་པར་མི་བྱེད་ཅིང་། ཞེས་སོ། །དེ་ལྟར་ལོག་ལྟ་དེ་དག་འཛིན་མི་བྱེད། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་བསྐྱོད་ལྟར། །འཕགས་པའི་ལམ་གྱི་བདེན་པ་མཐོང་བ་ཡིས། །འཕགས་པའི་དགེ་འདུན་རྣམ་རྟོག་གིས་མི་གཡོ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ཤེས་རབ་ཤིན་ཏུ་ཟབ་ཅིང་བརྟན་པ་ཡིས། །འཕགས་པའི་བདེན་རྣམས་ཡང་དག་རབ་བསྒོམ་ནས། །ལུས་ཀྱི་སྦྱིན་པ་ཡིད་ལ་བྱས་པས་ནི། །དེ་དག་འཇིགས་པ་བརྒྱད་དང་འཕྲད་མི་འགྱུར། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར༴ ཇི་ལྟར་རླུང་གིས་མེ་ནི་རབ་གཏོར་ན། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ལྟར། །སངས་རྒྱས་སྲས་རྣམས་ཀུན་ཏུ་སྦྱོར་བ་ཡིས། །རབ་བསྔགས་འཇིགས་ཚོགས་གཏན་དུ་མེད་པར་འགྲོ། །དེ་ཕྱིར་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བླ་མ་མཁན་པོ་ཕ་མ་གྲོགས་པོ་དག །ཡོན་བདག་གཉེན་བཤེས་ཆོས་ཀྱི་རྒྱལ་པོ་དང་། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ནས། དཀྱིལ་འཁོར་ལ་མེ་ལོང་བསྟན་ཏེ། ཐོག་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་ཀྱི་རྗེས་ལ། ༀ་ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ བྷྱཿསཾ་ཤྭོ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཁྲུས་གསོལ་ལོ། །དེ་ནས་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ། ༀ་ན་མཿསརྦ་ཨ་ཧཾ་པྲ་བ་ཀེ་བྷེ། ཀཱ་ཡ་ཝཱཀྐ་ཙིཏྟ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཁྲུས་གསོལ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་ལ། བདུད་རྩི་ཡེ་ཤེས་ཆུ་བོ་ནི། །བདེན་པའི་སྟོབས་ཀྱིས་བྱིན་བརླབས་པ། །རྣམ་དག་སྔགས་ཀྱི་ཆུ་རྒྱུན་གྱིས། །འཇིག་རྟེན་བག་ཆགས་དག་གྱུར་ཅིག །ༀ་སརྦ་བིད་པ་ལོ་ཀ་པྲཾ་ཐ་ཀ་སཾ་ཤོ་དྷ་ཡ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། དེ་དག་སྐུ་ལ༴ གཙང་ལ་དྲི་རབ༴ ༀ་ཧཱུྃ་ཏྲྂ་ཧྲཱིཿཨཱ་ཀ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ལ་རེ་རེ་ཞིང་རས་གཙང་མས་སྐུ་ཕྱིའོ། །དེ་ནས་བསྒྲུབ་བྱ་ལ་ཁྲུས་བྱས་ཏེ། བུམ་པ་ཡེ་ཤེས་ཀྱི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དེད་དེ་གཤང་ལམ་དང་། རྐང་པའི་མཐེ་བོང་ནས་འཐོན་པར་བསམ་ནས་ཁོང་དུ་འཐུང་ཞིང་ཁྲུས་བྱས་ལ། གཟུངས་རིང་ཐུང་གཉིས་ཀྱི་རྗེས་སུ། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནད་ཐམས་ཅད༴ རིམས་ཐམས་ཅད༴ གདོན་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ་ཐམས་ཅད༴ འཁོན་ཐམས་ཅད༴ གྲིབ་ཐམས་ཅད༴ བྱུར་ཐམས་ཅད༴ སྐལ་བ་ངན་པ་ཐམས་ཅད༴ ལྟས་ངན་པ་ཐམས་ཅད༴ མཚན་མ་ངན་པ་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ བཀྲ་མི་ཤིས་པ་ཐམས་ཅད༴ མཚན་མ་ནག་པོའི་གདོན་ཐམས་ཅད༴ བདུད་ཀྱི་ཞགས་པ་ཐམས་ཅད༴ གཤིན་རྗེའི་ཕོ་ཉ་ཐམས་ཅད༴ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད༴ ཅེས་པ་རེ་རེའི་མཐར། ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ལན་མང་དུ་བཀྲུའོ། །གསུམ་པ་བྱབ་པ་ནི། དབང་པོའི་སྒོ་ལྔ་སྦྱོང་བ་མཚོན་པའི་རྨ་བྱའི་སྒྲོ་ལག་ཏུ་ཐོགས་ཏེ་བྱབ་པའི་ཀུ་ཤ་ཆུན་པོས་ཀྱང་རུང་སྟེ། གཟུངས་རིང་ཐུང་བཀོད་ལ། བཟླས་པའི་འོད་ཟེར་གྱིས་བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་བསྲེགས་པའི་ཐལ་བ་བྱབ་ནས་དྲི་མས་གསེབ་བསྒྱུར་བར་བསམ་ལ། སྔར་སྨོས་པའི་སྡིག་སྒྲིབ་སོགས་ལ། ཨ་བ་ན་ཡེ་སྭཱ་ཧཱ། ཞེས་བཏགས་པ་བརྗོད་ཅིང་ལན་བདུན་ནམ་ཉི་ཤུ་རྩ་གཅིག་ལ་སོགས་པ་བྱའོ། ༈ །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་སྐུའི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། གང་གི་ཐུགས་ཀྱི་འོད་ཟེར་གྱིས། །སྒྲིབ་པའི་བུད་ཤིང་སྲེག་བྱེད་པའི། །བཅོམ་ལྡན་ཁྱོད་ལ་གསོལ་འདེབས་ཀྱིས། །སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་སྐུ་ལས་སྐུ་གཉིས་པ་ཕྱེ་ནས། སློབ་མ་ལ་ཐིམ་པར་བསམ་ཞིང་། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །དྲི་མ་མེད་པའི་ཡེ་ཤེས་སྐུ། །དུས་འདི་ཉིད་དུ་བྱིན་གྱིས་རློབས། །ཛཿཧཱུྃ་བྂ་ཧོཿ ཞེས་བརྗོད་ཅིང་གཉིས་སུ་མེད་པར་བསམ། དེ་ལྟར་བྱས་པས་བསྐྱེད་རིམ་བསྒོམ་པ་ལ་དབང་ཞིང་། གནས་སྐབས་སུ་ནད་མི་འབྱུང་བ་དང་། མཐར་ཐུག་མཚན་དཔེས་བརྒྱན་པའི་བཅོམ་ལྡན་འདས་ཀྱི་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། མཐོང་དང་ཐོས་པ་ཙམ་གྱིས་ནི། །དུས་གསུམ་དྲི་མ་སྦྱོང་མཛད་པ། །གང་གི་གསུང་གི་འོད་ཟེར་གྱིས། །ངག་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ལ། གཟུངས་རིང་ཐུང་རྣམས་ཞལ་ནས་བྱུང་། སློབ་མའི་ཁ་ནས་ཞུགས། སྙིང་གར་ཟླ་བའི་སྟེང་དུ་ཨ་དཀར་པོའི་མཐར་འཁོར་བར་བསམས་ལ། རྗེས་ཟློས་ལན་གསུམ་བྱས་ཏེ། བརྗོད་པ་གསུང་གི་སྔགས་འདི་ཡིས། །སྒྲིབ་པའི་དྲི་མ་ཀུན་བྱང་ནས། །གསུང་གི་སྙིང་པོ་མཆོག་ཐོབ་པ། །གསུང་གསང་ལོངས་སྐུ་ཐོབ་པར་ཤོག །ཅེས་བརྗོད་ཅིང་། ངག་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པས། གནས་སྐབས་སུ་ངག་གི་དྲི་མ་དག་ཅིང་ངག་ཐོས་པས་ཡིད་དུ་འོང་བ་དང་། མཐར་ཐུག་གསུང་ད བྱངས་ཡན་ལག་དྲུག་ཅུས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །འདི་ནི་རྟོག་པ་ལས། གཟུངས་འདི་ནི་ལྷའི་དབང་པོ་ཁྱོད་ཀྱིས་ལྷའི་བུ་ནོར་བུ་དྲི་མ་མེད་པ་ལ་རྗེས་སུ་སྒྲོགས་ཤིག །ཅེས་གསུངས་པའི་དོན་ཡིན་ནོ། །གསུམ་པ་ཐུགས་ཀྱིས་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་ནི། ཐུགས་ཀྱི་དྲི་མ་ཀུན་སྤངས་པ། །བདག་མེད་གཞན་རྣམས་རྣམ་གྲོལ་བ། །བདེ་བ་ཆེན་པོའི་ཡེ་ཤེས་སྐུ། །དུས་འདི་ཉིད་དུ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། མདུན་གྱི་ནམ་མཁའ་ལ་ཡིད་གཏད་ནས་ཨ་ཞེས་བརྗོད་པས། མདུན་གྱི་བར་སྣང་ལ་ཨ་དཀར་པོ་གཅིག་བྱུང་བ་ལ་སེམས་གཏད་ནས་ཨ་ཉེར་གཅིག་བརྗོད། མཐར་ཨ་དེ་མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་ཏེ་སོང་ནས་ཅི་ཡང་མི་སེམས་པར་བཞག་པ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ། །དེ་ལྟར་བྱས་པས་གནས་སྐབས་སུ་ཆོས་ལ་བློ་འགྲོ་ཞིང་། མཐར་ཐུག་ཆོས་སྐུའི་སངས་རྒྱས་ཐོབ་པར་འགྱུར་རོ། །བཞི་པ་དེ་དག་བརྟན་པར་བྱ་བ་ནི། སྤྱན་མ་ལ་སོགས་པའི་ལྷ་མོ་བཞིས་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་སྔགས་བཅས་མཐར། ཞེས་གསུངས་ཤིང་ཁྲུས་བྱས་པས་སྤང་བྱའི་དྲི་མ་བཀྲུས། དེའི་རྗེས་སུ་སངས་རྒྱས་དང་བྱ ང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བུམ་ཆུ་སྤྱི་བོ་ནས་བླུག་ཅིང་སྔགས་བརྗོད་པས། ལུས་ཐམས་ཅད་བདུད་རྩིས་གང་ནས་ཐོབ་བྱའི་ནུས་པ་བཞག་པར་བསམ་མོ། །གསུམ་པ་རྗེས་ནི། སློབ་མ་རྣམས་མ་ཡེངས་པར་གྱིས་ཤིག་དང་། དེ་ལྟར་རྗེས་སུ་གནང་བ་ཐོབ་ནས། དམ་ཚིག་བསྲུང་དགོས་ཏེ། དེ་ཡང་གསང་བ་སྤྱི་རྒྱུད་ལས། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །གསང་སྔགས་རིགས་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱེད། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པར་ཉེ་བར་བཞག །ཐེག་པ་ཆེ་ལ་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་དག་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་བསྒོ། སློབ་མས་ཀྱང་། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ཁས་བླངས་ལ། བཀའ་དྲིན་གྱི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །སོགས་གསུམ་རྗེེས་སུ་ཟློས། ༈ །རྗེས་ཆོག་གི་མཆོད་པ་གསར་དུ་བཤམས་པའམ་ཁ་གསོས། དཀྱིལ་འཁོར་ལ་མཆོད་བསྟོད་གསོལ་བཏབ་བཟོད་གསོལ་ཡིག་བརྒྱ་དགེ་རྩ་བསྔོ། ༀ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་བའམ། སྒྲུབ་པ་རྒྱུན་མཐུད་ནས་བྱེད་ན་བརྟན་བཞུགས། ཡང་བདག་བསྐྱེད་སྒྲུབ་ནས་མདུན་བསྐྱེད་མཆོད་ན་ནམ་མཁར་བཏེགས། དེ་ཉིད་སྟ་གོན་གྱི་དཀྱིལ་འཁོར་འབེབས་པའི་དོན་དུ་མདུན་བསྐྱེད་ལ་བསྟིམ། རྡུལ་ཚོན་རྣམས་བསྡུས་ཏེ་བུམ་པར་བླུག་ནས་རོལ་མོ་དང་བཅས་རྒྱ་མཚོར་འབབས་པའི་ཆུ་ལ་དོར། དཀྱིལ་འཁོར་གྱི་ཡོ་བྱད་དམན་པ་རྣམས་དཀོན་མཆོག་གསུམ་མཆོད་པ་དང་། རྡོ་རྗེ་སློབ་དཔོན་བདག་ཉིད་དགེ་བའི་ཆེད་དུ་ལོངས་སྤྱོད་པ་དང་། ཟས་ཀྱི་ལྷག་མས་ཡི་དྭགས་ལ་གཏོར་མ་སྦྱིན། ཀུན་ཏུ་བཟང་པོའི་སྨོན་ལམ་བདུན་ནམ་ཉེར་གཅིག་བརྗོད་ཅིང་། བཀྲ་ཤིས་ཀྱི་ཚིག་བརྗོད་པས་དཀྱིལ་འཁོར་གྱིས་གཞིར་མེ་ཏོག་གི་ཆར་དབབ་བོ། །དེ་ལྟར་གཙུག་ཏོར་དྲི་མེད་ཀྱི་གཟུངས་འགྲེལ་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་བཞིན་དཀྱིལ་འཁོར་གསུམ་གྱི་ཆོག་ཁྲིགས་རྒྱས་པར་བླ་ཆེན་གྲགས་རིན་པས་མཛད་པའི་ལྷ་ལྔའི་ཆོ་ག་ཟུར་དུ་ཕྱུངས་ནས་ཁྱེར་བདེར་བཀོད་པ་རིན་ཆེན་བསམ་འཕེལ་ཞེས་བྱ་བ་འདི་ནི། དུས་གསུམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་མ་ལུས་གཅིག་ཏུ་བསྡུས་པའི་ངོ་བོ། སྐྱབས་གནས་ཐམས་ཅད་ཀྱི་སྤྱི་གཟུགས་འཛམ་གླིང་བསྟན་པའི་བདག་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་བཀའི་གནང་བ་ཐོབ་པ་ལ་བརྟེན། ཞ་ལུ་དགེ་སློང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས། ཟིལ་གནོན་སྣྲོན་ཟླའི་ཡར་ཚེས་ལྔ་ལ་དཔལ་ཞ་ལུ་གསེར་ཁང་དུ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་རྟ་མགྲིན་ལེགས་པའོ། །གཞུང་དོན་ཅི་བཞིན་མ་རྟོགས་ལོག་རྟོགས་སོགས། །ནོར་འཁྲུལ་ཅི་མཆིས་བདག་བློ་རྨོངས་པའི་སྐྱོན། །ཡིན་ཕྱིར་རྗེ་བཙུན་བླ་མའི་སྤྱན་སྔར་བཤགས། །མ་རིག་མུན་ཚོགས་འཐིབས་པོ་བསལ་དུ་གསོལ། །དགེ་དེས་ཐུགས་རྗེའི་གཏེར་ཆེན་བླ་མ་མཆོག །ཞབས་པད་བགྲངས་ཡས་བསྐལ་པར་བརྟག་བརྟན་ཅིང་། །ཟབ་རྒྱས་ཐེག་གསུམ་དམ་ཆོས་ཆར་ཆེན་པོས། །ཐུབ་བསྟན་རྩི་བཅུད་ལང་ཚོ་རྒྱས་གྱུར་ཅིག །ལྷ་ཀླུས་དུས་སུ་ཆར་འབེབ་ལོ་ལེགས་ཤིང་། །སྐྱེ་རྒུ་ཐམས་ཅད་དགེ་བའི་སེམས་ལྡན་པས། །ཐུབ་བསྟན་བསྟན་འཛིན་གུས་པས་མཆོད་པའི་མཐུས། །འདི་ཕྱིའི་དོན་གྲུབ་རྫོགས་སངས་མྱུར་ཐོབ་ཤོག །སཱ་དྷུཿ འགྲེལ་པ་ཞེས་པའི་མཆན་བུ་རྣམས། གཟུངས་ཀྱི་འགྲེལ་པ་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ། པཎྜི་ཏ་ཛཱ་ཡ་དཱེ་ཝ་དང་། ལོ་ཙཱ་བ་ཚུལ་ཁྲིམས་བརྩེགས་ཀྱིས་བསྒྱུར་བ་ལས་བྲིས་སོ། །སརྦ་མངྒ་ལཾ། །དགེའོ།། །།
གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་། ཡོན་ཏན་རྒྱ་མཚོ།
གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་ཞེས་བྱ་བ་བཞུགས་སོ། །ན་མོ་བུདྡྷཱ་ཡ། གང་གསུང་བདུད་རྩིའི་ཟེགས་མ་ཕྲ་རབ་ཀྱང་། །འཇིག་རྟེན་བཅུད་མཆོག་ཀུན་གྱིས་མི་བསྐྲུན་པ། །ཐུབ་གསུང་སྙིང་གི་ཟེའུ་འབྲུར་ཆགས་པ་ཡིས། །བློ་དམན་དད་པ་ཅན་གྱི་དབྱིག་འདི་སྦྱིན། །གཙུག་གཏོར་དྲི་མེད་ཀྱི་གཟུངས་ལས་མཆོད་རྟེན་བརྒྱ་རྩ་བརྒྱད་དང་ལྔ་གདབ་པའི་ཆོ་ག་གཉིས་སུ་གསུངས་ཤིང་། འབུམ་ཕྲག་བཏབ་པའི་ཕན་ཡོན་བསྟན་པའི་ཤུགས་ལས་སྟོང་རྩ་སོགས་གདབ་པའི་ཆོ་གའང་བསྟན་པར་གྲུབ་ཅིང་། དེའི་དོན་གསལ་ཤེས་གྲུབ་ཏུ་བརྒྱའམ་སྟོང་སོགས་དཀྱིལ་འཁོར་གཅིག་ཏུ་བཏབ་པའི་ཚུལ་རྒྱས་པར་བཤད་ལ། གང་ལྟར་སཱཙྪ་བརྒྱ་བརྒྱད་ལ་གཟུངས་རིང་ཐུང་དང་སྐོར་བ་བརྒྱ་རྩ་འགྲོ་བའི་ཆོ་ག་སྦྱོར་དངོས་རྗེས་ཚང་ཚར་རེ་འགྲོ་དགོས་པ་གཞུང་གི་དགོངས་པ་དང་བླ་མ་རྣམས་ཀྱི་ཕྱག་ལེན་ཡིན་པས། འབྱོར་པ་ཆེ་ན་ཆོ་ག་ཚར་རེ་ལ་སཱཙྪ་བརྒྱ་བརྒྱད་དང་མཆོད་པ་དེ་མཚུངས་བཤམས་པའི་ཚར་སྟོང་ཕྲག་གཅིག་གིས་མཆོད་རྟེན་འབུམ་འགྲུབ་པ་བྱས་ན་ཕན་ཡོན་ཚད་མེད་ཅིང་། དེ་ལྟར་གྱི་ཚེ་ཆོ་ག་མཁན་པོ་དགེ་སློང་བཞི་སྡེ་ཙམ་དང་གཟུངས་དང་སྐོར་བའི་གྲངས་སྤྱི་འགོ་ནས་འགྲོ་བར་བྱས་ན་འཚམས་པར་འགྱུར་བ་དང་། འབྱོར་པ་ཆུང་བས་དེ་ལྟར་མི་ལྕོགས་ན་སཱཙྪ་སྟོང་ཕྲག་རེ་དང་བརྒྱ་མཆོད་སོགས་བཤམས་ཏེ་དགེ་སློང་བཅུ་ཐམ་པས་ཆོ་ག་བཏང་ནས་ཚར་གྲངས་བརྒྱ་ཕྲག་གིས་འབུམ་ཐེར་འགྲུབ་པར་འགྱུར་ལ། དེ་ལྟར་གྱི་ཚེ་ཆོ་ག་རེ་ལ་གཟུངས་དང་སྐོར་བའི་མི་རེས་བརྒྱ་རྩ་རེ་འགྲུབ་དཀའ་བས་ལན་བཅུ་གཅིག་རེ་བྱས་ན་སྤྱི་ནས་བརྒྱ་དང་བཅུ་འགྲོ་བས་དེས་ཀྱང་རུང་ཞིང་། བར་རྣམས་ནི་དེ་ཡིས་རིགས་འགྲེས་པས་ཆོག་གོ། །ཤིན་ཏུ་འབྱོར་པ་དམན་པས་ཆོ་ག་ཚར་གྲངས་མང་པོ་མི་འགྲུབ་ལ་སཱཙྪ་གྲངས་མང་གདབ་པར་འདོད་ན། གཞི་ཡངས་པོར་པདྨའི་གདན་མང་པོར་སཱཙྪ་གང་ཤོང་བསྒྲིག །མཆོད་པ་ཡང་ཅི་འབྱོར་བཤམས་ནས་དགེ་སློང་གྲངས་ཀ་གང་འཛོམ་གྱིས་ཆོ་ག་བཏང་། དེ་ལྟར་ཉིན་གཅིག་གམ་གསུམ་སོགས་ལ་ཆོ་ག་གང་ཐོན་གྱིས་སཱཙྪ་རྫོགས་པར་བྱས་ན་ཆོ་ག་མ་བྱས་པ་ལས་ནི་ཕན་ཡོན་འགྱུར་ཁྱད་ཤིན་ཏུ་ཆེ་ཞིང་། འབྱོར་པས་མ་ལྕོགས་པ་ལ་ཉེས་པའང་མེད་དོ། །ཚར་གྲངས་མང་ཉུང་གང་བྱེད་ཀྱང་བཤམ་བཀོད་སོགས་ནི་འོག་ཏུ་གསལ་བའི་རྒྱས་བསྡུས་གང་འགྲུབ་མ་འཁྲུལ་བར་བྱ་དགོས་སོ། །དེ་ལྟར་སྤྱིར་རྒྱས་བསྡུས་བྱེད་ཚུལ་གྱི་རྣམ་དབྱེ་པྱེད་པར་བྱས་ནས། བྱེ་བྲག་ལག་ལེན་དངོས་བཤད་པ་ལ་བཞི། སཱཙྪ་འདེབས་པའི་རིམ་པ། དཀྱིལ་འཁོར་མཆོད་པའི་བཤམ་བཀོད། ཆོ་ག་རྒྱས་བསྡུས་བཏང་ཚུལ། རྗེས་ཇི་ལྟར་བཞུགས་པའི་ཚུལ་བཤད་པའོ། །དང་པོ་ནི། སཱཙྪའི་རྒྱུ་འཇིམ་པའི་ས་གང་ནས་ལེན་པའི་གནས་དེར། དཀར་གཏོར་དང་གསེར་སྐྱེམས་བཤམ། རང་ཉིད་རྡོ་རྗེ་འཛིན་པའི་ང་རྒྱལ་གྱིས་བྱིན་གྱིས་བརླབས་ལ་འབུལ་ཚིག་རྒྱས་བསྡུས་ཅི་འགྲུབ་བྱ། ཚོན་སྐུད་ལྔ་བསྒྲིལ་གྱི་སྐུད་པས་ས་ཇི་ཙམ་ལེན་དགོས་པའི་རྒྱ་ཁྱོན་གྱི་མཐར་གྲུ་བཞིར་བཅད་ལ། ༀ་བཛྲ་སཱུ་ཏྲ་ཧཱུྃ་ཕཊ། ལན་གསུམ། ས་ལ་གནས་པའི་གདོན་བགེགས་བསམ་སྦྱོར་ངན་པ་མཆོད་རྟེན་དང་དགེ་བའི་ལས་ལ་བར་དུ་གཅོད་པ་རྣམས་རྡོ་རྗེའི་ར་བས་མཚམས་བཅད། གཞི་དེ་ཉིད་མཆོད་རྟེན་གྱི་རྒྱུ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་དུ་གྱུར། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལྔ་དབུས་དང་ཐིག་གི་གྲྭ་བཞིར་གདབ། གཅིག་ལས་མ་འབྱོར་ན་འདེབས་པའི་ཚུལ་བྱས་ལ་མཐར་དབུས་སུ་གདབ་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ། ལན་བདུན་བརྗོད་ལ། ས་ཇི་ཙམ་དགོས་པ་བླངས་མ་ཟིན་གྱི་བར་ཐིག་དང་ཕུར་བུ་མི་བསྡུའོ། །དེ་ནས་ཏིལ་དང་ཡུངས་ཀར་ལ། ༀ་ཨ་མྲྀ་ཏེ་ཧ་ན་ཧ་ན་ཧཱུྃ་ཕཊ། ལན་བདུན་བཟླས་ལ་འཐོར་བས། བགེགས་ཐམས་ཅད་ཚར་བཅད་དེ་སའི་ཕྱོགས་དེ་བཞིན་གཤེགས་པའི་བཞུགས་གནས་དཔག་ཏུ་མེད་པར་གྱུར། ཅེས་དང་། གཟུངས་ཐུང་ཡང་བརྗོད་ལ་བྱིན་གྱིས་བརླབ་བོ། །དེ་ནས། ༀ་བཛྲ་ཁ་ན་ཁ་ན་ཧཱུྃ་ཕཊ། ཅེས་བཟླ་ཞིང་ས་བརྐོ། ས་གཞི་རིན་ཆེན་རྣམ་ལྔ་བརྐོས་པ་ཡིས། །དེ་བཞིན་གཤེགས་སྐུ་རྣམ་དག་རྒྱུར་གྱུར་ཅིག །ཅེས་བརྗོད་ལ་ཡིད་ཀྱིས་ཀྱང་དམིགས་པ་གཞན་ལའང་འགྲེའོ། །ས་གཙང་མ་བླང་བ་གནས་གཙང་མར་སྤུངས་ལ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ཐོ་བས་བརྡུང་ལ། ༀ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ལན་བདུན་སོགས་བརྗོད། ཉོན་མོངས་བག་ཆགས་བྱང་ཞིང་འཇོམས་གྱུར་ཅིག །འཇིམ་པ་བརྫི་བ་ནི། ཆུ་གཙང་དྲི་ཞིམ་སྤོས་དང་སྦྱར་བ་ལ་རྡོ་རྗེའི་ཕྱག་རྒྱ་གཏུགས་ཏེ། སྤོས་ཆུའི་སྟེང་དུ་ཨ་ལས་ཟླ་དཀྱིལ་ལས། །འོད་འཕྲོས་ཆུ་ཉིད་བདུད་རྩིའི་རང་བཞིན་གྱུར། །ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ལན་བདུན་གྱིས་བྱིན་གྱིས་བརླབས་པས་འཇིམ་པ་བརྫིས་ལ། ༀ་བཛྲ་པྲ་མརྡ་ནཱ་ཡ་ཧཱུྃ་ཕཊ། ཅེས་དང་རྟེན་སྙིང་བཟླས། འཇིམ་པ་དེ་བཞིན་གཤེགས་པའི་སྐུར་གྱུར་ཅིག །དེ་ནས་འཇིམ་པ་བྱིན་གྱིས་བརླབ་པ་ནི། ༀ་ཤུདྡྷེ་ན་དུ་ཤོ་དྷ་ཡ་སྭཱ་ཧཱ། པད་ཟླར་འཇིམ་པ་རིན་ཆེན་ཕུང་པོ་གྱུར། །རང་གི་ཐུགས་ཀའི་འོད་ཟེར་འོག་མིན་དུ། །འཕྲོས་པས་རྣམ་པར་སྣང་མཛད་ཐུགས་རྒྱུད་བསྐུལ། །དེ་ལས་འོད་འཕྲོས་འགྲོ་རྒྱུད་ཉོན་མོངས་སྦྱངས། །སླར་འདུས་འཇིམ་པའི་ཕུང་པོ་ལ་ཐིམ་པས། །བདེ་གཤེགས་ཀུན་གྱི་ཡེ་ཤེས་རང་བཞིན་གྱུར། །ལག་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གྱེན་བསྟན་དང་། ལག་གཡས་དེ་བཞིན་བྱས་པ་ཁ་སྦུབས་པའི་བར་དུ་འཇིམ་པ་བཞག་ལ། ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་སུཀྵྨེ་སུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མ་རོ་པེ། ཨ་ན་ལམྦྷེ། ཏ་རམྦེ། ཨ་ཤོ་བ་ཏི་མ་ཧཱ་ཏེ་ཛ། ནིར་ཀུ་ལེ། ནིརྦཱ་ཎེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་རྣམ་སྣང་གི་གཟུངས་རིང་ལན་ཉེར་གཅིག་དང་། ༀ་ཛི་ན་ཛིཀ྄་སྭཱ་ཧཱ། ཉེར་གཅིག །གཟུངས་ཐུང་ཅི་ནུས་བཟླས། འཇིམ་པ་བཅད་ལ། ན་མཿས་མནྟ་བུདྡྷ་ནཱཾ། ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། འཆི་མེད་རྡོ་རྗེའི་སྲོག་ཟུངས་ཐོབ་པར་ཤོག །འབི་འབི་བྱས་ལ། ༀ་བཛྲོདྦྷ་བཱ་ཡ་སྭཱ་ཧཱ། འོད་ཟེར་འཇིག་རྟེན་ཀུན་ཁྱབ་འགྲོ་དོན་བྱས། །སླར་འདུས་འབི་འབི་ཤེལ་གོང་ལྟར་དག་པ། །ཡེ་ཤེས་རྡོ་རྗེ་འབྱུང་བའི་རང་བཞིན་གྱུར། །བརྐོས་ཕོར་དུ་སྣུམ་བྱུགས་ལ། ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཐབས་ཤེས་ཟུང་འཇུག་ཡེ་ཤེས་རྡུལ་བྲལ་གྱུར། །བརྐོས་ཕོར་དུ་བཅུག་ལ། ༀ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་དང་། ༀ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཆོས་དབྱིངས་རྟག་པའི་སྙིང་པོ་རྙེད་པར་གྱུར། །ལེགས་པར་གདབ་ལ། ༀ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཀུན་གྱི་ཕྱག་རྒྱས་བཏབ་པར་གྱུར། །གཟུངས་བསྒྲིལ་མགོ་མཇུག་མ་ལོག་པར་གཞུག་ལ། ༀ་བཛྲ་གརྦྷེ་སྭཱ་ཧཱ། ༀ་སརྦ་བིདྱཱ་སྭཱ་ཧཱ། ཞེས་དང་གཟུངས་ཐུང་ཡང་བཟླ། དབྱིངས་ཡེ་གཉིས་མེད་ཆོས་སྐུའི་མཆོད་རྟེན་ནི། །འབྱམས་ཀླས་ཡེ་ཤེས་སྙིང་པོ་ཁོང་ཆུད་གྱུར། །ཕྱིར་ཕྱུང་ལ། ༀ་དྷརྨ་ར་ཏེ་སྭཱ་ཧཱ། ཆོས་ཀྱི་སྐུ་ལས་གཟུགས་སྐུ་གྲངས་མེད་བྱོན། །འགྲོ་དོན་འཁོར་བ་ཇི་སྲིད་མཛད་པར་གྱུར། །སྐམ་ཐག་ཆོད་ནས་ཆོས་འཁོར་སོགས་རྒྱན་བཏགས་པར་མོས་ལ། ༀ་པྲ་མ་ན་ཡེ་སྭཱ་ཧཱ། རིན་ཆེན་རྒྱན་བཀོད་སྣ་ཚོགས་གསོལ་བ་ཡིས། །ཡོན་ཏན་ཀུན་རྫོགས་འགྲོ་དོན་མཛད་གྱུར་ཅིག །སྐུ་དཀར་སོགས་ན་བཟའ་གསོལ་ལ། ༀ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་དྷརྨ་ཏེ་སྭཱ་ཧཱ། ཆོས་དབྱིངས་རྣམ་པར་དག་པའི་དོན་ལྡན་ཤོག །ཅེས་པའི་ཆོ་ག་རྣམས་ཀྱིས་བཏབ་ཟིན་ནས་གདན་ལ་བཞུགས་པའི་སྐབས་སུ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བཟླ་བཞིན་དུ་བསྒྲིག །རྒྱལ་བ་ཐམས་ཅད་རྟེན་འདི་དང་། །དབྱེར་མེད་བརྟན་པར་བཞུགས་སུ་གསོལ། །ཞེས་བརྗོད་དེ་ལྟར་སཱཙྪ་འདེབས་པའི་ཚེ་འབྱོར་པ་དང་བསྟུན་པའི་ཀློག་མཁན་གྲངས་ཅི་རིགས་ཁྲུས་སོགས་གཙང་སྦྲ་དང་ལྡན་པས་སྐྱབས་སེམས། ས་གཞི་བྱིན་རླབས། སྤྱན་འདྲེན། བཞུགས་གསོལ་ལྷ་ཁྲུས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་བ་དང་། རིས་མེད་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་བཏང་བའི་སེམས་བསྐྱེད་དེ། བརྒྱད་སྟོང་ལ་སོགས་ཤེར་ཕྱིན་གྱི་མདོ། གསེར་འོད་དམ་པ། འདུས་པ་རིན་པོ་ཆེའི་ཏོག །འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་དང་། གཙུག་ཏོར་དྲི་མེད་ཀྱི་མདོ་གཟུངས་རྣམས་རྒྱུན་མི་འཆད་པར་གསལ་དག་ཏུ་བཀླག་ལ། མཐར་རྟེན་སྙིང་དང་། ཆོས་བཤད་པ་ལས་བྱུང་བ་སོགས་ཀྱིས་བསྔོ་བའང་བྱ། དེ་ཐམས་ཅད་མ་འགྲུབ་ནའང་ཤེར་སྙིང་དང་དྲི་མེད་ཀྱི་གཟུངས་རིང་ཐུང་། ཁྱད་པར་སྙིང་པོའི་གཟུངས་ཐུང་རྟག་ཏུ་བཟླ། ཤིན་ཏུ་འཛོམ་ན་སཱཙྪ་འདེབས་པ་དང་སྒྲུབ་པའི་ཚེ་ཛཔ྄་རྒྱུན་ཀྱང་བཙུགས་པར་གསུངས་ཏེ་གལ་ཆེའོ། །དེ་དག་རྣམས་ཀྱི་སཱཙྪ་གདབ་པའི་བྱ་བ་འགྲུབ་བོ། །དེ་ལ་ནང་གཞུག་དྲི་མེད་ཀྱི་གཟུངས་རིང་ཐུང་གཉིས་ཀ་དགོས་ཀྱང་བརྒྱ་བརྒྱད་ཙམ་ལ་དེ་བཞིན་འགྲུབ་པ་ཅི་ནས་གལ་ཆེ་ཞིང་། ཁྲི་འབུམ་ལ་དེ་བཞིན་འགྲུབ་དཀའ་བས་གཟུངས་ཐུང་ཁོ་ནས་ཆོག །གང་ལྟར་རྒྱ་ཤོག་སོགས་ལ་སྤར་དུ་བཏབ་ནས་དྲི་བཟང་གིས་བྱུགས་པའམ་མཚལ་སྣག་ལ་བསྲེས་ཀྱང་རུང་། ཤུག་པ་སོགས་བཟང་ཤིང་མགོ་མཇུག་མ་ལོག་པའི་སྲོག་ཤིང་མཚོན་བྱེད་ལ་གཟུངས་ཀྱི་དབུ་ནས་སྔགས་ངོ་ནང་བསྟན་དུ་དྲིལ་བ་བཅུག །སཱཙྪ་སྐམ་ཐག་ཆོད་ནས་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ་སོགས་ལས་བཞིའི་མདོག་མཚུངས་ཀྱི་ཁ་དོག་བསྒྱུར་བར་གསུངས་ཀྱང་དཀྱུས་སུ་ཐམས་ཅད་སྐུ་དཀར་ལེགས་པར་གསོལ་ཞིང་། གདུགས་ཀྱི་མཚོན་བྱེད་དར་ཚོན་སྣ་ལྔ་གང་འཛོམ་གྱི་དུམ་བུ་རེའང་སཱཙྪའི་དབུ་ལ་སྦྱར་གྲུབ་ན་ལེགས་སོ། །སཱཙྪའང་ཕལ་ཆེར་གྱིས་མཆོད་བརྒྱ་མ་ཁྲི་ཕྲག་ལ་འབུམ་ཐེར་བྱེད་སྲོལ་སྣང་ཡང་། འདིའི་གཞུང་ནས་གསུངས་པའི་འབུམ་ཕྲག་ནི་གཟུངས་ཉིད་ལ་དགོངས་པ་ཡིན་པས་ངེས་པར་གཟུངས་འབུམ་ཕྲག་དང་ལྡན་པའི་སཱཙྪ་འབུམ་ཕྲག་གྲུབ་དགོས་པས་མཆོད་བརྒྱ་མ་གྲངས་ལྡན་བཏབ་ན་ལག་ལེན་བདེ་ཞིང་ཁུངས་བཙུན་པར་སྣང་ངོ་། །གཉིས་པ་བཤམ་བཀོད་ནི། མཁན་པོའི་གཞུང་དུ་རྒྱས་བསྡུས་ཀྱི་ཁྱད་པར་མ་གསུངས་ཀྱང་། དྲི་མེད་འགྲེལ་པ་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་ཉིད་ཕལ་ཆེར་གྱིས་ཚད་མར་བྱེད་པས་དེའི་ལུགས་དང་འབྲེལ་ན་གཉིས། རྒྱས་པ་དང་། བསྡུས་པའོ། །དང་པོ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གཞི་དེར་སློབ་དཔོན་གྱིས་དཀར་གཏོར་གསེར་སྐྱེམས་འབུལ་ཞིང་། ཐིག་གིས་བཅད་པ་དང་། ཕུར་གདབ། ཏིལ་ཡུངས་བྲབས་ཤིང་གཟུངས་ཐུང་བརྗོད་པ་ཡན་ཆད་གོང་དུ་སཱཙྪ་འདེབས་པའི་ཆོ་གར་བཤད་པ་རྣམས་སྔར་ཉིན་དུ་གྲུབ་པར་བྱ། དཀྱིལ་འཁོར་གྱི་སྟེགས་བུ་ས་རྡོ་ལ་བརྩིགས་པའམ་ཤིང་ལ་བཟོས་ཀྱང་རུང་སྟེ་དབྱིབས་གྲུ་བཞི། སྟེང་མེ་ལོང་ལྟར་འཇམ་ཞིང་མཉམ་པ། ངོས་བཞིར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་འབུར་རམ་རི་མོར་བྲིས་པ། རྒྱ་ཚད་ཆོ་ག་ཚར་རེ་ལ་སཱཙྪ་གྲངས་གང་བཞུགས་ཉིད་ཤོང་བར་བྱེད་དགོས་པས་སཱཙྪ་ཆེ་ཆུང་སོགས་དང་བསྟུན་པའི་སྟེང་དུ་བ་བྱུང་ལྔ་དང་གུར་གུམ་ཙནྡན་སོགས་དྲིའི་ཆུས་ཆག་ཆག་གདབ། དེ་ནས་ཕྱག་ལེན་གྱི་གཙོ་བོ་མཆོད་རྟེན་བརྒྱ་རྩ་བརྒྱད་པ་ལྟར་ན། གཞལ་ཡས་ཁང་རྟ་བབས་མེད་པའི་སྒོ་རྐྱང་གི་ཕྱི་རོལ་ཁྲུས་རྫིང་པདྨ་འོད་ཟེར་གྱི་ཁོར་ཡུག་དང་བཅས་པའི་ཐིག་ཚོན་སྤྱི་ལྟར་ལ། ཚངས་ཐིག་གི་གཡས་གཡོན་བཞི་པོར་ཆ་དྲུག་རེར་བགོས་པའི་རེའུ་མིག་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་རེ་བྲི། དེའི་ཆ་ལྔ་པ་ཡན་ཆད་རྣམས་སུ་སཱཙྪ་བརྒྱ་རྩ་བཞུགས་པའི་གནས་ཡིན་ཅིང་། ཆ་དྲུག་པའི་ཚངས་ཐིག་ཕྱོགས་བཞིའི་གཡས་གཡོན་གྱི་རེའུ་མིག་གཉིས་གཉིས་ལ་སཱཙྪ་རེ་རེ་བཞུགས་པས་བརྒྱད་ཚང་། དེའི་འཕྲོས་འཕགས་པ་རྣམས་གདན་འཛོམ་པའི་ལྷ་སྣམ་ཡིན་ལ། ཤོང་ཡངས་ཆེ་ན་ཐོག་མ་ནས་ཆ་བདུན་རེར་ཕྱེས་ཏེ་ལྷ་སྣམ་རིམ་པ་གཉིས་སུ་བྱས་ནའང་ལེགས་སོ། །གལ་ཏེ་ཆོ་ག་གཅིག་ལ་སཱཙྪ་སྟོང་རྩ་བཞུགས་ན་ཕྱོགས་རེེར་ཆ་དྲུག་ཅུ་རེར་དབྱེ་དགོས་པས་མཚོན། བར་རྣམས་རིགས་པས་དཔག །དེ་ལྟར་དཀྱིལ་འཁོར་ཡང་སཱཙྪ་བླང་བཞག་གི་ཚེ་མི་ཟུབ་པ་བྱ་དགོས་པས་ཤིང་སྟེགས་ཡིན་ན་ཆུ་ཚོན་གྱིས་བྲིས་ནས་རྩི་བཏང་བ་སོགས་ཤེས་པར་བྱ། དེ་ནས་རེའུ་མིག་གི་པདྨ་རེ་ལ་སཱཙྪ་རེ་བཞག་སྟེ། དེའང་ཐོག་མར་དབུས། དེ་ནས་ཤར་ལྷོ་ནུབ་བྱང་རིམ་བཞིན་གཡས་བསྐོར་དུ་དགོད། དབུས་སུ་འཕྲུལ་སྟེགས་ལ་ལུགས་མ་ལ་སོགས་པའི་མཆོད་རྟེན་ལ་སངས་རྒྱས་ཀྱི་རིང་བསྲེལ་དང་ལྡན་པ་བཞུགས། སྟེང་དུ་གདུགས་དང་བླ་བྲེ། ལོགས་སུ་འཕན་དང་རྒྱལ་མཚན། ཁྱད་པར་བ་དན་དམར་པོ་བརྒྱ་རྩ་བརྒྱད་ལོགས་རེར་ཉེར་བདུན་རེ་བཀོད་ལེགས་མཛེས་པར་བཀྲམ། དེ་དག་གི་དབུས་ཀྱི་ཆར་འཇའ་འོད་ལྔ་ལྡན་གྱི་ནང་དུ་ཐིག་ལེ་སྔོན་པོ་ལ་གཙུག་ཏོར་དྲི་མེད་ཀྱི་གཟུངས་རིང་ཐུང་གསེར་གྱིས་བྲིས་པ་དང་། ཕྱོགས་བཞིར་མཆོད་རྟེན་དཀར་སེར་དམར་ལྗང་བཞིའི་བུམ་སྒོར་གཟུངས་ཐུང་། གདུགས་ལ་གཟུངས་རིང་བྲིས་པའི་ཐང་ཀའང་བཤམ། སྐུ་གདུང་རྣམས་ཀྱི་ཕྱི་རོལ་ངོས་བཞིར་བུམ་པ་རྒྱན་ལྡན་བཞིའི་ནང་འབྲུ་ལྔ་སྨན་ལྔ་རིན་པོ་ཆེ་ལྔ་དང་དྲི་ཆབ་བླུགས་པའི་ཁར། སྣོད་གཙང་མར་བྱེ་མ་བརྔོས་ནས་དུག་ཕྱུང་པ་ཡུངས་ཀར་དང་བསྲེས་པ་བཞག །དཀྱིལ་འཁོར་གྱི་གྲྭ་བཞིར་སྤོས་ཕོར་བཞི་བཞག་སྟེ་ཙནྡན་དང་ཨ་ག་རུ་དང་དུ་རུཥྐ་དང་གུ་གུལ་བཞི་པོ་རྒྱུན་མ་ཆད་པར་བདུག །དུ་རུཥྐ་དངོས་མ་རྙེད་ན་སྤོས་དཀར་གྱིས་རུང་། སྒོ་བཞིར་མཆོད་ཡོན་གྱི་སྣོད་བཞི་བཞག་པའི་ནང་དུ། གུར་གུམ་འབྲས་ཡོས་ནས་ཏིལ་དཀར་ཀུ་ཤ་འོ་མ་མེ་ཏོག་དཀར་པོ་སྟེ་རྫས་བདུན་ཅུང་ཟད་རེ་བླུགས། མཆོད་ཡོན་སྒྲེང་བའི་བྱ་མ་བུམ་ཆུ་གཙང་གིས་བཀང་བ་དང་། ཁྲུས་སྣོད་མེ་ལོང་སྐུ་ཕྱི་ན་བཟའ། རྒྱལ་ཆེན་ཕྱོགས་སྐྱོང་སྡེ་བརྒྱད་རྣམས་ལ་ཟླུམ་གཏོར་གསུམ་རྣམས་ཀྱང་སྟེགས་བདེ་བར་བཞག །མེ་ཏོག་མར་མེ་ཞལ་ཟས་གཙོ་བོར་གྱུར་པའི་ཉེར་སྤྱོད་ལྔ་བརྒྱ་ཕྲག་གི་ཕྲེང་བས་མཚོན་མཆོད་པའི་བྱེ་བྲག་རྒྱས་པར་བཤམ་དགོས་ཀྱང་དཀྱིལ་འཁོར་གྱི་མཐར་སཱཙྪ་ལེན་བཞག་སྐབས་སྟབས་མི་བདེ་བས། བར་ཕྱེ་ནས་ཕྱོགས་ཕྱོགས་ཀྱི་སྟེགས་བུར་བསྒྲིགས་པ་རྣམས་ཀྱི་དབུས་སུ་སྣོད་གཙང་མར་ཙཱ་རུའི་བཟའ་བ་ཟླུམ་གཏོར་ཆེ་ལེགས་དཀར་མངར་ཤིང་ཏོག་གི་བཟའ་བཅའ་སྣ་ཚོགས་དང་ལྡན་པ་སྨན་ལྔ་འབྲུ་ལྔ་དྲི་ལྔ་རིན་པོ་ཆེ་ལྔ་སྙིང་པོ་ལྔ་སྟེ་ལྔ་ཕྲག་ལྔའི་རྫས། བཀྲ་ཤིས་རྫས་རྟགས་འབུར་རམ་རི་མོར་བྲིས་པ་རྣམས་རྟེན་ལ་ཁ་ཕྱོགས་ཏེ་བཀོད། སློབ་དཔོན་གྱི་མདུན་དུ་ཁྲུས་བུམ་མམ་དུང་ཕོར་དྲི་ཆབ་ཀྱིས་བཀང་བ། ཡུངས་ཀར་དང་འཐོར་ནས། གཞན་ཡང་རོལ་མོའི་བྱེ་བྲག་མདོ་ཆོག་ལ་འོས་པའི་རིགས་ཀྱང་འདུ་བྱའོ། །གཉིས་པ་བསྡུས་པ་ནི། དཀྱིལ་འཁོར་གྱི་ས་ཆོག་རྣམས་འདོར་ལེན་ཇི་ལྟར་བྱས་ཀྱང་རུང་ལ། དཀྱིལ་འཁོར་སྒོ་དང་རྟ་བབས་སོགས་མེད་པའི་པདྨའི་གདན་སྣམ་བུ་དང་བཅས་པ་བྲི། བཤམ་བཀོད་རིགས་གོང་ལྟར་ལ་གཟུངས་དང་མཆོད་རྟེན་བྲིས་པའི་ཐང་ཀ་ལྔ་པོ་མི་དགོས་ལ། བརྒྱ་མཆོད་རྣམས་གང་འབྱོར་བྱས་ནས་ཚར་རེ་བཞིན་ཁ་གསོ། ཙཱ་རུའི་བཟའ་བའང་དཀྱིལ་འཁོར་མདུན་དུ་ཚར་གཅིག་བཀོད་པས་ཆོག །བུམ་པ་བཞི་མི་འཛོམ་ན་གཅིག་བྱེ་སྣོད་བཅས་སློབ་དཔོན་མདུན་དུ་བཞག །སྤོས་ཕོར་ཡང་གཅིག་གིས་མཚོན་ཙམ་རུང་ཞིང་བཟང་སྤོས་མ་འཛོམ་ན་ཤུག་པ་དང་ཨ་ག་རུ་དཀྱུས་མ་སི་ལ་སོགས་བདུག་པས་གོ་ཆོད། ལྔ་ཚན་ལྔ་མ་འབྱོར་ན་རི་མོར་བྲིས་པས་ཀྱང་རུང་རོ། །གསུམ་པ་ཆོ་ག་བཏང་ཚུལ་ལ་གཉིས། ཐུན་མོང་གི་ལག་ལེན། བྱེ་བྲག་དབྱེ་བསྡུའོ། །དང་པོ་ནི། བསླབ་པ་དང་ལྡན་པའི་དགེ་འདུན་པ་རྣམས་ཀྱིས་མགོ་ལུས་ལ་ཁྲུས་བྱ་ཞིང་བཀྲུ། ཆོས་གོས་རྣམ་གསུམ་ཚུལ་དང་ལྡན་པར་བགོ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང་ལ་ཁྲུས་དང་གོས་གཙང་མ་གྱོན། ཤ་ཆང་སྒོག་བཙོང་མ་ཡིན་པའི་དཀར་མངར་གྱི་བཟའ་བཏུང་བག་ཡོད་པར་ལོངས་སྤྱད། ཉོན་མོངས་པའི་རྣམ་པར་རྟོག་པ་དང་། གཉིད་དང་ལེ་ལོ། གཞན་ལ་གནོད་འཚེ་སོགས་མ་དག་པའི་བསལ་སྦྱོར་ཅི་ནུས་སུ་སྤང་། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་མདོ་སྡེ་དང་མཆོད་རྟེན་གྱི་ཕན་ཡོན་ལ་ཡིད་ཆེས་པའི་དད་པ་དང་གུས་པ་ཆེར་བསྐྱེད། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེའི་སེམས་བསྐྱེད་ལ་ཆོ་གའི་ཚིག་དལ་བྲེལ་རན་ཅིང་སྔགས་སྒྲ་དག་པ་སོགས་གལ་ཆེ། འགྲུབ་ཏུ་རུང་ན་དོན་ཞགས་ལུགས་ཀྱི་ཐེག་ཆེན་གསོ་སྦྱོང་བླངས་ལ་ཚུལ་ཁྲིམས་རྣམ་དག་གཟུངས་བཟླ་བ་ནངས་རེ་བཞིན་བྱས་ན་ཤིན་ཏུ་ལེགས། འབྱོར་པས་ལྕོགས་ན་གོང་སྨོས་མདོ་སྡེ་རྣམས་ཀློག་པ་པོ་གཅིག །གཟུངས་ཟློ་བ་པོ་གཅིག་བཅས་བཞག་གོ། །གཉིས་པ་ལ་གསུམ། རྒྱས་པ། འབྲིང་པོ། བསྡུས་པའོ། །དང་པོ་ནི། དགེ་འདུན་རྣམས་གྲལ་དུ་འཁོད་པ་དང་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་བརྗོད། སྙིང་པོ་དང་ཁྲུས་བདུན་རིག་པ་ཅི་འགྲུབ་བཟླས་པས་བུམ་པའི་ཆུ་བྱིན་གྱིས་བརླབས་ཏེ་འདུས་པ་རྣམས་ནས་ཁྲུས་དང་འཐོར་འཐུང་བྱས་མཐར་ཕན་ཡོན་བརྗོད། སྤྲོ་ན་ཐུབ་བསྟོད་གང་རུང་འདོན། འགྲེང་སྟེ་སེམས་བརྩེ་མ་བརྗོད་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མངོན་སུམ་ལྟ་བུར་དམིགས་ནས་ཕྱག་བྱ། དེ་ནས་གདན་ལ་འཁོད་དེ། ཤེས་པས་གྲུབ་པ་ལས། ༀ་སུ་པྲ་ཏིཥྛ་སྟུ་བེ་སྭཱ་ཧཱ། ལན་གསུམ་བརྗོད་པ་ནས། ཕུན་སུམ་ཚོགས་པའི་དབང་ཐམས་ཅད་བསྐུར་བར་གྱུར། བར་དང་། དེའི་གོང་དུ་ཡོད་པ། ༀ་ཏྲཻ་ཡ་སོགས་སྔགས་མཚན་བཞི། ༀ་རཏྣ་ཙཻཏྱ་སོགས་གོང་འོག་གི་སྔགས་ཐམས་ཅད་ལན་གསུམ་གསུམ་དང་། བར་གྱི་དམིགས་པ་རྣམས་ཀྱང་། གྱུར་ཅིག །ཅེས་སྨོན་ལམ་དུ་བསྒྱུར་བ་སོགས་ཤེས་པར་བྱས་ལ་རྟེན་དང་ཡོ་བྱད་སྤྱིར་བྱིན་གྱིས་བརླབ། ཡང་ན་འདི་དག་ཁོ་བོས་གསར་བསྒྲིག་དྲི་མེད་ལམ་འཇུག་ལྟར་བྱས་ཀྱང་རུང་ངོ་། །དེ་ནས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །སོགས་དང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་ཤློ་ཀ་བརྗོད་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ། དེ་ན་དྲི་མེད་ཆོ་ག་གཞུང་ལྟར། ཆོས་ཐམས་ཅད་དོན་དམ་པར་སོགས་ནས། དགོད་པར་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། བདག་ནི་དུས་ངན་པའི་སོགས་ཀྱིས་སེམས་བསྐྱེད་ལ། ས་གཞི་རྟེན་མཆོད་བྱིན་རླབས་དང་། བདེ་སྟོབས་བརྗོད་པ་ལན་གསུམ་གསུམ། དེ་ནས་མར་མེ་སྤར། བདུག་སྤོས་བཏུལ། དགེ་འདུན་རྣམས་པུས་བཙུག་ཐལ་སྦྱར་མེ་ཏོག་བླངས་ལ། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སོགས་ནས། བྱིན་གྱིས་བརླབ་པར་ཅི་གནང་ཞེས་པའི་ཚིག་གོང་མའི་བར། དེ་ནས་མཆོད་འབུམ་ལས། དེ་བཞིན་གཤེགས་པ་དང་སོགས་ནས། གཤེགས་ཤིང་བཞེས་པར་གསོལ། ཅེས་པའི་བར་དང་། སླར་ཆོག་གཞུང་ལས། གནོད་སྦྱིན་གྱི་སྡེ་དཔོན་ནས། ཅི་གནང་ཞེས་པའི་བར། མཆོད་འབུམ་ལས། ལྷའི་འཇིག་རྟེན་ནས། དེ་ལྟ་བུར་གཤེགས་པར་གསོལ། ཅེས་པའི་བར་གྱིས་རྒྱལ་བ་སྲས་བཅས། མཆོད་རྟེན་ཆོས་སྐྱོང་བ་བཅས་སྤྱན་དྲངས་ལ་བར་མཚམས་རྣམས་སུ་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བྱ། ཆོག་གཞུང་ལས། ཕོ་བྲང་གི་དཀྱིལ་འཁོར་ནས། བཞུགས་པར་གྱུར་བར། འགྲེངས་ལ་ཕྱག་ལན་བདུན་འཚལ་བཞིན་དུ། མཆོད་འབུམ་ལྟར། ཡེ་ཤེས་ཚོགས་ཀྱིས་སོགས་བྱོན་ཕྱག་འབུལ་བ་ནས། སྨོན་ལམ་འཇུག །མྱུར་ཐོབ་ཤོག་བར་བཏང་། ཨརྒྷཾ་འབུལ་བའི་སྐབས་ཕྱོགས་བཞིར་མཆོད་ཡོན་སྦྲེང་། ཁྲུས་ཀྱི་སྐབས་ཕྱོགས་བཞིའི་བུམ་པས་ཕྱོགས་སོ་སོ་ནས་ཁྲུས་གསོལ་བ་སོགས་དང་། མཆོད་པ་རྣམ་ལྔ་འབུལ་བའི་ཐོག་མར་མཆོད་སྤྲིན་གྱི་སྔགས་ལན་གསུམ་བརྗོད། ཡུངས་ཀར་འབུལ་བའི་སྐབས་སུ་ཡུངས་ཀར་འཐོར་བ་དང་རོལ་མོ་སོགས་བྱ། མཆོད་འབུལ་གོང་འོག་འཁྲུགས་ཅུང་ཟད་སྣང་ཡང་ལག་ལེན་མི་བདེ་བས་བཏང་སྙོམས་སུ་བཞག་པའོ། །དེ་ནས་འགྲེངས་ལ་ཕྱག་འཚལ་བའི་གཟུངས་ལན་གསུམ་སྔོན་དུ་འགྲོ་བས། ཆོག་གཞུང་ལྟར། བཅོམ་ལྡནས་འདས་མི་འཁྲུགས་པ་སོགས་ཆོས་དཀོན་མཆོག་ལ་ཕྱག་འཚལ་བ་ཡན་དང་། མཆོད་འབུམ་ལས། ཤེས་རབ་མཆོག་གིས་སོགས་ནས། རྨད་རྫོགས་མངའ་ལ་ཕྱག་འཚལ་བསྟོད་བར། ཆོག་གཞུང་ལས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ནས་ཕྱག་འཚལ་རྫོགས་པའི། སྐྱབས་སུ་མཆིའོའི་བར་བརྗོད་ལ་ཕྱག་བྱ། གདན་ལ་འཁོད་ནས། འཕགས་པའི་ཚོགས་ཐམས་ཅད་སོགས་ནས། མཆོད་ཅིང་འབུལ་ལོའི་བར་དང་། མཆོད་སྤྲིན་གྱི་གཟུངས་སྔགས་བཅས་རོལ་མོ་བྱ། དེ་ནས་མཆོད་འབུམ་ལས། ཡེ་ཤེས་ཚོགས་རྫོགས་སོགས་མཐར་ཆགས་སུ་བཏང་བ་ལས། ཨརྒྷཾ་གསོལ་བའི་སྐབས་བྱ་མ་བུམ་སྤོས་ཀྱིས་བདུག །ལག་ཐལ་སྦྱར་གྱིས་དཔྲལ་བར་བཟུང་ལ་ཕྱོགས་བཞིའི་མཆོད་ཡོན་གྱི་སྣོད་རྣམས་སུ་གཡས་བསྐོར་དུ་སྦྲེང་། རྒྱལ་ཆེན་སོགས་ལ་མཆོད་ཅིང་བསྟོད་པ་མ་གཏོགས་གཏོར་འབུལ་གཞུང་འདིར་མ་བཤད་པས་མི་དགོས་ཀྱང་སྤྱི་ལྟར་སྤྲོ་ན་འགལ་བ་མེད་པས། མཆོད་རྟེན་བསྟོད་པ་གྲུབ་ནས་འཁྱིལ་བའི་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། ཆ་གསུམ་ལྟར་ཐུན་མོང་དུ་བྱིན་བརླབ། རྒྱལ་ཆེན་བཞིའི་སྔགས་ལ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། ཤར་ཕྱོགས་ན་ནི་སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ། ༀ་ཨིནྡྲཱ་ཡ་སོགས་ཀྱིས་ཕྱོགས་སྐྱོང་དང་། ༀ་དེ་བ་། ནཱ་ག་སོགས་ཀྱིས་སྡེ་བརྒྱད་ལ་འབུལ་ཞིང་མཆོད་བསྟོད་བྱས་ལ་གཏོར་མ་གཤེགས། སྡིག་པ་བཤགས་པ་ནས། བྱང་ཆུབ་བསྔོ་བའི་བར་གཞུང་རྫོགས་པར་གྲུབ་པ་དང་། ཆོག་གཞུང་སྔ་མའི་འཕྲོས། འཕགས་པའི་ཚོགས་ཐམས་ཅད་དགོངས་སུ་གསོལ་སོགས་ནས། དེ་བཞིན་དུ་གྱུར་ཅིག་བར་གཞུང་ལས་ལན་གསུམ་གསུངས་པ་རྣམས་ཀྱང་དེ་ལྟར་བརྗོད། དེ་ནས་གཙུག་ཏོར་དྲི་མེད་ཀྱི་མདོ་གཟུངས་དབུའི་རྒྱ་སྐད་ནས་བཟུང་ཚར་གཅིག་བཀླག །གཟུངས་རིང་ཐུང་ལ་སླེབས་པ་དང་དེ་དག་བརྒྱ་རྩ་རེ་བཟླ་དགོས་པས་གཅིག་གིས་གྲངས་འགྲོ་དཀའ་ན་སྤྱི་འགོར་བརྩིས་ཀྱང་རུང་ངོ་། །གཟུངས་མདོ་གྲུབ་པ་དང་། ཆོག་གཞུང་ལྟར། ཕྱོགས་བཅུ་དུས་གསུམ་སོགས་ནས། དབྱིངས་ལ་འགོད་པར་གྱུར་ཅིག་བར་བརྗོད། གཟུངས་རིང་ཐུང་བརྗོད་ཅིང་གཟུངས་བུམ་རྣམས་ཀྱི་བུམ་ཆུ་ུབཀྱེས་ལ་འཐོར་འཐུང་བྱ། དེ་ནས་རིན་ཆེན་རྒྱན་མཚན་གྱི་སྔགས་དང་འོད་ཟེར་དྲི་མེད་ལས་འབྱུང་བའི་སྐོར་བའི་སྔགས་ལན་གསུམ་བརྗོད། གཟུངས་རིང་ཐུང་གཉིས་ཀའམ་མི་ཤེས་ན་གཟུངས་ཐུང་བཟླ་བཞིན་དུ་བསྐོར་བ་ལན་བརྒྱ་རྩ་བརྒྱད། དེའང་མི་ལྕོགས་ན་མི་གྲངས་ལ་བརྩིའོ། །དེ་ནས་གདན་ལ་འཁོར་དེ་མཆོད་རྟེན་བསྐོར་བའི་ཕན་ཡོན་དང་། གསལ་རྒྱལ་གྱི་ཚིགས་བཅད་གཉིས་ཀའམ་མི་ནུས་ན་རེས་མོས་སུ་བཀླག །དེ་ནས་སྐབས་འདིར་བཟང་སྤྱོད་སྨོན་ལམ་འདོན་པར་གསུངས་ཀྱང་ཆོ་ག་ཚར་གྲངས་མང་པོའི་སྐབས་སཙྪ་རྣམས་བླངས་བཞག་གི་ཁྱད་ཀྱིས་རྗེས་ནས་འདོན་ན་ལེགས། དེ་ནས། འཕགས་པའི་ཚོགས་ཐམས་ཅད་ལ་སོགས་ནས། མཆོད་ཅིང་འབུལ་ལོའི་བར་དང་། མཆོད་སྤྲིན་སྔགས་བཅས་བརྗོད། གཞུང་ལྟར་བཟོད་གསོལ་དང་གཤེགས་གསོལ་བྱ། རྟེན་ལ་དམིགས་ནས་བརྟན་བཞུགས་བྱས་ཀྱང་རུང་། དེ་ནས་གོང་དུ་མ་འདོན་ན་བཟང་སྤྱོད་འདིར་འདོན་ཅིང་། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཐོག་དྲངས་ཤིས་བརྗོད་བྱ། ཚར་གྲངས་མང་པོའི་སྐབས་དེའི་ཚེ་ལས་རྡོར་སོགས་ཀྱིས་སཱཙྪ་རྣམས་གཞན་དུ་སྤྱན་དྲངས་ལ། རྗེས་མ་རྣམས་དཀྱིལ་འཁོར་དུ་བསྒྲིགས་པ་དང་། མཆོད་གཏོར་གསར་དུ་བཤམ་པ་དང་ཁ་གསོ་བ་སོགས་བྱའོ། །གཉིས་པ་ཆོ་ག་འབྲིང་བོ་ཙམ་བྱེད་ན། སྤྱིའི་ལག་ལེན་སོགས་རྒྱས་པ་ལྟར་ལ། ཐོག་མར་ཚིགས་སུ་བཅད་པ་བཞི་པ་ལྟ་བུའི་ཚིགས་བརྗོད་ནས་འཕགས་པ་རྣམས་ལ་ཕྱག་བྱ། གང་གིས་རྟེན་ཅིང་སོགས་སྟོང་པ་ཉིད་བསྒོམ་པ་ནས་བརྩམས་ཆོག་གཞུང་ལྟར་བཏང་བ་ལས། སྤྱན་འདྲེན་སྔ་ཕྱིའི་བར་དུ་མཆོད་འབུལ་ལྟར། དེ་བཞིན་གཤེགས་པ་དང་སོགས་ཀྱིས་མཆོད་རྟེན་སྤྱན་འདྲེན་སྦྱར། ཆོག་གཞུང་གི་ཕྱག་མཆོད་དང་། གླེང་བཞི་བརྗོད་ཅིང་ཐུགས་དམ་བསྐུལ་བ། བདེན་པ་བདར་ཞིང་ཡིད་ཀྱིས་བསྔོ་བ་རྣམས་གྲུབ་པའི་རྗེས་སུ། གཟུངས་མདོ། སྔགས་བཟླས། ཡན་ལག་བདུན་པ། བསྐོར་བའི་ཕན་ཡོན་གྱི་ཚིགས་བཅད། མཆོད་པ། བཟོད་གསོལ་སོགས་ཀྱང་རྒྱས་པ་དང་འདྲ་ལ། མདོར་ན་མཆོད་འབུམ་ལས་མཆོད་རྟེན་སྤྱན་འདྲེན་སྦྱོར་བ་ཙམ་མ་གཏོགས་གཞན་ཆོག་གཞུང་ཁོ་ན་ཚང་བར་བཏང་བ་ཡིན་ནོ། །གསུམ་པ་ཆོ་ག་བསྡུས་པ་ནི། ཆོག་གཞུང་ལ་སྙིང་པོར་ཕྱུང་ནའང་ཕྱོགས་ཙམ་རུང་མོད། འཕྲི་བསྣན་འགའ་ཞིག་མ་བྱས་ན། འབྲིང་བསྡུས་འདི་དག་ལ་ཆོ་གའི་ཆ་ལག་ཚང་དཀའ་བ་དང་། འཕྲི་བསྣན་བསབ་འོས་མང་ན་ལག་ལེན་དུ་ཁྱེར་མི་བདེ་བས་བསྡུས་པའི་ཆོ་ག་དྲི་མེད་ལམ་འཇུག་ཅེས་བྱ་བ་ནག་འགྲོས་ཟུར་དུ་བཀོད་པ་ལས་རྟོགས་པར་བྱའོ། །དེའང་ཆོ་ག་ཚར་གྲངས་མང་དུ་བྱ་དགོས་པའི་ཚེ་སྔ་དྲོ་ཐོག་མར་རྒྱས་པ་ཚར་གཅིག་བཏང་། དེ་ནས་འབྲིང་པོ་ཚར་གཅིག །དེ་ནས་བསྡུས་པ་དུ་ཐོན་བྱ་བའམ། རྒྱས་པའི་ཁོངས་སུ་འབྲིང་པོའང་འདུ་བས་ཟུར་དུ་མི་བྱ་བར་རྒྱས་པ་ཚར་གཅིག་གི་རྗེས་སུ་བསྡུས་པ་ཉིད་གང་འགྲུབ་བྱས་ན་བདེ་ཞིང་ལེགས་པ་མངོན་ནོ། །བཞི་པ་རྗེས་ནི། སཱཙྪ་བརྒྱ་སྟོང་ལྟ་བུ་ཉུང་ངུ་ལས་མི་འགྲུབ་ན་དེ་དག་གི་ཆོ་ག་ཟིན་ནས་ཚ་ཁང་ལྟ་བུ་ཕྱག་བསྐོར་སོགས་བཀུར་སྟི་དང་ཚོགས་བསགས་ཀྱི་རྟེན་དུ་འགྱུར་ལ་ཆུད་མི་ཟ་བའི་གནས་སུ་དབུ་ཞབས་མ་ལོགས་པར་བཞུགས་སུ་གསོལ་བས་འཐུས་ཤིང་། འབུམ་ཐེར་ལྟ་བུ་ལ་ལམ་གྱི་གཞི་མདོའམ་གོང་སྨོས་ཀྱི་གནས་སོགས་སུ། ས་ཆོག་སྔོན་དུ་འགྲོ་བས་ཁང་བུ་བརྩེགས་པའི་མཆོད་རྟེན་བརྩིགས་པའི་ནང་དུ་དབུས་སུ་རྡོ་ལ་བརྐོས་པའི་དཀྱིལ་འཁོར་སོགས་འདུ་བྱས་ཏེ། དྲི་མེད་རྣམ་གཉིས་ཀྱི་ཆོ་གའི་གཞུང་ཇི་ལྟ་བར་སྲོག་ཤིང་འཛུགས་པའི་ཆོ་ག་བྱས་ལ། གཙུག་ཏོར་དྲི་མེད་ཀྱི་མཆོད་རྟེན་བརྒྱ་རྩ་བརྒྱད་དང་། འོད་ཟེར་དྲི་མེད་ཀྱི་མཆོད་རྟེན་དགུ་བཅུ་རྩ་དགུ་རྣམས་དབུས་སུ་བང་སྒྲོམ་ལྟ་བུར་བཞུགས་པའི་མཐའ་བསྐོར་དུ་སཱཙྪ་བྱིངས་རྣམས་ཀྱང་དབུ་ཞབས་མ་ལོག་པར་བཞུགས་སུ་གསོལ་ན་ཕན་ཡོན་བསམ་ལས་འདས་པ་གཞུང་དེ་དག་ཏུ་གསལ་བ་ལྟར་རོ། །གལ་ཏེ་འོད་ཟེར་དྲི་མེད་ཀྱི་སཱཙྪའི་ཆོ་ག་བྱེད་ནའང་གཞུང་འདི་དག་ལ་སྨོན་ལམ་སོགས་ཅུང་ཟད་ཁ་བསྒྱུར་བས་འགྲུབ་སྟེ་དེའི་ཚུལ་ནི་ལོ་ཆེན་དྷརྨཱ་ཤྲཱིའི་ཡིག་ཆ་སོགས་སུ་ཤེས་པར་བྱའོ། །ཆོ་ག་ལན་གཅིག་གྲུབ་ཀྱང་ངན་འགྲོ་ཡི། །སྐྱེ་སྒོ་གཅོད་ཅིང་བྱང་ཆུབ་ཚོགས་རྫོགས་པའི། །ཐབས་མཆོག་སངས་རྒྱས་ཞལ་ནས་ཆེད་བསྔགས་པ། །དང་དུ་ལེན་པའི་སྐལ་ཅན་དེང་སང་དཀོན། །འོན་ཀྱང་སྙིང་ནས་ཡིད་ཆེས་དད་པ་ཡིས། །བྲིས་འདིས་རིང་བསྲེལ་སྙིང་པོ་ཅན་གྱི་གདུང་། །རྣམ་དག་ཆོ་གའི་གཟི་ལྡན་ས་གསུམ་ཁྱབ། །བཟང་པོ་སྤྱོད་པའི་རྣམ་ཐར་ཡོངས་རྫོགས་ཤོག །དྲི་མེད་ཆོ་གའི་ལག་ལེན་འདི་ཉིད་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པས་བཀའ་སྩལ་མེ་ཏོག་སྤྱི་བོར་བཅིངས་ཤིང་། སྔ་ཕྱིར་དོན་གཉེར་ཅན་འགའ་ཞིག་གི་བཞེད་པ་སྐོང་བའི་ཕྱིར་དང་། ཆོས་ཚུལ་ཁྱད་པར་འཕགས་པ་འདི་ཉིད་དར་ཞིང་རྒྱས་པར་གྱུར་ན་ཅི་མ་རུང་སྙམ་དུ་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ། ཡོན་ཏན་རྒྱ་མཚོའི་མིང་ཅན་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བྲིས་པ་དགེ་ལེགས་འཕེལ།། །།
ཤེས་པས་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས།
ཤེས་པས་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས་བཞུགས། རྒྱ་གར་སྐད་དུ། སརྦ་པྲ་ཛྙཱནྟ་པ་ར་མི་ཏ་སིངྔྷི་ཙེཏྱེ་ན་མ་དྷ་ར་ནི། བོད་སྐད་དུ། ཤེས་པས་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་དང་། འདུལ་བ་དང་། རྣམ་པར་འཕྲུལ་བའི་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་དུས་གསུམ་སངས་རྒྱས་ལ། ཕྱག་འཚལ་དཀོན་མཆོག་གསུམ་དགེ་ལ། མི་འཁྲུགས་པ་དང་འོད་དཔག་མེད། སྤྱན་རས་གཟིགས་ལ་བདག་ཕྱག་འཚལ། རིགས་གསུམ་ལ་ཡང་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་རི་རབ་ཆེན་པོ་སྣ་ལྔ་ལས་གྲུབ་པ། གཞི་ཉིད་མཆོད་རྟེན་གྱི་རང་བཞིན་དུ་གནས་པའི་སྟེང་ན། རིན་པོ་ཆེ་སྣ་ཚོགས་པའི་ཁང་པ་དང་། ཚད་མེད་པའི་མཆོད་རྟེན་བཞི་དང་། རང་བཞིན་གྱི་མཆོད་རྟེན་ཆེན་པའི་གནས་ཡིན་པའི་ཕྱིར་རྩེ་མོའི་དབྱིངས་ཀྱང་མཆོད་རྟེན་དུ་གྱུར་པའི་གནས་ན་ལག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་པ་དང་། བྱམས་པ་ལ་སོགས་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཚངས་པ་དང་། བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་གཙང་རིས་ཀྱིས་མགོན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གཏོར་དང་། ཐུགས་ཀའི་དཔལ་གྱི་བེའུ་ལ་སོགས་པ་རྣམས་ནས་འོད་ཟེར་ཁ་དོག་རྣམ་པ་སྣ་ཚོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་སྙེད་ཅིག་བཀྱེ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་པ་ཐམས་ཅད་འོད་ཟེར་གྱི་སྣང་བ་ཆེན་པོས་ཏིལ་གྱི་གང་བུ་བཞིན་དུ་གང་ཞིང་ཁྱབ་པར་མཛད་པས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལོང་བ་རྣམས་ཀྱིས་གཟུགས་མཐོང་བ་དང་། འོན་པ་རྣམས་ཀྱིས་སྒྲ་ཐོས་པ་དང་། དིག་པ་རྣམས་ཀྱི་སྨྲ་ཤེས་པ་དང་། ཐེང་བོ་རྣམས་དང་། ཞ་བོ་རྣམས་འགྲོ་ཞིང་ཡན་ལག་རངས་པ་ངང་། ནད་པ་རྣམས་ནད་དང་བྲལ་བ་དང་། །དམྱལ་བ་རྣམས་ཚེ་ཕྲི་ནས་རིམ་གྱིས་སྡུག་བསྔལ་ལས་ཐར་པ་དང་། གཞན་ཡང་འགྲོ་བ་སེམས་ཅན་རྣམས་རིམ་གྱིས་དྲན་པ་རྙེད་པར་བྱས་ནས། ནམ་མཁའི་ཁམས་ཐམས་ཅད་ཡིད་ཀྱི་མཆོད་རྟེན་ཆོས་ཀྱི་སྐུས་གང་ཞིང་རྒྱས་པར་བྱས་ཏེ། འོད་ཟེར་དེ་དག་སླར་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་འདུས་པ་ལས་ཆོས་ཀྱི་སྐུའི་གཟུགས་བརྙན་དུ་གྱུར་ཏོ། །དེ་ནས་ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་བླ་རེ་དང་། རྒྱལ་མཚན་དང་། འཕན་དང་། གདུགས་དང་། རྔ་ཡབ་དང་། དྲིལ་བུ་དང་། དར་དཔྱངས་དང་། སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། མར་མེ་དང་། བཤོས་དང་། རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འགྲོ་བའི་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་མཆོད་རྟེན་བྱིན་གྱིས་བརླབ་པའི་ཆོ་ག་རིག་པ་ཆེན་མོའི་བི་མ་ལ་ཨུཥྞཱི་ཥའི་གཟུངས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆོད་རྟེན་བྱིན་གྱིས་བརླབ་པའི་ཆོ་ག་རིག་པ་ཆེན་མོ་བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛིན་ཏམ། འཆང་ངམ། བྲིས་སམ། ཀློག་གམ། མིང་ཉན་པར་བྱེད་ན། དེ་མཚམས་མེད་ལྔ་དང་། མི་དགེ་བཅུ་དང་། སྡིག་པའི་ལས་ཅི་བྱས་པ་ཐམས་ཅད་མ་ལུས་པར་བྱང་བར་འགྱུར་རོ། །བི་མ་ལ་ཨུཥྞཱི་ཥའི་རིག་པ་ཆེན་མོའི་མཆོད་རྟེན་བྱིན་གྱིས་བརླབ་པའི་ཆོ་ག་འདིའོ། །ༀ་ཏྲཻ་ཡ་དྷི་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསྂ་ཤོ་དྷ་ཡ། པ་པྂ་སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞི་ཥ་བི་མ་ལེ་བི་ཤུདྡྷ་སྭཱ་ཧཱ། རིག་པ་ཆེན་མོ་འདི་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་མཆོད་རྟེན་གྱི་རང་བཞིན་དུ་གྱུར་ཏོ། །རིག་པ་ཆེན་མོ་འདི་གྲོ་གའམ་རས་སམ་ཤིང་ཤུན་ལ་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན། ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་ཅིང་ཕྱག་བྱ་བ་དང་། བཀུར་སྟི་བྱ་བའི་འོས་སུ་གྱུར་པ་དང་། རིག་པ་ཆེན་མོ་འདི་ལུས་སམ་མགུལ་དུ་ཐོགས་ན། དེ་ལྷ་དང་། མི་དང་། ལྷ་མ་ཡིན་པ་ལ་སོགས་རྣམས་ཀྱིས་སངས་རྒྱས་ཉིད་དུ་བལྟ་བར་འགྱུར་རོ། །བདག་ཉིད་རི་བྲག་གམ། ཚལ་ལམ། དགོན་པའམ། ས་ཕྱོགས་གང་དུ་འགྲོ་བའི་ཚེ་རིག་པ་ཆེན་མོ་འདི་བརྗོད་ན་རི་དང་ས་ཕྱོགས་ཐམས་ཅད་མཆོད་རྟེན་དུ་འདྲ་བར་འགྱུར་རོ། །ༀ་ཏྲེ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་མ་ཧཱ་བི་ར་ཛེ་ར་གམྦྷཱི་ར་སི། དྷརྨ་དྷཱ་ཏུ་གརྦྷེ། བི་བི་སཱ་ར་ཨ་ཨ་ལཾ་སྭཱ་ཧཱ། ཞེས་བརྗོད་ན། ས་གཞི་ཐམས་ཅད་ཀྱང་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་རོ། །བདག་ཉིད་ཆུའམ། ཆུ་བོའམ། མཚོའམ། རྒྱ་མཚོ་ལ་སོགས་པ་གང་ལ་རྒལ་བ་ན་ཡང་རིག་པ་ཆེན་མོའི་རིགས་སྔགས་འདིས་བཏབ་ན་ཆུ་དེ་ཐམས་ཅད་ཀྱང་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་རོ། །ༀ་ཏྲཻ་ཡ་དྷཱེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསྂ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྷེ། མ་ཧཱ་བི་ར་ཛེ་ར་གམྦྷི་ར་སི། དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་མ་མ་ཀི་སྭཱ་ཧཱ། ཞེས་བརྗོད་ན། ཆུ་ཐམས་ཅད་ཀྱང་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་རོ། །གཞན་ཡང་བདག་ཉིད་ཀྱིས་ནམ་མཁའ་གང་ནས་གང་ཁྱབ་པར་རིག་པ་ཆེན་མོའི་སྔགས་འདི་བཏབ་ན། ནམ་མཁའ་ཐམས་ཅད་ཀྱང་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་རོ། །ༀ་ཏྲཻ་ཡ་དྷཱི་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སྂ་ཧ་ར་ཎ། ཨཱ་ཡུཿསྂ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྷེ། མ་ཧཱ་བི་ར་ཛེ ར་གམྦྷི་ར་སི། དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་ཨ་ཨེ་ཁྂ་ལ་སྭཱ་ཧཱ། ཞེས་བརྗོད་ན། ནམ་མཁའི་ཁམས་ཐམས་ཅད་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་ཏེ། ཕྱག་བྱ་བ་དང་། བསྐོར་བ་བྱ་བ་དང་། མཆོད་པ་བྱ་བའི་འོས་སུ་འགྱུར་རོ། །བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་བཟླས་ཏེ། འབྱུང་བ་ཆེན་པོ་ལྔ་པོ་གང་ལ་ཡང་མཆོད་རྟེན་བཏབ་ན་ཉོན་མོངས་པ་དང་། སྒྲིབ་པ་ཐམས་ཅད་དག་པར་འགྱུར་རོ། །གཞན་ཡང་ས་དང་། ཤིང་དང་། རྡོ་དང་། འཇིམ་པ་དང་། འབི་འབི་གང་ཡང་རུང་བ་ལ་རིག་པའི་སྔགས་འདིས་བཏབ་སྟེ། མཆོད་རྟེན་བཏབ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་མཆོད་རྟེན་གྱི་རྒྱུར་འགྱུར་ཏེ། ༀ་རཏྣ་ཙཻཏྱེ་པཉྩ་ཡེ་བི་བི་སཱ་ར་སྭཱ་ཧཱ། ཞེས་བརྗོད་ནས་པའི་ལྕི་བ་ལ་སོགས་པས་བྱུག་ན་ཐམས་ཅད་རིན་པོ་ཆེའི་མཆོད་རྟེན་གྱི་རྒྱུར་འགྱུར་རོ། །རིག་པ་ཆེན་པོའི་སྔགས་འདི་མ་བཏབ་ན། གང་ཞིག་གསེར་དང་། དངུལ་དང་། བཻ་ཌཱུརྻ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་ལས་མཆོད་རྟེན་བཞེངས་སུ་གསོལ་ཡང་རྡོ་དང་། ཤིང་དང་ཁམས་ས་དང་འདྲ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ཉིད་རྫས་ཀྱི་རང་བཞིན་ལས་སྙིང་པོ་དང་གསང་སྔགས་བྱིན་གྱིས་བརླབས་པ་མ་བཞུགས་པའི་ཕྱིར་རོ། །རིག་པ་ཆེན་མོ་འདིས་བྱིན་གྱིས་བརླབས་ཏེ་བཏབ་ན། འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་བསྐལ་པ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །རིག་པ་ཆེན་པོ་འདིས་བྱིན་གྱིས་བརླབས་ཏེ་རྡོ་དང་ཤིང་ལེབ་ལ་སོགས་ལ་མཆོད་རྟེན་བཏབ་ན། དེ་གདོན་མི་ཟ་བར་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་ས་བཅུ་རིམ་གྱིས་བགྲོད་དེ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འགྱུར་རོ། །རིག་པ་ཆེན་མོ་འདིས་བྱིན་གྱིས་བརླབས་ཏེ། གསེར་དང་། དངུལ་དང་། བཻ་ཌཱུརྻ་ལ་སོགས་པ་ལ་མཆོད་རྟེན་བཏབ་ན། དེ་གདོན་མི་ཟ་བར་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་རྡོ་རྗེ་འཛིན་པའི་ས་ཐོབ་པར་འགྱུར་རོ། །གཞན་ཡང་རིག་པ་ཆེན་མོའི་སྔགས་འདིས་བཏན་ན་མཆོད་རྟེན་གཅིག་བཏབ་ན་ཡང་བྱེ་བ་བཏབ་པར་འགྱུར་རོ། །རིག་པ་ཆེན་མོ་འདིས་མ་བཏབ་ན་བྱེ་བ་བཏབ་ཀྱང་གཅིག་དང་འདྲ་བར་འགྱུར་རོ། །དེའི་ཅིའི་ཕྱིར་ཞེ་ན། གོང་མ་བཞིན་ནོ། །རིག་པ་ཆེན་པོ་དེའི་སྔགས་ནི་འདི་ཡིན་ཏེ། ཏདྱ་ཐཱ། སཱུ་ཀྵྨེ། སཱུ་ཀྵྨེ། ཤུནྟེ། ཤཱཏྣེ། ནི་རཱ་ཀུ་ལེ། ཡ་ཤོ་ཏེ་ཛོ། སརྦ་བུདྡྷེ། ཨདྷིཥྛ་ན། ཨ་དྷིཥྛི་ཏེ། ཨ་ནུ་མི་དེ་སྭཱ་ཧཱ། འདིའི་ཆོ་ག་ནི་འདི་ཡིན་ཏེ། འཇིམ་པའི་གང་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་རོ། །བརྒྱ་བཏབ་པའི་གྲངས་དང་ཕན་ཡོན་ནི་འཕགས་པ་ཉན་ཐོས་ཀྱི་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ། །སྟོང་བཏབ་པའི་གྲངས་དང་ཕན་ཡོན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ། །ཁྲི་བཏབ་པའི་གྲངས་དང་ཕན་ཡོན་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ། །འབུམ་བཏབ་པའི་གྲངས་དང་ཕན་ཡོན་ནི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ། །དེ་བས་ན་མཆོད་པའི་རྟེན་ལྔ་མན་ཆད་གདབ་པའི་མཆོད་པའི་ཆོ་ག་བྱ་བའི་ཐོག་མར་མཆོད་རྟེན་བརྩིགས་པའི་གནས་སམ། མཆོད་རྟེན་གྱི་འཇིམ་པའི་གནས་སམ། མཆོད་རྟེན་གྱི་འཇིམ་པ་གནས་གང་ནས་བླང་གི་གནས་དེར་ས་བདག་བྱིན་གྱིས་རླབས་ཅིང་ས་ལ་གནས་པའི་གདོན་བགེགས་བསམ་སྦྱོར་ངན་པ་མཆོད་རྟེན་དང་། དགེ་བ་ལ་བར་ཆད་བྱེད་པ་རྣམས་མཚམས་གཅད་པར་བྱ་སྟེ། ཐིག་སྐུད་ལ་རིག་པ་ཆེན་མོའི་སྔགས་འདིས་གདབ་སྟེ། ༀ་བཛྲ་སཱུ་ཏྲ་ཧཱུྃ་ཕཊ། ཅེས་བརྗོད་ནས་ཐིག་སྐུད་དེ་ཉིད་རྡོ་རྗེའི་སྐུད་པར་དམིགས་ནས་མཆོད་རྟེན་གྱིས་ཁྱོན་ཇི་ཙམ་རན་པ་དང་འཇིམ་བའི་ས་ཁྱོན། ཇི་ཙམ་རན་པ་ཐིག་གིས་ས་བཅད། དེ་བཞིན་དུ་ས་བཅད་ནས་གཞི་དེ་ཉིད་མཆོད་རྟེན་གྱི་རྒྱུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དང་འདྲ་བར་འགྱུར་རོ། །དེ་ནས་ས་དེ་ཉིད་ལ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལ་རིག་པ་ཆེན་མོའི་སྔགས་འདི་གདབ་པར་བྱ་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ཁི་ཀཱི་ལ་ཡ་སརྦ་དུཥྚ་ན་ཧཱུྃ་ཕཊ། ཅེས་བྱ་བ་འདི་ལན་བདུན་བཟླས་ཏེ། རྡོ་རྗེ་ཕུར་བུར་དམིགས་ཏེ་དབུས་དང་གྲྭ་བཞིར་གདབ་བོ། །དེ་བཞིན་དུ་བཏབ་ན་མི་དང་མི་མ་ཡིན་པ་ལས་བསྲུང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །སེང་ལྡེང་གི་ཕུར་བུ་ནི་མཆོད་རྟེན་གྱི་འཇིམ་པའི་ས་ཇི་ཙམ་དགོས་པ་མ་བླངས་ཀྱིས་བར་དུ་མི་དབྱུང་བར་བཞག་གོ། །དེ་ནས་ཏིལ་དང་ཡུངས་ཀར་ལ་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱ་སྟེ། ༀ་ཨ་མྲྀ་ཏེ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ལན་བདུན་བཟླས་ཏེ། སའི་ཕྱོགས་སུ་གཏོར་བས། སའི་ཕྱོགས་དེ་ཉིད་ཀྱང་དེ་བཞིན་གཤེགས་པའི་བཞུགས་གནས་དཔག་ཏུ་མེད་པར་འགྱུར། དེ་ལྟར་ས་གཞི་དེ་བཞིན་གཤེགས་པའི་བཞུགས་གནས་སུ་བྱིན་གྱིས་བརླབས་ཏེ། བགེགས་ཀྱི་བསམ་སྦྱོར་ངན་པ་ལས་མཚམས་བཅད་དེ། སྤོས་དང་། མེ་ཏོག་དང་། གཏོར་མ་ལ་སོགས་པ་རྣམས་ཀྱིས་ཀྱང་ས་ཕྱོགས་དེ་ན་གནས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་ལ་སོགས་པ་རྣམས་ལ་མཆོད་ཅིང་བསྔོས་ཏེ། བི་མ་ལ་ཨཥྞི་ཥའི་གཟུངས་འདི་བཀླགས་ན། ས་ཕྱོགས་དེ་ཡང་ཤིན་ཏུ་བཀྲ་ཤིས་ཤིང་བྱིན་ཆགས་པར་འགྱུར་རོ། །དེ་ནས་མཆོད་རྟེན་གྱི་འཇིམ་པའི་ས་བརྐོ་བའི་ཚེ་རིག་པ་ཆེན་མོའི་སྔགས་འདི་བཟླས་ཏེ་བརྐོ་བར་བྱའོ། །ༀ་བཛྲ་ཁ་ན་ཁ་ན་ཧཱུྃ་ཕཊ། ཅེས་བཟླས་ཤིང་ས་གཞི་དེ་ཉིད་རིན་པོ་ཆེ་སྣ་ལྔར་གྱུར་པར་དམིགས་ཏེ་བརྐོས་ན་དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པའི་རྒྱུར་འགྱུར་རོ། །དེ་ནས་ས་གཙང་མ་བླངས་པ་དེ་དག་གནས་གཙང་མ་གཅིག་ཏུ་བཞག་ནས་ས་བརྡུང་བའི་ཆོ་ག་ནི་ཐོ་བ་ལ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་རྡོ་རྗེ་རྩེ་གསུམ་པས་མནན་ཏེ། རིག་པ་ཆེན་མོའི་སྔགས་འདིས་བཏབ་སྟེ་བརྡུང་ངོ་། །བཛྲ་མུདྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་ལན་བདུན་བཟླས་ཏེ། རྡོ་རྗེའི་ཐོ་བར་དམིགས་ཤིང་བརྡུངས་ན་ཉོན་མོངས་པ་དང་། བག་ཆགས་ཐམས་ཅད་མ་ལུས་པར་བྱང་ཞིང་བཅོམ་པར་འགྱུར་རོ། །དེ་ནས་འཇིམ་པ་བརྫི་བའི་སྤོས་ཆབ་ལ་བདུད་རྩི་འཁྱིལ་བའི་ཕྱག་རྒྱས་གཏུགས་ཏེ། སྤོས་ཆུ་དེའི་ནང་དུ་ཡང་ཆོས་ཉིད་ཀྱི་ཡི་གེ་ཨ་ཞེས་བྱ་བ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་འོད་དང་བཅས་པར་དམིགས་ཏེ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་ཆེན་པོ་དེས་སྤོས་ཆུ་དེ་ཁྱབ་པར་གྱུར་ནས། སྤོས་ཆུ་ཉིད་བདུད་རྩིའི་རང་བཞིན་དུ་གྱུར་པར་དམིགས་ནས་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། །ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བྱ་བ་བདུན་བཟླས་ཏེ་བྱིན་གྱིས་བརླབས་ལས། དེ་ཉིད་ཀྱང་བདུད་རྩི་ཆེན་པོའི་ཆུ་རྒྱུན་དང་འདྲ་བར་འགྱུར་རོ། །དེ་ནས་འཇིམ་པ་བརྗི་བའི་སྔགས་ཆེན་མོ་འདི་བརྗོད་པར་བྱའོ། །ༀ་བཛྲ་པྲ་མ་དྷ་ན་ཡ ཧཱུྃ་ཕཊ། ཅེས་ལན་བདུན་བརྗོད་དེ། འཇིམ་པ་དེ་ཉིད་དེ་བཞིན་གཤེགས་པའི་སྐུར་འགྱུར་རོ། །དེ་ནས་འཇིམ་པ་དེ་ཉིད་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པར་བྱིན་གྱིས་བརླབ་པ་ནི་འཇིམ་པ་དེ་ཉིད་ལ་བདུད་རྩི་འཁྱིལ་པའི་ཕྱག་རྒྱ་བཅིངས་ཏེ། རིག་པ་ཆེན་མོའི་གཟུངས་འདི་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། སཱུཀྵྨེ་སཱུཀྵྨེ། ཤཱནྟེ་ཤཱཏྣེ། དཱནྟེ་དཱནྟེ། ནི་རཱ་ཀུ་ལེ། ཡ་ཤོ་ཡ་ཤོ །པ་ཏི་ཏེ་ཛོ་ཤུདྡྷེ་བི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན། ཨདྷི་ཥྛི་ཏེ། ཨ་ན་མཿཏི་ཧེ་ཏེ་སྭཱ་ཧཱ། ཞེས་བདག་ཉིད་ཀྱིས་རིག་པ་ཆེན་མོ་འདི་ལན་བདུན་གསུམ་ཉི་ཤུ་རྩ་གཅིག་བཟླས་ཏེ། རིག་པ་ཆེན་མོའི་སྔགས་འདིས་བྱིན་གྱིས་བརླབས་ནས་འཇིམ་པ་ཉིད་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པར་འགྱུར་རོ། །ཕྱོགས་བཅུར་འཕྲོས་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟར་འདུལ་བར་བྱས་པར་འགྱུར་རོ། །འོད་ཟེར་དེ་དག་སླར་འདུས་པས་ཀྱང་འཇིམ་པ་ཉིད་རིན་པོ་ཆེ་སྣ་ལྔའི་རང་བཞིན་དུ་གྱུར་ནས། དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པའི་རྒྱུ་རྐྱེན་དང་ལྡན་པར་འགྱུར་རོ། །དེ་ལྟར་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་འབི་འབི་བྱེད་པའི་ཚེ་རིག་པ་ཆེན་མོ་འདི་བརྗོད་པར་བྱ་སྟེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ཏེ་བྱིན་གྱིས་བརླབས་ན། འབི་འབི་ཉིད་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤྲིན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་འཕྲོས་ཤིང་ཁྱབ་སྟེ། འགྲོ་བ་མང་པོའི་དོན་བྱེད་པར་འགྱུར་རོ། །འོད་ཟེར་གྱི་སྤྲིན་ཕུང་དེ་དག་སླར་འབི་འབིའི་ནང་དུ་འདུས་པས་ཀྱང་དེ་ཉིད་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཤེལ་སྒོང་ལྟར་ཡོངས་སུ་དག་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་འབི་འབིའི་ནང་དུ་བི་མ་ལ་ཨུཥྞི་ཥའི་སྙིང་པོ་མུ་དྲའི་ཕྱག་རྒྱར་བྱས་པའམ། གྲོ་གའམ། རས་སམ། ཤོག་ཤོག་གམ། ཤིང་ཤུན་ལ་སྔགས་བྲིས་པ་དང་། དེའི་ནང་དུ་རིགས་ལྔ་སོ་སོའི་སྙིང་པོ། ༀ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ༔ དེ་རྣམས་ཕྲུགས་སུ་སྦྱར་ཏེ། འབི་འབིའི་ཕྱག་རྒྱར་བྱེད་པའམ། ཡི་གེར་ཐིམ་པའམ་གང་ཡང་རུང་སྟེ་ནང་དུ་སྩལ་ན། དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང་ལྡན་པར་འགྱུར་རོ། །ནང་དུ་སྩོལ་བའི་སྔགས་འདི་བརྗོད་པར་བྱའོ། །ༀ་བཛྲ་གརྦྷེ་སྭཱ་ཧཱ། ཞེས་བྱ་བ་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་དེའི་ནང་དུ་འདུས་ཤིང་ཞུགས་པར་འགྱུར་རོ། །ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་ཙཻ་ཏྱའི་ཕོར་བུའི་ནང་དུ་ཡུངས་ཀར་རམ། ཏིལ་མར་གྱིས་བསྐུ་བའི་སྔགས་རིག་པ་ཆེན་མོ་འདིར་བརྗོད་པར་བྱའོ། །ༀ་ཨ་ར་ཛེ་བི་ར་ཛེ་སཱ་ཧཱ། ཞེས་ལན་གསུམ་བཟླས་ཤིང་བྱིན་གྱིས་བརླབས་ན་དེ་ཉིད་ཐབས་དང་ཤེས་རབ་འབྲེལ་པ་ལས་ཆོས་ཀྱི་དབྱིངས་ཉིད་ཀྱི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་མཆོད་རྟེན་འདེབས་པའི་ཚེ་རིག་པ་ཆེན་མོ་འདི་བརྗོད་པར་བྱའོ། །ༀ་བཛྲ་མུདྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བཟླས་ཤིང་མཆོད་རྟེན་བཏབ་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འབྲེལ་བ་ལས་ཆོས་ཀྱི་སྐུའི་མཆོད་རྟེན་དུ་འགྱུར་རོ། །དེ་ནས་བི་མ་ལ་ཨུཥྞཱི་ཥའི་སྙིང་པོ་གང་ནས་བྱུང་བས་ཀྱང་མཆོད་རྟེན་བཏབ་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འབྲེལ་པ་ལས་ཆོས་ཀྱི་སྐུའི་མཆོད་རྟེན་འབྱམས་ཀླས་པར་འགྱུར་རོ། །དེ་ནས་མཆོད་རྟེན་ཕོར་བུའི་ནང་ནས་འབྱུང་བའི་རིག་པ་ཆེན་མོའི་སྔགས་འདི་བརྗོད་ལ་དབྱུང་ངོ་། །ༀ་དྷརྨ་དྷ་ཏུ་ཡེ་སྭཱ་ཧཱ། དྷརྨ་དྷ་ཏུ་གརྦྷེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་མཆོད་རྟེན་ཕྱུང་ན་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འབྲེལ་བ་ལས་མཆོད་རྟེན་ཆོས་ཀྱི་སྐུ་འབྱམས་ཀླས་པ་འབྱུང་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་ཕུན་སུམ་ཚོགས་པ་མཛད་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་མཆོད་རྟེན་སྣོད་ནས་ཕྱུང་བ་ལ་འཁོར་ལོ་གཟུགས་པའི་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། །ༀ་པྲ་མ་ན་ཡེ་སྭཱ་ཧཱ། ཞེས་བཟླས་ནས་འཁོར་ལོ་བཙུགས་ན་རིན་པོ་ཆེའི་གདུགས་དང་རིན་པོ་ཆེའི་ཏོག་དང་། རིན་པོ་ཆེའི་རྒྱལ་མཚན་དང་། རིན་པོ་ཆེའི་ཤར་བུ་དང་། དར་གྱི་ལྷབ་ལྷུབ་ལ་སོགས་པ་རྣམས་ཀྱིས་བརྒྱན་ཏེ། མྱ་ངན་འདས་པའི་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་ཏེ། འགྲོ་བའི་དོན་ཡིད་བཞིན་དུ་མཛད་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་མཆོད་རྟེན་ལ་ན་བཟའ་གསོལ་བའི་ཚེ་རིག་པ་ཆེན་མོ་འདི་བཟླས་ལ་གསོལ་ཏོ། །ༀ་དྷརྨ་དྷ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་དྷརྨ་ཏེ་སྭཱ་ཧཱ། ཞེས་ལན་མང་དུ་བཟླས་ཏེ་བཏབ་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་དང་ལྡན་པར་འགྱུར་རོ། །དེ་ནས་མཆོད་རྟེན་བཏབ་པའི་དཀྱིལ་འཁོར་མཆོད་རྟེན་ལྔར་བཏབ་ན་དཀྱིལ་འཁོར་ཡང་ཕྱོགས་བཞི་དབུས་དང་ལྔར་བྲི་བར་བྱའོ། །དེ་བཞིན་དུ་མཆོད་རྟེན་གྱི་གྲངས་བརྒྱའམ། སྟོང་ངམ་གར་བཏབ་པ་དེའི་གྲངས་དང་མཆོད་རྟེན་གྱི་ཤོང་ཚད་ཀྱི་དཀྱིལ་འཁོར་གྱི་རེའུ་མིག་རྡོའི་སྟེགས་བུ་བརྩིགས་པ་ནི་སའམ་རྡོ་ལེབ་བམ། ཤིང་ལ་སོགས་པ་ལ་དཀྱིལ་འཁོར་གྲུ་བཞིར་བགྱིས་ཏེ། འོག་གི་ཁྲི་ཡང་སེང་གེའི་ཁྲིའམ། རིན་པོ་ཆེའི་ཁྲིའམ། པདྨའི་ཁྲི་སྟེགས་སུ་བྱས་ལ་དེའི་སྟེང་དུ་གོ་མ་ཡེ་དང་སྤོས་ཆུས་ཆག་ཆག་བཏབ་སྟེ། དབུས་དང་ཕྱོགས་བཞིར་མཆོད་རྟེན་བཞུགས་པའི་ས་ཀུན་ཏུ་གུར་གུམ་དང་། ཙནྡན་གྱི་ཆུས་ཟླུམ་པོར་བསྐུས་ལ་སྲད་བུས་ཐིག་བཏབ་ལ་དཀྱིལ་འཁོར་བྲི་བར་བྱ་སྟེ། དཀྱིལ་འཁོར་བྲི་བ་ཡང་མཆོད་རྟེན་ལྔར་བཏབ་ན་དཀྱིལ་གྱི་ཕྱོགས་བཞི་དབུས་དང་ལྔར་བྲི་བར་བྱའོ། །དེ་བཞིན་མཆོད་རྟེན་གྱི་གྲངས་བརྒྱའམ། སྟོང་གང་བཏབ་པ་དེའི་གྲངས་ཀྱི་མཆོད་རྟེན་གྱི་ཤོང་ཚད་ཀྱི་དཀྱིལ་འཁོར་རེའུ་མིག་རྡོ་རྗེ་དྲྭ་བའི་ཐིག་གིས་ས་བཅད་པར་བྱའོ། །མཆོད་རྟེན་བཞག་པའི་ས་གཞི་ཐམས་ཅད་པདྨ་འདབ་མ་བརྒྱད་པར་འབྲི་བར་བྱའོ། །དེ་ནས་མཆོད་རྟེན་དཀྱིལ་འཁོར་དུ་བཞུགས་པའི་ཚེ་རིག་པ་ཆེན་མོའི་སྔགས་འདི་བརྗོད་ལ་བཞུགས་སུ་གསོལ་ལོ། །ༀ་སུ་པྲ་ཏིཥྛ་སྟུ་པེ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་ཏེ་མཆོད་རྟེན་བཞག་ན་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྦྱོང་བར་འགྱུར་རོ། །དེ་ནས་མཆོད་རྟེན་དགོད་པའི་རིམ་པ་ནི་དང་པོ་དབུས་སུ་དགོད། དེ་ནས་ཤར་དུ་དགོད། དེ་ནས་ལྷོ་རུ་དགོད། དེ་ནས་ནུབ་ཏུ་དགོད། དེ་ནས་བྱང་གི་བར་དུ་རིམ་པ་བཞིན་དུ་དགོད་པར་བྱའོ། །དགོད་པའི་ཚེ་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། །ༀ་བཛྲ་པདྨ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་དུ་བཟླས་ལ་རྡོ་རྗེ་དང་པདྨའི་གདན་ལ་བཞུགས་སུ་གསོལ། ཞེས་བྱས་ལ་ས་གཞི་དང་། ནམ་མཁའི་ཁམས་དང་། རྒྱ་མཚོའི་མཇིངས་ཐམས་ཅད་མཆོད་རྟེན་གྱིས་གང་བར་ཡིད་ཀྱིས་ཀྱང་དམིགས་སོ། །གཞན་ཡང་མཆོད་རྟེན་རེ་རེ་བཏབ་ནས་ཐལ་བྱུང་དཀྱིལ་འཁོར་སྟེང་དུ་བཞུགས་ལ། སྤོས་དང་། མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔས་མཆོད་ཅིང་བཞུགས་སུ་གསོལ། མཆོད་རྟེན་གྱི་ཁ་དོག་ལ་སོགས་པ་བཀུ་བ་ནི་ཞི་བའི་དཀར་པོ། རྒྱས་པའི་སེར་པོ། དབང་གི་དམར་པོ། བསྲུང་བའི་ལྗང་གུར་དམིགས་ཏེ། ན་བཟའ་ཡང་དེ་དེ་བཞིན་དུ་གསོལ་ལ་ཡིད་ཀྱིས་ཀྱང་དེ་བཞིན་དུ་དམིགས་སོ། །དེ་ནས་མཆོད་རྟེན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་སྟེ། དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་རཾ་དམར་པོ་གནས་པ་ལས་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། །ཧཱུྃ་རཾ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པས་དེ་ཉིད་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོར་རབ་ཏུ་འབར་ནས་གནས་དེ་དག་གི་རྟོག་པ་རྣམ་པར་སྦྱངས་ཏེ། དཀྱིལ་འཁོར་གྱི་གཞི་དེ་ཉིད་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་དཀྱིལ་འཁོར་དུ་འགྱུར་རོ། །དེ་བཞིན་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་དཀྱིལ་འཁོར་ལེའུ་ཚེ་ལྔའམ། བརྒྱའམ། སྟོང་ངམ། གང་བྲིས་པའི་དབུས་རྣམས་སུ་ཡི་གེ་ཨ་དཀར་པོ་གནས་པ་ལས་རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱ་སྟེ། ༀ་ཨ་ཡ་ཙནྡྲ་མཎྜལ་ཧཱུྃ་ཕཊ། ཅེས་གྲངས་ཇི་ཙམ་རན་པར་བཟླས་ན་མཆོད་རྟེན་གྱི་གདན་ཟླ་བའི་དཀྱིལ་འཁོར་རེ་རེར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་མཆོད་རྟེན་གྱི་ཆོ་ག་མཛད་པའི་ཚེ་ཁ་ཤར་ནུབ་གང་བ་དེར་བལྟས་ལ། བདག་ཉིད་རྡོ་རྗེ་འཛིན་པའི་སྐུ་ཕྱག་རྒྱ་ཆེན་པོར་ཏིང་ངེ་འཛིན་གྱིས་བསྒྱུར་ཏེ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་རྡོ་རྗེ་རྩེ་ལྔ་པ་ཡེ་ཤེས་ཀྱི་འོད་དཔུང་འཕྲོ་བ་གནས་པར་བྱས་ལ། སྐུ་དང་བ་སྤུའི་གསེབ་ཐམས་ཅད་ནས་ཀྱང་ཡེ་ཤེས་ཀྱི་འོད་ཟེར་དང་། སངས་རྒྱས་ཀྱི་དཀྱིལ་འཁོར་དང་བཅས་པའི་སྤྲིན་ཕུང་བཞིན་དུ་མཐའ་འབྱམ་ཀླས་པར་འཕྲོས་ཤིང་སེམས་ཅན་གྱི་ཁམས་ཐམས་ཅད་དུ་བྱིན་གྱིས་བརླབས་ཤིང་དོན་མཛད་ནས་སླར་སྐུའི་ནང་དུ་ཐིམ་པར་འགྱུར་ཏེ། དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ནས་མཆོད་རྟེན་གྱི་གཞལ་ཡས་ཁང་བསྐྱེད་པ་ནི་མཆོད་རྟེན་དཀྱིལ་འཁོར་དུ་བཞག་པ་ལ་རྡོ་རྗེ་དབྱིངས་མའི་ཕྱག་རྒྱ་བཅིང་ནས་མཆོད་རྟེན་གྱི་སྟེང་དུ་རེག་པར་བྱས་ལ། རིག་པ་ཆེན་མོའི་སྔགས་འདི་བརྗོད་པར་བྱའོ། །ༀ་བཛྲ་དྷ་ཏུ་ཨ་དྷི་ཏིཥྛ་ཧཱུྃ། ཞེས་བཟླས་ཏེ་བྱིན་གྱིས་བརླབས་པས་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་གི་ནང་ན་རིན་པོ་ཆེའི་ས་གཞི་དང་། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྟེང་ན་ཟླ་བའི་གདན་གྱི་དབུས་ན་མཆོད་རྟེན་བཞུགས་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །དེ་ལྟར་དུ་མཆོད་རྟེན་རེ་རེ་བཏབ་སྟེ། བཞག་ནས། དེ་ལ་མཆོད་པའི་རྣམ་པས་མཆོད་ནས་ནི་སེང་གེའི་རྒྱལ་མཚན་དང་། འབྲས་ཆན་དང་། སྤྱན་གཟིགས་སྣ་ཚོགས་དང་འདྲ་ཞིང་དགོད་པ་དང་། བླ་རེ་དང་། འཕན་དང་། གདུགས་དང་། ཕྲེང་བ་དང་། བདུག་པ་དང་། མར་མེ་དང་། སྤོས་དང་། མཆོད་པའི་རྣམ་པ་རྣམ་པར་དག་པར་སྦྱང་པའི་རིག་པ་ཆེན་མོ་འདི་བརྗོད་པར་བྱའོ། །ༀ་སརྦ་པཱུ་ཛ་པུཥྤེ་སྭཱ་ཧཱ། ཞེས་བཟླས་ཏེ་བྱིན་གྱིས་བརླབས་པས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཕུན་སུམ་ཚོགས་པས་རྣམ་པས་འཁྲིགས་ཤིང་ཆར་གྱི་རྒྱུན་བཞིན་དུ་འབབས་པར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་དམིགས་སོ། །མཆོད་རྟེན་མཆོད་པ་རྣམ་པ་ལྔ་པོ་ཆ་རེ་རེས་མཆོད་ཅིང་། ཡོན་དུ་དར་བུ་ཆུང་དང་། འཕན་ལ་སོགས་པའི་བླ་རེ་དང་། གདུགས་བུ་ཆུང་ཡང་རུང་སྟེ་རེ་རེ་དབུལ་ལོ། །དེ་ལྟར་ཆོ་ག་བཞིན་དུ་བཏབ་པ་ལགས་ན་དགོངས་པ་རྒྱུད་ཀྱི་ཏིང་ངེ་འཛིན་གསལ་བར་བྱ་བ་ནི། མཆོད་རྟེན་གྱི་ཕྱོགས་བཞི་དབུས་དང་ལྔར་རིགས་ལྔའི་སངས་རྒྱས་སྐུ་མདོག་དང་། རྒྱན་དང་། ཆ་ལུགས་དང་། འཁོར་ཕུན་སུམ་ཚོགས་པ་ཚུལ་བཞིན་དུ་དགོངས་ཏེ་དམིགས་པར་བྱའོ། །ཡེ་ཤེས་ལྔ་ལས་གྲུབ་པའི་མཆོད་རྟེན་དེ་ཡང་རང་བཞིན་གྱིས་རྣམ་པར་དག་ཅིང་གསལ་བ་དེ་དག་གི་བུམ་པའི་དབུས་སུ་བི་མ་ལ་ཨུཥྞཱི་ཥའི་གཟུངས་ཀྱི་སྙིང་པོ་དང་། རིགས་ལྔ་སོ་སོའི་སྙིང་པོ་འབྲུ་རེ་རེ་ཁ་དོག་གསེར་བཙོ་མ་བཞིན་དུ་དྭངས་ཤིང་འཚེར་བ་གཅིག་ཏུ་དམིགས་ལ། དེ་དག་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་འབྱམས་ཀླས་པ་རིགས་ལྔ་ཕྱོགས་བཅུར་འཕྲོས་པ་ལས་དེ་བཞིན་གཤེགས་པའི་སྐུའི་སྤྲིན་གྱིས་ནམ་མཁའི་མཐའ་ཀླས་ཤིང་ཆོས་ཀྱི་དབྱིངས་ཀྱི་མུར་ཐུགས་པར་བརྒྱན་ཅིང་ཐུབ་པར་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་བྱིན་གྱིས་བརླབས་ཏེ། འགྲོ་བ་ཐམས་ཅད་ཀྱི་དོན་འདི་མཛད་ཅིང་རེ་བ་བསྐང་ནས་སླར་འདུས་ཏེ། དེ་ཉིད་ཀྱི་དབུའི་གཙུག་དང་། ཐུགས་ཀར་ཕོག །ཕྲིན་ལས་ཀྱི་སྒྲིབ་པ་ལ་སོགས་པ་རྣམ་པར་དག་སྟེ། སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ཉིད་དུ་གྱུར་པར་དམིགས་ལ། དུང་ཕོར་གྱི་ནང་དུ་སྤོས་ཆབ་དང་། དྲི་སྣ་ཚོགས་སྦྱར་བའི་ཨརྒྷས་གསོལ་ཏོ། །ཨརྒྷའི་ཕྱག་རྒྱ་བཅིངས་བ་དེའི་སྟེང་དུ་དུང་ཕོར་བཞག་ལ་སྤོས་ཆུའི་ནང་དུ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་འོད་ཟེར་གྱིས་སྤོས་ཆུ་ཉིད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་དགོངས་ཤིང་དམིགས་ཏེ། མཆོད་པ་འབུལ་བའི་རིག་པ་ཆེན་མོ་འདི་བརྗོད་པར་བྱའོ། །ༀ་ཨ་མྲྀ་ཏེ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བཟླས་ནས་དབུའི་སྤྱི་བོར་ལན་གསུམ་དུ་བདུགས་ཤིང་སྦྲིངས་ཏེ་ཕུལ་བས་འཕགས་པ་ཐམས་ཅད་མཉེས་པར་འགྱུར་རོ། །ཚིགས་སུ་ཡང་འཕགས་པ་ཐམས་ཅད་མཉེས་པར་གྱུར་ཅིག་ཅེས་ཀྱང་བརྗོད་དོ། །དེ་ནས་ཕྱག་རྒྱའི་རྒྱ་མཚོའི་སྤྲིན་གྱིས་དབུའི་གཙུག་ཏུ་བཀྲམ་སྟེ་ཡེ་ཤེས་ཀྱི་སྐུའི་ནང་དུ་འདུས་ཤིང་ཕུན་སུམ་ཚོགས་པའི་དབང་ཐམས་ཅད་བསྐུར་བར་དམིགས་སོ། །དེ་ནས་བི་མ་ལ་ཨུཥྞི་ཥའི་གཟུངས་འདི་བཀླག་ཅིང་ལན་ཅི་མང་དུ་བརྗོད་པར་བྱས་ནས་བསྔོ་བ་དང་སྨོན་ལམ་རྒྱས་གདབ་པར་བྱའོ། །ཆོ་ག་འདི་བཞིན་དུ་རྫོགས་པར་བྱ་བ་མི་བདེ་ན་རང་གི་ལྷ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྐུར་སྒྱུར་བ་ལས་དགོངས་པ་མཉམས་པར་བྱ་སྟེ། མཆོད་རྟེན་དང་། མཆོད་པའི་ཡོ་བྱད་ལ་སོགས་པ་ཐམས་ཅད་རང་བཞིན་གྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་དགོངས་ཏེ། མཆོད་རྟེན་བཏབ་ན་ཡང་ཆོ་ག་རྒྱས་པར་བྱ་བ་དང་འདྲ་སྟེ་འགལ་བ་མེད་དོ། །དེ་བཞིན་དུ་མ་གྱུར་ན་ཡང་བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་ཀློག་པ་དང་། འཛིན་པ་དང་། ཡི་གེར་འདྲི་ཞིང་འཆང་བས་མཆོད་རྟེན་བཏབ་ན་ཆོ་ག་རྒྱས་པར་མཛད་པ་ཉིད་འདི་ཡིན་ཏེ། མཆོད་རྟེན་དེ་དེ་བཞིན་གཤེགས་པའི་སྐུར་བསྒྱུར་ནས་བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ ར་བྱེད་པར་འགྱུར་རོ། །བི་མ་ལ་ཨུཥྞི་ཥའི་གཟུངས་འདི་མ་བརྗོད་ན་མཆོད་རྟེན་ལ་མཆོད་པ་ཕུལ་ཞིང་མངའ་གསོལ་ཡང་མངའ་ཕུལ་བར་མི་འགྱུར་རོ། །གཞུང་ལས་ཀྱང་འདི་སྐད་ཅེས་འབྱུང་ངོ་། །རིག་སྔགས་གསང་སྔགས་ཐམས་ཅད་ཀྱི། །སྔགས་ཀྱི་རང་བཞིན་མི་གསལ་ཞིང་། །དགོངས་པའི་ཏིང་འཛིན་མི་གསལ་བས། །མཆོད་རྟེན་ལ་སོགས་སྐུ་གཟུགས་རྣམས། །བཏབ་ཀྱང་རྫོགས་པར་ཡོང་མི་འགྱུར། །ཞེས་འབྱུང་ངོ་། །གང་ཞིག་གསང་སྔགས་དང་དགོངས་པར་ལྡན་པས་མཆོད་རྟེན་དང་སྐུ་གཟུགས་བཏབ་པའི་ཡོན་ཏན་འདི་ཇི་སྐད་དུ། མཆོད་རྟེན་ཆོ་ག་དམ་པ་འདི། །བསོད་ནམས་བགྱིས་པའི་ཁྱད་པར་ནི། །གཟུངས་འདི་བཟླས་པའི་མཆོད་རྟེན་གྱིས། །གཅིག་བཏབ་བྱེ་བ་བཏབ་དང་འདྲ། །ཡུན་རིང་དུས་ནས་འཁོར་བ་ཡི། །མཚམས་མེད་ལྔ་དང་སྡིག་དཔུང་རྣམས། །ཇི་སྙེད་ཡོད་པ་མ་ལུས་འབྱུང་། །ཚེ་རིང་ཕུན་སུམ་ཚོགས་པར་འགྱུར། །ཚེ་རབས་གཞན་དུ་སྐྱེ་བ་ན། །རིགས་མཆོག་དམ་པར་སྐྱེས་ནས་ཀྱང་། །ལོངས་སྤྱོད་མཆོག་དང་རབ་ལྡན་ཞིང་། །འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར། །དུས་གསུམ་འཇིག་རྟེན་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་མི་འབྲལ་ཅིང་། །བགེགས་དང་གནོད་པས་དེ་མི་སྐྱོད། །བསམ་པ་ཡོངས་སུ་འགྲུབ་པར་འགྱུར། །མཐར་ནི་མངོན་པར་འཚང་རྒྱའོ། །བི་མ་ལ་ཨུཥྞཱི་ཥའི་གཟུངས་རྫོགས་སོ།། །།
དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་བརྟེན་ཏེ་མཆོད་རྟེན་བཞེངས་པ་ལ་ཉེ་བར་མཁོ་བའི་ཆོ་ག་བཀླག་པས་གྲུབ་པ། ལོ་ཆེན་དྷརྨཱ་ཤྲཱི།
དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་བརྟེན་ཏེ་མཆོད་རྟེན་བཞེངས་པ་ལ་ཉེ་བར་མཁོ་བའི་ཆོ་ག་བཀླག་པས་གྲུབ་པ་ཞེས་བྱ་བ་བཞུགས་སོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ འདིར་དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་བརྟེན་ཏེ་མཆོད་རྟེན་བཞེངས་པའི་སྒོ་ནས་བདག་གཞན་གྱི་ཕན་བདེ་སྒྲུབ་པའི་ལས་རིམ་ཅུང་ཟད་གཅིག་བྲི་བར་བྱ་སྟེ། དེེ་ལ་རེ་ཞིག་སྔོན་དུ་འོད་ཟེར་དྲི་མེད་ཀྱི་བསྙེན་པའི་ཆོ་ག་ནི། དེའི་དཀྱིལ་འཁོར་དང་དབང་དང་། རྗེས་སུ་གནང་བ་ནོད་ཅིང་། དམ་ཚིག་སྡོམ་པ་ལ་གནས་པའི་སྔགས་པས། དབེན་ཞིང་ཡིད་དུ་འོང་བའི་གནས་སུ་ཕྱག་བདར་སོགས་བྱས་ལ། རྟེན་དང་༼མཎྜལ་གྲུ་བཞི་པ་བའི་ལྕི་བས་བྱུགས་ལ་དྲིས་ཆག་ཆག་བཏབ་པའི་གྲྭ་བཞིར་དྲི་ཆུའི་སྣོད་རེ་བཞག་པའམ་མ་འབྱོར་ན་མཆོད་རྟེན་ནམ་བྲིས་སྐུ་ལ་བརྟེན་ནོ། །མཆན།༽ མཆོད་པ་བཤམས་ནས་ནངས་པར་དེ་བཞིན་གཤེགས་པའི་དམ་རྒྱ་མགོ་ལ་བཞག་སྟེ་༼ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུམ། མཆན།༽ ༀ་སརྦ་ཏ་ཐཱ་ག་ཏ་ཨུདྦྷ་བ་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ནས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ་དམིགས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་དང་། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །དུས་ཀུན་དུ་ནི་བདག་འབུལ་ན། །བརྩེ་བས་བཞེས་ནས་དངོས་གྲུབ་སྩོལ། །ཞེས་པས་བདག་འབུལ་ལོ། །དེ་ནས་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་བསྲུང་བ་ནི། དེའི་ཕྱག་རྒྱ་བཅིངས་ལ། ༼ལག་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་སྡོམ་པའི་ཚུལ་དུ་ཁུ་ཚུར་བཅང་ལ། མཐེའུ་ཆུང་གཉིས་བཤིབས་ཏེ་བསྒྲེང་ཞིང་མཛུབ་རྩེ་སྦྱར་བའི་གློར་མཐེའུ་ཆུང་གཉིས་བཙུགས་པའོ། །མཆན།༽ སྔགས་ནི། ༀ་བཛྲ་ཀྲོ་དྷ་མ་ཧཱ་བྷ་ལ་ཧ་ན་ད་ཧ་པ་ཙ་བིདྷཱནྶ་ཡ། ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པས། བདག་ཉིད་བསྲུང་བར་གྱུར། རང་གི་སྙིང་གར་ཟླ་བ་ལ། །སྣང་མཛད་ངོ་བོ་ཡི་གེ་མ། །མགྲིན་པར་དཔག་མེད་ངོ་བོ་མཾ། །མགོ་བོ་ལ་ཡང་མི་བསྐྱོད་པའི། །ངོ་བོ་ཡི་གེ་ཧ་ཞེས་བྱ། །འབར་བའི་ཕྲེང་བ་འཁྲིགས་པར་གྱུར། །ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་གྱུར། དེ་ཡང་གཤང་གཅི་འདོར་བ་དང་ཟན་ཟ་བ་ལ་སོགས་པའི་ཚེ་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བསྲུང་བར་བཤད་པ་ལྟར། འདིར་ཡང་གནས་ཁང་ནས་ཕྱི་རོལ་དུ་འགྲོ་བ་བསྲུང་ནས་མཚོ་ལ་སོགས་པར་སོང་སྟེ་དཀྱིལ་ཆོག་ལས་འབྱུང་བ་ལྟར་ཁྲུས་རྒྱས་པར་བྱ་བའམ། དེ་ཙམ་མི་ནུས་ན་སྒྲུབ་ཁང་གི་ཕྱི་རོལ་དུ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བཟླས་པའི་ཆབ་བུམ་གྱིས་ཅི་དགར་ཁྲུས་བྱ་ཞིང་། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བཟླས་བཞིན་པར་རང་གི་མགོ་བོར་ཆུ་སྙིམ་པ་གསུམ་བླུགས་ཏེ། བདག་ཉིད་ལ་དབང་བསྐུར་བས། རང་གི་ལྷ་ཉིད་སྤྱན་དྲངས་ཏེ་སྤྱི་བོར་པདྨའི་གདན་ལ་བཞུགས་པར་གྱུར། དེ་ནས། ཁ་སྣ་མིག་རྣ་ཁ་ལག་མགོ། ལྟེ་བ་རྣམས་སུ་གསུམ་རེ་རེག །ཅེས་པ་ལྟར་ཉེ་རེག་བྱས་ཏེ། སོ་ཤིང་དོར་ནས་སྒྲུབ་ཁང་དུ་ཞུགས་ལ། ལྷ་རྣམས་མངོན་སུམ་བཞུགས་པར་དམིགས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་འཚལ་ནས། སྟན་ལ་འདུག་སྟེ། དམ་ཚིག་ལ་འཇུག་པའི་སྔགས། ༀ་བི་ར་ཛ། བི་ར་ཛ། མ་ཧཱ་ཱབཛྲི། པ་ཏ་པ་ཏ། པཱ་ར་ཏེ་པཱ་ར་ཏེ། ཏྲ་ཡི་ཏྲ་ཡི། བི་དྷ་མ་ནི། སམ་བྷཉྫ་ནི། ཏ་ར་མ་ཏི། སིདྡྷ་ཨ་ཀྲོ་ཏཾ་སྭཱ་ཧཱ། ཞེས་བཟླ། དེ་ནས་དྲི་ཆུའི་དུང་ཞལ་འཐོར་ཡབ་དང་བཅས་པས་བསངས་ཆུ་ལས་སྔགས་གཉིས་ཀྱིས་བྱིན་གྱིས་བརླབ་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཐམས་ཅད་པའི་སྔགས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོདྷ་ཡ། ཏདྱཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བྱིན་གྱིས་བརླབས་ཏེ་ལས་སྔགས་གཉིས་བརྗོད་བཞིན་པར་རང་ལ་བསང་ཆུ་གཏོར་བས། བདག་ཉིད་ཀྱི་བགེགས་བསལ་བར་གྱུར། ཡང་མཆོད་པ་རྣམས་ལ་བསང་ཆུ་གཏོར་ཞིང་ལས་སྔགས་གཉིས་དང་རིགས་ཀྱི་སྙིང་པོ། ཛི་ནི་ཛིཀ྄ །ཅེས་བརྗོད་པས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ཕྱག་རྒྱ་བཅིངས་ལ། ༼ཐལ་མོ་ཁོང་སྟོང་སྙིང་ཁ་ནས་རིམ་པར་བསྐོར་ཞིང་བཏེགས་ཏེ་དཔྲལ་བར་སེ་གོལ་གཏོགས་ནས་བཀྲོལ། མཆན།༽ ༀ་སརྦ་བིདྤཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝ་རྟ་ཡ་ཨཱ་ཝ་རྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། གཟི་བྱིན་བསྐྱེད་པའི་ཕྱག་རྒྱ་༼ལག་གཡོན་པའི་སྲིན་ལག་མཐེ་བོས་མནན་ལ་མཛུབ་མོ་དང་མཐེ་ཆུང་གདུབ་བུའི་ཚུལ་དུ་བྱས་ཏེ་སོར་མོ་དབུས་མའི་ཚིགས་གསུམ་པར་ཟུག་ཅིང་གཡས་པའི་སོར་མོ་དབུས་མ་གསུམ་རྡོ་རྗེའི་ཚུལ་དུ་བྱས་པས་གཡོན་པའི་གུང་མོ་བཟུང་བའོ། །མཆན།༽ མེ་ཏོག་ལ་སོགས་པའི་མཆོད་རྫས་ཀྱི་ཁར་བཞག་སྟེ། ༀ་ཏེ་ཛཿཏེ་ཛཿས་ན་སིདྡྷི་སཱ་ཱདྷ་ཡ་ཧཱུྃ་ཕཊ། ཞེས་པས་བྱིན་བསྐྱེད་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་དང་། ཛི་ན་ཛིཀ྄ །ཅེས་བརྗོད་པས་བརྟན་པར་བྱའོ། །དེ་ནས་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་སངས་རྒྱས་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་ལན་གསུམ། དེ་ནས་སྲུང་འཁོར་ནི། ༀ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུ་ར་བྷནྡྷ་ཧཱུྃ་ཕཊ། ཅེས་པས་བསང་ཆུ་ལ་བདུན་བཟླས་ཏེ། སྔགས་དེ་ཉིད་ཀྱིས་བསང་གཏོར་བྱས་པས་གནས་སྦྱངས། ཕུར་བུའི་ཕྱག་རྒྱ་༼ལག་གཉིས་ཀྱི་གུང་སྲིན་ཕན་ཚུན་གདུ་བུ་ལྟར་བྱས་ཏེ་སོ་སོའི་རྩ་བར་རྩེ་མོ་སྦྱར་ལ་མཐེ་ཆུང་དང་མཛུབ་མོ་གཉིས་གཤིབས་ཏེ་སྒྲེང་། མཐེ་བོང་ཕུར་བུའི་ཚུལ་དུ་ས་ལ་བཙུགས་པའོ། །མཆན།༽ བཅིངས་ལ། ༀ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུ་ར་བྷནྡྷ་ཧཱུྃ་ཕཊ། ཅེས་དང་། ས་འོག་གི་གདོན་རྣམས་ལ་ཕུར་བུ་བཏབ་པས་བཅིངས་པར་གྱུར། ༀ་སུ་སིངྔྷིའི་ཀཱ་ར་ཛ་ལ་ཏ། ཨ་ནནྟ་མུ་ཏྲ་ཡེ། ཛྭ་ལ་ཛྭ་ལ། བྷནྡྷ་བྷནྡྷ། ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་ཛྭ་ལ་ཧཱུཾ། ཞེས་སྤོས་ཀྱིས་བདུག་པས། སྟེང་གི་ལྷ་རྣམས་བཅིངས་པར་གྱུར། ཛི་ན་ཛིཀ྄ །ཅེས་བསང་ཆུ་གཏོར་ལ། བྷྲཱུྂ་ཞེས་བརྗོད་པས། ཕྱོགས་ཀྱི་བགེགས་ཐམས་ཅད་བཅིངས་པར་གྱུར། དེ་ནས་ར་བའི་ཕྱག་རྒྱ་༼ཕུར་བུའི་ཕྱག་རྒྱ་ཉིད་ལས་མཐེ་བོང་ཁ་ཕྱེ་ནས་གྱེན་དུ་སྒྲེང་བ། མཆན།༽ བཅིངས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་ས་ར་ས་ར། བཛྲ་པྲ་ཀ་ར་ཧཱུྃ་ཕཊ། ཕྱོགས་ཐམས་ཅད་རྡོ་རྗེའི་ར་བས་བར་མཚམས་མེད་པར་བཅིངས་པར་གྱུར། ར་བའི་ཕྱག་རྒྱ་༼ར་བའི་ཕྱག་རྒྱ་ཉིད་ཁ་ཐུར་དུ་བསྟན་ཏེ་བསྐོར་བ། མཆན།༽ བཅས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ༀ་བི་སྥུ་ར་རཀྵ་བཛྲ་པཱ་ཎི་ཧཱུྃ་ཕཊ། རྡོ་རྗེ་ར་བའི་སྟེང་དུ་རྡོ་རྗེའི་གུར་ཕུབ་པར་གྱུར། དེ་ནས་བདུད་རྩི་ཐབས་སྦྱོར་གྱི་ཕྱག་རྒྱ་༼མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེ་ལྟར་བྱས་པས་ལག་གཉིས་བསྣོལ་ཏེ་དཔུང་མགོར་བཞག་ནས་ཡ་སོས་མ་མཆུ་མནན་ཅིང་ཁྲོ་བོའི་ལྟ་བས་བལྟ་བའོ། །མཆན།༽ བཅས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན་། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་དང་། ཕུར་བུའི་ཕྱག་རྒྱ་བཅས་ཏེ། ༀ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུ་ར་བནྡྷ་ཧཱུྃ་ཕཊ། ཅེས་བརྗོད་པས། བརྟན་པར་བྱིན་གྱིས་བརླབས་པར་གྱུར། མཚམས་གཅོད་ཀྱི་ཕྱག་རྒྱ་༼ཁུ་ཚུར་བཅངས་ལ་མཐེ་བོས་སོར་མོ་རྣམས་མནན་ལ་མཛུབ་མོ་བསྡིགས་ཚུལ་གྱི་དབུས་ནས་ཇེ་ཆེ་ལན་གསུམ་བསྐོར་ལ། མཆན།༽ བཅས་ལ། ན་མསྶ་མནྟ་བཛྲ་ཎཱཾ། ༀ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཌ་མ་ཌ། བྷནྡྷ་བྷནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ། ས་སི་མེ་ས་མ་བྷནྡྷ། ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ། ཀཱ་རུ་ཎ། མ་ཡེ་ཏུ་ཏ་ཡེ། རུ་ཏ་ཡེ། བ་ར་བ་ར། ཀ་ར་ཀ་ར། སུ་མི་ས་མནྟ། བི་དྷཱནྶ་ཡ་ཛྭ་ལ་ཡ་སྭཱ་ཧཱ། ར་བའི་ཕྱོགས་ཐམས་ཅད་མེད་དཔུང་འབར་བས་ཁྱབ་སྟེ་མཚམས་བཅིངས་པར་གྱུར། དེ་ནས་བསང་ཆུ་ལག་པའི་མཐིལ་དུ་བླུག་ནས་རང་གི་སྤྱི་བོར་བསང་གཏོར་བྱས་ཏེ། ཛི་ན་ཛིཀ྄ །ཅེས་བརྗོད་པས། བདག་ཉིད་སྦྱངས་པར་གྱུར། རང་གི་སྟན་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསང་གཏོར་བྱས་ལ། ཀུ་ཤའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འཁོད་པར་གྱུར། དུར་ཁྲོད་ཀྱི་མགལ་དུམ་ལས་བྱས་པའི་ལས་ཀྱི་རྡོ་རྗེ་རྩེ་གསུམ་པ་ཙནྡན་དམར་པོས་བསྐུས་པའམ་མེད་ན་རང་གི་ལག་གི་རྡོ་རྗེ་ལ། ༀ་དྷུ་ན་བཛྲ་ཧཱ། ཞེས་བསྔགས་ལ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ལྕགས་ཀྱུའི་ཕྱག་རྒྱ་༼བཅས་ལ་གཡས་པའི་གུང་མོའི་རྒྱབ་ཏུ་མཛུབ་མོ་སྦྱར་བ། མཆན།༽ ༀ་སུ་སིདྡྷ་ཀ་ར་ཨེ་ཧྱེ་ཧི། ཞེས་པས། ཁྲོ་བོ་ལེགས་པར་གྲུབ་བྱེད་སྤྱན་དྲངས་ལ། མཆོད་ཡོན་གྱི་ཕྱག་རྒྱ་བཅས་ལ། ༼མཐེའུ་ཆུང་དང་སྲིན་ལག་གི་ཚིག་གཉིས་མཐེ་བོང་གིས་མནན་ཏེ་གུང་མོ་བརྐྱང་བ་རྩེ་སྤྲད་པའི་ཚིག་གསུམ་པ་མཛུབ་མོས་མནན་པའོ། །མཆན།༽ ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དབུལ། དྲི་མཆོག་གི་ཕྱག་རྒྱ་བཅས་ལ། ༼གཡས་སྐྱབས་སྦྱིན་གྱི་མཁྲིག་མ་གཡོན་པས་བཟུང་བའོ། །མཆན།༽ ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་པས་དྲི་དང་། དེ་བཞིན་དུ་རང་རང་གི་ཕྱག་རྒྱ་བཅས་ལ། ཨཱ་ཧ་རའི་སྔགས་ཁོ་ནས། མེ་ཏོག །༼ཐལ་མོ་སྦྱར་ཏེ་མཛུབ་རྩེ་གཉིས་སྤྲད་པ་མཐེ་བོས་མནན་ལ། མཆན།༽ བདུག་སྤོས། ༼གུང་སྲིན་མཐེའུ་ཆུང་གསུམ་གཅིག་ལ་གཅིག་བརྟེན་ཅིང་མཛུབ་རྩེ་གཉིས་སྤྲད་པ་མཐེ་བོས་མནན་པའོ། །མཆན།༽ ལྷ་བཤོས་རྣམས་དང་། ༼ཐལ་མོ་ཁ་ཕྱེ་ལ་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་ཅུང་ཟད་བཀུག་པ། མཆན། རང་རྒྱ་དང་། གཡོན་ཁུ་ཚུར་སྟེང་དུ་གཡས་པའི་གུང་མོ་དང་མཐེ་བོང་རྩེ་སྤྲད། མཆན།༽ ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱས་མར་མེ་རྣམས་འབུལ། ༀ་དྷུ་ན་བཛྲ་ཧཱ། ཞེས་ལན་བདུན་བཟླས་ཏེ། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་བཞུགས་ཏེ་བདག་གིས་ལས་ཐམས་ཅད་གྲུབ་པར་མཛད་དུ་གསོལ། ཞེས་ཞུས་ཏེ་ལས་ཀྱི་རྡོ་རྗེ་དེས་མཆོད་པ་སོགས་ཀྱི་ཚེ་ལག་གཡོན་པས་བཟུང་ངོ་། །སྲུང་སྐུད་དམར་པོ་ལ་མདུད་པ་གསུམ་བོར་བའི་དབུས་སུ་བོ་དྷི་ཙི་རྡོག་གཅིག་བརྒྱུས་པ་ལ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་ས་དྷཱ་ནི་སྭཱ་ཧཱ། བཟླས་ཏེ་ལག་གཡས་པའི་མཁྲིག་མར་གདགས། ཛི་ན་ཛིཀ྄ །བཟླསཔ་འི་ཀུ་ཤ་སྲིན་ལག་གཡས་པར་གདགས། ༀ་བནྡྷ་སྭཱ་ཧཱས། རས་ཀྱི་ཟེའུ་ཁ་བཅིངས་པར་འགྱུར། དེ་དག་ནི་རྣལ་འབྱོར་ལ་འཇུག་པའི་བྱ་བའོ། །དེ་ནས་རྣལ་འབྱོར་དངོས་གཞི་ནི་ལུས་དྲང་པོར་བསྲང་། མགྲིན་པ་ཅུང་རྒུ། མིག་ཟམ་ཟིམ་དུ་སྣ་རྩེར་གཏད། སོ་ཡས་མས་ཅུང་ཟད་རེག །ལྕེ་རྐན་ལ་ཕྱོགས། དབུགས་དལ་བུར་དབྱུང་ཞིང་སེམས་རྩེ་གཅིག་པའི་གནད་དང་ལྡན་པས་འདི་ལྟར་བསྒོམ་པར་བྱ་སྟེ། བདག་གིས་བསྒྲལ་དཀའི་སྲིད་མཚོ་ལས། །མ་ལུས་འགྲོ་ཀུན་བསྒྲལ་བའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་སེམས་བསྐྱེད། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཐམས་ཅད་སེམས་ཙམ་དེའི་རང་བཞིན། །མི་དམིགས་ནམ་མཁའི་དཀྱིལ་ལྟ་བུ། །དེ་ལས་རང་སེམས་རྣལ་མ་ནི། །ཟླ་བའི་དཀྱིལ་འཁོར་ཉ་གང་བའི། །དེ་ཡི་ངང་ལས་རང་གི་སྔགས། །ༀ་མུ་ནི་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཞེས་པའི་རང་སྒྲ་གྲགས་པར་གྱུར། དེ་ལས་སྔགས་རྣམས་ཡི་གེ་ཡི། །རྣམ་པར་མཁའ་ལ་གནས་པ་དེ། །ཟླ་དཀྱིལ་སྟེང་དུ་ལེགས་བཀོད་པའི། །འོད་ཀྱིས་འཕགས་མཆོད་འགྲོ་དོན་བྱས། །ཚུར་འདུས་རང་སེམས་ཟླ་དཀྱིལ་ལ། །ཞུགས་ནས་རོ་གཅིག་གྱུར་པ་ལས། །སེང་ཁྲི་པད་ཟླའི་གདན་སྟེང་དུ། །དེ་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །བཙོ་མའི་གསེར་མདོག་མཚན་དཔེས་བརྒྱན། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ལྟར་བསྒོམ་ནས་སྔགས་རྒྱས་བྱིན་གྱིས་བརླབ་པ་ནི། གཙུག་ཏོར་གྱི་ཕྱག་རྒྱ་མགོར་བཞག་སྟེ།༼སོར་མོ་བརྐྱང་བའི་རྩེ་ཕན་ཚུན་སྤྲད་དེ་སྟོང་པར་བྱས་ལ། མཆན།༽ ༀ་ༀ་བཛྲ་དྷཱ་སྭཱ་ཧཱ། མཛོད་སྤུའི་ཕྱག་རྒྱ་༼སོར་མོ་ཕན་ཚུན་སྦྱར་ལ་ལག་གཉིས་བཀན་པའི་མཛུབ་རྩེ་སྦྱར་བ་ལྡོག་ནས་མཐུར་བསྟན། མཆན།༽ དཔྲལ་བར་བཞག་སྟེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ཧེ་ཧེ། བྷནྡྷ་བྷནྡྷ། ཏིཥྛ་ཏིཥྛ། དྷ་ར་ཡ་དྷ་ར་ཡ། ནི་རུནྡྷ་ནི་རུནྡྷ། ཨུཏ྄྅྅྅ཎ་མ་ཎི་སྭཱ་ཧཱ། ནོར་བུའི་ཕྱག་རྒྱ་བཅས་ལ། ༼ཐལ་མོ་ལས་གུང་མོ་རྡོ་རྗེའི་རྩེ་ལྟར་བྱས་ལ། མཆན།༽ ༀ་ཏེ་ཛ་ཛྭ་ལ་སརྦ་ཨརྠ་སཱ་དྷཱ་ཀ་སིདྡྷྱ་ཙིནྡྷ་མ་ཎི་རཏྣ་ཧཱུྃ། མཁར་གསིལ་གྱི་ཕྱག་རྒྱ་བཅས་ཏེ། ༼ཁུ་ཚུར་སྐྱིལ་ཀྲུང་གཡས་གཡོན་དུ་འཛིན་པ་ལྟར་བྱས་ལ། མཆན།༽ ༀ་དྷུ་ན་ཛི་ཏ་ར་ཎི་ཧཱུྃ། རྣམ་རྒྱལ་གྱི་ཕྱག་རྒྱ་དང་། ༼ཐལ་མོ་སྦྱར་བ་ཕན་ཚུན་དུ་མངོན་པར་ཕྱོགས་པ། མཆན།༽ ༀ་རཀྵ་རཀྵ་མཾ་སརྦ་བུདྡྷ་ཨ་དྷིཥྛི་ཏཱ་ད་མ་ཙི་བ་ར་སྭཱ་ཧཱ། ལྷུང་བཟེད་ཀྱི་ཕྱག་རྒྱ་དང་། ༼ལག་པ་ཐལ་སྦྱར་བཟེད་པ་ལྟར་བྱས་ལ། མཆན།༽ ༀ་ལོ་ཀ་པཱ་ལ་ཨ་དྷིཥྛ་ཏཱམྦ་ར་ཡ་དྷ་ར་ཡ། མ་ཧཱ་ནུ་བ་ནུ་དྷ་པཱ་ཏྲ་སྭཱ་ཧཱ། ཆོས་གོས་ཀྱི་ཕྱག་རྒྱ་དང་། ༼གཡས་མཐེ་བོང་བཏེགས་པའི་ཁུ་ཚུར་དང་གཡོན་ཆོས་གོས་འཛིན་པའོ། །མཆན།༽ ༀ་རཀྵ་ར ཀྵ་སོགས་སྔར་ལྟར། ཚེམས་མཆེ་བའི་རྒྱ་དང་། ༼སོར་མོ་ཕན་ཚུན་སྡོམ་པ་ལས་གཡོན་པའི་མཐེ་བོང་བཏེགས་པ། མཆན།༽ ན་མསྶ་མནྟ་བཛྲ་ཎཾ་ཏིཥྛ་ཧེ་ཏྲ་ཊ་ཏྲ་ཊ། མ་ཊ་མ་ཊ། ཛྭ་ལ་ནཱཾ་ཁི་ཁ་རེ། མི་འཇིགས་པའི་རྒྱ་དང་། ༼གཡས་མི་འཇིགས་པའི་རྒྱ་དང་གཡོན་ཆོས་གོས་འཛིན་པ། མཆན།༽ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱ། སརྦ་ཐཱ་ཨ་བི་ཤ་ར་ད་བཛྲ་མརྒ་ནིཪྡཪྴ་ཀ་སྭཱ་ཧཱ། བྱམས་པའི་ཕྱག་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་མཻཏྱུ་ར་ག་ཏ། སརྦ་ས་ཏྭ་ཧི་ཏཾ་ཀཱ་ར་སྭཱ་ཧཱ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་། ༼སོར་མོ་ཕན་ཚུན་བསྡུས་ནས་ཁུ་ཚུར་བྱས་པ་གུང་མོ་སྒྲེང་བའི་ཚིག་གསུམ་པར་མཛུབ་རྩེ་བཀུག་ནས་སྦྱར་བ། མཆན།༽ ༀ་ཚིནྡྷ་ཚིནྡྷ་ཧ་ན་ཧ་ན། ཙཀྲ་དཱིཔྟ་ཧཱུྃ། གནས་པའི་ཕྱག་རྒྱ་སྐེད་པར་བཞག །༼གཡས་པའི་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་ལ། མཆན།༽ པས་ཀྱང་བརླབ། དེ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་རིགས་ཀྱི་སྔགས་དང་ཕྱག་རྒྱས། ༼ཐལ་མོ་བཀན་པ་ལས་མཛུབ་རྩེ་གཉིས་ཅུང་ཟད་བཀུག་པ། མཆན།༽ སྙིང་མགྲིན་སྨིན་མཚམས་དཔུང་མགོ་གཉིས་ཏེ་ལྔར་གཏུགས། དེ་ལྟར་སྐུའི་ཆ་ཤས་རྣམས་སུ་སྔགས་རྒྱས་རེག་པས་དེ་དང་དེར་ལྡན་པས་བྱིན་གྱིས་བརླབས་པར་གྱུར། དེ་ནས་ཕྱག་རྒྱ་བཅས་ཏེ། ༼ཐལ་མོ་བཀན་པ་ལས་མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཀུག་ནས་གུང་མོ་གཤིབས་ཏེ་བསྒྲེང་བའི་ཚིགས་གསུམ་པར་མཛུབ་རྩེ་བཀུག་ལ་མཐེ་བོང་གཉིས་སྦྱར་བ་དེ་ཉིད་ལས་མཛུབ་རྩེ་གཉིས་བཀྱེད་དེ་རྡོ་རྗེའི་ཚུལ་དུ་བྱས་པ། མཆན།༽ ༀ་བཛྲ་ཨགྣེ་པྲ་དཱི་པ་ཏ་ཡེ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་གྱོན་པར་གྱུར། ཡང་གོ་ཆའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུྃ་ཝ་ཀཱི་ལི་ཧཱུྃ་ཕཊ། ཅེས་པའི་སྔགས་རྒྱས་མགོ་དང་དཔུང་པ་གཉིས་སྙིང་མགྲིན་རྣམས་སུ་རེག་པས། གོ་གྱོན་པར་གྱུར། འདི་ལྟར་གནས་སྐབས་ཐམས་ཅད་དུ། །ཡེངས་པ་མེད་པའི་ཏིང་འཛིན་གྱིས། །ལྷ་ཡི་འདུ་ཤེས་འབྲལ་མི་བྱ། །འདི་ནི་མཚན་མའི་ལྷ་རུ་གྲགས། །དེ་དག་ནི་བདག་བསྐྱེད་ཀྱི་རྣལ་འབྱོར་རོ། །དེ་ནས་མདུན་གྱི་ལྷ་སྤྱན་དྲངས་པའི་རྣལ་འབྱོར་ནི། རྟེན་ལ་དམིགས་ཏེ། མདུན་དུ་རིན་ཆེན་དུ་མ་ལས། །ལེགས་གྲུབ་གསེར་ཕྱེ་བརྡལ་བའི་གཞི། །ༀ་ཙ་ལ་བཱི་ར་ཧཱུྃ་སྭཱ་ཧཱ། དེ་སྟེང་སྐྱོན་བྲལ་འོ་མའི་མཚོ། །པདྨ་ཨུཏྤལ་ཆུ་བྱས་བརྒྱན། །ༀ་བི་མ་ལ་དྷཱ་ཧཱ་ཧཱུྃ། དེ་དབུས་རིན་ཆེན་རི་རབ་སྟེང་། །སྣ་ཚོགས་པདྨ་ལ་གནས་པའི། །མཚན་ཉིད་ཀུན་རྫོགས་གཞལ་མེད་ཁང་། །གྲུ་བཞི་སྒོ་ལྡན་རྟ་བབས་མཛེས། །སྟེང་ཐོག་ཕྱུར་བུ་མཆོད་རྟེན་དབྱིབས། །ཕྱི་རོལ་རྡོ་རྗེ་ཕྲེང་བས་བསྐོར། །ལྟེ་བར་པདྨའི་སྡོང་པོ་ནི། །རིན་ཆེན་སྣ་ཚོགས་འདབ་མ་དང་། །གསེར་དང་སྦུར་ལོང་ཟེའུ་འབྲུས་མཛེས། །དེ་ལས་འཁོར་གྱི་གནས་སུ་འོང་། །གདན་གྱི་པདྨ་དེ་ཉིད་གྱུར། །དེ་ནས་ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ་སརྦ་ཐཱ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱའི་སྔགས་རྒྱས་༼ཐལ་མོ་ཕན་ཚུན་བསྣོལ་ཏེ་མཐེ་བོང་གཡས་པས་གཡོན་པ་མནན། མཆན།༽ སྟེང་ནས་བླ་བྲེ་ལ་སོགས་པས་བརྒྱན་པར་གྱུར། ལྷ་སྤྱན་དྲངས་པའི་ཕྱིར་ཟངས་སོགས་ཀྱི་སྣོད་དུ། ཁྱད་པར་གྱི་རྫས་༼ནས་འོ་མ་མེ་ཏོག་དཀར་པོ་ཏིལ་ཀུ་ཤ་འབྲས་ཡོས་དྲི་བཟང་། མཆན།༽ དང་ཆུ་གཙང་སྦྱར་བའི་མཆོད་ཡོན་བཟེད་ཞལ་དང་བཅས་པ་བཤམས་ནས། སྤོས་ཀྱིས་བདུག་སྟེ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་བདུན་གྱིས་བསྔགས། ལྷའི་སྐུ་གཟུགས་ལ་ཁ་བལྟས་ཏེ་སྤྱན་དྲངས་པའི་ཕྱག་རྒྱས་༼སོར་མོ་ཕན་ཚུན་བསྣོལ་ནས་ཐལ་མོ་བཀན་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་མཐེ་བོང་གཉིས་གཡོབ་པ། མཆན།༽ མཆོད་ཡོན་བླངས་ལ་སྦྲེང་ཞིང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་ཛི་ན་ཛིཀ྄་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སྤྱན་དྲངས་ནས་མཆོད་ཡོན་སྤྱི་བོའི་ཐད་དུ་དབུལ་ལོ། །རྡོ་རྗེའི་འདུག་སྟངས་ཀྱི་ཕྱག་རྒྱ་༼ཐལ་མོ་སྦྱར་བ་ཁ་ཕྱེ་བ་ལས་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་ལ། མཆན།༽ བཅས་ལ། ༀ་བཛྲ་ཨཱ་ས་ན་ཧཱུཾ་ཕཊ། ཅེས་གདན་ཕུལ་བས། གཞལ་ཡས་ཁང་དབུས་པད་ཟླ་ལ། །ཤཱཀ་ཐུབ་གསེར་མདོག་ཆོས་འཁོར་ཕྱག །སོགས། གཡས་ལོགས་པདྨར་སྤྱན་རས་གཟིགས། །དུང་མདོག་རྔ་ཡབ་པད་དཀར་འཛིན། །གཡོན་ལོགས་པདྨར་གསང་བདག་སྔོ། །རྔ་ཡབ་ཨུཏྤལ་རྡོ་རྗེས་མཚན། །གསུམ་ཀ་ནུབ་ཏུ་ཞལ་གཟིགས་པའི། །དེ་དག་མདུན་ཕྱོགས་ཤར་བསྟན་གྱི། །མཁའ་ལྡིང་གདན་ལ་ཁྱབ་འཇུག་ནག །ལག་བཞི་གཡས་གཉིས་འཁོར་ལོ་དུང་། །གཡོན་གཉིས་བེ་ཅོན་རལ་གྲི་ཐོགས། །དེ་ཡི་གཡོན་ཕྱོགས་དྲག་པོ་དཀར། །མགྲིན་སྔོན་གཡས་པ་མདུང་རྩེ་གསུམ། །གཡོན་པ་རལ་གྲི་ཁྱུ་མཆོག་ཞོན། །དེ་ཡི་གཡོན་དུ་ཚོགས་བདག་སྔོ། །གཡས་པ་རྡོ་རྗེ་གཡོན་སྡིགས་མཛུབ། །མདུན་ཕྱིར་སྒུར་ཞིང་དགྱེས་པའི་ཚུལ། །དེ་ནས་དམ་ལ་བཞག་པ་ནི། ཤངྐ་རེ་ས་མ་ཡ་སྭཱ་ཧཱའི་སྔགས་རྒྱས་གཙོ་བོ་དང་། ༼ལག་གཡས་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་སོར་མོ་ལྷག་མ་རྣམས་རྡོ་རྗེ་ལྟར་བྱས་ལ། མཆན།༽ འཁོར་རྣམས་ཐུན་མོང་དུ། ཛི་ན་ཛིཀ྄་གི་སྔགས་རྒྱས་དམ་ལ་བཞག་གོ། །༼ལག་གཉིས་ཕན་ཚུན་ཁུ་ཚུར་བཅིངས་ནས་མཐེ་བོང་བསྟན། མཆན།༽ དེ་ནས་དམ་ཚིག་ཆེན་པོའི་ཕྱག་རྒྱ་བཅིངས་ཏེ་བསྐོར་བས། ༼སོར་མོ་ཕན་ཚུན་སྦྱར་ཏེ་ཁུ་ཚུར་བཅིངས་ལ་གུང་མོ་གཤིབས་པའི་ཕྱི་རོལ་དུ་མཛུབ་མོ་རྡོ་རྗེ་ལྟར་བྱས་ནས་མཐེ་བོང་གཉིས་གློར་སྦྱར་བ། མཆན།༽ སྔར་གནས་པ་དང་ཕྱིར་འབྲང་པའི་བགེགས་ལ་སོགས་པ་ཐམས་ཅད་སྲུང་བར་གྱུར། དེ་ནས་ཚོགས་བསགས་པའི་ཕྱིར་སྔར་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་དབུལ་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་ནི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་ཛི་ན་ཛིཀ྄་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱའི་སྔགས་རྒྱས་མཆོད་ཡོན་དང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པའི་མཐར། ༀ་སརྦ་དེ་ཝ་ཏ་ཨ་ཙིནྟ་ཨ་མྲྀ་ཏ་སྭཱ་ཧཱའི་སྔགས་ཀྱི་དྲི་ཆུས་ཁྲུས་གསོལ། གོས་རྒྱན་རྣམས། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཞེས་པས་དབུལ། དེ་ནས་ཉེར་སྤྱོད་རྣམས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་པའི་མཆོད་ཡོན་གྱི་དོད་དུ། དྲི་མཆོག་དང་། མེ་ཏོག །བདུག་སྤོས། ཞལ་ཟས་ཇི་སྙེད་ཡོད་པ་དང་། །ཞེས་སྦྱར་ལ། སོ་སོའི་ཕྱག་རྒྱ་བཅས་ཏེ། ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱའི་སྔགས་ཁོ་ན་དྲི་མཆོག་སོགས་བཞི་པོ་འབུལ། ཡང་སྣང་གསལ་ཇི་སྙེད་ཞེས་བསྒྱུར་ཏེ། ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱའི་སྔགས་རྒྱས་མར་མེ། དེ་ལས་གཞན་ཡང་སོགས་ཀྱི་མཐར་རོལ་མོ་དཀྲོལ་བཞིན་དུ། ༀ་བཛྲ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། དེ་ནས་བསྟོད་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་ཀྱིས་བསྟོད་པའི་མཐར། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས། ན་མཿསརྦ་བུདྡྷ་བི་དྷི་སཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏ་ཨ་བྷི་ཛྙཱ་ར་ཤི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། ཞེས་བཟླས། དེ་ནས་ཐལ་མོ་སྦྱར་ཏེ། སྲས་བཅས་སངས་རྒྱས་ཐམས་ཅད་ཀུན། །དེང་འདིར་བདག་ལ་དགོངས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པས། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདར་གསོལ་བ་འདེབས། །བདག་གཞན་གཉིས་མེད་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ལན་གསུམ། དེ་ནས་བཟླས་པ་བྱ་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་འཛིན་པ་ཐམས་ཅད་ལ། །ཕྱག་འཚལ་འགྲོ་ལ་ཕན་མཛད་པའི། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྭཱ་ཧཱ། ཞེས་བརྗོད་ནས། བོ་དྷི་ཙིཏྟའི་ཕྲེང་བ་བླངས་ལ་སྙིམ་པར་བཅུག་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨརྦྷུ་ཏེ་བི་ཛ་ཡ་སིདྡྷི་སིདྡྷི་རྠེ་སྭཱ་ཧཱ། ཞེས་བཟླས་པས་ཕྲེང་བ་བསྒྲུབ། ཡང་། ༀ་རུ་ཙི་ར་མ་ཎི་པྲ་བ་རྟ་ན་ཡེ་སྭཱ་ཧཱ། ཞེས་བདུན་བཟླས་ལ། བདག་དང་མདུན་གྱི་ལྷ་གསལ་བའི། །གཉིས་ཀའི་སྙིང་གར་ཟླ་དཀྱིལ་ལ། །བཟླ་བྱའི་སྔགས་ཀྱི་ཡི་གེ་རྣམས། །བཀོད་དེ་མངོན་སུམ་ལྟ་བུར་གྱུར། །ཞེས་བསམ་སྟེ། ཕྲེང་བ་བཟུང་བའི་རྒྱས་༼གུང་མོ་མཐེའུ་ཆུང་བརྐྱང་མཛུབ་མོ་གུང་མོའི་རྒྱབ་ཏུ་བཀུག །སྲིན་ལག་དང་མཐེ་བོང་གིས་ཕྲེང་བ་བགྲང་། མཆན།༽ སྙིང་ཁར་བཟུང་ནས། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་སྭཱ་ཧཱ། ཞེས་སྙིང་པོ་དང་། ཕྲེང་བ་འཛིན་པའི་རྒྱ་༼ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་བཀུག་སྟེ་མཐེ་བོང་གཉིས་དང་སྦྱར་བ་གཙུག་ཏོར་གྱི་རྒྱས་ཕྲེང་བ་བགྲང་ཞིང་། མཆན།༽ བསྒྱུར་ཏེ། གཟུངས་རིང་བཟླ་བ་ནི། ན་མཿསཔྟཱ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྛ་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨཱ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨཱ་ཡུར་བི་ཤོ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་དང་། སྙིང་པོ་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾསྐཱ་ར། ཏ་ཐཱ་ག་ཏ་དྷ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པ་རྣམས་སྒྲ་དང་བཅས། ཤུབ་བུ་དང་། ཡིད་བཟླས་སོགས་རིམ་པ་བཞིན་བྱས་ཏེ་ཇི་སྲིད་མི་སྐྱོའི་བར་བཟླས་ལ། ཐུན་འཇོག་ཁར་། ལྷ་ལ་དང་བའི་མིག་བལྟ་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས། དེ་ནས་བུམ་པའི་ཕྱག་རྒྱ་བཅས་ལ་༼གཡས་གཡོན་སྲིན་རྒྱབ་གུང་མོ་བཞག །གཡས་གཡོན་མཛུབ་མོས་གུང་སྲིན་དཀྲི། །མཐེའུ་ཆུང་གཉིས་པོ་གཤིབས་ཏེ་བསྒྲེངས། །མཐེ་བོང་མཛུབ་ཚིག་གསུམ་པར་བཞག །མཆན།༽ བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི་མཆོག་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །མགོན་པོ་ཁྱོད་ཀྱི་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཞེས་དགེ་བ་ཕུལ་ཏེ་ཕྲེང་བའང་གཙོ་བོའི་དྲུང་དུ་ཕུལ་ལ་གཏང་རག་གི་མཆོད་བསྟོད་བྱས་ཏེ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་བཟོད་པར་གསོལ། ༀ་ཛི་ན་ཛིཀ྄་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱའི་སྔགས་རྒྱས་༼མཆོད་ཡོན་ཕུལ་ལ་གཤེགས་སུ་གསོལ་བའི་ཕྱག་རྒྱ་སྤྱན་འདྲེན་པའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ཕྱིར་བསྐྱེད་པ། མཆན། ༽བཅས་ཏེ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། ༀ་ཛི་ན་ཛིཀ྄་གཙྪ། ཞེས་རྒྱ་གྱེན་དུ་དཀྲོལ་བས། སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ། སྔགས་ཀྱིས་སྤྲུལ་པའི་ལྷ་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། དེ་ཟླ་བ་ལ། དེ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ཞེས་པའི་སྔགས་རྒྱས། ༼ལག་གཡོན་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་བཞག་སྟེ་སོར་མོ་བསྣོལ་བའི་རྩེ་དྲུང་བར་སྦྱར་ཏེ་ཐད་ཀར་བཞག་པ་གཡོན་ཕྱོགས་ནས་བསྐོར་ཞིང་། མཆན།༽ ར་བ་དང་དྲྭ་བ་སོགས་ཕྱོགས་མཚམས་བཅིངས་པ་རྣམས་བཀྲོལ་བར་གྱུར། དེ་ནས་གླེགས་བམ་བཀླག་པ་སོགས་སྤྱོད་ལམ་གྱི་རྣལ་འབྱོར་སྤྱི་ལྟར་བྱའོ། །བསྙེན་པའི་ཆོ་ག་བཤད་གྲུབ་བོ། ༈ །ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ དེ་ལྟར་བསྙེན་པ་སྔོན་དུ་སོང་ནས། མཆོད་རྟེན་གྱི་རྨང་གཞི་འདིང་བའི་འོད་ཟེར་དྲི་མེད་ཀྱི་སྒོ་ནས་སའི་ཆོ་ག་བྱ་བ་ནི། རྟེན་སྤྱན་དྲངས་པའི་མདུན་དུ་མཆོད་པ་བཤམ། སློབ་དཔོན་གྱི་མདུན་དུའང་མཆོད་པ་བཞི་དང་། བསང་ཆུ་འཐོར་ཡབ་དང་བཅས་པ། བ་བྱུང་། དྲི་བཟང་། རྡོ་དྲིལ་ལ་སོགས་པ་བཤམས་ལ། སྔ་དྲོ་ཐོག་མར་གསོ་སྦྱོང་བླང་བ་ནི། པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས་ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དུ་གསོ་སྦྱོར་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་སངས་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་བླང་བར་བྱའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱོད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་ལྟར་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་འཁྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ་དང་། ༀ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ་པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་བ་ལོ་ཀི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླ། དེ་ནས་གཞི་བགེགས་ལ་གཏོར་མ་བཏང་ལ་ས་ཆོག་གི་བདག་གནས་བསྲུང་བའི་ཕྱིར། ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་བསྲུང་བ་ནས། ཛི་ན་ཛིཀ྄ །ཅེས་བརྗོད་པས། བདག་ཉིད་སྦྱང་བར་གྱུར། ཞེས་པའི་བར་བསྙེན་པའི་སྐབས་ལྟར་བླང་ལ། དེ་ནས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་པའི་སྔགས་བཟླ་ཞིང་ས་གཞི་ཁྲུ་དོ་ཙམ་བརྐོས་ལ། རྡོ་བ། སོལ་བ། རུས་པ། སྐྲ་ཤད། སྲོགས་ཆགས་ལ་སོགས་པའི་སྐྱོན་རྣམས་བསལ་ལ། དྲི་བཟང་གིས་སྦྲུས་པའི་ལས་མཐུན་གྱིས་ས་དགང་བ་ལ་སྔགས་བཟླས་པའི་སྤོས་ཆུས་གདབ་ཅིང་འཐས་པར་བཅག་སྟེ་ངོས་མཉམ་ནས་བའི་གཅི་བ་ས་ལ་མ་ལྷུང་བ་གཅིན་དང་འདྲེས་པས་བྱང་ཤར་ནས་ཁྱབ་པར་བྱུག །དེའི་དབུས་སུ་ཁུང་བུ་བརྐོས་ཏེ། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པའི་སྔགས་གཉིས་བཟླ་ཞིང་འབྲུ་སྨན་རིན་པོ་ཆེ་ལ་སོགས་པའི་གཏེར་བཅུག་སྟེ་མཉམ་ནས། ༀ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷུ་ར་བནྡྷ་ཧཱུྃ་ཕཊ། ཅེས་པའི་སྔགས་བཟླ་ཞིང་ལག་པ་གཡོན་པས་ས་ལ་རེག །གཡས་པས་བ་བྱུང་ལྔ་ལ་སྔགས་དེ་ཉིད་བཟླས་པའི་བསང་གཏོར་བྱ་ཞིང་། ཁྱད་པར། ༀ་ཛ་ཡོཥྞི་ཥ། ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ད་མ་ད་མ། ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧ་ན་ཧཱུྃ། ཞེས་བཟླས་ཏེ་སྔར་ལྟར་བསང་གཏོར་བྱ། དེ་ནས་རང་ཉིད་སའི་དབུས་སུ་འདུག་སྟེ། རང་གི་སྟན་བདུད་རྩི་ཐབས་སྦྱོར་གྱིས་བསང་གཏོར་བྱས་ལ། ཞེས་བསྙེན་པའི་སྐབས་ཀྱིི་སྔར་གྱི་འཕྲོ་ནས་བླང་ལ། ཇི་སྲིད་བཟླས་པའི་བར་དཀྱུས་ལྟར་བྱས་ཏེ། ལས་སྔགས་གཉིས་ཀྱིས་བསང་གཏོར་བྱ། དེ་ནས་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ། ཕྱོགས་བཞི་མཚམས་བརྒྱད་དུ། ན་མཿས་མནྟ་བཛྲ་ཨ་ཀོ་ཊ་ཡ་ས་མེ་མ་ཧཱ་ཙནྟྲ་ལི་ཕཊ་ཕཊ་ཕཊ། སརྦ་ཏྲ་རཀྵ་ན་ཏྲ་ཊ། མ་ཊ་མ་ཊ་ཕཊ། ཅེས་བཟླ་ཞིང་རྡོ་རྗེའི་ཐོ་བས་བརྡུངས་ལ། རྡོ་རྗེ་གཏུམ་པོས་བགེགས་རྣམས་ཀྱི་སྤྱི་བོ་ནས་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་པར་གྱུར། དེ་ནས་གཏང་རག་བཟོད་གསོལ་གཤེགས་གསོལ་ལ་སོགས་མཇུག་ཆོག་རྣམས་བསྙེན་པའི་སྐབས་ལྟར་བྱའོ། །དེ་དག་ནི་རྨིང་འདིང་བ་ལ་མེད་དུ་མི་རུང་བའི་ས་ཆོག་བསྡུས་པ་ཙམ་སྟེ། རྒྱས་པར་དཀྱིལ་ཆོག་ལས་ཤེས་པར་བྱ་ཞིང་། མཆོད་རྟེན་ཐིག་གདབ་པ་དང་རྨང་འདིང་རྟེན་འབྲེལ་སོགས་གཞན་ལས་ཤེས་པར་འགྱུར་རོ། །དེ་ནས་རྨང་འདིང་སྟེ་ཇི་སྲིད་བང་རིམ་རྫོགས་པའི་བར་མཐོང་བརྒྱུད་ཀྱི་མན་ངག་ལྟར་སྨད་ཆའི་གཟུངས་རྣམས་མ་ནོར་བར་ཕུལ། དེ་ནས་བུམ་རྟེན་ནང་དུ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ཏེ། དེའང་བང་རིམ་བཞིའི་སྟེང་ཐོག་ལ་དྲི་བཟང་ལ་སོགས་པས་སྦྲུས་པའི་ས་འཇམ་པོའི་ཞལ་བ་ལེགས་པར་བྱས་པའི་གཞི་སྙོམས་པར་བྱས། སློབ་དཔོན་ཤར་དུ་འཁོད་པའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་། རྡོར་དྲིལ་སོགས་འདུ་བྱས་ཏེ། མཆོད་པ་རྣམས་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་སྤྲིན་ཕུང་ལྟར་བཟང་ཞིང་རྒྱ་ཆ ེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་སརྦ་བིདྤཱུ་ར་པཱུ་ར་སུ་རུ་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་པའི་སྔགས་རྒྱ་དང་། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་ཨཱཿཧཱུྃ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། དེ་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་དང་། ཁྱད་པར། རང་རྣམ་སྣང་དུ་གསལ་བའི་ཐུགས་ཀའི་ༀ་གྱི་འོད་ཟེར་གྱིས་གཙུག་ཏོར་དྲི་མ་མེད་པའི་ལྷ་ཚོགས་བླ་མ་གཙོ་བོའི་རིགས་བདག་ཏུ་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿའི་སྔགས་རྒྱས་སྤྱན་དྲངས་ཏེ། ཐལ་མོ་སྦྱར་ནས། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱཿ ཞེས་པས་ཕྱག་བྱ། ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། དེ་ནས་གསོ་སྦྱོང་བླང་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སོགས་ནས། སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་པའི་བར་ལན་གསུམ་དང་། ༀ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ་པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་བ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཉེར་གཅིག་བཟླས་མཐར། བསྡུ་རྒྱ་ཕྱིར་བསྟན་གཤེགས་པའི་ཕྱག་རྒྱ་བཅས་ཏེ། ༀ་བཛྲ་མུཿས་ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར། དེ་ནས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ༀ་སྭ་བྷ་ཝ ས་སྦྱང་། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །པཾ་ལས་པདྨ་ཨ་ཡིག་ལས། །ཟླ་བའི་སྟེང་དུ་ༀ་དཀར་པོ། །དེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །རང་ཉིད་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་པོ་ཞལ་བཞི་པ། །ཕྱག་བརྒྱད་བྱང་ཆུབ་ཕྱག་རྒྱ་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །མདུན་དུ་སྦས་ཡུམ་རྡོ་རྗེ་དཀར། །ཉི་མ་རྣམ་སྣང་དམར་པོ་ཉི། །ཟླ་བ་རྣམ་སྣང་དཀར་པོ་ཟླ། །དེ་གཉིས་གཡས་གཡོན་བཞེངས་ཏེ་བཞུགས། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་རང་འདྲ་བའི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྂ་ཧོཿ དམ་ཚིག་གཉིས་མེད་རོ་གཅིག་གྱུར། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །དབང་ལྷ་རིགས་ལྔ་འཁོར་དང་བཅས། །ༀ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་མངོན་པར་དབང་བསྐུར་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་མངོན་པར་དབང་བསྐུར་བས། སྐུ་གང་དྲི་མ་མ་ལུས་དག །ལྷག་མའི་ཆུ་ལུད་རིན་པོ་ཆེའི། །ཅོད་པན་རྒྱ་ཡིས་བཏབ་པར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་མ་ལེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །ཞེས་བསྟོད། བཟླས་པ་ནི། རང་གི་ཐུགས་ཀར་ཟླ་བ་ལ་ༀ་ཡིག་སྔགས་ཕྲེང་གིས་བསྐོར་བར་མོས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ། ༀ་མ་ཧཱ་ཙིནྟ་མ་ཎི་ཛྭ་ལ་ན་ས་ག་ར་གམྦྷི་ར། ཨཱ་ཀཪྵ་ཡ་ཨཀཪྵ་ཡ། ཨཱ་ཡུནྡྷ་ར་ཨཱ་ཡུནྡྷ་ར། སནྡྷ་ར་སནྡྷ་ར། ཀྵ་ཎ་ཀྵ་ཎ། ཀྵི་ཎི་ཀྵི་ཎི། ཀྵུ་ཎུ་ཀྵུ་ཎུ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མཱ་ཡེ། ཏིཥྛ་ཏིཥྛ། མ་ཧཱ་བྷུ་བ་ན། སཱ་ག་ར། སཾ་ཤོ་དྷ་ཡ། མཱཾ་སརྦ་པ་ཏྭཱཾཤྩ། བྷ་ག་ཝ་ཏི། སརྦ་པཱ་པཾ་བི་མ་ལེ། ཛ་ཡ་ཛ་ཡ། ཛ་ཡ་ལ་བྷེ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། བི་ག་ཏ་ཨཱ་བ་ར་ཎི། བྷ་ཡ་ཧ་ར་ཎི། ཧཱུྃ་ཧཱུྃ་ཧཱུྃ། མྲྀ་ཏྱུ་དཎྜ་དྷ་རེ། ཨ་བྷ་ཡ་པྲ་དེ། ཨུཥྞཱིཥ་བྱ་བ་ལོ་ཀི་ཏེ། ས་མནྟ་མུ་ཁེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མཱ་ཡེ། མ་ཧཱ་པཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ། ཨཱ་ཀཪྵ་ཡ་ཨ་ཀཪྵ་ཡ། ཨ་ཀཌྜྷ་ཡ་ཨ་ཀཌྜྷ་ཡ། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ཨིནྡྷྲ་ཡ་བི་ཤོ་དྷ་ནི་བྷུ་ཥི་ཏ་བྷུ་ཛ། མ་ཧཱ་མུ་དྲ་བི་ལོ་ཀི་ཏེ། ཛ་ཡ་ཛ་ཡ། སིདྡྷེ་སིདྡྷེ། བུདྡྷེ་བུདྡྷེ། བོ་དྷ་ནི་བོ་དྷ་ནི། སཾ་བྷོ་དྷ་ནི་སཾ་བྷོ་དྷ་ནི། ཤྭ་དྷ་ནི་ཤྭ་དྷ་ནི། སཾ་ཤོ་དྷ་ནི་སཾ་ཤོ་དྷ་ནི། བི་ཤོ་དྷ་ནི་བི་ཤོདྷ་ནི། ཧ་ར་ཧ་ར། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་བྷུ་ཛེ། ས་མ་ཡ་ཏིཥྛེ་པྲ་ས་རནྟུ། མ་མ་པུཎྱཻ་བི་ན་ཤྱནྟུ་པཱ་པཾ། སརྦ་ཀི ལྤ་ཥ་ཧ་རེ། མ་ཎི་བི་ཤུདྡྷེ། ཤོ་དྷ་ཡ་བི་མ་ལེ། བི་ཀ་སི་ཏ་པདྨེ། ཀ་བཱ་ཙིཏྟ་བྷུ་ཛེ། ཥཌཔཱ་྅྅྅ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏོཥྞི་ཥ་བི་ལོ་ཀི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨཱ་ཡུ་རྡ་དེ་སྭཱ་ཧཱ། པུཎྱཻ་ད་དེ་སྭཱ་ཧཱ། པུཎྱ་བི་ལོ་ཀི་ཏེ་སྭཱ་ཧཱ། པུཎྱ་ཨ་ཝ་ལོ་ཀི་ཏེ་སྭཱ་ཧཱ། མྲྀ་ཏྱུ་དཎྜེ་སྭཱ་ཧཱ། ཡ་མ་དཎྜེ་སྭཱ་ཧཱ། ཡ་མ་དཱུ་ཏེ་སྭཱ་ཧཱ། སཾ་ཧ་ར་ཎི་སྭཱ་ཧཱ། སཾ་བྷ་ར་ཎི་སྭཱ་ཧཱ། སནྡྷ་ར་ཎི་སྭཱ་ཧཱ། པྲ་ཏི་ས་ར་ཎི་སྭཱ་ཧཱ། ཨོ་ཛོ་ཝ་ཏི་སྭཱ་ཧཱ། ཏེ་ཛོ་བ་ཏེ་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུ་དྲ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པ་ལན་གསུམ་དང་། ༀ་ན་མསྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨ་ཡུཿ སཾ་ཤོ་དྷ་ཡ་སཾ་ཤོ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཐཱ་ག་ཏ་ས་མནྟོཥྞི་ཥ་བི་མ་ལེ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨྂ་བྂ་སྂ་ཛ་སྭཱ་ཧཱ། ཅི་ནུས་སུ་བཟླ་བ་ནི་བདག་གི་རྣལ་འབྱོར་རོ། །དེ་ནས་ཐོག་མར་སྐྱ་ཐིག་འདེབས་པ་ནི། ཚངས་ཟུར་བཏབ་སྟེ། ལྟེ་བ་ནས་ངོས་རེར་ཆ་བཅུ་གཉིས་རེ་བགོས་པ་ལ། རྟ་བབ་སྣམ་བུ་བཅུ་གཅིག་མ། ཕྱི་རོལ་པད་ར། རྡོ་ར། འོད་ཕྲེང་། མཆོད་སྣམ་རྣམས་དང་། ལྟེ་བར་ལིང་ཚེ་དགུ་པ་སྟེ་གཞན་རྣམས་སྤྱི་ལྟར་བཏབ་ནས་ཐིག་ཚོན་ལྔ་ཕྱོགས་མ་འཁྲུལ་བར་བཀོད་ལ། བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་སྦྱང་། སྟོང་པའི་ངང་ལས་ༀ་ཨཱྂ་བྂ་པྂ་ཛ་རྣམས་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་གྱུར་པའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གི་འོད་ཟེར་གྱིས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྂ་ཧོཿས་བསྟིམས་ནས། ཞུ་བ་ལས་ཐིག་ཚོན་དུ་གྱུར། དེ་ནས་ཐིག་སྐུད་བརྐྱངས་ནས། ༀ་ཨ་ནྱོ་ནྱ་ཨ་ནུ་ག་ཏེ། སརྦ་དྷརྨཱ་པ་རསྶ་ར་ཨ་ནུ་ས་བིཥྚ། སརྦ་དྷརྨ། ཨདྱནྟ། ཨ་ནུ་པྲ་བིཥྚ། སརྦ་དྷརྨཱ་ཧཱུྃ། ཞེས་གསུམ་བཟླས་པས་བསྒྲིལ་ཏེ་བརྡོགས་ནས་སྣོད་དུ་བཞག །ཚོན་རྣམས། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་པའི་སྔགས་རྒྱས་མཉེ། དེ་ནས། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་པས་གནམ་སའི་ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ་ལ། ཐིག་སྐུད་ཀྱི་ཡེ་ཤེས་པ་བཛྲ་མུཿས་གཤེགས། དཀྱིལ་འཁོར་གྱི་ནུབ་ནས་དབུས་སུ་རྡོ་རྗེའི་ཤུགས་ཀྱིས་འཇུག་པས་ཞུགས་པར་གྱུར། ཀྲོ་དྷ་དྲིཥྚ་ཧྲཱིཿ ཞེས་པས་སྒོ་བཞིར་ནང་གི་རྩ་ཐིག་དབྱི། ཤར་ནས་རྡོ་རྗེའི་ཤུགས་ཀྱི་གོམ་པས་ཕྱིར་ཐོན་པར་མོས་ལ། ཆུ་ཚོན་གྱི་དཀྱིལ་འཁོར་དབུས་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། རྩིག་པ་ནང་ནས་དཀར་ལྗང་དམར་སེར་སྔོ། ཁྱམས་ལྗང་། གཞན་སྤྱི་དང་མཐུན། ལྷ་གནས་རྣམས་སུ་ལྷའི་གཟུགས་རྫོགས་པའམ་ཕྱག་མཚན་ཙམ་འགོད། བྲིས་ཟིན་པ་དང་། ཚོན་ལྷག་གི་ཡེ་ཤེས་པ་བཛྲ་མུཿས་གཤེགས། དེ་ནས་དཀྱིལ་འཁོར་གྱི་རྒྱན་དང་མཆོད་པ་རྣམས་བཤམ་ལ། སྒྲུབ་པ་པོ་རྣམས་ཁྲུས་བྱས་ཏེ་སྟན་ལ་འཁོད་ནས། བདག་བསྐྱེད་བཟླས་པའི་བར་སྔར་ལྟར་བྱས་ལ། མདུན་གྱི་དཀྱིལ་འཁོར་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝ ས་སྦྱང་། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །སྣ་ཚོགས་རྡོ་རྗེའི་ས་གཞི་དང་། །རྡོ་རྗེའི་ར་བ་གུར་བླ་བྲེ། །ཡེ་ཤེས་མེ་དཔུང་འབར་བའི་ནང་། །སྣ་ཚོགས་པདྨའི་ལྟེ་བ་ལ། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབ་ཅན། །ལྟེ་བ་ལིང་ཚེ་དགུ་དང་ལྡན། །ཕྱི་ནང་མཚན་ཉིད་ཀུན་ཏུ་རྫོགས། །ལྷ་གནས་རྣམས་སུ་པདྨའི་གདན། །དབུས་སུ་བཅོམ་ལྡན་རྣམ་སྣང་མཛད། །དུང་མདོག་ཞལ་བཞི་ཕྱག་བརྒྱད་དོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །མདུན་དུ་སྦས་ཡུམ་རྡོ་རྗེ་དཀར། །ཉི་མ་རྣམ་སྣང་དམར་པོ་ཉི། །ཟླ་བ་རྣམ་སྣང་དཀར་པོ་ཟླ། །དེ་གཉིས་གཡས་གཡོན་བཞེངས་ཏེ་བཞུགས། །ཤར་གྱི་ལིང་ཚེར་མི་བསྐྱོད་སྔོ། །གཡས་པ་ས་གནོན་རྡོ་རྗེའི་ཕྱག །ལྷོ་རུ་རིན་ཆེན་འབྱུང་ལྡན་སེར། །ཕྱག་གཡས་མཆོག་སྦྱིན་རིན་ཆེན་མཚན། །ནུབ་ཏུ་འོད་དཔག་མེད་དམར་པོ། །ཏིང་འཛིན་ཕྱག་རྒྱ་པདྨ་འཛིན། །བྱང་དུ་དོན་ཡོད་གྲུབ་པ་ལྗང་། །ཕྱག་གཡས་སྐྱབས་སྦྱིན་རྒྱ་གྲམ་མཚན། །གསུམ་ཀའི་ཕྱག་གཡོན་མཉམ་གཞག་གོ། །མཚམས་ཀྱི་ལིང་ཚེ་བཞི་པོ་ཡི། །ཤར་ལྷོར་སྤྱན་མ་སྐུ་མདོག་དཀར། །ཕྱག་གཡས་འཁོར་ལོ་གཡོན་པ་སྤྱན། །ལྷོ་ནུབ་མཱ་མ་ཀཱི་སྔོན་མོ། །གཡས་པ་རིན་ཆེན་གཡོན་རྡོ་རྗེ། །ནུབ་བྱང་ན་བཟའ་དཀར་མོ་དམར། །གཡས་གཡོན་ཕྱག་ན་པདྨ་བསྣམས། །བྱང་ཤར་དམ་ཚིག་སྒྲོལ་མ་ལྗང་། །གཡས་པ་རྒྱ་གྲམ་གཡོན་ཨུཏྤལ། །ཤར་ལྷོ་མཚམས་སུ་གཟུགས་རྡོ་རྗེ། །དཀར་མོ་འཁོར་ལོ་མེ་ལོང་འཛིན། །ལྷོ་ནུབ་སྒྲ་དབྱངས་རྡོ་རྗེ་སེར། །གཡས་གཡོན་རིན་ཆེན་པི་ཝང་བསྣམས། །ནུབ་བྱང་དྲི་མཆོག་རྡོ་རྗེ་དམར། །གཡས་པ་པདྨ་གཡོན་དུང་ཆོས། །བྱང་ཤར་རོ་མ་རྡོ་རྗེ་ལྗང་། །སྣ་ཚོགས་རྡོ་རྗེ་རོ་ཡི་སྣོད། །ཤར་ཕྱོགས་སྣམ་བུར་བྱང་སེམས་གཉིས། །དུང་མདོག་གཡས་པ་འཁོར་ལོ་འཛིན། །ལྷོ་ཕྱོགས་སྣམ་བུར་བྱང་སེམས་གཉིས། །སེར་པོ་ཕྱག་གཡས་རིན་པོ་ཆེ། །ནུབ་ཕྱོགས་སྣམ་བུར་བྱང་སེམས་གཉིས། །དམར་པོ་ཕྱག་གཡས་པདྨ་འཆང་། །བྱང་ཕྱོགས་སྣམ་བུར་བྱང་སེམས་གཉིས། །ལྗང་ཁུ་སྣ་ཚོགས་རྡོ་རྗེ་གཡས། །བཞི་ཀ་ཕྱག་གཡོན་དཀུ་ལ་བརྟེན། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དཀར། །གཡས་པ་ལྕགས་ཀྱུ་གཡོན་སྡིགས་མཛུབ། །ལྷོ་སྒོར་རྡོ་རྗེ་ཞགས་པ་སེར། །གཡས་གཡོན་ཞགས་པ་སྡིགས་མཛུབ་ཅན། །ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དམར། །གཡས་པ་ལྕགས་སྒྲོག་གཡོན་སྡིགས་མཛུབ། །བྱང་སྒོར་རྡོ་རྗེ་འབེབས་པ་ལྗང་། །གཡས་པ་དྲིལ་བུ་གཡོན་སྡིགས་མཛུབ། །གཤེགས་པ་ལྔ་པོ་རྡོར་སྐྱིལ་དང་། །ཞི་བ་གཞན་རྣམས་སེམས་དཔའི་སྐྱིལ། །སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱན། །སྒོ་བ་རྣམ་བཞི་འཇིགས་གཟུགས་ཅན། །ཞབས་གཉིས་གཡོན་བརྐྱང་འདོར་སྟབས་ཅན། །སྦྲུལ་དང་རིན་པོ་ཆེ་ཡིས་བརྒྱན། །ཀུན་གྱི་གནས་གསུམ་ༀ་ཨཱཿཧཱུྃ། །ཧཱུྃ་ལས་འོད་འཕྲོས་རང་འདྲ་བའི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ༀ་བཛྲ་ས་མཱ་ཛཿ རྡོར་དྲིལ་སྤོས་བཅས་འཛིན་པས། མ་ལུས་སེམས་ཅན་གྱི་མགོན་གྱུར་ཅིང་། །སོགས་ནས། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མཆོད་ཡོན་སྦྲེང་བཞིན་དུ། བཅོས་ལྡན་འདིར་ནི་བྱོན་པ་ལེགས། །སོགས་ནས། ཐུགས་ལ་དགོངས་ཤིང་གནང་བར་མཛོད། །དེ་ནས་ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་མ་ལེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད། ཛཿཧཱུྃ་བྂ་ཧོཿ དམ་ཡེ་གཉིས་མེད་རོ་གཅིག་གྱུར། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །དབང་ལྷ་རིགས་ལྔ་འཁོར་དང་བཅས། །ༀ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་མངོན་པར་དབང་བསྐུར་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨབྷིཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་མངོན་པར་དབང་བསྐུར་བས། སྐུ་གང་དྲི་མ་མ་ལུས་དག །ལྷག་མའི་ཆུ་བོ་ཡར་ལུད་པས། །བདེ་གཤེགས་རྣམས་ལ་རིན་པོ་ཆེའི། །ཅོད་པན་གྱིས་བརྒྱན་གཞན་རྣམས་ལ། །རིགས་ལྔའི་རྒྱ་ཡིས་བཏབ་པར་གྱུར། །དེ་ནས་མཆོད་པ་གསར་དུ་བཤམས་པའམ། ཁ་གསོས་ལ། སྔར་བཞིན་བསང་སྦྱང་བྱིན་གྱིས་བརླབས་ཏེ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་བ་ལེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱདྱཾ་ནས་ཤཔྡའི་བར་སྦྱར་བས་འབུལ། དེ་ནས་པད་སྐོར་སྔོན་འགྲོས་སོ་སོའི་རྒྱ་བཅིངས་ལ། ༀ་བཛྲ་ལཱ་སྱ་ཧཱུྃ། ༀ་བཛྲ་མཱ་ལེ་ཏྲཾ། ༀ་བཛྲ་གཱིརྟི་ཧྲཱིཿ ༀ་བཛྲ་ནྲྀ་ཏྱེ་ཨཱཿ ༀ་བཛྲ་དྷཱུ་པེ་ཧཱུྃ། ༀ་བཛྲ་པུཥྤེ་ཏྲྂ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་ཨཱཿ ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ༀ་སརྦ་ཏ་ཐཱ་ཏ་ཨུཥྞི་ཥ་བི་མ་ལེ་ས་པ་རི་ཝཱ་ར་པཉྩ་མ་ཧཱ་ར་ཎ་པཱུ་ཛ་མེ་གྷ་སོགས་ནས། ཞིང་འདི་འདོད་ཡོན་སྣ་ལྔ་ཡིས། །སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་མ་ལེ་ས་པ་རི་ཝཱ་ར་པཉྩ་ཀ་མ་གུ་ཎ་པཱུ་ཛ་མེ་གྷ༴ ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་དཀྱིལ་འཁོར་ལྷ་ཚོགས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ༀ་སརྦ་སོགས་ཀྱི་མཐར། ཨཥྚ་མངྒ་ལ་དྲ་བྱ་པཱུ་ཛ་མེ་གྷ་སོགས། དཔྲལ་བར་ཐལ་མོ་ཁོང་སྟོང་སྦྱར་ཏེ། ༀ་སརྦ་བིདྤཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿ ཞེས་སོགས་མཆོད་སྤྲིན་དཔག་མེད་དུ་སྤྲོས་ནས་མཆོད་དེ། ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་རྒྱ་བཀྲོལ་ཏེ་སེ་གོལ་བྱའོ། །དེ་ནས་བསྟོད་པ་ནི། དྲིལ་སྟབས་དང་སྦྱར་ཏེ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན། ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །གཟུགས་འཛིན་རྡོ་རྗེ་བརྟན་པའི་བདག །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་བདུད་འདུལ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མི་བསྐྱོད་ལའོ། །རྡོ་རྗེ་རིན་ཆེན་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཆོག་སྦྱིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལའོ། །མཐའ་ཡས་རྡོ་རྗེ་ཆུ་ཡི་ཁམས། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་འཛིན། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །དངོས་གྲུབ་རྡོ་རྗེ་བསྐྱོད་པའི་རླུང་། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་སྐྱབས་སྦྱིན་ཕྱག་རྒྱ་འཛིན། །ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །སྟོང་པ་ཉིད་ཀྱི་རྡོ་རྗེ་ལས། །རྡོ་རྗེའི་རིགས་རྣམས་ཀུན་གྱི་ཡུམ། །རྡོ་རྗེ་སེམས་མཆོག་རྣམ་པར་དག །ཕྱག་འཚལ་རྡོ་རྗེ་སྤྱན་མ་ལའོ། །མཚན་མ་མེད་པའི་རྡོ་རྗེ་ལས། །རིན་ཆེན་རིགས་རྣམས་ཀུན་གྱི་ཡུམ། །རྡོ་རྗེ་རིན་ཆེན་དབང་བསྐུར་མཆོག །ཕྱག་འཚལ་རྡོ་རྗེ་དབང་ཉིད་ལའོ། །སྨོན་པ་མེད་པའི་རྡོ་རྗེ་ལས། །པདྨའི་རིགས་རྣམས་བསྐྱེད་མཛད་པ། །རྡོ་རྗེ་པདྨ་གསང་བའི་མཆོག །ཕྱག་འཚལ་རྡོ་རྗེ་དཀར་མོ་ལའོ། །རྡོ་རྗེ་མངོན་དུ་མི་ཕྱེད་ལས། །ལས་ཀྱི་རིགས་རྣམས་བསྐྱོད་མཛད་མ། །རྡོ་རྗེ་མཆོག་ལ་རབ་ཏུ་བརྩོན། །ཕྱག་འཚལ་རྡོ་རྗེ་སྒྲོལ་མ་ལའོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །གང་དག་ཡོན་ཏན་རྒྱས་པ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་ཆ་གསུམ་གཏོར་མ་ལྟར་ནང་དུ་ཕྱོགས་སྐྱོང་། གདོན་སྤྱི། གཞི་བདག་རྣམས་དང་། ཕྱི་རོལ་དུ་བགེགས་གཏོར་བཏང་། ཉེ་རེག་བྱས་ཏེ་ནང་དུ་ཞུགས། སྤོས་ཀྱིས་བདུག །རོལ་མོ་དཀྲོལ་ལ་ཡིག་བརྒྱ་བཟླ་བཞིན་དུ་དཀྱིལ་འཁོར་ལན་གསུམ་བསྐོར་ཏེ། ཤར་སྒོ་ནས། རྨི་ལམ་འཇིགས་དང་སྡིག་པ་ཐམས་ཅད་ཞི་བྱེད་པ། །ཚེ་དང་འབྱོར་པ་སྟོབས་དང་བདེ་བ་རྣམས་འཕེལ་བ། །ཁྱེད་ཀྱིས་བཀྲ་ཤིས་ཐམས་ཅད་འགྲུབ་པར་བྱེད་འདི་དག །རབ་ཏུ་བརྗོད་ཀྱི་དེ་ཕྱིར་མི་རྣམས་བསྒྲིམས་ཏེ་ཉོན། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པ་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེ་རིང་ཞི་བྱེད་ལེགས་གྱུར་ཅིག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །དགེ་བ་མཉམ་མེད་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེ་རིང་ཞི་བྱེད་ལེགས་གྱུར་ཅིག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་སྦྱིན་མཛད་འགྲོ་བའི་དོན་ལ་མི་བསླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེ་རིང་ཞི་བྱེད་ལེགས་གྱུར་ཅིག །བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་ཞུགས་དཔག་མེད་ཚེ་ལྡན་པ། །ཚེ་གྲངས་མེད་པའི་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེ་རིང་ཞི་བྱེད་ལེགས་གྱུར་ཅིག །སེམས་ཅན་རྣམས་ཀྱི་དོན་ལ་ཐུགས་ནི་རབ་ཏུ་དགོངས་མཛད་པ། །འགྲོ་བ་མཐའ་དག་འཆིང་བས་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེ་རིང་ཞི་བྱེད་ལེགས་གྱུར་ཅིག །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །སོགས་གསུམ་དང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སོགས་དང་། འདིར་ནི་རྒྱལ་བ་དགྲ་རྒྱལ་སོགས་བརྗོད་ཅིང་རོལ་མོ་དཀྲོལ། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་སྒོ་རྣམས་ནས་ཀྱང་། རྨི་ལམ་འཇིགས་དང་སོགས་བཀྲ་ཤིས་སྔར་ལྟར་བརྗོད་དོ། །དེ་ནས་ཤར་སྒོ་ནས་ཐལ་མོ་སྦྱར་ཏེ། ༀ། བདེ་གཤེགས་རྡོ་རྗེའི་རིགས་དང་རིན་ཆེན་དང་། །པདྨ་སྣ་ཚོགས་རིགས་ཀྱི་རྒྱལ་བ་དང་། །གསང་སྔགས་འདི་ཡིས་བྱིན་བརླབས་ཀྱིས། །ཟག་མེད་ཡེ་ཤེས་སྣང་བའི་རྒྱན། །ནམ་མཁའི་མཐའ་དང་མཉམ་པ་སྟེ། །མྱུར་བ་ཉིད་དུ་སྐྱེ་བར་ཤོག །མིག་དང་རྣ་བའི་མངོན་ཤེས་དང་། །གཞན་གྱིསེམས་དོན་ཤེས་པ་དང་། །སྔ་ཕྱིའི་སྐྱེ་གནས་ཤེས་པ་དང་། །རྫུ་འཕྲུལ་དུ་མས་བསྒྱུར་བ་ཡང་། ད་ལྟ་ཉིད་དུ་ཐོབ་པར་ཤོག །ཆུ་སྟེང་འགྲོ་དང་རིག་མྱུར་ཕྱིན། །མིག་སྨན་བུམ་པ་གཏེར་དང་ནི། །རལ་གྲི་བཟུང་ནས་མཁའ་ལ་འགྲོ། །མི་སྣང་ལུས་བསྒྱུར་ཐོབ་པར་ཤོག །ས་འོག་འགྲོ་དང་གཏེར་མཐོང་དང་། །བཅུད་རྣམས་རྙེད་དང་རིང་འཚོ་དང་། །གཞན་ལུས་དང་པོར་བསྒྱུར་བ་དང་། །མདོག་བཟང་ན་རྒ་མེད་ཐོབ་ཤོག །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །འགྲོ་དོན་སྣ་ཚོགས་ཅི་འདོད་པ། །རང་རང་སྐལ་བ་ཅི་བཞིན་དུ། །ཐོགས་པ་མེད་པར་སྤྱོད་པར་ཤོག །སྐྱེ་ཞིང་སྐྱེ་བ་དང་ནི་ཚེ་རབས་སུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེ་ཐེག་ལ་ངེས་གནས་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ནས། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །དེ་ནས་གཏང་རག་གི་མཆོད་པ་ཁ་གསོས་ཏེ། བསང་སྦྱང་བྱིན་གྱིས་བརླབས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་མ་ལེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་ལྔས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་བསྟོད་ནས། བླ་མ་དང་བཅོམ་ལྡན་འདས་གཙུག་ཏོར་དྲི་མ་མེད་པའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། །བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་པའི་དོན་ཀུན་འབད་མེད་དུ་འགྲུབ་པ་དང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཆོས་དང་མཐུན་པའི་བསམ་པ་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་གནས་སྐབས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས། འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་མཐའ་དག་འགྲུབ་པ་དང་། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཞི་བའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལན་བདུན་བཟླས་ཏེ། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སྡུག་བསྔལ་གྱིས་གཟིར་སེམས་ཅན་སྒྲོལ་བར་ཤོག །དེ་ནས་བརྟན་བཞུགས་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་འཁོར་དང་བཅས། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་བཛྲ་མུཿས་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་མཆོད་རྟེན་གྱི་ནང་དུ་བཞུགས་པའི་ཆོ་གའོ། ༈ །ན་མོ་མུ་རཥྩ་རཏྣ་ཏྲ་ཡཱ་ཡ། འདིར་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་བཞུགས་ནས་སྲོག་ཤིང་འཛུགས་པའི་ཆོ་ག་བྱ་བར་འདོད་ན། མཆོད་རྟེན་ཆུང་ངུ་བུམ་ནང་དུ་དཀྱིལ་འཁོར་མི་ཤོང་བའི་བུམ་པར་བཞུགས་པར་མི་སྤྲོ་ན། མཆོད་རྟེན་གྱི་ཉེ་ལོགས་སུ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ཤིང་སྲོག་ཤིང་བརྟན་པའི་ཆོ་ག་བྱ་བར་རུང་གསུངས། འདིར་བུམ་ནང་དུ་བཞུགས་པའི་ཕྱོགས་ལ། དེའི་བཞུགས་ཚུལ་ནི། སྔར་བུམ་རྟེན་དུ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་བཞུགས་སུ་གསོལ་བ་དེ་ཉིད་ལ་དར་རམ་རས་གཙང་མས་ཞལ་ཁེབས་བཀབ་ལ། རྡོ་ལེབ་བཟང་པོ་སྲོག་ཤིང་གི་ལྗིད་ཐེག་པའི་ཐོག་བཀབ་ལ་རྐྱང་ནུལ་དགོས་ནའང་བྱས་ཏེ། བུམ་རྩིག་ཅུང་ཟད་རྩིགས་ལ། དེའི་ནང་དུ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་སྲོག་ཤིང་བརྟན་པའི་ཆོ་ག་བྱ་སྟེ། ཉེ་བར་དགོས་པའི་ཡོ་བྱེད་རྣམས་འདུ་བྱས་ལ། སྔ་དྲོ་ཐོག་མར་གསོ་སྦྱོང་བླངས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སོགས་ནས། སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་པའི་བར་ལན་གསུམ་དང་། ༀ་ཨ་མོ་གྷ་ཤཱི་ལའི་སྔགས་ཉེར་གཅིག་བཟླས། དེ་ནས་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་བསྲུང་བ་ནས། རས་ཀྱི་ཟེའུ་ཁ་བཅིངས་པར་གྱུར། ཅེས་པའི་བར་བསྙེན་པའི་སྐབས་ལྟར་བྱས་ལ། དེ་ནས་རྣལ་འབྱོར་དངོས་གཞི་ནི། ལུས་ངག་གི་གནད་དང་ལྡན་པས་འདི་ལྟར་བསྒོམ་སྟེ། བདག་གིས་བསྒྲལ་དཀའི་སྲིད་མཚོ་ལས། །མ་ལུས་འགྲོ་ཀུན་བསྒྲལ་བའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་སེམས་བསྐྱེད། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཐམས་ཅད་སེམས་ཙམ་དེའི་རང་བཞིན། །མི་དམིགས་ནམ་མཁའི་དཀྱིལ་ལྟ་བུ། །དེ་ལས་རང་སེམས་རྣམ་པ་ནི། །ཟླ་བའི་དཀྱིལ་འཁོར་ཉ་གང་བ། །དེ་ཡི་ངང་ལས་རང་གི་སྔགས། །ན་མོ་བྷ་ག་ཝ་ཏེ། ན་བ་ན་བ་ཊཱི་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲ་ཎཱཾ། ན་མཿསརྦ་ནཱི་ཝ་ར་ཎ་བི་སྐམྦྷི་ནི་བོ་དྷི་ས་ཏྭ་ཡ། ༀ་ཏུ་རུ་ཏུ་རུ་མ་མ་སརྦ་ཨཱ་བ་ར་ཎ་བི་ཤྭ་དྷ་ནི། སརྦ་ཏ་ཐཱ་ག་ཏ་ཨཱ་ཡུཪྦ་ལཱ་ནི། བི་པུ་ལ་ནིརྨ་ལེ། སརྦ་སིདྡྷི་ན་མ་སྐྲྀ་ཏྭ། བ་ར་བ་ར། སརྦ་ས་ཏྭ་ཨ་ཝ་ལོ་ཀི་ནི། ༀ་སརྦ་ནི་པཱ་ར་ཎ། བི་སྐམྦི་ནི། མ་མ་སརྦ་པཱ་པཾ་བི་ཤྭ་དྷ་ནི་ཀུ་རུ་སྭཱ་ཧཱ། ཞེས་པའི་རང་སྒྲ་གྲགས་པར་གྱུར། །དེ་ལས་སྔགས་རྣམས་ཡི་གེ་ཡི། །རྣམ་པར་མཁའ་ལ་གནས་པ་དེ། །ཟླ་དཀྱིལ་སྟེང་དུ་ལེགས་བཀོད་པའི། །འོད་ཀྱིས་འཕགས་མཆོད་འགྲོ་དོན་བྱས། །ཚུར་འདུས་རང་སེམས་ཟླ་དཀྱིལ་ལ། །ཞུགས་ནས་རོ་གཅིག་གྱུར་པ་ལས། །རང་ཉིད་སྒྲིབ་པ་རྣམ་སེལ་སྐུ། །གསེར་མདོག་ཐོར་ཚུགས་ཅོད་པན་ཅན། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ནས་སྔགས་རྒྱས་བྱིན་གྱིས་བརླབ་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་རྒྱས་སྙིང་ག །མགྲིན་པ། སྨིན་མཚམས། དཔུང་མགོ་གཉིས་ཏེ་གནས་ལྔར་གཏུགས་ཤིང་བྱིན་གྱིས་བརླབས། ༀ་བཛྲ་ཨགྣེ་པྲ་དཱི་པ་ཏ་ཡེ་སྭཱ་ཧཱ། སྔགས་རྒྱས། རྡོ་རྗེའི་གོ་ཆ་གྱོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུྃ་ཝ་ཀཱི་ལི་ཧཱུྃ་ཕཊ། ཅེས་པའི་སྔགས་རྒྱས་མགོ་དང་། དཔུང་པ་གཉིས། སྙིང་མགྲིན་རྣམས་སུ་རེག་པས། གོ་གྱོན་པར་གྱུར། འདི་ལྟར་གནས་སྐབས་ཐམས་ཅད་དུ། །ཡེངས་པ་མེད་པའི་ཏིང་འཛིན་གྱིས། །ལྷ་ཡི་འདུ་ཤེས་འབྲལ་མི་བྱ། །འདི་ནི་མཚན་མའི་ལྷ་རུ་གྲགས། །དེ་དག་ནི་བདག་བསྐྱེད་པའོ། །དེ་ནས་མདུན་གྱི་ལྷ་སྤྱན་དྲངས་པ་ནི། མདུན་དུ་རིན་ཆེན་དུ་མ་ལས། །ལེགས་གྲུབ་གསེར་བྱེ་བརྡལ་བའི་གཞི། །ཨཱོཾ་ཙ་ལ་བཱི་ར་ཧཱུྃ་སྭཱ་ཧཱ། དེ་སྟེང་སྐྱོན་བྲལ་འོ་མའི་མཚོ། །པདྨ་ཨུཏྤལ་ཆུ་བྱས་བརྒྱན། །ༀ་བི་མ་ལ་དྷ་ཧཱ་ཧཱུྃ། དེ་དབུས་རིན་ཆེན་རི་རབ་སྟེང་། །སྣ་ཚོགས་པདྨ་ལ་གནས་པའི། །མཚན་ཉིད་ཀུན་རྫོགས་གཞལ་ཡས་ཁང་། །གྲུ་བཞི་སྒོ་ལྡན་རྟ་བབ་མཛེས། །སྟེང་ཐོག་ཕྱུར་བུ་མཆོད་རྟེན་དབྱིབས། །ཕྱི་རོལ་རྡོ་རྗེའི་ཕྲེང་བས་བསྐོར། །ལྟེ་བར་པདྨའི་སྡོང་པོ་ནི། །གསེར་དང་སྦུར་ལེན་ཟེའུ་འབྲུ་ཅན། །སྙིང་པོའི་ཐོག་ལྔ་དངུལ་རེས་བསྐོར། །དེ་ལས་པདྨའི་དྲྭ་བ་གཞན། །བརྒྱ་སྟོང་ཇི་སྙེད་བྱུང་བར་གྱུར། །ན་མ་ས རྦ་ཏ་ཐཱ་ག་ཏ་ནཱཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱའི་སྔགས་རྒྱས། བླ་བྲེ་ལ་སོགས་པས་བརྒྱན་པར་གྱུར། །དེ་ནས་མཆོད་ཡོན་སྤོས་ཀྱིས་བདུག་སྟེ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་བཟླས་ནས། སྤྱན་དྲངས་པའི་ཕྱག་རྒྱས་མཆོད་ཡོན་བླངས་ལ་སྦྲེང་བཞིན་དུ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་སརྦ་ནི་བ་ར་ཎ་བི་སྐཾ་བྷི་ནི་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་མདུན་དུ་བྱོན་པར་མོས་ཏེ། མཆོད་ཡོན་སྤྱི་བོའི་ཐད་ནས་དབུལ་ལོ། །ༀ་བཛྲ་ཨཱ་ས་ནི་ཧཱུྃ་ཕཊ། ཅེས་པའི་སྔགས་རྒྱས་གདན་ཕུལ་ནས། མདུན་དུ་གདན་ལ་བཞུགས་པར་གྱུར། དེ་ནས་དམ་ལ་བཞག་པ་ནི། ཤངྐ་རི་ས་པཱ་རི་སྭཱ་ཧཱ། ཞེས་སྔགས་རྒྱས་དང་། སྒྲིབ་སེལ་རང་གི་རྒྱ་༼ ཐལ་མོ་བརྐྱང་བ་སྦྱར་ནས་ཅུང་ཟད་རྩེ་མོ་བསྐུམ་པར་བྱས། མཆན།༽ བསྟན་ཏེ། ན་མོ་བྷ་ག་ཝ་ཏེ། ན་བ་ན་བ་སོགས་སྒྲིབ་སེལ་གྱི་གཟུངས་བརྗོད། དེ་ནས། དམ་ཚིག་ཆེན་པོའི་ཕྱག་རྒྱས་ཐམས་ཅད་ལ་བསྲུང་བ་ཆེན་པོ་བྱས་པར་གྱུར། དེ་ནས་མཆོད་པ་ནི། ༀ་སརྦ་ནི་བ་ར་ཎ་བི་སྐཾ་བྷི་ནི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་སོགས་ཀྱི་མཇུག་ཏུ། ༀ་སརྦ་དེ་བ་ཏཱ་ཨ་ཙིནྟི་ཨ་མྲྀ་ཏ་སྭཱ་ཧཱ། བཏགས་པས་ཁྲུས་གསོལ་ལོ། །དེ་ནས་དེ་ལ་ཁ་དོག་ཅེས་པ་ནས། རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཞེས་གོས་རྒྱན་དབུལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །དྲི་མཆོག །མེ་ཏོག །བདུག་སྤོས། ཞལ་ཟས་ཇི་སྙེད་ཡོད་པ་དང་། །ཞེས་པ་སྦྱར་ལ། ཨཱ་ཧ་རའི་སྔགས་ཁོ་ན་དང་། རང་རང་གི་ཕྱག་རྒྱས་ཕུལ། དེ་བཞིན་དུ། སྣང་གསལ་ཇི་སྙེད་ཅེས་དང་། ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡའི་སྔགས་ཀྱིས་མར་མེ། དེ་ལས་གཞན་ཡང་སོགས་ཀྱི་མཐར། ༀ་བཛྲ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་རོལ་མོ་འབུལ། མགོན་པོ་ཐུགས་རྗེ་སོགས་དཀོན་མཆོག་གསུམ་གྱི་བསྟོད་པའི་མཐར། བསྟོད་པར་འོས་པ་སོགས་དང་། ན་མཿསརྦ་བོ་དྷི་ས་ཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏ་ཨ་བྷི་ཛྙཱ་ར་ཤི་ནི་ན་མཿསྟུ་ཏེ་སྭཱ་ཧཱས་བསྟོད། དེ་ནས་ཐལ་མོ་སྦྱར་ཏེ། སྲས་བཅས་སངས་རྒྱས་ཐམས་ཅད་ཀུན། །དེ་རིང་བདག་ལ་དགོངས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར བདག་ནི་སྐྱབས་སུ་མཆི། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་གསོལ་བ་འདེབས། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ལན་གསུམ། དེ་ནས་བཟླས་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་འཛིན་པ་ཐམས་ཅད་ལ། །ཕྱག་འཚལ་འགྲོ་ལ་ཕན་མཛད་པའི། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྭཱ་ཧཱ། ཞེས་བརྗོད་ནས། ཕྲེང་བ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨརྦྷུ་ཏེ་བི་ཛ་ཡ་སིདྡྷི་སི དྡྷིརྠེ་སྭཱ་ཧཱ། ཞེས་དང་། ༀ་རུ་ཙི་ར་མ་ཎི་པྲ་བརྟན་ཡེ་སྭཱ་ཧཱ། ཞེས་བཟླས་པས་བྱིན་གྱིས་བརླབ་ནས། བདག་དང་མདུན་གྱི་ལྷ་གསལ་བའི། །གཉིས་ཀའི་སྙིང་གར་ཟླ་དཀྱིལ་ལ། །བཟླ་བྱའི་སྔགས་ཀྱི་ཡི་གེ་རྣམས། །མངོན་སུམ་ལྟ་བུར་གསལ་བར་གྱུར། །ཞེས་པའི་དོན་བསམ་སྟེ་ཕྲེང་བ་བགྲང་བཞིན་དུ། སྒྲིབ་སེལ་གྱི་གཟུངས་ཅི་ནུས་བཟླས། མཇུག་ཏུ་ལྷ་ལ་དང་བས་མིག་བལྟ་ཞིང་། ན་མོ་བུདྡྷ་བོ་དྷི་སཏྭ་བྷྱཿ ཞེས་ཕྱག་བྱས་ནས། བུམ་པའི་ཕྱག་རྒྱ་བཅས་ཏེ། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །མགོན་པོ་ཁྱེད་ཀྱིས་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ཞུས་ཏེ། གཏང་རག་གི་མཆོད་བསྟོད་བྱས་ནས། མ་རྙེད་སོགས་ཀྱིས་བཟོད་གསོལ། ༀ་སརྦ་ནི་བ་ར་ཎ་བི་སྐཾ་བྷི་ནི་ཨརྒྷཾ་སོགས་ཀྱིས་མཆོད་ཡོན་ཕུལ། ཁྱེད་ཀྱིས་སེམས་ཅན་དོན་སོགས་ཀྱི་མཐར། ༀ་སརྦ་ནི་བ་ར་ཎ་བིསྐཾ་བྷི་ནི་གཙྪ། ཞེས་པའི་སྔགས་རྒྱས། སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་པར་གྱུར། ༀ་ཧུ་ལུ་ཧུ་ལུ་ཙཥྚ་ལི་མ་ཏཾ་གི་སྭཱ་ཧཱ། ཞེས་པའི་སྔགས་རྒྱས། ཕྱོགས་བཅིངས་པ་རྣམས་དཀྲོལ་བར་གྱུར། །དེ་ནས་བདག་ལྷར་གསལ་བ་མ་བསྡུས་པར་ལྷའི་ང་རྒྱལ་ལ་གནས་པས་སྟ་གོན་ནི། དཀྱིལ་འཁོར་གྱི་གཞི་བྱི་དོར་བྱས་ལ་བྷྲཱུྂ་ཞེས་བ་བྱུང་གིས་བྱུགས་ཏེ། ལས་སྔགས་གཉིས་ཀྱིས་བསང་གཏོར་བྱས་ལ། སྐྱ་ཐིག་གདབ་པ་ནི། ཚངས་ཟུར་བཏབ། ལྟེ་བ་ནས་ངོས་རེར་ཆ་བཅུ་གཉིས་བགོས་ལ། གཞན་སྤྱི་དང་འདྲ་བ་ལས་སྒོ་གཅིག་ནུབ་ཏུ་བལྟ་བ་ལ་རྟ་བབ་སྣམ་ཕྲན་བཅུ་གཅིག་མ། ཕྱི་རོལ་ཆ་ཆེན་གཉིས་ཀྱི་ནང་མ་ཕྱེད་དུ་གཏུབ་སྟེ་པད་རྡོར་མེའི་ར་བ་རྣམས་ཐིག་བཏབ་ལ། ལྷ་གནས་རྣམས་སུ་སློབ་དཔོན་གྱིས་ལྷ་སོ་སོའི་སྙིང་པོ་དང་སྔགས་བཟླ་བཞིན་པར། དྲིའི་ཐིག་ལེ་འདས་པ་བཞི་ལ་གྲུ་བཞི་དང་། གཞན་རྣམས་ལ་ཟླུམ་པོ་རེ་བྱ། དེ་རྣམས་ཀྱི་སྟེང་དུ་ལས་རྡོར་གྱིས་ཚོམ་བུ་རེ་དགོད། མདུན་བསྐྱེད་སྐབས་ལྟར་གྱི་མཆོད་པ་བཤམ། རང་ཉིད་ཀུ་ཤའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འདུག་ལ། སོ་སོའི་སྔགས་བདུན་བརྗོད་པས་ལྷ་བསྒོམ་སྟེ། ན་མཿསཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྛ་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨཱ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཏཱ་ག་ཏ་ཤུདྡྷེ་ཨ་ཡུར་བི་ཤོ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ཏ་བིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱེ་བུདྡྷྱེ། བོ་དྷ་ཡ་བོདྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་བ་ར་ཎ་བི་ཤུདྡྷེ། བེ་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཛི་ན་ཛིཀ྄ །ཅེས་པ་ཐུབ་དབང་གིའོ། །ན་མོ་བྷ་ག་ཝ་ཏེ། ན་བ་ན་བ་ཊཱི་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲ་ཎཱཾ། ན་མཿསརྦ་ནཱི་ཝ་ར་ཎ་བི་སྐམྦྷི་ནི་བོ་དྷི་སཏྭ་ཡ། ༀ་ཏུ་རུ་ཏུ་རུ་མ་མ་སརྦ་ཨཱ་བ་ར་ཎ་བི་ཤྭ་དྷ་ནི། སརྦ་ཏ་ཐཱ་ག་ཏ་ཨཱ་ཡུཪྦ་ལཱ་ནི། བི་པུ་ལ་ནིརྨ་ལེ། སརྦ་སིདྡྷི་ན་མ་སྐྲྀ་ཏྭཱ། བ་ར་བ་ར། སརྦ་སཏྭ་ཨ་ཝ་ལོ་ཀི་ནི། ༀ་སརྦ་ནི་པཱ་ར་ཎ། བིསྐམྦི་ནི། མ་མ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཀུ་རུ་སྭཱ་ཧཱ། ཞེས་སྒྲིབ་སེལ་གྱིའོ། །ༀ་ཛི་ཛི་ཛི་ནཾ་ག་ཏི་ཡ་ཏི་དེ་ནི་སྭཱ་ཧཱ། ཨ་རོ་ལིཀ྄ །སྤྱན་རས་གཟིགས་ཀྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཥྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏ་སྱ། ན་མཥྩཎྜ་པྲ་མརྡྡྷ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། བཛྲ་དྷྲྀཀ྄ །ཕྱག་རྡོར་གྱིའོ། །ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲཱ་ཡ་སྭཱ་ཧཱ། ཁྱབ་འཇུག་གིའོ། །ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། དྲག་པོའོ། །ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། ཞེས་རང་རང་གི་སྔགས་ཚན་བདུན་རེ་བརྗོད་པའི་མོད་ལ་ལྷ་སོ་སོ་ཡིད་ཀྱིས་བསྒོམ་སྟེགས་ལ་གདབ་པ་ནི། ནང་གི་དཀྱིལ་འཁོར་ཤར་ཕྱོགས་ཆའི། །དབུས་སུ་གདན་སེར་གྲུ་བཞི་པ། །དེ་སྟེང་སེང་ཁྲི་པད་ཟླ་ལ། །བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ། །བཙོ་མ་གསེར་མདོག་མཚན་དཔེས་བརྒྱན། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ། །སྒྲིབ་སེལ་གསེར་མདོག་ཐོར་ཚུགས་ཅན། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །གཡས་ཕྱོགས་སྤྱན་རས་གཟིགས་དབང་དཀར། །གཡས་པ་མཆོག་སྦྱིན་གཡོན་པདྨ། །སྒྲིབ་སེལ་གཡོན་ཕྱོགས་གསང་བདག་སྔོ། །གཡས་པས་རྔ་ཡབ་གཡོན་རྡོ་རྗེ། །གསུམ་ཀ་སྟན་ཁྲི་ཟླུམ་པོའི་སྟེང་། །པད་ཟླའི་གདན་ལ་སེམས་སྐྱིལ་ཅན། །དེ་དག་མདུན་ཕྱོགས་ནུབ་ཀྱི་ཆར། །གདན་གྱི་དཀྱིལ་འཁོར་ཟླུམ་པོའི་སྟེང་། །མཁའ་ལྡིང་གདན་ལ་ཁྱབ་འཇུག་ནག །ལག་བཞི་གཡས་གཉིས་འཁོར་ལོ་དུང་། །གཡོན་གཉིས་བེ་ཅོན་རལ་གྲི་ཐོགས། །དེ་ཡི་གཡོན་དུ་དྲག་པོ་དཀར། །མགྲིན་སྔོན་ལག་གཡས་མདུང་རྩེ་གསུམ། །གཡོན་ན་རལ་གྲི་ཁྱུ་མཆོག་ཞོན། །དེ་ཡི་མདུན་དུ་ཚོགས་བདག་སྔོ། །གཡས་པ་རྡོ་རྗེ་གཡོན་སྡིགས་མཛུབ། །མདུན་ཕྱིར་རྒུ་ཞིང་དགྱེ་བའི་ཚུལ། །དེ་ནས་སྣམ་བུ་ལ་བཀོད་པ་དང་ཕྱི་ནས་བཤམས་པའི་མཆོད་རྫས་རྣམས་ལ་བསང་ཆུ་གཏོར་ཞིང་། ལས་སྔགས་གཉིས་དང་། ཛི་ན་ཛིཀ྄ །ཅེས་བརྗོད་པས་བགེགས་བསལ། སྭ་བྷཱ་ཝས་སྦྱང་ལ། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་སྤྲིན་ཕུང་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་སརྦ་བིདྤཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨ་བརྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་པའི་སྔགས་རྒྱ་དང་། ༀ་ཏེ་ཛཿཏེ་ཛཿས་ན་སིདྡྷི་སཱ་དྷ་ཡ་ཧཱུྃ་ཕཊ་ཀྱི་སྔགས་རྒྱས། མཆོད་རྫས་རྣམས་ཀྱི་གཟི་བྱིན་བསྐྱེད་པར་གྱུར། །བདུད་རྩི་ཐབས་སྦྱོར་གྱི་སྔགས་དང་། ཛི་ན་ཛིཀ྄་གིས་བརྟན་པར་བྱའོ། །དེ་ནས་སྤྱན་དྲངས་པའི་ཕྱག་རྒྱས་མཆོད་ཡོན་སྦྲེང་བཞིན་དུ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛད། །བྷྲཱུྂ་ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ལས་རྡོར་གྱི་སྤྱི་བོའི་ཐད་ནས་ཤར་གྱི་བཟེད་ཞལ་དུ་ཕུལ་ཏེ། བྷྲཱུྂ། ༀ་སརྦ་ནཱི་པ་ར་ཎ་བིསྐམྦྷི་ནི་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་སྤྱི་བོའི་ཐད་ནས་ཤར་དུ། ༀ་ཨ་མི་ཏོདྦྷ་ཝ་ཨུདྦྷ་ཝ་ཧཱུྃ་ཕཊ། ༀ་ཛི་ཛི་ཛི་ནཾ་ག་ཏི་ཡ་ཏི་དེ་ནི་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་སྙིང་གའི་ཐད་ནས་བྱང་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་སུམྦྷ་ནི་སོགས་རིག་པའི་རྒྱལ་པོ་ཧཱུྃ་བཞིའི་མཐར། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཥྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་སྱ། ན་མཥྩཎྜ་པྲ་མརྡྷ་ན་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ནི་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་ལྟེ་བའི་ཐད་ནས་ལྷོར། ཧཱུྃ་བཞི་པ་དང་། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲཱ་ཡ་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་ནུབ་ཏུ། ཧཱུྃ་བཞི་པ་དང་། དང་། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱས་ནུབ་ཏུ། ཧཱུྃ་བཞི་པ་དང་། ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏི་ནི་ཨེ་ཧྱེ་ཧི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་ནུབ་ཀྱི་སྟེགས་བུར་དབུལ་ལོ། །དེ་ནས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ག་ག་ན་ས་མ་ཡེ་ཧཱུྃ། ཡང་རྐང་པའི་མཆོད་ཡོན་གྱི་དོད་དུ། བདག་གི་ཞབས་བསིལ་ཞེས་བསྒྱུར་ཏེ། ༀ་ག་ག་ན་ས་མ་ཡེ་ཧཱུྃ། ཞབས་བསིལ་བར་བསམ། དེ་ནས། ༀ་བཛྲ་ཨ་ས་ན་ཧཱུྃ་ཕཊ། ཅེས་རྡོ་རྗེའི་འདུག་སྟངས་ཀྱི་སྔགས་རྒྱ་དང་། ༀ་ཀ་མ་ལ་ཡེ་སྭཱ་ཧཱ། ཞེས་པདྨའི་འདུག་སྟངས་ཀྱིི་སྔགས་རྒྱ་དང་ཐལ་མོ་སྦྱར་བ་ཁ་བྱེ་བ། མཆན། ༀ་བཛྲ་ཀ་ཧཱུཾ་ཕཊ། ཅེས་དཔའ་བོའི་འདུག་སྟངས་ཀྱི་སྔགས་རྒྱས། པདྨའི་ཕྱག་རྒྱ་དེ་ཉིད་ལས་སོར་མོ་དབུས་མ་གཉིས་གཅིག་ཏུ་སྦྱར་བ། མཆན། གདན་ཕུལ་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །དེ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ཏ་ག་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ཀྱི་མཇུག་ཏུ། ༀ་སརྦ་དཱེ་བ་ཏཱ་ཨཱ་ཙིནྟི་ཨ་མྲྀ་ཏ་སྭཱ་ཧཱ། བཏགས་པས་ཁྲུས་གསོལ། དེ་ནས་དེ་ལ་ཁ་དོག་སོགས་ཀྱིས་གོས་རྒྱན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །དྲི་ཆབ༴ མེ་ཏོག༴ བདུག་སྤོས༴ ཞལ་ཟས་ཇི་སྙེད་ཡོད་པ་དང་། །ཞེས་སྦྱར་ལ། ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་རའི་མཐར།'ཨཱ་ཧ་རའི་སྔགས་དང་རང་རང་གི་ཕྱག་རྒྱས་འབུལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཁུར་བ་ཤིང་ཐོག་སྲན་ཚོད་དང་། །འོ་ཐུག་ཇི་སྙེད་ཡོད་པ་དང་། །ཞེས་པའི་མཐར། ཨཱ་ཧ་རའི་སྔགས་དང་ཞལ་ཟས་ཀྱི་རྒྱས་འབུལ། སྣང་གསལ་ཇི་སྙེད་སོགས་དང་། ཨཱ་ལོ་ཀཱ་ཡའི་སྔགས་རྒྱས་མར་མེ། དེ་ལས་གཞན་ཡང་སོགས་དང་། ༀ་བཛྲ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱས་རོལ་མོ་དབུལ། འདིར་མདོར་བསྡུས་པ་ཙམ་སྟེ། རྒྱས་པར་གཙོ་བོ་ལ་ཚར་གསུམ། འཁོར་འདས་པ་གསུམ་ལ་གཉིས་རེ། འཇིག་རྟེན་པ་གསུམ་ལ་ཚར་རེ་རེ་འབུལ་ཚུལ་འབྱུང་སྟེ་སྤྲོ་ན་དཀྱིལ་ཆོག་ཏུ་བལྟ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནང་དུ་བཤམས་པའི་གཏོར་མ་རྣམས། བིཥྞུ། རུ་དྲ། ག་ཎ་རྣམས་ཀྱི་མཐར་ནམ་མཁའ་མཛོད་ཀྱི་སྔགས་བཏགས་པ་གསུམ་གསུམ་གྱིས་འབུལ། དེ་ནས་ཕྱི་རོལ་དུ་ཆ་གསུམ་གཏོར་མ་བཏང་། ཉེ་རེག་བྱས་ནས་ནང་དུ་ཞུགས། སྤོས་ཀྱིས་བདུག །གདན་ལ་བཞུགས་ཏེ། ༀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། ཨཱ་ཧ་རའི་སྔགས་རྒྱས་སྤོས་དང་ལྷ་བཤོས་ཕུལ། ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་ཟུང་རེ་དབུལ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡ་རེ་ཡང་ནི་དབུལ་བར་བགྱི། །ༀ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཕུལ། དེ་ནས་བཟླས་པ་ནི། ན་མཿསཔྟ་ནཱཾ། ཞེས་པ་ནས། ཧུ་རུ་ཧུ་རུ་སྭཱ་ཧཱའི་བར་གཟུངས་རིང་དང་། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤྭ་དྷ་ནི། རུ་དྷ་བ་ལེ་པྲ་ཏི་སཾསྐཱ་ཱར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་ར། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་སྙིང་པོ་སྟེ་གཙོ་བོ་ལ་སྔགས་གཉིས་བརྒྱ་རྩ་རེ། འཁོར་འདས་པ་གསུམ་དང་། འཇིག་རྟེན་པ་གསུམ་ལ་སོ་སོའི་སྔགས་བདུན་ཙམ་རེ། ཛི་ན་ཛིཀ྄ །ཨ་རོ་ལིཀ྄ །བཛྲ་དྷྲིཀ྄ །གསུམ་བརྒྱ་རྩ་རེ་བཟླའོ། །དེ་ནས་མེ་ཏོག་སོགས་བཞིས་མཆོད། ཞྭ་གྱོན་རྡོར་དྲིལ་སྤོས་དང་བཅས་པས། ཤཱཀྱ་སེང་གེ་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སྦྱིན་བདག་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལའང་མཆོད་པའི་ཕྱིར། །ནངས་པར་དཀྱིལ་འཁོར་བྲི་བར་འཚལ། །བདག་དང་སྦྱིན་བདག་བཅས་པ་ལ། །ཐུགས་བརྩེ་བར་ནི་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛོད་དུ་གསོལ། །ཞེས་ལ ན་གསུམ། དེ་ནས་བསྟོད་པ་ནི། མགོན་པོ་ཐུགས་རྗེ་སོགས་གསུམ་གྱི་མཇུག་ཏུ། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲགས་ཤུལ་ལྡན། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་པོ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ལྷ་ཡི་དབང་པོ་ཉེ་དབང་པོ། །སྟོབས་ལྡན་ས་གསུམ་དབང་བྱེད་ཀྱང་། །འཇུག་པ་བཅུ་ཡི་རྣམ་པར་རོལ། །ལྷ་ཆེན་སྲེད་མེད་བུ་ལ་བསྟོད། །མཐུ་ཆེན་སྲིད་པ་ཀུན་གྱིས་གཙོ། །སྔོན་སངས་རྒྱས་ཀྱང་འཇིག་རྟེན་འདིར། །ཐབས་མཁས་མུ་སྟེགས་མཐུ་ཡིས་འདུལ། །ལྷ་ཆེན་དྲག་པོ་ཁྱོད་ལ་བསྟོད། །ཞི་ཞིང་རྣམ་པར་སྒེག་པའི་ལུས། །ཡིད་བཞིན་རིན་ཆེན་རྒྱན་འཆང་ཞིང་། །བདེ་གཤེགས་བསྟན་ལ་དད་ཅིང་གུས། །ཚོགས་ཞེས་གྲགས་པ་ཁྱོད་ལ་བསྟོད། །བསྟོད་པར་འོས་པ་སོགས་དང་། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏ་ཨ་བྷི་ཛྙཱ་ར་ཤི་ནི་ན་མཿསྟུ་ཏེ་སྭཱ་ཧཱ། དེ་ནས་གཤེགས་སུ་གསོལ་བའི་རྒྱ་བཅིངས་ཏེ། ཛི་ན་ཛིཀ྄་གཙྪ། སརྦ་ནཱི་བ་ར་ཎ་བིསྐམྦྷི་ནི་གཙྪ། ཨ་རོ་ལིཀྲ་གཙྪ། བཛྲ་དྷྲིཀ྄་གཙྪ། བིཥྞུ། རུ་དྲ། ག་ཎ་རེ་རེའི་མཐར་གཙྪ། སོ་སོའི་མཐར། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས། སྔགས་ཀྱིས་སྤྲུལ་པའི་ལྷ་དམ་ཚིག་པ་རྣམས་བདག་ལ་རིམ་གྱིས་ཐིམ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། དེ་ཟླ་བ་ལ། དེ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། ཅེས་བདག་བསྐྱེད་བསྡུས་ཏེ་བཀྲ་ཤིས་བརྗོད། དེའི་ཕྱིར་ཉིན་ཉི་མ་ཤར་བ་དང་། ཁྲུས་ནས་བཟླས་པའི་བར་བྱས་ཏེ་ཐིག་སྐུད་དཀར། དམར། སེར། ལྗང་། ནག་པོ་ལྔ་ལས་སྔགས་གཉིས་ཀྱིས་བསང་གཏོར་བྱས་ལ། ལས་སྔགས་གཉིས་དང་། བྷྲཱུྂ་བཟླས་པས་དང་པོ་སོ་སོར་སྒྲིལ། དེ་ནས་གཅིག་ཏུ་བསྒྲིལ་ལས་སྔགས་བརྒྱ་བཟླས་ཏེ། མེ་ཏོག་སོགས་ཀྱིས་མཆོད། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དད་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསམ་ནས། མེ་ཏོག་སོགས་ཀྱིས་མཆོད། སློབ་དཔོན་ལྷོར་གནས་པའི་ཐིག་སྐུད་བཟུང་ནས་བྱང་དུ་གནས་པའི་གྲོགས་ལ་ཐིག་སྣ་གཏད། དེ་ནས་གཡས་སྐོར་གྱིས། ཤར་དང་ལྷོར་གནས་ཚངས་ཐིག་གཉིས། །མེར་གནས་ཤར་ལྷོའི་རྩ་ཐིག་གཉིས། །རླུང་གནས་ནུབ་བྱང་རྩ་ཐིག་གཉིས། །མེ་དང་བདེན་བྲལ་གནས་ཟུར་ཐིག །གཉིས་གདབ་སློབ་དཔོན་འདུག་ཕྱོགས་ཏེ། །སློབ་མ་དེ་ལས་ལྡོག་པའོ། །དེའང་དང་པོར་ནམ་མཁའ་དང་། དེ་ནས་ས་ལ་གདབ། དེ་ནས་ཤེས་རབ་སྙིང་པོ་བཟླས་པ་དེར། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ནམ་མཁར་བསམ་ནས། ཡིད་ཀྱི་ནུས་པས་ཡན་ལག་བདུན་པ་བྱས་ནས་དཀྱིལ་འཁོར་བྲིས་ཏེ། ཚོན་རྣམས་ལས་སྔགས་གཉིས་བསང་། ཏེ་ཛའི་སྔགས་རྒྱས་གཟི་བྱིན་བསྐྱེད། ལས་སྔགས་བརྒྱ་བཟླས། དེ་ནས་ལྷ་གནས་ཀྱི་ས་གཞི་ལ་བ་བྱུང་ལྔ་དང་དྲིས་བཀུ། ཧཱུྃ་ཞེས་ཚོན་ལ་དྲི་ཆུའི་བསང་གཏོར་བྱས་ལ། ཕྱོགས་ཚོན་དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག །རྩིག་པ་ནང་ནས་དཀར་དམར་སེར་ལྗང་ནག་པོ། གཞན་རྣམས་སྤྱི་དང་མཐུན། སྒོ་གཅིག་ནུབ་ཏུ་བསྟན། གཙོ་བོའི་གནས་སུ་གདན་སེར་པོ་གྲུ་བཞི་པ་ལ་གནས་པའི་པད་ཟླར་འཁོར་ལོ་རྩིབས་བརྒྱད་པ་འོད་འཕྲེང་དང་བཅས། འདས་པའི་འཁོར་གསུམ་སོ་སོའི་གནས་སུ་གདན་ཁྲི་ཟླུམ་པོ་དང་པད་ཟླར། སྒྲིབ་སེལ་ལ་ནོར་བུ། ཕྱག་རྡོར་ལ་རྡོ་རྗེ་སྔོན་པོ། སྤྱན་རས་གཟིགས་ལ་པདྨ། འཇིག་རྟེན་པའི་འཁོར་གསུམ་ལ་གདན་ཟླུམ་པོ་རེའི་སྟེང་དུ། ཕྱག་རྡོར་གྱི་མདུན་དུ་ཁྱབ་འཇུག་གི་དུང་ནག་པོ། །འཁོར་ལོའི་ཐད་དུ་དྲག་པོ་རྩེ་གསུམ། དེའི་གཡོན་དུ་ཚོགས་བདག་གི་གཡུང་དྲུང་གྲུ་བཞི་གཡས་བསྐོར་རེ། མཚན་མ་གསུམ་པོ་མགོ་ནུབ་བསྟན་ནོ། །དེ་ནས་སྲོག་ཤིང་ཚད་ལྡན་འདུ་བྱས་ལ། དེའི་བྱ་སྤྱོད་ཀྱི་གཟུངས་དཀྲི་བའི་ཐད་ཀར། ཕྱོགས་བཞིར་གཟུངས་ཁུང་བྲུས་ལ། སྲོང་ཤིང་གི་སྔགས། ༀ་སརྦ་ཏ་ཐཱ་ག་ཏ་བི་པུ་ལ་ཡཥྚི་མ་ཎི་ཀན་ཀ་རཱ་ཛ་ཏ་བི་བུ་ཥི་ཏ་ཨཥྚི། དྷུ་རུ་དྷུ་རུ། ས་མནྟེ་བི་ལོ་ཀི་ཏེ། ས་ར་ས་ར་མ་མ་སརྦ་པཱ་པཾ་བི་ཤྭ་དྷ་ནི། སཾ་བྷ་དྷ་ནེ་པྲ་པ་ར་ཨཥྚི་པ་རི་མ་ཎི་དུཥྚ་ཧུ་རུ་ཙེ་ར་མ་ལ་བི་ཤུདྡྷེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པ་དགུ་བཅུ་རྩ་དགུ་དང་། ན་མོ་བྷ་ག་བ་ཏེ། ན་བ་ན་བ་སོགས་སྒྲིབ་སེལ་གྱི་གཟུངས་དགུ་བཅུ་རྩ་དགུ་རེ་བྲིས་ཏེ་ཕྱོགས་རེར་གཞུག །སྲོག་ཤིང་གི་རྩེ་མོ་བྲུས་པའི་ནང་དུ། འོད་ཟེར་དྲི་མེད་ཀྱི་གཟུངས་རིལ་པོ་དང་། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས། རིང་བསྲེལ་སོགས་བྱིན་རྟེན་གཞུག །སྲོག་ཤིང་གི་རྩ་བ་བྲུས་པར་འོད་ཟེར་དྲི་མེད་ཀྱི་སྙིང་པོ་དང་རྟེན་འབྲེལ་སྙིང་པོ་གཞུག །གཞན་ཡང་གཟུངས་རྣམས་ནས་ཇི་ལྟར་འོས་པར་སོ་སོའི་གོ་རིམ་བཞིན་མ་ནོར་བ་དཀྲིས་ཏེ། སྲོག་ཤིང་ལ་སྤྱང་ཁྲུས་རབ་གནས་བྱས་ཏེ་དཀྱིལ་འཁོར་གྱི་དབུས་སུ་བཙུགས་ལ་ཡ་ཡོ་མི་ལོང་བར་བྱས། དཀྱིལ་འཁོར་གྱི་སྣམ་བུའི་གྲྭ་བཞིར་དུང་ཞལ་རེ་རེ། ཤར་གྱི་སྣམ་བུའི་ཁར་སྤོས་སྣོད་གསུམ། ལྷོའི་སྣམ་བུར་དྲིའི་དུང་ཞལ། མེ་ཏོག་དང་། འབྲས་ཀྱིས་བཀང་པའི་སྣོད། ནུབ་ཀྱི་སྣམ་བུར་ཏིལ་ནག་དང་མ་ཤ་དང་འབྲས་བསྲེས་ནས་བཙོས་པའི་ཐུག་པ་དང་། ཟས་དཀར་གསུམ་རྣམས་བུམ་པར་བླུགས་པ། ཤིང་ཐོག་སྣ་ཚོགས་ཀྱི་འབྲས་བུ་དགུ་བཅུ་རྩ་དགུ་རྣམས་བཀོད། བྱང་གི་སྣམ་བུར་ཁ་ཟས་སྣ་ཚོགས་ཀྱི་གཏོར་མ་དང་། དྲི་ཆུས་བཀང་བའི་བུམ་པ་མགུལ་ཆིངས་ཁ་རྒྱན་དང་བཅས་པ། སྤོས་དང་། མེ་ཏོག་རྣམས་བཞག །ནུབ་བྱང་གི་གྲྭར་དྲིའི་དུང་ཆོས་ཀྱི་རྒྱབ་ཏུ་ཤིང་ཟླ་གམ་ལ་ཚོགས་བདག་གླང་ཞལ་དགྲ་སྟྭ་དང་ལ་ཕུག་འཛིན་པ་བྲིས་པའི་སྤྱི་བོའི་སྟེང་དུ་མར་མེ་བཞག །དཀྱིལ་འཁོར་གྱི་མཐར་དྲི་དང་སྣུམ་བསྲེས་པས་བྱུགས། ཕྱོགས་རེར་མཆོད་པ་ཚར་རེའམ། མ་འབྱོར་ན་ནུབ་ནས་བརྩམ་སྟེ། མཆོད་ཡོན། དྲི་ཆབ། མེ་ཏོག །སྤོས། ཞལ་ཟས། ཁུར་བ་སྣ་ཚོགས། ཤིང་ཐོག་སྣ་ཚོགས། སྲན་ཚོད། འོ་མའི་ཐུག་པ། མར་མེ་རྣམས་དང་། ཕྱོགས་རེར་སྤོས། མར་མེ། ཞལ་ཟས་རྣམས་རེ་རེ། ཕྱོགས་བཞི་མཆོད་ཡོན་གྱི་སྟེགས་བུ་ལ་རྫས་བདུན་དང་ལྡན་པའི་མཆོད་ཡོན་བཟེད་ཞལ་དང་བཅས་པ། ཕྱོགས་མཚམས་བརྒྱད་དུ་ཏོག་རྨ་བྱའི་མདོངས་ཀྱིས་བྱས་པའི་རྒྱན་མཚན་ཤར་དཀར། མེར་ལེ་བརྒན། ལྷོར་ནག །སྲིན་དུད་ཁ། ཆུར་དམར། རླུང་དུ་ཁྲ་བོ། བྱང་སེར། བྱང་ཤར་དུ་ལྗང་སེར་རྣམས་དང་། བཀྲ་ཤིས་པའི་རྫས་བརྒྱད་རྣམས་ཀྱིས་བརྒྱན། ཕྱི་ནས་རས་ཀྱིས་ཟླུམ་པོར་བསྐོར། དེ་ནས་ཁྲུས་དང་། ཉེ་རེག་བྱས་ནས། རིགས་ཀྱི་ལྷ་ལ་ཕྱག་བྱ། གཙོ་བོའི་སྙིང་པོ་ཅུང་ཟད་བཟླས་ནས་མཚན་མ་བརྟག །ངན་ན་སྦྱིན་སྲེག་བྱ། སྔར་བསྙེན་པའི་རྗེས་སུ་བཤད་པར་ལྟར། བདག་མདུན་ར་དྲྭ་ཕྱོགས་བཅིངས་པ་དང་བཅས་པ་རྣམས་བསྡུས་ལ་བཀྲ་ཤིས་བྱའོ། །དེ་ནས་སྒྲུབ་མཆོད་དངོས་གཞི་ནི། ནངས་པར་སྔ་བར་ཁྲུས་བྱས། གསོ་སྦྱོང་བླངས་ཏེ། ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་བསྲུང་བ་ནས། རས་ཀྱི་ཟེའུ་ཁ་བཅིངས་པའི་བར་བསྙེན་པ་ལྟར་དང་། དེ་ནས་རྣལ་འབྱོར་དངོས་གཞི་ནི། བདག་གིས་བསྒྲལ་དཀའི་སྲིད་མཚོ་ལས། །ཞེས་པ་ནས་སྒྲིབ་སེལ་གྱི་བདག་བསྐྱེད་མདུན་བསྐྱེད་ཀྱི། བླ་བྲེ་ལ་སོགས་པས་བརྒྱན་པར་གྱུར། །ཅེས་པའི་བར་སྔར་ལྟར་བྱས་ལ། དེ་ནས་ལྷ་སོ་སོའི་སྔགས་འདི་ཚར་བདུན་མི་བརྗོད་པར་ཚར་རེ་རེ་བརྗོད་པས་ལྷ་བསྒོམ་པ་ནས་ཇི་སྲིད་བཟླས་པའི་བར་ལྷ་སྟ་གོན་བཞིན་བྱ། དེ་ནས་ལྷ་རང་རང་གི་སྔགས་ལན་གསུམ་གསུམ་བཟླ་ཞིང་སོ་སོའི་ཕྱག་རྒྱ་འཆིང་སྟེ། ལག་གཉིས་ཕན་ཚུན་ཁུ་ཚུར་བཅངས་ནས་མཐེ་བོང་གཉིས་བརྟན་པས་གཙོ་བོའི་འོ། །ཐལ་མོ་བརྐྱང་བ་སྦྱར་ནས་ཅུང་ཟད་རྩེ་བསྐུམ་པ་སྒྲིབ་སེལ། གཙོ་བོའི་རྒྱ་ལས་མཐེ་བོང་གཡས་གཅིག་པུ་བརྟན་པ་སྤྱན་རས་གཟིགས། ལག་གཉིས་སོ་སོར་ཕན་ཚུན་བསྔམས་པ་ལས་གུང་མོ་གཉིས་སྦྱར་ཏེ་བརྐྱང་བ་ཕྱག་རྡོར། ཐལ་མོ་ཁོང་སྟོང་ལས་མཐེ་བོང་གཉིས་བཏུད་ནས་ཅུང་ཟད་བསྟོད་པ་ཁྱབ་འཇུག །གཡས་པའི་མཐེ་བོས་མཐེའུ་ཆུང་མནན་ནས་སོར་མ་ལྷག་གསུམ་བརྐྱང་པའི་རྩེ་མཐུར་དུ་བསྟན་པ་དྲག་པོ། ལག་གཉིས་བཀན་ཏེ་མཛུབ་སྲིན་བསྣོལ་བར་དཀྲིས་ལ། མཐེ་བོང་གཉིས་ལག་པའི་ནང་དུ་བཀུག་ནས་སོར་མོ་ལྷག་མ་རྣམས་ཀྱང་ལག་སྟེང་དུ་བཀུག་པ་ཚོགས་བདག་གིའོ། །དེ་ནས་རིགས་གསུམ་གྱི་སྔགས། ཛི་ན་ཛིཀ྄ །ཨ་རོ་ལིཀ྄ །བཛྲ་དྷྲིཀ྄ །གསུམ་ཕྱག་རྒྱ་རིམ་པར་ཐལ་མོ་བཀན་པ་ལས་མཛུབ་མོ་རྩེ་བཀུག་པ་དང་། ཐལ་མོ་སྦྱར་བ་པདྨ་བ་ཕྱེ་བའི་ཚུལ་དང་། ཐལ་མོ་ལྡོག་སྟེ་སྦྱར་བ་མཐེ་བོང་དང་མཐེ་ཆུང་གཉིས་སྦྱར་བའོ། །ཨཱ་ཧ་ར་སོགས་སྤོས་ཀྱི་ཕྱག་རྒྱ་སྤོས་ཕུལ་ལ། དེ་ནས། མགོན་པོ་ཐུགས་རྗེ་སོགས་ཀྱི་མཐར། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ལྡན། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་པོ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ལྷ་ཡི་དབང་པོ་ཉེ་དབང་པོ། །སྟོབས་ལྡན་ས་གསུམ་དབང་བྱེད་ཅིང་། །འཇུག་པ་བཅུ་ཡི་རྣམ་པར་རོལ། །ལྷ་ཆེན་སྲེད་མེད་བུ་ལ་བསྟོད། །མཐུ་ཆེན་སྲིད་པ་ཀུན་གྱི་གཙོ། །སྔོན་སངས་རྒྱས་ཀྱང་འཇིག་རྟེན་འདིར། །ཐབས་མཁས་མུ་སྟེགས་མཐུ་ཡིས་འདུལ། །ལྷ་ཆེན་དྲག་པོ་ཁྱོད་ལ་བསྟོད། །ཞི་ཞིང་རྣམ་པར་སྒེག་པའི་ལུས། །ཡིད་བཞིན་རིན་ཆེན་རྒྱན་འཆང་ཞིང་། །བདེ་གཤེགས་བསྟན་ལ་དད་ཅིང་གུས། །ཚོགས་ཞེས་གྲགས་པ་ཁྱོད་ལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་དང་། ན་མཿསརྦ་བུདྡྷ་བོདྷི་སཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏ་ཨ་བྷི་ཛྙཱ་ར་ཤི་ནི་ན་མོཿསྟུ་ཏེ་སྭཱ་ཧཱ། དེ་ནས་ཐལ་མོ་སྦྱར་ཏེ། སྲས་བཅས་སངས་རྒྱས་ཐམས་ཅད་ཀུན། །དེང་འདིར་བདག་ལ་དགོངས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་གསོལ་བ་འདེབས། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ལན་གསུམ་བརྗོད་ནས། གླེགས་བམ་བཀླག་པར་བྱ་སྟེ། དཀྱིལ་འཁོར་སྒྲུབ་མཆོད་ཚར་རོ། །དེ་ནས་མཆོད་རྟེན་གྱི་ཕྱོགས་བཞིར་སྟེགས་བུའི་སྟེང་དུ་མཆོད་པ་བཤམ། དེའི་མདུན་དུ་སྟེགས་ལ་དཀར་གཏོར་ཟླུམ་པོ་བརྒྱད་དམ་བསྡུ་ན་གཅིག་བཤམ་ལ། ཆབ་གཙང་མས་བྲན། ཕྱག་མཆོད་གཏོར་བསྔོ་བཟླས་པ་གསོལ་གདབ་རྣམས་མཆོད་རྟེན་གྱི་ཕྱོགས་བཞི་ནས་ཚར་རེ་རེ་བྱ་བར་གསུངས་པས། ཐོག་མར་དཔོན་སློབ་ཐམས་ཅད་ཤར་ནས་མཆོད་རྟེན་ལ་ཞལ་ཕྱོགས་པ་བཞེངས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང་། རྒྱལ་ཆེན་སྡེ་བཞི་དང་། ཚངས་པ། དབང་ཕྱུག །ཁྱབ་འཇུག་རྣམས་མངོན་སུམ་དུ་བྱོན་པར་གྱུར། ཞེས་བརྗོད་ཅིང་དམིགས་ནས། ཕྱག་འཚལ་བཞིན་དུ་འདི་སྐད་བརྗོད་དོ། །བཅོམ་ལྡན་འདས་མི་འཁྲུགས་པ་ལ་སོགས་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རིན་ཆེན་ཏོག་ལ་སོགས་པ་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ༴ སོགས་འགྲེས་ཤེས་པར་བྱས་ཏེ། འོད་དཔག་མེད་ལ་སོགས་ཏེ་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ༴ རྔ་སྒྲ་ལ་སོགས་ཏེ་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ༴ ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་ལ་སོགས་པ་བྱང་ཤར་གྱི་དེ་བཞིན་གཤེགས་པ༴ པདྨོ་དམ་པའི་དཔལ་ལ་སོགས་པ་ཤར་ལྷོའི་དེ་བཞིན་གཤེགས་པ༴ ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ལ་སོགས་པ་ལྷོ་ནུབ་ཀྱི་དེ་བཞིན་གཤེགས་པ༴ གདུགས་དམ་པ་ལ་སོགས་པ་ནུབ་བྱང་གི་དེ་བཞིན་གཤེགས་པ། རྣམ་པར་སྣང་མཛད་ལ་སོགས་པ་འོག་ཕྱོགས་ཀྱི་དེ་བཞིན་གཤེགས་པ༴ ཡེ་ཤེས་ཀྱི་འོད་ཟེར་ལ་སོགས་པ་སྟེང་ཕྱོགས་ཀྱི་དེ་བཞིན་གཤེགས་པ༴ དེ་ལྟར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་གིས་འཛམ་བུའི་གླིང་འདིར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཀྱང་། འཇིག་རྟེན་གྱི་ཁམས་གཞས་ནས་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །གཞན་ཡང་ཕྱོགས་བཅུའི་ཞིང་མཐའ་ཡས་མུ་མེད་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། དེ་དག་གི་མཆོད་རྟེན་དང་། རིང་བསྲེལ། གསུང་རབ་དམ་པའི་ཆོས་ཐམས་ཅད་ལ༴ འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག༴ དེ་དག་ལ་སོགས་ཏེ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཐམས་ཅད་ལ༴ གནོད་སྦྱིན་གྱི་སྡེ་དཔོན་དབང་པོ་ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་འཁོར་དང་བཅས་པ་ལ༴ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་རྣམས་འཁོར་དང་བཅས་པ་ལ༴ ཚངས་པ་དང་། དབང་ཕྱུག་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཞེས་ཕྱག་དངོས་སུ་བྱ། དེ་ནས་སྟན་ལ་འདུག་སྟེ། མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོར་བྱས་པས་མཆོད། གཏོར་མ་རྣམས་བྱིན་གྱིས་རླབས་ཏེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཞེས་པས་མནོད་སྦྱིན་དང་། ༀ་དྷྲཱི་ཊ་རཥྚ་ཡེ་སྭཱ་ཧཱ། ༀ་བེ་རུ་དྷཱ་ཀ་ཡེ༴ ༀ་བེ་རུ་པཀྵ་ཡེ༴ ༀ་བཻ་ཤྲཱ་ཱམ་ཎ་ཡེ་སྭཱ་ཧཱ། ཞེས་རྒྱལ་པོ་ཆེན་པོ་སྡེ་བཞི། བྲ་ཧྨ་ཎ་ཡ་ཚངས་པ། ཨཱི་ཤྭ་ར་དབང་ཕྱུག །བིཥྞུ་པ་སྲེད་མེད་ཀྱི་བུ་སྡེ། སྔགས་རེ་རེའི་མཐར། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་བཏགས་པ་གསུམ་གསུམ་གྱིས་ཕུལ། ཚངས་དང་དབང་པོ་ཁྱབ་འཇུག་གནོད་སྦྱིན་བརྒྱད། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་བསྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པས། དེ་ནས། ༀ་བི་པུ་ལ། བི་མ་ལེ། པྲ་བ་རེ་ཛི་ན་བ་རེ། ས་ར་ས་ར། སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་གརྦྷེ། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨཱ་ཡ་ཏ་ཏོ་བ་ནི་སྭཱ་ཧཱ། སརྦ་དེ་ཝ་ནི་བ་ཧ་ཡ་བི་བུདྡྷ་ཨ་དྷིཥྛ་ན་ས་མ་ཡེ་སྭཱ་ཧཱ། ཞེས་པ་ལན་ཉི་ཤུ་རྩ་བརྒྱད་བཟླས། དེ་ནས་པུས་བཙུགས་ལ་ཐལ་མོ་སྦྱར་ཏེ། བདུག་སྤོས་འཛིན་པས། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཕྱོགས་བཅུའི་སངས་རྒྱས་བཅོས་ལྡན་འདས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འཁོར་དང་བཅས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་། ཁྱད་པར་དུ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པ་འོད་ཀྱི་གཟུངས་ལས་བྱུང་བའི་ཆོ་ག་བཞིན་འཕགས་པ་གདན་འཛོམ་པར་མཛད་པའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། འཕགས་པ་རྣམས་སྤྱན་དྲངས་ནས་མཆོད་ཅིང་གསོལ་བ་བཏབ་པ་དང་། མཆོད་རྟེན་གྱི་སྲོག་ཤིང་བཙུགས་པའི་དགེ་བའི་རྩ་བ་འདིས། འཕགས་པ་ཐམས་ཅད་ཀྱིས་མཆོད་རྟེན་འདི་ཆོས་ཀྱི་སྐུར་བྱིན་གྱིས་བརླབས་ཏེ། རིང་བསྲེལ་དང་ལྡན་པར་མཛད་ནས་མཆོད་རྟེན་ལ་མཆོད་པ་དང་། རིམ་གྲོ་བྱེད་ཅིང་སྲོག་ཤིང་བརྟན་པར་མཛད་དུ་གསོལ། ཆྒཻམོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་ཚེ་རིང་ཞིང་ནད་མེད་པ་དང་། བར་ཆད་ཀྱི་བགེགས་ཐམས་ཅད་དང་བྲལ་བ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྔོན་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ལ་ལ་ཞིག་གིས་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཐོབ་ཅིང་། ཡོན་ཏན་ཐོབ་པར་འདོད་པས། གསང་སྔགས་རྒྱལ་པོའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱ་སྟེ། དགུ་བཅུ་རྩ་དགུར་ཡི་གེར་བྲིས་ལ། སངས་རྒྱས་ཀྱི་མཆོད་རྟེན་གྱི་མདུན་དུ་དཀྱིལ་འཁོར་གྲུ་བཞིར་བྱས་ལ་བའི་ལྕི་བས་བྱུགས་ཏེ། གྲྭ་བཞིར་དྲིའི་ཆུ་ཕོར་བུ་གང་བ་རེ་རེ་བཞག །བདུག་སྤོས་ཀྱི་སྣོད་འཐུལ་བ་ཡང་བཞག་ནས། སྣོད་ཆེན་པོའི་ནང་དུ་མེ་ཏོག་དང་། དྲིའི་ཆུ་དང་། འབྲས་སྐམ་པོ་རྣམས་བླུགས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་བཞག་པ་དང་། ཡང་ཏིལ་ནག་པོ་དང་། སྲན་མ་མ་ཤ་དང་། འབྲས་རྣམས་བསྲེས་ཏེ་བཙོས་པའི་འབྲས་ཐུག་ཀྲཱི་ས་ར་ཞེས་བྱ་བ་དང་། ཟས་དཀར་གསུམ་དང་། འདི་རྣམས་བུམ་པའི་ནང་དུ་བླུགས་པ་དང་། ཡང་ཤིང་ཐོག་སྣ་ཚོགས་པ་འབྲས་བུ་དགུ་བཅུ་རྩ་དགུ་དང་། ཁ་ཟས་མིང་གིས་སྨྲོས་པ་འདི་རྣམས་དང་། སྤོས་དང་མེ་ཏོག་ལ་སོགས་པ་དཀྱིལ་འཁོར་གྱི་སྟེང་དུ་བཀྲམ་ལ་གསང་སྔགས་ཀྱི་ཡི་གེ་མཆོད་རྟེན་གྱི་སྲོག་ཤིང་གི་ནང་དུ་བཅུག་ནས། མཆོད་རྟེན་གྱི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་དམིགས་ཏེ་ཕྱག་བྱས་ལ་སེམས་རྩེ་གཅིག་པས་གསང་སྔགས་འདི་དག་འདོན་པར་བྱའོ། །འདི་ལྟ་སྟེ། ༀ་བི་པུ་ལ་བི་མ་ལེ། པྲ་བ་རེ་ཛི་ན་བ་རེ། ས་ར་ས་ར། སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་གརྦྷེ། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨཱ་ཡ་ཏ་ཏོ་བ་ནི་སྭཱ་ཧཱ། སརྦ་དེ་ཝ་ཎི་བ་ཧ་ཡ་བི་བུདྡྷ་ཨ་དྷིཥྛ་ན་ས་མ་ཡེ་སྭཱ་ཧཱ། བདུག་སྤོས་འཐུལ་བ་རྒྱུན་མི་ཆད་པར་བྱ་ཞིང་། གསང་སྔགས་ལན་ཉི་ཤུ་རྩ་བརྒྱད་བཏོན་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། གསང་བའི་བདག་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་རྣམས་དེའི་མོད་ལ་མཆོད་རྟེན་དེ་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་དེ་དང་སྲོག་ཤིང་བརྟན་པར་བྱེད་དོ། །དེ་བས་གོང་དུ་ཡང་སངས་རྒྱས་བྱེ་བ་འབུམ་ཕྲག་དགུ་ཅུ་རྩ་དགུ་དང་། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གནས་དེར་གཤེགས་ཏེ། མཆོད་རྟེན་དེ་ལ་མཆོད་པ་དང་། ཆོས་ཀྱི་སྐུར་བྱིན་གྱིས་རློབ་ཅིང་རིང་བསྲེལ་དང་ལྡན་པར་མཛད་དོ། །དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན་ཡོན་ཏན་དེ་དག་དང་། གཞན་ཡང་མཆོད་རྟེན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོབ་པར་འགྱུར། རིན་པོ་ཆེའི་རྣམ་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་ལུས་རྣམ་པར་དག་ལ་ཚེ་རིང་ནད་མེད་པ་དང་། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གང་གཞན་ལ་ལ་ཞིག་གིས་མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ནའང་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་བྱང་བར་གྱུར་ཏེ། མཚམས་མེད་པ་ལྔ་བྱས་པ་ཡང་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་ཞིག་གིས་མཆོད་རྟེན་དེའི་མིང་ཙམ་ཐོས་པ་ཡང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར། ཐ་ན་བྱ་དང་རི་དྭགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ་བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །ཞེས་བཀའ་སྩལ་བའི་ཕན་ཡོན་ཐམས་ཅད་ཆྒཻ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་འགྲུབ་པར་ཅི་གནང་། དེ་བཞིན་གཤེགས་པས་བཀའ་ཡང་དག་པ་ཚད་མར་གྱུར་པས་ཇི་ལྟར་བཀའ་སྩལ་པ་བཞིན་དུ་བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་བཞིན་མཆོད་རྟེན་གྱི་ཕྱོགས་བཞི་ཀ་ནས་ཚར་རེ་བྱས་ལ། མཇུག་ཏུ་ཤར་ཕྱོགས་ནས་བཀྲ་ཤིས་དང་སྨོན་ལམ་རྒྱས་པར་གདབ་བོ། །དེ་ནས་དཀྱིལ་འཁོར་གྱི་མཇུག་ཆོག་ནི། མཆོད་པ་ཁ་གསོས་ཏེ། བསང་སྦྱང་བྱིན་གྱིས་བརླབས་ནས་མཆོད་ཡོན་དང་། ཉེར་སྤྱོད་ནས་སོ་སོའི་སྔགས་རྒྱས་མཆོད་ནས། བླ་མ་དང་འཕགས་པ་འོད་ཟེར་དྲི་མ་མེད་པའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་པའི་དོན་ཀུན་འབད་མེད་དུ་འགྲུབ་པ་དང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་སོགས་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཆོས་དང་མཐུན་པའི་བསམ་པ་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་སུ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་གྱི་དངོས་གྲུབ་མཐའ་དག་འགྲུབ་པ་དང་། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཞི་ཞིང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བདུན་བཟླས་ཏེ། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། དེ་ནས། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདི་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སྡུག་བསྔལ་གྱིས་གཟིར་སེམས་ཅན་སྒྲོལ་བར་ཤོག །ཅེས་བསྔོ། དེ་ནས། ཇི་སྲིད་ས་ཆུ་སོགས་དང་། འདིར་ནི་གཟུགས་དང་སོགས་ཀྱི་མཐར། སུ་པྲ་ཏིཥྛས་བརྟན་བཞུགས་ཕུལ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། དེ་ཟླ་བ་ལ། དེ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ཕྱོགས་མཚམས་བཅིངས་པ་རྣམས་དཀྲོལ་བར་གྱུར། ༀ་བཛྲ་ཨགྣེ་པྲ་དཱི་པ་ཏ་ཡེ་སྭཱ་ཧཱའི་སྔགས་རྒྱས། རྡོ་རྗེའི་གོ་ཆ་གྱོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུྃ་ཝ་ཀི་ལི་ཧཱུྃ་ཕཊ་ཀྱི་སྔགས་རྒྱས། བདག་ཉིད་བསྲུང་བར་གྱུར་བར་བསམ་ལ། བཀྲ་ཤིས་རྒྱས་པར་བརྗོད་ཅིང་། ཤེར་སྙིང་ཚར་གཅིག་འདོན་པར་བྱའོ། །དེ་ནས་དཀྱིལ་འཁོར་དེ་ལ་ཞལ་ཁེབས་བཀབ་ནས་བུམ་པའི་འཕྲོ་བརྩིག་གོ། །དེ་དག་གི་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་བཞུགས་ཤིང་འཛུགས་པའི་ཆོ་གའོ།། ༈ ན་མ་ཤྲཱི་གུ་ར་ཝེ། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ འདིར་འོད་ཟེར་དྲི་མེད་ཀྱི་གཟུངས་སོགས་བཀླག་ཅིང་མཆོད་རྟེན་དགུ་བཅུ་རྩ་དགུའམ་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་ནི། དེར་གཏོགས་པ་ཐམས་ཅད་ཁྲུས་བྱས། ཉོན་མོངས་པའི་སྐྱོན་ལས་སེམས་བསྡོམས་ཤིང་གནོད་འཚེའི་ལས་ངན་ལས་མགོ་མཇུག་ཀུན་ཏུ་སེམས་བསྲུང་། དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་མཐུའི་ཁྱད་པར་དང་མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་དང་། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བསྐྱེད་དེ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང་། རབ་ཏུ་བྱུང་བ་ཡིན་ནའང་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས་ན་མི་འགལ་ཞིང་ལེགས་པ་ཡིན་ནོ། །དེ་དག་གི་མགོ་མཇུག་ཀུན་ཏུ་གཅེས་པའི་སྤྱོད་པའོ། །དེ་ནས་སཙྪ་གདབ་པ་ལ་འདེབས་པ་པོ་བདག་ཉིད་བསྐྱེད་ཆོག་ཇི་ལྟར་རིག་པས་རང་གི་ལྷར་བསྒོམ་ནས། ཡོ་བྱད་རྣམས་བཤམ་ཏེ། ༀ་བཛྲ་ཡཀྵ་ཧཱུྃ། ཞེས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་རྒྱས་ཆུ་ལ་ལན་བདུན་བསྔགས་ཏེ། འཇིམ་པ་དང་ཡོ་བྱད་ཐམས་ཅད་ལ་གཏོར་བས་ཐམས་ཅད་གཙང་བར་བསངས་ཤིང་བགེགས་ལ་སོགས་པས་མི་ཚུགས་པར་བསམ། དེ་ནས། ༀ་ཤུདྡྷ་ན་དུ་ཤྭ་དྷཱ་ཡ་སྭཱ་ཧཱ། ཞེས་བཟླས་པས། ཐམས་ཅད་དག་པར་གྱུར། དེ་ནས་། པད་ཟླའི་སྟེང་དུ་འཇིམ་པ་རྣམས་བྷྲཱུྂ་ལས་རིན་པོ་ཆེའི་ཕུང་པོར་བསམ་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ་བས་དེའི་ཐུགས་ཀ་ནས་འོད་ཟེར་དཔག་མེད་བྱུང་། དེས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཤིང་འཇིམ་པ་ལ་ཕོག་པས། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་མོས་ཏེ། ལག་གཉིས་ཀྱི་མཐེ་བོང་གི་མཐེའུ་ཆུང་མནན་པ་ཁ་སྤྲད་ནས་འཇིམ་པ་ལ་རེག་སྟེ། ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨ རྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་སུཀྵྨེ་སུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མ་རོ་པེ། ཨ་ན་ལམྦྷེ། ཏ་རམྦྷེ། ཨ་ཤོ་བ་ཏི་མ་ཧཱ་ཏེ་ཛ། ནི་ར་ཀུ་ལེ། ནིརྦཱ་ཎེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷི་ཥྛི་ཏེ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླ། དེ་ནས། ན་མཿས་མནྟ་བུདྡྷ་ནཱཾ། ༀ་བཛྲ་ཨཱ་ཡུ་ུཥེ་སྭཱ་ཧཱ། ཞེས་པས་འཇིམ་པ་བཅད་དེ། ༀ་བཛྲ་ཨུདྦྷ་ཝ་ཡ་སྭཱ་ཧཱས་འབི་འབི་བྱ། ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱས་སྣུམ་བཀུ། ༀ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་དང་། ༀ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱས་རྒྱར་བཅུག །ༀ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་པས་བརྡུང་། ༀ་དྷརྨཱ་ར་ཏེ་སྭཱ་ཧཱས་ཕྱུང་། ༀ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱས་དཀྱིལ་འཁོར་དུ་བཞུགས་སུ་གསོལ། དེ་ལྟར་བྱས་ན་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པར་འགྱུར་རོ། །དེ་ལྟར་མཆོད་རྟེན་འདེབས་པ་ན། གཞན་དག་དེའི་ཟླ་ལ་མཆོད་སྦྱིན་བྱ་བ་དང་། འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་བའི་དོན་དུ་ཤེར་ཕྱིར་གྱི་མདོ། གསེར་འོད་དམ་པ། གཙུག་ཏོར་རིན་པོ་ཆེ། དྲི་མེད་རྣམ་གཉིས་ཀྱི་གཟུངས་ཀྱི་མདོ་རྣམས་བཟླས། དེ་ཙམ་མ་ལྕོགས་ན། ཤེར་སྙིང་དང་། དྲི་མེད་རྣམ་གཉིས་ཀྱི་རྩ་གཟུངས་ཚར་གང་ལྕོགས་བཏོན་པའི་རྗེས་སུ་དེ་གཉིས་སྙིང་པོ་བཟླས་པ་ཙམ་བྱ། བུམ་ནང་དུ་འབྲུ་སྨན་དང་རིན་པོ་ཆེའི་རྫས་ཚད་ལྡན་ཚུལ་བཞིན་བཤམས་ལ། དྲི་མེད་རྣམ་གཉིས་ཀྱི་སྙིང་པོའི་ཛཔ྄་གྲ་གཅིག་ཀྱང་བཞག །དེ་ལྟར་མཆོད་རྟེན་སྔ་དྲོ་ཐེབས་པར་བྱས་ནས། ཆོས་བཀླགས་པ་རྫོགས་པ་དང་། གནས་བསྲུང་བའི་གྲོགས་གཅིག་བཞག་སྟེ། བར་དེར་ཅུང་ཞིག་གྱེས་ནས། སྔ་དྲོའི་ཆ་ལས་དགེ་འདུན་སྤྱིར་ཚོགས་པ་ལ་མཆོད་སྟོན་ལ་སོགས་པ་བྱའོ། །དེ་དག་ནི་མཆོད་རྟེན་གདབ་པའི་བྱ་བའོ། །དེ་ནས་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གསུངས་པ་ལ། འདིར་བསྡུས་པའི་དབང་དུ་བྱས་ཏེ། མཎྜལ་ཆེ་ཆུང་ཇི་ཙམ་རིགས་པ་ལ་བའི་རྣམ་ལྔ་དང་དྲིས་ཆག་ཆག་གདབ་ནས་རེའུ་མིག་ཆེན་པོ་བརྒྱད་དབྱེ། མཆོད་རྟེན་བརྒྱ་རྩ་བརྒྱད་ལྟར་ན། དེ་དག་གི་ཕྱིའི་ཕྱོགས་བཞི་དབུས་ཀྱི་ཆ་རེའུ་མིག་གཉིས་རེ་བསྣན་པ་བྱའོ། །དེ་དག་ནི་དཀྱིལ་འཁོར་བྲི་བའི་བྱ་བའོ། །དེ་ནས་ལུགས་མ་ལ་སོགས་པའི་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་ཅན་གཅིག་དཀྱིལ་འཁོར་གྱི་དབུས་ཀྱི་རེའུ་མིག་ལ་བཞག །དེ་ལྷག་རེ་མིག་གོ་དགུ་ལ། སྣམ་བུ་དང་པོ་གཉིས་པ་གསུམ་པ་སོགས་རིམ་བཞིན་རེའུ་མིག་རྣམས་སུ་དྲིས་བྱུགས་པ་ལ་པདྨའི་གདན་མང་པོ་དཀྲམ། འཕགས་པ་གདན་འཛོམས་པའི་གདན་ཁྲི་ཡང་བཤམ་མོ། །གཟུངས་ཆབ་བུམ་པ་བཞི་ཡོད་ན་ཕྱོགས་བཞི་དང་། གཅིག་ལས་མེད་ན་སློབ་དཔོན་གྱི་མདུན་དུ་བཀོད། ངོས་བཞིའི་ཕྱི་རོལ་སོགས་གང་འོས་སུ་བཤམས་དང་མཆོད་པ་རྒྱས་པར་བཤམ། གྲྭ་བཞིར་ཨ་ཀ་རུ་དང་དུ་རུ་ཀ་དང་གུ་གུལ་གྱི་དུད་པ་འཐུལ་བའི་སྤོས་ཕོར་བཞི། སྒོ་བཞི་མཆོད་ཡོན་བཞི། སྟེང་དུ་བླ་བྲེ། འཕན་དང་། བ་དན་དམར་པོ་བརྒྱ་རྩ་བརྒྱད་དང་དཀྲམ། བུམ་པའི་ཁར་བྱེ་མ་དང་ཡུངས་ཀར་བཞག་ཅིང་བཟླས་ན ས་དུར་ཁྲོད་དང་ཕྱོགས་ཀུན་ཏུ་གཏོར་རོ། །དེ་དག་ནི་ཡོ་བྱད་བཤམས་པ་སྟེ། ཆོ་ག་ལ་འཇུག་པའི་བྱ་བ་ཚར་རོ། །དེ་ནས་དངོས་གཞིའི་ཆོ་ག་ནི། དགེ་འདུན་རྣམས་འདུས་པའི་ཐོག་མ་ཁོ་ནར་ཕྱོགས་བཅུའི་འཕགས་པ་ཐམས་ཅད་མངོན་སུམ་ལྟ་བུར་དམིགས་ཏེ་ཕྱག་བྱས་ནས་ཐམས་ཅད་གདན་ལ་འཁོད་དེ། སེམས་བསྐྱེད་བསྒོམ་པ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་ནུས་བསྒོམ། དེ་ལས་ལངས་ནས། ཆོས་ཐམས་ཅད་དོན་དམ་པར་དེ་ལྟ་བུ་ཡིན་པ་ལ། འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་སྐུ་གསུང་ཐུགས་ནམ་མཁའ་དང་འདྲ་བར་གྱུར་ཏེ་སྒྲིབ་པ་མི་མངའ་ཞིང་། མཐུ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་པར་ཡང་རུང་ནས། ཀྱེ་མ་སེམས་ཅན་འདི་དག་ནི། ཆོས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ཏེ། རྨོངས་པའི་ཉོན་མོངས་པ་དང་སྡུག་བསྔལ་མང་པོས་གཟིར་ཞིང་ཉམ་ཐག་པའི་གནས་སུ་ལྟུང་བར་འགྱུར། སེམས་ཅན་ཐམས་ཅད་ཀྱང་འཁོར་བ་ཐོག་མ་མེད་པ་ནས་འགྲོ་བ་བརྒྱུད་མ་རྣམས་སུ་བདག་གི་གཉེན་བཤེས་དམ་པ་དྲིན་གྱི་ཞིང་དུ་མ་གྱུར་པ་འགའ་ཡང་མེད་ཅིང་། བདག་གིས་ཀྱང་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པར་བསྒྲུབ་པར་དམ་བཅས་པའི་ཚེ། སེམས་ཅན་ཐམས་ཅད་བདག་གིས་བླངས་ཟིན་པས། འདི་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་འདོར་བ་ནི་ཤིན་ཏུ་མི་རིགས་ན། དེ་དག་ཇི་ལྟར་སྡུག་བསྔལ་ལས་ནི་འདོན། བདེ་བ་ལ་ནི་འགོད་པར་བྱའོ། །དེ་ལྟ་ནའང་བདག་ནི་དུས་ངན་པའི་སེམས་ཅན་སྤྱོད་པ་དང་མཐུ་དམན་པ་ཡིན་པས། བདག་ཉིད་གཅིག་པུའི་འཕྲལ་དུ་རླབས་པོ་ཆེ་འདི་ལྟ་བུ་མི་ནུས་ཀྱིས། སྟོན་པ་བདེ་བར་གཤེགས་པས་སྔོན་བྲམ་ཟེ་ཆེན་པོ་སེར་སྐྱའི་ཟླ་བ་དང་། ལྷའི་བུ་ནོར་བུ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས་གསུངས་པ། འཕགས་པ་འོད་ཟེར་དྲི་མེད་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་དང་། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་ལ་རྣམ་པར་བལྟ་བའི་གཟུངས་ལ་བརྟེན་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ལ། མཐུ་བསྟན་པ་དང་དཔུང་གཉེན་དུ་གསོལ་ཏེ། ད་ལྟ་ནི་འཕགས་པའི་མཐུ་དང་བྱིན་རླབས་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་བསྒྲུབ་པར་བྱས་ལ། ཕྱིས་ནི་བདག་ཉིད་གཅིག་པུའི་གཞན་ལ་ལྟོས་པ་མེད་པར་ཐབས་མཁས་པའི་སྒོ་སྣ་ཚོགས་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པ་ཡང་དག་པར་བསྒྲུབ་པར་བྱའོ། །སྙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དྲག་ཏུ་བསྐྱེད་དོ། །དེ་ནས་ས་གཞི་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་ཀྱི་མདོ་ལས་བྱུང་བའི་ཆོ་ག་བཞིན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡི་མཆོད་རྟེན་དགུ་བཅུ་རྩ་དགུ་གདབ་པའི་གནས་འདིར། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་། མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབ་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ས་གཞི་ལ། བཀོད་པ་ཐམས་ཅད་ལས་འཕགས་པ་དེ་བཞིན་གཤེགས་པའི་བཀོད་པ་ལས་རྟེན་པའི་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་པདྨ་དང་སེང་ཁྲི་རིན་པོ་ཆེའི་སྟན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་བདག་ཉིད་གྲངས་མེད་པ་ཞིག་རོམ་མེ་དཀྲིགས་པར་གྱུར་པའི་མཐའ་འཁོར་བར་གཞལ་མེད་ཁང་ཆེན་པོའི་ནང་དུ་འཕགས་པ་རྣམས་གདན་འཛོམ་པའི་གདན་ཁྲི་སོ་སོའི་སྨོན་ལམ་ཁྱད་པར་ཅན་གྱི་མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཅེས་ལན་གསུམ་གྱིས་གནས་བྱིན་གྱིས་བརླབ། ཕྱི་ནང་ཀུན་ཏུ་ཡང་ཆ་རིས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ། ཞལ་ཟས། ན་བཟའ་དང་། རྒྱན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་དང་། ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱི་བཀང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་གདན་འཛོམ་ནས། དེ་བཞིན་དུ་བྱིན་གྱིས་རླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་གྱིས་མཆོད་པ་བརླབ། ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་ཞེས་པ་ནས། བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་གྱིས་ཐུན་མོང་དུ་བྱིན་གྱིས་བརླབ་བོ། །དེ་ནས་འཕགས་པ་རྣམས་སྤྱན་དྲངས་ཏེ། པུས་མོ་བཙུགས་ཏེ། ཐལ་མོ་སྦྱར་ནས་འདུན་པ་རྩེ་གཅིག་པས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་། བྱིན་རླབས་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། འགྲོ་བའི་དོན་དུ་སྨོན་ལམ་ཁྱད་པར་ཅན་མཛད་པ་ལས་གླེང་སྟེ། བདག་སོགས་འགྲོ་བ་མང་པོ་སྐྱོབ་པའི་སླད་དུ་མགོན་སྐྱབས་སུ་གསོལ་ནས་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ། བྱིན་གྱིས་རླབས་བར་ཅི་གནང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་རང་རྒྱལ་དང་། འཕགས་པ་ཉན་ཐོས་ཆེན་པོ་སྐུ་གདུང་རིང་བསྲེལ་དང་། སྐུ་གདུང་གི་མཆོད་རྟེན་དང་། ཆོས་ཀྱི་སྐུའི་མཆོད་རྟེན་གཟུགས་ཀྱི་ཚུལ་དུ་རྣམ་པར་བཞག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་། བསྲུང་བ་མེད་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད། མི་འཇིགས་པ་བཞི་དང་། སྟོབས་བཅུ་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། ཐུགས་རྗེ་ཆེན་པོ་དང་། ཡེ་ཤེས་ལ་སོགས་པ་ཡོན་ཏན་བསགས་པའི་མཆོད་རྟེན་དང་། ཆོས་ཀྱི་དབྱིངས་དང་། རིག་སྔགས་དང་། གསང་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། འཕགས་པའི་བྱིན་གྱིས་བརླབས་པ་ལུམྦིའི་ཚལ་དུ་སྐུ་བལྟམས་པའི་མཆོད་རྟེན་ལ་སོགས་ཏེ། ཕྱོགས་བཅུ་ཐམས་ཅད་ན་མཆོད་རྟེན་ཁྱད་པར་ཅན་འཁོར་དང་བཅས་པ་ཇི་སྙེད་བཞུགས་པ་ཐམས་ཅད། ཆོས་ཀྱི་དབྱིངས་དང་རིགས་ཐམས་ཅད་ནས་བཞུགས་པའི་འཕགས་པ་ཐམས་ཅད་མཉེས་པར་བགྱི་བ་དང་། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སྤེལ་བའི་སླད་དུ། དེང་དཀོན་མཆོག་གསུམ་དང་མཆོད་རྟེན་ཁྱད་པར་ཅན་འཁོར་དང་བཅས་པ་སྤྱན་དྲངས་པའི་གནས། མཆོད་པར་འོས་པའི་བདེ་བ་སྦྱར་བ་ཐམས་ཅད་ཀྱིས་བསྟབས་ཤིང་སྤྱན་འདྲེན་གྱིས། མཐུ་སྟོབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་ཀྱིས་རྣམ་པར་འཕྲུལ་པ་མཛད་དེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་གཤེགས་ཤིང་བཞེངས་པར་གསོལ་ལོ། །ཞེས་གཙོ་བོར་གྱུར་པ་སྤྱན་དྲངས། དེ་ནས་འཁོར་དུ་གཏོགས་པ་སྤྱན་དྲངས་པ་ནི། ལྷའི་འཇིག་རྟེན་མཐོ་རིས་ན་འཕགས་པ་གང་ཡང་དག་པའི་ཤེས་རབ་ཀྱིས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གཟིགས་པ་དང་ལྡན་པས་ཉོན་མོངས་པའི་སྒྲིབ་པ་བསལ་བ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་དང་། གཟུངས་དང་། ཏིང་ངེ་འཛིན་ལ་དབང་དུ་གྱུར་པ། ཐབས་ལ་མཁས་པའི་སྤྱོད་པ་དང་ལྡན་པའི་ལྷའི་དབང་པོའི་ཆ་ལུགས་ཀྱིས། ལྷ་མང་པོ་དག་ལ་དགེ་བའི་བཤེགས་གཉེན་མཛད་ཅིང་བཞུགས་པ་དང་། ལྷ་མང་པོ་གཞན་དག་ཀྱང་དེ་བཞིན་དུ་བརྟེན་པ་རྟོགས་ཏེ་འཕགས་པའི་ལམ་ལ་གནས་ཤིང་། ཀུན་ནས་ཉོན་མོངས་པའི་འཆིང་བ་ཡང་དག་པའི་ཤེས་རབ་ཀྱིས་བསལ་བ། དྲན་པ་གསལ་ཞིང་ཏིང་ངེ་འཛིན་ཐོབ་པ་དེ་དག་གིས། བླ་ན་མེད་པའི་དཀོན་མཆོག་གསུམ་ལ་སྔོན་བསྙེན་བཀུར་མཛད་ཅིང་དགེ་བའི་རྩ་བ་རྒྱ་ཆེར་བསྐྱེད་པ། འཇིག་རྟེན་ན་ལྷ་དང་མི་རྣམས་ཀྱི་ཆོས་དཀར་པོའི་ཕྱོགས་རྟག་ཏུ་རྒྱ་ཆེར་སྤེལ་ཞིང་བསྲུང་བ། སེམས་ཅན་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་མཚན་མ་ངན་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ་དང་། སྔོན་གདན་འཛོམ་པ་ཆེན་པོའི་སྟོན་པ་བཅོམ་ལྡན་འདས་ཀྱིས། ང་མྱ་ངན་ལས་འདས་པའི་འོག་ཏུ། དམ་པའི་ཆོས་དང་། འཁོར་རྣམ་པ་བཞི་དང་། རྒྱལ་པོ་བློན་པོ་ལ་སོགས་པ་ཆོས་དང་ལྡན་ཞིང་ཆོས་ལ་སྤྱོད་པ་དགེ་བ་སྲུངས་ཤིག །ཅེས་བཀའ་གཏད་ཅིང་། སོ་སོ་ནས་ཀྱང་ལྷའི་ངག་བརྟགས་པས། ཞལ་གྱིས་བཞེས་པའི་ཐུགས་དམ་མངའ་བའི་འཕགས་པ་ཆོས་སྐྱོང་བའི་ལྷ་མིའི་མགོན་མཛད་པ་ཐམས་ཅད་དང་། གཞན་ཡང་མཆོད་པའི་གནས་དང་། དྲིན་བསྲབ་པའི་གནས་དང་སྙིང་རྗེའི་གནས་སུ་གྱུར་པའི་སྦྱིན་གནས་ཇི་སྙེད་པ་ཐམས་ཅད་ཆོས་ཀྱི་དབྱིངས་དང་། རིགས་ཐམས་ཅད་བཞུགས་པའི་འཕགས་པ་ཐམས་ཅད་མཉེས་པར་བགྱི་བ་དང་། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་སླད་དུ། དེང་དཀོན་མཆོག་གསུམ་དང་མཆོད་རྟེན་ཁྱད་པར་ཅན་འཁོར་དང་བཅས་པ་སྤྱན་དྲངས་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་དང་། མཆོད་རྟེན་མཆོད་གནས་དཔལ་ལྡན་པ། །སྐུ་གདུང་ཆོས་སྐུ་ཆོས་དབྱིངས་དང་། །རིག་སྔགས་གསང་སྔགས་སྙིང་པོ་དང་། །ཕྱག་རྒྱ་བྱིན་བརླབས་གཤེགས་སུ་གསོལ། །གཤེགས་འབྱོན་སྐྱེ་འབྲི་མེད་པའི་སྐུ། །ཇི་ལྟར་སྨོན་བཞིན་ཡོད་པ་དག །དཀྱིལ་འཁོར་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་བསྐྱབ་ཕྱིར་གཤེགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མཆོད་རྟེན་ཁྱད་པར་འཁོར་གཏོགས་པ། །འོག་མིན་གནས་དང་ལྷ་ཚོགས་དང་། །བསམ་ཏན་བཞི་དང་འདོད་ཁམས་དྲུག །སྡེ་བརྒྱད་ཚོགས་དང་འབྱུང་པོ་ཀུན། །དམ་ཚིག་ཅན་དང་ཐུགས་དམ་ཅན། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གཟའ་དང་རྒྱུ་སྐར་དང་། །དཀོན་མཆོག་མཐོང་ཐོས་སྐྱབས་བརྟེན་པ། །ཕྱག་བགྱི་ཐལ་མོ་སྦྱར་འོས་ཤིང་། །མགོས་གཏུགས་མཆོད་དང་ཀུན་སྦྱིན་དང་། །རབ་ཏུ་སྦྱིན་འོས་ཀུན་གཤེགས་ཤིག །ཅེས་སྤྱན་དྲང་ངོ་། །དེ་ནས་བསུ་ཕྱག་ནི། དེ་ལྟར་སྤྱན་དྲངས་པའི་འཕགས་པའི་ཚོགས་ཕྱོགས་བཅུ་ནས་གཤེགས་ཏེ་འཁོར་དང་བཅས་པ་གདན་ལ་བཞུགས་པར་བསམ་སྟེ། དེ་ལ་སྔོན་དུ་ཕྱོགས་པས་འགྲེངས་ནས་ཕྱག་ལན་བདུན་འཚལ་ཏེ། ཡེ་ཤེས་ཚོགས་ཀྱིས་བསྐྱེད་པའི་སྐུ། །མིང་དང་གཟུགས་ལས་རྣམ་པར་གྲོལ། །རྟོགས་དང་སྤྲོས་ལས་རབ་འདས་ཀྱང་། །བསྙེལ་བ་མི་མངའ་རང་བཞིན་ཅན། །དངོས་དང་དངོས་མེད་མཐའ་ཡས་དབེན། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །ཡེ་ཤེས་རྣམས་ཀྱི་གནས་གྱུར་པ། །རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །བསོད་ནམས་ཚོགས་ཀྱིས་བསྐྱེད་པའི་སྐུ། །དབང་ཕྱུག་ཆེན་པོའི་གནས་མཆོག་ན། །ཆོས་ལ་མངའ་མཛད་ལོངས་སྤྱོད་པས། །བྱང་ཆུབ་སེམས་དཔའ་ཡོངས་ཀྱི་མགོན། །གཙང་མའི་གནས་ནས་མ་གཡོས་པ། །གདུལ་བྱའི་བསམ་པ་ཇི་བཞིན་དུ། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །སྤྲུལ་མང་འགྱེད་ལ་ཕྱག་འཚལ་བསྟོད། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །དགའ་ལྡན་མཆོག་ནས་བབས་པ་དང་། །འཇིག་རྟེན་སྒྱུ་རྩལ་ཕུལ་བྱུང་ཞིང་། །བདུད་བཅོམ་བྱང་ཆུབ་འཚང་རྒྱ་སྟེ། །འཁོར་ལོ་བསྐོར་ནས་འདས་པའི་བར། །ཆོ་འཕྲུལ་གཅིག་ཆར་སོ་སོར་སྟོན། །ཆོ་འཕྲུལ་ངོ་མཚར་རྨད་བྱུང་བ། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །སྟོན་པ་མཆོག་བཞུགས་གཞལ་མེད་ཁང་། །དབྱིབས་ལེགས་རྣམ་པར་ཕྱེ་བས་མཛེས། །ཁ་དོག་སྣ་ཚོགས་སྤེལ་ལེགས་སུ། །རིན་ཆེན་འབར་བ་མང་པོས་བརྒྱན། །ཡིད་འོང་ཉམས་དགའ་ལྷ་ཡ ི་གནས། །རྒྱན་བཀོད་དཀྱིལ་ན་མཛེས་པ་ལ། །འཕགས་པ་མཆོད་པའི་རྟེན་བགྱིས་ཏེ། །སྟོན་པ་འཁོར་དང་བཅས་ལ་བསྟོད། །ཅེས་སོ། །དེ་ནས་བསུ་བའི་མཆོད་པ་ནི། མཆོད་པའི་སྤྲིན་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནི་ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་ཱབིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་མནྟ་ཨུ་པ་སཾ་པྲ་མ་ཎ་ཡ་སྭཱ་ཧཱ། ཞེས་བཟླ་ཞིང་། མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པའི་བདེ་བར་སྦྱར་བ་འབུལ། །ཞེས་པས་མཆོད་པ་བཟང་ཞིང་རྒྱ་ཆེ་བར་དམིགས་ཏེ་ཕུལ་ལོ། །དེ་ནས་བཞུགས་སུ་གསོལ་བ་ནི། སྐུ་གདུང་ཆོས་སྐུ་བྱང་ཆུབ་ཕྱོགས། །མ་འདྲེས་བསྲུང་མེད་བསྙེལ་མི་མངའ། །མི་འཇིགས་སྟོབས་དང་སངས་རྒྱས་ཆོས། །རྡོ་རྗེ་ཡེ་ཤེས་ཚོགས་བསགས་པ། །ཆོས་དབྱིངས་རིག་སྔགས་གསང་སྔགས་དང་། །སྙིང་པོ་ཕྱག་རྒྱའི་བྱིན་རླབས་ཀྱིས། །མཆོད་རྟེན་ཁྱད་པར་ཇི་སྙེད་དང་། །དཔལ་ལྡན་བསོད་ནམས་ཞིང་མཆོག་ཀུན། །ཆོས་དོན་དག་པའི་དཀྱིལ་འཁོར་འདིར། །རིན་ཆེན་སྟེང་དང་ཁྲི་འཕང་དང་། །གཙང་དྭངས་ལྷ་རྫས་པདྨ་ལ། །མི་གནས་ཚུལ་གྱིས་གདན་ལ་བཞུགས། །ཞེས་པས་གཙོ་བོ་དང་། ཆོས་དོན་ཀུན་གྱི་དཀྱིལ་འཁོར་དུ། །དཔལ་ལྡན་དག་པའི་གདན་བཤམས་པར། །ཏིང་འཛིན་མི་གཡོ་མཉམ་བཞག་ཅིང་། །དགེ་བའི་དགོངས་པས་གདན་ལ་བཞུགས། །གཙང་དྭངས་གདན་ཁྲི་ཡངས་པ་ལ། །ཐོགས་མེད་དོག་པ་མེད་པའི་སྐུ། །མཉམ་ཉིད་ཚུལ་གྱིས་བདེར་བཞུགས་ཤིང་། །བདེ་བར་བསྐྱང་བ་བཞེས་སུ་གསོལ། །བཛྲ་ཨཱ་ས་ན་ཏིཥྛནྟུ། ཞེས་འཁོར་རྣམས་བཞུགས་སུ་གསོལ། དེ་ནས་ཁྲུས་གསོལ་བ་ལས། དང་པོ་ཕྱོགས་བཞིའི་བུམ་པས་བཀྲུ་བ་ནི། རྣམ་དག་སྐྱོན་བྲལ་བྱང་ཆུབ་སེམས་ཀྱི་དབྱིངས། །རྣམ་རྟོག་སྐྱོན་བྲལ་ཡོན་ཏན་ཚོགས་ཀྱི་གཏེར། །ཀུན་གྱིས་ཕྱག་བྱས་མཆོད་ཅིང་བསྟོད་པའི་གནས། །བདུད་བཞིའི་དཔུང་རྣམས་མ་ལུས་ཚར་བཅད་ཕྱིར། །ཆོས་དབྱིངས་དག་པའི་སྐུ་ལ་ཁྲུས་ཆབ་གསོལ། །ཉོན་མོངས་འཁྲུལ་པའི་རྟོག་པ་དག་གྱུར་ཅིག །ཇི་ལྟར་མེ་ལོང་གཟུགས་བརྙན་སྣང་གྱུར་ཀྱང་། །ཆོས་དབྱིངས་དག་པའི་སྐུ་ལ་བསྐྱོད་པ་མེད། །རིན་ཆེན་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སའམ་ཆུའམ་འོན་ཏེ་བར་སྣང་ལ། སེམས་ཅན་དོན་དུ་རིན་ཆེན་སྐུར་བསྟན་པ། །མཆོད་རྟེན་དམིགས་པར་བཅས་ཏེ་སྐུ་ཁྲུས་གསོལ། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །གཞི་རྨིང་དགེ་བཅུ་རྣམ་དག་པདྨ་འཇམ། །དྲན་པ་ཉེར་བཞག་རྨིང་གཞི་ཁྲི་འཕང་བསྟོད། །ཐེག་པ་རྣམས་ཀྱི་བང་རིམ་བརྩེགས་པ་སྟེ། །ཆོས་དབྱིངས་སྤྲོས་མེད་བུམ་པ་ཟླུམ་པོ་ལ། །སྨོན་ལམ་ཆེན་པོའི་སྲོག་ཤིང་དགེ་བ་བཙུགས། །དགེ་བའི་ལོངས་སྤྱོད་ནམ་མཁའི་གདུགས་ཀྱིས་བཀབ། །བྱང་ཆུབ་སེམས་ཀྱི་ཟླ་ཚེས་རྣམ་པར་དག །དགེ་སྟེ་བཅུ་གསུམ་འཁོར་ལོའི་ཕྲེང་བས་བརྒྱན། །སྣང་དབྱིངས་ཆོས་ཀྱི་སྐུ་ལ་སྐུ་ཁྲུས་གསོལ། །ཤར་ཕྱོགས་བྱམས་པ་བརྩེགས་པའི་ཆོས་སྐུ་ལ། །བྱམས་པའི་སེམས་ཀྱི་སྐུ་ཁྲུས་འདི་གསོལ་བས། །ཞེ་སྡང་གདུག་པའི་ཚོགས་རྣམས་ཀུན་བསལ་ནས། །རྟག་ཏུ་བྱམས་པའི་ཏིང་འཛིན་ཐོབ་གྱུར་ཅིག །ལྷོ་ཕྱོགས་རིན་ཆེན་བརྩེགས་པའི་ཆོས་སྐུ་ལ། །ང་རྒྱལ་གདུག་པའི་ཚོགས་རྣམས་བསལ་བའི་ཕྱིར། །བྱང་ཆུབ་སེམས་ཀྱི་ཆུ་བོས་སྐུ་ཁྲུས་གསོལ། །ཁམས་གསུམ་འཁོར་བའི་ང་རྒྱལ་སྐྱོན་བྲལ་ནས། །རྟག་ཏུ་འདོད་པའི་ཡོན་ཏན་ཐོབ་གྱུར་ཅིག །ནུབ་ཕྱོགས་པདྨ་དག་པ་ཆོས་ཀྱི་དབྱིངས། །འདོད་ཆགས་སྐྱོན་བྲལ་པདྨའི་ཁྲི་འཕང་བརྩེགས། །ཁམས་གསུམ་སེམས་ཅན་བག་ཆགས་སྦྱོང་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཡེ་ཤེས་སྐུ་ཁྲུས་གསོལ། །སེམས་ཅན་འཁོར་བའི་བག་ཆགས་དག་གྱུར་ཅིག །བྱང་ཕྱོགས་རྣམ་དག་ལས་ཀྱི་ཞིང་རབ་ནས། །འདོད་སྲེད་སྤངས་པའི་ཡོན་ཏན་རྫོགས་པར་སྟོན། །རིན་ཆེན་ཨིནྡྲ་ལྟ་བུའི་མཆོད་རྟེན་ལ། །ལས་ཀྱི་སྒྲིབ་པ་སྦྱངས་ཕྱིར་སྐུ་ཁྲུས་གསོལ། །སེམས་ཅན་རྣམས་ཀྱི་འདོད་པ་འགྲུབ་གྱུར་ཅིག །ཆོས་སྐུ་རྣམ་དག་འཁོར་བའི་སྐྱོན་བྲལ་ནས། །ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །དེ་ནས་ཆུ་རྣམ་པ་ལྔས་བཀྲུ་ཞིང་། སྐུ་མཆོག་རྣམ་དག་ལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དབྱིངས་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །གུས་པས་ཡིད་ཀྱིས་སྐུ་ཁྲུས་འདི་གསོལ་བས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བ་ཡིད་འོང་བའི། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ཅེས་སྨོན་ལམ་རེ་རེའི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བཏགས་ཏེ་བཀྲུའོ། །དེ་ནས་རས་ཁ་ཚར་མ་ཉམས་པས་ཕྱི་ཞིང་། བདེ་གཤེགས་སྐུ་གཟུགས་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བིཤྭ་དྷ་ནེ་སྭཱ་ཧཱ། ཞེས་ཕྱིའོ། །དེ་དག་ནི་ཚོགས་ཞིང་ཉེ་བར་བསྡུས་ཏེ་དགོད་པའི་བྱ་བའོ། །དེ་ནས་ཆོས་སྤྱོད་ཀྱི་ཡན་ལག་བཅུས་ཚོགས་བསགས་པའི་རིམ་པ་ལ་འཇུག་སྟེ། དེ་ལ་དང་པོ་ཕྱག་འཚལ་ནི། ཇི་སྙེད་སུ་དག་སོགས་ཤློ་ཀ་བཞིའི་མཐར། ཕྱག་བྱར་འོས་པ་ཞེས་སོགས་ཤློཀ་གཅིག་གིས་སྤྱི་ཕྱག་བྱ། དེ་ནས་མཆོད་རྟེན་སྤྱི་ཕྱག་ནི། ཤེས་རབ་ཆེན་པོས་བདག་མེད་ཐུགས་ཆུད་དེ། །ཡེ་ཤེས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་ཆོས་སྐུ་སྤྲོས་མེད་པ། །སོ་སོ་རང་རིག་དེ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་དོན་དུ་དགའ་བ་རྣམས་མཛད་དེ། །བསོད་ནམས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་གཟུགས་སྐུར་གང་སྣང་བ། །ཡོན་ཏན་མཐའ་དག་རྫོགས་ལ་ཕྱག་འཚལ་བསྟོད། །བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །སེམས་ཅན་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །སྤྱོད་པས་གཞན་གྱི་དོན་ལ་རབ་བརྩོན་པ། །བླ་མེད་འབྲས་སུ་བརྙེས་ལ་ཕྱག་འཚལ་བསྟོད། །ཐབས་ཀྱི་སྤྱོད་པས་མཛད་པ་མཐར་ཕྱིན་ཅིང་། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ཡོངས་བསྐོར་ནས། །མྱ་ངན་འདས་པའི་ཚུལ་ནི་རབ་བསྟན་པ། །སྐུ་གདུང་བཞག་པ་དག་ལ་ཕྱག་འཚལ་བསྟོད། །སྐུ་གདུང་ཕྲ་མོར་བསིལ་བའི་རིང་བསྲེལ་སྣོད། །རྒྱུ་དང་འབྲས་བུར་བཅས་པ་ཆོས་ཀྱི་ཚུལ། །སེམས་ཅན་རྣམས་ཀྱི་མཆོད་པར་བྱ་བའི་རྟེན། །གཟུགས་བརྙན་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །སྔོན་གྱི་སྨོན་ལམ་ཆེན་པོ་རྒྱུན་མངའ་བས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཏེ། །བང་རིམ་བུམ་པ་སྲོག་ཤིང་ཚུལ་བསྟན་པ། །རྒྱུ་ཡི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པའི་སྟོབས་བཅུ་མ་འདྲེས་ཆོས། །ཐུགས་རྗེ་ཆེན་པོའི་ཚད་མེད་རབ་མངའ་བ། །འཁོར་ལོ་ཆར་ཁེབས་ལྟ་བུའི་ཚུལ་བསྟན་པ། །འབྲས་བུའི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །མི་འཇིགས་བསྲུང་བ་མེད་དང་བདུད་ལས་རྒྱལ། །ཚངས་པའི་དབྱངས་ལྡན་མངོན་པར་མཁྱེན་མངའ་བ། །རྡོ་རིང་ཐེམ་སྐས་རྒྱལ་མཚན་དྲིལ་བུ་ཏོག །ཆོས་སྐུའི་རྟེན་དུ་བཞག་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་གྲགས་པ་ཡེ་ཤེས་བཞི་ལ་སོགས། །ཡོན་ཏན་ངོ་མཚར་ཅན་གྱི་ཚོགས་རྫོགས་ཤིང་། །གང་གིས་ཆོས་ཀྱི་རྒྱལ་པོར་མཚན་གསོལ་བ། །བདག་ཉིད་ཆེན་པོ་དག་ལ་ཕྱག་འཚལ་བསྟོད། །རང་བཞིན་རྣམ་དག་ཆོས་དབྱིངས་དེ་བཞིན་ཉིད། །སྤྲོས་པའི་དྲི་མས་མ་གོས་དཀར་བ་ལ། །རིན་ཆེན་སྤྲས་པས་མཚན་མ་རྫོགས་པའི་སྐུ། །འགྲོ་དོན་ལེགས་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་བཞིན་སྐུ་གདུང་དབྱིབས་བཅས་ཆོས་སྐུ་དག །གང་གིས་མཐོང་ཐོས་དྲན་ནམ་རེག་ཀྱང་རུང་། །མཐོ་རིས་དཔལ་དང་ཐར་མཆོག་བདེ་ཐོབ་པ། །ཡོན་ཏན་སྣ་ཚོགས་མངའ་ལ་ཕྱག་འཚལ་བསྟོད། །དེ་ནས་དཀོན་མཆོག་གསུམ་གྱི་ཕྱག་ནི། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། དེ་བཞིན་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་དག་གི་ཐུགས་ཀྱི་སྲས་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། སྟོན་པ་བདེ་བར་གཤེགས་པ་དེ་དག་གི་གསུང་གི་སྲས་འཕགས་པ་རང་རྒྱལ་དང་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཏེ། ཚོགས་ཀྱི་མཆོག་བླ་ན་མེད་པར་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་མཆོད་རྟེན་རིང་བསྲེལ་དང་སྐུ་གདུང་དང་བཅས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །འཕགས་པ་དམ་པའི་ཆོས་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་བཞུགས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཞེས་པས་ཕྱག་བྱའོ། །གཉིས་པ་མཆོད་པ་ནི། བདེ་གཤེགས་རྣམས་ཀྱི་ལོངས་སྤྱོད་ཀྱིས། །ཀུན་བཟང་མཆོད་པས་རོལ་མཛད་ཀྱང་། །འགྲོ་བའི་མུན་པ་བསལ་སླད་དུ། །བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །བླ་མེད་མཆོད་པ་རྣམ་ལྔ་འདི། །འགྲོ་བའི་དོན་དུ་འབུལ་ལགས་ན། །མཆོད་པའི་སྤྲིན་གྱིས་ཁྱབ་གྱུར་ནས། །བསོད་ནམས་གཏེར་ཆེན་ཐོབ་པར་ཤོག །ཅེས་པས་ཉེར་སྤྱོད་ལྔ་འབུལ། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་མཆོག་གི་རྒྱན་གྱིིས་མཛེས་ལགས་ཀྱང་། རིན་ཆེན་དོ་ཤལ་སེ་མོ་དོ་ལ་སོགས། །རྒྱན་གྱི་ཁྱད་པར་མང་པོ་དབུལ་བར་བགྱི། །ཞེས་པས་རྒྱན་དང་། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཞེས་པས་ན་བཟའ་འབུལ། ཐེག་མཆོག་བླ་བྲེ་གདུགས་དང་བ་དན་སྒྲེང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་དར་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་ཤོག །ཅེས་རོལ་མོའི་ཁྱད་པར་དུ་མས་མཆོད། དེ་ནས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་པའི་ཞལ་ཟས། རྒྱལ་བའི་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བ་སྐུ་ལ་སྦྲེབས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་འབུལ་བས། །དུས་གསུམ་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་སྤྱོད་པར་ཤོག །ནམ་མཁའ་མཛོད་ཀྱི་སྔགས་བརྗོད་དེ་འབུལ། དེ་ནས་ལྔ་ཚན་ལྔ་འབུལ་བ་ནི། བདེ་གཤེགས་མགོན་པོ་དཔག་བསམ་འཁོར་དང་བཅས། །བསོད་ནམས་ཡེ་ཤེས་སྐུ་ལྔ་མཐར་ཕྱིན་པ། །ཆོས་ཀྱི་ལོངས་སྤྱོད་བཀུར་སྟིའི་ཚུལ་ཙམ་དུ། །འབྲུ་ལྔ་སྤོས་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་བཅས་རྒྱལ་བས་རབ་བསྔགས་པ། །བདག་གཞན་དོན་གྱི་སྙིང་པོར་འདི་ཕུལ་བས། །འགྲོ་ལ་ཕན་ཕྱིར་ཚུལ་ཁྲིམས་མཆོག་ལྡན་ཏེ། །རིན་ཆེན་གཏེར་ལྟར་ཀུན་ལ་ཕན་འདོགས་ཤོག །ཅེས་འབུལ། དེ་ནས་རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླས་པའི་ཡུངས་ཀར་འཐོར་ཞིང་། བདེ་གཤེགས་ཀུན་བཟང་མངོན་པར་སངས་རྒྱས་ཏེ། །རྡོ་རྗེ་གདན་ལ་མངོན་པར་བཞུགས་པ་ན། །དཔལ་ལྡན་རྡོ་རྗེ་འཛིན་གྱིས་གུས་བཅས་པས། །སྔགས་གྲུབ་རྒྱལ་པོས་ཡུངས་ཀར་ཕུལ་བ་ལྟར། །དེང་འདིར་སྟོན་པས་བདུད་བཞི་ཚར་བཅད་ནས། །སྐྱེ་རྒ་ན་འཆི་འཁོར་བའི་སྡུག་བསྔལ་ལས། །བདག་དང་མཐའ་ཡས་འགྲོ་བ་ཀུན་བསྒྲལ་ནས། །རྡོ་རྗེ་གདན་ལ་མངོན་པར་འཚང་རྒྱ་ཤོག །དེ་ནས་སྤྱན་དབྱེ་བའི་སྨོན་ལམ་གསོལ་བ་ནི། ཕྱོགས་བཅུ་ུདུས་གསུམ་གྱི་འཕགས་པ་དཀོན་མཆོག་སུམ་ལ་ཕྱག་འཚལ་ལོ། །བདག་ཅག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ། མཆོད་པར་འོས་པའི་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བས། བདག་དང་མ ཐས་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ། དེ་དང་དེ་དག་ཕུལ་བ་ལས་ཐོབ་པའི་ཡོན་ཏན་ཁྱད་པར་ཐམས་ཅད་མ་ལུས་པར་ཐོབ་པར་གྱུར་ཅིག །རྟེན་འདི་ཡང་འཇིག་རྟེན་ཇི་སྲིད་ཀྱི་བར་དུ་མཆོད་པ འི་རྟེན་དུ་བཞུགས་ནས་ཕྱོགས་དུས་ཐམས་ཅད་བཀྲ་ཤིས་ཤིང་བྱིན་ཆེ་བར་གྱུར་ཅིག །འཕགས་པ་སྐུ་གདུང་རིན་ཆེན་རིང་བསྲེལ་སྣོད། །རྙིང་བཅོས་བྱི་དོར་བྱས་ཤིང་མཆོད་པ་དང་། །གསར་བརྩིགས་མཆོད་ཅིང་ཁྲུས་ཆབ་གསོལ་བ་དང་། །བསྟོད་ཅིང་བསྐོར་དང་གུས་པར་བགྱིས་པ་དང་། །སྨོན་ལམ་བཟང་པོ་སེམས་ཡིད་དང་བཏབ་པའི། །བྱིན་རླབས་ཡོན་ཏན་ཁྱད་པར་ཆེན་པོའི་མཐུས། །བདག་ཅག་ཡོན་མཆོད་འཁོར་བཅས་ཐམས་ཅད་དང་། །དད་མོས་གྲོགས་བྱེད་རྗེས་སུ་ཡི་རང་རྣམས། །སྨོན་ལམ་མཐུ་སྟོབས་ཁྱད་པར་ཆེན་པོ་ཡིས། །དང་བའི་ཡིད་ཀྱིས་མཆོད་རྟེན་འདི་བརྩིགས་པས། །དེང་ནས་བདག་ཅག་སྡིག་སྒྲིབ་བྱང་གྱུར་ཏེ། །བླ་མེད་བྱང་ཆུབ་བདག་ཅག་མྱུར་ཐོབ་ཤོག ། དེ་ནས་བཀྲ་ཤིས་ཀྱི་རྫས་ཕུལ་ཏེ་མངའ་དབུལ་བའི་མཆོད་པ་ནི། བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་བ་འཁོར་བཅས་དེང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱས་སྲས་ཏིང་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་བས་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །དེ་ནས་མཆོད་ཡུལ་བཟུང་བ་ནི། ཡེ་ཤེས་ཚོགས་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། །བཞི་བཅོམ་དྲུག་ལྡན་མི་གནས་མྱ་ངན་འདས། །ཐུགས་རྗེས་སྤྲུལ་པས་འགྲོ་བའི་འདམ་སྐེམས་པ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ། །དྲི་མེད་བདུད་རྩིས་འཁོར་བའི་ནད་རྣམས་འཇོམས། །དོན་དམ་དམིགས་མེད་བདེ་གཤེགས་འབྱུང་བའི་རྒྱུ། །ཡེ་ཤེས་ཉི་མས་མ་རིག་མུན་འཇོམས་པ། །འཕགས་པའི་ལམ་གྱུར་ཆོས་ལ་མཆོད་པར་འབུལ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཚུལ། །བདེ་གཤེགས་རིན་ཆེན་པདྨ་ལས་ཀྱི་རྟགས། །རིན་ཆེན་བཞི་ལས་མངོན་དུ་གྱུར་པའི་སྐུ། །རིགས་བཞིའི་མཆོད་རྟེན་རྣམས་ལ་མཆོད་པར་འབུལ། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་ལ་སོགས་ན། །བཞུགས་པའི་ཕྱོགས་བཞིའི་མཆོད་རྟེན་རྣམ་བཞི་སོགས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང་། །རྒྱལ་བའི་མ་འདྲེས་ཡོན་ཏན་ཀུན་བསགས་པའི། །ཆོས་ཀྱི་སྐུ་ཡི་མཆོད་རྟེན་ཁྱད་པར་ཅན། །ཕྱོགས་བཅུ་ཀུན་ན་བཞུགས་ལ་མཆོད་པར་འབུལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བཏུད་དེ། །བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སྐུ་གདུང་རིང་བསྲེལ་རྣམས་ལ་མཆོད་པར་འབུལ། །རྒྱལ་བའི་ཐུགས་སྲས་བྱང་སེམས་འཕགས་པ་དང་། །གསུང་གི་སྲས་གྱུར་ཉན་རང་འཕགས་པ་དང་། །འཕགས་པའི་དགེ་འདུན་རྣམས་དང་དམ་པའི་ཆོས། །སྐྱོང་མཛད་སྲུང་མའི་ཚོགས་ལ་མཆོད་པར་འབུལ། །རྡོ་རིང་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང་། །གདུགས་དང་བ་དན་དར་གྱི་ཅོད་པན་དང་། །པདྨ་ཉི་ཟླ་སིལ་སྙན་ལྷ་རྫས་ཀྱིས། །ཚངས་པའི་དབྱངས་ལྡན་དམིགས་པ་དག་པར་མཆོད། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས་བསྒྱུར་བ། །ཡོན་ཆབ་བདུག་པ་མར་མེ་དྲི་ཆབ་དང་། །མེ་ཏོག་དམ་པ་བཤོས་གཙང་མཉེས་པའི་མཆོག །མཆོད་ཡོན་རྣམ་ལྔའི་ཚོགས་ཀྱིས་མཉེས་པར་བགྱི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པར་བགྱི། །སྲིད་གསུམ་འཁོར་བའི་འདམ་ལས་དྲངས་པ་དང་། །འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ། །ཡེ་ཤེས་ཉི་མས་མཚན་མའི་སྐྱོན་སྤངས་ཏེ། །བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ། །རྒྱལ་བའི་རིང་བསྲེལ་མཆོད་འོས་བླ་མེད་རྣམས། །སྤྱན་དྲངས་ཕྱག་བགྱིས་བསྟོད་དང་བཀུར་བའི་མཐུས། །སྔོན་བསགས་ལས་ཀྱི་སྒྲིབ་པ་ཀུན་བྱང་ནས། །འགྲོ་དྲུག་ཚོགས་རྫོགས་མངོན་པར་འཚང་རྒྱ་ཤོག །དེ་ནས་བྱེ་བྲག་མཆོད་རྟེན་གྱི་མཆོད་པ་ནི། ཕྱོགས་ཕྱོགས་ནས་མཆོད་ཡོན་བཟེད་ཞལ་དུ་སྦྲེང་བཞིན་དུ། མཆོད་རྟེན་སྐུ་ཡི་ཆ་ལུགས་ནི། ། འོག་གི་རྨིང་བཏིང་ཡེ་ཤེས་བཞི། །གྱེན་དུ་ཁྲི་འཕང་རྣམ་ཐར་གསུམ། །ཆགས་མེད་པདྨའི་གདན་སྟེངས་སུ། །བུམ་པ་ཟླུམ་པོ་ཆོས་ཀྱི་རྗེ། །གསེར་གྱི་བྲེ་ཕུལ་འོད་ཟེར་འཕྲོ། །སྲོག་ཤིང་དྲང་སྲོང་བླ་ན་མེད། །འཁོར་ལོ་བཅུ་གསུམ་ཡེ་ཤེས་བརྒྱད། །འབར་བ་རྡོ་རྗེ་ཡེ་ཤེས་ལྔ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱུན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །སྐུ་ཡི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །མཆོད་རྟེན་གསུང་གི་ཡན་ལག་ནི། །མན་ངག་སྔགས་ཀྱི་སྙིང་པོར་བརྗོད། །བཟླས་བརྗོད་གསུང་རབ་བཅུ་གཉིས་བརྗོད། །དོན་དམ་སྒྲ་སྐད་ཡུལ་ལས་འདས། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱུན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །གསུང་གི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །མཆོད་རྟེན་ཐུགས་ཀྱི་མཚན་ཉིད་ནི། །དཔེ་མེད་བསམ་ཡས་ནམ་མཁའ་ཆེ། །ཏིང་འཛིན་འདི་ལས་ཅིར་ཡང་གསལ། །ཡེ་ཤེས་ཉིད་ལས་སྣ་ཚོགས་རྟོགས། །ཤེས་རབ་ཉིད་ལས་མཁྱེན་པར་རྫོགས། །ཐམས་ཅད་ཀུན་མཁྱེན་ལྷུན་གྱིས་གྲུབ། །དོན་དམ་སེམས་རྟོག་ཡུལ་ལས་འདས། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱུན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །ཐུགས་ཀྱི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བླ་མེད་མཆོད་རྟེན་ཡོ་བྱད་ནི། །རིན་ཆེན་འབར་བའི་སྲིད་རྩེ་ན། །ཙི་ཏྲ་མ་ཎི་ཡེ་ཤེས་བཞི། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱུན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཡིད་ཀྱི་མཆོད་རྟེན་མཚན་ཉིད་ནི། །ནམ་མཁའི་དབྱིངས་དང་རྒྱ་མཚོའི་མཇིང་། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་སྤྱི། །སྣང་ཞིང་སྟོང་ལ་སྟོང་ཞིང་གསལ། །ཡིད་ཀྱི་མཆོད་རྟེན་ཐམས་ཅད་ལ། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །རང་བཞིན་མཆོད་རྟེན་ཡེ་ཤེས་སྐུ། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །མཚན་མའི་སྡུག་བསྔལ་ཡོངས་བསལ་ནས། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །རང་བཞིན་མཆོད་རྟེན་ཐམས་ཅད་ལ། །བླ་མེད་མཆོད་པའི་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །རང་བཞིན་མཆོད་རྟེན་ཏིང་འཛིན་སྐུ། །བྱམས་ཤིང་སྙོམས་པ་ཀུན་གྱི་མགོན། །ཐུགས་རྗེ་ཆེན་པོ་སྐྱོ་དུབ་མེད། །ནུབ་བྱང་རྒྱལ་པོ་མིག་ནད་སེལ། །དཔལ་ཚོགས་བཀྲ་ཤིས་གཞལ་ཡས་འདིར། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །སྤྲུལ་པའི་མཆོད་རྟེན་ཐམས་ཅད་ལ། །བླ་མེད་མཆོད་པའི་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །གཟུགས་བརྙན་མཆོད་རྟེན་ཤེས་རབ་སྐུ། །བདུད་ཀྱི་སྡེ་དང་གཤིན་རྗེའི་འཁོར། །སྲིན་པོའི་ཚོགས་དང་ལྷ་མ་ཡིན། །གནོད་སྦྱིན་མ་རུངས་ཐམས་ཅད་ཀྱིས། །གཟི་བྱིན་མདངས་སྟོབས་འཇོམས་མཛད་ཅིང་། །གནོད་སྦྱིན་མང་པོའི་རྒྱུ་སྲང་གཅོད། །གཟུགས་བརྙན་མཆོད་རྟེན་བཞུགས་རྒུ་ལ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །དེ་ནས་བསྟོད་པ་ནི། རང་འབྱུང་འདྲེན་པ་དཔའ་བོ་ལྷ་ཡི་ལྷ། །བཅོམ་ལྡན་ཤཱཀ་ཐུབ་སྐུ་གདུང་རིང་བསྲེལ་སྣོད། །འཇིག་རྟེན་གསུམ་གྱི་མཆོད་གནས་མཆོག་བཞུགས་པ། །བང་རིམ་རི་རབ་ལྟ་བུའི་ཁྲི་འཕང་ལ། །བུམ་རྟེན་པདྨ་བུམ་བཟང་སྙིང་པོ་ནི། །ཚོགས་གཉིས་རྫོགས་པའི་འབྲས་བུ་ཡིད་བཞིན་སྐུ། །ཕྱག་འཚལ་མཆོད་པས་བརྒྱ་བྱིན་ལུས་ཐོབ་ཅིང་། །མཐར་གྱི་ཆོས་ཀྱི་རྒྱལ་པོའི་སྐུ་ཐོབ་པ། །ཡོན་ཏན་ཚོགས་ཀྱི་སྐུ་གདུང་མཐུ་ཆེན་བཞུགས། །བུམ་པ་དབྱིབས་ལེགས་སྲོག་ཤིང་དྲང་བརྟན་ལ། །འཁོར་ལོ་གདུགས་ཕྲེང་རིམ་པས་བགེབས་པའི་སྟེང་། །འོད་སྟོང་ཉི་དབྱིབས་ཆར་ཁེབས་གདུགས་བྲེས་ཏེ། །ཟླ་བ་དྲིལ་བུ་ཅོད་པན་འཇིག་རྟེན་སྐྱོང་། །ཕྲེང་བ་ཐེམ་སྐས་བ་དན་ཅོད་པན་ཕྲེང་། །རྒྱན་ལ་རྒྱན་བཀོད་འཇིག་རྟེན་གསུམ་གྱིས་བརྒྱན། །ཆོས་བཟང་རྣམ་སྣང་རྣམ་པ་ཐམས་ཅད་ཞལ། །གཟུགས་ཀྱི་ཁྱད་པར་ལྟ་བས་མི་ངོམས་ཁྱོད། །ཡེ་ཤེས་ཚོགས་རྫོགས་ཆོས་ཀྱི་སྐུ་ལགས་ཏེ། །རྣམ་རྟོག་བྲལ་བས་ཡོན་ཏན་ཀུན་གྱི་གཞི། །དྲན་པ་ཉེར་བཞག་རྨིང་གི་ཁྲི་འཕང་བརྟེན། །བརྩོན་འགྲུས་ཡང་དག་ཁྲི་འཕང་གཉིས་པ་ལེགས། །རྫུ་འཕྲུལ་རྐང་བཞི་ཁྲི་འཕང་གསུམ་པ་དགེ། །དབང་པོ་ལྔ་ཡི་ཁྲི་འཕང་བཞི་པ་བཟང་། །བུམ་པ་བྱང་ཆུབ་ཡན་ལག་བུམ་རྟེན་སྟོབས། །བྲེ་ལེགས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །སྲོག་ཤིང་ཤེས་བཅུ་སྟོབས་བཅུ་གདུགས་ཕྲེང་བཅུ། །གདུགས་ཕྲེང་མ་འདྲེས་དྲན་པ་ཉེར་བཞག་གསུམ། །ཐུགས་རྗེས་འཕགས་པའི་ཆོས་ཀྱི་ཆར་ཁེབས་ལྡིང་། །བླ་མེད་གོ་འཕང་གདུགས་ཀྱི་གནམ་འཕང་མཐོ། །འཇིག་རྟེན་མུན་སེལ་ཡེ་ཤེས་ཟླ་བ་གསལ། །ཚངས་པའི་གསུང་གི་དྲིལ་བུ་སྒྲ་སྙན་འཁྲོལ། །རྫོགས་པའི་བྱང་ཆུབ་དར་གྱི་ཅོད་པན་འཕུར། །བདེན་བཞི་ཕན་ཐོགས་འཇིག་རྟེན་སྐྱོང་བཞི་བཙུན། །ཚུལ་ཁྲིམས་ཕུང་པོ་མེ་ཏོག་ཕྲེང་བ་བཟང་། །སྐྱོན་བྲལ་སྲུང་བའི་ངོས་ཀྱི་ཐེམ་སྐས་མཛེས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་བ་དན་དཔའ། །བདུད་བཞི་འཇོམས་པའི་ཆུ་སྲིན་རྒྱལ་མཚན་གྲགས། །མི་འཇིགས་བཞི་ཡི་རྡོ་རིང་སེང་གེ་བརྗིད། །འདི་འདྲའི་དམ་ཆོས་ངོ་མཚར་རྨད་རྣམས་ཀྱིས། །ཐབས་མཁས་ཐུགས་རྗེའི་མཆོད་རྟེན་ཚུལ་དུ་སྤྲུལ། །ནམ་མཁའི་ཁམས་ལ་ཚོན་བཀྱེ་ཇི་བཞིན་དུ། །ཡོན་ཏན་ཁྱད་པར་ཁ་དོག་དབྱིབས་སུ་བསྒྱུར། །དཔལ་གནས་རིན་ཆེན་འབྱུང་གནས་ཆེན་པོ་བ། །དུས་གསུམ་རྒྱལ་བའི་མཆོད་རྟེན་སྐུ་གདུང་ཚུལ། །དཔལ་འབྱུང་ཀ་ཎིཥྐ་དང་རབ་བྱུང་ཚུལ། །བསོད་ནམས་ཕུང་པོས་ཡུལ་ཁམས་བྱིན་ཆགས་ཤིང་། །སངས་རྒྱས་སྤྲུལ་པ་འཕྲིན་ལས་རྫོགས་པར་མཛད། །ས་བཅུའི་རྒྱལ་ཚབ་བྱམས་པའི་གཙུག་གི་རྒྱན། །དཀོན་མཆོག་གསུམ་གྱིི་བདག་ཉིད་ཆེན་པོ་ལ། །རི་ཀླུང་ནགས་ཚལ་ཆུ་ཀླུང་མཁར་གནས་པའི། །ལྷ་ཚོགས་དད་པའི་གནམ་ས་ཀུན་ནས་དཀྲིགས། །སྡོམ་བརྩོན་རྒྱལ་སྲས་འཁོར་བཞི་ཁྱིམ་བདག་དང་། །དབུས་མཐའི་རྒྱལ་ཁམས་མི་ཚོགས་ཀུན་འདུས་ནས། །མེ་ཏོག་ཕྲེང་བ་སྤེལ་ལེགས་མཛེས་པ་དང་། །ཙནྡན་དྲི་བཤོས་མར་མེ་རོལ་མོར་བཅས། །བཀྲ་ཤིས་གླུ་དབྱངས་བསྟོད་པའི་རྣམ་པ་དང་། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་བརྒྱན། །ལུས་ངག་ཡིད་གསུམ་དད་པས་བསྟོད་པར་བགྱི། །དེ་ནས་འཇིག་རྟེན་སྐྱོང་བའི་མཆོད་བསྟོད་ནི། རྒྱལ་ཆེན་བཞི་ལ་བསང་སྦྱང་བྱིན་བརླབ་སྤྱི་ལྟར་བྱས་པའི་གཏོར་མ། ༀ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ། ༀ་བེ་རུ་དྷ་ཀ་ཡ་སྭཱ་ཧཱ། ༀ་བེ་རཱུ་པཀྵ་ཡ་སྭཱ་ཧཱ། ༀ་བེ་ཤྲ་མ་ཎ་ཡ་སྭཱ་ཧཱ་རྣམས་ཀྱི་མཐར། ཨ་ཀཱ་རོ་བཏགས་པས་ཕུལ་ལ། ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་སྤྱན་མི་བཟང་། །བྱང་ཕྱོགས་ན་ནི་ཀུ་བེ་ར། །རྒྱལ་པོ་ཆེན་པོ་འདི་བཞི་དག །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣམས་རབ་ཏུ་འཇོམས། །གཞན་གྱིས་མི་ཐུབ་ཐུལ་བར་དཀའ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ཆེ་ཞིང་ལྷ་མིན་དང་། །ལྷ་ཡི་གཡུལ་ཡང་མྱོང་བར་བྱེད། །བདག་ཉིད་ཆེན་པོ་དེ་དག་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་བའི་སྤྱན་སྔར་ཞལ་བཞེས་ལྟར། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས། །མཆོད་རྟེན་གཙུག་ལག་ཁང་རྣམས་དང་། །སྐྱེ་རྒུ་མ་ལུས་བདེ་བར་སྲུངས། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །ཞེས་སོགས་བརྗོད། དེ་ནས་ཕྱོགས་སྐྱོང་བཅུ་ལ་བྱིན་གྱིས་བརླབས་པའི་གཏོར་མ། ༀ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་ཕུལ་ལ། དབང་པ ོ་རྡོ་རྗེ་འཆང་བའི་ལྷ། །སོགས་ཤྭ་ལོ་ཀ་བཅུའི་མཐར། ཕྱོགས་བཅུ་སྐྱོང་བ་ཁྱེད་རྣམས་ཀྱིས། །རྒྱལ་བའི་སྤྱན་སྔར་ཞལ་བཞེས་ལྟར། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས། །མཆོད་རྟེན་གཙུག་ལག་ཁང་རྣམས་དང་། །སྐྱེ་རྒུ་མ་ལུས་བདེ་བར་སྲུངས། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །སོགས་བརྗོད། དེ་ནས་འཁོར་དུ་གཏོགས་པའི་འབྱུང་པོ་དམ་ཚིག་ཅན་རྣམས་ལ། ༀ་དཱེ་བ་ནཱ་ག་ཡཀྵ་སོགས་ཀྱི་མཐར། ཨཱ་ཀཱ་རོ་བཏགས་ལ་གཏོར་མ་བསྔོས་ཏེ། འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །རིགས་ནས་རིགས་ཀྱི་གཙོ་མཛད་པ། །མཆོད་འོས་གྱུར་པ་ཐམས་ཅད་ལ། །རིམ་གྲོ་གུས་པ་མཆོག་བསྐྱེད་ནས། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །མི་དང་མི་མིན་འབྱུང་པོའི་ཚོགས། །ས་བཅུ་བར་སྣང་གནས་བཅས་པའི། །བྱང་སེམས་ལྡན་པ་ཐམས་ཅད་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སོགས་དང་། འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གི། །སོགས་ཤློ་ཀ་གཅིག་བརྗོད་དོ། །གསུམ་པ་སྡིག་པ་བཤགས་པ་ནི། ཁམས་གསུམ་འགྲོ་བ་སྐྱེས་གནས་བཞི། །འཁོར་བའི་རྒྱུད་དུ་གཏོགས་ཀུན་དང་། །རིགས་མཐུན་སྐྱེས་པ་བདག་ཅག་གིས། །དུག་གསུམ་དབང་གི་སྒོ་གསུམ་ནས། །ལས་དང་ཉོན་མོངས་སྐྱེ་བའི་རྒྱུ། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལོག་པ་བཞི། །སྒྲིབ་པ་རྣམས་དང་ཀུན་སྦྱོར་དང་། །དེ་ཡི་རྒྱུ་དང་འབྲས་བུ་དང་། །ཡུན་རིང་འཁོར་ཞིང་མི་ཁོམ་བརྒྱད། །མཐོ་རིས་ཐར་པའི་ལམ་འགོག་ཅིང་། །བདག་དང་གཞན་ལ་ཡོངས་གདུང་བའི། །ཁ་ན་མ་ཐོ་ཅི་བགྱིས་པ། །ཆོས་དབྱིངས་ཕྱོགས་བཅུ་དུས་གསུམ་དང་། །རིགས་རྣམས་ཀུན་ལ་རབ་བཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ལ། །མ་ལུས་བཤགས་ཤིང་སྡོམ་པར་བགྱི། །བཞི་པ་རྗེས་སུ་ཡི་རང་བ་ནི། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །རང་རྒྱལ་ཉན་ཐོས་ཐམས་ཅད་དང་། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཀྱི། །རྒྱུ་དང་འབྲས་བུ་ཐམས་ཅད་དང་། །སྐྱོན་རྣམས་སྤོང་ཞིང་ཡོན་ཏན་ཐོབ། །ཆགས་བྲལ་མཉམ་བཞག་པ་དང་ནི། །དེ་ཡི་འབྲས་བུ་ཁྱད་པར་དང་། །དགེ་བའི་བཤེས་དང་དམ་ཆོས་འཛིན། །བྱང་ཆུབ་སེམས་མཆོག་བསྐྱེད་བྱེད་ཅིང་། ། བདག་གཞན་སྨིན་པར་བྱེད་པ་དང་། །ལམ་དང་འབྲས་བུ་ཐོབ་པ་དང་། །བླ་མེད་གོ་འཕང་མཆོག་ཐོབ་པ། །དེ་དག་ཀུན་ལ་ཡི་རང་ཞིང་། །བསམ་དང་སྦྱོར་བ་དག་པ་ཡིས། །འགྲོ་བ་ཀུན་ལ་བདེ་སླད་དུ། །འཁོར་གསུམ་དག་པའི་ཚུལ་གྱིས་བསྒྲུབ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་སྣང་མཛད་པ། །བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས། །རིགས་འཁྲུངས་ལུང་བསྟན་དབང་བསྐུར་བ། །བྱང་ཆུབ་རིམ་པར་སངས་རྒྱས་པ། །དམ་ཆོས་བཙུན་པར་མཛད་པ་དང་། །གདུལ་བྱའི་དོན་ལ་བཞེས་པ་དང་། །རྒྱ་ཆེ་ཟབ་པ་རྟོགས་དཀའ་བས། །བསྐུལ་བའི་དོན་ལ་བཞེས་རྣམས་ལ། །ཆོས་ཀྱི་སྣང་བ་རྒྱས་པ་དང་། །འགྲོ་བ་ཀུན་ལ་བདེ་བ་དང་། །རྒྱ་ཆེ་ཟབ་པར་བསྟན་པ་དང་། །སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར། །ཚངས་པ་འདྲ་བར་ཚུལ་བསྒྱུར་ཏེ། །རིམ་གྲོ་གུས་པ་མཆོག་བསྐྱེད་ཅིང་། །ཐལ་མོ་སྦྱར་བས་རབ་བཏུད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །བདེ་གཤེགས་བདུད་བཞི་ངེས་བཅོམ་ཞིང་། །རྫོགས་སངས་རྒྱས་ནས་འཁོར་ལོ་བསྐོར། །འགྲོ་དོན་སངས་རྒྱས་མཛད་པ་མཛད། །འགྲོ་བ་གཞན་དག་འདུལ་བ་དང་། །འདུ་བྱེད་མི་རྟག་བསྟན་པ་དང་། །གདུལ་བྱ་བརྩོན་པ་བསྐྱེད་སླད་དུ། །མྱ་ངན་མདའ་སྟོན་བཞེད་རྣམས་ལ། །ཐལ་མོ་སྦྱར་བ་རབ་བཏུད་དེ། །འགྲོ་བ་ཀུན་ལ་ཕན་པ་དང་། །བདེ་བ་བསྐྱེད་པར་བྱ་བ་དང་། །ཆོས་ཚུལ་ཡུན་རིང་སྤེལ་བའི་ཕྱིར། །ཆོས་དབྱིངས་བརྟན་པའི་ལུས་བཞིན་དུ། །མྱ་ངན་མི་འདའ་གཡུང་དྲུང་སྐུ། །སྟུག་པོ་བཀོད་པའི་བདག་ཉིད་རྣམས། །བསྐལ་པའི་མཐར་ཡང་བཞུགས་པར་གསོལ། །བདུན་པ་སྐྱབས་སུ་འགྲོ་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །བརྒྱད་པ་སེམས་བསྐྱེད་པ་ལ་སོགས་པ་ནི། རྫོགས་སངས་རྒྱས་དང་རྒྱལ་བའི་སྲས། །དཔང་གྱུར་སྤྱན་གྱུར་ཚད་མར་གྱུར། །འགྲོ་དོན་མཛད་པར་དབང་གྱུར་པ། །བྱང་ཆུབ་བློ་མངའ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་རྒྱལ་བ་དང་། །རྒྱལ་སྲས་དཔའ་བོ་དེ་དག་གིས། །འགྲོ་ལ་ཕན་དང་བདེ་སླད་དུ། །བྱང་ཆུབ་སྙིང་པོར་བཞུགས་སུ་གསོལ། །དངོས་པོ་ཀུན་དང་བྲལ་བ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །བདག་མེད་ཆོས་ཀྱི་བདག་ཉིད་ཀྱིས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་ཉིད་རང་བཞིན་ཐུགས་བསྐྱེད་ལྟར། །བདག་དང་རིགས་མཐུན་གཞན་གྱིས་ཀྱང་། །བླ་མེད་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་དང་། དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་དང་སྦྱོར་བ་དག་པ་ཡིས། །ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་ཅན་གཟུགས་མེད་མ་ཡིན་དང་། །འདུ་ཤེས་མེད་དང་ཡོན་མིན་དང་། །སེམས་ཅན་རིགས་རྣམས་ཇི་སྙེད་པས། །སོ་སོའི་སྐྱེ་བོར་གཏོགས་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པ་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱིས། །བདེ་བ་དག་ལ་གཞོན་གྱུར་ཅིག །ཅེས་ཤིས་པ་བརྗོད། འདས་པ་དང་ནི་མ་འོངས་པ། །ད་ལྟའི་དུས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ན་གང་བཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བསོད་ནམས་དང་ནི་ཡེ་ཤེས་ཚོགས། །དེ་ཡི་རྒྱུ་དང་འབྲས་བུ་ཡི། །སྦྱོར་བ་དང་ནི་དངོས་སུ་འཇུག །སེམས་ཅན་ཀུན་ལ་སྟོབ་མཁྱེན་ལྟར། །བདག་དང་སེམས་ཅན་ཀུན་གྱིས་ཀྱང་། །རང་གི་བསོད་ནམས་མ་ལུས་པ། །རྫོགས་སངས་རྒྱས་བདེ་མ་ཐོབ་བར། །སེམས་ཅན་རྣམས་ལ་བསྟབ་བར་བགྱི། །སྦྱོར་བ་དང་ནི་མཐོང་བ་དང་། །སྒོམ་དང་མི་སློབ་ལམ་བརྙེས་པའི། །འཕགས་པའི་ཚོགས་རྣམས་ཀུན་ལ འང་། །དེ་དག་རབ་ཏུ་བསྟབ་པར་བགྱི། །ཞེས་བསོད་ནམས་སྟོབ། བླ་མའི་བླ་མ་དཀོན་མཆོག་དང་། །མཆོད་རྟེན་ཁྱད་པར་འཁོར་བཅས་ལ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །ཡི་རང་བསྐུལ་ཞིང་གསོལ་བ་དང་། །སྐྱབས་གསོལ་ལུས་ཕུལ་སེམས་བསྐྱེད་དང་། །ཤིས་པ་བརྗོད་ཅིང་སྟོབ་པ་དང་། །གཞན་ཡང་དགེ་བ་ཅི་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་དང་། །འཕགས་པའི་སྐྱེ་བའི་ཚོགས་ཀུན་གྱིས། །ཡེ་ཤེས་པ་ཡི་ལམ་གྱི་མཆོག །འཇུག་དང་གནས་དང་འཕར་བ་དང་། །སྤྱོད་པ་ཉིད་ཀྱི་ཡུལ་རྣམས་ནི། །གོ་རིམ་བཞིན་དུ་རབ་རྟོགས་ཏེ། །སྐུ་གསུམ་མཁྱེན་བཞིའི་ཚོགས་རྫོགས་ཤིང་། །བླ་མེད་སངས་རྒྱས་འགྲུབ་པར་སྨོན། །ཞེས་བསྔོའོ། །དགུ་པ་སྔགས་བཟླ་ཞིང་བསྐོར་བ་བྱ་བ་ནི། ན་མོ་ན་བ་ན་བ་ཏཱི་ནཱཾ། ཏ་ཐཱ་ག་ཏ་གངྒཱ་ནཾ་དི། བཱ་ལུ་ཀཱ་ནཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱཾ། ༀ་བོ་བོ་རི། ཙ་རི་ཎི་ཙ་རི། མོ་རི་གོ་རི་ཙ་ལ་པཱ་རི་སྭཱ་ཧཱ། ཞེས་པའི་སྔགས་དགུ་བཅུ་རྩ་དགུ་འདོན་ཞིང་བསྐོར་བ་བདུན་བྱའོ། །བཅུ་པ་སྐབས་དོན་ལ་གནང་བ་ཞུ་བ་ནི། འཕགས་པའི་ཚོགས་རྣམས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ནས་བྱུང་བའི་ཆོ་ག་བཞིན་འཕགས་པ་རྣམས་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་བཞེངས་ནས། འཕགས་པ་རྣམས་སྤྱན་དྲངས་ཏེ་མཆོད་ཅིང་བསྟོད་ནས་བཟླས་བརྗོད་བགྱིས་པ་དང་། གསང་སྔགས་ཡི་གེར་བྲིས་ནས་མཆོད་རྟེན་དང་མཆོད་རྟེན་གྱི་འཕང་ལོར་བཅུག་པའི་མཆོད་རྟེན་དགུ་བཅུ་རྩ་དགུ་བགྱིས་ཏེ། མཆོད་ཅིང་བསྟོད་ནས་བསྐོར་བ་བྱས་ཤིང་གཟུངས་བཀླགས་པའི་མཐུས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་སོགས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བྱང་ཞིང་། གནོད་པ་དང་སྡུག་བསྔལ་ཐམས་ཅད་ཞི་ནས། ཕན་པ་དང་བདེ་བ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་དངོས་གྲུབ་སྩོལ་བ་ཅི་གནང་། སྔོན་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། འཇིག་རྟེན་སྐྱོང་བའི་ལྷ་རྣམས་ལ་བཀའ་སྩལ་ཞིང་། སོ་སོ་ནས་ཀྱང་ཇི་སྐད་གསོལ་བ་ལས་བྱུང་བའི་ཕན་ཡོན་ཐམས་ཅད་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་སོགས་ཏེ་སེམས་ཅན་གྱི་འཕྲལ་དུ་ཐོབ་པར་བྱིན་གྱིས་རླབས་པར་ཅི་གནང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཇི་ལྟར་བཀའ་སྩལ་པ་བཞིན་དུ་བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། ཞེས་ལན་གསུམ། ཡང་མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པ་དང་མཐུན་པར་འདི་སྐད་ཅེས། འཕགས་པའི་ཚོགས་ཐམས་ཅད་དགོངས་སུ་གསོལ་ལོ། །བདག་ཅག་རྣམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་འཇུག་ཅིང་སློབ་སྟེ། སྲིད་པའི་མཚོ་ལས་འགྲོ་བ་རྣམས་བླ་ན་མེད་པའི་བདེ་བ་ལ་འགོད་པར་དམ་བཅས་ནས་དེང་འདིར་མཆོད་པའི་ཚོགས་མཆོག་གིས་བརྒྱན་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས་ཏེ། འཕགས་པ་རྣམས་གདན་འཛོམ་པར་སྤྱན་དྲངས་ནས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་བཀླག་ཅིང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་ཚུལ་བཞིན་དུ་བཏབ་ཅིང་མཆོད། ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་བཀླག་ཅིང་མཆོད་དེ་གདན་འཛོམ་པ་ཆེན་པོའི་གླེང་གཞིར་གསོལ་ནས་བདག་ཅག་དཔོན་སློབ་ཡོན་མཆོད་ལ་སོགས་ཏེ་འགྲོ་བ་མང་པོའི་མགོན་སྐྱབས་དང་དཔུང་གཉེན་དུ་གསོལ་ཞིང་མཆིས་ན། འཕགས་པ་རྣམས་ཀྱི་སྨོན་ལམ་ཁྱད་པར་ཅན་དང་། ཐུགས་དམ་བཟང་པོའི་དབང་དུ་མཛད་ནས་སེམས་ཅན་སྐྱབས་སུ་གསོལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ་བདག་ཅག་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་བཀླག་ཅིང་། དེ་བཞིན་གཤེགས་པའི་ཆོས་སྐུའི་མཆོད་རྟེན་བགྱིས་པའི་ཆོ་ག་གཟུགས་བརྙན་ཙམ་ཞིག་བགྱིས་པ་འདིར་གླེང་གཞིར་མཛད་ནས། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གདན་འཛོམ་པ་ཆེན་པོ་མཛད་དེ་མཆོད་པ་བཞེས་ཤིང་། ཇི་ལྟར་སྔོན་ཆོ་ག་གང་། ཚུལ་གང་གིས་བྱིན་གྱིས་བརླབས་ཏེ་མཛད་པ་བཞིན་དུ། དེང་ཡང་ཆོ་ག་ཡོངས་སུ་རྫོགས་པར་མཛད་དེ་བྱིན་གྱིས་བརླབས་ཤིང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་ཏེ་ཐབས་མཁས་པའི་སྒོ་སྣ་ཚོགས་ནས། འཕགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་ཡོངས་སུ་རྫོགས་པར་འགྱུར་བ་དང་། བདག་སོགས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་གནོད་པ་ཐམས་ཅད་རྒྱུ་དང་བཅས་པ་བྱང་ཞིང་ཞི་བ་དང་། ཕན་པ་དང་བདེ་བ་བླ་ན་མེད་པ་འཕྲལ་དུ་ཐོབ་པར་འགྱུར་བར་བྱིན་གྱིས་བརླབ་ཅིང་། ཇི་ལྟར་འཚལ་བ་ཡིད་བཞིན་དུ་འགྲུབ་པའི་དངོས་གྲུབ་དམ་པ་སྩལ་བར་ཅི་གནང་། སྔོན་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས། བཅོམ་ལྡན་འདས་ཉིད་ཀྱིས་དཔལ་གྱི་མགུར་ནས་ཕན་ཡོན་ཇི་ལྟར་གསུངས་པ་དེ་ཐམས་ཅད་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་ཅིང་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། གཟུངས་འདི་ཉིད་ཕྱག་མཚན་དུ་བཞེས་པ་ལ་སོགས་ཏེ་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ཀྱིས་ཀྱང་སྟོན་པས་བཀའ་གཏད་ཅིང་སོ་སོ་ནས་ཞལ་གྱིས་བཞེས་པ་ལྟར་ཇི་སྐད་གསུངས་པའི་ཕན་ཡོན་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ཅི་ནས་ཀྱང་དཀོན་མཆོག་གསུམ་གྱི་སྐུ་མི་ངས་པ་དང་། བསྟན་པ་འཛིན་པ་དང་བདག་ཅག་རྣམས་ཀྱི་ངག་མི་སུན། འཇིག་རྟེན་གྱིས་སྨད་པར་མི་འགྱུར་བའི་ཚུལ་དུ་མཐུ་དང་ཕན་ཡོན་མངོན་དུ་བསྟན་པར་ཅི་གནང་། ཞེས་བརྗོད། དངོས་གཞིའི་ཆོ་ག་ཚར་རོ། །དེ་ནས་མཇུག་གི་བྱ་བའི་རིམ་པ་ནི། མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པར་བདེ་བར་སྦྱར་བ་འབུལ། ། ཞེས་པས་མཆོད་ནས། དེའི་འོག་ཏུ་ཇི་ལྟར་གསོལ་བ་བཞིན་དུ་འཕགས་པ་རྣམས་ཀྱིས་ཕྲིན་ལས་མཛད་ཅིང་འགྲོ་དོན་དུ་འགྱུར་བར་བདེན་པ་བདར་ཞིང་ཡིད་ཀྱིས་བསྔོ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས། རིགས་སྔགས་རྒྱལ་པོ་ཡིད་བཞིན་གྱིས་ནོར་བུ་རིན་པོ་ཆེའི་ཚུལ་བཞིན་དུ་ཆོས་སྐུའི་མཆོད་རྟེན་བཏབ་སྟེ། མཆོད་སྤྲིན་རྒྱ་མཚོས་བརྒྱན་ཅིང་ཕོ་བྲང་གི་དཀྱིལ་འཁོར་བཤམས་པ་འདིར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པ་ཆེན་པོར་མཛད་དེ་མཆོད་པ་བཞེས་ཤིང་། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་དང་། ཆོས་ཀྱི་སྐུའི་མཆོད་རྟེན་རྣམས་ཚུལ་བཞིན་དུ་བྱིན་གྱིས་བརླབས་པར་མཛད་དེ། མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་སོ་སོའི་ཆོ་ག་ཡོངས་སུ་རྫོགས་པར་བསྐངས་ཏེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །ཆོས་སྐུའི་མཆོད་རྟེན་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རིག་པའི་རྒྱལ་པོའི་ཡིག་འབྲུ་གསེར་གྱི་མདོག་ཅན་དང་ཕྲེང་བར་གནས་པ་དང་། འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཐམས་ཅད་དུ་ཁྱབ་ཅིང་འཕགས་པ་རྣམས་ཀྱི་སྐུ་ལ་བབས་པས་ནི་སྒྲིབ་པ་གཉིས་ལས་གྲོལ་ཞིང་རྣམ་པར་ཐར་པ་གོང་ནས་གོང་དུ་འཕེལ་ཏེ་འགྲོ་དོན་སྤྱོད་པའི་མཐུ་དཔག་མེད་ཐོབ་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བསྐུལ་བར་གྱུར་ཅིག །འགྲོ་བ་ལྔའི་སེམས་ཅན་གྱི་ལུས་ལ་ཕོག་པས་སོ་སོའི་སྡུག་བསྔལ་དང་སྒྲིབ་པ་ཐམས་ཅད་བྲལ་ཞིང་བདེ་བ་དང་ལྡན་པར་གྱུར་ལ། འོད་ཟེར་གྱི་ཕུང་པོའི་ནང་ནས་འཕགས་པ་གདན་འཛོམ་པ་མཐོང་ནས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ངན་འགྲོ་ལས་ཐར་ཏེ་འཕགས་པའི་ལམ་ལ་འཇུག་པར་གྱུར་ཅིག །བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ། དེ་བཞིན་གཤེགས་པ་དག་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་ནས་བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་གནོད་པ་དང་། བཀྲ་མི་ཤིས་པ་དང་། མི་བདེ་བ་ཐམས་ཅད་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་བསྐྱེད་པར་བྱེད་པའི་བདུད་རྩིའི་དག་བྱེད་དུ་གྱུར་ཅིག །བསྒྲུབ་བྱའི་ལུས་དང་། འཁོར་དང་། ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་སོགས་བསལ་ཞིང་ཞི་ནས། ལུས་སེམས་སྐྱོན་ཐམས་ཅད་དང་བྲལ་ཏེ་རྡོ་རྗེ་ལྟ་བུར་མཁྲེགས་ཤིང་བརྟན་པ་དང་། ཆོས་ཀྱི་སྣོད་དུ་གྱུར་ཅིག །གཞན་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་པ་ཐབས་མཁས་པའི་སྒོ་སྣ་ཚོགས་པས་འཕགས་པ་ཐམས་ཅད་འགྲོ་བ་མ་ལུས་པའི་དོན་རྫོགས་པར་མཛད་པར་གྱུར་ཅིག །བདག་ཅག་རྣམས་ཀྱིས་སེམས་ཀྱིས་དམིགས་པ་ལ་འགའ་བསྐྱེད་པ་དང་། གཟུངས་ཀྱི་ཚིག་འབྲུ་འགའ་བརྗོད་པ་ཡང་འཕགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་། ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་བརླབ་པར་གྱུར་ཅིག །ཅེས་ལན་གསུམ། ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ། དེ་ནས་གཟུངས་རྣམ་གཉིས་དང་མདོ་སྡེ་ཕར་ཕྱིན་ཅི་རིགས་པར་བཟླས་ལ་བཀླག །དེའི་རྗེས་སུ། འཕགས་པ་རྣམས་ཀྱི་གནང་ཞིང་ཕྲིན་ལས་མཛད་པར་ངེས་ཤེས་བསྐྱེད་དེ་ཇི་ལྟར་བསྔོས་པ་བཞིན་མངོན་དུ་གྱུར་པར་དམིགས་ཤིང་བསམ། དེ་ནས་འོད་ཟེར་འཕྲོས་པས་བསྒྲུབ་བྱ་དང་གཟུངས་ཆབ་ཁྱབ་པར་དམིགས་བཞིན་པས་གཟུངས་རྣམ་གཉིས་ཀྱི་མདོ་བཀླག་ཅིང་གཟུངས་རྣམ་གཉིས་བརྒྱ་རྩ་བཟླས་ནས་བསྒྲུབ་བྱ་རྣམས་རྟེན་ལ་ཕྱོགས་པར་བཞག །རྨ་བྱའི་སྒྲོ་ལྔས་བྱ་བ། ཕྱོགས་བཞི་ནས་ཕྱག་མཆོད་སེམས་བསྐྱེད་སྨོན་ལམ་བྱེད་དུ་བཅུག་རྗེས་ཁར་གཟུངས་ཆབ་སྩལ་ལོ། །དེ་ནས་གཟུངས་ཆབ་ཕྱོགས་ཀུན་ཏུ་འཐོར་ཞིང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། ཞེས་སོགས་བརྗོད། དེ་ནས། ན་མོ་ན་བ་ན་བ་ཏཱ་ནཱཾ། ཏ་ཐཱ་ག་ཏ་གངྒཱ་ནཾ་དི། བཱ་ལུ་ཀཱ་ནཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱཾ། ༀ་བོ་བོ་རི། ཙ་རི་ཎི་ཙ་རི། མོ་རི་གོ་རི་ཙ་ལ་པཱ་རི་སྭཱ་ཧཱ། ཞེས་དང་། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་ར་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡ་སྭཱ་ཧཱ། ཞེས་བཟླ་ཞིང་རོལ་མོར་བཅས་པས་བསྐོར་བ་བརྒྱ་རྩ་བརྒྱད་བསྐོར་རོ། །དེ་ནས་བཟོད་པར་གསོལ་བ་ནི། འཕགས་པ་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། དེང་འདིར་འཕགས་པ་རྣམས་སྤྱན་དྲངས་ཏེ་བདག་སོགས་འགྲོ་བ་རྣམས་ཀྱི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་འགལ་འཁྲུལ་ནོངས་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་བཤགས་བཟོད་པར་གསོལ་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ནས་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། དེ་ནས་སླར་གཤེགས་སུ་གསོལ་བ་ནི། འཕགས་པ་རྣམས་ཀྱིས་བདག་སོགས་འགྲོ་བ་ཉམ་ཐག་པ་རྣམས་ཀྱི་དོན་མཛད་ཅིང་བཀའ་དྲིན་སྩལ་ཏོ། །ད་རུང་བདག་ཅག་ལ་ཐུགས་བརྩེ་བས་ཡང་ནས་ཡང་དུ་གདན་འཛོམས་པར་མཛད་པར་དགོངས་ཤིང་། སོ་སོའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བ་མང་པོའི་དོན་ལ་གཤེགས་པར་སྩལ་བར་ཅི་གནང་། དེ་ནས་བསྔོ་བ་ནི། འཕགས་པའི་སྐུ་གདུང་རིན་ཆེན་རིང་བསྲེལ་སྣོད། །རྙིང་བཅོས་བྱི་དོར་བགྱིས་ཤིང་མཆོད་པ་དང་། །གསར་བརྩིགས་མཆོད་ཅིང་ཁྲུས་ཆབ་གསོལ་བ་དང་། །བསྟོད་དང་བསྐོར་དང་གུས་པ་བགྱིས་པ་དང་། །སྨོན་ལམ་ཟབ་མོ་སེམས་ཡིད་དང་བཏབ་པས། །བྱིན་རླབས་ཡོན་ཏན་ཁྱད་པར་ཆེན་པོའི་མཐུས། །བདག་ཅག་ཡོན་བདག་འཁོར་དང་བཅས་པ་དང་། །དད་མོས་གྲོགས་བྱེད་རྗེས་སུ་ཡི་རང་རྣམས། །སྨོན་ལམ་མཐུ་སྟོབས་ཁྱད་པར་ཆེན་པོ་ཡིས། །དང་བའི་ཡིད་ཀྱི་མཆོད་རྟེན་འདི་བརྩིགས་པས། །དེང་ནས་བདག་ཅག་སྡིག་སྒྲིབ་བྱང་གྱུར་ཏེ། །བླ་མེད་བྱང་ཆུབ་བདག་ཅག་མྱུར་ཐོབ་ཤོག །ཅེས་བརྗོད། དེ་ནས་ཕྱོགས་དུས་ཐམས་ཅད་དུ་དགེ་ཞིང་ཞི་བའི་ཆེད་དུ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་དུ་མ་བརྗོད་ཅིང་། རོལ་མོའི་སྒྲ་བསྒྲག །མེ་ཏོག་གི་ཆར་དབབ་བོ། ། མཆོད་རྟེན་དགུ་བཅུ་རྩ་དགུའམ་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་ཅུང་ཟད་ཚིགས་སྣ་བསྡུས་ནས་ལག་ཏུ་བླངས་བདེ་བར་བརྗོད་པ་སྟེ། རྒྱས་པར་སྤྲོ་ན་གང་ལས་བཏུས་པའི་གཞི་མཁན་པོ་ཞི་བ་འཚོའི་གཞུང་ཉིད་དུ་བལྟ་བར་བྱའོ། །ཞེས་པ་འདིའང་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་བཀྲ་ཤིས་པའི་སྒོ་འཕར་མང་པོ་ཅན་གྱི་མཆོད་རྟེན་ཆེན་པོ་མངོན་པར་འདུ་མཛད་པའི་དགོངས་པ་དང་འབྲེལ་བར་བན་ཆུང་དྷརྨཱ་ཤྲིས་ཟིན་ཐུན་བཀླག་ཅོག་མར་བྲིས་པའི་ཡི་གེ་པ་ནི་ཟེམ་གྱི་བནྡྷེ་ཨོ་རྒྱན་དཔལ་འབྱོར་རོ། །ཨེ་མ། པདྨ་ལུང་བསྟན་བོང་འབངས་བསྟན་འགྲོ་ཡི། །ཉེར་འཚོ་མཐོང་བས་རྣམ་གྲོལ་ཆོས་ཀྱི་སྐུའི། །རྟེན་མཆོག་འདི་ཉིད་རྗེ་ཡི་ཐུགས་དམ་དུ། །བཞེངས་པར་མཛད་ཚེ་གང་གིས་བཀའ་ལུང་བཞིན། །དྲི་མེད་རྣམ་གཉིས་ཆོ་ག་བཀླག་ཆོག་མར། །དྷརྨཱ་ཤྲིས་ལྷག་བསམ་དག་པས་བྲིས། །དགེ་འདིས་རྗེ་བཙུན་བླ་མའི་ཞབས་བརྟན་ཅིང་། །མཐའ་ཡས་འགྲོ་ཀུན་རྣམ་པར་གྲོལ་གྱུར་ཅིག །དགེའོ།། །།
མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ།
མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་བཞུགས། རྒྱ་གར་སྐད་དུ། ཙཻཏྱ་པྲ་དཀྵི་ཎ་གཱ་ཐཱ། བོད་སྐད་དུ། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཤེས་རབ་བློ་ལྡན་འཇིག་རྟེན་ན། །ཆོས་ཀྱི་འཁོར་ལོ་རྗེས་བསྐོར་བ། །ཤེས་རབ་ཆེན་པོ་ཤཱ་རིའི་བུས། །སྟོན་པ་ལ་ནི་ཞུ་བ་ཞུས། །མཆོད་རྟེན་བསྐོར་བ་བགྱིས་པ་ཡིས། །རྣམ་པར་སྨིན་པ་ཅིར་འགྱུར་པ། །སྐལ་པ་ཆེན་པོའི་འཇིག་རྟེན་མཆོག །རྣམ་པར་འདྲེན་པས་བདག་ལ་གསུངས། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །སྟོན་པས་དེ་ལ་བཀའ་སྩལ་པ། །མཆོད་རྟེན་བསྐོར་བ་བྱས་པ་ཡི། །ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན། མཆོད་རྟེན་བསྐོར་བ་བྱས་པ་ཡིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་འཕྱེ་ཆེ་རྣམས་མཆོད་བྱེད་འགྱུར། །དལ་བ་རྙེད་དཀའ་ཐོབ་གྱུར་ནས། །སྐད་ཅིག་གཅིག་ཙམ་བར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྤོང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །ཁ་དོག་ལྡན་ཞིང་མཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་དང་དེ་བཞིན་མི་རྣམས་ཀྱིས། །ཚེ་རིང་བ་ཡང་དེ་ཡིས་འཐོབ། །གྲགས་པ་ཆེན་པོའང་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པར་ནི། །འཛམ་བུའི་གླིང་དུ་རུས་ཀྱི་མཆོག །ཆོ་རིགས་ཡོངས་སུ་དག་པར་ཡང་། །བློ་ལྡན་དེ་ནི་སྐྱེ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཁ་བཞིན་དག་ཀྱང་བཟང་བ་དང་། །མདོག་སྡུག་པ་དང་མཁས་པ་དང་། །བདེ་བར་གནས་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕྱུག་ཅིང་ནོར་ཡང་མང་བ་དང་། །སེར་སྣ་མེད་ཅིང་གཏོང་ཕོད་དང་། །སྦྱིན་པ་དག་ལ་དགའ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཡིད་དུ་འོང་ཞིང་བལྟ་ན་སྡུག ། མདོག་བཟང་མཐོང་ན་དགའ་བ་དང་། །ལོངས་སྤྱོད་རྒྱ་ཆེན་སྤྱོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདུ་བྱེད་སྟོང་པར་མཐོང་ནས་ཀྱང་། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དགའ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རྒྱལ་རིགས་མཆོག་ཏུ་སྐྱེ་བར་འགྱུར། །བུ་སྨད་འཁོར་དང་ལྡན་པ་དང་། །སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བྲམ་ཟེ་ཆེ་ཞིང་མཐོ་བར་སྐྱེ། །ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན། །རིགས་བྱེད་གསང་སྔགས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ། །ཕྱུག་ཅིང་ནོར་ཡང་མང་བ་དང་། །ནོར་དང་འབྲུ་རྣམས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམ་བུའི་གླིང་གི་མངའ་བདག་རྗེ། །ས་སྟེང་མཐའ་དག་དབང་བྱེད་པའི། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །ཆོས་བཞིན་འཁོར་ལོ་བསྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདི་ནས་འཕོས་ནས་མཐོ་རིར་འགྲོ། །སངས་རྒྱས་བསྟན་ལ་དགའ་བ་དང་། །རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་ཡུལ་དག་ནས་འཕོས་ནས་ཀྱང་། །དེ་ནི་མི་ཡི་ནང་དུ་སྐྱེ། །རྨོངས་པ་མེད་པར་མངལ་དུ་འཇུག །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངལ་གྱི་སྐྱོན་གྱི་དྲི་མ་ཡིས། །དེ་ལ་གོས་པར་མི་འགྱུར་ཏེ། །དེ་ནི་ནོར་བུ་དག་པ་བཞིན། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མ་ལྟོར་བདེ་བར་གནས་པར་འགྱུར། །དེ་ནི་བདེ་བར་བཙའ་བ་དང་། །བདེ་བར་ནུ་ཞོ་འཐུང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕས་ཀྱང་གཡོག་འཁོར་མང་པོ་ཡིས། །དེ་ལ་གསོ་ཞིང་གནས་པར་འགྱུར། །མ་མས་རྟག་ཏུ་རིམ་གྲོ་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཉེ་དུ་རྣམས་ཀྱི་སྙིང་དུ་སྡུག །དེ་བཞིན་ཕ་མ་ལྷག་པར་བྱམས། །སྐྱེས་ནས་ལོངས་སྤྱོད་འཕེལ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཤ་ཟ་དང་ནི་སྲིན་རྣམས་ཀྱིས། །དེ་ལ་གནོད་པར་མི་འགྱུར་ཏེ། །ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་བ་གྲུམ་པོར་ཡང་མི་འགྱུར། །ལུས་ཀྱང་རྣམ་པར་དག་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མིག་ཀྱང་རྣམ་པར་དག་པར་འགྱུར། །དཀྱུས་རིང་མཐོན་མཐིང་སྡུག་པ་དང་། །ལྷ་ཡི་མིག་ཀྱང་དེ་ཡིས་འཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལུས་བདེ་སེམས་ཀྱང་བརྟན་པ་དང་། །དེ་བཞིན་བརྩོན་འགྲུས་བརྟན་པ་དང་། དཔུང་མགོ་ཟླུམ་ཞིང་བརྟན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བྱད་གཟུགས་ཕུན་སུམ་ཚོགས། །ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས། ལེགས་པར་བརྒྱན་ཅིང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེ་བའི་བརྒྱ་བྱིན་དུ། །ལྷ་ཡི་དབང་པོ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཐབ་བྲལ་ལྷ་ཡི་རྒྱལ་པོ་དང་། །དེ་བཞིན་ཡོངས་སུ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཚངས་པའི་འཇིག་རྟེན་ཚངས་པ་ཡི། །དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་། །ལྷ་རྣམས་བྱེ་བ་སྙེད་ཀྱིས་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་དང་། །ཕྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་། །ཤེས་རབ་ལྡན་པ་རྟག་ཏུ་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་ཏུ། །ལུས་གཙང་གོས་ཀྱང་གཙང་བ་དང་། །དཀར་པོའི་ཆོས་དང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས། །དེ་ནི་ལེ་ལོ་མེད་པ་དང་། །ཤིན་ཏུ་བསྒྲུབ་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་ཡང་བརྟན། །རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང་། །དོན་རྣམས་མྱུར་དུ་འགྲུབ་པར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །གདངས་སྙན་གསང་ཡང་མཐོ་བ་དང་། །ཡིད་དུ་འོང་བའི་ང་རོ་ཅན། །གནོད་པ་མེད་ཅིང་ནད་མེད་འགྱུར། །མཆོད་རྟེན་བསྐོར་བས་བྱས་པས་ནི། །ང་ཉིད་ཀྱིས་ནི་བསྟན་པ་ཡི། །གནས་དེར་མྱུར་དུ་དེ་འགྲོ་ཞིང་། །ཤས་ཆེར་སྐྱེ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། ། དྲན་པ་ཉེ་བར་བཞག་པ་བཞི། །སེམས་ཀྱི་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་རྐང་པའི་དབང་ཡང་འཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་འབྲས་བུ་འཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངོན་ཤེས་དྲུག་ལྡན་ཟག་པ་མེད། །ཉོན་མོངས་ཐམས་ཅད་སྤངས་པ་ཡི། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདོད་ཆགས་ཞེ་སྡང་སྤངས་པ་དང་། །འཁོར་རྣམས་ཐམས་ཅད་སྤངས་པ་ཡི། །རང་རྒྱལ་བྱང་ཆུབ་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་འཐོབ་པར་འགྱུར། །ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན། །ངག་གི་ལས་ཀྱང་བསྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པའང་བསྐོར་བ་ཡིན། །འདིར་ནི་བསྐོར་བ་བྱས་པ་ཡིས། །བགྲོད་བཀའ་བདེ་དགུར་དོན་རྣམས་འགྲུབ། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉི་ཚེ་ཡིས། །ལེགས་པར་བསྟན་པར་མི་ནུས་སོ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཤཱ་ཱརིའི་བུས་ནི་ཞུས་ནས་ཀྱང་། །མཆོད་རྟེན་ཕྱག་བྱས་ཡོན་ཏན་གང་། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །རྟ་བརྒྱ་དང་ནི་གསེར་སྲང་བརྒྱ། །དྲེལ་མོའི་ཤིང་རྟ་བརྒྱ་དག་དང་། །རྒོད་མ་བརྒྱ་ཡི་ཤིང་རྟ་རྣམས། །རིན་ཆེན་སྣ་ཚོགས་བཀང་བ་ཡང་། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཀམ་པོ་ཛ་ཡི་བུ་མོ་བརྒྱ། །ནོར་བུ་རྣ་ཆ་གདུབ་འཁོར་ཐོགས། །གསེར་གྱི་དཔུང་རྒྱན་འཆང་བ་དང་། །མགྲིན་པ་གསེར་གྱིས་ལེགས་བརྒྱན་པ། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མོ་ཕོད་དོ། །གངས་ཀྱི་གླང་ཆེན་བརྒྱ་སྙེད་དག །ལུས་ཆེན་ནམ་ཚོང་ཡངས་པ་དང་། །སྣ་ཡང་གཤོལ་མདའ་འདྲ་བའི་གླང་། །གསེར་དང་ནོར་བུས་བརྒྱན་པ་ཡང་། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་སྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་འཇིམ་གོང་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་གྱི་ཕོ་བྲང་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །འཛམ་བུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་ཕྲེང་བ་ཐོགས། །འཛམ་བུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་སྤོས་ཆུས་དབང་བསྐུར་བ། །འཛམ་བུའི་ཆུ་ཀླུང་གསེར་གྱི་ཕུང་པོ་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མར་མེ་འབུལ་བྱེད་པ། །འཛམ་བུའི་ཆུ་ཀླུང་གསེར་སྲང་བྱེ་བ་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་རྒྱལ་མཚན་འཕན་གདུགས་ཐོགས། །གསེར་གྱི་རི་བོ་ལྷུན་པོ་ཚད་འབུམ་ཡང་། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིིན། །འདི་ནི་དཔག་མེད་དེ་བཞིན་གཤེགས། །རྒྱ་མཚོ་འདྲ་བའི་རྫོགས་སངས་རྒྱས་། །དེད་དཔོན་བླ་ན་མེད་པ་ལ། །ཕུལ་བའི་ཕན་ཡོན་བསྟན་པ་ཡིན། །བཞུགས་པའི་ཚེ་ན་གང་གིས་མཆོད། །མྱ་ངན་འདས་འོག་གང་གིས་མཆོད། །སེམས་དགེ་བ་ནི་མཚུངས་འགྱུར་ན། །བསོད་ནམས་ལ་ནི་ཁྱད་པར་མེད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་རྣམས་ཀྱིས། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་རྫོགས་སོ།། །།
གསལ་རྒྱལ་གྱི་ཚིགས་སུ་བཅད་པ།
གསལ་རྒྱལ་གྱི་ཚིགས་སུ་བཅད་པ་བཞུགས། རྒྱ་གར་སྐད་དུ། པྲ་སེ་ན་ཛི་ཏ་གཱ་ཐཱ། བོད་སྐད་དུ། གསལ་རྒྱལ་གྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་པོ་གསལ་རྒྱལ་གདུགས་དང་ཅོད་པན་དང་། །རྔ་ཡབ་རལ་གྲི་ནོར་བུ་ལྷྭམ་བཞག་སྟེ། །ཐལ་མོ་སྦྱར་ཏེ་ལེགས་པར་ཕྱག་འཚལ་ནས། །འཇིག་རྟེན་མགོན་པོ་ལ་ནི་ཞུ་བ་ཞུས། །ཕན་པར་དགོངས་པ་ཐུགས་རྗེའི་བདག་ཉིད་ཅན། །དེ་བཞིན་གཤེགས་རྣམས་མྱ་ངན་འདས་པ་ན། །མཆོད་པ་བགྱིས་པས་བློ་མཆོག་ཇི་ལྟ་བུར། །སྲིད་པ་གཞན་དུ་མི་རྣམས་བདེ་བ་འཐོབ། །བཅོམ་ལྡན་འདས་མི་ཡི་སེང་གེ་སྔ་ཕྱིའི་མཐའི། །ཆོས་རྣམས་ཀུན་ལ་མངོན་སུམ་སྤྱད་གྱུར་པས། །ཀུན་དགའ་བཟང་པོ་ཡི་ནི་མངོན་སུམ་དུ། །གསལ་རྒྱལ་ཞུས་ལན་འདི་དག་བཀའ་སྩལ་པ། །ཇི་ལྟར་རྒྱལ་བ་དག་ལ་མི་རྣམས་ཀྱིས། །མཆོད་པ་བྱས་པས་སྲིད་པ་གཞན་དག་ཏུ། །རྣམ་སྨིན་འདོད་པ་སྣ་ཚོགས་ཅི་ཐོབ་པ། །ཞུས་པའི་དོན་དེ་རྒྱལ་པོས་མཉན་པར་གྱིས། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན། །དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་མིག་ཏུ་སྡུག་པ་འགྱུར། །སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡངས། །ནད་དང་མྱ་ངན་སྡུག་བསྔལ་འཇིགས་ལས་ཐར། །སུ་ཞིག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་གཞུག་སྐྱེ་མི་འགྱུར། །དབུལ་པོར་མི་འགྱུར་རིགས་དམན་མི་འགྱུར་ཞིང་། །དབང་པོ་རྣམས་ཀྱང་ཉམས་པར་ཡང་མི་འགྱུར། །ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང་། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ཀྱང་ནི་ཐུབ་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་དང་རྗེས་མཐུན་ཆོས་ལ་སྒྲུབ་པ་དང་། །ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུན་འགྲུབ་པར་འགྱུར། །མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ཡིས། །ལྷ་དང་མི་ཡི་ནང་ན་སྐྱེ་བ་དང་། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་དང་མྱ་ངན་བྱེད་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །གསེར་དངུལ་སྤ་བའི་གླེགས་མོས་གཡོགས་པ་ཡི། །ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ། །དད་པའི་སེམས་ཀྱིས་བླ་རེ་འབུལ་བྱེད་པ། །དེ་དག་ས་སྟེང་རྒྱ་མཚོའི་མཐས་ཀླས་པ། །མ་ལུས་གནོད་མེད་རྒྱལ་གཅིག་དབང་བྱེད་འགྱུར། །བདེ་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ། །རྣམ་མང་རྒྱ་ཆེན་གདུགས་ནི་བཏགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར། །ལྷ་དང་མི་ཡི་དབང་པོ་ལྟ་བུར་འགྱུར། །མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན། །དྲི་མེད་བསོད་ནམས་འབྱུང་གནས་གྱུར་པ་ལ། །བ་དན་མཛེས་པ་སྣ་ཚོགས་འདོགས་པ་དག །མཐུ་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར། །བདེ་གཤེགས་མཆོད་རྟེན་ཅོད་པན་བཏགས་པ་ཡིས། །མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང་། །བདེ་པའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས། །རྣམ་པར་གྲོལ་བའི་ཅོད་པན་ཁྱད་པར་འཐོབ། །རྒྱལ་བའི་མཆོད་རྟེན་དག་ལ་དྲིལ་ཕུལ་བས། །ཚིག་བཙན་གྲགས་པ་ཆེན་པོ་ངག་དང་ལྡན། །ཚངས་པའི་སྒྲ་དབྱངས་ཡིད་འོང་སྐྱེ་བ་དྲན། །དེ་དག་གིིས་ནི་རྒྱན་རྣམས་སྣ་ཚོགས་འཐོབ། །མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ། གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྤྲས་པ། །བསོད་ནམས་ལས་ལྡན་དེ་ཡི་མགོ་ལ་ཐོགས། །སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྱང་འདོགས། །དེ་དག་དོ་ཤལ་རྒྱན་ཕྲེང་ནོར་བུ་དང་། །གདུ་བུ་དག་དང་དཔུང་རྒྱན་མཆོག་རྣམས་ཀྱིས། །ལུས་བརྒྱན་འཇིག་རྟེན་དག་ན་རྒྱུ་བར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །ས་དང་ལྕི་བས་ཉུག་པ་དེ་དག་ནི། །ལྷ་དང་མིར་སྐྱེ་ལུས་མདོག་སྡུག་པ་དང་། །རྣམ་དག་རྨ་མེད་བདེ་དང་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས། །ཤིན་ཏུ་བལྟ་ན་སྡུག་ཅིང་མིག་ཏུ་མཛེས། །བྱད་བཞིན་བཟང་ཞིང་པད་མོའི་མདོག་དང་ལྡན། །སྲིད་པའི་སྐྱོན་རྣམས་དང་ཡང་འབྲལ་བར་འགྱུར། །སུ་དག་སྤོས་མཆོག་སྦྱར་བའི་འབྲུ་མར་གྱིས། །བདེ་བར་གཤེགས་པའི་མཆོད་རྟེན་ཉུག་བྱེད་པ། །དེ་དག་སྤོས་ཀྱིས་མཆོད་ཅིང་ཙན་དན་གྱིས། །ལུས་བྱུགས་ཉི་མའི་འོད་དང་འདྲ་བར་འགྱུར། །མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་གཙང་ཞིང་དང་བས་ཁྲུས་གསོལ་བ། །དེ་དག་ལུས་ལ་དྲི་མ་མེད་པ་དང་། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང་། །ཚོན་རྩི་སྣ་ཚོགས་དག་གིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །སུ་དག་དཔྱིད་ཀའི་དུས་སུ་གཙང་མའི་ཆུས། །མཆོད་རྟེན་ཉེ་འཁོར་རྡུལ་རྣམས་ཞི་བྱེད་པ། །དེ་ལ་བུད་མེད་རྣམས་ནི་དགའ་བཞིན་དུ། །རྡུལ་ཡབ་གསེར་གྱི་ཡུ་བ་ཅན་གྱིས་གཡོབ། །དཀོན་མཆོག་གསུམ་ཕྱིར་མི་རྣམས་གང་དག་གིས། །འཕགས་པ་དགྱེས་པའི་དཀྱིལ་འཁོར་བྱས་པས་ནི། །རྐང་ལག་སོར་མོ་དྲྭ་བར་འབྲེལ་བ་དང་། །ཡན་ལག་ཐམས་ཅད་ཀྱང་ནི་སྐྱོན་མེད་འགྱུར། །སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང་། །འབྲས་བུ་གསར་ཐོག་བྱུང་བ་འབུལ་བྱེད་པ། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །རོ་མཆོག་ཀུན་ཐོབ་མི་བརྫི་སྟོབས་དང་ལྡན། །ཕྲེང་བ་མེ་ཏོག་རྒྱ་ཆེན་ཆར་རྣམས་ཀྱིས། །སུ་དག་འདིར་ནི་རྒྱལ་བའི་གཟུགས་ལ་མཆོད། །དེ་དག་ལྷ་དང་མི་ཡི་འཇིག་རྟེན་དུ། །ཆ་བྱད་ཡིད་འོང་སྣ་ཚོགས་ལེགས་པར་བརྒྱན། །སངས་རྒྱས་མཆོད་རྟེན་དག་ལ་དྲི་ཞིམ་ཕུལ། །བདུག་སྤོས་རྒྱ་ཆེན་མང་པོ་ལྡན་སྦྱར་དང་། ཨ་ག་རུ་ཡི་བདུག་སྤོས་ཕུལ་བ་ཡིས། །དེ་ཡི་ལུས་ཀུན་སྤོས་ངད་ལྡན་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བཞིན་རྔ་ཡབ་རྣམས་ནི་འབུལ་བྱེད་པ། །ཐུགས་དགའ་རྒྱལ་རྣམས་སྙིང་རྗེ་རྔ་ཡབ་ཐོགས། །ཆེ་བ་དེ་ལ་ཆེར་ཡང་གཡོབ་པར་བྱེད། །ཤིན་ཏུ་དྲི་མེད་ཟླ་བ་ཉ་འདྲ་བའི། །མེ་ལོང་སྡུག་གུ་ཐམས་ཅད་མཁྱེན་ལ་འབུལ། །དེ་དག་ཚེ་རབས་བརྒྱུད་པ་རྣམས་སུ་ཡང་། །ལྷ་མི་རྣམས་ཀྱིས་བལྟ་བར་འོས་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པའི་ཁྱད་པར་ཅི་ཡོད་ཅི་འབྱོར་པ། །འཚམས་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་། །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ། །མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར། །སུ་ཞིག་དང་བས་ཐུབ་པ འི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ལ་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་འགྱུར་ཡོན་ཏན་རྣམས་དང་ལྡན། །མི་རྣམས་སུ་དག་དགའ་བཞིན་གུས་པ་ཡིས། །བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི། །སྲིད་པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས། །རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་ཕུལ་བས། །ཟབ་ཅིང་རིགས་པའི་སྤོབས་པ་ཕུན་སུམ་ཚོགས། །ཡན་ལག་ལྔ་རྫོགས་ཡིད་འོང་ཚིག་དང་ལྡན། །སྒྲ་སྐད་དག་གིས་འཇིག་རྟེན་འགེངས་པར་བྱེད། །སུ་དག་རྒྱལ་བའི་གདུང་ལྡན་སྟོང་བྱེད་པ། །དེ་དག་གླིང་བུའི་སྒྲ་དང་གླུ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བ་ཐོབ་པ་དང་། །སོ་སོ་ཡང་དག་རིག་པའང་འཐོབ་པར་འགྱུར། །མི་རྣམས་གང་དག་རྩྭ་ཤིང་སོ་ཕག་གིས། །འཇིག་རྟེན་བླ་མའི་སྤྱི་གབ་རིག་པས་བྱེད། །ཡང་ན་གཞན་དག་བྱེད་དུ་འཇུག་ཀྱང་རུང་། །དེ་དག་འགྲོ་བ་རྣམས་ཀྱི་སྐྱབས་འདྲར་འགྱུར། །མི་རྣམས་གང་དག་རྒྱལ་བའི་གཙང་ཁང་བྱེད། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །ལྷ་དབང་གནས་འདྲའི་ཁང་ཁྱིམ་འོད་འབར་བ། །དུས་ཚིགས་ཀུན་ཏུ་བདེ་ལྡན་ཐོབ་པར་འགྱུར། །མཐོ་རིས་ལམ་བཟང་འབྲས་བུའི་གནས་རྣམས་སུ། །བསྐལ་པར་དགའ་བྱེད་རྟག་ཏུ་དགའ་བཞིན་དུ། །རྩེན་པར་བྱེད་ཅིང་མྱ་ངན་མེད་པ་དང་། །ཐ་མར་ཞི་བའི་གོ་འཕང་ཐོབ་པར་འགྱུར། །གང་དག་འཇའ་ཁུགས་འདྲ་བའི་རྟ་བབས་མཛེས། །ཐུབ་པའི་ཆབ་སྒོར་སྒྲེང་བྱེད་དེ་དག་ནི། །སྲིད་པ་གཞན་དུ་ཁང་ཁྱིམ་སྒོ་དང་བཅས། །རྣམ་པར་བརྒྱན་པ་རྣམས་ནི་ཐོབ་པར་འགྱུར། །མི་རྣམས་གང་དག་སྟོན་པའི་སྐུ་གདུང་ཁང་། །བསྲུང་ཕྱིར་དད་པས་འོབས་དང་སྒོ་འཛུགས་པ། །དེ་དག་ཚེ་རབས་གཞན་དུ་དགྲ་རྣམས་ཀྱིས། །དཔལ་ཡོན་རྣམས་དང་དབྲལ་བར་ཡོད་མི་ནུས། །མི་རྣམས་སུ་དག་མཆོད་རྟེན་རྙིང་པ་རྣམས། །གཞན་གྱི་ངོར་བྱེད་མ་ཡིན་རང་གི་བློས། །རལ་ཚེམས་བྱེད་པའི་སྐྱེ་བོ་དེ་དག་ནི། །ལུས་བཟང་ཡོན་ཏན་དམ་པས་བརྒྱན་པར་འགྱུར། །རྒྱལ་བའི་མཆོད་རྟེན་མེ་ཏོག་རྙིང་བསལ་བས། །འདོད་ཆགས་ཆགས་མེད་ཞེ་སྡང་སྡང་མི་འགྱུར། །གཏི་མུག་རྨོངས་མེད་ལྟ་ངན་ཆགས་མི་འགྱུར། །མི་རྣམས་རབ་ཏུ་དགའ་ཞིང་སྐྱིད་པར་འགྱུར། །སུ་དག་གླང་ཆེན་དྲིལ་སྤྱངས་སྤ་པར་བརྒྱན། །དུལ་བའི་རྟ་དང་སྦྱར་བའི་ཤིང་རྟ་དག །སྟོན་པ་དང་ནི་འཕགས་པའི་ཚོགས་ལ་འབུལ། །དེ་དག་བླ་མེད་ཐེག་ཆེན་ཐོབ་པར་འགྱུར། །སྐྱེ་བོ་སུ་དག་འཇིག་རྟེན་མགོན་པོ་ལ། །རིན་ཆེན་འབར་བ་ཡིད་དང་འཐད་པ་རྣམས། །འབུལ་བ་དེ་དག་རིན་ཆེན་བདུན་པོ་དང་། །བྱང་ཆུབ་ཡན་ལག་རིན་ཆེན་དྲི་མེད་འཐོབ། །རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས། །བསོད་ནམས་བྱམས་པའི་ངོ་ཚའི་གོས་གྱོན་ཏེ། །དགའ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད། །མདོག་ཀྱང་འཇམ་ཞིང་ཁ་དོག་གསེར་འདྲར་འགྱུར། ། དཔེ་མེད་མཆོད་རྟེན་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་པོ་ཁ་བྱེ་འདབ་འདྲའི་མིག །གསལ་ཞིང་སྡུག་ལ་མིག་གི་དཀྱུས་རིང་མཛེས། །དྲི་མ་མེད་པའི་ལྷ་ཡི་མིག་དང་ལྡན། །སུ་དག་མཆོད་རྟེན་མར་མེ་དངར་བ་འབུལ། ། དེ་དག་མིག་ཏུ་སྡུག་ཅིང་མཛོད་རབ་རྒྱས། །མིག་གི་དཀྱུས་རིང་མཐོན་ཀའི་མདོག་དང་ལྡན། །སྐྱེས་པ་བུད་མེད་དག་གིས་བལྟ་བར་འོས། །མཚན་མོ་ཐུབ་ཆེན་སྤྱན་སྔར་ཐལ་སྦྱར་འཁོད། །འབྱོར་དང་ལྡན་པས་མར་མེའི་སྡོང་བུ་འབུལ། །དེ་དག་སྲིད་པ་གཞན་དུ་འབྲས་བུར་ལྡན། །རིན་ཆེན་རགས་པའི་འོད་ལྡན་ལུས་ཀྱང་འཐོབ། །རྒྱལ་ལ་ཕུལ་བའི་མར་མེ་འཆི་བ་ན། །དགའ་བའི་སེམས་ཀྱིས་འདིར་ནི་དགའ་བཞིན་དུ། །སྙིང་པོ་སྐུལ་བར་བྱེད་པ་དེ་དག་ནི། །སྤྱན་ལྔ་དག་ཀྱང་ངེས་པར་འཐོབ་པར་འགྱུར། །མི་རྣམས་གང་དག་དགེ་བའི་སེམས་ལྡན་པས། །རྒྱལ་བའི་མཆོད་རྟེན་གཞན་གྱིས་བྱས་པ་ལ། །རྗེས་སུ་ཡི་རངས་དོན་དེ་མ་བྱས་ཀྱང་། །མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར། །ཚུལ་ཁྲིམས་ལྡན་པ་ཕྱོགས་ནས་ལྷགས་པ་ལ། །སུ་དག་དགའ་བཞིན་མལ་སྟན་སྦྱིན་བྱེད་པའི། །མི་རྣམས་འགྲོ་བ་དག་ཏུ་འཁོར་བ་ན། །གསེར་གྱི་ཁྲི་དང་སྟན་གྱིས་མཆོག་རྣམས་འཐོབ། །སུ་དག་རབ་ཏུ་བྱུང་དང་འཚམས་པ་ཡི། །ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །ཁ་ཟས་ཁ་དོག་རོ་ལ་སོགས་ལྡན་འཐོབ། །སུ་དག་རབ་ཏུ་བྱུང་དང་འཚམས་པ་ཡི། །བཏུང་བ་རྒྱ་ཆེན་དགེ་འདུན་སྦྱིན་བྱེད་པ། །དེ་དག་འཁོར་བའི་དགོན་པར་གནས་པ་ན། །བཏུང་བ་ཁ་དོག་རོ་ལ་སོགས་པ་འཐོབ། །སུ་དག་འཇིག་རྟེན་བླ་མས་གསུངས་པ་ཡི། །དམ་ཆོས་ཚུལ་བཟང་ཐོས་ནས་ཉམས་སུ་ལེན། །དེ་དག་ཉོན་མོངས་ཆུ་རླབས་རབ་འཇིགས་པའི། །སྲིད་པའི་རྒྱ་མཚོ་མྱུར་དུ་བརྒལ་བར་འགྱུར། །རྒྱལ་པོ་དགེ་བའི་ལས་འདི་ཐམས་ཅད་ནི། །འཁོར་བའི་བདེ་བ་སྣ་ཚོགས་སྨིན་གྱུར་ནས། །སངས་རྒྱས་ཀྱི་ནི་བྱང་ཆུབ་དམ་པ་ཡི། །འབྲས་བུ་བདེ་བླག་ཁོ་ནར་ཐོབ་པར་འགྱུར། །དེ་ནས་རྒྱལ་པོ་དགའ་མདངས་ལྡན་པ་ཡིས། །དྲང་སྲོང་དགེ་འདུན་བསྐོར་བ་བྱས་ནས་ཀྱང་། །ཐུབ་དབང་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། །རྒྱལ་པོ་རྒྱལ་བྱེད་ཚལ་ནས་བྱུང་བར་གྱུར། །གསལ་རྒྱལ་གྱི་ཚིགས་སུ་བཅད་པ་རྫོགས་སོ།། །།
མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་ཆོ་ག སློབ་དཔོན་བོ་དྷི་ས་ཏྭ།
མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་ཆོ་ག་སློབ་དཔོན་བོ་དྷི་ས་ཏྭས་མཛད་པ་བཞུགས་སོ། །༼དྲི་མེད་ཆོ་གའི་གཞུང་ཞེས་པ་འདི་ཡིན་ནོ། །མཆན།༽འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་གཏོར་དྲི་མ་མེད་པའི་གཟུངས་བཀླག་ཅིང་མཆོད་རྟེན་བ རྒྱ་རྩ་བརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། གཙུག་གཏོར་དྲི་མ་མེད་པར་སྣང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་བཟླ་ཞིང་མཆོད་རྟེན་གདབ་པའི་ཐབས་ལ། དེར་གཏོགས་པ་ཐམས་ཅད་ཕྱིའི་ཁྲུས་ཀྱང་བྱ། མགོ་མཇུག་ཀུན་ཏུ་གནོད་སེམས་དང་བརྣབ་སེམས་དང་། མ་དད་པ་དང་། ལེ་ལོ་དང་། གཉིད་ལ་སོགས་པ་ཉོན་མོངས་པའི་སྐྱོན་དང་སེམས་མ་འདྲེས་པར་བསྡམ་ཞིང་གནོད་པ་དང་འཚེ་བའི་ལས་ངན་པ་མ་ཤོར་བར་བྱ། དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་མཐུའི་ཁྱད་པར་དང་། མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་པ་དང་དད་ཅིང་གུས་པ་ཆེར་བསྐྱེད། སེམས་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེར་བསྐྱེད་དོ། །ཁྱིམ་པ་ཞིག་ཡིན་ན་བསྙེན་གན ས་ཀྱི་ཁྲིམས་བཟུང་། དེ་ནས་མཆོད་རྟེན་གདབ་པའི་ཡོ་བྱད་རྣམས་བཤམས་ལ། འཇིམ་པ་བརྐོ་བ་ནས་གདབ་ཅིང་དཀྱིལ་འཁོར་ལ་བཞག་པའི་བར་དུ་མཆོད་རྟེན་གྱི་ཆོ་ག་བཞིན་ནང་པར་སྔ་དྲོ་ཐེབས་པར་བྱ། མཆོད་པའི་ཆོ་ག་དང་ཡོ་བྱད་བཤམས་པ་ཡན་ཆད་ལེགས་པར་བགྱིའོ། །མཆོད་རྟེན་འདེབས་པའི་ཟླ་བོ་ལ་ཆོས་ཀྱི་སྦྱིན་པ་དང་། འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། གསེར་འོད་དམ་པ་དང་། རིན་པོ་ཆེའི་ཏོག་དང་། གཙུག་ན་རིན་པོ་ཆེ་དང་། གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་ཀྱི་མདོ་སྡེ་ཚར་གཅིག་ཕྱིན་རྒྱུན་མི་ཆད་པར་བཀླག །ཡིད་བཞིན་གྱི་ནོར་བུའི་གཟུངས་རྣམ་གཉིས་ཀྱིས་འཛབ་གྲྭ་གཅིག་ཀྱང་བཟླ། མདོ་སྡེ་དེ་དག་ཀྱང་མཆོད་ཅིང་ཆོས་ཀྱི་སྦྱིན་པ་བསྔོ་བ་དང་། སྤྱན་དྲངས་པ་ལ་སོགས་པ་སྣ་ལ་བགྱིས་ནས་བཀླག་གོ། །མདོ་སྡེ་དེ་ཉིད་མ་ལྡོག་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་གཟུངས་ཚར་གང་བྱུང་གཅིག་བཏོན་པའི་འོག་ཏུ་སྙིང་པོ་བཟླ་བར་བྱའོ། །དེ་ནས་མཆོད་རྟེན་ཐེབས། མཆོད་པ་བཤམས་ལ་ཆོས་འདོན་པ་རྣམས་རྫོགས་ནས་གནས་སྲུང་སྟེ། བར་སྐབས་སུ་ཅུང་ཞིག་གྱེས་ནས་སྔ་དྲོ་དགེ་འདུན་སྤྱིར་ཚོགས་ནས་མཆོད་པ་ལ་སོགས་རིམ་བཞིན་བགྱིའོ། །མཆོད་པ་བཤམ་པའི་ཐབས་འབྱོར་བའི་སྟོབས་ཅི་ནུས་པ་དང་སྦྱར་ཏེ། སྤོས་ཀྱི་མཎྜལ་ཆེན་པོའི་དབུས་སུ་ཚོན་ཕྱེའམ་མེ་ཏོག་རིན་པོ་ཆེ་སྣ་ལྔའི་ཕོ་བྲང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བྲིས་པའི་དབུས་སུ་པདྨ་ཆེན་པོའི་སྟེང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་པ་ཤོང་བའི་གདན་སེང་གེའི་ཁྲི་ལ་པདྨ་བཞག་ལ་རེའུ་མིག་ཆེན་པོ་བརྒྱ་དང་། ངོས་བཞིའི་དབུས་སུ་རེའུ་མིག་གཉིས་སུ་བགྱིས་ཏེ་བརྒྱ་རྩ་བརྒྱད་དུ་བཤམ་པའམ། མཆོད་རྟེན་ལྔ་བཞིག་ན་འཚམས་པར་སྦྱར་ཏེ། དེ་ལ་མཆོད་རྟེན་བཞུགས་སུ་གསོལ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་གཅིག་ཀྱང་དབུས་སུ་བཞུགས། བར་གྱི་སྣམ་བུ་གཅིག་གམ་གཉིས་ལ་པདྨ་མང་པོ་དགྲ མ་ཞིང་འཕགས་པ་གདན་འཛོམ་པའི་གདན་ཁྲི་བཤམ་ཞིང་གཟུངས་ཆབ་ཀྱི་བུམ་པ་ཁ་རྒྱན་ཅན་བཞི་ཡན་ཆད་དུ་འབྱོར་པ་ངོས་བཞིར་བཞག །དེའི་སླད་རོལ་གར་འོས་སུ་བཤོས་དང་མཆོད་ཡོན་ལ་སོགས་པ་མཆོད་པ་རྒྱས་པར་དགྲམ། སྟེང་དུ་བླ་བྲེ་དང་འཕན་དང་བ་དན་དམར་པོ་བརྒྱ་རྩ་བརྒྱད་རྒྱས་པར་དགྲམ། གྲྭ་བཞིར་སྤོག་པོར་ནས་ཙནྡན་དང་ཨ་ག་རུ་དང་དུ་རུ་ུཀ་དང་གུ་གུལ་གྱི་བདུག་པས་བདུག་གོ། །སྒོ་བཞིར་མཆོད་ཡོན་བཞི་བཤམ། གཞན་ཡང་མཆོད་པ་ཅི་ནུས་སུ་རྒྱས་པར་བགྱིའོ། །བུམ་པའི་ཁར་ཡུངས་ཀར་དང་བྱེ་མ་ཡང་བཞག་ཅིང་བཟླས་ལ་ལངས་ནས། དུར་ཁྲོད་དམ་ཕྱོགས་ཀུན་དུ་ཡང་གཏོར་རོ། །དང་པོར་བགྱི་བ་མཆོད་པ་བཤམས་ལ་དགེ་འདུན་ཚོགས་ནས་ཕྱོགས་བཅུའི་འཕགས་པ་ཐམས་ཅད་ལ་ཕྱག་བགྱི། དེ་ནས་ཆོས་ཐམས་ཅད་དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་ནུས་སུ་སྒོམ། དེ་ནས་ཏིང་ངེ་འཛིན་ལས་ལངས་ནས། ཆོས་ཐམས་ཅད་དོན་དམ་པར་དེ་ལྟ་བུ་ཡིན་ལ། འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་སྐུ་དང་གསུང་དང་ཐུགས་ནམ་མཁའ་དང་འདྲ་བར་གྱུར་ཏེ། སྒྲིབ་པ་མི་མངའ་ཞིང་མཐུ་དང་བྱིན་གྱིས་བརླབས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་པར་ཡང་རུང་ན། ཀྱེ་མའོ་སེམས་ཅན་འདི་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ཏེ་རྨོངས་པས་ཉོན་མོངས་པ་དང་སྡུག་བསྔལ་མང་པོས་གཟིར་ཅིང་ཉམ་ཐག་པའི་གནས་སུ་ལྟུང་བར་གྱུར་ལ། སེམས་ཅན་ཐམས་ཅད་ཀྱང་འཁོར་བ་ཐོག་མ་མེད་པ་ནས་འགྲོ་བ་བརྒྱུད་པ་རྣམས་སུ་བདག་གི་གཉེན་བཤེས་དམ་པ་དྲིན་གྱི་ཞིང་དུ་མ་གྱུར་པ་འགའ་ཡང་མེད་ཅིང་། བདག་གིས་ཀྱང་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་བསྒྲུབ་པར་དམ་བཅས་པའི་ཚེ་སེམས་ཅན་ཐམས་ཅད་བདག་གིས་བླངས་ཟིན་པས། འདི་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་དོར་བ་ནི་ཤིན་ཏུ་མི་རིགས་ན། འདི་དག་ཇི་ལྟར་སྡུག་བསྔལ་ལས་ནི་གདོན། བདེ་བ་ལ་ནི་དགོད་པར་བྱ་སྙམ་དུ་སྙིང་རྗེ་དང་། བྱམས་པ་ཆེན་པོ་དང་ལྡན་པས་བརྩོན་པའི་སེམས་དྲག་ཏུ་བསྐྱེད་པར་བྱའོ། །ཡང་འདི་སྙམ་དུ་བསམ་སྟེ། བདག་ནི་དུས་ངན་པའི་སེམས་ཅན་སྤྱོད་པ་དང་མཐུ་དམན་པ་ཡིན་པས། བདག་ཉིད་གཅིག་པུའི་འཕྲལ་དུ་དོན་བརླབས་པོ་ཆེ་འདི་ལྟ་བུ་མི་ལྕོགས་ཀྱིས་སྟོན་པ་བདེ་བར་གཤེགས་པས་སྔོན་ལྷའི་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས་གསུངས་པ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲིི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྙིང་པོ་ལ་རྣམ་པར་བལྟ་བའི་གཟུངས་ལ་བརྟེན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ལ་མཐུ་བསྟན་པ་དང་དཔུང་གཉེན་དུ་གསོལ་ཏེ། ད་ལྟར་ནི་འཕགས་པའི་མཐུ་བྱིན་གྱིས་རླབས་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་བསྒྲུབ་པར་བྱས་ལ། ཕྱིས་ནི་བདག་ཉིད་གཅིག་པུས་གཞན་ལ་ལྟོས་པ་མེད་པར་ཐབས་མཁས་པའི་སྒོ་སྣ་ཚོགས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པ་ཡང་དག་པར་བསྒྲུབ་པར་བྱའོ། །སྙམ་དུ་བསམ་མོ། །དེ་ལྟར་སྙིང་རྗེ་དང་བྱམས་པའི་སེམས་བསྐྱེད་པའི་འོག་ཏུ་སེམས་ཅན་གྱི་དོན་ཉིད་བྱ་བའི་ཕྱིར་འཕགས་པ་གདན་འཛོམས་པའི་ཕོ་བྲང་དང་། མཆོད་པ་བཤམས་པ་བདེན་པ་བདར་ཞིང་ཡིད་ཀྱིས་བསྔོས་སྟེ། དཀོན་མཆོག་གསུམ་གྱིས་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་ཀྱི་མདོ་ལས་བྱུང་བའི་ཆོ་ག་བཞིན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་གནས་འདིར། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེའི་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་ཞིང་ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྤྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་རྩིགས་ཤིང་གསེར་དང་མུ་ཏིག་གི་བྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང་། ཀུ་མུ་དང་། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཏེ། ཆུ་བྱ་སྣ་ཚོགས་ཀྱི་སྒྲ་སྙན་པར་སྒྲོགས་པ། དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེ་དཔག་བསམ་གྱི་ཤིང་ལྗོན་པ་དང་། ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་ཕྲེང་དང་རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་ལ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་བསྒྲེངས་པས་ལེགས་པར་བརྒྱན་པའི་ས་གཞི་ལ་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་དབྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བའི་རྒྱུད་ལས་བྱུང་བ་ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བ། རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་དང་ལྡན་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་འཐོབ་པར་བྱེད་པས་ཉེར་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་གཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་པདྨའི་གདན། རིན་པོ་ཆེ་སེང་གེའི་ཁྲིའི་སྟེང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་སྐུའི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྒྱ་དང་ཚད་དཔག་ཏུ་མེད་པ། མཆོད་རྟེན་གྱི་རྣམ་པའི་བྱེ་བྲག་དང་ལེགས་པའི་ཁྱད་པར་ཐམས་ཅད་དང་ལྡན་པ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད། འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཞིང་དུ་གྱུར་པ་གྲངས་མེད་པ་ཞིག་རོམ་མེར་དཀྲིགས་པར་གྱུར་པའི་མཐའ་འཁོར་བར་གཞལ་མེད་ཁང་ཆེན་པོའི་ནང་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་གདན་ཁྲི་འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་གྱི་མངའ་ཐང་དང་འཚམས་པར་གྲུབ་པས་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུ་ཡང་ཆ་རིག་དང་འཚམ་པར་ལྷ་དང་མའི་ཡོ་བྱད་དམ་པ་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལ ས་འབྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབ་ཅིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ལན་གསུམ་བཟླས། ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་བའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་དུ་བཟླས། མཆོད་པའི་ཚོགས་བདེན་པས་བྱིན་གྱིས་བ རླབས་པའི་འོག་ཏུ། འཕགས་པ་སྤྱན་དྲངས་ཏེ། པུས་མོ་བཙུགས་ཏེ་མེ་ཏོག་བླངས། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེེས། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། འགྲོ་བའི་དོན་དུ་སྨོན་ལམ་ཁྱད་པར་ཅན་མཛད་པ་ལས་གླེངས་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་སུ་གསོལ་ནས་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། ༈ ༼ཁ༽ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ཀུ་བེ་ར་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་པའི་ལྷའི་སྲས་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་པའི་ལྷའི་སྲས་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་སོགས་པ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་ལྷག་པར་ཕྱག་མཚན་དུ་བཞེས་པ་རྣམས་དང་། གཞན་ཡང་སྔོན་གདན་འཛོམ་པ་ཆེན་པོའི་བཀས་གཏད་ཅིང་། སོ་སོ་ནས་ཀྱང་ལྷའི་དག་རྟག་པས་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་བསྲུང་ཞིང་བསྐྱང་བར་ཐུགས་དམ་མངའ་བའི་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་སྔོན་གྱི་ཐུགས་དམ་བཟང་པོ་དང་། མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལས་གླེང་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་དུ་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། སྤྱན་དྲངས་པའི་རྗེས་ལ་གོང་དུ་བཤམས་པ་ལྟ་བུའི། ཕོ་བྲང་གི་དཀྱིལ་འཁོར་དུ། འཕགས་པའི་ཚོགས་ཕྱོགས་བཅུ་ནས་གཤེགས་ཏེ། འཁོར་དང་བཅས་པ་གདན་ལ་བཞུགས་པར་ཡིད་ཀྱིས་བསམ་ཞིང་། མངོན་དུ་དམིགས་ལ་འགྲེང་ཕྱག་བདུན་ཡན་ཆད་བགྱི། མཆོད་ཡོན་ལ་སོགས་པ་མཆོད་པ་སྣ་ལྔ་དང་དངོས་སུ་ཅི་འབྱོར་པ་རིམ་བཞིན་དབུལ། མཆོད་པའི་སྤྲིན་འབྱུང་བའི་གཟུངས་འདོན་ཅིང་། མོས་པའི་སྟོབས་ཀྱིས་མཆོད་པ་བཟང་ཞིང་རྒྱ་ཆེ་བ་དག་དམིགས་ཏེ། རིས་སུ་མ་ཆད་པའི་མཆོད་པ་འབུལ་བའི་ཚིགས་བཅད་པ་བཀླག །ཕྱོགས་སྐྱོང་བཅུས་བསྟོད་པའི་ཚིག་བཅད་བཀླག །གཏོར་མ་རྣམས་བསྔོ། ལན་བདུན་མན་ཆད་བསྐོར་ཞིང་བསྟོད། བསྙེན་པར་བགྱི། དེའི་རྗེས་ལ་འཕགས་པ་རྣམས་ལ་ཕྲིན་ལས་མཛད་པ་སྨོན་ལམ་གདབ་སྟེ། ༈ ༼ང༽ །བཅོམ་ལྡན་འདས་མི་འཁྲུགས་པ་ལ་སོགས་པ་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རིན་པོ་ཆེའི་ཏོག་ལ་སོགས་པ་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །མགོན་པོ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་སོགས་པ་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱགས་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རྔ་སྒྲ་ལ་སོགས་པ་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ཡེ་ཤེས་ཀྱི་འོད་ཟེར་ལ་སོགས་པ་སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ལ་སོགས་པ་བྱང་ཤར་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་པདྨ་དམ་པའི་དཔལ་ལ་སོགས་པ་ཤར་ལྷོ་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ཉི་མའི་དཀྱིལ་འཁོར་མཆོག་གི་དཔལ་ལ་སོགས་པ་ལྷོ་ནུབ་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་གདུགས་དམ་པ་ལ་སོགས་པ། ནུབ་བྱང་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་དུ་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ། དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་དག་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དེ་དག་གིས་ལེགས་པར་གསུངས་ལེགས་པར་བསྒྲུབས་པ་དང་། ལེགས་པར་ཐུགས་སུ་ཆུད་པ་དམ་པའི་ཆོས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། ༈ ༼ཆ༽ །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་ཀྱི་སྲས། བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་རབ་ཏུ་གནས་པ། གཟུངས་དང་ཏིང་ངེ་འཛིན་རབ་ཏུ་བརྙེས་པ། མཚན་མ་མེད་པའི་སྤྱོད་ཡུལ་ཅན། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་དང་ལྡན་པ། སྤོབས་པ་ཐོག་པ་མེད་པ། མངོན་པར་ཤེས་པ་ཆེན་པོས་རོལ་པ། ཆོས་ཐམས་ཅད་ལ་མངའ་བརྙེས་པ། གཞན་གྱི་དོན་ལ་རབ་ཏུ་བརྩོན་པ། ས་བཅུ་དང་རིགས་ལྔས་བསྡུས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བདེ་བར་གཤེགས་པ་དེ་དག་ཐམས་ཅད་ཀྱི་གསུང་གི་སྲས་རིག་པར་ཞུགས་པ་ལས་ཡང་དག་པ་ཉིད་ལ་གནས་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། ཞི་བ་དུལ་བ། གཙང་བ། པ་སངས་པ། རྣམ་པར་གྲོལ་བ། ཅང་ཤེས་པ། རང་གི་དོན་རབ་ཏུ་ཐོབ་པ། འཕགས་པ་རང་རྒྱལ་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཕྱོག་བཅུ་ན་མཆོད་རྟེན་རིང་བསྲེལ་དང་། སྐུ་གདུང་དང་བཅས་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ཀུ་བེ་ར་དང་། ཚངས་པ་དང་། ཁྱབ་མཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་རྣམས་ཀྱི་ལྷའི་སྲས་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་སྲས་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་སོགས་པ་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་དང་། དེ་ལ་བརྟེན་པའི་གང་ཟག་རྣམས་བསྲུང་ཞིང་བསྐྱབ་པར་ལྷག་པར་ཕྱག་མཚན་དུ་བཞེས་པ་རྣམས་དང་། གཞན་ཡང་སྔོན་གདན་འཛོམ་པ་ཆེན་པོས་བཀས་གཏད་ཅིང་། སོ་སོ་ནས་ཀྱང་ལྷའི་ངག་རྟག་པས་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམས་བཞི་བསྲུང་ཞིང་བསྐྱབས་པར་ཐུགས་དམ་མངའ་བ། འཕགས་པ་དམ་པའི་ཆོས་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལ་འདས་པའི་ཚུལ་དུ་བཞུགས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་ཐམས་ཅད་ལ་མཆོད་ཡོན་དང་དྲི་ཆབ། མེ་ཏོག་དང་བདུག་སྤོས། ཞལ་ཟས་དང་མར་མེ། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ། དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་རྫས་དང་། ལྷ་དང་མིའི་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཅི་མཆིས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་། མོས་པའི་སྟོབས་ཀྱིས་བསྐྱེད་པ། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི། མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པ་ཆོས་ཀྱི་དབྱིངས་སུ་གཏོགས་པ་ཐམས་ཅད་རྒྱས་པར་བཀང་སྟེ། མཆོད་ཅིང་དབུལ་ལོ། ༈ ༼ཉ༽ །འཕགས་པའི་ཚོགས་ཐམས་ཅད་དགོངས་སུ་གསོལ། བདག་ཅག་རྣམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་འཇུག་ཅིང་སློབ་སྟེ། སྲིད་པའི་རྒྱ་མཚོར་སྡུག་བསྔལ་མང་པོས་ཉེན་པའི་འགྲོ་བ་རྣམས། འཁོར་བ་ལས་བསྒྲལ་ཞིང་བླ་ན་མ་མཆིས་པའི་བདེ་བ་ལ་དགོད་པར་ཡང་དག་པར་དམ་བཅས་ནས། དེང་འདིར་ཡང་མཆོད་པའི་ཚོགས་ཀྱི་མཆོག་གིས་བརྒྱན་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས་ཏེ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་དམ་པའི་ཆོས་སྐྱོང་པའི་ཐུགས་དམ་མངའ་བ་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ནས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅདཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་བཀླགས་ཤིང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་བརྒྱ་རྩ་བརྒྱད་ཚུལ་བཞིན་དུ་བཏབ་ཅིང་མཆོད། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་དང་། འདུས་པ་ཆེན་པོ་རིན་པོ་ཆེའི་ཏོག་དང་། གཙུག་ན་རིན་པོ་ཆེ་ལ་སོགས་པ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་དང་། གསུངས་རབ་ཟབ་ཅིང་རྒྱ་ཆེ་བ་བཀླགས་ཤིང་མཆོད་དེ། གདན་འཛོམ་པ་ཆེན་པོའི་གླེང་གཞིར་གསོལ་ནས། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་གནོད་པ་དང་སྡུག་བསྔལ་ཐམས་ཅད་ཞི་བར་བགྱི་བ་དང་། ཕན་པ་དང་བདེ་བ་བླ་ན་མེད་པ་ཐོབ་པར་བགྱི་བའི་དོན་ཆེན་པོར་བསྒྲུབ་པའི་མགོན་སྐྱབས་དང་དཔུང་གཉེན་དུ་གསོལ་ཞིང་མཆིས་ན། འཕགས་པའི་མཐུ་དཔལ་དང་། ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་མངའ་བ་རྣམས་ཀྱིས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་། ཐུགས་དམ་བཟང་པོའི་དབང་དུ་མཛད་དེ། ཕོངས་ཤིང་ཉམ་ཐག་པའི་སེམས་ཅན་སྐྱབས་སུ་གསོལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། བདག་ཅག་དགེ་འདུན་སྐྱེ་བོ་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་པ་དང་རྒྱ་ཆེ་བ་རྣམས་བཀླགས་ཤིང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བགྱི་བའི་ཆོ་ག་གཟུགས་བརྙན་ཙམ་ཞིག་བགྱིང་པ་འདི་གླེང་གཞིར་མཛད་ནས། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གདན་འཛོམ་པ་ཆེན་པོ་མཛད་དེ་མཆོད་པ་བཞེས་ཤིང་ཇི་ལྟར་ཆོ་ག་གང་ཚུལ་གང་གིས་བྱིན་གྱིས་བརླབས་ཏེ་མཛད་པ་བཞིན་དུ། དེང་ཡང་ཆོ་ག་ཡོངས་སུ་རྫོགས་པར་མཛད་དེ། བྱིན་གྱིས་བརླབས་ཅིང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་ཏེ། ཐབས་མཁས་པའི་སྒོ་སྣ་ཚོགས་ནས། འཕགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཆེ་གེ་མོ་ལ་སོགས་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་གནོད་པ་ཐམས་ཅད་རྒྱུ་དང་བཅས་པ་བྱང་ཞིང་ཞི་བ་དང་། ཕན་པ་དང་བདེ་བ་བླ་ན་མེད་པ་འཕྲལ་དུ་ཐོབ་པར་འགྱུར་བར་བྱིན་གྱིས་བརླབ་ཅིང་ཇི་ལྟར་འཚལ་བ་ཡིད་བཞིན་དུ་འགྲུབ་པའི་དངོས་གྲུབ་དམ་པ་སྩལ་བར་ཅི་གནང་། སྔོན་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས། བཅོམ་ལྡན་འདས་ཀྱིས་དཔལ་གྱི་མགུར་ནས། ཇི་སྐད་དུ། ལྷའི་དབང་པོ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་སྔགས་ཟུང་ཞིག །ཕྱག་རྒྱ་འདི་ནི་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །གཟུངས་སྔགས་འདི་ཐོས་པ་དང་མཐོང་བ་ཙམ་གྱིས་སྡིག་པ་དང་། སྒྲིབ་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་རྣམ་པར་འཇིག་པར་འགྱུར་རོ། །སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་འཇིག་པར་འགྱུར་ཏེ། །དཔེར་ན་མེ་ཡིས་རྩ་བ་སྲེགས་པ། །རླུང་གིས་ཐལ་བ་མྱུར་དུ་དེད། །དེ་བཞིན་ཚེ་རབས་རྔ་མ་ལ། །བསགས་པའི་སྡིག་པ་ཐམས་ཅད་སྲེག །དཔེར་ན་ཆར་པ་འབབ་འགྱུར་ཏེ། །རི་ལ ས་འབབ་པའི་འབབ་ཆུ་ཡིས། །ས་ཡི་སྟེང་གི་ཕྱག་དར་དང་། །ཉལ་ཉིལ་ཐམས་ཅད་དེད་པར་འགྱུར། །དེ་བཞིན་གཟུངས་འདི་མཐོང་བ་དང་། །ཐོས་པ་ཙམ་གྱིས་སྡིག་པ་འབྱང་། །དཔེར་ན་མེ་ཡིས་གསེར་སྦྱངས་པ། །སོས་གཅད་རུང་བར་སྙི་བར་འགྱུར། །དེ་བཞིན་བཟླས་བརྗོད་བྱས་ཙམ་གྱིས། །ལུས་སྦྱོང་འགྱུར་ཏེ་ཐེ་ཚོམ་མེད། །དཔེར་ན་ཉི་མ་ཤར་གྱུར་ན། །འོད་ཟེར་ཀུན་ཏུ་རབ་ཏུ་འབྱུང་། །དེ་བཞིན་སུ་ཞིག་གཟུངས་འཆང་བ། །དེ་ཡི་ལུས་ཀྱང་རྣམ་པར་མཛེས། །དཔེར་ན་སྐོམ་པོར་ཉ་འགྲེ་ལྡོག །ཆུ་དང་བྲལ་བས་འཆི་སྒོར་འགྲོ། །ལ་ལས་སླར་ཡང་ཆུ་རྙེད་ན། །དེ་ན་གནས་ཤིང་ཡང་རྩེའོ། །དེ་བཞིན་དྲན་པ་ཙམ་གྱིས་ཀྱང་། །མི་རྣམས་ཚེ་ནི་ཟློག་པར་བྱེད། གཟུངས་སྔགས་འདི་བྲིས་ལ་མཆོད་རྟེན་གསར་པའམ་རྙིང་པ་བཅོས་པ་གང་ཡང་རུང་སྟེ་དེ་ཡི་ནང་དུ་གཞུག་གོ །སྤོས་ཀྱི་དཀྱིལ་འཁོར་བྱས་ཏེ་མེ་ཏོག་གིས་གཏོར། ཨ་ཀ་རུ་དང་། ཏུ་རུ་ཥྐའི་བདུག་པས་བདུག་སྟེ། དེ་བཞིན་གཤེགས་ཐམས་ཅད་ལ་ཕྱག་བྱས་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱ། མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་བོ། །སྙིང་པོ་འདི་བྲིས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ན་གང་གཱའི་ཀླུང་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམསཀྱི་སྐུ་གདུང་དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །འདི་ལ་གུས་པར་བྱས་ཏེ་མཆོད་རྟེན་གྱི་ལས་བྱས་ན་ཆེ་ཟད་པ་ལས་ཚེ་སླར་ནུས་ཏེ་ཚེ་རིང་པོར་སྦྱོར་བར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་བདེ་བ་ཅན་དུ་འགྲོ་བར་འགྱུར། འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར། ངན་འགྲོར་སྐྱེ་བར་མི་འགྱུར། ཕྱིན་ཆད་སེམས་ཅན་དམྱལ་བ་ལ་སོགས་པའི་སྒྲ་རྣ་ལམ་དུ་ཡང་གྲགས་པར་མི་འགྱུར་ན། འབྲས་བུ་རྣམས་པ ར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །ནད་ཀྱིས་བཏབ་པ་དང་། གནོད་པ་དང་། ཚེ་ཟད་པ་དང་། དུས་མ་ཡིན་པར་འཆི་བས་འཇིགས་པ་དང་། རྒྱལ་པོ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་ཤིང་སྐྲག་པ་དང་། བུ་འདོད་པ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་གོ །རྨ་བྱའི་སྒྲོ་ལྔས་བྱབ་པར་བྱའོ། །ཆོ་ག་འདི་ལན་གཅིག་བྱས་ན་བསྐལ་པ་འབུམ་དུ་བསགས་པའི་ལས་ཀྱི་སྒྲིབ་པ་དང་བྲལ་བར་འགྱུར་རོ། །ནད་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དང་། ངན་སོང་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཐར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྡུག་བསྔལ་དང་། སྒྲིབ་པ་དང་། སྡིག་པ་དང་། གདུག་པ་དང་། ཐམས་ཅད་རྣམ་པར་འཇིགས་པར་འགྱུར་རོ། །ཡུན་རིང་དུ་ནད་ཀྱིས་བརྙོངས་ཏེ་ཤ་ཟད་པ་ཡང་ལུས་ཡོངས་སུ་རྫོགས་ཤིང་དག་པར་འགྱུར་རོ། །བསམ་པ་ཡང་ཡིད་བཞིན་དུ་རྫོགས་པར་འགྱུར་རོ། །དེ་དང་གང་དག་གཏམ་བྱས་པ་དེ་དག་ཐམས་ཅད་ཀྱང་སྡིག་པ་དག་ལས་གྲོལ་བར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ལ་སྨྲས་ན་ཡང་དུད་འགྲོའི་སྐྱེ་གནས་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཐ་ན་ཁྱི་དང་། རུས་སྦལ་དང་། སྦྲུལ་དང་། བྱི་ལ་དང་། སྲེ་མོང་དང་། སྲོག་ཆགས་སྣ་ཚོགས་ལ་སྨྲས་ན་ཡང་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། །བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། དུར་ཁྲོད་དུ་གཏོར་ན། གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་བར་སྐྱེས་པ་ནས་ཡོངས་སུ་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །གང་དག་མཐོ་རིས་སུ་སྐྱེས་པ་དེ་དག་གི་ལུས་ལ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །གཅན་གཟན་དང་བྱའི་ཚོགས་དུར་ཁྲོད་དེར་འགྲོ་བ་དེ་དག་ཐམས་ཅད་ཀྱང་བདེ་འགྲོར་འགྲོ་བར་འགྱུར་རོ། །རི་ལ་གཏོར་ན་རི་དྭགས་དང་བྱ་རྒྱུ་བ་དེ་དག་ཐམས་ཅད་བདེ་འགྲོར་འགྲོ་བར་འགྱུར་རོ། །བཟླས་བརྗོད་འབུམ་བྱས་ན། གལ་ཏེ་མགུལ་ནས་ཐག་པས་བཏགས་ཏེ་ཁྲིད་པ་ཡང་གཤིན་རྗེའི་གནས་ནས་འཕྲལ་དུ་ལྡོག་པར་འགྱུར་རོ། །ཚེའི་འཇིག་པ་ཆེན་པོ་ལས་གྲོལ་བར་འགྱུར་རོ། །སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་རྣམ་པར་འཇིག་ཏེ་ཐེ་ཚོམ་མེད་དོ། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡང་བྲན་བཞིན་དུ་སེམས་ཤིང་འདུག་གོ །པགས་པའི་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་རོ། །ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །ས་བཅུ་ལ་གནས་པར་འགྱུར་རོ། །ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཐ་ན་གྲིབ་མས་ཕོག་པ་ཡང་ཡོངས་སུ་གྲོལ་བར་འགྱུར་ན་བྱ་བ་མང་དུ་བྱེད་པ་ལྟ་ཅི་སྨོས་ཏེ། དེའི་ཕན་ཡོན་དཔག་ཏུ་མེད་དོ་ཞེས་བགྱི་བ་ལ་སོགས་པ་ཕན་ཡོན་དཔག་ཏུ་མ་མཆིས་པ་ཇི་སྐད་གསུངས་པ་ཐམས་ཅད་ཆེ་གེ་མོ་ལ་སོགས་པས་འཕྲལ་དུ་ཐོབ་ཅིང་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། གཟུངས་འདི་ཉིད་ཕྱག་མཚན་དུ་བཞེངས་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་པའི་ལྷའི་སྲས་ཐམས་ཅད་དང་། བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་བུ་ཐམས་ཅད་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་སོགས་པས་འདི་སྐད་དུ་གཟུངས་སྔགས་མཐུ་ཆེན་པོ་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་མཐོང་བ་དང་། ཐོས་པར་དཀའ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་ལྷན་ཅིག་ཚོགས་ནས་སླད་མའི་དུས་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཟུང་བར་བགྱིའོ། །རྒྱས་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་བསྒྲག་པར་བགྱིའོ། །འདི་འཛིན་པའི་སེམས་ཅན་ཆེན་པོ་དེའི་སླད་བཞིན་འབྲང་ཞིང་། རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ། སྦ་བར་བགྱིའོ། །བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་གྲོགས་པོ་དག་ལེགས་སོ། །ཁྱོད་ཀྱི་དེ་ལྟར་གྱིས་ཤིག །རིག་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ངས་ཁྱོད་ལ་གཏད་དོ་ཞེས་རྗེས་སུ་གནང་བར་མཛད་པ་དང། གཞན་ཡང་འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་ཀྱིས་ཀྱང་། བདག་ཅག་དུས་ངན་པའི་གང་ཟག་བསམ་པ་དང་སྤྱོད་པ་དམན་ཞིང་ཆོ་ག་ཚུལ་བཞིན་རྔོ་མི་ཐོགས་པའི་དབང་དུ་མི་བགྱིད་པར། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ལུང་ཚད་མར་བསྒྲུབ་པ་དང་། སོ་སོའི་ཐུགས་དམ་རླབས་པོ་ཆེ་ཡོངས་སུ་བསྐང་བ་གཙོར་དགོངས་ཤིང་། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་དང་། གཟུངས་རྣམས་ཀྱིས་མཐུ་སྟོབས་བསམ་གྱིས་མི་ཁྱབ་པའི་དབང་དུ་མཛད་དེ་གདན་འཛོམ་པས་མདོ་སྡེ་དང་། གཟུངས་ཀྱི་ཆོ་ག་ཐམས་ཅད་ཡོངས་སུ་རྫོགས་པར་བསྲུང་ཞིང་། ཕན་ཡོན་ཇི་ལྟར་བཀའ་སྩལ་པ་ཐམས་ཅད་ཆེ་གེ་མོ་ལ་སོགས་པས་ཐམས་ཅད་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ཅི་ནས་ཀྱང་དཀོན་མཆོག་གསུམ་སྐུ་མི་ངེས་པ་དང་། བསྟན་པ་འཛིན་པ་བདག་ཅག་སོ་སོའི་སྐྱེ་བོའི་དགེ་འདུན་རྣམས་ཀྱང་དག་མི་སུན། འཇིག་རྟེན་གྱིས་སྨད་པར་མི་འགྱུར་བའི་ཚུལ་དུ་མཐུ་དང་ཕན་ཡོན་མངོན་དུ་བསྟན་པར་ཅི་གནང་། དེའི་འོག་ཏུ་ཇི་ལྟར་གསོལ་བ་བཞིན་དུ་འཕགས་པ་རྣམས་ཀྱིས་འཕྲིན་ལས་མཛད་ཅིང་འགྲོ་བའི་དོན་དུ་འགྱུར་བ་བདེན་པ་བདར་ཞིང་ཡིད་ཀྱི་བསྔོ་བ་སྟེ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕག་པ་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས། རིགས་སྔགས་ཀྱི་རྒྱལ་མོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚུལ་བཞིན་དུ། ཆོས་ཀྱིས་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་སྟེ། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱང་བའི་མཆོད་པའི་སྤྲིན་རྒྱ་མཚོས་བརྒྱན་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས་པ་འདིར། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པ་ཆེན་པོ་མཛད་དེ་མཆོད་པ་བཞེས་ཤིང་། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་དང་། ཆོས་ཀྱི་སྐུའི་མཆོད་རྟེན་རྣམས་ཚུལ་བཞིན་བྱིན་གྱིས་བརླབས་པར་མཛད་དེ། མདོ་སྡེ་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་སོ་སོའི་ཆོ་ག་ཡོངས་སུ་རྫོགས་པར་བསྐངས་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །ཆོས་ཀྱི་སྐུའི་མཆོད་རྟེན་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རིག་པའི་རྒྱལ་མོའི་ཡིག་འབྲུ་གསེར་གྱི་མདོག་ཅན་ཕྲེང་བར་གནས་པ་དང་། འཕགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས་པས། འཇིག་རྟེན་ཐམས་ཅད་དུ་ཁྱབ་ཅིང་། འཕགས་པ་རྣམས་ཀྱི་སྐུ་ལ་ཕབས་པས་ནི་སྒྲིབ་པ་གཉིས་ལས་གྲོལ་ཞིང་ཐར་པ་གོང་ན ས་གོང་དུ་འཕར་ཏེ། འགྲོ་བའི་དོན་སྤྱད་པའི་མཐུ་དཔག་ཏུ་མེད་པ་ཐོབ་ཅིང་། སེམས་ཅན་གྱི་དོན་ལ་བསྐུལ་བར་གྱུར་ཅིག །འགྲོ་བ་ལྔའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཕོག་པས་དེ་དག་ཐམས་ཅད་སོ་སོའི་སྡུག་བསྔལ་བ་དང་། སྒྲིབ་པ་ཐམས་ཅད་འཕྲལ་དུ་ཞི་ཞིང་བདེ་བ་དང་ལྡན་པར་གྱུར་ལ་འོད་ཟེར་གྱི་ཕུང་པོའི་ནང་ན་འཕགས་པ་གདན་འཛོམ་པ་མཐོང་ནས་བཀའ་དྲིན་གཟོ། དད་པ་སྐྱེས་ནས་སྐྱབས་སུ་མཆི་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ངན་སོང་གི་གནས་ནས་ཐར་ཏེ། འཕགས་པའི་ལམ་ལ་འཇུག་པར་གྱུར་ཅིག །བདག་ཅག་དགེ་འདུན་རྣམས་ལ་ཁྱབ་ནས་བདག་ཅག་ཀྱང་འགྲོ་བའི་དོན་དཔག་ཏུ་མེད་པར་སྒྲུབ་ནུས་པའི་མཐུ་ཐོགས་པ་མེད་པ་ཐོབ་སྟེ། དེ་བཞིན་གཤེགས་པ་དག་དང་སྐུ་དང་གསུང་དང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་པས། བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་གནོད་པ་དང་། བཀྲ་མི་ཤིས་པ་དང་། མི་བདེ་བ་ཐམས་ཅད་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་སྐྱེད་པར་བྱེད་པའི་བདུད་རྩིའི་དག་བྱེད་དུ་གྱུར་ཅིག །ཆེ་གེ་མོའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་དུ་ཁྱབ་སྟེ། ནད་དང་བཀྲ་མི་ཤེས་པ་དང་། གནོད་པ་ཐམས་ཅད་བསལ་ཞིང་ཞི་ནས་ལུས་དང་སེམས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་ཏེ། རྡོ་རྗེ་ལྟ་བུར་མཁྲེགས་ཤིང་བརྟན་པ་དང་། ཆོས་ཀྱི་སྣོད་དུ་རུང་བར་གྱུར་ཅིག །གཞན་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་པ་ཐབས་མཁས་པའི་སྒོ་སྣ་ཚོགས་པས། འཕགས་པ་ཐམས་ཅད་འགྲོ་བ་མ་ལུས་པའི་དོན་རྫོགས་པར་མཛད་པར་གྱུར་ཅིག །བདག་ཅག་དགེ་འདུན་གྱིས་སེམས་ཀྱི་དམིགས་པ་འགའ་བསྐྱེད་པ་དང་། གཟུངས་ཀྱི་ཚིག་འབྲུ་འགའ་བརྗོད་པ་ཡང་འཕགས་པ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་། ཚིག་འབྲུ་མཐའ་ཡས་པར་རྫོགས་ཤིང་རྣམ་པར་དག་པར་བྱིན་གྱིས་བརླབས་པར་གྱུར་ཅིག །ཅེས་དེ་སྐད་ལན་གསུམ་བཟླས། ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམ ས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་རླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་ཏུ་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བཟླས། འཕགས་པ་རྣམས་ཀྱི་དགོངས་པ་བསྐུལ་ཞིང་གླིང་གཞིར་གྱུར་པའི་གཟུངས་ཀྱི་མདོ་སྡེ་ཚར་ཉེར་གཅིག་ཕྱིན་ཞིག་ཀྱང་བཟླ་ལ་བཀླག་དེའི་འོག་ཏུ་འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་པར་ངེས་པའི་ཡིད་ཆེས་བསྐྱེད་དེ། ཇི་ལྟར་བདེན་པས་བསྔོས་པ་བཞིན་མངོན་སུམ་དུ་དམིགས་ཤིང་བསམ། དེ་ནས་འོད་ཟེར་འཕྲོས་པས་ནད་པ་དང་། གཟུངས་ཆབ་ལ་ཁྱབ་པར་མངོན་དུ་དམིགས་བཞིན་དུ་གཟུངས་ཀྱི་མདོ་སྡེ་ཚར་ཕྱིན་ཞིག་ཀྱང་བཟླ་ལ་བཀླག །གཟུངས་རྣམ་གཉིས་བརྒྱ་རྩ་བརྒྱད་ཀུན་གྱིས་བཟླས་ཤིང་། ཟློས་མཁན་རྣམས་ཀྱིས་ནད་པ་འཕགས་པའི་ཚོགས་མངོན་དུ་ཕྱོགས་པར་བཞག་ལ་རྨ་བྱའི་སྒྲོ་ལྔས་བྱབ་པོ། དེ་ནས་ནད་པས་ཕྱོགས་བཞི་ནས་མཆོད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་འདེབས་སུ་སྩལ་ཏེ། ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དམ་པའི་ཆོས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་། རང་རྒྱལ་བའི་དགེ་འདུན་དང་བཅས་པ་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །ཕྱོགས་བཅུ་ན་མཆོད་རྟེན་སྐུ་གདུང་དང་རིང་བསྲེལ་དང་བཅས་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ཀུ་བེ་ར་དང་། ཚང་པ་དང་། ཁྱབ་མཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་གནས་ཀྱི་ལྷའི་སྲས་ཐམས་ཅད་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་སྲས་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་སོགས་པ། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་དང་། དེ་ལ་བརྟེན་པའི་གང་ཟག་རྣམ་བསྲུང་ཞིང་བསྐྱང་བར་ལྷག་པར་ཕྱག་མཚན་དུ་བཞེས་པ་རྣམས་དང་། གཞན་ཡང་སྔོན་གདན་འཛོམས་པ་ཆེན་པོས་བཀས་གཏད་ཅིང་སོ་སོ་ནས་ཀྱང་། ལྷའི་ངག་རྟག་པས་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་བསྲུང་ཞིང་བསྐྱང་བར་ཐུགས་དམ་མངའ་བ། འཕགས་པ་དམ་པའི་ཆོས་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་བཞུགས་པ་ཐམ ས་ཅད་ལ་གུས་པས་ཕྱག་འཚལ་ལོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་དྲི་ཆབ། བདུག་སྤོས་དང་མེ་ཏོག །ཞལ་ཟས་དང་མར་མེ། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་རྫས་དང་། མིའི་ཡོ་བྱད་ཕུན་སུམ་ཚོགས་པ་ཅི་མཆིས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པའི་ཆོས་ཀྱི་དབྱིངས་སུ་གཏོགས་པ་ཐམས་ཅད་རྒྱས་པར་བཀང་སྟེ་དབུལ་ཞིང་མཆོད་དོ། །དེ་ལྟར་ལན་གསུམ་བཟླས། འཕགས་པ་ཐམས་ཅད་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཐོག་མར་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་ལུས་དང་ངག་དང་ཡིད་ཀྱིས་སངས་རྒྱས་དང་། །ཆོས་དང་། དགེ་འདུན་དང་། ཕ་མ་དང་། སེམས་ཅན་གཞན་དག་ལ་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་ཤིང་བསྡུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པའི་སོ་སོར་བཤགས་པས་འཆགས་སོ། །མི་འཆབ་བོ། །སླན་ཆད་ཀྱང་འདི་ལྟ་བུ་མི་བགྱིད་དོ། །དེ་ལྟར་ལན་གསུམ་དུའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བླ་ན་མེད་པ་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་བ་དང་། འཕགས་པ་ཉན་ཐོས་ཐམས་ཅད་དང་། འགྲོ་བ་མ་ལུས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དེ་ལྟར་ལན་གསུམ་དུའོ། །བདག་མིང་འདི་ཞེས་བགྱི་བས་སངས་རྒྱས་ཀྱི་གདུང་མི་བཅད་པར་བགྱི་བའི་སླད་དུ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མ་མཆིས་ཀྱི་བར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིགས་པ་ཐམས་ཅད་དང་བྲལ་བ། སྐྱེས་བུ་ཆེན་པོ་ཁྱུ་མཆོག །སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ། ཆོས་ཀྱི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པ་དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ། སོ་སོ་རང་གིས་རིག་པ་ལ་སྐྱབས་སུ་མཆིའོ། །དགེ་འདུན་དུལ་བ་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཞི་བའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ལྟར་ལན་གསུམ་དུའོ། །བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། དུས་ཇི་ལྟ་བ་དང་སྟོབས་ཅི་མཆིས་པ་བཞིན་དུ་བདག་འབུལ་ཞིང་མཆིས་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་བདག་བཞེས་སུ་གསོལ། དེ་ལྟར་ལན་གསུམ་དུའོ། །ཕྱོགས་བཅུའི་སྟོན་པ་བླ་ན་མེད་པ་སངས་རྒྱས་ཐམས་ཅད་ལ། འགྲོ་བ་མང་པོ་ལ་ཕན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་སྐོར་བར་བསྐུལ་ལོ། །དེ་ལྟར་ལན་གསུམ་དུའོ། །འཇིག་རྟེན་གྱི་སྒྲོན་པ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་རྣམས་ལ། འགྲོ་བ་མང་པོའི་དོན་མཛད་ཅིང་འཇིག་རྟེན་ན་གཏན་དུ་བཞུགས་པར་གསོལ་བ་འཚལ་ལོ། །དེ་ལྟར་ལན་གསུམ་དུའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པའི་སླད་དུ། ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ནམ་སྙིང་པོ་བྱང་ཆུབ་ལ་གནས་ཀྱི་བར་དུ། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེད་མཆེད་དང་། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་སྟོང་ཉིད་ཀྱི་ངོ་བོ་ཉིད་བྱང་ཆུབ་སེམས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་མཛད་ནས། ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་བཞེས་བགྱི་བ་ཡང་བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་བགྱི་ཏེ། བདག་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རབ་དུ་སྐོར་བ་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ན ས་ཚོགས་ཡོངས་སུ་བསྡུས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཚོགས་ཡོངས་སུ་བསྡུ་བར་བགྱིའོ། ༈ །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་ལྟར་ལན་གསུམ་དུའོ། །བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་འདི་དང་། གཞན་ཡང་བདག་གིས་བསོད་ནམས་ཅུང་ཟད་ཅི་བགྱིས་པ་དང་། བགྱིད་པ་དང་། བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཕ་མ་ལ་སོགས་པ་སེམས་ཅན་ཐམས་ཅད་དང་། བདག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །བདག་གི་བསོད་ནམས་འདིས་ཕ་མ་ལ་སོགས་པ་སེམས་ཅན་མ་བསྒྲལ་བ་རྣམས་ནི་བསྒྲལ་ལོ། །མ་གྲོལ་བ་རྣམས་ནི་དགྲོལ་ལོ། །དབུགས་མ་ཕྱིན་པ་རྣམས་ནི་དབུགས་དབྱུང་ངོ་། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་བཟླའོ། །མངོན་པར་རྫོགས་པར་སངས་མ་རྒྱས་པ་རྣམས་ནི་མངོན་པར་རྫོགས་པར་འཚང་བརྒྱ་བར་བགྱིའོ། །སྐྱབས་མ་མཆིས་པ་དང་། གནས་མ་མཆིས་པ་དང་། དཔུང་གཉེན་མ་མཆིས་པའི་འཇིག་རྟེན་ལ་སྐྱབས་དང་། གནས་དང་། དཔུང་གཉེན་དུ་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་རླབས་ཆེན་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་བར་བགྱི། །དེས་ན་བདག་སྦྱིན་པ་སྩོལ་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་འཇོག་པ་དང་། ཤེས་རབ་རྣམ་པར་དཔྱོད་པ་དང་། ཐབས་མཁས་པ་ལ་སློབ་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེེ་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ས་ཆེན་པོ་ལ་གན ས་པ་རྣམས་ཀྱི་རྗེས་སུ་མཐུན་པར་འཇུག་གོ །འཕགས་པ་དག་བདག་བྱང་ཆུབ་སེམས་དཔའ་ལགས་པར་བཟུང་དུ་གསོལ། ས་དང་ཆུ་དང་མེ་དང་རླུང་། །རྩི་དང་ནགས་ཀྱི་ཤིང་ལྟ་བུར། །རྟག་ཏུ་སྲོག་ཆགས་ཐམས་ཅད་ཀྱིས། །འདོད་དགུར་རྟག་ཏུ་སྤྱོད་པར་ཤོག །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པས་ཀྱང་། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བར་བགྱིད་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་གྱུར་ཅིག །ངན་འགྲོ་དག་ནི་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །དེ་ལྟར་ལན་གསུམ་དུའོ། །དེ་ལྟར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་། མཆོད་པ་དང་། བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་པ་ལ་སོགས་པའི་བསོད་ནམས་དང་། དམ་པའི་ཆོས་ཀྱི་སྦྱིན་པ་བསྒྲགས་ཤིང་། ཆོས་ཀྱི་སྐུའི་མཆོད་རྟེན་ཚུལ་བཞིན་བགྱིས་ཏེ་མཆོད་པ་ལ་སོགས་པ་དགེ་རླབས་པོ་ཆེ་དག་གི་སྟོབས་ཀྱིས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་དང་གཞན་གྱི་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་མཛད་པའི་དགོངས་པ་ལྷུན་གྲུབ་པར་གྱུར་ཅིག །ཕོ་བྲང་གི་དཀྱིལ་འཁོར་ཐམས་ཅད་དུ་བཟང་པོ་སྤྱོད་པའི་མཆོད་པའི་སྤྲིན་རྒྱས་པས་ཀླུབས་པར་གྱུར་ཅིག །དམ་པའི་ཆོས་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་འཇིག་རྟེན་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཏེ། ཡི་གེ་འབྲི་བ་དང་། མཆོད་པ་དང་། བཀླག་པ་དང་། འདོན་པ་དང་། སྦྱིན་པ་དང་། འཆད་པ་དང་། ཉན་པ་དང་། བསམ་པ་དང་། བསྒོམ་པ་མངོན་དུ་བྱེད་པའི་སྒོ་ནས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་སོ་སོའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམས་སུ་ཐོག་པ་མེད་པར་འཇུག་ཅིང་། དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་བཀའ་ལུང་ཡང་དག་པར་བསྒྲུབ་པ་དང་། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་བགྱི་བ་ལ་ཡོ་བྱད་ཅིས་ཀྱང་མི་བཟང་ཞིང་ཐབས་མཁས་པ་དང་མཐུ་ཕུན་སུམ་ཚོགས་པའི་དབང་དུ་འབྱོར་བར་གྱུར་ཅིག །འཕགས་རང་པ་རྒྱལ་དང་ཉན་ཐོས་ཐམས་ཅད་སོ་སོའི་རྣམ་པར་ཐར་པ་མཐར་ཕྱིན་ནས་ཐེག་པ་བླ་ན་མེད་པའི་སྒོར་གཞོལ་ཞིང་བསྒྲུབས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་རང་གི་འཁོར་ཡོངས་སུ་སྨིན་པར་མཛད་པ་དང་། ཕས་ཀྱི་རྒོལ་བ་ཚར་གཅད་པའི་མཐུ་དཔལ་དང་། ཐབས་མཁས་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ཐུགས་དམ་རླབས་པོ་ཆེ་ཐམས་ཅད་ཡོངས་སུ་སྐོང་བ་དང་ལྷུན་གྱིས་གྲུབ་པའི་དབང་ཐོབ་པ་དང་། སོ་སོའི་རྣམ་པ་ཤར་པ་མྱུར་དུ་རྫོགས་ཤིང་ཆོས་ཀྱི་མངའ་བདག་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཡང་མྱུར་དུ་ཐོབ་པར་གྱུར་ཅིག །ཆེ་གེ་མོ་ཕ་སྤུན་འཁོར་དང་བཅས་པ་ལ་གཡོ་མེད་པར་ལྷག་པར་འགོ་ཞིང་ཕན་འདོགས་པའི་ལྷ་མགོན་ཐམས་ཅད་ལུས་དང་སེམས་ཀྱི་རྒྱུད་ཀྱི་སྡིག་པ་དང་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་དང་ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར་ཅིག །དཀོན་མཆོག་བླ་ན་མེད་པ་གསུམ་པོ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡོངས་སུ་རྫོགས་པར་བསྒྲུབས་ནས། རིམ་གྱིས་སངས་རྒྱས་ཀྱི་གོ་འཕང་མཆོག་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག །རང་གི་འཁོར་སྐྱོང་བ་དང་ཕས་ཀྱི་རྒོལ་བ་ཚར་བཅད་པ་ལ་མཐུ་དང་ཐབས་མཁས་པ་ཕུན་སུམ་ཚོགས་པར་གྱུར་ཅིག །མུ་མེད་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་སྒྲིབ་པ་ཐམས་ཅད་ནི་བྱང་། སྡུག་བསྔལ་དང་གནོད་པ་ཐམས་ཅད་ནི་ཞི། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ནི་ཡོངས་སུ་རྫོགས་ཏེ་འཁོར་བའི་སྐྱོན་ཐམས་ཅད་སྤངས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པ་གཡུང་དྲུང་གི་སྐུ་མྱུར་དུ་ཐོབ་པར་གྱུར་ཅིག །དེ་ལྟར་དགེ་བའི་རྩ་བ་རླབས་པོ་ཆེ་ཐམས་ཅད་མ་ལུས་པ་འཕགས་པ་ཐམས་ཅད་ལ་ཕུལ་བ་དང་། འགྲོ་བ་ཐམས་ཅད་ལ་བསྟབས་ཤིང་བསྔོས་པ་ལ་སོགས་པ་དང་། ཆེ་གེ་མོས་དུས་ཐོག་མ་དང་ཐ་མ་མཆིས་པའི་འཁོར་བ་ནས་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པའི་སྟོབས་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་པ་དང་། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོ་རྒྱལ་པོ་དང་། འདུས་པ་རིན་པོ་ཆེའི་ཏོག་དང་། གཙུག་ན་རིན་པོ་ཆེ་དང་། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་དང་། གཟུངས་ཟབ་ཅིང་རྒྱ་ཆེ་བ་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་མཆོད་དེ་བཀླགས་ནས། ཆོས་ཀྱི་སྐུའི་མཆོད་རྟེན་ཚུལ་བཞིན་བགྱིས་པའི་བསོད་ནམས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་ཀྱིས་མདོ་སྡེ་དང་གཟུངས་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་ཆེ་གེ་མོས་འཕྲལ་དུ་ཐོབ་ཅིང་ཡོངས་སུ་རྫོགས་ནས་མངོན་དུ་གྱུར་ཅིག །ཆེ་གེ་མོའི་ཐོག་མ་མཆིས་པའི་འཁོར་བ་ནས་འགྲོ་བ་བརྒྱུད་པ་རྣམས་སུ་སྡིག་པ་མི་དགེ་བའི་ལས་ཀྱི་སྒྲིབ་པར་འགྱུར་བ་ཉོན་མོངས་པ་སྣ་ཚོགས་ཀྱི་དབང་གིས་བྱུང་བ་འདི་ལྟ་སྟེ། ལས་ཀྱི་སྒྲིབ་པའམ། ཉོན་མོངས་པའི་སྒྲིབ་པའམ། ལྟ་བའི་སྒྲིབ་པའམ། མི་ཤེས་པའི་སྒྲིབ་པའམ། རྣམ་པར་སྨིན་པའི་སྒྲིབ་པའམ། ཆོས་ཀྱིས་ཕོངས་པར་འགྱུར་བའི་སྒྲིབ་པ་ལ་སོགས་པ་ལས་གང་གིས། ཆེ་གེ་མོ་ངན་སོང་གསུམ་དུ་མཆི་བར་འགྱུར་བའམ། མི་ཁོམ་པར་སྐྱེ་བར་འགྱུར་བ་དང་། དཀོན་མཆོག་གསུམ་མངོན་པར་མི་རིག་ཅིང་མི་གུས་མི་འཛིན་པར་འགྱུར་བའམ། དགེ་བའི་བཤེས་གཉེན་གྱིས་མི་འཛིན་པར་འགྱུར་བའམ། བྱང་ཆུབ་ཀྱི་སེམས་དང་དགེ་བའི་ཕྱོགས་ལས་ཉམ་ཤིང་བདུད་ཀྱིས་ཆོམ་པར་འགྱུར་བའམ། འཁོར་བའི་ཆོས་རྣམས་ཀྱིས་ཀུན་ཏུ་འཇོམས་པར་འགྱུར་བའམ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་བསྒྲུབ་པ་ལ་མི་ཕྱོགས་ཤིང་མི་བསྒྲུབ་པར་འགྱུར་བ་ལ་སོགས་པའི་སྡིག་པའི་ལས་སྣ་ཚོགས་ཆེ་གེ་མོ་ཉིད་ཀྱིས་བགྱིས་པའམ། བགྱིད་དུ་སྩལ་བའམ། བགྱིད་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་ཅི་མཆིས་པ་ཐམས་ཅད་མ་ལུས་བར་བསལ་ཏེ་གཞན་ནས་ཞི་ཞིང་བྱང་བར་གྱུར་ཅིག སྔོན་གྱི་ལས་དེ་ལྟ་བུའི་རྣམ་པར་སྨིན་པ་ཡང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ། ད་ལྟར་གྱི་ལུས་འདི་ལ་ནད་ཀྱི་རྣམ་པ་མང་པོས་གདུངས་བ་དང་། མི་དང་མི་མ་ལགས་པས་ངན་དུ་བགྱིས་ཤིང་གཙེས་པ་དང་། ཚེ་ཐུང་བ་དང་། སྡུག་བསྔལ་མང་པོ་འབྱུང་བར་འགྱུར་བ་དང་། འཁོར་དང་ཡོ་བྱད་མི་མཐུན་པ་སྦྱིན་པ་དང་། བསམ་པ་མི་འགྲུབ་ཅིང་བར་དུ་གཅོད་པ་མང་བ་ལ་སོགས་པས་གནོད་པ་དང་། མི་དགེ་བ་དང་། བཀྲ་མི་ཤིས་པ་དང་། ངན་པ་དང་། སྡིག་ཏོར་བགྲང་བ་ཐམས་ཅད་ཞི་ཞིང་གཏན་དུ་མི་འབྱུང་བར་གྱུར་ཅིག །གདོན་བགེགས་དང་། གནོད་པ་བགྱིད་པ་ཐམས་ཅད་དང་བྲལ་ཞིང་གྲོལ་ནས་གདོན་བགེགས་དེ་དག་བྱམས་ཤིང་ཞི་བའི་སེམས་ཀྱིས་སླར་གནོད་པའི་སྦྱོར་བ་ངན་པ་བྱས་པ་ཐམས་ཅད་བཤིག་ནས། རང་རང་གི་གནས་སུ་དེངས་ཤིང་ཕྱིན་ཆད་ནམ་དུ་ཡང་གནོད་པ་ཅི་ཡང་མི་བྱེད་པར་གྱུར་ཅིག །འཕྲལ་དུ་ཡང་ཚེ་རིང་ཞིང་ནད་མ་མཆིས་པ་དང་། འཁོར་དང་ཡོ་བྱད་མཐུན་ཞིང་འབྱོར་པ་ཕུན་སུམ་ཚོགས་པ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཐམས་ཅད་དང་ལྡན་པར་གྱུར་ཅིག །ཚེ་རབ་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ལུས་དང་། ལོངས་སྤྱོད་དང་། འཁོར་དང་། གྲོགས་དང་། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་དང་། ལྡན་པར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་དང་རྟག་ཏུ་ཕྲད་ཅིང་། ཐོས་པ་དང་། བསམ་པ་དང་། སྒོམ་པའི་སྒོ་ནས་དོན་མངོན་སུམ་དུ་བགྱིད་པར་གྱུར་ཅིག །དམ་པའི་ཆོས་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་རྒྱུན་དུ་འགྲོགས་ཤིང་མཉེས་པར་བགྱིད་པར་གྱུར་ཅིག །མདོར་ན་སེམས་ཅན་ཐམས་ཅད་ཀྱི་དོན་བགྱི་ཞིང་འཕགས་པའི་ལམ་བསྒྲུབ་པ་ལ་ཡོ་བྱད་ཅི་ནས་ཀྱང་མི་བཟུང་ཞིང་ཐབས་མཁས་པ་དང་། ཤེས་རབ་ཀྱི་མཐུ་ཐོགས་པ་མེད་པ་དང་ལྡན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་བདེ་བླག་ཏུ་ཉམས་འོག་ཏུ་ཆུད་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་གཡུང་དྲུང་གི་སྐུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཆེན་པོ་མྱུར་དུ་ཐོབ་ནས་སེམས་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཞིང་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འགོད་པར་གྱུར་ཅིག །དེའི་རྗེས་ལ་གཟུངས་ཆབ་སྩལ། །དེའི་རྗེས་ལ་ལན་བརྒྱ་རྩ་བརྒྱད་མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་དང་། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་དག་བཀླག །བཟང་པོ་སྤྱོད་པ་ལ་སོགས་པ་ཞལ་ཏོན་དུ་བགྱི་སྟེ། མཆོད། དེ་ནས་བཟོད་པ་གསོལ་ཏེ། འཕགས་པ་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། དེང་འདིར་ཕྱོགས་བཅུའི་འཕགས་པ་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ནས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་ཀྱི་སྒོ་ནས། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་འཚལ་བ་དང་། བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་ཀྱི་སྦྱོར་བ་ཉོན་མོངས་པ་དང་འདྲེས་པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་གཙང་སྦྲས་མ་ཕྱེད་པ་དང་། མདོ་ལས་འབྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཅིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པ་དང་ཚངས་པར་གསོལ་ཏེ་མཐོལ་བཤགས་ཤིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། དེ་ནས་སླར་གཤེགས་པར་གསོལ་ཏེ། འཕགས་པ་རྣམས་ཀྱིས་བདག་ཅག་ལ་སོགས་པ་འགྲོ་བ་ཉམ་ཐག་པ་རྣམས་ཀྱི་དོན་མཛད་ཅིང་བཀའ་དྲིན་སྩལ་ལགས་ཏེ། ད་དུང་ཡང་བདག་ཅག་ལ་ཐུགས་བརྩེ་བ་ཡང་དང་ཡང་དུ་གདན་འཛོམ་པར་མཛད་པས་དགོངས་ཤིང་། སོ་སོའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བ་མང་པོའི་དོན་ལ་གཤེགས་པ་སྩལ་དུ་ཅི་གནང་། དེ་ནས་བསྔོ་བའི་ཚིགས་སུ་བཅད་པ་འདོན། དེ་ནས་རྗེས་སུ་ཞི་བའི་ཚིགས་སུ་བཅད་པ་འདོན་ཏེ་གྱེས་སོ། །མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་ཆོ་ག་སློབ་དཔོན་བོ་དྷི་ས་ཏྭས་མཛད་པ་རྫོགས་སོ།། ༄༅ །།འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་། མཆོད་རྟེན་བརྒྱ་རྩ་བརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། སློབ་དཔོན་ཆེན་པོ་བོདྷི་ས་ཏྭས་མཛད་པ་བཞུགས་སོ། །འཕགས་པ། མཆོད་འབུལ་ཞེས་བྱ་བ་འདི་ཡིན་ནོ། །མཆན། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་། མཆོད་རྟེན་བརྒྱ་རྩབརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། གཙུག་ཏོར་དྲི་མ་མེད་པར་སྣང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་བཟླས་ཞིང་མཆོད་རྟེན་གདབ་པའི་ཐབས་ལ། དེར་གཏོགས་པ་ཐམས་ཅད་ཕྱིའི་ཁྲུས་ཀྱང་བྱ། མགོ་མཇུག་ཀུན་ཏུ་གནོད་སེམས་དང་། བརྣབ་སེམས་དང་། མ་དད་པ་དང་། ལེ་ལོ་དང་། གཉིད་ལ་སོགས་པའི་ཉོན་མོངས་པའི་སྐྱོན་དང་སེམས་མ་འདྲེས་པར་བསྡམས་ཤིང་། གནོད་པ་དང་། འཚེ་བའི་ལས་མ་ཤོར་བར་བྱ། དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་མཐུའི་ཁྱད་པར་དང་། མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་པ་དང་དད་ཅིང་གུས་པ་ཆེར་བསྐྱེད། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེར་བསྐྱེད་དོ། །ཁྱིམ་པ་ཞིག་ན་བསྙེན་གནས་ཀྱི་ཁྲིམས་བཟུང་ལ། དེ་ནས་མཆོད་རྟེན་གདབ་པའི་ཡོ་བྱད་རྣམས་བཤམས་ལ། འཇིམ་པ་བརྐོབ་ནས་བཏབ་ཅིང་དཀྱིལ་འཁོར་དུ་བཞུགས་པའི་བར་དུ་མཆོད་རྟེན་གྱི་ཆོ་ག་བཞིན་དུ་ནང་པར་སྔ་དྲོ་ཐེབས་པར་བྱ། མཆོད་པའི་ཆོ་ག་དང་ཡོ་བྱད་བཤམས་པ་ཡན་ཆད་ལེགས་པར་བགྱི། མཆོད་རྟེན་འདེབས་པའི་ཟླ་ལ་ཆོས་ཀྱི་སྦྱིན་པ་དང་། འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གསེར་འོད་དམ་པ་དང་། རིན་པ་ཆེའི་ཏོག་དང་། གཙུག་ན་རིན་པོ་ཆེ་དང་། གཙུག་ཏོར་དྲི་མ་མེད་པའི་གཟུངས་ཀྱི་མདོ་སྡེ་ཚར་ཉེར་གཅིག་ཕྱིན་རྒྱུན་མི་འཆད་པར་བཀླག །ཡིད་བཞིན་གྱི་ནོར་བུའི་གཟུངས་རྣམ་གཉིས་ཀྱི་འཛབ་གྲ་གཅིག་ཀྱང་བཟླ། མདོ་སྡེ་དག་ཀྱང་མཆོད་ཅིང་ཆོས་ཀྱི་སྦྱིན་པ་བསྔོ་བ་དང་། སྤྱན་དྲངས་པ་ལ་སོགས་བ་སྣ་ལ་བགྱིས་ནས་བཀླག་གོ །མདོ་སྡེ་དེ་སྙེད་མ་ལྷོགས་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་གཟུངས་ཚར་གང་བྱུང་ཞིག་བཏོན་པའི་འོག་ཏུ་སྙིང་པོ་བཟླ་བར་བྱའོ། །དེ་ནས་མཆོད་རྟེན་ཐེབས། མཆོད་པ་བཤམས། གསུང་རབ་རྫོགས་ནས། བར་སྐབས་དེར་ཅུང་ཞིག་བསངས་ཏེ། དེ་ནས་སྔ་དྲོ་དགེ་འདུན་སྤྱིར་ཚོགས་ནས་མཆོད་པ་སོགས་རིམ་བཞིན་བགྱིའོ། །མཆོད་པ་བཤམ་པའི་ཐབས་འབྱོར་བའི་སྟོབས་ཅི་ནུས་པ་དང་སྦྱར་ཏེ། སྤོས་ཀྱི་མཎྜལ་ཆེན་པོའི་དབུས་སུ་ཚོན་ཕྱེའམ། མེ་ཏོག་རིན་པོ་ཆེ་སྣ་ལྔའི་ཕོ་བྲང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བྲིས་པའི་དབུས་སུ་པདྨ་ཆེན་པོའི་སྟེང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་ཤོང་བའི་གདན་སེང་གེའི་ཁྲི་ལ་པདྨ་བཞག་ལ། རེའུ་མིག་ཆེན་པོ་བརྒྱ་དང་། ངོས་བཞིའི་དབུས་སུ་རེའུ་མིག་གཉིས་གཉིས་སུ་བགྱི་སྟེ་བརྒྱ་རྩ་བརྒྱད་བཤམས་པའམ། མཆོད་རྟེན་ལྔ་པ་ཞིག་ན་འཚམས་པར་སྦྱར་ཏེ། དེ་ལ་མཆོད་རྟེན་བཞུགས་སུ་གསོལ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་གཅིག་ཀྱང་དབུས་སུ་བཞུགས། བར་གྱི་སྣམ་བུ་གཅིག་གམ་གཉིས་ལ་པདྨ་མང་པོ་དགྲམ་ཞིང་འཕགས་པ་གདན་འཛོམ་པའི་གདན་དུ་བཤམ་ཞིང་། གཟུངས་ཆབ་ཀྱི་བུམ་པ་ཁ་རྒྱན་ཅན་བཞི་ཡན་ཆད་དུ་འབྱོར་པ་ངོས་བཞིར་བཞག །དེའི་ཕྱི་རོལ་གར་འོས་པར་བཤོས་དང་། མཆོད་ཡོན་ལ་སོགས་པ་མཆོད་པ་རྒྱས་པར་དགྲམ། སྟེང་དུ་བླ་བྲེ་དང་། འཕན་དང་། བ་དན་དམར་པོ་བརྒྱ་རྩ་བརྒྱད་ཡན་ཆད་རྒྱས་པར་དགྲམ། གྲ་བཞིར་པོག་ཕོར་ཙནྡན་དང་། ཨ་ག་རུ་དང་། ཏུ་རུ ཥྐ་དང་། གུ་གུལ་གྱི་བདུག་པས་བདུག་གོ །སྒོ་བཞིར་མཆོད་ཡོན་བཞི་བཤམ། གཞན་ཡང་མཆོད་པ་ཅི་ནུས་སུ་རྒྱས་པར་བགྱིའོ། །བུམ་པའི་ཁར་ཡུངས་ཀར་དང་བྱེ་མ་ཡང་བཞག་ཅིང་བཟླས་ལ། དུར་ཁྲོད་ངམ་ཕྱོགས་ཀུན་ཏུ་ཡང་གཏོང་ངོ་། །དང་པོར་མཆོད་པ་བཤམས་ལ་དགེ་འདུན་འཚོགས་ནས་ཕྱོགས་བཅུའི་འཕགས་པ་ཐམས་ཅད་ལ་ཕྱག་བགྱི། དེ་ནས་ཆོས་ཐམས་ཅད་དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་ནུས་ཀྱིས་བསྒོམ། ཏིང་ངེ་འཛིན་དེ་ལས་ལངས་ཆོས་ཐམས་ཅད་དོན་དམ་པར་དེ་ལྟ་བུ་ཡིན་ལ། འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས། སྐུ་དང་གསུང་དང་ཐུགས་ནམ་མཁའ་དང་འདྲ་བར་གྱུར་ཏེ། སྒྲིབ་པ་མི་མངའ་ཞིང་མཐུ་དང་བྱིན་གྱིས་རླབས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་པ་ཡང་རུང་ན། ཀྱེ་མའོ་སེམས་ཅན་འདི་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ཏེ་རྨོངས་པས་ཉོན་མོངས་པ་དང་སྡུག་བསྔལ་མང་པོས་གཟིར་ཅིང་ཉམ་ཐག་པའི་གནས་སུ་ལྷུང་བར་གྱུར་ལ། སེམས་ཅན་ཐམས་ཅད་ཀྱང་ཐོག་མ་མེད་པའི་འཁོར་བ་ནས་འགྲོ་བ་བརྒྱུད་པ་རྣམས་སུ་བདག་གི་གཉེན་དམ་པ་དྲིན་གྱི་ཞིང་དུ་མ་གྱུར་པ་གང་ཡང་མེད་ཅིང་། བདག་གིས་ཀྱང་དང་པོ་བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་དེ་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་བསྒྲུབ་པར་དམ་བཅས་པའི་ཚེ་སེམས་ཅན་ཐམས་ཅད་བདག་གིས་བླངས་ཟིན་པས། འདི་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་དོར་བ་ནི་མི་རིགས་ན། འདི་དག་ཇི་ལྟར་སྡུག་བསྔལ་ལས་ནི་གདོན། བདེ་བ་ལ་ནི་ཇི་ལྟར་དགོང་པར་བྱ་སྙམ་དུ་སྙིང་རྗེ་དང་བྱམས་པ་ཆེན་པོ་དང་ལྡན་པས་བརྩོན་པའི་སེམས་དྲག་ཏུ་བསྐྱེད་པར་བྱའོ། །ཡང་འདི་སྙམ་དུ་བསམ་སྟེ། བདག་ནི་དུས་ངན་པའི་སེམས་ཅན་སྤྱོད་པ་དང་མཐུ་དམན་པ་ཡིན་པས། བདག་ཉིད་གཅིག་པུས་འཕྲལ་དུ་དོན་རླབས་པོ་ཆེ་འདི་ལྟ་བུ་མི་ལྕོགས་ཀྱིས་སྟོན་པ་བདེ་བར་གཤེགས་པས་སྔོན་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས་གསུངས་པ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྙིང་པོ་ལ་རྣམ་པར་ལྟ་བའི་གཟུངས་ལ་བརྟེན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ལ་མཐུ་བསྟན་པ་དང་དཔུང་གཉེན་དུ་གསོལ་ཏེ། ད་ལྟར་ནི་འཕགས་པའི་མཐུ་དང་བྱིན་གྱིས་རླབས་ཀྱིས་འགྲོ་བ་རྣམས་ལ་ཕན་པ་བསྒྲུབ་པར་བྱས་ལ། ཕྱིས་ནི་བདག་ཉིད་གཅིག་པུས་གཞན་ལ་ལྟོས་པ་མེད་པར་ཡང་ཐབས་མཁས་པའི་སྒོ་སྣ་ཚོགས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པ་ཡང་དག་པར་བསྒྲུབ་པར་བྱའོ། །སྙམ་དུ་བསམ་མོ། །དེ་ལྟར་སྙིང་རྗེ་དང་བྱམས་པའི་སེམས་བསྐྱེད་པའི་འོག་ཏུ་ཚ་ཚ་ཐེབས་ནས་བྱ་བའི་རིམ་པ་ལ། དང་པོར་བདེན་པ་བདར་ཞིང་གནས་བྱིན་གྱིས་བརླབ། དེ་ནས་སྤྱན་དྲངས། དེ་ནས་བསྟོད་པ་བྱ། དེ་ནས་བསུ་བའི་ཨརྒྷཾ་གསོལ། དེ་ནས་གདན་ལ་བཞུགས་སུ་གསོལ། དེ་ནས་སྐུ་ཁྲུས་གསོལ། ཁྲུས་ཀྱི་སྨོན་ལམ་བྱ། དེ་ནས་ཕྱག་འཚལ་། དེ་ནས་མཆོད་པ་དབུལ། དེནས་ཡོན་ཆབ་གསོལ། དེ་ནས་རང་བྱུང་དཔའ་བོས་བསྟོད། གཏོར་མ་བསྔོ་བ་ཞར་ལ་བྱ། དེ་ནས་སྡིག་བཤགས། དེ་ནས་དགེ་བའི་རྩ་བ་ཀུན་ལ་རྗེས་སུ་ཡི་རང་བར་བྱ། ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་མ་གདབ། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ། བླ་ན་མེད་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ། ཤིས་པ་བརྗོད་པ ། སེམས་ཅན་དང་འཕགས་པའི་ཚོགས་ལ་བསོད་ནམས་བསྟབ་པ། དགེ་བའི་རྩ་བ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། སྐབས་འདིར་མཆོད་རྟེན་གྱི་བསྐོར་བའི་ཚིགས་སུ་བཅད་པ་དང་། དེའི་ཕན་ཡོན་དང་སྨོན་ལམ་ལ་སོགས་པ་ཅི་ནུས་ཀྱིས་རྒྱ་ཆེར་བཀླག །དེ་ནས་བསྐོར་བ་བདུན་ཡན་ཆད་བསྐོར་བར་བགྱི། དེ་ནས་བཤགས་ཤིང་བཟོད་པར་གསོལ། དེ་ནས་གཤེགས་སུ་གསོལ་བར་བགྱི། སེམས་ཅན་གྱི་དོན་བྱ་བའི་ཕྱིར་འཕགས་པ་གདན་འཛོམ་པའི་ཕོ་བྲང་དང་། མཆོད་པའི་ཚོགས་བཤམས་པ་བདེན་པ་བདར་ཞིང་ཡིད་ཀྱིས་བསྔོ་སྟེ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་ཀྱི་མདོ་ལས་བྱུང་བའི་ཆོ་ག་བཞིན། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་གནས་འདིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོངས་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འདི་དག་གིས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ་ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྦྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་ཤིང་གསེར་དང་མུ་ཏིག་གི་བྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང་། ཀུ་མུ་ཏ་དང་། པདྨ་འགྱིངས་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང་། ཆུ་བྱ་སྣ་ཚོགས་སྒྲ་སྙན་པར་སྒྲོགས་པ། དགའ་ཞིང་འཕྱོལ་ལྡིང་བས་བརྒྱན་དང་ལྡན་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་དཔགས་བསམ་གྱི་ཤིང་ལྗོན་པ་དང་། ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་ཕྲེང་དང་རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པ་གཡུར་ཟ་ཞིང་ལྡེམ་ལ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་བསྒྲེངས་བས་ལེགས་པར་བརྒྱན་པའི་ས་གཞི་ལ། གཞལ་མེད་ཁང་ཆེན་པོ་རྒྱུ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་བྱེ་བ་མཐའ་ཡས་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བ་རྣམ་པར་རིག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་དང་ལྡན་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་། བདེ་བ་ཆེན་པོས་བརྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཡང་དག་པར་སྒྲུབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བཀོད་པའི་གནས། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་གཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨོའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་བའི་དབུས་སུ་པདྨའི་གདན། རིན་པོ་ཆེས་སེང་གེའི་ཁྲིའི་སྟེང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྒྱ་དང་ཚད་དཔག་ཏུ་མེད་པ། མཆོད་རྟེན་གྱི་རྣམ་པའི་བྱེ་བྲག་དང་ལེགས་པའི་ཁྱད་པར་ཐམས་ཅད་དང་ལྡན་པ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད། འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཞིང་དུ་གྱུར་པ་གྲངས་མེད་པ་ཞིག་རོམ་མེར་དཀྲིགས་པར་བཞུགས་པར་གྱུར་བའི་མཐའ་འཁོར་བར་གཞལ་མེད་ཁང་ཆེན་པོའི་ནང་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པའི་ཚོགས་གདན་འཛོམ་པའི་གདན་ཁྲི་འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་གྱི་མངའ་ཐང་དང་འཚམས་པར་གྲུབ་པས་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུ་ཚོར་བ་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་འབྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཅིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག་ཅེས་ལན་གསུམ་བཟླས། ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱིས་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བཟླས། སྤྱན་དྲངས། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཆེན་པོའི་སྐུ་གདུང་རིང་བསྲེལ་དང་། སྐུ་གདུང་གི་མཆོད་རྟེན་དང་། ཆོས་ཀྱི་སྐུའི་མཆོད་རྟེན་གཟུགས་ཀྱི་ཚུལ་དུ་རྣམ་པར་བཞག་པ། དྲན་པ་ཉེར་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། མ་འདྲེས་པའི་དྲན་པ་ཉེར་བར་བཞག་པ་གསུམ་དང་། བསྲུང་བ་མེད་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། མི་འཇིགས་པ་བཞི་དང་། སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཐུགས་རྗེ་ཆེན་པོ་དང་། ཡེ་ཤེས་ལ་སོགས་པ་ཡོན་ཏན་བསགས་པའི་མཆོད་རྟེན་དང་། ཆོས་ཀྱི་དབྱིངས་དང་། རིགས་སྔགས་དང་། གསང་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། འཕགས་པས་བྱིན་གྱིས་བརླབས་པའི་མཆོད་རྟེན་འདི་ལྟ་སྟེ། ལུམྦིའི་ཚལ་དུ་བལྟམས་པ་དང་། རྡོ་རྗེའི་གདན་ལ་མངོན་པ ར་རྫོགས་པར་བྱང་ཆུབ་པ་དང་། མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། བཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྒྱལ་པོའི་ཁབ་ཏུ་གླང་པོ་ཆེ་ནོར་སྐྱོང་བཏུལ་བ་དང་། ལྷ་ལས་བབས་པར་ལྷ་ཡུལ་ནས་གཤེགས་པ་དང་། ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ་བ་དང་། གྱང་ཡུལ་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟེན་པ་དང་བརྒྱད་དུ་བགོས་པའི་སྐུ་གདུང་གི་གཟུགས་དང་། གཞན་ཡང་སངས་རྒྱས་འདུས་པ་ཆེན་པོ་མཛད་པས་ཞིང་ཁམས་འདི་ཉིད་མཆོད་རྟེན་དུ་གྱུར་པ་དང་། དཔལ་ལྡན་སྐྱིད་པའི་གནས་ལ་སོགས་པར་དཔལ་ཕྱག་ན་རྡོ་རྗེ་དཀྱིལ་འཁོར་ཆེན་པོ་མཛད་པ་དང་། དབང་པོའི་བྲག་ཕུག་ལ་སོགས་པར་མདོ་ཡང་དག་པར་བསྡུས་པ་དང་། ཀ་ནི་ཥྐའི་མཆོད་རྟེན་དུ་སྐུ་གདུང་འདུས་པ་ལ་སོགས་པ་དང་། འཛམ་བུའི་གླིང་དང་། གླིང་བཞི་དང་། སྟོང་ཁམས་ན་མཆོད་རྟེན་ཁྱད་པར་ཅན་ཇི་སྙེད་བཞུགས་པ་ཐམས་ཅད་དང་། གཞན་ཡང་བླ་དང་བར་སྣང་དང་ལྷ་ཡུལ་དག་ན་མཆོད་རྟེན་ཇི་སྙེད་བཞུགས་པ་དང་། ཕྱོགས་བཅུ་ཐམས་ཅད་ན་མཆོད་རྟེན། ཁྱད་པར་ཅན་འཁོར་དང་བཅས་པ་ཇི་སྙེད་བཞུགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་དང་རིགས་ཐམས་ཅད་ན་བཞུགས་པའི་འཕགས་པ་ཐམས་ཅད་མཉེས་པར་བགྱི་བ་དང་། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སུ་དེང་དཀོན་མཆོག་དང་མཆོད་རྟེན་ཁྱད་པར་ཅན་དང་བཅས་པ་སྤྱན་དྲངས་པའི་གནས། འོག་མིན་ལ་སོགས་པ་བར་སྣང་དང་། ས་བླའི་ལྷའི་གཞལ་མེད་ཁང་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་གཞལ་མེད་ཁང་ཆེན་པོ་ཇི་ལྟ་བ་དེ་ལྟ་བུར་བྱིན་གྱིས་བརླབས་པ་འདིར། མཆོད་པ་ཁ་ན་མ་ཐོ་བ་མེད་པ་ཡོངས་སུ་དག་པ་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་དང་། ལོངས་སྤྱོད་ལས་བྱུང་བའི་བསོད་ནམས་སྤེལ་བ་མི་འཛད་ཀྱང་། བཏང་བ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡོངས་སུ་སྤེལ་བའི་སླད་དུ་ན་བཟའ་དང་། ཞལ་ཟས་དང་། གནས་མལ་དང་། བསྙེན་བཀུར་བ་དང་། སྨྱུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དང་། མཆོད་རྟེན་ལ་བསྔོས་པའི་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟབས་ཤིང་སྤྱན་འདྲེན་གྱིས། མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་ཀྱིས་རྣམ་པར་འཕྲུལ་པ་མཛད་དེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་གཤེགས་ཤིང་བཞེས་པར་གསོལ། ༼ཀ༽ དཀོན་མཆོག་དང་། མཆོད་རྟེན་ཁྱད་པར་ཅན་དང་བཅས་པའི་འཁོར་དུ་གཏོགས་པ་ཐམས་ཅད་སྤྱན་དྲངས་པ། ལྷའི་འཇིག་རྟེན་མཐོ་རིས་ན་འཕགས་པ་གང་ཡང་དག་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གཟིགས་པ་དང་ལྡན་པས་ཉོན་མོངས་པ་དང་། སྒྲིབ་པ་བསལ་བ། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་དང་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ། ཐབས་མཁས་པའི་སྤྱོད་པ་དང་ལྡན་པས་ལྷའི་དབང་པོའི་ཆ་ལུགས་ཀྱིས་ལྷ་མང་པོ་དག་གི་དགེ་བའི་བཤེས་གཉེན་མཛད་ཅིང་བཞུགས་པ་དང་། ལྷ་མང་པོ་གཞན་དག་ཀྱང་དེ་བཞིན་དུ་བདེན་པ་རྟོགས་པ་ཏེ། འཕགས་པའི་ལམ་ལ་གནས་ཤིང་ཀུན་ནས་ཉོན་མོངས་པའི་འཆིང་བ་ཡང་དག་པའི་ཤེས་རབ་ཀྱིས་བསལ་བ། དྲན་པ་གསལ་ཞིང་ཏིང་ངེ་འཛིན་ཐོབ་པ། དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའི་སངས་རྒྱས་དཀོན་མཆོག་དང་། ཆོས་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའི་ཆོས་དཀོན་མཆོག་དང་། ཚོགས་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའི་དགེ་འདུན་དཀོན་མཆོག་ལ་སྔོན་བསྙེན་བསྐུར་མཛད་ཅིང་དགེ་བའི་རྩ་བ་ཆེར་བསྐྱེད་པ། འཇིག་རྟེན་ན་ལྷ་དང་མི་རྣམས་ཀྱི་ཆོས་དཀར་པོའི་ཕྱོགས་རྟག་ཏུ་རྒྱ་ཆེར་སྤེལ་ཞིང་སྲུང་བ། སེམས་ཅན་རྣམས་ཀྱི་འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཕྱི་དགྲ་དང་། ནང་འཁྲུགས་དང་། གནོད་པ་དང་། ཉམས་པ་དང་། མི་བདེ་བ་དང་། སྡུག་བསྔལ་བ་དང་། ནད་དང་། རིམས་ནད་དང་། མི་ནད་དང་། ཕྱུགས་ནད་དང་། མུ་གེ་དང་། ལོ་ཉེས་དང་། ལྟས་ངན་དང་།མཚན་མ་ངན་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ། སྔོན་སངས་རྒྱས་འདུས་པ་ཆེན་པོའི་ཚེ། ཐེག་པ་ཆེན་པོའི་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་དང་། གཟུངས་སྔགས་དང་། རིགས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་ལ་སོགས་པ་ཟབ་ཅིང་རྒྱ་ཆེན་པོ་བཤད་པའི་ཚེ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱི་མའི་དུས་ཀྱི་ཚེ་ངའི་བསྟན་པ་དམ་པའི་ཆོས་དང་། དགེ་འདུན་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམ་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། རིགས་བཞི་ཆོས་དང་ལྡན་ཞིང་ཆོས་སྤྱོད་པ་ཐམས་ཅད་དང་། ལྷ་ཡུལ་དང་། ཡུལ་འཁོར་དང་། གྲོང་དང་། གྲོང་ཁྱེར་ལ་སོགས་པ་འབྱུང་པོའི་ཚོགས་དགེ་བ་རྣམས་སྲུང་ཤིག་ཅེས་ཞལ་གྱི་བཀའ་སྩལ་ཅིང་། དེ་དག་གིས་ཀྱང་དམ་ཚིག་མནོས་ཏེ། ལྷ་དང་མི་ཡི་མགོན་མཛད་པ། ཕྱག་བྱ་བའི་གནས། བཀུར་སྟི་བྱ་བའི་གནས། བླ་མར་བྱ་བའི་གནས། བཙུན་པར་བྱ་བའི་གནས། འདི་ལྟ་སྟེ། འོག་མིན་ན་ལྷའི་དབང་ཕྱུག་ཆེན་པོ་དང་། གནས་གཙང་མ་གཞན་གྱི་རིས་ཀྱི་ལྷ་དང་། བསམ་གཏན་བཞི་པ་དང་། གསུམ་པ་དང་། གཉིས་པ་དང་། བསམ་གཏན་དང་པོའི་རིས་ཀྱི་ལྷ་དང་། གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དང། དགའ་ལྡན་དང་། འཐབ་བྲལ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱོ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་བདག་ཉིད་ཆེན་པོ་ཁྱད་པར་ཅན་གྱི་ཚེགས་ཐམས་ཅད་དང་། དམ་ཚིག་ཅན་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་བ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། དམ་པའི་ཆོས་སྤེལ་བར་དམ་བཅས་པ། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བཅུ་དང་། གཟའ་ཆེན་པོ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། ཕྱོགས་ཀྱི་གླང་པོ་དང་། སྡེ་དཔོན་དང་། ལྷ་མོ་དང་། ཕྱོགས་ཀྱི་ལྷ་དང་། ཕྱོགས་མཚམས་ཀྱི་ལྷ་དང་། བཙུན་མོ་དང་། སྲས་དང་། འཁོར་དང་། ཕོ་ཉ་དང་། མངག་པ་དང་། ཁྱབ་འཇུག་དང་། ཚོགས་བདག་དང་། དགའ་བྱེད་དབང་ཕྱུག་དང་། སྨིན་དྲུག་གི་བུ་དང་། ནག་པོ་ཆེན་པོ་དང་། སྟོབས་ཆེན་དང་། སྟོབས་པོ་ཆེ་དང་། གནོད་འཛིན་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་དང་། དུང་ཆེན་དང་། གང་པོ་དང་། ཤིན་ཏུ་གང་བ་དང་། མགྲིན་པ་དང་། མགྲིན་བཟང་དང་། བསོད་ནམས་ལྷུན་པོ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། བུམ་རྣ་དང་། དྲིལ་སྣ་དང་། རྣ་གསུམ་དང་། རྣ་བོ་ཆེ་དང་། ཡང་དག་ཤེས་དང་། ཡང་དག་རྒྱལ་བ་དང་། རྒྱལ་བ་ཁྱུ་མཆོག་དང་། འབྲོག་གནས་དང་། གངས་གནས་དང་། བདེ་རི་དང་། ལྔ་ལེན་དང་། ཚིགས་ལྔ་སེར་དང་། མགྲིན་བཅུ་དང་། འཇིགས་རུང་དང་། འབྲུག་སྒྲ་དང་། ནམ་མཁའི་དབྱངས་དང་། སྟོང་གསུམ་དང་། རྒྱ་མཚོ་དང་། དགའ་བོ་དང་། ཉེ་དགའ་དང་། མ་དྲོས་དང་། གཟི་ཅན་དང་། ནོར་རྒྱས་དང་། གདོན་ལ་འཇེབས་དང་། དྲང་སྲོང་དང་། རིགས་སྔགས་འཆང་དང་། ཆར་ལྷ་དང་། སྤྲིན་ལྷ་དང་། ལོ་ཏོག་ལྷ་དང་། ལམ་ལྷ་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ནམ་མཁའི་ལྷ་དང་། རིའི་ལྷ་དང་། ཤིང་གི་ལྷ་དང་། རྫིང་གི་ལྷ་དང་། དུས་ཚིགས་ཀྱི་ལྷ་དང་། ཉིན་མཚན་གྱི་ལྷ་དང་། དུས་མཚམས་ཀྱི་ལྷ་དང་། ཚེས་གྲངས་ཀྱི་ལྷ་དང་། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་གྱི་ལྷ་དང་། ཧ་ནུ་མ་ཐ་ལ་སོགས་པ་མཐུ་བོ་ཆེ་དང་། ཚིག་ལ་དབང་བ་དང་། དགའ་དབྱངས་དང་། མདོངས་བུ་དང་། དཔལ་གྱི་ལྷ་མོ་དང་། འོད་ཟེར་ཅན་དང་། དཀར་ཤམ་དང་། བརྗོད་སྐྱོབས་དང་། གང་གཱ་དང་། ཡ་མུ་ནཱ་དང་། བུ་མང་དང་། དུང་ཅན་དང་། རི་མཁར་དང་། ནག་མོ་དང་། མ་བདུན་དང་། སྲིང་མོ་བདུན་དང་། སྲིང་མོ་བཞི་དང་། ནམ་མོ་ཆེན་པོ་དང་། རལ་པ་གཅིག་མ་ལ་སོགས་པ་དང་། ལྷ་མོ་ཆེན་པོ་དང་། གནོད་སྦྱིན་ཆེན་པོ་དང་། སྲིན་མོ་དང་། ཤ་ཟ་ཆེན་མོ་དང་། གཞོན་ནུ་དང་། རྫུ་འཕྲུལ་ཅན་དང་། དབང་བདག་དང་། སླག་ཆེན་དང་། བརྗིད་པ་དང་། གཡུལ་རྒྱལ་དང་། དགེ་བསྙེན་ཆེན་མོ་དང་། ལྷ་སྲས་གཞོན་ནུ་དང་། ཀླུ་སྲས་གཞོན་ནུ་དང་། རིག་སྔགས་འཆང་གཞོན་ནུ་དང་། དྲང་སྲོང་གཞོན་ནུ་དང་། འཕྲོག་མ་བུ་ལྔ་བརྒྱ་དང་བཅས་པ་དང་། གནོད་སྦྱིན་གཞོན་ནུ་དང་། ཏིར་ཀ་ལ་སོགས་པ་དང་། གཟི་བརྗིད་ཆེན་པོའི་གཞོན་སྡེ་ཐམས་ཅད་དང་། སྐྱེ་དགུའི་བདག་པོ་དང་། ལྷའི་བཟོ་བོ་ལས་ཐམས་ཅད་པ་དང་། བགེགས་ཀྱི་རྒྱལ་པོ་ལོག་འདྲེན་དང་། གཙུག་ལག་ཁང་གི་སྲུང་མར་ཞལ་གྱི་བཞེས་པ་གཉུག་མར་གནས་པ་ལ་སོགས་པ་སངས་རྒྱས་མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བསྙེན་པ། བསྟན་པ་སྲུང་བ། དམ་ཚིག་མནོས་པ། ལྷ་དང་མིའི་མགོན་མཛད་པ། ཕྱག་བྱ་བའི་གནས། བསྐུར་སྟི་བྱ་བའི་གནས། བླ་མར་བྱ་བའི་གནས། བཙུན་པར་བྱ་བའི་གནས་ཇི་སྙེད་བ་ཐམས་ཅད་དང་། གཞན་ཡང་མཆོད་པའི་གནས་དང་། དྲིན་གསབ་པའི་གནས་དང་། སྙིང་རྗེའི་གནས་སུ་གྱུར་པའི་སྦྱིན་གནས་ཇི་སྙེད་པ་ཐམས་ཅད་ཆོས་ཀྱི་དབྱིངས་དང་རིགས་ཐམས་ཅད་ན་བཞུགས་པའི་འཕགས་པ་ཐམས་ཅད་མཉེས་པར་བགྱི་བ་དང་། བསོད་ནམས་བསྟབ་པའི་གནས་དཔལ་ལྷ་བཙུན་པོའི་སྐུ་ཡོན་དང་། དགེ་བའི་བཤེས་གཉེན་དང་། ཕ་མ་དང་། གཞན་ཡང་མཆོད་པའི་གནས་སམ། དྲིན་གསབ་པའི་གནས་སམ། སྙིང་རྗེའི་གནས་གང་ཡང་རུང་བ་དང་། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེང་དཀོན་མཆོག་གསུམ་དང་མཆོད་རྟེན་ཁྱད་པར་ཅན་འཁོར་དང་བཅས་པ་སྤྱན་དྲངས་པའི་གནས་འོག་མིན་ལ་སོགས་པ་གནས་པ། བར་སྣང་དང་ས་བླའི་གཞལ་མེད་ཁང་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་གཞལ་མེད་ཁང་ཆེན་པོ་ཇི་ལྟ་བ་དེ་ལྟ་བུར་གཤེགས་པར་གསོལ། བསྟོད་པ་དང་ནི་ཕྱག་འཚལ་བ། །ཡེ་ཤེས་ཚོགས་ཀྱིས་བསྐྱེད་པའི་སྐུ། །མིང་དང་གཟུགས་ལས་རྣམ་པར་གྲོལ། །རྟོག་དང་སྤྲོས་ལས་རབ་འདས་ཀྱང་། །བསྙེལ་པ་མི་མངའི་རང་བཞིན་ཅན། །དངོས་དང་དངོས་མེད་མཐའ་ལས་དབེན། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །ཡེ་ཤེས་རྣམས་ཀྱི་གནས་གྱུར་པ། །རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །བསོད་ནམས་ཚོགས་ཀྱིས་བསྐྱེད་པའི་སྐུ། །དབང་ཕྱུག་ཆེན་པོའི་གནས་མཆོག་ན། །ཆོས་ལ་མངའ་མཛད་ལོངས་སྤྱོད་པ། །བྱང་ཆུབ་སེམས་དཔའ་ཡོངས་ཀྱི་མགོན། །གཙང་མའི་གནས་ནས་མ་གཡོས་པར། །གདུལ་བྱའི་བསམ་པ་ཇི་བཞིན་དུ། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །སྤྲུལ་མང་འགྱེད་ལ་ཕྱག་འཚལ་བསྟོད། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །དགའ་ལྡན་མཆོག་ནས་བབ་པ་དང་། །འཇིག་རྟེན་སྒྱུ་རྩལ་ཕུལ་བྱུང་ཞིང་། །བདུད་བཅོམ་བྱང་ཆུབ་འཚང་རྒྱ་སྟེམ། །འཁོར་ལོ་བསྐོར་ནས་འདས་པའི་བར། །ཆ ོ་འཕྲུལ་ཅིག་ཅང་སོ་སོར་སྟོན། །ཆོ་འཕྲུལ་ངོ་མཚར་རྨད་བྱུང་བ། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །སྟོན་པ་མཆོག་བཞུགས་གཞལ་མེད་ཁང་། །དབྱིབས་ལེགས་རྣམ་པར་ཕྱེ་བས་མཛེས། །ཁ་དོག་སྣ་ཚོགས་སྤེལ་ལེགས་སུ། །རིན་ཆེན་འབར་བ་མང་པོས་བརྒྱན། །ཡིད་འོང་ཉམས་དགའ་ལྷ་ཡི་གནས། །རྒྱན་བཀོད་དཀྱིལ་ན་མཛེས་པ་ལ། །འཕགས་པ་མཆོད་པའི་རྟེན་བགྱིས་ཏེ། །སྟོན་པ་འཁོར་དང་བཅས་ལ་བསྟོད། །མཆོད་རྟེན་བསུ་འབི་ཨརྒྷ་གསོལ་བ། །ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །སྐར་མ་རབ་རིབ་མར་མེད་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་དེ་ལྟར་བལྟ་བར་བྱ། །མཁས་པ་གང་དག་རབ་ཏུ་སེམས་དང་ཞིང་། །སངས་རྒྱས་མཆོད་རྟེན་དག་ལ་གོམ་འདོར་ན། །འཛམ་བུ་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །མཆོད་རྟེན་མཆོད་གནས་དཔལ་ལྡན་པ། །སྐུ་གདུང་ཆོས་སྐུ་ཆོས་དབྱིངས་དང་། །རིག་སྔགས་གསང་སྔགས་སྙིང་པོ་དང་། །ཕྱག་རྒྱ་བྱིན་རླབས་གཤེགས་སུ་གསོལ། །གཤེགས་བྱོན་སྐྱེ་འབྲི་མེད་པའི་སྐུ། །ཇི་ལྟ་སྨོན་བཞིན་ཡོད་པ་དག །དཀར་པོ་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་སྐྱབས་སུ་གཤེགས་སུ་གསོལ། །དཀོན་མཆོག་དང་མཆོད་རྟེན་ཁྱད་པ་ཅན་དང་བཅས་པའི་འཁོར་དུ་གཏོགས་པ་དེ་དག་ལ་བསུ་བའི་མཆོད་ཡོན་ཨརྒྷ་གསོལ་བ། སངས་རྒྱས་ཆོས་དང་དགེ་འདུན་དང་། །མཆོད་རྟེན་ཁྱད་པར་འཁོར་གཏོགས་པ། །འོག་མིན་གནས་དང་ལྷ་ཚོགས་དང་། །བསམ་གཏན་བཞི་དང་འདོད་ཁམས་དྲུག །སྡེ་བརྒྱད་ཚོགས་དང་འབྱུང་པོ་ཀུན། །དམ་ཚིག་ཅན་དང་ཐུགས་དམ་ཅན། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གཟའ་དང་རྒྱུ་སྐར་དང་། །དཀོན་མཆོག་མཐོང་ཐོས་སྐྱབས་རྟེན་པ། །ཕྱག་བགྱི་ཐལ་མོ་སྦྱར་འོས་ཤིང་། །མགོས་གཏུགས་མཆོད་དང་ཀུན་སྦྱིན་དང་། །རབ་ཏུ་སྦྱིན་འོས་ཀུན་གཤིགས་ཤིག །མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པའི་བདེ་བ་སྦྱར་བ་དབུལ། །མཆོད་རྟེན་གདན་ལ་བཞུགས་སུ་གསོལ་བ། །སྐུ་གདུང་ཆོས་སྐུ་བྱང་ཆུབ་ཕྱོགས། །མ་འདྲེས་བསྲུང་མེད་བསྙེལ་མི་མངའ། །མི་འཇིགས་སྟོབས་དང་སངས་རྒྱས་ཆོས། །རྡོ་རྗེ་ཡེ་ཤེས་ཚོགས་བསགས་པ། །ཆོས་དབྱིངས་རིག་སྔགས་གསང་སྔགས་དང་། །སྙིང་པོ་ཕྱག་རྒྱའི་བྱིན་རླབས་ཀྱིས། །མཆོད་རྟེན་ཁྱད་པར་ཇི་སྙེད་པ། །དཔལ་ལྡན་བསོད་ནམས་ཞིང་མཆོག་ཀུན། །ཆོས་དོན་དག་པའི་དཀྱིལ་འཁོར་འདིར། །རིན་ཆེན་སྟེགས་དང་ཁྲིར་འཕང་དང་། །གཙང་གདང་ལྷ་རྫས་པདྨ་ལ། །མི་གནས་ཚུལ་གྱི་གདན་ལ་བཞུགས། །དཀོན་མཆོག་དང་མཆོད་རྟེན་ཁྱད་པར་ཅན་དང་བཅས་པའི་འཁོར་དུ་གཏོགས་པ་དེ་དག་སོ་སོར་གདན་ལ་བཞུགས་པར་གསོལ་བ། ཆོས་དོན་ཀུན་གྱི་དཀྱིལ་འཁོར་དུ། །དཔལ་ལྡན་དག་པའི་གདན་བཤམས་པར། །ཏིང་འཛིན་མི་གཡོ་མཉམ་བཞག་ཅིང་། །དགེ་བའི་དགོངས་པས་གདན་ལ་བཞུགས། །གཙང་གདང་གདན་ཁྲི་ཡངས་པ་ལ། །ཐོགས་མེད་དོགས་པ་མེད་པའི་སྐུ། །མཉམ་ཉིད་ཚུལ་གྱིས་བདེར་བཞུགས་ཤིང་། །བདེ་བར་སྦྱར་བ་བཞེས་སུ་གསོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པར་གསུང་ཞིང་རྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །མཆོད་རྟེན་ལ་སྐུ་ཁྲུས་གསོལ་བ། །རྣམ་དག་སྐྱོན་བྲལ་བྱང་ཆུབ་སེམས་ཀྱི་དབྱིངས། །རྣམ་རྟོག་སྐྱོན་བྲལ་ཡོན་ཏན་ཚོགས་ཀྱི་གཏེར། །ཀུན་གྱིས་ཕྱག་བྱས་བསྟོད་ཅིང་མཆོད་པའི་གནས། །བདུད་བཞིའི་དཔུང་རྣམས་མ་ལུས་ཚར་གཅད་ཕྱིར། །ཆོས་དབྱིངས་དག་པའི་སྐུ་ལ་ཁྲུས་ཆབ་གསོལ། །ཉོན་མོངས་འཁྲུལ་པའི་རྟོག་པར་དག་གྱུར་ཅིག །ཇི་ལྟར་མེ་ལོང་གཟུགས་བརྙན་སྣང་གྱུར་ཡང་། །ཆོས་དབྱིངས་དག་པའི་སྐུ་ལ་བསྐྱོད་པ་མེད། །རིན་ཆེན་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སའམ་ཆུའམ་འོན་ཏེ་བར་སྣང་ལ། །སེམས་ཅན་དོན་དུ་རིན་ཆེན་སྐུར་བསྟན་པ། །མཆོད་རྟེན་དམིགས་པར་བཅས་ཏེ་སྐུ་ཁྲུས་གསོལ། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །གཞི་རྨང་དགེ་བཅུའི་རྣམ་དག་པདྨ་འཇམ། །དྲན་པ་ཉེར་བཞག་རྨང་གི་ཁྲི་འཕང་བསྟོད། །ཐེག་པ་རྣམས་ཀྱི་བང་རིམ་བརྩིགས་པ་སྟེ། །ཆོས་དབྱིངས་སྤྲོས་མེད་བུམ་པ་ཟླུམ་པོ་ལ། །སྨོན་ལམ་ཆེན་པོའི་སྲོག་ཤིང་དགེ་བ་བཙུགས། །དགེ་བའི་ལོངས་སྤྱོད་ནམ་མཁའི་གདུགས་ཀྱིས་བཀབ། །བྱང་ཆུབ་སེམས་ཀྱི་ཟླ་ཚེས་རྣམ་པར་དག །དགེ་སྡེ་བཅུ་གསུམ་འཁོར་ལོའི་ཕྲེང་བས་བརྒྱན། །སྣང་དབྱིབས་ཆོས་ཀྱི་སྐུ་ལ་སྐུ་ཁྲུས་གསོལ། །ཤར་ཕྱོགས་བྱམས་པ་བརྩེགས་པའི་ཆོས་སྐུ་ལ། །བྱམས་པའི་སེམས་ཀྱིས་སྐུ་འདི་གསོལ་པས། །ཞེ་སྡང་གདུག་པའི་ཚོགས་རྣམས་ཀུན་བསལ་ནས། །རྟག་ཏུ་བྱམས་པའི་ཏིང་འཛིན་ཐོབ་གྱུར་ཅིག །ལྷོ་ཕྱོགས་རིན་ཆེན་བརྩེགས་པའི་ཆོས་སྐུ་ལ ། །ང་རྒྱལ་གདུག་པའི་ཚོགས་རྣམས་བསལ་བའི་ཕྱིར། །བྱང་ཆུབ་སེམས་ཀྱི་ཆུ་བོས་སྐུ་ཁྲུས་གསོལ། །ཁམས་གསུམ་འཁོར་བའི་ང་རྒྱལ་སྐྱོན་བྲལ་ནས། །རྟག་ཏུ་འདོད་པའི་ཡོན་ཏན་ཐོབ་གྱུར་ཅིག །ནུབ་ཕྱོགས་རྣམ་དག་པདྨ་ཆོས་ཀྱི་དབྱིངས། །འདོད་ཆགས་སྐྱོན་བྲལ་པདྨའི་ཁྲི་འཕང་བརྩེགས། །ཁམས་གསུམ་སེམས་ཅན་བག་ཆགས་སྦྱང་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཡེ་ཤེས་སྐུ་ཁྲུས་གསོལ། །སེམས་ཅན་འཁོར་བའི་འདོད་ཆགས་དག་གྱུར་ཅིག །བྱང་ཕྱོགས་རྣམ་དག་ལས་ཀྱི་ཞིང་རབ་ནི། །འདོད་སྲེད་སྤངས་པའི་ཡོན་ཏན་རྫོགས་པར་སྟོན། །རིན་ཆེན་ཨིནྡྲའི་ལྟ་བུའི་མཆོད་རྟེན་ལ། །ལས་ཀྱི་སྒྲིབ་པ་སྦྱང་ཕྱིར་སྐུ་ུཁྲུས་གསོལ། །སེམས་ཅན་རྣམས་ཀྱི་འདོད་པ་འགྲུབ་གྱུར་ཅིག །ཆོས་སྐུ་རྣམ་དག་འཁོར་བའི་སྐྱོན་བྲལ་ནས། །ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཆུ་བོ་རྣམ་ལྔས་སྐུ་ཁྲུས་གསོལ། །སྐུ་མཆོག་རྣམ་དག་བལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། སྲི་ཞུ་བཀུར་སྟིའི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ༀ་བཛྲ་ཙནྡྲ་ལེ་པ་སྭཱ་ཧཱ། ༀ་བཛྲ་ས་མ་ཡེ་མ་ཐེ་སྭཱ་ཧཱ། ༀ་ཨ་མྲྀ་ཏེ་ཧཱུྃ། ༀ་སརྦ་ཨ་བེ་ཤ་ཧཱུྃ། དེ་ནས་རས་དཀར་པོ་ཁ་ཚར་མ་ཉམས་པ་ཡུག་གཅིག་གིས་སྐུ་ཕྱིས་ཏེ། བསམ་པ་ནི་ཚིགས་བཅད་ལས་སྨོས་པ་ལྟར་བསམ། བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་ུབདག་ཅག་མྱུར་འགྲུབ་ཤོག །ༀ་སརྦ་ཙོ་ཨ་དི་ར་ན་སྭཱ་ཧཱ། །མཆོད་པ་རྣམ་པ་ལྔ་དབུལ་བ། །བདེ་གཤེགས་རྣམས་ཀྱིས་ལོངས་སྤྱོད་ཀྱི། །ཀུན་བཟང་མཆོད་པས་རོལ་མཛད་ཀྱང་། །འགྲོ་བའི་དབུལ་བ་བསལ་སླད་དུ། །བཀུར་སྟི་རིམ་གྲོའི་ཚུལ་ཙམ་གྱི། །བླ་མེད་མཆོད་པ་རྣམ་ལྔ་འདི། །འགྲོ་བའི་དོན་དུ་འབུལ་ལགས་ན། །མཆོད་པའི་སྤྲིན་གྱིས་ཁྱབ་གྱུར་ནས། །བསོད་ནམས་གཏེར་ཆེན་ཐོབ་པར་ཤོག །རྒྱན་དང་ན་བཟའ་དབུལ་བ། །བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང་། །རིན་ཆེན་འོད་ཆགས་འབར་བས་སྐུ་བརྒྱན་ཞིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་ཕྲེང་བ་སེར་མོ་དོ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱག་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐར་པ་མཆོག་ལ་གནས་པར་ཤོག །བླ་བྲེ་དང་འཕན་གདུགས་རྒྱལ་མཚན་དང་རོལ་མོ་ལ་སོགས་པ་དབུལ་བ། ཐེག་མཆོག་བླ་བྲེ་མགོན་སྐྱབས་གདུགས་དང་ལྡན། །བདུད་བཅོམ་རྒྱལ་མཚན་བ་དན་ཏིང་འཛིན་འཕན། །ལྷ་དང་མི་ཡི་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་རབ་བརྒྱན་པས། །བླ་བྲེ་འཕན་གདུགས་རྒྱལ་མཚན་རོལ་མོ་བརྗིད། །བདུག་སྤོས་དྲི་ཞིམ་སིལ་སྙན་སྤྲིན་ཚོགས་མཛེས། །བདག་དང་འགྲོ་བའི་དོན་དུ་འདི་ཕུལ་བས། །དབང་མཆོག་དམ་པ་དུས་འདིར་ཐོབ་གྱུར་ཏེ། །གནོད་པའི་དགྲ་བཅོམ་བླ་མེད་གོ་འཕང་ལ། །ཐེག་པ་མཆོག་གིས་ངེས་པར་བགྲོད་པར་ཤོག །བཤོས་དང་ཞལ་ཟས་གསོལ་བ། །རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་བཀྲེས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་ལོངས་སྤྱོད་ཤོག །འབྲུ་དང་སྨན་དང་སྤོས་དང་སྙིང་པོ་དང་རིན་པོ་ཆེ་སྣ་ལྔ་དབུལ་བ། །བདེ་གཤེགས་མགོན་པོ་དཔག་བསམ་འཁོར་དང་བཅས། །བསོད་ནམས་ཡེ་ཤེས་སྐུ་ལྔ་མཐར་ཕྱིན་པ། །ཆོས་ཀྱི་ལོངས་སྤྱོད་བཀུར་སྟིའི་ཚུལ་ཙམ་དུ། །འབྲུ་ལྔ་སྤོས་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་བཅས་རྒྱལ་བའི་རབ་བསྔགས་པ། །བདག་གཞན་དོན་གྱི་སྙིང་པོ་འདི་ཕུལ་བས། །འགྲོ་ལ་ཕན་ཕྱིར་ཚུལ་ཁྲིམས་མཆོག་ལྡན་ཏེ། །རིན་ཆེན་གཏེར་ལྟར་ཀུན་ལ་ཕན་འདོགས་ཤོག །བདེ་གཤེགས་ཀུན་བཟང་མངོན་པར་སངས་རྒྱས་ཏེ། །རྡོ་རྗེ་གདན་ལ་མངོན་པར་བཞུགས་པ་ན། །དཔལ་ལྡན་རྡོ་རྗེ་འཛིན་གྱིས་གུས་བཅས་པས། །སྔགས་གྲུབ་རྒྱལ་པོ་ཡུངས་ཀར་ཕུལ་བ་ལྟར། །སྐྱེ་རྒ་ན་འཆི་འཁོར་བའི་སྡུག་བསྔལ་ལས། །བདག་དང་མཐའ་ཡས་འགྲོ་བ་ཀུན་བསྒྲལ་ནས། །རྡོ་རྗེའི་གདན་ལ་མངོན་པར་སངས་རྒྱས་ཤོག །བཀྲ་ཤིས་ཤིང་ཞལ་དྲོ་ཞིང་བྱིན་ཕེབས་ཤིང་འཇིག་རྟེན་དུ་ཡུན་རིང་པོར་བཞུགས་སུ་གསོལ་བ། །བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་སྲས་འཁོར་བཅས་དིང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེན་ནས། །བསྐལ་པ་མཐར་ཐུག་བར་དུ་བཞུགས་སུ་གསོལ། །སྤྱན་དབྱེ་བའི་སྨོན་ལམ་དུ་གསོལ་བ། །ཕྱོགས་བཅུ་དུས་གསུམ་གྱི་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཅག་གི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ། ཆུ་གཙང་དང་། སུག་ཆ བ་དང་། འོ་མ་དང་། སྤོས་ཆུ་དང་། སྨན་ཆབ་ཀྱིས་སྐུ་ཁྲུས་གསོལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་དྲི་མ་དང་དུག་གསུམ་གྱི་ཉོན་མོངས་པའི་དྲི་མ་དག་ནས་རྣམ་པར་དག་པའི་སྐུ་དང་ལྡན་པར་གྱུར་ཅིག །ཨརྒྷཾ་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དག་སྟེ་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་དག་པ་ཐོབ་པར་གྱུར་ཅིག །དྲི་ཆབ་ཀྱིས་སྐུ་ལ་གཏོར་ཏེ་བྱུགས་པས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་གྱི་ཆུ་ཡིས་གཡེང་བའི་དྲི་མ་ཐམས་ཅད་རྣམ་པར་བསལ་ཏེ་བདེ་ཞིང་ཚིམ་པར་གྱུར་ཅིག །སྤོས་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་རྣམ་པར་དག་སྟེ་ཡང་དག་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །མེ་ཏོག་ཕུལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པར་གྱུར་ཅིག །མར་མེ་ཕུལ་བས་སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་བསལ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲོན་མ་དང་ལྡན་པར་གྱུར་ཅིག །བཤོས་དང་ཞལ་ཟས་གསོལ་བས་སེམས་ཅན་ཐམས་ཅད་བཀྲེས་པའི་སྡུག་བསྔལ་བསལ་ནས་ཡིད་བཞིན་གྱི་ཟས་སྐོམ་དང་ལྡན་པར་གྱུར་ཅིག །འབྲུ་རྣམ་པ་ལྔ་ཕུལ་བས་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་ལོ་ཏོག་འཕེལ་ཞིང་དགེ་བའི་ལོ་ཏོག་དུས་ཀུན་རྒྱས་པར་གྱུར་ཅིག །སྤོས་ལྔ་གསོལ་བས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་སྟེ་ཟག་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །སྨན་ལྔ་གསོལ་བས་སེམས་ཅན་ཐམས་ཅད་ནད་བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་དང་བྲལ་ནས་ཐུགས་རྗེའི་སྨན་གྱིས་དུག་གསུམ་གྱི་ནད་ལས་ཐར་བར་གྱུར་ཅིག །རིན་པོ་ཆེ་ལྔ་གསོལ་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དགོས་དགུ་ཡིད་བཞིན་དུ་བསྐངས་ནས་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སྙིང་པོ་ལྔ་གསོལ་བས་བདག་དང་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་དང་ལྡན་པར་གྱུར་ཅིག །རྒྱན་དང་ན་བཟའ་གསོལ་བས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ངོ་ཚ་མཁྱེན་པའི་ན་བཟའ་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་རྒྱན་དང་ལྡན་པར་གྱུར་ཅིག །བླ་བྲེ་དང་རྒྱལ་མཚན་དང་འཕན་དང་གདུགས་ལ་སོགས་པ་ཕུལ་བས་བདུད་བཞི་ལས་རྒྱལ་བའི་ཏིང་ངེ་འཛིན་དང་། གཟུངས་དང་ལྡན་ནས་ཐེག་པ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག །ཡུངས་ཀར་གསོལ་བས་འཇིག་རྟེན་ཇི་སྲིད་གནས་པའི་བར་དུ་འཇིག་རྟེན་ན་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་ནས་མཆོད་པའི་རྟེན་དུ་གྱུར་ཅིག །བཀྲ་ཤིས་ཕུལ་བས་མི་དགེ་ཞིང་བཀྲ་མི་ཤིས་པ་ཐམས་ཅད་བསལ་ནས་བུ་གཅིག་པའི་མ་ལྟར་བྱམས་པ་ཆེན་པོ་རྒྱས་ནས་བཀྲ་ཤིས་བྱིན་ཆེ་བར་གྱུར་ཅིག །འཕགས་པའི་སྐུ་གདུང་རིན་ཆེན་རིང་བསྲེལ་སྣོད། །རྙིང་བཅོས་བྱི་དོར་བགྱིས་ཤིང་མཆོད་པ་དང་། །གསར་བརྩིགས་མཆོད་ཅིང་ཁྲུས་ཆབ་གསོལ་བ་དང་། །བསྟོད་དང་བསྐོར་དང་གུས་པ་བགྱིས་པ་དང་། །སྨོན་ལམ་ཟབ་མོ་སེམས་ཡིད་དང་བཏབ་པའི། །བྱིན་རླབས་ཡོན་ཏན་ཁྱད་པར་ཆེན་པོའི་མཐུས། །བདག་ཅག་ཡོན་བདག་འཁོར་བཅས་ཐམས་ཅད་དང་། །དད་མོས་གྲོགས་བྱེད་རྗེས་སུ་ཡི་རང་རྣམས། །སྨོན་ལམ་མཐུ་སྟོབས་ཁྱད་པར་ཆེན་པོ་ཡིས། །དང་བའི་ཡིད་ཀྱིས་མཆོད་རྟེན་འདི་བརྩིགས་པས། །དེས་ན་བདག་ཅག་སྡིག་སྒྲིབ་བྱང་གྱུར་ཏེ། །བླ་མེད་བྱང་ཆུབ་བདག་ཅག་མྱུར་ཐོབ་ཤོག ༼ག༽ ༈ །ཤེས་རབ་མཆོག་གིས་བདག་མེད་ཐུགས་ཆུད་དེ། །ཡེ་ཤེས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་ཆོས་སྐུ་སྤྲོས་མེད་པ། །སོ་སོ་རང་རིག་དེ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་དོན་དུ་དཀའ་བ་རྣམས་མཛད་དེ། །བསོད་ནམས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་གཟུགས་སྐུར་གང་སྣང་བ། །ཡོན་ཏན་མཐའ་དག་རྫོགས་ལ་ཕྱག་འཚལ་བསྟོད། ། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །སེམས་ཅན་དོན་དུ་བྱང་ཆུབ་ཐུགས་བསྐྱེད་དེ། །སྤྱོད་པས་གཞན་གྱི་དོན་ལ་རབ་བརྩོན་པ། །བླ་མེད་འབྲས་བུ་བརྙེས་ལ་ཕྱག་འཚལ་བསྟོད། །ཐབས་ཀྱི་སྤྱོད་པའི་མཛད་པ་མཐར་ཕྱིན་ཅིང་། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ཡོངས་བསྐོར་ནས། །མྱ་ངན་འདས་པའི་ཚུལ་ནི་རབ་བསྟན་པ། །སྐུ་གདུང་བཞག་པ་དག་ལ་ཕྱག་འཚལ་བསྟོད། །སྐུ་གདུང་ཕྲ་མོར་གསིལ་བའི་རིང་བསྲེལ་སྣོད། །རྒྱུ་དང་འབྲས་བུར་བཅས་པ་ཆོས་ཀྱི་ཚུལ། །སེམས་ཅན་རྣམས་ཀྱིས་མཆོད་པར་བྱ་བའི་རྟེན། །གཟུགས་བརྙན་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །སྔོན་གྱི་སྨོན་ལམ་ཆེན་པོའི་རྒྱུན་མངའ་བས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཏེ། །བང་རིམ་བུམ་པ་སྲོག་ཤིང་ཚུལ་བསྟན་པ། །རྒྱུ་ཡི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པའི་སྟོབས་དང་མ་འདྲེས་ཆོས། །ཐུགས་རྗེ་ཆེན་པོ་ཚད་མེད་རབ་མངའ་བས། །འཁོར་ལོ་ཆར་ཁེབས་ལྟ་བུའི་ཚུལ་བསྟན་པ། །འབྲས་བུའི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །མི་འཇིགས་བསྲུང་བ་མེད་དང་བདུད་ལས་རྒྱལ། །ཚངས་པའི་དབྱངས་ལྡན་མངོན་པར་མཁྱེན་མངའ་བས། །རྡོ་རིང་ཐེམ་སྐས་རྒྱལ་མཚན་དྲིལ་བུ་ཏོག །ཆོས་སྐུའི་རྟེན་དུ་བཞག་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་གྲགས་པ་ཡེ་ཤེས་བཞི་ལ་སོགས། །ཡོན་ཏན་ངོ་མཚར་ནང་གི་ཚོགས་རྫོགས་ཤིང་། །གང་གིས་ཆོས་ཀྱི་རྒྱལ་པོར་མཚན་གསོལ་བ། །བདག་ཉིད་ཆེན་པོ་དག་ལ་ཕྱག་འཚལ་བསྟོད། །རང་བཞིན་རྣམ་དག་ཆོས་དབྱིངས་དེ་བཞིན་ཉིད། །སྤྲོས་པའི་དྲི་མས་མ་གོས་དཀར་བ་ལ། །རིན་ཆེན་སྤྲས་པས་མཚན་མཆོག་རྫོགས་པའི་སྐུ། །འགྲོ་དོན་ལེགས་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་བཞིན་སྐུ་གདུང་དབྱིབས་བཅས་ཆོས་སྐུ་དག །གང་གིས་མཐོང་ཐོས་དྲན་ནམ་རེག་ཀྱང་རུང་། །མཐོ་རིས་དཔལ་དང་ཐར་མཆོག་བདེ་ཐོབ་པ། །ཡོན་ཏན་རྨད་རྫོགས་མངའ་ལ་ཕྱག་འཚལ་བསྟོད། ༼ཅ༽ །མཆོད་པ་དབུལ་བ། ༈ །ཡེ་ཤེས་ཚོགས་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། །བཞི་བཅོམ་དྲུག་ལྡན་མི་གནས་མྱ་ངན་འདས། །ཐུགས་རྗེ་སྤྲུལ་པས་འཁོར་བའི་འདམ་སྐེམ་པ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ། །དྲི་མེད་བདུད་རྩི་འཁོར་བའི་ནད་རྣམས་འཇོམས། །དོན་དམ་དམིགས་མེད་བདེ་གཤེགས་འབྱུང་བའི་རྒྱུ། །ཡེ་ཤེས་ཉི་མས་མ་རིག་མུན་འཇོམས་པ། །འཕགས་པའི་ལམ་གྱུར་ཆོས་ལ་མཆོད་པ་འབུལ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཚུལ། །བདེ་གཤེགས་རིན་ཆེན་པདྨོ་ལས་ཀྱི་རྟགས། །རིན་ཆེན་བཞི་ལས་མངོན་དུ་གྱུར་བའི་སྐུ། །རིགས་བཞིའི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་དཀྱིལ་འཁོར་ན། །ཡེ་ཤེས་དཔག་ཡས་ཐུགས་རྗེས་འབྲེལ་བའི་སྐུ། །རང་བྱུང་སྤྲུལ་པའི་མཆོད་རྟེན་ཆེན་པོ་དང་། །ཡིད་བཞིན་ལྷུན་གྱིས་གྲུབ་ལ་མཆོད་པ་འབུལ། །ནུབ་ཕྱོགས་བདེ་ལྡན་པདྨའི་དཀྱིལ་འཁོར་ན། །ཐབས་ཀྱི་བྱེ་བྲག་རིང་བསྲེལ་སྐུར་བསྟན་པ། །དཔེ་མེད་བསམ་ལས་འདས་པའི་མཆོད་རྟེན་དང་། །རྨད་གྲགས་ཆོས་ཀྱི་དབྱིངས་ལ་མཆོད་པ་འབུལ། །བྱང་ཕྱོགས་བསམ་ཡས་ཡིད་བཞིན་དཀྱིལ་འཁོར་ན། །ཐབས་དང་ཤེས་རབ་གསལ་ཞིང་མཆོད་པའི་གདུང་། །ཡོན་ཏན་རིན་ཆེན་བརྩེགས་པའི་མཆོད་རྟེན་དང་། །ཁམས་གསུམ་བདེ་རྒྱལ་སྒྲོན་ལ་མཆོད་པ་འབུལ། །ཤར་ཕྱོགས་ལུས་འཕགས་ཡེ་ཤེས་དཀྱིལ་འཁོར་ན། །བྱམས་པས་འཁོར་བ་འདྲེན་མཛད་རིང་བསྲེལ་སྐུ། །བྱམས་ལྡན་བསོད་ནམས་གཏེར་གྱི་མཆོད་རྟེན་དང་། །མཐར་ལེགས་གཡུང་དྲུང་རྫོགས་ལ་མཆོད་པ་འབུལ། །ཁྲི་འཕང་དང་པོ་དྲན་པ་ཉེར་བཞག་བཞི། །ལུས་སེམས་ཚོར་དང་ཆོས་རྣམས་རྗེས་སུ་དྲན། །སྤྱི་དང་རང་གི་མཚན་ཉིད་མངོན་རྟོགས་པ། །རིག་པའི་ཤེས་རབ་བསྐྱེད་ལ་མཆོད་པ་འབུལ། །ཁྲི་འཕང་གཉིས་པ་ཡང་དག་སྤོང་བ་བཞི། །སྡིག་པ་མི་སྐྱེད་མི་དགེའི་ཆོས་སྤོང་ཞིང་། །དགེ་བའི་ཆོས་སྐྱོང་ཚོགས་གཉིས་རྫོགས་མཛད་པ། །རྟོག་པའི་བག་ཆགས་བྲལ་ལ་མཆོད་པ་འབུལ། །ཁྲི་འཕང་གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །འདུན་དང་སེམས་དང་སྦྱོང་དང་བརྩོན་འགྲུས་རྣམས། །སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་གྱིས། །ཐོགས་མེད་འགྲོ་དོན་མཛད་ལ་མཆོད་པ་འབུལ། །ཁྲི་འཕང་བཞི་པ་སྣང་བའི་དབང་པོ་ལྔ། །དད་བརྩོན་དྲན་དང་ཏིང་འཛིན་དབང་པོ་དང་། །ཤེས་རབ་དབང་པོ་ཆོས་ལ་དབང་སྒྱུར་བ། །འདོད་དགུ་དགེ་རྩ་སྤྱོད་ལ་མཆོད་པ་འབུལ། །འགྱུར་མེད་བུམ་རྟེན་འདེགས་པའི་སྟོབས་ལྔ་སྟེ། །དད་དང་བརྩོན་འགྲུས་དྲན་དང་ཏིང་འཛིན་སྟོབས། །ཤེས་རབ་སྟོབས་ཀྱིས་ཉོན་མོངས་ཟིལ་གྱིས་གནོན། །མཐུ་དབང་མངོན་དུ་གྱུར་ལ་མཆོད་པ་འབུལ། །བུམ་པ་མངོན་འཕགས་བྱང་ཆུབ་ཡན་ལག་བདུན། །དྲན་དང་ཆོས་འབྱེད་བརྩོན་འགྲུས་དགའ་བ་དང་། །ཤིན་ཏུ་སྦྱངས་དང་ཏིང་འཛིན་བཏང་སྙོམས་ཀྱིས། །འགྲུབ་གྱུར་ཐོགས་པ་མེད་ལ་མཆོད་པ་འབུལ། །ཁ་ཁྱེར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །ལྟ་དང་རྟོགས་དང་དག་དང་ལས་ཀྱི་མཐའ། །འཚོ་དང་རྩོལ་དང་དྲན་དང་ཏིང་འཛིན་གྱིས། །འཕགས་པའི་ལམ་ནས་འཇུག་ལ་མཆོད་པ་འབུལ། །སྲོག་ཤིང་མཁྱེན་པ་བཅུ་ཡི་བདག་ཉིད་དེ། །ཐབས་དང་ཤེས་རབ་ཏིང་འཛིན་རྩལ་མཆོག་གིས། །དམ་ཆོས་བདུད་རྩི་འཛིན་པའི་མཆོག་གྱུར་པ། །ཤེས་རབ་དོན་ཀུན་རིག་ལ་མཆོད་པ་འབུལ། །འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་བཞག་གསུམ། །ཤེས་རབ་སྤྱན་ལྡན་ཐབས་ཆེན་མངོན་གཟིགས་ཏེ། །ཤེས་བྱའི་བག་ཆགས་སྦྱངས་པས་ཐོགས་པ་མེད། །ཡེ་ཤེས་ཕུན་སུམ་ཚོགས་ལ་མཆོད་པ་འབུལ། །ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ། །གདུལ་བྱའི་དུས་དང་སེམས་ཀྱི་རྒྱུད་མཁྱེན་ནས། །འཇིག་རྟེན་རྣམས་ལ་ཕན་འདོགས་རབ་བརྩོན་པ། །ཕྱི་མཐར་ཡུན་རིང་བཞུགས་ལ་མཆོད་པ་འབུལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བཏུད་དེ། །བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སྐུ་གདུང་རིང་བསྲེལ་རྣམས་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་རྒྱལ་བའི་སྲས། །རྫུ་འཕྲུལ་ཤུགས་ཀྱིས་ཕྱི་མཐར་འགྲོ་དོན་མཛད། །སྐྱེ་འགགས་མེད་པའི་དོན་གྱི་བློ་སྦྱངས་པ། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་འབུལ། །རྣམ་གྲོལ་ཐར་ལམ་མཆོག་ཏུ་རབ་བརྩོན་པ། །ཟུང་བཞི་ཡ་བརྒྱད་རིག་པའི་སྐྱེས་བུའི་ཚོགས། །རྟེན་འབྲེལ་དོན་ཀུན་རིག་པའི་རང་སངས་རྒྱས། །འཕགས་པའི་དགེ་འདུན་ཚོགས་ལ་མཆོད་པ་འབུལ། །དགེ་བ་བཅུས་བསྐྱེད་སྐལ་ལྡན་སངས་རྒྱས་ཤིང་། །ཚངས་པའི་གནས་བཞིས་ངན་སོང་མཐར་སྤངས་ཤིང་། །རྫུ་འཕྲུལ་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ། །འཇིག་རྟེན་སྲུང་མའི་ཚོགས་ལ་མཆོད་པ་འབུལ། །རྡོ་རིང་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང་། །གདུགས་དང་བ་དན་དར་གྱི་ཅོད་པན་དང་། །པདྨ་ཉི་ཟླ་སིལ་སྙན་ལྷ་རྫས་ཀྱིས། །ཚངས་པའི་དབྱངས་ལྟར་དམིགས་པ་དག་པས་མཆོད། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས་བསྒྱུར་བ། །ཡོན་ཆབ་བདུག་སྤོས་མར་མེ་དྲི་ཆབ་དང་། །མེ་ཏོག་དམ་པ་བཤོས་གཙང་མཉེས་པའི་མཆོག །མཆོད་ཡོན་རྣམ་ལྔའི་ཚོགས་ཀྱིས་མཉེས་པར་བགྱི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིང་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པར་བགྱི། །སྲིད་གསུམ་འཁོར་བའི་འདམ་ལས་གྲོལ་བ་དང་། །འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ། །ཡེ་ཤེས་ཉི་མས་མཚན་མོའི་སྐྱོན་སྤངས་ཏེ། །བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ། །རྒྱལ་བའི་རིང་བསྲེལ་མཆོད་འོས་བླ་མ་རྣམས། །སྤྱན་དྲངས་ཕྱག་བགྱིས་བསྟོད་དང་བཀུར་བའི་མཐུས། །སྔོན་བསགས་ལས་ཀྱི་སྒྲིབ་པ་ཀུན་བྱང་ནས། །འགྲོ་དྲུག་ཚོགས་རྫོགས་མངོན་པར་སངས་རྒྱས་ཤོག །འཕགས་པའི་མཆོད་རྟེན་ལ་མཆོད་ཡོན་ཨརྒྷ་གསོལ་བ། །མཆོད་རྟེན་སྐུའི་ཆ་ལུགས་ནི། །འོག་གི་རྨང་བཏིང་ཡེ་ཤེས་བཞི། །གྱེན་དུ་ཁྲི་འཕང་རྣམ་པ་གསུམ། །ཆགས་མེད་པདྨའི་གདན་སྟེངས་སུ། །བུམ་པ་ཟླུམ་པོ་ཆོས་ཀྱི་རྗེ། །གསེར་གྱི་བྲེ་ཕུལ་འོ་ཟེར་འཕྲོ། །སྲོག་ཤིང་དྲང་སྲོང་བླ་ན་མེད། །འཁོར་ལོ་བཅུ་གསུམ་ཡེ་ཤེས་བརྒྱད། །འབར་བ་རྡོ་རྗེ་ཡེ་ཤེས་ལྔ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གང་གཱིའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །སྐུ་ཡི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། མཆོད་རྟེན་གསུང་གི་ཆ་ལུགས་ནི། །མན་ངག་སྔགས་ཀྱི་སྙིང་པོ་བརྗོད། །བཟླས་བརྗོད་གསུང་རབ་བཅུ་གཉིས་བརྗོད། །དོན་དམ་སྒྲ་སྐད་ཡུལ་ལས་འདས། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གང་གཱིའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །གསུང་གི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །མཆོད་རྟེན་ཐུགས་ཀྱི་མཚན་ཉིད་ནི། །དཔེ་མེད་བསམ་ཡས་ནམ་མཁའ་ཆེ། །ཏིང་འཛིན་ཡིན་པས་ཅིར་ཡང་གསལ། །ཡེ་ཤེས་ཡིན་པས་སྣ་ཚོགས་རྟོགས། །ཤེས་རབ་ཡིན་པས་མཁྱེན་པར་རྟོགས། །ཐམས་ཅད་མཁྱེན་པ་ལྷུན་གྱི་གྲུབ། །དོན་དམ་སེམས་རྟོགས་ཡུལ་ལས་འདས། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །ཐུགས་ཀྱི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །བླ་མེད་མཆོད་རྟེན་ཆ་ལུགས་ནི། །རིན་ཆེན་འབར་བའི་སྲིད་རྩེ་ན། །ཙིནྟཱ་མ་ཎི་ཡེ་ཤེས་བཞི། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གང་གི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཡིད་ཀྱི་མཆོད་རྟེན་ཆ་ལུགས་ནི། །ནམ་མཁའི་དབྱིངས་དང་རྒྱ་མཚོའི་འཇིང་། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་སྤྱི། །སྣང་ཞིང་སྟོང་ལ་སྟོང་ཞིང་གསལ། །ཡིད་ཀྱི་མཆོད་རྟེན་ཐམས་ཅད་ལ། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །རང་བཞིན་མཆོད་རྟེན་ཡེ་ཤེས་སྐུ། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །མཚན་མའི་སྡུག་བསྔལ་ཡོངས་བསལ་བས། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །རང་བཞིན་མཆོད་རྟེན་ཐམས་ཅད་ལ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །སྤྲུལ་པའི་མཆོད་རྟེན་ཏིང་འཛིན་སྐུ། །བྱམས་ཤིང་སྙོམས་པ་ཀུན་གྱི་མགོན། །ཐུགས་རྗེ་ཆེན་པོ་སྐྱོ་དུབ་མེད། །ནུབ་བྱང་རྒྱལ་པོ་མི་ནད་སའོ། །དཔལ་ཚོགས་བཀྲ་ཤིས་གཞལ་ཡས་འདིར། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །སྤྲུལ་པའི་མཆོད་རྟེན་ཐམས་ཅད་ལ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །གཟུགས་བརྙན་མཆོད་རྟེན་ཤེས་རབ་སྐུ། །བདུད་ཀྱི་སྡེ་དང་གཤིན་རྗེའི་འཁོར། །སྲིན་པོའི་ཚོགས་དང་ལྷ་མ་ཡིན། །གནོད་སྦྱིན་མ་རུངས་ཐམས་ཅད་ཀྱི། །གཟི་བྱིན་མདངས་སྟོབས་འཇོམས་མཛད་ཅིང་། །གནོད་སྦྱིན་མང་པོའི་རྒྱུ་སྲང་གཅོད། །གཟུགས་བརྙན་མཆོད་རྟེན་བཞུགས་དགུ་ལ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །འཕགས་པའི་མཆོད་རྟེན་ལ་བསྟོད་པ། །རང་བྱུང་འདྲེན་པ་དཔའ་བོ་ལྷ་ཡི་ལྷ། །བཅོམ་ལྡན་ཤཱཀ་ཐུབ་སྐུ་གདུང་རིང་བསྲེལ་སྣོད། །འཇིག་རྟེན་གསུམ་གྱིས་མཆོད་གནས་མཆོག་བཞུགས་པ། །བང་རིམ་རི་རབ་ལྟ་བུའི་ཁྲི་འཕང་ལ། །བུམ་རྟེན་པདྨ་བུམ་བཟང་སྙིང་པོ་ནི། །ཚོགས་གཉིས་རྫོགས་པའི་འབྲས་བུ་ཡིད་བཞིན་སྐུ། །ཕྱག་འཚལ་བསྟོད་པས་བརྒྱ་བྱིན་ལུས་ངག་ཅིང་། །མཐར་གྱིས་ཆོས་ཀྱི་རྒྱལ་པོའི་སྐུ་ཐོབ་པ། །ཡོན་ཏན་ཚོགས་ཀྱི་སྐུ་གདུང་མཐུ་ཆེན་བཞུགས། །བུམ་པ་དབྱིབས་ལེགས་སྲོག་ཤིང་དྲང་བརྟན་ལ། །འཁོར་ལོ་གདུགས་ཕྲེང་རིམ་པས་འགེབས་པའི་སྟེང་། །འོད་སྟོང་ཉི་དབྱིབས་ཆར་ཁེབས་གདུགས་བྲེས་ཏེ། །ཟླ་བ་དྲིལ་བུ་ཅོད་པན་འཇིག་རྟེན་སྐྱོད། །ཕྲེང་བ་ཐེམ་སྐས་རྒྱལ་མཚན་བ་དན་རྒྱན། །བརྒྱན་ལ་རྒྱན་བཀྲོད་འཇིག་རྟེན་ཀུན་གྱི་རྒྱན། །ཆོས་བཟང་རྣམ་སྣང་རྣམ་པ་ཐམས་ཅད་ཞལ། །གཟུངས་ཀྱི་ཁྱད་པར་ལྟ་བས་མི་ངོམ་མཆོད། །ཡེ་ཤེས་ཚོགས་རྫོགས་ཆོས་ཀྱི་སྐུ་ལགས་ཏེ། །རྣམ་རྟོག་བྲལ་བས་ཡོན་ཏན་ཀུན་གྱི་གཞི། །དྲན་པ་ཉེར་བཞག་རྨང་གི་ཁྲི་འཕང་བརྟན། །བརྩོན་འགྲུས་ཡང་དག་ཁྲི་འཕང་གཉིས་པ་ལེགས། །རྫུ་འཕྲུལ་རྐང་བཞི་ཁྲི་འཕང་གསུམ་པ་དགེ །དབང་པོ་ལྔ་ཡི་ཁྲི་འཕང་བཞི་པ་བཟང་། །བུམ་པ་བྱང་ཆུབ་ཡན་ལག་བུམ་རྟེན་སྟོབས། །བྲི་ལེགས་འཕགས་པའི་ལམ་གྱི་ཡན་ལག་བརྒྱན། །སྲོག་ཤིང་ཤེས་བཅུ་སྟོབས་བཅུ་གདུགས་ཕྲེང་བཅུ། །གདུག་ཕྲེང་མ་འདྲེས་དྲན་པ་ཉེར་བཞག་གསུམ། །ཐུགས་རྗེ་འཕགས་པའི་ཆོས་ཀྱི་ཆར་ཁེབས་ལྡིང་། །བླ་མེད་གོ་འཕང་གདུགས་ཀྱི་གནམ་འཕང་མཐོ། །འཇིག་རྟེན་མུན་སེལ་ཡེ་ཤེས་ཟླ་བ་གསལ། །ཚངས་པའི་གསུང་གི་དྲིལ་བུའི་སྒྲ་སྙན་འཁྲོལ། །རྫོགས་པའི་བྱང་ཆུབ་དར་གྱི་ཅོད་པན་འཕུར། །བདེན་བཞིའི་ཕན་འདོགས་འཇིག་རྟེན་སྐྱོང་བཞི་བཙུན། །ཚུལ་ཁྲིམས་ཕུང་པོ་མེ་ཏོག་ཕྲེང་བ་བཟང་། །སྐྱོན་བྲལ་བསྲུང་བའི་ངོས་ཀྱི་ཐེམ་སྐས་མཛེས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་བ་དན་དཔྲལ། །བདུད་བཞི་འཇོམས་པའི་ཆུ་སྲིན་རྒྱལ་མཚན་གྲགས། །མི་འཇིགས་བཞི་ཡི་རྡོ་རིང་སེང་གེ་བརྗིད། །འདི་འདྲའི་དམ་ཆོས་ངོ་མཚར་རྨད་ཀྱི་ཆོས། །ཐབས་མཁས་ཐུགས་རྗེས་མཆོད་རྟེན་ཚུལ་དུ་སྤྲུལ། །ནམ་མཁའི་ཁམས་ལ་ཚོན་བཀྱེ་ཇི་བཞིན་དུ། །ཡོན་ཏན་ཁྱད་པར་ཁ་དོག་དབྱིབས་སུ་བསྒྱུར། །དཔལ་གནས་རིན་ཆེན་འབྱུང་གནས་ཆེན་པོ་པ། །དུས་གསུམ་རྒྱལ་བའི་མཆོད་རྟེན་སྐུ་གདུང་ཚུལ། །དཔལ་འབྱུང་ཀ་ནིཥྐ་དང་རབ་བྱུང་ཚུལ། །བསོད་ནམས་ཕུང་པོས་ཡུལ་ཁམས་བྱིན་ཆགས་ཤིང་། །སངས་རྒྱས་སྤྲུལ་པ་ཕྲིན་ལས་རྫོགས་པར་མཛད། །ས་བཅུའི་རྒྱལ་ཚབ་བྱམས་པའི་གཙུག་གི་རྒྱན། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེན་པོ་ལ། །རི་ལུང་ནགས་ཚལ་ཆུ་ཀླུང་མཁར་གནས་པའི། །ལྷ་ཚོགས་དད་པས་གནམ་ས་ཀུན་ནས་དཀྲིགས། །སྡོམ་བརྩོན་རྒྱལ་སྲས་འཁོར་བཞི་ཁྱིམ་བདག་དང་། །དབུས་མཐའི་རྒྱལ་ཁམས་མི་ཚོགས་ཀུན་འདུས་ནས། །མེ་ཏོག་ཕྲེང་བས་སྤེལ་ལེགས་མཛེས་པ་དང་། ཙན་དན་དྲི་བཤོས་མར་མེ་རོལ་མོར་བཅས། །བཀྲ་ཤིས་གླུ་དབྱངས་བསྟོད་པའི་རྣམ་པ་དང་། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་བརྒྱན། །ལུས་ངག་ཡིད་གསུམ་དང་བས་མཆོད་པར་བགྱི། །རྒྱལ་པོ་ཆེན་པོ་བཞི་ལ་མཆོད་ཅིང་བསྟོད་པ། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །བྱང་ཕྱོགས་ན་ནི་ཀུ་བེ་ར། །རྒྱལ་པོ་ཆེན་པོ་འདི་བཞི་དག །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣམས་རབ་ཏུ་འཇོམས། །གཞན་གྱི་མི་ཐུབ་ཐུལ་བར་དཀའ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ཆེ་ཞིང་ལྷ་མིན་དང་། །ལྷ་ཡི་གཡུལ་ཡང་ཟློག་པར་བྱེད། །བདག་ཉིད་ཆེན་པོ་དེ་དག་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་བཞི་པོ་བདག་ཉིད་ཆེན་པོ་དམ་ཚིག་ཅན་སངས་རྒྱ྄ས་མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བསྟེན་པ། བསྟན་པ་སྲུང་བ། ལྷ་དང་མིའི་མགོན་མཛད་པ། བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས་གཡོག་དང་བཅས། འཁོར་དང་བཅས་པ་རྟག་ཏུ་དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། དམ་པའི་ཆོས་སྤེལ་བ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པའི་འཁོར་རྣམ་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། རིགས་བཞི་དང་། ཡུལ་དང་། ཡུལ་ཕྱོགས་དང་། གྲོང་དང་། གྲོང་ཁྱེར་དང་། གཙུག་ལག་ཁང་དང་། མཆོད་རྟེན་དང་། སྐྱེ་དགུའི་ཚོགས་ཐམས་ཅད་བསྲུངས་བར་མཛད་དུ་གསོལ། སྦ་བ་དང་། ཡོངས་སུ་བསྐྱབས་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་བསད་པ་དང་། མཚམས་བཅད་པ་དང་། ས་བཅིང་བར་མཛད་དུ་གསོལ། །ལོ་བརྒྱ་དག་ཏུ་འཚོ་བར་ཤོག །སྟོན་བརྒྱ་དག་ནི་མཐོང་བར་ཤོག །ཕྱོགས་སྐྱོང་བ་བཅུ་ལ་བསྟོད་ཅིང་མཆོད་པ། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་བཞེས་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བརྣབ་སེམས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་ཐོགས་པའི་ལྷ། །མ་མའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །སྣ་ཚོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་སྲུང་བ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིགས་སྲུང་གདོན་གྱི་བདག་པོ་སྟེ། །རླུང་མཚམས་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་བེ་ཅོན་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་བདག་པོ་གདོན་གྱི་བདག །དབང་ལྡན་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །འོག་གི་ཀླུ་དང་ས་ཡི་ལྷ། །ས་འཛིན་དང་ནི་ལག་ཆེན་དང་། །དམ་ཚིག་ཤེས་པའི་ལྷ་རྣམས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང་། །ཟླ་བ་ཉི་མ་གཟའ་ཆེན་དང་། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །ཕྱོགས་སྐྱོང་བཅུ་པོ་བདག་ཉིད་ཆེན་པོ་དམ་ཚིག་ཅན། སངས་རྒྱས་མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བསྟེན་པ། ལྷ་དང་མིའི་མགོན་མཛད་པ། བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། སྡེ་དཔོན་དང་བཅས་པ། མངག་པ་དང་བཅས་པ། ཕོ་ཉ་དང་བཅས་པ། གཡོག་དང་བཅས་པ། འཁོར་དང་བཅས་པ། རྟག་ཏུ་དཀོན་མཆོག་གསུམ་གྱི་ཞབས་འབྲེང་མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་པ་དང་། དམ་པའི་ཆོས་སྤེལ་བ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་མ་ལ་སོགས་པའི་འཁོར་རྣམ་པ་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། རིགས་བཞི་དང་། ཡུལ་དང་ཡུལ་ཕྱོགས་དང་། གྲོང་དང་གྲོང་ཁྱེར་དང་། གཙུག་ལག་ཁང་དང་། མཆོད་རྟེན་དང་། སྐྱེ་དགུའི་ཚོགས་ཐམས་ཅད་བསྲུང་བར་མཛད་དུ་གསོལ། སྦ་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱོང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤངས་པ་དང་། མཚོན་ཆ་སྤངས་བ་དང་། དུག་གཞིལ་བ་དང་། དུག་བསད་པ་དང་། མཚམས་བཅད་པ་དང་། ས་བཅིངས་བར་མཛད་དུ་གསོལ། །ལོ་བརྒྱ་དག་ཏུ་འཚོ་བར་ཤོག །སྟོན་བརྒྱ་དག་ནི་མཐོང་བར་ཤོག །ལྷ་ཀླུ་སྡེ་བརྒྱད་དང་འབྱུང་པོའི་ཚོགས་དམ་ཚིག་ཅན་ཐམས་ཅད་ལ་མཆོད་ཡོན་ཨརྒྷས་གསོལ་བ། འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མིའམ་ཅི་དང་ལྟོ་འཕྱེ་དང་། །རིགས་ནས་རིགས་ཀྱི་གཙོ་མཛད་པ། །མཆོད་འོས་གྱུར་པ་ཐམས་ཅད་ལ། །རིམ་གྲོ་གུས་པ་མཆོག་བསྐྱེད་ནས། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །མི་དང་མི་མིན་འབྱུང་པོའི་ཚོགས། །ས་ཆུ་བར་སྣང་གནས་བཅས་བའི། །བྱམས་སེམས་ལྡན་པ་ཐམས་ཅད་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་རྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་བདེ་བར་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག ༈ །སྡིག་པ་བཤགས་པ། །ཁམས་གསུམ་འགྲོ་ལྔ་སྐྱེ་གནས་བཞི། །འཁོར་བའི་རྒྱུད་དུ་གཏོགས་ཀུན་དང་། །རིགས་མཐུན་སྐྱེས་པ་བདག་ཅག་གིས། །དུག་གསུམ་དབང་གིས་སྒོ་གསུམ་ནས། །ལས་དང་ཉོན་མོངས་སྐྱེ་བའི་རྒྱུ། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལོག་པ་བཞི། །སྒྲིབ་པ་རྣམས་དང་ཀུན་སྦྱོར་དང་། །དེ་ཡི་རྒྱུ་དང་འབྲས་བུ་དང་། །ཡུན་རིང་འཁོར་ཞིང་མི་ཁོམས་བརྒྱད། །མཐོ་རིས་ཐར་བའི་ལམ་འགོགས་ཅིང་། །བདག་དང་གཞན་ལ་ཡོངས་གདུང་པའི། །ཁ་ན་མ་ཐོ་ཅི་བགྱིས་པ། །ཆོས་དབྱིངས་ཕྱོགས་བཅུ་དུས་གསུམ་དང་། །རིགས་རྣམས་ཀུན་ལ་རབ་བཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ལ། །མ་ལུས་བཤགས་ཤིང་བསྡོམ་པར་བགྱི། །རྗེས་སུ་ཡི་རང་བ། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །རང་རྒྱལ་ཉན་ཐོས་ཐམས་ཅད་དང་། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཀྱི། །རྒྱུ་དང་འབྲས་བུ་ཐམས་ཅད་དང་། །སྐྱོན་རྣམས་སྤངས་ཤིང་ཡོན་ཏན་ཐོབ། །ཆགས་བྲལ་མཉམ་བཞག་པ་དང་ནི། །དེ་ཡི་འབྲས་བུའི་ཁྱད་པར་དང་། །དགེ་བའི་བཤེས་དང་དམ་ཆོས་འཛིན། །བྱང་ཆུབ་སེམས་མཆོག་བསྐྱེད་བྱེད་ཅིང་། །བདག་གཞན་སྨིན་པར་བྱེད་པ་དང་། །བླ་མེད་གོ་འཕང་མཆོག་ཐོབ་པ། །དེ་དག་ཀུན་ལ་ཡི་རང་ཞིང་། །བསམ་དང་སྦྱོར་བ་དག་པ་ཡིས། །འགྲོ་བ་ཀུན་ལ་བདེ་སླད་དུ། །འཁོར་གསུམ་དག་པའི་ཚུལ་གྱིས་བསྒྲུབ། །སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། །ཕྱོགས་བཅུའི་འཇིག་རྟེན་སྣང་མཛད་པ། །བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས། །རིགས་འཁྲུངས་ལུང་བསྟན་དབང་བསྐུར་བ། །བྱང་ཆུབ་རིམ་པར་སངས་རྒྱས་པ། །དམ་ཆོས་བཙུན་པར་མཛད་པ་དང་། གདུལ་བྱའི་དོན་ལ་གཞེས་པ་དང་། །རྒྱ་ཆེ་ཟབ་པ་རྟོགས་དཀའ་བས། །བསྐུལ་བའི་དོན་ལ་གཞེས་རྣམས་ལ། །ཆོས་ཀྱི་སྣང་བ་རྒྱས་པ་དང་། །འགྲོ་བ་ཀུན་ལ་བདེ་བ་དང་། །རྒྱ་ཆེན་ཟབ་པ་བསྟན་པ་དང་། །སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར། །ཚངས་པ་འདྲ་བར་ཚུལ་བསྒྱུར་ཏེ། །རིམ་གྲོ་གུས་པ་མཆོག་སྐྱེད་ཅིང་། །ཐལ་མོ་སྦྱར་བར་བཏུད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །བདེ་གཤེགས་བདུད་བཞི་ངེས་བཅོམ་ཤིང་། །རྫོགས་སངས་རྒྱས་ནས་འཁོར་ལོ་བསྐོར། །འགྲོ་དོན་སངས་རྒྱས་མཛད་པ་མཛད། །འགྲོ་བ་གཞན་རྣམས་གདུལ་བ་དང་། །འདུ་བྱེད་མི་རྟག་བསྟན་པ་དང་། །གདུལ་བྱ་བརྩོན་པ་བསྐྱེད་སླད་དུ། །མྱ་ངན་འདའ་སྟོན་བཞེད་རྣམས་ལ། །ཐལ་མོ་སྦྱར་བར་རབ་བཏུད་དེ། །འགྲོ་བ་ཀུན་ལ་ཕན་པ་དང་། །བདེ་བར་བསྐྱེད་པར་བྱ་བ་དང་། །ཆོས་ཚུལ་ཡུན་རིང་སྤེལ་བའི་ཕྱིར། །ཆོས་དབྱིངས་བརྟན་པའི་ལུགས་བཞིན་དུ། །མྱ་ངན་མི་འདའ་གཡུང་དྲུང་སྐུ། །སྟུག་པོ་བཀོད་པའི་བདག་ཉིད་རྣམས། །བསྐལ་པའི་མཐར་ཡང་བཞུགས་པར་གསོལ། །བླ་ན་མེད་པ འི་བྱང་ཆུབ་ཏུ་སེམས་བསྐྱེད་པ། །རྫོགས་སངས་རྒྱས་དང་རྒྱལ་བའི་སྲས། །དབང་གྱུར་སྤྱན་གྱུར་ཚད་མར་གྱུར། །འགྲོ་དོན་མཛད་པར་དབང་གྱུར་པ། །བྱང་ཆུབ་བློ་མངའ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་རྒྱལ་བ་དང་། །རྒྱལ་སྲས་དཔའ་བོ་དེ་དག་གིས། །འགྲོ་ལ་ཕན་དང་བདེ་སླད་དུ། །བྱང་ཆུབ་སྙིང་པོར་བཞུགས་པའི་སྔོན་རོལ་ནས། །སེམས་ཅན་དོན་དུ་བྱང་ཆུབ་ཐུགས་བསྐྱེད་དེ། །སྤྱོད་པས་གཞན་གྱི་དོན་ལ་རབ་བརྩོན་པ། །བླ་མེད་འབྲས་བུ་བརྙེས་ལ་ཕྱག་འཚལ་བསྟོད། །ཐབས་ཀྱི་སྐྱོད་པས་མཛད་པ་མཐར་ཕྱིན་ཅིང་། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ཡོངས་བསྐོར་ནས། །མྱ་ངན་འདས་པའི་ཚུལ་ནི་རབ་བསྟན་པ། །སྐུ་གདུང་བཞག་པ་དག་ལ་ཕྱག་འཚལ་བསྟོད། །སྐུ་གདུང་ཕྲ་མོར་གསིལ་བའི་རིང་བསྲེལ་སྣོད། །རྒྱུ་དང་འབྲས་བུར་བཅས་པ་ཆོས་ཀྱི་ཚུལ། །སེམས་ཅན་རྣམས་ཀྱིས་མཆོད་པར་བྱ་བའི་རྟེན། །གཟུགས་བརྙན་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །སྔོན་གྱི་སྨོན་ལམ་ཆེན་པོའི་རྒྱུན་མངའ་བས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཏེ། །བང་རིམ་བུམ་པ་སྲོག་ཤིང་ཚུལ་བསྟན་པ། །རྒྱུ་ཡི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པའི་སྟོབས་དང་མ་འདྲེས་ཆོས། །ཐུགས་རྗེ་ཆེན་པོ་ཚད་མེད་རབ་མངའ་བས། །འཁོར་ལོ་ཆར་ཁེབས་ལྟ་བུའི་ཚུལ་བསྟན་པ། །འབྲས་བུའི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །མི་འཇིགས་བསྲུང་བ་མེད་དང་བདུད་ལས་རྒྱལ། །ཚངས་པའི་དབྱངས་ལྡན་མངོན་པར་མཁྱེན་མངའ་བས། །རྡོ་རིང་ཐེམ་སྐས་རྒྱལ་མཚན་དྲིལ་བུ་ཏོག །ཆོས་སྐུའི་རྟེན་དུ་བཞག་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་གྲགས་པ་ཡེ་ཤེས་བཞི་ལ་སོགས། །ཡོན་ཏན་ངོ་མཚར་ནང་གི་ཚོགས་རྫོགས་ཤིང་། །གང་གིས་ཆོས་ཀྱི་རྒྱལ་པོར་མཚན་གསོལ་བ། །བདག་ཉིད་ཆེན་པོ་དག་ལ་ཕྱག་འཚལ་བསྟོད། །རང་བཞིན་རྣམ་དག་ཆོས་དབྱིངས་དེ་བཞིན་ཉིད། །སྤྲོས་པའི་དྲི་མས་མ་གོས་དཀར་བ་ལ། །རིན་ཆེན་སྤྲས་པས་མཚན་མཆོག་རྫོགས་པའི་སྐུ། །འགྲོ་དོན་ལེགས་པར་མཛད་ལ་ཕྱག་འཚལ་བསྟོད། །རང་བཞིན་སྐུ་གདུང་དབྱིབས་བཅས་ཆོས་སྐུ་དག །གང་གིས་མཐོང་ཐོས་དྲན་ནམ་རིག་ཀྱང་རུང་། །མཐོ་རིས་དཔལ་དང་ཐར་མཆོག་བདེ་ཐོབ་པ། །ཡོན་ཏན་རྨད་རྫོགས་མངའ་ལ་ཕྱག་འཚལ་བསྟོད། ༼ཙ༽ མཆོད་པ་འབུལ་བ། ཡེ་ཤེས་ཚོགས་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། བཞི་བཅོམ་དྲུག་ལྡན་མི་གནས་མྱ་ངན་འདས། །ཐུགས་རྗེ་སྤྲུལ་པས་འཁོར་བའི་འདམ་སྐེམ་པ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ། །དྲི་མེད་བདུད་རྩི་འཁོར་བའི་ནད་རྣམས་འཇོམས། །དོན་དམ་དམིགས་མེད་བདེ་གཤེགས་འབྱུང་བའི་རྒྱུ། །ཡེ་ཤེས་ཉི་མས་མ་རིག་མུན་འཇོམས་པ། །འཕགས་པའི་ལམ་གྱུར་ཆོས་ལ་མཆོད་པ་འབུལ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཚུལ། །བདེ་གཤེགས་རིན་ཆེན་པདྨོ་ལས་ཀྱི་རྟགས། །རིན་ཆེན་བཞི་ལས་མངོན་དུ་གྱུར་པའི་སྐུ། །རིགས་བཞིའི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་དཀྱིལ་འཁོར་ན། །ཡེ་ཤེས་དཔག་ཡས་ཐུགས་རྗེས་འབྲེལ་བའི་སྐུ། །རང་བྱུང་སྤྲུལ་པའི་མཆོད་རྟེན་ཆེན་པོ་དང་། །ཡིད་བཞིན་ལྷུན་གྱིས་གྲུབ་ལ་མཆོད་པ་འབུལ། །ནུབ་ཕྱོགས་བདེ་ལྡན་པདྨའི་དཀྱིལ་འཁོར་ན། །ཐབས་ཀྱི་བྱེ་བྲག་རིང་བསྲེལ་སྐུར་བསྟན་པ། །དཔེ་མེད་བསམ་ལས་འདས་པའི་མཆོད་རྟེན་དང་། །རྨད་གྲགས་ཆོས་ཀྱི་དབྱིངས་ལ་མཆོད་པ་འབུལ། །བྱང་ཕྱོགས་བསམ་ཡས་ཡིད་བཞིན་དཀྱིལ་འཁོར་ན། །ཐབས་དང་ཤེས་རབ་གསལ་ཞིང་མཆོད་པའི་གདུང་། །ཡོན་ཏན་རིན་ཆེན་བརྩེགས་པའི་མཆོད་རྟེན་དང་། །ཁམས་གསུམ་བདེ་རྒྱས་སྒྲོན་ལ་མཆོད་པ་འབུལ། །ཤར་ཕྱོགས་ལུས་འཕགས་ཡེ་ཤེས་དཀྱིལ་འཁོར་ན། །བྱམས་པས་འཁོར་བ་འདྲེན་མཛད་རིང་བསྲེལ་སྐུ། །བྱམས་ལྡན་བསོད་ནམས་གཏེར་གྱི་མཆོད་རྟེན་དང་། །མཐར་ལེགས་གཡུང་དྲུང་རྫོགས་ལ་མཆོད་པ་འབུལ། །ཁྲི་འཕང་དང་པོ་དྲན་པ་ཉེར་བཞག་བཞི། །ལུས་སེམས་ཚོར་དང་ཆོས་རྣམས་རྗེས་སུ་དྲན། །སྤྱི་དང་རང་གི་མཚན་ཉིད་མངོན་རྟོགས་པ། །རིག་པའི་ཤེས་རབ་བསྐྱེད་ལ་མཆོད་པ་འབུལ། །ཁྲི་འཕང་གཉིས་པ་ཡང་དག་སྤོང་བ་བཞི། །སྡིག་པ་མི་སྐྱེད་མི་དགེའི་ཆོས་སྤོང་ཞིང་། །དགེ་བའི་ཆོས་སྐྱེད་ཚོགས་གཉིས་རྫོགས་མཛད་པ། །རྟོག་པའི་བག་ཆགས་བྲལ་ལ་མཆོད་པ་འབུལ། །ཁྲི་འཕང་གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །འདུན་དང་སེམས་དང་དཔྱོད་དང་བརྩོན་འགྲུས་རྣམས། །སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་གྱིས། །ཐོག་མེད་འགྲོ་དོན་མཛད་ལ་མཆོད་པ་འབུལ། །ཁྲི་འཕང་བཞི་པ་སྣང་བའི་དབང་པོ་ལྔ། །དད་བརྩོན་དྲན་དང་ཏིང་འཛིན་དབང་པོ་དང་། །ཤེས་རབ་དབང་པོ་ཆོས་ལ་དབང་སྒྱུར་བ། །འདོད་དགུ་དགེ་རྩ་སྤྱོད་ལ་མཆོད་པ་འབུལ། །འགྱུར་མེད་བུམ་སྟན་འདེགས་པའི་སྟོབས་ལྔ་སྟེ། །དད་དང་བརྩོན་འགྲུས་དྲན་དང་ཏིང་འཛིན་སྟོབས། །ཤེས་རབ་སྟོབས་ཀྱིས་ཉོན་མོངས་ཟིལ་གྱིས་གནོན། །མཐུ་དབང་མངོན་དུ་གྱུར་ལ་མཆོད་པ་འབུལ། །བུམ་པ་མངོན་འཕགས་བྱང་ཆུབ་ཡན་ལག་བདུན། །དྲན་དང་ཆོས་འབྱེད་བརྩོན་འགྲུས་དགའ་བ་དང་། །ཤིན་ཏུ་སྦྱངས་དང་ཏིང་འཛིན་བཏང་སྙོམས་ཀྱིས། །འགྲུབ་གྱུར་ཐོགས་པ་མེད་ལ་མཆོད་པ་འབུལ། །ཁ་ཁྱེར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །ལྟ་དང་རྟོགས་དང་ངག་དང་ལམ་གྱི་མཐའ། །འཚོ་དང་རྩོལ་དང་དྲན་དང་ཏིང་འཛིན་གྱིས། །འཕགས་པའི་ལམ་ནས་འཇུག་ལ་མཆོད་པ་འབུལ། །སྲོག་ཤིང་མཁྱེན་པ་བཅུ་ཡི་བདག་ཉིད་དེ། །ཐབས་དང་ཤེས་རབ་ཏིང་འཛིན་རྩལ་མཆོག་གིས། །དམ་ཆོས་བདུད་རྩི་འཇིན་པའི་མཆོག་གྱུར་པ། །ཤེས་རབ་དོན་ཀུན་རིག་ལ་མཆོད་པ་འབུལ། །འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་བཞག་དང་། །ཤེས་རབ་སྤྱན་ལྡན་ཐབས་ཆེན་མངོན་གཟིགས་ཏེ། །ཤེས་བྱའི་བག་ཆགས་སྦྱངས་པས་ཐོག་པ་མེད། །ཡེ་ཤེས་ཕུན་སུམ་ཚོགས་ལ་མཆོད་པ་འབུལ། །ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ། །གདུལ་བྱའི་དུས་དང་སེམས་ཀྱི་རྒྱུད་མཁྱེན་ནས། །འཇིག་རྟེན་རྣམས་ལ་ཕན་འདོགས་རབ་བརྩོན་པ། །ཕྱི་མཐར་ཡུན་རིང་བཞུགས་ལ་མཆོད་པ་འབུལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བཏུད་དེ། །བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སྐུ་གདུངས་རིང་བསྲེལ་རྣམས་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་རྒྱལ་བའི་སྲས། །རྫུ་འཕྲུལ་ཤུགས་ཀྱིས་ཕྱི་མཐར་འགྲོ་དོན་མཛད། །སྐྱེ་འགགས་མེད་པའི་དོན་གྱི་བློ་སྦྱངས་པ། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་འབུལ། །རྣམ་གྲོལ་ཐར་ལམ་མཆོག་ཏུ་རབ་བརྩོན་པ། །ཟུང་བཞི་ཡ་བརྒྱད་རིག་པའི་སྐྱེས་བུའི་ཚོགས། །རྟེན་འབྲེལ་དོན་ཀུན་རིག་པའི་རང་སངས་རྒྱས། །འཕགས་པའི་དགེ་འདུན་ཚོགས་ལ་མཆོད་པ་འབུལ། །དགེ་བ་བཅུས་བསྐྱེད་སྐལ་ལྡན་སངས་རྒྱས་ཤིང་། །ཚངས་པའི་གནས་བཞིས་ངན་སོང་མཐའ་སྤངས་ཤིང་། །རྫུ་འཕྲུལ་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ། །འཇིག་རྟེན་སྲུང་མའི་ཚོགས་ལ་མཆོད་པ་འབུལ། །རྡོ་རིང་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང་། །གདུགས་དང་བ་དན་དར་གྱི་ཅོད་པན་དང་། །པདྨ་ཉི་ཟླ་སིལ་སྙན་ལྷ་རྫས་ཀྱིས། །ཚངས་པའི་དབྱངས་ལྟར་དམིགས་པ་དག་པས་མཆོད། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས་བསྒྱུར་བ། །ཡོན་ཆབ་བདུག་སྤོས་མར་མེ་དྲི་ཆབ་དང་། །མེ་ཏོག་དམ་པ་བཤོས་གཙང་མཉེས་པའི་མཆོག །མཆོད་ཡོན་རྣམ་ལྔའི་ཚོགས་ཀྱིས་མཉེས་པར་བགྱི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པར་བགྱི། །སྲིད་གསུམ་འཁོར་བའི་འདམ་ལས་གྲོལ་བ་དང་། །འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ། །ཡེ་ཤེས་ཉི་མས་མཚན་མའི་སྐྱོན་སྤངས་ཏེ། བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ། །རྒྱལ་བའི་རིང་བསྲེལ་མཆོད་འོས་འབུལ་ལགས་ན། །མཆོད་པའི་སྤྲིན་གྱིས་ཁྱབ་གྱུར་ནས། །བསོད་ནམས་གཏེར་ཆེན་ཐོབ་པར་ཤོག །རྒྱན་དང་ན་བཟའ་དབུལ་བ་ན། །བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང་། །རིན་ཆེན་འོད་ཆགས་འབར་བས་སྐུ་བརྒྱན་ཞིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་ཕྲེང་བ་སེ་མོ་དོ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱང་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐར་པ་མཆོག་ལ་གནས་པར་ཤོག །བླ་བྲེ་དང་འཕན་གདུག་དང་རྒྱལ་མཚན་དང་རོལ་མོ་ལ་སོགས་དབུལ་བ། །ཐེག་མཆོག་བླ་བྲེ་མགོན་སྐྱབས་གདུགས་དང་ལྡན། །བདུད་བཅོམ་རྒྱལ་མཚན་བ་དན་ཏིང་འཛིན་འཕན། །ལྷ་དང་མི་ཡི་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་རབ་བརྒྱན་པས། །བླ་བྲེ་འཕན་གདུགས་རྒྱལ་མཚན་རོལ་མོ་བརྗིད། །བདུག་སྤོས་དྲི་ཞིམ་སིལ་སྙན་སྤྲིན་ཚོགས་མཛེས། །བདག་དང་འགྲོ་བའི་དོན་དུ་འདི་ཕུལ་བས། །དབང་མཆོག་དམ་པ་དུས་འདིར་ཐོབ་གྱུར་ཏེ། །གནོད་པའི་དགྲ་བཅོམ་བླ་མེད་གོ་འཕང་ལ། །ཐེག་པ་མཆོག་གིས་ངེས་པར་བགྲོད་པར་ཤོག། །བཤོས་དང་ཞལ་ཟས་གསོལ་བ། །རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་བཀྲེས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་ལོངས་སྤྱོད་ཤོག །འབྲུ་དང་སྨན་དང་སྤོས་དང་སྙིང་པོ་དང་རིན་པོ་ཆེ་སྣ་ལྔ་དབུལ་བ། བདེ་གཤེགས་མགོན་པོ་དཔག་བསམ་འཁོར་དང་བཅས། །བསོད་ནམས་ཡེ་ཤེས་སྐུ་ལྔ་མཐར་ཕྱིན་པ། །ཆོས་ཀྱི་ལོངས་སྤྱོད་བཀུར་སྟིའི་ཚུལ་ཙམ་དུ། །འབྲུ་ལྔ་སྤོས་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་བཅས་རྒྱལ་བས་རབ་བསྔགས་པ། །བདག་གཞན་དོན་གྱི་སྙིང་པོ་འདི་ཕུལ་བས། །འགྲོ་ལ་ཕན་ཕྱིར་ཚུལ་ཁྲིམས་མཆོག་ལྡན་ཏེ། །རིན་ཆེན་གཏེར་ལྟར་ཀུན་ལ་ཕན་འདོགས་ཤོག །བདེ་གཤེགས་ཀུན་བཟང་མངོན་པར་སངས་རྒྱས་ཏེ། །རྡོ་རྗེ་གདན་ལ་མངོན་པར་བཞུགས་པ་ན། །དཔལ་ལྡན་རྡོ་རྗེ་འཛིན་གྱིས་གུས་བཅས་པས། །སྔགས་གྲུབ་རྒྱལ་པོ་ཡུངས་ཀར་ཕུལ་བ་ལྟར། །དིང་འདིར་སྟོན་པས་བདུད་བཞི་ཚར་བཅད་ནས། །སྐྱེ་རྒ་ན་འཆི་འཁོར་བའི་སྡུག་བསྔལ་ལས། །བདག་དང་མཐའ་ཡས་འགྲོ་བ་ཀུན་བསྒྲལ་ནས། །རྡོ་རྗེའི་གདན་ལ་མངོན་པར་སངས་རྒྱས་ཤོག །བཀྲ་ཤིས་ཤིང་ཞལ་དྲོ་ཞིང་བྱིན་ཕེབས་ཤིང་འཇིག་རྟེན་དུ་ཡུན་རིང་པོར་བཞུགས་སུ་གསོལ་བ། །བདེ་གཤེགས་ཀུན་བཟང་མཐོང་པས་བཀྲ་ཤིས་ལྟར། །རྒྱལ་སྲས་འཁོར་བཅས་དེང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པ་མཐར་ཐུག་བར་དུ་བཞུགས་སུ་གསོལ། །སྤྱན་དབྱེ་བའི་སྨོན་ལམ་དུ་གསོལ་བ། །ཕྱོགས་བཅུ་དུས་གསུམ་གྱི་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཅག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ། ཆུ་གཙང་དང་། སུག་ཆབ་དང་། འོ་མ་དང་། སྤོས་ཆུ་དང་། སྨན་ཆབ་ཀྱིས་སྐུ་ཁྲུས་གསོལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་དྲི་མ་དང་དུག་གསུམ་གྱི་ཉོན་མོངས་པའི་དྲི་མ་དག་ནས་རྣམ་པར་དག་པའི་སྐུ་དང་ལྡན་པར་གྱུར་ཅིག་ཨརྒྷ་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དག་སྟེ་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་དག་པ་ཐོབ་པར་གྱུར་ཅིག །དྲི་ཆབ་ཀྱིས་སྐུ་ལ་གཏོར་ཏེ་བྱུགས་པས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་གྱིས་ཆུ་ཡིས་གཡེང་བའི་དྲི་མ་ཐམས་ཅད་རྣམ་པར་བསལ་ཏེ་བདེ་ཞིང་ཚིམ་པར་གྱུར་ཅིག །སྤོས་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་རྣམ་པར་དག་སྟེ་ཡང་དག་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །མེ་ཏོག་ཕུལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པར་གྱུར་ཅིག །མར་མེ་ཕུལ་བས་སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་བསལ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲོན་མེ་དང་ལྡན་པར་གྱུར་ཅིག །བཤོས་དང་ཞལ་ཟས་གསོལ་བས་སེམས་ཅན་ཐམས་ཅད་བཀྲེས་པའི་སྡུག་བསྔལ་བསལ་ནས་ཡིད་བཞིན་གྱི་ཟས་སྐོམ་དང་ལྡན་པར་གྱུར་ཅིག །འབྲུ་རྣམ་པ་ལྔ་ཕུལ་བས་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་ལོ་རྟོག་འཕེལ་ཞིང་དགེ་བའི་ལོ་ཏོག་དུས་ཀུན་དུ་རྒྱས་པར་གྱུར་ཅིག །སྤོས་ལྔ་གསོལ་པས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་སྟེ་ཟག་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །སྨན་ལྔ་གསོལ་བས་སེམས་ཅན་ཐམས་ཅད་ནད་བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་དང་བྲལ་ནས་ཐུགས་རྗེའི་སྨན་གྱིས་དུག་གསུམ་གྱི་ནད་ལས་ཐར་བར་གྱུར་ཅིག །རིན་པོ་ཆེ་ལྔ་གསོལ་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དགོས་དགུ་ཡིད་བཞིན་དུ་བསྐངས་ནས་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སྙིང་པོ་ལྔ་གསོལ་བས་བདག་དང་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་དང་ལྡན་པར་གྱུར་ཅིག །རྒྱན་དང་ན་བཟའ་གསོལ་བས་སེམས་ཅན་ཐམས་ཅད་སངསརྒྱས་དང་བྱང་ཆུབ་སེམས་དཔའི་ངོ་ཚ་མཁྱེན་པའི་ན་བཟའ་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་རྒྱན་དང་ལྡན་པར་གྱུར་ཅིག །བླ་བྲེ་དང་རྒྱལ་མཚན་དང་འཕན་དང་གདུགས་ལ་སོགས་པ་ཕུལ་བས་བདུད་བཞི་ལས་རྒྱལ་བའི་ཏིང་ངེ་འཛིན་དང་། གཟུངས་དང་ལྡན་ནས་ཐེག་པ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག །ཡུངས་དཀར་གསོལ་བས་འཇིག་རྟེན་ཇི་སྲིད་གནས་པའི་བར་དུ་འཇིག་རྟེན་ན་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་ནས་མཆོད་པའི་རྟེན་དུ་གྱུར་ཅིག །བཀྲ་ཤིས་ཕུལ་བས་མི་དགེ་ཞིང་བཀྲ་མི་ཤིས་པ་ཐམས་ཅད་བསལ་ནས་བུ་གཅིག་པའི་མ་ལྟར་བྱམས་པ་ཆེན་པོ་རྒྱས་ནས་བཀྲ་ཤིས་བྱིན་ཆེ་བར་གྱུར་ཅིག །འཕགས་པའི་སྐུ་གདུང་རིན་ཆེན་རིང་བསྲེལ་སྣོད། །རྙིང་བཅོས་བྱི་དོར་བགྱིས་ཞིང་མཆོད་པ་དང་། །གསར་བརྩིགས་མཆོད་ཅིང་ཁྲུས་ཆབ་གསོལ་བ་དང་། །བསྟོད་དང་བསྐོར་དང་གུས་པ་བགྱིས་པ་དང་། །སྨོན་ལམ་ཟབ་མོ་སེམས་ཡིད་དང་བཏབ་པའི། །བྱིན་རླབས་ཡོན་ཏན་ཁྱད་པར་ཆེན་པོའི་མཐུས། །བདག་ཅག་ཡོན་བདག་འཁོར་བཅས་ཐམས་ཅད་དང་། །དད་མོས་གྲོགས་བྱེད་རྗེས་སུ་ཡི་རང་རྣམས། །སྨོན་ལམ་མཐུ་སྟོབས་ཁྱད་པར་ཆེན་པོ་ཡིས། །དད་པའི་ཡིད་ཀྱི་མཆོད་རྟེན་འདི་བརྩིགས་པས། །དེ་ན་བདག་ཅག་སྡིག་སྒྲིབ་བྱང་གྱུར་ཏེ། །བླ་མེད་བྱང་ཆུབ་བདག་ཅག་མྱུང་ཐོབ་ཤོག ༼ག༽ །ཤེས་རབ་མཆོག་གིས་བདག་མེད་ཐུགས་ཆུད་དེ། །ཡེ་ཤེས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་ཆོས་སྐུ་སྤྲོས་མེད་པ། །སོ་སོ་རང་རིག་དེ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་དོན་དུ་དཀའ་བ་རྣམས་མཛད་དེ། །བསོད་ནམས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་གཟུགས་སྐུར་གང་སྣང་བ། །ཡོན་ཏན་མཐའ་དག་རྫོགས་ལ་ཕྱག་འཚལ་བསྟོད། །བསྐལ་པ་གྲངས་མེད་འདས་བཞུགས་སུ། །དངོས་པོ་ཀུན་དང་བྲལ་བ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུངས་དང་འཛིན་པ་རྣམ་སྤངས་པ། །བདག་མེད་ཆོས་ཀྱི་བདག་ཉིད་ཀྱི། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་ཉིད་རང་བཞིན་ཐུགས་བསྐྱེད་ལྟར། །བདག་དང་རིགས་མཐུན་གཞན་གྱིས་ཀྱང་། །བླ་མེད་བྱང་ཆུབ་སེམས་བསྐྱེད་བགྱི། །དཀོན་མཆོག་གསུམ་གྱི་བྱིན་གྱི་རླབས་ཀྱིས་སེམས་ཅན་ཐམས་ཅད་ལ་ཤིས་པར་བརྗོད་པ། །དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་དང་སྦྱོར་བ་དག་པ་ཡིས། །ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་དང་གཟུགས་ཅན་མ་ཡིན་དང་། །འདུ་ཤེས་མེད་དང་ཡོད་མིན་དང་། །སེམས་ཅན་རིས་རྣམས་ཇི་སྙེད་པས། །སོ་སོའི་སྐྱེ་བོར་གཏོག་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པར་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །བདེ་བ་དག་ལ་གཞོལ་གྱུར་ཅིག །སེམས་ཅན་དང་འཕགས་པའི་ཚོགས་ཐམས་ཅད་ལ་བསོད་ནམས་བསྟབ་པ། འདས་པ་དང་ནི་མ་འོངས་དང་། །ད་ལྟར་དུས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ན་གང་བཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བསོད་ནམས་དང་ནི་ཡེ་ཤེས་ཚོགས། །དེ་ཡི་རྒྱུད་དང་འབྲས་བུ་དང་། །སྦྱོར་བ་དང་ནི་དངོས་དང་མཇུག །སེམས་ཅན་ཀུན་ལ་བསྟབས་མཁྱེན་ལྟར། །བདག་དང་སེམས་ཅན་ཀུན་གྱིས་ཀྱང་། །རང་གི་བསོད་ནམས་མ་ལུས་པ། །རྫོགས་སངས་རྒྱས་བདེ་མ་ཐོབ་པའི། །སེམས་ཅན་རྣམས་ལ་བསྟབ་པར་བགྱི། །སྦྱོར་བ་དང་ནི་མཐོང་བ་དང་། །སྒོམ་དང་མི་སློབ་ལམ་བརྙེས་པའི། །འཕགས་པའི་ཚོགས་རྣམས་ཀུན་ལ་ཡང་། །དེ་དག་རབ་ཏུ་བསྟབ་པར་བགྱི། །དེ་དག་གི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། བླ་མའི་བླ་མ་དཀོན་མཆོག་དང་། །མཆོད་རྟེན་ཁྱད་པར་འཁོར་བཅས་ལ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །ཡི་རང་བསྐུལ་ཞིང་གསོལ་བ་དང་། །སྐྱབས་གསོལ་ལུས་ཕུལ་སེམས་བསྐྱེད་དང་། །ཤིས་པར་བརྗོད་ཅིང་བསྟབས་པ་དང་། །གཞན་ཡང་དགེ་བའི་ཅི་བསགས་པ། །ཐམས་ཅད་བླ་མེད་བྱང་ཆུབ་བསྔོ། །དེས་ནི་སེམས་ཅན་ཐམས་ཅད་དང་། །འཕགས་པའི་སྐྱེ་བོའི་ཚོགས་ཀུན་གྱིས། །ཡེ་ཤེས་པ་ཡི་ལམ་གྱི་མཆོག །འཇུག་དང་གནས་དང་འཕར་བ་དང་། །སྤྱོད་པ་ཉིད་ཀྱི་ཡུལ་རྣམས་ནི། །གོ་རིམ་བཞིན་དུ་རབ་རྟོགས་ཏེ། །སྐུ་གསུམ་མཁྱེན་བཞིའི་ཚོགས་རྫོགས་ཤིང་། །བླ་མེད་སངས་རྒྱས་འགྲུབ་པར་སྨོན། །འདི་བྲིས་བསོད་ནམས་ཅི་མཆིས་པས། ཁམས་གསུམ་སེམས་ཅན་ཐམས་ཅད་དང་། རྨོངས་པ་བདག་གིས་སྡིག་བགྱིས་པ། ཐམས་ཅད་མ་ལུས་སོ་སོར་བཤགས། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། སློབ་དཔོན་ཆེན་པོ་བོ་དྷི་ས་ཏྭས་མཛད་པ་རྫོགས་སོ། །དགེའོ། །ཟབ་ཆོས་འདི་ཉིད་དཔལ་ཡུལ་དགོན་དུ་ས་མོ་སྦྲུལ་གྱི་ལོ་ཧོར་ཟླ་དྲུག་པའི་ཚེས་༡༥ ལ་སྤར་དུ་བཞེངས་པ་བསྟན་འགྲོ་ཡོངས་ལ་ཁྱབ་གྱུར་ཅིག །
མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག །ཡོན་ཏན་རྒྱ་མཚོ།
མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག་ཅེས་བྱ་བ་བཞུགས་སོ། །བླ་མ་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་མཐར་ཕྱིན་རྒྱལ་བའི་གཙུག་ཏོར་ལས། །གྲོལ་བ་བཞི་ལྡན་ཕྱག་རྒྱར་ཤར་བའི་ལྷ། །རྒྱུད་དང་རྒྱུད་ཀྱི་སྦྱོར་བ་སྟོན་མཛད་པ། །ཞི་འཚོ་བརྒྱུད་པར་བཅས་ལ་གུས་ཕྱག་འཚལ། །རིང་བསྲེལ་སྙིང་པོ་ཅན་གྱི་གདུང་། །བདེན་པར་གསུངས་པས་རབ་བསྔགས་པ། །རྣམ་དག་ཆོ་གས་བསྒྲུབ་པའི་ཚུལ། །བསྡུས་ཏེ་བྱ་བའི་རིམ་པ་འཆད། །གང་དག་སཱཙྪ་འབུམ་ཕྲག་ལ་སོགས་པ་གྲངས་མང་དུ་འདེབས་པའི་ཚེ། མཆོད་རྟེན་བརྒྱ་རྩ་གདབ་པའི་ཆོ་ག་རྒྱས་འབྲིང་ཚར་མང་དུ་མི་ལྕོགས་པས་ཟོར་ཡངས་སུ་བྱ་བ་འདོད་ན། ཆོ་ག་ལ་མི་གཏོགས་པའི་སྦྱོར་བ་བཤམ་གྱི་རིམ་པ་རྒྱས་འབྲིང་གི་ཕྱག་ལེན་ལྟར་བྱས་ནས། དངོས་གཞིའི་ཆོ་ག་ལ་གསུམ། ཚོགས་ཞིང་ཉེ་བར་སྒྲུབ་པ། ཡན་ལག་བཅུས་ཚོགས་བསགས་ཤིང་གཟུངས་བཟླ་བ། བསགས་སྦྱོང་སོགས་ཀྱིས་མཇུག་བསྡུ་བའོ། །དང་པོ་ལ་གཉིས། སྦྱོར་བ་དང་། དངོས་སོ། །དང་པོ་ལ་ལྔ། བཞུགས་གསོལ་བདག་མདུན་མཆོད་རྫས་བསྒྲུབ། །རིག་པ་ཆེན་མོས་བྱིན་བརླབ་བོ། །དང་པོ་ནི། མཆོད་རྟེན་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཞག་པའི་ཚེ། ༀ་སུ་པྲ་ཏིཥྛ་ཏུ་བེ་སྭཱ་ཧཱ། བདག་གཞན་དོན་གཉིས་ཕུན་ཚོགས་སྤྱོད་གྱུར་ཅིག །ༀ་བཛྲ་པདྨ་ས་མ་ཡེ་སྭཱ་ཧཱ། རྡོ་རྗེ་པདྨའི་གདན་ལ་བཞུགས་སུ་གསོལ། །ནམ་མཁའ་ས་གཞི་རྒྱ་མཚོའི་མཇིང་ཐམས་ཅད། །མཆོད་རྟེན་རྣམ་པ་མང་པོས་གང་བར་གྱུར། །གཉིས་པ་བདག་སྒྲུབ་པ་ནི། བདག་ཉིད་རྡོ་རྗེ་འཛིན་པའི་སྐུར་གསལ་བའི། །སྙིང་གར་ཟླ་སྟེང་རྡོ་རྗེ་རྩེ་ལྔ་ལས། །ཡེ་ཤེས་འོད་ཟེར་སངས་རྒྱས་དཀྱིལ་འཁོར་འཕྲོས། །ལུས་ཀྱི་ནང་གང་བ་སྤུའི་བུ་ག་ནས། །ནམ་མཁའི་མཐར་ཁྱབ་འགྲོ་ཁམས་བྱིན་གྱིས་བརླབས། །དོན་མཛད་སླར་འདུས་སྐུ་ཡི་ནང་ཐིམ་གྱུར། །གསུམ་པ་མདུན་རྟེན་སྒྲུབ་པ་ནི། དཀྱིལ་འཁོར་སྟེང་དུ་ཡི་གེ་རཾ་དམར་པོ། །ཧཱུྃ་རྂ་སྭཱ་ཧཱ། དེ་ལས་མེ་འབར་གནས་ཀྱི་རྟོག་པ་སྦྱངས། །ཡེ་ཤེས་རིན་ཆེན་ལྔ་ལྡན་དཀྱིལ་འཁོར་གྱུར། །པད་སྟེང་ལིང་ཚེ་རྣམས་སུ་ཨ་དཀར་པོ། །ༀ་ཨ་ཙནྡྲ་མཎྜལ་ཧཱུྃ་ཕཊ། ཨ་ཡིག་ཡོངས་གྱུར་ཟླ་གདན་རེ་རེར་འགྱུར། །ༀ་བཛྲ་དྷཱ་ཏུ་ཨ་དྷི་ཏིཥྛ་ཧཱུྃ། རིན་ཆེན་གཞལ་ཡས་ཆོས་ཀྱི་དབྱིངས་མཉམ་ནང་། །དག་གསལ་ཡེ་ཤེས་ལྔ་ལས་གྲུབ་པ་ཡི། །མཆོད་རྟེན་རྣམས་ཀྱི་བུམ་པའི་དབུས་ཉིད་དུ། ། དྲི་མེད་སྙིང་པོ་གསེར་གྱི་མདོག་ཅན་དང་། །ཕྱོགས་བཞི་དབུས་ལྔར་དེ་བཞིན་གཤེགས་པ་ལྔ། །ས་བོན་ལྔ་གསལ་ཡེ་ཤེས་འོད་ལྔ་འཕྲོས། །བདེ་གཤེགས་སྐུ་ཡི་སྤྲིན་གྱིས་ནམ་མཁར་ཁྱབ། །འཇིག་རྟེན་ཁམས་ཀུན་དག་པའི་ཞིང་དུ་བསྒྱུར། །འགྲོ་དོན་མཛད་ནས་སླར་འདུས་ཐུགས་ཀར་ཞུགས། །ཕྲིན་ལས་སྒྲིབ་དག་རྡོ་རྗེ་གསུམ་དུ་གྱུར། །བཞི་པ་མཆོད་རྫས་བསྒྲུབ་པ་ནི། ༀ་སརྦ་པཱུ་ཛ་པུཥྤེ་སྭཱ་ཧཱ། ཀུན་བཟང་མཆོད་སྤྲིན་རྒྱ་ཆེན་ཟད་མེད་པས། །མཆོད་རྟེན་རེ་རེ་བཞིན་དུ་མཆོད་པར་གྱུར། །སྤོས་ཆུའི་སྟེང་དུ་ཨ་ལས་ཟླ་དཀྱིལ་ལས། །འོད་འཕྲོས་སྤོས་ཆུ་ཡེ་ཤེས་བདུད་རྩིར་གྱུར། །མཆོད་ཡོན་གྱི་ཕྱག་རྒྱ་བྱས་ལ། ༀ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། འཕགས་པ་ཐམས་ཅད་མཉེས་པར་རྒྱུར་གྱུར་ཅིག །ཕྱག་རྒྱ་རྒྱ་མཚོའི་སྤྲིན་ཕུང་དབུ་གཙུག་ནས། །བཀྲམ་སྟེ་ཡེ་ཤེས་སྐུ་ཡི་ནང་དུ་འདུས། །ཕུན་སུམ་ཚོགས་པའི་དབང་རྣམས་བསྐུར་བར་གྱུར། །ལྔ་པ་རིག་པ་ཆེན་མོས་བྱིན་གྱིས་བརླབ་པ་ནི། ༀ་ཏྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་སྭཱ་ཧཱ། འཇིག་རྟེན་ཁམས་ཀུན་མཆོད་རྟེན་རང་བཞིན་གྱུར། །ༀ་ཏྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤ་ོདྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་མ་ཧཱ་བི་ར་ཛེ་ར་གམྦྷཱི་ར་སི་དྷརྨཱ་དྷཱ་ཏུ་གརྦྷེ། བི་བི་སཱ་ར་ཨ་ཨ་ལཾ་སྭཱ་ཧཱ། ས་གཞི་ཐམས་ཅད་མཆོད་རྟེན་རང་བཞིན་གྱུར། །ༀ་ཏྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོདྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྡྷེ། མ་ཧཱ་བི་ར་ཛེ་ར་གམྦྷི་ར་སི། དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་མཱ་མ་ཀཱི་སྭཱ་ཧཱ། ཆུ་མཚོ་ཀུན་ཀྱང་མཆོད་རྟེན་རང་བཞིན་གྱུར། །ༀ་ཏྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ། ཛྭ་ལ་དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞཱི་ཥ་བི་ཤུདྡྷེ། མ་ཧཱ་བི་ར་ཛེ་ར་གམྦྷཱི་ར་སི། དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་ཨ་ཨེ་ཁྂ་ཡ་སྭཱ་ཧཱ། ནམ་མཁའི་ཁམས་ཀུན་མཆོད་རྟེན་རང་བཞིན་གྱུར། །ༀ་རཏྣ་ཙེ་ཏྱ་པཉྩ་ཡེ་བི་བི་སཱ་ར་སྭཱ་ཧཱ། ལན་གསུམ། རིན་ཆེན་སྣ་ལྔ་ལས་གྲུབ་མཆོད་པའི་རྟེན། །ཚད་དཔག་མེད་པས་འཇིག་རྟེན་གང་གྱུར་ཅིག །ཅེས་པ་རྣམས་བརྗོད་ཅིང་དོན་ཡིད་ལ་བྱའོ། །སྦྱོར་བ་འདི་རྣམས་ནི་ཤེས་པས་གྲུབ་པ་ལས་གསུངས་པ་སྟེ་ད་ལྟ་གཞུང་ཉིད་ཚད་མར་བྱེད་པས་ཕན་ཡོན་ལ་བསམས་ནས་བཀོད་པ་ཡིན་ཅིང་། མཁན་པོའི་ཆོག་གཞུང་དུ་མི་གཏོགས་པས་འདི་ཡན་ཆད་མ་བྱས་ཀྱང་ཆད་པའི་སྐྱོན་མེད་དོ། །གཉིས་པ་ཚོགས་རྟེན་སྒྲུབ་པའི་ཐོག་མར་ཕྱོགས་བཅུའི་འཕགས་པ་རྣམས་མངོན་སུམ་ལྟ་བུར་དམིགས་ནས་ཕྱག་འཚལ་བའི་གཟུངས་བཅས་ཕྱག་ལན་གསུམ་བྱས་ཏེ་འཁོད། ཆོག་དངོས་ལ། སེམས་བསྐྱེད་གནས་ཡོ་བྱིན་གྱིས་བརླབ། །སྤྱན་འདྲེན་ཕྱག་མཆོད་བཞུགས་གསོལ་ཁྲུས། །ཞེས་རྣམ་གྲངས་བདུན་ཡོད་པ་ལ། དང་པོ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པའི་སྟོང་པ་ཉིད་དོ། །ཞེས་བརྗོད་ལ་མཉམ་པར་བཞག །འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་ལ། སེམས་ཅན་རྣམས་ཀྱིས་དེ་བཞིན་ཉིད་མ་རྟོགས་པས་མཐའ་མེད་པའི་འཁོར་བར་སྡུག་བསྔལ་ཤ་སྟག་གིས་ཉེན་པའི་འགྲོ་བ་དེ་དག་བདག་གི་ཕ་མར་མ་གྱུར་པ་འགའ་ཡང་མེད་ཅིང་། བདག་གིས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འགྲོ་བ་བསྒྲལ་བར་དམ་བཅས་པས་དེ་རྣམས་ཡལ་བར་འདོར་བ་ནི་མི་རིགས་པས། འདི་དག་སྡུག་བསྔལ་ལས་འདོན། བདེ་བ་ལ་འགོད་པར་བྱའོ་སྙམ་དུ་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམ། འོན་ཀྱང་ད་ལྟ་བདག་ལྟ་བུས་འགྲོ་བའི་དོན་རླབས་པོ་ཆེ་སྒྲུབ་པར་མི་ནུས་པས་གཙུག་ཏོར་དྲི་མ་མེད་པའི་གཟུངས་ཀྱི་ཆོ་ག་ལ་བརྟེན་ཏེ་འཕགས་པ་རྣམས་ཀྱི་མཐུ་དང་བྱིན་གྱི་བརླབས་ཀྱིས་འགྲོ་བ་རྣམས་ལ་ཕན་པ་བསྒྲུབ་པར་བྱས་ལ། བདག་ཉིད་དབང་ཐོབ་ནས་གཞན་དྲིང་མི་འཇོག་པར་ཐབས་མཁས་པའི་སྒོ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པར་བསྒྲུབ་པར་བྱའོ་སྙམ་དུ་བསམ་ལ། སངས་རྒྱས་ཆོས་ཚོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད་ལ་ཚད་མེད་བཞིའི་ཏིང་འཛིན་བསྒོམ། གཉིས་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བའི་གཟུངས་ཀྱི་མདོ་ལས་བྱུང་བའི་ཆོ་ག་བཞིན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་གནས་འདིར། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་དང་ལྡན་པར་གྱུར་ཏེ། ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ས་གཞི་ལ། བཀོད་པ་ཐམས་ཅད་ལས་འཕགས་པ་དེ་བཞིན་གཤེགས་པའི་བཀོད་པ་ལ་བརྟེན་པའི་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་པདྨའི་གདན། རིན་པོ་ཆེ་སེང་གེའི་ཁྲིའི་སྟེང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་བདག་ཉིད་གྲངས་མེད་པ་ཞིག་རོམ་མེར་དཀྲིགས་པར་གྱུར་པའི་མཐའ་འཁོར་བའི་གཞལ་མེད་ཁང་ཆེན་པོའི་ནང་དུ་འཕགས་པ་རྣམས་གདན་འཛོམ་པའི་གདན་ཁྲི་སོ་སོའི་སྨོན་ལམ་ཁྱད་པར་ཅན་གྱི་མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུའང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ། ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་བཀང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་གདན་འཛོམ་ནས། དེ་བཞིན་དུ་བྱིན་གྱིས་རླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་གྱིས་གནས་དང་མཆོད་པའི་ཡོ་བྱད་བྱིན་བརླབ། ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་གྱིས་ཐུན་མོང་དུ་བྱིན་གྱིས་བརླབ་བོ། །གསུམ་པ་ནི། པུས་མོ་བཙུགས། མེ་ཏོག་བླང་། ཐལ་མོ་སྦྱར་ཏེ། འདུན་པ་རྩེ་གཅིག་པས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་། བྱིན་རླབས་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། འགྲོ་བའི་དོན་དུ་སྨོན་ལམ་ཁྱད་པར་ཅན་མཛད་པ་ལས་གླེང་སྟེ། བདག་སོགས་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་སུ་གསོལ་ནས་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབས་པར་ཅི་གནང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་རང་རྒྱལ་དང་། འཕགས་པ་ཉན་ཐོས་ཆེན་པོའི་སྐུ་གདུང་རིང་བསྲེལ་དང་། སྐུ་གདུང་གི་མཆོད་རྟེན་དང་། ཆོས་ཀྱི་སྐུའི་མཆོད་རྟེན་གཟུགས་ཀྱི་ཚུལ་དུ་རྣམ་པར་བཞག་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་། བསྲུང་བ་མེད་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། མི་འཇིགས་པ་བཞི་དང་། སྟོབས་བཅུ་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། ཐུགས་རྗེ་ཆེན་པོ་དང་། ཡེ་ཤེས་ལ་སོགས་པ་ཡོན་ཏན་བསགས་པའི་མཆོད་རྟེན་དང་། ཆོས་ཀྱི་དབྱིངས་དང་། རིག་སྔགས་དང་། གསང་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། འཕགས་པའི་བྱིན་གྱིས་བརླབས་པ་ལུམྦིའི་ཚལ་དུ་སྐུ་བལྟམས་པའི་མཆོད་རྟེན་ལ་སོགས་ཏེ། ཕྱོགས་བཅུ་ཐམས་ཅད་ན་མཆོད་རྟེན་ཁྱད་པར་ཅན་འཁོར་དང་བཅས་པ་ཇི་སྙེད་བཞུགས་པ་ཐམས་ཅད། ཆོས་ཀྱི་དབྱིངས་དང་རིགས་ཐམས་ཅད་ན་བཞུགས་པའི་འཕགས་པ་ཐམས་ཅད་མཉེས་པར་བགྱི་བ་དང་། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སྤེལ་བའི་སླད་དུ། དེང་དཀོན་མཆོག་གསུམ་དང་མཆོད་རྟེན་ཁྱད་པར་ཅན་འཁོར་དང་བཅས་པ་སྤྱན་དྲངས་པའི་གནས་སུ་བྱིན་གྱིས་བརླབས་པ་འདིར། མཆོད་པར་འོས་པའི་བདེ་བ་སྦྱར་བ་ཐམས་ཅད་ཀྱིས་བསྟབས་ཤིང་སྤྱན་འདྲེན་གྱིས། མཐུ་སྟོབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་ཀྱིས་རྣམ་པར་འཕྲུལ་པ་མཛད་དེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་གཤེགས་ཤིང་བཞེས་པར་གསོལ་ལོ། །ཞེས་དང་། མཆོད་རྟེན་མཆོད་གནས་དཔལ་ལྡན་པ། །སྐུ་གདུང་ཆོས་སྐུ་ཆོས་དབྱིངས་དང་། །རིག་སྔགས་གསང་སྔགས་སྙིང་པོ་དང་། །ཕྱག་རྒྱ་བྱིན་རླབས་གཤེགས་སུ་གསོལ། །གཤེགས་འབྱོན་སྐྱེ་འབྲི་མེད་པའི་སྐུ། །ཇི་ལྟར་སྨོན་བཞིན་ཡོད་པ་དག །དཀྱིལ་འཁོར་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་བསྐྱབ་ཕྱིར་གཤེགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མཆོད་རྟེན་ཁྱད་པར་འཁོར་གཏོགས་པ། །འོག་མིན་གནས་དང་ལྷ་ཚོགས་དང་། །བསམ་གཏན་བཞི་དང་འདོད་ཁམས་དྲུག །སྡེ་བརྒྱད་ཚོགས་དང་འབྱུང་པོ་ཀུན། །དམ་ཚིག་ཅན་དང་ཐུགས་དམ་ཅན། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གཟའ་དང་རྒྱུ་སྐར་དང་། །དཀོན་མཆོག་མཐོང་ཐོས་སྐྱབས་བརྟེན་པ། །ཕྱག་བགྱི་ཐལ་མོ་སྦྱར་འོས་ཤིང་། །མགོས་གཏུགས་མཆོད་དང་ཀུན་སྦྱིན་དང་། །རབ་ཏུ་སྦྱིན་འོས་ཀུན་གཤེགས་ཤིག །ཅེས་རོལ་མོའི་སྒྲ་དང་སྤོས་དུད་བཅས་སྤྱན་དྲངས་པས། འཕགས་པའི་ཚོགས་ཕྱོགས་བཅུ་ནས་གཤེགས་ཏེ་འཁོར་དང་བཅས་པ་གདན་ལ་བཞུགས་པར་གྱུར་པར་མོས། བཞི་པ་བསུ་ཕྱག་ནི། དགེ་འདུན་རྣམས་འགྲེངས་ནས་ཕྱག་ལན་བདུན་འཚལ་ཏེ། ཡེ་ཤེས་ཚོགས་ཀྱིས་བསྐྱེད་པའི་སྐུ། །མིང་དང་གཟུགས་ལས་རྣམ་པར་གྲོལ། །རྟོག་དང་སྤྲོས་ལས་རབ་འདས་ཀྱང་། །བསྙེལ་བ་མི་མངའི་རང་བཞིན་ཅན། །དངོས་དང་དངོས་མེད་མཐའ་ལས་དབེན། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །ཡེ་ཤེས་རྣམས་ཀྱི་གནས་གྱུར་པ། །རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །བསོད་ནམས་ཚོགས་ཀྱིས་བསྐྱེད་པའི་སྐུ། །དབང་ཕྱུག་ཆེན་པོའི་གནས་མཆོག་ན། །ཆོས་ལ་མངའ་མཛད་ལོངས་སྤྱོད་པ། །བྱང་ཆུབ་སེམས་དཔའ་ཡོངས་ཀྱི་མགོན། །གཙང་མའི་གནས་ནས་མ་གཡོས་པ། །གདུལ་བྱའི་བསམ་པ་ཇི་བཞིན་དུ། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །སྤྲུལ་མང་འགྱེད་ལ་ཕྱག་འཚལ་བསྟོད། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །དགའ་ལྡན་མཆོག་ནས་བབས་པ་དང་། །འཇིག་རྟེན་སྒྱུ་རྩལ་ཕུལ་བྱུང་ཞིང་། །བདུད་བཅོམ་བྱང་ཆུབ་འཚང་རྒྱ་སྟེ། །འཁོར་ལོ་བསྐོར་ནས་འདས་པའི་བར། །ཆོ་འཕྲུལ་ཅིག་ཆར་སོ་སོར་སྟོན། །ཆོ་འཕྲུལ་ངོ་མཚར་རྨད་བྱུང་བ། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །སྟོན་པ་མཆོག་བཞུགས་གཞལ་མེད་ཁང་། །དབྱིབས་ལེགས་རྣམ་པར་ཕྱེ་བས་མཛེས། །ཁ་དོག་སྣ་ཚོགས་སྤེལ་ལེགས་སུ། །རིན་ཆེན་འབར་བ་མང་པོས་བརྒྱན། །ཡིད་འོང་ཉམས་དགའ་ལྷ་ཡི་གནས། །རྒྱན་བཀོད་དཀྱིལ་ན་མཛེས་པ་ལ། །འཕགས་པ་མཆོད་པའི་རྟེན་བགྱིས་ཏེ། །སྟོན་པ་འཁོར་དང་བཅས་པ་བསྟོད། །ལྔ་པ་བསུ་བའི་མཆོད་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནི་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་བཟླ་ཞིང་། མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པའི་བདེ་བར་སྦྱར་བ་འབུལ། །ཞེས་པས་མཆོད་པ་བཟང་ཞིང་རྒྱ་ཆེ་བར་དམིགས་ཏེ་འབུལ་ལོ། །དྲུག་པ་བཞུགས་སུ་གསོལ་བ་ནི། སྐུ་གདུང་ཆོས་སྐུ་བྱང་ཆུབ་ཕྱོགས། །མ་འདྲེས་བསྲུང་མེད་བསྙེལ་མི་མངའ། །མི་འཇིགས་སྟོབས་དང་སངས་རྒྱས་ཆོས། །རྡོ་རྗེ་ཡེ་ཤེས་ཚོགས་བསགས་པ། །ཆོས་དབྱིངས་རིག་སྔགས་གསང་སྔགས་དང་། །སྙིང་པོ་ཕྱག་རྒྱའི་བྱིན་རླབས་ཀྱིས། །མཆོད་རྟེན་ཁྱད་པར་ཇི་སྙེད་དང་། །དཔལ་ལྡན་བསོད་ནམས་ཞིང་མཆོག་ཀུན། །ཆོས་དོན་དག་པའི་དཀྱིལ་འཁོར་འདིར། །རིན་ཆེན་སྟེགས་དང་ཁྲི་འཕང་དང་། །གཙང་དྭངས་ལྷ་རྫས་པདྨ་ལ། །མི་གནས་ཚུལ་གྱིས་གདན་ལ་བཞུགས། །བཛྲ་ཨཱ་ས་ན་ཏིཥྛནྟུ། བདུན་པ་ཁྲུས་གསོལ་བ་ནི། ཕྱོགས་བཞིའི་བུམ་པ་དང་ཆུ་བོ་རྣམ་ལྔས་སྐུ་ཁྲུས་ཕུལ་ལ། ཇི་ལྟར་མེ་ལོང་གཟུགས་བརྙན་སྣང་གྱུར་ཀྱང་། །ཆོས་དབྱིངས་དག་པའི་སྐུ་ལ་བསྐྱོད་པ་མེད། །རིན་ཆེན་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སའམ་ཆུ་ུའམ་འོན་ཏེ་བར་སྣང་ལ། །སེམས་ཅན་དོན་དུ་རིན་ཆེན་སྐུར་བསྟན་པ། །མཆོད་རྟེན་དམིགས་པར་བཅས་ཏེ་སྐུ་ཁྲུས་གསོལ། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །ཕྱོགས་བཞིར་བཞུགས་པའི་རིགས་མཆོག་རྣམ་པ་བཞིའི། །ཆོས་ཀྱི་སྐུ་ལ་ཡེ་ཤེས་ཁྲུས་གསོལ་བས། །ཁམས་གསུམ་འཁོར་བའི་ཉོན་མོངས་སྐྱོན་བྲལ་ནས། །ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །སྐུ་མཆོག་རྣམ་དག་ལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དབྱིངས་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །གུས་པའི་ཡིད་ཀྱིས་སྐུ་ཁྲུས་འདི་གསོལ་བས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ཅེས་སྨོན་ལམ་རེ་རེའི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བཏགས་ཏེ་བཀྲུའོ། །དེ་ནས་རས་ཁ་ཚར་མ་ཉམས་པས་ཕྱི་ཞིང་། བདེ་གཤེགས་སྐུ་གཟུགས་དཔེ་དང་མཚན་མངའ་ཡང་། འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་ཕྱིའོ། །གཉིས་པ་ཡན་ལག་བཅུའི་ཚོགས་བསགས་ཤིང་གཟུངས་བཟླ་བ་ལ་བཅུ་གཅིག །ཕྱག་འཚལ་མཆོད་བཤགས་ཡི་རང་བསྐུལ། །གསོལ་འདེབས་སྐྱབས་སེམས་བསྔོ་བ་དང་། །འདོད་གསོལ་གཟུངས་སྔགས་བཟླ་བའོ། །དེ་ལ་དང་པོ་ཕྱག་འཚལ་བ་ནི། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དེ་དག་གིས་ལེགས་པར་གསུངས་པ། ལེགས་པར་བསྒྲུབས་པ། ལེགས་པར་ཐུགས་སུ་ཆུད་པ། དམ་པའི་ཆོས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་དག་གི་ཐུགས་ཀྱི་སྲས་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། སྟོན་པ་བདེ་བར་གཤེགས་པ་དེ་དག་གི་གསུང་གི་སྲས་འཕགས་པ་རང་རྒྱལ་དང་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཏེ། ཚོགས་ཀྱི་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་མཆོད་རྟེན་རིང་བསྲེལ་དང་སྐུ་གདུང་དང་བཅས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །འཕགས་པ་དམ་པའི་ཆོས་སྐྱོང་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་བཞུགས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྐུ་གདུང་ཕྲ་མོར་བསིལ་བའི་རིང་བསྲེལ་སྣོད། །རྒྱུ་དང་འབྲས་བུར་བཅས་པའི་ཆོས་ཀྱི་ཚུལ། །སེམས་ཅན་རྣམས་ཀྱིས་མཆོད་པར་བྱ་བའི་རྟེན། །ཆོས་སྐུའི་རྟེན་དུ་བཞུགས་ལ་ཕྱག་འཚལ་བསྟོད། །རང་བཞིན་རྣམ་དག་ཆོས་དབྱིངས་དེ་བཞིན་ཉིད། །སྤྲོས་པའི་དྲི་མས་མ་གོས་དཀར་བ་ལ། །རིན་ཆེན་སྤྲས་པས་མཚན་མཆོག་རྫོགས་པའི་སྐུ། །འགྲོ་དོན་ལེགས་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་བཞིན་སྐུ་གདུང་དབྱིབས་བཅས་ཆོས་སྐུ་དག །གང་གིས་མཐོང་ཐོས་དྲན་ནམ་རེག་ཀྱང་རུང་། །མཐོ་རིས་དཔལ་དང་ཐར་མཆོག་བདེ་ཐོབ་པ། །ཡོན་ཏན་སྣ་ཚོགས་མངའ་ལ་ཕྱག་འཚལ་བསྟོད། །སྐུ་བལྟམས་རབ་བྱུང་བྱང་ཆུབ་བདུད་ཚོགས་བཏུལ། །ཆོས་འཁོར་དབྱིན་ཟླུམ་ཆོ་འཕྲུལ་ལྷ་ལས་བབས། །བྱིན་རླབས་མྱང་འདས་རིང་བསྲེལ་བཞི་བཞུགས་སོགས། །བདེ་གཤེགས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུར་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་བརྗོད་ལ་ཕྱག་བྱའོ། །གཉིས་པ་ལ་གསུམ། མཆོད་པ། བསྟོད་པ། ཆོས་སྐྱོང་མཆོད་པའོ། །དང་པོ་ལ་མཆོད་ཡུལ་བཟུང་བ་ནི། མཆོད་སྤྲིན་འབྱུང་བའི་གཟུངས་ལན་གསུམ་བརྗོད་ལ། ཕྱོགས་བཅུའི་སངས་རྒྱས་རྣམས་དང་དམ་པའི་ཆོས། །འཕགས་པའི་དགེ་འདུན་ཆོས་སྐྱོང་སྲུང་མའི་ཚོགས། །ཚད་མེད་བཞི་དངོས་རིན་ཆེན་བཞི་ལས་གྲུབ། །རིགས་བཞིའི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་ལ་སོགས་ན། །བཞུགས་པའི་ཕྱོགས་བཞིའི་མཆོད་རྟེན་རྣམ་བཞི་སོགས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང་། །རྒྱལ་བའི་མ་འདྲེས་ཡོན་ཏན་ཀུན་བསགས་པའི། །ཆོས་ཀྱི་སྐུ་ཡི་མཆོད་རྟེན་ཁྱད་པར་ཅན། །ཕྱོགས་བཅུ་ཀུན་ན་བཞུགས་ལ་མཆོད་པ་འབུལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བཏུད་དེ། །བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སྐུ་གདུང་རིང་བསྲེལ་རྣམས་ལ་མཆོད་པ་འབུལ། །རྡོ་རིང་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང་། །གདུགས་དང་བ་དན་དར་གྱི་ཅོད་པན་དང་། །པདྨ་ཉི་ཟླ་སིལ་སྙན་ལྷ་རྫས་ཀྱིས། །ཚངས་པའི་དབྱངས་ལྡན་དམིགས་པ་དག་པར་མཆོད། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས་བསྒྱུར་བ། །ཡོན་ཆབ་བདུག་པ་མར་མེ་དྲི་ཆབ་དང་། །མེ་ཏོག་དམ་པ་བཤོས་གཙང་མཉེས་པའི་མཆོག །མཆོད་ཡོན་རྣམ་ལྔའི་ཚོགས་ཀྱིས་མཉེས་པར་བགྱི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པར་བགྱི། །སྲིད་གསུམ་འཁོར་བའི་འདམ་ལས་དྲངས་པ་དང་། །འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ། །ཡེ་ཤེས་ཉི་མ ས་མཚན་མའི་སྐྱོན་སྤངས་ཏེ། །བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ། །མཆོད་ཡོན་འབུལ་བ་ནི་ཕྱོགས་བཞིའི་བཟེད་ཞལ་དུ་མཆོད་ཡོན་སྦྲེངས་ལ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྫོགས། །བླ་ན་མེད་དང་ཡིད་ལས་གྲུབ། །རང་བཞིན་སྤྲུལ་དང་གཟུགས་བརྙན་སོགས། །ངོ་མཚར་དཔལ་ཡོན་བསམ་མི་ཁྱབ། །ཐུགས་རྗེ་བྱིན་རླབས་རྨད་པོ་ཆེ། །མཆོད་པའི་རྟེན་གྱུར་གང་བཞུགས་ལ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱུན་བཤམས་ནས། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་ཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བྱེ་བྲག་ཏུ་འབུལ་བ་ནི། བདེ་གཤེགས་རྣམས་ཀྱིས་ལོངས་སྤྱོད་ཀྱི། །ཀུན་བཟང་མཆོད་པས་རོལ་མཛད་ཀྱང་། །འགྲོ་བའི་མུན་པ་བསལ་སླད་དུ། །བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །བླ་མེད་མཆོད་པ་རྣམ་ལྔ་འདི། །འགྲོ་བའི་དོན་དུ་འབུལ་ལགས་ན། །མཆོད་པའི་སྤྲིན་གྱིས་ཁྱབ་གྱུར་ནས། །བསོད་ནམས་གཏེར་ཆེན་ཐོབ་པར་ཤོག །ཅེས་པས་ཉེར་སྤྱོད་ལྔ་འབུལ། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་ལགས་ཀྱང་། །རིན་ཆེན་དོ་ཤལ་སེ་མོ་དོ་ལ་སོགས། །རྒྱན་གྱི་ཁྱད་པར་བརྒྱ་ཕྲག་མང་པོ་དང་། །དྲི་ཞིམ་ན་བཟའ་སྣ་ཚོགས་དབུལ་བར་བགྱི། །ཞེས་རྒྱན་དང་ན་བཟའ་འབུལ། ཐེག་མཆོག་བླ་བྲེ་གདུགས་དང་བ་དན་སྒྲེང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་དར་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་ཤོག །ཅེས་རོལ་མོའི་ཁྱད་པར་དུ་མས་མཆོད། དེ་ནས་ཞལ་ཟས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ལ། རྒྱལ་བའི་སྐུ་ལ་བཀྲེས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་འབུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ། བདེ་གཤེགས་མགོན་པོ་དཔག་བསམ་འཁོར་དང་བཅས། །བསོད་ནམས་ཡེ་ཤེས་སྐུ་ལྔ་མཐར་ཕྱིན་པ། །ཆོས་ཀྱི་ལོངས་སྤྱོད་བཀུར་སྟིའི་ཚུལ་ཙམ་དུ། །འབྲུ་ལྔ་སྤོས་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་བཅས་རྒྱལ་བས་རབ་བསྔགས་པ། །བདག་གཞན་དོན་གྱི་སྙིང་པོ་འདི་ཕུལ་བས། །འགྲོ་ལ་ཕན་ཕྱིར་ཚུལ་ཁྲིམས་མཆོག་ལྡན་ཏེ། །རིན་ཆེན་གཏེར་ལྟར་ཀུན་ལ་ཕན་འདོགས་ཤོག །ཅེས་ལྔ་ཕྲག་ལྔ་འབུལ། དེ་ནས་རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླབས་པའི་ཡུངས་ཀར་འཐོར་ཞིང་། བདེ་གཤེགས་ཀུན་བཟང་མངོན་པར་སངས་རྒྱས་ཏེ། །རྡོ་རྗེ་གདན་ལ་མངོན་པར་བཞུགས་པ་ན། །དཔལ་ལྡན་རྡོ་རྗེ་འཛིན་གྱི་གུས་བཅས་པས། །སྔགས་གྲུབ་རྒྱལ་པོ་ཡུངས་ཀར་ཕུལ་བ་ལྟར། །དེང་འདིར་སྟོན་པས་བདུད་བཞི་ཚར་བཅད་ནས། །སྐྱེ་རྒ་ན་འཆི་འཁོར་བའི་སྡུག་བསྔལ་ལས། །བདག་དང་མཐའ་ཡས་འགྲོ་བ་ཀུན་བསྒྲལ་ནས། །རྡོ་རྗེ་གདན་ལ་མངོན་པར་འཚང་རྒྱ་ཤོག །བཀྲ་ཤིས་ཀྱི་རྫས་ཕུལ་ལ། བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་བ་འཁོར་བཅས་དེང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་ཏིང་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཞེས་མངའ་དབུལ། དེ་ནས་སྤྱན་དབྱེ་བའི་སྨོན་ལམ་གསོལ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཅག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ། མཆོད་པར་འོས་པའི་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ། དེ་དང་དེ་དག་ཕུལ་བ་ལས་ཐོབ་པའི་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་མ་ལུས་པ་ཐོབ་པར་གྱུར་ཅིག །རྟེན་འདི་ཡང་འཇིག་རྟེན་ཇི་སྲིད་ཀྱི་བར་དུ་མཆོད་པའི་རྟེན་དུ་བཞུགས་ནས་ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་ཤིང་བྱིན་ཆེ་བར་གྱུར་ཅིག །རྒྱལ་བའི་རིང་བསྲེལ་མཆོད་འོས་བླ་མེད་རྣམས། །སྤྱན་དྲངས་ཕྱག་བགྱིས་བསྟོད་དང་བཀུར་བའི་མཐུས། །སྔོན་བསགས་ལས་ཀྱི་སྒྲིབ་པ་ཀུན་བྱང་ནས། །འགྲོ་དྲུག་ཚོགས་རྫོགས་མངོན་པར་འཚང་རྒྱ་ཤོག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །གཉིས་པ་ནི། རང་བྱུང་འདྲེན་པ་དཔའ་བོ་ལྷ་ཡི་ལྷ། །བཅོམ་ལྡན་ཤཱཀ་ཐུབ་སྐུ་གདུང་རིང་བསྲེལ་སྣོད། །འཇིག་རྟེན་གསུམ་གྱི་མཆོད་གནས་མཆོག་བཞུགས་པ། །ཆོས་བཟང་རྣམ་སྣང་རྣམ་པ་ཐམས་ཅད་ཞལ། །གཟུགས་ཀྱི་ཁྱད་པར་ལྟ་བས་མི་ངོམས་ཁྱོད། །ཡེ་ཤེས་ཚོགས་རྫོགས་ཆོས་ཀྱི་སྐུ་ལགས་ཏེ། །རྣམ་རྟོག་བྲལ་བས་ཡོན་ཏན་ཀུན་གྱི་གཞི། །བྱང་ཆུབ་ཕྱོགས་ཆོས་ཤེས་བཅུ་སྟོབས་བཅུ་སོགས། །འདི་འདྲའི་དམ་ཆོས་ངོ་མཚར་རྨད་རྣམས་ཀྱིས། །ཐབས་མཁས་ཐུགས་རྗེས་མཆོད་རྟེན་ཚུལ་དུ་སྤྲུལ། །ནམ་མཁའི་ཁམས་ལ་ཚོན་བཀྱེ་ཇི་བཞིན་དུ། །ཡོན་ཏན་ཁྱད་པར་ཁ་དོག་དབྱིབས་སུ་བསྒྱུར། །དཔལ་གནས་རིན་ཆེན་འབྱུང་གནས་ཆེན་པོ་བ། །དུས་གསུམ་རྒྱལ་བའི་མཆོད་རྟེན་སྐུ་གདུང་ཚུལ། །དཔལ་འབྱུང་ཀ་ནིཥྐ་དང་རབ་བྱུང་ཚུལ། །བསོད་ནམས་ཕུང་པོས་ཡུལ་ཁམས་བྱིན་ཆགས་ཤིང་། །སངས་རྒྱས་སྤྲུལ་པ་ཕྲིན་ལས་རྫོགས་པར་མཛོད། །ས་བཅུའི་རྒྱལ་ཚབ་བྱམས་པའི་གཙུག་གི་རྒྱན། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེན་པོ་ལ། །རི་ལུང་ནགས་ཚལ་ཆུ་ཀླུང་མཁར་གནས་པའི། །ལྷ་ཚོགས་དད་པས་གནམ་ས་ཀུན་ནས་དཀྲིགས །སྡོམ་བརྩོན་རྒྱལ་སྲས་འཁོར་བཞི་ཁྱིམ་བདག་དང་། །དབུས་མཐའི་རྒྱལ་ཁམས་མི་ཚོགས་ཀུན་འདུས་ནས། །མེ་ཏོག་ཕྲེང་བ་སྤེལ་ལེགས་མཛེས་པ་དང་། །ཙནྡན་དྲི་བཤོས་མར་མེ་རོལ་མོར་བཅས། །བཀྲ་ཤིས་གླུ་དབྱངས་བསྟོད་པའི་རྣམ་པ་དང་། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་བརྒྱན། །ལུས་ངག་ཡིད་གསུམ་དད་པས་བསྟོད་པར་བགྱི། །གསུམ་པ་གཏོར་འབུལ་ལ། ཟླུམ་གཏོར་གསུམ་བཤམ་ལ། ༀ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ༀ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་བསྐྱེད་པར་གྱུར། ཨཱ་ཀཱ་རོ་སོགས་གསུམ་བརྗོད་པས་བྱིན་བརླབ། ༀ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ། ༀ་བཻརཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ༀ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། ༀ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ་རྣམས་ཀྱི་མཐར། ཨ་ཀཱ་རོ་བཏགས་པས་ཕུལ་ལ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་སྤྱན་སྔར་ཞལ་བཞེས་ལྟར། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས། །མཆོད་རྟེན་གཙུག་ལག་ཁང་རྣམས་དང་། །སྐྱེ་རྒུ་མ་ལུས་བདེ་བར་བསྲུང་། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །ཞེས་སོགས་བརྗོད། ཕྱོགས་སྐྱོང་བཅུ་ལ། ༀ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་ཕུལ་ལ། དབང་པོ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་བདག་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ཚངས་པ་ཆེ། །ས་བདག་འཁོར་དང་བཅས་ལ་བསྟོད། །རྒྱལ་བའི་སྤྱན་སྔར་སོགས་འདོད་གསོལ་གོང་ལྟར་བརྗོད། འཁོར་དུ་གཏོགས་པའི་འབྱུང་པོ་རྣམས་ལ། དེ་ཝ་ནཱ་ག་ཡཀྵ་སོགས་ཀྱི་མཐར། ཨ་ཀཱ་རོ་བཏགས་ལ་གཏོར་མ་བསྔོ། འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །མི་དང་མི་མིན་འབྱུང་པོའི་ཚོགས། །སའམ་བར་སྣང་གནས་བཅས་པའི། །བྱང་སེམས་ལྡན་པ་ཐམས་ཅད་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སོགས་ཤློ་ཀ་གཅིག་བརྗོད་དོ། །ཚར་གྲངས་མང་པོའི་སྐབས་སྔ་མ་རྣམས་སུ་ཚིགས་བཅད་ཁོ་ནས་མཆོད་བསྟོད་ཕྲིན་བཅོལ་བྱ། གཏོར་འབུལ་འདི་རྣམས་རྗེས་མ་ཁོ་ནར་ཚར་གཅིག་གིས་ཆོག་གོ། །གསུམ་པ་སྡིག་བཤགས་ནི། ཁམས་གསུམ་འགྲོ་ལྔ་སྐྱེ་གནས་བཞི། །འཁོར་བའི་རྒྱུད་དུ་གཏོགས་ཀུན་དང་། །རིགས་མཐུན་སྐྱེས་པ་བདག་ཅག་གིས། །དུས་གསུམ་དབང་གིས་སྒོ་གསུམ་ནས། །ལས་དང་ཉོན་མོངས་སྐྱེ་བའི་རྒྱུ། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལོག་པ་བཞི། །སྒྲིབ་པ་རྣམས་དང་ཀུན་སྦྱོར་དང་། །དེ་ཡི་རྒྱུ་དང་འབྲས་བུ་དང་། །ཡུན་རིང་འཁོར་ཞིང་མི་ཁོམས་བརྒྱད། །མཐོ་རིས་ཐར་པའི་ལམ་འགོག་ཅིང་། །བདག་དང་གཞན་ལ་ཡོངས་གདུང་བའི། །ཁ་ན་མ་ཐོ་ཅི་བགྱིས་པ། །ཆོས་དབྱིངས་ཕྱོགས་བཅུ་དུས་གསུམ་དང་། །རིགས་རྣམས་ཀུན་ལ་རབ་བཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ལ། །མ་ལུས་བཤགས་ཤིང་སྡོམ་པར་བགྱི། །བཞི་པ་རྗེས་སུ་ཡི་རང་བ་ནི། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །རང་རྒྱལ་ཉན་ཐོས་ཐམས་ཅད་དང་། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཀྱི། །རྒྱུ་དང་འབྲས་བུ་ཐམས་ཅད་དང་། །སེམས་བསྐྱེད་ལམ་ཞུགས་མཆོག་ཐོབ་པ། །དེ་དག་ཀུན་ལ་ཡི་རང་ཞིང་། །བསམ་དང་སྦྱོར་བ་དག་པ་ཡིས། །འགྲོ་བ་ཀུན་ལ་བདེ་སླད་དུ། །འཁོར་གསུམ་དག་པའི་ཚུལ་གྱིས་བསྒྲུབ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་སྣང་མཛད་པ། །བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས། །བྱང་ཆུབ་རིམ་པར་སངས་རྒྱས་ཏེ། །བསྐུལ་བའི་དོན་ལ་བཞེད་རྣམས་ལ། །ཚངས་པ་འདྲ་བར་ཚུལ་བསྒྱུར་ཏེ། །རིམ་གྲོ་གུས་པ་མཆོག་བསྐྱེད་ཅིང་། །ཐལ་མོ་སྦྱར་བས་རབ་བཏུད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །བདེ་གཤེགས་བདུད་བཞི་ངེས་བཅོམ་ཞིང་། །འགྲོ་དོན་སངས་རྒྱས་མཛད་པ་མཛད། །མྱ་ངན་འདའ་སྟོན་བཞེད་རྣམས་ལ། །ཐལ་མོ་སྦྱར་བ་རབ་བཏུད་དེ། །འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །ཆོས་དབྱིངས་བརྟན་པའི་ལུགས་བཞིན་དུ། །མྱ་ངན་མི་འདའ་གཡུང་དྲུང་སྐུ། །སྟུག་པོ་བཀོད་པའི་བདག་ཉིད་རྣམས། །བསྐལ་པའི་མཐར་ཡང་བཞུགས་པར་གསོལ། །བདུན་པ་སྐྱབས་སུ་འགྲོ་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ། བརྒྱད་པ་སེམས་བསྐྱེད་རྗེས་འབྲེལ་དང་བཅས་པ་ནི། རྫོགས་སངས་རྒྱས་དང་རྒྱལ་བའི་སྲས། །དཔང་གྱུར་སྤྱན་གྱུར་ཚད་མར་གྱུར། །འགྲོ་དོན་མཛད་པར་དབང་གྱུར་བ། །བྱང་ཆུབ་བློ་མངའ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་རྒྱལ་བ་དང་། །རྒྱལ་སྲས་དཔའ་བོ་དེ་དག་གིས། །འགྲོ་ལ་ཕན་དང་བདེ་སླད་དུ། །བྱང་ཆུབ་སྙིང་པོར་བཞུགས་བཞུགས་སུ། །དངོས་པོ་ཀུན་དང་བྲལ་བ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །བདག་མེད་ཆོས་ཀྱི་བདག་ཉིད་ཀྱིས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་ཉིད་རང་བཞིན་ཐུགས་བསྐྱེད་ལྟར། །བདག་དང་རིགས་མཐུན་གཞན་གྱིས་ཀྱང་། །བླ་མེད་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་དང་། དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་དང་སྦྱོར་བ་དག་པ་ཡིས། །ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་ཅན་གཟུགས་ཅན་མ་ཡིན་དང་། །འདུ་ཤེས་མེད་དང་ཡོད་མིན་དང་། །སེམས་ཅན་རིགས་རྣམས་ཇི་སྙེད་པས། །སོ་སོའི་སྐྱེ་བོར་གཏོགས་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པ་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །བདེ་བ་དག་ལ་གཞོལ་གྱུར་ཅིག །ཅེས་ཤིས་པ་བརྗོད། ཕྱོགས་བཅུ་དུས་གསུམ་གཤེགས་པ་ཡི། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བསོད་ནམས་དང་ནི་ཡེ་ཤེས་ཚོགས། །སེམས་ཅན་ཀུན་ལ་བསྟབས་མཁྱེན་ལྟར། །བདག་དང་སེམས་ཅན་ཀུན་གྱིས་ཀྱང་། །རང་གི་བསོད་ནམས་མ་ལུས་པ། །རྫོགས་སངས་རྒྱས་བདེ་མ་ཐོབ་པར། །སེམས་ཅན་རྣམས་དང་འཕགས་ཚོགས་ལ། །དེ་དག་རབ་ཏུ་བསྟབ་པར་བགྱི། །ཞེས་བསོད་ནམས་གཞན་ལ་བསྟབ་བོ། །དགུ་པ་བསྔོ་བ་ནི། བླ་མའི་བླ་མ་དཀོན་མཆོག་དང་། །མཆོད་རྟེན་ཁྱད་པར་འཁོར་བཅས་ལ། །འདིས་མཚོན་དགེ་བ་ཅི་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་དང་། །འཕགས་པའི་སྐྱེ་བོའི་ཚོགས་ཀུན་གྱིས། །ཡེ་ཤེས་པ་ཡི་ལམ་གྱི་མཆོག །འཇུག་དང་གནས་དང་འཕར་བ་དང་། །སྤྱོད་པ་ཉིད་ཀྱི་ཡུལ་རྣམས་ནི། །གོ་རིམ་བཞིན་དུ་རབ་རྟོགས་ཏེ། །སྐུ་གསུམ་མཁྱེན་བཞིའི་ཚོགས་རྫོགས་ཤིང་། །བླ་མེད་སངས་རྒྱས་འགྲུབ་པར་སྨོན། །བཅུ་པ་སྐབས་དོན་ལ་གནང་བ་ཞུ་བ་ནི། འཕགས་པའི་ཚོགས་ཐམས་ཅད་དགོངས་སུ་གསོལ་ལོ། །བདག་ཅག་རྣམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་འཇུག་ཅིང་སློབ་སྟེ། སྲིད་པའི་མཚོ་ལས་འགྲོ་བ་རྣམས་བླ་ན་མེད་པའི་བདེ་བ་ལ་འགོད་པར་དམ་བཅས་ནས་དེང་འདིར་མཆོད་པའི་ཚོགས་མཆོག་གིས་བརྒྱན་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས་ཏེ། འཕགས་པ་རྣམས་གདན་འཛོམ་པར་སྤྱན་དྲངས་ནས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བའི་གཟུངས་བཀླག་ཅིང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་ཚུལ་བཞིན་དུ་བཏབ་ཅིང་མཆོད། ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་བཀླག་ཅིང་མཆོད་དེ་གདན་འཛོམ་པ་ཆེན་པོའི་གླིང་གཞིར་གསོལ་ནས་བདག་ཅག་དཔོན་སློབ་ཡོན་མཆོད་ལ་སོགས་ཏེ་འགྲོ་བ་མང་པོའི་མགོན་སྐྱབས་དང་དཔུང་གཉེན་དུ་གསོལ་ཞིང་མཆིས་ན། འཕགས་པ་རྣམས་ཀྱི་སྨོན་ལམ་ཁྱད་པར་ཅན་དང་། ཐུགས་དམ་བཟང་པོའི་དབང་དུ་མཛད་ནས་སེམས་ཅན་སྐྱབས་སུ་གསོལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ་བདག་ཅག་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་བཀླགས་ཤིང་། དེ་བཞིན་གཤེགས་པའི་ཆོས་སྐུའི་མཆོད་རྟེན་བགྱི་བའི་ཆོ་ག་གཟུགས་བརྙན་ཙམ་ཞིག་བགྱིས་པ་འདིར་གླེང་གཞིར་མཛད་ནས། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གདན་འཛོམ་པ་ཆེན་པོ་མཛད་དེ། མཆོད་པ་བཞེས་ཤིང་། ཇི་ལྟར་སྔོན་ཆོ་ག་གང་། ཚུལ་གང་གིས་བྱིན་གྱིས་བརླབས་ཏེ་མཛད་པ་བཞིན་དུ། དེང་ཡང་ཆོ་ག་ཡོངས་སུ་རྫོགས་པར་མཛད་དེ་བྱིན་གྱིས་བརླབ་ཅིང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་ཏེ་ཐབས་མཁས་པའི་སྒོ་སྣ་ཚོགས་ནས། འཕགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་ཡོངས་སུ་རྫོགས་པར་འགྱུར་བ་དང་། བདག་སོགས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་གནོད་པ་ཐམས་ཅད་རྒྱུ་དང་བཅས་པ་བྱང་ཞིང་ཞི་བ་དང་། ཕན་པ་དང་བདེ་བ་བླ་ན་མེད་པ་འཕྲལ་དུ་ཐོབ་པར་འགྱུར་བར་བྱིན་གྱིས་བརླབ་ཅིང་། ཇི་ལྟར་འཚལ་བ་ཡིད་བཞིན་དུ་འགྲུབ་པའི་དངོས་གྲུབ་དམ་པ་སྩལ་བར་ཅི་གནང་། སྔོན་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས། བཅོམ་ལྡན་འདས་ཉིད་ཀྱིས་དཔལ་གྱི་མགུར་ནས་ཕན་ཡོན་ཇི་ལྟར་གསུངས་པ་དེ་ཐམས་ཅད་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་ཅིང་མངོན་དུ་འགྱུར་བར་བྱིན་གྱིས་བརླབས་པར་ཅི་གནང་། གཟུངས་འདི་ཉིད་ཕྱག་མཚན་དུ་བཞེས་པ་སོགས་ཏེ་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ཀྱིས་ཀྱང་སྟོན་པས་བཀའ་གཏད་ཅིང་སོ་སོ་ནས་ཞལ་གྱིས་བཞེས་པ་ལྟར་ཇི་སྐད་གསུངས་པའི་ཕན་ཡོན་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ཅི་ནས་ཀྱང་དཀོན་མཆོག་གསུམ་གྱི་སྐུ་མི་ངས་པ་དང་། བསྟན་པ་འཛིན་པ་དང་བདག་ཅག་རྣམས་ཀྱི་ངག་མི་སུན། འཇིག་རྟེན་གྱིས་སྨད་པར་མི་འགྱུར་བའི་ཚུལ་དུ་ཕན་ཡོན་མངོན་དུ་བསྟན་པར་ཅི་གནང་། ཞེས་བརྗོད་པས། ཇི་ལྟར་གསོལ་བ་བཞིན་འཕགས་པ་རྣམས་ཀྱིས་ཕྲིན་ལས་མཛད་ཅིང་འགྲོ་དོན་དུ་འགྱུར་པར་བདེན་པ་བདར་ཞིང་ཡིད་ཀྱིས་བསྔོ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས། རིག་སྔགས་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚུལ་བཞིན་དུ་ཆོས་ཀྱི་སྐུའི་མཆོད་རྟེན་བཏབ་སྟེ། མཆོད་སྤྲིན་རྒྱ་མཚོས་བརྒྱན་ཅིང་ཕོ་བྲང་གི་དཀྱིལ་འཁོར་བཤམས་པ་འདིར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པ་ཆེན་པོར་མཛད་དེ་མཆོད་པ་བཞེས་ཤིང་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་དང་། ཆོས་ཀྱི་སྐུའི་མཆོད་རྟེན་རྣམས་ཚུལ་བཞིན་དུ་བྱིན་གྱིས་བརླབས་པར་མཛད་དེ། མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་སོ་སོའི་ཆོ་ག་ཡོངས་སུ་རྫོགས་པར་བསྐངས་ཏེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །ཆོས་སྐུའི་མཆོད་རྟེན་ལ་ཡིད་བཞིན་ནོར་བུ་རིན་པོ་ཆེ་རིག་པའི་རྒྱལ་པོའི་ཡིག་འབྲུ་གསེར་གྱི་མདོག་ཅན་ཕྲེང་བར་གནས་པ་དང་། འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཐམས་ཅད་དུ་ཁྱབ་ཅིང་འཕགས་པ་རྣམས་ཀྱི་སྐུ་ལ་བབས་པས་ནི་སྒྲིབ་པ་གཉིས་ལས་གྲོལ་ཞིང་རྣམ་པར་ཐར་པ་གོང་ནས་གོང་དུ་འཕེལ་ཏེ་འགྲོ་དོན་སྤྱོད་པའི་མཐུ་དཔག་མེད་ཐོབ་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བསྐུལ་བར་གྱུར་ཅིག །འགྲོ་བ་ལྔའི་སེམས་ཅན་གྱི་ལུས་ལ་ཕོག་པས་སོ་སོའི་སྡུག་བསྔལ་དང་སྒྲིབ་པ་ཐམས་ཅད་བྲལ་ཞིང་བདེ་བ་དང་ལྡན་པར་གྱུར་ལ། འོད་ཟེར་གྱི་ཕུང་པོའི་ནང་ནས་འཕགས་པ་གདན་འཛོམ་པ་མཐོང་ནས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ངན་འགྲོ་ལས་ཐར་ཏེ་འཕགས་པའི་ལམ་ལ་འཇུག་པར་གྱུར་ཅིག །བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ་དེ་བཞིན་གཤེགས་པ་དག་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་ནས་བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་གནོད་པ་དང་། བཀྲ་མི་ཤིས་པ་དང་། མི་བདེ་བ་ཐམས་ཅད་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་སྐྱེད་པར་བྱེད་པའི་བདུད་རྩིའི་དག་བྱེད་དུ་གྱུར་ཅིག །བསྒྲུབ་བྱའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་བསལ་ཞིང་ཞི་ནས་ལུས་སེམས་སྐྱོན་ཐམས་ཅད་དང་བྲལ་ཏེ་རྡོ་རྗེ་ལྟ་བུར་མཁྲེགས་ཤིང་བརྟན་པ་དང་ཆོས་ཀྱི་སྣོད་དུ་གྱུར་ཅིག །གཞན་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་པ་ཐབས་མཁས་པའི་སྒོ་སྣ་ཚོགས་པས་འཕགས་པ་ཐམས་ཅད་འགྲོ་བ་མ་ལུས་པའི་དོན་རྫོགས་པར་མཛད་པར་གྱུར་ཅིག །བདག་ཅག་རྣམས་ཀྱིས་སེམས་ཀྱིས་དམིགས་པ་འགའ་བསྐྱེད་པ་དང་། གཟུངས་ཀྱི་ཚིག་འབྲུ་འགའ་བརྗོད་པ་ཡང་འཕགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་། ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པ་བྱིན་གྱིས་བརླབ་པར་གྱུར་ཅིག །ལན་གསུམ་མམ་བསྡུ་ན་གཅིག་བརྗོད། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བརྗོད་དོ། །བཅུ་གཅིག་པ་གཟུངས་བཟླ་བ་ནི། འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་དེ་ཇི་ལྟར་བསྔོས་པ་བཞིན་མངོན་དུ་གྱུར་པར་མོས་ལ། དྲི་མེད་ཀྱི་གཟུངས་མདོ་བཀླགས་ཤིང་། གཟུངས་རིང་ཐུང་བརྒྱ་རྩ་བརྒྱད་རེ་བཟླ། མཐར་གཟུངས་བཟླ་བཞིན་དུ་བུམ་ཆུས་རང་གཞན་ཁྲུས་བྱ་ཞིང་ཁོང་དུ་བཏུང་། གཟུངས་ཆབ་ཕྱོགས་ཀུན་ཏུ་འཐོར་ཞིང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ཞེས་སོགས་བརྗོད་དོ། །གསུམ་པ་མཇུག་བསྡུ་བ་ལ་བརྒྱད། བསགས་སྦྱོང་སྨོན་ལམ་བསྐོར་མཆོད་དང་། །བཟོད་གསོལ་གཤེགས་བསྔོ་བཀྲ་ཤིས་སོ། །དང་པོ་སླར་ཡང་བསགས་སྦྱོང་བྱ་བ་ནི། ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དམ་པའི་ཆོས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་། རང་རྒྱལ་བའི་དགེ་འདུན་དང་བཅས་པ་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །ཕྱོགས་བཅུ་ན་མཆོད་རྟེན་སྐུ་གདུང་དང་རིང་བསྲེལ་དང་བཅས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དམ་པའི་ཆོས་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་བཞུགས་པ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་དྲི་ཆབ། བདུག་སྤོས་དང་མེ་ཏོག །ཞལ་ཟས་དང་མར་མེ། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་རྫས་དང་། མིའི་ཡོ་བྱད་ཕུན་སུམ་ཚོགས་པ་ཅི་མཆིས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པའི་ཆོས་ཀྱི་དབྱིངས་སུ་གཏོགས་པ་ཐམས་ཅད་རྒྱས་པར་བཀང་སྟེ་དབུལ་ཞིང་མཆོད་དོ། །བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་འདའ་བའི་ཚུལ་བསྟན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་དང་། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །སོགས་ཤློ་ཀ་རེ་རེ་བརྗོད་དོ། །གཉིས་པ་ནི། དེ་ལྟར་ཆོས་ཀྱི་སྐུའི་མཆོད་རྟེན་ཚུལ་བཞིན་བྱས་ཏེ་བསགས་སྦྱངས་བགྱིས་པ་ལ་སོགས་པ་དགེ་བ་རླབས་པོ་ཆེའི་སྟོབས་ཀྱིས། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་མཛད་པའི་དགོངས་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཕོ་བྲང་གི་དཀྱིལ་འཁོར་ཐམས་ཅད་དུ་བཟང་པོ་སྤྱོད་པའི་མཆོད་པའི་སྤྲིན་རྒྱས་པས་ཀླུབས་པར་གྱུར་ཅིག །དམ་པའི་ཆོས་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་འཇིག་རྟེན་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་དང་རང་རྒྱལ་དང་ཉན་ཐོས་ཐམས་ཅད་སོ་སོའི་རྣམ་པར་ཐར་པ་མཐར་ཕྱིན་ནས་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །དམ་པའི་ཆོས་སྐྱོང་བ་ཐམས་ཅད་ཀྱང་ཐུགས་དམ་རླབས་པོ་ཆེ་ཡོངས་སུ་རྫོགས་ཤིང་མཐུ་སྟོབས་གཟི་བྱིན་རབ་ཏུ་འཕེལ་བ་དང་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བརྙེས་པར་གྱུར་ཅིག །བདག་ཅག་འཁོར་དང་བཅས་པ་ལ་ཕན་འདོགས་པའི་ལྷ་མགོན་ཐམས་ཅད་ལུས་སེམས་ལ་ཉེས་པའི་སྐྱོན་དང་བྲལ་ནས་དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་། སྡུག་བསྔལ་གནོད་པ་ཐམས་ཅད་ཞི། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །དགེ་བ་འདིས་མཚོན་ཏེ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པའི་སྟོབས་དང་། དཀོན་མཆོག་གསུམ་གྱིས་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་མཆོད་དེ་བཀླགས་ནས། ཆོས་ཀྱི་སྐུའི་མཆོད་རྟེན་ཚུལ་བཞིན་བགྱིས་པའི་བསོད་ནམས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་ཀྱིས་མདོ་སྡེ་དང་གཟུངས་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་དང་སྦྱིན་པའི་བདག་པོས་འཕྲལ་དུ་ཐོབ་ཅིང་ཡོངས་སུ་རྫོགས་ནས་མངོན་དུ་གྱུར་ཅིག །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མ་མཆིས་པའི་འཁོར་བ་ནས་ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་ལ་སོགས་པས། ངན་སོང་གསུམ་དང་མི་ཁོམས་པ་རྣམས་སུ་སྐྱེ་བར་འགྱུར་པའམ། བྱང་ཆུབ་ཀྱི་སེམས་དང་དགེ་བའི་ཕྱོགས་ལས་ཉམས་པ་ལ་སོགས་པ་སྡིག་པའི་ལས་ཅི་མཆིས་པ་ཐམས་ཅད་མ་ལུས་པར་བསལ་ཏེ་གཏན་ནས་ཞི་ཞིང་བྱང་བར་གྱུར་ཅིག །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་། ཚེ་ཐུང་བ་དང་། གནོད་པ་དང་། མི་དགེ་བ་དང་། བཀྲ་མི་ཤིས་པ་དང་། ངན་པ་དང་། སྡིག་ཏོར་བགྲང་བ་ཐམས་ཅད་ཞི་ཞིང་གཏན་དུ་མི་འབྱུང་བར་གྱུར་ཅིག །གདོན་བགེགས་ཀྱི་གནོད་པ་ལས་གྲོལ་ཞིང་དེ་དག་བྱམས་པའི་སེམས་དང་ལྡན་ནས་ཕྱིན་ཆད་སུ་ལའང་གནོད་སེམས་མི་འབྱུང་བར་གྱུར་ཅིག །ཚེ་རིང་ཞིང་ནད་མ་མཆིས་པ་དང་། །འབྱོར་པ་ཕུན་སུམ་ཚོགས་ལ་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཐམས་ཅད་དང་ལྡན་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ལུས་དང་ལོངས་སྤྱོད་འཁོར་གྲོགས་བཤེས་གཉེན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་དང་རྟག་ཏུ་འཕྲད་ཅིང་ཐོས་བསམ་སྒོམ་པའི་སྒོ་ནས་དོན་མངོན་སུམ་དུ་བགྱིད་པར་གྱུར་ཅིག །དམ་པའི་ཆོས་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་རྒྱུན་དུ་འགྲོགས་ཤིང་མཉེས་པར་བྱེད་པ་དང་། ཡོ་བྱད་ལ་མ་ཆགས་ཤིང་ཐབས་ལ་མཁས་པ་དང་ཤེས་རབ་ཀྱི་མཐུ་ཐོགས་པ་མེད་པ་དང་ལྡན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་བདེ་བླག་ཏུ་ཉམས་འོག་ཏུ་ཆུད་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་གཡུང་དྲུང་གི་སྐུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཆེན་པོ་མྱུར་དུ་ཐོབ་ནས་སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཞིང་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འགོད་པར་གྱུར་ཅིག །གསུམ་པ་བསྐོར་བ་བྱ་བའི་ཐོག་མར། ན་མཿན་བ་ན་བ་ཏཱི་ནཱཾ། ཏ་ཐཱ་ག་ཏ་གཾ་གཱ་ནཾ་དི། བཱ་ལུ་ཀཱ་ནཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱཾ། ༀ་བོ་བོ་རི། ཙ་རི་ཎི་ཙ་རི། མོ་རི་གོ་རི་ཙ་ལ་བཱ་རི་སྭཱ་ཧཱ། ཞེས་དང་། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་གཉིས་ལན་བདུན་ནམ་གསུམ་བརྗོད། དེ་ནས་དྲི་མེད་ཀྱི་གཟུངས་རིང་ཐུང་གཉིས་ཀའམ་མི་ཤེས་ན་སྙིང་པོ་གཟུངས་ཐུང་བཟླ་བཞིན་དུ་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ། །མཐར་ནུས་ཤིང་སྤྲོ་ན་མཆོད་རྟེན་བསྐོར་བའི་ཚིགས་བཅད་དང་གསལ་རྒྱལ་གྱི་ཚིགས་སུ་བཅད་པ་དག་བཀླག་དགོས་ཀྱང་ཚར་གྲངས་ལྟ་བུ་ལྕོགས་དཀའ་བས། མཁས་པ་གང་དག་རབ་ཏུ་སེམས་དང་ཞིང་། །སངས་རྒྱས་མཆོད་རྟེན་དག་ལ་གོམ་འདོར་ན། །འཛམ་བུ་ཚུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང་། ཡེ་དྷརྨཱ་ཙམ་བརྗོད་དོ། །བཞི་པ་ནི། མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པའི་བདེ་བར་སྦྱར་བ་འབུལ། །ཞེས་པས་མཆོད་ཅིང་རོལ་མོ་བྱའོ། །ལྔ་པ་ནི། འཕགས་པ་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། དེང་འདིར་འཕགས་པ་རྣམས་སྤྱན་དྲངས་ཏེ་བདག་སོགས་འགྲོ་བ་རྣམས་ཀྱི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་འགལ་འཁྲུལ་ནོངས་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་བཤགས་བཟོད་པར་གསོལ་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ནས་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། དྲུག་པ་ནི། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་བརྗོད་པའམ། ཡང་ན་རིང་བསྲེལ་སྙིང་པོ་ཅན་གྱི་རྟེན་ལ་དམིགས་ཏེ་བརྟན་བཞུགས་སྤྱི་མཐུན་བྱས་ཀྱང་རུང་ངོ་། །བདུན་པ་ནི། འཕགས་པའི་སྐུ་གདུང་རིན་ཆེན་རིང་བསྲེལ་སྣོད། །རྙིང་བཅོས་བྱི་དོར་བགྱིས་ཤིང་མཆོད་པ་དང་། །གསར་བརྩིགས་མཆོད་ཅིང་ཁྲུས་ཆབ་གསོལ་བ་དང་། །བསྟོད་དང་བསྐོར་དང་གུས་པ་བགྱིས་པ་དང་། །སྨོན་ལམ་ཟབ་མོ་སེམས་ཡིད་དང་བཏབ་པའི། །བྱིན་རླབས་ཡོན་ཏན་ཁྱད་པར་ཆེན་པོའི་མཐུས། །བདག་ཅག་ཡོན་བདག་འཁོར་དང་བཅས་པ་དང་། །དད་མོས་གྲོགས་བྱེད་རྗེས་སུ་ཡི་རང་རྣམས། །སྨོན་ལམ་མཐུ་སྟོབས་ཁྱད་པར་ཆེན་པོ་ཡིས། །དང་བའི་ཡིད་ཀྱིས་མཆོད་རྟེན་འདིར་བརྩིགས་པས། །དེང་ནས་བདག་ཅག་སྡིག་སྒྲིབ་བྱང་གྱུར་ཏེ། །བླ་མེད་བྱང་ཆུབ་བདག་ཅག་མྱུར་ཐོབ་ཤོག །བརྒྱད་པ་ནི། ཕུན་སུམ་ཚོགས་པ་མངའ་བ་སོགས་སམ། སྟོན་མཆོག་དམ་པ་སོགས་སམ། ཆེ་བའི་ཆེ་མཆོག་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་རུང་བརྗོད་ལ། རོལ་མོ་བསྒྲག་ཅིང་མེ་ཏོག་གི་ཆར་དབབ་པར་བྱའོ། །སཙྪ་ཁྲི་འབུམ་ལ་སོགས་འདེབས་པའི་ཚེ། །ཆོ་ག་མེད་ན་ཕན་ཡོན་བྱིན་རླབས་ཆུང་། །རྒྱས་འབྲིང་ལན་གྲངས་མང་པོ་ལྕོགས་དཀའ་ཞིང་། །བསྡུས་པ་འགའ་ཡང་རང་བཟོར་སྦྱར་བར་མཐོང་། །དེས་ན་ཆོ་ག་ཚར་མང་བཏང་བ་ལ། །ཕན་པའི་སེམས་ཀྱིས་གཞུང་དང་མཆོད་འབུལ་གྱི། །སྙིང་པོར་བསྡུས་ཀྱང་བྱིས་བློས་ནོངས་པ་ཀུན། །མཆོག་གསུམ་སྤྱན་སྔར་བཤགས་སོ་ཚངས་པ་སྩོལ། །རྒྱལ་བས་ཆེ་ཐང་བསྔགགས་པའི་ཆོས་ཚུལ་འདི། །འཛམ་གླིང་ཀུན་ཏུ་རྒྱས་པས་ལུས་ཅན་ཀུན། །གནས་སྐབས་མཐར་ཐུག་དགེ་ལེགས་དཔལ་གྱིས་འབྱོར། །མི་གནས་བྱང་ཆུབ་ཆེན་པོ་མངོན་བྱེད་ཤོག །ཅེས་པ་འདིའང་གདན་ས་ཆེན་པོ་དཔལ་སྤུངས་སུ་ལོ་བསྟར་སཱཙྪ་མང་པོ་རྒྱུན་སྒྲུབ་ཀྱི་སྲོལ་དབོན་སྤྲུལ་རིན་པོ་ཆེ་ནས་བཙུགས་པ་སོགས་ལ་ཤིན་ཏུ་ཉེར་མཁོར་གྱུར་པ་དང་། དད་འབྱོར་ལྡན་པ་གཉེར་མགོན་འགྲུབ་ནས་དྲི་མེད་ཁང་བརྩེགས་མཆོད་རྟེན་རིང་བསྲེལ་འབུམ་ཕྲག་གི་སྙིང་པོ་ཅན་གསར་བཞེངས་སྐབས་སྔ་ཕྱིར་དོན་གཉེར་ཆེན་པོས་བསྐུལ་ངོར། མང་ཐོས་ཀྱི་དགེ་སྦྱོང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་ཀྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།
དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ཐུགས་རྗེའི་ཟླ་ཟེར་གང་དུ་སྣང་ཙམ་གྱིས། །སྙིགས་དུས་རྒུད་པའི་མུན་པ་རབ་བསལ་ནས། །ཕན་བདེའི་དབུགས་འབྱིན་སྩོལ་མཛད་བཅོམ་ལྡན་འདས། །བླ་མ་ཐུབ་པའི་དབང་པོས་དགེ་ལེགས་སྩོལ། །སྟོན་པ་ཐུགས་རྗེ་ཅན་གྱིས་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་མངོན་གསུམ་གཟུགས་སུ་སྣང་བ་དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་པར་འདོད་པའི་ལྷག་བསམ་ཅན་དག་གིས་འདི་ལྟར་ངེས་པར་བྱ་སྟེ། སྤྱིར་མཆོད་རྟེན་ཆེ་ཆུང་གང་ཡིན་ཡང་དྲི་མེད་རྣམ་གཉིས་ཀྱི་ཆོ་གས་བསྒྲུབས་པ་ཞིག་བྱུང་ན་ས་རྡོ་ལས་བཅོས་ཀྱང་འབྲེལ་ཚད་དོན་ལྡན་བྱས་པ་དོན་ཡོད་དུ་འགྱུར། དེ་ལྟར་མ་ཡིན་ན་གསེར་དངུལ་ལས་བཅོས་པའང་རྟེན་ཕལ་པ་ཙམ་ལས་མི་འབྱུང་བས། དེའི་སྒེར་ཆོས་ལོ་ཆེན་རིན་པོ་ཆེའི་ཆོ ག་སྒྲིགས་བཀླགས་པས་གྲུབ་པ་ལྟར། ༈ ཐོག་མར་སློབ་དཔོན་གྱིས་བསྙེན་པར་བྱ་དགོས་པས་བསྙེན་ཚད་རབ་གཟུངས་རིང་ཁྲི་བཞི། སྙིང་པོ་འབུལ་ཕྲག་བཞི། དེ་ལྟར་མ་གྲུབ་ན་གཟུངས་རིང་ཁྲི་དང་སྙིང་པོ་འབུམ་བཟླས། བཟླས་པའི་སྐབས་སུ་ཁྲུས་དང་། གཙང་སྦྲ། དཀར་སྤྱད་སོགས་ཀུན་སྤྱོད་ཤིན་ཏུ་ཞིབ་པ་དང་། ཐུན་མཚམས་སུ་མདོ་སྡུད་དང་ཤེར་སྙིང་སོགས་ཤེར་མདོ་གང་རུང་བཀླག ༈ །བསྙེན་པ་གྲུབ་ནས་འོད་ཟེར་དྲི་མེད་ཀྱི་སཱཙྪ་དགུ་བཅུ་གོ་དགུ་སེར་པོ། གཙུག་ཏོར་དྲི་མེད་བརྒྱ་དང་བརྒྱད་དཀར་པོ་རྣམས་ཆོ་ག་དང་ལྡན་པར་བཏབ་ཅིང་སོ་སོའི་གཟུངས་རིང་ངམ། སཱཙྪ་ཆུང་ངུ་ལ་མི་ཤོང་ན་གཟུངས་ཐུང་ནང་གཞུག་བཙུད་པ་མཁན་པོའི་ལུགས་ཀྱི་ཆོ་ག་རྒྱས་བསྡུས་གང་རུང་གིས་ཚུལ་བཞིན་བསྒྲུབས། སཙྪ་མང་པོ་འགྲུབ་ཀྱང་ལེགས། དེ་ནས་ས་ཆོག་ལ་མཆོད་རྟེན་དངོས་སམ་ཁང་བུ་བརྩེགས་པ་གང་རུང་བཞེངས་པའི་ས་གཞིར་ཕྱིན་ལ་ཆོ་ག་གཞུང་གསལ་ལྟར་དང་། སེང་ལྡེང་ཕུར་བུ་བརྒྱད་དངོས་སུ་འབྱོར་དགོས། རིན་པོ་ཆེའི་གཏེར་བཅུག་པའི་སྐབས་དབུས་དང་ཕྱོགས་མཚམས་གང་འཛོམ་དུ། ཀླུ་བུམ་དགུའམ་ལྔ། ཐ་ནའང་དབུས་སུ་གཅིག །དབུས་མའི་མདུན་དུ་ས་བདག་བུམ་པ་རྡོ་སྒྲོམ་སོགས་ལག་ཚགས་དམ་པར་བྱ། འདི་རྣམས་སའི་ནང་དུ་སྦ། དེའི་སྟེང་དུ་སྔར་གྱི་ཕུར་པ་བཏབ་སྐབས་ཕྱོགས་མཚམས་རྡོ་སྒྲོམ་ལྟ་བུས་མི་རུལ་བའི་ཐབས་དང་བཅས་ཏེ་གཞུག །འདི་སྐབས་གྲུབ་ན་རང་ངམ། གྲོགས་ཀྱིས་བསང་དང་གསེར་སྐྱེམས། ས་བདག་འཁྲུགས་བཅོས་སོགས་ཀྱང་བགྱིས་ན་ལེགས། ༈ དེ་ནས་ཁང་བརྩེགས་ཡིན་ན། རྨང་གི་བང་རིམ་གཉིས་བརྩེགས་ནས་དབུས་དཀྱིལ་འཁོར་གྱི་འགོ་ཐད་དུ་ནོར་བུམ་དང་། གནོད་སྦྱིན་འཁོར་ལོ་སོགས་ཡོད་ན་རང་རང་གི་ཆོ་ག་ལྟར་སྦ། ཁང་པའི་སྟེང་ཐོག་བར་ལེགས་པར་བརྩིགས་ཏེ་བཏབ། མཆོད་རྟེན་ཡིན་ན་བུམ་རྟེན་བར་བརྩེགས་ལ་གནོད་སྦྱིན་བང་མཛོད་ཀྱི་ཀ་ཅ་སོགས་སྤྱི་ལྟར་བྱ། གང་ལྟར་ཡང་འོག་གཞི་ཞལ་བ་ལེགས་པར་བྱས་པའི་དབུས་སུ་ཁྲུ་དོ་ལས་མི་ཆུང་བའི་སྟེགས་བུ་གྲུ་བཞི་བྱ། དེ་ནས་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་ན་ལེགས་ཀྱང་ཟུབ་པ་སོགས་ཀྱིས་ཉེས་པ་མི་འབྱུང་བ་དང་། སྟབས་བདེར་རྡོ་ལེབ་ལ་བརྐོས་ནས་ཚོན་ལེགས་པར་བྱུགས་པར་པྲ་རྩི་བཏང་བ་བཤམས། དཀྱིལ་འཁོར་གྱི་སྟེང་དུ་བླ་བྲེ་སྔོན་པོ་ཕུབ། མཐར་བྱང་ཤར་ནས་བརྩམས་མཚམས་འཛིན་གྱི་མེ་ཏོག་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དེ་སྤྱི་མཆོད་དང་། དེའི་ཕྱི་རོལ་དུ་སྒོས་མཆོད་རྣམ་ལྔ་ཤར་དུ་ལྷག་གཅིག་དང་བཅས་པའི་ཕྱོགས་རེར་དྲུག་རེ་བཤམ། ཅིས་ཀྱང་མ་འབྱོར་ན་ཤར་དུ་ལྷག་གཅིག་དང་བཅས་པའི་རེ་རེ་མེད་ཐབས་མེད། དེ་རྣམས་ཀྱང་གཏན་དུ་བཞག་དགོས་པས། སྣོད་ཀྱི་རིགས་འབྱོར་ན་ལི་སོགས་དང་། མ་འབྱོར་ན་རྫ་ལ་བྱ། མཆོད་ཡོན་གྱི་སྣོད་དུ་ལན་ཚྭ་བཟང་པོ་བླུགས། དེ་སྟེང་རྫས་བདུན་གྱིས་བཀང་། རྫས་བདུན་ནི་ཙམ་པ་ཀ་དང་། བ་ལུའི་མེ་ཏོག་ལྟ་བུའི་མེ་ཏོག་དཀར་པོ་གང་འབྱོར།༡ ཏིལ་དཀར།༢ ནས་དཀར།༣ འབྲས་ཡོས།༤ ཀུ་ཤ།༥ དྲི་བཟང་།༦ འོ་མ་༧སྐབས་འདིར་རུལ་ཉེན་གྱིས་ཕྱུར་བ་བླུགས། ཞབས་བསིལ་ལ་ལན་ཚྭའི་སྟེང་ཤུན་པ་ལྔ་དང་། འདག་རྫས་རིགས་ཀྱི་ཕྱེ་མས་བཀང་། ཤུན་པ་ལྔ་དངོས་བོད་དུ་མི་འབྱོར་ཡང་། སྔོན་གྱི་བླ་མ་རྣམས་ཀྱི་ཕྱག་བཞེད་དུ། བ་ལུ། ལྕང་དཀར། ཁམ་བུ། འམ་བུ་རྣམས་ཀྱི་བར་ཤུན་དང་། ཙནྡན་དཀར་པོ་བཅས་ཀྱིས་ཚར་རུང་མཛད་ཚུལ་ཡོད། འདག་རྫས་ནི། སྲན་དཀར། ཉེ་ཤིང་། འབྲས་སྤུ་བཅད་པའི་ཤུན་པའི་ཕྱེ་མ་སོགས་སྦྱར། མེ་ཏོག་ནི་འབྱོར་ན་གོས་ཆེན་སོགས་ཀྱིས་བཅོས་པ་དང་མ་འབྱོར་ན་འབྲུ་དཀར། བདུག་སྤོས་སྤོས་རེང་སྤོས་ཏ་ལ་བཙུགས། མར་མེ་རྫ་ཀོང་ལྟ་བུ་ུགཏན་དུ་བཞག་ལོ་བ་དགོས། དྲི་ཆབ་ལན་ཚྭའི་སྟེང་གུར་གུམ། ག་བུར། ལི་ཤི། ཛཱ་ཏི། ཙནྡན་དཀར་པོ་སྟེ་དྲི་ལྔའི་ཕྱེ་མས་བཀང་། ཞལ་ཟས་མར་ཟན་ལྟ་བུ་ལས་བཞེངས། དེའི་ཕྱི་རོལ་དུ་ཅོད་པན་ནམ་དར་དཔྱང་། བ་དན། རྒྱལ་མཚན། གདུགས་རྣམས་གོས་དར་སོགས་ལས་བཅོས་པ་ཕྱོགས་རེར་བརྒྱད་རེའམ་མ་མཐའ་རེ་རེ་རྫ་ཡི་སྤོས་འཛིན་ལྟ་བུ་ལ་འཛུགས། དེའི་ཕྱི་རོལ་དུ་ཡོལ་བ་དམར་པོས་ཟླུམ་བསྐོར་བྱ། དེའི་ཕྱི་རོལ་དུ་བང་སྒྲོམ་དང་རྡོ་རྩིག་སྟབས་གང་བདེ་ཁྲུ་གང་ལས་མི་དམའ་བས་བསྐོར། སློབ་དཔོན་གྱི་མདུན་དུ་བདག་བསྐྱེད་ཀྱི་མཆོད་པ་དང་། གཞན་ཡང་རོལ་མོའི་བྱེ་བྲག་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱ། དངོས་གཞི་བདག་མདུན་གྱི་ཆོ་ག་གཞུང་གསལ་ལྟར། ཆ་གསུམ་སློབ་དཔོན་གྱི་མདུན་དུ་བཤམས་ནས་རེ་རེ་བཞིན་འབུལ་བ་ལས་རྒྱུན་བཞག་མི་དགོས། བཀྲ་ཤིས་སྐབས་ཆོ་ག་རྒྱས་པ་གཞན་ནས་འབྱུང་བའི་ཚིགས་བཅད་ཚང་མ་བརྗོད་ན་ལེགས། ༈ འོད་ཟེར་དྲི་མེད་སྐབས་གང་གི་བང་སྒྲོམ་ལ་ཁ་ཆོད་བྲ་བརླིང་ཅན་རྒྱབ་མཆོད་རྟེན་ཡིན་ན་བུམ་པ་ཅུང་ཟད་བརྩིག །གང་ལྟར་ཡང་ལྷ་སྟ་གོན་གཞུང་བཞིན་ལེགས་པར་བྱ། དེ་ཡི་ཕྱི་ཉིན་རྡོ་ལེབ་ལ་བརྐོས་པའི་དཀྱིལ་འཁོར་བཤམ། དེ་ནས་སྲོག་ཤིང་ཚད་ལྡན་སྦྱང་ཁྲུས་བྱས་པ་རྡོ་རྗེའི་རྭ་རྩེ་དབུས་ཀྱི་གདན་གྲུ་བཞི་ལ་འཁེལ་ངེས་ཀྱིས་བཅུག །སྲོག་ཤིང་ལྗིད་ན་རྡོ་ལེབ་ཀྱིས་ཐེག་དཀའ་བས་ཕྱི་རོལ་གྱི་ཁང་སྒྲོམ་དང་བསྟུན་རྡོ་རྗེའི་རྭ་ནས་གདུང་མས་འདེགས་པ་སོགས་དཀྱིལ་འཁོར་ལ་ཆག་གྲུམ་མི་འབྱུང་བའི་ཐབས་བྱ། དཀྱིལ་འཁོར་གྱི་སྣམ་བུའི་གྲྭ་བཞིར་དུང་ཆོས་དངོས་འབྱོར་ན་རབ། མ་འབྱོར་ན་རྡོའམ་རྫ་ལས་བཅོས་ས་དཀར་དང་སྲ་རྩི་བཏང་བའི་ནང་དུ་ལན་ཚྭ་དང་དྲི་ལྔའི་ཕྱེ་མས་བཀང་བ། ཤར་གྱི་སྣམ་བུའི་ཁར་རྫ་ཕོར་ལྟ་བུའི་ནང་དུ་ཙནྡན། ཨ་ཀར། ཤུག་པ་སོགས་ཀྱིས་བཀང་བའི་སྤོས་སྣོད་གསུམ། ལྷོ་ཡི་སྣམ་བུར་དྲི་ཡི་དུང་ཞལ་གོང་སྨོས་ལྟ་བུ་དང་། རྫ་ཕོར་ལྟ་བུར་མེ་ཏོག་དང་། འབྲས་ཀྱིས་བཀང་བའི། ནུབ་ཀྱི་སྣམ་བུར་བུམ་པ་ཚོན་རྩི་ཅན་གྱི་ནང་དུ་ཏིལ་ནག །སྲན་མ་མ་ཤ །འབྲས་རྣམས་བསྲེས་ནས་བཅོས་པའི་ཐུག་པ་ཀྲི་ས་ར་ཞེས་པས་བཀང་བ་དང་། ཟས་དཀར་གྱིས་གང་བའི་བུམ་པ། རྫ་སྡེར་ལྟ་བུར་ཁམ་བུ་སྟར་ག་རྒུན་འབྲུམ་སོགས་ཤིང་ཏོག་སྣ་ཚོགས་ཀྱི་འབྲས་བུ་དགུ་བཅུ་རྩ་དགུས་བཀང་བ་རྣམས་བཀོད། གོང་གི་སྲན་མ་མ་ཤ་མ་རྙེད་ན་སྲན་དཀར་གྱིས་ཆོག །བྱང་གི་སྣམ་བུར་རྫ་སྡེར་ལྟ་བུར་སྣུམ་ཟན་གྱི་གཏོར་མ་དཀར་ཟླུམ་མཐར། མར་ཐུད་ཁུར་བ་སོགས་ཁ་ཟས་སྣ་ཚོགས་ཀྱིས་བསྐོར་བ་དང་། དྲི་ལྔས་བཀང་བའི་རྫ་བུམ་ཁ་རྒྱན་མགུལ་ཆིངས་ཅན། རྫ་སྡེར་ལྟ་བུར་སྤོས་དང་མེ་ཏོག་རྣམས་བཞག །ནུབ་བྱང་གི་གྲྭར། དྲི་ཡི་དུང་ཆོས་ཀྱི་རྒྱབ་ཏུ། རྡོའམ་ཤིང་ཟླ་གམ་ལ་ཚོགས་བདག་གི་སྐུ་གླང་གདོང་སྔོན་པོ་དགྲ་སྟྭ་དང་ལ་ཕུག་འཛིན་པ་ཚོན་རྩི་ཅན་གྱི་སྤྱི་སྟེང་དུ་དངུལ་ལམ། མ་འབྱོར་ན་ཟངས་ལྟ་བུའི་རིན་ཆེན་མར་མེ་བཞག་ཅིང་གཟེར་བཏབ་ནས་མི་འགུལ་བར་བྱ། དེའི་ཕྱི་རོལ་དུ་ཕྱོགས་རེར་མཆོད་པ་ཚར་རེ་དང་། ནུབ་ཏུ་ལྷག་གསུམ་མམ་གཅིག །མ་འབྱོར་ན་ལྷོ་ནུབ་ནས་བརྩམས་ཏེ་རྫ་ཕོར་ལྟ་བུར་མཆོད་ཡོན། དྲི་ཆབ། མེ་ཏོག །སྤོས། ཞལ་ཟས་རྣམས་སྔར་སྨོས་པ་ལྟ་བུ་དང་། རྫ་སྡེར་སོགས་སུ་ཁུར་བ་སྣ་ཚོགས། ཤིང་ཏོག་སྣ་ཚོགས། སྲན་དཀར་གྱི་ཆན། འོ་ཐུག་བསྐོལ་བའམ་ཕྱུར་བས་བཀང་བ་དང་། མར་མེ་བཅས་ཟླུམ་བསྐོར་དུ་བཤམས། དེའི་ཕྱི་རོལ་དུ་ཕྱོགས་བཞིར་སྟེགས་བུའི་ཁར་མཆོད་ཡོན་གྱི་དུང་ཆོས་བཟེད་ཞལ་བཅས། དེ་རྣམས་ཀྱི་བར་མཚམས་སུ་སྤོས་མར་མེ་ཞལ་ཟས་རྣམས་ཚར་རེ། དེའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ། ཏོག་ལེབ་མོའི་ངོས་སུ་རྨ་བྱའི་མདོངས་སྦྱར་བའམ། མ་འབྱོར་ན་བྲིས་པས་ཀྱང་རུང་བས་རྒྱལ་མཚན་ཤར་དཀར། ཤར་ལྷོར་ལེ་བརྒན། ལྷོ་ནག །ལྷོ་ནུབ་དུད་ཁ། ནུབ་དམར། ནུབ་བྱང་ཁྲ་བོ། བྱང་སེར། བྱང་ཤར་ལྗང་སེར་རྣམས་དང་། བཀྲ་ཤིས་རྫས་བརྒྱད་དངོས་རྫས་འབྱོར་ན་ལེགས། མ་འབྱོར་ན་རྡོ་ལེབ་ཟླུམ་པོ་ཆུང་ངུའམ། གྲོ་ག་ལྟ་བུ་ལ་བྲིས་ནས་རྒྱལ་མཚན་སོ་སོའི་མགུལ་དུ་བཏགས། དེའི་ཕྱི་རོལ་ནས་རས་དམར་པོས་ཟླུམ་པོར་བསྐོར། སྟེང་དུ་སྲོག་ཤིང་ལས་བང་སྒྲོམ་གྱི་ཕྱོགས་བཞིར་རས་སྐུད་བསྒྲིལ་མ་ལྟ་བུ་བརྐྱངས་པ་ལ་དར་གྱི་ལྡ་ལྡི་སྟེ་དར་དཔྱང་དང་། བ་དན། རྒྱལ་མཚན། མེ་ཏོག་གི་ཆུན་པོ་རྣམས་གོས་དར་ལས་བྱས་པས་དཔྱངས། དེ་ནས་ཆོ་ག་གཞུང་ལྟར་བཏང་། སྐབས་འདིར་གླེགས་བམ་བཀླག་ཅེས་པ་འོད་ཟེར་དྲི་མེད་ཀྱི་གཟུངས་དཔོན་སློབ་ཐམས་ཅད་ཀྱིས་གྲུབ་ན་ཚར་གསུམ་སོགས་དང་། མ་མཐའ་ཡང་ཚར་རེ་བཀླག་དགོས། སྤྱིར་གཟུངས་མདོ་ཀློག་མཁན་ཟུར་དུ་བཞག་རྒྱུ་བྱུང་ན་ཡང་ལེགས། དེ་ནས་སྲོག་ཤིང་གི་ཆོ་གའི་སྐབས་ཕྱོགས་རེ་རེ་བཞིན་འགོར་མཆོད་པ་བྱིན་རླབས་ངེས་པར་དགོས། སྤྲོ་ན་མཆོད་པའི་སྐབས་རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་སྤེལ། གང་ལྟར་ཡང་མཆོད་པའི་སྔགས། ༀ་སརྦ་ཏ་ཐཱ་ཱ ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ་པདྱཾ་སོགས་སྦྱར་བའི་མཐར། རོལ་མོ་དང་བཅས་མཆོད་པའི་སྤྲིན་གྱི་སྔགས་བརྗོད། གཏོར་མ་བྱིན་རླབས་ཆ་གསུམ་ལྟར་བྱ། སོ་སོའི་མཇུག་ཏུ་ཕུན་སུམ་ཚོགས་པ་དང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ནས་བྱུང་བའི་བཀྲ་ཤིས་ཤློ་ཀ་གསུམ་ལྔ་སོགས་གང་འོས་བརྗོད། མཇུག་ཏུ་ཤར་སྒོ་ནས་བཀྲ་ཤིས་སྐབས་གཙུག་ཏོར་དྲི་མེད་ཀྱི་ཆོ་ག་ལས་བྱུང་བའི་བྱ་རྒྱུད་ཀྱི་བཀྲ་ཤིས་རིང་མོ་དང་། བཟང་སྤྱོད་ལྟ་བུའི་སྨོན་ལམ་རྒྱས་པར་བྱའོ། ༈ །དེ་ནས་བང་བའི་ཁར་ཤིང་ལེབ་སོགས་ཀྱི་ཁ་གཅོད་དམ་པར་རྒྱབ། སྲོག་ཤིང་དང་ཁ་ཆོད་ཀྱི་མཚམས་སོགས་བྱེ་འཇིམ་ལྟ་བུའི་ཞལ་བ་བྱས་ནས་ནང་དུ་རྡུལ་སོགས་མི་འགྲོ་བ་བྱ། སཱཙྪ་རང་རང་གི་དཀྱིལ་འཁོར་སྟེང་དུ་འཇོག་དགོས་ཀྱང་ཤོང་དཀའ་བ་དང་། བར་མཚམས་བྱེ་མ་སོགས་ཀྱིས་བཀང་དགོས་སྟབས་དཀྱིལ་འཁོར་དང་། ཡོ་བྱད་ཆུད་ཟོས་སུ་འགྲོ་དོགས་ན་སྟེང་དུ་བཞག་ཀྱང་མི་རུང་བ་མེད་པས་གོང་གི་ཁ་ཆོད་སྟེང་དུ་བང་སྒྲོམ་ལྟ་བུ་རིམ་གྱིས་བསྒྲིགས་པ་དང་བསྟུན་ཐོག་མར་གཙུག་ཏོར་དྲི་མེད་སཱཙྪ་ཁྲི་ཕྲག་སོགས་གང་འགྲུབ་དང་། མ་མཐའ་བརྒྱ་རྩ་བརྒྱད། དེ་སྟེང་འོད་ཟེར་དྲི་མེད་ཀྱི་སཱཙྪ་གང་འགྲུབ་དང་། མ་མཐའ་ཡང་དགུ་བཅུ་རྩ་དགུ་ལས་མི་ཉུང་བ་བཞག །བར་མཚམས་བྱེ་མ་སྐམ་པོས་བཀང་བ་སོགས་ལག་ཚག་ཤིན་ཏུ་དམ་པར་བྱ་དགོས། གཞན་སཱཙྪ་འབུམ་ཐེར་སོགས་མང་པོ་ཡོད་ན་ཁང་བརྩེགས་སྐབས་དབུས་ཀྱི་བང་སྒྲོམ་དང་ཁང་པའི་བར་དུ་གྲུ་ཆད་བྱས་ནས་ལེགས་པར་བཞག །ཁང་བརྩེགས་སྟེང་མ་ཡང་སཱཙྪས་ཁེངས་པར་བྱ། རིང་བསྲེལ་རྣམ་བཞིས་མཚོན་གཟུངས་གཞུག་རིགས་ཕལ་ཆེར་ཡང་རྡོ་སྒྲོམ་མམ་སྣོད་ལྟ་བུའི་ནང་དུ་བཅུག་ལ་བར་མཚམས་ལ་ཆ་སོགས་ཀྱིས་སྦྱར་ན་ཆུ་མི་འགྲོ་བར་བྱས་ཏེ་ཁང་བརྩེགས་སྟེང་མའི་དབུས་སུ་བཞག །མཆོད་རྟེན་ཡིན་ན་སཱཙྪ་ལྷག་མ་རྣམས་བུམ་པའི་ནང་དུ་གང་ཤོང་བྱ། གཞན་གཟུངས་གཞུག་བཞག་ཚུལ་སོགས་ལག་ལེན་སྤྱི་ཁྱབ་ལྟར་ཤེས་དགོས། ཁང་བརྩེགས་ལ་ཁང་བུ་བརྩེགས་པ་སྟེང་མ་བཀབ་ནས་དེ་སྟེང་ཏོག་མཚོན་བྱེད་ཙམ་མམ་རྒྱལ་མཚན་ལྟ་བུ་གཙུགས་ཀྱང་ཆོག །གྲུབ་ན་ཆོས་འཁོར་རིམ་པ་བཅུ་གསུམ་གདུགས་ཏོག་དང་བཅས་པ་བྱས་ཀྱང་ལེགས། ༈ །གོང་གི་ཡོ་བྱད་ཉེར་མཁོ་སྔ་ཚགས་དགོས་པ་ལ། སེང་ལྡེང་གི་ཕུར་པ་བརྒྱད་དམ། མ་འབྱོར་ན་ཤུག་པ་ཚེར་མ་ཅན་གྱིས་ཀྱང་རུང་། ཀླུ་བུམ་དགུ། ལྔ། གཅིག་སོགས་གང་འབྱོར། ས་བདག་བུམ་པ། ནོར་བུམ། གནོད་སྦྱིན་འཁོར་ལོ། ཤུག་པ་རྩ་རྩེ་དང་ཤར་རྟགས་མ་ནོར་བའི་སྲོག་ཤིང་། དེ་ལ་བྱུག་རྒྱུའི་དྲི་བཟང་། དཀྲི་དཔྱད་རས་སེར་སོགས་དགོས་འདེངས། སྲོག་ཤིང་གི་གཟུངས་ཀྱིས་མཚོན་གཟུངས་གཞུག་རིང་བསྲེལ་བཞིའམ་ལྔའི་རིགས་གང་འབྱོར། འོད་ཟེར་དྲི་མེད་ཀྱི་གཟུངས་ཚང་མ། དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར། ༈ །གཙུག་ཏོར་དྲི་མེད་ལ་བླ་བྲེ་སྔོན་པོ། མཆོད་པའི་སྣོད་རྫས་སོགས་ཀྱི་ཏིང་ཕོར་རྒྱས་པར་ང་ལྔ། བསྡུ་ན་བཅོ་ལྔ། སྤོས་འཛིན་རྒྱས་པར་ཉེར་དྲུག །བསྡུ་ན་དྲུག །མར་མེ་དེ་མཚུངས། ལན་ཚྭ། མཆོད་ཡོན། ཞབས་བསིལ། དྲི་ཆབ་རྣམས་ཀྱི་རྫས། ཅོད་པན། བ་དན། རྒྱལ་མཚན། གདུགས་རྣམས་རྒྱས་པར་རེ་རེ་ནས་སོ་གཉིས་རེ། བསྡུ་ན་བཞི་རེ། དེ་རྣམས་འཛུགས་ས་རྫ་ཡི་སྤོས་འཛིན་ལྟ་བུ་གྲངས་མཉམ་དང་སྒབ་དཀྲིས་དམར་པོ། ༈ འོད་ཟེར་དྲི་མེད་ལ། དུང་ཆོས་དགུ། སྤོས་ཕོར་གསུམ། བུམ་པ་གཉིས། ཏིང་ཕོར་རྒྱས་པར་ཉེར་གསུམ། བསྡུ་ན་ལྔ། རྫ་སྡེར་རྒྱས་པར་སོ་གཅིག །བསྡུ་ན་བདུན། སྤོས་རྒྱས་པར་བཅུ་གཅིག །བསྡུ་ན་ལྔ། མར་མེ་དེ་མཚུངས། ཚོགས་བདག་གི་སྐུ། རིན་པོ་ཆེའི་གོང་བུ། བཟེད་ཞལ་བཞི། རྒྱལ་མཚན་བརྒྱད། འཛུགས་གདན་བརྒྱད། བཀྲ་ཤིས་རྫས་བརྒྱད། སྒབ་དཀྲིས་དམར་པོ། ༈ སྲོག་ཤིང་གི་ཕྱོགས་བཞིར་བརྐྱང་རྒྱུའི་རས་སྐུད། དར་དཔྱང་། བ་དན། རྒྱལ་མཚན། མེ་ཏོག་ཆུན་པོ་རྣམས་བཞི་རེ། རྫས་ཆ་ཙནྡན་དཀར་པོ། ཨ་ག་རུ། མེ་ཏོག་དཀར་པོ། དྲི་བཟང་། འབྲས། ཏིལ་ནག །མ་ཤའམ་སྲན་དཀར། ཁམ་བུ། སྟར་ག་དང་། རྒུན་འབྲུམ་སོགས་ཤིང་ཏོག་སྣ་ཚོགས། མར་ཐུད། ཁུར་བ། འོ་བསྐོལ་ལམ་ཕྱུར་བ། རྨ་བྱའི་མདོངས་བརྒྱད་བཅས་དགོས། ༈ །དེའང་ཐོག་མར་སཱཙྪ་རབ་འབུམ། འབྲིང་ཁྲི། ཐ་མ་སྟོང་ཕྲག་སོགས་ཆོ་གའི་སྒོ་ནས་ལེགས་པར་བསྒྲུབས། དེ་ནས་སློབ་དཔོན་བསྙེན་པ་སོང་ནས། སྒྲུབ་གྲོགས་༼༡༽ དང་བཅས་ས་ཆོག་བྱ། དེ་རྗེས་ཁང་བརྩེགས་ཐོག་བཀབ་པའི་བར་ཚར་ནས་སྔ་དྲོ་གཙུག་ཏོར་དྲི་མེད་ཀྱི་ཆོ་ག་༼༢༽བཏང་། དེ་ཡི་ཕྱི་དྲོ་འོད་ཟེར་དྲི་མེད་ཀྱི་སྟ་གོན། དེའི་ཕྱི་ཉིན་སྲོག་ཤིང་བཙུགས་ལ་འོད་ཟེར་དྲི་མེད་ཀྱི་དངོས་གཞི་སྲོག་ཤིང་འཛུགས་ཆོག་བྱ། ཆོ་གའི་སྐབས་ཁྲུས་དང་། གཙང་སྦྲ་དཀར་སྤྱད། གུང་ཚིག །དགོང་བཅད་སོགས་གལ་ཆེ། གཞན་ཡང་བསྟན་པའི་སྤྱི་རིམ་ལྟ་བུ་གལ་ཆེན་ཡིན་ན་ས་ཆོག་ཚར་མ་ཐག་མཆོད་རྟེན་གྱི་འོག་ཏུ་དམ་སྲི་མནན་པ་སོགས་ཚད་ལྡན་བྱ། ཆོས་འཁོར་རམ། ཏོག་གི་ནང་དུ་གདུགས་དཀར་འཁོར་ལོ་བཅའ་སྒྲུབ་ཚད་ལྡན་བྱས་པ་ཡོད་ན་རྫའི་གའུ་ལྟ་བུར་བཞག་ཅིང་གདུགས་དཀར་གྱི་རྒྱལ་མཚན་འཛུགས་ཆོག་དང་། དེས་མཚོན་རྒྱལ་མཚན་རྩེ་མོའི་གཟུངས་གླེགས་བམ་གྱི་ཚུལ་དུ་བྲིས་པ་བཞག་ཅིང་། དེའི་ཆོ་གའང་འགྲུབ་ན་ལེགས། སྲོག་ཤིང་གི་ནང་དུ་ཤོང་ན་འོད་ཟེར་དྲི་མེད་ཀྱི་གཟུངས་ཚང་མ་གསེར་རམ་མཚལ་གྱིས་བྲིས། དྲི་བཟང་དང་། བྱིན་རྟེན་བླུགས། དྲིལ་ཚ་ས་དང་བཅས་བཞུགས་པ་ཤིན་ཏུ་གལ་ཆེ། མ་ཤོང་ན་རྫའི་གའུ་ལྟ་བུར་བཅུག་ནས་སྲོག་ཤིང་ལ་བཅིངས་ཀྱང་རུང་། དེ་ལྟ་བུའི་རྟེན་གྱི་བྱ་བ་མཐར་ཕྱིན་ནས་རབ་གནས་རྒྱས་བསྡུས་གང་རུང་གིས་མངའ་གསོལ། རྒྱུན་དང་དུས་སུ་ཕྱག་བསྐོར་མཆོད་པ་སོགས་བགྱིས་པས་དྲི་མེད་རྣམ་གཉིས་ཀྱི་གཟུངས་ནས་གསུངས་པས་མཚོན། ཕན་ཡོན་བསམ་མི་ཁྱབ་པ་འཐོབ་ཅིང་འཕྲལ་དང་ཡུན་གྱི་ཕན་བདེའི་དགེ་མཚན་འགྲུབ་པ་ནི་ངེས་པའོ། །གཟུངས་སྔགས་ཡིད་བཞིན་ནོར་བུའི་ཆོ་གའི་ཚུལ། །ཉེར་མཁོའི་གསལ་བྱེད་ཆུ་གོས་རྩེར་བཀོད་པའི། །ལེགས་བཤད་འདིས་ཀྱང་མཐའ་ཡས་ཡིད་ཅན་ཀུན། །ཐར་བདེའི་དགའ་སྟོན་རྟག་ཏུ་རྒྱས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
འཕགས་པ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་པའི་ཆོ་ག་བཀླག་པས་གྲུབ་པའི་གསལ་བྱེད་དང་མཆོད་རྟེན་ཁང་བརྩེགས་འདི་ཉིད་ཀྱི་དཀྱིལ་འཁོར་ཐིག་ཡིག་བཅས་མཐོང་བས་དོན་རྟོགས། ཤེས་རབ་བསྟན་དར།
འཕགས་པ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་པའི་ཆོ་ག་བཀླག་པས་གྲུབ་པའི་གསལ་བྱེད་དང་མཆོད་རྟེན་ཁང་བརྩེགས་འདི་ཉིད་ཀྱི་དཀྱིལ་འཁོར་ཐིག་ཡིག་བཅས་མཐོང་བས་དོན་རྟོགས་བཞུགས་སོ། །ན་མཿགུ་རུ་སརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ འཕགས་པ་ཀུན་ནས་སྒོར་འཇུག་པ་གཉིས་ཀྱི་གཟུངས་ལ་བརྟེན་ནས་གསང་སྔགས་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་བཞུགས་པའི་ཚུལ་ལ། སྔོན་འགྲོ་དང་། དངོས་གཞི་གཉིས་རེས་སྟོན་ཏེ། དང་པོ་འོད་ཟེར་དྲི་མེད་ཀྱི་སྒོ་ནས་བསྙེན་པ་བྱ་བ་ལ། ཚེས་བརྒྱད་དང་བཅུ་བཞི་བཅོ་ལྔ་སོགས་དགེ་བའི་དུས་གང་ཡང་རུང་བར། མཎྜལ་གྲུ་བཞི་བ་བྱུང་དྲི་བཟང་གིས་བྱུགས་པར་རིང་བསྲེལ་ཅན་གྱི་མཆོད་རྟེན་ལ་ཉེར་སྤྱོད་བདུན་བསྐོར་བཤམས་བྱས་པ་དང་། མདུན་དུ་དུང་ཞལ་ནང་། ནས། འོ་མ། མེ་ཏོག་དཀར་པོ། ཏིལ། ཀུ་ཤ །འབྲས་ཡོས། དྲི་བཟང་བཅས་ཆུ་གཙང་དང་སྦྱར་བའི་མཆོད་ཡོན་ཟངས་ཚོགས་ཀྱི་བཟེད་ཞལ་དང་བཅས་པ། མདུན་དུ་རྡོར་དྲིལ། བསང་ཆུ། ཁྲུས་ཆུའི་སྣོད། སྤོས། དུར་ཁྲོད་ཀྱི་མགལ་དུམ་ལས་བྱས་པའི་རྡོ་རྗེ་ཙནྡན་དམར་པོས་བྱུགས་པ། རས་སྐུད་དམར་པོ་སུམ་བསྒྲིལ་ལ་མདུད་པ་གསུམ་བོར་ཏེ་བྷོ་དྷི་རྡོག་རེ་བརྒྱུས་པ་དང་། རས་ཀྱི་ཟེའུ། ཀུ་ཤའི་སོར་གདུབ་དང་སྟན་གྱི་ཀུ་ཤ་ཕོན་རེ། འོམ་བུའི་སོ་ཤིང་བཅས་གྲངས་མཉམ། བོ་དྷིའི་བགྲང་ཕྲེང་། རོལ་མོའི་བྱེ་བྲག་བཅས་འདུ་བྱས་ནས། དེ་བཞིན་གཤེགས་པའི་དམ་རྒྱ་མགོ་ལ་བཞག་སྟེ་སོགས་ནས་ཕྱི་རོལ་དུ་འགྲོ་བ་སྲུང་བའི་བར་དང་། དེ་ནས་ཕྱི་རོལ་དུ་སོང་སྟེ་ཁྲུས་དང་། ཉེ་རེག །སོ་ཤིང་དོར་བའི་བར་བྱེད། ནང་དུ་འོང་སྟེ་ཕྱག་བྱས་ནས་འདུག་སྟེ་དམ་ཚིག་ལ་འཇུག་པ་ནས། སྐྱིལ་ཀྲུང་གིས་འཁོད་པར་གྱུར་བར་དང་། རྡོ་དྲིལ་བཅས་ༀ་དྷུ་ན་སོགས་ནས། ལས་ཐམས་ཅད་མཛད་དུ་གསོལ་བར། རྡོ་དྲིལ་འཇོག །སྲུང་སྐུད་ཀུ་ཤ་རས་བཅས་འགྱེད། བདག་གིས་བརྒལ་དཀའ་ནས། བཟླས་པའི་སྐབས་ཀྱི་བསྟོད་དེ་མངོན་སུམ་ལྟ་བུར་གྱུར་བར། བཟླས་པ་སྙིང་པོ་སྟོང་། གཟུངས་རིང་བརྒྱ་རྩ་བརྒྱད། ཉེ་སྙིང་བརྒྱ་རྩ་སོགས་ཇི་མང་བཟླས་ཏེ་ཕྲེང་བ་འབུལ་བའི་ཚུལ་བྱེད་པའི་བར་དང་། གོང་གི་རབ་འབྱམས་རྒྱ་མཚོ་ནས་བསྟོད་པའི་མཐའ་བར། མ་རྙེད་སོགས་ནས། དཀྲོལ་བར་གྱུར་བར། དེ་ནས་དྲི་མེད་རྣམ་གཉིས་ཀྱི་གཟུངས་མདོ་བཀླག་པ་སོགས་བྱའོ། །དེ་ནས་མཆོད་རྟེན་གྱི་རྨང་གཞི་བཏིང་བའི་སར་ས་ཆོག་བྱ་བར། གོང་དུ་བཤད་པའི་མཎྜལ་ནས་རོལ་མོའི་བྱེ་བྲག་གི་བར་ཡོ་བྱད་རྣམས་འདུ་བྱས་ཞིང་ཁྱད་པར་གཞི་བགེགས་ཀྱི་གཏོར་མ་གཉིས། བ་བྱུང་། དྲི་བཟང་། གཏེར་བུམ། སེང་ཕུར་སོར་བརྒྱད་དང་། སྟེགས་གཞན་ཞིག་ལ་ཉེར་སྤྱོད་ཕྲེང་ཚར་གཅིག་བཅས་འདུ་བྱ། གསོ་སྦྱོང་བླང་བ་ཕྱོགས་བཅུ་ན་སོགས་ནས་སྒྲོལ་བར་ཤོག་བར་ལན་གསུམ། ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག །གཞི་དེར་གཏོར་མ་གཉིས་བཤམས་ལ་ཞི་ཁྲོ་ལྟར་བསྔོ། ཁྲོ་བོ་མནོལ་མེད་སྔགས་ནས་བདག་ཉིད་སྦྱངས་པར་གྱུར་བར་བསྙེན་པའི་སྐབས་ལྟར། དེ་ནས་ལས་སྔགས་བཟླ་བཞིན་ལྟོ་འཕྱེ་རྩིས་ནས་རུང་བར་ཁྲུ་དོ་བརྐོས་ནས་ཆུ་སའི་པྲ་བརྟགས་ལས་སྔགས་བཟླ། བ་བྱུང་གིས་བྱུགས་འཐས་པར་བཅགས་པའི་དབུས་སུ་ཁུང་བུ་བརྐོས་ནས་གཏེར་བཅུག །བསང་གཏོར་བྱ། སློབ་དཔོན་ས་དེའི་དབུས་དང་། གཞན་རྣམས་ཀྱང་དེར་ཕྱོགས་པས་འདུག་སྟེ། རང་གི་སྟན་སོགས་ནས་བཟླས་པའི་མཐར་ཕྲེང་བ་འབུལ་བའི་བར་སྔར་བསྙེན་པའི་སྐབས་ལྟར་དང་། མཆོད་པའི་དུས་ཉེར་སྤྱོད་སློབ་དཔོན་མདུན་དུ་ཕུལ། དེ་ནས་བསངས་གཏོར་དང་སེང་ཕུར་བྱིན་བརླབས་ནས་བཞེངས་ཏེ་ཕུར་པ་གཅིག་དེ་མགལ་དུམ་རྡོ་རྗེའི་ཐོ་བས་ཕྱོགས་མཚམས་སུ་གདབ་ཚུལ་བྱ། སླར་ཡང་དེ་ཉིད་དུ་བཞུགས་བཞིན་རྗེས་ཆོག་རབ་འབྱམས་རྒྱ་མཚོ་ནས་བཅིངས་པར་དཀྲོལ་བའི་བར་བསྙེན་པའི་སྐབས་ལྟར་བྱའོ། །འདིའི་སྐབས་སུ་བརྒྱད་སྟོང་། གསེར་འོད་དམ་པ། གཟུངས་མདོ་གཉིས། དཀོན་བརྩེགས་ནང་གི་གཙུག་ན་རིན་ཆེན་སོགས་བཀླག །གཞན་ཡང་མཆོད་སྦྱིན་བྱ་བ་སོགས་ཚོགས་བསགས་རིགས་ཇི་འགྲུབ་བྱེད། སཱཙྪ་གདབ་པའི་ཆོ་ག་བཞིན་སཙྪ་བརྒྱ་རྩ་བརྒྱད་དམ། སྟོང་རྩ་སོགས་ཚུལ་ལྡན་གདབ་སྟེ་གཟུངས་ཁུང་བྲུས། སྐམ་ཐག་ཆོད་པ་དང་གཟུངས་འབུལ། སློབ་དཔོན་གྱིས་བུམ་པ་བྱ་རྒྱུད་རྫས་ལྡན་དྲི་མེད་རྣམ་གཉིས་ཀྱི་སྔགས་ཀྱིས་བརླབ། དེ་ནས་ཆོ་ག་དངོས་ལ་བཤམ་དང་། རབ་གནས་གཉིས་ལས། དང་པོ་ནི། ས་ཕྱོགས་ཡངས་ཤིང་བསྐོར་བ་བྱེད་ཐུབ་པར་སྟེགས་གྲུ་བཞི་དཀྱིལ་ཐང་སྟེང་མེ་ཏོག་བཀྲམ། མཆོད་རྟེན་བརྒྱ་རྩ་བརྒྱད་བཀོད། སཱཙྪ་གཞན་རྣམས་ཀྱང་ཉེ་བར་བཀོད། དེའི་ཕྱོགས་བཞིར་ཉེར་སྤྱོད་ཆ་རེ་བཤམ། གྲ་བཞིར་སྤོས་སྣོད་བཞི། སྒོ་བཞིར་རྫས་བདུན་གྱི་དུང་ཞལ་བཞི་བཟེད་ཞལ་བཅས། སྟེང་དུ་བླ་བྲེ། མཐར་བ་དན་དམར་པོ་བརྒྱ་རྩ་བརྒྱད། དེའི་མདུན་ཤ་ཆང་མིན་པའི་ཁ་ཟས་སྣ་ཚོགས། གཏོར་ཟླུམ་དཀར་པོ། རྒྱན་ཕྲེང་ན་བཟའ་ལྔ་ཚན་ལྔ། མིག་ཐུར། བཀྲ་ཤིས་རྫས་བརྒྱད་རྣམས་ཀྱི་ཙཀླི། སྣོད་གཅིག་ཏུ་གཏོར་ཟླུམ་མཐེབ་རིལ་བཞིས་བསྐོར་བ་གཅིག་དང་། ཆ་གསུམ་གཏོར་མ་སྤྱི་ལྟར་ཁ་ཟས་ཀྱིས་བརྒྱན་པ། སློབ་དཔོན་མདུན་གཡོན་ནས་བརྩམས་རྨ་བྱའི་སྒྲོ་ལྔའི་ཆུན་པོ། ཡུངས་དཀར། ཁྲུས་གཞོང་། མེ་ལོང་ཁྲུས་རས་དང་བཅས་པ། ཁྲུས་བུམ་མེ་ཏོག་བྱེ་ཐུན་ཏིང་ཤག་བཅས། གཉིས་པ་ཁྲུས་སོགས་སྔོན་འགྲོས། ཆོས་ཐམས་ཅད་དམིགས་སུ་མེད་པ་སོགས་ནས་གཞུང་ལྟར་ཆོ་ག་མ་འཁྲུལ་བར་བཀླག་ནས་བདེན་པའི་སྟོབས་བརྗོད་པའི་མཐར་གཟུངས་རྣམ་གཉིས་བཀླག་ཅིང་སྦྱིན་བདག་སོགས་ལ་གཟུངས་ཆབ་སྩལ། རྨ་བྱའི་སྒྲོ་ཆུན་གྱིས་བྱ་བ། བྱེ་ཐུན་དང་གཟུངས་ཆབ་དུར་ཁྲོད་སོགས་ཕྱོགས་ཀུན་ལ་གཏོར་བཞིན་སྔགས་བཟླ། བཟོད་གསོལ་དང་བསྔོ་བ། བཀྲ་ཤིས་མེ་ཏོག་འཐོར་བ་བཅས་བྱའོ། ༈ །དེ་ནས་གཙུག་ཏོར་དྲི་མེད་ཀྱི་ཆོ་ག་ལ། མདུན་དུ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམས། རྡོར་དྲིལ་སོགས་དང་བསངས་ཆུ་འདུ་བྱ། མཆོད་པ་རྣམས་བསང་སྤྱངས་ནས་ཚོགས་བསགས་མཐར་གསོ་སྦྱོང་ཆོ་ག་ལྟར་བླངས་ནས་བཟླས་པའི་མཐར་རེ་ཞིག་གྱེས་ལ། བང་རིམ་བཞི་པའི་སྟེང་ཐོག་འཇམ་པར་བྱས་ནས་བ་བྱུང་དང་དྲིས་བྱུག་པར་དཀྱིལ་ཐང་བཀྲམ་མཐར་སྒོར་མཆོད་དང་། ཤར་དུ་བླ་གཏོར་དཀར་པོ་གཅིག །འདོད་ཡོན་ལྔ། རིན་ཆེན་བདུན། བཀྲ་ཤིས་རྫས་བརྒྱད་རྣམས་ཀྱི་ཙཀླི། བྱང་ཤར་དུ་དུ་རུ་ཀ །ཤར་ལྷོར་ཨ་ག་རུ། ལྷོ་ནུབ་ཏུ་ཙནྡན། ནུབ་བྱང་དུ་གུ་གུལ། དཀྱིལ་འཁོར་གྱི་རྒྱན་དུ་མདའ་དར་མེ་ལོང་ཅན་བརྒྱད། གྲི་བརྒྱད། དར་དཔྱངས་ལྔ་ལྡན་དྲུག །རྨ་བྱའི་སྒྲོ་ཆུན་བརྒྱད་བཅས་བསྙལ་སྟབས་ཚོན་སྐུད་སྣ་ལྔས་བསྐོར་བ་ལེགས་ཤིང་བརྟན་པར་བྱ། ཆ་གསུམ་གཏོར་མ། མཆོད་ཡོན། སྤོས་སོགས་འདུ་བྱ། དངོས་གཞིའི་ཆོ་ག་ནི། བདག་བསྐྱེད་སྔོན་དུ་སོང་བས་འཐུས། མདུན་གྱི་དཀྱིལ་འཁོར་བསང་སྦྱང་ནས། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་བར་དང་། ཕྱི་རོལ་དུ་ཆ་གསུམ་བཏང་། རྡོ་དྲིལ་བཅས་ཡིག་བརྒྱ་བཟླ་བཞིན་མཆོད་རྟེན་ལ་ལན་གསུམ་བསྐོར་ཏེ། ཤར་སྒོ་ནས་འགྲེང་བཞིན་དུ། རྨི་ངན་འཇིགས་དང་སོགས་ཕྱོགས་གཞན་ལའང་དེ་ལྟར་བྱ། མཐར་ཤར་སྒོ་ནས་རྡོ་དྲིལ་བཅས་ཐལ་སྦྱར་བྱ། ༀ། བདེ་གཤེགས་སོགས་ནས་འབྱོར་གྱུར་ཅིག །བར། རང་གྲལ་དུ་ཞུགས་ཏེ་གཏང་རག་གི་མཆོད་བསྟོད་ནས་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱ། དཀྱིལ་འཁོར་རྒྱན་མཆོད་བཅས་པ་རས་གཙང་མའི་ཞལ་ཁེབས་བཀབ་སྟེ་ཐོག་བཀལ་ལ་བུམ་རྟེན་པདྨ་བརྩིག་གོ། །དེ་ནས་འོད་ཟེར་དྲི་མེད་ཀྱི་སྒོ་ནས་སྲོག་ཤིང་འཛུགས་པའི་ཆོ་ག་ལ། སྟ་གོན་དང་དངོས་གཞི་གཉིས་དང་། དང་པོ་ནི། བསྙེན་པའི་སྐབས་ཀྱི་མཎྜལ་ནས་བྷོ་དྷའི་བགྲང་ཕྲེང་རོལ་མོའི་བྱེ་བྲག་བར་འདུ་བྱ། བུམ་རྟེན་པདྨའི་ནང་ངོས་འཇམ་པར་བྱ། དེར་བ་བྱུང་དང་འབྲས་བཅས་འདུ་ུབྱ། ས་ཆོག་གི་དབུའི་ཕྱོགས་བཅུ་ུན་སོགས་ཀྱིས་གསོ་སྦྱོང་བླངས་ནས་སྔགས་བར། བསྙེན་པའི་དབུའི་ཁྲོ་བོའི་མནོལ་མེད་སྔགས་རྒྱ་ནས་རས་ཀྱི་ཟེའུ་སོགས་ངག་འདོན་དང་བྱ་བྱེད་སོར་བཞག་ཇི་བཞིན། སྲོག་ཤིང་ཆོ་གའི་བདག་གིས་བརྒལ་དཀའ་སོགས་ནས་བཟླས་པའི་མཐར་དངོས་གྲུབ་སྩལ་དུ་གསོལ་བར་དང་། གཏང་རག་མཆོད་པ། ༀ་བཛྲ་ཨརྒྷཾ་སོགས་ནས། བསྟོད་པར་འོས་པ་སོགས། བཟོད་གསོལ་ནས་དཀྲོལ་བར་གྱུར་བར། སློབ་དཔོན་བུམ་རྟེན་ཁར་ཕེབས་ཏེ་བ་བྱུང་གིས་བྱུགས་ཤིང་ཐིག་གྲུ་བཞིར་བཅད་ནས་ཤར་གྱི་ཆར་དྲིའི་ཐེག་ལེ་གྲུ་བཞི་གཉིས་༢ དང་། ལྷོ་༣བྱང་༤གཉིས། ལྷོ་ནུབ༥། ནུབ༦། ནུབ་༧ བྱང་བཅས་སུ་ཟླུམ་པོ་རེ་བྱས་ལ་འབྲས་ཚོམ་བཀོད། སྒོར་མཆོད་དང་། ཁ་ཟས་སྣ་ཚོགས། འོ་མ། མཆོད་ཡོན། བླ་གཏོར་དཀར་པོ་གཅིག །གོས་ཟུང་སྣ་ལྔ་བཅས་བཀོད། སློབ་དཔོན་མདུན་གོས་ཟུང་། རང་ཉིད་མཆོད་རྟེན་གྱི་ཉེ་ལོགས་སུ་ཀུ་ཤའི་གདན་ལ་ཤར་དུ་ཕྱོགས་པས་འདུག་ལ་ནས་བསྟོད་པའི་མཐའི་བར། འདེགས་རྒྱ་བཅས་ཏེ། ཛི་ན་ཛིཀ྄་སོགས་ནས། རྣམ་སྨིན་གྱིས་ལུས་ལ་ཐིམ་པར་གྱུར་བར་དང་། ཤེས་རབ་སྙིང་པོ་བཀླག་སྟེ་གྱེས། ཚོམ་བུ་དང་མཆོད་གཏོར་བསྡུ། དངོས་གཞི་ལ་དཀྱིལ་ཐང་བཀྲམ་པའི་དབུས་སུ་སྲོག་ཤིང་འཛུགས། ཕྱོགས་བཞི་ནས་འཐེན་ཏེ་ཀ་སྒྲོམ་ལྟ་བུས་ཡ་ཡོ་མི་ཡོང་བར་བྱ། སྲོག་ཤིང་རྩ་བར་གོང་གི་སཱཙྪ་རྣམས་དཀྲམ། མཚམས་ཐམས་ཅད་དུ་དྲི་བཟང་པོའི་ཚོས་ཀྱིས་གཏམས། ཕྱིའི་གྲྭ་བཞིར་དུང་ཞལ་དྲི་ལྔས་བཀང་བར་ཆུའི་རྒྱུན་ཅུང་ཟད་བྲན་པ་བཞི། ཤར་གྱི་སྣམ་བུའི་ཁར་སྤོས་སྣོད་གསུམ། ལྷོར་དྲིའི་དུང་ཞལ་ཏིང་མེ་ཏོག་གིས་གང་བ་གཅིག །ནུབ་ཏུ་ཡོལ་གོ་མར་ཁུ། ཏིལ་ནག །རྒྱ་སྲན་ནམ་མོན་སྲན། འབྲས་དང་ནས་དཀར་བཅས་བླུགས་པའི་ཐུག་པ། དུང་ཞལ་དཀར་གསུམ་གྱིས་བཀང་བ། ཡོལ་གོར་སྨན་དང་ཤིང་ཏོག་སྣ་ཚོགས་ཀྱི་འབྲས་བུ་དགུ་བཅུ་རྩ་དགུ །བྱང་དུ་ཤ་ཆང་མ་འདྲེས་པའི་ཞལ་ཟས་སྣ་ཚོགས་དང་མར་གྱི་གཏོར་ཟླུམ། དུང་ཞལ་ལ་བྱ་རྒྱུད་བུམ་རྫས་ལྡན་པ། ཏིང་མེ་ཏོག་ལ་སྤོས་བཙུགས་པ། ནུབ་བྱང་དུ་དུང་ཞལ་གྱི་རྒྱབ་ཏུ་ཤིང་ཟླ་གམ་གཟུགས་དམར་པོ་ལ་ཚོགས་བདག་བྲིས་པའི་སྤྱི་བོར་མར་མེ། མཐར་ནུབ་ནས་བརྩམས་ཏེ། མཆོད་ཡོན་ལན་ཚྭར་རྫས་བདུན་སྦྱར་བ། དྲི་ཆབ་དྲི་ལྔ་སྣུམ་གྱིས་སྤགས་པ། མེ་ཏོག །སྤོས། དཀར་མངར་སྦྱར་བའི་ཞལ་ཟས། ཁུར་བ་སྣ་ཚོགས་པ་དང་ཤིང་ཏོག་སྣ་ཚོགས་པ་རྒྱ་སྲན་གྱི་འབྲུ་མར་ཁུས་སྤགས་པ། འབྲས། མར། སྦྲང་། ལན་ཚྭ་བཅས་འོ་མས་སྤགས་པ། མར་མེ་རྣམས་འཁོར་བར་བསྐོར་མཐར་དྲི་དང་སྣུམ་བསྲེས་པས་བྱུག །ཕྱོགས་མཚམས་བརྒྱད་དུ་རྨ་བྱའི་མདོངས་ཀྱིས་ཏོག་བྱས་པའི་རྒྱལ་མཚན་ཤར་དཀར། ལྷོ་ནག །ནུབ་དམར། བྱང་སེར། ཤར་ལྷོར་དམར་སེར། ལྷོ་ནུབ་ཏུ་དུད་ཁ། ནུབ་བྱང་ཁྲ་བོ། བྱང་ཤར་ལྗང་སེར་རྣམས་ཐུང་ངུ་རེ་དང་། རྫས་བརྒྱད་ཙཀླི་བཅས་ཐམས་ཅད་ཁོད་སྙོམས་པར་བྱས་པའི་ཕྱི་ནས་རས་ཡོལ་གྱིས་བསྐོར། མཆོད་རྟེན་གྱི་རྨང་གི་སྟེང་ཕྱིའི་ཕྱོགས་བཞིར་སྤོས་མར་མེ་ཞལ་ཟས་ཆ་རེ། གཏོར་ཟླུམ་འཁོར་བརྒྱད་རེ་ཅན་དང་། མདུན་དུ་སྟེགས་བུ་རྫས་བདུན་སྦྱར་བའི་མཆོད་ཡོན་བཟེད་ཞལ་དང་བཅས་པ། ཆུ་གཉིས་ཉེར་སྤྱོད་བཅས། སློབ་དཔོན་མདུན་ཡོ་བྱད་སྔར་བསྙེན་སྐབས་བཞིན་འདུ་བྱས་ནས། དྲི་མེད་རྣམ་གཉིས་ཀྱི་གཟུངས་བུམ་ཆུས་སྦྱོང་ཁྲུས་རྒྱས་པ་དང་རབ་གནས་བསྡུས་ཙམ་བྱེད། སང་ཞོགས་ཆོག་ལྟར་གསོ་སྦྱོང་བླངས། བསྙེན་སྐབས་ལྟར་ཁྲོ་བོ་མནོལ་མེད་སྔགས་རྒྱ་ནས། རས་ཀྱི་ཟེའུ་ཁ་བཅིངས་པའི་བར་བྱ། དེ་ནས་སྲོག་ཤིང་ཆོ་གའི་རྣམ་འབྱོར་དངོས་གཞི་བདག་གིས་བརྒལ་དཀའ་ནས། བླ་བྲེ་ལ་སོགས་པས་བརྒྱན་པར་གྱུར་བར་བྱས་ལ་ལྷ་སོ་སོའི་སྔགས་ལྷ་སྟ་གོན་བཞིན། ན་མཿསཔྟཱ་ནཱཾ་སོགས་ནས། ཡ་ཏེ་དེ་ནི་སྭཱ་ཧཱའི་བར་ཚར་རེ་བརྗོད། ནང་གི་དཀྱིལ་འཁོར་སོགས་ནས། བཟླས་པའི་མཐའ་བར་དཀྱུས་བཞིན་བྱ། གཙོ་འཁོར་བཅུའི་སྔགས་ལ་རང་རང་གི་ཕྱག་རྒྱ་བཅའ། ཨ་ཧ་ར་སོགས་ནས། བསྟོད་པ། ཚོགས་བསགས་མཐར་འོད་ཟེར་དྲི་མེད་ཀྱི་གཟུངས་མདོ་ཅི་འགྲུབ་བཀླག །དེ་ནས་ཤར་སོགས་ཕྱོགས་བཞི་ནས་ཕྱག་བྱས་ནས་སྟན་ལ་འདུག་སྟེ་མཆོད་པ་གཏོར་བསྔོ་བཟླས་པ་གསོལ་གདབ་ཀྱི་མཐར་ཐུག་གི་བར་ཚར་རེ་བྱ། མཇུག་ཏུ་ཤར་ནས་ཡེ་དྷརྨ་སྔོན་འགྲོས་ཕུན་སུམ་ཚོགས་པའི་བཀྲ་ཤིས་བརྗོད། མདུན་གྱི་ཉེར་སྤྱོད་དང་ཕྱོགས་བཞིའི་མཆོད་པ་ཁ་གསོས་ཏེ། རྂ་ཡྂ་ཁྂ། ༀ་སྭ་བྷཱ་ཝ་སོགས། ཐམས་ཅད་སྟོང་ཉིད་སོགས་སྔགས་བཅས། ༀ་བཛྲ་ཨརྒྷཾ་སོགས་སྔགས་རྒྱ་བཅས་མཆོད་ནས། བླ་མ་སོགས་ནས་བདག་ཉིད་ལ་བསྲུང་བར་གྱུར་བར། བཟང་སྤྱོད་སྨོན་ལམ་སོགས་དང་བཀྲ་ཤིས་བཅས། ཤེར་སྙིང་ཚར་གཅིག་འདོན་ནོ། །དེ་ནས་དཀྱིལ་འཁོར་དེ་ལ་ཞལ་ཁེབས་མཚམས་དར་སེར་པོ་བཏང་ངོ་། །གོང་དུ་དཀྱིལ་འཁོར་གྱི་ཐིག་དང་རྡུལ་ཚོན་བྱིན་རླབས་སོགས་གནང་ཡང་ལེགས་ཤིང་། རས་བྲིས་ལ་རི་མོ་མཁན་དམ་ཚིག་ལ་གནས་ཤིང་ཡོ་བྱད་སོགས་བྱིན་རླབས་དང་ལྡན་པས་བྲི། དེ་དག་ནི་དཀྱིལ་འཁོར་དང་ཆོ་ག་རྒྱས་པའི་ལུགས་སོ། །མཆོད་རྟེན་ཆུང་ངུ་སོགས་ལ་ཉེ་ལོགས་སུ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་བཤམས་ཏེ་སྲོག་ཤིང་འཛུགས་པའི་དངོས་གཞིའི་ཆོ་ག་གསོ་སྦྱོང་བླང་པ་ནས་ཤེར་སྙིང་བར་དང་། སཱཙྪའི་ཆོ་ག་ཚང་བར་བྱས་ནས་དཀྱིལ་ཐང་དང་སཱཙྪ་ཁ་ཤས་སོགས་མཆོད་རྟེན་དུ་བཅུག །མཆོད་རྫས་གཞན་དང་སཱཙྪ་ལྷག་མ་རྣམས་མཆོད་རྟེན་རྙིང་པ་སོགས་ལ་ཕུལ་བ་ནི་དཀྱིལ་འཁོར་འབྲིང་པོའི་ཕྱག་ལེན་ནོ། །ཁང་བརྩེགས་མཆོད་རྟེན་སོགས་ལ་འདི་ཉིད་ཀྱི་སཱཙྪ་གདབ་པའི་ཆོ་ག་ལྟར་ཇི་ཙམ་ནུས་པ་གདབ་ནས་གཟུངས་འབུལ། ན་བཟའ་གསོལ། གང་དུ་བྱ་བའི་སར་ས་ཆོག་སྤྱི་ལྟར་མདོར་བསྡུས་དང་གཏེར་བུམ་ཙམ་བཞུགས། རྨང་གི་སྟེང་ཐོག་ཁང་བཟང་ནང་རྐྱང་ནུལ་བྱས་ལ་རེ་མིག་བརྒྱ་རྩ་བརྒྱད་ཀྱིས་མཐའ་ཟླུམ་སྐོར་ལ་དྲིས་བྱུག་ནས་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ་སྲོག་ཤིག་འཛུགས། སཱཙྪ་རྣམས་བསྒྲིག །གྲྭ་བཞིར་སྤོས་ཕོར། སྒོ་བཞིར་མཆོད་ཡོན། བ་དན་དམར་པོ་བརྒྱ་རྩ་བརྒྱད་བཅས་དགྲམ་སྟེ་ཁོད་སྙོམས་པར་བྱས་ལ་ཞལ་ཁེབས་དམར་པོས་གཡོགས། དེ་ནས་ལྷག་རྣམས་མཆོད་རྟེན་གྱིས་བཀང་ལ་སྟེང་དུ་རྒྱལ་མཚན་སོགས་འཛུགས། ཕྱིའི་ཕྱོགས་བཞིར་མཆོད་པ་རྒྱས་པར་བཤམ། མདུན་དུ་ཁྲུས་བུམ་མེ་ལོང་རས། ཆུ་གཉིས་ཉེར་སྤྱོད། ཞལ་ཟས་སྣ་ཚོགས། ལྔ་ཚན་ལྔ། བཀྲ་ཤིས་རྫས་བརྒྱད། སྣ་བདུན། མཆོད་ཡོན། བཟེད་ཞལ། ཆ་གསུམ་གཏོར་མ། སློབ་དཔོན་མདུན་རྨ་བྱའི་སྒྲོ་ཆུན་ལྔ། ཡུངས་ཀར། བྱེ་ཐུན། རོལ་མོ། མེ་ཏོག་བཅས། དངོས་གཞིའི་ཆོ་ག་བཀླག་པས་འགྲུབ་པ་ནང་བཞིན་བྱ་བ་ནི་བསྡུས་པའི་ཕྱོགས་དང་། ཐམས་ཅད་ལ་སྤྱིར་ཤེས་པར་བྱ་བ་དབང་དང་རྗེས་གནང་ནོད་ཅིང་ཕྱག་རྒྱ་རྣམས་བཅིང་བར་མཁས་པ། བསྙེན་པ་སྔོན་སོང་གི་གང་ཟག་གིས་སྨྱུང་བར་གནས་པའམ་དཀར་གསུམ་སོགས་ལ་བརྟེན་ནས་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་བཀླག་ཆོག་གཞུང་གི་ས་བཅད་ཀྱི་དོན་ལ་ལེགས་པར་བསམ་སྟེ་ལག་ལེན་མ་འཁྲུལ་བ་དང་ཁྱད་པར་གཟུངས་མདོ་གཉིས་སཱཙྪ་བཅས་ཅི་འགྲུབ་དང་། འོད་ཟེར་དྲི་མེད་ཀྱི་གཟུངས་རིང་ཐུང་གཉིས། གཙུག་ཏོར་དྲི་མེད་ཀྱི་གཟུངས་བཅས་ཉིས་ཁྲི་ཆིག་སྟོང་ཙམ་རེ་བསགས་ཤིང་། ལྷག་པའི་བསམ་པ་རྣམ་པར་དག་པས་བརྩམ་ན་དཔལ་གྱི་མགུར་ནས་ཕན་ཡོན་ཇི་སྙེད་གསུངས་པ་ཐོབ་པར་གདོན་མི་ཟའོ། ༈ །མཆོད་རྟེན་ཐིག་ཚད་མདོར་བསྡུས་ལ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། །ཡར་མར་ཆ་ཆེན་བཅུ་བདུན་སྲིད། །ཆ་ཆེན་བཅུ་ཡིན་རེ་རེ་ཞིང་། །ཆ་ཕྲན་བཞི་བཞིར་བགོ་བར་བྱ། །ས་འཛིན་དཔངས་ལ་ཆ་ཕྲན་བཞི། །སྲིད་དུ་ཚངས་ནས་གཡས་གཡོན་དུ། །ཆ་ཕྲན་བཅོ་བརྒྱད་དམ་ཕྱེད་བཅུ་དགུ། །ཐེམ་སྐས་རིམ་གསུམ་དཔངས་ཆ་རེ། །སྲིད་དུ་བཅུ་བདུན་དྲུག་ལྔའོ། །ཁྲི་དཔངས་དྲུག་ལ་སྲིད་བཅུ་བཞི། །པད་ཆུང་གཉིས་ལ་དཔངས་ཆ་རེ། །སྲིད་དུ་བཅོ་ལྔ་བཅུ་དྲུག་རེ། །པད་ཆེན་དཔངས་གསུམ་སྲིད་བཅུ་དགུ །རྨང་རྟེན་དཔངས་གཅིག་སྲིད་བཅུ་དྲུག །ཚད་མེད་བཞི་ལ་དཔངས་གཉིས་ཏེ། །སྲིད་དུ་བཅུ་བཞི་བཅུ་གསུམ་དང་། །བཅུ་གཉིས་བཅུ་གཅིག་རིམ་བཞིན་བྱ། །མགུར་མཆུ་དཔངས་གཅིག་སྲིད་བཅུ་པད། །བུམ་དཔངས་བཅུ་བཞི་རྩ་རྩེའི་སྲིད། །དགུ་ཡིན་བཅུ་གཅིག་ནས་ནི་ཕྱིར། །ཆ་གསུམ་གྱེན་ལ་ཐིག་རྩ་སྦྲེལ། །བྲེ་རྨང་དཔངས་ཕྱེད་སྲིད་བཞིའོ། །བྲེ་མགུར་དཔངས་གཅིག་སྲིད་དུ་གསུམ། །པད་ཆུང་དཔངས་ཕྱེད་སྲིད་ཕྱེད་བཞི། །བྲེ་དངོས་དཔངས་གཉིས་སྲིད་དུ་བཞི། །གདུགས་འདེགས་པདྨ་དཔངས་ཆ་གཅིག །སྲིད་དུ་རྩེ་གསུམ་རྩེ་བཞིའོ། །ཆོས་འཁོར་བཅུ་གསུམ་དཔངས་བཅུ་གསུམ། །སྲིད་དུ་རྩེ་གཅིག་རྩ་བ་བཞི། །ཆ་རེའི་གསུམ་གཉིས་ཕོ་འཁོར་དང་། །ཆ་རེ་མོ་འཁོར་རྟག་ཀྱང་མཚུངས། །ཐུགས་རྗེ་མདོ་གཟུངས་པདྨའི་དབྱིབས། །རྩ་དཔངས་ཆ་གཅིག་རྩེ་ཕྱེད་གཉིས། །གཞུ་བསྣོལ་དཔངས་གཅིག་སྲིད་ཕྱེད་གསུམ། །གདུགས་དཔངས་ཆ་གཅིག་སྲིད་དུ་གསུམ། །དེ་ལས་ཟར་ཚགས་དཔངས་གསུམ་དང་། །མཐའ་རྒྱ་ཆ་བཞི་གཡེལ་ཁ་བྱ། །ཟླ་བ་ཆ་གཅིག་ཉི་མ་གཉིས། །དེ་སྟེང་ཏོག་ལ་ཆ་ཕྲན་གཅིག །དེས་ནི་བྱང་ཆུབ་མཆོད་རྟེན་གྲུབ། །དེ་ལ་གཞི་བྱས་གཞན་བདུན་པོ། །བང་རིམ་བཞི་པོའི་ལོགས་བཞི་ཡི། །སུམ་ཆ་རེ་རེ་འབུར་དོད་བྱ། དེ་ལ་སྒོ་གྲངས་བརྒྱ་དང་བརྒྱད། །ང་དྲུག་བཅུ་དྲུག་ཆེ་ཆུང་སོགས། །གང་འོས་བཀྲ་ཤིས་སྒོ་མང་ཅན༡། ༈ །དེ་ཉིད་གཞི་བཞག་འབུར་འདོད་དབུས། །སུམ་སྐས་བསྒྲིགས་ནས་བ་གམ་སྟེང་། །བཙུགས་པ་ལྷ་༢བབས་མཆོད་རྟེན་ནོ། ༈ །སྐས་མེད་གཞན་དེ་ཇི་ལྟ་བ། །ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ཡིན༣། ༈ །བང་རིམ་བཞི་པོ་ཁ་གཡེལ་ནས། །ཀུན་ཏུ་ཟླུམ་པོར་བསྐོར་བ་ལ། །པདྨ་འམ་ནི་འཁོར་ལོས་སྤྲས། །པདྨ་སྤུངས་སམ་བཀྲ་ཤིས་འབྱུང་༤། ༈ །བང་རིམ་ཟུར་བཞི་ལོགས་བརྒྱད་དུ། །བཅད་ནས་གཡེལ་ཁ་སྤངས་པ་ནི། །དགེ་འདུན་དབྱེན་ཟླུམ་མཆོད་རྟེན་ལགས༥། ༈ །བང་རིམ་བཞི་པོ་ཆ་གསུམ་དུ། །བསྡུས་ཏེ་པད་ཆུང་བཅས་པ་ཡང་། །ཟླུམ་པོ་བསྐོར་བ་རྣམ་པར་རྒྱལ༦། ༈ །པད་ཆུང་སྟེང་དུ་མ་པད་དཔངས། །ཆ་ཆུང་ཕྱེད་བཞི་གཡེལ་ཁ་དང་། །དེ་ནས་བྲེ་རྨངས་མན་ཆད་ལ། །ཆ་ཕྲན་དུ་ཡོད་དྲིལ་གཟུགས་བྱ། །རྐེད་རྒྱན་ཅུང་ཞིག་འབུར་བ་ནི། །མྱང་འདས་མཆོད་རྟེན་ཉིད་དུ་བཞེད༧། །དེ་དག་རྣམས་ཀྱི་ས་འཛིན་གྱི། །ཟུར་བཞིར་རྡོ་རིང་དཀྱུས་ཆ་ཆེན། །བཞི་དང་ལོགས་བཞིར་ཐེམ་སྐས་བཞི། །བ་དན་དྲིལ་གཡེར་ཆུན་འཕྱང་སོགས། །འོས་པའི་རྒྱན་གྱིས་བརྒྱན་པར་བྱའོ། ༈ །ཚོན་མདོག་ཏོག་སེར་ཉི་མ་དམར། །ཟླ་བ་གདུགས་ཁེབས་གཉིས་དཀར་པོ། །གདུགས་སྔོན་ཐུགས་རྗེའི་སུལ་དམར་པོ། །ཐུགས་རྗེ་སེར་ལ་ཕོ་འཁོར་སེར། །མོ་འཁོར་སྲོག་ཤིང་གཉིས་དམར་པོ། །གདུགས་འདེགས་སྔོན་པོ་དགེ་བཅུ་སེར། །ས་འཛིན་ལྗང་གུ་ཐེམ་སྐས་གསུམ། །མས་ནས་དམར་སྔོ་སེར་སེང་ཁྲི། །དཀར་པོ་གདུང་སྣེ་སྔོན་པོ་ལ། །པད་ཆུང་དམར་པོ་པད་ཆེན་ལྗང་། །གཞན་རྣམས་དུང་གི་མདོག་ལྟར་མཛེས། །མཁས་པའི་གཞུང་ལས་ལེགས་པར་ཤེས། ༈ །ཁང་བརྩེགས་མཆོད་རྟེན་བྱེད་ལུགས་ནི། །ཡས་མར་ཆ་ཆེན་བརྒྱད་སྲིད་དུ། །ཆ་ཆེན་བཅུ་ཡིན་རེ་རེ་བཞིན། །ཆ་ཕྲན་བཞི་བཞིར་བགོ་བར་བྱ། །རྨང་རྟེན་དཔངས་སུ་ཆ་ཕྲན་བཞི། །སྲིད་དུ་ཚངས་ནས་གཡས་གཡོན་དུ། །ཆ་ཕྲན་བཅུ་དགུ་པད་གདན་དཔངས། ཆ་གཅིག་སྲིད་དུ་བཅུ་བདུན་ནོ། །ཁང་བཟང་དཔངས་ལ་ཆ་ཆེན་ལྔ། །སྲིད་དུ་བཅུ་དྲུག་པད་ཆུང་དཔངས། །ཆ་གཅིག་སྲིད་དུ་བཅུ་བདུན་ནོ། །པད་ཆེན་དཔངས་གཉིས་སྲིད་བཅོ་བརྒྱད། །བང་རིམ་གཉིས་ལ་ཆ་ཕྲན་རེ། །དཔངས་སུ། སྲིད་དུ་བཅུ་བདུན་བཅུ་དྲུག་གོ། །པྲེ་དངོས་ཆ་ཕྲན་དཔངས་སུ་གསུམ་གྱི་ཐོག །ཤིང་ཆོལ་བཀོད་པས་རབ་སྤྲས་ལ། །མཛེས་པའི་ཏོག་གིས་བརྒྱན་བྱའོ། ༈ །འཕགས་པ་དྲི་མེད་རྣམ་གཉིས་ཀྱི། །དཀྱིལ་འཁོར་ལས་ཐིག་གདབ་ཚུལ་བཤད། །ཚངས་ཟུར་བཞི་གདབ་ལྟེ་བ་ནས། །ངོས་རེར་ཇི་ལྟར་འཚམས་པ་ཡིས། །ཆ་ཆེན་བཅུ་གཉིས་བགོ་བར་བྱ། །དྲུག་པ་ཚུན་ཆད་ལྷ་ཡི་གནས། །བདུན་བརྒྱད་གཉིས་པོ་རྩིག་པ་ནས། །མདའ་ཡབ་བར་དུ་སྤྱི་ལྟར་བགོ། །མདའ་ཡབ་ཕྱི་རུ་ཆ་ཆེན་བཞིའི། །ནང་མ་གསུམ་ལ་བཞི་རེ་བགོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །དེ་རྣམས་བཅད་ལུགས་འདི་ལྟར་ཏེ། །གསེར་སྣམ་༡ ཀ་རྒྱན་མཐའ་དང་མཉམ། །ཤར་༢ བུ་རིན་ཆེན་༣རྨིག་པ་༤གསུམ། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །མུན་༥པའི་ཕྲེད་ལ་ཆ་ཕྲན་ནི། །དེ་ལས་གཉིས་ཀྱིས་ཐུང་གྱུར་ཀྱང་། །ཞིང་ལ་ཆ་ཕྲན་ཕྱེད་གཉིས་སོ། །ཝ་༦རཎྜ་ནི་དེ ཉིད་ལས། །ཆ་ཕྲན་གཅིག་རིང་ཞིང་ཆ་ཕྲན། །གཅིག་ཡིན་མུན་སྣམ་༧ཆ་ཕྲན་ནི། །དེ་ལས་གཉིས་ཐུང་ཞེང་ལ་ནི། །ཆ་ཕྲན་ཕྱེད་གཉིས་ཡིན་པར་བཤད། །ཤར་༨བུ་རིན་ཆེན་༩རྨིག་པ་༡༠གསུམ། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །མདའ་༡༡ཡབ་ཆ་ཕྲན་གཅིག་འཕྱར་ཞིང་། །པད་འཁོར་གདུགས་གསུམ་སྤྱི་དང་འདྲ། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །སྣམ་བུ་ལྔ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གསུམ་གྱིས་དབུས་མ་བསྐོར། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིང་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་ཏེ་ཕྱིན་ས་ནས། །ཆ་ཕྲན་གསུམ་གྱིས་གཡས་གཡོན་བསྐོར། །དེ་རྣམས་ཕྱི་རུ་ཆ་རེ་བསྐོར། །སྣ་ཚོགས་རྡོ་རྗེའི་ར་བསྐོར་ཚུལ། །སྣམ་བུ་ལྔ་པའི་ཕྱི་ཐིག་དང་། །ཚངས་ཕྱིར་གསུམ་ཕྱིན་འཛོམ་ས་ནས། །བཟུང་སྟེ་ཀ་མཐར་ཡོད་པ་ཡི། །ཆ་ཕྲན་གཅིག་པའི་རྩེ་ནས་བསྐོར། །དེ་ནས་ཕྱེད་གསུམ་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །མཐའ་ཐིག་ཟུར་ནས་སོ་སོ་ཡིས། །པད་རྡོར་སོགས་ཀྱི་བསྐོར་ཐིག་གདབ། །དེ་ནི་གསང་བ་སྤྱི་རྒྱུད་ལས། །ས་གཞིའི་སྟེང་དུ་བྱུག་སྤོས་ཀྱིས། །དཀྱིལ་འཁོར་སོར་གྲངས་བཅུ་གཉིས་བྱ། །གསུངས་པའི་ལུགས་བཞིན་བྲིས་པ་ཡིན། །ལྷ་གནས་སོགས་ཀྱི་བྱེད་ལུགས་རྣམས། །བཀླག་ཆོག་མཐོང་བརྒྱུད་ལྟར་བྱའོ། །དབང་གི་དཀྱིལ་འཁོར་བྲི་བ་དང་། །ཆོ་ག་སོགས་ཀྱི་ཕྱག་ལེན་རྣམས། །གཞན་དུ་བཤད་ལས་རྟོགས་པར་གྱུར། །ཞེས་པའང་རང་གི་ཟིན་ཐོར་པྲཛྙཱ་ཤཱ་སས་སོ། །སྨིན་གླིང་རྡོར་འཛིན་ཤེས་རབ་བསྟན་དར། མཆན། སརྦ་མངྒལཾ།། ༈ །།དཔངས་ཞེང་ཆ་ཆེན་ཐམས་ཅད་ལ། །ཆ་ཕྲན་བཞི་བཞིར་དོན་ཐོབ་ཀྱང་། །སྟབས་བདེའི་ལག་ལེན་འདི་བཞིན་བྱ། །ཞེང་གི་ཆ་ཆེན་དང་པོ་ནི། །ཆ་ཕྲན་བཞིར་བསིལ་དེ་བཞིན་དུ། །གཉིས་བཞག་གསུམ་བཞི་བཞི་རུ་བསིལ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དཔངས་ནི་མས་ནས་ཡར་བགྲང་བའི། །དེ་བཞིན་དགོས་གནད་ཆ་བསིལ་བྱ། །སྒོ་ཁྱིམ་དཔངས་ཞེང་ཆ་ཆེན་གཉིས། །རྩ་བ་ཚངས་ནས་གཡས་གཡོན་རྒྱ། །ཆ་ཕྲན་གཉིས་མཚན་ལེགས་དྲངས་ཏེ། །པདྨའི་འདབ་འདྲ་དབྱིབས་ལེགས་བྱ། །ཕྱི་ཡི་པ་ཏྲའི་ཞེང་དག་ཀྱང་། །ཇི་ལྟར་རིགས་པས་གང་མཛེས་བྱ། །ཞེས་སོ།། ༈ །།བྱང་ཆུབ་སེམས་ཀྱི་གཞི་རྩར་ལེགས་བཟུང་ནས། །བྱང་ཆུབ་སྤྱོད་པའི་ཟབ་ལམ་གཅིག་བུ་ུཞིག །བྱང་ཆུབ་མཆོག་གི་འབྲས་བུ་ལ་གཞོལ་ཕྱིར། །བྱང་ཆུབ་རྒྱ་མཚོས་པར་དུ་བསྐྲུན་སྤེལ་དགེ།