སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བདུན་པ།
མགོ་བརྗོད།
རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།
ཐུགས་རྗེ་ཆེ་ཞུ།
ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།
བཅོམ་ལྡན་འདས་འཇམ་དཔལ་གཤེད་དམར་གྱི་གཞུང་པོད་ཡོངས་རྫོགས་བསྟན་པ་བསྲུང་བའི་ལྕགས་རི་ཆེན་པོ།
བཅོམ་ལྡན་འདས་འཇམ་དཔལ་གཤེད་དམར་གྱི་གཞུང་པོད་ཡོངས་རྫོགས་བསྟན་པ་བསྲུང་བའི་ལྕགས་རི་ཆེན་པོ་བཞུགས་སོ། །བླ་མ་འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་གནུབས་ཆེན་པོ་ཡབ་སྲས་ཀྱི་ཐུགས་དམ་ལྷག་པའི་ལྷ་མཆོག་འགྲན་ཟླ་མེད་པ་འཇམ་དཔལ་གཤིན་རྗེ་དམར་ནག་གཉིས་སུ་གྲགས་པ་ལས། སྐབས་འདིར་འཇམ་དཔལ་གཤིན་རྗེ་དམར་པོའི་ཆོས་སྐོར་གྱི་གཞུང་པོད་ལ་སྐོར་ཚོ་དགུ་ཡོད་དེ། ལོ་རྒྱུས་ཀྱི་སྐོར་དང་། རྒྱུད་ཀྱི་སྐོར་དང་། སྒྲུབ་ཐབས་བསྐྱེད་རིམ་གྱི་སྐོར་དང་། སྒྲུབ་ཐབས་བསྐྱེད་རིམ་དང་མངོན་སྤྱོད་ཀྱི་སྤྱི་ཁོག་རྣམ་བཤད་ཀྱི་སྐོར་དང་། ཟབ་མོ་རྫོགས་རིམ་གྱི་སྐོར་དང་། དབང་དང་ཕྲིན་ལས་ཀྱི་སྐོར་དང་། དྲག་པོ་མངོན་སྤྱོད་ཀྱི་སྐོར་དང་། ལས་སྣ་ཚོགས་པའི་སྐོར་དང་། བསྟན་བསྲུང་གི་སྐོར་དང་དགུའོ། །དེ་ལ་དང་པོ་ལོ་རྒྱུས་ཀྱི་སྐོར་ལ་དཔེ་ཚན་གཅིག་སྟེ། ༈ གཤིན་རྗེ་དམར་པོའི་བླ་མ་བརྒྱུད་པའི་ལོ་རྒྱུས་བཞུགས་སོ། །ཆོས་འདི་མིང་ཐོས་ཙམ་ལས་ནུབ་ཉེའི་ཚེ། །འབད་རྩོལ་དུ་མས་ཁུངས་ལྡན་རིག་སྔགས་འཆང་། །སྨན་སྟེང་པ་ལས་ནོད་ཅིང་དབང་ལུང་བཀའ། །དར་རྒྱས་བྱེད་པོ་འགྱུར་མེད་རྡོ་རྗེ་སྟེ། །སྲང་གང་ཙམ་གྱི་དངོ ས་པོར་རྩིས་གདབ་ལ། །ནན་ཏན་བྱེད་ན་ཟབ་མོའི་གདམས་པ་འདི། །ཆད་མེད་སྤེལ་བའི་སྔགས་འཆང་བླ་མ་དང་། །བདག་གི་དྲིན་ལ་རྗེས་འཇུག་ཡིད་དང་བྱོས། །གདམས་པ་ཟབ་མོ་འདི། དཀའ་བ་ཆེན་པོས་བཙལ། འཆད་མ་ཐག་པ་ནས། བསོད་ནམས་ཆེན་པོས་ཐོབ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་གུས་པའི་ཡིད་ཀྱི་ཕྱག་འཚལ་ལོ། །འཇམ་དཔལ་དམར་པོ་ཕྱི་འགྱུར་གྱི་བརྒྱུད་པའི་རིམ་པ་ནི། སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་རྣམ་པར་སྣང་མཛད་དང་། ཕྱག་ན་རྡོ་རྗེ་ལ། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དབང་བསྐུར་ནས། གང་ལ་གང་འདུལ་དུ་འགྲོ་དོན་མཛད། གསང་བདག་གིས་སིང་ག་ལ་ཞེས་བྱ་བར་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་དངོས་སུ་དབང་བསྐུར་བརྒྱུད་བཤད། ཟླ་བའི་འོད་ཟེར་ལ་སོགས་པ་མཁའ་འགྲོ་མ་རྣམས་ཀྱིས་གླེགས་བམ་རྣམས་ཀྱང་ཕྱག་ཏུ་གཏད། སྐུ་ཆེ་བའི་ཡོན་ཏན་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དངོས་གྲུབ་ཐོབ། པཎྜི་ཏ་ལྔ་བརྒྱའི་ནང་ནས་ཕུལ་དུ་ཕྱིན། མཚན་སྨྱོན་པ་བརྟུལ་ཞུགས་ཅན་དུ་གྲགས། བདུད་ཀྱི་སྡེ་ཕམ་པར་བྱས་པ་སོགས་ཡོན་ཏན་དུ་མ་དང་ལྡན། དེས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། རྒྱ་གར་གྱི་མཁན་པོ་དྷ་ན་ད་ལ་ལ་བཤད། སློབ་དཔོན་ཆེན་པོ་པདྨས་བལ་ཡུལ་ཡང་ལེ་ཤོད་ཀྱི་ར་ན་རྫོང་ཞེས་པའི་བྲག་རི་དམར་པོའི་བྱང་ངོས། བྲག་ཕུག་གཡུ་རྒོད་ཅན་ཞེས་བྱ་བ། ནང་ན་ཀ་བ་བཅོ་བརྒྱད་ཡོད་པ་དེར་བལ་པོ་རྡོ་རྗེ་མགར་བ་སྤྱན་དྲངས་ནས། དབུས་ཀྱི་ཀ་བ་ལ་གཤིན་རྗོའི་གཤེད་པོ་ཉིད་བྲིས། གཡས་གཡོན་གྱི་ཀ་བ་གཉིས་ལ་སྦྱོར་ཡུམ་དང་སྒྲོལ་ཡུམ་བྲིས། སློབ་དཔོན་ཞལ་ལྷོར་གཟིགས་པའི་མདུན་དུ་སྒྲོལ་གིང་དམར་པོ་མ་རུ་རྩེ་བྲིས། དེ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་རྣམས་ཀ་བ་ལ་འབུར་དུ་དོད་པར་བྲིས་ནས་དགོངས་པར་མཛད་པ་ལས། ལྷ་རྣམས་ཀྱིས་ལས་ཅི་བཅོལ་བར་བྱེད། བྲག་དེའི་བྲག་སྲིན་ཕོར་པ་ཀ་ཟེར་བ་ཞིག་གིས་ཉམས་སད་དུ་བྱུང་བ་ལས། སློབ་དཔོན་གྱིས་བེ་ཅོན་གཅིག་རྒྱབ་པས། རྡུལ་དུ་ཉིལ་གྱིས་བཏང་སྟེ་དངོས་གྲུབ་བརྙེས། གསང་མཚན་པདྨ་ཐོད་ཕྲེང་རྩལ་དུ་གྲགས། བསམ་ཡས་རྩིག་ཏུ་མ་སྟེར་བའི་དོན་ཆེད་དུ་སྒྲུབ་པ་མཛད་དོ། །དྷ་ན་ད་ལ་ནི། སྔོན་རྒྱ་གར་གྱི་ཡུལ་ང་མེད་དགའ་བའི་ཚལ་ཞེས་བྱ་བར་སྲོག་ཟན་གྱི་བཤན་པ་མ་རུ་རྩེ་དང་། ཆུང་མ་གདུག་རྩུབ་ཀྱི་བསྐོར་མགོ་མ་ཟེར་བ་གཉིས་ལ་བུ་མིང་སྲིང་གསུམ་བྱུང་སྟེ། ཆེ་བ་དགའ་བོ། ཆུང་བ་དགའ་ཆུང་། སྲིང་མོ་དགའ་ལྕམ་མོ། །དེའི་ཚེ། བཅོམ་ལྡན་འདས་ཀྱི་སྤྲུལ་པ། དགེ་སློང་ཐུགས་རྗེ་འདྲེ་བསོད་སྙོམས་ལ་བྱོན་པ་ལས། བསོད་ནམས་བསགས་པས། དགའ་བོའི་སྤྱི་བོར་མེ་ཏོག་གཅིག་སྐྱེས། གཞན་རྣམས་ཚེ་འཕོས་པས། དགའ་ཆུང་ནི་ཡོན་ཏན་རྒྱ་མཚོ་ཡིན། དགའ་ལྕམ་ནི་མཁར་ཆེན་མཚོ་རྒྱལ་ཡིན། མ་རྒན་ནི་ཤེལ་དཀར་རྡོ་རྗེ་མཚོ་ཡིན། ཕ་རྒྱལ་པོ་དད་པ་ཅན་དུ་སྐྱེས། དེ་ནས་ཚེ་འཕོས་ནས་གནུབས་སངས་རྒྱས་ཡེ་ཤེས་ཡིན། དགའ་བོ་ནི་མཁན་པོ་དྷ་ན་ད་ལ་ཞེས་བྱ་བ། སྒྲ་སྐད་ཉི་ཤུ་རྩ་གཅིག་ལ་མཁས་པ། ཡི་དམ་ལྷའི་ཞལ་གཏན་དུ་གཟིགས་པ། མཁའ་འགྲོ་མ་ཐམས་ཅད་ཀྱིས་ལུང་བསྟན་ཐོབ་པ། སྡེ་བརྒྱད་བྲན་དུ་འཁོལ་བ། ཚེ་ལ་དབང་བའི་རིག་འཛིན་བརྙེས་པ་དེས། མངོན་ཤེས་ཀྱིས་གཟིགས་པས་ཡོན་ཏན་རྒྱ་མཚོ་སྤུན་ཟླར་དགོངས་ནས། ཕན་གདགས་པའི་ཕྱིར་བོད་དུ་འབྱོན་པར་ཆས། མ་གཤིན་དམར་ནག་གིས་སྣ་དྲངས་པའི་དྲག་སྔགས་མང་པོ་ཁྱེར། བདུད་ཡ་བ་རྐྱ་གཅིག་དང་། བཙན་ཡ་བ་རྐྱ་བ དུན་ཞབས་རྟིང་པར་འཁྲིལ་ཏེ་མཚན་གོང་གཅིག་ལ་བོད་དུ་བྱོན། ནམ་ལངས་ཙམ་ན། རི་གཅིག་གི་འདབས་སུ་སླེབ་འདུག་པ་ལ། །དམུ་རྗེ་བཙན་པོས་ཕྱག་ཏུ་པཱུ་ཛ་བྱས། །ཤ་བའི་ཤ་བུབས་གསུམ་གྱིས་སྣེ་ལེན་བྱས་པས་རི་དེ་ལ། བོད་རྣམས་ཤ་བ་རི་ཞེས་གྲགས་སོ། །གྲུ་ཁར་ཕེབས་པ་དང་ཉི་མ་ཤར་བྱུང་བས་ཤར་གྲུ་ཁར་གྲགས། མཉན་པས་གྲུ་མ་བཏང་བས། ཆབ་ལ་ཆོས་གོས་བཏིང་ནས་བྱོན་པས། མཉན་པ་ཧ་ལས་ནས་འགྱོད་དེ་བཙས་མི་ལེན་གྲུ་བཏང་ཟེར་ཡང་མ་གསན་པར་བྱོན་ནས། དེའི་ཚེ་ཡོན་ཏན་རྒྱ་མཚོ་ཁུ་ལུང་སྒང་ཕུ་ན་སྒྲུབ་པ་ལ་བཞུགས་ཡོད་པ་ལ་སློབ་དཔོན་གྱི་སྦར་ཚངས་སུ་བྱོན། ཕན་ཚུན་མཁྱེན་ཏེ་སྐུ་གཉིས་འཁྲིལ་པར་མཛད། ཆོས་ཞུ་ཞེས་ཞུས་པས། སྔོན་ལ་གནས་ཤིག་ཚོལ་ན་གསུངས་མཁར་གདོང་དུ་བྱོན་བྱིན་རླབས་མཛད་པས་ཆུ་མིག་གཅིག་ཀྱང་བྱུང་། དེ་ནས་ཐོག་མར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལ་སོགས་པ་བཤད། དེ་ནས་འཇམ་དཔལ་དམར་ནག་སོགས་བཤད་པས། བླ་མ་སངས་རྒྱས་ཡེ་ཤེས་ཀྱིས་བཤད་པ་དང་གཉིས་གཅིག་ནས་འཁྲུལ་བ་མེད་པར་མཁྱེན་བྱུང་། ཁྱད་ཆོས་སུ་ཁ་ཐུན་བྱེ་མ་རེག་ཆོད་ཀྱི་སྐོར་དང་། དམར་པོ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་སོགས། མན་ངག་དུ་མ་གནང་སྟེ། དེ་ནས་བླ་མ་རྒྱ་གར་ལ་འབྱོན་པར་ཆས། ཕོད་ནམ་ཤ་རི་ལ་གནོད་སྦྱིན་མོ་གཅར་ལྷ་མོ་བསྒྲུབས་ནས་སྐྱེལ་མར་ཁྲིད་དགོངས་ཏེ། ཡོན་ཏན་རྒྱ་མཚོ་ལ་གཉིད་དང་མ་ཉལ་གསུངས་ཀྱང་། ཞག་བདུན་གྱི་ཐ་མར་དུབ་སྟེ་གཉིད་དུ་སོང་བས་གནོད་སྦྱིན་མོས་སྐེ་བཙིར་ནས། སྐད་ངན་ཤོར་བྱུང་བས། སློབ་དཔོན་གྱི་རྡོ་རྗེ་གཅིག་རྒྱབ་པས་བྱ་གཅིག་ཏུ་སྤྲུལ་ནས། སློབ་དཔོན་གྱི་ཞབས་ཏོག་བྱ་སྙམ་སྟེ། སུག་བསྐུམས་པས་རྔོ་མི་ཐོགས་པ་གདའ་འོ་ཟེར་ནས་སོང་། དེ་ནས་སློབ་དཔོན་ཉིད་ཀྱིས་བལ་ཡུལ་དུ་བྱོན། འབྲལ་མ་ཕོད་ནས་བོད་དུ་ལྡོག་པར་ཞུས་པས་མ་གནང་། དམར་པོའི་ཁ་བྱང་གསུམ་དང་སྙིང་པོ་ཟབ་བསྡུས་ཉི་ཤུ་གནང་། དེ་ནས་རྒྱ་བལ་གྱི་མཚམས་སུ་བྱོན། དེར་ཡང་འབྲལ་མ་ཕོད་པས་གདམས་པ་ཁྱད་པར་ཅན་གྱི་ཆོས་བཅུ་གསུམ་དང་། གོང་ཁུག་གི་ཆོས་དྲུག །ཐུགས་ལས་ཕུར་པའི་ཆོས་བཞི་གནང་ངོ་། །གནུབས་ནི་རྗེ་གཉའ་ཁྲི་བཙན་པོ་དང་དུས་མཚུངས་སུ་རིན་ཆེན་གསེར་གྱི་དམུ་ཐག་ལས་བྱུང་བའི་བྱ་ཚུལ་ཅན་ཞེས་བྱ་བ་བྱུང་། དེའི་བརྒྱུད་པ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་ཁྲི་རྗེ་རྨུ་ཐོག་བཙན་དང་། ཡུམ་ཁྲོམ་བཟའ་འོད་ལྡན་གྱི་སྲས་ཡོན་ཏན་རྒྱ་མཚོ་ཡིན། འདིས་ཕག་ཏུ་ཁྱིར་འགའ་རེ་བྱས་པ་ལ། ཐེངས་གཅིག་ཤ་བ་དེད་པས། ས་སྲོག་ནས་ཁྱི་མ་ཁུགས་པར་ཉམ་ཐག་ཏུ་ཡོད་པས། གཡེལ་སྒོམ་ཆེན་གཅིག་མེ་མདའ་སྐེམ་སྐེམ་བྱེད་པའི་སར་ཕྱིན་ནས། ཞག་ས་གཡར་བ་དེ་སངས་རྒྱས་ཡེ་ཤེས་ཡིན་ཏེ། ཁྱོད་ཀྱི་མིང་རུས་གང་ཡིན་གསུངས། མིང་རུས་ཞུས་པས་འོ་སྐོལ་ཚེ་སྔ་མའི་སྤུན་ཡིན་སྐལ་ཅན་ཡིན་པས། ཆོས་གྱིས་གསུངས་པ་ལ། གསེར་རང་གི་ལུས་ཚད་འབུལ་བས་རྗེས་སུ་བཟུང་དུ་གསོལ། ཞུས་པས། ཆོས་གསུངས་ཐུགས་འབྲལ་བ་མེད་པ་ཐུགས་སྲས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཏེ། སངས་རྒྱས་ཡེ་ཤེས་ཀྱི་གསུངས་ནས་སྙིང་ལ་ཕུར་པའི་ཆོས་སུམ་ཅུ་རྩ་ལྔ་ཡོན་ཏན་རྒྱ་མཚོའི་སྙིང་གི་དཀྱིལ་དུ་ཡང་དབང་གཏེར་གྱིས་གཏད་པ་ཡིན། ཞེས་འབྱུང་བ་ལྟར། ཁྱད་པར་གྱི་ཆོས་སུམ་ཅུ་རྩ་ལྔ་ལ་མཁས་པར་བསླབས་ཏེ། རྐང་གྲངས་ནི་རྒྱུད་སྡེ་ཆེན་པོ་ལྔ། སྒྲུབ་པ་ཆེན་པོ་ལྔ། ལུང་ཆེན་པོ་ལྔ། མན་ངག་ཆེན་པོ་ལྔ། སྔགས་ཆེན་པོ་སྦས་པའི་གཏེར་དུ་མན་ངག་གདམས་པའི་ཆོས་དྲུག་གཏན་ཚིག་ཆེན་པོ་གསུམ་སྟེ། སུམ་ཅུ་རྩ་ལྔའོ། །མཁྱེན་པའི་ཡོན་ཏན་མ་ལུས་པ་གཏད་དོ། །སྐབས་ཤིག་ཏུ་སངས་རྒྱས་ཡེ་ཤེས་གཙང་ལ་བྱོན་པའི་ལམ་དུ། ཁུ་ལུང་མཁར་སྒང་གི་དབེན་རྩར་སྤྱན་དྲངས་ནས་རྟ་ནག་པོ་སྟོང་ར་ཅན་དང་བེར་ལ་སོགས་པ་མང་པོ་ཕུལ་ནས། སྲས་གསུམ་ཡོད་པ་སྐྱེལ་དུ་བཏང་བས་སྲས་གསུམ་སེར་སྣ་སྐྱེས་ནས་འབུལ་བ་རྣམས་འཕྲོག་ནས་ཕྱིར་ལོག་གོ། །དེའི་རྗེས་སུ་ཡོན་ཏན་རྒྱ་མཚོས་འགྱོད་ཚངས་འབུལ་དུ་བྱོན་པས། དམ་ཉམས་ཀྱི་བུ་གསུམ་པོ་དེ་བརྟེན་ན་བཤགས་པ་མི་ལེན། དེ་རྣམས་སྤྱུགས་ན་བཤགས་པ་ལེན་གསུངས་པས། བུ་གསུམ་ར་བ་གསུམ་དུ་སྤྱུགས་སོ། །དེས་སྐུའི་སྲས་པདྨ་དབང་རྒྱལ་ལ་བཤད། འདི་ནི་དམ་ཉམས་ཀྱི་བུ་གསུམ་སྤྱུགས་པའི་རྗེས་སུ་གླན་རྡོ་རྗེ་འབར་གྱི་སྲིང་མོ་བསོ་མ་ལེགས་ཁབ་ཏུ་བཞེས་པས་སྲས་གཉིས་བྱུང་བའི་ཆེ་བ་ཡེ་ཤེས་རྒྱ་མཚོ་ཆུང་བ་པདྨ་དབང་རྒྱལ་ཡིན། ཡོན་ཏན་རྒྱ་མཚོ་བསྒྲེས་ཁར་སྐུ་བསྙུང་བ་ལས། ཡེ་ཤེས་རྒྱ་མཚོ་ལ་ཞལ་ཆེམས་བཞག་པར་བཞེད། པདྨ་དབང་རྒྱལ་ལ་ཕ་ན་བས་མོ་ཐོབ་ཤོག་གསུངས་པ་ལ་དེ་ངོ་ཤེས་ཏེ་དེ་ཁ་བྱའོ་ཟེར་ཁང་པའི་འོག་ཏུ་ཡིབས་ནས་ཉན་པས་ཡབ་ཀྱི་ཞལ་ནས་དཀྱིལ་འཁོར་གྱི་བྱང་ཤར་གྱི་མཚམས། དོམ་སྒྲོམ་རོག་པོའི་ནང་ན་མ་གཤིན་དམར་ནག་གིས་སྣ་དྲངས་པའི་སྲོག་རྟགས་སྔགས་བྱང་དང་ནང་སྔགས་རྣམས་ཡོད། ལྕགས་སྒྲོམ་ནག་པོ་དང་བསེ་སྒྲོམ་སྨུག་པོ་དང་ཟ་འོག་ཀ་ལི་རྣམས་ཀྱི་ནང་ན། སློབ་དཔོན་དྷ་ན་ད་ལའི་མན་ངག་ཉིང་ཁུ་བཅུད་ཕྱུང་བ་རྣམས་ཡོད། དེ་རྣམས་ཁོ་ལ་ཤོར་ན་སྨྱོན་པའི་ལག་ཏུ་རལ་གྲི་ཁ་མང་གཏད་པ་དང་འདྲ་བས་ཁྱོད་ཀྱིས་སྦོས་ལ་ནུབ་ཡོང་བས་མ་གཤིན་ཡོངས་སུ་མ་སྤེལ། མདོ་སྒྱུ་སེམས་གསུམ་ལ་སོགས་པའི་རྒྱུད་སྡེ་རྣམས་ཁོ་ལ་གཏོད། ང་ཡི་འདི་རྣམས་རྒྱ་གར་གྱི་ཆོས་ཟབ་དགུ་འདུས་པ་ཡིན་པས་འཚོ་མ་ཤེས་ན་མཁའ་འགྲོའི་ཆད་པ་འོངས། གསུངས་པས། དེ་པདྨ་དབང་རྒྱལ་གྱི་ཐོས་ནས། སྒྲོམ་རྣམས་དྲེའུ་དང་བོང་བུ་ལ་བཀལ་ཏེ་བྲོས་སོ། །དེ་ནས་ཡབ་མ་དགྱེས་ནས་ངའི་གདམས་པ་མེ་དང་འདྲ་བ། ནོར་བུ་དང་འདྲ་བ་དེ་རྣམས་ཁོས་ཁྱེར་བས་དེ་རྣམས་འཕེལ་དུ་མ་འཇུག་ཅིག །ཅེས་གསུངས་སོ། །ཡང་ཐུགས་དགོངས་ཤིག་བཏང་བས། ཕ་ནོར་བུས་ལེན་པ་ལས་འོས་མེད། བུ་ལ་ཉེ་རིང་བྱ་མི་ཉན་པས་གཅིག་བརྒྱུད་ཀྱི་བསྟན་པ་ལ་ཕན་པར་ཤོག་ཅིག་གསུངས་སོ། །པདྨ་དབང་རྒྱལ་གྱིས་དེ་རྣམས་རྐུ་ཐབས་སུ་ཁྱེར་བའི་རྟེན་འབྲེལ་གྱིས་བསྙུན་གྱིས་བཏབ་པ་ལ། འཁོར་གསུམ་ཡོངས་དག་གི་བཤགས་སྡོམ་དུ་མ་མཛད་པས་བསྙུན་སོས། འཕན་ཡུལ་དུ་བྱོན་ནས་སྒྲུབ་པ་མཛད་པས། ལས་ཀྱི་གཤིན་རྗེ་དམར་པོ་དངོས་སུ་བྱོན་ནས་སྲོག་སྙིང་ཕུལ། བྲག་ལ་ཕུར་པ་ཐོགས་མེད་དུ་ཐེབས་པ་ལ་སོགས་པ་གྲུབ་པའི་རྟགས་དུ་མ་ཐོན། རྒྱ་གར་གྱི་ཡུལ་མེ་རི་འབར་བ་རུ་དང་དུ་བཞེས་པ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན། བོད་དུ་བསྒྱུར་བ་ནི་དྷ་ན་ད་ལ། བོད་དུ་ཕྱག་ཏུ་བཞེས་པ་ནི་ཡོན་ཏན་རྒྱ་མཚོ། སྒྲུབ་པ་གདེང་དུ་གྱུར་པ་ནི་པདྨ་དབང་རྒྱལ་ཞེས་གྲགས། དེས་སྐུའི་སྲས་འཇམ་དཔལ་ལ་བཤད། འདི་ནི་སྨྲ་སེང་གི་སྤྲུལ་པ་ཡིན། མཁྱེན་པ་ཤིན་ཏུ་ཆེ་བས་ཆེན་པོ་འཇམ་དཔལ་དུ་གྲགས། འདིའི་བར་དུ་བརྒྱུད་པ་གསུམ་ཀའི་དབང་མན་ངག་ཡོད་ལ་དེས་ན་བརྒྱུད་པ་སྔ་མ་གཉིས་ཐུང་ངུ་སོང་ངམ་སྙམ་མོ། །དེ་ཉིད་ཀྱིས་བྲག་དཀར་ས་ལ་ཕུག་ཏུ་ལྷ་མོ་དཔོན་གཡོག་གསུམ་འཁོར་སྲིན་མོ་མ་མོ་བདུན་དང་བཅས་པའི་ཞལ་གཟིགས། ཇོ་མོ་བཞི་བླངས་ཀྱང་སྲས་མེད་སྲས་ཚབ་མེས་པོ་ཞེས་བྱ་བས། ང་ལ་བུད་མེད་ཡོན་ཏན་དང་ལྡན་པ་གཅིག་ཡོད་པ་འབུལ་ཟེར་སོ་གད་བཟའ་རྒྱན་ནེ་ཕུལ། དེ་ལ་སྲས་གཅིག་འཁྲུངས་པ་ནི་ཡེ་ཤེས་གཟུངས་ཡིན། སྲས་ན་ཕྲ་བས་གདམས་པའི་ཕུ་ཐག་མ་ཆོད་དོ། །དེས་ཇོ་མོ་སོ་གད་རག་ཤི་སྟོན་པ་ཟེར་བ་ཞིག་ལ་བཤད། སོ་གད་ནི་ལྷ་མོ་གནམ་ལྡན་མའི་སྤྲུལ་པ་ཡིན། བུ་ལ་ཡབ་ཀྱི་གདམས་པ་རྣམས་འཕྲོད་དགོས་པའི་ཞལ་ཆེམས་ཡོད་པ་ལ་བརྟེན། བསྙེན་བསྒྲུབ་ལ་བརྩོན་པར་མཛད་པས་ནུས་པ་ཤིན་ཏུ་ཆེ། སྲིན་བྱ་ཐོག་ཏུ་བབས་པ་རྒོད་པ་ལ་ཐུན་འཕངས་པས་དེ་ཡུད་ལ་ཁང་པའི་ཕྱི་ལོགས་སུ་ཤི་བའི་རོ་ལ་ཐུན་དངོས་སུ་ཟུག་པ་ཀུན་གྱི་མཐོང་བ་བྱུང་། ཆེན་མ་རྣམས་ཀྱིས་སྡང་བར་བྱུང་ནས་དཔེ་རྣམས་ཁྱེར། བུ་ཁྲིད་ནས་ཡར་བྲོས་པས། ཆེན་མས་སྙགས་པ་ལ་སྲུང་མ་བོས་ནས་ཐུ་བ་བརྡབས་པས་ས་སྲོས་ནས་སྙགས་མས་ལམ་མ་བསྒྲོད་པར་འུ་ཡུག་མདའ་ནས་ཕྱིར་ལོག །བུ་མ་ཚར་རིང་དེ་རྣམས་གཏེར་དུ་སྦས་སོ། །དེ་ནས་ཡུམ་གྱི་སྲས་ལ་གདམས་པ་ཚང་བར་གནང་། ཐམས་ཅད་མཁྱེན་ཞིང་བསྒྲུབ་པས་འཇམ་དཔལ་དམར་པོའི་ཞལ་གཟིགས་ནས་ཐུ་བ་བརྡབས་པས་བྲག་རི་ཐལ་བར་བྱས་པ་དང་། འབངས་མོ་དཔལ་སྒྲོན་གྱི་བུ་ཤི་བ་སློང་ཐུབ་པ་དང་། སྦྱོར་སྒྲོལ་ཚད་དུ་ཕྱིན་པ་བྱུང་། ཟང་ཟིང་བསོད་ནམས་ཀྱང་ཆེ་བར་བྱུང་ནས། ཕ་མེས་ཀྱི་དམ་སེལ་བསང་ཕྱིར་དང་ཡུམ་གྱི་དོན་དུ་བཀའ་འགྱུར་བཞེངས། སྟོང་ཚར་བཀླག་ལྷ་རྗེ་བསྟོད་པ་ལ་དབང་ཞུས་པས། བུམ་པའི་ནང་དུ་མེ་ཏོག་བཞི་བྱུང་བའི་གཅིག་མདངས་ཞན་པ་ལ་སློབ་དཔོན་གྱི་ཞལ་ནས་ཁྱོད་ལ་སྲས་བཞི་འབྱུང་སྟེ་གཅིག་གིས་གདུང་མི་ཟིན་པ་དེའི་རྟགས་ཡིན་གསུངས། དེ་ནས་སྲས་ཀུན་དགའ་རྡོ་རྗེ་སྙིང་པོ་འཁྲུངས། དེ་ནས་སྲས་ས་འཛིན་དྷརྨ་རཱ་ཛ་འཁྲུངས། དེ་ནས་བསམ་གཏན་འཁྲུངས། གཅིག་ཚ་ཆུང་ལ་འདས་ཏེ་རྒྱུད་ཀྱི་གདམས་པ་མ་ནུབ་ཙམ་འདི་ཡེ་ཤེས་གཟུངས་ལས་བྱུང་བས་བཀའ་དྲིན་ཅན་ནོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱི་སྤྲུལ་པར་གྲགས། སྒྲུབ་ཐབས་རྒྱས་པ་དང་རྫོང་འཕྲང་རྣམས་ཀྱང་དར་བར་མཛད། མི་ལས་དྲག་སྔགས་གསན་པའི་ལྷ་རྗེ་གནུབས་ཆུང་ཟེར་བ་ཡང་འདི་ཡིན། མི་ལ་དགུང་ལོ་ཉི་ཤུ་རྩ་དགུ་ལོན་པའི་ཚེ་རྨ་བན་ཆོས་འབར་གྱིས་ལོ་ཉི་ཤུ་རྩ་ལྔ་ལོན། རྨ་བན་ཆོས་འབར་འདི་ཐུགས་ཀྱི་སློབ་མ་ཡིན་པས་དུས་ཀྱང་མཚུངས། དེས་སྲས་ཀུན་དགའ་རྡོ་རྗེ་སྙིང་པོ་ལ་བཤད། གདམས་པ་འདི་བུ་མིན་པ་གཞན་ལ་མི་སྟོན་པའི་རྒྱས་བཏབ། མཁྱེན་པ་ཆེ་ཞིང་ཐུགས་ཤེས་རབ་དང་ལྡན་པས་དམར་པོ་ལ་ཐུགས་དམ་གྱི་རྩལ་ཐོན་པར་གྱུར། ལྷ་རྗེ་ཇོ་རྡོར་ཞེས་འབོད་པ་དེ་ཡིན་ནོ། །འདི་ལ་སྲས་བཞི་བྱུང་སྟེ། ལྷ་རྗེ་དབང་དྲག་སྐྱ་བསེ་ནམ་མཁའ་སེང་གེ་རྒྱལ་མཚན་ནོ། །དེ་ནང་སྲས་སེང་གེ་རྒྱལ་མཚན་ལ་བཤད། ཡུལ་ཁུ་ལུང་ལ་སྒོ་བཙུག་པ་བས་མན་ངག་འདི་དགའ་བ་ཡིན་ཁྱོད་ཆུང་ཕྲུག་གི་སྐལ་བ་ཡིན་ནོ་གསུངས། ལྷ་རྗེ་ཇོ་རྡོར་གྱི་ཐུགས་དམ་ལྷ་རྗེ་ཡེ་ཤེས་གཟུངས་ཀྱིས་རྒྱས་བཏབ། ལྷ་རྗེ་སེང་གེ་རྒྱལ་ལ་གདམས་པའོ། །ཞེས་ཞལ་གདམས་སུ་ཡང་བཀོད་གདའ་འོ། །དེས་སྐུའི་སྲས་ལྷ་རྗེ་ཆོས་དབང་ལ་བཤད། །དྲག་སྔགས་མཚན་པ་རེག་ཆོད་བྱ་བ་ཡིན་ལྟོག་ཀྱང་ནོར་ལ་མ་བཙོང་། སྡང་ན་བུ་ལའང་མ་བྱིན་ཅིག །དགྲ་ཚན་ཆེན་ན་ལས་ཀྱི་མདེའུ་ཁ་མར་སྙིང་ཟན་ཐོངས་ཤིག །ཉུང་ན་གོང་མ་རང་གི་ཆོག །འདི་ནི་ཤིན་ཏུ་མྱུར་བའི་དྲག་སྔགས་ཡིན་པས་ཚད་མེད་དོ། །ཞག་ལྔའམ་བདུན་རང་ལ་ཡོང་བ་ཡོད། བཅུ་གཅིག་གམ་ཟླ་བ་ཕྱེད་ལས་རྡུགས་མི་སྲིད་གསུངས་བཀའ་ཡི་ཆེ་བརྗོད་མཛད་ནས་གནང་། དེས་བླ་མ་ཆེན་པོ་བཀྲ་ཤིས་དར་ལ་བཤད། མཁྱེན་པ་ཆེ་ཞིང་འགྲན་ཟླ་དང་བྲལ་བ་ཡིན། རྣམ་ཐར་རྒྱས་པ་ལོགས་ན་གདའ་བས་དེར་གཟིགས། ཡང་ཡེ་ཤེས་གཟུངས་ཀྱིས་སྐུའི་སྲས་དྷརྨ་རཱ་ཛ་ལ་བཤད། འདི་འཁྲུངས་པའི་དུས་ཡབ་ཀྱི་ཞལ་ནས་ས་ཟིན་པ་ཅིག་ཡོང་བར་འདུག་གསུངས་ནས་མཚན་ས་འཛིན་དྷརྨ་རཱ་ཛ་ཞེས་བཏགས། རྗེ་དང་རེ་ཟེར་བ་དེ་ཕྱི་མགྱོགས་པོར་འབོད་པའི་མིང་དུ་གདའ། དེས་སྐུའི་སྲས་ལྷ་རྗེ་དབང་གཞོན་ལ་བཤད། དེས་སྐུའི་སྲས་ལྷ་རྗེ་རྒྱ་ཧོར་ལ་བཤད། དེས་སྐུའི་སྲས་ལྷ་རྗེ་ཆོས་སེང་དང་། མཆེད་ལྷ་རྗེ་ཆོས་དབང་གཉིས་ལ་བཤད། ཆོས་སེང་གིས་དབང་མན་ངག་རྫོགས་པར་ཐོབ་ཀྱང་སྐུ་གཞོན་ནུ་ནས་ཡབ་འདས། ཐུགས་ཐག་མ་ཆོད་པ་ལ་ཡབ་ཀྱིས་ལྷ་རྗེ་ཆོས་དབང་ལ་ཞལ་ཆེམས་བཞག་སྟེ། གཉེར་གཏད་པ་ལ་བརྟེན་སྤྲོས་པ་ཆོད་པར་མཛད། ཆོས་སེང་གིས་སྐུའི་སྲས་བླ་མ་ཆེན་པོ་བཀྲ་ཤིས་དར་ལ་བཤད། དེས་སྐུའི་སྲས་འགྲོ་མགོན་དར་མ་སེང་གེ་ལ་བཤད། འདི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་ཞིག་བྱུང་བས། ཧོར་ཡུལ་དུ་གདན་དྲངས་ཏེ་ཏི་ཤྲཱི་མཛད། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ནམ་མཁའ་དང་མཉམ་པ་བྱུང་། གཙང་དུ་གནས་རྙིང་བ་དང་གྱོ་ས་ལ་མཁན་པོས་གཙོས་པའི་དགེ་འདུན་དུ་མ་ཞིག །དྲག་པོ་མངོན་སྤྱོད་ཀྱིས་ཆམ་ལ་ཕབ། གུས་པས་འདུད་པས། མི་འཆི་འདོད་པ་དེ་སྔགས་པ་དང་འགྲས་པ་ཡིན། བྱ་འཆི་འདོད་པ་དེ། ལམ་ཁར་ཚང་འཆའ་བ་ཡིན་གསུངས། འདི་གོང་ནས་ཕེབས་ནས་སྲས་བཞི་བྱུང་། གཅིག་ཆུང་ངུ་ནས་འདས། གསུམ་གྱི་ཆེ་བ་ལྷ་རྗེ་སེང་གེ་དར་ཕྱག་རྡོར་གྱིས་སྤྲུལ་པ་ཡིན། དེ་འོག་འཇམ་དཔལ་རྒྱལ་འཇམ་དཔལ་གྱི་སྤྲུལ་པ་ཡིན། དེ་འོག་འཇམ་དཔལ་དཔལ་དར་ཡང་འཇམ་དཔལ་གྱི་སྤྲུལ་པ་ཡིན། གསུམ་ཀ་ལ་ཡབ་ཀྱིས་བཀའ་ལུང་མན་ངག་རྫོགས་པར་གནང་གཏད་རྒྱ་མཛད། ཡབ་འདའ་ཁར་ཞལ་ཆེམས་འདི་ལྟར་བཞག་ཁྱེད་རྣམས་ཟབ་ཆོས་གཞན་ནས་ཚོལ་དགོས་པ་མེད། རང་རེའི་ཆོས་རྣམས་མགོ་ཐོན་པར་གྱིས། རང་མ་སྨིན་པར་གཞན་མི་སྨིན་པས་དབང་བསྐུར་མང་པོ་དང་བྱིན་རླབས་དྲག་ལས་ཅན་མ་བྱེད། ཉན་བཤད་ཀྱི་གོ་ཆ་མ་ཆུང་། སྒྲུབ་པ་ལ་བརྩོན་འགྲུས་གྱིས། སྙན་བརྒྱུད་ཀྱི་གདམས་པ་མ་སྤེལ། ནུབ་ཏུ་རང་ཡང་མ་འཇུག །ཆོས་ཉིད་བསམ་དུ་མེད་པའི་དོན་སྤྱོད་ཀྱང་འདུས་བྱས་ཀྱི་དགེ་བ་རྒྱུ་མ་བཅད་པར་གྱིས་ཤིག་གསུངས། རྣམ་ཐར་རྒྱས་པ་ཡུལ་འཁོར་སྐྱོང་གིས་མཛད་པའི་རིན་ཆེན་སྒྲོན་མར་གཟིགས་ཤིག་དང་བསམ་གྱིས་མི་ཁྱབ་བོ། །སྲས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སེང་གེ་དར་ཡིན། ཡབ་ཀྱི་མཁྱེན་པ་མ་ལུས་པ་མཁྱེན་ཞིང་མདོ་ཕྱོགས་ཀྱང་མང་དུ་གསན། སེང་གེ་དར་གྱི་སྐུའི་སྲས་ཡེ་ཤེས་སེང་གེ་ལ་བཤད། འདི་ལ་མཆེད་ཟླ་ལྷ་རྗེ་ཡེ་ཤེས་དཔལ། དེ་འོག་ལྷ་རྗེ་བློ་གྲོས་གཉིས་ཡོད་ཀྱང་ཡབ་ཀྱི་བཀའ་ལུང་མན་ངག་ཐམས་ཅད་ཡེ་ཤེས་སེང་གེར་རང་ལ་བབས་པ་ཡིན་ནོ། །དེས་གླན་སྟོན་འཇམ་དཔལ་སེང་གེ་ལ་བཤད། དེས་གནུབས་ཀུན་དགའ་བཀྲ་ཤིས་ལ་བཤད། དེས་མཁས་གྲུབ་རྒྱལ་སྲས་ཆོས་རྗེ་ལ་བཤད། དམར་པོའི་བཀའ་ལུང་འཚོལ་བའི་ཐུགས་འདུན་དྲག་པོ་དང་ལྡན་པས་ཆེད་དུ་བྱས་ཏེ། ཁུ་ལུང་ནས་གདན་དྲངས། ཤངས་མདོ་འོར་རོ་མོ་རི་ཕུག་གི་གནས་སུ་ཞོར་ཞུས་དང་སྤྲང་ཞུས་མ་ཡིན་པར་གུས་པའི་ཕྱག་དང་མཎྜལ་ལ་སོགས་པ་སྔོན་དུ་བཏང་ནས་གསན་པས་བཀའ་ལུང་ཕྱག་ལེན་ཞལ་ཤེས་ཀྱིས་བརྒྱན་པ་དང་བཅས་ཏེ་བསྣོན་འབྲི་མེད་པར་ཚང་བར་གནང་། བླ་མ་འདིས་ཀྱང་དགོས་སུ་ཐུགས་དམ་གྱི་རྩལ་ཐོན། འདིའི་སྒོ་ནས་བསྟན་པའི་བཙས་སུ་གྱུར་པའི་གཞན་ཕན་དང་ལྡན་ནོ། །དེས་སྔགས་འཆང་ལེགས་པ་དཔལ་བཟང་ལ་བཤད། བསྙེན་ཅིང་བསྒྲུབས་པས་རྟགས་ཐོན། མི་བསྲུན་པ་དུ་མ་མངོན་སྤྱོད་ཀྱི་ཚར་བཅད། ཕྱི་རབས་ཀྱི་སྔགས་འཆང་དྷ་ན་ད་ལ་ལས་བརྒྱུད་པའི་བཀའ་མ་འགའ་ཞིག་ཡིན་ནོ། །སུན་སྤྲུགས་ཀྱི་གདམས་པ་ཞེས་བརྒྱུད་པ་གསུམ་གཅིག་ཏུ་ཡོད་སྐད་ཟེར་བ་དེ་ནི་ཡོན་ཏན་རྒྱ་མཚོ་ལ་བརྒྱུད་པ་གསུམ་ཆར་གྱི་དབང་དང་གདམས་ངག་ཕྱག་ལེན་ཚང་བར་ཡོད་པས་དེ་སྐད་བརྗོད་པ་ཡིན་གྱིས། གཞན་སྒྲུབ་ཐབས་དང་ལས་ཚོགས་དང་སྔགས་དང་སྒྲུབ་པའི་རྟེན་དང་དབང་ལ་སོགས་པ་མི་འདྲ་བ་སོ་སོ་མི་འདུག་གོ། །འོན་ཀྱང་སྔགས་འཆང་རྣམས་ཀྱི་སྤྲོ་བ་བསྐྱེད་པར་མཛོད། བླ་མ་རིན་པོ་ཆེ་མཆེད་གཉིས་ཀས་བཀའ་དྲིན་མཉམ་མེད་རྡོ་རྗེའི་མཚན་ཞབས་ལ་བརྩེ་བ་ཆེན་པོས་གནང་། བསྙེན་པ་ཙམ་གྱིས་ལས་སྤྱོད་ཀྱི་རྟགས་དངོས་སུ་བྱུང་སྟེ་བླ་མའི་སྐུ་དགྲ་ལ་རྟགས་དངོས་སུ་བསྟན། བླ་མ་དགྱེས་པའི་ལས་འགྲུབ། སླར་ཁུ་ལུང་དུ་བླ་མ་ཀུན་དགའ་བཀྲ་ཤིས་ཀྱི་དྲུང་དུའང་བྱོན། མན་ངག་གི་ཕུ་ཐུག་ཆོད་པར་མཛད། སྔ་འགྱུར་བསྟན་པའི་མངའ་བདག་དེ་ཉིད་ཀྱིས་བདག་རྔོག་གི་སྟོན་པ་བསོད་ནམས་ཤེས་རབ་ལ་བཀའ་ལུང་མན་ངག་ཕྱག་ལེན་ཞལ་ཤེས་དང་བཅས་པ་སྒྲོ་སྐུར་མེད་པར་ལན་གཉིས་སུ་བཀའ་དྲིན་གྱིས་སྩལ་བར་ངེས་ཤེས་དང་ལྡན་ནོ། །བརྒྱུད་ལུགས་འདི་ནི་བླ་ཆེན་བཀྲ་ཤིས་དར་གྱིས་མཛད་པའི་བསྒོམ་བྱང་ན་བརྒྱུད་པ་རྐྱང་དེད་བཀོད་པ་དེ་ཁོ་ན་བཞིན་ཡིན་གྱིས་རང་བཟོའི་བསྲེ་བསླད་མེད་དོ། །རིང་བརྒྱུད་ཐུང་བརྒྱུད་དབང་བརྒྱུད་སོགས་ནི་ཐོབ་ཡིག་ན་ཡོད་པས་འདིར་མ་བྲིས་སོ། །གཅིག་བརྒྱུད་དུ་ཉེ་བར་བརྒྱུད་པའི་ལོ་རྒྱུས་མདོར་བྱས་སོ། །དམར་པོ་སྔ་འགྱུར་ནི་བཀའ་མ་ཡིན་ཞིང་གནུབས་ནམ་མཁའི་སྙིང་པོ་ནས་བརྒྱུད་པ། བར་འགྱུར་ནི་གཏེར་མ་ཟངས་རྐྱང་ཡིན་ལ། གུ་རུ་ཁྲག་འཐུང་ནག་པོ་ནས་བརྒྱུད་པ། ཕྱི་འགྱུར་ནི་རུ་མཚོན་གྱི་བརྒྱུད་པ་བར་འགྱུར་དང་། ཐུན་མོང་དུ་བྱས་པ་ཙམ་ཞིག་དང་། སློབ་དཔོན་པདྨས་མཛད་པའི་ནག་པོ་གཙོར་བྱས་ཀྱི་ཕྲིན་ལས་འདི་དེང་སང་ཕྱག་ལན་དུ་མཛད་པ་ཙམ་ཞིག་མ་གཏོགས། འདི་ནི་གསན་ཡིག་ཚད་ཡིག་དྲོད་འདུན་པ་རྣམས་ནི་ཁྱད་པར་མེད་དོ། །འདི་ནི་བློ་ལྡན་རྣམས་ཀྱི་ཞིབ་ཏུ་དཔྱོད་ནས་ཁ་ཚོན་གཅོད་པར་བྱའོ། །ཅེས་པ་འདི་ནི་རྔོག་གི་སྔགས་འཆང་བསོད་ནམས་ཤེས་རབ་ཀྱིས་བཀོད་པ་ལགས་སོ། །ཤུབྷཾ། ༈ གཉིས་པ་རྩ་བར་གྱུར་པ་རྒྱུད་ཀྱི་སྐོར་ལ། དཔེ་ཚན་བཞི་ཡོད་དེ། སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ཅེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། པྲཱ་ན་པ་ཏིཀྵྱ་ར་སྤཪྴེ་ཙྪེ་ད་གུ་ཧྱ་ཏནྟྲ་ན་མ། བོད་སྐད་དུ། སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ཅེས་བྱ་བ། དཔལ་འཇིགས་བྱེད་ཆེན་པོ་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད། དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ཆེན་པོ། གཤིན་རྗེའི་གནས་ལྕགས་མཁར་འབར་བ་ན། འཁོར་ལས་ཀྱི་གཤིན་རྗེ་བྱེ་བ་ཐེར་འབུམ་དང་བཅས་པ། དེའི་ནང་ནས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཁོར་བདུད་ཀྱི་ཚོགས་དང་། གཤིན་རྗེའི་ཚོགས་དང་། མ་མོའི་ཚོགས་དང་། སྲོག་བདག་དཀར་པོ་རྒྱལ་པོའི་ཚོགས་དང་། སྲོག་བདག་དམར་པོ་བཤན་པའི་ཚོགས་དང་། དགྲ་ལྷ་གིང་གི་ཚོགས་དང་། མ་ཧཱ་ཀཱ་ལ་མགོན་པོའི་ཚོགས་དང་། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ག་ལ་སོགས་པས་ནང་འཁོར་དུ་བསྐོར་ནས་གནས་པ་ལས། དང་པོ་ནས་ཤིན་ཏུ་དྲེགས་པ་ཆེ་བ། སྲོག་བདག་འགྲོལ་བ་མིའི་སྲོག་དབུགས་ལ་མངའ་བྱེད་པ་སྲིན་པོ་ལྟ་བུ་སྟེ། སྲོག་བདག་དམར་པོ་སྲོག་ཟན་རང་གི་ཉེ་འཁོར་དང་བཅས་པ་སྟན་ལས་ལངས་ཏེ། འཇམ་དཔལ་གཤིན་རྗེའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་གསོལ་ཏོ། །ཀྱཻ། དྲེགས་པའི་གཙོ་བོ་གཤིན་རྗེའི་གཤེད། །སྲོག་བདག་ཆེན་པོ་བདག་དང་ནི། །ཉེ་འཁོར་བཞི་དང་བཅས་པ་རྣམས། །ལས་སུ་གཅོད་དང་གསོད་ལ་དགའ། །ཟས་སུ་ཤ་དང་ཁྲག་ལ་དགའ། །ལན་གཅིག་དུས་ཀྱི་ཐ་མ་ལ། །འབྲས་བུ་དམྱལ་བར་སྐྱེ་བའི་རྒྱུ། །ཞེས་ནི་དེ་སྐད་ཞུས་པ་ལས། །གཤིན་རྗེའི་གཤེད་པོས་འདི་སྐད་གསུངས། །སྲོག་བདག་བཤན་པ་འཁོར་བཅས་རྣམས། །ལས་སུ་སྲོག་དབུགས་གཅོད་པ་དང་། །ཟས་སུ་ཤ་ཁྲག་ཟ་ལ་དགའ། །འདི་དག་དུས་ཀྱི་མཐའ་མ་ལ། །མནར་མེད་སེམས་ཅན་དམྱལ་བར་སྐྱེ། །དེ་ཡི་སྡུག་བསྔལ་བཟོད་བླགས་མེད། །དེ་སྐད་ཅེས་ནི་གསུངས་པ་དང་། །སྲོག་བདག་ཆེན་པོས་ཡང་ཞུས་པ། །བདག་ཅག་བསད་པའི་ལས་བྱས་པས། །འབྲས་བུ་དམྱལ་བར་སྐྱེ་བ་ལ། །དེ་དག་མི་སྐྱེའི་ཐབས་བདོག་གམ། །བདག་ཅག་སྲོག་བདག་འཁོར་བཅས་ལ། །བསད་པ་མ་ཡིན་ལས་གཞན་མེད། །ཤ་ཁྲག་མ་ཡིན་ཟས་གཞན་མེད། །ལས་འདི་དམྱལ་བའི་རྒྱུ་ཡིན་ཞིང་། །ཟས་འདི་དམྱལ་བའི་རྒྱུ་ཡིན་ན། །བདག་ཅག་སྲོག་བདག་འཁོར་བཅས་ཀྱིས། །ལས་སྐལ་ཟས་སྐལ་གང་ལ་བགྱིད། །ཟས་སྐལ་ལས་སྐལ་མི་འགོག་ཅིང་། །དམྱལ་བར་མི་སྐྱེའི་ཐབས་ཤིག་ཞུ། །ཐུགས་རྗེས་ཟུངས་ཤིག་གཤིན་རྗེའི་གཤེད། །དེ་སྐད་ཅེས་ནི་ཞུས་པ་དང་། །འཇམ་དཔལ་གཤེད་པོས་ཡང་གསུངས་པ། །སྲོག་བདག་ཆེན་པོ་འཁོར་བཅས་རྣམས། །ལས་སྐལ་ཟས་སྐལ་མི་འགག་ཅིང་། །ན་རཀ་ཆེན་པོར་སྐྱེ་དོགས་ན། །ལས་སུ་སྲོག་གཅོད་བྱེད་པ་དང་། །ཟས་སུ་ཤ་ཁྲག་ཟ་བ་དེ། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་དམོད་པ་ཡི། །དམ་ཉམས་དགྲ་བོ་མ་རུངས་འདི། །བསྒྲལ་བའི་ཞིང་ཆེན་འདི་ཡིན་པས། །ལས་སྐལ་འདི་ཡི་སྲོག་དབུགས་ཆོད། །ཟས་སྐལ་འདི་ཡི་ཤ་ཁྲག་ཟོ། །དེ་ལྟར་བྱས་ན་ལྟུང་མི་སྲིད། །སེམས་ཀྱིས་ཟིན་ན་བྱང་ཆུབ་རྒྱུ། །དོན་མེད་སེམས་ཅན་འཚེ་བ་དང་། །ཉོན་མོངས་ཆགས་སྡང་བླངས་ནས་ནི། །སེམས་ཅན་སྲོག་དཔུགས་བཅད་གྱུར་ན། །དེ་དག་ན་རཀ་ཆེན་པོར་ལྟུང་། །དེ་ཕྱིར་བསྟན་པ་བསྲུང་བར་གཅེས། །དེ་སྐད་ཅེས་ནི་གསུངས་པ་དང་། །སྲོག་བདག་ཆེན་པོར་ཡང་ཞུས་པ། །བདག་ཅག་སྲོག་བདག་འཁོར་བཅས་ཀྱིས། །ལས་སྐལ་ཟས་སྐལ་མི་འགག་ཅིང་། །ན་རཀ་དམྱལ་བར་མི་སྐྱེ་བའི། །གདམས་ངག་ཁྱོད་ཀྱིས་བསྟན་པ་བཞིན། །བདག་གི་ཅི་གསུང་བཀའ་སྩལ་ཉན། །སངས་རྒྱས་བསྟན་པ་བདག་ཅག་བསྲུང་། །དཀོན་མཆོག་དབུ་འཕང་བདག་ཅག་བསྟོད། །དེ་ཡི་དོན་དུ་ལས་སྐལ་དང་། །ཟས་སྐལ་སྲོག་གཅོད་ཤ་ཁྲག་ཟ་བར་བྱ། །བསྟན་པའི་དོན་དུ་སྲོག་བཅད་པས། །དེ་དག་གིས་སངས་རྒྱས་ཀྱི། བསྟན་པ་ཇི་ལྟར་བསྲུང་། །དགྲ་བོའི་སྲོག་བཅད་ཇི་ལྟར་བཅད། །གཤིན་རྗེ་གཤེད་ཀྱིས་གསུང་དུ་གསོལ། །དེ་སྐད་ཅེས་ནི་ཞུས་པ་ལས། །གཤིན་རྗེ་གཤེད་པོས་ཡང་གསུངས་པ། །སངས་རྒྱས་བསྟན་པ་བསྲུང་ཆེད་དུ། །དགྲ་བོའི་སྲོག་ནི་གཅོད་པ་ལ། །ཕྱི་རབས་གང་ཟག་རྣམས་ཀྱིས་ནི། །རྫས་དང་སྔགས་དང་ཏིང་འཛིན་གསུམ། །འདི་དག་ལྡན་པའི་གང་ཟག་གིས། །སྲོག་ཟན་ཆེན་པོ་དགྲ་ལ་རྦད། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད། །ནམ་ཞིག་དུས་ཀྱི་ཐ་མ་ལ། །དྲེགས་པ་ཁྱོད་ནི་མ་རུངས་པ། །ཤིན་ཏུ་སྐྲག་སྟེ་ཐོག་བབས་འདྲ། །རྣོ་མྱུར་མགྱོགས་པས་གློག་དང་འདྲ། །དྲག་ལ་མྱུར་བས་བསྟན་པ་སྲུངས། །དེ་ལྟར་བསྟན་པ་བསྲུང་བ་ནི། །དང་པོ་འབོད་ཅིང་བར་དུ་རྦད། །ཐ་མར་བསད་པའི་ལས་བྱའོ། །དམར་པོ་གསང་བ་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད་པོ་ཡིས། །འཁོར་གྱི་སྲོག་བདག་དག་ལ་ནི། །དང་པོ་འབོད་པ་བསྟན་པ་ནི། །ལྟ་སྤྱོད་གདེངས་དང་ལྡན་པའི་རྣལ་འབྱོར་པས། །དྲག་པོ་ཆེན་པོའི་གནས་དག་ཏུ། །ཆོས་སྲུང་སྡེ་བརྒྱད་ཐམས་ཅད་ལ། །ཕུད་གཏོར་བདེན་བདར་དཔང་ཡང་གཟུགས། །གདུག་པ་ཅན་གྱི་གཟའ་སྐར་ལ། །ཁྲ་ལ་འཇུག །བཤན་པ་འབོད་པའི་དུས་བཟུང་སྟེ། །སྔོན་དུ་འཇམ་དཔལ་གཉེན་པོ་ཡི། །བསྙེན་པ་འབུམ་ཤྲཱི་མཉྫུལ། ཕྲག་གཅིག་ཏུ་བསྐྱལ། །ལྟ་སྤྱོད་གདེངས་དང་མ་ལས་དང་པོ་པས་ལྡན་ན། །འབུམ་ཕྲག་གསུམ་དུ་བསྐྱལ་བར་བྱ། །དམ་ཚིག་གཙང་དང་གསུམ་ལྡན་ན། །བཤན་པ་རང་དབང་མེད་པར་འཁོལ། །གང་ཟག་གཉེན་པོ་བསྒྲུབ་དུས་སུ། །དལ་གྱི་དམར་གཏོར་བཅས་ནས་ནི། །བདག་ཉིད་འཇམ་དཔལ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་བེ་ཅོན་འཕྱར་བ་དང་། །གཡོན་པ་སྡིགས་མཛུབ་འབར་བ་བསྒྲེང་། །ཁྲོ་བོའི་རྒྱན་ཆ་ཀུན་གྱིས་བརྒྱན། །ཤིན་ཏུ་འཇིགས་པའི་ཆ་བྱད་ཅན། །དེ་ལྟ་བུ་རུ་བསྒོམ་པ་ནི། །བསྙེན་སྒྲུབ་བསད་པའི། དུས་གསུམ་ཀུན་ཏུ་གལ་ཆེའོ། །དེ་ཡི་སྙིང་པོ་དེ་བཞིན་བཟླས། །ༀ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ཨེ་ཀ་ཛ་ཏི་ཛ་ཛཿ དེ་སྐད་ཅེས་ནི་བཟླས་པར་བྱ། །བཤན་པ་དངོས་སུ་འབོད་པ་ནི། །བཤན་པ་གཙོ་བོ་ཡབ་ཡུམ་དང་སྒྲོལ་གིང་དང་ཨེ་ཀ་ཛཱ་ཌི། ཤར་ནས་སྲིན་པོ་མ་རུ་རྩེ། །ལྷོ་ནས་གཤིན་རྗེ་མ་རུ་རྩེ། །ནུབ་ནས་བདུད་པོ་མ་རུ་རྩེ། །བྱང་ནས་གནོད་སྦྱིན་མ་རུ་རྩེ། །བཤན་པ་མཆེད་བཞི་གཙོ་དང་བཅས། །དེ་དག་དགུག་ཅིང་བསྙེན་པའོ། །སྲོག་གི་སྙིང་པོ་འདི་བཞིན་ཡིན། །ཨཱོྂ་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། རྔམ་རྔམ་ཕཊ། མ་མ་ཉི་ཕཊ། ཧཱུྃ་ཧཱུྃ་ཕཊ། ཅེས་པ་བཤན་པ་འབོད་པའི་སྔགས། །དེ་ཡིས་རང་དབང་མེད་པར་འགུག །ཁབ་ལེན་ལ་ནི་ལྕགས་འདུའི་ཚུལ་ལོ། །དེ་དག་བཅའ་གཞི་བསྟན་པ་ནི། །མི་བསད་ཤུལ་ནས་ས་བླངས་མཎྜལ་མདའ་གང་བརྩིགས། །དབུས་སུ་གྲུ་གསུམ་ནག་པོར་བྱ། །ཁྲག་དང་སོལ་བས་བསྐུ་བར་བྱ། །ཟླུམ་པོ་ཟླ་གམ་དམར་པོ་ཅན། །འཁོར་ལོ་རྩིབས་བཞི་སེར་པོ་ཅན། །གོང་རས་དམར་པོ་མུ་ཁྱུད་གནག །ཐོད་པ་དམར་པོའི་ཕྲེང་བས་བསྐོར། །གྲུ་ཆད་སྒོ་བཞི་ཕྱོགས་དང་བསྟུན། །རྩིབས་བཞི་རྩང་ལ་སྙིང་བཞི་གཟུག །ར་དམར་བྱང་ཁྱི་དམར་ཤར་ར་རོག་ལྷོ་དང་། །ལུག་ནུབ་ནག་ལ་སོགས་སྙིང་བཞི་ནི། །རྩང་དམར་ཁྲུ་རེ་བཞི་ལ་བཀའ་ཏེ་གཟུགས། །དབུས་སུ་གྲུ་གསུམ་ནང་དུ་ནི། །སྤྱང་ཐོད་ནང་དུ་ཐུན་བཅས་ཏེ། །ཁྲག་དུག་ཡུངས་ཀར་གསུམ་གྱིས་བྱུགས། །སྦོས་མྱོས་བསད་པར་བྱེད་པ་ཡིན། །སྤྱང་ཐོད་བྲུབ་ཁུང་ནང་དུ་གཞུག །སྟེང་དུ་དམར་གཏོར་སྨན་དབུགས་བཅའ། །སྨན་དང་རཀྟ་གཉིས་བཤམ་མོ། །དེ་དག་དར་དམར་གུར་ཕུབ་བོ། །དེ་ལྟར་བཅའ་གཞི་རྫོགས་པ་དང་། །ལྷ་བསྒོམ་དགུག་སྔགས་བཟླས་པར་བྱ། །དང་པོ་དེ་བཞིན་སྤྲོས་ལས་འདས། །སྟོང་པ་ཆེན་པོའི་རང་བཞིན་བསམ། །དེ་ནས་ཀུན་ཏུ་སྣང་གི་ནི། །ཏིང་འཛིན་འགག་མེད་སྙིང་རྗེ་ཁྱབ། །དེ་ནས་རྒྱུ་ཡི་ཏིང་ངེ་འཛིན། །ཏིང་འཛིན་གཉིས་པོ་གཉིས་མེད་ལས། །རང་རིག་ཧཱུྃ་གིས་འཕྲོ་འདུ་ལས། །རྡོ་རྗེ་རྩེ་ལྔ་དག་ཏུ་གྱུར། །རྡོ་རྗེའི་འཕྲོ་འདུ་འབར་བ་ལས། །ཡ་མཱནྟ་ཀ་འཇིགས་པའི་སྐུ། །གོང་དུ་བསྟན་པ་ཇི་བཞིན་བསྒོམ། །དེ་ཡི་ཐུགས་ཀའི་སྙིང་པོ་ལས། །ཛཿལྔ་དབུས་དང་ཕྱོགས་བཞིར་འཕྲོས། །དབུས་ཀྱི་མདུན་དུ་ཛཿལས་ནི། །སྲོག་བདག་བཤན་པ་སྐུ་མདོག་དམར། །རབ་ཏུ་འཇིགས་པའི་ཆ་བྱད་ཅན། །གཡས་པ་མེ་ཡི་འཁོར་ལོ་རལ་གྲིས་མཚན། །གཡོན་པ་རླུང་གི་འཁོར་ལོ་བསྣམས། །རྩིབས་བཞི་དག་ལ་བཤན་པ་བཞི། །སྐུ་མདོག་དམར་པོ་སྤུ་གྲི་ཐོགས། །དེ་རྣམས་འཁོར་ན་གནས་པ་ནི། །རང་རང་འཁོར་ནི་རང་རང་གི། །བྱེ་བ་འཁོར་དང་བཅས་པ་ཡིན། །བསེ་མོ་བཞི་ཡང་གནས་པའོ། །བསྐྱེད་ཅིང་བསྒོམ་པ་མི་དགོས་སོ། །རང་བཞིན་གནས་པའི་འཁོར་ཡིན་ནོ། །དེ་ལྟར་བསྐྱེད་པ་དམ་ཚིག་ཚུལ། །ཡེ་ཤེས་དང་ནི་རང་རྒྱུད་པ། །དེ་དག་སྤྱན་དྲངས་འདི་ལྟར་རོ། །ཨེ་ཧྱེ་ཧི་ཤྲཱི་མཉྫུ་ཡ་མ་རཱ་ཛ། ཨེ་ཀ་ཛ་ཏི་ཛཿཛཿ ཨཱོྂ་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། རྔམ་རྔམ་ཕཊ། མ་མ་ཉི་ཕཊ། ཛཿཧཱུྃ་བྃ་ཧོཿ ཨ་གད་ཛ་ཡ། ཨ་གད་ཛ་ཡ། ས་མ་ཡ། ཏིཥྛ་ལྷན། དེ་སྐད་སྤྱན་དྲངས་བཞུགས་སུ་གསོལ། །དེ་ལ་མཆོད་པ་འབུལ་བ་ནི། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ཛཿཛཿ མ་ཧཱ་རཀྟ། མ་ཧཱ་མཱཾ་ས། མ་ཧཱ་ཀིཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲྀ་ཏ། ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨཱོྂ་ཡ་ཧོ་ཕཊ། ཁ་ཁ་ཁཱ་ཧི། མ་ཧོ་ཕཊ། ཁ་ཁ་ཁཱ་ཧི། ཤུ་ཧོ་ཕཊ། ཁ་ཁ་ཁཱ་ཧི། མ་རུ་རྩེ་ཕཊ། ཁ་ཁ་ཁཱ་ཧི། རྔམ་རྔམ་ཕཊ། ཁ་ཁ་ཁཱ་ཧི། མ་མ་ཉི་ཕཊ། ཁ་ཁ་ཁཱ་ཧི། དེ་སྐད་མཆོད་ཅིང་བསྟབ་པར་བྱ། །དགྲ་བོ་བསྒྲལ་བའི་ཕྲིན་ལས་གཞོལ། །དེ་ནས་བཤན་པའི་དགུག་སྔགས་དག །བར་མ་ཆད་པར་བཟླས་པར་བྱ། །ཞག་བདུན་བར་དུ་དེ་ལྟར་བཟླས། །ཐུན་གཞུག་བསྐུལ་ཞིང་ཕྲིན་ལས་གཞོལ། །དགུག་པ་བསྙེན་པའི་རྟགས་རྫོགས་ནས། །རྦད་པ་བསྒྲུབ་པའི་ལས་ལ་འཇུག །སྲོག་བདག་བསྐུལ་བའི་ཕྲིན་ལས་ནི། །སྙིང་པོ་བསྟོད་བསྐུལ་ཅི་ནས་གསལ། །དབུས་ཀྱི་སྲོག་བདག་དམར་པོ་ནི། །ཡབ་ཡུམ་གཉིས་སུ་བཅས་པ་བསྐུལ། །དཔལ་ལྡན་དབང་ཕྱུག་གཤིན་རྗེའི་གཤེད། །དེ་ཡི་ལས་མཁན་སྲོག་བདག་སྟེ། །དབུས་ཀྱི་སྲོག་བདག་དམར་པོ་ནི། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །གཡས་ན་མེ་ཡི་འཁོར་ལོ་ལ། །སྲོག་གཅོད་རལ་གྲིས་མཚན་པ་བསྣམས། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །གཡོན་ན་རླུང་གི་འཁོར་ལོ་ཡིས། །དགྲ་བོ་ཐོགས་པ་མེད་པར་འགུགས། །སྐུ་མདོག་དམར་པོ་ཞལ་གཅིག་ལ། །རལ་པ་ཁམ་ནག་གྱེན་དུ་བརྫེས། །ལས་སུ་གསོད་དང་གཅོད་ལ་དགའ། །སྡང་བའི་དགྲ་བོའི་སྲོག་རྩ་གཅོད། །སྲོག་བདག་བཤན་པའི་ཚོགས་ཀྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ན། །སྲིན་པོ་གནོད་སྦྱིན་མ་རུ་རྩེ། །གཡས་ན་སྲོག་གཅོད་སྤུ་གྲི་བསྣམས། །གཡོན་ན་དོན་སྙིང་སྤར་གྱིས་འདེབས། །སྤར་མོས་ཐོབ་ལ་སྲོག་རྩ་ཆོད། །སྐུ་མདོག་དམར་པོ་རྔམས་པའི་ཞལ། །སྲིན་པོ་མི་ཟན་འབུམ་གྱི་བསྐོར། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ན། །གཤིན་རྗེ་གནོད་སྦྱིན་མ་རུ་རྩེ། །སྐུ་མདོག་དམར་པོ་རྔམས་པའི་ཞལ། །གཡས་ན་སྲོག་གཅོད་སྤུ་གྲི་བསྣམས། །གཡོན་ན་དོན་སྙིང་སྤར་གྱིས་འདེབས། །སྤར་མོས་ཐོབ་ལ་སྲོག་རྩ་ཆོད། །གཤིན་རྗེ་མི་ཟིན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །ནུབ་ཕྱོགས་བདུད་ཀྱི་ཡུལ་རྩེ་ན། །བདུད་པོ་གནོད་སྦྱིན་མ་རུ་རྩེ། །སྐུ་དམོག་དམར་པོ་རྔམས་པའི་ཞལ། །གཡས་ན་སྲོག་གཅོད་སྤུ་གྲི་བསྣམས། །གཡོན་ན་དོན་སྙིང་སྤར་གྱིས་འདེབས། །སྤར་མོས་ཐོབ་ལ་སྲོག་རྩ་ཆོད། །བདུད་པོ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ན། །ཀུ་བེ་ར་ནི་གཏེར་གྱི་བདག །སྐུ་མདོག་དམར་པོ་རྔམས་པའི་ཞལ། །གཡས་ན་སྲོག་གཅོད་སྤུ་གྲི་བསྣམས། །གཡོན་ན་དོན་སྙིང་སྤར་གྱིས་འདེབས། །སྤར་མོས་ཐོབ་ལ་སྲོག་རྩ་ཆོད། །གནོད་སྦྱིན་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །གང་ལ་བྱ་བའི་དགྲ་བོ་ལ། །བཤན་པའི་ཚོགས་ཀྱིས་སྲོག་རྩ་ཆོད། །ཤ་ལ་རོལ་ལ་ཁྲག་ལ་འཐུང་། །ཉམས་པའི་དགྲ་བོ་བརླག་པར་གྱིས། །དེ་སྐད་ཐུན་གཞུག་ཀུན་ཀྱང་བསྐུལ། །ཞེས་གསུངས་སོ། །སྲོག་བདག་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། བསྙེན་པའི་ལེའུ་སྟེ་གཉིས་པའོ།། །།འཇམ་དཔལ་གཤེད་པོས་ཡང་གསུངས་པ། །དགུག་པ་དག་ལ་རྟགས་ཐོན་ནས། །རྦད་པའི་ལས་ནི་འདི་བཞིན་བྱ། །གོང་གི་མཎྜལ་བཅའ་གཞི་ལ། །མཚོན་དང་མཆོད་པ་གསོ་བ་དང་། །ར་སྦྱང་སྣེལ་གྲིའི་ཐོད་པ་བཤམ། །གཞན་གྱི་བཅའ་གཞི་གོང་དང་མཚུངས། །ལྷ་ཡང་གོང་བཞིན་བསྒོམ་པའོ། །སྔགས་ནི་འདི་དག་བཟླས་པར་བྱ། །ཨཱོྂ་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། རྔམ་རྔམ་ཕཊ། རྔམ་རྔམ་དགྲ་བོའི་སྲོག་ལ་རྔམས། མ་མ་ཉི་ཕཊ། ཧཱུྃ་ཧཱུྃ་ཕཊ། དེ་ལྟར་ཞག་བདུན་བར་དུ་ནི། །སྨྲ་བ་བཅད་དེ་བཟླས་པར་བྱ། །འགྲུབ་རྟགས་འབྱུང་བར་ཐེ་ཚོམ་མེད། །དེ་ཡང་མངོན་སུམ་དག་ཏུ་འབྱུང་། །རྟགས་བྱུང་དགྲ་ལ་རྦད་པ་བཏང་། །མཆོད་གཏོར་དབུལ་བར་བྱས་པ་དང་། །དགྲ་ལ་རྦད་པས་དངོས་གྲུབ་ལོངས། །ཞེས་གསུངས་སོ། །སྲོག་བདག་དམར་པོ་གསང་བ་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། རྦད་ཅིང་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།འཇམ་དཔལ་གཤེད་པོས་ཡང་གསུངས་པ། །རྦད་པ་དག་ལ་རྟགས་ཐོན་ནས། །བསད་པའི་ལས་ལ་འཇུག་པར་བྱ། །དེ་ཡང་ཞག་གྲངས་བདུན་དུ་ནི། །ཐང་ཆད་པ་ཡི་ལས་ལ་འཇུག །བཅའ་གཞི་གོང་མ་ཇི་བཞིན་ལ། །ཞག་གྲངས་བཞི་རུ་ཐུན་བཞི་ལ། །གསུམ་ལ་བསད་པ་ཁོ་ནའོ། །ཐུན་བཞི་དག་གི་མན་ངག་ནི། །ལུས་གཅིག་ཡན་ལག་གསུམ་ལྡན་ནོ། །ཕྱི་ཐུན་ནང་ཐུན་གསང་ཐུན་གསུམ། །གསང་ཆེན་དྲིལ་བ་དག་དང་བཞི། །དང་པོ་ཕྱི་ཡི་ཐུན་དག་ལ། །ར་ཐོད་ནང་དུ་ལིང་ག་གཞུག །དགྲ་བོའི་དྲི་མ་དྲུག་དང་ནི། །བག་ཕྱེ་ར་ཁྲག་གིས་སྦྲུས་ལ། །དབང་པོ་ཚང་བའི་འདྲ་འབག་བྱ། །སྙིང་གར་ནྲྀ་བྲི། གཡས་སུ་ནྲྀ་མཱ་ར་ཡ་ཞེས་པ་བྲི། གཡོན་དུ་མཱ་ར་ཡ་ནྲྀ་ཞེས་པ་བྲིས། འདོམས་སུ་མཱ་ར་ཡ་དུ་ཞེས་པ་བྲི། སྤྱི་བོར་མཱ་ར་ཡ་ཛཿཞེས་པ་བྲི། དཔྲལ་བར་མིང་ལ་སྙིང་གར་རུས། །ལྟེ་བར་བླ་དྭགས་བྲི་བར་བྱ། །ཤོག་གུའམ་གྲོ་ག་དག་ལ་ཡང་། །དེ་བཞིན་སྔགས་རྣམས་དགོད་པར་བྱ། །དེ་ནས་གུ་གུལ་དུད་པས་བདུག །བླ་འགུགས་སྔགས་ཀྱིས་བཀུག་ལ་བསྟིམ། །ར་ཐོད་ནང་དུ་གཞུག་པར་བྱ། །སྤྱང་ཀི་དར་མའི་ཐོད་པ་ལ། །འགྲམ་པ་གཡས་གཡོན་སྤྱི་བོ་དང་། །སྣ་ཡི་གོང་དང་རྣམ་བཞི་རུ། །དྲག་སྔགས་འདི་དག་བྲི་བར་བྱ། །ཏྲི་ཙ་པ་ལ། ཏྲི་ཙ་པ་ལ། ཧུ་ཧ་ར་མ་རུ་རྩེ་སྲོག་ལ་ཆོ་ཆོ། དེ་དག་འགྲམ་པ་གཡས་ལ་བྲི། །ཏྲི་ཤུ་མེ་ཏྲི་གར་ཧུར་ཧ་ར་མ་རུ་རྩེ་སྲོག་ལ་ཆོ་ཆོ། དེ་དག་འགྲམ་པ་གཡོན་ལ་བྲི། །ཏྲི་ལིང་ཤང་ཀ་ཐུན། སྲོག་ལ་བྲེང་བྲེང་། མ་རུ་རྩེ་རྩ་ཁྲག་ཙིཏྟ་གཏུབ། སྲོག་ལ་བྲེང་ཤག་ཉལ་ཏི་རྦད། དེ་དག་སྤྱི་བོར་བྱ། ཡང་ན་སྔགས་བཞི་རྫོགས་པར་བྱ། །ཛ་ནི་ཛཿ དེ་དག་སྣ་གོང་དག་ཏུ་བྲི། །ནང་དུ་ཐུན་གསུམ་བླུགས་པར་བྱ། །ནང་དུ་སྦོས་པ་དུག་ཐུན་དང་། །གཟེར་བ་ཡུངས་ཀར་ཐུན་དང་ནི། །མྱོས་པ་ཁྲག་ཐུན་དག་དང་གསུམ། །གོང་སྤྱང་ཐོད་ནས་བསྔགས་པ་དེ་བཞིན་ནོ། །ར་ཐོད་བྲུབ་ཁུང་བཅུག་ལ་ལིང་ག་བརྡེག །དྲག་པོའི་ཐུན་ལ་བསྔགས་པ་ནི། །བརྒྱ་ཕྲག་སྟོང་ལ་བརྡེག་པ་ཡིན། །ཉིན་མོ་བཟླས་པའི་སྔགས་དང་ནི། །རྔམ་རྔམ་ཕཊ། རྔམ་རྔམ་དགྲ་བོའི་སྲོག་ལ་རྔམ་ཉི་ཕཊ། ཧཱུྃ་ཧཱུྃ་ཕཊ། རྔམ་རྔམ་དགྲ་བོའི་ཁྲག་ལ་རྔམ། རྔམ་རྔམ་དགྲ་བོའི་ཤ་ལ་རྔམ། གནོད་སྦྱིན་བདུད་དང་གཤིན་རྗེ་སྲིན། །ལུས་སྲོག་སྙིང་རྩ་སྲོག་ལ་རྔམ། །བསད་པའི་སྔགས་སུ་བསྟན་པར་བྱ། །ནུབ་མོ་སྒྲུབ་པའི་སྔགས་དག་ལ། །ཕྱི་ཐུན་སྔགས་ནི་བཏགས་ཏེ་བཟླས། །ཉིན་ཟེར་ཟླ་ཟེར་སྔགས་ཟེར་ལ། །ཟེར་གསུམ་དུས་སུ་བླ་ཚེ་དགུག །རུ་མཱ་ར་ཡ་ཛཿ སྐབས་སུ་ར་ཐོད་ལ་སྤྱང་ཀི། ཐོད་པ་འཐབ་ཏུ་གཞུག་ཁ་གཏུག་གོ། །ཐུན་སྔགས་ཕྱི་ཐུན་འདི་ལྟར་གདག །ཨཱོྂ་མ་མ་ཧཱུྃ་ཏྲི་རྦད། ཧཱུྃ་ཤུ་ཏྲི་རྦད། མ་རུ་ཏྲི་ཡཾ་རྦད། ལུགས་མ་རུ་ཏྲི་ཆེ་གེ་མོ་རྦད། །གཉིས་སྦྲེལ་ནུབ་ཀའི་དུས་སུ་བགྲང་། །སྨག་ལ་བསད་ཅིང་འཁོར་ལོ་བསྐོར། །ས་སྲོས་ནམ་གུང་ཉི་མ་ནུབ་པའི་དུས། །སྤྱིར་ནི་ཉིན་མོར་འཁོར་ལོའི་ལས། །ནུབ་མོ་དྲག་པོ་ཐུན་གྱི་ལས། །ཐུན་དང་འཁོར་ལོ་ཁ་སྦྱར་རོ། །ཕུར་དཀྲུགས་སྔགས་ཀྱི་གྲོང་ཁྱེར་སྦྲེལ། །རྣལ་མ་རྣལ་ཏེ་ལ་སོགས་པ། །དྲག་སྔགས་ལྔ་སྦྲེལ་བགྲང་བ་གཅེས། །བསྟོད་བསྐུལ་གསུམ་ཡང་དག་ཏུ་བཏང་། །ནང་ཐུན་བྱེད་པའི་དུས་དག་ཏུ། །སྤྱང་ཐོད་ནང་དུ་ལིང་ག་གཞུག །ཐུན་ནི་སྣེལ་གྲིའི་ཐོད་པར་བྱ། །སྔགས་ནི་ཉིན་མོའི་ཕྱི་ཐུན་བཞིན། །ནུབ་མོ་བསྒྲུབ་པའི་སྔགས་དག་ལ། །ནང་གི་ཐུན་སྔགས་འདི་བཏགས་བཟླ། །ཨཱོྂ་ཡ་མ་ཤུ་ཏྲི་ཆེ་གེ་མོ་རྦད། མ་རུ་མུགས་ནི་མུགས་ནི་རྦད་རྦད། དེ་དག་བཏགས་ཏེ་བཟླས་པའོ། །བླ་ཚེ་འགུགས་པ་གོང་བཞིན་ནོ། །དམག་ལ་འཁོར་ལོ་གོང་བཞིན་བསྐོར། །གྲོང་ཁྱེར་སྦྲེལ་བ་དག་ཀྱང་ནི། །ཕྱི་ཐུན་སྐབས་སུ་བསྟན་པ་བཞིན། །ཐུན་བརྡེག་ལ་སོགས་སྦྱོར་བ་རྣམས། །ཕྱི་ཐུན་སྐབས་སུ་བསྟན་པ་བཞིན། །ཐུན་གཉིས་རྫོགས་ནས་གསང་ཐུན་ལ། །ཐུན་གསུམ་སྤྱང་ཐོད་ནང་དུ་བླུགས། །སྣེལ་གྲིའི་ཐོད་པར་ལིང་ག་གཞུག །གསང་བའི། ཉིན་སྔགས་ཕྱི་ནང་གཉིས་དང་མཐུན། །ནུབ་མོར་བསྒྲུབ་སྔགས་མཇུག་ཏུ་ནི། །གསང་ཐུན་སྔགས་འདི་བཏགས་ལ་བཟླས། ། མ་རུང་རྔམ་པ་ལ་ཡང་རྦད། །མུག་པ་ནི་མུགས་རྦད། རྦད་དུ་རྦད་པ་ནི་ཆེ་གེ་མོ་རྦད་རྦད། དེ་དག་བཏགས་ཏེ་བཟླས་པར་བྱ། །བླ་ཚེ་དགུག་དང་དམག་གི་ལས། །གྲོང་ཁྱེར་སྦྲེལ་བ་ལ་སོགས་པ། །དེ་དག་ཐམས་ཅད་གོང་དང་འདྲ། །བཞི་པ་གསང་ཆེན་དྲིལ་བ་ལ། །ར་ཐོད་ནང་དུ་ལིང་ག་གཞུག །སྣེལ་གྲིའི་ཐོད་པར་ཐུན་རྫས་ཏེ། །སྤྱང་ཐོད་དམར་པོ་འཁོར་ལོས་བསྟུམས། །ར་ཐོད་སྟེང་དུ་བཞག་པར་བྱ། །དུར་ཁྲོད་རས་ལ་བྲི་བར་བྱ། །སྔགས་ཀྱི་གྲོང་ཁྱེར་སྦྲེལ་བ་ནི། །གསང་ཐུན་གསང་ཆེན་དྲིལ་བ་ནས། །བསད་པ་གསུམ་ལ་སྦྲེལ་བའོ། །གནད་གཅོད་དང་ནི་སྤོགས་པ་ལ། །དེ་ཡང་འདི་བཞིན་རྫོགས་པར་བྱ། །ར་ཐོད་སྤྱང་ཐོད་ལིང་ག་ལ། །དྲག་པོ་ཐུན་གྱིས་བྲབ་པར་བྱ། །ཐུན་རེ་ཞག་རེ་བསྒྲུབ་པའམ། །ཡང་ན་དེ་བས་ཚན་བསྐྱེད་ལ། །གཉིས་སམ་གསུམ་དུ་གནད་གཅོད་བྱ། །དེ་ལ་བླ་རྟགས་བྱུང་བ་དང་། །བསད་པ་དམ་པ་དག་ལ་གཞུག །བཅའ་ཐབས་གོང་དང་འདྲ་བར་བསྟན། །ཞག་གསུམ་དག་ཏུ་ཐང་བཅད་ལ། །སྨྲ་བ་བཅད་ལ་སྔགས་འདི་བཟླས། །ཨཱོྂ་ས་མ་ཡ་ཕུག་ཕུག །བཏོལ་བཏོལ། ཙིཏྟ་ཕྱུང་། སྙིང་ལ་ཁ་རཾ་ཚལ་པ་ཚལ་པ་བྷྱོཿ ཐུན་ནི་གསང་ཆེན་དྲིལ་བ་བཞིན། །སྐབས་སུ་ལིང་ག་གཉིས་ལ་བྲབ། །ཕུར་པའི་སྔགས་འདི་དུམ་རེ་བཟླ། །ཨཱོྂ་ནི་ཤ་ཀུ་རུ། དེ་དག་བཟླས་ཞིང་སེང་ལྡེང་ཕུར་པ་གདབ། །གནད་གཅོད་སྔགས་ཀྱང་བརྒྱ་བརྒྱ་བཟླས། །དེ་དག་བསད་པ་དམ་པའི་སྐབས། །སྟོང་ནི་གསང་ཆེན་དྲིལ་དང་མཚུངས། །རྒྱུན་སྔགས་བསད་པ་དམ་པའོ། །དེ་ནས་བསད་པའི་རྟགས་དང་ནི། །དེ་མི་འགྱུར་བའི་རྟགས་བྱུང་ན། །བརྟོད་ལ་མནན་ཏེ་ཕུར་པས་གདབ། །རྟགས་རྣམས་དུས་སུ་མ་བྱུང་ན། །རྟགས་རྣམས་བྱུང་བྱུང་ནན་ཏན་བསྐྱེད། །དམ་ཚིག་གཙང་ན་དུས་སུ་འབྱུང་། །བསྒྲུབ་ཀྱང་ཇི་སྲིད་རྟགས་འགྱངས་ན། །དམ་ཚིག་བཤགས་ལ་སྒྲུབ་པ་བསྐྱར། །གནད་གཅོད་སྔགས་ལ་འཇུག་པར་བྱ། །དེ་ལ་མི་འགྱུར་རྟགས་བྱུང་ན། །ཕུད་དང་ཚོགས་ཀྱིས་གཏང་རག་བཏང་། །གཏོར་མ་ཆེན་པོ་བཏང་བ་གཅེས། །ལིང་ག་སྲོག་བདག་རྣམས་ལ་བསྟབ། །དུག་ཤིང་དག་ལ་བསྲེག་པར་བྱ། །དྲི་མ་དྲུག་གི་ལིང་ག་དེ། །ར་ཐོད་ནང་དུ་བཅུག་ནས་ནི། །གནོད་སྦྱིན་སྲང་ངམ་གནས་སར་མནན། །གཏོར་མ་ཐུན་ཟོར་ལ་བརྟེན་ནས། །ཁ་གསོ་ལས་ལ་འཇུག་པར་བྱ། །ཞེས་གསུངས་སོ། །སྲོག་བདག་དམར་པོ་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། བསད་པའི་ལས་སྤྱོར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།འཇམ་དཔལ་གཤེད་པོས་ཡང་གསུངས་པ། །བསད་པ་ཀུན་གྱི་སྤུ་གྲི་གསོ། །སྲོག་རྩ་སྔོན་དུ་གཅོད་པའི་སྔགས། །སྲོད་ཁྱེར་དུས་སུ་བརྒྱ་བརྒྱ་གདགས། །ཡང་ན་ལས་ཀའི་གཞུག་ལ་ནི། །ཞག་གསུམ་ཐང་བཅད་བཟླས་པར་བྱ། །དེ་བས་མང་ན་རང་སྲོག་གཅོད། །འདི་ནི་བློ་ལ་མི་བླང་སྟེ། །དཔེ་ལ་བཟླས་ཤིང་བརྡེག་པར་བྱ། །འདི་ནི་གདབ་པའི་མན་ངག་དེ། །སྤུ་གྲི་འདྲ་བས་ཤིན་ཏུ་ཟབ། །མ་རུ་རྩེ་རྩ་ཁྲག་ཙིཏྟ་གཏུབས། །ཡིག་འབྲུ་མི་ཚང་། མཆན། ཡིག་འབྲུ་ལྔ་བཅུ་རྩ་བརྒྱད་སྟེ། །དེ་དག་ཚེག་བར་བགྲང་བར་བྱ། །ངན་སྔགས་གནད་གཅོད་འདི་ལ་ནི། །ཞག་གྲངས་གསུམ་དུ་བཟླས་གྱུར་ན། །རྒྱུན་སྔགས་གནད་གཅོད་འདི་ལ་བྱ། །སྟོད་རྣམས་བསད་པ་དམ་པ་བཞིན། །བཟླས་ན་དགྲ་བོ་ངེས་པར་སྒྲོལ། །གསུང་མ་ཆག་ན་རབ་ཏུ་ལེགས། །དེ་ལ་མི་འགྱུར་རྟགས་བྱུང་སྟེ། །དེ་དག་བྱུང་ན་གཏང་རག་བཏང་། །མནན་བསྲེག་ལས་རྣམས་རྫོགས་པར་བྱ། །ཞེས་གསུངས་སོ། །སྲོག་བདག་བཤན་པ་དམར་པོ་གསང་བ་སྤུ་གྲི་རེག་ཆོད་གྱི་རྒྱུད་ལས། གནད་གཅོད་སྤུ་གྲི་བསྟེན་པའི་ལེའུ་སྟེ་ལྔ་པའོ།། །།འཇམ་དཔལ་གཤེད་པོས་ཡང་གསུངས་པ། །རྟགས་རྣམས་གང་ཡང་མ་བྱུང་ན། །སྲོག་བདག་དྲེགས་པ་མ་འཆུན་པས། །ཤན་པ་ཨར་ལ་གཏད་པར་བྱ། །སྔོན་དུ་ཡེ་ཤེས་བསྙེན་པ་གསོ། །དེ་ནས་བཟློག་དཀྲུགས་ལས་ལ་འཇུག །བཅའ་གཞི་གཞན་ནི་གཞུང་བཞིན་ནོ། །དུར་ཁྲོད་རོ་ཡི་རས་བླངས་ན། །སྲོག་བདག་དམར་པོའི་འཁོར་ལོ་ནི། །གཤིན་རྗེའི་གཤེད་ཀྱི་ལྟོ་བར་བྲི། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ལྟེ་བར་སྔགས་ཀྱི་ཕྲེང་བ་བྲི། །སྤྱང་འཁོར་ལོ་དེ་ཀིའི་ཐོད་པའི་ནད་དུ་གཞུག །དེ་ཡི་ཁང་པར་དགྲ་བོའི་ལིདྒ་གཞུག །ར་ཐོད་དུ་ཡང་ལིང་ག་གཞུག །ཐོད་ཆེན་ནང་དུ་ཐུན་གསུམ་བླུག །ལྷ་བསྐྱེད་མཆོད་པ་གཞུང་བཞིན་བྱ། །བདག་ཉིད་དམ་ཚིག་ལྡན་པ་དེས། །ལྟ་བའི་གདེངས་ནི་ལྡན་པར་བྱ། །འཁོར་ལོའི་ནང་དུ་ཤན་པ་ལྔ། །རང་རང་ཕྱོགས་སུ་བསམ་པར་བྱ། །བདག་ཉིད་རྒྱུད་ཁྲོས་དཔའ་གཏུམ་གྱིས། །དྲག་སྔགས་འདི་བཞིན་བགྲང་བར་བྱ། །ཉིན་མོ་བཟླས་པའི་དྲག་སྔགས་ནི། །བཟློག་པའི་དགྲ་སྔགས་བགྲང་བར་བྱ། །ཧཱུྃ་ཧཱུྃ་ཕཊ། ཉི་ཕཊ། རྔམ་རྔམ་ཕཊ། རུ་མ་རྩེ་ཕཊ། ཧོ་ཤུ་ཕཊ། ཧོ་མ་ཕཊ། ཧོ་ཡ་ཨཱོྂ་ཕཊ། རྩ་སྲོག་ལ་བྲེང་བྲེང་། མ་རུ་རྩེ་རྩ་ཁྲག །ཙིཏྟ་གཏུབས། སྲོག་ལ་བྲེང་ཤག་ཉལ་ཏི་རྦད། ཅེས་པ་ཤིན་ཏུ་དྲག་པར་ནི། །སྨྲ་བ་བཅད་དེ་བཟླས་པར་བྱ། །ཐུན་གསུམ་དག་གི་འཁོར་ལོ་དང་། །ལིདྒ་བཅས་པར་བྲབ་པར་བྱ། །བརྒྱ་བརྒྱ་དག་ལ་བསྔགས་པར་བྱ། །སྟོང་སྟོང་ཐུན་ནས་བྲབ་པའོ། །སྔགས་སྟོང་གཞན་ཡང་གཞུང་བཞིན་བྱ། །ནུབ་ཀྱི་དུས་སུ་དཀྲུགས་སྔགས་བཟླས། །ཧཱུྃ་ཧཱུྃ་ཕཊ། ཉི་ཕཊ། རྔམ་རྔམ་ཕཊ། རྩེ་རུ་ཕཊ་མ། ཧོ་མ་ཕཊ། ཤུ་ཧོ་ཕཊ་མ། ཧོ་ཕཊ་ཡ། སྲོག་ལ་བྲེང་བྲེང་། མ་རུ་རྩེ་རྩ་ཁྲག་ཙིཏྟ་གཏུབས། སྲོག་ལ་བྲེང་ཤག་ཉལ་ཏི་རྦད། བཟློག་པ་ཉིན་ལ་དཀྲུག་པ་མཚན། །སྤུ་གྲི་བསྣོལ་མས་སྲོག་རྩ་ཆོད། །ནུབ་ཀྱང་གོང་གི་སྟོང་དང་འདྲ། །སྒྲོལ་གིང་ཤན་པ་ཨར་གཏད་དེ། །ཤིས་བསྟན་པ། དེ་ལ་རྟགས་རྣམས་འབྱུང་བ་ནི། །བསད་པ་དག་གི་རྟགས་བྱུང་དང་། །དྲེགས་པ་བཤན་པའི་རྟགས་དག་ཀྱང་། །འདར་ཞིང་འབུབ་དང་འགྱེལ་བ་དང་། །ཤིན་ཏུ་དེ་དག་ཉན་པ་འབྱུང་། །མཆོད་གཏོར་ཨ་མྲྀ་ཏ་ཡིས་གསོལ། །དེ་ནས་བསད་སྔགས་ཞག་གསུམ་བཟླས། །དེ་ནས་བསྲེག་ཅིང་མནན་པ་བྱ། །ཞེས་གསུངས་སོ། །སྲོག་བདག་བཤན་པ་དམར་པོ་སྤུ་གྲི་རེག་ཆོད་གསང་བའི་ངན་སྔགས་ཀྱི་རྒྱུད་ལས། སྤོགས་པ་ཨར་ལ་གཏད་བའི་ལེའུ་སྟེ་དྲུག་པའོ།། །།འཇམ་དཔལ་གཤེད་པོས་ཡང་གསུངས་པ། །བསྙེན་བསྒྲུབ་ལས་སྦྱོར་ཀུན་ལ་ཡང་། །རྟགས་ཀྱི་རིམ་པ་འབྱུང་བ་ནི། །བསྙེན་པ་དགུགས་པའི་རྟགས་དག་ནི། །རྟ་པ་དང་ནི་མི་ཤར་དང་། །མི་དམར་བྱ་ཁྲ་ཞིབ་ཅན་དང་། །ཤན་པ་རྔོན་པ་ཁྱི་ཁྲིད་དང་། །འོད་དང་སྒྲ་ལ་སོགས་པ་དང་། །ཐུག་ཆོམ་ཁང་པ་འཚེག་པ་དང་། །རྟགས་རབ་མངོན་སུམ་དག་ཏུ་འབྱུང་། །རྟགས་བྱུང་ཕུད་གཏོར་གཏང་རག་བཏང་། །རྦད་པ་དག་གི་རྟགས་བརྟན་པ། །རྟ་ལ་ཞོན་ནས་རྒྱུག་པ་དང་། །དགྲ་བོའི་མཚོན་ཆ་ཐོབ་པ་དང་། །འཁྲུགས་པའི་རུ་བཀོད་བྱེད་པ་དང་། །ར་གཡག་ལུག་ལ་སོགས་པ་དང་། །རྟ་དང་ཤ་བ་རི་དྭགས་རྣམས། །བཟུང་བའམ་ཁྲིད་པ་ལ་སོགས་པ། །དེ་ལྟར་བྱུང་ན་བསད་པ་བརྩམ། །བསད་པ་དག་གི་རྟགས་བསྟན་པ། །དང་པོ་བླ་ཁུག་རྟགས་རྣམས་འབྱུང་། །ར་གཡག་རི་དྭགས་གོང་བཞིན་འབྱུང་། །བསད་པ་དངོས་ནི་འདི་ལྟར་འབྱུང་། །གོང་གི་ར་གཡག་ལ་སོགས་པ། །ར་གཡག་མི་ལ་སོགས་པ་དང་། །སེམས་ཅན་རྣམ་པ་གང་ཡང་རུང་། །བསད་པ་བྱུང་ན་ལས་རྣམས་འགྲུབ། །བཤན་པའི་ཚོགས་ལ་གཏང་རག་བཏང་། །བསད་པ་མི་འགྱུར་རྟགས་བསྟན་ན། །བཤས་ཟིན་ཤ་ཁྲག་ཁྱེར་བ་དང་། །སྙིང་ཕྱུང་མགོ་བཅད་ནང་ཁྲོལ་སྟོབ། །དངོས་སུ་ཁྲིད་ནས་བཤས་པའམ། །ཉམས་སམ་རྨི་ལམ་བྱུང་བ་ན། །བརྟོད་ལ་མནན་ཏེ་ཕུར་པས་བཏབ། །གོང་གི་བསྙེན་པའི་སྔགས་རྣམས་ཀུན། །རང་ལ་གནོད་པར་བྱེད་པའམ། །དོན་མེད་ཆོ་འཕྲུལ་སྟོན་པ་དང་། །འཁོར་དུ་འཚེ་ལྡོག་བྱེད་གྱུར་ན། །ཤེས་པ་ཨར་ལ་གཏད་པར་བྱ། །ལྟ་བ་རང་རིག་དོན་རྟོགས་རབ། །སྤྱོད་པ་གསང་སྔགས་གྲུབ་པ་འབྲིང་། །དམ་ཚིག་གཙང་བ་ཐ་མ་སྟེ། །དེ་གསུམ་ལྡན་ན་མི་ལྡོག་སྲིད། །གཉིས་སུ་ལྡན་ཡང་མི་ལྡོག་སྟེ། །གཅིག་ཏུ་ལྡན་ཡང་བཀོལ་དུ་བཏུབས། །དམ་ཚིག་གཙང་ན་གང་ཡང་འགྲུབ། །དམ་ཚིག་མེད་ན་རང་ལ་ལྡོག །དེས་ན་དམ་ཚིག་ལྡན་པ་གཅེས། །ཞེས་གསུངས་སོ། །སྲོག་བདག་དམར་པོ་སྲིན་པོ་ལྟ་བུ་གསང་བ་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། རྟགས་ཀྱི་རིམ་པ་ཇི་ལྟར་བྱུང་བའི་ལེའུ་སྟེ་བདུན་པའོ།། །།འཇམ་དཔལ་གཤེད་པོས་ཡང་གསུངས་པ། །འབོད་རྦད་བསད་པའི་རྟགས་ཐོན་ནས། །མནན་པའི་ལས་ཁ་འདི་བཞིན་བྱ། །ལིང་ག་སོ་སོར་ཕྱེ་ལ་ནི། །གྲོ་ཤོག་ལིང་ག་སྦྱིན་སྲེག་བྱ། །དྲི་མའི་ལིང་ག་མནན་པ་བྱ། །ར་ཐོད་སྤྱང་ཐོད་ནང་དུ་ནི། །ལིང་ག་བཅུག་སྟེ་མནན་པ་ནི། །གནོད་སྦྱིན་རྒྱུ་བའམ་ལྷ་འདྲེ་གནས། །དྲེགས་པ་གནས་པའི་ས་དག་ནི། །བྲག་ནག་བྲག་དམར་རྩ་དག་གམ། །ལྷ་ཁང་མཆོད་རྟེན་དུར་ཁྲོད་དམ། །ལ་བཙས་དག་གམ་ཆུ་མིག་ཏུ། །གང་རྟེན་ཡོད་སར་ཕྱིན་ལ་ནི། །ཁྲུ་གང་དག་གམ་ཕྱེད་དང་དོར། །དེ་དག་ས་ནི་བྲུས་བྱས་ལ། །མི་རྡུལ་རྣོ་བས་བསེང་ལ་བོར། །རྒྱ་མཚོ་དག་གི་གཏིང་ངོགས་ནས། །སྲོག་བདག་རལ་པ་ཚར་དགུ་ལ། །དགྲ་བོ་ལག་ཏུ་གཏད་པར་བྱ། །ངས་མ་ཉེས་ཤིང་དགྲས་ཉེས་བགྲང་། །ཁྱོད་ལ་གཏད་དོ་ཟས་སྐལ་གྱིས། །ཤོར་ན་དམ་ཚིག་དག་ལས་འགལ། །དེ་སྐད་བརྗོད་དེ་གཏད་པའོ། །མནན་སྔགས་འདི་དག་བཟླས་པར་བྱ། །ཨཱོྂ་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། རྔམ་རྔམ་ཕཊ། ཉི་ཕཊ། མ་མ་ཕཊ། ས་མུ་ཧེ་ཕཊ། ཐུམས་ཐ་ཕཊ། འཛོ་ཏ་བག་ཏི་ཏ་སོད་སོད། རུས་འདའ་ལ་རྔ་བྷྱོ་བྷྱོ་ཡ་ཡ། དགྲ་བོ་མཱ་ར་ཡ་ནན། དེ་སྐད་བཟླས་ཀྱིན་མནན་པ་བྱ། །དུར་ཁྲོད་དག་གི་གཡམ་པ་ལ། །རྡོ་རྗེ་རྒྱ་གྲམ་བྲིས་ལ་ནི། །དེ་ཡི་སྟེང་ནས་དགབ་པའོ། །དེ་སྟེང་ས་བཅག་བྲོ་བརྡུང་སྔགས་འདི་བཟླས། །ཧྲཱིཿཥྚི་ཝཱི་ཥྚྀ་ཏཱ་ན་ན་དགྲ་བོ་མཱ་ར་ཡ་ནན། དེ་དག་བརྒྱ་ཙམ་བཟླས་པར་བྱ། །མནན་པ་དེ་དག་སྟེང་དག་ཏུ། །སངས་རྒྱས་དོན་ཡོད་གྲུབ་པ་ནི། །དཔག་མེད་འཁོར་དང་བཅས་པ་བསྒོམ། །བསྐལ་པ་མ་ཞིག་བར་དུ་ནི། །དགྲ་བོ་ཐོན་པ་མེད་པར་བསམ། །ཞེས་གསུངས་སོ། །སྲོག་བདག་དམར་པོ་སྲིན་པོ་ལྟ་བུ་གསང་བ་སྤུ་གྲི་རེག་ཆོད་རྔམ་པའི་རྒྱུད་ལས། ལས་མཐའ་མནན་པའི་ལེའུ་སྟེ་བརྒྱད་པའོ།། །།འཇམ་དཔལ་གཤེད་པོས་ཡང་གསུངས་པ། །སྲོག་བདག་ཤན་པ་དམར་པོ་ཁྱོད། །ཉེ་འཁོར་བཅས་པ་ང་ལ་ཉོན། །འཇིག་རྟེན་དྲེགས་པ་བསམ་མི་ཁྱབ། །དེ་ཡི་ནང་ནས་སྲོག་ཟ་བ། །བཤན་པ་དམར་པོ་ཁྱེད་རྣམས་བཅས། །ཤིན་ཏུ་རྣོ་ཞིང་དྲག་པ་སྟེ། །ཕྱི་རབས་གང་ཟག་ཆོས་བྱེད་ལ། །བར་དུ་གཅོད་པ་འདི་ལྟར་འབྱུང་། །བུདྡྷའི་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་དམོད་པ་དང་། །ཁ་རྔན་ཟས་སུ་ཟ་བ་དང་། །དམང་པོ་ཐེབ་ལ་བསྣོན་པ་དང་། །ཉེས་མེད་མི་ལ་གནོད་པ་དང་། །དམ་ཆོས་བྱེད་དུ་མི་སྟེར་ན། །བཤད་པ་དམར་པོ་སྲོག་ཟན་གྱིས། །སྲོག་ཆོད་ཤ་ཟོ་ཁྲག་ལ་འཐུངས། །བཀའ་ཡི་ཆད་པ་ཆེན་པོས་ཆོད། །བསྟན་པ་གཉན་པོ་དེ་རུ་སྲུངས། །ལས་ངན་མཐའ་རུ་དེ་རུ་ཉོལ། །དུས་ཀྱི་མཐའ་མ་དེ་རུ་བསྟུངས། །ལོག་ལྟ་ཚར་ཆེན་དེ་རུ་ཆོད། །སེམས་ཀྱི་བརྟེན་ཕུར་དེ་རུ་ཕྱུངས། །ལུས་སྲོག་འབྲེལ་བ་དེ་རུ་ཆོད། །གང་ཟག་ཆོས་བྱེད་རྒྱབ་བརྟེན་གྱིས། །ང་ཡིས་ཁྱོད་ལ་དབང་བསྐུར་བས། །དྲེགས་པ་གཞན་གྱི་སྙིང་པོར་འགྱུར། །ཤ་དང་ཁྲག་ལ་དད་ཆེ་བས། །དགྲ་བོའི་སྲོག་ལ་ཤིན་ཏུ་རྔམ། །སྲོག་སྙིང་མ་ནོར་བསྣུན་པས་ན། །གང་ལ་རྦད་པར་ངེས་པར་འགྲོ། །དབང་བསྐུར་དུས་སུ་དམ་ཕོག་པས། །དམ་ཚིག་ཅན་ལ་རབ་ཏུ་གདུང་། །བསད་པའི་ངན་སྔགས་དག་ཡིན་པས། །མི་འགྱངས་དུས་སུ་སྒྲོལ་བར་འགྱུར། །རང་དབང་མེད་པར་གཅུན་པས་ན། །ཟླ་ཐུབ་མེད་པར་དུས་སུ་སྒྲོལ། །ཁྱེད་ལས་ཆེ་བ་གཞན་མེད་པས། །ནང་དམེ་བྱུང་ན་བར་དུ་བསྔགས། །དེ་ལྟ་བུ་ཡི་བཤན་པའི་རྒྱུད། །ཤིན་ཏུ་རྣོ་བར་གྱུར་བས་ན། །སྤུ་གྲི་རེག་ཆོད་རྒྱུད་དུ་བཟུང་། །རྣོ་ལ་དྲག་པོའི་རྒྱུད་ཡིན་པས། །གནམ་ལྕགས་འབར་བའི་རྒྱུད་དུ་བཟུང་། །རྣོ་ལ་ཚན་ཆེའི་རྒྱུད་ཡིན་པས། །རལ་གྲི་འབར་བའི་རྒྱུད་དུ་བཟུང་། །ཤིན་ཏུ་དཀོན་པའི་རྒྱུད་ཡིན་པས། །ཨུ་དུམ་ཝ་རའི་རྒྱུད་དུ་བཟུང་། །ཤིན་ཏུ་སྒྲུབ་ཐག་ཉེ་བས་ན། །དྲག་པོ་ངན་སྔགས་རྒྱུད་དུ་བཟུང་། །ཤིན་ཏུ་གསོད་ལ་དགའ་བས་ན། །བཤན་པ་དམར་པོའི་རྒྱུད་དུ་བཟུང་། །ཤིན་ཏུ་གཅོད་ལ་དགའ་བས་ན། །སྲོག་གཟན་དམར་པོའི་རྒྱུད་དུ་བཟུང་། །ཤ་དང་ཁྲག་ལ་དད་ཆེ་བས། །སྲིན་པོ་དམར་པོའི་རྒྱུད་དུ་བཟུང་། །གཤིན་རྗེའི་གཤེད་ཀྱི་འཁོར་ཡིན་པས། །གཤིན་རྗེ་དམར་པོའི་རྒྱུད་དུ་བཟུང་། །འཁོར་དུ་དྲེགས་པ་ཀུན་འདུས་པས། །དྲེགས་པ་འདུས་པའི་རྒྱུད་དུ་བཟུང་། །སྲོག་བདག་བཤན་པ་དམར་པོ་ཁྱོད། །རང་གིས་རང་གི་བཀའ་སྲུང་གྱིས། །རང་གི་དམ་ཚིག་རང་གིས་སྲུངས། །ང་ཡི་དམ་ལས་འདའ་གྱུར་ན། །ཡེ་ཤེས་སེམས་དཔའ་དགྲར་ལངས་ནས། །རང་སྲོག་རང་གིས་གཅོད་པར་བྱེད། །རང་བདུད་རང་གིས་གཅོད་པར་བྱེད། །ཕྱི་མ་རྡོ་རྗེའི་དམྱལ་བར་སྐྱེས། །ཉེས་པ་དེ་ལྟར་ཆེ་བས་ན། །ང་ཡི་བཀའ་ལས་མ་འདའ་ཞིག །ང་ཡི་བཀའ་ལྟར་ཁྱེད་ཀྱིས་གྱིས། །ཁྱེད་ཀྱི་དམ་ཚིག་གང་ཡིན་པ། །ང་ཡི་རྗེས་སུ་ཞུགས་པ་ཡི། །ཕྱི་རབས་གང་ཟག་རྣམས་ཀྱིས་སྐྱོངས། །ང་ཡི་རྒྱུད་ཆེན་སྤུ་གྲི་ཡི། །རེག་ཆོད་སྲོག་ཟན་ཆེན་པོ་འདི། །ཕྱི་རབས་གང་ཟག་རྣམས་ཀྱིས་ཀྱང་། །སྣོད་ལྡན་རྣམས་ལ་བརྒྱུད་པ་ལས། །སྣོད་མེད་བརྒྱུད་ན་དམ་ཚིག་ཉམས། །ཀུན་ལ་སྤེལ་ན་བཀའ་ཆད་ཡོང་། །ཞེས་གསུངས་སོ། །དེ་ནས་སྲོག་ཟན་དམར་པོ་འཁོར་དང་བཅས་པ་ཤིན་ཏུ་ཡི་རང་སྟེ། བཀའ་དེ་བཞིན་དུ་བགྱི་བར་ཁས་བླངས་སོ། །སྲོག་བདག་དམར་པོ་སྲིན་པོ་ལྟ་བུ་གསང་བ་སྤུ་གྲི་རེག་ཆོད་རྔམ་པའི་རྒྱུད་ལས། བཀའ་ཡིས་དམ་ལ་བཏབས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འཁོར་གྱིས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོ་ལ་ཞུས་པ། འཇམ་དཔལ་གཤིན་རྗེའི་གཤེད་པོ་ལགས། །ཁྱོད་ཀྱི་གསུངས་པའི་བཀའ་བཞིན་དུ། །བདག་ཅག་དེ་ལྟར་བགྱིད་ལགས་ན། །སེམས་ཅན་དམྱལ་བར་མི་སྐྱེ་བར། །བདག་ཅག་ཤིན་ཏུ་རྗེས་ཡི་རང་། །ཡང་དག་བྱང་ཆུབ་འཇམ་དཔལ་ཁྱོད་ལྟ་བུ། །བདག་གིས་ཇི་ལྟར་བགྱི་ན་ཐོབ་པ་ལགས། །འཇམ་དཔལ་གཤེད་པོས་ཡང་གསུངས་པ། །བཤན་པ་དམར་པོ་སྲོག་ཟན་ཁྱོད། །ཡང་དག་འབྲས་བུ། བྱང་ཆུབ་ཐོབ་འདོད་ན། །རང་རིག་གནས་ལུགས་རྟོགས་པར་གྱིས། །གནས་ལུགས་ཡེ་ཇི་བཞིན་པའི། མ་བཅོས་མ་བསླད་པ། །དེ་དོན་རྟོགས་ན་ལྟ་བ་ཡིན། །མཐར་ཐུག་གི་གསང་རྟགས་སོ། །དེ་དང་མི་འབྲལ་མངོན་སངས་རྒྱས། །དེ་ལྟར་ཁྱོད་ཀྱིས་ཤེས་པར་གྱིས། །ཤན་པ་དེ་ཡི་དོན་གོ་ནས། །ཤཱཀ་ཐུབ་བསྟན་པ་གཉན་པོ་འདི་དག་སྲུང་། །འདི་རྫོགས་བདག་ཀྱང་མངོན་འཚང་རྒྱ། །སྲོག་བདག་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་པའོ།། །།སྲོག་བདག་ཤན་པ་སྤུ་གྲི་རེག་ཆོད་གསང་བ་མན་ངག་གི་རྒྱུད་རྫོགས་སོ།། །།གུ་ཧྱ། ཨཐྎ། ཤན་པ་མ་རུ་རྩེས་ལས་དགེ་སྡིག་གཉིས་ཀྱི་དོན་རྟོགས་ནས་འགྱོད་པ་སྐྱེས་ཏེ་སངས་རྒྱས་པའི་ལེའུའོ། །྅྅྅྅༔ དམར་པོ་ཐམས་ཅད་རྒྱུད་ཀྱི་སྙིང་པོ་འདི་ཁོ་ནའོ། །གསང་བའི་ཡང་གསང་ལགས་སོ།། ༈ །།དཔལ་གཤིན་རྗེའི་གཤེད་དམར་པོའི་བཤད་རྒྱུད་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་བཞུགས་སོ། །རྒྱ་གར་སྐད་དུ། ཨརྻ་མཉྫུ་ཤྲཱི། འཕགས་པ་འཇམ་དཔལ། ཡ་མ་རཱ་གགཤིན་རྗེའི་གཤེད་དམར་པོ། ལོ་ཀ་བན་སཱུ་ཏྲ་ཏན་ཏྲ། འཇིག་རྟེན་འདས་མདོ་རྒྱུད། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་རབ་ལ་མཚན་བཤད། འབྲིང་ལ་ས་བཅད། ཐ་མ་ལ་འབྲུ་གཉེར་རོ། །དངོས་པོ་བརྒྱད། ཐ་མ་གཏད་ཅིང་གདམས་པའོ། །རྒྱུ་འདི་ནི་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་ལྔ། དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ཆེན་པོ། བཅོམ་ལྡན་འདས་མཆོད་པར་བརྗོད་པ་འཇམ་དཔལ་གཤིན་རྗེའི་གཤེད་པོ་ལ་ཕྱག་འཚལ་ལོ། །འདི་རྐྱེན་གླེང་བསླང་བ་སྐད་བདག་བསྟན་པ་བསྡུད་པའི། གིས་ཐོས་པ་དུས་གཅིག་ན། དེ་བསྟན་པའི་རང་བཞིན། བཞིན་གཤེགས་པ་ཡང་དག་རྫོགས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྡོ་རྗེའི་བདག །ཕྱོགས་བཅུ་དུས་གསུམ་བཅོམ་ལྡན་འདས། །མ་ལུས་ཀུན་གྱི་སྤྱི་གཟུགས་སྐུ། །ཆོས་སྐུ་སྤྲོས་དང་བྲལ་བ་ལ། །བདེ་གཤེགས་ཀུན་ཏུ་བཟང་པོ་དཔལ། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །རྡོ་རྗེ་སྐུ་ཡི་ཁྱད་པར་ལ། །ཡེ་ཁྱད་པར་གྱི་འཁོར། ཤེས་རྣམ་པ་ལྔ་ཡི་འཁོར། །རིགས་ལྔ་བདེ་བར་གཤེགས་པ་བསྟན། །ཐུགས་བྱེ་བྲག་གི་སྟོན་པའི་མཚན་ཉིད། ཀྱི་ཡེ་ཤེས་སྐུ་གྱུར་པ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས། །ཞི་བའི་སྒོ་ནས། ཞི་བ་གཞོན་ནུའི་ཚུལ་དུ་བསྟན། །ལོ་བཅུ་དྲུག་དང་ལྡན་པ། མཚན་དང་དཔེ་བྱད་ལྡན་པ་དེས། །ཞི་བའི་ཆོས་རྣམས་མ་ལུས་གསུངས། །དེ་ཡང་ཞི་བ་ལས་ཁྲོ་བོར་བསྒྱུར་བ། ལས་ཀྱི་སྲིན་པོའི་ཚོགས། །ཞི་བས་ཐུལ་བར་མ་གྱུར་ནས། །ཆོས་ཉིད་ཞི་བ་དྲག་པོར་བསྒྱུར། །སྐུ་གསུང་ཐུགས་ལྔ་ཡོན་ཏན་ལས། །ཏིང་སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ་དང་སྐུ་གསུམ་དུ་བརླབས། འཛིན་ཡེ་ཤེས་ཅི་ཡང་འགྱུར། །ཆོས་སྐུ་སྤྲོས་དང་སྤྲོས་བྲལ་བདེ་ཆེན་གཞན་སྣང་དང་ཞིང་སྦྱར། བྲལ་བ་ལས། །འགྲོ་བའི་དོན་དུ་གཟུགས་སྐུར་བཞེངས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། །ཁྲོ་བོ་རབ་འཇིགས་གཤིན་རྗེར་བསྟན། །རང་བཞིན་ཆོས་གནས་ཕུན་སུམ་ཚོགས་པ། དབྱིངས་ཕོ་བྲང་དེ། །དབང་བསྡུད་ཟངས་ཁང་དམར་པོར་བསྒྱུར། །སྤྲུལ་སྤྲུལ་པའི་འཁོར་ལོ། པ་ཐུགས་མཆོག་ཡ་མ་རཱ། །ཉིན་བཞིའི་གིང་དང་བཅས་པས་བསྐོར། །འཇམ་དཔལ་ཡ་མ་དམར་པོ་ལོ་ཀ་ལས་འདས་པའི་མདོ་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེའི་ཚེ་ལྷོ་ཡི་ཕྱོགས་དེ་ཡི། །ལྕགས་རི་ནག་པོ་ཉེ་བ་ལས། །སོག་ཀ་ཡུ་བའི་ནང་དེ་ན། །གཤིན་ཡུལ་རྨེ་ནག་ཅེས་བྱ་ཡོད། །གཤིན་གྱི་བླ་མཚོ་མེར་བ་ཡོད། །གཤིན་རི་ཕྱིན་ཅིག་ལོག་ཞེས་བྱ། །མེ་རི་འབར་བའི་རི་བོ་ཡོད། །ཐང་ནི་རོ་ཐང་དམར་པོ་ཡོད། །ཟ་ཁ་རོ་ལམ་ཁུང་བུ་ཡོད། །རྩི་ཤིང་དུག་དང་རོ་མྱགས་ཡོད། །ཁྲག་དང་དུག་གི་མཚོ་ཡང་ཡོད། །མཁར་ནི་ལྕགས་རི་སྒོ་མེད་ཡོད། །དེ་ན་འཆི་བདག་གཤིན་རྗེ་ཡི། །བླ་ནི་ལྕགས་ཀྱི་སྡིགས་པར་གནས། །ལྷ་ནི་ནགས་ཀྱི་གླང་པོ་ཆེ། །རོ་གླང་ནག་པོ་ཞོན་པ་ཡོད། །དེ་ན་མ་གཤིན་ཐམས་ཅད་གནས། །བརྡའ་ནི་ཤིན་ཏུ་མི་འཕྲོད་པ། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་འཁྲུགས། །དེ་ན་བདག་པོ་གཏན་ལ་དབབ་པའི་སྐབས། སྒྲོལ་གིང་དམར་པོ་གནས། །རྟག་པར་དེ་ཡང་མི་གནས་ཏེ། །བྱང་གི་ཕྱོགས་ཀྱི་ཡུལ་ཆེན་ནི། །ལང་ཀ་ཡུལ་གྱི་གྲོང་བརྡལ་དེ། །སྲིན་ཡུལ་ལང་ཀ་པུ་རི་ན། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །དུར་ཁྲོད་རི་བོ་མ་ལ་ཡ། །གནམ་ལྕགས་ཡོད་པ་ཅན་གྱི་རྩེ། །མཚོ་ནི་ཀོ་ཁ་ཐང་དམར་གླིང་། །བྱན་ལག་མཆོང་ཀྱི་རི་བོ་ལ། །མཁར་ནི་བམ་རི་ཐོད་པའི་མཁར། །འཁོར་ནི་གདུག་པའི་ཚོགས་ཀྱིས་བསྐོར། །རེ་འགའ་ཚོ་ཡང་དེར་གནས་ཏེ། །ནད་དང་མཚོན་ཆའི་ཆར་ཕབ་སྟེ། །སྲིད་པའི་སེམས་ཅན་མ་རུངས་བྱེད། །དེ་ལྟ་བུ་ཡི་གདུག་པ་དེ། །རང་བཞིན་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མ་གྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོ་བསྟན་པས་བཏུལ་བའི་སྐབས། དེ་བཞིན་གཤེགས་པ་དེས། །སྤྲུལ་པ་མ་གཤིན་དེ་ཉིད་འདྲ། །དཔག་ཏུ་མེད་པའི་ཚོགས་དང་བཅས། །དུར་ཁྲོད་ཡུལ་དེར་བབས་པ་དང་། །ལྷ་ནི་རོ་ལངས་ནག་པོར་འདུག །གཤིན་གླང་མ་ཧེ་གླང་པོ་དེ། །རང་གི་གདན་དུ་གནས་བྱས་ནས། །མཁར་ནི་ལྕགས་མཁར་ཆེན་པོ་དེ། །གདུག་པ་དབང་དུ་བསྡུད་དོན་དུ། །ཐུགས་རྗེ་དབང་གི་ཆོ་འཕྲུལ་ལས། །དམར་པོ་ཟངས་ཀྱི་ཁང་པར་གྱུར། །དྲེགས་པ་རྣམས་ཀྱི་རང་སྲོག་ནི། །དུག་ཤིང་གདུག་པའི་ལོ་མ་ལ། །མ་གཤིན་ཐམས་ཅད་རང་རང་གི། །མཚང་དང་ལས་ཀྱི་དམོད་པ་ཀུན། །བྲིས་པ་སྦམ་པོར་སྦམ་བྱས་ནས། །མི་ཡི་ལྤགས་པས་དྲིལ་བྱས་ཏེ། །རང་རང་བསྲུང་བར་གྱུར་པ་ལས། །ཉིན་ཕྱེད་བགེགས་ཆེན་མྱོས་པའི་དུས། །ཐམས་ཅད་གཉིད་དུ་སོང་བ་ལ། །ཡེ་ཤེས་ཆེན་པོའི་གཏི་མུག་གི། །ཟིལ་གྱིས་ཐམས་ཅད་བྱིང་བྱས་ཏེ། །དམོད་པའི་སྦམ་པོ་རྐུས་ཏེ་བོར། །བྱིང་བ་བསླངས་ཏེ་བྲོས་ཏེ་ཕྱིན། ། རང་གི་ཡེ་ཤེས་སྤྲུལ་པ་ཡང་། །ཁོང་གི་གྲོགས་ཀྱི་ཚུལ་དུ་བསྟན། །རང་གི་ཁྱེའུ་ཆུང་སྔོན་པོ་དེ། །མཁའ་ལ་ལྡིང་ཞིང་ལྡིང་ཞིང་བྲོས། །དེ་ཚེ་སྒྲོལ་གིང་མ་རུ་རྩེས། །འདི་སྐད་སྨྲས་ཞིང་འཁོར་ཚོགས་འབོད། །ཨེ་མ་ཧོ་མ་གཤིན་གཏུམ་པོ་དང་། །རྒྱལ་པོ་བློན་པོ་ཕོ་ཉ་དང་། །དམག་དང་ཡང་བྲན་གཟུངས་མ་དང་། །བྲན་དང་ཡང་བྲན་ཐམས་ཅད་ཀུན། །ལ་འུར་འུ་ཅག་མཆོག་གི་ནོར། །བཅིངས་པའི་སྦམ་པོ་རྐུན་པོས་ཁྱེར། །གར་ཡང་མ་སླེབས་འདི་ན་ཡོད། །ཐམས་ཅད་ལོག་ལ་འདི་བསྒྲལ་ཏོ། །དེ་སྐད་སྨྲ་ཞིང་འདུག་པ་ལ། །ཐམས་ཅད་མ་བཟོད་ཁམས་འཁྲུགས་ཏེ། །མ་གཤིན་དེ་དག་ཀུན་ན་རེ། །ཁྱེའུ་ཆུང་འདི་ནི་མྱུར་དུ་བསྒྲལ། །ལ་ལས་འདི་ལ་མྱུར་དུ་འཐུང་། །ལ་ལས་རང་གི་ཡུལ་མཁར་བསྲུང་། །ལ་ལས་ནོར་གྱི་སྦམ་པོ་བྲུལ། །དེ་སྐད་སྨྲ་ཞིང་འདུག་པ་ལས། །དེ་ཚེ་དམར་པོའི་འདི་སྐད་སྒྲོག །ནོར་མཆོག་བསྲུང་དུ་མ་མཆིས་ཏེ། །ཁྱེའུ་ཆུང་སྔོན་པོས་ཁུར་ཏེ་སོང་། །རྒྱུག་སྟེ་ཆོམས་ཤིག་ང་རོ་འདོན། །དེ་ནས་སྒྲོལ་གིང་འཁོར་བཅས་ཀྱིས། །ལས་ཀྱི་བྱ་ཁྲ་ཞོན་ནས་ནི། །དེ་ནས་ར་མདར་རྒྱུག་པ་དང་། །ཁྱེའུ་ཆུང་ནམ་མཁའི་ཁམས་སུ་བྲོས། །དེར་ཡང་ཁོང་གི་སླེབ་སྟེ་བྱུང་། །ཚངས་དང་ཉེ་དབང་དྲག་པོ་དང་། །མ་ཧཱ་དེ་བ་དབང་ཕྱུག་དང་། །ཁྱབ་འཇུག་ལ་སོགས་ཐམས་ཅད་བཏུལ། །ནམ་མཁའི་ལྷ་འདྲེ་ཆེན་པོ་ཀུན། །ཁྱོད་ཀྱི་བྲན་དུ་ཉིད་ཀྱིས་བས། །ང་ཡིས་མི་སྐྱོབས་སླར་ལ་ལོང་། །ད་རེས་བདག་གི་ཡུལ་མ་དཀྲུག །སྟེང་ནས་ལྷ་རྣམས་དེ་སྐད་སྨྲས། །དབང་དུ་བསྡུས་ནས་ལས་ལ་བསྐོས། །དམ་ཚིག་བསྒྲགས་ཏེ་སླར་ཡང་ལོག །སྒྲ་དང་བཅས་ཏེ་ཐུར་ལ་བྲོས། །འོག་གི་རྒྱ་མཚོར་ཕྱིན་པ་དང་། །དེར་ཡང་ཁོང་གི་སླེབ་སྟེ་བྱུང་། །འོག་ནས་ཀླུ་གདོན་ཆེན་པོ་དེས། །ཀླུ་དང་བདུད་དང་བཙན་ཆེན་དང་། །གཉན་དང་ས་བདག་ཐམས་ཅད་ཀུན། །ཁྱོད་ཀྱི་བྲན་དུ་གཡོག་འབངས་བགྱིད ། །བདག་གི་ཡུལ་ནས་ཁྱོད་བཞུད་ཅིག །འོག་ནས་ཀླུ་གདོན་དེ་སྐད་སྨྲས། །དབང་དུ་བསྡུས་ནས་ལས་ལ་བསྐོས། །དམ་ཚིག་བསྒྲགས་ནས་རང་ལ་ལོག །གྱེན་ལ་བྲོས་ནས་ས་སྟེང་འཐོན། །ཁོང་གི་དེར་ཡང་སླེབ་སྟེ་བྱུང་། །དེ་ཚེ་ནང་དུ་བྲོས་ཏེ་ཕྱིན། །ཤར་ནས་དྲི་ཟ་དབང་དུ་བསྡུས། །ཤར་ལྷོ་མེ་ལྷ་དབང་དུ་བསྡུས། །ལྷོ་ཕྱོགས་བྲོས་ནས་གཤིན་རྗེ་བསྡུས། །ལྷོ་ནུབ་བྲོས་ཏེ་སྲིན་པོ་བསྡུས། །ནུབ་ཏུ་བྲོས་ཏེ་ཀླུ་དོན་བསྡུས། །ནུབ་བྱང་བྲོས་ནས་རླུང་ལྷ་བསྡུས། །བྱང་ཕྱོགས་བྲོས་ནས་གནོད་སྦྱིན་བསྡུས། །བྱང་ཤར་བྲོས་ནས་དབང་ལྡན་བསྡུས། །ཐམས་ཅད་གོང་མ་ལྟར་དུ་སྨྲས། །དབང་དུ་གོང་མ་ལྟ་བུར་བསྡུས། །དེར་ཡང་ཁོང་གི་སླེབ་བྱུང་སྟེ། །སླར་ཡང་ཁོ་རང་ཡུལ་དུ་བྲོས། །ལྕགས་མཁར་ནང་དུ་ཞུགས་ཏེ་བསྡད ། །ལྕགས་མཁར་ཟངས་ཀྱི་ཁང་པར་བསྒྱུར། །དབུ་གསུམ་ཕྱག་དྲུག་སྤྲུལ་ཏེ་བསྡད ། །དེ་ཉིད་ཁོང་ཡང་དེ་ལྟར་སྤྲུལ། །དབུ་དྲུག་ཕྱག་ནི་བཅུ་གཉིས་སྤྲུལ། །དེ་ཡང་ཁོང་གིས་ཤེས་ནས་བྱུང་། །དབུ་དགུ་ཕྱག་ནི་བཅོ་བརྒྱད་དང་། །བརྒྱ་རྩ་བརྒྱད་དང་བྱེ་བའི་བར། །ཤིན་ཏུ་མི་བཟད་ཡེ་ཤེས་སྐུ། །རོལ་པ་ཆེན་པོར་སྤྲུལ་བྱས་ནས། །ཡེ་ཤེས་རལ་གྲི་མེ་འབར་བས། །ལས་ཀྱི་བྱ་ཁྲའི་གཤོགས་པ་བཅད། །ཆོ་འཕྲུལ་མང་པོ་བསྟན་པ་ལས། །ཁོང་གིས་ཤེས་པར་མ་གྱུར་ཏེ། །དེ་ཚེ་ཡེ་ཤེས་སྤྲུལ་པ་ཡིས། །དྲེགས་པའི་ཚོགས་ལ་འདི་སྐད་སྨྲས། །འདི་ནི་དཔའ་བོ་བདེ་ཆེན་ཏེ། །འདི་ལ་འགྲན་པར་མི་ནུས་སོ། །ཐམས་ཅད་ཡེ་ཤེས་ཀྱི་སྤྲུལ་པ་ལ་སོགས་པའི་སྐབས། འདི་ཡི་འབངས་སུ་འདུས། །དེ་སྐད་ཕྱོགས་དེ་སྨྲས་པ་དང་། །གཞན་ཕྱོགས་དེ་ཉིད་འདི་སྐད་སྨྲ། །ཀྱེ་མ་དེ་སྐད་མ་འཛེར་ཅིག །བདག་ཅག་དཔག་ཏུ་མ་མཆིས་ཏེ། །འདི་ཀོ་འདི་ཉིད་གཅིག་པུ་ལས། །ཐམས་ཅད་ལོག་ལ་ཐུལ་ཅིག་ཐུལ། །དེ་སྐད་སྨྲ་ཞིང་འདུན་སར་བྱེད། །སྤྲུལ་པའི་ཚོགས་ཀྱིས་འདི་སྐད་བསྒྲགས། །འདི་ནི་དཔལ་ཆེན་སྟོབས་ཆེན་ཏེ། །སངས་རྒྱས་ཐམས་ཅད་འདུས་པ་ཡི། །འཇམ་དབྱངས་ཁྲོ་བོར་སྤྲུལ་པ་འདིས། །བདག་ཅག་གཤིན་རྗེ་གནོད་སྦྱིན་གྱི། །བདུད་རྣམས་འདུལ་བའི་གཤིན་རྗེའི་གཤེད། །གཤིན་ལྷ་གླང་པོ་གདན་དུ་མནན། །ལྕགས་མཁར་ཟངས་ཀྱི་ཁང་པར་བཏང་། །ཀུན་གྱི་མཐོང་ཡང་བརླག་འགྱུར་བའི། །དམོད་པའི་སྦམ་པོ་འདི་ཡིས་འཕྲོག །མེ་རི་འབར་བའི་རི་བོ་འདི། །འདིས་ནི་ད་ནི་ཆུ་རུ་བསྒྱུར། །རྩྭི་ཤིང་ནགས་ཚལ་དུག་འདི་ཡང་། །བདུད་རྩི་སྨན་དུ་བསྒྱུར་བར་ངེས། །མཚོ་དང་ཐག་ལམ་ཟམ་ཁ་རྣམས། །འདིས་ནི་ལོག་པར་བསྒྱུར་བྱེད་ཅིང་། །བདག་ཅག་ཐམས་ཅད་སྒྲོལ་འགྱུར་བས། །མྱུར་དུ་འདི་ལ་གུས་པར་བྱའོ། །དེ་སྐད་སྨྲས་ནས་ལོག་ནས་སོང་། །དེ་ནས་མ་གཤིན་དེ་འཇིག་རྟེན་གྱི་རྟོགས་པ་ལ་སྔར་ཤོར་ཏེ་འབངས་སུ་འདུས་པ་རི་སྐབས། རྣམས་དང་། །སྒྲོལ་གིང་ཆེན་པོ་མ་རུ་རྩེ། །སེམས་སྔར་ཤོར་ཏེ་ཐེ་ཚོམ་སྐྱེས། །འདི་མཉམ་དུ་ནི་རྟོགས་ཤིང་སྨྲ། །བདག་པོ་འདི་ལས་མཐུ་ཆེ་བ། །སྔོན་ཆད་ཡོད་པར་མ་གྱུར་ཏེ། །ཉིད་ཀྱི་སྡིག་གྲོགས་ཐམས་ཅད་ཀྱང་། །འདི་ཉིད་ལ་ནི་ལོག་པར་བྱ། །ད་ནི་འཁོར་ཚོགས་ཐམས་ཅད་ཀྱང་། །མ་རུངས་བས་སུ་གྱུར་སྲིད་པས། །དེ་བས་འདི་ཡི་བྲན་དུ་འདུན། །ཞབས་ལ་འཇུས་པས་གནང་བ་བྱིན། །དེ་སྐད་མགྲིན་གཅིག་སྨྲས་པ་དང་། །དཔལ་བོ་དེ་ཡི་ཞབས་དྲུང་འདུས། །དེ་སྐད་ཅེས་ནི་གསོལ་བ་བཏབ། །ཨེ་མ་ཨེ་མ་ཨེ་མ་ཧོ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལས། །ལོངས་སྐུ་སྤྲིན་ཚོགས་ལྟ་བུར་ཤར། །དཔེར་ན་སྤྲུལ་སྐུ་ཆར་དང་འདྲ། །ཁྱོད་ལ་འགྲན་པར་མི་ནུས་ཏེ། །སྔོན་ཆད་དེ་ལྟར་མ་རྟོགས་པས། །ད་ནི་ཁྱོད་ལ་དྲེགས་པ་ཅན་གྱི་གཤུངས་པ་བསྟན་པ། གུས་པས་འདུད། །བདག་ཅག་དྲེགས་པ་གདུག་པ་ཅན། །བདག་ཏུ་ལྟ་ལ་ཞེན་པ་དང་། །དམོད་པ་སྔགས་ཀྱི་ནུས་པ་ཡིས། །ལས་ཀྱི་སྲིན་པོར་གྲུབ་པ་སྟེ། །སྔོན་གྱི་ལས་དང་བསོད་ནམས་ལས། །སྐྱེ་འགྲོ་མ་ལུས་སྲོག་གཅོད་ཅིང་། །རྣམ་པར་འཚེ་བར་གྱུར་པ་ཡང་། །རང་ལས་ཤུགས་ལ་གྲུབ་པ་ཡིན། །དཔལ་བོ་ཆེན་པོ་ཐུགས་རྗེ་ཅན། །སེམས་ཅན་ཀུན་ལ་མ་ལྟར་དགོངས། །ལས་དབང་སོར་བདེར་མི་འཇོག་པར། །ཐུགས་རྗེའི་ཆོ་འཕྲུལ་བསྟན་པ་མཚར། །ད་ནི་རྒྱལ་བའི་འབངས་སུ་མཆི། །འབངས་ལ་ལས་དང་ཟས་སྐལ་སྩོལ། །དེ་སྐད་སྨྲས་པས་བཀའ་སྩལ་བ། །ལེགས་སོ་སྒྲོལ་གིང་མ་རུ་རྩེ། །སངས་རྒྱས་བཀའ་ལ་གནས་པ་ལེགས། །ནམ་མཁའི་ཁམས་ཀྱི་ལྷ་འདྲེ་ནི། །སྟེང་གི་ལྷ་དང་གཟའ་བདུད་ཀྱང་། །བདག་གི་བྲན་དུ་དེང་འདུས་ནས། །སངས་རྒྱས་བཀའ་ལ་གནས་པར་བྱོས། །ས་གཞི་ཁམས་ཀྱི་ལྷ་འདྲེ་ཡང་། །དེ་བཞིན་བདག་ལ་འདུན་པར་བྱས། །བར་སྣང་ཁམས་ལ་དབང་བྱེད་པའི། །མ་གཤིན་དྲེགས་པ་ཁྱོད་རྣམས་ཀྱང་། །སངས་རྒྱས་བཀའ་ལ་གནས་པར་བྱོས། །དེ་སྐད་གསུངས་པས་སླར་གསོལ་བ། །དཔལ་བོ་ཆེན་པོ་དེ་ལྟར་བགྱི། །སྲོག་གི་སྙིང་པོ་ཐམས་ཅད་འབུལ། །སྟོན་པའི་དགེ་འདུན་ཀུན་ལ་སྐྱབས། །བསྟན་པའི་བར་ཆད་ཐམས་ཅད་བསྒྲལ། །ལས་དང་བྱ་ཐབས་བཤད་དུ་གསོལ། །དེ་སྐད་ཅེས་ནི་གསོལ་པ་དང་། །དེ་ཚེ་འཁོར་གྱི་ནང་དེ་ནས། །གསང་བདག་ཕྱག་ན་རྡོ་རྗེ་ནི། །ཐུགས་ཀྱི་སྲས་མཆོག་ཡེ་ཤེས་སྐུ། །འཇམ་དབྱངས་གཤིན་རྗེ་དམར་པོར་སྤྲུལ། །ཡ་མཱནྟ་ཀ་གཙོ་བོ་ལ། །འདི་སྐད་ཅེས་ནི་བསྐུལ་བར་བྱས། །སྟོན་པ་ཆེན་པོ་བཅོམ་ལྡན་འདས། །བདག་ནི་ཡ་མ་རཱ་ཛ་སྟེ། །འདི་ལྟར་གདུལ་བྱ་གདུག་པ་ཅན། །ཞི་དང་རྒྱས་པས་མི་འདུལ་བས། །དབང་དང་དྲག་པོས་འདུལ་བར་འགྱུར། །ཕྱི་མ་སྲིན་པོ་གདོང་དམར་བ། །བཀའ་ཡི་བདེན་པས་མི་ཐུལ་བས། །ཚར་གཅོད་ལྟར་ན་སྟོབས་ཀྱིས་འདུལ། །ལོ་ཀ་བདེ་བར་གྱུར་པ་དང་། །དཀོན་མཆོག་དབུ་འཕང་བསྟོད་པའི་ཕྱིར། །འཁོར་རྣམས་ལས་ལ་བཀོལ་བ་ཡི། །བསྒྲུབ་པའི་རིམ་པ་བསྟན་དུ་གསོལ། །འཇམ་དཔལ་གཤིན་རྗེ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། དྲེགས་པ་ཅན་བཏུལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་སྐད་འཇམ་དྲེགས་པའི་སྲོག་སྙིང་དྲངས་པའི་སྐབས་སོ། །དཔལ་ནག་པོ་ལ། །འཇམ་དཔལ་དམར་པོས་བསྐུལ་བར་བྱས། །ཡ་མཱནྟ་ཀས་བཀའ་སྩལ་པ། །ལེགས་སོ་ལེགས་སོ་ཁྱོད་ལེགས་སོ། །ཕྱག་ན་རྡོ་རྗེ་གསང་པའི་བདག །སྲས་མཆོག་ཡ་མ་རཱ་ཛ་ལ། །གཤིན་རྗེ་དམར་པོ་ཁྱོད་ལེགས་སོ། །ཁྱོད་ཀྱི་བསམ་པར་རངས་པར་བྱ། །ཁྱོད་ཀྱི་འཁོར་ནི་མི་བསྲུན་པས། །གདུག་ཅིང་གཏུམ་པ་མ་རུངས་པ། །ཤིན་ཏུ་ཁྲོ་གཏུམ་ལྡན་གྱུར་པས། །ཚུར་ལ་སྲོག་སྙིང་སྨྲར་ཆུག་ཅིག །དེ་སྐད་གསུངས་པས་མ་རུ་རྩེས། །སྲིན་པོ་གིང་ཕྲན་འབུམ་དང་བཅས། །མགྲིན་གཅིག་མཐུན་པར་འདི་སྐད་སྨྲས། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། །ཞེ་སྡང་རང་གར་བརྣག་སེམས་པས། །སྲིན་པོ་གདུག་པ་གཏུམ་པོར་འགྱུར། །འཁོར་ཚོགས་འབངས་བགྱིད་སྙིང་པོ་བཞེས། །ཨཱོྂ་རྣལ་མ་རྣལ་ཏེ་གསོད་ལ་རྔམས་གཤོས་ལ་མེར་སྲིས་ལ་ཆུམས། ཐུམ་བིས་ཐུམ་ལྕགས་ཀྱི་སྐྲ། དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ། ལྷོ་ནས་གཤིན་རྗེ་མ་རུ་རྩེས། །འཁོར་འབུམ་བཅས་ནས་འདི་སྐད་སྨྲས། །སྤྲོས་བྲལ་མཉམ་ཉིད་ཡེ་ཤེས་ལས། །ང་རྒྱལ་རང་གར་བརྣག་སེམས་པས། །གཤིན་རྗེ་གདུག་པ་གཏུམ་པོར་གྱུར། །འཁོར་ཚོགས་འབངས་བགྱིད་སྲོག་སྙིང་བཞེས། །ཨཱོྂ་ཏྲི་ལིང་ཤང་ཀ་དུ་ཏྲི་ཟ་ཡག་ཤ་རྦད་བུ་ཕྱེ་མ་ཁ་ཧི་རུ་རུ་སྲ་དུམ་དུམ་ཤིག་ཤིག་དགྲ་བོ་མཱ་ར་ཡ། ནུབ་ནས་བདུད་པོ་མ་རུ་རྩེས། །འཁོར་འབུམ་བཅས་ནས་འདི་སྐད་སྨྲས། །སྤྲོས་བྲལ་ཀུན་རྟོག་ཡེ་ཤེས་ལས། །འདོད་ཆགས་རང་གར་བརྣག་སེམས་པས། །བདུད་པོ་འོད་ལྡན་གཏུམ་པོར་གྱུར། །འཁོར་ཚོགས་འབངས་བགྱིད་སྲོག་སྙིང་བཞེས། །བདུད་པྲ་མ་ཡ། བདུད་མཱ་ར་ཡ། སྙིང་མགོ་ཆོད། དུ་རུ་དུ་རུ། ཧར་ཏི་ཧར་ཏི་དགྲ་བོའི་སྙིང་ལ་ཛ་ཛཿ ནག་པོ་ཏི་པ་ཙ་ཡ་དགྲ་བོའི་སྙིང་ལ་པ་ཙ་བམ་རིལ་རྦད། ནཱ་ཱག་ཀྲོ་ཏི་ཤྭ་རི་སྙིང་ལ་པ་ཙ་ལ་ཏྲག་མ་ཏྲག་ཤིག་དགྲ་བོའི་སྙིང་ལ་ཁ་རཾ་ཁཱ་ཧི། ནག་པོ་ཤ་པ་ཏྲི་མ་བམ་རིལ་རྦད། ནག་པོ་ཧེ་རུ་ཧ་མ་བམ་རིལ་རྦད། ནཱ་ག་སྙིང་མགོ་ཆོད་ཁ་ལ་ཟོ་སྙིང་མགོ་ཆོད། རྩ་ལ་རོག་པ་དགྲ་བོའི་སྙིང་ལ་ཛ་ཛཿ དགྲ་བོའི་སྙིང་ལ་ཧུ་ར་བེར་བམ་རིལ་རྦད། ཧུ་ཡ་ཧུ་ཡ་དགྲ་བོའི་སྙིང་ལ་དུར་བླ་རྩ་བམ་རིལ་རྦད། ཡང་ན་མྱོས་ཤིང་ལྐུགས་སུ་ཆུག །ཡང་ན་མྱོས་ཤིང་འབོགས་སུ་ཆུག །ཡང་ན་རྩ་བ་བདུན་བརྒྱུད་ཆོད། །བྱང་ནས་གནོད་སྦྱིན་མ་རུ་རྩེས། །འཁོར་འབུམ་བཅས་ནས་འདི་སྐད་སྨྲས། །སྤྲོས་བྲལ་བྱ་གྲུབ་ཡེ་ཤེས་ལས། །ཕྲག་དོག་རང་གར་བརྣག་སེམས་པས། །གནོད་སྦྱིན་གདུག་པ་གཏུམ་པོར་གྱུར། །འཁོར་ཚོགས་འབངས་བགྱིད་སྲོག་སྙིང་བཞེས། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷེ་ཤ་ར་མ་ན་སྱེ་ཧ། ན་མོ་ན་ཐ་ཀུ་པ་ས་ཧྱོ་ཧ། གུ་ཡ་ག་ཏེ་ས་ཏེ་དུ་ས་ཡ། ན་ཏ་ཀུ་པར་མ་ཏི་ཤ་མྱི། ཨ་ནུ་རུ་པ་སུ་རུ་པ་ན་ཏ་ཀུ་མ་ར་ཙཎྜར་ཁ་ན་ཙ་ཁམ། ཧེ་མོ་ཁ་པ་ཀ་ནན་ཏ་ཀུ་པ་ར་ཏེ་མ་ཀན། གུ་ཧ་ཀ་ཙ་ལ་ཀ་ཙ་ལ། པ་ཙ་པ་ཙ་སུ་ལུ་སུ་ལུ་སྭཱ་ཧཱ། དེ་ལྟར་གུས་པས་ཕུལ་བ་དང་། །དེ་ཚེ་སྟོན་པས་བཀའ་སྩལ་པ། །སྲོག་གི་སྙིང་པོ་མ་ལུས་པ། །བདག་ལ་ཕུལ་བ་ཤིན་ཏུ་ལེགས། །བཀའ་ཡི་བསྟན་པ་བསྲུང་བ་རུ། །གཉེར་དུ་བཀོལ་བས་ལས་གྱིས་ཤིག །ཟས་སུ་གཏད་པས་འཇིགས་པ་དང་། །རྣལ་འབྱོར་པ་ཡི་དམ་རྫས་བཞེས། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་མ་རུ་རྩེ་ལོ་ཀ་འདས་པའི་མདོ་རྒྱུད་ལས། མ་རུ་རྩེ་མཆེད་བཞིས་སྲོག་སྙིང་ཕུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བསེ་མཁར་བདག་པོ་ཡིས། །སྒྲུབ་ཐབས་རིམ་པ་བཤད་བྱ་བ། །དབེན་པའི་གནས་སུ་དཀྱིལ་འཁོར་བཅའ། །འཁོར་ལོ་རྩིབས་བཞི་མཛེས་པར་བྲི། །དབུས་སུ་བསེ་མཁར་རྩིབས་བཞི་གཙང་། །གཅན་གཟན་དར་མའི་ཐོག་པ་ལ། །གཤིན་རྗེ་སྲིད་པའི་སྔགས་བཀོད་དེ། །ཡི་དྭགས་གོས་ཀྱིས་དྲིལ་བྱས་ལ། །མི་ལག་མི་འགྲིམས་རྟེན་དུ་གཟུག །གཏོར་མ་བཏང་ཞིང་ཕུད་མང་མཆོད། །བྲུབ་ཁུང་ནང་དུ་ལིང་ག་བཅའ། །གཤིན་རྗེ་དམར་པོ་མཆེད་བཞི་དང་། །མ་མོ་ལ་སོགས་དམར་པོའི་ཚོགས། །བསྒོམ་ཞིང་བསྐྱེད་པར་བྱ་མི་དགོས། །རང་སྔགས་བཟླས་པས་དངོས་སུ་ཁུག །གསལ་བར་བྱས་ལ་བསྙེན་སྒྲུབ་བྱ། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ དམར་པོ་བེ་ཅོན་སྡིགས་ཞགས་ཅན། །འཁོར་ནི་མོན་དགུས་ཝ་དགུ་ཁྲིད། །ནག་མོ་སྤུ་གྲི་ཐོད་ཁྲག་ཅན། །འཁོར་ནི་མོན་དགུས་ཁྱི་དགུ་ཁྲིད། །ཨཱོྂ་རུ་རུ་ཏྲག་རཀྴ་ཤ་ལ་ཀྱི་སྤྱང་རོ་ལ་མུག་ཏི་སྙིང་ཁ་རག་བྷྱོ་བྷྱོ། མ་ཧཱ་དེ་བ་ཙིཏྟ་ཛ་ལ་བྷྱོ་བྷྱོ་བཛྲ་ཡཀྴ་སྲོག་དུན་དུན་ཛ་ཛཿ ལོ་ཟད་ཟླ་ཟད་ཟླ་བ་ལ། །ཉི་ཤུ་གཉིས་ནས་དགུ་རུ་བསྒྲུབ། །གཏུམ་པོ་ཡམ་ཡམ་སྒྲོལ་གིང་ཡམ་ཡམ། མ་རུ་རྩེ་ལས་ལ་ཡམ་ཡམ། རྩལ་ཧུར་ཐུམ་སྲོག་ལ་ཡ། དུ་ཤ་ཛཿ དུ་ལིང་ཁྲད་དེ་ཁྲད་དེ་ཛཿ ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། བསེ་མཁར་བཟུང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཤོག་པ་བསྐྱེད་ཆག་དམག་དཔོན་དུ་དབང་བསྐུར་བའི་སྐབས། དཔའ་བོ་ཆེན་པོ་ལ། །འདུས་པའི་དགེ་འདུན་དེ་རྣམས་ཀྱི། །འདི་སྐད་ཅེས་ནི་གསོལ་བར་བྱས། །ཨེ་མ་ཧོ་སྟོན་པ་གཤིན་རྗེའི་གཤེད། །རང་བཞིན་མེད་པའི་ངོ་བོ་ལས། །ཆོས་ཉིད་བསམ་དུ་མེད་པ་ལ། །སྤྲོས་དང་བྲལ་བའི་དོན་བསྟན་པས། །གདོང་དམར་ཐུལ་བར་མ་གྱུར་ཏེ། །འཇིག་རྟེན་དྲེགས་པ་ལས་ལ་བཀོལ། །བདག་ཅག་འཇིག་རྟེན་དྲེགས་པ་ཅན། །གདུག་པ་དམོད་པའི་སྲོག་སྙིང་ལྡན། །རང་བཞིན་གཏུམ་ཞིང་གདུག་པ་ཡིས། །བསྟན་པའི་བར་ཆད་ངེས་པར་འཇོམས། །ཁྲོ་བོས་བསྟན་པ་བསྲུང་བ་ཡི། །མཚོན་ཆ་གང་ཡིན་བཤད་དུ་གསོལ། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །ཕྱག་ན་རྡོ་རྗེ་ལ་སོགས་པ། །ཁྲོ་བོ་དྲེགས་པར་བཅས་པ་ཉོན། །ལས་ཀྱི་དྲག་སྔགས་ཟབ་མོ་འདི། །བསྙེན་སྒྲུབ་ལས་སྦྱོར་མ་ནོར་བཟླས། །ཨཱོྂ་ཡ་མ་རཱ་ཛ་ཀླུ་ལིང་བྷ་སངས། ཀུ་ན་བྷ་སངས། ཀླུ་ལིང་པ་ཀུ་ཏ་ནན། ཡོ་ལྕགས་བ་ཀུ་ཏ་ཧཱུྃ་ཕཊ། དྲག་ཐུན་གྱི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཙ་ལ་ཙ་ལ་པྲ་ཙ་ལ་ཤྲཱི་ག་ག་མྲྀ་ཎྲྀ་ཧ། ཐུན་སྔགས་སོ། །ཨཱོྂ་ཎྲྀ་ཤ་ཀུ་རུ་ཎྲྀ་ཤ་ཀུ་རུ། ཁ་སོ་བ་ཏི་ཡེམ། རུ་ཏྲི་ཡ་མ་སེ་ན་མེ་ན་ཡམ། སེ་ན་ཡ་མ་སྙིང་ཚལ་པ་རྦད། སྙིང་ཐུན་གྱི་སྔགས་སོ། །ཨཱོྂ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛ་ལ་མ་ར་ཀ་ར་ཡ། པྲ་ཛྭ་ལ་པྲ་ཛྭ་ལ་སྤུ་ཏ་སྤུ་ཏ་སརྦ་ནཱ་ག་ཏ། བེ་ན་ན་ས་ར་ས་ར་བྱི་ས་ར་བྱི་ས་ར། སརྦ་དུ ཥྚཾ། བྷྲི་ཧྲཱི་ཟེར་བའང་འདུག །ཏ་ཡ་ཤོ་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨནྟྲ་ཏ་ར་སནྟ་ར་ཙནྟ་ར་ཀནྟ་ར་སྭཱ་ཧཱ། ན་མཿས་མནྟ་བི་ཤོ་ཏ་ཡ་བི་བི་ཧཱུྃ་ཕཊ། ཕུར་ཐུན་གྱི་སྔགས་སོ། །ཁྲག་ཐུན་ནི་མ་མོ་དང་བལ་མོས་བྱའོ། །ཨཱོྂ་ཧྲཱིཿཥྚི་ཝི་ཥྚི་ཏ་མོ་ན་ཏ་དགྲ་བོ་མཱ་ར་ཡ་མ་དུ་རུ། མ་ར་ནན། མ་ར་ཡམ། གཤེད་པོའི་མནན་པའི་ཐུན་ནོ། །ཨཱོྂ་ཛོ་ཧ་ཝ་ཀྲི་ཏ་སོད་སོད། དགྲ་བོ་ནི་སོད་སོད། མཱ་ར་ཡ་འབོ་འབོ། ཡཾ་ཡཾ། ཨཱོྂ་རུ་ཏ་རུ་ཏ་མ་ར་ཡམ་མ་ར་དུ་མ་ར་ཡ་ཕཊ། འཆི་བདག་དམར་པོའི་སྔགས་སོ། །ཙཀྲ་རཾ་ཙིཏྟ་གུ་ལུ་ནན་སོ་ཏྲི་ཁ་རམ། སུམ་ཏྲི་ནི། ཤམ་ཏྲི་ནི། ནྲྀ་ཏྲི་ཛ་ཛཿ ལས་ལ་འཇུག་པའི་སྔགས་སོ། །ཨཱོྂ་མཉྫུ་ཤྲཱི་ཡ་མཱནྟ་ཏ་ཀ་མ་རུ་རྩེ་ཏོ་པ་ཏ་ཡེ་ཧཱུྃ་ཕཊ། སྐུ་བསྐྱེད་པའི་སྔགས་སོ། །ཨཱོྂ་ཀུ་མཱ་ར་མཉྫུ་ཤྲཱི་ཀུ་མཱ་རཱ་ཛཿ རྟག་ཏུ་བསྙེན་པའི་སྔགས་སོ། །ཨཱོྂ་བེ་ག་ས་ཏེ་ཨེ་ཨ་མུ་ཀཾ། མཱ་ར་ཡ་ཧཱུྃ་ཕཊ། བེ་ཅོན་གྱི་སྔགས་སོ། །ༀ་ཤྲཱི་མཉྫུ་ཀུ་མཱ་རཱ་ཛ་ཁཱ་ཧི། ཨ་ནུ་རུ་པ་ཁཱ་ཧི། སུ་རུ་པ་ཁཱ་ཧི། ཀུ་པ་ར་ཙནྜ་ཁཱ་ཧི། ཏ་ཀུ་པ་ར་མི་ཏ་ཁཱ་ཧི། མཆོད་པ་བསྟབ་པའི་སྔགས་སོ། །བདུད་པྲ་མ་ཡ། བདུད་མཱ་ར་ཡ། རཀྟ་ཙིཏྟ་རོལ་ཤག །པྲ་མ་ནན། ཐ་དྲི་ཡ་དུ་ན། རག་དུམ་མྱགས་ར་ཙ་མ་ནི་སྙིང་ཤད་ཤད་ཧམ་ཧམ། མ་ནི་ཛ་ཛཿ དེ་ནས་བཅོམ་ལྡན་གཤེད་པོ་ཡིས། །བྱ་ཁྲ་གཤོག་པ་ཆད་གྱུར་པས། །དབང་པོ་ལས་སྤྲོས་ཁྲོ་བོ་བཞིས། །དབང་བསྐུར་གཉིས་མེད་བསྟིམ་ནས་ཀྱང་། །དམག་དཔོན་ཆེན་པོར་དབང་བསྐུར་རོ། །འཇམ་དཔལ་གཤིན་རྗེ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། དྲག་པོའི་ཕྲིན་ལས་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཁྲོ་བོ་ཆེན་པོ་ཡིས། །བྱ་ཁྱུང་དམར་པོ་སྦུ་ཁ་རང་རྒྱུད་ཀྱི། ཁྲོ་བོའི་གཤོག་པ་གསོས། །དམར་པོ་ཁྲ་ཞོན་གཏུམ་པོ་ཞིག །ལས་ལ་གིང་དུ་མངགས་པ་ཡི། །གཏུམ་པོ་མཆེད་བཞིས་སྲོག་ཕུལ་ལོ། །ཨཱོྂ་ཤེལ་གྱུ་རུ་ཉ་སྲིན་པོ་མ་རུ་རྩེ། དཀར་པོ་ཐུམ་རིལ་རྦད། སྲོག་ལ་ཁུག་ཐུམ་རིལ་རྦད། ཨཱོྂ་མ་ཀྲི་ཏྲག་གཤིན་རྗེ་མ་རུ་རྩེ། ཤ་མུ་ཐུམ་དྲག་དྲལ། དུན་དུན་ཡམ་ཡམ། ལིང་གར་ལི་རག་ཤ་བམ་རིལ་རྦད་མ་ཏི་མ་ག་ཏི་རྦད། ཨཱོྂ་བེ་བ་རྡ་རྡ་བེ་ཤམ་རྒྱུ་བེ་ཤམ་ཨ་པ་ཏ་ལོ་ཀ་ཏེ་ཡ་ན་མ་ཤོ་སྙིང་ཁ་ལ་རཀྴ་བམ་རིལ་རྦད། ག་དུ་ན་དུ་ན། ཨ་ཁ་ནོ་རྦད། ཏྲི་ཁར་ལ་མ་རུ་ཏྲ་ཧཱུྃ་ཐུམ་རུ་ལུ་མ་ཧོ་བྷྱོ། གུར་ཏེ་ཤི་ན་ལི། ར་ཏེ་ཤི་ན་ལི། ར་གདོང་གི་དམོད་པ། ཁུ་ཏེ་ཤི་ན་ལི། ལང་ཧེ་ཤི་ན་ལི། སྙིང་ཏི་ཤི་ན་ལི། ཤི་ཏི་ཤི་ན་ལི། འབོད་རྦད་བསད་པའི་སྔགས་སོ། །འཇམ་དཔལ་གཤིན་རྗེ་དམར་པོའི་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། གཏུམ་པ་བཞིའི་སྔགས་ཀྱི་ལེའི་སྟེ་དྲུག་པའོ།། །།དེ་ནས་མ་མོ་བཞིས་རོ་ཁ་མ་ནམ་གྲུ་ཙ་མུན་ཏྲི་རེ་མ་ཏཱི། ཕུལ་བ། ཨཱོྂ་ན་ག་རོ་ཁ་མ། མོ་ཀ་ལམ་ཏེ་ཀེ་མ་ཛ་ཛཿ སྙིང་ལ་ཐུར་ཐུར་གཤོག །ཨཱོྂ་ཏྲག་ནམ་གྲུ་མ། རཀྴ་མུ་ཏྲ་ཁ་རག་མོ་བྷྱོ་བྷྱོ། ཨཱོྂ་ཙ་ཙ་མུན་ཏྲི། མུནྟི་བམ་རྨུགས་ཡཀྴ་སྙིང་ལ་ཤད་ཤད། ལྷང་ལྷང་འཚེར་བ་ཁ་བས་རེ་མ་པ་སོད། ཨཱོྂ་ཏྲག་ཁམ་ཁམ་རེ་མ་ཏཱི། བེ་ཤ་ཏྲ་སེ་ཤ་རུ་སེ་ཤ་ཁ་ཐུན་ཁ་བེ་ཤ་ཁ་བེ་ཤ་བམ་ཤ་རུ། བེ་ཤ་ཁ་ཐུན་བྷྱོ། ཨཱོྂ་ཁ་བེ་ཤ་ཁ་རྔ་བེ་ཤ་མ་བི་ཤི་རུ་སེ་ཤ་ཀ་ཐུན་རཀ་མོ་ནི་ཤ་ལ་ཀུ་རུ་ཀུ་རུ་ཐུམ་རྦད། རག་མོ་ཁ་ལ་ཙ་ཙ་ཐུན་བྷྱོ་བྷྱོ། ཏྲག་རག་ཤ་ཁ་མུན་ཛ། རུ་ལུ་རུ་ལུ་བྷྱོ། སྲིང་བྷྱོ། ཧཱུྃ་བྷྱོ། ས་མ་ཡ་བྷྱོ། རཀྟ་ཐུན་རྦད། ཁ་ལ་ཙ་ཙ་བྷྱོ། རྩ་རྩི་རྦད། སྙིང་ལ་ཐུན། རག་མོ་ཁ་ལ་ཙ་ཙ་ཐུན་བྷྱོ་བྷྱོ། ས་མ་ཡ་དུན་བྷྱོ་བྷྱོ། སྤྱི་འབོད་པའོ། །དེ་ནས་གིང་ཆེན་ཕོ་གིང་ཕོ་མོའི་སྐབས། དགུ་དང་མོ་དགུས་དམོད་པ་འབོད་པ་དང་རྦད་པ་ཕུལ་བ། བདུད་པྲ་མ་ཡ་ད་རུ་ནན་ནི་ནན་ཨ་ཁ་བམ་རྦད། ཏྲི་པ་ཤི་ལི་ས་མ་ཡ་བྷྱོ། དཀར་པོ་སྲོག་ལོངས་དབུག་ཆོད། སྙིང་རྩ་ནན་པྲ་མ་ཡ་ཧཱུྃ་ནན། ན་མོ་རཏྣ་ཏྲ་ཡཱ་ཡ། གིང་ལ་རྐྱང་བསྡེབ་པ་ལ། ཙ་ལ་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། ཤི་ག་ག་མི་ནི། རྦད་བུད་རྦད་བུད་ཁྲག་ཏི་རྦད། སྙིང་ཁ་རྦད། འགྱེལ་ན་རླག །སུ་རླག་དུ་རླག །བཤས་སོ། །བཀམ་མོ། །མ་བྷྱོ། ཏྲ་མ་བྷྱོ། ཏྲ་མ་བྷྱོ། ཏྲག་རུ་རད། པྲ་ལ་ཤག །ས་མ་ཡ་བྷྱོ། ཡག་ཤ་གྷྲྀ་བ་ས་མ་ཡ་དུ་དུ་ཛ། འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། གིང་ཕོ་མོའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡུམ་ཁྲོ་མོ་རོ་ལངས་མ་ཡིས་ཕུལ་བ། ཨཱོྂ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཨུ་ཙུས་མ་ཀྲོ་དྷ། བེ་ཏ་ལི་མུཾ་ཀྲོ་ཏི་ཤྭ་རི་རཀྴ་ཡཀྴ་ཛ་ཛཿ སྙིང་ཁར་རཀ་མོ་བྷྱོ། རཀྨོ་སྙིང་རྩ་མ་བྷྱོ། ཁྲག་ལ་མུ་ཤ་མ་བྷྱོ། ནག་པོ་ཏིང་ལམ་མ་མ་ནག་མོ་ཏིང་ལམ་ཁ་ལ་རཀྴ་བྷྱོ། དུམ་བུ་མར་དུམ་བུ་ཙམ་དུ་རུ་དུམ་བུ་ཁྲག་རུ་ཁམ་ཁམ་ཐུམ་ཐུམ། མ་དུ་མ་ཙི་དུ་རུ་པ་ན་ཡ་རྦད། དེ་ནས་མ་མོ་ལས་བྱེད་ཐམས་ཅད་ཀྱི་གཙོ་མོ་ཨེ་ཀ་ཛཱ་ཏི་མས་མ་བྲན་ཐམས་ཅད་ལས་ལ་འཛུད་པའི་དྲག་པོ་གསང་བ་ཕུལ་བ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མ་བྷྱོ། ནག་མོ་ཁ་ལི་བམ་ཛ་བྷྱོ། ཟ་འགྲམ་མུ་འགྲམ་ཛ་འགྲམ་བྷྱོ་བྷྱོ། རུ་དྲ་རྦད་རཀ་ཤ་རྦད་མ་མ་སྙིང་རྩ་རྦད། ཁ་དུམ་རྦད། ཙིཏྟ་རྦད། མཱ་ར་ཡ་རྦད། ཐལ་ཕྱུང་ཐལ་ཕྱུང་། མ་མ་ཐུམས་མ་མ་ཐུམས། རྦད་སུ་རྦད་སུ། དུ་ཡམ་ཙིཏྟ་ཡམ། རུ་ཐུམས་ས་མ་ཡ་མཱ་ར་ཡ་དུ་ཐུམས། ཐུམས་བུ་རུ་རུ་ཐུ་མས་ཡ་ན་རྦད། ཧཱུྃ་དུ་ཧཱུྃ་དུ་རུ་ཡ་ཧཱུྃ་ཕཊ་རྦད། དེ་ནས་ཡང་གཤིན་རྗེ་འཆི་བདག་འབར་བའི་ཚོགས་ཀྱིས་ཕུལ་བ། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཡམ་ཡམ་ཐུམ་ཐུམ། གཤིན་རྗེ་ནག་པོ་སྙིང་ཁྲག་ལ་དུན་དུན་བྷྱོ། མ་རུ་སྲོག་རྩ་ལ་ཧུར་ཐུམ། དགྲ་བོ་ནི་མཱ་ར་ཡ་ཙ་ཙ་རཱ་ཙ་རྦད། ཏྲི་ལིང་ཤཾ་ཀ་དུན་ཙ་ཙ་རཱ་ཙ་རྦད། ཏྲི་པ་ཐུན་ཙ་ཙ་རཱ་ཙ་རྦད། བ་ཏྲི་ཁ་ཡག་རྦད། ཙ་ཙ་རཱ་ཙ་རྦད། མདུན་ཏྲི་ལ་ར་ཏྲི་ཆུམས་ཙ་ཙ་རཱ་ཙ་རྦད། བླ་ཏྲི་ཤིག་སྙིང་རྩལ་ཙ་ཙ་རཱ་ཙ་རྦད། ཨཱོྂ་ཤྲཱི་མཉྫུ་ཨུ་ཙུསྨ་རྣལ་མ་རྣལ་ཏེ་བྷྱོ། གཤིན་རྗེ་ནག་པོའི་སྙིང་ཁྲག་ལ་ཚལ་བྷྱོ། ཀུམ་ཀུམ་ཏ་ཀི་ནི་ཏ་ཀི་ནི། མཱ་ར་ཡ་ཪྣྲྀ་ཛཿ བཛྲ་ཡཀྴ་མ་རུ་རྩེ། དགྲ་བོའི་སྙིང་ཁྲག་ཏུ་སྲོག་ལ་བྷྱོ་བྷྱོ། འཇམ་དཔལ་གཤིན་རྗེ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། འཆི་བདག་ཕོ་མོའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཡ་མཱནྟ་ཀས་ཐམས་ཅད་མཐུ་དང་ལྡན་པར་བྱེད་པ། རོ་ལངས་གྲུབ་པར་བྱེད་པ་དང་། རི་རབ་བརླག་པ་དང་། རྒྱ་མཚོ་སྐེམ་པར་བྱེད་པ་འདི་གསུངས་སོ། །གཤམ་གྱི་གཡུང་དྲུང་གི་རྟགས་ཡོད་པར་ལེའུ་དགུ་པའི་རྫོགས་ཚིག་གབ་པའོ། །ལེའུ་དགུ་པ་ཆད་རྟགས་སོ། །ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཛྭ་ལ་ཛྭ་ལ་ཀཱ་ཡ་ཧཱུྃ་ཕཊ། ཧྲཱི་ཏྲི་བག་ཤ་ཡ་བག་ཤ་ཡ་ཧཱུྃ་ན་མ་ར་ཡ། ཀ་ལ་རཱུ་པ་ཙིཏྟ་པ་ནི་ཚིནྡྷ་ཚིནྡྷ་མཱ་ར་ཡ། ཨཱོྂ་ཨ་ཀྲོ་ཏེ་ཀ་ཀ་ལ་རཱུ་པ་ནི་ཧཱུྃ་ཕཊ། ཤྲཱི་ཏེ་ཁྲོ་ཧ་ཧ། ཤྲཱི་བྷི་ཛ་ཡ་ཁ་ཐུམས། ནི་ཛ་འགལ་བྱེད་སོད། བརླག་བྱེད་གཙོ་བོ་ཁང་ཀང་ཐུམས། ས་མ་ཡ་མཉྫུ་ཀུག་ཏ་ཧཱུྃ། ཨ་ནུ་རཱ་ག་ཡ་མ་ཏེ་ཀ་ཧཱུྃ། དེ་བྱི་ཐུམ་ཐུམ། ཧེ་ཏ་ཧ་དམ་དམ། ས་མ་ཡ་གུ་གུ་ཐུལ། ཡ་མ་བམ་རིལ་བམ་རིམ་རྦད་རྦད་སོད་ཆོད། དེ་ནས་བསེ་ཡི་ལྷ་མོ་བཞིས་ཕུལ་བ། ཨཱོྂ་སུ་རི་ས་མ་ར་ཙིཏྟ་ཡོ་གི་ཤྭ་ར་ཡ་མ་ཏིརྟ་ཧཱུཾ་ཕཊ། ཀྱི་ཁྲིད་ར་ཁྲིད་རོ་ལ་ཁྲག་འཐུང་། ཀང་ཀང་ཀྱེ་ཀྱེ་གྱིང་གྱིང་ཙི་ན་རྡན་མ་རོ་མ་ཁྲག་འཐུང་། ཀང་ཀང་ཀྱོ་ཀྱོ་ཀྱིང་ཀྱིང་། ཤ་ཟ་བའི་མ་མོ། སྙིང་འབྱིན་པའི་མ་མོ། ཁྲག་འཐུང་བའི་མ་མོ། དབུགས་འཕྲོག་པའི་མ་མོ། སྲོག་གཅོད་པའི་མ་མོ། ཤ་ཟ་བའི་ཙིཏྟ་མ་རི་ཤ །ཏང་པར་ལ་ཏོ་ཤ་ལ་ཀྱི་ཁྱི། ཀྲ་ཧེ་ཁྲ་ཧེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨཱོྂ་བཛྲ་མུ་ཀ་མུ་ཏྲ་ཏི་འགྲིན་འགྲིན་ཀ་བི་རཱ་ཛ་ཡ་ཧཱུྃ་ཕཊ། རྦད་ཨ་བེ་ཤ་ཡ་ཧཱུྃ་ཕཊ་རྦད། མི་རི་ཀུནྡྷ་རི་བམ་ཐུམས་རྦད་ཕཊ། ཁྲག་ཏི་སྨྲ་ར་ཕཊ་རྦད། དེ་ནས་བློན་མོ་བཞིས་ཕུལ་བ། ཨཱོྂ་ཙི་བི་རི་ཙཀྲ་རྣ་ན་ས་མ་ཡ་ཚལ་པ་ཨ་ཪྣྲྀ་ཏྲི་མཱ་ར་ཡ་ཨཾ་ཀུ་ཤ་ཛ་ཛཿ ཨཱོྂ་ཨ་བེ་ཤ་ཡ་ས་མ་ཡ་ཚལ་པ་ཨ་ནྲི་ཏྲི་མཱ་ར་ཡ་ཨཾ་ཀུ་ཤ་ཛ་ཛཿ ཤུ་ཤུ་ཡག་ཤ་ས་མ་ཡ། ཚལ་པ་ཨ་ནྲྀ་ཏྲི་མཱ་ར་ཡ་ཨཾ་ཀུ་ཤ་ཛ་ཛཿ ཨཱོྂ་ནཱ་ག་མཱ་ར་ཡ་ས་མ་ལ་ཚལ་པ་ཨ་ནྲི་ཏྲི་མཱ་ར་ཡ་ཨཾ་ཀུ་ཤ་ཛ་ཛཿ ནག་མོ་ཕུད་གསུམ་མས་ཕུལ་བ། དུན་ནི་དུན་ཏི་དུ་ལ་ཡ་ཛཿ དུ་རུ་ཛ་ལ་ནི་ཧ་ན་ཛཿ དུ་མ་རག་དེ་ཛ་བྷྱོ་ཛཿ འཇམ་དཔལ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། དམར་ནག་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཁྲོ་བོ་ཆེན་པོ་ཡིས། །འདུས་པའི་འཁོར་ལ་འདི་གསུངས་པ། །ཉོན་ཅིག་ཁྲོ་བོ་རོལ་པ་དང་། །དྲེགས་པ་རྔམ་བྱེད་རོལ་པ་རྣམས། །ལས་འདི་བསྒྲུབ་པའི་ཐབས་དེ་ནི། །ཕུར་པ་དང་ནི་འཁོར་ལོ་དང་། །སྲོག་དང་ཐོན་པར་ཤེས་པར་བྱ། །དངོས་གཞི་བསྒྲུབ་པའི་གབ་གཏེར་ཡིན། ༡ །བདག་ཉིད་འཇམ་དཔལ་གཤེད་པོར་བསྒོམ། །གཡས་དང་གཡོན་དུ་སྦྱོར་དང་སྒྲོལ། །མདུན་དུ་སྒྲོལ་གིང་མ་རུ་རྩེ། །ལྕེ་སྤྱང་ལི་དུ་ཀང་ཀར་བཅས། །སྤྲུལ་པ་གསུམ་གྱིས་གཟས་པོ་དགུག །ལྷ་མོ་བཞི་དང་བློན་མོ་བཞི། །ཕྱག་རྒྱ་བཅས་ཏེ་བསྒོམ་ཞིང་གསྲེག །ནག་མོ་འབུམ་དང་གིང་བདུད་བཅས། །བརྔམ་བྱེད་འབར་བ་རོལ་པའི་ཚོགས། །ལྷ་ཡི་གབ་གཏེར་ཏིང་འཛིན་ཡིན། ༢ །བསྙེན་པ་གྲངས་དང་སྒྲུབ་པ་དྲིལ། །ལས་ལ་བསྐུལ་དང་སྲེག་པ་ནི། །བཟླས་པ་སྔགས་ཀྱི་གབ་གཏེར་ཡིན། ༣ །ཡབ་དང་ཡུམ་དང་སྲས་མཆོད་དང་། །མིང་པོ་སྲིང་མོ་ལས་ལ་བསྐུལ། །མིང་སྲིང་དཀྲུགས་དྲིལ་བྲབ་པ་ནི། །ཕྲིན་ལས་སྦྱོར་ཀའི་གང་གཏེར་ཡིན། ༤ །དང་པོ་ལྷ་དང་དཔྲལ་བར་བྱ། །ངེས་པར་ཕྲོལ་ནས་ཁུགས་པར་དགུག །འབར་མ་ཕོ་ཉའི་བླ་རྐུན་བཏང་། །དབྱེ་དང་དགུག་པའི་གབ་གཏེར་ཡིན། ༥ །དབྱེར་དགུག་ལས་ནི་རྫོགས་པ་དང་། །མིང་པོས་བསད་ཅིང་སྲིན་མོས་དགུག །ཉིན་མཚན་མེད་པར་གཟེར་ཐུན་དབབ། །གདབ་ཅིག་བསད་པའི་ལས་བྱ་བ། །ཟོར་ཐུན་དྲག་པོའི་གབ་གཏེར་ཡིན། ༦ །ཕུར་བུ་ཐེབས་དང་ལས་རྫོགས་ནས། །མེ་ཡི་དཀྱིལ་འཁོར་བསྐྱེད་བྱས་ཏེ། །གདུག་པའི་ཤིང་ལ་དྲག་པོས་བསྲེག །ཧོམ་བསྒྲུབ་མེ་ཡི་གབ་གཏེར་ཡིན། ༧ །མིང་པོ་བསེ་ཡི་སྒྲུབ་པ་དང་། །སྲིང་མོ་བསེ་རུ་སྒྲུབ་པ་ནི། །སོ་སོར་བསྒྲུབ་སྟེ་དྲིལ་ཏེ་བསད། །སྒོས་བསྒྲུབ་སྲོག་གཟེར་གབ་གཏེར་ཡིན། ༨ །གཤིན་རྗེ་བཅུ་གཉིས་བོས་བྱས་ནས། །ལིང་ག་བཅུ་གཉིས་གཏད་བྱས་ཏེ། །ཁྲམ་ལ་གདབ་པའི་ལས་བྱ་སྟེ། །མནན་པའི་ས་རུ་ཤི་ས་རུ། །བསྒོམས་ཏེ་མནན་༡དང་བཟླས་ཏེ་མནན། ༢ །རྦད་དེ་མནན་༣དང་གཟིར་ཏེ་མནན། ༤ །རྫས་ཀྱི་མནན་༥དང་གཤིག་གི་མནན། ༦ །སྨོན་ལམ་དམོད་པས་མནན་༧དང་བདུན། །མནན་གཏད་མཐའ་སྡུད་གབ་གཏེར་ཡིན། ༩ །དམ་ཚིག་བསྲུང་ཞིང་བསེ་མཁར་བཅའ། །སྲོག་བཟུང་བསྒྲུབ་ཅིང་བསྒོམ་པ་ནི། །ཐུན་མོང་སྲོག་གཟེར་གབ་གཏེར་ཡིན། ༡༠ །གབ་གཏེར་བཅོ་ལྔ་བསྟན་པ་ནི། །དམར་ནག་རོལ་པའི་ལྷ་བསྒྲུབ་ལ། །དངོས་གྲུབ་ཐོབ་པར་གདོན་མི་ཟ། །ངས་བཤད་པ་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། དམར་ནག་རྒྱས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཁྲོ་བོ་ཆེན་པོ་ལ། །གནོད་སྦྱིན་དམར་པོ་གར་མཁན་གྱིས། །གསད་དམོད་དྲག་སྔགས་རིག་པ་ཕུལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲཱ་མ་ཎ་ཡེ། མ་ཧཱ་རཱ་ཛ་སྱེ། ན་མོ་ན་ཏ་ཀུ་པ་ར་སྱོ། གུ་ཡ་ཨ་ཏི་པ་ཏེ་ཏེ་པ་ན་ཏ་ཀུ་པ་ར་མ་རྡ་ཤ་ཡ། ཨ་ན་ཏ་པ། ས་ན་ཏ་ཀུ་པ་ར། ཙཎྜ་ཁ་ན་ཙ་ཁ་མ་ཧེ། མ་ཧཱ་ས་ཀ་ནན། ན་ཏ་ཀུ་པ་ར་ན་ཧེ་མ་ཀན། གྷུ་ཧ་ཀ་ཡ་ཙ་ལ་པ་ཙ་པ་ཙ་སུ་ལུ་སུ་ལུ་སྭཱ་ཧཱ། གནོད་སྦྱིན་གསང་བའི་དྲག་སྔགས་ཀྱིས། །ཁྲག་ཏུ་སྐྱུགས་ཏེ་བསད་པ་ནི། །ཨཱོྂ་པྲ་ཏི་བྲི་ཀེ་ཏ་ཁྲམས་སད་དུ་སྟི་མཱ་ར་ཡ། ཨཱོྂ་ཁྲམ་ཏིན་བི་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨཱོྂ་ཁྲམ་ཨ་ཙ་ཚ་རྒྱ་ཙ་ཚ་ཙ་ཚ་ར་ཀེ་ཤིག །ཙ་དུ་ཐེ་སྲོག་རྩ་ལ་ཙ་ཚ། སྲོག་ལ་ཙ་ཚ། ན་ཚད་མུ་ཙ་ཚ། མུ་ཧུ་ལ་ཙ་ཚ་ཧ་མུ་འུམ་པ་ཨུ་པ་ཧ་སྭཱ་ཧཱ། ཨཱོྂ་བཛྲ་ཙན་དྷ་ལི་མ་རེ་ཧེ་རུ་ཀེ་ཁྲམ་མཱ་ར་ཡ་ཕཊ། ཨཱོྂ་སི་སི་ཏ་ཧ་རུ་སོད་སོད་བམ་བམ་རུལ་འདུས་ཞི་བ་ཐུན་ཀ་ཏེ་ཡ་ཧོ། ཏྲུམ་ཧེ་ཏྲུམ་ཁྲམ་མཱ་ར་ཡ་ཕཊ། ཨཱོྂ་བཛྲ་ཀི་ནི་ཛྷ་ལ་ཛྭ་ལ་ཁྲམ་མཱ་ར་ཡ་ཕཊ། ཨཱོྂ་ཁྲུ་ཁྲུམ་མཱ་ར་ཡ་ཕཊ། ཨཱོྂ་ཤི་ཤི་ཀུ་བོན་ཡོས་ན་སླེན། ལི་ཨེ་བྷྱོ་དུ་ཤེ་ནིག་ཀ་ལ་སྲོད་ཁྲམ་མཱ་ར་ཡ་ཕཊ། ཨཱོྂ་ཐུམ་ཐུམ་མྱགས་མྱགས། དམིགས་མྱུལ་མྱུལ་ཞར་ཞར་ཞིག་ཞིག་ཕཊ། མགོ་ལ་ཐོབ་སྐོམ་པར་བྱའོ། །མིག་ལ་ཐོབ་ཞར་བར་བྱའོ། །རྣ་བ་ལ་ཐོབ་འོན་པར་བྱའོ། །སྣ་ལ་ཐོབ་སུབ་པར་བྱའོ། །ཁ་ལ་ཐོབ་ཡོན་པོར་བྱའོ། །ཡན་ལག་ལ་ཐོབ་ཞ་བར་བྱའོ། །གནོད་སྦྱིན་ཁྲག་ཏུ་སྐྱུག་པ་ཡི། །གནོད་སྦྱིན་དྲེགས་པའི་དམག་དཔོན་འདིས། །ལྷ་དབང་བརྒྱ་བྱིན་བརླག་པར་འགྱུར། །བསྟན་པའི་དགྲ་བོ་སྨོས་ཅི་དགོས། །འཇམ་དཔལ་གཤིན་རྗེ་དམར་པོ་འཇིག་རྟེན་ལས་འདས་པ་མདོ་རྒྱུད་ལས། གནོད་སྦྱིན་ཁྲག་སྐྱུག་གི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གཤེད་པོའི་སྤུ་གྲི་ནི། །ར་སྤྱང་ཐོད་པར་འཁོར་ལོ་བཅའ། །བདུན་ཚོ་གསུམ་དུ་བཅད་ལ་བགྲང་། །ཨཱོྂ་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། རྔམ་རྔམ་ཕཊ། རྔམ་རྔམ་དགྲ་བོའི་སྲོག་ལ་རྔམ། རྔམ་རྔམ་དགྲ་བོའི་ཁྲག་ལ་རྔམ། རྔམ་རྔམ་དགྲ་བོའི་ཤ་ལ་རྔམ། རྔམ་རྔམ་དགྲ་བོའི་རུས་ལ་རྔམས། མ་རུ་མུགས་ནི་མུགས་ནི་རྦད། ཡ་མ་ཤུ་ཏྲི་ཡ་དུ་ན་མ་རྔུ་རྔམ་པ་ལ་ཕཊ། མུགས་པ་ནི་མུགས་རྦད། རྦད་བུ་རྦད་བུ་ཡ་ནི་རྦད་རྦད། ཨཱོྂ་ཡ་མ་ཧུར་ཏྲི་རྦད། ཧཱུྃ་ཤུ་ཏྲི་རྦད། མ་རུ་ཏྲི་ཡཾ་རྦད། མུགས་མ་རུ་ཏྲི་རྦད་རྦད། ཨཱོྂ་ས་མ་ཡ་ཕུག་ཕུག་བཏོལ་བཏོལ་ཙིཏྟ་ཕྱུང་སྙིང་ཁ་རམ་ཚལ་པ་ཚལ་པ་བྷྱོ། ཁམ་ཁམ་སྙིང་ལ་ཁམ་ཕྱུང་ཕྱུང་ཙིཏྟ་ཕྱུང་། ཙག་ཤུ་བམ་རིལ་ཐུམ་ཐུམ། སྙིང་རིལ་ཡ། སྙིང་ཁྲག་ཁོང་ནས་ཕྱུང་ལ་ཤོག །མཱ་ར་ཡ་རྦད། ས་མུ་ཧེ་ལུ་ཐ་རྦད། སྲོག་ལ་བྲེང་བྲེང་མ་རུ་རྩེ་རྩ་ཁྲག་ཙིཏྟ་ཕྱུང་གཏུབས། སྲོག་ལ་བྲེང་ཤག་མྱགས་ཏི་རྦད། མ་ར་ཁྲག་ཏུ་སྐྱུགས་པ་ཡི། །དུག་མདའ་སྤུ་གྲི་རེག་ཆོད་འདི། །གང་ལ་བཏབ་ཀྱང་འཆོར་མི་སྲིད། །འཇམ་དཔལ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། སྤུ་གྲི་རེག་ཆོད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་སྒྲོལ་གིང་དམར་པོའི་ཚོགས་ཐམས་ཅད་ཀྱིས་ནི་སྲོག་ཕུལ་ཏོ། །སྲིན་མོ་ནག་མོས་རང་རྟགས་སྲོག་གི་སྙིང་པོ་ལ་སྲིད་པ་གསུམ་ཡང་སྒྲོལ་བར་བྱེད་པ་འདི་ཕུལ་ལོ། །ཏྲག་རཀ་ཁ་མུན་ཏྲ་བྷྱོ། གནོད་སྦྱིན་མོ་གདུག་པ་ཅན་གྱིས་ཀྱང་སྒྲུབ་པ་རྟགས་ཀྱི་སྙིང་པོ་སྲིད་པ་གསུམ་ཕུང་བར་བྱེད་པ་འདི་ཕུལ་ལོ། །མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ། དེ་ནས་མ་བདུན་མོན་མོ་ནག་མོས་ཁམས་གསུམ་ཟ་བར་བྱེད་པའི་སྙིང་པོ་ཐམས་ཅད་ཞི་བར་བྱེད་པ་འདི་ཕུལ་ལོ། །རག་མོ་ཏེ་གེམ་ཛ་ཛ་ཁ་ཁ་མ་ཧི་བྷྱོ། དེ་ནས་བདུད་མོ་ནག་མོས་གདུག་པ་འདུལ་བའི་སྙིང་པོ་ཐམས་ཅད་བརྒྱལ་བར་བྱེད་པ་ཕུལ་ལོ། །རུ་ལུ་རུ་ལུ་མ་ཧི་བྷྱོ། དེ་ནས་འཁོར་བལ་མོ་གདུག་པ་ཅན་གྱིས་ཕུལ་ལོ། །མ་མ་མ་ལ་ཡམ། འགྲོ་ལོ་སྣེ་རྩེ་འགྲམ་གཡས་གཡས་པ་ལ། ཡ་ཏིསྟ་རྦད་ན་ཐུམ་རི་ལི་ལི་མ་ཏི་ཏ་རྦད་ཐུམ་རི་ལི་ལི་ཤ་དི་ཏ་རྦད་ན་ཐུམ་རི་ལི་ལི་ཁ་ཆུམ་ཡ་ཏི་ཏ་རྦད་ན་ཐུམ་རི་ལི་ལི། ཡཀྴ་ནི་ཡ་ཏི་ཏ་རྦད་ན་ཐུམ་རི་ལི་ལི། དགྲ་བོ་ནི་ཡིད་ཏ་རྦད་ན་ཐུམ་རི་ལི་ལི། སྲིན་མོའི་ངོ་བོར་གནས་པ་དང་། །གནོད་སྦྱིན་མོ་རུ་གནས་པ་དང་། །མོན་མོ་ནག་མོར་གནས་པ་དང་། །བདུད་མོ་ནག་མོར་གནས་པ་ཡི། །སྔགས་རྣམས་གཅིག་ཏུ་དྲིལ་ནས་ནི། །མ་མོ་སྔགས་སྲུང་རྒྱལ་མོར་བསྒྲུབ། །སྙིང་ལ་བསྒྲུབ་དང་སྙིང་ཐུན་ཏེ། །གིང་གི་དྲག་སྔགས་གཟུགས་ལ་སྟིམ། །ཁྲག་ལ་བསྒྲུབ་པ་ཁྲག་ཐུན་ཏེ། །དུག་ལ་བསྒྲུབ་པ་དུག་ཐུན་ཡིན། །ཕུར་བུ་བསྒྲུབ་པ་ཕུར་ཐུན་ཏེ། །ལྟས་ངན་དབབ་དང་སྲོག་ཏུ་དབབ། །གང་འདོད་གང་མོས་མ་མོ་ཡིས། །ལྕགས་སྤྱང་ནག་མོའི་དྲག་སྔགས་བསྟན། །ཅེས་གསུངས་སོ། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། སྔགས་སྲུང་བསྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དམར་པོ་ལྔ་ཡི་དྲག་སྔགས་ལས། །གནོད་སྦྱིན་མོ་དང་བལ་མོར་བཅས། །སྲོག་ལ་ཐུན་དུ་བསྒྲུབ་པ་དང་། །ཐོད་པ་ཞལ་གྱི་ཐུན་བསྒྲུབ་དང་། །ཐུན་ལས་ཐུན་དུ་བསྒྲུབ་པ་དང་། །འཁོར་ལོ་ཕུར་པ་ཧོམ་དང་བཅས། །སོགས་པ་དྲག་པོའི་ལིང་ག་དང་། །དྲག་པོ་བྲུབ་ཁུང་ལས་ཤེས་ནས། །དྲི་ཟ་དང་རྐྱང་པ་སོར་འདེབས་ན། །ཤེས་ལ་སྤྱན་ལྡན་དམ་པའི་ངག །གང་ལ་མོས་དང་ཤིས་པ་དེས། །སྔགས་ཀྱི་བདག་པོས་འབུམ་བཟློས་ནས། །རོ་ལངས་ལྟོ་བ་བཟློག་པ་དང་། །གཏེར་དུ་བསྒྲུབ་པ་ཀུ་བེ་ར། །དམར་པོ་ཚེ་སྲོག་ཚ་རྒྱུད་གཟུངས། །ཞེས་གསུངས་སོ། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། དམར་པོ་མཆེད་ལྔ་བསྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་གཤིན་རྗེ་དམར་པོ་དེས། །ཝ་ཡི་མགོ་འཕྲུལ་སྲོག་སྔགས་ཕུལ། །ཨཱོྂ་ཀུ་རུ་སྲི་ཀ་པྲ་མ་ཧེ་ཧེ་པྲ་མ་བྷྱོ། སྲི་ཀ་ཀུ་རུ་ཧཱུྃ། པྲ་མ་ཧེ་སྟེ་ཆེ་གེ་མོའི་ཁྱིམ་དུ་འགྲིམས་ཤིག །ནད་སྣ་ཚོགས་ཐོངས་ཤིག །མཱ་ར་ཡ་ཤ་ཤ་མཱ་ར་ཡ། ན་སྲོག་ཆོད་དགྲ་བོའི་སྲོག་གཟེར་མུ་ལུ་ཏྲི་སྙིང་ཕྱུང་། དུ་ཤ་སྲོག་ཆོད། ཨཱོྂ་བཛྲ་མ་ཧཱ་དེ་ཝ་ཙིཏྟ་ཛྭ་ལ་བྷྱོ་བྷྱོ། སྙིང་ཁྲག་རྦད་ཆུམས་ཐུམས་རིལ། །ཀླད་ཁྲག་རྦད་ཆུམས་ཐུམ་རིལ་རིལ། སྲོག་རྩ་རྦད་ཆུམས་ཐུམ་རིལ། སྙིང་གརྦྷ་ཙིན་དྷ་ཙིན་དྷ་མ་མ་རག་ཤ་ལ་ཁྲག་འཐུང་། ཨཱོྂ་ཧཱུྃ་ཕཊ། ནཱ་ག་རཱ་ག་ཁ་སོ་བ་ཏི་སྙིང་ཁ་རག་མ་རྦད། ཚིནྡྷ་ཚིནྡྷ་ཆུམས་ཆུམས། མྱོགས་མྱོགས་གར་རྦེ་གར་རྦེ་རྦད་རྦད། ཡམ་ཡམ་རྦད་ལིང་ལིང་རྦད། ཅེས་གཤིན་རྗེ་དམར་པོ་སྲིད་པ་ཡིས། །ལས་ཀྱི་རླུང་དམར་གྱིས་བསད་པའི། །མཚོན་ཆ་དམ་པ་ཕུལ་བའོ། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། ཝ་ཐོད་ལས་ཀྱི་རླུང་དམར་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གྱད་པ་ཆེན་པོ་ཡང་། །རང་གི་གདུག་པའི་སྲོག་སྔགས་ཕུལ། །ཨཱོྂ་ཏྲོ་ཏ་ནི་ཏྲོ་ཏ་ནི་སྔགས་འདི་རྣམས་སྐོོངས་བཤགས་གཞུང་ན་ཡོད་པ་དང་སྤྱིར་འདྲ་ཡང་བསྒྱུར་མ་ནུས་པས་རང་སར་བཞག་ཡོད། །མཆན། པ་ཏྲ་པ་ཏྲ་ཧབ་ཤ་ཤམ་ཏྲི་གཏུམ་པོ་ཡམ་ཡམ་སྒྲོལ་གིང་ཡམ་ཡམ། ཛ་ཛ་ཛ་ཛཿ རྦད་རྦད་གིང་ཀ་ར་གིང་ཀ་ར་རག་ཤ་ཛ་ལེནྟྲ་ཛུ་ལེནྟྲ་ཛུ་ལེནྟྲ། ཏྲོ་ཏ་ཡ་ཏྲོ་ཏ་ཡ། ནྲྀ་ཏྲོ་ཏ་ཡ་ནྲྀ་ཏྲོ་ཏ་ཡ། པ་ཏྲ་པ་ཏྲ་ཤུ་ལ་ཤུ་ལ། ཀ་ར་མ་རག་ཤ་ཤོད། དགྲ་བོའི་སྙིང་ལ་ཐུན་བྷྱོ། མ་ར་ཙིཏྟ་སྲོག་རྩ་སྙིང་རྩ་ལ་རྦད། ཨཱོྂ་ཏྲོ་ཏ་ནི་ཏྲོ་ཏ་ནི། ལས་བྱང་དུ་ཐམས་ཅད་ཀྲོ་ཏ་བྱས་ཡོད། །མཆན། པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། དྷ་ཤ་གྷྲྀ་བ་དྷ་ཤ་གྷྲྀ་བ། ཡཀྴ་གྷྲྀ་བ་ཡཀྴ་གྷྲྀ་བ། ཀིང་ཀ་ར་ཀིང་ཀ་ར་བྷྱོ། མ་ཏྲཾ་སྙིང་གར་དབང་དྲག་བཅའ། །སྐུ་མཆོག་གནམ་ཐེའུ་ཚངས་པ་དང་། །ཁུ་ལེ་ཕུར་པས་སེང་ལྡེང་དགོངས། །རྟ་ཐོད་རྒྱལ་མཁར་སྨྱུག་རྒོད་རྟེན། །བྷནྡྷ་སྐྱ་བོར་དུག་ཡུངས་ཐུན། །ལིང་ག་གནད་ལ་ཕབ་སྟེ་བསྲེག །ཆང་ཕུད་གཏོར་ལ་སྙིང་སྣ་གསུམ། །ཁྱི་ཕག་དམར་ཁྲའི་ཤ་ཁྲག་མཆོད། །བཀའ་ཡི་གྱད་བཞིའི་ལས་བྱའོ། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། །གྱད་པ་ལྷ་ཡི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་དགེ་བསྙེན་བྱན་པོ་བཞིས། །ཀུན་ཏུ་འཁྲུགས་པའི་སྲོག་ཕུལ་བས། །དང་པོ་མ་ཧཱ་ཀཱ་ལས་ཕུལ། །ཨཱོྂ་ཤྲཱི་མ་ཧཱ་ཀཱ་ལ་རོའུ་ཏྲི་ཡཾ་ཛ་ཧཱུྃ་ཕཊ། ནག་པོ་རག་ཤ་དགྲ་བོའི་ཤ་རྒྱུད་སྙིང་འདི་ཐོན་ཐོན། བདུད་པོ་དགྲ་བོའི་སྲོག་ལ་ཛ་ཛཿ ནག་པོ་དགྲ་བོའི་བླ་རྩ་ལ་ཛ་ཛཿ ནག་པོ་དགྲ་བོའི་སྙིང་རྩ་ལ་ཛ་ཛཿ ནག་པོ་དགྲ་བོའི་ཀླད་རྩ་ལ་ཛ་ཛཿ ནག་པོ་དགྲ་བོའི་སྙིང་རྩ་ལ་ཛ་ཛཿ ནག་པོ་དགྲ་བོའི་ཀླད་རྩ་ལ་ཛ་ཛཿ ནག་པོ་དགྲ་བོའི་སྲོག་རྩ་ལ་ཛ་ཛཿ ནམ་མཁའ་དགུ་འཕར་དར་ནག་དང་། །རྟ་གཡག་ལུག་ནག་སྙིང་ལ་འབོད། །བཤོས་བུ་ནག་པོ་ཤ་ཁྲག་ཕུད། །བྱིན་ལ་དུས་དུས་རྦད་པར་བྱ། །གྲོང་ཁྱེར་ཐམས་ཅད་བཤིག་པར་བྱ། །ང་ནི་བདུད་ཀྱི་བྱན་པོ་ཡིན། །ཞེས་ཕུལ་ལོ། །དེ་ནས་སྲོག་བདག་ཤར་གྱིས་ཕུལ། །ཨཱོྂ་ཧམ་ཤཾ་ཏྲི་རམ་ཀམ་ས་མ་ཛཿ ཏྲི་ཙ་པ་ལ་ཨག་ཤུ་མེ་སྭཱ་ཧཱ། ཏྲ་ཙ་ཧཱུྃ། ཨཱོྂ་ཏྲི་ཙ་ལ་ཏྲི་ཙ་ལ། ཨག་ཤུ་མེ་བམ་ལམ་ཤཾ་ཏྲི་ཛཿ ཡ་དུ་ཏྲི་པ་ཤ་ནི་ས་མ་ཡ་བྷྱོ། ཨ་ནི་ཡོ་ག་ཙོ་ར་གྱི་ར་གིང་ཆེན་ཙ་ར། པར་པ་ཏ་པུ་ཀ་དཀར་མོ་ཆོ་ཆོ། ནམ་མཁའ་གསུམ་འཕར་དར་དཀར་དང་། །རྟ་དཀར་བྱལ་ལུག་སྙིང་ལ་འབོད། །བཤོས་བུ་གྱེན་ཐབས་ཆང་ཕུད་དཀར། །བྱིན་ལ་གཟེར་གསུམ་རྦད་བྱས་ན། །མི་ཕྱུགས་ཕྱག་མས་སྨྱོ་འབོགས་གཏོང་། །ང་ནི་སྲིན་པོའི་བྱན་པོ་ཡིན། །ཞེས་ཕུལ་ལོ། །དེ་ནས་དགེ་བསྙེན་དགྲ་ལྷས་ཕུལ། །ཨཱོྂ་བཛྲ་ས་དྷཱུ་ས་མ་ཡ། སྲོག་ཏྲི་དུ་མ་ར་ན་ཛ་ཛཿ སྲོག་ཐུག་ཐུག་མ་ར་ན་ཛ་ཛཿ སྲོག་རྦུ་བུད་མ་ར་ན་ཛ་ཛཿ བྲ་ན་རྦད་དུ་མ་རྩེ་ལ་གུར་པ་ཏི་ཏི་རྦད་རྦད། ཏྲི་ས་དྷུ་ས་མ་ཡ། བག་ཏྲི་སྲོག་ལ་ཡ། དུ་ཏྲི་སྙིང་ལ་ཡ། མཱ་ར་ཡ་ཙིཏྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། ནམ་མཁའ་དམར་པོ་དར་དམར་དང་། །བྱ་དམར་སྙིང་དང་སྲིན་བྱའི་སྙིང་། །བཤོས་བུ་ར་ཁྲག་གཏོར་ཕུད་མཆོད། །བྱིན་ལ་རྦད་ན་ལས་ཀུན་བྱེད། །ང་ནི་གནོད་སྦྱིན་བྱན་པོ་ཡིན། །ཞེས་ཕུལ་ལོ། །དེ་ནས་ཡམས་ཤུད་དམར་པོས་ཕུལ། །ཧ་བ་ཤམ་ཏྲི་དམ་ཚལ་ཏྲི་ར་ག་མ་ས་མ་ཡང་ཛ་ཛ་ཧཱུྃ། ཀྵེ་ཏྲི་བམ་ཏྲཾ་ར་གམ་ཏྲི་ས་མ་ཡ་ཛ་དགྲ་བོའི་ནྲྀ་མཱ་ར་ཡ་ཛ་ཛཿ འཁོར་བཅས་དགྲ་ལ་ཡ་ཛཿ མཱ་ར་ཡ་ཛ་ཛཿ ཚེ་དབྱིག་ཚེ་དུ་ཁྲག་བྷྱོ་བྷྱོ་ཕཊ་ཕཊ་ས་མ་ཡ་ཛ་ཛཿ ས་མ་ཡ་ཆུམ། ས་མ་ཡ་རྦུད། ས་མ་ཡ་སོད། རྒྱུག་རྒྱུག །ནམ་མཁའ་དམར་པོ་དར་དམར་དང་། །བྱ་ཕོ་མཚལ་ལུ་ར་སྙིང་མཆོད། །བཤོས་བུ་ཟླ་གམ་ཆང་ཕུད་དང་། །གཏོར་མ་བྱིན་ནས་རྦད་པར་བྱ། །ཕོ་བརྒྱ་མོ་བརྒྱ་བརྒྱལ་བར་བྱས། །ང་ནི་གཤིན་རྗེའི་བྱན་པོ་ཡིན། །ཞེས་ཕུལ་ལོ། །དེ་ནས་ཡང་། དེ་བཞིས་འཇམ་དཔལ་ཁྲོ་བོ་ལ། །ཕྱི་ཡི་དགེ་བསྙེན་བྱན་པོ་བཞིས། །སྲོག་སྙིང་ཕུལ་བར་དམ་བཅས་པས། །སྔར་སྡོམ་ཉམས་པ་མཐོལ་ལོ་བཤགས། །ཕྱིན་ཆད་སྡོམ་པར་དམ་བཅའ་འོ། །ང་ཡང་དམ་ལས་འདའ་རེ་ཀན། །ལྷ་ཡང་དམ་ལས་མ་འདའ་ཞིག །ཅེས་དམོད་བཙུགས་ཐ་ཚིག་བཅས། བསྟན་པ་བསྲུང་བར་དམ་བཅས་སོ། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། དགེ་བསྙེན་བྱན་པོ་བཞིའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་འཁོར་གྱི་ནང་དེ་ནས། །ལྷ་སྲིན་སྡེ་བརྒྱད་གཙོ་བོ་བཞི། །ཉི་མ་ཚང་ཞུགས་དུས་དག་དང་། །ཟླ་བ་གཟའ་ཡིས་ཟིན་པ་དང་། །ཏིང་ངེ་འཛིན་གྱི་ས་ལས་བཞེངས། །མ་རུ་རྩེ་ཡང་བཞེངས་ནས་ནི། །དཔལ་བོ་ཁྲོ་བོ་ཆེན་པོ་ཡི། །རིག་པ་རང་བྱུང་ཡེ་ཤེས་སྐུ། །བསྟན་པའི་དྲི་བ་འདི་སྐད་གསོལ། །བདག་ཅག་དྲེགས་པ་འཁོར་བཅས་ལ། །དཔའ་བོས་བསྟན་པ་སྲུང་བ་ཡི། །ལས་སུ་བསྐོས་ནས་གཉེར་དུ་གཏད། །བསྲུང་བར་བྱ་བའི་བསྟན་པ་གང་། །དེ་སྐད་གསོལ་བས་བཀའ་སྩལ་པ། །བསྲུང་བར་བྱ་བའི་བསྟན་པ་ནི། །གསང་བ་སྔགས་ཀྱི་ངོ་བོ་ཉིད། །སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། །ཇི་བཞིན་མ་བཅོས་དེ་བཞིན་ཉིད། །སྟོང་ཉིད་སྤྲོས་དང་བྲལ་བའི་སྐུ། །གཏན་ལ་ཕེབ་པར་བྱེད་པ་ལ། །བློ་ཡི་མཐོ་དམན་བྱེ་བྲག་གིས། །དཀྲི་དྲང་ཐེག་པ་བསམ་ཡས་བསྟན། །བསྟན་པའི་གསུང་རབ་ཇི་སྙེད་པ། །རྒྱལ་བས་སེམས་ཅན་དོན་དུ་བཤད། །རྣལ་འབྱོར་ཡང་རབ་བློ་ལྡན་ལ། །གསང་བ་སྔགས་ཀྱི་ཐེག་པ་ལ། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་ཆེ། །ཤིན་ཏུ་རྣལ་འབྱོར་རྣམ་གསུམ་བསྟན། །གསང་སྔགས་ངོ་བོ་དེ་བཞིན་ཉིད། །མ་ནོར་མ་བཅོས་དེ་བཞིན། གསང་བའི་སྐུ། །སྟོང་པ་ཉིད་ལ་གང་གནས་པའི། །རྣལ་འབྱོར་དགོངས་པའི་དོན་ཚེལ་བར། །གནོད་དང་འཚེ་བར་གང་བྱེད་པ། །དེ་ནི་བར་ཆད་དགྲ་བགེགས་ཡིན། །དེ་ལས་སྐྱོབས་ལ་བར་ཆད་སྲུངས། །དེ་སྐད་གསོལ་བར་བཀའ་སྩལ་བ། །སེམས་ཉིད་འོད་གསལ་ངོ་བོ་ཉིད། །སྟོང་ཉིད་སྤྲོས་དང་བྲལ་བའོ། །ཅིར་ཡང་མི་གནས་དེ་ཉིད་ནི། །སྨྲས་བསམ་བརྗོད་མེད་ཤེས་རབ་བོ། །འོན་ཏེ་སྟོང་ཉིད་གང་ལ་གནས། །སེམས་ཞེས་ཐམས་ཅད་ཀུན་ལ་གནས། །ཐམས་ཅད་ཆོས་སྐུ་ཀུན་སྣང་། གང་ལ་གནས། །ཆོས་སྐུ་ཐམས་ཅད་སེམས་ལ་གནས། །སེམས་ཞེས་བྱ་བ་གང་ལ་གནས། །སྟོང་ཉིད་ནམ་མཁའི་ངང་ལ་གནས། །ནམ་མཁའ་སྟོང་ཉིད་གང་ལ་གནས། །ནམ་མཁའ་ཅིར་ཡང་མི་གནས་ཏེ། །གཞན་དུ་བརྗོད་པ་མེད་པ་ཡིན། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །སེམས་ཅན་ཀུན་གྱི་སེམས་ལ་གནས། །གང་ཞིག་མཐོང་ན་དེ་ཉིད་མཐོང་། །དེ་ཕྱིར་མཐོང་འདོད་སེམས་ཉིད་བཙལ། །སེམས་ཉིད་སྤྲོས་དང་བྲལ་བ་ལ། །རྣམ་པར་རྟོགས་པ་མ་འཇུག་ཅིག །རང་བཞིན་ཡེ་ནས་དག་པར་ཕྱིར། །ཀུན་ཀྱང་བདེ་ཆེན་བྱང་ཆུབ་སེམས། །རྟོག་བྲལ་དྲི་མེད་རྣམ་པར་དག །སྤྲོས་བྲལ་སྟོང་ཉིད་ཆོས་ཀྱི་དབྱིངས། །མ་སྐྱེས་མ་གཡོས་དབྱེར་མེད་ཀྱང་། །དེ་ལྟར་མ་རྟོགས་སེམས་ཅན་ལ། །འཇམ་དཔལ་འདུལ་བའི་ཆོས་འཕྲུལ་བསྟན། །རྟོགས་དང་མ་རྟོགས་གཞི་གཅིག་སྟེ། །དངོས་པོའི་དོན་ལ་དབྱེ་བསྲི་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །རྟག་ཏུ་རྣམ་རྟོག་མེད་ལས་བྱུང་། །དེ་བཞིན་ཉིད་ལས་མི་དམིགས་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་ཕྱིར། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུྃ་དུ་གསལ། །མ་སྐྱེས་མི་འགགས་གཟུགས་སྣང་བ། །མཁའ་ལ་གཞལ་སྣང་ཇི་བཞིན་དུ། །རྣམ་གྲོལ་ཡེ་ཤེས་བསྐྱེད་པར་མཛོད། །དེ་སྐད་གསུངས་པས་སླར་སྨྲས་པ། །དཔའ་བོ་ཆེན་པོ་དགོངས་སུ་གསོལ། །བདག་ཅག་འཁོར་བའི་རྒྱ་མཚོར་འཁྱམས། །སྡུག་བསྔལ་རྦ་ཀློང་འཇིངས་སུ་བྱིང་། །སུས་ཀྱང་མ་མནོན་གནོན་མེད་མནན། །རྣམ་རྟོག་བདག་འཛིན་རི་བོས་མནན། །ལས་ཀྱི་ཆུ་བོས་འཁོར་བར་མྱོངས། །དངོས་འཛིན་རྐ་འགོ་མ་བསྒྱུར་བས། །ལས་དབང་ཆུ་བོ་རྒྱུན་མི་ཆད། །འབོག་པར་དཀའ་བའི་སྡུག་བསྔལ་ལ། །ཐབས་མཁས་ཐུགས་རྗེ་ཆེན་པོས་དགྲོལ། །སྟོན་པ་ཆེན་པོ་ཨ་ལ་ལ། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། །འདའ་ཀ་སྒོམ་ལུང་ལྟ་སྒོམ་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དམ་ཚིག་བཤད་དུ་གསོལ། །དེ་སྐད་སྨྲས་པས་བཀའ་སྩལ་པ། །སྐུ་ཡི་དམ་ཚིག་བླ་མ་མཆོད། །འཕངས་སེམས་དཔྱ་སེམས་མི་བྱའོ། །གསུང་གི་སྔགས་དང་ཕྱག་རྒྱ་དང་། །ནམ་ཡང་འབྲལ་བར་མི་བྱའོ། །ཐུགས་ཀྱི་མན་ངག་གསང་ཐུབ་དང་། །རྣམ་པར་མི་རྟོག་མི་འབྲལ་བྱའོ། །ཡན་ལག་མཆོད་པ་མི་བཅད་ཅིང་། །སྤྱད་དང་མི་སྤང་དང་དུ་བླངས། །ཤེས་དང་སྒྲུབ་བྱ་རྩ་ལྔ་བསྲུང་། །བསྒྲུབ་པ་ཁྱད་པར་ཉི་ཤུ་རྩ་ལྔའོ། །བརྟུལ་ཞུགས་སྤྱོད་པ་རྣམ་ལྔ་སྤྱོད། །གལ་ཏེ་ཉམས་ན་དམྱལ་བར་སྐྱེས། །དང་པོ་ཡིག་འབྲུ་བསྐྱེད་པ་ཡང་། །དབུགས་ཆེན་ནང་དུ་ཤར་ནས་ཀྱང་། །ལྕགས་ཀྱི་སྡིག་པ་མགོ་དགུར་འགྱུར། །བསད་ནས་ན་རག་ཆེན་པོར་བརྒྱུད། །ཞེས་གསུངས་སོ། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དབང་གི་དོན་བཤད་དེ། །བླ་མ་མཚན་ཉིད་ལྡན་པ་དེར། །སློབ་མ་སྣོད་དང་ལྡན་པ་ཡིས། །ཞུ་བ་ཕུལ་བས་བསྙེན་པ་བྱ། །དང་པོ་ཕུན་སུམ་ཚོགས་བྱས་ལ། །ས་ཡི་ཆོ་ག་བྱས་ནས་ནི། །སྟ་གོན་བྱ་ཞིང་བསྙེན་པ་བྱ། །ལྷ་དང་བུམ་པ་སློབ་མ་རྣམས། །ལྷག་པར་གནས་བྱ་སྦྱིན་བསྲེག་བྱ། །བསྙེན་སྒྲུབ་རྣམ་བཞིའི་གཞུང་བསྲང་ལ། །རྟགས་རྫོགས་སློབ་མ་དཀྱིལ་འཁོར་གཞུག །རིག་པའི་དབང་ལྔ་རྫོགས་བྱས་ནས། །ལྷ་དང་སྔགས་དང་ཏིང་འཛིན་གྱིས། །རྗེས་གནང་ཞེན་པ་དགག་པ་དང་། །རྡོ་རྗེ་རྒྱལ་པོར་མངའ་དབང་བསྐུར། །དབུགས་དབྱུང་ལུང་བསྟན་གཟེངས་བསྟོད་བྱ། །ཁྱད་པར་དུར་ཁྲོད་ཁྲོ་བོ་ལས། །རྫས་དང་རྒྱན་དང་ལྷ་དབང་བསྐུར། །བརྟུལ་ཞུགས་དྲག་པོ་སྤྱོད་པའི་དབང་། །རྫོགས་པ་ཁོ་ན་ཉིད་ཀྱི་དབང་། །རྫོགས་ནས་གསང་བའི་གནས་མཆོག་ཏུ། །ཐིག་ལེ་བསྒྲུབ་ཅིང་དབང་མཆོག་བསྐུར། །བྷ་གའི་དཀྱིལ་དུ་ཤེས་རབ་ལྡན། །ཡེ་ཤེས་བདེ་བ་ཆེན་པོའི་དབང་། །རྫོགས་ནས་སྤྲོས་བྲལ་ཆོས་སྐུའི་དབང ། །མ་ལུས་རྫོགས་ནས་ཡོན་མཆོག་དབུལ། །འཇམ་དབྱངས་ཉིད་དང་མཉམ་པར་འགྱུར། །ལས་བརྩམས་གང་ཡང་ཐེ་ཚོམ་མེད། །དབང་མ་ཐོབ་པར་གང་བསྒྲུབ་ཀྱང་། །དོན་མི་འགྲུབ་ཅིང་ཕུང་བར་འགྱུར། །ཚི་ཆད་ངན་སོང་གསུམ་དུ་ལྷུང་། །ཞེས་གསུངས་སོ། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་སྦྱིན་སྲེག་དོན་བཤད་པ། །ཕུན་སུམ་ཚོགས་པར་བྱས་ནས་ནི། །ཟླུམ་པོ་ཞི་བ་གྲུ་བཞི་རྒྱས། །ཟླ་གམ་དབང་ལ་དྲག་པོ་ཨེ། །ཨེ་བཾ་མ་ཡས་མཚོན་བྱས་ཏེ། །ཞི་བ་ཤཱིནྟང་ཀུ་རུའོ། །རྒྱས་ལ་པུཥྚིཾ་ཀུ་རུའོ། །དབང་ལ་པཱ་ཤཾ་ཀུ་རུའོ། །དྲག་པོར་མཱ་ར་ཡ་དང་སྦྱར། །ཧོམ་ཁུང་བསྐྱེད་དང་སྤྱན་དྲངས་བསྟིམ། །མཆོད་ནས་བསྟོད་ཅིང་བསྲེག་རྫས་དབུལ། །མེ་ལྷའི་ལྟོ་བར་དྲག་པོ་བསྐྱེད། །སྤྱན་དྲངས་མཆོད་དང་ཕྲིན་ལས་བཅོལ། །རྫས་རྫོགས་བསྟོད་ནས་སྨོན་ལམ་གདབ། །དྲག་པོའི་ཐལ་བ་གཟུགས་བྱས་མནན། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། སྦྱིན་སྲེག་ཧོམ་གྱི་ལེའུ་སྟེ་རྩ་གཉིས་པའོ།། །།དེ་ནས་དཔའ་བོ་ཆེན་པོ་ཡིས། །དེ་ཉིད་སྒྲུབ་པའི་རིམ་པ་བཤད། །དུར་ཁྲོད་དབེན་གནས་ཆུ་གླིང་དུ། །ཡོ་བྱད་ལྡན་ནས་ཚོགས་བསགས་ལ། །གླིང་ས་གཞི་རུ་དཀྱིལ་འཁོར་བྲི། །ཚར་བུའི་ཕུར་པ་དགུ་དགོད་ལ། །དེ་ལ་བསྐྱེད་བསྟིམ་མཆོད་བྱས་ཏེ། །ཀུ་མཱ་ར་ལ་བདུན་འབུམ་བཟླས། །དྲུག་ཅུ་པ་ལ་སུམ་འབུམ་བཟླས། །གྲུབ་རྟགས་རབ་འབྲིང་འབྱུང་བ་དང་། །དངོས་གྲུབ་བསྒྲུབ་པའི་རིམ་པ་ནི། །ཕྱི་ནང་གསང་བའི་མཚམས་བཅད་ལ། །ས་ཆོག་བྱས་ལ་དཀྱིལ་འཁོར་བྲིས། །སྒྲུབ་དང་མཆོད་རྫས་རྒྱན་བཀོད་ལ། །བསྙེན་སྒྲུབ་བཟླས་པ་རྫོགས་བྱས་ལ། །དངོས་གྲུབ་བླང་བའི་རིམ་པ་བྱ། །རྟགས་རྫོགས་དཀྱིལ་འཁོར་བསྡུ་བར་བྱ། །སྨོན་ལམ་གདབ་ཅིང་སྤྱོད་ལམ་བྱ། །སྐུ་ཚེ་ཕྱི་མའི་དོན་ཡང་ཤེས། །ཐུན་མོང་དངོས་གྲུབ་གདོན་མི་ཟ། །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། བསྙེན་ཅིང་བསྒྲུབ་པའི་ལེའུ་སྟེ་རྩ་གསུམ་པའོ།། །།དེ་སྐད་བཀའ་སྩལ་ཆོ་འཕྲུལ་འདུས། །མེ་རི་ཟངས་ཀྱི་ཁང་པ་རུ། །ཁྱེད་ཀྱི་སྲོག་རྣམས་བླང་བྱས་པས། །ཟངས་ཁང་སྲོག་ལེན་དམར་པོའི་རྒྱུད། །དེ་ནས་མེ་རི་ཟངས་མི་སྣང་། །ལྕགས་མཁར་ཆེན་པོ་རང་དུ་གནས། །ཚངས་ཀྱི་བམ་སོད་དམོད་པའི་ཚོགས། །བྷ་ཏ་ཀ་ཡི་ལོ་མ་དང་། །ཤེ་ཏ་པ་ཡི་ལོ་མ་དང་། །ཀ་ལ་ཙཀྲའི་ལོ་མ་དང་། །ཧ་ལ་ཏ་ཀའི་ལོ་མ་ལ། །རང་རང་མཚང་དང་ལས་བྱས་པ། །བྲིས་ཏེ་མི་ལྤགས་དྲིལ་བ་ཡང་། །དམོད་བམ་དེ་ཡང་ཁོ་རང་ལ། །ཁྱེད་ཀྱི་ལས་དང་མཚང་བྱས་པའི། །དམོད་པ་ཐམས་ཅད་བདག་གིས་ནི། །བྱིན་གྱིས་བརླབས་ཏེ་མཐུ་ལྡན་བྱས། །བཀའ་ཡི་རྒྱུད་དང་སྣང་བར་གྲགས། །གཤིན་རྗེ་མ་མོ་གིང་བདུད་གཟའ། །ཀླུ་དང་ལྷ་སྲིན་དཔག་མི་ལང་། །དེ་ཀུན་རང་རང་ཐམས་ཅད་ལ། །ངེས་པར་མཚང་ཚིག་ཡོད་པ་ལ། །དེ་རྙེད་རྒྱུད་རེ་གནས་པར་བྱ། །སོ་སོའི་རིགས་ཀྱི་ཆ་བཟུང་ནས། །མ་རུངས་པ་དག་ཀུན་བཏུལ་ནས། །ལས་ཀྱི་ཆ་དང་སྤྱོད་མཐུན་པས། །འདུ་ཤེས་རྒྱུན་མར་བྱས་ནས་ནི། །བཀའ་ཡི་དགོངས་པ་སྤྱད་སྦྱར་ནས། །དཔག་མེད་རྒྱལ་བས་བཤད་པ་རྣམས། །ལས་ཀྱི་མཁའ་འགྲོ་རྣམས་ལ་གཏད། །མཁའ་འགྲོས་བཀའ་ཡི་གཉེན་སྲུངས་ཤིག །འཇམ་དཔལ་དམར་པོའི་མདོ་རྒྱུད་ལས། གཉེར་བསྐོས་པའི་ལེའུ་སྟེ་རྩ་བཞི་པའོ།། །།ལྔ་བརྒྱའི་བསྟན་པ་ཐ་མ་ལ། །རྣལ་འབྱོར་བྱ་བ་བསྒྲུབ་དོན་དུ། །འགྲོ་བ་རྣམས་ལ་གནང་བར་མཛོད། །ང་ཡི་བཤད་པའི་རྒྱུད་ཆེན་འདི། །རྣལ་འབྱོར་ལྟ་སྤྱོད་དམ་ལྡན་ལ། །སྨོན་ལམ་དབང་གིས་འཕྲད་པར་གཏད། །མ་འོངས་དུས་ན་གང་སྤྱོད་པའི། །རྣལ་འབྱོར་བསྒྲུབ་པའི་ལས་གྱིས་ཤིག །ཆོས་ཉིད་བསམ་དུ་མེད་པ་ལས། །གང་ཡང་མ་འགགས་ཆོ་འཕྲུལ་ཤར། །ང་ཡི་བཀའ་རྒྱུད་མང་པོ་འདི། །ཁྱེད་ལ་བསྟན་པས་དམ་མ་འདའ། །ང་ཡང་དམ་ལས་མི་འདའ་འོ། །ཁྱེད་ཀྱང་དམ་ལས་མ་འདའ་ཞིག །གལ་ཏེ་དམ་ལས་འདས་པ་ན། །རང་གི་ཡཀྴ་ཁྲོ་བོ་ཡིས། །སྙིང་ཁྲག་འདྲེན་ཅིང་སྟོབས་འཇོམས་སོ། །རག་ཤ་ཡག་ཤ་ས་མ་ཡ། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་གཤེད་པོ་དང་། །རོ་ལངས་མ་དང་རལ་གཅིག་མ། །ཡ་མ་རཱ་ཛ་རེ་མ་ཏཱི། །མ་རུ་རྩེ་དང་བསེ་མོ་བཞི། །སྐུ་ལྟར་བསྒྲུབ་པ་རྒྱས་པར་བཟུང་། །འཇམ་དཔལ་གཤིན་རྗེ་མ་རུ་རྩེ། །སྲིན་པོ་གཤིན་རྗེ་དམར་པོ་དང་། །གཤིན་རྗེའི་གཤིན་རྗེ་དམར་པོ་དང་། །གནོད་སྦྱིན་གཤིན་རྗེ་དམར་པོ་དང་། །རྩ་བའི་ལྷ་ལྔ་མ་བདུད་བཅས། །གསུང་ལྟར་བསྒྲུབ་པ་ཟབ་མོར་བཟུང་། །དེ་ཡི་ལས་ལྔ་བྱེ་བྲག་ཀྱང་། །དྲིལ་དང་རྐྱང་པ་རྣོ་སྡེབས་དང་། །སྲོག་དང་འཁོར་ལོ་ཐོད་པ་སྙིང་། །ཐུན་དང་ཕུར་པ་དལ་ལ་སོགས། །ཐུགས་ལྟར་བསྒྲུབ་པ་ཟབ་མོར་བཟུང་། །མཐའ་རྒྱས་བྱིས་པ་རྣ་རྣོ་དག །ནག་པོ་དམར་པོ་གིང་བདུད་དང་། །གནོད་སྦྱིན་མ་བསེ་འཆི་བདག་གཤེད། །མགོན་པོ་སྲོག་བདག་ཡམ་ཤུད་དང་། །དགེ་བསྙེན་དགྲ་ལ་རེ་ཆོད་བཞི། །ཝ་ཐོད་རླུང་དམར་བཤན་པའི་ཐུན། །སྒོ་ཕུག་མེད་པའི་དྲག་སྔགས་གྲངས། །འདི་ལྟར་སྤྱོད་པ་ནུས་པ་དང་། །སད་དང་སེར་བ་དབབ་དང་བཅས། །བསྐྲད་དང་བརྡུང་དང་སུན་དབྱུང་བ། །སྨན་དང་སྟོང་པ་ལས་ལྔ་པ། །བསམ་པ་གང་ཡང་གྲུབ་པའོ། །ལྟ་སྤྱོད་ལྡན་པ་བྱ་བ་ལ། །འཆད་པ་ཆེ་ལ་དྲག་ཤུལ་འཆོས། །བློ་དམན་དམ་མེད་ལེ་ལོ་ཅན། །དེ་ལ་དད་བརྩོན་སྟོབས་མེད་པས། །དེ་ལ་བསྒྲུབས་པ་ཤིན་ཏུ་དཀའ། །དེ་བས་གཤིན་རྗེ་དམར་པོ་ཡི། །འཇིག་རྟེན་འདས་པའི་མདོ་རྒྱུད་འདི། །ཀུན་ལ་བསྟན་ཞིང་སྤེལ་གྱུར་ན། །དབང་ཅན་ཕོ་མོ་གིང་བདུད་རྣམས། །དམོད་པ་སྤེལ་བས་ཁྲོས་གྱུར་ནས། །དེ་ཡི་ཆད་པས་སྙིང་ཁྲག་འཐུང་། །བྱ་ར་མཁའ་འགྲོ་ཕོ་མོས་མཛོད། །དེ་བས་བསྟན་པ་གཉན་བསྲུང་ཕྱིར། །དམ་ཚིག་ཤེས་པའི་སྣོད་ལྡན་གྱིས། །མི་སྤེལ་དང་དུ་བླངས་བསྒྲུབ་ན། །བསམ་པ་གང་ཡང་འགྲུབ་པར་གྱུར། །རིམ་པས་སྣོད་ལྡན་བརྒྱུད་པར་བྱའོ། །ཅེས་གསུངས་སོ། །ཆོས་ཉིད་དེ་བཞིན་ཉིད་ལས་མི་འདའ་བ་དམ་ཚིག་ཆེན་པོ་ལ་སྙོམས་པར་བཞུགས་སོ། །འཇམ་དཔལ་གཤིན་རྗེ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ལས། བཀའ་གཏད་ཅིང་གདམས་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།ཆོས་ཉིད་སྐུ་ལས་སྤྲུལ་པས་རབ་བསྡུས་ནས། །རང་བཞིན་ཆོས་དབྱིངས་སྤྲོས་དང་བྲལ། །ཡེ་ཤེས་ཐིག་ལེ་སྐུ་ལ་ཐིམ་བསྡུད་པའི། །དང་པོ་ཕྱག་ན་རྡོ་རྗེས་རྒྱུད་བསྡུས། །དེ་ནས་ཆོས་ཀྱི་དབྱིངས་ལ་གནས་སོ། །ལས་ཀྱི་དགེ་འདུན་མཁའ་འགྲོ་རྣམས་ཀྱིས། །འཇམ་དཔལ་རྒྱུད་ཀུན་མཁའ་ལ་སྤྱན་དྲངས་ནས། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །མེ་རི་འབར་བའི་རྩེ་ལ་བབས། །བྱང་ཆུབ་སེམས་དཔའི་མི་རུ་སྤྲུལ་པ་དགའ་རབ་རྡོ་རྗེ་ལ་མཁའ་འགྲོ་རྣམས་ཀྱིས་ལག་ཏུ་གཏད་དོ། །དེས་བསྟན་པའི་མཐའ་ལ་དགོངས་ནས། དགོངས་པ་རྩལ་གྱིས་སོ་སོར་ཕྱེས་ནས། མཁའ་འགྲོ་རྣམས་དང་བཅས་ནས་སོ་ས་གླིང་གི་རྒྱ་འཆད་བང་སོ་དམར་པོ་སྦས། ལ་ལ་དུར་ཁྲོད་བསིལ་བ་ཚལ་གྱི་ཕུང་ལུང་ནག་པོར་སྦས། ལ་ལ་ཨེ་ཡི་གཙུག་ལག་ཁང་དང་རྡོ་རྗེ་གདན་གྱི་མཐིལ་དུ་སྦས། ལ་ལ་ཚ་ཤོད་མཆོད་རྟེན་དམར་པོར་སྦས། རང་རང་མཁའ་འགྲོ་གིང་ལ་གཉེར་དུ་གཏད། མཁའ་འགྲོས་བཀའ་བསྲུངས་ཏེ། གཤིན་ཡུལ་དམེ་ནག་ལྕགས་མཁར་གྱི་ནང་ནས་ཡང་། བར་སྣང་དག་ལ་རྒྱུ་ཞིང་བཀའ་བསྲུང་ཞིང་སྐྱོང་བར་བྱེད་དོ། །འཕགས་པ་འཇམ་དཔལ་གཤིན་རྗེ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་རྫོགས་སོ།། །།རྡོ་རྗེ་ཐོད་ཕྲེང་རྩལ་གྱིས། རྡོ་རྗེ་གསེར་འཕྲེང་རྩལ་ལ་གཏད། དེས་རྡོ་རྗེ་ཡང་དབང་གཏེར་ལ་གཏད། དེས་རྡོ་རྗེ་གཏེར་བཞད་རྩལ་ལ་གཏད། རྒྱ་རྒྱ་རྒྱ།
གཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས།
གཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས་བཞུགས་སོ། །རྒྱ་གར་སྐད་དུ། ཡ་མ་རཱ་ག་ཀརྨ་མ་རུ་རྩེ་ཏནྟྲ། བོད་སྐད་དུ། གཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུ་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གནོད་སྦྱིན་དམར་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཚེ་སྲོག་བདག་པོ་དམར་པོ་མི་ཟན་སྐུ། །གནམ་ལྕགས་ཅན་གྱི་རི་བོ་མ་ལའི་རྩེར། །གནོད་སྦྱིན་སྲིན་པོ་བདུད་དང་གཤིན་རྗེ་གིང་། །མ་མོ་བསེ་མོ་བྱེ་བ་འབུམ་ཕྲག་བསྐོར། །དྲེགས་པའི་རུ་མཚོན་ཕྱར་ཏེ་དམར་པོ་བསྡུས། །སྲིད་པ་གསུམ་གྱི་ཚེ་སྲོག་སེམས་བླ་སྲོག །ཉམས་པར་བྱེད་ཅིང་སྲོག་དབུགས་ཟས་སུ་ཟ། །མི་སྙན་རྔམ་སྐད་ང་རོ་འབྲུག་ལྟར་སྒྲོགས། །བརྡ་སྐད་མི་མཐུན་རྡ་ར་མུན་པའི་སྐད། །གད་མོ་རྒོད་ཅིག་སྐྱེ་འགྲོ་ཁམས་ཀུན་འཁྲུགས། །རུ་མཚོན་དམར་པོ་བསྭེ་ཡི་རྒྱལ་མཚན་གྱིས། །གང་དུ་བསྡུད་དཔག་ཚད་རྒྱང་གྲགས་འབུམ་ཟེར་གྱིས། །གང་ལ་གནས་པའི་ཡུལ་ལ་འདུག་པར་འདུ། །བརྡའ་ཡི་བོས་པས་ཁུ་རྣམས་འདུ་བ་ལྟར། །བསྭེ་ཡི་རུ་མཚོན་དམར་པོ་འཕྱར་བ་ཡིས། །བགེགས་རིགས་མི་བསྲུན་ཐམས་ཅད་དམག་ལ་འདུས། །བྱེ་བ་དཔག་མེད་སྲིད་གསུམ་སྟོང་ཁམས་འགྱེད། །སེམས་ཅན་ཀུན་གྱི་མདངས་འཕྲོག་སྲོག་གཅོད་ཅིང་། །ཤ་ཁྲག་རུས་པ་རློན་པ་ཟ་བའི་ཚེ། །ལག་ན་རྡོ་རྗེ་དྲག་ཤུལ་སྟོབས་པོ་ཆེ། །དུས་གསུམ་རྒྱལ་བས་བསྐུལ་ཏེ་གཉེན་པོར་བཏང་། །ཐུགས་རྗེའི་སྤྱན་བཟློག་དེ་ཡི་ཐད་དུ་བབས། །རྒྱ་བྱེད་དཔའ་རྟགས་རུ་མཚོན་དམར་པོ་འཕྲོག །དེ་དག་མ་ལུས་ཁམས་འཁྲུགས་རྒོལ་བ་ལས། །གནོད་སྦྱིན་དམར་པོ་ཁྲོས་པའི་སྐུར་བསྒྱུར་ཏེ། །རྡོ་རྗེའི་རྩེ་ལ་མེ་རླུང་འཁོར་ལོ་བསྐོར། །སྲིད་གསུམ་ཐ་མས་མེ་དང་ལུང་གིས་དཀྲུགས། །དེ་ཚེ་བཤན་པ་དམར་པོ་ཁྲག་སྐྱུགས་ཚོགས། །འབར་བའི་ཚམས་རྔམ་དྲག་པོར་རབ་འཇིགས་ཏེ། །འབངས་ཀྱི་གུས་བཏུད་དཔལ་ཀྱི་ཞབས་ལ་འཇུག །བྲན་དུ་ཁས་བླངས་རང་སྲོག་དམོད་པ་ཕུལ། །དམོད་པའི་དུག་མདའ་རེག་ཆོད་སྤུ་གྲི་སྨྲས། །སྲོག་ཟན་དམར་པོའི་ཟས་སྐལ་ལས་སྐལ་ཞུས། །དེ་ནས་དྲག་ཤུལ་གཏུམ་པོ་རྡོ་རྗེའི་སྐུ། །དམར་པོ་ཁྲོས་པ་གིང་རྗེ་བཅོམ་ལྡན་གྱིས། །ལས་སུ་བསྟན་ལ་སྡང་བའི་དགྲ་བགེགས་སྒྲོལ། །ཟས་སུ་ཉམས་པའི་ཤ་ཁྲག་སྲོག་དབུགས་དང་། །བསྒྲུབ་པོས་བྱིན་རླབས་མཐུན་པའི་དམ་རྫས་རོལ། །ཡང་དག་མ་ནོར་དམ་ཚིག་ས་ལམ་ཞུགས། །མ་རུ་རྩེ་བསྭེ་ཡི་རུ་མཚོན་དམར་པོ་ལས་གླེང་གཞིའི་རྟོག་པ་སྟེ་དང་པོའོ།། །།དེ་ནས་དྲག་པོའི་རུ་མཚོན་དམར་པོས་ཞུས། །ཁྲོ་རྫས་དཔའ་བོས་རུ་མཚོན་དབང་བསྐུར་ཏེ། །དྲེགས་རྗེ་འཁོར་བཅས་དམག་དཔུང་བསྡུད་པར་བསྐོས། །གང་གིས་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྙིགས་མ་ལྔ་ལྡན་ལྔ་བརྒྱ་ཐ་མ་ལ། །འདི་ཡི་དུས་དར་དུས་དེར་སྤྱོད་པར་འགྱུར། །རུ་མཚོན་བསྒྲུབ་པའི་རྣལ་འབྱོར་སྐལ་ལྡན་དེས། །སྔོན་དུ་གསང་སྔགས་རྨད་བྱུང་དབང་བླངས་ཏེ། །དབེན་དང་ཉམས་དགའ་རབ་དྲག་དུར་ཁྲོད་རྩེར། །ཉམས་རྩལ་བཟང་ནས་ས་གཞི་ཉམས་བརྟགས་ཏེ། །མཎྜལ་བཅའ་གཞི་གསོད་པའི་ཁུང་བུ་བརྩམས། །བསྭེ་ཡི་རུ་མཚོན་བྱང་བུ་དམར་པོ་དང་། །བཤོས་བུ་གྲུ་གསུམ་སྙིང་སྣ་རྩང་ཕུར་དང་། །ཤ་ཁྲག་བདུད་རྩི་ཛ་གད་གཏོར་མ་བཤམས། །ར་ཐོད་སྤྱང་ཐོད་སྣེལ་གྲིའི་ཐོད་པ་དང་། །དགྲ་གཟུགས་རྟེན་དང་གཤིན་རྗེ་དམར་པོའི་རྟེན། །དྲག་པོ་ཐུན་གྱི་འཁོར་ལོ་རྫོགས་པར་བྱ། །མ་རུ་རྩེ་བ སྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། སྒྲུབ་ཐབས་དང་རྫས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རུ་མཚོན་དམར་པོའི་དྲག་སྔགས་བསྒྲུབ། །ཨཱོྂ་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། རྔམ་རྔམ་ཕཊ། ཉི་ཕཊ། ཧཱུྃ་ཧཱུྃ་ཕཊ། དང་པོ་བསྙེན་པ་རྫོགས་པར་བྱ། །ལྷ་ལྔའི་སྙིང་པོ་འབོད་པའི་རྫས། །དམར་པོ་དངོས་སུ་བྲན་དུ་འོང་། །ཞག་བདུན་སྨྲ་བ་སྤངས་ཏེ་བཟླས། །ཁུང་ནས་རྦད་པ་རབ་ཏུ་བྱ། །བསྭེ་ཡི་རུ་མཚོན་དམར་པོ་ཡང་། །གང་ལ་བྱ་བའི་ཕྱོགས་སུ་གཟུགས། །རྔམ་རྔམ་དགྲ་བོའི་སྲོག་ལ་རྔམ། །རྔམ་རྔམ་དགྲ་བོའི་ཁྲག་ལ་རྔམ། །རྔམ་རྔམ་དགྲ་བོའི་རུས་ལ་རྔམ། །རྔམ་རྔམ་དགྲ་བོའི་ཤ་ལ་རྔམ། །སྨྲ་བ་སྤངས་པས་ཞག་བདུན་བཟླས། །བསྭེ་ཡི་ལྡན་མཁར་དམར་པོ་ལ། །གྲུ་བཞི་ཡང་དག་ལྡན་པར་བྱ། །དམར་པོའི་སྐུ་རྟེན་དེ་ལ་བྱ། །ཙ་སྤུ་ར་ཡི་རྔ་ཕོད་ཀྱང་། །དཀར་ནག་དམར་ལྗང་བཞི་ཡིས་མཛེས། །ཡང་ན་ཀུན་ཀྱང་དམར་ནག་གམ། །དམར་པོ་མདངས་ལྡན་དག་ཏུ་བྱ། །རིགས་ལྔ་ཡེ་ཤེས་དབང་བསྐུར་ཏེ། །ཞི་རྒྱས་དབང་དྲག་ཕྲིན་ལས་དག །གྲུབ་པར་གྱུར་ཅིག་སྨོན་ལམ་གདབ། །དམ་དུ་བཅས་ནས་རུ་མཚོན་གཟུགས། །གང་གིས་དམ་བཅས་མ་གྲུབ་པར། །རུ་མཚོན་མཚོན་པ་རྟགས་མཐར་དབྱུང་། །སྡང་བར་བརྙས་ན་བརྩམས་པ་ལས། །རུང་རུང་ཐོད་ཐོད་བྱས་ན་ཉམས། །གལ་ཏེ་སྡང་བར་རབ་ངེས་ཤིང་། །འགྲས་པའི་དུས་ལ་ནམ་འཇུག་ཀྱང་། །གང་ལ་བྱ་བའི་ཕྱོགས་སུ་གཟུགས། །དམར་པོ་དྲེགས་པའི་སྐུ་རྟེན་དེ། །རྔ་ཕོད་རུ་མཚོན་ཡ་མཚན་ཡིན། །དམར་གྱི་གཏོར་མ་ཁྲག་ཆང་ཅན། །ཟ་ལམ་བསྟན་ཅིང་སྐུ་རྟེན་གཟུགས། །མིག་ནི་གནམ་ས་བར་བལྟས་ཏེ། །ལུས་ནི་སྒྲོན་མོར་བུད་ནས་ཀྱང་། །རྐང་པ་སྟངས་སྟབས་བརྐྱང་བསྐུམ་གྱིས། །ལག་པ་གནོད་སྦྱིན་ལག་གར་བསྒྱུར། །ཤར་ཕྱོགས་སྲིན་པོའི་གར་རྩེ་ན། །སྲིན་པོ་གནོད་སྦྱིན་མ་རུ་རྩེ། །སྲིན་པོ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །ལྷོ་ཕྱོགས་གཤིན་རྗེའི་གར་རྩེ་ན། །གཤིན་རྗེ་གནོད་སྦྱིན་མ་རུ་རྩེ། །གཤིན་རྗེ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །ནུབ་ཕྱོགས་བདུད་ཀྱི་གར་རྩེ་ན། །བདུད་པོ་གནོད་སྦྱིན་མ་རུ་རྩེ། །བདུད་པོ་མི་ཟན་འབུམ་གྱི་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །བྱང་ཕྱོགས་གནོད་སྦྱིན་གར་རྩེ་ན། །གནོད་སྦྱིན་གདུག་པ་མ་རུ་རྩེ། །ཀུ་བ་རེ་ནི་གཏེར་གྱི་བདག །གནོད་སྦྱིན་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྔགས་ཀྱི་བདག་པོ་མཐུ་བོ་ཆེ། །རུ་མཚོན་དམར་པོའི་སྐུ་རྟེན་བཅའ། །རྔ་ཕོད་དམར་པོ་ཕོད་ཏུ་འཛུགས། །རྒྱལ་བྱེད་དཔལ་རྟགས་དབལ་མཚན་འཕྱར། །འཁོར་བཅས་སྐུ་རྟེན་འདི་ལ་བཞུགས། །དམ་རྫས་སྙིང་དང་བདུད་རྩི་དང་། །ཤ་ཁྲག་དམར་ཆེན་གཏོར་མས་མཆོད། །བསྟན་པ་གཉན་པོ་བསྲུང་བ་དང་། །སྒྲུབ་པ་པོ་ཡི་སྙིང་གྲོགས་མཛོད། །རུ་ཤག་ཐོབ་ལ་ཁ་ཡང་བཟུང་། །ཉེས་དང་འཕྲོལ་ལ་ལེགས་དང་སྤྲོད། །སྲིན་པོ་ཁྲག་ལ་རྦད་བྱས་ཏེ། །ཞེ་སྡང་འབར་བ་དགྲ་ལ་རྦད། །གཤིན་རྗེ་སྲོག་ལ་རྦད་བྱས་ཏེ། །ང་རྒྱལ་འབར་བས་དགྲ་ལ་རྦད། །གནོད་སྦྱིན་ཤ་ལ་རྦད་བྱས་ཏེ། །ཕྲག་དོག་འབར་བས་དགྲ་ལ་རྦད། །བདུད་པོ་རུས་ལ་རྦད་བྱས་ཏེ། །འདོད་ཆགས་འབར་བས་དགྲ་ལ་རྦད། །དང་པོ་རྗེས་སུ་དྲན་པའི་སྔགས། །ཡི་གེ་བཅུ་དྲུག་ཉམས་སུ་བླངས། །དེ་ཡིས་གནོད་སྦྱིན་དམར་པོའི་ཚོགས། །ཉམ་ང་བ་ཡི་ཆོ་འཕྲུལ་སྟོན། །དེ་ནས་རང་དབང་མེད་པར་དགུག །ཡི་གེ་བདུན་པའི་དྲག་སྔགས་ལ། །ཁྲི་ཁྲི་བཟླས་པའི་ཅི་བྱ་བའི། །ལུང་དང་ངེས་པའི་ཚིག་སྟོན་པའོ། །དེ་ནས་ལས་ལ་གཟུད་པའི་ཕྱིར། །དབྱུག་པ་དམག་དཔོན་མེ་རྩེ་ལ། །བསྭེ་ཡི་རུ་མཚོན་དམར་པོ་འཕྱར། །མིང་ནས་འབོད་ཅིང་དལ་ལ་བསྡུ། །སྲོག་ནས་དྲངས་ཤིང་ཕྱོགས་སུ་རྦད། །དེ་ཡིས་འགྲུབ་པར་ཐེ་ཚོམ་མེད། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། དྲེགས་པ་འབོད་ཅིང་རུ་མཚོན་གཟུགས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ཡང་ལས་ལ་སྦྱར་བ་ནི། །གྲུ་བཞི་རྩེ་ཟུར་གསུམ་པའི་བཤོས། །ཁྲག་གིས་བྱུགས་ལ་གཏོར་མར་བཞག །གཤིན་རྗེ་དམར་པོ་ར་ཡི་སྙིང་། །གནོད་སྦྱིན་ཁྱི་སྙིང་སྲིན་པོ་ལུག །བདུན་པོ་ར་རོག་སྙིང་ལ་འབོད། །མ་མོ་བ་གླང་གླིང་ལ་འབོད། །གཟས་པའི་མིང་གཟུགས་ར་ཐོད་གཞུག །དུག་དང་ཡུངས་ཀར་ཁྲག་སྐམ་བྲབ། །སྤྱང་ཐོད་སྟེང་དུ་གཤེད་དམར་བསྐོས། །གཏོར་མ་གཏར་གཟུགས་རྒྱུན་གཏོར་དབུས། །བདུན་དང་བཅུ་བཞི་ཉེར་གཅིག་ཏུ། །བསྙེན་དང་སྒྲུབ་དང་ལས་སྦྱོར་བྱ། །མངོན་སུམ་འོང་བས་མ་སྐྲག་གཅིག །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། རྫས་དང་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ལ་དམ་ཚིག་བསྲུང་བྱ་བ། །རུ་མཚོན་སྒྲུབ་པའི་དུས་དག་ཏུ། །དམ་ཚིག་སྙིང་རྗེའི་སེམས་མི་བསྐྱེད། །གཞན་གྱི་ཡི་དམ་ལྷ་མི་བསམ། །ཉམས་པའི་ཁ་ཟས་ཟ་མི་བྱ། །རྡོ་རྗེ་གདན་གྱི་ས་མི་སྤྲུག །དཀྱིལ་འཁོར་ཟུར་ལ་མགོ་མི་བསྟན། །བསྭེ་ལྷྭམ་ཁྲ་བོ་སྔས་མི་གཞུག །ཟས་ཀྱི་གཏོར་མ་རྒྱུན་མི་བཅད། །རུ་མཚོན་བཙུགས་ནས་སྨྲ་བ་སྤངས། །གཞན་དུ་མི་མང་འདུ་བ་སྤངས། །སྨྲ་བ་སྤངས་ནས་རུ་མཚོན་བརྟུལ། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། དམ་ཚིག་དང་དམ་བཅའ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྟགས་མཚན་བཟུང་བ་ནི། །བསྙེན་པ་བདུན་ལ་རྟགས་འབྱུང་བས། །རྟ་པ་ཞུབ་ཅན་བྱ་བ་སོགས། །འོད་དང་སྒྲ་ལ་སོགས་པ་འབྱུང་། །སེམས་ཅན་བསད་དེད་བྱུང་བ་དང་། །སྒྲུབ་པ་ལ་ཡང་འཇུག་པར་བྱ། །སྒྲུབ་པ་བདུན་ལ་རྟགས་འབྱུང་བས། །རྟ་ལ་ཞོན་ནས་རྒྱུག་པ་དང་། །དགྲ་བོའི་མཚོན་ཆ་ཐོབ་པ་དང་། །འཁྲུག་པའི་རུ་བཀོད་བྱེད་པ་དང་། །ར་གཡག་ཁྲིད་ནས་འོངས་པ་དང་། །དེ་ལྟ་བུ་ཡི་རྟགས་བྱུང་ན། །བསད་པ་ལ་ཡང་འཇུག་པར་བྱ། །བསད་པ་བདུན་ལ་རྟགས་འབྱུང་བས། །ར་དང་རི་དྭགས་བསད་པ་དང་། །དངོས་སུ་ཁྲིད་ནས་འོང་བ་དང་། །དགྲ་བོའི་མཚོན་ཆ་བཅག་པ་རྣམས། །དགྲ་བོ་སོད་པའི་རྟགས་ཡིན་པས། །མྱུར་དུ་བསྒྲིམས་ལ་གཏང་རག་བསྔོ། །དེ་ནས་མྱུར་དུ་འགྲུབ་པར་འགྱུར། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བརྡའི་ལྟས་བརྟགས་པ། །རུ་མཚོན་གཟི་བརྗིད་དཔང་མཐོ་དང་། །རབ་ཏུ་རགས་པའི་རྟགས་མཐོང་ནས། །རུ་མཚོན་རྩེ་ལ་རྒྱལ་མཚན་གཟུགས། །སྨེ་ར་དམར་པོ་ལྡན་ཁམས་ཀྱིས། །མགོ་ཐོད་ཁྲག་གིས་བྱུགས་བྱས་ལ། །ཕྱོགས་སུ་ཁ་གདངས་ཟ་ལམ་བསྟན། །ཡང་ན་སྤྱང་ཐོད་ཟན་ལ་དབབ། །ཚངས་པའི་བརྡའ་སྐད་སྒྲོགས་གྱུར་ན། །མཚན་མ་དམོད་གཟུགས་བརྟགས་པར་བྱ། །རུ་མཚོན་བཅས་འགྱེལ་ངོ་དམའ་ན། །གཏོར་ཚོགས་གསར་ལ་བསྐང་བཟློག་བྱ། །ཡང་ན་བཤགས་པ་རྒྱ་ཆེན་བྱ། །རྡོ་རྗེ་ཆུ་ཁ་འཛག་བུག་བསྡོམས། །ལས་དམིགས་གྲུབ་དང་འཛབ་སྟོང་ནས། །རུ་མཚོན་མ་བརྟུལ་མི་ཉམས་འགྱུར། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། མཚན་མ་ལྟས་ཀྱི་ལེའུ་བརྡའ་བརྟགས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཐུན་སྔགས་དྲག་པོ་བཤད། །ཧཱུྃ་ཡ་མ་ཧཱུྃ་ཏྲི་རྦད། ཧཱུྃ་ཤུ་ཏྲི་རྦད། མ་རུ་ཏྲི་ཡཾ་རྦད། མུགས་མ་རུ་ཏྲི་ཆེ་གེ་མོ་རྦད་རྦད། ཕྱིའི་སྔགས་སོ། །ཨཱོྂ་ཡ་མཀྵུ་ཏྲི་ཆེ་གེ་མོ་རྦད་རྦད། མ་རུ་རྨུགས་ནི། མ་རུ་རྨུགས་ཪྣྲྀ་རྦད་རྦད། གསང་བའི་སྔགས་སོ། །ཨཱོྂ་ཡ་མཀྵུ་ཏྲི་ཡ་དུན། མ་རུ་རྔམ་པ་ལ་རྔམ་པ་ལ་རྦད། མུགས་པ་ནི་མུགས་རྦད། རྦད་སུ་རྦད་པ་ཡ། ནྲྀ་ཆེ་གེ་མོ་རྦད་རྦད། གསང་བ་གསང་བའི་སྔགས་སོ། །གཞན་ཡང་དམར་པོ་སྤུན་བཞི་ཡི། །དྲག་སྔགས་མ་གིང་བསྭེ་མོར་བཅས། །སྟོང་གསུམ་སྔགས་ཀྱི་དམག་དཔུང་བཟློག །རུ་མཚོན་བསྐུལ་བ་ཡང་དག་ཅེས། །དྲེགས་པའི་ང་རྒྱལ་སྐྱེས་པ་ཡིན། །བསེ་མཁར་ཕུར་པ་དམ་རྫས་སྙིང་། །ཡུངས་ཐུན་ཁྲག་དུག་སྙིང་པོ་སྲོག །ཏིང་འཛིན་རྫས་དང་བཅས་པ་ཡིས། །དྲེགས་པ་གནད་ལ་དབབ་པར་བྱ། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། གནས་ལ་དབབ་པ་ཕྲིན་ལས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།ཀྱཻ། དྲེགས་པའི་གཙོ་བོ་ལྔ། ལྷ་སྲིན་སྡེ་བརྒྱད་དམག་དཔོན་ལྔ། །ཕྱག་བརྙན་བསྭེ་ཡི་གྱད་ཆེན་བཞི། །གཤིན་རྗེ་དམར་པོ་སྲོག་གི་གཤེད། །དྲེགས་པ་དམ་ལ་བསྡུ་བ་དང་། །ཟ་ལམ་དགྲ་ལ་བསྟན་པ་དང་། །བསྟན་པ་བསྣུབ་པའི་དགྲ་འདུལ་ཕྱིར། །དྲེགས་པ་དྲག་དང་ང་རྒྱལ་བརྟགས། །ཞེ་སྡང་བསྭེ་ཡི་རུ་མཚོན་རྒྱུད། །དབང་བསྐུར་རྟགས་སུ་འཁོར་ལ་བསྟན། །དྲག་ལ་ཆད་པ་ཆེ་བའི་རྒྱུད། །འདི་ལ་མ་ཡེངས་བརྩོན་གྱུར་ན། །བསམ་པ་མྱུར་དུ་འགྲུབ་པར་འགྱུར། །སྣོད་ངན་ངང་ཚུལ་ངན་པ་ལ། །མི་བསྟན་པ་ཏི་སྨུག་པོར་བཅང་། །བསྟན་ན་སྒྲོན་མེས་ནགས་ཚལ་ཕུང་། །སྣོད་དང་ལྡན་པའི་རྣལ་འབྱོར་བས། །རང་བཞིན་ངང་གིས་འཕྲད་འགྱུར་ཏེ། །རྣལ་འབྱོར་དབང་ཕྱུག་གང་གནས་པར། །དམ་ཅན་ཡོངས་ཀྱང་དེར་གནས་ཏེ། །ཇི་ལྟར་འདོད་པའི་ལས་བྱེད་འགྱུར། །བསྭེ་ཡི་རུ་མཚོན་དམར་པོའི་རྒྱུད་ལས། དུས་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།གཤིན་རྗེ་དམར་པོ་བཤན་པ་ལས་ཀྱི་རྒྱུད་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་བལ་ཡུལ་ཚ་བ་ཚ་ཤོད་མཆོད་རྟེན་དམར་པོ་ལ་སྦས་ཏེ་ཕྱུང་བ། གཉིས་ལས་མང་ན་ལྷ་འདྲེ་དཔང་། །བློ་ལ་བཟུང་ན་དཔེ་ཡང་ཕྱིས། །དམ་མེད་སེར་སྣས་བཅིངས་པ་དང་། །སྐྱོན་ཅན་འོག་བྲུས་བྱེད་པ་ལ། །བསྟན་པའི་ཆོས་འདི་ཐམས་ཅད་གསོངས། །མི་རྒོད་ལག་ཏུ་མཚོན་བསྐུར་འདྲ། །མཁའ་འགྲོ་མ་ཡིས་ཆད་པ་ཆོད། །སྤུ་གྲི་རེག་ཆོད་ཅེས་བྱ་བ་ཐུགས་ཀྱི་མན་ངག་ལགས་སོ། །ཨོ་རྒྱན་པདྨས་བལ་ཡུལ་ཚ་བ་ཚ་ཤོད། མཆོད་རྟེན་དམར་པོ་ལ་སྦས་ཏེ་ཕྱུང་བ་རྫོགས་སོ།། །།
མཱ་ར་ཡ་ཁྲག་སྐྱུགས་ཀྱི་གསང་བའི་རྒྱུད།
མཱ་ར་ཡ་ཁྲག་སྐྱུགས་ཀྱི་གསང་བའི་རྒྱུད་ཅེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་ཡ་མ་ཀརྨ་སོ་རི་ཀ་ལ་རཀྟ་རཱ་ཛ་གུ་ཧྱ་ཏནྟྲ། བོད་སྐད་དུ། དཔལ་གཤིན་རྗེ་དམར་པོ་མཱ་ར་ཡ་གསང་བའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རབ་རི་ཡི་བྱང་ཕྱོགས་ན། གནོད་སྦྱིན་དམར་པོ་འཁྲུགས་པའི་དཀྱིལ་འཁོར་ནས། །ཚེ་སྲོག་བདག་པོ་འཇིག་རྟེན་པ་ཡི་རྒྱུད། །གཤིན་རྗེ་དམར་པོ་མི་ཟན་ཏེ། །གསོད་བྱེད་བཞི་དང་ལྷན་ཅིག་ཏུ། །མ་རུ་རྩེ་མཆེད་བཞི། གནོད་སྦྱིན་དྲག་པོ་གཏུམ་བག་ཅན། །བྱེ་བ་གྲངས་མེད་པ། དཔག་མེད་འཁོར་ཚོགས་ཀྱིས། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །བླ་དང་སྲོག་ལ་དབང་བསྒྱུར་ཞིང་། །མི་ཤ་རློན་པ་ཟས་སུ་ཟ། །རྔམ་པའི་ང་རོ་འབྲུག་ལྟར་སྒྲོགས། །བཤུགས་པའི་ང་རོ་མི་སྙན་སྒྲོགས། །ཨ་ལ་ལ་ཡི་གད་མོ་སྒྲོགས། །དེ་ཚེ་རྡོ་རྗེ་དྲག་ཤུལ་ཅན། །ཕྱག་ན་རྡོ་རྗེ། དྲེགས་པའི་གདན་ལ་བརྐྱང་བསྐུམ་བགྲད། །སྲོག་ལ་རྒོལ་བའི་མ་རུ་རྩེ། །རྩ་སྲོག །ཤན་པ་མ་ར་ཁྲག་སྐྱུགས་ཚོགས། །གཤིན་རྗེ་གིང་། ཚམས་རྔམ་འབར་བས་ཏིང་ངེ་འཛིན་དྲག་པོས། དབང་དུ་བསྡུད། །དེ་ཚེ་དྲག་པོའི་སྔགས་རྒོད་རྔམ་པ་འདི་གསུངས་སོ། །ཨཱོྂ་ཡ་ཧོ་ཕཊ། མྱུར་བར་འབོད་པ། མ་ཧོ་ཕཊ། ཤུ་ཧོ་ཕཊ། རྔམ་རྔམ་ཕཊ། ཉི་ཕཊ། ས་མ་ཡ་རྣམ་པ། ནུ་ཏ་ཕཊ། ཅེས་གསུངས་སོ། །དཔལ་གཤིན་རྗེ་དམར་པོ་མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད་ལས་ལེའུ་དང་པོའོ།། །།དེ་ནས་དྲག་པོ་སྒྲོལ་བའི་སྐུ། །རྡོ་རྗེ་ཅན་ལ་གུས་བཏུད་ནས། །གཤིན་རྗེ་དམར་པོ་མི་ཟན་དེས། །སྲོག་གི་བདག་པོ་སྒྲུབ་པ་དང་། །ཉེ་བར་འབོད་དང་བསད་སྔགས་དང་། །འཁོར་ལོ་དག་གི་ལས་རིམ་དང་། །མ་གྲུབ་སྤོགས་དང་ཤི་ས་བསྟན། །རྟགས་ཀྱི་དྲོད་ཚད་བཟུང་བ་དང་། །ནོར་བུ་བསྒྲུབ་པའི་རམ་པ་རྣམས། །འཁོར་ལ་ངེས་པར་བཤད་པར་མཛོད། །ཅེས་གསོལ་ཏོ། །དེ་ནས་ཡ་མ་རྡོ་རྗེའི་སྐུས། །སྤུ་གྲི་བཤན་པའི་ལས་འདི་གསུངས། །རཀྟའི་ཀློང་ནས་བཞེངས་པ་ཡི། །སྒྲོལ་གིང་བདག་པོ། གནོད་སྦྱིན་མ་རུ་རྩེ་མཆེད་བཞི། དམར་པོ་བཤན་པའི་ཚོགས། །གྱད་པ་བཞི་དང་ལྷན་ཅིག་ཏུ། །རྣལ་འབྱོར་གདེངས་ལྷའི། ལྡན་བརྟུལ་གཤིན་རྗེ་གཤེད་ཀྱི། ཞུགས་ཀྱིས། །མ་ལ་ཡ་ཡི་གནས་སུ་སྒྲུབ། །ལྷོ་ཕྱོགས་དུར་ཁྲོད་རོ་ཁུང་ས། །དཔའ་བོ་གྲི་རུ་བསད་གཡུལ་དུ། པའི་ཤུལ། །ལྷ་འདྲེ་འདུ་བའི་ས་ཤུལ་ལ། །ལྷ་ཁང་རྙིང་པའི། བསད་པའི་འཁོར་ལོ་དྲག་པོའི་དབུས། །གྲུ་གསུམ། ཁ་དོག་ནག་པོ་རྩང་ཁ་ཁྱེར། གིས་བསྐོར། །ཟླ་གམ་དམར་པོ་གདུག་པའི་ཕྱི་རོལ། མཚོན། །འཁོར་ལོ་རྩིབས་བཞི་ཐོད་ཕྲེང་མེ། །མེ་རི། མཁས་པས་ཉི་མ་དུས་ནུབ་ནས་བརྩིགས། །དབུས་སུ་མཎྜལ་གྱི། འཁོར་ལོ་ཐོད་པ་བཅའ། །འཁོར་ལོ་རྩིབས་བཞི་ལྡན་པ་ལ། །གདུག་པའི་ཤིང་། མཚོན་ཆ་རྩང་དམར་པོ། ལྡན་པ་ལ། །སྲོག་ཆགས་བསྒྲལ་བའི་ར་རོག་ལུག་ནག་ར་དམར་ཁྱི་དམར། སྙིང་བཞི་གཟུགས། །བཤོས་བུ་གྲུ་གསུམ་དམར་པོ་ལ། །རུ་མཚོན་དམར་པོ་དར་དམར་པོའི། བཞི་ཡང་གཟུགས། །གཏོར་མ་བདུད་རྩི་རཀྟ་ཡང་། །ཚོགས་པར་བྱས་ལ་འབྱོར་བར་བྱ། །དང་པོ་སྟོང་པའི་བྱང་ཆུབ་སེམས། །དེ་བཞིན་ཉིད། རྒྱུ་ཡི་ས་ཧཱུྃ་དམར་པོ། བོན་ལྡན་པ་ཡི། །རང་ཤྲཱི་མཉྫུ་གི་སྔགས་ཀྱི་རྫོགས་པའི་སྐུ། །དམར་ནག་སྐུ་མདོག །པདྨ་རཱ་གའི་སྐུ། །ཁམ་ནག་རལ་པ་སྐེད་པར་སླེབས། །རྩེ་ལ་བྷནྡྷ་ལྕང་ལོ་ཅན། །སྤྲུལ་པའི་གློག་སྟོང་སྐར་མདའ་འཁྲུགས། །གཡས་ན་གསོད་བྱེད་རལ་གྲི་བསྣམས། །གཡོན་ན་སྦྲུལ་ཞགས་སྡིགས་མཛུབ་མེ། །གྱད་ཀྱི་དོར་སྟབས་དགྲ་བགེགས་བརྫིས། །བདུད་ཀྱི་ལྕམ་མོ་ཁྲག་མིག་མ། །རླུང་ནག་འཚུབས་མའི་ཡུམ་རེ་མ་ཏཱི། དཀྱིལ་འཁོར་ནས། །ལྕགས་ཀྱུ་གཡས། དམར་པོའི་འཕྲོ་འདུ་ཅན། །གཡོན་པ་ཐོད་ཁྲག་དལ་ཡམས་འབེབས། །ཛཿལས་སྤྲུལ་པའི་སྒྲོལ་གིང་བཞི། །ཤར་ལྷོ་ནུབ་བྱང་གི་མ་རུ་རྩེ་མཆེད་བཞི། དམར་པོ་སྐུ་མདོག །བསྭེ་ཡི་རལ་པ་ཅན། །བསྭེ་ཁྲབ་གཤིན་རྗེ། དམར་པོ་སྐུ་ལ་གསོལ། །ཆིབས་སུ་བསྭེ་ཡི་བྱ་དམར་པོ། ཁྲ་ཆིབས། །ཁྲག་སྲིན་པོ། གི་ཞགས་པ་དམར་པོ་དང་། །བསྭེ་གཤིན་རྗེ། ཡི་མདུང་དམར་ཆེམས་སེ་ཆེམ། །གནམ་ལྕགས་བདུད། འབར་བའི་རལ་གྲི་ཅན། །བསྭེ་ཡི་གནོད་སྦྱིན། ལྡན་མཁར་ཕྱག་ན་བསྣམས། །འཇིགས་བྱེད་དཀྱིལ་འཁོར་དམ་ཚིག་པ། གསལ་བ་ལས། །སྒྲུབ་པའི་དཀྱིལ་འཁོར་སྤྱན་ཡེ་ཤེས་པ། དྲངས་མཆོད། །ཕྲིན་ལས་སྔགས་བཟླས་ཆེ་གེ་མོ་འདི་སྒྲོལ་ཅིག་བར། བཅོལ་བའི་ལས་ཀྱང་བྱ། །རང་གི་ཧཱུྃ་གིར། གནས་ནས་འཕྲོ་འདུ་ལས། །སྲོག་དྲེགས་པའི། གི་འཁོར་རབ་བསྐོར་བས། །ལས་མཁན་མྱུར་དུ་འབོད་འོང་། པར་བྱ། །བསྒྲུབ་བྱའི་རྩ་སྔགས་དྲིལ་ལ་བཟླས། །ཡ་ཧོ། ཤ་སྲིན་པོ། གནོད་སྦྱིན། བདུད། གཤིན་རྗེ། དང་ཁྲག་དང་རུས་པ་ལ། །སྲོག་ལ་རྦད་པའི་བླ་དགུག་པ། །དམིགས་པས་འབོད་རྦད་བསད་གསུམ་གྱི་རྟགས། བུགས་པའི་དྲོད་དང་སྦྱར། །བསད་པ་ལས་ཀྱི་མཇུག་དུས་བཞིའི་ཏུ་ཡང་། །འབོད་རྦད་གྲོང་ཁྱེར་བསྲེགས་པ ། བསད་གསུམ་སྤུ་གྲི་སྦྱར། །སྟོང་གྲངས་ཙམ་དུ་བྲབ་པར་བྱ། །དགོང་གི་གྲིབ་སོ་ནག་པོའམ། །ནམ་གྱི་གུང་ལ་བསད་པ་བརྩམ། །དེ་དུས་ཐོད་པ་ཐབ་ཏུ་གཞུག །ཉི་ཟེར་ཟླ་ཟེར་སྐར་ཟེར་ལ། །རྦད་ཅིང་བླ་ཙེ་དགུག་པར་བྱ། །ལས་རྫོགས་འཁོར་ལོ་ལིང་ག་ཀུན། །གདབ་དང་མནན་པ་བསྲེག་པ་བརྩམ། །བདུད་ཀྱི་ཕོ་བསྐོར་མོ་བསྐོར་དག །རོ་ལངས་དུས་བཞི་ཟེར་གསུམ། རུབ་པའི་དུས་སུ་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་དམར་པོ་མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད་ལས། བསྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དྲག་སྔགས་བཤད་བྱ་བ། །གཤིན་རྗེའི་བསད་ཁྲམ་དུག་གི་མཚོན། །བསད་པའི་དུག་མདའ་འདི་དག་གོ། །ཤྲཱི་མཉྫུ་ཡ་མ་རཱ་ཛ། ཨེ་ཀ་ཛ་ཏི་ཛ་ཛཿ ཨཱོྂ་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། རྔམ་རྔམ་ཕཊ། ཉི་ཕཊ། ཧཱུྃ་ཧཱུྃ་ཕཊ། རྔམ་རྔམ་དགྲ་བོའི་སྲོག་ལ་རྔམས། །རྔམ་རྔམ་དགྲ་བོའི་ཁྲག་ལ་རྔམ། རྔམ་རྔམ་དགྲ་བོའི་རུས་ལ་རྔམ། རྔམ་རྔམ་དགྲ་བོའི་ཤ་ལ་རྔམ། ཨཱོྂ་ཡ་མ་ཤུ་ཏྲི་ཆེ་གེ་མོ་རྦད། མུགས་མ་རུ་ཏྲི་མ་རུ་མུགས་ཪྣྲྀ། མུགས་ཪྣྲྀ་རྦད་རྦད། ཨཱོྂ་ཡ་མ་ཧཱུྃ་ཏྲི་རྦད། ཧཱུྃ་ཤུ་ཏྲི་རྦད། མ་རུ་ཏྲི་ཡ་མ་རྦད། མུ་མ་མ་རུ་ཏྲི་ཆེ་གེ་མོ་རྦད་རྦད། ཨཱོྂ་ཡ་མ་ཤུ་ཏྲི་ཡ་དུན་མ་རུ་རྔམ་པ་ཡ་རྦད། མུགས་པ་ནི་མུགས་རྦད། རྦད་དུ་རྦད་པ་ཡ་ཪྣྲྀ་ཆེ་གེ་མོ་རྦད་རྦད། མ་རུ་རྩེ་རྩ་ཁྲག་ཙིཏྟ་ཕྱུང་། དགྲ་བོའི་སྲོག་ལ་ཐུམ་རིལ། ནྲྀ་ཐུམས་ཐུམ་པ་ཙིཏྟ་རྦད་རྦད་ཡ། སྲོག་མུགས་ཏི་རྦུད་རྦུད། རྦད་ཤ་རྦད་མྱོངས། ཙིཏྟ་ཀུ་ལ་རྦད་རྦད། རྦད་ཡམས་རྦད་ཐིབས། རྦད་རམ། རྦད་མྱོགས། རྦད་ཁམས་རྦད་མུགས། རྦད་ཁམ་རྦད་མྱོགས། མ་རུ་རྩེ་དགྲ་བོའི་སྲོག་ལ་རྦད་ཡ། ཨཱོྂ་ས་མ་ཡ་ཕུག་ཏོལ་ཏོལ། ཙིཏྟ་ཕྱུངས། སྙིང་ལ་རམ། ཚལ་པ་ཚལ་པ་བྷྱོ། ཁམ་ཁམ་སྙིང་ལ་ཁམ། ཕྱུང་ཕྱུང་ཙིཏྟ་ཕྱུང་། ཙག་ཤུ་བམ་རིལ། ཐུམས་སྙིང་ལ་ཡ། སྙིང་ཁོང་ནས་ཕྱུང་ལ་ཤོག །ཆེ་གེ་མོ་མཱ་ར་ཡ་ཕཊ་ཕཊ། རྣལ་མ་རྣལ་ཏེ་གསོད་ལ་རྔམས། གཤོས་ལ་མེར་སྲིས་ལ་ཆུམ། ཐུམ་བིས་ཐུ། ལྕགས་ཀྱི་སྐྲ། དགྲ་བོ་མཱ་ར་ཡ། ས་མུ་ཧེ་ཐུ་ཕཊ། དཔལ་གཤིན་རྗེ་དམར་པོ་མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཁྲུལ་འཁོར་བཤད་བྱ་བ། །དུར་ཁྲོད་རོ་རས་དེ་དག་ལ། །གདུག་པའི་འཁོར་ལོ་རིམ་པ་གསུམ། །རྩ་བ་དྲག་པོ་སྤུ་གྲི་བསྣོལ། །མཁས་པས་བསྐོར་ལ་ལིང་ག་བྲི། །བླ་སྲོག་གཅོད་དང་འགུགས་པ་ཡིན། །གཅོད་པའི་མཚོན་ཆ་འཁོར་ལོ་ཞེས། །ཡང་དག་རྡོ་རྗེས་བཤད་པ་ཡིན། །ཙ་རའི་ཐོང་པར་ར་ཐོད་ཀྱི་འཁོར་ལོ། །དགྲ་གཟུགས་གཞུག །བསད་མནན་ལས་ཀྱི་འཁོར་ལོ་སྟེ། །གནད་ཀྱིས་བསད་པའི་འཁོར་ལོར་བཤད། །གཅན་གཟན་དར་མའི་སྤྱང་ཐོད་ཀྱི་འཁོར་ལོ། ཐོད་པ་ལ། །གཤིན་རྗེ་དམར་པོའི་ཙཀྲ། གཟུགས་དང་སྔགས་བྲིས་ལ་ལྟོ་བ་ལིང་ག་བྲུབ། རྣལ་མ་རྒྱུན་གྱི་འཁོར་ལོ་སྟེ། །གཤེད་པོ་སྲོག་ལ་འབེབས་པ་ཡིན། །འཁོར་ལོ་ནག་པོ་ཞེས་སུ་འདོད། །སྣེལ་གྲིའི་ཐོད་པ་དམེ་ཤ་རུ། །སྐྱུག་པ་ཁྲག་དང་སྦོས་པ་དུག །གཟིར་བ་ཡུངས་ཀར་ཐུན་སྦྱར་ཏེ། །སྐབས་སུ་ལིང་ག་རང་ལ་གཏིགས་པ་དང་། །དགྲ་ལ་ཟོར་དུ་འཕང་བས་ཏེ། །དྲག་པོ་ཐུན་གྱི་འཁོར་ལོར་འདོད། །བསད་པའི་ར་ཐོད། འཁོར་ལོ་མནན་པར་བྱའོ། །འཁོར་ལོ་ནག་པོ་རྒྱུན་དུ་བསྟེན། །ཐུན་གྱི་འཁོར་ལོ་དགྲ་ལ་རྡེག །ཅེས་གསུངས་སོ། །དཔལ་གཤིན་རྗེ་དམར་པོ་མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད་ལས། འཁོར་ལོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྲབ་པའི་ལས་མཐའ་རུ། །མ་གྲུབ་སྤོགས་པའི་ཆོ་ག་བྱ། །ལན་གསུམ། ཡན་ལག་གསུམ་གྱིས་བཤགས་པ་བྱ། མ་གྲུབ་ན། །དུར་ཁྲོད་རས་ལ་གཤིན་རྗེའི་གཟུགས། །ལྟོ་བར་སྔགས་ཀྱི་ཕྲེང་བ་ནི། །དྲག་པོའི་གཅན་གཟན་ཐོད་པ་རུ། །ཞག་ནི་བདུན་གྱི་བར་དག་ཏུ། །བཟློག་པའི་ཨར་ལ་གཏད་པའོ། །དེ་ཚེ་གུ་གུལ་ནག་པོ་ཡིས། །འཁོར་ལོ་བདུག་ཅིང་ཡུངས་ཀར་བྲབ། །རྫོགས་དང་འཁོར་ལོ་མནན་པ་བྱའོ། །གལ་ཏེ་རྣལ་འབྱོར་འཁུ་ཞིང་ལྡོག་ན་ཤི་ས་བསྟན། ཉམས་ཆུང་ནས། །ཚེ་སྲོག་བདག་པོས་འཚེ་བས་ན། །ཁྲག་དང་དུག་དང་ཡུངས་ཀར་གྱིས། །སྐུ་ལ་ཙཀྲ་ལ། གཏོར་ལ་བཟླས་པས་བཟློག །དེས་ནི་གཤིན་རྗེ་དམར་པོ་དག །ཨར་ལ་གཏད་པའི་ལས་སུ་བཤད། །དཔལ་གཤིན་རྗེ་དམར་པོ་མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད་ལས། སྤོགས་དང་ཤི་ས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྒྲུབ་རྟགས་ངེས་བཤད་པ། །བདུན་པ་ཉེ་བའི་བསྙེན་པ་ཡིས། རྟགས་བཟུང་ལ། །རྟ་པ་ཞུབ་ཅན་རྟ་ལ་སོགས། །འོད་དང་སྒྲ་དང་རླུང་དག་དང་། །མི་རེང་མ་རུ་རྩེ་ཁུག་པ། དམར་པོ་བཙུན་པ་རྣམས། །ལས་མཁན་རྟགས་སུ་ཤེས་པར་བྱ། །རྟ་ཞོན་དམག་གིས་དགྲ་ཡུལ་འཇོམས། །ར་གཡག་བསྒྲུབ་པ་བདུན་གྱི་རྟགས་སོ། །ཁྲིད་ནས་བསད་པ་དང་། །དགྲ་བོའི་མཚོན་ཆ་ཐོབ་པ་དང་། །ཤ་ཁྱིས་དེད་དང་རི་དྭགས་གཤོར། །བླ་ཚེ་ཁུག་པའི་རྟགས་སུ་བྱུང་། །བསད་པའི་ལས་ལ་འཇུག་པར་བྱའོ། །ར་དང་རི་དྭགས་བསད་པ་དང་། །བླ་ཤིང་བཅད་དང་དངོས་སུ་གསོད། །མྱུར་དུ་གྲུབ་པའི་མི་འགྱང་། རྟགས་སུ་བྱུང་། །ཤ་ཁུར་སྙིང་ཁྱེར་བྱུང་བ་དང་། །སོད་པས་ངེས་པར། གཏང་རག་བཏང་བར་བྱའོ། །དྲོད་རྟགས་བལྟས་ཀྱི། བསྙེན་བསྒྲུབ་གསུམ་ལ་སྦྱར། །དཔལ་གཤིན་རྗེ་དམར་པོ་མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ནོར་བུ་བུམ་པ་དང་། །རིན་ཆེན་གའུ་ཟ་མ་ཏོག །རིན་ཆེན་ལྔ་དང་འདོད་པའི་མིང་། །སྦྲེལ་བའི་འཁོར་ལོ་རྫོགས་པ་དང་། །བང་མཛོད་དག་ཏུ་བརྟེན་པར་བྱའོ། །དགོས་འདོད་འདུ་ཤིང་འཕེལ་བར་འགྱུར། །འབར་བྱེད་ཁྲོ་བོ་གཏུམ་བག་ཅན། །གཏུམ་པའི་ང་རོས་འཇིག་རྟེན་གཡོ། །འབར་བྱེད་ཡེ་ཤེས་ཐིག་ལེ་ཉིད། །མ་རུང་འདུལ་ལ་ཕྱག་འཚལ་བསྟོད། །དཔལ་གཤིན་རྗེ་དམར་པོ་མཱ་ར་ཡ་ཁྲག་སྐྱུགས་ཀྱི་རྒྱུད་ལས། ནོར་བུ་བསྒྲུབ་པ་དང་བསྟོད་པའི་ལེའུ་བདུན་པའོ།། །།དཔལ་གཤིན་རྗེ་དམར་པོ་མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད་རྫོགས་སོ། །ཁྲོ་གཏུམ་ཐུགས་རྗེ་ཆེ་བའི་ཐོད་པ་ཇོ་སྲས་བདག་གིས་བྲིས། མོས་པ་དད་གུས་ཀྱི། བསྒོམ་བསྒྲུབ་གཅིག་ལ་མོས། །ལས་འཕྲོས་བསྟན་པ་བསྲུང་བའི། མཐུ་ཡི་ཕྱོགས་སུ་ཁྲིད། །གཉིས་མེད་ངང་ཆོས་ཉིད་ཀྱི། དུ་བསྒྲལ་ནས་བཞག །བསྟན་པའི་རུ་ཏྲ་བསྒྲལ་བའི། བྱ་རར་ཤོག །ཨཐྎ། ྅྅྅རྒྱ།རྒྱ།རྒྱ། སག༔ འཇམ་དཔལ་བཤེས་གཉེན། ཤྲཱི་སེདྷ། པདྨ་འབྱུང་གནས། ཁྲི་སྲོང་ལྡེའུ་བཙན། སྲས་སྟོན་དྷརྨ་ཀིརྟི། རླུང་སྟོན་བརྒྱུད་པ་ཟམ་མ་ཆད་པའོ།། ༈ །།གསུམ་པ་སྒྲུབ་ཐབས་བསྐྱེད་རིམ་གྱི་སྐོར་ལས། དཔེ་ཚན་དྲུག་ཡོད་དེ།
འཇམ་དཔལ་གཞོན་ནུར་རོལ་པའི་སྒོམ་བྱང་།
འཇམ་དཔལ་གཞོན་ནུར་རོལ་པའི་སྒོམ་བྱང་བཞུགས་སོ། །ཨཱོཾ་སྭ་སྟི་སིདྡྷཾ། འཇམ་དཔལ་གཞོན་ནུ་རོལ་པ་ཞེས་བྱ་བ། དྲི་མེད་ཆོས་དབྱིངས་འཇམ་པའི་དཔལ། །ཐུགས་རྗེས་ཁྲོས་པས་གཤིན་རྗེའི་གཤེད། །ཕྲིན་ལས་དྲག་པོས་འགྲོ་བ་སྒྲོལ། །དུག་ལྔ་འཇོམས་ལ་ཕྱག་འཚལ་ལོ། །དེ་ཡི་སྒྲུབ་ཐབས་ལས་ཀྱི་རིམ། །དྲི་མེད་སྣང་བ་བྱའོ་ཀྱེ། །དེ་ལ་བཅོམ་ལྡན་འདས་འདི་ཉིད་ཀྱི་དཀྱིལ་འཁོར་དུ། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས། བསམ་གཏན་གྱི་ཡན་ལག །ཡོ་བྱད་འཚོགས་པ་དང་། གནས་དབེན་པར་ནང་ཚང་ཅན་གྱི་སྟན་དང་ཞིང་སྤགས་ལ་ཁ་ལྷོར་བསྟན་ལ་འདུག་སྟེ། ཁྲུས་བྱས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། དེ་བཞིན་ཉིད་མ་བཅོས་པས། སེམས་ཉིད་རྩ་བྲལ་ཅིར་ཡང་སྣང་བར། རང་ཉིད་འཇམ་དཔལ་དམར་པོར་གསལ་བའི། ཐུགས་ཀ་ནས་མེ་དང་མཚོན་སྤྲོས་བགེགས་བཅོམ་བསྲེག་འདུས་མཚོན་ཆའི་གུར། མེ་འབར་བ་ཡངས་པའི་ནང་དུ་ཨེ་ཡྃ་རྃ་ར་བྃ་ཀེཾ་རྣམས་ལས་ནམ་མཁའ་རླུང་མེ་རཀྟ་ཞིང་གི་ས་གཞི། ཀེཾ་རུས་ཀྱི་རི་རབ་རྣམས་ཀྱི་སྟེང་དུ། །བྷྲཱུྃ་ལས་དུར་ཁྲོད་ཆེན་པོའི་ས་གཞི་དབང་དྲག་དམར་སྨུག་མེ་ཆུ་ཤིང་སྤྲིན་རྣམས་ཀྱིས་ཕྱོགས་མཚམས་བརྒྱད་དུ་མཚན་པ། རོ་དང་རོ་ལངས་ཀེང་རུས་རྒྱུས་པས་འབྲེལ་བ་དང་། བྲལ་བ་དང་། ཀེང་རུས་གར་བྱེད་པ་དང་། ཤིང་ལ་འཕྱངས་པ་དང་། གསལ་ཤིང་ལ་བཙུག་པ་ཁ་ནས་མེ་འབར། ཕེཾ་སྒྲོགས་པ། གར་བསྒྱུར་བ། མེ་འབར་བ་ཆིལ་ཆིལ་ཟེར་ཞིང་ཚིགས་པས་གང་བར་རོ་བ དག་མ་མོ་བརྒྱད། གནས་རྟེན་མཆོད་རྟེན་བརྒྱད། གཞན་ཡང་ཕྱོགས་སྐྱོང་། ཞིང་སྐྱོོང་འདྲེ་སྲིན་པོ། ཤ་ཟ་མང་པོས་གང་ཞིང་། བྱ་དང་གཅན་གཟན་མང་པོ་འཐབ་འཁྲུག །ང་རོ་སྒྲོགས་འདོན། འབྲུག་སྒྲ་སྒྲོག་ཐོག་འབེབས། སྐྱེ་བུང་བུང་བྱེད་པ་ལ་འཇིགས་པ་མེད་ཅིང་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་རུས་པའི་རྒྱན་འཛིན་ཅིང་ཐོད་པ་དང་ཁ་ཊྭཾ་ཀ་དང་ཅང་ཏེའུ་བཟུག་ནས་གར་སྒྱུར་ཞིང་། ཧ་ཧ་ཞེས་དྲག་ཏུ་སྒྲོག་པའི་དབུས་སུ། རྒྱུ་ཐོད་པ་སྐམ་རློན་རྙིང་གསུམ་ནང་དུ་བསྟན་པའི་ཕག་ཏུ་རྩིག་པ་ཁྲག་ཞག་གིས་སྦྱར་བ། དུག་སྤྲུལ་གྱིས་ཁ་མིག་ནས་དྲངས། ཨེ་ལས་གནམ་ལྕགས་ཀྱིས་གཟིར་ཏེ་བརྩིགས་པ། ཕ་གུ་ཕྱར་གབ་ཅན་ལ་རིན་པོ་ཆེའི་ཆུན་འཕྱང་དང་། རྐང་གི་ཤར་བུ། ཐོད་ཀྱི་ཟླ་བ། ཟླ་བ་ཕྱེད་པ། མགོ་སྐྲའི་རྔ་ཡབ། སྤགས་པས་བ་དན་ལ་སོགས་པས་བརྒྱན་ཅིང་། རིན་པོ་ཆེའི་མདའ་ཡབ་དམར་པོ་ལ། ཀ་མ་ཤི་ཀའི་སྤུ་ཤུད་མཛེས་པ། ཕྱི་འདོད་ཡོན་དམར་པོའི་འགྲམ་སྟེགས་སུ་བསྐོར་བ། གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ་ཕྱི་ནང་གི་ཐེམ་སྐས་བརྒྱད་དང་ལྡན་པའི་ནང་། རུས་སྦལ་ནག་པོའི་ཀ་གདན། ཀླུ་ཆེན་བརྒྱད་ཀྱི་ཀ་བ། ཉི་ཟླའི་ཀ་གཞུ། ལྷ་ཆེན་བརྒྱད་ཀྱི་གདུགས། གཟའ་དང་རྒྱུ་སྐར་གྱི་དྲལ་ཕྱམ། མི་རྒོད་པགས་པས་ཕྱུར་བུར་ཕུབ་ཅིང་ཙིཏྟ་འབར་བའི་ཏོག་གིས་མཚན་པ། ཞིང་གི་རྒྱལ་མཚན་གྱི་ཕྱོགས་མཚམས་མཚན་པ། ཕྱི་ནང་མེད་པར་གསལ་བའི་དབུས་སུ་འཁོར་ལོ་རྩིབས་བཞི་གྲུ་ཆད་གློ་འབུར། ཁྲག་ཞག་འཁྲུགས་པའི་བར་འཁྱམས་ཅན་གྱི། ལྟེ་བར་གྲུ་གསུམ་པར་གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྒྱེལ་བ། ཆུ་གླང་དམར་པོའི་རྨིག་པས་བསྐོར་ཞིང་། རྭ་འགྱིང་། རྭ་གདེངས། མིག་དམར། ཁ་གདངས། ཁ་རླངས་འཚུབས་སྦྲུལ་དང་རུས་པའི་རྒྱན་གྱིས་མཛེས་པའི་སྟེང་དུ། པདྨ་དང་ཉི་མར་སེམས་ཉིད་ཧཱུྃ་ལི་ཁྲི་ལྟར་དམར་བ་ལས། འཕྲོ་འདུས། མེ་རླུང་གི་འཁོར་ལོ་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་པ། མེ་རླུང་གི་འཁོར་ལོ་བསྐོར་ཞིང་། གཡས་བསྐུམ་གཡོན་བརྐྱང་བ། ཉི་མ་བྱེ་བའི་འོད་དང་མཚུངས་པའི་ཐུགས་ཀ་ནས་ཡ་འཕྲོས། དེ་ལས་སྒེག་མོར་རལ་གཅིག་མ་ཞལ་གཅིག་ཕྱག་གཉིས། གཡས་ཏྲི་ཤུལ་ནམ་མཁར་འཕྱར་ཞིང་། གཡོན་བདུན་བཞིའི་ཁྲག་དང་སྙིང་གིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་། ཞབས་གཡོན་ཡབ་ཀྱི་བརླ་གཡས་མ་ཧེའུ་ཚང་རར་བརྐྱང་བ། གཉིས་ཀའང་དུར་ཁྲོད་ཀྱི་བརྒྱན་ཅིང་ཁྲོ་ཚུལ་དྲུག་ཅུ་རྩ་བཞི་དང་། ཉམས་དགུས་བརྗིད་པའི་སྤྱན་ཤངས་ལྗགས་དང་ཐུགས་ཀ་ལས་ཛཿའཕྲོས། དེ་ཡོངས་སུ་གྱུར་པ་ལས། ཤར་རྩིབས་སུ་སྲིན་པོ་མ་རུ་རྩེ་ཤེར་གྲི་འཕྱར་བ་སེང་གེ་ལ་ཞོན་པ། ལྷོ་རྩིབས་སུ་གཤིན་རྗེ་མ་རུ་རྩེ། གཡས་ཞིང་དབྱུག་ཅན་མ་ཧེ་སྔོན་པོ་ལ་ཞོན་པ། ནུབ་རྩིབས་སུ་བདུད་པོ་མ་རུ་རྩེ་གཡས་རྒྱུ་ཞགས་ཅན་བདུད་རྟ་ནག་པོ་ལ་ཞོན་པ། བྱང་གི་རྩིབས་སུ་གནོད་སྦྱིན་མ་རུ་རྩེ་བསྭེ་ཡི་མདུང་ཅན་གྱི་ལིང་དམར་པོ་ལ་ཞོན་པ། ཐམས་ཅད་གཡོན་པ་དགྲ་བོའི་ཙིཏྟ་འཛིན་ཅིང་། རིགས་དང་མཐུན་པའི་བསྭེ་ཆས་ཅན། མཚམས་བཞིར་མ་སྤྲོས་པ་ལས། མཚོའི་ནང་དུ་མེར་རྡོ་རྗེ་ཡ་བྱིན་ནག་མོ་ལྕགས་ཀྱུ་ཐོགས་པ་སྟེ་བདུད་རྟ་ལ་ཞོན་པ། སྲིན་པོར་དེ་བྱིན་སེར་མོ་ཞགས་པ་ཐོགས་པ་སྟེ་གཟའ་རྟ་སེར་པོ་ལ་ཞོན་པ། རླུང་དུ་བསྭེ་བྱིན་དམར་པོ་ལྕགས་སྒྲོགས་ཐོགས་པ་སྟེ་བཙན་རྟ་དམར་པོ་ལ་ཞོན་པ། དྲག་པོར་ཕར་བྱིན་སྔོན་མོ་དྲིལ་བུ་ཐོགས་པ་སྟེ་ཀླུ་རྟ་སྔོན་པོ་ལ་ཞོན་པ། དེ་དག་རིགས་དང་མཐུན་པའི་གཡོན་ཐམས་ཅད་ཕུར་བུ་དང་ཅོད་པན། བེར་རྒྱན་ཆ་འཛིན་པ་དང་། མ་བཞི་སྤྲོས་ཁྱམས་ཀྱི་ཟུར་བཞིར། བལ་མོ་བཞི་ཕུར་པ་དང་ཙིཏྟ་འཛིན་པ་དང་། ཡ་བཞི་སྤྲོས་པ་ལས། ཤར་སྒོར་ཡ་མ་རཱ་ཛ་སྨུག་ནག །ལྷོ་སྒོར་མྱོས་བྱེད་འབར་བ་སེར་ནག །ནུབ་སྒོར་ཨཱརྱ་མ་རུ་དམར་ནག །བྱང་སྒོར་རལ་པ་ཚལ་དགུ་ལྗང་ནག །ཐམས་ཅད་ཀྱིས་གཡས་ཞིང་དབྱུག །གཡོན་ཙིཏྟ་དང་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་བསྣམས་པ་འཁོར་ལོས་མཚན་པ་རིམ་པ་བཞིན་འཛིན་ཅིང་རོ་དང་ཉི་མའི་གདན་ལ་ཞལ་ཕྱིར་གཟིགས་པར་གྱུར། གནས་གསུམ་བརླབ། དབང་བསྐུར། གཙོ་བོ་ཡབ་ཡུམ་ལ་ཐོད་པའི་ཁང་བུར་ཁྲག་འཐུང་རིགས་ལྔས་དབུ་རྒྱན་པར་གྱུར། འཁོར་རྣམས་ལ་གཤིན་རྗེའི་གཤེད་ཀྱིས་དབུ་བརྒྱན་ནས། རྒྱས་འདེབས་ཀྱི་སྔགས་བརྗོད། ལྷ་ཐམས་ཅད་ཀྱི་ཐུགས་ཀར་རང་མཚུངས་ཀྱི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་གྱི་སེམས་དཔའི་གཙོ་བོ་ལ་མེ་རླུང་གི་འཁོར་ལོ། གཞན་རྣམས་ལ་རང་རང་གི་ཕྱག་མཚན། རང་རང་གི་ས་བོན་གྱིས་མཚན་པའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་པར་བགྱིའོ། །མཆོད་བསྟོད། ཛཿཧཱུྃ་བྃ་ཧོཿས་ཡེ་ཤེས་པ་དམ་ཚིག་པ་ལ་བསྟིམ། རོ་གཅིག་ཏུ་གྱུར་པའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་མང་པོ་བྱུང་སྟེ། མཆོད་བསྟོད་ལ། རྩ་བའི་སྔགས་ལ། མ་ཧཱ་པཉྩ་ཁཱ་ཧི། རཀྟ་ཁཱ་ཧི། བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་ལ་བྱིན་གྱིས་བརླབ་པའི་སྨན་རཀ་གཏོར་མ་ཕུལ་ལ། དཔལ་འབར་དབང་ཕྱུག་གིས་བསྟོད། བྱིན་གྱིས་བརླབས་པའི་ཕྲེང་བ་བཟུང་ལ། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ ཞེས་བསམ་སྤུ་གྲི་བཏགས་ཏེ་རྩ་བ་ལས་སུ་འབྲེལ་བར་བཟླས། སྔགས་ཀྱི་འཁོར་ལོ་བསྐོར་བས་ལས་སྒྲུབ་པར་བསམས་པ་ལ་ཟླ་ཚུལ་དྲུག་གང་ཡང་རུང་བ་བྱའོ། །སླར་ཡང་མཆོད་བསྟོད་དང་། འདོད་དོན་གསོལ། དགེ་བ་བསྔོའོ། །དེ་ལྟར་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་གཞོན་ནུ་རོལ་པའི་སྒྲུབ་ཐབས་ཀྱི་རིམ་པ་འདི་ཡོན་ཏན་ཕུན་ཚོགས་དགེ་བའི་བཤེས་གཉེན་འབྱུང་གནས་དཔལ་གྱི་བསྐུལ་བའི་ངོར། འཛམ་གླིང་ནག་པོ་པཎྜི་ཏས། ཐུགས་སྲས་དཀོན་མཆོག་རྡོ་རྗེ་རྣམས་ཀྱིས། འཇམ་དཔལ་གཞོན་ནུ་རོལ་བའི་རྒྱུད་འབྲེལ་དང་། མན་ངག་ཇི་ལྟ་བར་དགོན་པ་བས་བསམ་ལ་འདྲ་ཡང་མ་བྱིན། བསལ་ཞེས་པ་སྣང་ངོ་། །ལ་སྒང་གི་ཡང་རྩེར་སྦྱར་ནས། གནུབས་ཀྱི་བརྒྱུད་པ་འཛིན་པའི་སྔགས་པ། བླ་མ་བསོད་ནམས་རྡོ་རྗེ་ལ་བཀའ་གནང་བའོ། །དེ་ལ་གྱད་ཆེན་རྣམས་ཀྱིས་བཟོད་པར་མཛོད། །དགེ་བས་སྒྲིབ་གཉིས་བསྟན་པའི་དགྲ། །འདིས་བཅོམ་འགྲོ་བ་ཐམས་ཅད་ཀུན། །འཇམ་དཔལ་གཞོན་ནུ་རོལ་པར་གྱུར། །བཀའ་ཡི་ཆུ་བོ་ཐམས་ཅད་འདུས་པ་གནུབས་ཀྱི་གདུང་བརྒྱུད་ལྷ་རྗེ་ཧཱུྃ་ཆེན། དེ་སྲས་ཧཱུྃ་གྲགས། དེས་སྐྱེས་བུ་འབར། དེས་རྡོ་རྗེ་སེང་གེ། དེས་དཀོན་མཆོག་སེང་གེ། དེས་རྡོ་རྗེ་བདུན་འདུལ། དེས་རྡོ་རྗེ་དཔལ། དེས་ལྷ་རྗེ་ཧཱུྃ་ཆེན། དེས་ལྷ་རྗེ་བཀྲ་ཤིས་དར། དེས་དར་མ་སེང་གེ། དེས་འཛམ་གླིང་ནག་པོ། དེས་ཀུན་མཱ་ར་བཛྲ། དེས་ཐུགས་སྲས་དཀོན་མཆོག་རྡོ་རྗེ་རྣམས་ཀྱི་བརྒྱུད་པ་འཛིན་པ། བླ་མ་བསོད་ནམས་རྡོ་རྗེ་ལ། འཇམ་དཔལ་གཞོན་ནུ་རོལ་པའི་བཀའ་ལུང་གི་ཆུ་རྒྱུན་གྱི་བརྒྱུད་ཟམ་མ་ཆད་པར་སྣང་བའོ།། །།
གཤིན་རྗེ་མ་རུ་རྩེའི་སྒྲུབ་ཐབས་མཐོང་བ་དོན་ཡོད།
གཤིན་རྗེ་མ་རུ་རྩེའི་སྒྲུབ་ཐབས་མཐོང་བ་དོན་ཡོད་བཞུགས་སོ། །བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་སྟན་བདེ་བར་འདུག་སྟེ། ཁ་ལྷོ་ཕྱོགས་སུ་བསྟན་ལ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། བླ་མ་དང་ཐ་མི་དད་པའི་ཡཱ་མ ནྟ་ཀ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། རང་གི་ལུས་རྡུལ་སྙེད་དུ་སྤྲུལ་ནས། ཡན་ལག་དགུ་པ་དང་རིགས་ལྔའི་སྡོམ་པ་བཟུང་བ་ལན་གསུམ་བྱ། དེ་ནས་ཚོགས་རྟེན་བདག་ལ་བསྡུ། ཚད་མེད་པ་བཞི་བསྒོམ། ཨཱོྂ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ ཏྨ་ཀོ྅ཧཾཿ ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་པ་བསྒོམ། དེའི་ངང་ལས་རང་གི་རིག་པའི་ངོ་བོ་ཧཱུྃ་དམར་གཅིག་ལྷག་གིས་བྱུང་བར་བསམ་ལ། དེ་ལས་ཨེ་ཆད། ནམ་མཁའི་མཐིང་ནག་གྲུ་གསུམ་དུ་གྱུར། དེ་ལས་ཡྃ་ཆད། རླུང་རྡོ་རྗེ་རྒྱ་གྲམ་དུ་གྱུར། ར་ཆད་པ་ལས་ཁྲག་གི་རྒྱ་མཚོ་ཟླུམ་པོ། བྃ་ཆད་པ་ལས། ཞིང་གི་ས་གཞི་གྲུ་བཞི་པ་རྒྱ་ཆེ་བ། ཀེཾ་ཆད་པ་ལས་ཀེང་རུས་ཀྱི་རི་རབ་ཆེན་པོ་གཅིག་བསྒོམ། དེའི་སྟེང་དུ་རྃ་ཆད་པ་ལས་ཆོས་འབྱུང་གྲུ་གསུམ་དམར་ནག་རྒྱ་ཆེ་བ་གཅིག་བསྒོམ། དེ་ལས་བྷཱུྃ་ཆད་པ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་མཎྜ་ལ་བྷྲཱུྃ་ཞེས་བརྗོད་པས། གཞལ་ཡས་ཁང་ཐོད་པ་སྐམ་རློན་ལས་གྲུབ་པ། གྲུ་བཞི་སྒོ་བཞི་པ། རཀྟས་སྤྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ཀྱི་བཟེར་བཏབ་པ། བནྡྷ་ལྕང་ལོ་ཅན་གྱི་ཁ་བད་བྱས་པ། རྒྱུ་མ་དང་སྤྲུལ་ནག་གི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། ཆུ་སྲིན་གྱི་ཐོད་པས་མདའ་ཡབ་བྱས་པ། སྒོ་བཞིའི་མ་ཐེམ་རུས་སྦལ་ལ་བྱས་པ། སྒོ་སྐེད་ཐམས་ཅད་ཞིང་ཆེན་ལ་བྱས་པ། ཡ་ཐེམ་ཐམས་ཅད་ཀ་རུ་ཎས་བྱས་པ། ཆུ་སྲིན་གྱི་རྟ་བབས་བྱས་པ། ནང་ཀ་བ་བཞིས་བཏེགས་པ། རུས་སྦལ་གྱི་ཀ་གདན་དང་ཞིང་གི་དམ། ཆུ་སྲིན་གྱི་ཀ་གཞུ། ཚངས་པའི་གདུང་། ཀླུ་ཆེན་པོ་བརྒྱད་ཀྱི་དྲལ་མ། ཞིང་ལྤགས་ཀྱི་ཐོག་བྱས་པ། ཉི་ཟླའི་མཐོངས། གཟའ་བརྒྱད་ཀྱི་ཁ་བད་བྱས་པ། དབུས་སུ་ཙིཏྟའི་ཏོག་དང་། ཟུར་བཞིར་རོའི་རྒྱལ་མཚན་བཞི་འཕྱར་བར་བསྒོམ། གཞལ་ཡས་ཁང་གི་དབུས་སུ་ཆོས་ཀྱི་འབྱུང་གནས། གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་དེའི་ནང་དུ། ཁྲག་ཞག་གི་རྒྱ་མཚོ་འཁྲུགས་པ། དེའི་སྟེང་དུ་ཡ་མ་ཏི་ར་བྃ་ཞེས་བརྗོད་པས། གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་དེའི་སྟེང་དུ་མ་ཧེ་མཎྜལ། ཞེས་བརྗོད་པས། མ་ཧེ་གླང་རྒོད་གཤིབས་པའི་ཁྲི། དེ་སྟེང་དུ་འཁོར་ལོ་རྩིབས་བཞི་པ། རྩིབས་རྣམས་ཕྱོགས་ཀྱི་ཚོན། ལྟེ་བ་ལ་པདྨ་ཉི་ཟླ་གདན། ཤར་གྱི་རྩིབས་ལ་དྲི་ཟ་ཕོ་མོ། ལྷོ་ཡི་རྩིབས་ལ་གཤིན་རྗེ་ཕོ་མོ། ནུབ་ཀྱི་རྩིབས་ལ་ཀླུ་དང་ས་བདག་ཕོ་མོ། བྱང་གི་རྩིབས་ལ་གནོད་སྦྱིན་ཕོ་མོ་རྣམས་ཀྱི་གདན་བསམ་མོ། །ཤར་གྱི་རྩིབས་མཆན་ལ་ཡ་བདུད། ལྷོའི་རྩིབས་མཆན་ལ་བཙན། ནུབ་ཀྱི་རྩིབས་མཆན་ལ་བཟའ། བྱང་གི་རྩིབས་མཆན་ལ་ཀླུ་རྣམས་ཀྱི་གདན་བསམ་མོ། །དབུས་ཀྱི་གདན་གྱི་སྟེང་དུ་ཡི་གེ་ཧཱུྃ་དམར་པོ་དེ་བསམ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་ཧཱུཾ་འོད་དུ་ཞུ་བ་ལས། ཛྙཱ་ན་ཙཀྲ་མཎྜ་ལ། ཞེས་པས། ཡེ་ཤེས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཧཱུཾ་གིས་མཚན་པ་གཅིག་ཏུ་གྱུར་པར་བསམ། དེ་ལས་འོད་ཟེར་མཚོན་ཆའི་རྣམ་པ་དཔ ག་ཏུ་མེད་པ་འཕྲོས། བསྟན་པ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་འོད་དུ་ཞུ་བ་ལས། ཨཱོྂ་མཉྫུ་ཤྲཱི་ཀུ་མཱ་ར་ཡ་ཡ་མནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ་ཕཊ། ཅེས་པས། བདག་ཉིད་གཤིན་རྗེ་མ་རུ་རྩེ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་ཡེ་ཤེས་ཀྱི་མེ་འབར་བའི་འཁོར་ལོ་རྩིབས་བཞི་པ་བསྣམས་པ། གཡོན་པས་རླུང་གི་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། སྤྱན་གཡས་པ་ལ་མེའི་ཚྭ་ཚྭ་འཕྲོ་བ། གཡོན་པ་ལ་ལས་ཀྱི་ཚྭ་ཚྭ་འཕྲོ་བ། ཤངས་ནས་བསྐལ་པའི་རླུང་ནག་འཚུབ་པ། ཨག་ཚོམ་དམར་སེར་ལ་བསྐལ་པའི་མེ་སྟག་འཕྲོ་བ། མཆེ་བ་གཡས་པ་དམར་པོ་ལ་རཀྟའི་རྒྱུན་ཤིང་རྟའི་འཕང་ལོ་ཙམ་འབབ་པ། མཆེ་བ་གཡོན་པ་དཀར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། དགྲ་བགེགས་ཀྱི་སྙིང་ནས་འདྲེན་པ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བའི་གསེབ་ནས་སྤྲུལ་པའི་ཁྲོ་ཆུང་མང་པོ་འཕྲོ་བ། རལ་པའི་རྩེ་ལ་བྷ ནྡྷ་ལྕང་ལོ་ཅན་གྱིས་བརྒྱན་པ། སྐུ་སྟོད་ཞིང་ལྤགས་དང་། གླང་ཆེན་གྱི་ཀོ་རློན་གསོལ་བ། སྟག་གི་པགས་པའི་ཤམ་ཐབས་བྱས་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་རིགས་ལྔས་ཡན་ལག་ཐམས་ཅད་བརྒྱན་པ། ཁྲག་གི་ཐིག་ལེ། ཞན་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། ཞལ་ནས་ཧཱུྃ་དང་ཕཊ་ཀྱི་འབྲུག་སྒྲ་སྒྲོག་པ། གར་གྱི་ཉམས་དགུ་དང་ལྡན་པར་བསམ་མོ། །དེའི་ཐུགས་ཀ་ནས་ཏྲག་གཅིག་ཆད་པ་ལས། ཏྲག་རཀྴ་མ་མ་ཨེ་ཀ་ཛ་ཏི་ཛ་ཛཿ ཞེས་པས་ཡུམ་ཨེ་ཀ་ཙ་ཏི་སྐུ་མདོག་དམར་སྨུག །ཞལ་གཅིག་ཕྱག་གཉིས་པ། གཡས་ཏྲི་ཤུལ་ཐོགས་ནས་ཡབ་ལ་འཁྱུད་པ། གཡོན་པས་ཐོད་ཁྲག་གཙོ་བོ་ལ་བསྟན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཁྲོ་འཛུམ་གྱི་རྣམ་པས་ཡབ་ལ་བལྟ་ཞིང་སྦྱོར་བའི་པཱུ་ཛ་འབུལ་བར་བསམ་མོ། །གཙོ་བོའི་སྤྱན་ནས་ཛཿདམར་པོ་གཅིག་ཤར་གྱི་རྩིབས་ལ་འཕྲོས་པ་ལས། པྲ་མ་རཱ་ཛ་ནྲྀ་ཛཿ ཞེས་པས། དྲི་ཟ་ཕོ་མོའི་སྟེང་ན་སྲིན་པོ་མ་རུ་རྩེ། ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་བསྭེ་ཁྲབ་དམར་པོ་གསོལ་བ། དབུ་ལ་བསྭེ་ཡི་རྨོག་ཞུ་གསོལ་བ། ཆིབས་སུ་བསྭེ་ཡི་བྱ་ཁྲ་ཆིབས་པ། ཕྱག་གཡས་ན་ཁྲག་གི་ཞགས་པ་བསྣམས་པ། གཡོན་པས་དགྲ་སྙིང་སྤར་གྱིས་འདེབས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དགྲ་ལ་སྡང་མིག་ཏུ་གཟིགས་པ། ཤངས་ནས་བསྐལ་པའི་རླུང་འཚུབ་པ། སྙན་ནས་འབྲུག་ལྡིར་བ། ཡས་ཀྱི་མཆེ་བས་བྲང་གི་ལྷན་སྣར་སླེབ་པ། མས་ཀྱི་མཆེ་བས་སྨིན་མའི་དཀྱུས་སུ་སླེབ་པ། ཞལ་ནས་ནད་དང་དུག་གི་ན་བུན་འཐུལ་བ། ཤིན་ཏུ་ཁྲོས་པས་དགྲ་བོའི་སྲོག་དབུགས་ལ་རྔམས་པ། དེའི་ཤངས་ནས་ཛཿདམར་པོ་གཅིག །ལྷོ་ཡི་རྩིབས་སྟེང་དུ་འཕྲོས་པ་ལས། ཡ་མ་རཱ་ཛཿནྲྀ་ཛཿ ཞེས་པས། གཤིན་རྗེ་ཕོ་མོའི་སྟེང་དུ། གཤིན་རྗེ་མ་རུ་རྩེ་ཕྱག་གཡས་ན་བསྭེ་ཡི་མདུང་དམར་དང་། གཡོན་པས་དགྲ་སྙིང་སྤར་གྱིས་འདེབས་པ། ཡང་དེའི་ལྗགས་ལས་ཛཿགཅིག་ནུབ་ཀྱི་རྩིབས་སྟེང་དུ་ཆད་པ་ལས། དྷ་ཤ་གྷྲྀ་ཝ་ནྲྀ་ཛཿ ཞེས་པས། ཀླུ་དང་ས་བདག་ཕོ་མོའི་གདན་གྱི་སྟེང་དུ། བདུད་པོ་མ་རུ་རྩེ་ཕྱག་གཡས་ན་གནམ་ལྕགས་ཀྱི་རལ་གྲི། གཡོན་པས་དགྲ་སྙིང་སྤར་གྱིས་འདེབས་པ། ཡང་དེའི་ཐུགས་ཀ་ནས་ཛཿདམར་པོ་གཅིག །བྱང་གི་ཕྱོགས་རྩིབས་སྟེང་དུ་འཕྲོས་པ་ལས། ཀུ་བེ་ར་ནྲྀ་ཛཿ ཞེས་པས། གནོད་སྦྱིན་ཕོ་མོའི་སྟེང་དུ། གནོད་སྦྱིན་མ་རུ་རྩེ། ཕྱག་གཡས་པས་བསྭེ་ཡི་ལྡན་མཁར། གཡོན་པས་དགྲ་སྙིང་སྤར་གྱིས་འདེབས་པ། དམག་དཔོན་བཞི་ནི་ཕྱག་མཚན་མ་ཡིན་པ་རྒྱན་ཆ་ལུགས་འདྲའོ། །གཙོ་བོའི་ཡན་ལག་བཞི་ལས་མ་བཞི་རྩིབས་མཆན་བཞིར་འཕྲོས་པ་ལས། སྔར་གྱི་རང་རང་གྱི་གདན་ཐོག་ཏུ་སུ་ཏྲི་པ་ལ་ཧཱུྃ། ཞེས་པས། ཡ་བདུད་ཀྱི་སྟེང་དུ་དྲི་ཟའི་བུ་མོ་སྐུ་མདོག་དཀར་མོ་དར་དཀར་གྱི་ན་བཟའ་ཅན། དྲེལ་རྟ་རྐང་གསུམ་ལ་ཞོན་པ། ཕྱག་གཡས་ན་ཙིཏྟ། གཡོན་པས་ཞགས་པ་བསྣམས་པ། ཡ་བ་ར་ཙིཏྟ་ཧཱུྃ། ཞེས་པས། བཙན་གྱི་སྟེང་དུ་གཤིན་རྗེའི་བུ་མོ་སྐུ་མདོག་མཐིང་ནག་དྲིལ་རྟ་རྐང་གསུམ་ལ་ཆི བས་པ། ཡོ་གི་ཤྭ་རི་ཧཱུྃ། ཞེས་པས། གཟའ་ཡི་སྟེང་དུ་བདུད་ཀྱི་བུ་མོ་སྐུ་མདོག་དམར་ནག་དྲེལ་རྟ་རྐང་གསུམ་ལ་ཞོན་པ། ཡ་མ་ཙིཏྟ་ཧཱུྃ། ཞེས་པས། ཀླུ་དང་ས་བདག་གི་གདན་གྱི་སྟེང་དུ་གནོད་སྦྱིན་གྱི་བུ་མོ་ལྗང་ནག་དྲེལ་རྟ་རྐང་གསུམ་ལ་ཞོན་པ། དབུ་སྐྲ་གསེར་གཡུ་མུ་ཏིག་གི་བརྒྱན་པ། རང་རང་གི་མདོག་དང་མཐུན་པའི་དར་གྱི་ན་བཟའ་ཅན། ཕྱག་མཚན་ནི་འདྲའོ། །ཁྱམས་ཀྱི་ནང་དུ་ནི་གིང་ཕོ་དགུ་མོ་དགུ་ཤན་པའི་ཆ་བྱད་ཅན་བསམ་པ་ཙམ་གྱི་ཆོག་གོ། །སྒོ་བཞིར་བསྭེ་ཡི་སྐྱེས་བུ་བཞི་ཁྲོ་བོའི་ཆ་ལུགས་ཅན། ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་བསྣམས་པ། གཡོན་པ་རྣམས་ཀྱི་ཙིཏྟ་བསྣམས་པ། བསྭེ་ཡི་གྱི་ལིང་དང་བྱ་ཁྲ་ཆིབས་བ། གཙོ་བོ་བཞིའི་འཁོར་དུ་སྲིན་པོ་དང་། གཤིན་རྗེ་དང་། བདུད་དང་། གནོད་སྦྱིན་མ་རུང་བ་དབང་པོའི་སྒོ་ནས་སྦྲུལ་གདུག་པ་དང་། ལྕགས་ཀྱི་སེར་བ་འདེབས་པ། མེ་དང་དུག་གི་ཁ་རླང་འཐུལ་ཞིང་འབར་བ་དང་། གློག་འབྱིན་པ། འགའ་ཞིག་ནི་རྐང་ལག་དང་མིག་ལོག་པར་བྱེད་པ། འཇུག་ཡང་སྣང་། རྐང་ལག་སྦྲུལ་བརྒྱ་སྟོང་གིས་དཀྲིས་པ། རལ་གྲི་དང་། མདའ་གཞུ་དང་། འཁོར་ལོ་དང་། རྡོ་རྗེ་དང་། མཚོན་རྩེ་གཅིག་པ་དང་། ཤཀྟི་དང་། མདུང་དང་། ཆུ་གྲི་ལ་སོགས་པའི་མཚོན་ཆ་བརྒྱ་སྟོང་ཐོགས་པ། གདོང་དུ་མ་ཅན། མེའི་དྲྭ་བ་དང་རི་ཡི་ཕྲེང་བ་དང་རླུང་དང་། རྡོ་དང་། གནམ་ལྕགས་ཀྱི་ཆར་འབེབས་པ། གཅན་གཟན་གྱི་ཚོགས་དུ་མ་ལ་ཞོན་པ། ཡིད་དུ་མི་འོང་བའི་སྒྲ་སྣ་ཚོགས་འཇིགས་འཇིགས་ལྟར་སྒྲོག་པ། རྔམས་བརྗིད་མི་བསྲུན་པ། རྫུ་འཕྲུལ་དང་ནུས་མཐུ་ཐོགས་པ་མེད་པ་གློག་ལྟར་འཁྱུག་པ་རྣམས་ཀྱིས་ས་དང་བར་སྣང་ཐམས་ཅད་གང་བར་བསམས་ལ། དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨཱོྂ་ལས་འཁོར་ལོ་དཀར་པོ་ཨཱོྂ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས་པས་གཙོ་འཁོར་རྣམས་སྤྱན་དྲངས་པར་བསམ་ཞིང་འདི་སྐད་དོ། །ཧཱུྃ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །གཤིན་རྗེ་དམར་པོ་རལ་བ་ཅན། །རུ་ཏྲ་མྱུར་དུ་བསྒྲལ་བའི་ཕྱིར། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །མ་རུ་རྩེ་ཡི་ཡུམ་ཆེན་ནི། །ནམ་མཁའ་གཡུ་ཡི་ལྡིང་ཁང་ནས། །རོ་ལངས་ནག་མོ་རེ་མ་ཏཱི། །དགྲ་བགེགས་མྱུར་དུ་བསྒྲལ་བའི་ཕྱིར། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །ཕྱོགས་བཞི་དྲེགས་པའི་དཀྱིལ་འཁོར་ནས། །དམག་དཔོན་ཆེན་པོ་གྱད་བཞི་དང་། །བསྭེ་མོ་སྙིང་ཟན་མཆེད་བཞི་དང་། །གནོད་བྱེད་བྱེ་བ་ཕྲག་བརྒྱ་དང་། །མོན་མོ་སྙིང་ཟན་འབུམ་དང་བཅས། །དགྲ་བགེགས་མྱུར་དུ་བསྒྲལ་བའི་ཕྱིར། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །ཨེ་ཧྱེ་ཧི། ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ཛཿཛཿ རྣལ་མ་རྣལ་ཏེ་གསོད་ལ་རྔམ། བཤོས་ལ་མེར། སྲིས་ལ་ཆུམ། ཐུམས་བིས་ཐུ། ལྕགས་ཀྱི་དགྲ་བོ་ནྲྀ་མཱ་ར་ཡ་ཛཿཛཿ ས་མ་ཡ་ཛ་ཛཿ ཛཿ ཧཱུྃ་བྃ་ཧོཿཞེས་བརྗོད་པས། གཉིས་སུ་མེད་པར་བསམ་མོ། །བཞུགས་སུ་གསོལ་བ་ནི། ས་མ་ཡ་ཏིཥྛི་ལྷན། སྐབས་འདིར་ཕྱིའི་མཆོད་པ་ལྔ་ཡང་མཆོད་པར་བྱའོ། །དེ་ནས་བདུད་རྩི་བྱིན་གྱིས་རླབས་པ་ནི། ཨཿབྷྲཱུྃ། བརྗོད་པས། བདུད་རྩིའི་སྣོད་ཨ་ལས་བྷནྡྷ་གྱུར་པར་བསམ། དེའི་ནང་བདུད་རྩིས་གང་བར་བསམ་ལ། ཨཱོྂ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཅེས་པས་བྱིན་གྱིས་བརླབས་སོ། །མཐེབ་སྲིན་ཉི་ཟླ་གའུ་ཁ་སྦྱར་གྱིས་བདུད་རྩི་བཅུས་ཏེ་ལྷ་སོ་སོའི་ཞལ་དུ་སིབ་སིབ་སོང་བར་བསམ་མོ། །ཧཱུྃ། བླ་མེད་བདུད་རྩིའི་མཆོད་པ་ཆེན་པོ་འདི། །ཡེ་ནས་ལྷུན་གྲུབ་དམ་རྫས་ཆེན་པོ་ཡིན། །གཤིན་རྗེ་དམར་ནག་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །འཇིགས་བྱེད་ཆེན་པོ་ཡ་མཱནྟ་ཀ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །གསོད་བྱེད་ཡ་མ་རཱ་ཛ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །སྲིན་པོའི་གནོད་སྦྱིན་དམར་པོ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །གཤིན་རྗེ་དམར་ནག་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །ནུབ་ཕྱོགས་བདུད་ཀྱི་ཡུལ་རྩེ་ནས། །བདུད་པོ་དམར་ནག་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །བདུད་པོ་གནོད་སྦྱིན་དམར་ནག་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །དམ་ཅན་བསྭེ་ཡི་ལྷ་མོ་མཆེད་བཞི་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །དཀར་མོ་གཙུག་གི་རྒྱན་ཅིག་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །སྲིད་པའི་མ་མོ་འབུམ་ཁྲི་འབུམ་སྟོང་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །སྲོག་གཤེད་ཆེན་མོ་བཞི་རྣམས་ལ། །དམ་རྫས་བདུད་རྩི་ལྔ་ཡི་མཆོད་པ་འབུལ། །བཞེས་ནས་མཐུ་དང་རྩལ་གྱི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ། ཁ་རྃ་ཁཱ་ཧི། ཞེས་གཏོར་མ་ལ་ཕུད་སྦྲེང་ངོ་། །དེ་ནས་དངོས་གྲུབ་བླང་བ་ནི། ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་སིདྡྷིའི་བར་དང་རང་བཞིན་ཡི་གེ་གསུམ་བདུད་རྩི་ལ་ཐིམ་ནས། ཀཱ་ཡ་སིདྡྷི་ཨཱོྂ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ལ། མཐེབ་སྲིན་གྱིས་བླངས་ནས། སྤྱི་བོ་མགྲིན་པ་སྙིང་ག་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་སིདྡྷི་ཐོབ་པར་བསམ་མོ། །དེ་ནས་གཉིས་པ་རཀྟ་ལ། བྷནྡྷ་ཀ་པཱ་ལ་བྷྲཱུྃ་ཞེས་བརྗོད་པས། རཀྟའི་སྣོད་བྷནྡྷར་གྱུར། པདྨ་མཎྜ་ལ་ཞེས་བརྗོད་པས། ནང་དུ་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་དམར་པོས་མཚན་པ། སྥ་ར་ཎ་ཕཊ་ཕར་འཕྲོས། སཾ་ཧ་ར་ཎ་ཧཱུྃ་ཚུར་འདུས། ར་འོད་དུ་ཞུ། ཁྲག་གི་རྒྱ་མཚོར་གྱུར། གཟར་བུ་རྡོ་རྗེར་གྱུར་པས་དཀྲུགས་པ་ལས། རྦ་རླབས་ཀྱི་ཟེར་མ་ལས་འདོད་ཡོན་གྱི་ལྷ་མོར་གྱུར་པར་བསམ། ཨཱོྂ་རཀྟ་ཛྭ་ལ་ས་མནྟ་མཎྜ་ལ་ཧཱུྃ། ཞེས་བརྗོད་ལ་བྱིན་གྱིས་བརླབས་སོ། །བྷན་དྷ་ལྕང་ལོ་བཅས་པའི་པདྨ་རུ། །འཆི་མེད་བདུད་རྩི་རཀྟ་དམར་གྱིས་བཀང་། །བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་། །དྲི་ཆེན་དྲི་ཆུ་བདུད་རྩི་རྣམ་ལྔ་དང་། །ཁྲག་ཞག་མར་ཁུ་བདུད་རྩིར་རབ་སྦྱར་ནས། །འབར་བའི་ལྷ་ཚོགས་ཁྱེད་ལ་མཆོད་པ་འབུལ། །ཧཱུྃ། སྐུ་མདོག་སྔོ་ནག་གཤིན་རྗེ་གཤེད་ཀྱི་ལྷ། །དུག་གསུམ་མུན་ཁང་འཇོམས་པའི་མཐུ་བོ་ཆེ། །རབ་འཇིགས་མཚུངས་མེད་གཤིན་རྗེ་གཤེད་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །འཇིགས་བྱེད་ཆེན་པོ་ཡ་མ་རཱ་ཛ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །སྲིན་པོ་གནོད་སྦྱིན་དམར་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །གཤིན་རྗེ་གནོད་སྦྱིན་དམར་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །ནུབ་ཕྱོགས་བདུད་ཀྱི་ཡུལ་རྩེ་ནས། །བདུད་པོ་གནོད་སྦྱིན་དམར་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །གནོད་སྦྱིན་གཤིན་རྗེ་དམར་པོ་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །དམ་ཅན་བསྭེ་ཡི་ལྷ་མོ་མཆེད་བཞི་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །མ་མོ་འབུམ་ཁྲི་འབུམ་སྟོང་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །གཤིན་རྗེའི་འཁོར་ན་གནས་པའི་དམ་ཅན་ལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །བླ་མེད་དམ་རྫས་མཆོད་པ་འདི་བཞེས་ལ། །སྡང་བའི་དགྲ་ལ་རྟགས་ཕྱུང་ཞིག །རྟགས་ཕྱུང་རྩ་བ་དྲུང་ནས་ཕྱུངས། །དུས་མཐའ་བསྟུངས་ལ་ཚེ་ཡི་འདུ་བྱེད་བསྐུམ། །ལོ་ཟླ་ཞག་དང་ཟ་མར་མ་བཞག་པར། །ཡུད་ཙམ་ཅིག་ལ་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །ཞེས་རཀྟས་བསྐུལ་ལོ། །དེ་ནས་གསུམ་པ་གཏོར་མ་ལ་གཉིས། དང་པོ་མཆོད་པའི་གཏོར་མ་ནི། བྷྲཱུྃ་ཀ་པཱ་ལ་བ་ལིདྟ་བི་ཤྭ་ཙཀྲ་བྷཱུྃ། ཞེས་བརྗོད་ལ། སྣོད་བྷྲཱུྃ་ལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བསམ། གཏོར་མའི་རྫས་ཤ་ལྔ་བདུད་རྩི་ལྔ་བསམ། དེའི་སྟེང་དུ་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། འཇམ་དཔལ་དམར་ནག་གི་ལྷ་ཚོགས་རྣམས་བཞུགས་པར་བསྒོམ་མོ། །དེ་ནས་གཏོར་མའི་སྟེང་ལ་ཧཱུྃ་འོད་དུ་ཞུ་ནས་དངོས་པོ་སྦྱངས། ཨཱཿའོད་དུ་ཞུ་ནས་བདུད་རྩིའི་རང་བཞིན་མུ་ཏིག་དཀར་པོ་ལྟ་བུར་གྱུར། ཨཱོྂ་ལས་འདོད་ཡོན་ལྔར་གྱུར་པར་བསམ་མོ། །གཉིས་པ་ལས་ཀྱི་གཏོར་མ་ནི། དུག་གསུམ་ཤ་ཁྲག་རུས་པའི་ཕུང་པོར་བསམ་མོ། །ཨཱོྂ་བ་ལིངྟ་ཏེ་ཛྭ་བ་ལིདྟ། བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྟྭམ། ཞེས་བརྗོད་ལ། ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གསོལ་བར་བསམ་ཞིང་། རྩ་སྔགས་ཀྱི་ཞབས་ལ་ཁཱ་ཧི་བཏགས་ལ་དབུལ་ལོ། །མ་ཧཱ་མཱཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་ཀིང་ནི་རི་ཏི་ཁ་རཾ་ཁཱ་ཧི། ཞེས་བརྗོད་ལ་དབུལ་ལོ། །ཧཱུྃ། ཆོས་སྐྱོང་སྲུང་མ་རྣམས་ལ་ཡང་། །རུ་མཚོན་དཀར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །གཤིན་རྗེ་ནག་པོ་འཁོར་བཅས་ལ། །རུ་མཚོན་ནག་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །གཤིན་རྗེ་དམར་པོ་འཁོར་བཅས་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །ཤར་ཕྱོགས་སྲིན་པོའི་ཡུལ་རྩ་ནས། །སྲིན་པོ་གནོད་སྦྱིན་དམར་པོ་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །གཤིན་རྗེ་གནོད་སྦྱིན་དམར་པོ་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འདུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །ནུབ་ཕྱོགས་བདུད་ཀྱི་ཡུལ་རྩེ་ནས། །བདུད་པོ་གནོད་སྦྱིན་དམར་པོ་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །གནོད་སྦྱིན་གདུག་པ་དམར་པོ་ལ། །རུ་མཚོན་དམར་པོའི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །དམ་ཅན་བསྭེ་ཡི་ལྷ་མོ་མཆེད་བཞི་ལ། །མཚོ་ཆེན་བཞི་ཡི་རྟེན་ཅིག་འཛུག །རྟེན་དེ་བཙུག་པའི་དོན་འབྱུང་བས། །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ལས་འབེན་འཆའ། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །རྒྱལ་ཆ་ཟུང་ལ་སྐུངས་ཁ་ཉུལ། །ལེགས་པ་དེ་ནི་བརྒྱ་དང་སྤྲོད། །ངན་པ་དེ་ནི་སྟོང་དང་བསྣོལ། །ངན་པ་བཟློག་ལ་གདུག་པ་ཆིངས། །དྲག་སྔགས་ལགས་པས་སྒྲུབ་མི་དགོས། །ངན་སྔགས་ལགས་པས་མཆོད་མི་འཚལ། །རིག་འཛིན་ལགས་པས་ཡེ་གྲུབ་ལགས། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ལིང་ག་འདི་ལ་བསྟིམ་དུ་གསོལ། །གཟུགས་བརྙན་འདི་ལ་དབབ་ཏུ་གསོལ། །མཐུ་དང་རྫུ་འཕྲུལ་ཅི་མངའ་བལྟ་ཡང་བལྟ། །ཕྲིན་ལས་ཅི་མཛད་ཉམས་ཀྱང་སད། །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །ཐུགས་དམ་བསྐུལ་ལོ་དགྲ་ལ་ས་མ་ཡ། །རྟེན་ཆོག་གོ། །དགེའོ།། ༈ །།དཔལ་འབར་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །ཆེ་བའི་ཡེ་ཤེས་ཆོས་ཀྱི་དབྱིངས་དང་མཉམ། །ཡིད་བཞིན་གཏེར་དུ་གྱུར་པའི་ཀུ་བེ་ར། །གནོད་སྦྱིན་དམར་པོ་གཤིན་རྗེ་གཤེད་ཀྱི་ལྷ། །ཁྱོད་ནི་སྲིན་འཇོམས་སྲིད་ལས་སྒྲོལ་བས་ན། །ཕྱོགས་ཀུན་གཤིན་རྗེ་འདུལ་བའི་དབང་གི་ཕྱིར། །ཐུགས་རྗེ་ཐབས་ཀྱི་ཚུལ་གྱིས་འཛིན་མོད་ཀྱིས། །འཇིག་རྟེན་འདས་པའི་ཕུན་སུམ་ཀུན་ཡང་ཚོགས། །སྐུ་མདོག་དམར་པོ་འོད་དང་བཅས་པ་ཡིས། །སྣང་སྲིད་བསྲེགས་མཛད་དགྲ་བགེགས་དབང་དུ་བསྡུས། །གཡས་ཀྱི་ཕྱག་ན་འཁོར་ལོ་གཅོད་བྱེད་བསྣམས་པ་ཡིས། །སྡང་བའི་དགྲ་བོའི་མགུལ་ཐག་གཅོད་པར་མཛད། །གཡོན་གྱི་ཕྱག་ན་འཐོར་བྱེད་རླུང་གི་འཁོར་ལོ་ཡིས། །སྡང་བའི་དགྲ་བོ་རྣམ་པར་སྒྲོལ་བར་མཛད། །དབུ་སྐྲ་ཁམ་ནག་འཁྱིལ་བའི་སྐྲ་གསེབ་ནས། །གདུག་པའི་ཕོ་ཉ་མང་པོ་སྡང་བའི་དགྲ་ལ་གཏོང་། །སྐྲ་ལ་བྷནྡྷ་ལྕང་ལོ་འཁྱིལ་བ་ཡིས། །ཉོན་མོངས་འཁོར་བ་མ་ལུས་དབང་དུ་བསྡུས་། །སྤྱན་མིག་གཡས་པ་དམར་ལ་བགྲད་པ་ལས། །ལས་ཀྱི་ཚྭ་ཚྭ་དྲག་པོ་འཁྲུགས་པ་ཡིས། །གདུག་པའི་དགྲ་བགེགས་མ་ལུས་བསྲེག་པར་མཛད། །སྤྱན་མིག་གཡོན་པ་མཐིང་ལ་བགྲད་པ་ལས། །ལས་ཀྱི་ཚྭ་ཚྭ་དྲག་པོ་འཁྲུགས་པ་ཡིས། །ཁམས་གསུམ་མ་ལུས་ཐམས་ཅད་ཚར་གཅོད་འདུལ། །ཤངས་ནས་བསྐལ་པའི་རླུག་ནག་འཚུབས་པ་ཡིས། །བར་སྣང་འཁྲུག་ཅིང་ས་རྣམས་གཡོ་བར་མཛད། །འབར་བའི་ཨག་ཚོམ་དབྱར་གྱི་སྤྲིན་ནག་བཞིན། །སྟེང་འོག་ཕྱོགས་མཚམས་གློག་སྟོང་འགྱུར་བར་མཛད། །འབར་བའི་མཆེ་བ་གཡས་པ་གཙིགས་པ་ཡིས། །རཀྟའི་རྒྱ་མཚོ་རྦ་རླབས་ཀློང་དུ་འཁྲུག །འབར་བའི་མཆེ་བ་གཡོན་པ་གཙིགས་པ་ཡིས། །གང་ལ་དམིགས་པའི་སྙིང་ནས་འདྲེན་པར་མཛད། །ཞེ་སྡང་གདུག་པའི་སྦྲུལ་ནག་སྐུ་ལ་བརྒྱན། །ང་རྒྱལ་འཇོམས་མཛད་སྟག་གི་ཤམ་ཐབས་ཅན། །གཏི་མུག་བདུད་འདུལ་གླང་ཆེན་ཀོ་རློན་གསོལ། །ཞིང་ལྤགས་རློན་པའི་གཡང་གཞི་བསྣམས་པ་ཡིས། །ཉོན་མོངས་འཁོར་བའིི་གནས་ལས་སྒྲོལ་བར་མཛད། །བཅོམ་ལྡན་འཇིགས་བྱེད་སྐུ་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས། །བདག་ལ་སྡང་བའི་དགྲ་བོ་བསྒྲལ་བར་མཛོད། །ཧཱུྃ། ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །སྲིན་པོ་གནོད་སྦྱིན་མ་རུ་རྩེ། །སྲིན་པོ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །གཤིན་རྗེ་གནོད་སྦྱིན་མ་རུ་རྩེ། །གཤིན་རྗེ་མི་ཟན་འབུམ་གྱི་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །ནུབ་ཕྱོགས་བདུད་ཀྱི་ཡུལ་རྩེ་ནས། །བདུད་པོ་གནོད་སྦྱིན་མ་རུ་རྩེ། །བདུད་པོ་མི་ཟན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །གནོད་སྦྱིན་གདུག་པ་དམར་པོ་ལ། །གནོད་སྦྱིན་མི་ཟན་འབུ མ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །འཁོར་གྱི་གཤིན་རྗེ་གདུག་པ་ཅན། །ཤན་པ་མི་ཟན་ཕོ་མོའི་ཚོགས། །གནོད་སྦྱིན་གདུག་པ་ཤ་ཟའི་ཚོགས། །བལ་མོ་བསྭེ་ཡི་མོན་མོ་དང་། །འཁོར་དུ་འདུས་པའི་དམ་ཅན་ཚོགས། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོའི་དུས་ལ་བབ། །བསྟན་པ་བཤིགས་པའི་དམ་ཉམས་འདི། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སྲོག་འཕྲོག་པའི་བསྐུལ་བའོ། །ཛཔ྄་ནི་སྔགས་བྱང་དུ་ཤེས་བྱའོ། །སྐབས་འདིར་ཚོགས་འཁོར་བཏང་བར་བྱའོ། །གཙོ་འཁོར་རྣམས་བསྐུལ་བ་ནི། ཧཱུྃ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །གཤིན་རྗེ་དམར་པོ་རལ་པ་ཅན། །དམར་ནག་གནོད་སྦྱིན་ཚོགས་ཀྱི་རྗེ། །ཟ་བྱེད་རྔམས་པའི་གཏུམ་བག་ཅན། །གནོད་སྦྱིན་ཁྲོས་པ་དྲང་སྲོང་གཟུགས། །ལྕགས་ཀྱི་རལ་པ་ཚར་དགུ་གཡེང་། །ཐོད་པ་འབུམ་གྱི་རྣ་ཆ་ཅན། །སྦྲུལ་ནག་མི་ཐོད་རྒྱུ་མས་བརྒྱན། །དམར་ནག་གཅེར་བུ་རལ་པ་ཅན། །ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགས། །བེ་ཅོན་བརྡེག་ཅིང་ཞགས་པས་འདེབས། །མེ་དཔུང་ཁྲག་མཚོ་དམར་པོ་ནས། །གནོད་སྦྱིན་འབུམ་གྱི་དམག་དཔུང་འགྱེད། །འཚུབས་མ་དམར་པོ་འཁྲིགས་པ་ནས། །དབང་ཕྱུག་ཆེན་པོ་འཇིག་རྟེན་གཙོ། །གནོད་སྦྱིན་བྱེ་བ་ཕྲག་བརྒྱ་འགྱེད། །གྱད་ཀྱི་མཆོག་སྟེ་དྲག་ཤུལ་ཆེ། །གཤིན་རྗེ་དམར་པོ་ཡི་དྭགས་རྗེ། །ཟས་སུ་མི་ཤ་རློན་པ་ཟ། །སྐོམ་དུ་མི་ཁྲག་དྲོན་མོ་འཐུང་། །དགྲ་བོའི་ཤ་དང་ཁྲག་ལ་ཡང་། །སྒྲོལ་གིང་བདག་པོའི་དུས་ལ་བབ། །ཨཱོྂ་བཛྲ་མ་ཧཱ་དེ་ཝ་ཙིཏྟ་ཛྭ་ལ་བྷྱོ་བྷྱོ། གཡོན་དུ་ཡུམ་ཆེན་རོ་ལང་ཐལ་མདོག་མ། །ཟ་བྱེད་ནག་མོ་བཛྲ་བེ་ཏ་ལ། །མིག་གསུམ་གདོང་ལ་ཁྲོ་གཉེར་ཅན། །གཏུམ་མོ་ནག་མོ་གོས་གྱོན་མ། །གྱེན་དུ་སྐྲ་བརྫེས་གསུས་མོ་ཆེ། །རབ་ཏུ་འཇིགས་པའི་ཁ་ཡང་བགྲད། །གདོང་དང་མིག་ནི་ཁྲོས་པའི་ཚུལ། །ལུས་ནི་མེ་ལྕེ་འབར་བ་འདྲ། །གཟི་ཆེན་རབ་ཏུ་བསྡིགས་པར་བྱེད། །གཡས་ན་ཏྲི་ཤུལ་རྩེ་གསུམ་ཐོགས། །གཡོན་ན་ཐོད་རློན་གཙོ་ལ་སྟོབས། །བདེ་གཤེགས་སྲས་ཀྱི་བཀའ་སྡོད་མ། །ཞིང་ཆེན་བསྣོལ་བའི་གདན་སྟེང་ནས། །བརྐྱང་བསྐུམ་ཚུལ་གྱིས་སྦྱོར་མཛད་མ། །ནག་མོ་ཆེན་མོ་བོས་པའི་ཚེ། །སྐུ་ལ་མི་ལྤགས་རློན་པ་གསོལ། །མི་ལྤགས་ཐང་ལ་ཞ་ལ་ལ། །མི་མགོའི་ཕྲེང་བས་ལུས་བརྒྱན་ཞིང་། །མི་མགོ་ཐང་ལ་ཕྲུ་ལུ་ལུ། །ཆིབས་སུ་ལུང་ནག་འཚུབས་མ་ཆིབས། །ཤ་ཟ་ཁྲག་འཐུང་རལ་པ་སྤྲུག་ཅིང་བྱོན། །དམ་ཉམས་དགྲ་བོའི་སྙིང་འབྱིན་མ། །ཁྲམ་ཁ་སྟོང་གི་བདག་མོ་སྟེ། །དཔལ་ལྡན་ལྷ་མོ་རེ་མ་ཏཱི། །དམ་ཉམས་དགྲ་བོ་སྒྲོལ་བར་མཛོད། །ཧཱུྃ། འཇམ་དཔལ་སྤྱན་གྱི་རོལ་པ་ལས། །ཡི་གེ་འབར་བའི་ཛཿབཞི་ལས། །དམག་དཔོན་བཞི་རུ་གྱུར་པ་ནི། །ཤར་གྱི་དམག་དཔོན་ཆེན་པོ་ནི། །པྲ་མ་རཱ་ཛ་སྲིན་པོའི་གཙོ། །ཁྱོད་ནི་སྲིན་པོ་མ་རུ་རྩེ། །སྐུ་ལ་འགྱིང་དཀར་རློག་པ་གསོལ། །རྨ་ཆུ་སྲམ་གྱི་གོང་ལག་ཅན། །དབུ་ལ་དུང་གི་རྨོག་ཞུ་གསོལ། །ཡས་ཀྱི་མཆེ་བས་བྲང་གི་ལྷེན་སྣར་སླེབ། །མས་ཀྱི་མཆེ་བས་སྨིན་མའི་དཀྱུས་སུ་སླེབ། །ཕྱག་ན་ཤེལ་གྱི་ཟངས་གྲི་བསྣམས། །སྡང་བའི་དགྲ་བགེགས་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །འཇམ་དཔལ་ཤངས་ཀྱི་རོལ་པ་ལས། །ཡི་གེ་འབར་བའི་ཛཿལས་ནི། །དམག་དཔོན་ཆེན་པོ་གཅིག་ཏུ་གྱུར། །ལྷོ་ཡི་དམག་དཔོན་ཆེན་པོ་ནི། །ཡ་མ་རཱ་ཛ་གཤིན་རྗེའི་གིང་། །ཁྱོད་ནི་གཤིན་རྗེ་མ་རུ་རྩེ། །ཆིབས་སུ་མ་ཧེ་སྔོ་ནག་ཆིབས། །མ་ཧེ་ཞོན་ནས་ཕྱོགས་བཅུར་རྒྱུག །ཕྱག་ན་ཤིང་གི་དབྱུག་ཐོ་བསྣམས། །འཁོར་གྱི་གིང་དང་བཅས་པ་ཡི། །ལས་བྱེད་དམར་པོ་འཁོར་བཅས་ཀྱིས། །སྡང་བའི་དགྲ་བགེགས་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །འཇམ་དཔལ་ལྗགས་ཀྱི་རོལ་པ་ལས། །ཡི་གེ་འབར་བའི་ཛཿལས་ནི། །དམག་དཔོན་ཆེན་པོ་གཅིག་ཏུ་གྱུར། །ནུབ་ཀྱི་དམག་དཔོན་ཆེན་པོ་ནི། །མགྱོགས་བྱེད་རང་རྟགས་ས་གཞུ་ཅན། །ཁྱོད་ནི་བདུད་པོ་མ་རུ་རྩེ། །ཕྱག་ན་བདུད་ཀྱི་ཞགས་པ་བསྣམས། །ཆིབས་སུ་གྲིབ་སོ་ནག་པོ་ཆིབས། །འཁོར་གྱི་གིང་དང་བཅས་པ་ཡིས། །རྟ་ནག་ཞོན་ནས་འཁོར་བཅས་ཀྱིས། །སྡང་བའི་དགྲ་བགེགས་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལས། །ཡི་གེ་འབར་བའི་ཛཿལས་ནི། །དམག་དཔོན་ཆེན་པོ་གཅིག་ཏུ་གྱུར། །བྱང་གི་དམག་དཔོན་ཆེན་པོ་ནི། །ཀུ་བེ་ར་ནི་གཏེར་གྱི་བདག །ཡག་ཤ་རག་ཤ་ཀ་ལ་ནི། །ཡག་ཤ་རག་ཤ་འཁོར་བཅས་ཀྱིས། །ཁྱོད་ནི་གནོད་སྦྱིན་མ་རུ་རྩེ། །འཁོར་གྱི་གིང་ཕྲན་མང་པོ་དང་། །གནོད་སྦྱིན་མང་པོ་འཁོར་བཅས་པས། །འདི་སྐབས་ཚིགས་རྐང་མི་འགྲིགས་པས་ཅུང་ཟད་ཆད་འདྲ། སྡང་བའི་དགྲ་བགེགས་འདིར་ཁུག་ལ། །ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། །ཧཱུྃ། ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །ཞེ་སྡང་འབར་བ་དམ་ཉམས་དགྲ་བོའི་གཤེད། །སྲིན་པོ་གནོད་སྦྱིན་མ་རུ་རྩེ། །སྲོག་ཟན་ཆེན་པོ་མི་ཟན་འབུམ་གྱི་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོས་ཞེ་སྡང་རྩད་ནས་ཆོད། །ཞེ་སྡང་ཅན་གྱི་དགྲ་བོ་དབང་དུ་སྡུས། །ཧཱུྃ། ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །ང་རྒྱལ་འབར་བ་དམ་ཉམས་དགྲ་བོའི་གཤེད། །གཤིན་རྗེ་གནོད་སྦྱིན་མ་རུ་རྩེ། །གཤིན་རྗེ་མི་ཟན་འབུམ་གྱིས་བསྐོར། །སྲོག་བདག་ཆེན་པོ་ང་རྒྱལ་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོས་ང་རྒྱལ་རྩད་ནས་ཆོད། །ང་རྒྱལ་ཅན་གྱི་དགྲ་བོ་དབང་དུ་སྡུས། །ཧཱུྃ། ནུབ་ཕྱོགས་ཀླུ་ཡི་ཡུལ་རྩེ་ནས། །འདོད་ཆགས་འབར་བ་དམ་ཉམས་དགྲ་བོའི་གཤེད། །བདུད་པོ་གནོད་སྦྱིན་མ་རུ་རྩེ། །འཁོར་ཡང་བདུད་པོ་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་གཤེགས། །སྲོག་ཟན་ཆེན་པོས་འདོད་ཆགས་རྩད་ནས་ཆོད། །འདོད་ཆགས་ཅན་གྱི་དགྲ་བོ་དབང་དུ་སྡུས། །ཧཱུྃ། བྱང་ཕྱོགས་གནོད་སྦྱིན་མ་རུ་རྩེ། །ཕྲག་དོག་འབར་བ་དམ་ཉམས་དགྲ་བོའི་གཤེད། །གནོད་སྦྱིན་གདུག་པ་མ་རུ་རྩེ། །འཁོར་ཡང་གནོད་སྦྱིན་འབུམ་གྱིས་བསྐོར། །དམ་ཉམས་སྲོག་གི་གཤེད་དུ་ཆེ། །སྲོག་ཟན་ཆེན་པོས་ཕྲག་དོག་རྩད་ནས་ཆོད། །ཕྲག་དོག་ཅན་གྱི་དགྲ་བོ་དབང་དུ་སྡུས། །ཁྲག་ལ་མངའ་མཛད་སྲིན་པོ་མ་རུ་རྩེ། །སྲོག་ལ་མངའ་མཛད་གཤིན་རྗེ་མ་རུ་རྩེ། །རུས་ལ་མངའ་མཛད་བདུད་པོ་མ་རུ་རྩེ། །དབུགས་ལ་མངའ་མཛད་གནོད་སྦྱིན་མ་རུ་རྩེ། །དམ་ཉམས་མ་ལུས་རྩ་རྒྱུད་ཆོད་ལ་ཤོག །ཧཱུྃ། ཡབ་གཅིག་སྐུ་མཆོག་དམར་པོ་ནི། །འབར་བ་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །གཤིན་རྗེ་དམར་པོ་སྲོག་གི་བདག །སྒྲོལ་གིང་དམར་པོ་གཤིན་རྗེ་ཀུན་གྱི་ཡབ། །ཁྲག་མདོག་དམར་པོ་ཁྲག་གི་ཕུར་བུས་འདྲིལ། །གཡས་ན་ཤེལ་གྱི་ཕུར་བུས་འདྲིལ། །སྲོག་བདག་ཕོ་མོ་ལས་ལ་བསྐུལ། །གཡོན་ན་གསེར་གྱི་འཁོར་ལོ་བསྣམས། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་མཛད། །ཆིབས་སུ་རླུང་ནག་འཚུབས་མ་ཆིབས། །སྐད་ཅིག་ཡུད་ཙམ་ཕྱིན་པར་འགྲོ། །ཨོ་རྒྱན་ཐོར་ཅོག་ཞི་བའི་འཁོར་གྱི་བསྐོར། །སྒྲོལ་གིང་དམར་པོ་ཁྱོད་ཀྱི་དུས་ལ་བབ། །ཤར་ཕྱོགས་སྲིན་པོ་མ་རུ་རྩེ། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །ལྷོ་ཕྱོགས་གཤིན་རྗེ་མ་རུ་རྩེ། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །ནུབ་ཕྱོགས་བདུད་པོ་མ་རུ་རྩེ། །དམ་ཉམས་སྲོག་གི་གཤེད་མར་གཤེགས། །བྱང་ཕྱོགས་གནོད་སྦྱིན་མ་རུ་རྩེ། །དམ་ཉམས་སྲོག་གི་གཤེད་མ་གཤེགས། །ཡབ་གཅིག་ཐུགས་ཀྱི་སྤྲུལ་པ་ནི། །པྲ་མ་རཱ་ཛ་སྲིན་པོའི་གིང་། །དཀར་པོ་དུང་གི་ཐོར་ཅོག་ཅན། །ཕྱག་ན་དངུལ་གྱི་སྤུ་གྲི་ཐོགས། །སྒྲོལ་གིང་ཕོ་མོ་ལས་ལ་བསྐུལ། །འཁོར་ནི་མོན་པ་ནག་པོ་བརྒྱད་ཀྱིས་བསྐོར། །བདུད་གཡག་ནག་པོ་བརྒྱད་ལ་ཞོན། །ཁྲག་གི་ཞགས་པས་བཀུག་ཅིག་འཐེན། །སྒྲོལ་གིང་དམར་པོ་ལས་ལ་འགྱེད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །ཐུགས་དམ་གཉན་པོ་བདག་བསྐུལ་གྱི། །དེ་དོན་དམ་སྐོང་ཕྲིན་ལས་མཛོད། །ཡབ་གཅིག་སྙན་གྱི་སྤྲུལ་པ་ལས། །ཡ་མ་རཱ་ཛ་གཤིན་རྗེའི་གིང་། །ནག་པོ་བསྭེ་ཡི་ཐོར་ཚུགས་ཅན། །གཡས་ན་ལྕགས་ཀྱི་སྤུ་གྲི་བསྣམས། །དམ་ཉམས་སྲོག་རྩ་ཆོད་ལ་ཤོག །གཡོན་ན་མེ་ཡི་འཁོར་ལོ་བསྐོར། །དགྲ་བོ་ལ་ཕོག་མེ་ལ་བསྲེག །འཁོར་ནི་གཤིན་རྗེ་འབུམ་གྱིས་བསྐོར། །སྒྲོལ་གིང་ཆེན་པོ་ལས་ལ་འགྱེད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །ཡབ་གཅིག་ལྗགས་ཀྱི་རོལ་པ་ལས། །རག་ཤ་ཡག་ཤ་བདུད་ཀྱི་གིང་། །ཁྱོད་ནི་བདུད་པོ་མ་རུ་རྩེ། །དམར་པོ་ཁྲག་གི་རལ་པ་ཅན། །གཡས་ན་བདུད་ཀྱི་སྟྭ་གྲི་བསྣམས། །དམ་ཉམས་ཀླད་པ་ཚལ་པར་འགེམས། །གཡོན་ན་ཆུ་ཡི་འཁོར་ལོ་བསྣམས། །དམ་ཉམས་དགྲ་བོ་ཆུ་ལ་བསྐུར། །སྲོག་བདག་དམར་པོ་ལས་ལ་འགྱེད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །ཐུགས་དམ་གཉན་པོ་བདག་བསྐུལ་ན། །དོ་ནུབ་དམ་སྐོང་ཕྲིན་ལས་མཛོད། །ཡབ་གཅིག་ཤངས་ཀྱི་རོལ་པ་ལས། །མི་ཏ་རག་ཤ་གནོད་སྦྱིན་གིང་། །ལྗང་ན་ཟངས་ཀྱི་རལ་པ་ཅན། །གཡས་ན་ཟངས་ཀྱི་སྤུ་གྲི་ཐོགས། །དམ་ཉམས་སྙིང་རྩ་དམར་པོ་ཆོད། །གཡོན་ན་ལུང་གི་འཁོར་ལོ་བསྐོར། །དགྲ་བོའི་ལས་མཐའ་རླུང་ལ་བསྐུར། །འཁོར་ནི་སྒྲོལ་གིང་དམར་པོ་འབུམ་གྱིས་བསྐོར། །མི་དམར་ཤན་པ་ལས་ལ་འགྱེད། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །ཧ་ལ་མིག་དམར་ཧུ་ལུ་མིག་དམར་དུས་ལ་བབ། །སྒྲོལ་གིང་དམར་པོ་ཤན་པ་ཁྱོད་ཀྱི་དུས་ལ་བབ། །དམ་ཉམས་སྲོག་རྩ་གཅོད་པའི་དུས་ལ་བབ། །ཧཱུྃ། ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་ན། །གཤིན་རྗེ་འཆི་བདག་ནག་པོ་ནི། །ཆིབས་སུ་མ་ཧེ་སྔོན་པོ་ཆིབས། །མ་ཧེ་སྔོན་པོའི་གདན་སྟེངས་སུ། །ཕྱག་གཡས་དབྱུག་ཏོ་རལ་གྲི་བསྣམས། །གཡོན་པ་ཐོད་ཁྲག་ཞགས་པ་བསྣམས། །མཆེ་བ་གཙིགས་པའི་གསུས་པོ་ཆེ། །མི་ཐོད་ཞུན་ཅན་རྙིང་པ་ངང་། །ཞིང་རས་རྙིང་པ་གོས་སུ་གྱོན། །ཆར་སྤྲིན་ནག་པོའི་ཁ་དོག་འདྲ། །ཆུ་ནག་རླབས་བཞིན་འོད་དུ་འབར། །འཁོར་གཡོག་བྱེ་བ་སྟོང་གིས་བསྐོར། །རོལ་དུ་མ་མོ་འབུམ་གྱིས་བསྐོར། །བྲན་དུ་གཤིན་རྗེ་བྱེ་བ་འཁོལ། །ཕོ་ཉ་ཡི་དྭགས་ས་ཡ་འགྱེད། །ཟས་སུ་སྲིད་པའི་ཤ་ལ་ཟ། །སྐོམ་དུ་སྲིད་པའི་ཁྲག་ལ་འཐུང་། །ལས་སུ་འགུགས་ཤིང་གསོད་པར་བྱེད། །འཁོར་མང་འདུས་ཤིང་ལས་ལ་འཁོལ། །སེམས་ཅན་ཀུན་ལ་ཟ་ཞིང་འཆའ། །སྲིད་པ་ཀུན་གྱི་སྲོག་གི་བདག །ཁམས་གསུམ་སྐྱེ་འགྲོའི་དབུགས་ཀྱི་བདག །སྲོག་དང་དབུགས་ལ་མངའ་མཛད་པ། །ལྷོ་ཕྱོགས་གཤིན་རྗེ་སྐྱོང་མཛད་པ། །གསོན་པོ་ཀུན་གྱི་བདུད་དུ་ཆེ། །གཤིན་པོ་ཀུན་གྱི་རྗེ་རུ་ཆེ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་པོ། །ལེགས་ཉེས་གཉིས་ཀྱི་སྟངས་འཛིན་པོ། །དམ་ཚིག་ཉམས་པའི་རྗེས་གཅོད་པོ། །བདག་དང་འགྲས་པའི་དགྲ་བོ་ལ། །གཏན་ཕུང་གཤེད་མ་ཁྱེད་ཀྱིས་གྱིས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་། །འཆི་བདག་གཏོར་མ་དགྲ་ཕྱོགས་སུ་འཕང་བ་ནི། བདག་ཉིད་ཡི་དམ་ལྷར་གསལ་བ་ལས། མདུན་དུ་འཆི་བདག་གསལ་ལ། གཏོར་མ་སྤྲུལ་པའི་ཕོ་ཉ་མང་པོར་བསམས་ལ། བསྐུལ་བྱས་ཏེ་གཏོར་མ་དགྲ་ཕྱོགས་སུ་འཕངས་ལ། ཁང་ཁྱིམ་ནག་ཧར་གྱིས་སོང་བར་བསམ་མོ། །མི་ཕྱུགས་ལ་བརྒྱབ་པས་བྱིའུ་ཚང་གཡག་གིས་བརྫིས་པ་ལྟར་སོང་བར་བསམ་ལ་འཕང་ངོ་། །ཨཱོྂ་སྟ་སྟི་རུ་རུ་ཁོང་ཁྲག་རཱ་ཛཿ ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དབུལ་ལོ། །རྗེས་ཀྱི་བྱ་བ་རྣམས་གཞན་དུ་གསལ་བ་ལས་འདིར་མ་བྲིས་སོ། །གཤིན་རྗེའི་གཤེད་དམར་པོའི་སྒྲུབ་ཐབས་མཐོང་བ་དོན་ཡོད་ཞེས་བྱ་བ་འདི་ནི། སྔགས་འཆང་གཟུངས་ཀྱི་དཔལ་གྱིས། འབྲི་ཕྱུག་ཙན་དན་གྱི་ནགས་ཁྲོད་དུ་བཀོད་པ་ཡོངས་སུ་རྫོགས་སོ།། །།ནོར་འཁྲུལ་མཆིས་ན་བླ་མ་ལྷར་བཅས་མཁས་རྣམས་གང་ཡིན་བཟོད་པར་གསོལ། །མ་འཁྲུལ་དགེ་བ་གང་བསྐྲུན་དེས་ནི་བསྟན་པའི་དགྲ་བོ་དྲུང་ནས་འབྱིན་པར་ཤོག། །།
དམར་པོ་ཕྱི་འགྱུར་གྱི་སྒྲུབ་བྱང་།
དམར་པོ་ཕྱི་འགྱུར་གྱི་སྒྲུབ་བྱང་བཞུགས་སོ། །བཅོམ་ལྡན་འདས་འཇམ་དཔལ་དམར་པོ་ལ་ཕྱག་འཚལ་ལོ། །འཇམ་དཔལ་དམར་པོ་ལ་འཁོར་ཡེ་ཤེས་དང་ལས་ལ་གྲུབ་པའི་འཁོར་གྱི་བསྐོར་བ་ལས། བསྒྲུབ་པའི་སྒོ་ནས་དངོས་གྲུབ་རྣམ་པ་གཉིས་མྱུར་དུ་ཐོབ་པར་འདོད་པས། དང་པོ་གནས་དུར་ཁྲོད་དམ། བྲག་དམར་ཆོལ་ཟངས་ལྟ་བུའམ། ཤིན་ཏུ་དབེན་པ་ཉམས་དགའ་བ། བྱིན་ཆགས་པར་སྒྲུབ་པ་པོ་དབང་རྫོགས་པ། རྒྱུད་གྲོལ་བ། མན་ངག་དང་ལྡན་པ། བསྙེན་པའི་མཚན་མ་རྫོགས་ནས་དངོས་གྲུབ་སྒྲུབ་པར་འདོད་པས། འཁོར་གཟུངས་མ་མཚན་ཉིད་ཚང་བ། ཡ་ག་མེད་པ། ཆོས་དང་མཐུན་པ། དད་པ་ཆེ་བ། མཛངས་ཤིང་དད་པ་བརྟན་པ། བློ་ཐུབ་པ། བརྩོན་འགྲུས་ཆེ་བ། བློ་ཡངས་པ་གཅིག་བཙལ། གྲོགས་པོ་དམ་ཚིག་གཙང་བ། གཡོ་སྒྱུ་ཆུང་བ། དཔའ་བ། བརྟན་པ། བློ་ཐུབ་པ། བརྩོན་འགྲུ་ཆེ་བ། ཤེས་རབ་རྣོ་བ་གཅིག་བརྟེན་ལ། སྒྲུབ་པའི་ཡོ་བྱད་དང་། འཚོ་བ་ཟས་ཀྱི་ཡོ་བྱད་དང་། མཆོད་པ་རྫས་ཀྱི་ཡོ་བྱད་དང་། རྐྱེན་ཟློག་སྨན་དང་། འཚེ་བ་བཟློག་པའི་ཡོ་བྱད་ཚོགས་པར་བྱས་ལ། སྒྲུབ་པའི་དུས་གཟའ་སྐར་བཟང་པོ་ལ་བརྒྱད་ནས་ཉའི་བར་བསྒྲུབ་པར་བྱའོ། །དེ་ལ་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱི་བར་ཆད་བསལ་བ་ནི། སཱཙྪ་དང་། སྲོག་འདོན་བྱ་བ་དང་། ཆུ་གཏོར་བཏང་བ་དང་། ལམ་འཕྲང་བསལ་བ་དང་། ཕྱི་ནང་གི་དཔང་སྐོང་འདོན་པ་དང་། འབུམ་སྡེ་ལྔ་འདོན་པ་དང་། ཞི་ཁྲོའི་གཞུང་བསྲང་ལ་ཚོགས་ཀྱིས་སྐོང་བར་བྱའོ། །དེ་ནས་ས་བླང་བ་ནི། ས་གཞི་དང་ནམ་མཁའ་བརྟགས་ལ། མཚན་ཉིད་དང་ལྡན་ན་ས་བླང་བར་བྱ་སྟེ། དང་པོ་ས་ཡི་ལྷ་མོ་བརྟན་མ་ལ་ས་བསླང་བ་ནི། ཧོཿ བརྟན་མ་རིན་ཆེན་གསེར་མདོག་བུམ་པ་ཅན། །བཀྲ་ཤིས་ཡིད་འོད་དངོས་གྲུབ་འབེབས་མཛད་མ། །སྨན་ལྔ་སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། །རིན་ཆེན་ལྔ་དང་མཆོད་པ་འདི་བཞེས་ལ། །ས་འདི་བདག་ལ་གནང་བར་མཛོད། །ཇི་ལྟར་སྔོན་ཀྱི་ཤཱཀྱ་ཐུབ་པ་ཡིས། །བདུད་དཔུང་བཅོམ་ནས་མངོན་པར་སངས་རྒྱས་ལྟར། །བདག་ཀྱང་དེ་བཞིན་བསྒྲུབ་པར་འཚལ་བས་ན། །དེ་ཕྱིར་ལྷ་མོ་དཔང་བཞུགས་ས་འདི་གནང་བར་མཛོད། །ཅེས་བརྗོད་པས། ལྷ་མོ་འོད་དུ་ཞུ་ནས་ཐིམས་པས་ས་གཞི་གསེར་དུ་གྱུར་པར་བསམ་མོ། །དེ་ནས་ས་བདག་ཞིང་སྐྱོང་ལ་ས་བསླང་བ་ནི། གཏོར་མ་བྱིན་གྱིས་བརླབས་ལ། ཧོཿ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་། །ས་གླུད་མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །བདག་ལ་ས་འདི་ལེགས་པར་གནང་བར་མཛོད། །བདག་འདིར་ཐེག་ཆེན་འབྲས་བུ་ངེས་བསྒྲུབ་ཕྱིར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །བར་ཆད་བྱས་ན་དམྱལ་བར་ངེས་པར་སྐྱེ། །དེ་ཕྱིར་ཅི་བདེ་བར་ནི་གཞན་དུ་དེངས། །ཞེས་བསྐྲད་པར་བྱའོ། །དེ་ནས་ས་བླངས་ལ། རིན་པོ་ཆེའི་ཕུང་པོར་བྱིན་གྱིས་བརླབ་བོ། །དེ་ནས་མཚམས་བཅད་པར་བྱ་སྟེ། རྒྱས་པར་གྲུབ་ན་ཆ་གསུམ་བཏང་ལ། གཏོར་མ་དང་པོ་བཏག་ལ་ཐོ་ཆོག་བྱའོ། །མ་འགྲུབ་ན་འབྱུང་གཏོར་གཅིག་བཏང་ལ་བགེགས་བསྐྲད། དེ་ནས་ཐོ་རྒྱལ་པོ་བཞིའི་ཕོ་བྲང་དང་བཅས་པར་བསྐྱེད་ལ། ཧཱུྃ། རི་རབ་གླིང་བཞིའི་ངོས་བཞི་ནས། །ཕྱག་ན་རྡོ་རྗེ་དབང་གི་མཐུས། །མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། །འདིར་གཤེགས་མཆོད་པ་བདག་འབུལ་གྱིས། །བདག་ཅག་རེ་བ་སྐོང་བའི་ཕྱིར། །མ་དག་པ་རྣམས་མཚམས་ཆོད་ལ། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ཨཱོྂ་ཌྷིཥྚ་རཱཥྚ་ཡེ་སྭཱ་ཧཱ། ཨཱོྂ་བཻ་རུ་དྷ་ཀ་ཡེ་སྭཱ་ཧཱ། ཨཱོྂ་བཻ་རུ་པཀྵ་ཡེ་སྭཱ་ཧཱ། ཨཱོྂ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། ཞེས་ཐོ་གཟུག་གོ། །མཚན་བརྗོད་ལ་ཕྲིན་ལས་བཅོལ་ལོ། །དེ་ནས་ཐེམ་པའི་ཕྱི་རོལ་དུ། དོང་གྲུ་གསུམ་བྲུས་ལ། རའི་སོག་པ་ལ་དམ་སྲི་དམར་པོའི་གཟུགས་བྲིས། དེར་བཅུག་ལ་དགུག་ཅིང་བསྒྲལ་བ་དང་། མནན་ཏེ་བདག་ཉིད་སྐུ་མཆོག་ཏུ་བསྐྱེད་ལ། ཧཱུྃ། ཡབ་གཅིག་སྐུ་མཆོག་དམར་པོ་ནི། །དབུ་ལ་གསེར་གྱི་རྒྱན་ཐོགས་ཤིང་། །གནམ་ལྕགས་འབར་བའི་ཐོད་གདེངས་ཅན། །རིགས་ལྔའི་སངས་རྒྱས་དབུ་ལ་རྫོགས། །ཕྱག་ན་ལྕགས་གྲི་རྣོན་པོ་ཐོགས། །སྒྲོལ་གིང་ཆེན་པོར་དམ་བཅས་ལ། །རྟ་རོ་འབུམ་གྱི་ཁྲི་ལ་བཞུགས། །མི་རོ་འབུམ་གྱི་གདན་ལ་བཞུགས། །ཟས་སུ་མི་ཤ་རྟ་ཤ་ཟ། སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་། །ལས་སུ་འབྱུང་པོ་སྒྲོལ་ལ་བརྩོན། །བསྙེན་ནི་དམ་སྲི་དམར་པོ་བསྙེན། །འཇེབས་ནི་སྲི་དང་བཙན་ལ་འཇེབས། །དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ། །དམ་སྲི་བྱ་བའི་མ་རུངས་པ། །དེ་ཡི་གཉེན་པོར་མ་མོ་ཆེ། །མ་མོའི་གཉེན་པོར་སྐུ་མཆོག་ཆེ། །དམ་སྲིད་དམར་པོ་བསྒྲལ་དུ་གསོལ། །ཁྱོད་ནི་འགུགས་པའི་ཕོ་ཉ་སྟེ། །དྲོངས་ཤིག་ཁུག་ཅིག་ཨཾ་ཀུ་ཤ །ཕོབ་ཅིག་བསྟིམ་ཤིག་ཨ་བེ་ཤ །ཡ་མ་དམ་སྲི་ནྲྀ་མཱ་ར་ཡ་ནྲྀ་ཛཿ ནྲྀ་ཤ་ཀུ་རུ་ནྲྀ་ཛཿ ཞེས་དགུག་གོ། །ནྲྀ་ཏོ་ཏ་ཡ་དམར་པོ་རཀྴ་སྙིང་ལ་ཁུག །དམ་སྲིད་དམར་པོ་ཐུམ་རིལ། སྲོག་རྩ་མཱ་ར་ཡ་རྦད། ཅེས་ཕུར་པ་སྙིང་གར་གདབ། དེ་ནས་མནན་ཏེ། ཨཱོྂ་བཛྲ་ཀརྨ་སྟྭམྦྷ་ཡ་ནན། ཨཱོྂ་ལྃ་ཧཱུཾ་ལྃ་སྟྭམྦྷ་ནན། སུྃ་ལྃ་སྟྃམྦྷ་ནན། ཞེས་མནན་ནོ། །དེ་ནས་ཞིང་ལྤགས་ལ་དཔའ་བོ་ཆེན་པོའི་གཟུགས་བྲིས་ལ། སྒོ་བསྲུང་དུ་གསོལ་ལོ། །ཧཱུྃ། དུར་ཁྲོད་ཆེན་པོའི་གནས་འདི་རུ། །དཔལ་བོ་ཆེན་པོའི་སྐུ་མཆོག་ནི། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར་ཡིན་པས། །རྣམ་པར་སྨིན་པའི་ཆོས་བཤད་ལ། །བདག་གི་སྒྲུབ་པ་མཆོག་འདི་མ་ཐོན་བར། །སྒོ་འདི་ཡན་ཆད་སུ་ཡང་མ་བཏང་ཤིག །ནྲྀ་ཏྲོ་ཏ་ནི་ནྲྀ་ཏྲོ་ཏ་ནི་ཧ་རང་ལོ་ཧ་རང་ལོ་ས་མ་ཡ་སྟྭྃ་ཞེས་བརྗོད་དོ། །དེ་ནས་དཀྱིལ་འཁོར་བརྩིག་པ་ནི། དཔངས་སུ་ཆ་གསུམ་པ་ལ་རྒྱར་མཐོ་ལྔ་པ་བྱའོ། །ཡང་ན་གནས་ཁང་དང་སྦྱར་ཏེ་བརྩིག །དབུས་སུ་གྲུ་གསུམ་བྲུས་ལ་ཐོད་པ་དུམ་བུ་བཞི་པ་ལ་སྙིང་པོ་ཧཱུྃ་ཛཿབྲིས་ལ། ཕོ་བྲང་དུ་བསྐྱེད་ལ་གཞུག །དེའི་སྟེང་ཚོད་དམར་པོས་དགང་ངོ་། །དེ་ནས་ཆག་ཆག་གདབ་པ་ནི། སྨན་རཀ་བསྲེས་ལ། ཧཱུྃ། སྟོང་གསུམ་འདོད་པའི་ཁམས་ནི་རཀྟ་ཆགས་པའི་རྒྱུ། འདོད་ཆགས་འཁོར་བ་གཏིང་ནས་བསྒྲལ་བ་དང་། །མ་མོ་མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར། །སྟོང་གསུམ་མ་ལུས་དག་པའི་ཆག་ཆག་འདེབས། །མ་ཧཱ་རཀྟ་མཎྜལ་ཧཱུྃ། ཞེས་གོ་མ་ཡེ་བྱའོ། །དེ་ནས་ཐིག་གདབ་སྟེ། ཐིག་སྐུད་བྱིན་གྱིས་བརླབས་ཏེ། ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །འཁོར་བ་རྒྱུན་གཅོད་བྱང་ཆུབ་སེམས་ཀྱི་ངང་། །བོ་དྷི་ཙིཏྟ་ཡབ་ཀྱི་ཐིག་བཏབ་པས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་བདག་ལ་གསལ། །ཏི་ཤི་ཏྲ་མ་མཎྜ་ལ་ཧཱུྃ། ཞེས་ཕྱོགས་དང་གྲུ་ལེགས་པར་མཉམ་ལ་ཐིག་གདབ་བོ། །དེ་ནས་རྡུལ་ཚོན་གྱིས་བྲི་བ་ནི། དཔའ་བོ་འབྲུ་ལྔ་བཀོད་ལ། སྦྱངས་ཤིང་ཡེ་ཤེས་ལྔར་བྱིན་གྱིས་བརླབ་ལ། །དེ་ནས་འབྱུང་བ་ལྔ་རིམ་གྱིས་མཁའ་ལྔའི་རང་བཞིན་དུ་བསྐྱེད་ལ། བྷྲཱུྃ་གཞལ་ཡས་ཁང་དུ་བསྐྱེད་ཅིང་བྲིས་པ་སྟེ། དབུས་དམར་བདག་གྲུ་གསུམ། ཟླ་གམ་དམར་པོ། ཐོད་ཕྲེང་དཀར་པོ། འཁོར་ལོ་རྩིབས་བཞི་དམར་པོ། རྡོ་རྗེའི་ར་བ་མཐིང་ག །གྲུ་ཆད་ལྗང་གུ། ཁྱམས་དམར་པོ། པཉྩ་རེ་ཀ་ཐོད་པ་ཚར་གསུམ། འདོད་ཡོན་དམར། ཕ་གུ་སེར། དྲྭ་ཕྱེད་སྔོ། མདའ་ཡབ་ཐོད་པ་རློན་པ་ལ་བྱ། རྟ་བབས་ཆུ་སྲིན་སྔོན་པོ་ལ་བྱ། པདྨ་དམར་པོ་རྡོ་རྗེ་མཐིང་ག་མེ་རི་དམར་པོར་བྱའོ། །དེ་ནས་རྫས་དགོད་པ་ནི། དང་པོ། སྒྲུབ་པའི་རྫས་དགོད་དོ། །རྒྱལ་རིགས་ཐོད་པ་དུམ་བུ་གཅིག་པ་ལ་གཙོ་བོ་ཡབ་ཡུམ་གྱི་སྐུ་བྲི། དེའི་ཐུགས་ཀར་འཁོར་ལོ་ཧཱུྃ་དང་ཏྲག་གི་མཚན་པ་བྲིས། བྲམ་ཟེའི་ཐོད་པ་དུམ་བུ་བཞི་པ་ལ། ཚལ་བུ་བྱས་ཏེ། དམག་དཔོན་བཞི་དམར་པོ་དུར་ཁྲོད་ཀྱིས་བརྒྱན་པ་ཡིག་འབྲུ་དང་བཅས་པ་བྲིའོ། །རྨངས་རིགས་ཀྱི་ཐོད་པ་དུམ་བུ་བཞི་པ་ལ་ཚལ་བུ་བྱས་ལ། བལ་མོ་བཞི་དམར་པོ་དུར་ཁྲོད་ཀྱིས་བརྒྱན་པ་ཡིག་འབྲུ་དང་བཅས་པ་བྲིའོ། །དེ་རྣམས་ལ་རབ་གནས་ལེགས་པར་བྱས་ལ་དགོད་དོ། །དེ་ནས་བསྒྲུབ་པའི་དུས་སུ་བྱིན་གྱིས་བརླབ་པ་ན། ཨཱོྂ་མ་ཀུ་ཏ་ལ་མ་ཀུ་ཏ་ལ་ཕཊ། ཅེས་པས་གུ་གུལ་བདུག་ལ་བགེགས་བསྐྲད་དོ། །དེ་ནས་ཡུངས་ཀར་གྱིས་གཟི་བྱིན་བསྐྱེད་ལ། ཀྲོ་ཏ་རཀྟ་རཀྴ་ཧཱུྃ་ཕཊ། ཅེས་བརྗོད་དོ། །དེ་ནས་རཀྟས་དབང་བསྐུར་ཏེ། མ་ཧཱ་རཀྟ་མཎྜ་ལ་ཧཱུྃ། ཞེས་པས་དབང་བསྐུར་རོ། །དེ་ནས་སྐུ་གསལ་གདབ་ལ། ཨཱོྂ་ཨ་ཀྲོ་ཏེ་ཀ་ཛ་ལ་ཛ་ལ་ཧཱུྃ་ཕཊ། ཨཱོྂ་ཨ་ཀྲོ་ཏེ་ཀ་བག་ཤ་བག་ཤ་ཧཱུྃ་ཕཊ། ཨཱོྂ་ཨ་ཀྲོ་ཏེ་ཀ་ཙིཏྟ་ཙིཏྟ་ཧཱུྃ་ཕཊ། ཅེས་དབང་བསྐུར་བྱིན་གྱིས་བརླབ་བོ། །དེ་ནས་དཔལ་འབར་དབང་ཕྱུག་གིས་བསྟོད་པ་གསོལ་བ་དང་དགོད་དེ། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་ཏེ། །ཁྲོ་བོའི་རྒྱལ་པོ་འཇམ་དབྱངས་དཔལ། །ཟ་བྱེད་ཁྲག་འཐུང་ལེ་བརྟན་འབར། །མེ་ལོང་ལྟ་བུའི་ཡེ་ཤེས་རང་བཞིན་ཏེ། །དམར་པོ་འབར་བ་འཇིགས་པའི་སྐུ། །ཡུམ་ཆེན་ཨེ་ཀ་ཛཱ་ཏི་མ། །ཁམས་གསུམ་མ་ལུས་དབང་དུ་བསྡུད་པ་དང་། །འཕགས་པའི་ཞལ་བཟང་བདག་ལ་བསྟན་པ་དང་། །འབར་བའི་གསུང་མཆོག་བདག་ལ་བསྟན་པ་དང་། །ཡེ་ཤེས་ཐུགས་ཀྱི་བདག་ལ་དགོངས་ནས་ཀྱང་། །དབང་དང་དངོས་གྲུབ་མ་ལུས་སྩལ་བའི་ཕྱིར། །དབུས་ཕྱོགས་དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ཨཱོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ས་མ་ཡ་སྟྭཾ། ཞེས་དགོད་དོ། །ཧཱུྃ། ཤར་ནས་རང་བྱུང་གྲུབ་པའི་ལྷ། །དེ་བཞིན་གཤེགས་པའི་ཁྲོ་བོ་སྟེ། །འཇམ་དཔལ་སྐུ་ཡི་སྤྲུལ་པ་ནི། །པྲ་མ་རཱ་ཛ་ཆེན་པོ་སྟེ། །ཆོས་དབྱིངས་རང་བཞིན་ཡེ་ཤེས་ཏེ། །གདོད་དམར་འདུལ་ཕྱིར་སྲིན་པོར་སྤྲུལ། །འཁོར་དུ་སྲིན་པོ་འབུམ་གྱིས་བསྐོར། །ཤར་ཕྱོགས་དྲི་ཟའི་གདན་སྟེངས་སུ། །ཁམས་གསུམ་སྲིད་གསུམ་བསྒྲལ་བའི་ཕྱིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །པྲ་མ་རཱ་ཛ་ས་མ་ཡ་ཏིཥྛ་ལྷན། ཧཱུྃ། ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །རིན་ཆེན་རིགས་ཀྱི་ཁྲོ་བོ་སྟེ། །འཇམ་དཔལ་ཡོན་ཏན་སྤྲུལ་པ་ནི། །ཡ་མ་རཱ་ཛ་ཆེན་པོ་ནི། །མཉམ་ཉིད་ཡེ་ཤེས་རང་བཞིན་ལས། །གདོང་དམར་འདུལ་ཕྱིར་གཤིན་རྗེར་སྤྲུལ། །འཁོར་དུ་གཤིན་རྗེ་འབུམ་གྱི་བསྐོར། །ལྷོ་ཕྱོགས་གཤིན་རྗེའི་གདན་སྟེངས་སུ། །ཁམས་གསུམ་སྲིད་གསུམ་བསྒྲལ་བའི་ཕྱིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཡ་མ་རཱ་ཛ་ས་མ་ཡ་ཏིཥྛ་ལྷན། ཧཱུྃ། ནུབ་ནས་རང་བྱུང་གྲུབ་པའི་ལྷ། །པདྨ་རིགས་ཀྱི་ཁྲོ་བོ་སྟེ། །འཇམ་དཔལ་གསུང་གི་སྤྲུལ་པ་ལས། །དྷ་ཤ་གྷྲི་ཝ་ཆེན་པོ་སྟེ། །སོ་སོར་རྟོག་པའི་ཡེ་ཤེས་ལས། །གདོང་དམར་འདུལ་ཕྱིར་བདུད་དུ་སྤྲུལ། །འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར། །ནུབ་ཕྱོགས་ཀླུ་བདུད་གདན་སྟེངས་སུ། །ཁམས་གསུམ་སྲིད་གསུམ་བསྒྲལ་བའི་ཕྱིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དྷ་ཤ་གྷྲི་ཝ་ས་མ་ཡ་ཏི ཥྛ་ལྷན། ཧཱུྃ། བྱང་ནས་རང་བྱུང་གྲུབ་པའི་ལྷ། །ལས་ཀྱི་རིགས་ཀྱི་ཁྲོ་བོ་སྟེ། །འཇམ་དཔལ་ཕྲིན་ལས་སྤྲུལ་པ་ནི། །ཀུ་བེ་ར་ཡ་ཆེན་པོ་སྟེ། །བྱ་བ་ནན་ཏན་ཡེ་ཤེས་ལས། །གདོང་དམར་འདུལ་ཕྱིར་གནོད་སྦྱིན་སྤྲུལ། །འཁོར་དུ་གཤིན་རྗེ་འབུམ་གྱི་བསྐོར། །བྱང་ཕྱོགས་གནོད་སྦྱིན་གདན་སྟེངས་སུ། །ཁམས་གསུམ་སྲིད་གསུམ་བསྒྲལ་བའི་ཕྱིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཀུ་བེ་ར་ས་མ་ཡ་ཏིཥྛ་ལྷན། །མཁའ་འགྲོ་ཆེན་མོ་ཡ་བྱིན་མ། །གནམ་རོལ་བདུད་ཀྱི་རྒྱལ་མོར་གྲགས། །བདུད་འདུལ་ཆེན་མོ་འཁོར་དང་བཅས། །མར་ཁུའི་མཚོ་ལ་བཞུགས་སུ་གསོལ། །སུ་ཀྲི་པ་ཡ་ས་མ་ཡ༴ མཁའ་འགྲོ་ཆེན་མོ་དེ་བྱིན་མ། །གཟའ་ཡི་རྒྱལ་མོ་མིག་དམར་བསྒྲལ། །གཟའ་འདུལ་ཆེན་མོ་འཁོར་དང་བཅས། །སྦྲང་རྩིའི་མཚོ་ལ་བཞུགས་སུ་གསོལ། །ཡ་བ་ར་ཙིཏྟ་ས་མ་ཡ༴ མཁའ་འགྲོ་ཆེན་མོ་བསེ་བྱིན་མ། །བཙན་གྱི་རྒྱལ་མོ་ཟླ་བ་བསྒྲལ། །བཙན་འདུལ་ཆེན་མོ་འཁོར་དང་བཅས། །རཀྟའི་མཚོ་ལ་བཞུགས་སུ་གསོལ། །ཡོ་གི་ཤྭ་རི་ས་མ་ཡ༴ མཁའ་འགྲོ་ཆེན་མོ་ཕག་བྱིན་མ། །ཀླུ་ཡི་རྒྱལ་མོ་ངེས་མོ་བསྒྲལ། །ཀླུ་འདུལ་ཆེན་མོ་འཁོར་དང་བཅས། །འོ་མའི་མཚོ་ལ་བཞུགས་སུ་གསོལ། །ཡ་མ་ཙིཏྟ་ས་མ་ཡ༴ འཇམ་དཔལ་སྤྲུལ་པའི་སྐྱེས་བུ་བཞི། །སྒྲོལ་གིང་བཤན་པ་ལག་རིང་ཆེན་པོ་སྟེ། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱི། །དམ་ཉམས་བསྒྲལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཞེས་སྒོ་བཞིར་དགོད་དོ། །བསྙེན་ཕུར་ཡང་སྔགས་ཀྱིས་དགོད་དོ། །དེ་ནས་དངོས་གྲུབ་ཀྱི་རྫས་དགོད་པ་ནི། རྗེའུ་རིགས་ཀྱི་ཐོད་པ་དུམ་བུ་གཅིག་པ། གཤོང་བུ་ལྔ་ཡོད་པ། ཤིང་ལོ་འབྲས་བུར་ལྡན་པ། འདི་མཚམས་ཅུང་ཟད་ཆད་འདྲ། གཞན་ཡང་མཚན་དང་ལྡན་པའི་བདུད་རྩི་ལྔ་དང་འབྲས་བུ་གསུམ་དང་། བ་དམར་སེར་གྱི་འོ་མ་དང་། མར་དང་། སྦྲང་རྩི་དང་། ཀ་ར་དང་། བུ་རམ་དང་སྦྱར་བའི་རིལ་བུ་བྱས་པས་བཀང་ལ། དར་ལེ་བརྒན་གྱིས་དྲིལ་ལ། དེར་གསོལ་བྱང་བསྩལ་ལ་བྷནྡྷ་མཚན་གསོལ་ལ་དགོད་དེ། ཧཱུྃ། མཚན་ལྡན་བྷནྡྷ་ལྕང་ལོ་ཅན། །མི་འགྱུར་གཡུང་དྲུང་རྡོ་རྗེའི་ཀ་པཱ་ལ། །བཀྲ་ཤིས་ལྷུན་གྲུབ་བྷནྡྷ་ཀ་པཱ་ལ། །ཆོ་འཕྲུལ་རྟགས་འབྱིན་བྷནྡྷ་ཀ་པཱ་ལ། །ཡེ་ཤེས་ལྔ་རྫོགས་བྷནྡྷ་ཀ་པཱ་ལ། །འཇམ་དཔལ་དངོས་གྲུབ་བརྒྱ་མཚོ་བསྒྲུབ་པ་དང་། །བདེ་གཤེགས་རིག་འཛིན་རྒྱལ་པོ་བསྒྲུབ་པའི་ཕྱིར། །ཕོ་བྲང་འབར་བའི་དབུས་སུ་བཞུགས་སུ་གསོལ། །བཛྲ་ཀཱ་ཡ་སིདྡྷི་ཕ་ལ་ས་མ་ཡ་སྟྭཾ། དེ་ནས་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཕྱིར། སྲིན་པོ་སྐྱེ་འགྲོའི་སྲིད་ཀྱི་བདག་པོ་ཡིན་པས་རིགས་བརྒྱུད་སྤེལ་བའི་དངོས་གྲུབ་བླངས་ཏེ། མི་དཔལ་ཅན་གྱི་མདའ་ལ་དར་དཀར་པོ་ཁ་གང་ལ་འབྲུ་དང་རིན་པོ་ཆེ་ཁྱེའུའི་ལྟེ་བ་ཕུར་པ་གདགས། གསོལ་བྱང་ཡང་གདགས་སོ། །གཤིན་རྗེེ་སྐྱེ་འགྲོའི་ཚེ་ཡི་བདག་པོ་ཡིན་ཏེ། ཚེའི་དངོས་གྲུབ་བླངས་ཏེ། ཚེ་བུམ་བཅའ། གངས་ཆུ་དང་། ཁ་བའི་ཆུ། ཅོང་ཟིའི་ཆུ། ཚྭ། ཤུག་པ། བྲག་ཞུན། མཁན་པ། སྦྲང་། མར། ཡུངས་ཀར། ལན་ཚྭ་རྣམས་སྦྱར་ལ་རིམ་བུ་བྱས་ལ་དགོད། བདུད་སྐྱེ་འགྲོའི་སྲོག་གི་བདག་པོ་ཡིན་ཏེ། དྲག་པོ་མཐུ་ཡི་དངོས་གྲུབ་བླངས་ཏེ། ཐོད་པ་ཡུངས་ཀར་གྱི་སྟེང་དུབྷནྡྷ་ཕུར་པ་དང་ལིང་ག་དགོད། གནོད་སྦྱིན་ནི་འཇིག་རྟེན་ནོར་གྱི་བདག་པོ་ཡིན་ཏེ། ཐོད་པའམ་རིན་པོ་ཆེའི་གའུར་འབྲུ་སྣ་དང་། དར་ཟབ་དང་། རིན་པོ་ཆེ་སྣ་ལྔ་དང་། ཕྱུགས་ཀྱི་སྤུ་དང་། གསོལ་བྱང་རྣམས་བཅུག་ལ་དགོད་དོ། །དེ་ནས་རྒྱན་གྱི་རྫས་དགོད་པ་ནི། ཞིང་གི་བླ་བྲེ་དབུབ་སྟེ། ཧཱུྃ། ཞིང་ཆེན་བླ་བྲེ་ལྡིང་ཁང་ཆེན་པོ་ནི། །དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར། །འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་བསྒྲུབ་པ་དང་། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བ་དང་། །སྲིད་གསུམ་མ་ལུས་ཟིལ་གྱི་གནོན་པའི་ཕྱིར། །དབང་ཆེན་དཀྱིལ་འཁོར་རྒྱན་དུ་བཞུགས་པ་དང་། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །བྃ་ཏི་ན་ཁམ་ས་མ་ཡ་སྟྭཾ། གྲྭ་བཞིར་ཞིང་གི་རྒྱལ་མཚན་བཞིའི་སྙིང་གར་མེ་ལོང་གདགས། དར་ལེ་རྒན་ཡང་གདགས་ཤིག་དགོད་དོ། །ཧཱུྃ། ཞིང་གི་རྒྱལ་མཚན་སྲིད་གསུམ་ཟིལ་གྱིས་གནོན། །ཡེ་ཤེས་མེ་ལོང་མ་རིག་མུན་པ་སེལ། །ལེ་བརྒན་བ་དན་ཁམས་གསུམ་དབང་དུ་བསྡུད། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །དེ་ནས་བ་སུ་ཏའི་རྒྱན་ཕྲེང་གིས་བསྐོར་ལ། ཙིཏྟའི་ཕྲེང་བ་དང་ཞིང་གི་རྒྱན་ཕྲེང་གིས་བསྐོར། ཞིང་གི་འཕན་ཕྲེང་དང་། བྷནྡྷའི་བཅད་ཕོར་དང་། མཆོག་གི་གཡབ་མོས་ཕྱོགས་བཞིར་བརྒྱན་ཏེ། ཧཱུྃ། བ་སུའི་ཕྲེང་བ་ཐབས་དང་ཤེས་རབ་འབྲེལ། །ཙིཏྟའི་ཕྲེང་བས་ཁམས་གསུམ་དབྱིངས་སུ་སྒྲོལ། །ཞིང་གི་འཕན་ཕྲན་གདུག་པ་ཟིལ་གྱིས་གནོན། །བྷནྡྷའི་བཅད་ཕོར་འཁོར་བ་དབང་དུ་བསྡུད། །མཆོག་གི་གཡབ་མོས་ཞེ་སྡང་ཨུར་ལ་གནོན། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །གྲུ་ཆད་ལ་བུམ་པ་བཞིའི་སྟེང་དུ། ལྕང་ལོ་སྨན་རག་གིས་བཀང་བ་དགོད་དེ། ཧཱུྃ། ཡོན་ཏན་བཅུད་ཀྱིས་གང་བའི་བུམ་པ་ལ། །དངོས་གྲུབ་གཏེར་ལྡན་བྷནྡྷ་ལྕང་ལོས་བརྒྱན། །རང་བྱུང་གྲུབ་པའི་རྫས་ཀྱི་རབ་བཀང་བ། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །དར་རྩོད་ཁའི་ཡོ་ལ་བ་བྲེས་ཏེ། ཧཱུྃ། སྲིད་གསུམ་དབང་བསྡུད་ལེ་བ རྒན་གླིང་ཡོལ་འདི། །ཐུགས་རྗེའི་ཐབས་ཀྱིས་འཁོར་བ་དྲང་བ་དང་། །ཁམས་གསུམ་གདུག་པ་དབང་དུ་བསྡུད་པ་དང་། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆེན་པོ་བསྒྲུབ་པའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །དེ་ནས་མཆོད་རྫས་དགོད་དེ། ཤ་ཆེན་ཡོད་པའི་གཏོར་མ་གསུམ་བཤམས་ལ་དགོད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །གཏོར་གཞོང་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས། །ཚེ་དང་གལ་ཕྱེ་མཐུན་བསྡེབས་ནས། །རཀྟ་དམར་གྱི་གུར་ཕུབ་སྟེ། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་བའི་ཕྱིར། །འབར་བའི་དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །མ་ཧཱ་བ་ལིཾ་ཏ་ས་མ་ཡ་སྟྭཾ། དེ་ནས་སྨན་ཕུད་དགོད་དེ། ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །གཙང་ཞིང་གཙང་མར་སྦྱར་བའི་ཕུད་ཀྱི་ཕུད། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དཔའ་བོ་འདི། །རྩ་བརྒྱད་སྟོང་ལ་སྦྱར་བ་ཡིས། །ར་ས་ཡ་ན་དག་དང་མཉམ་པར་སྦྱར། །སྐལ་མེད་རྣམས་ཀྱིས་རྐྱེན་དང་མི་འཚལ་གྱིས། །སྐལ་ལྡན་ཐུགས་རྗེ་ཅན་གྱིས་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ས་མ་ཡ་སྟྭཾ། དེ་ནས་རཀྟ་དགོད་དེ། ཧཱུཾ། མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ། །སྐལ་ལྡན་རིགས་ཀྱི་བུ་མོ་འདི། །རྡོ་རྗེ་སྒེག་མོ་འདོད་ཆགས་ཆེ། །འདོད་ཅིང་ཆགས་པའི་རང་བཞིན་ཏེ། །མ་ཧཱ་མུ་དྲ་པདྨ་སྟེ། །ཁྲག་སྣ་སྟོང་ལས་སྦྱར་བ་འདི། །སྐལ་མེད་རྣམས་ཀྱི་རྐྱེན་དང་མི་འཚལ་གྱིས། །སྐལ་ལྡན་ཐུགས་རྗེ་ཅན་གྱི་བཞེས་སུ་གསོལ། །མ་ཧཱ་རཀྟ་ས་མ་ཡ་སྟྭཾ། དེ་ནས་མར་མེ་དགོད་དེ། ཧཱུྃ། སྲིད་གསུམ་ཡེ་ནས་རྣམ་དག་ཅིང་། །ཀོང་བུ་ཀུན་བཟང་ཡུམ་གྱི་མཁའ། །མར་ཁུ་བདེ་ཆེན་བྱང་ཆུབ་སེམས། །སྙིང་པོ་ཡེ་ཤེས་ཐབས་ཀྱི་ཡབ། །འོད་ནི་ཡེ་ཤེས་ལྔ་རུ་འབར། །ཡུལ་ནི་དུག་ལྔའི་མུན་པ་སེལ། །འབུལ་ནི་ཡེ་ཤེས་ལྷ་ལ་འབུལ། །བསྐང་ནི་དཀྱིལ་འཁོར་ཐུགས་དམ་བསྐང་། །མཆོད་ནི་དུས་གསུམ་སངས་རྒྱས་མཆོད། །ཡེ་ཤེས་རང་སྣང་འོད་ཀྱི་མར་མེ་འདི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨཱོྂ་མ་ཧཱ་ཛྙཱ་ན་ཨཱ་ལོ་ཀེ་ས་མ་ཡ་སྟྭཾ། གཞན་ཡང་མཆོད་པའི་བྱེ་བྲག་དཔག་མེད་ཇི་སྙེད་རྣམས་དགོད་དོ། །དེ་ནས་མཚམས་བཅད། བཤགས་པ་བྱ། དེ་ནས་བརྡའ་སྒོ་དབྱེ་ཞིང་རྣལ་འབྱོར་པ་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། བྷྲཱུྃ་ལས་བསྐྱེད་བའི་དུར་ཁྲོད་གཞལ་ཡས་ཁང་། །རིན་ཆེན་མཛེས་པའི་ཕོ་བྲང་ཡིད་འོང་ཅན། །ཉི་ཟླ་འབར་བས་རབ་བརྒྱན་པ། །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །མཐའ་དང་དབུས་མེད་ནམ་མཁའི་རྒྱན། །ཚད་མེད་བཞི་ཡི་ལས་བྱས་ནས། །ཕྲིན་ལས་རྣམ་བཞི་མཛད་འཚལ་གྱིས། །ཡེ་ཤེས་སྒོ་མ་བཞི་ཡིས་སྒོ་ཕྱེས་ཤིག །ཤར་ཕྱོགས་མེ་ལོང་ལྟ་བུའི་ཡེ་ཤེས་སྒོ་ཕྱེས་ཤིག །ལྷོ་ཕྱོགས་མཉམ་པ་ཉིད་ཀྱི་ཡེ་ཤེས་སྒོ་ཕྱེས་ཤིག །ནུབ་ཕྱོགས་སོ་སོར་རྟོག་པའི་ཡེ་ཤེས་སྒོ་ཕྱེས་ཤིག །བྱང་ཕྱོགས་བྱ་བ་ནན་ཏན་ཡེ་ཤེས་སྒོ་ཕྱེས་ཤིག །ཁྃ་བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ། ཧཱུྃ། འཇམ་དབྱངས་སངས་རྒྱས་ཀུན་གྱི་གཙོ། །བདེ་ཆེན་འདུ་འབྲལ་མེད་པའི་ཐུགས། །དཔལ་ཆེན་ཡེ་ཤེས་ཁྲོ་རྒྱལ་ལ། །བདག་ཅག་མི་ཕྱེད་དད་པས་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །དུག་གསུམ་ཞལ་དུ་རྔུབ་ལ་ཕྱག་འཚལ་ལོ། །རྒྱུད་དྲུག་ཕྱག་རྒྱར་བསྣམས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་མཐའ་ཡས་སྤྲུལ་པའི་ཞིང་ཁམས་ནས། །རྣམ་འབྱོར་དབང་ཕྱུག་ཆེན་པོར་གྲགས་པ་ཡི། །རིག་འཛིན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོཿ དེ་ནས་ཡན་ལག་དགུ་པ་བྱའོ། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །ཡི་དམ་ལྷ་དང་མཁའ་འགྲོ་དང་། །འཇམ་དཔའི་དབྱངས་ཀྱི་དཀྱིལ་འཁོར་ཚོགས། །རྒྱལ་སྲས་ཚོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞིང་དུ་རབ་བསྔགས་པའི། །འཇིག་རྟེན་དག་ན་མཆོག་གྱུར་པའི། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །རབ་ཏུ་སྤྲུལ་ཏེ་མཆོད་པར་བགྱིའོ། །བདག་གིས་ཚེ་རབས་ཐོགས་མེད་ན། །ཀུན་ནས་བསགས་པའི་མི་དགེ་རྣམས། །རང་བཞིན་མེད་ཀྱང་ཡོད་ཚུལ་གྱིས། །རྒྱལ་བ་རྣམས་ཀྱི་སྤྱན་སྔར་བཤགས། །མགོན་པོ་ཁྱོད་ཀྱི་བསོད་ནམས་དང་། །དམན་པའི་དགེ་བ་ཐམས་ཅད་ལ། །དེ་བཞིན་མཐུན་པའི་ལྷག་སེམས་ཀྱིས། །དང་བས་རྗེས་སུ་ཡི་རང་ངོ་། །བདེ་གཤེགས་བྱང་ཆུབ་མཆོག་བརྙེས་པ། །འགྲོ་རྣམས་ཐུགས་རྗེས་བཟུང་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་རུ། །ཚངས་པ་བཞིན་དུ་གསོལ་བ་འདེབས། །རྒྱལ་བ་མྱ་ངན་འདའ་བཞེད་པ། །འགྲོ་ཀུན་ཡུན་དུ་བདེ་བའི་ཕྱིར། །ཇི་སྲིད་འཁོར་བ་དེ་སྲིད་བར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཇི་སྲིད་འཁོར་བ་མ་ཟད་བར། །བདག་གི་དགེ་བ་འདི་དག་རྣམས། །ཀུན་ནས་ཟད་པར་མ་གྱུར་པས། །སེམས་ཅན་ཡོངས་སུ་སྨིན་པར་ཤོག །བདག་ཀྱང་དུས་འདི་ཕན་ཆད་ནས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཁྱོད་ཀྱི་འབངས་སུ་འབུལ་ལགས་ཀྱིས། །ཐུགས་རྗེ་ཡོངས་སུ་བཟུང་དུ་གསོལ། །མགོན་པོ་ཁྱེད་ཀྱི་བཀའ་བཞིན་དུ། །སེམས་ཅན་དོན་ཀུན་བསྒྲུབ་ལགས་ཀྱིས། །བྱང་ཆུབ་མཆོག་ཏུ་བདག་བགྱིད་ན། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་པས། གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་ནས་བདག་ལ་ཕོག་པས། བདག་འོད་དུ་ཞུ་ནས་ཨཱོྂ་ཨཱཿཧཱུྃ་གསུམ་དུ་གྱུར་ནས། ཨཱོྂ་ཨཱཿགཉིས་ཧཱུྃ་ལ་འདུས་ནས། ཧཱུྃ་གཙོ་བོའི་ཐུགས་ཀར་ཕོག །སྐུ་གསུང་ཐུགས་བརྒྱུད་ནས་གསང་ལམ་ནས་ཡུམ་ལ་བརྒྱུད། སྐུ་གསུང་ཐུགས་བརྒྱུད་ནས། མཁའ་རུ་བྱང་སེམས་ཧཱུྃ་དུ་གྱུར། དེ་གཙོ་བོ་བཞི་པའི་ཀཱ་བཱ་ཙི་བརྒྱུད། །དེ་ནས་ཡང་གཙོ་བོ་ལ་ཐིམ་པས། གཙོ་བོ་དང་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །དེ་ནས་དམ་བཅའ་ཞིང་བྱིན་དབབ། མཆོད་པ་བྱིན་གྱིས་བརླབ་བོ། །རྣལ་འབྱོར་པ་རྣམས་ལ་རྟགས་གསོལ། དེ་ནས་དུས་བཞིར་བསྐྱེད་རིམ་དང་། མཆོད་པ་གཞུང་བསྲང་། ཚོགས་དུས་བཞིར་བཏང་། བསྐང་བཤགས་ལ་གཙོ་བོར་བྱ། ཆང་དབང་དང་གཉིད་དབང་དུ་མི་བཏང་། མི་ཡེངས་མི་སྤུར་མི་འཁྱམ་མོ། །སྟན་མི་སྤྲུག །གྲ་མི་བསྒྱུར། བཟླས་པ་ལ་བརྩོན་འགྲུས་བྱ། ཐེ་ཚོམ་མི་བྱ། སྤྲོ་བ་བསྐྱེད། དམ་རྫས་བསྟར། ཚོགས་ཕུད་ཉམས་སུ་མི་གཞུག །མཚམས་བསྡོམས། རྫས་ཕྱིར་མི་བཏང་། དབང་མ་ཐོབ་པ་མི་གཞུག །ཉམས་པ་མི་བརྟེན་ནོ། །བཟླས་པའི་དུས་སུ་ཛཔ྄་བསྟོད་དང་། ཛཔ྄་ཀྱི་གསལ་གདབ་ཅིང་བསྐུལ་ཏེ། ཧཱུྃ། སྐྱེ་འགགས་མེད་པའི་ཆོས་དབྱིངས་ཀློང་གདལ་ན། །སྟོང་གསུམ་ཐམས་ཅད་དུར་ཁྲོད་གཞལ་ཡས་ཁང་། །སྐྱེ་འགྲོ་ཐམས་ཅད་འཇམ་དཔལ་དམར་པོའི་སྐུ། །སྒྲ་སྐད་ཐམས་ཅད་མཉྫུ་ཤྲཱིའི་གསུང་། །དྲན་རྟོག་ཐམས་ཅད་ཡེ་ཤེས་ལྔ་ཡི་ངང་། །འོད་ཟེར་མགལ་མེའི་འཁོར་ལོ་བསྐོར་བ་ལྟར། །ཕར་འཕྲོས་ཡེ་ཤེས་ལྔ་ཡི་ཐུགས་དམ་བསྐུལ། །ཚུར་འདུས་མཆོག་དང་ཐུན་མོང་སིདྡྷི་བསྡུས། །ཕར་སྤྲོས་ཚུར་འདུས་འོད་ཟེར་འཁྲུགས་པ་ཡིས། །བདག་ཅག་བག་ཆགས་སྒྲིབ་པ་བྱང་བ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བར་ཆད་གདུག་པའི་དགྲ་བགེགས་བསྒྲལ་དུ་གསོལ། །ཞེས་ཛཔ྄་ཁང་ཕྱེ་ཞིང་བསྐུལ་ལོ། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི། ཛཿཛཿ ཞེས་བཟླས་སོ། །སྐབས་སུ་འདི་སྐད་ཅེས་བརྗོད་དོ། །ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །སྐུ་མཆོག་འཇམ་དཔལ་དམར་པོ་ཉིད། །ཡི་དྭགས་མ་ཧེ་ཕོ་མོའི་ཁྲི་སྟེངས་སུ། །ཟླ་བ་རྒྱས་པའི་དཀྱིལ་འཁོར་ན། །དུར་ཁྲོད་ཆས་ཀྱི་སྐུ་ལ་རབ་ཏུ་བརྒྱན། །ཨེ་ཀ་ཛཱ་ཏིཀ་ཡུམ་དང་གཉིས་མེད་འཁྲིལ། །ཞལ་ནས་ཆོས་ཉིད་ཛཔ྄་ཟློས་ཤིག །ཐུགས་རྗེས་སེམས་ཅན་མ་ལུས་སྒྲོལ། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ད་ལྟ་བདག་གི་ཡི་དམ་ལྷ། །ཡི་དམ་ལྷ་མཆོག་མ་གཡེལ་མཆོད་པ་བཞེས། །ཚེ་སྲོག་གཉན་པོ་འདི་ལ་ཐུགས་རྗེས་གཟིགས། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བ་དང་། །སྲིད་གསུམ་འཇིག་རྟེན་ཟིལ་གྱིས་གནོན་པ་དང་། །དབང་དང་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཕྱོགས་བཞི་དེས་འགྲེའོ། །དེ་ནས་ཞག་དུ་བྱེད་པའི་དབུས་མ་ལ་ལན་གཅིག་སྦྱོར་སྒྲོལ་མཆོད་པས་ཐུགས་དམ་བསྐང་སྟེ། མཆོག་ཆེན་པོ་གཅིག་གམ། རྒྱུ་མཆོག་ལྔའམ། ར་ལུག །བྱ་དང་ཁྱི་གང་རུང་མེད་དུ་མི་རུང་ངོ་། །གྲོགས་པོ་སྒྲོལ་གིང་དུ་བསྐྱེད་ལ། །ནྲྀ་ཤ་ཀུ་རུ་བཟླས་ཤིང་། ཁོག་པ་དྲལ་ལ་ཙིཏྟ་ཕྱུང་ལ་བསྟབ་སྟེ། བསྐང་གསོ་དྲག་ཏུ་བྱ། དེ་ནས་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་སྟན་བདེ་བ་ལ། ཡུམ་ཁྲུས་བྱས་ལ་བྱིན་གྱིས་བརླབ། དེ་ནས་འདོད་པ་མཉམ་པས་སེམས་བསྐྱེད་ལ། ལུས་ངག་མཉམ་པས་བསྐྱེད་རྫོགས་བསྒོམ། བྱིན་བརླབས་མཉམ་པས་མཁའ་གསང་བསྣོལ་མར་བརླབ། འདོད་པའི་བསྟན་བཅོས་ཀྱིས་ཆགས་པ་བསྐྱེད། ཡུམ་གྱི་མཁའ་རུ་དལ་བསྐྱེད་དགུག་གཞུག་བྱས་ལ། བདག་གི་འཁོར་ལོ་བཞི་རུ་དལ་བསྐྱེད་དགུག་གཞུག་མཆོད་པ་དང་། སྙོམས་པར་ཞུགས་ལ་དགུག་གཞུག་གིས་ཕབ་པ་དང་། མཆོད་དེ་དངོས་གྲུབ་བླང་ངོ་། །དཀྱིལ་འཁོར་དང་མར་མེ་མཆོད་པ་ཀུན་ཁ་གསོས་ལ། ཕྲིན་ལས་དང་ཏིང་ངེ་འཛིན་དང་ལྷག་མ་མཚམས་སྦྱོར། རྣལ་འབྱོར་པ་རྣམས་ཏིང་ངེ་འཛིན་མི་གསལ་ཞིང་། བྱིང་བ་དང་། འཐིབ་བ་དང་། གཉིད་ཆེ་བ་དང་། མར་མེ་མི་གསལ་བ་དང་། ཤེས་པ་སེང་པོ་བྱིན་མེད་པ་དང་། ཉམས་མི་དགའ་བ་དང་། ཚིག་པ་ཟ་བ་དང་། ཐེ་ཚོམ་ཟ་བ་དང་། འགྲོ་སྙིང་འདོད་པ་ལ་སོགས་པ་དང་། དེ་རྣམས་དམ་སྲིའི་བར་ཆད་ཡིན་པས་བར་ཆད་ཀྱི་དབང་དུ་མི་བཏང་། ཕུར་བསྐོར་བྱ། བགེགས་བསྐྲད། དམ་སྲི་བརྡུང་ཞིང་མནན། ཤེས་པ་ངར་བསྐྱེད་ལ་སོར་གཞུག་གོ། །དེ་ནས་ཉམས་དགའ་བ་དང་། དྲི་ཞིམ་པ་དང་། ཏིང་ངེ་འཛིན་གསལ་བ་དང་། སྒྲ་སྙན་པ་དང་། རྨི་ལྟས་སུ་མེ་ཏོག་ཐུ་བ་དང་། ཉི་ཟླ་མཁའ་ལ་ཤར་བ་དང་། གངས་རི་ལ་འཛེག་པ་དང་། དུང་འབུད་པ་དང་། རྔ་བརྡུང་བ་དང་། ཉི་ཟླ་ལ་ཞོན་པ་དང་། ལག་པས་བཟུང་བ་དང་། པཎྜི་ཏ་དང་། སློབ་དཔོན་དང་མཇལ་བ་དང་། དབང་བསྐུར་ལུང་སྟོན་པ་ལ་སོགས་པ་བྱུང་བ་དང་། བསྒྲུབ་པ་ཆེན་པོ་བརྩམས་པར་བྱའོ། །དངོས་གྲུབ་ཀྱི་རྫས་བརྟགས་ལ། དངོས་གྲུབ་ཀྱི་རྫས་ལ་དངོས་གྲུབ་བསྒྲུབ་པར་བྱ་སྟེ། ཨཱོྂ་ཤྲཱི་མཉྫུ་མ་མ་ཨེ་ཀ་ཛཱ་ཏི་སིདྡྷི་སིདྡྷི་ཛཿཧཱུྃ། སརྦ་ཛྙཱ་ན་ཏ་ནེ་སིདྡྷི་ཛཿཧཱུྃ། སརྦ་མ་ནི་སྟ་ནི་སིདྡྷི་ཛཿཧཱུྃ། སརྦ་ཤྲཱིནྟཾ་ཀུ་རུ་སིདྡྷི་ཛཿཧཱུྃ། སརྦ་པ་ཤཾ་ཀུ་རུ་སིདྡྷི་ཛཿཧཱུྃ། སརྦ་པུཥྚིཾ་ཀུ་རུ་སིདྡྷི་ཛཿཧཱུྃ། སརྦ་ཀརྨ་སིདྡྷི་ཛཿཧཱུྃ། ཐུན་མོང་གི་དངོས་གྲུབ་ནི། ཤར་གྱི་སྲིན་པོ་ལ། ཨཱོྂ་པྲ་མ་རཱ་ཛ་མ་རུ་རྩེ། སརྦ་པུ་ཏྲ་པ་ལ་སིདྡྷི་ཛཿཧཱུྃ། པུཎྱཻ་པུ་ཏྲ་སིདྡྷི་ཛཿཧཱུྃ། སརྦ་པྲཛྙཱ་སིདྡྷི་ཛཿཧཱུྃ། སརྦ་མ་ཧཱ་པྲད་ཏྱ་སིདྡྷི་ཛཿཧཱུྃ། ཞེས་བཟླས་སོ། །ལྷོའི་གཤིན་རྗེ་ལ། ཨཱོྂ་ཡ་མ་རཱ་ཛ་མ་རུ་རྩེ་སརྦ་ཨ་ཡུ་ཤེ་སིདྡྷི་ཛཿཧཱུྃ། སརྦ་ཨ་ཡུ་ཛྙཱ་ན་གཡུ་ཚེ་ཨ་པ་ན་ཡ་བྷཱུྃ་ཨ་ཡུ་ཕ་ལ་སིདྡྷི་ཛཿཧཱུྃ། ནུབ་ཀྱི་བདུད་ལ། ཨཱོྂ་པྲ་མ་ཡ་མཱ་ར་ཡ་སརྦ་ཀརྨ་སིདྡྷི་ཛཿཧཱུྃ། བྱང་གི་གནོད་སྦྱིན་ལ། ཨཱོྂ་བཻ་ཤྲ་མ་ཎ་ཡེ་མ་ཧཱ་རཱ་ཛ་ཀུ་བེ་ར་སརྦ་རཏྣ་བྷ་ཧུ་ས་དྷ་ནི་སིདྡྷི་ཛཿཧཱུྃ། སརྦ་པུཥྤེ་ས་ཏ་ནི་སིདྡྷི་ཛཿཧཱུྃ། ཨཱོྂ་སརྦ་ཨ་ཡུ་ས་ཏ་ནི་སིདྡྷི་ཛཿཧཱུྃ། སརྦ་རཏྣ་པ་ཤཾ་སིདྡྷི་ཛཿཧཱུྃ། པུཥྚིཾ་ཀུ་རུ་སིདྡྷི་ཛཿཧཱུྃ། དྷཱི་ན་མེ་དྷི་སིདྡྷི་ཛཿཧཱུྃ། ན་ན་ཁ་དྷེ་སིདྡྷི་ཛཿཧཱུྃ། སརྦ་པྲི་ཡཾ་ཀུ་རུ་སིདྡྷི་ཛཿཧཱུྃ། སརྦ་གོ་ར་སིདྡྷི་ཛཿཧཱུྃ། རཏྣ་མ་མེ་སིདྡྷི་ཛཿཧཱུྃ། ཞེས་བཟླས་སོ། །སུ་ཏྲི་པ་ཡ་བ་ར་ཙིཏྟ་ཡོ་གི་ཤྭ་རཱི་ཡ་མ་སྟི་སྟ་སརྦ་ལི་ཀ་ཧྲཱིཾ་ཧྲཱིཾ། ཛཿཧཱུྃ། ཞེས་བཟླས་སོ། །དེ་ནས་ཚེ་བསྒྲུབ་བཞིན་ཚེ་ཡི་ཕོ་ཉ་བཏང་སྟེ། དེ་ནས་ནུབ་ཐ་མ་ལ་དངོས་གྲུབ་བླང་བ་ནི། དངོས་གྲུབ་ཀྱི་ཞལ་ཟས། ཚེ་དང་། གལ་ཕྱེ་དང་། འཇམ་དེས་དང་། ཟླ་རྒྱས་དང་། ཟླ་ཕྲོམ་དང་། ཛ་གད་དང་། འཛག་ཏི་དང་། བྲན་ཕོ་དང་། འོལ་སྐོམ་དང་། རིལ་བུ་རྣམས་བཤམས་ལ། མཚམས་དྲག་ཏུ་བཅད། བསྐང་བཤགས་བྱ། བྱིན་དབབ། བསྟོད་ཅིང་བྲོ་བརྡུང་། ཁྲོ་བོ་འཆོལ་བའི་ཛཔ྄་དབྱངས་ཀྱིས་དངོས་གྲུབ་དབང་དུ་བསྡུད། ཧཱུྃ། དང་པོ་དམ་བཅའི་དུས་ཀྱང་ད་ནང་ཚང་། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ད་ནང་ཚང་། །བསྒྲུབ་པ་རྡོ་རྗེའི་ནམ་ཡང་ལངས་སུ་ཉེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་རེ་རན། །སྐྱ་རེངས་དང་པོ་ཤར་ཙ་ན། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །སྐྱ་རེངས་བར་པ་ཤར་ཙ་ན། །གསུང་གི་དངོས་གྲུབ་ཙལ་དུ་གསོལ། །སྐྱ་རེངས་ཐ་མ་ཤར་ཙ་ན། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐུ་ཡི་དཀྱིལ་འཁོར་བསམ་ཡས་ཀྱང་། །བསམ་མི་ཁྱབ་པ་གསུམ་དུ་འདུས། །སྐུ་མཆོག་འཇམ་དཔལ་འགྱུར་བ་མེད་པ་སྐུ་ཡི་རྗེ། །སྐུའི་རྣམ་གྲངས་ཆད། མཆན། སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གསུང་མཆོག་དཀྱིལ་འཁོར་བསམ་ཡས་ཀྱང་། །བསམ་མི་ཁྱབ་པ་གསུམ་དུ་འདུས། །སྐུ་མཆོག་འཇམ་དཔལ་འགྱུར་བ་མེད་པ་གསུང་གི་རྗེ། །ཚངས་པའི་ང་རོ་དྲག་པོའི་གསུང་། །བཟླས་པའི་འཕྲོ་འདུ་ལྷ་ཡི་གསུང་། །བཤུགས་པའི་བརྡའ་ནི་སྔགས་ཀྱི་གསུང་། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཐུགས་ཀྱི་དཀྱིལ་འཁོར་བསམ་ཡས་ཀྱང་། །བསམ་མི་ཁྱབ་པ་གསུམ་དུ་འདུས། །ཐུགས་མཆོག་འཇམ་དཔལ་འགྱུར་བ་མེད་པ་ཐུགས་ཀྱི་རྗེས། །མི་གནས་ཡེ་ཤེས་ཐུགས་ཀྱི་ཐུགས། །ཧཱུྃ་གི་འོད་ཟེར་ཐུགས་ཀྱི་གསུང་། །ཐུགས་ཀྱི་སྤྲུལ་པ་ཐུགས་ཀྱི་སྐུ། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། སྐྱེ་འགག་མེད་པ་ཆོས་སྐུའི་གཞལ་ཡས་ནས། །གསལ་སྟོང་རང་བཞིན་མེད་པའི་སྐུ་མངའ་བ། །འཇམ་དཔལ་དམར་པོའི་སྐུ་མཆོག་ལྷུན་གྱིས་གྲུབ། །རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །སྐུ་མཆོག་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །ཀཱ་ཡ་སིདྡྷི་ༀ། ཡེ་ཤེས་འཇམ་དབྱངས་དག་པའི་གཞལ་ཡས་ནས། །འགྱུར་མེད་རྟོགས་པ་མེད་པའི་ཐུགས་མངའ་བ། །འཇམ་དཔལ་དམར་པོའི་ཐུགས་མཆོག་ལྷུན་གྱིས་གྲུབ། །ཡེ་ཤེས་དངོས་གྲུབ་མང་པོ་བསམ་མི་ཁྱབ། །ལྟ་བ་བརྗོད་མེད་དངོས་གྲུབ་སྩལ་དུ་གསོལ། །ཙིཏྟ་སིདྡྷི་ཧཱུྃ། ཧཱུྃ། དབང་མཆོག་མ་ཆགས་པདྨའི་གཞལ་ཡས་ནས། །གྲགས་སྟོང་འགགས་པ་མེད་པའི་གསུང་མངའ་བ། །འཇམ་དཔལ་དམར་པོའི་གསུང་མཆོག་ལྷུན་གྱིས་གྲུབ། །རང་བྱུང་ཐུགས་རྗེའི་དངོས་གྲུབ་བསམ་མི་ཁྱབ། །གསུང་དབྱངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཝཱ་ཀ་སིདྡྷི་ཨཱཿ རང་བྱུང་ལྷུན་གྲུབ་གཞལ་ཡས་ནས། །འཕེལ་འགྲིབ་མེད་པའི་ཡོན་ཏན་མཆོག་མངའ་བ། །འཇམ་དཔལ་དམར་པོའི་ཡོན་ཏན་ལྷུན་གྱིས་གྲུབ། །ལོངས་སྤྱོད་རྫོགས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡོན་ཏན་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །གུ་ཎ་སིདྡྷི་ཧྲཱིཿ ཐམས་ཅད་ལྷུན་གྲུབ་ཆོས་ཀྱི་ཕོ་བྲང་ནས། །ཐོགས་པ་མེད་པའི་ཕྲིན་ལས་མཆོག་མངའ་བ། །འཇམ་དཔལ་དམར་པོའི་ཕྲིན་ལས་ལྷུན་གྱིས་གྲུབ། །ཞི་རྒྱས་དབང་དྲག་དངོས་གྲུབ་བསམ་མི་ཁྱབ། །ཕྱི་ནང་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཀརྨ་སིདྡྷི་ཨཱཿ ཧཱུྃ། འཇམ་དཔལ་སྐུ་ཡི་སྤྲུལ་པ་ནི། །པྲ་མ་རཱ་ཛ་ཆེན་པོ་སྟེ། །འཁོར་དུ་སྲིན་པོ་འབུམ་གྱིས་བསྐོར། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །མི་འགྱུར་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ནི་སྲིན་པོ་འདུལ་བར་དབང་བསྐུར་བས། །ཞི་བ་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ཀྱི་སྤྲུལ་པ་སྲིན་པོ་མ་རུ་རྩེ། །སྐྱེ་འགྲོ་ཡོངས་ཀྱི་སྲིད་ལ་མངའ་མཛད་ཅིང་། །དབང་ཆུང་སྲིད་པ་ཀུན་ལ་དབང་བསྒྱུར་ཞིང་། །སྣང་སྲིད་ལོ་ཀའི་དཔའ་རྣམས་ཀུན་བསྡུས་ལ། །བུ་ཚ་རིགས་རྒྱུད་སྤེལ་བའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། འཇམ་དཔལ་ཡོན་ཏན་སྤྲུལ་པ་ལས། །ཡ་མ་རཱ་ཛ་གཤིན་རྗེའི་གཙོ། །འཁོར་དུ་སྲིན་པོ་འབུམ་གྱིས་བསྐོར། །རིན་ཆེན་རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །ཡོན་ཏན་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ནི་གཤིན་རྗེ་འདུལ་བར་དབང་བསྐུར་བས། །ཚེ་དང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ། །ཁྱེད་ཀྱི་སྤྲུལ་པ་གཤིན་རྗེ་མ་རུ་རྩེ། །སྐྱེ་འགྲོ་ཀུན་གྱི་ཚེ་དཔལ་བདག་པོ་སྟེ། །སྣང་སྲིད་འཇིག་རྟེན་ཚེ་ལ་དབང་བསྒྱུར་བས། །སྐྱེ་འགྲོ་ཀུན་གྱི་ཚེ་རྣམས་ཀུན་བསྡུས་ལ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། འཇམ་དཔལ་གསུང་གི་སྤྲུལ་པ་ལས། །དྷ་ཤ་གྷྲྀ་ཝ་བདུད་ཀྱི་གཙོ། །འཁོར་དུ་སྲིན་པོ་འབུམ་གྱིས་བསྐོར། །པདྨ་རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །གསུང་མཆོག་ཆོས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཁྱོད་ནི་ཀླུ་བདུད་འདུལ་བར་དབང་བསྐུར་བས། །ཁམས་གསུམ་དབང་དུ་བསྡུས་པའི་དངོས་གྲུབ་སྩོལ། །ཁྱོད་ཀྱི་སྤྲུལ་པ་བདུད་པོ་མ་རུ་རྩེ། །སྐྱེ་འགྲོ་ཀུན་གྱི་སྲོག་གི་བདག་པོ་སྟེ། །སྣང་སྲིད་འཇིག་རྟེན་སྲོག་དབུགས་མངའ་བདག་སྟེ། །དགྲ་བགེགས་རྩད་ནས་གཅོད་པ་ཡིས། །དྲག་པོ་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལས། །ཀུ་བེ་རཱ་ཛ་གཏེར་གྱི་བདག །འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོར། །ལས་ཀྱི་རིགས་ཀྱི་དངོས་གྲུབ་བསམ་མི་ཁྱབ། །ཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་སྩོལ། །ཁྱོད་ནི་གནོད་སྦྱིན་འདུལ་བར་དབང་བསྐུར་བས། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་དངོས་གྲུབ་སྩོལ། །ཁྱོད་ཀྱི་སྤྲུལ་པ་གནོད་སྦྱིན་མ་རུ་རྩེ། །ལོ་ཀའི་ཁམས་ཀྱི་ནོར་ལ་མངའ་མཛད་ཅིང་། །བསོད་ནམས་ལོངས་སྤྱོད་ཀུན་ལ་དབང་སྒྱུར་བས། །ཟས་ནོར་ལོངས་སྤྱོད་དབང་ཐང་དངོས་གྲུབ་སྩོལ། །ཧཱུྃ། འཇམ་དཔལ་སྤྲུལ་པ་མཁའ་འགྲོ་མ་མོ་བཞི། །འཇིག་རྟེན་མ་ལུས་ཀུན་ལ་དབང་བསྒྱུར་མ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་ཏེ། །ཚེ་དང་ལོངས་སྤྱོད་བསོད་ནམས་དང་། །སྣང་བ་དབང་དུ་བསྡུད་པའི་དངོས་གྲུབ་སྩོལ། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཡེ་ཤེས་ལས་ལ་གྲུབ་པའི་མཁའ་འགྲོ་མ། །རྒྱལ་བའི་སྲས་གྱུར་རིག་འཛིན་རྩལ་འཆང་བའི། །ཕྱི་དང་ནང་གི་ཆོས་སྐྱོང་སྲུང་མའི་ཚོགས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགགས་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོགས་མཉམ་པ་ཉིད། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །ཚེ་དང་བསོད་ནམས་ལོངས་སྤྱོད་དང་། །མིག་རྣོན་རྐང་མགྱོགས་མངོན་ཤེས་ལ་སོགས་པ། །ཇི་ལྟར་བསམ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་དཀྱིལ་འཁོར་གྱི་ལྷ་དང་། བདེ་བར་གཤེགས་པ་རྣམས་འོད་དུ་ཞུ། ཡིག་འབྲུ་གསུམ་དུ་གྱུར་པར་བསམས་ལ། བྷནྡྷ་ཁ་ཕྱེ་བ་ལག་ཏུ་བླངས་ལ་རྫས་ཀྱི་དངོས་གྲུབ་བླངས་ཏེ། ཧཱུྃ། གསང་སྔགས་དོན་ལ་གཉིས་མེད་ཐུགས་དགོངས་ལ། །རྒྱལ་བའི་དཀྱིལ་འཁོར་ཐུགས་ལ་སལ་ལེར་གསལ། །དམ་ཚིག་ཅན་ལ་ཐུགས་དགོངས་སྤྱན་གྱིས་གཟིགས། །ད་ལྟ་རིག་འཛིན་བདག་ལ་དགོངས་སུ་གསོལ། །བདག་འདྲ་སྒོ་གསུམ་གཡོ་སྒྱུ་མ་མཆིས་པས། །མཆོག་གི་རྫས་ལ་བརྟེན་ནས་ལྷ་མཆོག་བསྒྲུབ། །རིག་འཛིན་ཁྱོད་ལ་མངའ་བའི་དངོས་གྲུབ་རྣམས། །བྷནྡྷའི་རྫས་ལ་བརྟེན་ནས་བདག་ལ་སྩོལ། །དཔལ་གྱི་སྤྱན་སྔར་ཁས་བླངས་དམ་བཅས་པའི། །རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་བྱ་ཞེས། །ཁས་བླངས་དམ་བཅས་ལས་ལ་མ་འདའ་བར། །མ་མོ་མཁའ་འགྲོ་བདག་ལ་དགོངས་སུ་གསོལ། །བདག་འདྲ་སྒོ་གསུམ་གཡོ་སྒྱུ་྄མ་མཆིས་པས། །མཆོག་གི་རྫས་ལ་བརྟེན་ནས་ལྷ་མཆོག་བསྒྲུབ། །མཁའ་འགྲོ་ཁྱེད་ལ་མངའ་བའི་དངོས་གྲུབ་རྣམས། །བྷནྡྷའི་རྫས་ལ་བརྟེན་ནས་བདག་ལ་སྩོལ། །བདག་གི་ཡུན་རིང་དུས་ནས་བརྟེན་པའི་དམ་ཅན་རྣམས། །དེ་རིང་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་འདྲ་སྒོ་གསུམ་གཡོ་སྒྱུ་མ་མཆིས་པས། །མཆོག་གི་རྫས་ལ་བརྟེན་ནས་ལྷ་མཆོག་བསྒྲུབ། །དམ་ཅན་ཁྱེད་ལ་མངའ་བའི་དངོས་གྲུབ་རྣམས། །བྷནྡྷའི་རྫས་ལ་བརྟེན་ནས་བདག་ལ་སྩོལ། །ཧོཿ འཇམ་དཔལ་དམར་པོའི་ལྷ་ཚོགས་ལ་བསྙེན་སྒྲུབ་གཞུང་བཞིན་བགྱིས་པའི་དོན་ལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་རྣམས་དུས་ཕྱི་མར་མི་བསྡད་པར། ལས་དང་རྣམ་པར་སྨིན་པ་ལ་སྙད་མ་གདགས་པར། ད་ལྟ་ཉིད་དུ་སྩལ་དུ་གསོལ། །ཞེས་རོལ་ལོ། །དངོས་གྲུབ་ལ་ལོངས་སྤྱོད། ཚེ་ཡང་བསྟིམ་མོ། །དེ་ནས་ཚལ་བུའི་དབང་བསྐུར་ཏེ། པྲ་བེ་ཤ་ཡ་ཕཊ་ཀྱིས་དལ་གྱི་སྒོ་ཕྱེས་ལ། ཨ་ཏི་པུ་ཧོཿས་ཕྱག་བཙལ། པྲ་ཏཱི་ཙྪ་ཧོཿས་མེ་ཏོག་དོར། ཨཱོྂ་། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བ། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་གསོལ་བ་གདབ་བོ། །དེ་ནས་བྷནྡྷ་སྤྱི་བོར་བླངས་ལ། ཧཱུྃ། མཚན་མའི་སྤྲོས་བྲལ་བྷནྡྷའི་རྫས་མཆོག་འདི། །སྔོན་གྱི་རིག་འཛིན་རྒྱལ་པོས་བསྒྲུབ་པའི་རྫས། །བདེ་གཤེགས་རྒྱལ་བའི་དངོས་གྲུབ་རླབས་ཆེན་འདི། །ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བེ་ཤ་ཨཱཿཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །བྷནྡྷ་འབར་བའི་གཞལ་ཡས་ན། །འབང་བའི་ལྷ་ཚོགས་དཀྱིལ་འཁོར་སྐུར་བསྟན་པ། །དུར་ཁྲོད་ཆས་ཀྱིས་སྐུ་ལ་རབ་བརྒྱན་ཅིང་། །ཞལ་ནས་ཆོས་ཉིད་དབང་གི་ཛཔ྄་ཟློས་ཤིང་། །ཐུགས་རྗེས་དབང་གི་སྣོད་དུ་བདག་གཟིགས་ནས། །འགྲོ་བའི་དོན་ལ་དེ་བཞིན་གཤེགས་མཛད་དེ། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བ་དང་། །སྲིད་གསུམ་གདུག་པ་ཟིལ་གྱིས་མནན་པ་དང་། །ལས་ངན་འཁོར་བའི་སེམས་ཅན་དྲང་བའི་ཕྱིར། །འབར་བའི་སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྒྱ་མཚོའི་མཆོག་ཏུ་བདག་སྩོལ་ཅིག །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛྙཱ་ན་པཉྩ་མཎྜ་ལ་ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་མཾ། ཧཱུྃ། འབར་བའི་ཁྲོ་བོ་མི་བཟད་པ། །དྲག་པོ་ཕུར་པའི་སྐུར་བསྟན་པ། །ཞལ་ནས་སྔགས་ཀྱི་སྒྲ་སྒྲོགས་པ། །ཕྱག་མཚན་བསྐལ་པའི་མེ་ལྟར་འབར། །དགྲ་བགེགས་རྩད་ནས་བཅད་པའི་ཕྱིར། །སྒྲོལ་གིང་ཆེན་པོའི་མཆོག་ཏུ་བདག་སྩོལ་ཅིག །ཅེས་རྩ་བའི་སྔགས་བརྗོད་ཅིང་དྲིལ་ལ་བསྡུ། ཧཱུྃ། དཔལ་ལྡན་རྡོ་རྗེའི་སྐུ་གསུང་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དེང་བདག་འཇམ་དཔལ་སྐུ་གསུང་ཐུགས་འཛིན་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཀཱ་ཡ་སིདྡྷི་ཧཱུྃ་ཨཱཿ ཝཱཀྐ་སིདྡྷི་ཧཱུྃ་ཨཱཿཙིཏྟ་སིདྡྷི་ཧཱུྃ་ཨཱཿ སརྦ་སིདྡྷི་ཧཱུྃ་ཨཱཿ བཅོམ་ལྡན་འདས་འཇམ་དཔལ་དམར་པོ་ཡབ་ཡུམ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དངོས་གྲུབ་རྒྱ་མཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཨ་ལ་ལ་ཧོཿ སུ་ཀ་སིདྡྷི་ཞེས་བརྗོད་དོ། །མ་ཧཱ་མཱཾ་ས་རོལ་པས་ཁམས་གསུམ་དབང་དུ་བསྡུད་པར་གྱུར་ཅིག །ཛ་གད་དཔའ་བོ་ལ་རོལ་པས་འགྲོ་བ་མ་ལུས་འདུལ་བར་གྱུར་ཅིག རྡོ་རྗེའི་ཚེ་གསོལ་བས་འཇམ་དཔལ་གྱི་སྐུ་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཟླ་རྒྱས་དང་ཟླ་ཕྲོམ་ལ་རོལ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །འཇམ་དེས་རོལ་པས་དགོངས་པ་ཆོས་ཉིད་ཀྱི་ཀློང་ལ་ཉམས་པ་མེད་པར་གྱུར་ཅིག །འཛག་ཏི་དང་། བྲན་ཕོ་དང་། ཀུན་ཏུ་རྒྱུ་ལ་རོལ་བས་དགྲ་བགེགས་ཚར་གཅོད་པར་གྱུར་ཅིག །ཨ་ལ་ལ་ཧོཿ སུ་ཀ་སིདྡྷི། དེ་ནས་བསྒྲུབ་པའི་མཇུག་བསྡུ་བ་ལ། གཏོར་མས་མཇུག་བསྡུ་བ་ནི། ལྷག་མའི་ཆོ་ག་རྒྱས་པར་བྱའོ། །སྨོན་ལམ་གྱིས་མཇུག་བསྡུ་བ་ནི། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །སྐྱེ་འགག་མེད་པའི་ཆོས་ཉིད་ཀློང་བརྡལ་བའི། །འཇམ་དབྱངས་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །བདག་གིས་སྒོ་གསུམ་གཡོ་སྒྱུ་མ་མཆིས་པས། །དད་དང་དམ་ཚིག་བརྩོན་འགྲུས་ལྷུར་བླངས་ཏེ། །ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་འདི་བྲིས་ནས། །བསྙེན་བསྒྲུབ་ཡན་ལག་གཞུང་བཞིན་མཐར་ཕྱིན་པས། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་མཐར་ཕྱིན་ཅིང་། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་རྫོགས་ཏེ། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོར་བསྒྲུབ་པ་དང་། །རང་བཞིན་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་ཤོག །བྷནྡྷའི་རྫས་མཆོག་མཚན་ལྡན་ལ་བརྟེན་ནས། །བསྙེན་བསྒྲུབ་རྣམ་བཞི་ཚུལ་བཞིན་བགྱིས་པ་ཡིས། །ས་དང་ལམ་ལྔའི་སྒྲིབ་པ་ཀུན་བྱང་ནས། །སེམས་ཉིད་ཡི་དམ་ལྷ་རུ་ཡོངས་སྨིན་ཏེ། །ཕུང་པོའི་རྒྱ་མདུད་འདི་དག་རྣམ་གྲོལ་ཚེ། །འཕགས་མཆོག་འཇམ་པའི་དབྱངས་སུ་འཚར་རྒྱ་ཤོག །རིག་འཛིན་གསུམ་གྱི་ས་ལ་སྒྲིབ་སྦྱོང་ནས། །རྒྱལ་བ་སྐུ་གསུམ་རྒྱ་མཚོ་བྱེད་པ་དང་། །སྐུ་གསུམ་འཁོར་བ་དག་པའི་ཆོས་འཆད་ཅིང་། །རྒྱུད་དག་སངས་རྒྱས་སྐུ་དང་དབྱེར་མེད་ཤོག །དཀྱིལ་འཁོར་ལྷ་ལ་མར་མེ་འདི་ཕུལ་བས། །སྣང་བའི་སྒོ་འབྱེད་ཞུན་མར་མདངས་ལྡན་འདིས། །ཡེ་ཤེས་སྣང་བ་ཆེན་པོའི་ཤུལ་མཚོན་ནས། །ས་དང་ལམ་ལ་རིམ་དང་གཅིག་ཆར་དུ། །མི་ཤེས་རྨོངས་པའི་དྲི་མ་རབ་བསལ་ནས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དང་། །དབྱེར་མེད་ཀུན་བཟང་ས་ལ་མཐར་ཕྱིན་ཤོག །དཀྱིལ་འཁོར་ལྷ་ལ་བདུད་རྩི་འདི་ཕུལ་བས། །ཉོན་མོངས་གཅོང་རྙིང་ནད་ལས་རབ་ཐར་ཏེ། །དུག་ལྔའི་ནད་ཀུན་ཡེ་ཤེས་ལྔར་གྱུར་ནས། །འཆི་མེད་བདུད་རྩི་ཆོས་ཀྱི་སྐུ་ཐོབ་ཤོག །དཀྱིལ་འཁོར་ལྷ་ལ་གཏོར་མ་འདི་ཕུལ་བས། །ཉོན་མོངས་འཕོངས་པའི་སྡུག་བསྔལ་རབ་བསལ་ནས། །འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་། །རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ཤོག །དཀྱིལ་འཁོར་ལྷ་ལ་རཀྟ་འདི་ཕུལ་བས། །ཉོན་མོངས་ཆགས་པའི་སྲིད་པ་ཀུན་སྦྱངས་ཏེ། །ཟག་མེད་བདེ་བ་ཕུན་སུམ་ཚོགས་འགྱུར་ནས། །སྤྲུལ་པའི་སྐུ་ཐོབ་འགྲོ་དོན་མཐར་ཕྱིན་ཤོག །དཀྱིལ་འཁོར་ལྷ་ལ་ཚོགས་མཆོད་ཆེར་ཕུལ་བས། །བྲེལ་འཕོངས་དབུལ་བའི་ནད་ལས་རབ་ཐར་ཏེ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལྟར། །རྒྱལ་སྲིད་དེ་བཞིན་གཤེགས་ལྟར་དབང་བསྒྱུར་ཤོག །དཀྱིལ་འཁོར་ལྷ་ལ་ཏ་ན་མཆོད་འབུལ་བས། །སྐྱེ་འགག་མེད་པར་ཐུགས་རྗེའི་རོལ་པ་ཡིས། །སྐྱེ་ཤི་མེད་པར་འཁོར་བ་བརྩད་བཅད་ནས། །སྲིད་པ་དོང་སྤྲུགས་ཐམས་ཅད་འཚང་རྒྱ་ཤོག །དཀྱིལ་འཁོར་ལྷ་ལ་ག་ན་འདི་ཕུལ་བས། །བདེ་ཆེན་ཀློང་དུ་ཆགས་སྲེད་རབ་སྦྱངས་ཏེ། །ཟག་མེད་རྒྱལ་བའི་བདེ་བ་གདུགས་བརྡལ་ཞིང་། །འདུ་འབྲལ་མེད་པར་ཀུན་བཟང་སྐུ་ཐོབ་ཤོག །དཀྱིལ་འཁོར་ལྷ་ལ་བླ་བྲེ་ཡོལ་བ་དང་། །གདུགས་དང་རྒྱལ་མཚན་འཕན་ཕྲན་ལ་སོགས་པ། །དུར་ཁྲོད་རྒྱན་རྣམས་རབ་ཏུ་ཕུལ་བ་ཡིས། །གང་ཞིག་ཞི་བས་འདུལ་བར་མ་གྱུར་ལ། །གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་རུ། །འབར་བའི་སྐུ་ལ་དུར་ཁྲོད་རབ་བརྒྱན་པའི། །ལོངས་སྤྱོད་རྫོགས་པ་ཁྲོ་བོའི་སྐུར་བསྟན་ནས། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་བ་དང་། །འཁོར་བའི་གདུང་བ་སྐྱོབ་ཅིང་འདྲེན་པ་དང་། །མི་ནུབ་རྒྱལ་མཚན་གཡུལ་ལས་རྣམ་པར་རྒྱལ། །ཤེས་རབ་ཐབས་ཀྱིས་འགྲོ་བ་འདྲེན་པ་དང་། །ཐུགས་རྗེའི་ཆེན་པོས་འགྲོ་དོན་རྫོགས་བྱས་ནས། །རྒྱལ་བའི་སྐུ་ལྔ་གསུང་ལྔ་ཐུགས་ལྔ་དང་། །ཡོན་ཏན་ལྔ་དང་ཕྲིན་ལས་དེ་བཞིན་ཏེ། །མི་ཟད་རྒྱན་གྱི་འཁོར་ལོ་ཐོབ་གྱུར་ཅིག །ཧོ་དགོངས་སུ་གསོལ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་པར། སྐུ་འབར་བ་ཆེན་པོའི་ཆ་ལུགས་ཀྱིས། གདུག་པ་ཅན་ཚར་གཅོད་པ་དང་འགྲོ་བ་རྣམས་བླ་ན་མེད་པར་འདྲེན་པ་དང་། ཆོས་ཉིད་ཀྱི་ཕྱག་རྒྱ་ལས་མཛད་པ་ཤིན་ཏུ་ཁྲོས་པས། འཇམ་དཔལ་དམར་པོའི་ལྷ་ཚོགས་རྣམས་ཐུགས་རྗེའི་ངང་གིས་མཁྱེན་པ་མཛད་ཅིང་དགོངས་སུ་གསོལ། སྣང་སྲིད་ཐམས་ཅད་ནི་དཀྱིལ་འཁོར། འབྱོར་པ་ཐམས་ཅད་ནི་ལོངས་སྤྱོད། ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོ་ཕུལ་བས། བསྙེན་སྒྲུབ་མཐར་དབྱུང་བས། བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་ས་ཐོབ་ནས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་མཐར་ཕྱིན་པར་གྱུར་ཅིག །ཧོཿ ཕྱི་ནང་སྣོད་བཅུད་ཀྱི་བསྡུས་པའི་ཆོས་ཐམས་ཅད་འཇམ་དཔལ་དམར་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་ནས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ཕྱིར་མི་ལྡོག་པ་ཐོབ་ནས། མ་ཧཱ་སུ་ཀ་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཧོཿ འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས་ཕྱོགས་རིས་མེད་པ་རང་བྱུང་གི་ཡེ་ཤེས་སུ་ཀློང་བརྡལ། ཕྱི་ནང་མེད་པ་ཆོས་ཉིད་ཀློང་དུ་རང་ཤར། སྟེང་འོག་དང་ཕྱོགས་རིས་མེད། རྒྱུ་འབྲས་མེད། བཟང་ངན་དང་བླང་དོར་མེད། སྐྱེ་ཤི་དང་འཕོ་འགྱུར་མེད་པར་ཐིག་ལེ་ཆེན་པོའི་ཀློང་དུ་གདལ་བས་འཁོར་བ་སངས་རྒྱས་སུ་དོང་སྤྲུགས། སྡུག་བསྔལ་ཆོས་ཉིད་དུ་ལ་བཟླ། རྣམ་རྟོག་ཡེ་ཤེས་སུ་དབང་བསྒྱུར། རྒྱུད་དྲུག་བདེ་ཆེན་དུ་རྒྱས་གདབ། མཐོ་དམན་ཀློང་ཆེན་དུ་ཁོད་སྙོམས། སྐྱེ་ཤི་དང་འཕོ་འགྱུར་མེད་པར་རྟག་ཆད་ཀྱི་མཐའ་ལས་འདས། སེམས་ཅན་ཡེ་ནས་སངས་རྒྱས་སུ་གདལ་བས། དོན་འདི་ཚིག་ཙམ་བརྗོད་པ་ལས་རྟོགས་པ་ཀློང་དུ་གྱུར་ན་ལྟ་ཅི་སྨོས་ཏེ། ཟུར་ཙམ་ཐོས་པ་ཙམ་གྱིས་ཀྱང་འཚང་མི་རྒྱ་བའི་དབང་མེད་དེ་སངས་རྒྱས་པར་གྱུར་ཅིག །རྒྱལ་བའི་བཀའ་ལུང་གི་སྙིང་ཁུ་འདིས། བདག་དང་སེམས་ཅན་ཐམས་ཅད་ཟབ་མོའི་དོན་འདི་མཐར་ཕྱིན་ནས། གསང་དོན་ཟབ་མོ་འདི་སྣོད་ངན་ལ་མི་སྤེལ། ངེས་པར་འབྲས་བུ་མི་བསླུ་བ་ཐོབ། བཀའ་ཡི་གཉེར་བླང་ནས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་མངོན་པར་འཚར་རྒྱ་བར་གྱུར་ཅིག །དེ་ནས་བུམ་པའི་སྟེང་གི་བྷནྡྷ་ལྕང་ལོ་བླངས་ལ། དཀྱིལ་འཁོར་གྱི་ལྷ་ལ་གཏང་རག་གཏོང་ངོ་། །དེ་ནས་ཕྱི་རོལ་དུ་མཁའ་འགྲོ་མ་བསྐྱང་། ནང་དུ་ལོག་ལ་ཚེ་བསྟིམ། བཀྲ་ཤིས་བརྗོད། རྡུལ་ཚོན་བསྡུ། ཏིང་དལ་བསྡུ། རྒྱུན་ཏིང་ལ་གནས་པར་བྱ། གོ་བགོ། ལུས་བསྲུང་། སྒོ་བྱང་བསྡུ། བྷནྡྷ་བསིལ་ཆས་ནས་དབྱུང་། ས་ཚོན་མཚོ་ལ་དོར། ཐོ་བསྡུའོ། །རྡོ་རྗེ་ལྷུན་གྲུབ་རྩལ་ཆེན་ངས། །ཕུག་ལུང་ནག་པོའི་དུར་ཁྲོད་དུ། །འཇམ་དཔལ་དམར་པོས་ལུང་བསྟན་ནས། །རྒྱ་འཆད་བང་སོ་དམར་པོ་ནས། །རྒྱུད་སྡེ་མང་པོའི་བཅུད་ཕྱུང་བ། །བཀའ་ཡི་སྒྲུབ་ལུང་ཟབ་མོ་འདི། །མ་རུ་རྩེ་ཡི་ཞལ་བགྲོས་ནས། །བསྣན་འཕྲི་མེད་པར་དོན་འདི་བྲིས། །དབང་ལུང་རྫོགས་ཤིང་སྣོད་ལྡན་པས། །ཤི་ཐེབ་གཅིག་ལས་སྤེལ་རེ་ཀན། །རྒྱ་གར་དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ། ཚེ་སྔ་མའི་སྤུན་ཟླར་དགོངས་ནས་གཏད་དོ། །རྒྱ་གསུམ་གྱི་བཏབ་བོ། །ཨཐྎ། ཤིན་ཏུ་ཟབ་པས་སྦས་རྒྱ། དཀོན་རྒྱ། ཟབ་རྒྱའོ།། །།
འགྲོ་མགོན་དར་མ་སེང་གེའི་ཞལ་གདམས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུན་ཁྱེར་ཡི་དམ་ནར་མ།
འགྲོ་མགོན་དར་མ་སེང་གེའི་ཞལ་གདམས། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུན་ཁྱེར་ཡི་དམ་ནར་མ་བཞུགས་སོ། །བཅོམ་ལྡན་འདས་འཇམ་དཔལ་དམའ་པོ་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་དལ་དུ་དབང་རྫོགས་པར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ལྡན་པའི་རྣལ་འབྱོར་པས། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་པས། མངོན་པར་རྟོགས་པ་བསྒོམ་པའི་རིམ་པ་དང་། མཆོད་པའི་གོ་རིམ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། མཇུག་གི་རིམ་པའོ། །བྲིས་སྐུ་རབ་གནས་དང་ལྡན་པ་བཀྲམ། སྨན་རཀ་གཏོར་གསུམ་མཆོད་པ་རྣམས་པ་ལྔ་བཤམས། སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། དང་པོ་སྔོན་འགྲོ་ལ་བདུན་ལས། དང་པོ་མཚམས་བཅད་པ་ནི། སྟོང་པའི་ངང་ལས་རང་ཉིད་གཤིན་རྗེའི་གཤེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན་དང་། གཡོན་སྡིགས་མཛུབ་ལས་མེ་འབར་བ། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། བ་སྤུའི་བུ་ག་ཐམས་ཅད་སྤྲུལ་པའི་ཁྲོ་ཆུང་གིས་གཏམས་པར་གྱུར། ཧཱུྃ། གསང་སྔགས་དོན་ལ་མི་མོས་ཤིང་། །ཐེག་པའི་དོན་ལ་མི་དད་པ། །འདི་ན་འདུག་པའི་གནས་མེད་དེ། །སོ་སོ་རང་རང་གནས་སུ་དེངས། །ཨཱོྂ་ཧྲཱིཿཥྚི་ཝིཥྚི་ཏཱ་ན་ན་ཝ་ར་ཙཀྲ་ཨ་པ་ན་ཡ་ཧཱུྃ་ཧཱུྃ་ཕཊ། ཨཱོཾ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱྃ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱ་བྷྲཱུྃ། ཞེས་བརྗོད་པས། བ་སྤུ་དང་ཤངས་ཀྱི་རླུང་སྒྲོམ་ནས་ཁྲོ་ཆུང་མཚོན་ཆ་ཐོགས་པ་བསམ་གྱིས་མི་ཁྱབ་པ་དང་། རྡོ་རྗེ། བེ་ཅོན། འཁོར་ལོ། དབྱུག་ཏོ། རལ་གྲི། ཕུར་པ། རྡོ་རྗེ་རྒྱ་གྲམ་རྣམས་འཕྲོས་པས། བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་པས་ར་གུར་དུ་གྱུར་ནས། བསྐལ་པའི་རླུང་གིས་ཀྱང་མི་ཐར་བར་བསམ། གཉིས་པ་བཤགས་པ་ནི། བཛྲ་ས་མ་ཡ་ཛཿ ཧཱུྃ། འཇམ་དཔལ་འཁོར་བཅས་གསན་ཅིང་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །འཇམ་དཔལ་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བརྗོད། གསུམ་པ་བརྡའ་སྒོ་དབྱེ་བ་ནི། ཧཱུྃ། དབང་དྲག་འབར་བའི་ཕོ་བྲང་དཀྱིལ་འཁོར་ཆེན་པོ་རུ། །འཇུག་པར་འཚལ་བས་ཕྱོགས་བཞིའི་སྒོ་བཞི་པོ། །མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་བཞིའི། །བྱམས་པའི་ཞལ་བཟང་བསྟན་ཕྱིར་སྒོ་ཕྱེས་ཤིག །བྷྲཱུྃ་མཎྜ་ལ་པྲ་བེ་ཤ་ཡ་ཕཊ། བཞི་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ། དབང་དྲག་འབར་བའི་ཕོ་བྲང་གཞལ་ཡས་ན། །འཇམ་དབྱངས་ཁྲོ་བོ་འཇམ་དཔལ་གཤིན་རྗེའི་ལྷ། །ཐུགས་ཀྱི་སྲས་མཆོག་གཤིན་རྗེ་མ་རུ་རྩེ། །འཁོར་དང་བཅས་ལ་སྒོ་གསུམ་དང་བས་འདུད། །བརྡ་ཡི་མཆོད་འབུལ་གར་འདི་བཞེས་སུ་གསོལ། །ཡ་མ་ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ ལྔ་པ་དམ་བཅའ་བ་ནི། ཧཱུྃ། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ལྷ་མཆོག་གཤིན་རྗེའི་གཤེད་དང་སྨོན་ལམ་མཐུན་བསྡེབས་པས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསོལ་གྱིས། །ལྷ་མཆོག་ཁྱེད་ཀྱིས་བདག་ལ་བྱིན་གྱིས་རློབས། །བདག་ཀྱང་ཏིང་འཛིན་རྩེ་གཅིག་མི་གཏོང་གིས། །ཁྱེད་ཀྱི་ཐུགས་རྗེས་བདག་ཡོངས་མ་གཏོང་ཅིག །ས་མ་ཡ་ཧཱུྃ། དྲུག་པ་བྱིན་དབབ་ཅིང་མཆོད་པ་བརླབ་པ་ནི། ཧཱུྃ། གྲུ་གསུམ་དམར་ནག་རོལ་པའི་དཀྱིལ་འཁོར་འདིར། །འཇམ་དཔལ་གཤིན་རྗེ་དམར་པོ་རལ་པ་ཅན། །འཇིག་རྟེན་ཁམས་རྣམས་ཀུན་ལ་མངའ་མཛད་པ། །སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །སྔོན་ཚེ་གོང་ནས་བསྙེན་ཅིང་སྒྲུབ་པའི་ལྷ། །བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །ཁྱོད་ཀྱིས་བདག་ལ་བྱིན་ཆེན་དབབ་ཏུ་གསོལ། །ཁྱེད་ཀྱིས་བདག་ལ་དབང་ཆེན་བསྐུར་དུ་གསོལ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཕེཾ། ༈ ཨཱོྂ་བཛྲ་ཨརྒྷཾ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱཱུ། ཤཔྡ་ཨཱཿཧཱུྃ། མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་གྱུར། ཨཱོཾ་ཨཱ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཀ་པཱ་ལ་ཡེ་ཤེས་ཀྱི་བདུད་རྩིས་ཁེངས་པར་གྱུར། ཨཱོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། མཆོད་གཏོར་འདོད་ཡོན་གྱི་ལྷ་མོ་དང་། བདུད་རྩིའི་རང་བཞིན་དུ་གྱུར། ཨཱོྂ་རཀྟ་ཛྭ་ལ་ས་མུ་ཏྲ་མཎྜ་ལ་ཧཱུྃ། རཀྟ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར། མཱཾ་ས་རཀྟ་ཀེཾ་ནི་རི་ཏི། ལས་གཏོར་ཤ་ཁྲག་རུས་པའི་ཕུང་པོར་གྱུར། དེ་ནས་བདུན་པ་ཡན་ལག་དགུ་པ་ནི། མདུན་གྱི་ནམ་མཁར་བླ་མ་བརྒྱུད་པ་ཡི་དམ་ལྷ་ཚོགས་བཞུགས་པར་གྱུར། བཛྲ་ས་མ་ཡ་ཛཿ འཇམ་དཔལ་རྡོ་རྗེ་ལ་སོགས་པའི། །རྒྱལ་བ་སྲས་དང་བཅས་པ་ལ། །ལུས་ངག་ཡིད་གསུམ་གུས་ལྡན་པས། །ཀུན་ནས་དང་བས་ཕྱག་འཚལ་ལོ། །སངས་རྒྱས་ཞིང་དུ་གང་བསྔགས་པའི། །འཇིག་རྟེན་དག་ན་མཆོག་གྱུར་པ། །རིན་ཆེན་མེ་ཏོག་བདུག་སྤོས་སོགས། །ཀུན་ནས་སྤྲུལ་ཏེ་མཆོད་པར་བགྱི། །བདག་གིས་སྔོན་ནས་བསགས་པའི་སྡིག །ཀུན་ནས་བསགས་པར་གྱུར་པ་རྣམས། །རང་བཞིན་མེད་ཀྱང་ཡོད་ཚུལ་གྱིས། །མགོན་པོ་ཀུན་གྱི་སྤྱན་སྔར་བཤགས། །མགོན་པོ་ཀུན་གྱི་བསོད་ནམས་དང་། །དམན་པའི་དགེ་བ་ཐམས་ཅད་ལ། །དེ་བཞིན་མཐུན་པའི་ལྷག་སེམས་ཀྱིས། །དང་བས་རྗེས་སུ་ཡི་རང་ངོ་། །བདེ་གཤེགས་བྱང་ཆུབ་མཆོག་བརྙེས་ནས། །འགྲོ་བ་ཐུགས་རྗེས་འདུལ་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། །ཚངས་པ་བཞིན་དུ་གསོལ་བ་འདེབས། །མྱ་ངན་འདའ་བཞེད་དེ་དག་ལ། །འགྲོ་ཀུན་ཡུན་དུ་བདེ་བའི་ཕྱིར། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཇི་སྲིད་འཁོར་བ་མ་སྟོངས་པར། །བདག་གི་དགེ་བ་དེ་བཞིན་དུ། །ཀུན་ནས་ཟད་པར་མ་གྱུར་བས། །སེམས་ཅན་ཡོངས་སུ་སྨིན་པར་ཤོག །བདག་ཀྱང་དུས་འདི་ཕན་ཆད་ནས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མགོན་པོའི་འབངས་སུ་འབུལ་ལགས་ཀྱིས། །ཐུགས་རྗེས་ཡོངས་སུ་བཟུང་བར་མཛོད། །དུས་འདི་ནས་ནི་བཟུངས་ནས་ནི། །མགོན་པོ་ཁྱོད་ཀྱི་བཀའ་བཞིན་དུ། །སེམས་ཅན་ཀུན་དོན་བསྒྲུབ་ལགས་ཀྱིས། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །ཞེས་གསོལ་བས། མདུན་གྱི་ནམ་མཁའ་ལ་བཞུགས་པའི་བླ་མ་ཡི་དམ་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་འཕྲོས། རང་གི་གནས་གསུམ་དུ་ཐིམ། དབང་རྫོགས་པར་ཐོབ། དེ་ནས་ལྷ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ལུས་འོད་དུ་ཞུ། དེའི་འོད་ཟེར་གྱིས་ཕྱི་ནང་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། འོད་དེ་སླར་འདུས་ཐིག་ལེ་དམར་པོ་གྱུར་པའི་ངང་དུ་སེམས་མཉམ་པར་བཞག་གོ། །གཞུང་དངོས་ལ་བཞི་ལས། དང་པོ་བསྐྱེད་རིམ་བསྒོམ་པ་ནི། རང་རིག་སྣང་སྟོང་དབྱེར་མེད་ཀྱི་རང་བཞིན་ཡི་གེ་ཧཱུྃ་དམར་པོ་གསལ་བ་ལས། ཨེ་ཡྃ་རྃ་བྃ་ཀེཾ་རྃ་རྣམས་རིམ་པར་ཆད་འཕྲོས་འདུས་འོད་དུ་ཞུ་བ་ལས། ཨེ་ལས་ནམ་མཁའ་མཐིང་ནག་གྲུ་གསུམ། ཡྃ་ལས་རླུང་རྡོ་རྗེ་རྒྱ་གྲམ་ལྗང་གུ། རྃ་ལས་རཀྟའི་རྒྱ་མཚོ་ཟླུམ་པོ། བྃ་ལས་ཞིང་ཆེན་གྱི་ས་གཞི་སྨུག་པོ། ཀེཾ་ལས་རུས་པའི་རི་རབ། རྃ་ལས་མེ་དཔུང་དམར་པོ་གྲུ་གསུམ་གྱི་སྟེང་དུ། བྷྲཱུྃ་སྨུག་ནག་ལས་འོད་ཟེར་འཕྲོ་འདུས་ཞུ་བ་ལས། གཞལ་ཡས་ཁང་ཐོད་པ་སྐམ་རློན་ལས་གྲུབ་པ། དབྱིབས་གྲུབ་བཞི་དབུས་སུ་གྲུ་གསུམ་དམར་པོ་ཟླུ་གམ་ཀྱིས་བསྐོར་བ། ཐོད་པ་སྐམ་པོའི་མུ་ཁྱུད། འཁོར་ལོ་རྩིབས་བཞི་དམར་པོ། རྡོ་རྗེའི་ར་བ་མཐིང་ག །གྲུ་ཆད་ལྗང་ཁུ། ཁྲག་ཁྱམས་དམར་པོ། ཐོད་པ་ཚར་གསུམ་གྱི་རྩིག་པ། གནམ་ལྕགས་ཀྱི་གཟེར་གཏབ་ཅིང་རཀྟས་སྦྱར་བ། རུས་སྦལ་གྱི་ཀ་གདན། ཞིང་གི་ཀ་བ། ཆུ་སྲིན་གྱི་ཀ་གཞུ། ཚངས་པའི་གདུང་། ཀླུ་བརྒྱད་ཀྱི་ཕྱམ། གཟའ་བརྒྱད་ཀྱི་ཁ་བད། རྒྱུ་སྐར་གྱི་དྲལ་མ། ཕྱོགས་སྐྱོང་བའི་ལྤགས་པའི་ཐོག །ཉི་ཟླའི་མཐོང་ཁུང་། ཞིང་ལྤགས་ཀྱི་གདུགས། ཙིཏྟའི་ཏོག །སྦྲུལ་གྱི་དྲྭ་བ་དྲྭ་ཕྱེད། གྲ་བཞིར་ཞིང་གི་རྒྱལ་མཚན་བཞི་ཕྱར་བ། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་གནས་བརྒྱད། རྡོ་རྗེ་མེ་རི་དང་བཅས་པས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ་བདུད་དང་སྲིན་པོ་ཐམས་ཅད་དང་གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། མ་ཧེ་གླང་རྒོད་ཕོ་མོ་བརྫིས་པའི་ཁྲི་སྟེངས་སུ། པདྨ་ཉི་ཟླའི་གདན་ལ་རྒྱུའི་ཡི་གེ་ཧཱུྃ་དམར་པོ་བབས། དེ་ལས་འོད་ཟེར་འཕྲོས་འདུས་འོད་དུ་ཞུ་བ་ལས། ཨཱོྂ་ཤྲཱི་མཉྫུ་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ་ཕཊ། ཅེས་པས། རང་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར་བ། ཕྱག་གཡས་པ་ཐོད་དབྱུག་རྡོ་རྗེས་མཚན་པ་དང་། མེའི་འཁོར་ལོ་རྩིབས་བརྒྱད་པ་འོད་དང་བཅས་པ་འཕྱར་ཞིང་། གཡོན་རླུང་གི་འཁོར་ལོ་རྩིབས་བཞི་པ་བསྣམས་པ། སྤྱན་གཡས་པ་ལས་མེའི་ཚྭ་ཚྭ་འཕྲོ་བ། སྤྱན་གཡོན་པ་ལས་ལས་ཀྱི་ཚྭ་ཚྭ་འཕྲོ་བ། ཤངས་ནས་བསྐལ་བའི་རླུང་ནག་འཚུབ་ཅིང་། སྨྲིན་མ་དང་ཨག་ཚོམ་དམར་སེར་ལས་བསྐལ་པའི་མེ་སྟག་འཕྲོ་བ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། མཆེ་བ་གཡས་པ་ལས་རཀྟའི་ཆུ་རྒྱུན་འབབ་ཅིང་། མཆེ་བ་གཡོན་པ་ལས་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་དགྲ་བགེགས་ཀྱི་ཙིཏྟ་འདྲེན་པ། དབུ་སྐྲ་ཁམ་ནག་འཁྱིལ་བའི་སྐྲ་གསེབ་ནས། སྤྲུལ་པའི་ཁྲོ་ཆུང་མང་པོ་འཕྲོ་བ། རལ་པའི་རྩེ་ལ་བྷནྡྷ་ལྕང་ལོས་བརྒྱན་པ། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང་། གླང་ཆེན་གྱི་སྐོ་རློན་གསོལ་ཞིང་། སྐུ་སྨད་ལ་སྟག་གི་ཤམ་ཐབས་གསོལ་བ། ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང་། ཐོད་རློན་ལྔ་བཅུ་རྩ་བཞིའི་དོ་ཤལ། སྦྲུལ་རིགས་ལྔའི་སྙན་ཆ་དབུ་རྒྱན་མགུར་ཆུ་དོ་ཤལ་དཔུང་རྒྱན་སྐེ་རགས་རྣམས་བྱས་པ། ཁྲག་ཞག་ཐལ་བའི་མཚན་མ་ཅན། ཞབས་གཉིས་བརྐྱང་བསྐུམ་དུ་བརྗིད་པའི་ཚུལ་གྱིས་བཞུགས་ཤིང་ཞལ་ནས་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོག་པ། མེ་དཔུང་དམར་ནག་འབར་བའི་དབུས་ན་བཞུགས་པའོ། །ཏྲག་རཀྴ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ དེའི་པང་ན་ཡུམ་ཨེ་ཀ་ཛཱ་ཏི་སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་གཡས་ཁ་ཊྭྃ་བསྣམས་ནས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་ཁྲག་སྟོབ་པ། རེ་ལྡེའི་ཤམ་ཐབས་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་། འཛུམ་པའི་མདངས་ཀྱིས་གཙོ་བོ་ལ་བལྟ་ཞིང་སྦྱོར་བས་དགྱེས་པར་བསྐྱེད་པའོ། །གཙོ་བོའི་སྤྱན་དང་ཤངས་ལྗགས་ཐུགས་ཀ་སྟེ་གནས་བཞི་ནས་ཛཿདམར་པོ་བཞི་འཁོར་ལོའི་རྩིབས་སྟེང་དུ་འཕྲོས་པས། ཤར་དུ་དྲི་ཟ་ཕོ་མོ་བསྣོལ་བའི་སྟེང་དུ། པྲ་མ་རཱ་ཛ་ནི་ཛཿ ཞེས་པས། སྲིན་པོ་མ་རུ་རྩེ་གཡས་སྤུ་གྲི་དང་གཡོན་ཐོད་ཁྲག་འཛིན་པ་ཡུམ་དང་སྦྱོར་བ། འཁོར་དུ་སྲིན་པོ་མི་ཟན་འབུམ་གྱིས་བསྐོར་བའོ། །ལྷོར་གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་དུ། ཡ་མ་རཱ་ཛ་ནི་ཛཿ ཞེས་པས་གཤིན་རྗེ་མ་རུ་རྩེ་གཡས་དབྱུག་ཏོ་དང་། གཡོན་ཐོད་ཁྲག་འཛིན་པ་ཡུམ་དང་སྦྱོར་བ། འཁོར་གཤིན་རྗེ་མི་ཟན་འབུམ་གྱིས་བསྐོར་བའོ། །ནུབ་ཏུ་དམུ་བདུད་ཕོ་མོ་བསྣོལ་བའི་སྟེང་དུ། དྷ་ཤ་གྷྀ་ཝ་ཛཿ ཞེས་པས་བདུད་པོ་མ་རུ་རྩེ་གཡས་རལ་གྲི། གཡོན་ཐོད་ཁྲག་དང་ཞགས་པ་འཛིན་པ་ཡུམ་དང་སྦྱོར་བ། འཁོར་དུ་བདུད་པོ་མི་ཟན་འབུམ་གྱིས་བསྐོར་བའོ། །བྱང་དུ་གནོད་སྦྱིན་ཕོ་མོའི་སྟེང་དུ། ཀུ་བེ་རཱ་ཛ་ནི་ཛཿ ཞེས་པས་གནོད་སྦྱིན་མ་རུ་རྩེ་གཡས་བེ་ཅོན་དང་། གཡོན་ཐོད་ཁྲག་དང་ཞགས་པ་འཛིན་པ་ཡུམ་དང་སྦྱོར་བ། འཁོར་གནོད་སྦྱིན་མི་ཟན་འབུམ་གྱིས་བསྐོར་བ། ཡབ་ཡུམ་ཐམས་ཅད་ཤིན་ཏུ་ཁྲོས་པའི་ཆ་ལུགས་ཅན་སྐུ་མདོག་དམར་པོ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །གཙོ་བོའི་ཡན་ལག་བཞི་ལས། མ་དམར་པོ་བཞི་རྩིབས་མཆན་བཞིར་འཕྲོས་པས། སུ་ཏྲི་པ་ལ། ཤར་ལྷོར་མར་ཁུའི་མཚོ་ནང་དུ་བདུད་ཀྱི་གདན་ལ་རྡོ་རྗེ་ཡ་བྱིན་མ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་ཐོད་ཁྲག་འཛིན་པ། འཁོར་དུ་བདུད་མོ་འབུམ་གྱིས་བསྐོར་བ། ཡ་བ་ར་ཙིཏྟ། ལྷོ་ནུབ་ཏུ་སྦྲང་རྩིའི་མཚོར་གཟའ་ཡི་གདན་ལ་རྡོ་རྗེ་དེ་བྱིན་མ་ཞལ་གཅིག་ཕྱག་གཉིས་གཡས་རིན་ཆེན། གཡོན་ཐོད་ཁྲག་འཛིན་པའི་འཁོར་དུ་གཟའ་ཡི་བུ་མོ་འབུམ་གྱིས་བསྐོར་བ། ཡོ་གི་ཤྭ་རི། ནུབ་བྱང་ཁྲག་ཞག་གི་མཚོ་ལ་བཙན་གྱི་གདན་ལ་རྡོ་རྗེ་བསྭེ་བྱིན་མ་ཞལ་གཅིག་ཕྱག་གཉིས་གཡས་པདྨ། གཡོན་ཐོད་ཁྲག་འཛིན་པའི་འཁོར་དུ་བཙན་གྱི་བུ་མོ་འབུམ་གྱིས་བསྐོར་བ། ཡ་མ་ཙིཏྟ། བྱང་ཤར་དུ་འོ་མའི་མཚོ་ལ་ཀླུའི་གདན་ལ་རྡོ་རྗེ་ཕག་བྱིན་མ་ཞལ་གཅིག་ཕྱག་གཉིས་གཡས་རྒྱ་གྲམ། གཡོན་ཐོད་ཁྲག་འཛིན་པའི་འཁོར་དུ་ཀླུའི་བུ་མོ་འབུམ་གྱིས་བསྐོར་བ། ཐམས་ཅད་ཀྱང་སྐུ་མདོག་དམར་པོ་དང་ལྡན་པ་ཁྲོ་མོའི་ཆ་ལུགས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །གཞན་ཡང་བར་ཁྱམས་ལ་གིང་ཆེན་བཅོ་བརྒྱད། སྐུ་མདོག་དམར་པོ་གཡས་རལ་གྲི་འཕྱར་ཞིང་། གཡོན་ཙིཏྟ་བསྣམས་པ་ཁྲོས་འཁྲུགས་རྔམས་པའི་ཚུལ་ཅན། སྒོ་བཞིར་བསྭེ་ཡི་སྐྱེས་བུ་བཞི། སྐུ་མདོག་དམར་པོ་བསྭེ་ཁྲབ་དང་བསྭེ་རྨོག་གསོལ་ཞིང་བསྭེའི་བྱ་ཁྲལ་ཆིབས་པ། གཡས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས་ཤིང་། གཡོན་པ་དགྲ་སྙིང་སྤར་གྱིས་འདེབས་པ། དུར་ཁྲོད་བརྒྱད་དུ་ཁྲམ་ཐོགས་བདུད། ཞགས་ཐོགས་བཙན། ནད་གཏོང་གི་མ་མོ། ལས་གཤིན་བྱེ་བ་ཐེར་འབུམ་དང་བཅས་པ་བཞུགས་པའོ། །གཉིས་པ་དབང་བསྐུར་ཞིང་སྤྱན་དྲངས་བ་ནི། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨཱོྂ་ལས་རྣམ་སྣང་། མགྲིན་པར་ཨཱཿལས་མཐའ་ཡས། ཐུགས་ཀར་ཧཱུྃ་ལས་མི་བསྐྱོད་པ་རྣམས་ཀྱིས་མཚན་པར་བསམ་ལ། ཨཱོྂ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ཡ། ཝཱཀྐ། ཙིཏྟ་ཧཱུྃ་ཕཊ། དབུ་རྒྱན་ཐོད་པའི་ཁང་བུ་ལྔར་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་བསམ་ལ། བྷནྡྷ་ཀ་པཱ་ལ་ཏྲཾ་ཏྲཾ། ཧཱུྃ་ཨཱོྂ་སྭཱ་ཨཱྃ་ཧཱཿ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེ། དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས། འཇམ་དཔལ་དམར་པོ་འཁོར་དང་བཅས་པ་སྤྱན་དྲངས། ཨེ་ཧྱེ་ཧི་བྷ་ག་ཝཱན། མཉྫུ་ཤྲཱི་ཡ་མཱནྟ་ཀ་མཎྜ་ལ་ཨ་གཙྪ་ཡ། ས་མ་ཡ་ཧཱུྃ་ཛཿ ཛཿཧཱུྃ་བྃ་ཧོ། གཉིས་སུ་མེད་པར་བསྟིམ། ཏིཥྛ་བཛྲས་བརྟན་པར་བཞུགས། གསུམ་པ་མཆོད་པ་འབུལ་བ་ནི། ཧཱུྃ། རྨད་དུ་བྱུང་བའི་གཏོར་མ་དང་། །དམ་རྫས་བདུད་རྩིའི་མཆོད་པ་དང་། །སྦྱོར་སྒྲོལ་རཀྟའི་མཆོད་པས་མཆོད། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །འཇམ་དཔལ་དམར་པོའི་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་ཉེར་སྤྱོད་འདོད་ཡོན་ལྔ། །ཤ་ཁྲག་རུས་པ་དུག་ལྔའི་མཆོད་པ་དང་། །ཁྲག་སྣ་དགུ་དང་མཚོ་ཆེན་བཞི་རྣམས་དང་། །བསྟན་པ་འཇིག་པའི་དགྲ་བགེགས་མཆོད་པར་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛཿ ཛཿ ཨ་ནུ་རཱུ་པ་ཁཱ་ཧི། སུ་རུ་པ་ཁཱ་ཧི། ཏ་ཀུ་པ་ཏྲ་མི་ཏ་ཁཱ་ཧི། ཀུ་པ་ར་ཙཎྜ་ཁཱ་ཧི། སྒྲོལ་གིང་བདག་པོ་མ་རུ་རྩེ་ཡི་ཞལ་དུ་ཁཱ་ཧི། དམ་ཅན་སྔགས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཏིའི་ཞལ་དུ་ཁཱ་ཧི། སྲོག་ཟན་གྱི་ཤན་པ་མ་རུ་རྩེའི་ཞལ་དུ་ཁཱ་ཧི། བསྭེ་མོ་སྙིང་ཟན་མའི་ཞལ་དུ་ཁཱ་ཧི། བསྭེ་ཡི་སྐྱེས་བུ་བཞིའི་ཞལ་དུ་ཁཱ་ཧི། འཁོར་གྱི་བཤན་པ་ལག་རིང་བཞིའི་ཞལ་དུ་ཁཱ་ཧི། སྒྲོལ་གིང་བཅོ་བརྒྱད་ཞལ་དུ་ཁཱ་ཧི། ཁྲམ་ཐོགས་བདུན་ཀྱི་ཞལ་དུ་ཁཱ་ཧི། ཞགས་ཐོགས་བཙན་གྱི་ཞལ་དུ་ཁཱ་ཧི། ལས་གཤིན་བྱེ་བ་ཐེར་འབུམ་གྱི་ཞལ་དུ་ཁཱ་ཧི། མ་ཧཱ་མཱཾ་ས་ལ་ཁཱ་ཧི། རཀྟ། ཙིཏྟ། བ་སུ་ཏ། གོ་རོ་ཙ་ན། ཀེཾ་ནི་རི་ཏི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་གསུམ་མམ་བདུན་གྱི་འབུལ་ལོ། །བཞི་པ་བཟླས་པ་ནི། རང་འཇམ་དཔལ་དམར་པོ་གསལ་བའི་ཐུགས་ཀའི་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་དམར་པོ་འཕྲོས། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷར་གསལ་ལ་སྔགས་བཟླས་སོ། །ཨཱོྂ་ཤྲཱི་མཉྫུ་ཀུ་མཱ་ར་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ ཞེས་གང་འགྲུབ་བཟླས་ལ། ཐུན་འཇོག་ཁར། སྨོན་ལམ་ནི། སེ་གོལ་བསྣོལ་མར་གདབ་ཅིང་། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་དང་། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་ལྷ་ཚོགས་རྣམས་མཁྱེན་པར་མཛད་ཅིང་བདག་ལ་དགོངས་སུ་གསོལ། བདག་གི་རྒྱལ་བའི་བཀའ་བདེན་པ་འདི་འགྲུབ་པར་གྱུར་ཅིག །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །བདག་གིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གྱུར་ཅིག །སེམས་ཅན་དོན་དུ་འཇམ་དཔལ་དམར་པོའི་གོ་འཕང་ཐོབ་པར་གྱུར་ཅིག །ཐོབ་ནས་ཀྱང་སེམས་ཅན་ཀྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་ཅིག །མཐར་ཕྱིན་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་དམར་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད་སྤྲོས་པ་ལ་དགའ་ན། ཚིག་གིས་གསལ་འདེབས་བྱེད། བསྡུས་པ་ལ་དགའ་ན་རྒྱུན་གྱི་ཡི་དམ་ནར་མ་འདི་ལྟར། བསྒོམ་པ་དང་བཟླས་པ་གཙོ་བོར་བྱ་བ་འདི། འགྲོ་མགོན་དར་མ་སེང་གེའི་ཞལ་གདམས་རིམ་པར་བརྒྱུད་པའོ།། །།
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་ཕྲིན་ལས་ཀྱི་སྒོམ་ཁོག
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་ཕྲིན་ལས་ཀྱི་སྒོམ་ཁོག་བཞུགས་སོ། །བཅོམ་ལྡན་འདས་འཇམ་དཔལ་དམར་པོ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་པས། མངོན་པའི་རྟོགས་པ་བསྒོམ་པའི་རིམ་པ་དང་། མཆོད་པའི་གོ་རིམ་བསྟན་པ་ནི། སྤྱི་དོན་གསུམ་སྟེ། སྔོན་དུ་འགྲོ་བ་དང་། ཕྲིན་ལས་ཀྱི་གཞུང་དང་། མཇུག་བསྡུ་བའི་རིམ་པའོ། །དང་པོ་ལ་གསུམ་སྟེ། གཞི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་བྱ་བ་དང་། བསོད་ནམས་ཀྱི་ཚོགས་བསགས་པའི་རིམ་པ་དང་། སྔོན་དུ་འགྲོ་བའི་ཆོ་ག་དངོས་སོ། །དང་པོ་ཕུན་སུམ་ཚོགས་པ་ལ་ལྔ་ལས། དང་པོ་གནས་ཕུན་སུམ་ཚོགས་པ་ནི། སྤྱིར་སྔོན་གྱི་གྲུབ་པ་ཐོབ་པས་ཞབས་ཀྱིས་བཅགས་པ་བྱིན་རླབས་དང་ལྡན་པ། དབེན་པ། ཉམས་དགའ་བ། དགོས་པ་ཚང་བ། བཙན་པ། འདུ་འཛིན་དང་གཡེངས་པ་མེད་པ། བཀྲ་ཤིས་པ། གཞུང་ལས་བཤད་པའི་མཚན་ཉིད་དང་ལྡན་པའོ། །དེའང་གཞུང་ལས། ནམ་མཁའ་འཁོར་ལོ་རྩིབས་ཆགས་པ། །ས་གཞི་པདྨའི་འདབ་རྒྱས་ཤིང་། །ཕུ་ན་དར་དཀར་ཡུལ་བྲེས་པ། །མདའ་ན་གཡུ་ཡི་མཎྜལ་ཡོད། །ཤར་རི་གཡེལ་ཞིག་ལྷོ་རི་གཞོལ། །ནུབ་རི་མཐོ་ལ་བྱང་རི་སྐྱོབ། །སྔ་དྲོ་ཉི་མའི་མདངས་བསྡུད་ཅིང་། །དགོང་མོ་ཉི་མའི་ཟེར་བསྡུད་པ། །རྩི་ཤིང་ནགས་ཚལ་མེ་ཏོག་རྒྱས། །ཆུ་བོ་དལ་ཞིང་གནོད་པ་མེད། །སྐྱེ་བོའི་ཡ་ག་སྤངས་པ་ཡི། །མཚན་ཉིད་ལྡན་པའི་གནས་མཆོག་ཏུ། །བར་ཆད་བསལ་བའི་ཆོ་ག་བྱ། །ཞེས་གསུངས་སོ། །ཁྱད་པར་དུ་དུར་ཁྲོད་ཆེན་པོ་མི་རོ་གསར་རྙིང་ཡོད་པའམ། ཡང་ན་བྲག་དམར་ཆོལ་བཟང་འདྲ་བ། ཤིང་རྩི་གདུག་པ་ཅན་འཁྲུངས་པ། ཁྲ་དང་འུག་པའི་ཚང་ཡོད་པ། འདྲེ་སྲིན་གདུག་པ་ཅན་གནས་པ་དེ་ལྟ་བུར་བྱའོ། །དེའང་གཞུང་ལས། གནས་ནི་དུར་ཁྲོད་ཆེན་པོ་ཡི། །མི་རོ་གསར་རྙིང་ཡོད་པ་དང་། །ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ། །མ་མོ་མཁའ་འགྲོ་འདུ་བའི་གནས། །ཡང་ན་བྲག་དམར་མཆེ་རིས་ཅན། །རྩི་ཤིང་ནགས་ཚལ་དྲུངས་འཐུག་པ། །གསོད་བྱེད་ཁྲ་ཡི་ཚང་བཅས་པ། །གནོད་སྦྱིན་དྲག་པོ་འདུ་བའི་གནས། །དེར་ནི་དཀྱིལ་འཁོར་རབ་ཏུ་བྱ། །ཞེས་གསུངས་སོ། །ཡང་ན་རང་དབང་ཞིང་ཉམས་དགའ་བའམ། མཁར་ཆེན་པོའི་སུམ་ཐོག་ཏུ་བྱ་བར་ཡང་གསུངས་སོ། །གཉིས་པ་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ནི། རྣལ་འབྱོར་པ་མི་ཆོས་ཀྱི་རྒྱུ་དག་པ། དད་པ་ཆེ་ཞིང་བརྩོན་འགྲུས་དང་ལྡན་པ། ཤེས་རབ་ཆེ་ཞིང་སྙིང་རྗེ་དང་ལྡན་པ། བསྒོམ་བསྲན་ཆེ་ཞིང་སྙིང་རུས་ཆེ་བ་དང་ལྡན་པ། དམ་ཚིག་གཙང་ཞིང་བརྟུལ་ཞུགས་དང་ལྡན་པ། བླ་མ་བཟང་ཞིང་ཐུགས་ཀྱིས་ཟིན་པ། དབང་རྫོགས་ཤིང་མན་ངག་དང་ལྡན་པས་བྱའོ། །དེའང་གཞུང་ལས། རྣལ་འབྱོར་དད་ལྡན་བརྩོན་འགྲུས་ལྡན། །ཤེས་རབ་སྙིང་རྗེ་ལྡན་པ་དང་། །བསྒོམ་བསྲན་ཆེ་ཞིང་འགྱུར་བ་མེད། །དམ་ཚིག་འཇིག་པའི་མཁར་ལྟར་བསྲུང་། །ཐོག་མར་བླ་མ་བསྟེན་བྱས་ཏེ། །དབང་དང་མན་ངག་ལྡན་པར་བྱ། །ཞེས་གསུངས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། དགྱེས་པ་སྐོང་བའི་འཁོར་གཟུངས་མ་མཚན་དང་ལྡན་པ་དང་། ཐུགས་ཐུབ་དཔའ་བོའི་འཁོར་བློ་བརྟན་ཞིང་བཀའ་བློ་བདེ་བ་དང་། རྡུལ་ཕྱགས་སྐྱེས་བུའི་འཁོར་བསྒོ་བ་ཉན་ཅིང་དོན་གྲུབ་པ་དང་། གཞན་ཡང་དགེ་སྦྱོར་གྱི་གྲོགས་སུ་འགྲོ་བ་ཅི་རིགས་པ་བསྟེན་ཅིང་། གནོད་བྱེད་འགལ་རྐྱེན་དུ་གྱུར་པ་རྣམས་སྤང་བར་བྱའོ། །དེའང་གཞུང་ལས། ཕྱག་རྒྱ་མཚན་དང་ལྡན་པ་དང་། །གྲོགས་པོ་དཔའ་ལ་སེམས་སྟོབས་ལྡན། །ཡིད་དང་འཐད་ཅིང་བསྒོ་བ་ཉན། །ཞེས་སོ། །བཞི་པ་དུས་ཕུན་སུམ་ཚོགས་པ་ནི། བསྙེན་པ་དང་བསྒྲུབ་པའི་དུས་ནི། ཡར་ངོའི་ཚེས་གྲངས་དང་གཟའ་སྐར་བཟང་པོ་ཁོ་ན་ལ་འཇུག་པར་བྱའོ། །དྲག་པོ་ལས་སྦྱོར་གྱི་དུས་ནི། མར་ངོའི་དུས་སུ་གཟའ་སྐར་ངན་པ་ཁོ་ན་ལ་འཇུག་པར་བྱའོ། །དེའང་གཞུང་ལས། བསྙེན་ཅིང་བསྒྲུབ་པ་ཡར་གྱི་ངོ་། །ཚེས་གྲངས་གཟའ་སྐར་བཟང་ལ་འཇུག །ཅེས་གསུངས་སོ། །ལྔ་པ་རྫས་ཕུན་སུམ་ཚོགས་པ་ནི། འཚོ་བ་ཟས་ཀྱི་ཡོ་བྱད་དང་། སྒྲུབ་པ་རྟེན་གྱི་ཡོ་བྱད་དང་། རྐྱེན་བཟློག་སྨན་གྱི་ཡོ་བྱད་དང་། མཆོད་པ་རྫས་ཀྱི་ཡོ་བྱད་དང་། བར་ཆད་བསལ་བའི་ཡོ་བྱད་རྣམས་ལྡབ་ཐང་དུ་བསགས་པར་བྱའོ། །སྤྱི་དོན་གཉིས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། སཱཙྪ་དང་། ཉེའུ་འདོན་དང་། ཆུ་གཏོར་ལ་སོགས་པ་དགེ་བའི་རྩ་བ་ཅི་འབྱོར་པ་བྱའོ། །གསུམ་པ་སྔོན་དུ་འགྲོ་བའི་ཆོ་ག་དངོས་ནི་གཉིས་ཏེ། དང་པོ་རྫས་དང་ཡོ་བྱད་བཤམས་པ་ནི། བཀོལ་བྱང་ནས་འབྱུང་བ་བཞིན་དུ། ས་ཆོག་བྱ་བ་དང་། དཀྱིལ་འཁོར་རྩིག་པ་དང་། ཆག་ཆག་གདབ་པ་དང་། ཐིག་གདབ་པ་དང་། དཀྱིལ་འཁོར་བྲི་བ་ལ་སོགས་པར་བྱའོ། །དེ་ལྟར་མ་གྲུབ་ན་མཎྜལ་བྱི་དོར་བྱས་ལ། མེ་ཏོག་གི་ཚོམ་བུ་བཀོད། བྲིས་སྐུ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། ནང་གི་མཆོད་པ་སྨན་ཕུད་དང་རཀྟ་དང་གཏོར་མ་ཡང་བཤམས། ཕྱིའི་མཆོད་པ་སྣ་ལྔ་ཡང་བཤམ། བླ་བྲེ་ལ་སོགས་པའི་རྒྱན་ཡང་ཅི་འབྱོར་བཤམ་མོ། །གཉིས་པ་ཆོ་གའི་སྔོན་དུ་འགྲོ་བ་ནི་དྲུག་སྟེ། མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། བརྡའ་སྒོ་དབྱེ་བ་དང་། བརྡ་ཕྱག་འཚལ་བ་དང་། བྱིན་དབབ་པ་དང་། མཆོད་པ་བྱིན་གྱིས་བརླབས་པའོ། །དང་པོ་ལ་གཉིས་ཏེ། དགོས་ཆེད་ནི། བར་ཆད་ཀྱི་བགེགས་ཀྱི་མི་ཚུགས་པའི་ཕྱིར་རོ། །དབྱེ་ན་དྲུག་སྟེ། དང་པོ། རྣམ་པར་མི་རྟོག་པའི་མཚམས་ནི། སྟན་བདེ་བ་ལ་ལུས་ཀྱི་འདུག་སྟངས་ལེགས་པར་བཅས་ཏེ། ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལ་ཡུན་རིང་དུ་བསྒོམ་མོ། །གཉིས་པ་བགེགས་བསྐྲད་པའི་མཚམས་ནི། མ་སུརྱ་མཎྜ་ལ་ཞེས་བརྗོད་པས་ཉི་མའི་དཀྱིལ་འཁོར་ཧཱུྃ་དམར་པོས་མཚན་པ་གཅིག་བསྒོམ། ཧཱུྃ་དེ་སྤྲོ་བསྡུས་འོད་དུ་ཞུ་ནས། ཨཱོྂ་ཨ་ཀྲོ་ཏེ་ཀ་མཉྫུ་ཤྲཱི་ཡ་མཱ་ནྟ་ཀ་ཧཱུྃ་ཕཊ། ཅེས་བརྗོད་པས་ཁྲོ་བོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན། གཡོན་པ་སྡིགས་མཛུབ་ཞགས་པ་དང་བཅས་པ་གཅིག་སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་གཅིག་བསྒོམ་མོ། །དེ་ནས་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། གསང་སྔགས་དོན་ལ་ཞེས་པའི་ཚིག་བཞི་བརྗོད་པས། བགེགས་རྣམས་དེངས་པར་བསམ། གསུམ་པ་སྔགས་ཀྱིས་བགེགས་བསྐྲད་པ་ནི། ཨཱོྂ་ཧྲཱིཿཥྚི་ཝིཥྚི་ཏཱ་ཞེས་པའི་སྔགས་བརྗོད་པས་བ་སྤུ་དང་ཤངས་ཀྱི་རླུང་སྒྲོམ་ནས་ཁྲོ་ཆུང་མཚོན་ཆ་ཐོགས་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་བགེགས་རྣམས་དཔག་ཚད་དང་རྒྱང་གྲགས་ལ་སོགས་པར་བསྐྲད་པར་བསམ། བཞི་པ་ར་བ་དང་གུར་གྱི་མཚམས་ནི། གོང་གི་ཁྲོ་ཆུང་རྣམས་སླར་འདུས་ཏེ་བསྐྲད་ཀྱང་མི་འགྲོ་བའི་འགེགས་རྣམས་ལ་མཚོན་ཆའི་ཆར་ཕབ་སྟེ། ཕུང་པོ་རྡུལ་དུ་བརླག་ནས་ཁྲོ་ཆུང་རྣམས་བ་སྤུའི་བུ་གར་ཐིམ་པར་བསམ་པའམ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་བོའི་གུར་དུ་སོང་བར་བསམ་མོ། །དེ་ནས་མཚོན་ཆའི་གུར་བསྒོམ་པ་ནི། ལག་པའི་སོར་མོ་ལྔ་ལ་དཔའ་བོ་འབྲུ་ལྔ་བསྒོམ་སྟེ། ཨཱོྂ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཏྲཱྃ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཧཱ་བྷྲཱུྃ། ཞེས་སོར་མོ་རྣམས་སྤྲུགས་པས། རྡོ་རྗེ་བེ་ཅོན་དང་། འཁོར་ལོ་དང་། དབྱུག་ཐོ་དང་། རལ་གྲི་དང་། ཕུར་པ་དང་། རྡོ་རྗེ་རྒྱ་གྲམ་དུ་གྱུར་ནས། དེ་རྣམས་རིམ་པ་བཞིན་དུ་སྟེང་ནས་གུར་དང་། འོག་ནས་ས་གཞི་དང་། ཕྱོགས་མཚམས་རྩིག་པ་དང་། འོད་ཟེར་འདུ་འཕྲོར་གྱུར་ཏེ། བགེགས་ཨ་ཅང་ཆེ་བསྐལ་པའི་རླུང་གིས་ཀྱང་མི་ཐར་བར་བསམ་མོ། །ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །ཞེས་པའི་ཚིག་བཞི་དང་། སྟེང་ཡང་བེ་ཅོན་བླ་བྲེ་ལ། །ཞེས་པའི་ཚིག་བཞིས་གསལ་གདབ། ལྔ་པ་མེ་དཔུང་གི་གུར་དང་ར་བ་བསྒོམ་པ་ནི། མིག་གཡས་པ་མ་ལས་ཉི་མའི་དཀྱིལ་འཁོར་ལ་རྃ་བསམས་ཏེ། བཛྲ་ཛྭ་ལ་རྃ། ཞེས་བརྗོད་དེ། བསྐལ་པའི་མེ་དཔུང་ཆེན་པོར་གྱུར་ནས། བགེགས་ཀྱི་ཕུང་པོ་ཐམས་ཅད་བསྲེག་ཅིང་། སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེ་དཔུང་གིས་འཁྲིགས་པར་བསམ། ཧཱུྃ། སྟེང་འོག་ཕྱོགས་མཚམས་ཞེས་པའི་ཚིག་བཞིས་གསལ་གདབ། དྲུག་པ་སྦྱང་ཞིང་གསལ་བ་ནི། ཤངས་ལ་ཡྃ་ལས་རླུང་གི་སྟེང་དུ་ཧཱུྃ་དམར་པོ་བསམས་ཏེ། ཡྃ་ཧཱུྃ་ཞེས་བརྗོད་པས་ཡེ་ཤེས་ཀྱི་རླུང་ཆེན་པོར་གྱུར་ནས། བསྲེགས་པའི་ཐལ་བ་རྣམས་མི་གནས་པར་བསམ། མིག་གཡོན་པ་ལས་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧཱུྃ་དཀར་པོ་བསམས་ཏེ། དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་ནས། དངོས་པོའི་ལྗན་ལྗིན་ཐམས་ཅད་བཀྲུས། བགེགས་ཀྱི་ལུས་ཐམས་ཅད་སླར་གསོས་ནས་བྱང་ཆུབ་ཀྱི་སེམས་སྐྱེས་ཏེ། སྔར་གྱི་ལས་ལ་ནི་འགྱོད། ཕྱིས་མི་བྱེད་པར་དམ་འཆའ་ཞིང་རང་གི་གནས་སུ་དེངས་པར་བསམ་མོ། །གཉིས་པ་བཤགས་པ་བྱ་བ་ནི་གཉིས་ཏེ། དང་པོ་དགོས་ཆེད་ནི། དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི་གསུམ་སྟེ། དང་པོ་བཤགས་པའི་རྒྱུ་ནི། གསང་སྔགས་ཀྱི་སྒོར་ཞུགས་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ནོས་པ་ལས་གཞུང་བཞིན་བསྲུང་བ་རྔོ་མ་ཐོགས་ཏེ་ནོངས་པས་སོ། །བཤགས་པ་བྱེད་པའི་རྐྱེན་ནི་ཉམས་པའི་ཉེས་དམིགས་བྱུང་བའམ། དངོས་གྲུབ་ཐོབ་པར་འདོད་པའི་ཕྱིར་བཤགས་པའོ། །བཤགས་པའི་ཐབས་ནི། སྟོབས་བཞིའི་སྒོ་ནས་བཤགས་ཏེ། རྟེན་གྱི་སྟོབས་ནི་དཀོན་མཆོག་གི་དྲུང་དང་། བླ་མ་ལ་སོགས་པ་གང་ཟག་གི་དྲུང་དུའོ། །དཔང་པོའི་སྟོབས་ནི། བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་ཅིང་སེ་གོལ་བརྡབས་པས། མདུན་གྱི་ནམ་མཁའ་ལ་བླ་མ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པ་སྤྱན་དྲངས་ཏེ། དེའི་སྤྱན་སྔར་བཤགས་པའོ། །སུན་འབྱིན་པའི་སྟོབས་ནི། སྔར་གྱི་ཉེས་བྱས་ལ་འགྱོད་པ་དྲག་པོ་ཞེ་ཐག་པ་ནས་བྱས་ཏེ། ཚིག་ཏུ་མཐོལ་ཞིང་ཡིད་ཀྱིས་བཤགས་པའོ། །གཉེན་པོའི་སྟོབས་ནི། ཕྱིས་མི་བྱེད་པར་དམ་འཆའ་བའོ། །དེའང་ལོང་བུ་སྤྲད། ཐལ་མོ་སྤྱར། མཆི་མ་འཁྲུགས་ཏེ་འཇམ་དཔལ་དམར་པོ་འཁོར་བཅས་ཞེས་པའི་ཚིག་ཉི་ཤུ་རྩ་གཅིག་གིས་སྤྱིར་བཤགས། རང་རིག་ཡེ་ཤེས་ཞེས་པའི་ཚིག་བཅོ་བརྒྱད་ཀྱིས་བྱེ་བྲག་ཏུ་བཤགས་པའོ། །གསུམ་པ་བརྡའ་སྒོ་དབྱེ་བ་ནི། བྷྲཱུྃ་ཞེས་བརྗོད་པས། བྷྲཱུྃ་ལས་འོད་ཟེར་གྱི་སྤྲོ་བསྡུས། སྣོད་བཅུད་སྦྱངས་ཏེ་མི་དམིགས་པ་ལས། སྣང་སྲིད་ལྷའི་གཞལ་ཡས་ཁང་དུ་གྱུར་པས། སྣོད་ཀྱི་འཇིག་རྟེན་ནི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ནི་ལྷའི་རང་བཞིན་དུ་བསྒོམ། ཡེ་ཤེས་ཀྱི་སྒོ་བཞི་ནས་ཞུགས་ཏེ། དེ་ལྟ་བུའི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པའོ། །ཧཱུྃ། དབང་དྲག་འབར་བའི་ཕོ་བྲང་ཞེས་པའི་ཚིག་བཞིས་གསལ་གདབ། བཞི་པ་བརྡ་ཡི་ཕྱག་བྱ་བ་ནི། ལྷ་དང་གཞལ་ཡས་ཁང་དེའང་ཡུལ་གུད་པ་མ་ཡིན་ཏེ། རང་གི་རིག་པ་ཉིད་སྣོད་བཅུད་ཐམས་ཅད་ལྷ་དང་དཀྱིལ་འཁོར་དུ་གསལ་བར་ཤར་ཏེ། དོན་དུ་ན་ཡུལ་དང་རིག་པ་གཉིས་སུ་མེད་པར་མཇལ་བས། དེ་ཀ་ཁྱད་པར་གསང་སྔག་ཀྱི་དགོངས་པ་ཡིན་ཏེ། ངོམ་ཞིང་ངོ་མཚར་བའི་སྒོ་ནས་བརྡ་ཕྱག་འཚལ་ཏེ། ཧཱུྃ། དབང་དྲག་འབར་བའི་ཕོ་བྲང་ཞེས་པའི་ཚིག་ལྔས་གསལ་གདབ་བོ། །ལྔ་པ་བྱིན་དབབ་པ་ནི། སྤྱིར་དམ་བཅའ་བ་དང་། བྱིན་དབབ་པ་གཉིས་སུ་བཞེད་པ་ལས། གུ་རུ་པདྨའི་བཞེད་ཀྱིས་དམ་བཅའ་བ་མི་དགོས་གསུངས་ནས་དཀྱུས་ལས་མ་བྱུང་སྟེ། སློབ་དཔོན་དྷ་ན་ད་ལའི་བཞེད་ཀྱིས། དམ་བཅའ་བ་འདི་ཕྱག་བཞེས་སུ་མཛད་དེ། ཧཱུྃ། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ལྷ་མཆོག་གཤིན་རྗེའི་གཤེད་དང་སྨོན་ལམ་མཐུན་བསྡེབས་ནས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསོལ་གྱིས། །ལྷ་མཆོག་ཁྱེད་ཀྱིས་བདག་ལ་བྱིན་གྱིས་རློབས། །བདག་ཅག་ཏིང་འཛིན་རྩེ་གཅིག་མི་གཏོང་གིས། །ཁྱོད་ཀྱིས་ཐུགས་རྗེས་བདག་ཡོངས་མ་བཏང་ཞིག །ཅེས་བརྗོད་ཅིང་། ལག་པ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་བཅས་ལ། ཚིག་བརྗོད་པ་དང་མཐུན་པར་ཡི་དམ་དུ་དམ་བཅའོ། །དེ་ནས་བྱིན་དབབ་པ་དངོས་ནི། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་རོལ་མོའི་སྒྲ་དྲག་ཏུ་བརྡུང་ཞིང་། ཧཱུཾ་དང་པོས་གསལ་གདབ། དེ་ནི་བསྐྱེད་པ་ཞེས་བྱ། ཧཱུྃ་བར་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་ཐུགས་དམ་བསྐུལ། དེ་ནི་བྱིན་བསྡུ་བ་ཞེས་བྱ། ཧཱུྃ་ཐ་མས་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྐྱེད་པ་དེ་ལ་བསྟིམ་པས། བྱིན་དང་ལྡན་པར་བསྒོམ། དེ་ནི་བྱིན་གྱིས་དབབ་པ་ཞེས་བྱའོ། །ཧཱུྃ། གྲུ་གསུམ་དམར་ནག་རོལ་པའི་ཞེས་ཚིག་ལྔས་གསལ་གདབ་བོ། །དྲུག་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། གཉིས་ལས། དང་པོ་ཐུན་མོང་གི་མཆོད་པ་བྱིན་གྱིས་བརླབ་པ་ནི། དང་པོ་རྡོ་རྗེ་དྲིལ་བུ་བརླབ་པ་སྟེ། རྡོ་རྗེ་མི་དམིགས་པ་ལས། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར། དེ་དཀྱིལ་འཁོར་གྱི་ལྷའི་རང་བཞིན་དུ་བསྒོམ། ཨཱོྂ་མ་ཧཱ་བཛྲ་ཧཱུྃ། ཞེས་ལན་གསུམ་དུ་གསོལ་ལ་ཐུགས་ཀར་བཟུང་། དེ་ནས་དྲིལ་བུ་མི་དམིགས་པ་ལས། ཧཱ་ལས་དྲིལ་བུར་གྱུར། དེ་དཀྱིལ་འཁོར་གྱི་རང་བཞིན་དུ་བསྒོམ། ཨཱོྂ་བཛྲ་དྷརྨཱ་གཎྜེ་ཧཱུྃ། ཞེས་ལན་གསུམ་དུ་དཀྲོལ་ཞིང་ལྟེ་བར་བཟུང་བར་བྱའོ། །རྡོ་རྗེ་དྲིལ་བུ་ལ་ཐབས་ཤེས་ཀྱི་དཀྱིལ་འཁོར་ལ་ངོ་སྤྲོད་པ་ནི་གོ་སླའོ། །ཐུན་མོང་གི་མཆོད་པ་ལྔ་པོ་ནི། བདག་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས་ཏེ། བསང་བའི་ཆུ་ལ་ཐིམ་པས་བདུད་རྩི་འཁྱིལ་བར་བསམ། ཨཱོྂ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ཉེ་རེག་དང་འཐོར་འཐུང་བྱའོ། །ཡང་ཐུགས་ཀ་ནས་ཨཱཿདཀར་པོ་འཕྲོས་ཏེ་ཡོན་ཆབ་ལ་ཐིམ་པས། ལྷ་མོ་དཀར་མོ་ལག་ཏུ་དུང་ཕོར་ཡོན་ཆབ་ཀྱིས་བཀང་བ་ཐོགས་པར་བསམ། ཨཱོཾ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབ་བོ། །འགྲེའོ། །དྷཱུ་སེར་མོ་སྤྲོས་སྤོས་ལ་ཐིམ། ལྷ་མོ་སྤོས་ཁང་ཐོགས་པར་བསམ། པུ་སྔོན་མོ་འཕྲོས། མེ་ཏོག་ལ་ཐིམ། ལྷ་མོ་སྔོན་མོ་མེ་ཏོག་ཐོགས་པར་བསམ། རྃ་དམར་མོ་འཕྲོས་མར་མེ་ལ་ཐིམ། ལྷ་མོ་དམར་མོ་མར་མེ་ཐོགས་པར་བསམ། ག་ལྗང་ཁུ་འཕྲོས། དྲི་ཆབ་ལ་ཐིམ། ལྷ་མོ་ལྗང་གུ་དྲི་ཆབ་ཐོགས་པར་བསམ། དེ་ཡང་རང་རང་གི་སྐབས་སུ། ཨཱོྂ་བཛྲ་དྡྷཱུ་པེ་ཨཱཿཧཱུྃ། ཨཱོྂ་བཛྲ་པུ ཥྤེ་ཨཱཿཧཱུྃ། ཨཱོྂ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨཱོྂ་བཛྲ་གནྡྷེ་ཨཱཿཧཱུྃ། ཞེས་བརྗོད་ཅིང་བརླབ་བོ། །དེ་ནས་གཉིས་པ་ཁྱད་པར་གྱི་མཆོད་པ་བྱིན་གྱིས་བརླབ་པ་ནི། དང་པོ་རྔེའུ་ཆུང་བྱིན་གྱིས་བརླབས་ཏེ། རྔེའུ་ཆུང་མི་དམིགས་པ་ལས་ཀཾ་ལས་ཐབས་ཤེས་རབ་ཉི་ཟླའི་དཀྱིལ་འཁོར་དུ་བསམ། དེའི་དེ་སྟེང་དུ་ཨཱ་ལི་ཀཱ་ལིའི་འཁོར་ལོ་བསམ། རྔེའུ་ཆུང་དཀྲོལ་ཞོང་། ཨཱོྂ་བཛྲ་དྷརྨཱ་ཀེཾ་ཀེཾ་ཧཱུྃ། ཞེས་བརྗོད་པས་ཨཱ་ལི་ཀཱ་ལིའི་སྒྲས་དེ་བཞིན་གཤེགས་པའི་ཐུགས་དམ་བསྐུལ་བར་བསམ། ཁྱད་པར་གྱི་པཱུ་ཛ་དངོས་ནི། དང་པོ་བདུད་རྩི་བརླབས་ཏེ། ཨ་བྷྲཱུྃ་ཞེས་བརྗོད་པས་བདུད་རྩིའི་སྣོད་ཨཱཿལས་བྷནྡྷར་གྱུར། བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་བསམ། དེའི་སྟེང་དུ་བདུད་རྩི་དངོས་གཞི་ལྔ་ལས། ཧཱུྃ། ཨཱོྂ། སྭཱ། ཨཱྃ། ཧཱ་ལྔ་བསྐྱེད། སྥ་ར་ཎ་ཕཊ་ཀྱིས་འཕྲོས། འཕགས་པ་མཆོད། ཐུགས་དམ་བསྐུལ། སཾ་ཧ་ར་ཎ་ཧཱུྃ། ཞེས་འོད་ཟེར་བསྡུས། ཡིག་འབྲུ་འོད་དུ་ཞུ། ཕྱག་མཚན་ལྔར་གྱུར། གོང་བཞིན་སྤྲོ་བསྡུ་བྱས་ནས་རིགས་ལྔ་བདུད་རྩིར་ཞུ། ཨཱོྂ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཞེས་བྱིན་གྱིས་བརླབ། བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱཿ ཞེས་མཐེབ་སྲིན་གྱིས་བདུད་རྩི་དཀྲུག་ཅིང་། སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། ཨཱོྂ་བཛྲ་བི་ཤོ་དྷ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། པཱུ་ཛ་བསང་ཞིང་ཉེ་རེག་འཐོར་འཐུང་བྱ། ཨཱོྂ་ཡཀྴ་ཀྲོ་དྷ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་ཁྲོ་ཆུང་དུ་གྱུར་པར་བསམ་ཏེ་བགེགས་བསྐྲད་དོ། །དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི་གསུམ་སྟེ། དང་པོ་སྒྲུབ་པའི་གཏོར་མ་བྱིན་གྱིས་བརླབ་ཏེ། བྷྲཱུྃ་པདྨ་བ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲཱུྃ། ཞེས་བརྗོད་པས་གཏོར་སྣོད་བྷྲཱུྃ་ལས་ཟླ་གམ་དབང་གི་གཞལ་ཡས་ཁང་དུ་གྱུར། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རྃ་ཞེས་བརྗོད་པས། ཧཱུྃ་ལས་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་དུ་གྱུར། ཧ་ལས་ཀ་རཱི་བརྒྱད། ཧེ་ལས་ཕྲ་མེན་བརྒྱད། ཕཊ་ལས་སྒོ་མ་བཞི། བྷྱོ་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་བསྐྱེད་དོ། །སྐབས་འདིར་ཁྲག་འཐུང་གི་དཀྱིལ་འཁོར་བསྐྱེད་པ་མི་འགལ་ལམ་ཞེ་ན། ཞི་ཁྲོ་དང་ཕྱི་ནང་གསང་བའི་ཚུལ་དུ་བསྟན་པ་ཡིན་ཏེ་མི་འགལ་ལོ། །དེ་ནི་མཆོད་སྟོབ་ཀྱི་གནས་སོ། །གཉིས་པ་མཆོད་པའི་གཏོར་མ་ནི་བྷྲཱུྃ་ཀ་པཱ་ལ་བ་ལིཾ་ཏ། ཞེས་བརྗོད་པས། གཏོར་སྣོད་བྷྲཱུྃ་ལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་། གཏོར་མའི་རྫས་ཤ་ལྔ་བདུད་རྩི་ལྔར་བསམ། མ་སུརྱ་མཎྜ་ལ་ཧཱུྃ། ཞེས་པས་དེའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་བསམ། པྃ་པདྨ་མཎྜ་ལ་ཨཱྃཿཞེས་པས། པཾ་ལས་པདྨའི་སྟེང་དུ་ཨཱཾཿབསམ། ཨ་ཙནྡྲ་མཎྜ་ལ་ཨཱོྂ་ཞེས་པས། ཨ་ལས་ཟླ་བའི་སྟེང་དུ་ཨཱོྂ་བསམ། སྥ་ར་ཎ་ཕཊ་ཀྱིས་འཕགས་པ་མཆོད། ཐུགས་དམ་བསྐུལ། སྃ་ཧ་ར་ཎ་ཧཱུྃ་གིས་སྐྱེ་འགྲོའི་རྩི་བཅུད་དང་། ཡེ་ཤེས་ཀྱ ི་བདུད་རྩི་བསྡུས་ཧཱུྃ་འོད་དུ་ཞུ་ནས་དངོས་པོའི་མ་དག་པ་སྦྱངས། ཨཱཿའོད་དུ་ཞུ་ནས་བདུད་རྩི་མུ་ཏིག་དཀར་པོ་ལྟ་བུར་གྱུར། ཨཱོྂ་འོད་དུ་ཞུ་ནས་འདོད་ཡོན་གྱི་ལྷ་མོ་ལྔར་གྱུར་པར་བསམ་མོ། །ལས་ཀྱི་གཏོར་མ་ནི། དུག་གསུམ་ཤ་ཁྲག་རུས་པའི་ཕུང་པོར་བསམ་མོ། །ཨཱོྂ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ཏྲི་ཤྭ་ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་རཀྟ་བྱིན་གྱིས་བརླབ་པ་ནི། བྷནྡྷ་ཀ་པཱ་ལ་བྷྲཱུྃ། ཞེས་བརྗོད་པས། རཀྟའི་སྣོད་བྷནྡྷར་གྱུར། པདྨ་མཎྜ་ལ་ཞེས་པས། བྷནྡྷའི་ནང་དུ་པདྨ་དམར་པོ་འདབ་བརྒྱད་ལྟེ་བར་ར་དམར་པོས་མཚན་པར་བསམ། སྥ་ར་ཎ་ཕཊ་ཀྱིས་འཕྲོས། སྃ་ཧ་ར་ཎ་ཧཱུྃ་གིས་བསྡུས། འོད་དུ་ཞུ་ཁྲག་གི་རྒྱ་མཚོར་གྱུར། གཟར་བུ་རྡོ་རྗེར་གྱུར་པས་དཀྲུགས་པས་རྦ་རླབས་ཀྱི་ཟེར་མ་ལས་འདོད་ཡོན་གྱི་ལྷ་མོར་འཕྲོ་བར་གྱུར་པར་བསམ། ཨཱོྂ་རཀྟ་ཛྭ་ལ་ས་མུ་ཏྲ་མཎྜ་ཧཱུྃ། ཞེས་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་མར་མེ་བྱིན་གྱིས་བརླབས་ཏེ། ཀོང་བུ་ལྟར་སྣང་བ་ནི་ཡུམ་གྱི་མཁའ། སྡོང་བུ་ལྟར་སྣང་བ་ནི་ཡབ་ཀྱི་གསང་བ། མར་ཁུ་ལྟར་སྣང་བ་ནི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས། མར་མེའི་འོད་ལྟར་སྣང་བ་ནི་དོན་ཡེ་ཤེས་ལྔ་ཡི་ངོ་བོར་བསམ་མོ། །ཨཱོྂ་ཛྙཱ་ན་ཨཱ་ལོ་ཀེ་ས་མ་ཡ་ཧཱུྃ། ཞེས་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་མཆོད་པའི་བྱེ་བྲག་རྣམས་དཀྱིལ་འཁོར་དུ་དགོད་ཅིང་འབུལ་བ་ནི། ཧཱུྃ། ཕྱི་ནང་གསང་བའི་མཆོད་པ་ཞེས་པའི་ཚིག་བཞི་བརྗོད་དེ་དཀྱིལ་འཁོར་དུ་དགོད་ཅིང་དབུལ་ལོ། །དེ་ཡན་ཆད་ཀྱིས་སྔོན་དུ་འགྲོ་བའི་རིམ་པ་བསྒོམ་པའི་ཐབས་རྫོགས་སོ།། །།དངོས་གཞི་གཞུང་ཉམས་སུ་བླང་བ་བསྒོམ་པའི་རིམ་པ་ནི་གཉིས་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ལ་དགུ་སྟེ། ཕྱག་འཚལ་བ་དང་། མཆོད་པ་དབུལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་བསྔོ་བ་དང་། ལུང་དབུལ་བ་དང་། དབང་དང་བྱིན་རླབས་ཞུ་བའོ། །དང་པོ་ནི། བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་ཅིང་སེ་གོལ་བརྡབས་པས། བླ་མ་དང་ཡི་དམ་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་བཞུགས་པར་བསམ། དེ་རྣམས་ཀྱི་མདུན་དུ་བདག་གི་ལུས་ཞིང་གི་རྡུལ་སྙེད་དང་བཅས་པར་སྤྲུལ་ཏེ། ཞབས་ལ་སྤྱི་གཏུགས་ཀྱིས་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཏེ། འཇམ་དཔལ་རྡོ་རྗེ་ཞེས་པའི་ཚིག་རྐང་བཞིས་གསལ་གདབ། གཉིས་པ་མཆོད་པ་འབུལ་བ་ནི། དངོས་སུ་འབྱོར་པ་དང་། ཡིད་ཀྱིས་སྤྲུལ་པའི་ཕྱི་ནང་གི་མཆོད་པ་དཔག་ཏུ་མེད་པ་བློས་བླངས་ལ་འབུལ། སངས་རྒྱས་ཞིང་དུ་གང་བསྔགས་ཞེས་པའི་ཚིག་བཞིས་གསལ་གདབ། གསུམ་པ་སྡིག་པ་བཤགས་པ་ནི། ཚེ་རབས་ནས་བསགས་པའི་མི་དགེ་བའི་ལས་ཉེས་བྱས་ལ་འགྱོད་པས་བཤགས། བདག་གིས་སྔོན་ཆད་ཅེས་པའི་ཚིག་བཞི་བརྗོད། བཞི་པ་རྗེས་སུ་ཡི་རང་བར་དབུལ་བ་ནི། སོ་སོའི་སྐྱེ་བོ་དང་ཉན་ཐོས་རང་སངས་རྒྱས་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དབུལ། མགོན་པོ་ཀུན་གྱི་ཞེས་པའི་ཚིག་བཞི་བརྗོད། ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། སངས་རྒྱས་རྣམས་ལ་སེམས་ཅན་གྱི་དོན་དུ། ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཅེས་གསོལ་བ་གདབ། བདེ་གཤེགས་བྱང་ཆུབ་ཅེས་པའི་ཚིག་བཞི་བརྗོད། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། སངས་རྒྱས་རྣམས་སེམས་ཅན་གྱི་དོན་ལ་སྐྱོ་བ་སྐྱེས་ནས། རང་དོན་དུ་མྱ་ངན་ལས་འདའ་བར་བཞེད་པ་རྣམས། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པར་གསོལ་བ་གདབ། མྱ་ངན་འདའ་བཞེད་ཅེས་པའི་ཚིག་བཞི་བརྗོད། བདུན་པ་དགེ་བའི་རྩ་བ་བསྔོ་བ་ནི། དེ་དག་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བསྔོ། ཇི་སྲིད་འཁོར་བ་ཞེས་པའི་ཚིག་བཞི་བརྗོད། བརྒྱད་པ་ལུས་འབུལ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་བ་ལ་བདག་གི་ལུས་ལོངས་སྦྱོད་དུ་ཡང་དབུལ། གདུང་འཚོབ་ཏུ་ཡང་དབུལ། ཞབས་ཏོག་ཏུ་ཡང་དབུལ་ལ། བདག་ཀྱང་དུས་འདི་ཞེས་པའི་ཚིག་བཞི་བརྗོད། དགུ་པ་བྱིན་རླབས་ཞུ་བ་ནི། དབང་བཞིའི་ཚུལ་གྱིས་རིམ་པས་དབང་བསྐུར་བས་ལུང་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས། མཐར་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཡང་འོད་དུ་ཞུ་ནས་མི་དམིགས་པར་བསམ། དུས་འདི་ནས་ནི་ཞེས་པའི་ཚིག་བཞིས་གསལ་གདབ་བོ། །གཉིས་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་དྲུག་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་ཞིང་བསྟིམ་པ་དང་། པཱུ་ཛ་དབུལ་བ་དང་། བཟླས་པ་བྱ་བ་དང་། ཐུན་མཚམས་ཀྱི་སྤྱོད་ལམ་བསྟན་པ་དང་། མཚམས་སྦྱོར་བ་ཚོགས་ཀྱི་པཱུ་ཛ་དབུལ་ལོ། །དང་པོ་ལ་བཞི་སྟེ། ས་མ་ཏི་གསུམ་བསྒོམ་པ་དང་། འོག་གཞི་འབྱུང་བ་རིམ་བརྩེགས་བསྐྱེད་པ་དང་། སྟེང་དག་པ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང་། ལྷ་བསྐྱེད་པ་དངོས་བསྟན་པའོ། །དང་པོ་ཏིང་འཛིན་གསུམ་བསྒོམ་པ་ནི་གསུམ་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀུན་གཞི་རང་བཞིན་གྱི་སྟོང་པ་མ་བཅོས་པའི་ངང་ལ་བཞག་གོ། །ཧཱུྃ། རྟོག་མེད་ཅེས་པའི་ཚིག་བཞིས་གསལ་གདབ། གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། དེའི་ངང་ལས་དེ་ལྟར་མ་རྟོག་པའི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ནམ་མཁའ་ལྟ་བུ་སྟོང་ཞིང་གོ་ཕྱེས་པས་སེམས་ཅན་གྱི་དོན་བྱེད་པར་བསྒོམ། ཆུ་ཟླའི་ཞེས་པ་ཚིག་བཞིས་གསལ་གདབ། གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། སྣང་བ་དང་སྟོང་པ་དབྱེར་མེད་པའི་རང་བཞིན་རིག་པ་ཉིད་ཡི་གེ་ཧཱུྃ་དམར་པོ་སྣང་ལ་རང་བཞིན་མེད་པར་བསྒོམ། སྥ་ར་ཎ་ཕཊ་ཀྱིས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་ཎ་ཧཱུྃ་གིས་སླར་འདུས་ཏེ། སྔར་བས་གཟི་བརྗིད་དང་ལྡན་པར་བསྒོམ། ཧཱུྃ། ཡོད་དེ་ཡོད་པ་ཞེས་པའི་ཚིག་བཞིས་གསལ་གདབ། དེ་ནས་གཉིས་པ་འབྱུང་བ་རིམ་བརྩེགས་ཀྱི་བསྒོམ་པ་ནི། ཧཱུྃ་དེ་ལས། ཨེ། ཡྃ་ར། སུྃ། ཀེཾ། རྃ་རྣམས་རིམ་གྱིས་ཆད་པ་ལས། ཨེ་མཐིང་ནག་འཕྲོ་འདུས་འོད་དུ་ཞུ་ནས་ཡུམ་ཀུན་ཏུ་བཟང་མོའི་རང་བཞིན། ནམ་མཁའ་མཐིང་ནག་གྲུ་གསུམ་རྒྱ་ཁྱོན་དཔག་ཏུ་མེད་པ་གཅིག་བསྒོམ། དེས་འགྲེའོ། །ཨེ་གྲུ་གསུམ་ཞེས་པས་གསལ་གདབ། ཡྃ་ལྗང་གུ་ལས་འཕྲོ་འདུས་འོད་དུ་ཞུ། །དམ་ཚིག་སྒྲོལ་མའི་རང་བཞིན་རླུང་གི་དཀྱིལ་འཁོར་ལྗང་ནག་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་སུ་གྱུར། རྒྱ་ཁྱོན་དཔག་ཏུ་མེད་པར་གྱུར་པར་བསྒོམ། འཐོར་བྱེད་རླུང་ནག་ཅེས་པས་གསལ་གདབ། ར་དམར་པོ་ལས་འཕྲོ་འདུས་འོད་དུ་ཞུ། །མཱ་མ་ཀཱིའི་རང་བཞིན་ཁྲག་གི་རྒྱ་མཚོ་དམར་ཞིང་ཟླུམ་པ་རྒྱ་ཁྱོན་དཔག་ཏུ་མེད་པ་བསྒོམ། རཀྟ་ཁྲག་གི་ཞེས་པས་གསལ་གདབ། སུྃ་སྨུག་པོ་ལས་འཕྲོ་འདུས་འོད་དུ་ཞུ་ནས། སངས་རྒྱས་སྤྱན་མའི་རང་བཞིན་ཞིང་གིས་གཞི་དབྱིབས་གྲུ་བཞི་པ་ཁ་དོག་དཔག་ཏུ་མེད་པ་བསྒོམ། ཞིང་ཆེན་གཏམས་པའི་ཞེས་པས་གསལ་གདབ། ཀེཾ་ལས་འཕྲོས་འདུས་འོད་དུ་ཞུ་ནས། ཀེང་རུས་ཀྱི་རི་རབ་རྒྱ་ཁྱོན་དཔག་ཏུ་མེད་པ་བསྒོམ། ཀེང་རུས་ཆེན་པོའི་ཞེས་པ་གསལ་གདབ། རྃ་དམར་པོ་འཕྲོས་འདུས་འོད་དུ་ཞུ་ནས། ན་བཟའ་དཀར་མོའི་རང་བཞིན། མེའི་དཀྱིལ་འཁོར་དབྱིབས་གྲུ་གསུམ་པ་ཁ་དོག་དམར་པོ་རྒྱ་ཁྱོན་དཔག་ཏུ་མེད་པར་བསམ། ཡེ་ཤེས་འབར་བའི་ཞེས་པས་གསལ་གདབ་བོ། །གསུམ་པ་ནི་གཉིས་ཏེ། གཞལ་ཡས་ཁང་བསྒོམ་པ་དང་། གདན་བསྐྱེད་པ་སྟེ་གཉིས་ལས། དང་པོ་ནི། ཧཱུྃ་དེ་ལས་བྷྲཱུྃ་སྨུག་པོ་ཆད་འཕྲོས་འདུས་ནས་འོད་དུ་ཞུ་ནས། བྷྲཱུྃ་བི་ཤྭ་ཞེས་པས། གཞལ་ཡས་ཁང་ཐོད་པ་སྐམ་རློན་ལས་གྲུབ་པའི་དབྱིབས་གྲུ་བཞི་པ། རཀྟས་སྤྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ཀྱི་གཟེར་བཏབ་པ། བྷནྡྷ་ལྕང་ལོས་ཁ་པད་བྱས་པ་བ་སུ་ཏ་དང་སྦྲུལ་ནག་གི་ཟར་ཚགས་བྱས་པས། ཆུ་སྲིན་གྱི་ཐོད་པས་མདའ་ཡབ་བྱས་པ་སྒོ་བཞི་ཡང་རུས་སྦལ་གྱི་མ་ཐེམ། ཞིང་གི་ཀེའུ་རུ། ཀ་རུ་ཎའི་ཡ་ཕིབས། ཆུ་སྲིན་གྱི་རྟ་བབ། ཕྱི་དུར་ཁྲོད་ཆེན་པོའི་གནས་བརྒྱད། རྡོ་རྗེ་མེ་རིས་མཛེས་པ། ནང་གི་ཕོ་བྲང་ནི། དབུས་གྲུ་གསུམ་ཟླ་གམ་དམར་པོ་གསུམ་གྱིས་བསྐོར་བ། ཐོད་པ་སྐམ་པོའི་མུ་ཁྱུད། ཙཀྲ་རྩིབས་བཞི་ནི། གུ་རུ་པདྨ་ཕྱོགས་ཚོན་དུ་བཞེད། འཇམ་དཔལ་བཤེས་གཉེན་སེར་པོར་བཞེད། དྷ་ན་ད་ལ་དམར་པོ་ཁོ་ནར་བཞེད་དོ། །གོང་རས་དམར་པོ། རྡོ་རྗེའི་ར་བ་མཐིང་ག །གྲུ་ཆད་ལྗང་གུ། ཁྱམས་ཁྲག་གི་རྒྱ་མཚོར་བཞེད། ནང་གི་ཀ་བ་ཡང་རུས་སྦལ་གྱི་གདན། ཞིང་གི་ཀ་བ། ཆུ་སྲིན་གྱི་ཀ་གཞུ། ཚངས་པའི་གདུང་། ཀླུ་བདུད་ཀྱི་ཕྱམ། རྒྱུ་སྐར་གྱི་གྲལ་མ། ཞིང་ལྤགས་ཀྱི་ཐོག །ཉི་ཟླའི་མཐོང་། གཟའ་བརྒྱད་ཀྱི་ཁ་བད ། གྲ་བཞིར་ཞིང་གི་རྒྱལ་མཚན་བཞི་འཕྱར་བ་བསྒོམ། དུར་ཁྲོད་འབར་བའི་ཞེས་ཚིག་བརྒྱད་ཀྱིས་གསལ་གདབ། གཉིས་པ་གདན་བསྐྱེད་པ་ནི། དབུས་ཀྱི་གྲུ་གསུམ་ལ་རཀྟའི་རྒྱ་མཚོར་གྱུར། ཡ་མ་ཡེ་ཏི་ར་བྃ། ཞེས་པས་གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྣོལ་པའི་གདན། མ་ཧེ་མཎྜ་ལ། ཞེས་པས་མ་ཧེ་གླང་རྒོད་ཕོ་མོ་བརྫིས་པའི་ཁྲི། དེའི་སྟེང་དུ། པྃ་པདྨ་མཎྜ་ལ། ཞེས་པས་པྃ་ལས་པདྨའི་གདན། མ་སུརྱ་མཎྜལ། ཞེས་པས་མ་ལས་ཉི་མའི་གདན། ཨ་ཙནྡྲ་མཎྜ་ལ། ཞེས་པས་ཨ་ལས་ཟླ་བའི་གདན། དབུས་ཀྱི་གྲུ་གསུམ་ཞེས་པའི་ཚིག་ལྔས་གསལ་གདབ། འཁོར་རྣམས་ལ། ཤར་གྱི་རྩིབས་ལ་དྲི་ཟ་ཕོ་མོའི་གདན། ལྷོར་གཤིན་རྗེ། ནུབ་ཏུ་ཀླུ། བྱང་དུ་གནོད་སྦྱིན་ཕོ་མོའི་གདན། རྩིབས་མཆན་བཞི་ལ་ནི་མཚོ་བཞི་བསམ། ཡང་བདུད་དང་། བཙན་དང་། གཟའ་དང་། ཀླུའི་གདན་ཡང་བཤད་དོ། །བཞི་པ་ལྷ་བསྐྱེད་པ་ལ་གཉིས་ལས། རྩ་བའི་ལྷ་དང་། ཡན་ལག་གི་ལྷ་བསྐྱེད་བའོ། །དང་པོ་ལ་གསུམ། གཙོ་བོ་བསྐྱེད་པ། ཡུམ་བསྐྱེད་པ། འཁོར་བསྐྱེད་པའོ། །དང་པོ་ནི། རྒྱུའི་ཏིང་ངེ་འཛིན་དེ་གདན་ཐོག་ཏུ་བབས་པས། ཧཱུྃ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་འོད་དུ་ཞུ་བ་ལས། ཛྙཱ་ན་ཙཀྲ་མཎྜ་ལ། ཞེས་པས་ཡེ་ཤེས་ཀྱི་ཙཀྲ་རྩིབས་བརྒྱད་དུ་གྱུར། དེ་ཡང་འཕྲོས་འདུས་འོད་དུ་ཞུ་བ་ལས། ཨཱོྂ་ཤྲཱི་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ་ཕཊ། ཅེས་བརྗོད་པས། སྐད་ཅིག་གིས་གཤིན་རྗེའི་གཤེད་དམར་པོ། ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་འདྲ་བ། ཕྱག་གཡས་པ་མེའི་འཁོར་ལོ་འོད་དང་བཅས་པ། གཡོན་པ་རླུང་གི་ཙཀྲ་བསྣམས་པ། སྤྱན་གཡས་པ་ལ་མེའི་ཚྭ་ཚྭ་འཕྲོ་བ། སྤྱན་གཡོན་པ་ལ་ལས་ཀྱི་ཚྭ་ཚྭ་འཕྲོ་བ། ཤངས་ནས་བསྐལ་བའི་རླུང་ནག་འཚུབ་པ། ཨག་ཚོམ་དམར་སེར་ལས་བསྐལ་པའི་མེ་སྟག་འཕྲོ་བ། མཆེ་བ་གཡས་པ་ལས་རཀྟའི་ཆུ་ཆེན་ཤིང་རྟའི་འཕང་ལོ་ཙམ་འབབ་པ། མཆེ་བ་གཡོན་པ་ལས་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དགྲ་བགེགས་ཀྱི་ཙིཏྟ་འདྲེན་པ། དབུ་སྐྲ་ཁམ་ནག་འཁྱིལ་བའི་སྐྲ་གསེབ་ནས། སྤྲུལ་པའི་ཁྲོ་ཆུང་མང་པོ་འཕྲོ་བ། རལ་པའི་རྩེ་ལ་བྷནྡྷ་ལྕང་ལོས་བརྒྱན་པ། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི། ཀླང་ཆེན་གྱི་ཀོ་རློན་གསོལ་བ། སྐུ་སྨད་ལ་སྟག་གི་ཤམ་ཐབས་གསོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་བྱས་པ། ཐོད་རློན་ལྔ་བཅུ་རྩ་བཞིའི་དོ་ཤལ། སྦྲུལ་རིགས་ལྔས་སྙན་ཆ་དང་། དབུ་རྒྱན་དང་། མགུར་ཆུ་དང་། དོ་ཤལ་དང་། དཔུང་རྒྱན་དང་། སྐེ་རགས་བྱས་པ། ཞབས་གཉིས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ། དེ་ལྟ་བུ་གཅིག་བདག་ཉིད་སལ་ལེར་བསྒོམ། འཇམ་དཔལ་ཁྲོས་པ་ཞེས་པའི་ཚིག་ལྔས་གསལ་གདབ། གཉིས་པ་ཡུམ་བསྐྱེད་པ་ནི། ཐུགས་ཀ་ནས་ཡི་གེ་ཏྲག་གཅིག་གཡོན་དུ་ཆད་པ་ལས་འཕྲོས་འདུས་འོད་དུ་ཞུ་ནས། ཏྲག་རཀྴ་མ་མ་ཨེ་ཀ་ཛཱ་ཏི་ཛཿཛཿ ཞེས་པས། ཡུམ་ཆེན་ཨེ་ཀ་ཛཱ་ཏི་སྐུ་མདོག་དམར་སྨུག་རྒྱ་སྐྱེགས་ཀྱི་ཁ་དོག་འདྲ་བ། ཞལ་གཅིག་ཕྱག་གཉིས་གཡས་ཏྲི་ཤུ་ལ་ཐོགས་ནས་ཡབ་ལ་འཁྱུད་པ། གཡོན་པས་ཐོད་ཁྲག་གཙོ་ལ་སྟོབ་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཤིན་ཏུ་ཁྲོ་ཞིང་རྔམས་པ་ལ། ཅུང་ཟད་འཛུམ་པའི་མདངས་ཀྱིས་ཡབ་ལ་བལྟ་ཞིང་། སྦྱོར་བའི་པཱུ་ཛ་དབུལ་བར་བསམ། དེ་དང་གཉིས་སུ་མེད་ཞེས་པའི་ཚིག་བཞིས་གསལ་གདབ། གསུམ་པ་འཁོར་བསྐྱེད་པ་ནི་གསུམ་སྟེ། དམག་དཔོན་བསྐྱེད་པ་དང་། བསྭེ་མོ་བསྐྱེད་པ་དང་། འཁོར་གཞན་བསྐྱེད་པའོ། །དང་པོ་ནི། བསྙེན་སྒྲུབ་ཀྱི་དུས་སུ་མཁའ་གསང་ནས་བསྐྱེད་པར་ཡང་བཤད། ཡང་བསྙེན་སྒྲུབ་ལས་སྦྱོར་གྱི་དུས་གཉིས་ཀ་ལ་གནས་བཞི་ནས་བསྐྱེད་པ་ཡང་བཤད་དོ། །མཁའ་གསང་ནས་བསྐྱེད་པ་གཞན་དང་འདྲ། གནས་བཞི་ནས་བསྐྱེད་པ་ནི་གཙོ་བོའི་སྤྱན་ལས་ཛཿདམར་པོ་གཅིག་ཤར་ཕྱོགས་ཀྱི་རྩི་བས་ཀྱི་སྟེང་དུ་འཕྲོས། སྤྲོ་བསྡུས་འོད་དུ་ཞུ། པྲ་མ་རཱ་ཛ་ནི་ཛཿ ཞེས་པས། ཤར་དུ་སྲིན་པོ་མ་རུ་རྩེ་བསྐྱེད། དེ་ཡང་བསྙེན་སྒྲུབ་ཀྱི་སྐབས་སུ་ན་བཟའ་དང་ཆིབས་མེད་པར་ཁྲོ་བོ་ཁོ་ན་བསྒོམ་པར་བཤད་ལ། སྐུ་མདོག་ཡང་གུ་རུ་པདྨའི་བཞེད་ཀྱིས་སོ་སོར་བཞེད་ལ། དྷ་ན་ད་ལའི་བཞེད་ཀྱིས་དམར་པོ་ཁོ་ནར་བཞེད་དོ། །རྒྱན་ཆས་ནི། གཙོ་བོ་དང་མཐུན་པ་དུར་ཁྲོད་ཀྱིས་རྒྱན་གྱིས་བརྒྱན་པའོ། །ཕྱག་མཚན་ནི། སྲིན་པོ་གཡས་སྤུ་གྲི། གཡོན་ཐོད་པ། ཡུམ་ཡང་དེ་དང་འདྲ་བའོ། །གཙོ་བོའི་ཤངས་ནས་ཛཿདམར་པོ་གཅིག་ལྷོ་ཕྱོགས་ཀྱི་རྩི་བས་ལ་འཐོན། འཕྲོས་འདུས་འོད་དུ་ཞུ་ནས། ཡ་མ་རཱ་ཛ་ནི་ཛཿ ཞེས་པས། གཤིན་རྗེ་མ་རུ་རྩེ་གཡས་བེ་ཅོན། གཡོན་སྡིགས་མཛུབ། ཡུམ་ཡང་གཡས་པ་ཡབ་ལ་འཁྱུད་པ་གཡོན་ཐོད་པ་འཛིན་པ། འགྲེའོ། །ཡང་གཙོ་བོའི་ལྗགས་ལས་ཛཿདམར་པོ་གཅིག་ནུབ་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་འཐོན། འཕྲོས་འདུས་འོད་དུ་ཞུ་བ་ལས། དྷ་ཤ་གྷྲི་བ་ཛཿ ཞེས་པས། ནུབ་ཏུ་བདུད་མ་རུ་རྩེ་གཡས་གཡོན་རལ་གྲི་ཞགས་པ་བསྣམས་པ། ཡུམ་ཡང་འདྲའོ། །ཡང་ཐུགས་ཀ་ནས་ཛཿདམར་པོ་གཅིག་བྱང་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་འཐོན། འཕྲོས་འདུས་འོད་དུ་ཞུ་བ་ལས། ཀུ་བེ་རཱ་ཛ་ཛཿ ཞེས་པས། བྱང་དུ་གནོད་སྦྱིན་མ་རུ་རྩེ། གཡས་ལྡན་མཁར་གཡོན་ཐོད་པ་འཛིན་པ། ཡུམ་གོང་དང་འདྲའོ། །སྨད་ལས་ལས་སྦྱོར་གྱིས་དུས་སུ་རང་རང་གི་བསྐུལ་དང་མཐུན་པར་བསྒོམ་པར་བྱའོ། །གཉིས་མེད་འཁྲིལ་ཞེས་པ་ཚིག་དྲུག་གིས་གསལ་གདབ་བོ། །གཉིས་པ་བསྭེ་མོ་བསྐྱེད་པ་ནི། གཙོ་བོའི་ཡན་ལག་བཞི་ལས་མ་བཞི་རྩིབས་མཆན་ལ་འཐོན། འཕྲོས་འདུས་འོད་དུ་ཞུ་ནས། སུ་ཀྲི་པ་ལ། ཡ་བ་ར་ཙིཏྟ། ཡོ་གི་ཤྭ་རི་ཡ་མ་ཙིཏྟ། ཞེས་བརྗོད་པས་བསྟོད་བསྙེན་སྒྲུབ་ཀྱི་སྐབས་སུ་ཁྲོ་མོའི་ཆ་ལུགས་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། སྐུ་མདོག་ཡང་བཞེད་ལུགས་གོང་དང་འདྲ། ཕྱག་མཚན་ནི་གཡས་པ་རིགས་བཞིའི་རང་བརྟགས་ཀྱི་ཕྱག་རྒྱ་འཛིན་པའོ། །སྨད་ལས་ཀྱི་དུས་སུ་རང་རང་གི་བསྐུལ་དང་མཐུན་པར་བསྐྱེད་དོ། །འཇམ་དཔལ་ཡན་ལག་ཅེས་ཚིག་བཞིས་གསལ་གདབ། གསུམ་པ་འཁོར་གཞན་བསྐྱེད་པ་ནི། ཁྱམས་ལ་གིང་ཕོ་མོ་དགུ་དགུ་སྟེ་བཅོ་བརྒྱད་བསྐྱེད། དེ་ཡང་བསྙེན་སྒྲུབ་ཀྱི་དུས་སུ། ཡེ་ཤེས་ཀྱི་གིང་ཁྲོ་བོ་དང་ཁྲོ་མོའི་ཆ་ལུགས་ཅན་རང་བཞིན་གྱིས་ཡོད་པ་ཙམ་བསྐྱེད། སྒོ་བཞིར་བསྭེ་ཡི་སྐྱེས་བུ་བཞི། བསྙེན་སྒྲུབ་ཀྱི་དུས་སུ་ཁྲོ་བོའི་ཆ་ལུགས་སུ་བསྐྱེད། སྐུ་མདོག་གོང་དང་འདྲའོ། །ཕྱག་མཚན་ཡང་། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུའོ། །སྨད་ལས་ཀྱི་དུས་སུ་བསྭེ་ཡི་གྱི་ལིང་དང་། བྱ་ཁྲ་ལ་སོགས་པ་ཆིབས་པ་སྟེ། བསྐུལ་དང་ཡང་མཐུན་པར་བསྐྱེད་དོ། །གིང་ལ་ཡང་དེ་དང་འདྲའོ། །དེ་ཡང་བསྙེན་སྒྲུབ་ཀྱི་དུས་སུ་ནི། རྩ་བའི་ལྷ་ཁོ་ནས་ཆོག་ཡང་གསུང་ངོ་། །གཉིས་པ་ཡན་ལག་གི་ལྷ་བསྐྱེད་པ་ལ་གཉིས་ཏེ། ཡེ་ཤེས་ལྔས་དབང་བསྐུར་བ་དང་། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ། །དང་པོ་ནི། ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སངས་རྒྱས་ཐམས་ཅད་རིགས་ལྔའི་ངོ་བོར་བསྡུས་མཆོད་པ་ཕུལ། དབང་བསྐུར། གསོལ་བ་གདབ། འོད་དུ་ཞུ་ནས་དབུའི་གནས་ལྔར་ཐིམ། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་རིགས་ལྔར་སངས་རྒྱས། དབང་རྟགས་སུ་དབུའི་ཐོད་པའི་ཁང་བུ་ལྔར་ཡབ་ལ་ཁྲོ་བོ་རིགས་ལྔ་ཡུམ་ལ་ཁྲོ་མོ་རིགས་ལྔ་འཁོར་རྣམས་ལ་རིགས་སོ་སོའི་དབུ་རྒྱན་གྱིས་མཚན་པར་བསྒོམ། ཧཱུྃ་བཛྲ་ཀུ་ལ་ཞེས་པས་གསལ་གདབ་བོ། །གཉིས་པ་ནི། སྤྱི་བོ་དུང་ཁང་གི་ནང་དུ་ཨ་ལས་ཟླ་བ་ལ་འཁོར་ལོ་དཀར་པོ་ཨཱོྂ་གྱིས་མཚན་པ། མགྲིན་པར་པྃ་ལས་པདྨ་དམར་པོ་ཨཱྃཿགིས་མཚན་པ། ཐུགས་དཀར་མ་ལས་ཉི་མའི་སྟེང་དུ་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྒོམ། དེ་གསུམ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྡུས། འོད་དུ་ཞུ་ནས་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་ལྷར་གྱུར། དེ་ཡང་རྣམ་སྣང་གི་དུང་ཁང་འཁོར་ལོ་ཨཱོྂ་གྱི་མཚན་པ། མཐའ་ཡས་ཀྱི་མགྲིན་པར་པདྨ་ཨཱྃཿ གིས་མཚན་པ། མི་བསྐྱོད་པའི་ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྐྱེད་དོ། །དེ་ཡ ང་བསྙེན་པའི་དུས་སུ་ཞི་བ་ལ་སྒྲུབ་པ། མན་ཆད་ཁྲོ་བོ་རུ་བཤད་དོ། །ཨཱོྂ་ཨ་ཀྲོ་ཏེ་ཀ་ཞེས་པས་གསལ་གདབ་བོ། །སྤྱི་དོན་གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་བཞི་སྟེ། སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དང་། གཉིས་སུ་མེད་པར་བསྟིམས་པ་དང་། བརྟན་པར་བཞུགས་སུ་གསོལ་བའོ། །དང་པོ་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རང་བཞིན་ལྷུན་གྱིས་གྲུབ་པ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགོངས་པ་ཆོས་ཉིད་ཀྱི་ངང་ལ་བཞུགས་པ་དེ་ལོངས་སྤྱོད་རྫོགས་པའི་སྐུར་རོང་གིས་བཞེངས་ཏེ། འགྲོ་བའི་དོན་ལ་བྱོན་མ་རག་པར་བསྒོམ། དད་པ་དང་ནི་ཞེས་པ་ཚིག་བཅུ་གཉིས་ཀྱིས་གསལ་གདབ། གཉིས་པ་སྤྱན་དྲངས་པ་ནི། ཐུགས་ཀ་ནས་ཛཿཧཱུྃ་བྃ་ཧོཿབཞི་ལས། ཛཿལས་ལྷ་མོ་ལྕགས་ཀྱུ་མ། ཧཱུྃ་ལས་ཞགས་པ་མ། བྃ་ལས་ལྕགས་སྒྲོག་མ། ཧོཿལས་དྲིལ་བུ་མར་གྱུར་ཏེ། ཡེས་ཤེས་ཀྱི་དཀྱིལ་འཁོར་རྣམས་ལྕགས་ཀྱུ་མས་ཐུགས་དམ་གྱི་རྒྱུད་བསྐུལ། ཞགས་པ་མས་གནས་ནས་སྤྱན་དྲངས། ལྕགས་སྒྲོག་མས་གནས་ནས་བསྐྱོད། དྲིལ་བུ་མས་དགྱེས་པ་བསྐྱེད་ཅིང་མདུན་གྱི་ནམ་མཁའ་ལ་མེ་དཔུང་འདབ་འདྲེས་ཀྱིས་ཚུལ་དུ་ཡེར་གྱིས་བྱོན་པར་བསམ་མོ། །ཧཱུྃ། དམར་ནག་གྲུ་གསུམ་ཞེས་པའི་ཚིག་བཅོ་ལྔས་གསལ་གདབ། ཡབ་གཅིག་སྐུ་མཆོག་ཅེས་པའི་ཚིག་བཅུས་ཡུམ་སྤྱན་དྲངས་ཞིང་གསལ་གདབ། འཇམ་དཔལ་སྐུ་མཆོག་ཅེས་པའི་ཚིག་བདུན་གྱིས་དམག་དཔོན་སྤྱན་དྲངས་ཞིང་གསལ་གདབ་བོ། །འཇམ་དཔལ་ཡན་ལག་ཅེས་པས། བསྭེ་མོ་བཞི་སྤྱན་དྲངས་ཞིང་གསལ་གདབ་བོ། །གསུམ་པ་གཉིས་སུ་མེད་པར་བསྟིམ་པ་ནི། པྲ་བེ་ཤ་ཡ་ཕཊ། ཅེས་པས་གཞལ་ཡས་ཁང་དང་ཐུགས་ཀྱི་སྒོ་དབྱེ། ཨ་བེ་ཤ་ཡ་ཨ། ཞེས་པས་ཆུ་དང་འོ་མ་འདྲེས་པ་ལྟར། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་བསྟིམ་པར་བྱའོ། །བཞི་པ་བརྟན་པར་བཞུགས་པ་ནི། བདག་གི་བསམ་པ་མ་གྲུབ་ཀྱི་བར་རམ། སེམས་ཅན་གྱི་དོན་མ་རྫོགས་ཀྱི་བར་དུ་གཞན་དུ་མི་གཤེགས་པར་བཞུགས་པར་བསམ། མགོན་པོ་ཐུགས་རྗེ་ཞེས་པ་ཚིག་བཅུ་བདུན་གྱི་རིམ་པར་གསལ་གདབ། སྤྱི་དོན་གསུམ་པ་མཆོད་པ་འབུལ་བ་ནི་དྲུག་སྟེ། གཉིས་སུ་མེད་པར་ཕྱག་འཚལ་བ་དང་། ཐུན་མོང་གི་པཱུ་ཛ་དབུལ་བ་དང་། བདུད་རྩི་སྨན་གྱི་མཆོད་པ་དང་། འདོད་ཡོན་གཏོར་མའི་མཆོད་པ་དང་། དམ་རྫས་རཀྟའི་མཆོད་པ་དང་། དུག་ལྔ་རྣམ་དག་གི་མཆོད་པའོ། །དང་པོ་ནི། ལ་ལ་དམ་ཚིག་པ་མདུན་འཐོན་ཏེ། ཡེ་ཤེས་པ་ལ་ཕྱག་དང་པཱུ་ཛ་དབུལ་བར་འདོད་པ་ཡང་ཡོད། འདིར་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པར་མཇལ་བས་རྟོགས་པ་དོན་གྱི་ཕྱག་ཅེས་བྱ་སྟེ། དབྱེར་མེད་པ་དོན་གྱིས་འཚལ་བའོ། །དེ་ཡང་། གདུག་པ་འདུལ་མཛད་ཅེས་པའི་ཚིག་ལྔས་གཙོ་བོ་ལ་འཚལ། འོག་མ་འོག་མ་རྣམས་ལ་ཚིག་གསུམ་གསུམ་གྱིས་འཚལ་ལོ། །གཉིས་པ་ཐུན་མོང་གི་པཱུ་ཛ་ནི། ཕྱི་ལྟར་དུ་འཇིག་རྟེན་གྱི་ཁམས་ན་ཡོད་པའི་ཡོན་ཆབ་དང་། སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་དང་། རོལ་མོ་ལ་སོགས་པ་ལྷ་མོ་རྣམས་ཀྱི་ཕྱག་ན་བསྣམས་ནས་དབུལ་བར་བསམ་མོ། །ནང་ལྟར་དུ་བྃ་ཆེན་མོ་ལས་བྱུང་བའི་རཀྟའི་ཨརྒྷཾ་དང་། ཚིལ་ཆེན་གྱི་སྤོས་དང་། དབང་པོ་ལྔའི་མེ་ཏོག་དང་། ཞུ་ཆེན་གྱི་མར་མེ། བདུད་རྩིའི་དྲི་ཆབ། ཤ་ཆེན་གྱི་བཤོས་དང་། ཐོད་པའི་རྔ་དང་། རྐང་གླིང་གི་དུང་ལ་སོགས་པ་དབུལ་ལོ། །གསང་བ་ནི་བྱང་ཆུབ་སེམས་ཀྱི་པཱུ་ཛ་དབུལ་བའོ། །ཚིག་ནི་རྩ་བའི་སྔགས་དང་། ཨེ་དྃ་ཨརྒྷཾ་དྡྷཱུཔྤེ་ལ་སོགས་པས་དབུལ་ལོ། །གསུམ་པ་བདུད་རྩི་སྨན་གྱི་མཆོད་པ་ལ་བཞི་སྟེ། སྨན་གྱི་ཆེ་བའི་ཡོན་ཏན་བརྗོད་དེ་སྤྱིར་འབུལ་བ་དང་། བྱེ་བྲག་ཏུ་དབུལ་བ་དང་། བཤགས་པ་བྱ་ཞིང་དངོས་གྲུབ་བླང་བ་དང་། གསང་མནན་གྱི་སྦྲེང་མཆོད་དབུལ་བའོ། །དང་པོ་ནི། རང་བྱུང་གདོད་ནས་ཞེས་པའི་ཚིག་ལྔས་གསལ་གདབ་ཅིང་བྱིན་གྱིས་བརླབ། རྒྱལ་བ་རྒྱ་མཚོ་ཞེས་ཚིག་བཞིས་སྤྱིར་དབུལ་ལོ། །བྱེ་བྲག་ནི། མཐེབ་སྲིན་ཉི་ཟླའི་གའུ་ཁ་སྦྱོར་གྱིས་བདུད་རྩི་བཅུས་ཏེ། ལྷ་སོ་སོའི་ཞལ་དུ་སིབ་སིབ་སོང་བར་བསམ་མོ། །དེ་ནས་བྱེ་བྲག་ལྷ་སོ་སོ་ལ་དབུལ་བ་ལ་དྲུག་སྟེ། དང་པོ་བླ་མ་བརྒྱུད་པ་དང་བཅས་པ་ལ་དབུལ། དེ་ནས་ཞི་བ་ལ་དབུལ། དེ་ནས་ཁྲོ་བོ་ལ་དབུལ། དེ་ནས་བསྐལ་བ་མེ་ལྟར་གྱིས་ཡ་མཱནྟ་ཀ་ལ་དབུལ། དཔལ་ཆེན་སྐུ་ལ་གཉིས་མེད་ཀྱིས་ཡུམ་ལ་དབུལ། དེ་ནས་དམར་པོ་ཡབ་ཡུམ་དང་གཙོ་བོ། དམག་དཔོན་དང་། བསྭེ་མོ་དང་། གིང་དང་། བསྭེ་ཡི་སྐྱེས་བུ་ལ་སོགས་པ་ལ་གཞུང་བཞིན་དབུལ་ལོ། །དེ་ནས་རིག་འཛིན་དང་། དབེན་གནས་དང་། ཆོས་སྐྱོང་དང་། མཆོད་མགྲོན་ཅི་རིགས་པ་ལ་དབུལ་ལོ། །གསུམ་པ་བཤགས་པ་ནི། རང་རིག་ཡེ་ཤེས་ཀྱིས་བྱའོ། །དངོས་གྲུབ་བླང་བ་ནི། གོང་གི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ནས། སིདྡྷིའི་རང་བཞིན་ཨཱོྂ་ཨཱཿཧཱུྃ་གསུམ་བདུད་རྩིའི་ནང་དུ་བྱུང་ནས། དཔལ་ལྡན་རྡོ་རྗེ་ཞེས་པའི་ཚིག་བཞི་བརྗོད་ཅིང་། མཐེབ་སྲིན་གྱིས་བླངས་ལ་ལྕེ་ཐོག་ཏུ་བཞག །ཀཱ་ཡ་སིདྡྷི་ལ་སོགས་པ་བརྗོད་པས། སྤྱི་བོ། མགྲིན་པ། སྙིང་གའི་གནས་སུ་ཐིམ་པས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །བཞི་པ་གསང་མནན་ནི། ཧཱུྃ། དུག་ལྔ་བདུད་རྩི་ཞེས་པའི་ཚིག་དང་། སྔགས་ཀྱི་གཏོར་མར་སྦྲེང་ཞིང་དབུལ་ལོ། །བཞི་པ་གཏོར་མའི་པཱུ་ཛ་ནི། མཆོད་པའི་གཏོར་མ་འདོད་ཡོན་གྱི་ལྷ་མོ་ལྔར་བསམ་ལ། དཀྱིལ་འཁོར་ལྷ་ཡི་དབང་པོ་ལྔ་ལ་ཐིམ་པར་བསམ། ཧཱུྃ། དམེ་གཏོར་ཞེས་པའི་ཚིག་དྲུག་དང་སྔགས་ཀྱི་དབུལ་ལོ། །ལྔ་པ་དམ་རྫས་རཀྟའི་པཱུ་ཛ་ནི། ཕྱི་ལྟར་དུ་རཀྟ་འདོད་ཡོན་གྱི་ལྷ་མོར་བསམ་ལ་དབུལ། ནང་ལྟར་དུ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམ་ལ་དབུལ། ཡབ་གཅིག་འཇམ་དཔལ་ཞེས་པའི་ཚིག་གི་གོ་རིམ་བཞིན་དུ་རང་རང་གི་དམ་རྫས་དང་རཀྟ་དབུལ་ལོ། །དྲུག་པ་དུག་ལྔ་རྣམ་དག་གི་པཱུ་ཛ་ནི། རྫས་རཀྟའི་དངོས་པ་གཅིག་ལ་དགྲ་བགེགས་ཀྱི་དངོས་པོ་བསྟིམ་ཏེ། གཏི་མུག་ཤ་དང་འདོད་ཆགས་ཁྲག །ཞེ་སྡང་རུས་པ་དང་། ང་རྒྱལ་མཁྲིས་པ་དང་། ཕྲག་དོག་དོན་སྙིང་རྣམས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕུལ་བས་བསྒྲལ་བྱའི་ཉོན་མོངས་པ་ལྔ་དག་ནས། བདག་གིས་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམ་པ་ལྔའི་དངོས་གྲུབ་ཐོབ་པར་བསམ། དེ་ཀ་ལ་ཡུལ་སེམས་གཉིས་ཀ་ལ་སྦྱོར་བའི་པཱུ་ཛ་དང་། ཁམས་གསུམ་ཡོངས་སུ་སྒྲོལ་བའི་པཱུ་ཛ་རྫོགས་སོ། །མགོན་པོ་གཤིན་རྗེ་ཞེས་ཚིག་སུམ་ཅུ་སོ་དྲུག་སྔགས་དང་བཅས་པས་དབུལ་ལོ། །སྤྱི་དོན་བཞི་པ་བཟླས་པ་བྱ་བའི་རིམ་པ་ནི་ལྔ་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། བྷནྡྷ་དུམ་བུ་བཞི་པའི་ནང་དུ་ཡུངས་ཀར་རྒྱལ་པོ་ལ་ཕུར་པ་བཀོད་དེ། ལྷར་གསལ་བའི་སྒོ་ནས་འཕྲོ་འདུ་བྱའོ། །དེ་ཡང་གུ་རུ་པདྨའི་བཞེད་ཀྱི་ཕཊ་ཛཿ ཞེས་པས་མདུན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕྱེ་བ་ལ་སྤྲོ་བསྡུ་བྱའོ། །དྷ་ན་ད་ལའི་བཞེད་ཀྱིས། ཡེ་ཤེས་པ་དང་དམ་ཚིག་མི་དབྱེ་བར་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་གསལ་བ་ལ་སྤྲོ་བསྡུ་བྱའོ། །དེ་ཡང་བདག་གི་ཙིཏྟ་རཏྣ་གུར་ཕུབ་པ་འདྲ་བའི་ནང་ན། རཀྟ་ཟུར་བརྒྱད་ལྟ་བུའི་ལྟེ་བ་ལ། ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་རྩིབས་བརྒྱད། དེའི་ལྟེ་བ་ལ་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བ་ལ་ཧཱུྃ་དམར་པོ་ཡུངས་འབྲུ་ཙམ། ཙཀྲ་རྩིབས་བརྒྱད་ལ་སྔགས་ཀྱི་ཕྲེང་བ་མེ་སྟག་ལྟ་བུས་བསྐོར་བ་དེ་ལས་འོད་ཟེར་བྱུང་། ལྗགས་སྟེང་དང་དུང་ཁང་བརྒྱུད་དེ། འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ལྷ། དབྱིངས་གཏིང་མཐའ་མེད་པ་ནས། སྐྱེ་འགྲོ་གཟུགས་ཀྱིས་བསྡུས་པ་ཐམས་ཅད་ལྷར་གསལ་བ་ནི་སྐུའི་དཀྱིལ་འཁོར་རོ། །ཡང་གོང་བཞིན་ལྗགས་སྟེང་ནས་འཕྲོས་པས་སྒྲ་ཐམས་ཅད་སྔགས་ཀྱི་སྒྲར་གྱུར་པ་ནི་གསུང་གི་དཀྱིལ་འཁོར་རོ། །ཡང་ཐུགས་ཀ་ནས་འཕྲོས་ཏེ་སྐུ་སྣང་སྟོང་དབྱེར་མེད། གསུང་གྲགས་སྟོང་དབྱེར་མེད། ཐུགས་གསལ་སྟོང་དབྱེར་མེད་དུ་གསལ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་འོད་ཟེར་ཕར་འཕྲོས་པས་མཆོད་པ་ཕུལ་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་བསྡུས་ཏེ་སིདྡྷི་ཐོབ་པར་བསམ། དེ་ཡང་ལས་དང་པོ་པས་རིམ་པས་བསྒོམ་པ་ནི། གུ་རུ་པདྨའི་བཞེད་པ་དང་མཐུན། དུས་གཅིག་ཏུ་བསྒོམ་པ་ནི། དྷ་ན་ད་ལ་དང་མཐུན་ནོ། །དེ་རྣམས་ནི་བསྙེན་པའི་འཕྲོ་འདུའོ། །བསྙེན་པའི་སྔགས་ནི། ཨཱོྂ་ཤྲཱི་མཉྫུ་ཀུ་མཱ་ར་ཡ་མ་རཱ་ཛཿཧཱུྃ་ཕཊ། ཅེས་བཟླས་སོ། །བཟླས་པའི་གྲངས་ནི་བདུན་འབུམ་དང་ཉི་ཁྲིའོ། །བཟླས་པའི་ཚད་ནི་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལྟས་ཀྱི་རྟགས་མ་བྱུང་གི་བར་དུའོ། །ལྔ་པ་ཐུན་མཚམས་ཀྱི་སྤྱོད་པ་ནི། བསྒོམ་པའི་སྐྱོན་བྱིང་བ་དང་། རྒོད་པ་དང་། འཐོར་བ་ལ་སོགས་པའི་སྐྱོན་བཅོས་ཏེ། ཧཱུྃ་གི་ཆོས་ལྔར་ཤེས་པར་བྱའོ། །བསྒོམ་པ་ལ་སྐྱོ་ན་བཟླས་པ་ལ་བརྩོན་པར་བྱའོ། །བཟླས་པས་དུབ་ན། བདག་ཅག་དམ་ཚིག་འདི་ལ་ཞེས་པས་ལྷག་ཆད་བཤགས་ཏེ། དེ་ནས་དགུང་ལ་ཐོག་ཐོག་གིས་ཡ་མཱནྟ་ཀ་ཡབ་ཡུམ་ལ་བསྟོད། དཔལ་འབར་དབང་ཕྱུག་གིས་གཙོ་བོ་ལ་བསྟོད། འཇམ་དཔལ་ཐུགས་ལས་ཞེས་འཁོར་ལ་བསྟོད། དེ་ནས་སེ་གོལ་དཀྲོལ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ་པ་དང་། སྨོན་ལམ་གདབ་པར་བྱ་སྟེ། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་རྣམས་མཁྱེན་པར་མཛད་ཅིང་བདག་ལ་དགོངས་སུ་གསོལ། བདག་གིས་རྒྱལ་བའི་བཀའ་བདེན་པ་འདི་འགྲུབ་པར་གྱུར་ཅིག །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །བདག་གིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གྱུར་ཅིག །མཐར་བླ་ན་མེད་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཐོབ་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག །ཅེས་ལན་གསུམ་གསུམ་བརྗོད་དོ། །སྐབས་སུ་ཚོགས་ཀྱི་པཱུ་ཛ་ཡང་བྱའོ། །གཏོར་མ་བཏང་། རྟག་པའི་མཐའ་བསལ་བའི་ཕྱིར་དཀྱིལ་འཁོར་བསྡུའོ། །ཆད་པའི་མཐའ་བསལ་ཕྱིར་ལྷ་རྫོགས་ཚུལ་དུ་བསྐྱེད། གོ་བགོ་ལུས་བསྲུང་བྱ། འགྲོ་ཉལ་འདུག་སྡོད་ཟ་འཆག་སྤྱོད་ལམ་ཅི་བྱེད་ཀྱང་ལྷ་ཡི་ང་རྒྱལ་ལས་མ་ཡེངས་པར་བྱའོ། །ཉེ་བར་བསྙེན་པའི་དུས་སུ། དངོས་གྲུབ་རྟགས་ཀྱི་བསྙེན་པ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ཞེས་ཀྱང་བྱ་སྟེ། གོང་བཞིན་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་འཕྲོས་ཏེ། དེ་བཞིན་གཤེགས་པའི་ཐུགས་དམ་བསྐུལ། རིག་འཛིན་ཕོ་མོ་གཟི་མདངས་བསྐྱེད། མ་མོ་མཁའ་འགྲོ་དབང་དུ་བསྡུས། དྲེགས་པ་ཅན་ཐམས་ཅད་བྲན་དུ་བཀོལ། སླར་འདུས་པས་སྔར་བས་གཟི་བརྗིད་དང་ལྡན་པ་སྒོམ་ལ་ཉེ་བར་བསྙེན་པའི་སྔགས་ནི། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ ཞེས་བཟླས་སོ། །བཟླས་པའི་གྲངས་ནི་འབུམ་ཕྲག་གཅིག་གོ། །བཟླས་པའི་རྟགས་ནི། དྲོད་བདུན་པ་ལྟར་ཤེས་སོ། །མཐུན་མཚམས་ཀྱི་སྤྱོད་པ་ནི་གོང་དང་མཐུན་ནོ། །དེ་ལྟར་ཉེ་བར་བསྙེན་པ་རྫོགས་ནས་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་ནི་སྒྲུབ་པའི་བཀོལ་བྱང་ནང་ནས་འབྱུང་བ་བཞིན་དུ་བྱའོ། །ལས་ལ་སྦྱར་བའི་དགོངས་པ་ནི། ལས་སྦྱོར་གྱི་སྐབས་ཤེས་པར་བྱའོ། །དྲུག་པ་མཚམས་སྦྱོར་བ་ཚོགས་ཀྱི་པཱུ་ཛ་ནི་དྲུག་སྟེ། ཚོགས་བཤམས་པ་དང་། བསང་ཞིང་བྱིན་གྱིས་བརླབ་པ་དང་། ཚོགས་ཀྱི་དཀྱིལ་འཁོར་གསལ་གདབ་ཅིང་བྱིན་གྱིས་བརླབ་པ་དང་། པཱུ་ཛ་སྤྱིར་དབུལ་བ་དང་། ཐུགས་དམ་བསྐང་བ་དང་། བྱེ་བྲག་ཏུ་དབུལ་བའོ། །དང་པོ་ནི། ཚོགས་ཀྱི་པཱུ་ཛ་བཟབ་དང་། བཅའ་བ་དང་། མྱང་བ་དང་། ལྡག་པ་ལ་སོགས་པ་འདོད་ཡོན་ལྔའི་བྱེ་བྲག་ཚང་བར་བཤམ་མོ། །གཉིས་པ་ནི། ཕྱི་ལྟར་དུ་ཏྲཾ་ལས་རཏྣའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ལས་བཅུད་ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པར་བསྒོམ། ནང་ལྟར་དུ་སྣོད་ཨ་ལས་བྷནྡྷ་འབར་བར་གྱུར། བཅུད་ཤ་ལྔ་བདུད་རྩི་ལྔའི་ཕུང་པོར་གྱུར་པར་བསམ། དེ་ནས་ཨ་མྲྀ་ཏའི་སྔགས་ཀྱིས་བདུད་རྩིས་བསང་གཏོར་བྱས་ལ། རྃ་ཡྃ་ཁྃ་གིས་དངོས་པོ་བསྲེག་པ་དང་། སྦྱང་བ་དང་། བཀྲུ་བ་བྱས་ལ། དེ་ནས་ཨཱོྂ་ཨཱཿཧཱུྃ་གསུམ་བསྐྱེད་ཅིང་ངག་ཏུ་ཡང་བརྗོད་ལ། ཧཱུྃ་གིས་དངོས་པོའི་སྐྱོན་སྦྱངས། ཨཱཿཡིས་བདུད་རྩིར་ཞུ། ཨཱོྂ་གྱིས་འདོད་ཡོན་ལྔར་བྱིན་གྱིས་བརླབ་བོ། །གསུམ་པ་ནི། བྷྲཱུྃ་ཞེས་པས་གཞལ་ཡས་ཁང་དུ་གསལ་གདབ། རྩ་སྔགས་ཀྱི་ལྷ་གསལ་གདབ། དེ་ནས་རོལ་མོ་དང་བཅས་པས། དམར་ནག་དྲག་པོའི༴ ཞེས་ཚིག་བཞིས་སྤྱན་དྲངས་ཞིང་གསལ་གདབ། བཞི་པ་ནི། ཚོགས་བཏེགས་ལ། བླ་མེད་མཆོག་གི་ཞེས་ཚིག་བཅོ་ལྔས་བཅུ་དྲུག །ཚོགས་འདོད་ཡོན་གྱི་ལྷ་མོར་བསམ་ལ་སྦྱོར་དབུལ་ལོ། །ལྔ་པ་ཐུགས་དམ་བསྐང་བ་ནི། བསྐང་ངོ་བསྐལ་པའི་ཞེས་པས་སོ་སོའི་མཚན་ནས་བརྗོད་དེ་བསྐང་བའོ། །དྲུག་པ་ནི། ཕུད་སྤྲོས་ལ་དང་པོས་མཆོད་དེ། བཅོམ་ལྡན་འཇམ་དཔལ་ཞེས་པའི་ཚིག་བཞིས་དབུལ་ལོ། །བར་པས་བཤགས་ཏེ། བཅོམ་ལྡན་འཇམ་དཔལ་ཞེས་ཚིག་བཞིས་དབུལ་ལོ། །ཐ་མ་བསྟབ་སྟེ། དགྲ་བགེགས་ཀྱི་གཟུགས་བྱས་ལ་དགུག་གཞུག་བྱ། མཚོན་ཆས་གཏུབ་ལ་བསྟབ་བོ། །ཧཱུྃ། ཁྲག་འཐུང་འཇིགས་བྱེད་ཅེས་པ་ཚིག་དྲུག་གིས་དབུལ་ལོ། །དེ་ནས་རིག་འཛིན་ཆོས་སྐྱོང་དབེན་གནས་ལ་སོགས་པའི་རིགས་སུ་གྱུར་པ་ལའང་དབུལ་ལོ། །དེ་ནས་རྣམ་འབྱོར་པ་ལྷར་གསལ་བས་ཚོགས་ལ་རོལ་པ་ཚུལ་བཞིན་དུ་བྱའོ། །ལྷག་མ་གསོག་འཇོག་མེད་པར་བཞག །ཚོགས་ཀྱི་སྨོན་ལམ་ཡང་གདབ་བོ། །ཐ་མ་ཆོ་གའི་མཇུག་བསྡུ་བ་ནི་དྲུག་སྟེ། གཏོར་མའི་སྒོ་ནས་ལྷག་ཆོག་བྱ་བ་དང་། དགེ་བའི་རྩ་བ་བསྔོ་བ་དང་། སྨོན་ལམ་གདབ་པ་དང་། གཏོར་གཞོང་ལ་བྲོ་བརྡུང་བ་དང་། དཀྱིལ་འཁོར་བསྡུ་བ་དང་། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དང་པོ་ལ་གཉིས་ཏེ། རྒྱས་པ་དང་བསྡུས་པའོ། །རྒྱས་པ་ལ་གཉིས་ཏེ། ཡར་གནས་ཡེ་ཤེས་ཀྱི་ལྷ་ལ་མཆོད་པ་དང་། མར་གནས་ཡེ་ཤེས་ཀྱི་སྤྲུལ་བ་དང་། འཇིག་རྟེན་པ་ལ་སྦྱིན་པའོ། །དང་པོ་ནི། དཔལ་གྱི་གཏོར་མ་ལྷར་གསལ་གདབ། གཏོར་མའི་པཱུ་ཛ་གོང་བཞིན་དུ་གསལ་གདབ་ལ། དེ་ནས། ནམ་མཁའ་ཡངས་པའི་ཞེས་ཚིག་བཞིས་སྤྱན་དྲངས། ཤྲཱི་མཉྫུ་ཞེས་པའི་སྔགས་ཀྱིས་དབུལ་ལོ། །འདོད་པའི་དོན་ལ་གསོལ་བ་གདབ་ཅིང་སིདྡྷི་བླངས། ཧཱུྃ་ཧཱུྃ། ཞེས་ཡེ་ཤེས་པ་རྣམས་རང་ལ་བསྡུ། དེ་ནས་གཏོར་མ་ཤོད་དུ་ཕབ་ལ་བསངས་སྦྱངས་བྱིན་གྱིས་བརླབ། དེ་ནས་སྤྲུལ་པའི་ལྷ་ཚོགས་ལ་མཆོད་དེ། བཅོམ་ལྡན་འཇམ་དཔལ་ཞེས་པའི་ཚིག་གསུམ་ཅུ་རྩ་དྲུག་གིས་གཙོ་བོ་དང་། དམག་དཔོན་དང་བསྭེ་མོ་དང་བལ་མོ་མཆོད་དོ། །དེ་ནས་མར་གནས་འཇིག་རྟེན་པ་ལ་སྦྱིན་པ་ནི། ལྷག་ཕུད་རྣམས་མཚམས་སྦྱར་ལ། བཅོམ་ལྡན་འཇམ་དཔལ་ཞེས་པས། དུར་ཁྲོད་ཀྱི་མ་མོ་དང་། གིང་དང་ཕྱག་བརྙན་དང་། བདུད་དང་གཤིན་རྗེ་དང་རྒྱལ་པོ་ལ་སོགས་པ་ལ་སྦྱིན་ནོ། །ཆོ་ག་བསྡུས་པ་ནི། གཏོར་མ་བྱིན་གྱིས་བརླབ་ལ། རྒྱལ་བའི་བཀའ་ཉན་འདི་ལ་ཚིག་རྐང་མང་ཉུང་ཉེར་བདུན་པ་དང་ཉེར་གཉིས་ལ་གཉིས་དུ་སྣང་ངོ་། །ཞེས་བཅུ་གཉིས་ཀྱིས་དབུལ་ལོ། །དེ་ནས་ཕྱིར་རོལ་དུ་བརྟན་མ་བསྐྱང་། ནང་དུ་ལོག་ལ་དགེ་བའི་རྩ་བ་བསྔོ། སྨོན་ལམ་བཏབ། གཏོར་གཞོང་ལ་ཕྲིན་ལས་བཞིའི་བྲོ་བརྡུང་། དཀྱིལ་འཁོར་བསྡུའོ། །རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །བཀྲ་ཤིས་གསོལ་བ་ལ་སོགས་པ་ཡང་བྱ་གསུང་ངོ་། །སྣོད་དང་ལྡན་པའི་སློབ་མའི་དོན་དུ་ཕྲིན་ལས་ཀྱི་སྒོམ་བྱང་དང་། རྒྱུན་དུ་ཉམས་སུ་ལེན་པའི་མངོན་རྟོགས་ཐུན་མོང་དུ་གཞུང་དང་། བླ་མའི་གསུང་ངག་དང་མི་འགལ་བར། གནུབས་ཀྱི་བནྡེ་བཀྲ་ཤིས་དར་གྱིས་སྦྱར་བའོ། །རྫོགས་སོ།། །།སྣོད་ངན་དམ་ཚིག་མེད་པའི་ལག་ཏུ་ཤོར་ར་རེ། རྒྱ་རྒྱ་རྒྱ༔ །ཨཐྎ།
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་སྒོམ་བྱང་ངག་ཏུ་བརྗོད་ཚུལ་དང་བཅས་པ།
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་སྒོམ་བྱང་ངག་ཏུ་བརྗོད་ཚུལ་དང་བཅས་པ་བཞུགས་སོ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དཔལ་དམར་པོའི་ཕྲིན་ལས་ཀྱི་གཞུང་། ལྷ་རྗེ་བཀྲ་ཤིས་དར་གྱིས་མཛད་པའི་སྒོམ་བྱང་གིས་ལེགས་པར་བརྒྱན་ཏེ་ངག་ཏུ་བརྗོད་ཚུལ་འདི་ཡིན་ཏེ། ཆོས་རྣམས་ཅི་ལ་ཡང་མི་གནས་པ་སྟོང་པ་ཉིད་དུ་གསལ་བའི་ངང་ལས། མ་སཱུརྱ་མཎྜ་ལ་ཧཱུྃ། ཉི་མའི་དཀྱིལ་འཁོར་ཧཱུྃ་དམར་པོས་མཚན་པར་གྱུར། སྥ་ར་ཎ་ཕཊ། ཧཱུྃ་དེ་ལས་འོད་ཟེར་འཕྲོས། སྃ་ཧ་ར་ཎ་ཧཱུྃ་ཚུར་འདུས་འོད་དུ་ཞུ་བ་ལས། ཨཱོྂ་ཨ་ཀྲོ་ཏེ་ཀ་ཤྲཱི་མཉྫུ་ཡ་མཱནྟ་ཀ་ཧཱུྃ་ཕཊ། བདག་ཉིད་འཇམ་དཔལ་ཁྲོ་བོ་མ་རུ་རྩེ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན་འཕྱར་ཞིང་གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། དུར་ཁྲོད་ཀྱི་རྒྱན་ཆས་ཀྱིས་བརྒྱན་པའི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གིས་གཏམས་པ། དེ་ལྟ་བུའི་ང་རྒྱལ་དང་ལྡན་པས་བགེགས་ལ་བཀའ་བསྒོ་སྟེ། ཧཱུྃ། གསང་སྔགས་དོན་ལ་ཞེས་ཚིག་བཞི་བརྗོད། ཨཱོྂ་ཧྲཱི་ཿཥྚི་ནས། ཧཱུྃ་ཧཱུྃ་ཕཊ། བ་སྤུའི་བུ་ག་དང་ཤངས་ཀྱི་རླུང་སྒྲོམ་ནས་ཁྲོ་ཆུང་མཚོན་ཆ་ཐོགས་པ་བསམ་གྱིས་མི་ཁྱབ་པ་འཕྲོས། བགེགས་རྣམས་དཔག་ཚད་དང་རྒྱང་གྲགས་ལ་སོགས་པར་བསྐྲད། ཁྲོ་ཆུང་རྣམས་སླར་འདུས་ཏེ་བསྐྲད་ཀྱང་མི་འགྲོ་བའི་བགེགས་ལ་མཚོན་ཆའི་ཆར་ཕབ། ཕུང་པོ་རྡུལ་དུ་བརླག །ཁྲོ་ཆུང་རྣམས་བ་སྤུའི་བུ་གར་ཐིམ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་བོའི་གུར་ཁང་དུ་གྱུར། ལག་པའི་སོར་མོ་ལྔ་ལས་ཀྱང་། ཨཱོྂ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཏྲཱྃ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཧཱ་ཱབྷྲཱུྃ་ལས་རྡོ་རྗེ་བེ་ཅོན་དང་། འཁོར་ལོ། དབྱུག་ཐོ་དང་། རལ་གྲི་དང་། ཕུར་པ་དང་། རྡོ་རྗེ་རྒྱ་གྲམ་ལ་སོགས་པ་འཕྲོས། དེ་རྣམས་རིམ་པ་བཞིན་དུ་སྟེང་ནས་གུར་དང་འོག་ཏུ་ས་གཞི། ཕྱོགས་མཚམས་སུ་རྩིག་པ་དང་འོད་ཟེར་འདུ་འཕྲོས་ལས་བསྐལ་བའི་རླུང་གིས་ཀྱང་མི་ཐར་བར་གྱུར། ཧཱུྃ། ང་ཡི་དཀྱིལ་འཁོར་ཞེས་ཚིག་བཞི་དང་། སྟེང་ཡང་བེ་ཅོན་ཞེས་སོགས་ཚིག་བཞིས་གསལ་གདབ། མ་རྃ་མིག་གཡས་པ་མ་ལས་ཉི་མའི་དཀྱིལ་འཁོར་རྃ་དམར་པོས་མཚན་པ་ལས། བཛྲ་ཛྭ་ལ་རྃ་ནས། ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་རྃ། ཡེ་ཤེས་ལྔ་ཡི་མེ་དཔུང་ཆེན་པོ་བྱུང་བགེགས་ཀྱི་ཕུང་པོ་རྣམས་བསྲེགས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེ་དཔུང་གིས་འཁྲིགས། ཧཱུྃ། སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་ནས། འགྱུར། ཞེས་པས་གསལ་གདབ། ཡྃ་ཧཱུྃ་ཤངས་ལ་ཡྃ་ལས་རླུང་གི་དཀྱིལ་འཁོར་ཧཱུྃ་དམར་པོས་མཚན་པ་ལས་ཡེ་ཤེས་ཀྱི་ལུང་ཆེན་པོ་བྱུང་། བསྲེག་པའི་ཐལ་བ་རྣམས་མི་གནས་པར་བྱས། ཨཱཿཧཱུྃ་མིག་གཡོན་པ་ཨཿལས་ཟླ་བའི་དཀྱིལ་འཁོར་ཧཱུྃ་དཀར་པོས་མཚན་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་དངོས་པོའི་ལྗན་ལྗིན་བཀྲུས། བགེགས་ཀྱི་ལུས་རྣམས་སླར་གསོས་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྔར་གྱི་ལས་ལ་འགྱོད་ཅིང་ཕྱིས་མི་འཚེ་བའི་དམ་བཅས་ཏེ་རང་རང་གི་གནས་སུ་དེངས། བཛྲ་ས་མ་ཡ་ཧཱུྃ་ཛཿས། བསྲུང་འཁོར་གྱི་ནང་མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་བཤགས་པའི་དཔང་པོར་སྤྱན་དྲངས། འཇམ་དཔལ་འཁོར་བཅས་ཞེས་ཚིག་ཉི་ཤུ་རྩ་གཅིག་དང་། རང་རིག་ཅེས་བཅོ་བརྒྱད་ཀྱིས་གསལ་གདབ། རྣལ་འབྱོར་པ་བདག་གིས་ཚེ་རབས་ནས་བསགས་པའི་མི་དགེ་བའི་ལས་ཉེས་བྱས་མཐའ་དག་དང་། ཁྱད་པར་དུའང་དང་པོ་གསང་སྔགས་ཀྱི་སྒོར་ཞུགས་རྩ་བ་དང་ཡན་ལག་གི་དམ་ཚིག་གཉན་པོ་མངོན་པར་མནོས་པ་ལས། གཞུང་བཞིན་དུ་བསྲུང་བ་རྔོ་མ་ཐོགས་ཏེ་ནོངས་པ་མཆིས་པ་རྣམས་རབ་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་ན། དངོས་གྲུབ་ཐོབ་པ་ལ་མི་སྒྲིབ་པར་ཚངས་པ་སྩལ་དུ་གསོལ། བྷྲཱུྃ་སྥ་ར་ཎ་ཕཊ། འོད་ཟེར་འཕྲོས་སྣོད་བཅུད་སྦྱངས། སྃ་ཧ་ར་ཎ་ཧཱུྃ་འདུས་འོད་དུ་ཞུ་བ་ལས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་བཅུད་ཀྱི་སེམས་ཅན་ལྷའི་རང་བཞིན་དུ་གསལ་བ་ལ་ཕྱོགས་བཞི་ཡེ་ཤེས་བཞི་ཡི་སྒོ་ནས་ཞུགས། དབང་དྲག་འབར་བའི་ཞེས་ཚིག་བཞིས་དང་། བྷྲཱུྃ་མཎྜ་ལ་པྲ་བེ་ཤ་ཡ་ཕཊ། ཅེས་གསལ། ལྷ་དང་གཞལ་ཡས་དེའང་ཡུལ་གུད་ན་ཡོད་པ་མ་ཡིན་ཏེ། རང་གི་རིག་པ་ཉིད་དེར་ཤར་བ་ལ་ཡུལ་རིག་གཉིས་སུ་མེད་པར་མཇལ་བ་བརྡའི་ཕྱག་གིས་མཚོན་ཞིང་ངོ་མཚར་བསྐྱེད་དོ། །དབང་དྲག་འབར་བའི་ཞེས་ཚིག་ལྔ་དང་། ཡ་མ་ནས། ཨ་ལ་ལ་ཧོས་གསལ། ཧཱུྃ། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ལྷ་མཆོག་གཤིན་རྗེའི་གཤེད་དང་སྨོན་ལམ་མཐུན་བསྡེབས་ནས། །དུས་འདིར་ཞལ་མཐོང་ཡི་དམ་ལྷར་གསལ་གྱིས། །ལྷ་མཆོག་ཁྱེད་ཀྱིས་བདག་ལ་བྱིན་གྱིས་རློབས། །བདག་ཀྱང་ཏིང་འཛིན་རྩེ་གཅིག་མི་གཏོང་གིས། །ཁྱེད་ཀྱི་ཐུགས་རྗེའི་བདག་ཡོངས་མ་བཏང་ཞིག །ཧཱུྃ་ཧཱུྃ་ཧཱུྃ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་བ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་ཐུགས་དམ་བསྐུལ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་མེད་དུ་གྱུར་པས་བྱིན་བསྐྱེད་བྱིན་བསྐུལ་དང་ལྡན་པར་གྱུར། གྲུ་གསུམ་དམར་ནག་ཅེས་ཚིག་ལྔས་གསལ། མི་དམིགས་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་དཀྱིལ་འཁོར་ལྷའི་རང་བཞིན་ཐབས་ཀྱི་རྡོ་རྗེ་རྩེ་ལྔ་པར་གྱུར། ཨཱོྂ་་མ་ཧཱ་བཛྲ་ཧཱུྃ། ཧཱ་ལས་དྲིལ་བུ་དཀྱིལ་འཁོར་གྱི་གཞལ་ཡས་ཁང་གི་རང་བཞིན་ཤེས་རབ་ཀྱི་དྲིལ་བུ་ཆོས་སྒྲ་སྒྲོག་པར་གྱུར། ཨཱོྂ་བཛྲ་དྷརྨ་གཎྜེ་ཧཱུྃ། བདག་ལྷར་གསལ་བའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས་དུང་ཕོར་གྱི་ཆུ་ལ་ཐིམ་བདུད་རྩི་འཁྱིལ་བ་ཞུ་བའི་བསང་ཆུ། ཨཱོྂ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཡང་ཐུགས་ཀ་ནས་ཨ་དཀར་པོ། དྷུ་སེར་པོ། པུ་སྔོན་པོ། རྃ་དམར་པོ། ག་ལྗང་གུ་རྣམས་འཕྲོས། མཆོད་ཆུ་ལྔ་ལ་ཐིམ། དེ་རྣམས་རིམ་པ། བཞིན་དུ་ཡོན་ཆབ། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ་ཐོགས་པའི་དཀར་སེར་སྔོ་དམར་ལྗང་བའི་མཆོད་པའི་ལྷ་མོ་ལྔ། ཨཱོྂ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨཱོྂ་བཛྲ་དྡྷུཔྤེ་ཨཱཿཧཱུྃ། ཨཱོྂ་བཛྲ་པུཥྤེ་ཨཱཿཧཱུྃ། ཨཱོྂ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨཱོྂ་བཛྲ་གནྡྷེ་ཨཱཿཧཱུྃ། ཀཾ་ལས་རྔེའུ་ཆུང་ཐབས་དང་ཤེས་རབ་ཉི་ཟླའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ཨཱ་ནས་ཨཱཿདང་ཀ་ཁ་ག་གྷ་ནས་ཀྵ་སྟེ། ཨཱ་ལི་ཀཱ་ལིའི་འཁོར་ལོ། དེའི་སྒྲས་བདེ་བར་གཤེགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། ཨཱོྂ་བཛྲ་དྷརྨ་ཀེཾ་ཀེཾ་ཧཱུྃ། ཨཱ་བྷྲཱུྃ། བདུད་རྩིའི་སྣོད་ཨ་ལས་བྷནྡྷ་རབ་ཏུ་ཡངས་པའི་ནང་དུ། བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་དེའི་སྟེང་དུ། དབུས་སུ་བྱང་སེམས་ལ་ཧཱུྃ་མཐིང་ག །ཤར་དུ་དྲི་ཆེན་ལ་ཨཱོྂ་དཀར་པོ། ལྷོར་ཤ་ཆེན་ལ་སྭཱ་སེར་པོ། ནུབ་ཏུ་རཀྟ་ལ་ཨཱྃ་དམར་པོ། བྱང་དུ་དྲི་ཆུ་ལ་ཧཱ་ལྗང་གུ། སྥ་ར་ཎ་ཕཊ། འབྲུ་ལྔ་ལས་འོད་ཟེར་འཕྲོས། སྃ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས། རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི་གྱུར། སྥ་ར་ཎ་ཕཊ། ཕྱག་མཚན་ལས་འོད་ཟེར་འཕྲོས། སྃ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས་དབུས་སུ་མི་བསྐྱོད། ཤར་དུ་རྣམ་སྣང་། ལྷོར་རིན་བྱུང་། ནུབ་ཏུ་མཐའ་ཡས། བྱང་དུ་དོན་གྲུབ་ལྔར་གསལ་བ་གྱུར། སྥ་ར་ཎ་ཕཊ། རིགས་ལྔ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུཾ། འདུས་རིགས་ལྔ་བདུད་རྩིར། འོད་དུ་ཞུ། ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་མཐེབ་སྲིན་གྱིས་བདུད་རྩི་དཀྲུགས། ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཨཱོྂ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨཱོྂ་བཛྲ་བི་ཤྭ་ཉེ་རེག་འཐོར་འཐུང་བྱ། དྷ་ཨ་མྲྀ་ཏེ་ཧཱུྃ་ཕཊ། པཱུ་ཛའི་མ་དག་པའི་སྐྱོན་སྦྱངས་། ཨཱོྂ་བཛྲ་ཡཀྴ་ཀྲོ་དྷ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས། །བགེགས་བསྐྲད ། བྷྲཱུྃ་པདྨ་བ་ལིཾ་ཏ་བི་ཤྭ་ཙཀྲ་བྷྲཱུྃ། སྒྲུབ་གཏོར་གྱི་སྣོད་ཟླ་གམ་དབང་གི་གཞལ་ཡས་ཁང་། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རྃ། གཏོར་མ་ཕྱི་ལྟར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། ནང་ལྟར་དུ་འཇམ་དཔལ་མ་རུ་རྩེ་ལྷ་ལྔར་གསལ་བས་མཆོད་སྟོབ་ཀྱི་གནས་སོ། །བྷྲཱུྃ་ཀ་པཱ་ལ་བ་ལིཾ་ཏ། མཆོད་པའི་གཏོར་སྣོད་བྷནྡྷ་རབ་ཏུ་ཡངས་པའི་ནང་དུ་གཏོར་མའི་རྫས་ཤ་ལྔ་བདུད་རྩི་ལྔ་དང་ལྡན་པར། དེའི་སྟེང་དུ་མ་སྭཱུརྱ་མཎྜ་ལ་ཧཱུྃ། ཉི་མ་ཧཱུྃ་གིས་མཚན་པ། པྃ་པདྨ་མཎྜ་ལ་ཨཱཿ པདྨ་ཨཱཿས་མཚན་པ། ཨ་ཙནྡྲ་མཎྜ་ལ་ཨོཾ། ཟླ་བ་ཨཱོཾ་གྱིས་མཚན་པ། སྥ་ར་ཎ་ཕཊ། འབྲུ་གསུམ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། ཐུགས་དམ་གྱི་རྒྱུད་བསྐུལ། སཾ་ཧ་ར་ཎ་ཧཱུྃ། འདུས་སྐྱེ་འགྲོའི་རྩི་བཅུད་དང་ཡེ་ཤེས་ཀྱི་བདུད་རྩི་བསྐུལ། ཧཱུྃ་འོད་དུ་ཞུ་དངོས་པོའི་མ་དག་པ་སྦྱངས། ཨཱཿའོད་དུ་ཞུ་མུ་ཏིག་ལྟར་དཀར་ལ་དྭངས་པའི་བདུད་རྩི། ཨཱོྂ་འོད་དུ་ཞུ་འདོད་ཡོན་གྱི་ལྷ་མོ་ལྔར་གསལ་ལ། ལས་ཀྱི་གཏོར་མ་དུག་གསུམ་ཤ་ཁྲག་རུས་པའི་ཕུང་པོ། ཨཱོྂ་བ་ལིདྟ་ཏེ་ཛྭ་བ་ལིངྟ་བ་ལ་བ་ཏེ་གུ་ཧྱ་ཏྲི་ཤྭ་ས་མ་ཡ་སྟྭཾ། བྷནྡྷ་ཀ་པཱ་ལ་བྷྲཱུྃ། རཏྣའི་སྣོད་བྷནྡྷ་རབ་ཏུ་ཡངས་པའི་ནང་དུ་པདྨ་མཎྜ་ལ་པདྨ་དམར་པོ་འདབ་མ་བརྒྱད་པ་ར་དམར་པོས་མཚན་པ་ལས། སྥ་ར་ཎ་ཕཊ། འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་ཁྲག་གི་རྒྱ་མཚོ་གཟར་བུ་རྡོ་རྗེར་གྱུར་པས་དཀྲུགས་པའི་རྦ་རླབས་ཀྱི་ཟེར་མ་འདོད་ཡོན་གྱི་ལྷ་མོར་གསལ་བར་གྱུར། ཨཱོྂ་རཀྟ་ཛྭ་ལ་ས་མུནྜ་མཎྜ་ལ་ཧཱུྃ། མི་དམིགས་པའི་ངང་ལས་ཀོང་བུ་ལྟར་སྣང་བ་ནི་ཡུམ་གྱི་མཁའ། སྡོང་བུ་ལྟར་སྣང་བ་ནི་ཡབ་ཀྱི་གསང་བ། མར་ཁུ་ལྟར་སྣང་བ་ནི་བདེ་ཆེན་བྱང་ཆུབ་ཀྱི་སེམས། འོད་ལྟར་སྣང་བ་ནི་ཡེ་ཤེས་ལྔའི་ངོ་བོ། ཨཱོྂ་ཛྙཱ་ན་ཨཱ་ལོ་ཀེ་ས་མ་ཡ་ཧཱུྃ། ཧཱུྃ། ཕྱི་ནང་གསང་བའི་ཞེས་ཚིག་བཞིས་གསལ། བཛྲ་ས་མ་ཡ་ཧཱུྃ་ཛཿ སེ་གོལ་བསྣོལ་མར་གདབ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ཚོགས་རྟེན་དུ་སྤྱན་དྲངས། རང་གི་ལུས་ཞིང་གི་རྡུལ་སྙེད་ཀྱི་གྲངས་སྤྲུལ་སྒོ་གསུམ་གུས་པའི་སྒོ་ནས། འཇམ་དཔལ་རྡོ་རྗེ་ཞེས་པ་ནས། བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པས་གསལ། ཚོགས་རྟེན་ལས་འོད་ཟེར་འཕྲོས་དབང་བཞི་རིམ་པར་སྩལ། སྒོ་གསུམ་གྱི་སྒྲིབ་པ་དག །ཚོགས་རྟེན་རྣམས་འོད་དུ་ཞུ་བ་དག་ལ་ཐིམ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀུན་གཞི་རང་བཞིན་གྱིས་གདོད་མ་ནས་སྟོང་པ་མ་བཅོས་པ་དེའི་ངང་ལས་མི་གཡོ་བར་གནས་པ། ཧཱུྃ། རྟོག་མེད་ཞེས་ཚིག་བཞི་དང་། ཨཱོྂ་མ་ཧཱས་གསལ། དེའི་ངང་ལས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ནམ་མཁའ་ལྟར་སྟོང་ལ་གོ་ཕྱེད་པས་སེམས་ཅན་གྱི་དོན་བྱེད་པ། ཆུ་ཟླའི་ཞེས་ཚིག་བཞི་དང་། དྷརྨཱས་གསལ། སྣང་སྟོང་དབྱེར་མེད་པའི་རང་བཞིན་ལས་རྒྱུའི་ཏིང་ངེ་འཛིན། རིག་པ་ཉིད་ཡི་གེ་ཧཱུྃ་དམར་པོ་སྣང་ལ་རང་བཞིན་མེད་པར་གསལ་བ། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་སྔར་བས་ཀྱང་གཟི་བརྗིད་དང་ལྡན་པར་གྱུར། ཧཱུྃ། ཡོད་དེ་ཞེས་ཚིག་བཞི་དང་། བཛྲ་ཙིཏྟས་གསལ། ཧཱུྃ་དེ་ལས་རིམ་པ་བཞིན་དུ་ཨེ་མཐིང་ནག་ཅིག་ཆད། སྥ་ར་ཎ་ཕཊ། ཨེ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས། ཀུན་ཏུ་བཟང་མོའི་རང་བཞིན་ནམ་མཁའ་མཐིང་ནག་གྲུ་གསུམ་རྒྱ་ཁྱོན་དཔག་ཏུ་མེད་པ། དེའི་སྟེང་དུ་ཡྃ་ལྗང་གུ་ཅིག་ཆད། སྥ་ར་ཎ་ཕཊ། ཡྃ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས་དམ་ཚིག་སྒྲོལ་མའི་རང་བཞིན། རླུང་གི་དཀྱིལ་འཁོར་ལྗང་ནག་རྡོ་རྗེ་རྒྱ་གམ་གྱི་དབྱིབས་ཅན་རྒྱ་ཁྱོན་དཔག་ཏུ་མེད་པ། དེའི་སྟེང་དུ་རྃ་དམར་པོ་ཅིག་ཆད། སྥ་ར་ཎ་ཕཊ། རྃ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས་ན་བཟའ་དཀར་མོའི་རང་བཞིན་མེའི་དཀྱིལ་འཁོར་དམར་ནག་གྲུ་གསུམ་རྒྱ་ཁྱོན་དཔག་ཏུ་མེད་པ། དེའི་སྟེང་དུ་ར་དམར་པོ་ཅིག་ཆད། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས་མཱ་མ་ཀཱིའི་རང་བཞིན་ཁྲག་གི་རྒྱ་མཚོ་དམར་ཞིང་ཟླུམ་པ་རྒྱ་ཁྱོན་དཔག་ཏུ་མེད་པ། དེའི་སྟེང་དུ་སུྃ་སྨུག་པོ་ཅིག་ཆད། སྥ་ར་ཎ་ཕཊ། སུྃ་ལས་འོད་ཟེར་འཕྲོས། སྃ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས་སངས་རྒྱས་སྤྱན་གྱི་རང་བཞིན་ཞིང་ཆེན་གྱི་ས་གཞི་སྨུག་པོ་གྲུ་བཞི་རྒྱ་ཁྱོན་དཔག་ཏུ་མེད་པ། དེའི་སྟེང་དུ་ཀེཾ་ཁ་དོག་སྣ་ཚོགས་པ་ཅིག་ཆད། སྥ་ར་ཎ་ཕཊ། ཀེཾ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས་ཡུམ་ལྔ་འདུས་པའི་རང་བཞིན་ཀེཾ་རུས་ཀྱི་རི་རབ་ཁ་དོག་སྣ་ཚོགས་རྒྱ་ཁྱོན་དཔག་ཚད་བརྒྱད་ཁྲི་གྱེན་དུ་སྤགས་པ། ཨེ་གྲུ་གསུམ་ནས། ཀུན་ཏུ་འཕྲོ། ཞེས་པས་གསལ། རྩ་བའི་ཧཱུྃ་ལས་བྷྲཱུྃ་སྨུག་ནག་ཅིག་ཆད། རི་རབ་ཀྱི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་བྷྲཱུྃ་དང་བཅས་པ་འཐོན། སྥ་ར་ཎ་ཕཊ། བྷྲཱུྃ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས། བྷྲཱུྃ་བི་ཤྭ། ཡེ་ཤེས་ཆེན་པོའི་གནས་སྣང་ཚུལ་ཐོད་པ་ཚར་གསུམ་རཀྟའི་སྤྱིན་གྱིས་སྦྱར་ཞིང་གནམ་ལྕགས་ཀྱི་གཟེར་བཏབ་པ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་བྷནྡྷ་ལྕང་ལོ་ཅན་གྱི་ཁ་བད། སྦྲུལ་ནག་དང་བ་སུ་ཏའི་ཟ་ར་ཚག །ཆུ་སྲིན་གྱི་ཐོད་པའི་མདའ་ཡབ་ཀྱིས་བརྒྱན་པ། སྒོ་བཞིར་རུས་སྦལ་གྱི་མ་ཐེམ་ཞིང་གི་ཀེའུ། ཀ་རུ་ཎའི་ཡ་ལྕིབས། ཆུ་སྲིན་གྱི་ཐོད་པའི་རྟ་བབས་བརྒྱད་ཀྱིས་མཛེས་པ། དེའི་ཕྱི་རིམ་རྡོ་རྗེ་མེ་རིའི་སྲུང་འཁོར་གྱི་ནང་དུ་དུར་ཁྲོད་ཆེན་པོའི་གནས་བརྒྱད་ཀྱིས་བསྐོར་བ། ཕྱི་དང་ནང་མེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ་ལ་རབ་ཏུ་འཇིགས་ཤིང་སྐྱི་གཡའ་བར་སྣང་བ། ཕོ་བྲང་ཆེན་པོ་དེའི་ནང་གི་དབུས། གྲུ་གསུམ་དམར་པོ་ཁ་གདེངས་ཆེ་ལ་གཏིང་ཟབ་པ། ཕྱི་ཐོད་སྐམ་གྱི་རྩིག་པས་བསྐོར་བས། ནང་ཟླ་གམ་དམར་པོ་གསུམ་དང་ལྡན་པ། དེའི་ཕྱི་རིམ་དུ་ཙཀྲ་རྩིབས་བཞི་རྡོ་རྗེའི་ར་བས་བསྐོར་བའི་གྲུ་ཆད་ལྗང་གའི་མཐར་ཁྲག་ཁྱམས་དང་བཅས་པ། རུས་སྦལ་གྱི་ཀ་གདན། ཞིང་གི་ཀ་བ། ཆུ་སྲིན་གྱི་ག་ཞུ། ཚངས་པའི་གདུང་། ཀླུ་བདུད་ཀྱི་ཕྱམ། རྒྱུ་སྐར་གྱི་དྲལ་མ། ཞིང་ལྤགས་ཀྱི་ཐོག །ཉི་ཟླའི་མཐོང་ཁུང་། གཟའ་བརྒྱད་ཀྱི་ཁ་བད་བྱས་པ། སྟེང་དུ་ཙིཏྟའི་ཏོག་དང་གྲུ་བཞིར་ཞིང་གི་རྒྱལ་མཚན་འཕྱར་བའི་དུར་ཁྲོད་འབར་བའི་གཞལ་ཡས་ཆེན་པོར་གསལ་བ། དུར་ཁྲོད་འབར་བ་ཞེས་ཚིག་བརྒྱད་ཀྱིས་གསལ། དབུས་ཀྱི་གྲུ་གསུམ་རཀྟའི་རྒྱ་མཚོ་སྟེང་དུ་ཡ་མ་ཏི་ར་བྃ་གཤིན་རྗེ་ཕོ་མོ་བྱི་བཅིངས་སུ་བསྣོལ་བ། དེའི་སྟེང་དུ་མ་ཧེ་མཎྜ་ལ། མ་ཧེ་གླང་རྒོད་ཕོ་མོས་བརྫིས་པའི་ཁྲི། དེའི་སྟེང་དུ་པཾ་པདྨ་མཎྜ་ལ་པདྨའི་གདན། མ་སཱུརྱ་མཎྜ་ལ་ཉི་མའི་གདན། ཨ་ཙནྡྲ་མཎྜལ་ཟླ་བའི་གདན། དབུས་ཀྱི་གྲུ་གསུམ་ཕྲིན་ལས་གཞུང་དུ་མཐིང་ནག་ཅེས་འབྱུང་ནའང་དམར་ནག་ཅེས་སྦྱར་ན་ཕྱི་འགྱུར་དང་མཐུན་ནོ། །ཞེས་ཚིག་ལྔས་གསལ་གདབ། འཁོར་ལོ་རྩིབས་བཞིའི་ཤར་དུ་དྲི་ཟ་ཕོ་མོ། ལྷོར་གཤིན་རྗེ་ཕོ་མོ། ནུབ་ཏུ་ཀླུ་དབང་ཕོ་མོ། བྱང་དུ་གནོད་སྦྱིན་ཕོ་མོའི་གདན། རྩིབས་མཆན་བཞི་ལ་མར་ཁུ་སྦྲང་རྩི་ཁྲག་དང་འོ་མའི་མཚོ་ཡི་གདན་རྣམས་གསལ་བ། རྒྱུའི་ཡི་གེ་ཧཱུྃ་དམར་པོ་དབུས་ཀྱི་གདན་ཐོག་ཏུ་བབས། སྥར་ར་ཎ་ཕཊ། ཧཱུྃ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ཎ་ཧཱུྃ། སླར་འདུས་འོད་དུ་ཞུ་བ་ལས། ཛྙཱ་ན་ཙཀྲ་མཎྜ་ལ། ཡེ་ཤེས་ཀྱི་ཙཀྲ་རྩིབས་བརྒྱད་དུ་གྱུར། སྥར་ཎ་ཕཊ། ཙཀྲ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། འདུས་འོད་དུ་ཞུ་བ་ལས། ཨཱོྂ་ཤྲཱི་མཉྫུ་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ། བདག་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར་བ་རབ་ཏུ་གཏུམ་པ་གེལ་པའི་ཆ་བྱད་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པ་མེའི་འཁོར་ལོ་འོད་དང་བཅས་པ། གཡོན་པ་རླུང་གི་འཁོར་ལོ་བསྣམས་པ། སྤྱན་གསུམ་སྡང་མིག་གྱེན་དུ་ལྡོག་པའི་གཡས་པ་དམར་ལ་བགྲད་པ་ལས་མེའི་ཚྭ་ཚྭ་འཕྲོ་བ། གཡོན་པ་མཐིང་ལ་བགྲད་པ་ལས་ལས་ཀྱི་ཚྭ་ཚྭ་འཕྲོ་བ། སྨིན་མ་གློག་སྟོང་འཁྱུག་པའི་འོད་ལྟར་འཕྲོ་བ། ཨག་ཚོམ་དམར་སེར་བསྐལ་པའི་མེ་ལྟར་འབར་བ། མཆེ་བ་དཀར་པོ་ཟླ་ཚེས་ལྟར་གཙིགས་པའི་གཡས་ན་རཀྟའི་ཆུ་ཆེན་ཤིང་རྟའི་འཕང་ལོ་ཙམ་འབབ་པ། གཡོན་ན་ཡེ་ཤེས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོ་བས་དགྲ་བགེགས་ཀྱི་ཙིཏྟ་འདྲེན་པ། ཞལ་ནས་ཁྲོ་བོའི་གད་རྒྱང་ཧཱུྃ་ཧཱུྃ་ཕཊ་ཕཊ་དྲག་ཏུ་སྒྲོག་པ། ཤངས་ནས་བསྐལ་པའི་རླུང་ནག་གི་འཚུབས་མ་རབ་ཏུ་འཚུབས་པ། དབུ་སྐྲ་ཁམ་ནག་འཁྱིལ་བའི་གསེབ་ནས་སྤྲུལ་པའི་ཁྲོ་ཆུང་དུ་མ་འཕྲོ་བ། རལ་པའི་རྩེ་ལ་བྷནྡྷ་ལྕང་ལོས་བརྒྱན་བ། སྐུ་སྟོད་ལ་ཞིང་གི་གཡང་གཞི་དང་གླང་ཆེན་གྱི་ཀོ་རློན་གསོལ་བ། སྐུ་སྨད་ལ་སྟག་གི་ཤམ་ཐབས་དཀྲིས་པ། ཐོད་པ་སྐམ་པོ་ལྔ་ཡི་དབུ་བརྒྱན་ཅིང་། ཐོད་རློན་ལྔ་བཅུ་རྩ་བཞིའི་དོ་ཤལ་འཕྱང་བ། སྦྲུལ་རིགས་ལྔས་སྙན་ཆ་དང་དབུ་རྒྱན། མགུར་ཆུ། དོ་ཤལ། དཔུང་རྒྱན། སྐེ་རགས་བྱས་པ། ཐལ་ཞག་རཀྟ་ཆེན་པོའི་ཐིག་ལེས་མཚན་པ། ཞབས་གཉིས་བརྐྱངས་བསྐུམ་གྱི་ཚུལ་དུ་རབ་ཏུ་བརྗོད་པའི་སྐུ་ཆེན་པོར་གསལ་བ། ཧཱུྃ། འཇམ་དཔལ་ཁྲོས་པ་ཞེས་ཚིག་ལྔས་གསལ། ཐུགས་ཀ་ནས་ཡི་གེ་ཏྲག་དམར་པོ་གཅིག་གཡོན་ཕྱོགས་སུ་ཆད། སྥ་ར་ཎ་ཕཊ། ཏྲག་ལས་འོད་ཟེར་འཕྲོས། སྃ་ཧ་ར་ཎ་ཧཱུྃ། སླར་འདུས་འོད་དུ་ཞུ། ཏྲག་རཀྴ་མ་མ་ཨེ་ཀ་ཛཱ་ཏི་ཛཿཛཿ ཡུམ་ཆེན་ཨེ་ཀ་ཛཱ་ཏི་སྐུ་མདོག་དམར་སྨུག་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་པ་ཏྲི་ཤུ་ལ་ཐོགས་ནས་ཡབ་ལ་འཁྱུད་པ། གཡོན་པ་ཐོད་ཁྲག་གཙོ་བོ་ལ་སྟོབ་པ། རེ་ལྡེའི་ཤམ་ཐབས་ཅན་ཤིན་ཏུ་ཁྲོ་ཞིང་རྔམས་པ། ཅུང་ཟད་འཛུམ་པའི་མདངས་ཀྱིས་ཡབ་ལ་བལྟ་ཞིང་སྦྱོར་བའི་པཱུ་ཛ་འབུལ་བ། དེ་དང་ཞེས་ཚིག་བཞིས་གསལ། གཙོ་བོའི་སྤྱན་ཤངས་ལྗགས་ཐུགས་ཀ་སྟེ་གནས་བཞི་ནས་ཡི་གེ་ཛ་ཛ་ཛཿདམར་པོ་འཕྲོས། འཁོར་ལོ་རྩིབས་བཞིའི་གདན་སྟེང་དུ་ཆད། སྥ་ར་ཎ་ཕཊ། ཛཿབཞི་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་འོད་དུ་ཞུ། པྲ་མ་རཱ་ཛ་ནི་ཛཿ ཤར་ཕྱོགས་དྲི་ཟའི་གདན་གྱི་སྟེང་དུ། སྲིན་པོ་མ་རུ་རྩེ་གཡས་སྤུ་གྲི་གཡོན་ཐོད་པ་འཛིན་པ། ཡ་མ་རཱ་ཛ་ནི་ཛ། ལྷོ་ཕྱོགས་གཤིན་རྗེའི་གདན་གྱི་སྟེང་དུ། གཤིན་རྗེ་མ་རུ་རྩེ་གཡས་བེ་ཅོན་གཡོན་སྡིགས་མཛུབ་མཛད་པ། དྷ་ཤ་གྷྲྀ་བ་ཛཿ ནུབ་ཕྱོགས་ཀླུའི་གདན་གྱི་སྟེང་དུ། བདུད་པོ་མ་རུ་རྩེ་གཡས་རལ་གྲི་གཡོན་ཞགས་པ་འཛིན་པ། ཀུ་བེ་རཱ་ཛ་ཛཿ བྱང་ཕྱོགས་གནོད་སྦྱིན་གྱི་སྟེང་དུ། གནོད་སྦྱིན་མ་རུ་རྩེ་གཡས་བསྭེའི་ལྡན་མཁར་དང་གཡོན་ཐོད་པ་འཛིན་པ། ཐམས་ཅད་ཀྱང་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རང་འདྲའི་ཡུམ་དང་སྦྱོར་ཞིང་དུར་ཁྲོད་ཀྱི་རྒྱན་ཆས་ཀྱིས་བརྒྱན་པ། གཉིས་མེད་ཞེས་ཚིག་དྲུག་གིས་གསལ། གཙོ་བོའི་ཡན་ལག་བཞི་ལས་ཡི་གེ་མ་མ་མ་མ་དམར་པོ་འཕྲོས་པས། རྩིབས་མཆན་གྱི་མཚོ་བཞིའི་སྟེང་དུ་ཆད། སྥ་ར་ཎ་ཕཊ། མ་བཞི་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་འོད་དུ་ཞུ། སུ་ཏྲི་པ་ལ། ཡ་བ་ཙིཏྟ། ཡོ་གི་ཤྭ་རི། ཡ་མ་ཙིཏྟ། ཤར་ལྷོ་མར་ཁུའི་མཚོའི་སྟེང་དུ་རྡོ་རྗེས་བྱིན་ཆེན་མོ། ལྷོ་ནུབ་སྦྲང་རྩིའི་མཚོའི་སྟེང་དུ་རྡོ་རྗེ་དེ་བྱིན་ཆེན་མོ། ནུབ་བྱང་ཁྲག་མཚོའི་སྟེང་དུ་རྡོ་རྗེ་བསྭེ་བྱིན་ཆེན་མོ། བྱང་ཤར་འོ་མའི་མཚོའི་སྟེང་དུ་རྡོ་རྗེ་ཕག་བྱིན་ཆེན་མོ་རྣམས་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་གཡས་རིགས་བཞིའི་རང་རྟགས་ཀྱི་ཕྱག་མཆན་དང་གཡོན་ཐོད་པ་འཛིན་པ། ཁྲོ་མོའི་ཆ་ལུགས་ཅན་དུར་ཁྲོད་ཀྱི་རྒྱན་ཆས་ཀྱིས་བརྒྱན་པ། འཇམ་དཔལ་ཡན་ལག་ཅེས་ཚིག་བཞིས་གསལ། ཁྱམས་ལ་གིང་ཕོ་དགུ་མོ་དགུ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོའི་ཆ་ལུགས་འཛིན་པ། སྒོ་བཞིར་བསྭེའི་སྐྱེས་བུ་བཞི་ཕྱག་ན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། ཐམས་ཅད་རིགས་ལྔའི་ངོ་བོར་འདུས་ཏེ་མདུན་གྱི་ནམ་མཁར་བྱོན། ཨཱོྂ་ཧ་ར་པཱུ་ཛ་ཨཱཿཧཱུྃ། དྷུཔྤེ། པུཥྤེ། དཱི་པ། གྷནྡྷེ། ནཻ་ཝི་དྱཱ། ཤཔྟ་ཨཱཿཧཱུྃ། མ་ཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཛཿ ཨཱཿཧཱུྃ། མ་ཧཱ་བཱ་ལིདྟ་པཱུ་ཛ་ཨཱཿཧཱུྃ། མ་ཧཱ་རཀྟ་པཱུ་ཛ་ཨཱཿཧཱུྃ། རྒྱལ་བ་རིགས་ལྔས་དབང་བསྐུར་བར་སྩལ་དུ་གསོལ། རིགས་ལྔ་འོད་དུ་ཞུ། དབུའི་གནས་ལྔར་ཐིམ་ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་རིགས་ལྔར་གསལ་བ། དབང་རྟགས་སུ་ཐོད་པའི་ཁང་བུ་ལྔར་ཡབ་ལ་ཁྲོ་བོ་རིགས་ལྔ། ཡུམ་ལ་ཁྲོ་མོ་ལྔ། འཁོར་རྣམས་ལ་རིགས་སོ་སོས་དབུ་བརྒྱན། དེ་དག་གསལ་ཞེས་གསུམ་དང་། ཧཱུྃ་བཛྲ་ཀུ་ལ། ཞེས་གསལ། སྤྱི་བོ་དུང་ཁང་གི་ནང་དུ་ཨ་ལས་ཟླ་བ་ལ་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པྃ་ལས་པདྨ་དམར་པོ་ཨཱྃཿགིས་མཚན་པ། ཐུགས་ཀར་མ་ལས་ཉི་མ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། སྥ་ར་ཎ་ཕཊ། འབྲུ་གསུམ་ལས་འོད་ཟེར་འཕྲོས། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་འོད་དུ་ཞུ་གནས་གསུམ་དུ་ཐིམ་པ་ལས། སྤྱི་བོར་རྣམ་པར་སྣང་མཛད། དེའི་དུང་ཁང་དུ་འཁོར་ལོ་དཀར་པོ་ཨཱོྂ་གྱིས་མཚན་པ། མགྲིན་པར་སྣང་བ་མཐའ་ཡས། དེའི་མགྲིན་པར་པདྨ་དམར་པོ་ཨཱྃཿགིས་མཚན་པ། སྙིང་གར་རྡོ་རྗེ་མི་བསྐྱོད་པ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ཨཱོྂ་ཨ་ཀྲོ་ཏེ་ཀ་ཞེས་པས་གསལ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགོངས་པ་ཆོས་ཉིད་ཀྱི་ངང་ན་བཞུགས་པ་དེ། ལོངས་སྤྱོད་རྫོགས་པའི་སྐུར་རོང་གིས་བཞེངས་ཏེ། འགྲོ་བའི་དོན་ལ་བྱོན་མ་རག་པར་གྱུར། དད་པ་དང་ཞེས་ཚིག་བཅུ་གཉིས་ཀྱིས་གསལ། ཐུགས་ཀ་ནས་ཛཿཧཱུྃ་བྃ་ཧོཿལས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་ལྷ་མོ་བཞི་འཕྲོས། ལྕགས་ཀྱུ་མས་བསྐུལ། ཞགས་པ་མས་སྤྱན་དྲངས། ལྕགས་སྒྲོག་མས་བསྐྱོད། དྲིལ་བུ་མས་དགྱེས་པ་བསྐྱེད། མདུན་གྱི་ནམ་མཁའ་ལ་མེ་རི་འདབ་འདྲེས་ཀྱི་ཚུལ་དུ་བྱོན་པར་གྱུར། དམར་ནག་གྲུ་གསུམ་འབར་བའི་ཞེས་པ་ནས། འཇམ་དཔལ་ཡན་ལག་གཅེས་ཚིག་ལྔ་ཡན་གྱིས་གསལ། པྲ་བེ་ཤ་ཡ་ཕཊ། གཞལ་ཡས་ཁང་དང་ཐུགས་ཀྱི་སྒོ་ཕྱེ། ཨ་བེ་ཤ་ཡ་ཨ། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་གྱུར། བདག་གི་བསམ་པ་མ་གྲུབ་ཀྱི་བར་དུ་བརྟན་པར་བཞུགས། མགོན་པོ་ཐུགས་རྗེ་ཞེས་ཚིག་བཅོ་བརྒྱད་ཀྱིས་གསལ། དེ་ལ་གཉིས་སུ་མེད་པར་ཕྱག་འཚལ་བ་ནི། ཧཱུྃ། གདུག་པ་འདུལ་མཛད་ཞེས་སོགས་ཀྱིས་གསལ། ཐུན་མོང་གི་པཱུ་ཛ་འབུལ་བ་ནི། ཡི་དམ་ལ་སོགས་པས་གསལ། བདུད་རྩི་སྨན་གྱི་མཆོད་པ་ནི། རང་བྱུང་གདོད་ནས་ཞེས་ཚིག་ལྔས་གསལ་གདབ་ཅིང་བྱིན་གྱིས་བརླབ། བྱེ་བྲག་ལྷ་སོ་སོ་ལ་དབུལ་བ་ནི། ཐོག་མར་བླ་མ་བརྒྱུད་པ་ལ། དེ་ནས། བསྐལ་པ་མེ་ལྟར་ཞེས་གཞུང་བཞིན་དང་། དབེན་གནས་ཆོས་སྐྱོང་སོགས་མགྲོན་ཅི་རིགས་པ་ལ་དབུལ་ལོ། །རང་རིག་གིས་བཤགས། ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་དངོས་གྲུབ་ཀྱི་རང་བཞིན་ཨཱོྂ་ཨཱཿཧཱུྃ་བདུད་རྩིའི་ནང་དུ་བབས། དཔལ་ལྡན་རྡོ་རྗེ་ཞེས་སོགས་དང་། ཀཱ་ཡ་ནས་སིདྡྷི་ཧཱུྃ་གིས་སྤྱི་བོ་མགྲིན་པ་སྙིང་གར་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། གསང་མནན་ནི། ཧཱུྃ། དུག་ལྔ་བདུད་རྩི་ཞེས་ཚིག་བཞི་དང་སྔགས་ཀྱིས་དབུལ། ཧཱུྃ། དམེ་གཏོར་ཞེས་ཚིག་དྲུག་དང་སྔགས་ཀྱིས་དབུལ། མཆོད་པའི་གཏོར་མ་ཕྱི་ལྟར་འདོད་ཡོན་གྱི་ལྷ་མོ་ལྔར་གསལ་བ་དཀྱིལ་འཁོར་ལྷའི་དབང་པོ་ལྔ་ལ་ཐིམ། དམ་རྫས་རཀྟའི་མཆོད་པ་ནི། ཡབ་གཅིག་འཇམ་དཔལ་ཞེས་སོགས་རིམ་པས་དབུལ། དུག་ལྔ་རྣམ་དག་གི་མཆོད་པ་ནི། དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་རྣམས་རཀྟ་ལ་ཐིམ་པར་གྱུར། ཧཱུྃ། མགོན་པོ་གཤིན་རྗེ་ཞེས་སོགས་ཚིག་སུམ་ཅུ་རྩ་དྲུག་སྔགས་དང་བཅས་པས་དབུལ། བདག་གི་ཐུགས་ཙིཏྟ་རིན་པོ་ཆེ་གུར་ཕུབ་པ་ལྟ་བུའི་ནང་རཏྣ་ཟུར་བརྒྱད་པ་ལྟ་བུའི་ལྟེ་བ་ལ། ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་འགྲེངས་པ། དེའི་ལྟེ་བ་ལ་ཧཱུྃ་དམར་པོ་ཡུངས་འབྲུ་ཙམ་གསལ། འཁོར་ལོ་རྩིབས་བརྒྱད་ལ་སྔགས་མེ་སྟག་ལྟ་བུས་བསྐོར་བ། དེ་ལས་འོད་ཟེར་བྱུང་། ལྗགས་སྟེང་དང་དུང་ཁང་བརྒྱུད་དེ་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ལྷར་གསལ་བར་བྱས། ཡང་འོད་ཟེར་འཕྲོས་པས་སྐུ་སྣང་སྟོང་། གསུང་གྲགས་སྟོང་། ཐུགས་གསལ་སྟོང་དབྱེར་མེད་དུ་གསལ་བ། དེ་ཡང་འོད་ཟེར་ཕར་འཕྲོས་མཆོད་པ་ཕུལ། ཐུགས་དམ་གྱི་བརྒྱུད་བསྐུལ། ཚུར་འདུས་སིདྡྷི་ཐོབ་པར་གྱུར། ཨཱོྂ་ཤྲཱི་བསྙེན་པའི་སྔགས་གྲངས་བདུན་འབུམ་ཉི་ཁྲིའོ། །མཉྫུ་ཀུ་མཱ་ར་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཨཱོྂ་ཤྲཱི་ཉེ་བར་བསྙེན་པའི་སྔགས་གྲངས་འབུམ་ཕྲག་གཅིག་གོ། །མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཙ་ཏི་ཛཿཛཿ གུང་ལ་ཐོག་ཐོག་དང་། དཔལ་འབར་དབང་ཕྱུག་གིས་བསྟོད། མཐེ་བོང་ཨ་ལས་ཟླ་བའི་དཀྱིལ་འཁོར། གུང་མོ་མ་ལས་ཉི་མའི་དཀྱིལ་འཁོར། སེ་གོལ་བསྣོལ་མར་གདབ་ཅིང་། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་རྣམས་མཁྱེན་པར་མཛད་ཅིང་བདག་ལ་དགོངས་སུ་གསོལ། བདག་གིས་རྒྱལ་བའི་བཀའ་བདེན་པ་འདི་འགྲུབ་པར་གྱུར་ཅིག །མཆོག་ཐུན་མོང་གི་སིདྡྷི་ཐོབ་ནས་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཐོབ་ནས་ཀྱང་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པའི་ཕྲིན་ལས་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད། བཛྲ་ཏྲཾ། ཚོགས་ཀྱི་སྣོད་ཕྱིར་ལྟར་རཏྣའི་སྣོད་རབ་ཏུ་ཡངས་པར་བཅུད་ལྷ་ཡི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ། ནང་ལྟར་དུ་སྣོད་ཨ་ལས་བྷནྡྷ་འབར་བའི་སྣོད་རབ་ཏུ་ཡངས་པར་བཅུད་ཤ་ལྔ་བདུད་རྩི་ལྔའི་ཕུང་པོ་ཨཱོྂ་བཛྲ་ཨ་མྲྀ་ཏ་ཧཱུྃ། རྃ་ཡྃ་ཁྃ། དངོས་པོ་བསྲེག་སྦྱངས་བཀྲུས། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། དངོས་པོའི་སྐྱོན་སྦྱངས། ཨཱཿསྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཡེ་ཤེས་ཀྱི་བདུད་རྩིར་ཞུ། ཨོཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་དུ་གསལ་བ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་མཎྜ་ལ་ཧཱུྃ། ཨཱོྂ་ཤྲཱི་མཉྫུ་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ། པྲ་མ་ར་ཛ་ནི་ཛཿ ཡ་མ་རཱ་ཛ་ནི་ཛཿ དྷ་ཤ་གྷྲི་བ་ཛཿ ཀུ་བེ་རཱ་ཛ་ཛཿ སུ་ཏྲི་པ་ལ། ཡ་བ་ར་ཙིཏྟ། ཡོ་གི་ཤྭ་རི། ཡ་མ་ཙིཏྟ་ཧཱུཾ། ཧཱུྃ། དམར་ནག་དྲག་པོའི་ཞེས་ཚིག་བཞིས་དྲངས། བླ་མེད་མཆོད་ཞེས་པས་དབུལ། བསྐང་ངོ་བསྐལ་ཞེས་པས་བསྐང་། བཅོམ་ལྡན་དཔལ་ཆེན་ཞེས་ཚིག་བཞིས་མཆོད། བཅོམ་ལྡན་འཇམ་དཔལ་ཞེས་ཚིག་བཞིས་བཤགས། ཁྲག་འཐུང་འཇིག་བྱེད་ཞེས་དྲུག་གིས་བསྟབ། རྣལ་འབྱོར་པ་ཚོགས་ལ་རོལ། ཚོགས་ཀྱི་སྨོན་ལམ་ཡང་བྱའོ། །པདྨ་བ་ལིངྟ་བི་ཤྭ་ཙཀྲ་བྷྲཱུྃ། ཨཱོྂ་ཤྲཱི་མཉྫུ་ནས། ཡ་མ་ཙིཏྟ་ཧཱུྃ། དཔལ་གཏོར་ལྷ་དང་གཞལ་ཡས་ཁང་དུ་གསལ་བ། བྷྲཱུྃ་བྷནྡྷ་ཀ་པཱ་ལ། མཆོད་གཏོར་སྔར་བཞིན། ནམ་མཁའ་ཡངས་པའི་ཞེས་ཚིག་བཞིས་དྲངས། ཤྲཱི་མཉྫུ་ཞེས་དབུལ། འདོད་དོན་གསོལ། ཧཱུྃ་ཧཱུྃ་ཡེ་ཤེས་པ་རང་ལ་བསྟིམ། ཨཱོྂ་བཛྲ་ཨ་མྲྀ་གཏོར་མ་ཕབ་ལ། ཏ་ཧཱུྃ་ཕཊ། ཨཱོྂ་ཨཱ་ཧཱུྃ། བཅོམ་ལྡན་དཔལ་ཞེས་ཚིག་བཞི་བཅུས་གསལ། བཅོམ་ལྡན་འཇམ་དཔལ་ཞེས་སྦྱིན། ལྷག་ཕུད་མཚམས་སྦྱར། ཨཱོྂ་ཤྲཱི་མཉྫུ་ནས་ཡ་མ་ཙིཏྟ་ཧཱུྃ། འཁོར་རྣམས་རིམ་གྱིས་གཙོ་བོ་ལ་ཐིམ། གཙོ་བོ་ཐུགས་ཀའི་ཡེ་ཤེས་སེམས་དཔལ་ལ་ཐིམ། དེ་ཐུགས་ཀའི་ཧཱུྃ་ལ། དེ་ཞབས་ཀྱུ་ལ་ཐིམ། དེ་ཧ་ལ་ཐིམ། དེ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། དེ་མི་དམིགས་པ་ཆོས་ཀྱི་སྐུ་རུ་ལ་བཟླ་བར་གྱུར། ཨཱོྂ་ཤྲཱི་མཉྫུ་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ། སྟོང་པའི་ངང་ལས་སྐད་ཅིག་གིས་གཤིན་རྗེའི་གཤེད་ཡབ་ཡུམ་དུ་གསལ་བ། དེའི་སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཧཱུྃ་ཁ་དོག་ལྔ་ལྡན་གྱིས་མཚན་པ། དེ་འོད་དུ་ཞུ་སྣ་ཚོགས་རྡོ་རྗེར་གྱུར། ཨཱོྂ་བཛྲ་ཀཱ་བཱ་ཙི་རཀྵ་ཧཾ། རྒྱ་གྲམ་ལས་བྱུང་བའི་རྡོ་རྗེ་ཕྲ་མོ་གྲངས་མེད་པའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གྱུར། ཨྃ་བྃ་ཏུྃ། རྡོ་རྗེས་ལུ་གུ་རྒྱུད་དུ་བཅིངས་པའི་གནས་ལྔར་མདུན་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་རེ་རྡོ་རྗེའི་དྲྭ་མིག་རྣམས་ཁྲོ་ཆུང་གིས་གཏམས་པར་གྱུར། སྨོན་ལམ་བཀྲ་ཤིས་བརྗོད། བཅོམ་ལྡན་འཇམ་དཔལ་དམར་པོ་ཕྱིས་འགྱུར་གྱི་མངོན་རྟོགས་རྒྱུན་ཁྱེར་གྱི་རིམ་པ་ངག་ཏུ་བརྗོད་ཚུལ། བླ་མ་དམ་པ་ལྷ་རྗེ་བཀྲ་ཤིས་དར་གྱིས་མཛད་པའི་སྒོམ་བྱང་། པཎ་ཆེན་དྷ་ན་ད་ལའི་ལུགས་གཙོ་བོར་བྱས་པ་ལས་མ་གཡོས་པར་བཀོད་པ་འདི་ནི། དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་རྔོག་སྟོན་མི་བསྐྱོད་རྡོ་རྗེས་བདག་སོགས་བློ་དམན་གྱི་སློབ་བུའི་དོན་དུ་མཛད་པའོ། །སྒོམ་བྱང་ནི་བསམ་པར་བྱ་བ་ལས་ངག་ཏུ་བརྗོད་པར་མི་བདེ། མ་བརྗོད་ན་མི་གསལ་ཞིང་བློ་དམན་གྱིས་མི་རྟོགས་པས་དེ་ཡི་ཕྱིར་རོ། །ཕྲིན་ལས་ཀྱི་གཞུང་འདི་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པར་མངོན་ཏེ། འདི་ལ་བརྟགས་དགོས་པར་སྣང་པདྨས་གཤིན་རྗེ་ཕྱོགས་མདོག་ལེགས་པར་གསུངས་པས་སོ། །བཞེད་པ་དམ་པ་ལྟར་གསལ་བས་སོ།། ༈ །།བཞི་པ་སྒྲུབ་ཐབས་བསྐྱེེད་རིམ་དང་མངོན་སྤྱོད་ཀྱི་སྤྱི་ཁོག་རྣམ་བཤད་ཀྱི་སྐོར་ལ་དཔེ་ཚན་གསུམ་ཡོད་དེ།
སྙན་བརྒྱུད་རིན་ཆེན་ཕྲེང་བ་ཞེས་བྱ་བ།
སྙན་བརྒྱུད་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དང་དབྱེར་མེད་པའི། །བླ་མའི་ཞབས་ལ་སྤྱི་བོས་འདུད། །འཇམ་དབྱངས་རྒྱུད་ལས་ངེས་གསུངས་པའི། །གྲུབ་ཐོབ་སྙན་ཁུང་བརྒྱུད་པའི་དོན། །སུམ་ཕྲུགས་མན་ངག་བརྗེད་ཐོ་བྲི། །སྣོད་ལྡན་རྣམས་ཀྱིས་གསང་ཞིང་སྤྱོད། །བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་བསྒྲུབ་པའི་ཐབས་ཀྱི་རིམ་པ་ལ། ཉམས་སུ་བླང་བའི་མན་ངག་བླ་མ་གྲུབ་པ་ཐོབ་པ་རྣམས་ཀྱི་ཞལ་གྱི་བདུད་རྩི། སྙན་ཁུང་བརྒྱུད་པའི་མན་ངག་འདི་ལ་གཉིས་ཏེ། གྲོལ་ལམ་བསྐྱེད་རྫོགས་ཉམས་སུ་བླང་བ་དང་། ཐབས་ལམ་རྩ་རླུང་ཐིག་ལེ་ཉམས་སུ་བླང་བའོ། །དེ་ལ་དང་པོ་གྲོལ་ལམ་བསྐྱེད་རྫོགས་ཉམས་སུ་བླང་བ་ལ་གསུམ་སྟེ། བྱུང་ཚུལ་ལོ་རྒྱུས་ཀྱིས་ཡིད་ཆེས་པར་བྱེད་པ་དང་། དེ་དང་འབྲེལ་བའི་གདམས་ངག་ངོས་བཟུང་བ་དང་། གདམས་ངག་དེ་ཇི་ལྟར་ཉམས་སུ་བླངས་པའི་ཐབས་སོ། །དང་པོ་ལོ་རྒྱུས་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་རིགས་ཐམས་ཅད་ཀྱི་སྤྱི་དཔལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པ་དེས། གདུལ་བྱ་སེམས་ཅན་གྱི་དོན་དུ་ཆོད་ཉིད་སྐྱེ་བ་མེད་པའི་ངང་ལས། གཟུགས་སྐུ་ལོངས་སྤྱོད་རྫོགས་པའི་སྐུ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བཞེངས་ཏེ། སངས་རྒྱས་སྣང་མཛད་ཆེན་པོའི་སྐུར་སྣང་བར་མཛད་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་བཞིའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དོ། །དེ་ཡང་རྒྱུད་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་པ་དང་། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །བྱེ་བ་དཔག་མེད་འགྱེད་པའོ། །ཅེས་པ་ལ་སོག་པ་ལུང་མང་དུ་ཡོད་དོ། །དེ་ནས་གདུལ་དཀའི་སེམས་ཅན་གཤིན་རྗེ་རུ་ཏྲ་ལ་སོགས་པ། ཉོན་མོངས་པ་དུག་ལྔ་དུག་གསུམ་ལས། རུ་ཏྲ་སྡེ་གསུམ་དང་། སྡེ་ལྔ་ལ་སོགས་པ་ཡང་དག་པའི་ལམ་ལས་ལོག་སྟེ། ཕྱིན་ཅི་ལོག་ལ་ཞུགས་ནས་གཞན་ཡང་ལོག་པའི་ལམ་ལ་འགོད་ཅིང་། སེམས་ཅན་ཐམས་ཅད་སྡུག་བསྔ ལ་སྦྱོར་བར་གྱུར་པ་ལས། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་དང་ཐབས་ལ་མཁས་པས་ཕྱོགས་བཅུའི་ལོ་ཀ་རུ། འཇམ་པའི་དབྱངས་ཞེས་བྱ་བ་གཞོན་ནུར་གྱུར་པའི་ཚོགས་སྤྲུལ་ཏེ། སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་མང་པོར་གྱུར་ཏེ། རང་རང་གི་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ཐུགས་ཞི་བའི་སྒོ་ནས་ཆོས་བཤད་པས་མ་ཐུལ་བར་གྱུར་ནས། ཐུགས་རྗེ་ཆེན་པོས་གདུལ་བྱ་ཡལ་བར་མི་འདོར་བའི་ཕྱིར། སྐུའི་མཛད་པ་ཁྲོ་བོ་རྣམས་སྣང་བར་མཛད་དེ་ཁྲོ་ཚུལ་དྲུག་ཅུ་རྩ་བཞི་ལ་སོགས་པ་དང་ལྡན་པས་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་ཁྲོ་བོ་དང་། རེ་རེ་ལ་ཡང་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ། འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བ་དང་འུར་འུར་རབ་ཏུ་འུར་བ་ལ་སོགས་པའི་སྐུའི་ཆོ་འཕྲུལ་ཆེན་པོ་བསྟན་ནས། དྲེགས་པ་ཅན་དེ་དག་བཏུལ་ཞིང་དབང་དུ་བསྡུས་སོ། །དེའི་ཚེ་དྲེགས་པ་ཅན་དེ་དག་ཉམ་ཐག་སྟེ། རང་རང་གི་སྲོག་གི་སྙིང་པོ་ཕུལ་ཞིང་བྲན་དུ་ཁས་བླངས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་སོ་སོའི་ལས་དང་ཉོན་མོངས་པ་སྦྱངས་ནས་སངས་རྒྱས་ཀྱི་ས་ལ་བཀོད་དེ། སངས་རྒྱས་ཀྱི་བསྟན་པ་ལ་བར་དུ་གཅོད་པ་རྣམས་འདུལ་ཞིང་། དམ་པའི་ཆོས་སྐྱོང་བར་དབང་བསྐུར་ནས་སྲུང་མར་ཡང་དམ་བཅས་སོ། །དེའི་ཕྱིར་དགོངས་པ་མྱ་ངན་ལས་འདས་ཀྱང་། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་། དམ་པའི་ཆོས་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་སྐྱོང་བར་མཛད་དོ། །ཡང་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་ལས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་སྤྲུལ་ནས་འཁོར་བསྡུ་བ་མཛད་དེ། རང་གི་དོན་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་ཀྱང་། གཞན་གོ་ཕྱེ་བའི་འཁོར་རྣམས་ཀྱི་དོན་དུ་ལམ་ཆེན་གྱི་རྒྱུད་ཞུ་བ་པོ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གང་ཟག་གི་རིགས་སོ་སོ་ལ་དགོངས་ཏེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་གསུངས་སོ། །རྣལ་འབྱོར་བླ་ན་མེད་པ་ལ་ཡང་གསུམ་སྟེ། རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་དང་། རྗེས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་དང་། ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་ག་རྣམས་གསུངས་སོ། །གསང་སྔགས་གོ་བའི་སྐལ་པ་མེད་པ་རྣམས་ལ། ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་བཀྱེ་ནས། སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལ་སོགས་ཏེ། བསམ་གྱིས་མི་ཁྱབ་པ་ལོ་ཀའི་ཁམས་སུ་སྤྲུལ་ནས་མཛད་པ་བཅུ་གཉིས་ལ་སོགས་པས་ཞིང་ཁམས་སྤྲུལ་པ་དང་། འཁོར་བསྡུ་བ་ལ་སོགས་མཛད་ནས་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་སོགས་པ་གསུངས་ནས། རྟག་པར་འཛིན་པ་སུན་དབྱུང་བ་དང་། ལེ་ལོ་ཅན་ལ་ཕན་གདགས་པའི་ཕྱིར། སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ན། དེའི་ཚེ་ཀུན་དགའ་བོས་ཞལ་ཆེམས་མི་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་ནམ་འབྱུང་ལ་སོགས་པ་ཞུས་པས། འདི་ནས་ལོ་ཉི་ཤུ་རྩ་བརྒྱད་ལོན་ནས་ཕྱག་ན་རྡོ་རྗེ་གསང་སྔགས་ཀྱི་བསྡུ་བ་མཛད་ནས། ཐུགས་ཀྱི་སྤྲུལ་པ་དགའ་རབ་རྡོ་རྗེ་དང་། གསུང་གི་སྤྲུལ་པ་ཨིནྡྲ་བྷོ་དྷི་དང་། སྐུའི་སྤྲུལ་པ་འཇམ་དཔལ་བཤེས་གཉེན་དང་། ཡོན་ཏན་གྱི་སྤྲུལ་པ་ཀླུ་སྒྲུབ་སྙིང་པོ་དང་། ཕྲིན་ལས་ཀྱི་སྤྲུལ་པ་པདྨ་འབྱུང་གནས་དང་། དེ་རྣམས་ལ་ཆོས་སྟོན་པར་འགྱུར་ཏེ། གསང་སྔགས་ཀྱི་བསྟན་པ་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་དེའི་བར་དུ། གསང་བའི་བདག་པོས་ལྷའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ནས། འཇུག་ཏུ་མཁའ་འགྲོ་མ་ལ་རྒྱས་གདབ་བོ། །དེ་ནས་རྒྱ་གར་སིདྒ་ལ་ཞེས་བྱ་བར། འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་ལ་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེས་ཡི་དམ་ལྷའི་ཞལ་གཟིགས་ཏེ། དབང་ཡོངས་སུ་རྫོགས་པར་བསྐུར། གསང་བའི་བདག་པོས་དངོས་སུ་རྒྱུད་རྣམས་བཤད། མཁའ་འགྲོ་མ་ཟླ་བའི་འོད་ཟེར་ལ་སོགས་པས་རྒྱུད་སྡེའི་གླེགས་བམ་ཕྱག་ཏུ་གཏད་ནས། ལུང་བསྟན་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པ་དེས། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། རྒྱ་གར་གྱི་མཁའ་པོ་དྷ་ན་ད་ལ་ལ་བཤད། པདྨ་འབྱུང་གནས་ཀྱིས་བལ་མོ་བཟའ་གསེར་ཕྲེང་དང་། གནུབས་ནམ་མཁའི་སྙིང་པོ་ལ་བཤད། དེས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བཤད་དོ། །དེ་ནས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་རྒྱ་གར་དུ་ལན་བདུན་བྱོན་ཏེ། ལར་ན་པཎྜི་ཏ་མཁས་པ་བཅུ་གཅིག་དང་མཇལ། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། བལ་མོ་བཟའ་གསེར་ཕྲེང་ལ་མན་ངག་གི་གཏིང་ཐག་ཆོད་པར་བྱས་ཏེ། ཐུགས་ཀྱི་སྲས་སུ་གྱུར་པ་གནུབས་ཡོན་ཏན་རྒྱ་མཚོ་ལ་དབང་དང་སྙན་བརྒྱུད་དང་། མན་ངག་ཡོངས་སུ་དག་པར་བཤད་དོ། །དེ་ནས་ཡང་རྒྱ་གར་གྱི་མཁན་པོ་དྷ་ན་ད་ལ་ཞེས་བྱ་བ་སྒྲ་སྐད་ཉི་ཤུ་རྩགཅིག་ལ་མཁས་པ། ཡི་དམ་ལྷ་མང་པོའི་ཞལ་རྟག་ཏུ་གཟིགས་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་ལུང་བསྟན་ཐོབ་པ། ལྷ་མ་སྲིན་ཐམས་ཅད་བྲན་དུ་འཁོལ་བ། ཚེ་ལ་དབང་བའི་རིག་འཛིན་ལ་མངའ་བརྙེས་པ་དེས། རྒྱ་གར་གཙུག་ལག་དཔལ་དགེ་དང་། ཁྲག་འཐུང་ནག་པོ་ལ་བཤད། བལ་ཡུལ་དུ་བལ་པོ་བ་སུ་དྷ་ར་ལ་བཤད། དེས་གནུབས་ཡོན་ཏན་རྒྱ་མཚོ་སྐྱེ་བ་སྔ་མའི་སྤྲུན་ཟླར་དགོངས་ནས། རྫུ་འཕྲུལ་གྱི་ཞབས་ཀྱིས་བོད་དུ་བྱོན་ནས་ཁུ་ལུང་མཁར་ལུང་གི་དབེན་པ་རུ་ཡོན་ཏན་རྒྱ་མཚོ་ལ་དབང་བསྐུར་ཞིང་བཤད་དོ། །དེ་ཡན་ཆད་ལ་བརྒྱུད་པའི་བབས་སོ་གསུམ་བྱུང་བས། དེ་གསུམ་ཀ་ལ་དབང་གདམས་ངག་བརྒྱུད་པ་དང་བཅས་པ་བྱུང་བས། དེ་རྣམས་ཡོན་ཏན་རྒྱ་མཚོ་བབས་པས་སུམ་ཕྲུགས་ཀྱི་གདམས་ངག་ཅེས་བྱའོ། །དེས་པདྨ་དབང་རྒྱལ། དེས་ཆེན་པོ་འཇམ་དཔལ་ལ། དེས་ཇོ་མོ་སོ་གད་བཟའ་རྒན་ལ། དེས་རཀ་ཤི་ཡོན་ཏན་ལ། སྟོན་པ། དེ་གཉིས་ཀྱིས་ཡེ་མི་ལས་དྲག་སྔགས་གསན་ཡུལ་ལྷ་རྗེ་གནུབས་ཆུང་གསུངས་པ་དེ་འདི་ཡིན། ཤེས་ཡེ་ཤེས་གཟུངས་ཕྱིན་གྱི་བརྒྱུད་པའི་དཔེ་དག་པ་ཞིག་རྙེད་ན་དཔྱད་པར་བྱའོ། །ཞིབ་ཏུ་དཔྱད་པར་བྱས་སོ། །གཟུངས་ལ། དེ་ནས་ཐུགས་བརྒྱུད་སྲས་བརྒྱུད་གཉིས་སུ་གྱེས་ཏེ། སྲས་བརྒྱུད་ནི་ཀུན་དགའ་རྡོ་རྗེ་དང་། དྷརྨཱ་རཱ་ཛ་གཉིས་ལ་བཤད། ཀུན་དགའ་རྡོ་རྗེས་ལྷ་རྗེ་སེང་གེ་རྒྱལ་མཚན་ལ་བཤད། དེས་ལྷ་རྗེ་ཆོས་དབང་ལ། དེས་བླ་མ་ཆེན་པོ་བཀྲ་ཤིས་དར་ལ། དེས་བླ་མ་དར་མ་སེང་གེ། དེས་སྲས་སེང་གེ་དར་མ་ལ། དེས་བླ་མ་ཡེ་ཤེས་རྒྱ་མཚོ་ལ། དེ་ལ་བདག་གནུབས་ཀྱི་བནྡྷེ་སེང་གེ་རྒྱལ་མཚན་གྱིས། ལུས་ངག་ཡིད་གསུམ་དད་ཅིང་གུས་པའི་སྒོ་ནས་ཞུས་སོ། །ཡང་ལྷ་རྗེ་དྷརྨ་རཱ་ཛས་ལྷ་རྗེ་དབང་གཞོན་ལ། དེས་སྲས། ལྷ་རྗེ་རྒྱལ་ཧོར་ལ། དེས་སྲས་ལྷ་རྗེ་ཆོས་སེང་དང་། མཆེད་ལྷ་རྗེ་ཆོས་དབང་ལ་བཤད། ལྷ་རྗེ་ཆོས་སེང་གི་དབང་དང་གདམས་ངག་རྣམས་རྫོགས་པར་ཐོབ་ཀྱང་། སྐུ་གཞོན་ནུ་ནས་ཡབ་འདས་ནས་ཐུགས་ཐག་མ་ཆོད་པ་ལ། ཡབ་ཀྱིས་ལྷ་རྗེ་ཆོས་དབང་ལ་ཞལ་ཆེམས་སུ་བཞག་ནས་གཉེར་གཏད་པ་ལ་བརྟེན་ནས། སློབ་གཉེར་མཛད་དོ། །དེས་བླ་མ་ཆེན་པོ་བཀྲ་ཤིས་དར་ལ། དེས་བླ་མ་དར་མ་སེང་གེ་ལ། དེས་བླ་མ་སེང་གེ་དར་ལ། དེས་བླ་མ་ཡེ་ཤེས་རྒྱ་མཚོ་ལ། དེས་བདག་གནུབས་ཀྱི་སྔགས་པ་སེང་གེ་རྒྱལ་མཚན་གྱིས། ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཞུས་པ་ལགས་སོ། །གཉིས་པ་ཐུགས་བརྒྱུད་ནི། ལྷ་རྗེ་ཡེ་ཤེས་གཟུགས་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་ལ། དེས་རྩེ་འུ་ར་ས་པ་ལ། དེས་རས་པ་དབུ་ཡུ་བ། དེས་རྗེ་བཙུན་རྭ་རྡོ་རྗེ་གྲགས་པ། དེས་ཁོ་བོ་གནུབས་ཀྱི་བནྡེའི་སྐྱི་བ་གསུམ་གྱི་སློབ་དབོན་དུ་གྱུར་པ་དང་། གྲུབ་ཐོབ་གོང་མའི་སྤྲུལ་པར་གྱུར་པས་བདག་ལ་ཐུགས་རྗེས་གཟིགས་ནས། དབང་དང་བཤད་པ་དང་། སྙན་བརྒྱུད་དང་། གདམས་ངག་ཐམས་ཅད་རྫོགས་པར་གནང་བ་ལགས་སོ། །ཁོང་གིས་བདག་ལའོ། །དེ་ཡན་ཆད་དུ་གྲུབ་ཐོབ་ཀྱི་བརྒྱུད་པ་ཟམ་མ་ཆད་པ། དབང་གི་ཆུ་བོའི་རྒྱུན་མ་ཆད་པ། སྙན་བརྒྱུད་ཀྱི་གདམས་ངག་ལ་ལྷད་མ་ཞུགས་པ་ལགས་སོ། །རེ་རེ་ལ་སྐུ་ཆེ་བའི་ཡོན་ཏན་དང་། གྲུབ་པ་ཐོབ་པའི་ལོ་རྒྱུས་མང་དུ་ཡོད་དེ་ཤེས་སླ་བས་མ་བྲིས་སོ། །སྤྱི་དོན་གཉིས་པ་གདམས་ངག་ངོས་བཟུང་བ་ནི་གསུམ་སྟེ། ཐེག་པ་ངོས་བཟུང་བ་དང་། ཆོས་སྡེ་ངོས་བཟུང་བ་དང་། ལྷ་ངོས་བཟུང་བའོ། །དང་པོ་ནི། ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེའི་ཐེག་པ། དེ་ཡང་ནང་རྣལ་འབྱོར་བླ་ན་མེད་པ། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད། བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླང་བའི་མན་ངག་གོ། །གཉིས་པ་ཆོས་སྡེ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔ་ལས། འདིར་འཇམ་དཔལ་སྐུའི་སྒྲུབ་པའོ། །དེ་ཡང་དམར་ནག་གཉིས་ལས་དམར་པོའོ། །གསུམ་པ་ལ་བཞི་སྟེ། ཕྱི་ལྟར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་རྒྱལ་པོ་ཆེན་པོ་སྡེ་བཞིས་བསྐོར་ཏེ་བསྒྲུབ་པ། དེ་ཡང་ཐུགས་རྒྱུད་ཡེ་ཤེས་སུ་སྣང་བའི་ཕྱག་ན་རྡོ་རྗེ་ལམ་བརྒྱུད་འཕགས་པར་སྣང་བ་གདུལ་བྱའི་རེ་བ་སྐོང་བ་རྒྱལ་པོ་རྣམ་ཐོས་སྲས་སོ། །ནང་ལྟར་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འཁོར་རིགས་བཞིའི་སངས་རྒྱས་ཀྱིས་བསྐོར་ཏེ་བསྒྲུབ་པ་ལྟར་སྣང་བ་ཞི་བའོ། །གསང་བ་དཔལ་བཛྲ་ཧེ་རུ་ཀ་ལ་རིགས་བཞིའི་ཁྲག་འཐུང་གིས་བསྐོར་ཏེ་བསྒྲུབ་པ། ཡང་གསང་དུ་བཅོམ་ལྡན་འདས་ཡ་མཱནྟ་ཀའི་ཐུགས་ཀྱི་སྲས་མཆོག་ཡ་མ་རཱ་ཛ་ཉིད་ལ་སྒྲོལ་གིང་དུ་དབང་བསྐུར་བའི་ཚེ། རྒྱལ་ཚབས་ཐུགས་ཀྱི་སྐྱེས་བུ་གཤིན་རྗེའི་གཤེད་དུ་གྱུར་པའི་ཚེ། དེ་ལ་ཡེ་ཤེས་ཀྱི་གཤེད་ཆེན་པོ་བཞིས་བསྐོར་ཏེ་བསྒྲུབ་པའོ། །འདི་རྣམས་ནི་སོ་སོ་མ་ཡིན་ཏེ། ངོ་བོ་གཅིག་ལས་གདུལ་བྱའི་སྣང་ངོར་བྱེ་བྲག་ཏུ་སྣང་བའོ། །དེ་ལ་ཁ་གཅིག་ན་རེ། གཙོ་བོ་འདི་རྣམས་ཐུགས་རྡོ་རྗེའི་རིགས་ཡིན་པས། དེ་ལ་གླེང་གཞི་དང་ངོས་བཟུང་ལ་སོགས་པར། འཇམ་དཔལ་སྐུའི་སྒྲུབ་པར་བཤད་པ་དང་འགལ་ལོ་ཞེ་ན། དེའི་སྐྱོན་མེད་དེ་སངས་རྒྱས་རྣམ་པར་སྣང་མཛད་དེ་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ལ། དེ་ཉིད་གདུལ་བྱའི་ངོ་ལ་རིགས་ལྔ་གང་ལ་གང་འདུལ་དུ་སྣང་ལ། ཐུགས་ཀྱིས་འདུལ་བ་ལ་ཐུགས་རྡོ་རྗེའི་རིགས་སུ་སྣང་བའོ། །དེ་བཞིན་དུ་རིགས་ལྔ་རེ་རེ་ལ་ཡང་། སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་ཞིང་ཁམས་ལྔ་ལ་སོགས་པ། མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་བྱའོ། །ཡང་ཁ་གཅིག་ན་རེ་དེ་ལྟར་ཐུགས་ཀྱི་རིགས་ཡིན་ན། སྐུ་མདོག་དམར་པོ་འགལ་ཞེ་ན། དེ་སེམས་ཅན་གྱི་ཉོན་མོངས་པ་རྣམས་ཀྱི་གཙོ་བོ་འདོད་ཆགས་ཡིན་ལ། ཆགས་པ་ཅན་ཆགས་པས་དབང་དུ་བསྡུ་ཞིང་དྲངས་པའི་ཕྱིར། སྐུ་མདོག་དམར་པོར་བསྟན་པའོ། །ཁ་གཅིག་ན་རེ། དམར་པོ་གནོད་སྦྱིན་གྱི་རིགས་སུ་བཤད་པ་དང་འགལ་ཞེ་ན། དེ་ཡང་རི་རབ་ཀྱི་བྱང་ཕྱོགས་ན་ཉོན་མོངས་ཕྲག་དོག་ལས་གྱུར་པའི་གནོད་སྦྱིན་གྱི་རིགས་བསམ་གྱིས་མི་ཁྱབ་པའི་གཙོ་བོ་རྒྱལ་པོ་རྣམ་ཐོས་སྲས་དང་། ཀུ་བེར་དང་། གར་མཁན་མཆོག་ལ་སོགས་པ་གནོད་སྦྱིན་གྱི་ཚོགས་འདུལ་བའི་ཕྱིར་ཕྱག་ན་རྡོ་རྗེའི་སྐུར་གྱུར་ཏེ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་སུ་སྐུར་སྤྲུལ་ནས་གནོད་སྦྱིན་གྱི་ཚོགས་བཏུལ་ཞིང་དབང་དུ་བསྡུད་པའོ། །དེའི་ཕྱིར་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་རྣམ་འཇོམས་དང་། རྡོ་རྗེ་གཞོན་ནུ་དང་། འཇམ་དཔལ་དམར་པོ་དང་ཡང་ངོ་བོ་གཅིག་ཅིང་དབྱེར་མེད་པའོ། །འོ་ན་ཕྱག་ན་འཁོར་ལོ་བསྣམས་པ་འགལ་ཞེ་ན། དེའང་ཉོན་མོངས་པ་གཏི་མུག་དང་། ང་རྒྱལ་དང་། སེར་སྣ་ལས་གྲུབ་པའི་ལྷོ་ཕྱོགས་ན་ཡི་དྭགས་གཤིན་རྗེའི་རིགས་འཆི་བདག་གཤིན་རྗེའི་ཚོགས་འདུལ་བའི་ཕྱིར། འཇམ་དཔལ་གཤིན་རྗེའི་རྒྱལ་པོའི་སྐུར་བསྟན་ཏེ། གཤིན་རྗེ་བཏུལ་ཏེ་དེ་བཞིན་གཤེགས་པའི་རིགས་སུ་སྣང་བའོ། །མཁའ་ལ་རྒྱུ་བའི་ཡི་དྭགས་ང་རྒྱལ་ཅན་དེའི་དྲེགས་པ་བཅག་པ་དང་། ཡི་དྭགས་ཀྱི་སེར་སྣ་གཞོམ་པའི་ཕྱིར་དབྱུག་ཏོ་བསྣམས་པས་རཏྣའི་རིགས་སུ་སྣང་བའོ། །དེ་ལྟར་ན། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་སོ། །དེའི་ཕྱིར་རིགས་ལྔའི་སངས་རྒྱས་འདུས་པའི་སྐུ། རྒྱལ་བ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ། རིགས་ལྔ་སྤྱི་གཟུགས་ཀུན་ཏུ་བཟང་པོ་ཞེས་བྱ་བ། ངོ་བོ་ཉིད་བདེ་བ་ཆེན་པོའི་སྐུ་ཞེས་ཀྱང་བྱའོ། །དེ་ཡང་བསྟོད་བསྙེན་སྒྲུབ་ཀྱི་དུས་སུ། འཁོར་རིགས་བཞིའི་ཁྲོ་བོ་དང་ཡུམ་མཁའ་འགྲོ་མ་སྡེ་བཞི་དང་བཅས་པས་བསྐོར་ཏེ། དེ་རིགས་ལྔའི་ཁྲོ་བོར་ཤེས་པར་བྱའོ། །སྨད་ལས་དྲག་པོ་ལས་སྦྱོར་གྱི་དུས་སུ། གཙོ་བོ་ཡབ་ཡུམ་ཡེ་ཤེས་པ་ལ་འཁོར་གྱི་དམག་དཔོན་བཞི་དང་། བསྭེ་མོ་བཞི་དགོངས་པ་མྱ་ངན་ལས་འདས་ཀྱང་། སྐུ་ལོ་ཀའི་ཆ་ལུགས་སུ་སྣང་བ། ཆོས་སྐྱོང་གི་ཚུལ་དུ་བསྒྲུབ་པ་ནི། བཀྲ་ཤིས་ཤིང་བྱིན་རླབས་མྱུར་བའོ། །དོན་དེ་ལྟར་མ་ཤེས་ན་དྲེགས་པ་ཅན་རང་རྒྱུད་དུ་འདོད་པ་ནི་ལྷའི་ངོ་བོ་གཏན་ལ་མ་ཕེབས་པས། འཕྲལ་མྱུར་ཡང་ལྟ་བའི་གདེང་གིས་མ་ཟིན་པས་བཀྲ་ཤིས་ཤིང་འཁུ་ལྡོག་ཆེ། ཐུན་མོང་གི་དངོས་གྲུབ་སྣ་འགའ་འབྱུང་ཡང་ལམ་གོལ་བས་མཆོག་གི་དངོས་གྲུབ་མི་ཐོབ་བོ། །དེ་ཡང་རྒྱུད་ལས། དབང་བསྡུད་དམར་པོ་མཆེད་བཞི་ཡང་། །དུས་ཀྱི་རྣམ་པ་རྩི་ཤེས་ན། །ཀུན་བཟང་ཐུགས་རྗེའི་རོལ་པ་ལས། །ཡེ་ཤེས་བཞི་ཡི་བྱེ་བྲག་ཤར། །གདོང་དམར་སེམས་ཅན་འདུལ་བའི་ཕྱིར། །འདུས་པ་ཁྲོ་བོའི་ཚོགས་སུ་བསྟན། །ཅེས་གསུངས་སོ། །སྤྱི་དོན་གསུམ་པ་མན་ངག་དེ་ཇི་ལྟར་ཉམས་སུ་བླངས་བའི་ཐབས་ལ་ལྔ་སྟེ། སློབ་དཔོན་གང་གིས་མཛད་པ་དང་གཅིག །རྒྱུད་གང་ནས་བསྡུས་པའི་ཕྱོགས་གང་དུ་གཏོགས་པ་དང་གཉིས། དོན་ཆེད་ཅིའི་ཕྱིར་མཛད་པ་དང་གསུམ། མཚན་ཇི་ལྟར་གསོལ་བ་དང་བཞི། དབུ་ནས་ཞབས་སུ་དོན་དུ་ཡིས་བསྟན་པ་དང་ལྔའོ། །དང་པོ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གྲུབ་པ་བརྙེས་པ་དེས་མཛད། དེ་ནས་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཞེས་བྱ་བ་ཡི་དམ་ལྷའི་ཞལ་གཟིགས་ཤིང་མཁའ་འགྲོ་མ་སྡེ་བརྒྱད་ཀྱི་ལུང་བསྟན་ཐོབ་པ་དེས་མཛད། དེ་ནས་རྒྱ་གར་གྱི་མཁན་པོ་དྷ་ན་ད་ལ་ཞེས་བྱ་བ་ཡི་དམ་ལྷའི་ཞལ་རྟག་ཏུ་གཟིགས་ཤིང་། མ་བཞིན་དུ་འགྲོགས་ཤིང་མི་བཞིན་དུ་གསུང་གླེང་མཛད། ལྷ་མ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་བ་དེས་མཛད་དོ། །གཉིས་པ་ནི། ལོ་ཀ་ལས་འདས་པའི་མདོ་རྒྱུད་དང་། དམར་པོ་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དང་། དམར་པོ་རྩ་བ་ཕྲིན་ལས་ཀྱི་རྒྱུད་དང་། གར་མཁན་མཆོག་གི་རྒྱུད་ལ་སོགས་པ་ནས་བསྡུས་སོ། །ཕྱོགས་ནི་ཨ་ནུ་ཡོ་གར་གཏོགས་སོ། །གསུམ་པ་དོན་ཆེད་ནི་མཆོག་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་གདོང་དམར་མྱུར་དུ་བསྒྲལ་བའི་དོན་དུ་མཛད་དོ། །བཞི་པ་མཚན་ནི། དོན་ལ་བཏགས་པ་སྟེ་འཇམ་དཔལ་དམར་པོ་ཞེས་པ་ཉོན་མོངས་པའི་ཟུག་རྔུ་དང་བྲལ་ཞིང་། བདག་གཞན་གྱི་དཔལ་དུ་གྱུར་པ་དང་། སྐུ་མདོག་དམར་པོ་འགྲོ་བ་ཆགས་སྡང་ཅན་རྣམས་དབང་དུ་བསྡུས་ནས་ཆགས་སྡང་གི་དོན་མཛད་ཀྱང་། སྐྱོན་གྱིས་མ་གོས་པར་ཆགས་སྡང་གཉིས་བདེ་བའི་ཡེ་ཤེས་སུ་འཆར་བར་བྱེད་པའོ། །ཡང་ན་གཤིན་རྗེའི་གཤེད་དམར་པོ་ཞེས་བྱ་བ་སྟེ་ཁམས་གསུམ་གྱི་སེམས་ཅན་ཉོན་མོངས་པ་དུག་ལྔ་དུག་གསུམ་དང་བཅས་པ་དེའི་ཚེ་སྲོག་ལ་དབང་བསྒྱུར་ཞིང་སྲིད་པ་བར་མ་དོར་དགེ་སྡིག་གི་ཤན་འབྱེད་པའི་བདག་པོ་འཆི་བདག་ལས་ཀྱི་གཤིན་རྗེ་ཞེས་བྱ་བ་དེ་འདུལ་བའི་གཉེན་པོར་གྱུར་པས་ན་གཤིན་རྗེའི་གཤེད་བྱའོ། །དམར་པོ་ནི་འཁོར་བ་དབང་དུ་བསྡུད་ཅིང་ཆེད་དུ་བསྒྲལ་བའོ། །ཡང་ན་གཤིན་རྗེ་མ་རུ་རྩེ་ཞེས་པ་རྒྱུ་སེམས་ཅན་གྱི་དུས་ན་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་གཟིར་བ་གཤིན་དང་འདྲ་བ་ལ་ལམ་གྱི་དུས་ན། སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོར་རྟོགས་པ་ནི། རྗེ་དང་འདྲ་བ། འབྲས་བུའི་དུས་སུ་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོར་གྱུར་པ་ནི་རྗེའམ་རྒྱལ་པོ་ཞེས་བྱ། དམར་བ་ནི་དབང་དུ་བསྡུད་པའི་རང་བཞིན། རུ་ནི་ཐུགས་རྗེས་སེམས་ཅན་གྱི་དོན་ལ་ཆགས་པ་བརྩེ་བ་ཆེན་པོ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་ཡལ་བར་མི་གཏོང་བའོ། །དེ་ཡང་རྒྱུད་ལས། གཞི་ཡི་ཉོན་མོངས་སྣ་ཚོགས་པ། །ལམ་གྱི་རྟོགས་གོམས་བསྟན་པ་ཡིས། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ། །ཅེས་པ་དང་། ཡང་། དམར་བ་དབང་གི་རང་བཞིན་ཏེ། །རུ་ནི་ཆགས་པའི་རང་བཞིན་ནོ། །ཞེས་སོ། །ལྔ་པ་དབུ་ཞབས་ཀྱི་དོན་ནི་གཉིས་ཏེ། །གྲོལ་ལམ་དང་ཐབས་ལམ་མོ། །དང་པོ་ལ་གཉིས་ཏེ། མཚན་བཅས་བསྐྱེད་པའི་རིམ་པ་དང་། མཚན་མ་མེད་པ་འདིའི་དོན་འོག་ཏུ་ཚན་འདིའི་ནང་མི་སྣང་ངོ་། །རྫོགས་པའི་རིམ་པའོ། །དང་པོ་ལ་བཞི་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱར་བ་དང་། ལས་ཁ་ཚར་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང་། བསྙེན་པ་དངོས་སོ། །སྔོན་དུ་འགྲོ་བ་ལ་གཉིས་ལས། དང་པོ་ཐུན་མོང་སྔོན་དུ་འགྲོ་བ་ནི། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་བྱ་ཞིང་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའོ། །དེ་ལ་ཕུན་སུམ་ཚོགས་པ་ལྔ་ནི། དང་པོ་གནས་ཕུན་སུམ་ཚོགས་པར་བྱ་སྟེ། དུར་ཁྲོད་ཆེན་པོ་མི་རོ་གསར་རྙིང་ཡོད་པའམ། བྲག་དམར་པོ་ཆོལ་ཟངས་འདྲ་བ། ཁ་ལྷོ་ཕྱོགས་སུ་བལྟས་པ། རྩི་ཤིང་ནགས་ཚལ་ཡོད་པ། ཡང་ན་དབེན་པ་ཆེན་པོ་ས་ཕྱོགས་གྲོང་ལས་དཔག་ཚད་དང་རྒྱང་གྲགས་ཀྱིས་འཕགས་པ། ཤར་གཡེལ་ཞིང་། ལྷོ་གཞོལ་བ། ནུབ་མཐོ་བ། བྱང་སྐྱོབ་པ། དགོས་པ་འཛོམ་ཞིང་བཙན་པ། བདག་དབང་ཞིང་བར་ཆད་མེད་པར་བྱའོ། །ཡང་ན་མཁར་སུམ་ཐོག་ཏུ་ཡང་བཤད་དོ། །དེ་ཡང་རྒྱུད་ལས། དུར་ཁྲོད་ཆེན་པོ་འཇིགས་པ་ཡི། །མི་རོ་གསར་རྙིང་ཡོད་པའམ། །བྲག་དམར་ཆོལ་ཟངས་འདྲ་བ་ཡི། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་པ། །རྩི་ཤིང་ནགས་ཚལ་ཡོད་པར་བྱ། །ཞེས་པ་དང་། ཡང་། སྐྱེ་བོའི་གྲོང་ལས་འཕགས་པ་དང་། །དབེན་པ་ཆེན་པོའི་ས་ཕྱོགས་སུ། །ཤར་དང་ལྷོ་ནི་གཡེལ་ཞིང་གཞོལ། །ནུབ་དང་བྱང་ནི་མཐོ་ཞིང་སྐྱོབ། །དགོས་པ་འཛོམ་ཞིང་བཙན་པ་དང་། །བདག་དབང་བར་ཆད་མེད་པར་བྱ། །ཞེས་སོ། །ཡང་རྒྱུད་ཕྱི་མ་ནས་མཁར་སུམ་ཐོག་ཏུ་བྱ་བར་བཤད་དོ། །གཉིས་པ་སྒྲུབ་པ་པོའི་མཚན་ཉིད་ནི། མཚན་ཉིད་དང་ལྡན་པའི་བླ་མ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཉེས་པར་བྱས་ཏེ། དབང་ཡོངས་སུ་རྫོགས་པ་ཐོབ། ཐོས་བསམ་གྱིས་རྒྱུད་གྲོལ་བ། མན་ངག་དང་ལྡན་པ། ལས་དང་བྱ་བ་ལ་མཁས་པ། དམ་ཚིག་དང་ལྡན་ཞིང་སྙན་བརྒྱུད་ཀྱི་མན་ངག་འཆང་བས་སྒྲུབ་པར་བྱའོ། །དེ་ཡང་རྒྱུད་ལས། ཐོག་མར་བླ་མ་བརྟེན་བྱ་སྟེ། །མཉེས་པ་གསུམ་གྱིས་ཡོན་ཕུལ་ལ། །ཐོས་བསམ་ཤེས་རབ་རྒྱུད་གྲོལ་ཏེ། །དབང་རྫོགས་གདམས་ངག་ལྡན་པར་བྱ། །ཐོས་ཆུང་ཤེས་རབ་དམན་པ་དང་། །དབང་ཐོབ་མ་ཅིང་དམ་ཚིག་མེད། །མན་ངག་གདེང་དང་མི་ལྡན་པར། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། དགྱེས་པ་སྐོང་བའི་འཁོར་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དང་། གྲོགས་པོ་བློ་ཐུབ་ཅིང་དམ་ཚིག་གཙང་བ་དང་། བརྩོན་འགྲུས་ཆེ་ཞིང་དཔའ་བརྟུལ་དང་ལྡན་པས་བརྟེན་པར་བྱའོ། །དེའང་རྒྱུད་ལས། སྒྲུབ་པའི་གྲོགས་མཆོག་བཙལ་བ་ནི། །བྲམ་ཟེའུ་བུ་མོའམ་གང་ཡང་རུང་། །བློ་ཡངས་ཤེས་རབ་ཆེ་བ་དང་། །ཚུལ་ཤེས་ཡིད་དུ་འོང་བ་དང་། །གྲོགས་པོ་དཔའ་བརྟུལ་བརྩོན་འགྲུས་ལྡན། །ཞེས་སོ། །བཞི་པ་དུས་ཕུན་སུམ་ཚོགས་པ་ནི། བསྙེན་སྒྲུབ་ཀྱི་དུས་ཟླ་བ་ཡར་གྱི་ངོ་ཚེས་གྲངས་དང་གཟའ་སྐར་བཟང་པོ་ལ་གྲུབ་བའི་ཉི་མ་དང་། མཐུན་འཕྲོད་རྩིས་ལ་འཇུག་པར་བྱའོ། །དེ་ཡང་རྒྱུད་ལས། གྲུབ་པའི་ཉི་མ་ཡར་གྱི་ངོ་། །བཀྲ་ཤིས་དགེ་བའི་དུས་ལ་འཇུག །ཅེས་སོ། །དྲག་པོའི་དུས་སུ་གཟའ་སྐར་དྲག་པོ་ལ་གཏད་པར་བྱའོ། །དེ་ཡང་རྒྱུད་ལས། ཟླ་བ་གཟའ་ཡིས་ཟིན་པ་དང་། །བདུད་ཀྱི་ཉི་མ་དག་ལ་གཏད། །མིག་དམར་དང་ནི་ཕུར་བུ་དང་། །དབྱུག་པ་རྟ་ཆེན་དག་ལ་གཏད། །ཅེས་སོ། །ལྔ་པ་རྫས་ཕུན་སུམ་ཚོགས་པ་ནི། འཚོ་བ་ཡོ་བྱད་ཀྱི་རྫས་དང་། བརྟེན་ཅིང་བསྒྲུབ་པའི་རྫས་དང་། མཆོད་པ་དམ་ཚིག་གི་རྫས་དང་། བར་ཆད་བཟློག་པའི་རྫས་དང་། དྲག་པོའི་ཕྲིན་ལས་ཀྱི་རྫས་རྣམས་གོང་དུ་སྟ་གོན་ལ་གནས་པར་བྱའོ། །དེ་ཡང་རྒྱུད་ལས། འཚོ་བའི་ཟས་དང་པཱུ་ཛའི་རྫས། །བསྒྲུབ་ཅིང་བརྟེན་པའི་ཡོ་བྱད་དང་། །ཕུར་པ་ཡུངས་ཀར་ལ་སོགས་པ། །དྲག་པོའི་རྫས་དང་ཡོ་བྱད་བསག །ཅེས་གསུངས་སོ། །གཉིས་པ་ཚོགས་བསགས་པ་ནི། དགེ་བའི་དཔུང་བསྐྱེད་དེ། ས་ཆོག་བྱ་བ་དང་སཱཙྪ་གདབ་པ་དང་ཆབ་གཏོར་བཏང་བ་དང་། ཉེའུ་འདོན་པ་དང་། ལམ་ཕྲང་བཅོམ་པ་དང་། དཔང་སྐོང་འདོན་པ་དང་། ན་རཀ་འདོན་པ་དང་། སྐོང་དང་ཆོས་གསུམ་བསྒྲག་པ་ལ་སོགས་པ་བྱ་བ་ནི་བསོད་ནམས་ཀྱི་ཚོགས་སོ། །དེ་དག་ཀྱང་དགེ་བའི་རྩ་བ་བསྔོ་ཞིང་མི་དམིགས་པས་རྒྱས་གདབ་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེའི་དགོས་པ་ནི་ཕྱི་ནང་གི་བར་ཆད་ཞི་བ་དང་། སྒྲིབ་པ་བྱང་ནས་སིདྡྷི་མྱུར་དུ་ཐོབ་པའོ། །གཉིས་པ་ཁྱད་པར་སྔོན་དུ་འགྲོ་བ་བཞི་ལས། མཎྜལ་བཤམས་པ་དང་། རྟེན་བཀྲམ་པ་དང་། པཱུ་ཛ་བཤམས་པ་དང་། སྔོན་འགྲོའི་ཆོ་ག་དངོས་སོ། །དང་པོ་ནི། སའི་མཚན་ཉིད་བཀྲ་ཤིས་ཤིང་ཡིད་དུ་འོང་བ་ཉམས་དགའ་བ་ནས་ས་བླང་། ཡང་ན་དུར་ཁྲོད་ཆེན་པོ་ནས་ས་བླངས་ལ། མཎྜལ་འདོམ་གང་ངམ། མདའ་གང་ཁྲུ་བཞི་པ་གནས་ཁང་དང་སྦྱར་བ་བརྩིག་གོ། །དེའི་དབུས་སུ་ཐོད་པ་སྐྱ་བོ་དུམ་བུ་བཞི་པ་གཅིག་ལ་ཁྲག་གིས་འཁོར་ལོ་རྩིབས་བཞིའི་དཀྱིལ་འཁོར་བྲིས་ལ་དབུས་སུ་ཧཱུྃ་སྦྲེལ་མ་བྲིས་ལ། རྩིབས་བཞི་ལ་ཛཿབཞི། གོང་རས་བཞི་ལ་མ་བཞི། སྒོ་བཞི་ལ་ཛཿཧཱུྃ་བྃ་ཧོཿབྲིས་ཏེ། ནང་དུ་ཡུངས་ཀར་རམ་འབྲུ་གང་ཡང་རུང་བས་བཀང་ལ། དར་རམ་རས་དམར་པོས་བཀའ་སྟེ། དལ་གྱི་དབུས་སུ་གཞུག་གོ། །དེའི་སྟེང་དུ་ཚོན་དམར་པོས་བཀང་ལ། མ་རུ་རྩེའི་ཕོ་བྲང་བཏབ་པར་དམིགས་སོ། །དེ་ནས་བ་ཡི་རྣམ་ལྔས་བྱུག་པར་བྱ། དེ་ནས་བདུད་རྩི་ལྔས་བྱུག་པར་བྱ། དེ་ནས་བྱང་སེམས་དཀར་དམར་གྱིས་བྱུགས་ཏེ། མེ་ལོང་གི་ངོས་ལྟར་མཛེས་ཤིང་ཡིད་དུ་འོང་བར་བྱའོ། །མེ་ཏོག་དམར་པོའི་ཚོམ་བུ་ལྷ་གྲངས་དང་མཉམ་པར་བྱ། གཉིས་པ་རྟེན་བཀྲམ་པ་ནི། བྲམ་ཟེ་གཙང་མའི་རོ་རས་ཁ་དོག་དམར་པོས་བསྒྱུར་བ། བཀྲ་ཤིས་པའི་དུས་སུ། དྲི་ཞིམ་པོའི་ནང་དུ་སྦང་ཞིང་དེ་བཞིན་གཤེགས་པ་བཀུག་ཅིང་བསྟིམ་ལ་མཆོད་ཅིང་གསོལ་བ་གདབ་པར་བྱའོ། །དེ་ནས་བཀྲ་ཤིས་པའི་བྱིན་རླབས་དང་ལྡན་པའི་ཐལ་ཆེན་གྱིས་བྱུག་ཅིང་། རས་འདུལ་ལེགས་པར་བྱའོ། །དེ་ནས་བཟོ་བོ་མཁས་པས་ཁྲུས་བྱས་ཏེ་སྨྱུང་བར་གནས་ལ། ཞིང་ཆེན་གྱི་གདན་ལ་འདུག་སྟེ་ཁ་ལྷོ་ཕྱོགས་སུ་བལྟས་ན། གཤིན་རྗེའི་གཤེད་དམར་པོའི་ས་མཱ་ཏིར་ཞུགས་ལ། ཨཱོྂ་ཧྲཱིཿཥྚི་ཝི་ཥྚི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བཟླས་ཤིང་སྐུ་གཟུགས་བྲི་བར་བྱའོ། །དེ་ནས་བླ་མ་བྱིན་རླབས་དང་ལྡན་པས་རབ་གནས་བྱས་ཏེ། དམིགས་པའི་རྟེན་དུ་དགྲམ་པར་བྱའོ། །དེའི་མདུན་དུ་བཀྲ་ཤིས་པའི་ཐོད་པ་དུམ་བུ་བཞི་པ་ལ་གནས་པ་གཡོན་ནས་བྱུགས་པའི་རཀྟས་དལ་གོང་ལྟར་དུ་བྲིསཏེ་ཡུངས་ཀར་རྒྱལ་པོས་བཀང་ལ། ཟངས་སམ་སེང་ལྡེང་གི་ཕུར་པ་ལྷའི་གྲངས་དང་མཉམ་པ་བཀོད་དོ། །གཤིན་རྗེའི་གཤེད་དམར་པོའི་ལྷ་ཚོགས་སུ་བསྒོམ་ལ་དར་ལེ་བརྒན་གྱིས་བཀབ་སྟེ། ཁྲིའུ་འམ་མཉྫིའི་ཁར་བཞག་སྟེ། སྒྲུབ་པའི་རྟེན་དུ་བཟུང་ངོ་། །དེ་ནས་བུ་མོ་མཚན་དང་ལྡན་པ་གྲོང་པའི་སྐྱོན་གྱིས་མ་གོས་པ་སི་བའི་ལྤགས་པ་ལ། བྱང་ཆུབ་སེམས་ཀྱི་ཐེག་ལེ་ལྷའི་གྲངས་དང་མཉམ་པ་བཏབ་ལ། སྟེང་ནས་བླ་བྲེས་དབུབ་བོ། །དེ་ནས་ཐུན་མོང་གི་པཱུ་ཛ་ལྔ་དང་། ཁྱད་པར་གྱི་མཆོད་པ་གསུམ་ལ་སོགས་པ་བཤམ། གཞན་ཡང་གསང་བའི་པཱུ་ཛ་དམར་གྱི་ཨརྒྷཾ། ཚིལ་ཆེན་གྱི་སྤོས་དང་། དབང་པོའི་མེ་ཏོག་དང་། ཞུན་ཆེན་གྱི་མར་མེ་དང་། བདུད་རྩིའི་དྲི་ཆབ་དང་། ཤ་ཆེན་གྱི་བཤོས་དང་། བྷནྡྷ་ལྟག་སྤྲོད་ཀྱི་རྔ་དང་། རྐང་གི་གླིང་བུ་ལ་སོགས་པ་བཤམ་མོ། །དེ་ནས་སྔོན་དུ་འགྲོ་བའི་ཆོ་ག་ལ་གཉིས་ཏེ། གང་ཟག་སྤྲོས་པ་ལ་དགའ་བ་རྣམས་ཀྱིས་སྟན་བདེ་བ་ལ་འདུག་སྟེ། མཚམས་བཅད་པ་དང་། བཤགས་པ་བྱ་བ་དང་། བརྡའ་སྒོ་དབྱེ་ཞིང་བརྡའི་ཕྱག་བྱ་བ་དང་། དམ་བཅའ་ཞིང་བྱིན་དབབ་པ་དང་། མཆོད་པ་བྱིན་གྱིས་བརླབ་པ་དང་། ཡན་ལག་དགུ་པས་ཚོགས་བསགས་པར་བྱའོ། །གང་ཟག་བསྡུས་པ་ལ་དགའ་བས་ཡི་དམ་ནར་མ་ལ་བྱེད་ན། དང་པོ་བསྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་བྱས་ཏེ། དེ་ནས་སྐད་ཅིག་གིས་གཤིན་རྗེའི་གཤེད་དུ་བསྐྱེད་ལ། ཨཱོྂ་ཧྲཱིཿཥྚི་ཝི་ཥྚི་ཏཱ་ན་ན་བྷ་ར་ཙཀྲ་ཨ་པ་ན་ཡ་ཧཱུྃ་ཕཊ། ཅེས་སྤྲུལ་པ་སྤྲོས་ཏེ་བགེགས་བསྐྲད་དོ། །དེ་ནས་བེ་ཅོན་གྱི་ཕྱག་རྒྱ་བཅས་ལ། ཨཱོྂ་ན་མོ་བུདྡྷ་ཡ། དྷརྨཱ་སཾགྷ་བྷྱ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་ཨག་ནི་ཛ་ལེན་ཏྲ་པྲི་ཏ་བྲི་ཡ་ཧཱུྃ་ཕཊ། ཅེས་བརྗོད་དེ། རྡོ་རྗེ་བེ་ཅོན་གྱི་ར་བ་དང་གུར་བསྒོམ་པར་བྱའོ། །དེ་ནས་མིག་གཡས་པ་མ་ལས་ཉི་མའི་དལ་གྱི་སྟེང་དུ་རྃ་བསམ། དེས་ཕྱོགས་བཅུར་སྡང་མིག་བལྟ་ཞིང་། བཛྲ་ཛྭ་ལ་རྃ་ཞེས་བརྗོད་པས་མེ་དཔུང་གི་གུར་བསྒོམ་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་ལ་བཤགས་པའོ། །དེ་ནས་ཨཱོྂ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་དེ། བླ་མ་དང་ཡི་དམ་གྱི་ལྷ་སྤྱན་དྲངས་ལ། དམིགས་པའི་རྟེན་དང་དབྱེར་མེད་པར་བསམ་མོ། །དེའི་མདུན་དུ་ཕྱག་འཚལ་བ་དང་། པཱུ་ཛ་འབུལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་བསྔོ་བ་དང་། ལུས་དབུལ་བ་དང་། དབང་བསྐུར་ཞིང་བྱིན་གྱིས་རློབས་ཤིག་པར་གསོལ་བ་གདབ་པ་དང་། ཏིང་ངེ་འཛིན་གྱི་དབང་བཞི་རྫོགས་པར་བླངས་པའོ། །དེའི་རྗེས་ལ་དེ་བཞིན་གཤེགས་པ་རྣམས་འོད་དུ་ཞུ་ནས། རང་ལ་ཐིམ་པས་རང་ཡང་འོད་དུ་ཞུ། དེའི་འོད་ཟེར་གྱིས་ཕྱི་ནང་གི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། འོད་དེ་སླར་འདུས་ནས་ཐིག་ལེར་གྱུར་པར་བསམ་མོ། །ཐིག་ལེ་དམར་པོ་ལ་ཤེས་པ་ཅུང་ཟད་ག ཏད་ལ། མཇུག་ཏུ་མི་དམིགས་པའི་ངང་ལ་བློ་བཞག་གོ། །དེ་ནས་བསྙེན་པ་དངོས་ལ་གཉིས་ཏེ། བསྙེན་པ་དང་། ཉེ་བའི་བསྙེན་པའོ། །དང་པོ་ལ་དྲུག་སྟེ། བསྐྱེད་པའི་རིམ་པ་བསྒོམ་པ་དང་། ཡེ་ཤེས་པ་དགུག་གཞུག་བྱ་བ་དང་། མཆོད་བསྟོད་བྱ་བ་དང་། བཟླས་པ་བྱ་བ་དང་། རྫོགས་པའི་རིམ་པས་མཇུག་བསྡུ་བ་དང་། ཐུན་མཚམས་ཀྱི་སྤྱོད་ལམ་བྱ་བ་བསྟན་པའོ། །འདི་རྣམས་ལ་ཡང་དུས་ཀྱི་བསྙེན་པ་དང་། སྤྲོས་པ་ལ་དགའ་བ་རྣམས་ཀྱིས་ཚིག་གིས་གསལ་འདེབས་པ་དང་བཅས་པ་བྱ་བ་དང་། གང་ཟག་བསྡུས་པ་ལ་དགའ་བ་རྣམས་རྒྱུན་གྱི་ཡི་དམ་ནར་མར་བྱེད་ན་བསྒོམ་པ་དང་བཟླས་པ་ལ་གཙོར་བྱེད་པའོ། །དེ་ལྟར་གང་བྱེད་ཀྱང་བསྐྱེད་པའི་རིམ་པ་ལ་བཞི་སྟེ། ཏིང་ངེ་འཛིན་གསུམ་བསྒོམ་པ་དང་། འབྱུང་བ་རིམ་བརྩེགས་བསྐྱེད་པ་དང་། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང་། ལྷ་བསྐྱེད་པའོ། །དང་པོ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ལུས་སེམས་ཁོང་ཀློད། ཀུན་གཞི་སྟོང་པའི་ངང་ལས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་ཆོས་ཉིད་མ་བཅོས་པའི་ངང་དུ་བཞག་གོ། །གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི། ཡིད་ཀྱི་རྣམ་པར་ཤེས་པ་གསལ་བྱ་མ་འགགས་པའི་ངོས་ནས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ནམ་མཁའ་ལྟ་བུ་ལ་འོད་ཟེར་དམར་པོ་ཉི་མ་ཤར་བ་ལྟ་བུས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ་གསལ་ལ་རྟོག་པ་མེད་པར་བསྒོམ་མོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ནི། ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་ཤེས་པ་ཡེ་ཤེས་སུ་གསལ་བའི་རྟགས་སུ་འོད་ཟེར་དེ་སླར་འདུས་ཏེ་ཧཱུྃ་དམར་པོ་བྱེ་རུ་བཅག་པ་ལྟ་བུ་སྣང་ལ་རང་བཞིན་མེད་པ་གཅིག་ཏུ་བསྒོམ་པའོ། །དེ་ནས་ཧཱུྃ་གྲངས་མེད་པ་འཕྲོས་ཏེ་འཕགས་པ་མཆོད། ཐུགས་དམ་བསྐུལ། སེམས་ཅན་གྱི་དོན་བྱས་སླར་འདུས་ཏེ། དང་པོའི་ཧཱུྃ་ལ་ཐིམ་པས། སྔར་བས་ཀྱང་གཟི་བརྗིད་ཆེ་བ་གཅིག་བསྒོམ་མོ། །དེ་རྣམས་ཀྱིས་ཆོས་སྐུའི་བྱིན་རླབས་ལས། སེམས་ཅན་གྱི་དོན་དུ་གཟུགས་སྐུ་གཉིས་ཤར་ཚུལ་དང་སྦྱར་ནས་བསྒོམ་པའོ། །གཉིས་པ་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི། ཧཱུྃ་དེ་ལས་ནི་ཨེ་ཡྃ་ར་སུྃ་ཀེཾ་རྃ་རྣམས་རིམ་གྱིས་ཆད་པ་ལས་སྤྲོ་བསྡུས་འོད་དུ་ཞུ་བ་ལས། ཨེ་ལས་ནམ་མཁའ་གྲུ་གསུམ་མཐིང་ནག །ཡྃ་ལས་རླུང་ལྗང་གུ་རྡོ་རྗེ་རྒྱ་གྲམ། ར་ལས་རཀྟའི་རྒྱ་མཚོ་དམར་ཞིང་ཟླུམ་པ། སུྃ་ལས་ཞིང་ཆེན་གྱི་ས་གཞི་སྨུག་པོ་གྲུ་བཞི། ཀེཾ་ལས་རུས་པའི་རི་རབ་དཔག་ཚད་བརྒྱད་ཁྲི་གྱེན་དུ་འཕགས་པ། དཔག་ཚད་བརྒྱད་ཁྲི་གཞི་རཀྟའི་མཚོ་ལ་ནུབ་པ། དེའི་སྟེང་དུ་རྃ་ལས་མེ་དཔུང་དམར་པོ་གྲུ་གསུམ་པ་བསྐྱེད་དོ། །དེ་ཡང་སངས་རྒྱས་ཀྱི་ཐུགས་རྗེ་དང་། སེམས་ཅན་སྤྱི་མཐུན་གྱི་ལས་འཛོམ་པ་ལས། སྣོད་ཀྱི་ལོ་ཀ་ཆགས་ཚུལ་དང་སྦྱར་ནས་རང་གི་ཕུང་པོ་ལ་མཚུངས་ལྡན་དུ་ཡུམ་ལྔའི་མཁའ་རུ་བསྒོམ་པའོ། །གསུམ་པ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ནི་གཉིས་ལས། དང་པོ་ནི་ཧཱུྃ་ལས་བྷྲཱུྃ་སྨུག་ནག་འོད་ཟེར་སྣ་ཚོགས་སུ་འཕྲོ་བ་གཅིག་ཆད་དེ། རི་རབ་ཀྱི་ཁ་ལ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་བྷྲཱུྃ་དང་བཅས་པ་འཐོན་ཏེ། སྤྲོ་བསྡུས་འོད་དུ་ཞུ་ནས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་དབུས་སུ་ཆོས་འབྱུང་དམར་པོ་ཁ་གདེངས་ཆེ་ལ་གཏིང་ཟབ་པ། ཁྲག་གི་རྒྱ་མཚོ་འཁྱིལ་བ། དེའི་ཕྱི་ཐོད་པ་སྐམ་པོའི་བརྩིགས་པས་བསྐོར་བ། དེའི་ནང་ཁམས་གསུམ་དབང་དུ་བསྡུད་པའི་ཟླ་གམ་དམར་པོ་གསུམ་དང་ལྡན་པ། དེའི་ཕྱི་ཡེ་ཤེས་བཞིའི་འཁོར་ལོ་དམར་པོ་རྩིབས་བཞི་ལ་རྡོ་རྗེའི་ར་བས་བསྐོར་བས། དེའི་ནང་རྩིབས་མཆན་དུ་ཡང་རཀྟ་རུ་ཡོད་པ། གྲུ་ཆད་ལྗང་གུ། ཁྱམས་ཡང་གཞི་ཞིང་ཆེན་ལ་སྟེང་རཀྟ་འཁྱིལ་བ། པཉྩ་རེ་ཀ་ཡང་ཐོད་པ་ཚར་གསུམ་གྱི་རྩིག་པ། གནམ་ལྕགས་ཞུན་མའི་གཟེར་བཏབ་པ། རཀྟས་སྤྱིན་ཐབས་སུ་སྦྱར་བ། ཕ་གུ་མི་མགོ་རློན་པའི་རྩིགས་པ། རུས་སྦལ་གྱི་ཀ་གདན། ཞིང་གི་ཀ་བ། ཆུ་སྲིན་གྱི་ཀ་གཞུ། ཚངས་པའི་གདུང་། ལྷ་བརྒྱད་དང་ཀླུ་བརྒྱད་ཀྱི་ཕྱམ། གཟའ་བརྒྱད་ཀྱི་ཁ་བད། རྒྱུ་སྐར་གྱི་གྲལ་མ། ཕྱོགས་སྐྱོང་གི་ལྤགས་པས་ཐོག །ཉི་ཟླའི་མཐོང་ཁུང་། ཞིང་ལྤགས་ཀྱི་གདུགས། ཙིཏྟའི་ཏོག །ཆུ་སྲིན་གྱི་མདའ་ཡབ། སྦྲུལ་གྱི་དྲྭ་བ་དྲྭ་ཕྱེད། སྒོ་བཞི་ཡང་ཆུ་སྲིན་གྱི་ཡ་ཐེམ་མ་ཐེམ། སྦྲུལ་ནག་གི་ཀེའུ། ཞིང་གི་སྒོ་ལེབ། ཆུ་སྲིན་གྱི་རྟ་བབས་དང་ལྡན་པ་བསྒོམ་མོ། །གཉིས་པ་གདན་བསྐྱེད་པ་ནི། དབུས་སུ་ཧཱུྃ་གི་འོད་ཟེར་གྱི་གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་དུ། མ་ཧེ་གླང་རྒོད་ཀྱིས་བརྗིས་པའི་ཁྲི། དེའི་སྟེང་དུ་པདྨ་དམར་པོ་ཁ་གྱེན་དུ་གྱེས་པ། དེའི་སྟེང་དུ་ཟླ་བ་ཉ་གང་བ་བསྒོམ་མོ། །འཁོར་ལོ་རྩིབས་བཞི་ལ་ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཏུ་ཀླུ། བྱང་དུ་གནོད་སྦྱིན་ཕོ་མོ་བསྣོལ་བའི་སྟེང་དུ་པདྨ་ཕྱོགས་མཚོན་བཤད། དེའི་སྟེང་དུ་ཉི་མའི་གདན་ནོ། །དེ་ཡང་ལས་སྦྱོར་གྱི་དུས་སུ། འཁོར་བཞི་པོ་ཡབ་ཡུམ་ཆིབས་ཅན་དུ་གདན་ཁྲི་མེད་པར་འདོད་དོ། །བཞི་པ་ལྷ་བསྐྱེད་པ་ལ་ཡང་བཞི་ལས། དང་པོ་གཙོ་བོ་བསྐྱེད་པ་ནི། རྒྱུའི་ཧཱུྃ་དེ་གདན་ཐོག་ཏུ་བབས་པ་ལས་སྤྲོས་བསྡུས་འོད་དུ་ཞུ་བ་ལས་གྲོལ་ལམ་གྱི་ལུགས་ཀྱི་རྡོ་རྗེ། ཐབས་ལམ་གྱི་ལུགས་ཀྱི་འཁོར་ལོ་དམར་པོ་རྩིབས་བརྒྱད་པར་གྱུར། དེ་ལ་སྤྲོས་བསྡུས་འོད་དུ་ཞུ་བ་ལས། ཨཱོྂ་ཤྲཱི་མཉྫུ་ཡ་མཱ ནྟ་ཀ་མ་རུ་རྩེ་བེ་ཏ་ལི་སྭཱ་ཧཱ། ཞེས་བརྗོད་པས་བདག་ཉིད་གཤིན་རྗེའི་གཤེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། བྱི་རུའི་སྡོང་པོ་ཕྱིས་པ་འདྲ་བའམ། སོལ་བའི་མེ་ལ་ཕུས་བཏབ་པ་ལྟ་བུ། ཕྱག་གཡས་ན་གྲོལ་ལམ་དུ་ཐོད་དབྱུག་རྡོ་རྗེས་མཚན་པ། ཐབས་ལམ་དུ་མེའི་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། གཡོན་པ་རླུང་གི་འཁོར་ལོ་བསྣམས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། རྒྱལ་རིགས་དཀར་པོའི་སྦྲུལ་གྱིས་ཐོད་དུ་བཅིངས་པ། རལ་པ་དམར་ལ་ཉིལ་བ་རྐང་སོར་སླེབ་པ། རལ་བའི་རྩེ་ལ་བྷནྡྷ་ལྕང་ལོས་བརྒྱན་པ། སྨིན་མ་དམར་སེར་གྱེན་དུ་འཁྱིལ་བ་ལ་མེ་སྟག་འཕྲོ་བ། སྤྱན་གཡས་པ་དམར་ལ་བགྲད་པ་ལ་མེའི་ཚྭ་ཚྭ་འཕྲོ་བ། སྤྱན་གཡོན་པ་མཐིང་ལ་བགྲད་པ་ལ་ལས་ཀྱི་ཚྭ་ཚྭ་འཕྲོ་བ། ཤངས་ནས་བསྐལ་པའི་རླུང་འཚུབ་འཁྱིལ་བ། སྨ་ར་ཨག་ཚོམ་གྱེན་དུ་འབར་བ་ལ་མེའི་ཚྭ་ཚྭ་གློག་ཏུ་འགྱུ་བ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། མཆེ་བ་གཡས་པ་ལ་རཀྟའི་ཆུ་རྒྱུན་ཤིང་རྟའི་འཕང་ལོ་ཙམ་འབབ་པ། གཡོན་པའི་མཆེ་བ་ལ་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདུལ་བྱ་སེམས་ཅན་གྱི་སྙིང་འགུགས་ཤིང་སེམས་འདྲེན་པའོ། །ཐོད་པ་སྐམ་པོའི་དབུ་རྒྱན་ལ་ཉི་ཟླས་མཚན་པ། ཐོད་པ་རློན་པའི་དོ་ཤལ་སྦྲུལ་རིགས་བཞིའི་རྒྱན་ཆ། གླང་པོ་ཆེའི་ཀོ་བའི་སྟོད་གཡོགས། སྟག་གི་ལྤགས་པའི་སྨད་དཀྲིས་ཞབས་གཉིས་བརྐྱང་བསྐུམ་དུ་བགྲད་པ། དེ་ལྟ་བུ་གཅིག་ཏུ་བདག་གིས་ས་ལེར་བསྒོམ། དེ་ནས་ཡུམ་བསྐྱེད་པ་ནི། གཙོ་བོའི་གཡོན་ཕྱོགས་ནས་ལུས་དང་གྲིབ་མའི་ཚུལ་དུ། རྡོ་རྗེ་རོ་ལངས་མ་ཞེས་ཀྱང་བྱ། ཨེ་ཀ་ཛཱ་ཏི་རལ་གཅིག་ཞེས་ཀྱང་བྱ། སྐུ་མདོག་དམར་ལ་སྨུག་པ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུ་གཡས་པས་ཡབ་ལ་འཁྱུད་ཅིང་། རྡོ་རྗེ་གྲི་གུག་གམ་ཡང་ན་ཁ་ཊྭཱྃ་ཀའོ། །གཡོན་པ་ཐོད་པ་ཁྲག་གིས་བཀང་བ་གཙོ་བོ་ལ་སྟོབ་པའོ། །སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། བལྟ་དགོད་འཛུམ་པའི་མདངས་ཀྱིས་གཙོ་བོ་ལ་བལྟ་བའོ། །དེ་ནས་འཁོར་བསྐྱེད་པ་ནི། བསྙེན་སྒྲུབ་ཀྱི་དུས་སུ་ཐུགས་ཀའམ་སྦྱོར་མཚམས་ནས་བསྐྱེད་པར་བཤད་པའང་ཡོད། ཡང་ན་གཙོ་བོའི་སྤྱན་ལས་ཛཿགཅིག་འཕྲོས་ཏེ་ཤར་དུ་སྲིན་པོ་མ་རུ་རྩེ་གཡས་གྲི་གུག །གཡོན་པ་སྡིགས་མཛུབ། ཤངས་ནས་ཛཿལས་ལྷོར་གཤིན་རྗེ་མ་རུ་རྩེ་གཡས་པ་དབྱུག་ཐོ། ལྗགས་ཀྱི་ཛཿལས་ནུབ་ཏུ་བདུད་མ་རུ་རྩེ་གཡས་རལ་གྲི། ཐུགས་ཀ་ནས་ཛཿལས་བྱང་དུ་གནོད་སྦྱིན་མ་རུ་རྩེ་གཡས་བེ་ཅོན། གཡོན་ཐམས་ཅད་ཞགས་པའོ། །ཡུམ་ཐམས་ཅད་གཡས་པ་ཡབ་ལ་འཁྱུད་ཅིང་། རྡོ་རྗེ་ལ་སོགས་པའི་རིགས་ཀྱི་ཕྱག་རྒྱའམ། ལྕགས་ཀྱུ་དང་ཞགས་པ། ལྕགས་སྒྲོག་དང་དྲིལ་བུའོ། །གཡོན་ཐམས་ཅད་ཐོད་ཁྲག་གཙོ་བོ་ལ་སྟོབ་པའོ། །སྐུ་མདོག་ནི། གུ་རུ་པདྨའི་བཞེད་ཀྱིས་ཤར་དུ་རྡོ་རྗེ་རིགས་ཏེ་དཀར་པོ། ལྷོར་རིན་པོ་ཆེའི་རིགས་ཏེ་སྔོན་པོ། ནུབ་པདྨའི་རིགས་ཏེ་དམར་པོ། བྱང་ལས་ཀྱི་རིགས་ཏེ་ལྗང་གུ། མཁན་པོ་དྷ་ན་ད་ལའི་བཞེད་ཀྱིས། སྟོད་བསྙེན་སྒྲུབ་ཀྱི་དུས་སུ་ཐམས་ཅད་སྐུ་མདོག་དམར་པོ་ལ། དྲག་པོའི་ལས་སྦྱོར་གྱི་དུས་སུ་སྲིན་པོ་དང་། གཤིན་རྗེའི་སྐུ་མདོག་གོང་དང་འདྲ་བ་ལས། བདུད་ནག་པོ། གནོད་སྦྱིན་དམར་སེར་འདོད་དོ། །རྒྱན་ཆ་ཡང་བསྙེན་སྒྲུབ་ཀྱི་དུས་སུ་གཙོ་བོ་དང་འདྲའོ། །ལས་སྦྱོར་གྱི་དུས་སུ་བསྐུལ་ཚིག་དང་མཐུན་པའོ། །དེ་ནས་ཡན་ལག་གི་ལྷ་དབང་བསྐུར་བྱིན་གྱིས་རླབས་པ་ནི་གསུམ་སྟེ། ཨཱོྂ་ཡ་མཱནྟ་ཀ་ཛྭ་ལ་ཛྭ་ལ་ཀཱ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས། ཀླད་པ་དུང་ཁང་དུ་ཟླ་བའི་སྟེང་དུ་ཨཱོྂ་ལས་རྣམ་པར་སྣང་མཛད། དེའི་དུང་ཁང་དུ་འཁོར་ལོ་ཨཱོྂ་གིས་མཚན་པར་བསམ། ཨཱོྂ་ཡ་མཱནྟ་ཀ་ས་མ་ཡ་ཝཱཀྐ་ཧཱུྃ་ཕཊ། ཅེས་བརྗོད་པས། མགྲིན་པར་པདྨའི་སྟེང་དུ་ཨཱཿལས་སྣང་བ་མཐའ་ཡས། དེའི་མགྲིན་པར་པདྨ་ཨཱཾ་གིས་མཚན་པར་བསྐྱེད། ཨཱོྂ་ཡ་མཱནྟ་ཀ་ཙིཏྟ་པ་ན་ཙིནྡྷ་ཙིནྡྷ་ཧཱུྃ་ཕཊ། ཅེས་བརྗོད་པས་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ལས་མི་བསྐྱོད་པ་ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན་པར་བསྐྱེད། དེ་རྣམས་ལས་འོད་ཟེར་གྱི་སྤྲོ་བསྡུས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་བརླབས་པའོ། །དེ་ནས་ཡེ་ཤེས་ལྔས་དབང་བསྐུར་བ་ནི། ཨཱོྂ་སརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཛྙཱ་ན་པཉྩ་ཏེ་རོ་ནི་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བརྗོད་པས་རྒྱལ་བ་རིགས་ལྔ་ཐོད་པའི་ཁང་བུར་དབུ་རྒྱན་གྱི་ཚུལ་དུ་བཞུགས་པར་བསམ་མོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་ཞིང་། བཀྲ་ཤིས་བརྗོད་པས། ཉོན་མོངས་པའི་དྲི་མ་དག་ནས་ཡེ་ཤེས་ལྔར་གསལ་བའི་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །དེ་ནས་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྐྱེད་པ་ནི། ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་འདྲ་བའི་ནང་དུ་སྙིང་ཚིལ་ཨ་ལས་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའི་སྐུ་ཚོན་གང་བ་ཅན་རྒྱན་ཆ་སྤངས་བ་གཅིག་བསྒོམ། དེའི་ཐུགས་ཀར་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། དེའི་ལྟེ་བར་ཧཱུྃ་དམར་པོ་ལ་བཟླས་པའི་སྔགས་ཀྱི་བསྐོར་བར་བསྒོམ་མོ། །སྤྱི་དོན་གཉིས་པ་ཡེ་ཤེས་པ་དགུག་གཞུག་བྱ་བ་ནི་བཞི་ལས། དང་པོ་སྙན་གསན་དབབ་པ་ནི། ཨཱོྂ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་པས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གྱིས་འོག་མིན་ནས་དེ་བཞིན་གཤེགས་པའི་ཐུགས་དམ་བསྐུལ། ཆོས་ཀྱི་སྐུ་ལས་གཟུགས་སྐུར་བཞེངས་སུ་གསོལ། དེ་ནས་སྤྱན་དྲངས་པ་ནི། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་ལྷ་མོ་བཞིས་སྤྱན་དྲངས་ཏེ། ཨེ་ཧྱེ་ཧི་ཧོ་བྷ་ག་ཝཱན་མཉྫུ་ཤྲཱི་ཡ་མཱནྟ་ཀ་མཎྜ་ལ་ཨ་གད་ཛ་ས་མ་ཡ་ཧཱུྃ་ཛཿ ཞེས་བརྗོད་པས་ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ལ། ཨཱོྂ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མཎྜ་ལ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་པས་བདག་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །ཨཱོྂ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ཡ་ཝཱཀྐ་ཙིཏྟ་ས་མ་ཡ་ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བཞུགས་སུ་གསོལ། གསུམ་པ་པཱུ་ཛའི་བྱེ་བྲག་ནི། ཨཱོྂ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མཎྜ་ལ་ན་མོ་ཨ་ཏི་པཱུ་ཧོ། ཞེས་པས་ཕྱག་འཚལ་ལོ། །པྲ་ཏཱི་ཙྪ་ཧོ། ཞེས་པས་མེ་ཏོག་གཏོར་རོ། །དེས་འགྲེའོ། །དེ་ནས་ཐུན་མོང་གི་པཱུ་ཛ་ལྔ་དང་ཁྱད་པར་གྱི་པཱུ་ཛ་གསུམ་ཡང་ཅི་རིགས་པར་དབུལ་ལོ། །དེ་ནས་བསྟོད་པ་རྒྱས་བསྡུས་ཅི་རིགས་ཞིག་གིས་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་བཞི་པ་བཟླས་པ་བྱ་བ་ནི་གཉིས་ཏེ། བསྙེན་པ་དང་ཉེ་བའི་བསྙེན་པའོ། །བསྙེན་པ་ལ་གསུམ་ལས། བཟླས་པའི་སྔགས་ནི། ཨཱོྂ་ཀུ་མཱ་ར་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀུ་མཱ་རཱ་ཙ་ཛཿ ཨཱོྂ་ཤྲཱི་མཉྫུ་ཀུ་མཱ་ར་ཡ་མ་རཱ་ཛ་ཧཱུྃ་ཕཊ་ཀྱང་སྣང་། ཞེས་བཟླས་སོ། །ཡང་ཉེ་བའི་བསྙེན་པ་ནི། སྔ་མ་ལ་བཟླས་པ་མི་བྱེད་པར། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ ཞེས་བཟླས་སོ། །བཟླས་པའི་ཐབས་ནི། སྒྲ་ཆེ་བ་མ་ཡིན། ཆུང་བ་མ་ཡིན། མྱུར་བ་མ་ཡིན། བུལ་བ་མ་ཡིན། བྱེར་བ་དང་ཟུག་པ་མ་ཡིན། མི་ཚིག་དང་མ་འདྲེས་ཤིང་གཉིད་རྨུགས་པ་སྤངས་ལ་བར་མ་ཆད་པར་བཟླས་པར་བྱའོ། །འཕྲོ་འདུའི་ས་མ་ཏི་ནི་གསུམ་སྟེ། དང་པོ་སྐུ་གསལ་བའི་མན་ངག་ནི། སྐུའི་མདུན་དུ་སྟན་བདེ་བ་ལ་སྣང་མཛད་ཀྱི་ཆོས་བདུན་བྱས་ཏེ། དབུགས་ཆ་མཉམ་པ་ལ་རླུང་སེམས་དྲིལ་ཏེ། རྟེན་ལ་བལྟ་ཞིང་ཐུན་ཆ་མཉམ་ལ། བལྟ་བ་དང་ངལ་བསོ་བ་རེ་མོས་བྱ། དེ་ནས་ཡིད་ཡུལ་དུ་བསྒོམ་པ་དང་། གསུམ་སྤེལ་དུ་བྱས་ལ་བསྒོམ། དེ་ནས་བསྒོམ་པ་ཐུན་རབ། ལྟ་བ་ཐུན་འབྲིང་། ངལ་བསོ་བ་ཐུན་ཆུང་དུ་བྱའོ། །དེ་ནས་བསྒོམ་པ་ལ་ཐུན་དྲིལ་ལ། རང་དང་གཉིས་སུ་མེད་པར་བྱ་སྟེ། རྟག་ཅིང་བརྟན་པ་ཐེར་ཟུག་པར་བསྒོམ། དེ་ནས་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། དེ་ཡང་གསལ་ཞིང་བརྟན་པའི་ཚད་རིག་པ་ལ་ཉམས་སུ་མྱོང་ཙམ་ན། གཡེངས་པ་སྤང་ཞིང་བསྒོམ་ལ་བོགས་དབྱུང་བར་བྱའོ། །གཉིས་པ་བསྒོམ་པའི་སྐྱོན་བསལ་བ་ནི་བཞི་སྟེ། བྱིང་ན་གསེང་བ་དང་། རྒོད་ན་བསྡུ་བ་དང་། འཐིབ་ན་གསལ་བ་དང་། གཡེལ་ན་བསྡུ་བའོ། །དེ་རེ་རེ་ཡང་བཞི་བཞི་ཡོད་དེ་སྤྱོད་ལམ་གྱིས་བཅོས་པ་དང་། ཁ་ཟས་ཀྱིས་བཅོས་པ་དང་། དམིགས་པའི་ཏིང་ངེ་འཛིན་གྱིས་བཅོས་པ་དང་། བར་ཆད་བསལ་ཏེ་བཅོས་པའོ། །དེ་ཡང་ཆེད་དུ་བྱས་པ་ལས་བྱུང་བའི་རྐྱེན་དང་། ཤུགས་ལས་བྱུང་བ་དང་། དུས་ཚོད་ལས་བྱུང་བ་དང་། མ་རིག་ལས་བྱུང་བ་རྣམས་གདམས་ངག་གིས་བཅོས་པར་བྱའོ། །དམིགས་པའི་ཏིང་ངེ་འཛིན་ནི། ཧཱུྃ་གི་ཆོས་ལྔ་དང་ལྡན་པར་བྱས་ཏེ། བྱིང་ན་ཧཱུྃ་དམར་པོ་སྤྲོ་བ་དང་། རྒོད་ན་ཧཱུྃ་དམར་པོར་བསྡུ་བ་དང་། འཐིབས་ན་ཧཱུྃ་དམར་པོ་ལས་སྐུ་བསྐྱེད་པ་དང་། འཐོར་ཞིང་གཡེལ་ན་ཧཱུྃ་དམར་པོ་ལ་བཟུང་བ་དང་། ཞེན་པ་དང་འཐས་པ་བྱུང་ན་ཧཱུྃ་དམར་པོ་ལ་བསྡུ་བའོ། །དང་པོ་སྤྲོ་བ་ལ་ཡང་དབུགས་དང་བཅས་ཏེ་སྣ་བུག་ནས་སྤྲོ་བ་དང་། ཐུགས་ཀ་ནས་སྤྲོ་བ་དང་། བ་སྤུ་ནས་སྤྲོ་བ་དང་། འཇིག་རྟེན་གྱི་ཁམས་གང་བར་སྤྲོ་བ་དང་། འདོམ་གང་ངམ་དབང་པོའི་ཡུལ་དུ་སྤྲོ་བ་རྣམས་ཁམས་དང་སྦྱར་ནས་བྱའོ། །གཉིས་པ་བསྡུ་བའི་དུས་སུ་ཡང་། ཐུགས་ཀའི་ཧཱུྃ་ལ་བསྡུ་བ་དང་དབུགས་དང་སྦྱར་ཏེ་ཧཱུྃ་ལ་ཐིམ་པར་བསྡུ་བ་དང་། སྐུ་ཡང་ཧཱུྃ་ལ་བསྡུ་བའོ། །གསུམ་པ་ཧཱུྃ་ལས་བསྐྱེད་པ་ལ་ཡང་རིམ་གྱིས་བསྐྱེད་པ་དང་། ཅིག་ཅར་དུ་བསྐྱེད་པ་དང་། རགས་པར་བསྐྱེད་པ་དང་། ཕྲ་བར་བསྐྱེད་པ་དང་། མང་པོར་སྤྲོ་བའོ། །བཞི་བ་ཧཱུྃ་ལ་བཟུང་བ་ལ། ཐུས་ཀའི་ཧཱུྃ་ལ་བཟུང་བ་དང་། མདུན་གྱི་ནམ་མཁའ་ལ་བཟུང་བ་དང་། སྣ་རྩེའི་ཧཱུྃ་ལ་དབུགས་དང་སྦྱར་ཏེ་འབྱུང་འཇུག་གི་ཚུལ་དུ་བཟུང་བ་དང་། ཧཱུྃ་རྐྱང་པ་ལ་བཟུང་བའོ། །ལྔ་པ་སྤྱིའི་སྐྱོན་ཞེན་པ་དང་། འཐས་པ་ལ་སྐུ་ཡང་ཧཱུྃ་དུ་བསྡུས་ཏེ། ཧཱུྃ་ཡང་ཞབས་ཀྱུ་ནས་ཐིག་ལེའི་བར་དུ་བསྡུས་ཏེ། ཐིག་ལེ་དམར་པོ་ལ་ཤེས་པ་གཏད་ལ་བསྒོམ། མཇུག་ཏུ་མི་དམིགས་པར་བྱས་ཏེ་མི་རྟོག་པ་བསྒོམ། དེ་ཡིས་ཞེན་པ་དང་། འཐས་པ་དང་། རབ་རིབ་ཏུ་གྱུར་པ་དང་། མིག་མི་གསལ་བའི་སྐྱོན་རྣམས་སེལ་བར་འགྱུར་རོ། །དེ་ཡང་གཞུང་ལས། རྟོག་ཚོགས་དང་པོ་ཧཱུྃ་ལ་བསྡུ། །ཡེ་ཤེས་རིག་པ་ཧཱུྃ་ལ་སྤྲོ། །སངས་རྒྱས་ཆོ་འཕྲུལ་ཧཱུྃ་ལས་བསྐྱེད། །གཉུག་མ་དྲི་མེད་ཧཱུྃ་ལ་བཟུང་། །ཐ་མ་ཧཱུྃ་གིས་ལ་བཟླས་སྟོང་། །ཧཱུྃ་ལྔ་སྦྱངས་པས་ངོ་བོ་མེད། །ངོ་བོ་མེད་པ་ཆོས་ཀྱི་སྐུ། །འཇམ་དཔལ་དམར་པོའི་དོན་མཐོང་བའོ། །ཞེས་གསུངས་སོ། །དེ་ལྟར་ཧཱུྃ་ལྔའི་ཆོས་ཀྱིས་སྐྱོན་བཅོས་པ་ནི། ལམ་ལྔ་མཐར་ཕྱིན་པའོ། །གསུམ་པ་ནི། ཏིང་ངེ་འཛིན་གྱི་འཕྲོ་འདུ་དངོས་བསྟན་པ་ནི་བཞི་སྟེ། ཕྱིའི་འཕྲོ་འདུ་དང་། ནང་གི་དང་། གསང་བའི་དང་། དེ་ཁོ་ན་ཉིད་དོ། །དང་པོ་ལ་ནི་གཉིས་ཏེ། གུ་རུ་པདྨའི་བཞེད་ཀྱི་ཕཊ་ཛ ཿཞེས་མདུན་དུ་ཡེ་ཤེས་པ་ཕྱེས་ལ། ཞལ་སྤྲོད་དུ་འཕྲོ་འདུ་བྱ་གསུང་། དེ་ཡང་སྐུ་གསུང་ཐུགས་རིམ་པས་བྱ་གསུང་ངོ་། །མཁན་པོ་དྷ་ན་ད་ལའི་བཞེད་ཀྱི་དམ་ཚིག་པ་དང་། ཡེ་ཤེས་པ་མི་དབྱེ་བར་ཞིང་ཁམས་དང་སྤྲོ་བསྡུ་བྱ་གསུང་ངོ་། །སྐུ་གསུང་ཐུགས་ཡང་སྤྱི་ཚོགས་སུ་བྱ་གསུང་ངོ་། །དེ་ཡང་བླ་མ་སངས་རྒྱས་ཡེ་ཤེས་ནི། ནམ་མཁའི་སྙིང་པོ་དང་བལ་མོ་བཟའ་གཉིས་པོ་པདྨའི་གསུང་དང་མཐུན་པས་གཙོ་བོར་མཛད་དོ། །ལྷ་རྗེ་ཆེན་པོ་ནི་དྷ་ན་ད་ལའི་གསུང་ལ་གཙོ་བོར་མཛད་དོ། །དེ་ལ་དང་པོ་ནི་ཕཊ་ཛཿཞེས་ཡེ་ཤེས་པ་མདུན་དུ་ཕྱེས་ལ། དེ་ནས་སྤྲོ་བསྡུ་བྱ་སྟེ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་སྟེ། སྔགས་ཀྱི་ཕྲེང་བ་ལ་བརྒྱུད་ནས་མགྲིན་པར་བྱུང་ནས་ཨཱཿལ་ཕོག་པས་སྔགས་ལ་ཕོག་པ་བརྒྱུད། སྣ་བུག་ནས་ཐོན་དུང་ཁང་དུ་བརྒྱུད་དེ། ཨཱོྂ་ལ་ཕོག་པས། སྔགས་ཀྱི་ཕྲེ་བ་ལས་བྱུང་སྟེ། འོད་ཟེར་སྨིན་མཚམས་ནས་ཐོན་ནས་ཡེ་ཤེས་པ་ལ་ཕོག །གོང་མ་བཞིན་དུ་བསྟིམས་པས་བརྒྱུད་དེ། འཇིག་རྟེན་གྱི་ཁམས་སུ་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་སྦྱངས་ནས། སྣང་སྲིད་ཐམས་ཅད་ལྷ་རུ་གསལ་བར་བྱས། ཚུར་འདུས་བདག་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་དག་ནས། སྐུའི་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནི་སྣང་བ་སྐུའི་དལ་ལ་བཟླས་པ་ཞེས་བྱའོ། །དེ་ནས་གོང་བཞིན་ཐུགས་ཀ་ནས་མགྲིན་པ་དང་དུང་ཁང་བརྒྱུད་མར་བབས་ཏེ། ལྗགས་སྟེང་ནས་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། གོང་བཞིན་བརྒྱུད་ནས་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། སྣང་སྲིད་ལྷར་གསལ་བའི་ཞལ་ནས་སྔགས་བཟླས་པས་སྒྲ་སྐད་ཐམས་ཅད་སྔགས་སུ་གྱུར་ཏེ། ཚུར་འདུས་བདག་ལ་ཐིམ་པས་ངག་གི་སྒྲིབ་པ་དག་ནས་གསུང་གི་དངོས་གྲུབ་ཐོབ་པར་བསམ། དེ་ནི་གྲགས་པ་གསུང་གི་དལ་ལ་བཟླས་པ་ཞེས་བྱའོ། །དེ་ཡང་ཐུགས་ཀ་ནས་ལྗགས་སྟེང་དང་དུང་ཁང་རིམ་པར་བརྒྱུད། ཐུགས་ཀར་བབས། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕོག །གོང་བཞིན་དུ་བརྒྱུད་དེ། འཇིག་རྟེན་གྱི་ཁམས་སུ་འཕྲོས་ནས། སྐུ་ཐམས་ཅད་སྣང་ལ་རང་བཞིན་མེད་པར་འཇའ་ཚོན་ལྟ་བུར་གྱུར། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་བྲག་ཅ་ལྟ་བུར་གྱུར། སེམས་ཀྱི་དྲན་རིག་རྟོག་པ་ཐམས་ཅད་བདེ་གསལ་མི་རྟོག་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གྱུར། ཚུར་འདུས་བདག་ལ་ཐིམ་ཡིད་ཀྱི་སྒྲིབ་པ་སྦྱངས། ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། དེ་ནི་དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ལ་བཟླས་པ་ཞེས་བྱའོ། །དེ་ཀ་ལ་སྟེང་སྒོ་ཕྱིའི་བཟླས་པ་ཞེས་བྱའོ། །དེ་ཡང་དྷ་ན་ད་ལ་ནི་མདུན་དུ་ཡེ་ཤེས་པ་མི་འབྱེད་དེ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བྱུང་ནས་སྔགས་ཀྱི་ཕྲེང་བ་བརྒྱུད། མགྲིན་པ་དང་དུང་ཁང་དུ་ཡང་། དེ་བཞིན་དུ་བརྒྱུད་དེ། སྲོག་དག་པའི་ལམ་ནས་ཐུགས་ཀར་བརྒྱུད། ཐུགས་ཀ་ནས་འོད་ཟེར་ཕྱིར་འཕྲོས་པས། སྣོད་བཅུད་ཐམས་ཅད་ལྷའི་དལ་དུ་གྱུར། དེ་ཡང་སྣང་ལ་རང་བཞིན་མེད་པ་དང་། དེ་རྣམས་ཀྱིས་བཟླས་པ་དང་སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲར་གྱུར། དེ་ཡང་གྲགས་སྟོང་དབྱེར་མེད་པ་དང་། འཁོར་འདས་ལམ་གསུམ་གྱི་བསྡུས་པའི་མྱོང་རིག་གི་ཆོས་ཐམས་ཅད་སྐྱེ་འགགས་གཉིས་སུ་མེད་པའི་ཐིག་ལེ་ཆེན་པོར་བདེ་སྟོང་གི་ཡེ་ཤེས་སུ་གསལ་བར་བྱ་སྟེ། དེ་ཡང་ཕར་སྤྲོས་པས་ནི་མཆོད་ཅིང་ཐུགས་དམ་བསྐུལ། ཚུར་བསྡུས་པས་ནི་སྒྲིབ་པ་སྦྱོང་ཞིང་དངོས་གྲུབ་བསྡུ་བ་དང་། སྐུ་གསུང་ཐུགས་ཡེ་ཤེས་སུ་གསལ་བར་བསམ་ཞིང་བཟླས་པ་བྱའོ། །དེ་ལ་ཇི་བཞིན་པའི་དལ་དང་། བྱང་ཆུབ་སེམས་ཀྱི་དལ་དང་། ལྷུན་གྱིས་གྲུབ་པའི་དལ་དང་གསུམ་དུ་ཤེས་པར་བྱའོ། །དེ་ནི་གྲོལ་ལམ་སྟེང་སྒོ་ཕྱིའི་བཟླས་པ་བྱ་བ་གསུང་ངོ་། །གཉིས་པ་ནང་ལྟར་དུ་བཟླས་པ་ལ་ཡང་། རུ་པདྨའི་བཞེད་ཀྱི་མཁའ་གསང་གི་བཟླས་པ་ཞེས་བྱ་སྟེང་ཐུགས་ཀ་ནས་མགྲིན་པ་དང་དུང་ཁང་དུ་བརྒྱུད་དེ། སྲོག་དག་པའི་ལམ་ནས་ཐིག་ལེའི་ཚུལ་དུ་བབས་ཏེ། གསང་བ་རྡོ་རྗེའི་ལམ་ནས་ཐིག་ལེ་བཞི་རུ་གནས་པ་ལས། ཐིག་ལེ་གཉིས་ཤོར་ཐིག་ལེ་གཉིས་གནས་པའི་དུས་སུ། བདེ་བ་ངོས་བཟུང་ལ། ཧཱུྃ་གིས་དྲངས་ཏེ། ལྗགས་སྟེང་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་དཀར་པོ་ཡེ་ཤེས་པའི་ཚུར་དུ་ཞུགས་ནས་ཡང་རིམ་པས་བརྒྱུད་དེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་གྲུབ་ཀྱི་དབྱིག་བསྡུས་ནས་འོད་ཟེར་དམར་པོ་ཞལ་དུ་ཐིམ་པས། ལུས་བདེ་བས་གང་བར་བསམ་ཞིང་བཟླས་སོ། །དེ་ནི་འོག་སྒོ་ནང་གི་བཟླས་པ་ཞེས་བྱའོ། །ཡང་ན་མཁན་པོ་དྷ་ན་ད་ལའི་བཞེད་ཀྱི་གནས་ལྔར་རིགསཀྱི་ཡབ་ལྔ་བསྐྱེད། ཡུམ་གྱི་གནས་ལྔར་རིགས་ཀྱི་ཡུམ་ལྔར་བསྐྱེད་ལ། ཡབ་ཡུམ་སྦྱོར་བའི་ཚེ་བདེ་བ་གཡོས་ནས་འཁོར་ལོ་བཞི་ལ་ཐིག་ལེ་རིམ་པར་བབས། གསང་བའི་ལམ་དུ་ཐིག་ལེ་གནས་པ་ལ། ཡབ་ཀྱི་ཐིག་ལེ་དམར་པོ་ཕྱིར་ལ་མི་དབྱུང་། ཡུམ་གྱི་ཐིག་ལེ་དཀར་པོ་ཕྱིར་ལ་མིད་དབྱུངས་པས། བདེ་བ་སྐད་ཅིག་མ་དང་པོའི་དུས་ཡབ་ཀྱི་ཐིག་ལེའི་འོད་ཟེར་དཀར་པོ་ཡུམ་གྱི་མཁའ་ལ་སྤྲོས་ཏེ། ཡུམ་གྱི་གནས་ལྔའི་མཁའ་འགྲོ་མ་ལ་མཆོད་པ་འབུལ། ཟག་མེད་ཀྱི་བདེ་བ་བསྐྱེད། ཡུམ་གྱི་ཐིག་ལེ་དམར་པོའི་འོད་ཟེར་ཡབ་ཀྱི་གསང་གནས་སུ་འཕྲོས་ཏེ། ཡབ་ཀྱི་གནས་ལྔའི་དེ་བཞིན་གཤེགས་པ་ལ་མཆོད་པ་ཕུལ་ཟག་པ་མེད་པའི་བདེ་བ་བསྐྱེད། ཐིག་ལེ་དངོས་སུ་མ་ཤོར་བར་ཧཱུྃ་རིང་གིས་རང་གི་གནས་སུ་བཟློག་སྟེ། གནས་ལྔའི་བ་སྤུའི་བུ་ག་ནས་འོད་ཟེར་འཕྲོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་མཆོད། ཚུར་དངོས་གྲུབ་ཀྱི་དབྱིག་བསྡུས་ཏེ། བདག་ལ་ཐིམ་པས་བདེ་བས་གང་ཞིང་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནི་ཐབས་ལམ་འོག་སྒོའི་བཟླས་པ་ཞེས་བྱའོ། །དེ་ནས་གསུམ་པ་གསང་བའི་བཟླས་པ་ནི། རུ་པདྨའི་བཞེད་ཀྱི་གཞན་གོང་དང་འདྲ་བ་ལས། ཐིག་ལེ་ཡུམ་གྱི་མཁའ་ལ་རྫོགས་པ་དེ། ཡུམ་གྱི་གནས་ལྔར་ཡར་ལ་བརྒྱུད་དེ། ཡུམ་གྱི་བྱང་སེམས་དམར་པོ་དང་འདྲེས་ནས་ཡུམ་གྱི་མཁའ་ལ་བབས་ཏེ། ཡབ་ཀྱི་གསང་བ་ནས་ཡར་ལ་ཧཱུྃ་ཞེས་དྲངས་པས། འཁོར་ལོ་བཞིར་བརྒྱུད་དེ། ཟག་མེད་ཀྱི་བདེ་བ་རྒྱས་པར་བསྒོམ་མོ། །དེ་ནས་ཞལ་ནས་འོད་ཟེར་དཀར་དམར་དུ་འདྲེས་པ་ཐོན་ཏེ། མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་ནས་ཞུགས། སྤྲོ་བསྡུ་གོང་བཞིན་བྱས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་དུ་ཞུ་ནས། འོད་ཟེར་སྨུག་པོ་ཆི་ལི་ལི་བདག་ལ་ཐིམ་པས་ལུས་བདེ་བས་གང་ཞིང་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནི་སྟེང་འོག་ཐུན་མོང་གི་གསང་བའི་བཟླས་པ་ཞེས་བྱའོ། །ཡང་མཁན་པོ་དྷ་ན་ད་ལའི་བཞེད་ཀྱི་གཞན་གོང་དང་འདྲ་བ་ལས། ཡབ་ཀྱི་གསང་བ་ལ་རྩ་རྡོ་རྗེའི་དབྱིབས་ཡོད་པ་དེ། གཙོ་བོ་ཡབ་ལྔ་རུ་བསྒོམ། ཡུམ་གྱི་མཁའ་ན་སྐྱེ་གནས་ཟ་མ་ཏོག་ན་རྩ་ཁ་ཀ་མུ་ཀ་ཞེས་བྱ་བ་ལ་རྩ་བཞི་པདྨའི་ཚུལ་དུ་ཡོད་པ་དེ། མཁའ་འགྲོ་མ་ཡུམ་ལྔར་བསམ། རྡོ་རྗེ་པདྨོར་སྙོམས་པར་ཞུགས་ནས། བསྐྱོད་པའི་སྦྱོར་བས་ཆགས་པའི་གཡོ་འགུལ་གྱི་རླུང་གིས། བདེ་བ་གཏུམ་མོའི་མེ་སྦར་ནས། འཁོར་ལོ་བཞིའི་ཐིག་ལེ་རིམ་གྱིས་བབས་པས། ལུས་ཀྱི་དགའ་བ་བཞི་བསྐྱེད་པས། བདེ་བ་དང་པོ་ངོས་བཟུང་། དེ་ནས་ཐིག་ལེ་རྡོ་རྗེར་བབས་པས་སྐད་ཅིག་མའི་བདེ་བ་བཞི་ལས། སྐད་ཅིག་མ་དང་པོ་ཐིག་ལེ་དཀར་དམར་འཛོམ་པའི་དུས་སུ། བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་གསལ་མི་རྟོག་པའི་ཉམས་ཤར་བ་ལ་རླུང་བཟུང་བས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་བདེ་བ་ཆེན་པོའི་མཆོད་པས་མཉེས་ནས་འོད་དུ་ཞུ། སྦྱོར་མཚམས་ཀྱི་ཐིག་ལེ་ལ་ཐིམ། ཐིག་ལེ་རྡོ་རྗེའི་ལམ་དུ་དྲངས་ནས། འཁོར་ལོ་བཞི་ལ་བཟློག་པ་སྟེ། རྩ་གནས་སུ་བཀྲམ་པས་ལུས་བདེ་བས་གང་སྟེ། ཟག་མེད་ཀྱི་ཏིང་ངེ་འཛིན་སྐྱེས་ཤིང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ། ཐུན་མོང་གི་ལས་ཚོགས་གང་ཡང་འདྲ་གསུང་ངོ་། །བདེ་བ་ཆེན་པོ་ཐིག་ལེའི་བཟླས་པ་ཞེས་བྱའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་བཟླས་པ་ནི། སློབ་དཔོན་གཉིས་ཀ་དགོངས་པ་མཐུན་ཏེ། མཇུག་རྫོགས་པའི་རིམ་པས་ཆོས་ཉིད་ཀྱི་དོན་ལ་བཟླ། སྤྱོད་པ་ཅིར་སྣང་ཐམས་ཅད་ཆོས་ཉིད་དུ་རོ་མཉམ། འབྲས་བུ་དྲོད་རྟགས་ཐམས་ཅད་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོར་མཐར་དབྱུང་། ཞེས་གསུངས་སོ། །དེ་ཡང་རུ་པདྨའི་བཞེད་ཀྱིས། དབང་བཞི་རྫོགས་པའི་རྣལ་འབྱོར་པས་བསྙེན་པ་དང་། ཉེ་བསྙེན་གྱི་དུས་སུ་ཕྱི་ལྟར་བཟླས། སྒྲུབ་པ་ལ་ནང་ལྟར་བཟླས། སྒྲུབ་པ་ལས་ཀྱི་མཐའ་བསྡུ་བ་ལ། དེ་ཁོ་ན་ཉིད་དུ་བཟླ་བ་གསུངས་སོ། །མཁན་པོ་དྷ་ན་ད་ལའི་ཞལ་ནས་བསྙེན་སྒྲུབ་རིམ་གྱིས་པ་དང་། སྒྲུབ་པ་ཆེན་པོའི་དུས་སུ་དེ་ལྟར་ཡིན་མོད་ཀྱིས། དབང་བཞི་རྫོགས་པའི་རྣལ་འབྱོར་པས། བསྙེན་སྒྲུབ་བཞི་ལྡན་དུ་རྒྱུན་ཁྱེར་བྱར་བཏུབ་སྟེ། ཐུན་བཞིའི་རྣལ་འབྱོར་ལ་བསྙེན་སྒྲུབ་བཞི་བྱ་བ་དང་ཐུན་གཅིག་ལ་ཡང་བསྙེན་སྒྲུབ་བཞི་བྱར་བཏུབ་གསུང་ངོ་། །ལྔ་པ་རྫོགས་པའི་རིམ་པ་ནི། ཏིང་ངེ་འཛིན་དང་བཟླས་པ་ལ་སྐྱོ་ཞིང་དུབ་ན་བཟླས་པ་བཏང་ལ་བསྟོད་པ་རྒྱས་བསྡུས་གང་རུང་གཅིག་བྱས་ཏེ། དེ་ནས་མཐེ་བོང་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར། གུང་མོ་ལ་མ་ལས་ཉི་མའི་དལ་བསམ། སེ་གོལ་གཡས་གཡོན་བསྣོལ་མར་གདབ་ཅིང་། ན་མོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཁྱེན་པར་མཛད་ཅིང་བདག་ལ་དགོངས་སུ་གསོལ། བདག་གི་རྒྱལ་བའི་བཀའ་བདེན་པ་འདི་འགྲུབ་པར་གྱུར་ཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཐོབ་ནས་ཀྱང་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་དོ། །དེ་ནས་རྟག་པའི་མཐའ་བསལ་བའི་ཕྱིར། དལ་བསྡུ་བ་ནི། འཁོར་རྣམས་རིགས་ཀྱི་གཙོ་བོ་ལ་བསྡུས་ཏེ། གཙོ་བོ་ཡང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་བསྡུ། ཡེ་ཤེས་སེམས་དཔའ་ཡང་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ཞབས་ཀྱུ་འ་ལ་བསྡུ། འ་ཧ་ལ་བསྡུ། ཧ་ཟླ་ཚེས་ལ་བསྡུ། ཟླ་ཆེས་ཐིག་ལེ་ལ་བསྡུ། ཐིག་ལེ་མི་དམིགས་པར་ཆོས་སྐུར་ལ་བཟླའོ། །དེ་ནས་ཆད་པའི་མཐའ་བསལ་བའི་ཕྱིར། སྐུ་བསྐྱེད་པའི་སྔགས་དྲན་པ་ཙམ་གྱིས། སྐད་ཅིག་ལ་ལྷའི་སྐུ་རྫོགས་ཚུལ་དུ་ཀྲོང་བསྐྱེད་ལ། དེའི་སྤྱི་བོར་ཨ་ལས་ཟླ་བའི་དལ་ལ། ཧཱུྃ་ཁ་དོག་ལྔ་ལྡན་གཅིག་བསམ། དེ་འོད་དུ་ཞུ་བས་སྣ་ཚོགས་རྡོ་རྗེར་གྱུར། ཨཱོྂ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ། ཞེས་བརྗོད་པས། དེ་ལས་རྡོ་རྗེ་ཕྲ་མོའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གྱུར་པར་བསམ། ཨཱོྂ་བྃ་ཧཱུྃ། ཞེས་བརྗོད་པས་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བཅིངས་ཏེ་གནས་ལྔར་མདུད་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་རེ་བསམ། རྡོ་རྗེའི་གོ་མིག་རྣམས་ཁྲོ་ཆུང་གིས་གཏམས་པར་བསམ། དྲུག་པ་ཐུན་མཚམས་ཀྱི་སྤྱོད་ལམ་བསྟན་པ་ནི། འགྲོ། ཉལ། འདུག །སྡོད། ཟ། འཆག །སྤྱོད་ལམ་དྲུག་པོ་གང་བྱེད་ཀྱང་། ལྷ་ཡི་ང་རྒྱ་དང་མ་བྲལ་བར་བྱ། བཟའ་བཏུང་ཐམས་ཅད་བྱིན་གྱིས་རློབས་ལ་ལྷར་གསལ་བས་ལོངས་སྤྱད། ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་འདོད་ཡོན་གྱི་ལྷ་མོ་དྲུག་ཏུ་རྒྱས་གདབ་སྟེ། ལྷ་ལྷ་ལ་ཐིམ་པའམ། ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་དུ་སྤྱད་པར་བྱའོ། ༈ །དེ་ནས་གཉིས་པ་ཉེ་བའི་བསྙེན་པ་ནི། གྲུབ་པའི་རྟགས་དང་། དྲོད་ཚད་ཀྱི་རིམ་པ་རྣམས་གཞུང་ལས་བྱུང་བ་བཞིན་དུ་རྫོགས་ནས། དངོས་གྲུབ་རྟགས་ཀྱི་བསྙེན་པ་བྱ་སྟེ། བསྐྱེད་རིམ་ལ་སོགས་པ་གཞན་གོང་དང་འདྲ་བ་ལས། བཟླས་པའི་དུས་སུ། ཨཱོྂ་ཨ་ཀྲོ་ཏེ་ཀ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པའམ། ཡང་ན། ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛཿ ཞེས་པ་དང་། ཨཱོྂ་མཉྫུ་ཤྲཱི་ཀུ་མཱ་ར་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཅེས་པ་བཟླས་སོ། །འཕྲོ་འདུ་བྱ་བ་ནི། གོང་གི་བྷནྡྷའི་ཕུར་པ་ལ་མིའི་རྒྱུས་པ་གསུམ་བསྒྲིལ་ལ་གཟུངས་ཐག་བྱས་ལ་ཁྲག་ཆེན་གྱིས་བྱུགས། ལག་པ་གཡས་པའི་མཐེབ་སྲིན་གྱིས་སྙིང་ཁར་བཟུང་སྟེ། བྷནྡྷ་གཞལ་ཡས་ཁང་དུ་བསམ། ཕུར་པ་ལྷར་བསམ། ཡུངས་ཀར་སྤྲུལ་པའི་ཁྲོ་བོར་བསམ། དམ་ཚིག་པ་དང་ཡེ་ཤེས་པ་ཞལ་སྤྲོད་དུ་བྱས་ལ་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས། བ་ཐག་གཟེངས་པ་ལྟ་བུའམ་མགལ་མེའི་འཁོར་ལོ་ལྟར་ཞལ་ནས་ཞལ་དུ་བརྒྱུད་ཅིང་། ཐུགས་ནས་ཐུགས་སུ་བརྒྱུད་པར་བསམ། ལས་ཀྱི་གཤིན་རྗེ་དང་། ལྷ་མ་སྲིན་སྡེ་བརྒྱད་དང་མ་མོ་མཁའ་འགྲོ་མ་ཐམས་ཅད་འདུས་ཏེ་བདག་ལ་བསྐོར་ཞིང་རང་རང་གི་སྲོག་གི་སྙིང་པོ་དབུལ་བ་དང་། བྲན་དུ་འཁོལ་ཞིང་ཅི་བསྒོ་བའི་ལས་བྱེད་པར་བསམ། བླ་མ་རིག་འཛིན་བརྒྱུད་པ་རྣམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྤྲིན་བཞིན་དུ་གཏིབས་ཏེ། དངོས་གྲུབ་སྩོལ་བར་བསམ་ཞིང་བཟླས་སོ། །གྲུབ་པའི་རྟགས་ནི། དྲོད་བདུན་པའི་མན་ངག་ཆེ་ཆུང་དང་མ་རུ་རྩེ་འཁྲུལ་འཁོར་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་གྲུབ་པའི་རྟགས་དང་། བདུད་ཀྱི་བར་ཆད་ངོ་ཤེས་པར་བྱས་ཏེ། གསལ་ཡང་དགའ་སྤྲོ་དང་། ངོ་མཚར་ཡང་མི་བསྐྱེད་འཇིགས་ཤིང་ཡ་ང་བ་ཡང་མི་བྱེད་པར་ལྟ་བ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུས་ཐམས་ཅད་ཆོས་ཉིད་དུ་བལྟ། བསྒོམ་པའི་ཏིང་ངེ་འཛིན་ངར་བསྐྱེད་ལ་ཡེངས་པ་མེད་པར་བྱ། སྤྱོད་པའི་བརྟུལ་ཞུགས་ཀྱིས་ཐམས་ཅད་ཆོས་ཉིད་དུ་རོ་མཉམ་ཞིང་དགེ་སྦྱོར་གྱི་བོགས་འདོན་གྲུབ་རྟགས་དང་བདུད་ཀྱི་བར་ཆད་དུ་མ་འདྲེས་པར་དྲོད་དང་རྟགས་བརྟན་པོར་མི་འགྱུར་བ་འབྱུང་བའི་བར་ཅིག་ཀྱང་བར་མ་ཆོད་པར། སྒྲུབ་པ་ཆེན་པོ་བརྩམས་ལ་དངོས་གྲུབ་བླང་བར་བྱའོ། ༈ །སྤྱི་དོན་གཉིས་པ་སྒྲུབ་པ་བྱ་བ་ནི་གསུམ་སྟེ། སྒྲུབ་པའི་སྔོན་དུ་འགྲོ་བ་དང་། སྒྲུབ་པ་དངོས་བསྟན་པ་དང་། སྒྲུབ་པ་ལས་ཀྱི་མཐའ་བཏུལ་བའོ། །དང་པོ་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ། །སྤྱི་ནི་གོང་དུ་བསྟན་པ་བཞིན་དུ། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་གཞི་བཟུང་བ་དང་། སྔོན་དུ་འགྲོ་བའི་རིམ་པ་གཉིས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་ཤིང་བཤགས་པས་རྒྱུད་དག་པར་བྱའོ། །བྱེ་བྲག་ཏུ་བསྟན་པ་ལ་དྲུག་སྟེ། སའི་ཆོ་ག་བྱ་བ་དང་། མཚམས་བཅད་པ་དང་། དལ་བྲི་ཞིང་རྫས་དགོད་པ་དང་། དཔོན་སློབ་དལ་དུ་འཇུག་པའི་ཆོ་ག་དང་། སྔོན་འགྲོའི་ཆོ་ག་ཐོ་བསྡེབ་པ་དང་། སློབ་དཔོན་གྱི་དགོངས་པ་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། ས་བརྟགས་པ་དང་། ས་བསླང་བ་དང་། སའི་པྲ་བརྟགས་པ་དང་། ས་སྦྱང་བ་དང་། ས་བཟུང་བ་དང་། བསྲུང་ཞིང་བྱིན་གྱིས་རློབས་པ་ལ་སོགས་པ་བཀོལ་བྱང་ནས་འབྱུང་བ་བཞིན་དུ་རྒྱས་བསྡུས་ཅི་རིགས་པར་བྱའོ། །གཉིས་པ་མཚམས་བཅད་པ་ནི། དང་པོ་ཕྱི་རོལ་དུ་གཏོར་མ་ཆ་གསུམ་མམ། འབྱུང་གཏོར་བཏང་ལ་བདེན་པ་བདར། རྒྱལ་པོ་ཆེན་པོ་བཞི་ལ་ཐོ་བཞི་བརྩེགས་ལ་ཕྲིན་ལས་བཅོལ། ནང་དུ་ལོག་ལ་དམ་སྲི་མནན། སྒོ་བྱང་གདགས། མ་ཏྲཾ་བསྒྲལ་བའི་ཁོག་པ་བྷྲཱུྃ་ལས་གཞལ་ཡས་ཁང་དུ་བསྐྱེད། དེ་ནས་དལ་བྲི་ཞིང་རྫས་དགོད་པ་ནི། དཀྱིལ་འཁོར་འདོམས་གང་མདའ་གང་པ་གནས་ཁང་དང་སྦྱར་ཏེ་བརྩིགས་ལ། བདུད་རྩི་ལྔའི་ཆག་ཆག་གདབ། བ་སུ་ཏའམ་རས་བལ་གྱི་སྐུད་པ་བྱིན་གྱིས་བརླབ་ལ། གནམ་ཐིག་དང་ས་ཐིག་གདབ། ཚོན་བྱིན་གྱིས་བརླབ་ལ་བྲི། དེ་ནས་རྒྱན་དང་། མཆོད་པ་དང་། སྒྲུབ་རྫས་རྣམས་དགོད། དེ་ནས་དཔོན་སློབ་དལ་དུ་འཇུག་པ་ནི། བརྡའ་སྒོ་བརྡའ་ཕྱག་བྱས་ལ། ཡན་ལག་དགུ་པས་རྡོ་རྗེ་སློབ་དཔོན་འཇུག །དེ་ནས་སློབ་དཔོན་གྱིས་མཆོད་པའི་གཞུང་གཅིག་བསྲང་ལ་སྨན་མཆོད་བྱ། སློབ་མ་དལ་དུ་འཇུག་ན། སློབ་མས་མེ་ཏོག་ཐོགས་ལ་གསོལ་བ་གདབ། སློབ་དཔོན་གྱིས་མེ་ཏོག་དྲངས་ལ་ལྷ་དང་སྙིང་པོ་དཔོག །བསྲེ་བསྣན་བྱའོ། །སྔོན་འགྲོའི་ཆོ་ག་ཐོ་བསྡེབ་པ་ནི། གཙོ་བོ་རྒྱན་གསོལ་ཞིང་། འཁོར་ལ་རྟགས་གདབ་པ་དང་། དམ་བཅའ་ཞིང་བྱིན་དབབ་པ་དང་། མཆོད་རྫས་བྱིན་གྱིས་བརླབ་པའོ། །སློབ་དཔོན་སོ་སོའི་དགོངས་པ་ནི། རུ་འཇམ་དཔལ་བཤེས་གཉེན་གྱི་བཞེད་པས། གཤིན་རྗེ་ནག་པོའི་སྒྲུབ་ཐབས་དང་མཐུན་པར་ནག་པོས་ཁོག་ཕུབ་ལ། མ་བུའི་ཚུལ་དུ་ཤེས་པར་བྱ་གསུང་། རུ་པདྨའི་བཞེད་པ་ནི། སྒྲུབ་པ་སྤྱི་དང་མི་འགལ་བར་མཁའ་འགྲོའི་ལུང་བསྟན་དང་མཐུན་པར་བལ་མོ་བཟའི་དོན་དུ་མཛད་པ་བཞིན་དུ་བྱའོ་གསུངས་སོ། །མཁན་པོ་དྷ་ན་ད་ལའི་བཞེད་ཀྱི་བདག་དོན་དུ་སྒྲུབ་པ་ནར་མ་བྱ་བའི་ཐབས་མན་ངག་གི་བཀོལ་བྱང་ནས་འབྱུང་བ་ལྟར་བྱའོ་གསུང་། དེ་ཡང་དང་པོ་ནི་དམར་ནག་ཚལ་གྱི་ལུགས་ཡིན། གཉིས་པ་ནི། སྒྲུབ་པ་སྤྱི་དང་མི་འགལ་བ་གུ་རུས་མཛད་པ་ཡིན། ཐ་མ་ནི་དམར་པོ་རྐྱང་པའི་སྒྲུབ་པ་ཆོ་ག་གཞན་ལ་མི་ལྟོས་པ་ཡིན་གསུངས་སོ། །གང་ལ་མོས་པ་ལྟར་བྱས་ཀྱང་འགལ་བ་མེད་དོ། །གཉིས་པ་སྒྲུབ་པ་དངོས་ལ་གསུམ་སྟེ། གཞུང་གང་ལ་བྱེད་ཀྱང་བསྙེན་སྒྲུབ་བཞིའི་གཞུང་བསྲང་བ་དང་གསོ་བ་མཚམས་སྦྱོར་གཉིས་གོ་ཚོགས་བསྡེབས་པ་དང་། ཕྲིན་ལས་དྲུག་གི་འཁྲུགས་བསྡེབས་པའོ། །དང་པོ་ནི། སྔོན་འགྲོ་ཚོགས་བསགས་པ་ནི། ཞི་ཁྲོའི་ཕྲིན་ལས་གཞུང་བསྲང་བ་དེ་མན་ཆད་བསྙེན་པའོ། །དེ་ནས་དམར་པོའི་གཞུང་བསྲངས་ནས། ཛཔ྄་དང་ཚོགས་ཐོན་པ་ཚུན་ཆད་ཉེ་བའི་བསྙེན་པ། དེ་ནས་སྒྲུབ་པ་ཞག་དུ་བྱེད་ཀྱང་། གྲུབ་པའི་རྟགས་བཟང་པོ་མ་བྱུང་གི་བར་རམ། ཡང་ན་ནུབ་ཐ་མ་ཚུན་ཆད་སྒྲུབ་པ་ཞེས་བྱའོ། །དེ་ནས་རྟགས་བཟང་པོ་བྱུང་བའམ། ནུབ་ཐ་མ་ལ་བབས་པའི་ཚེ་དངོས་གྲུབ་ཀྱི་ཞལ་ཟས་ཀུན་བསགས་ནས་དངོས་གྲུབ་བླང་པ་དང་། དབང་བསྐུར་ནས་དངོས་གྲུབ་བསྟིམ་པ་ཡན་ཆད་པོ་དེ་སྒྲུབ་པ་ཆེན་པོ་ཞེས་བྱའོ། །གཉིས་པ་གསོ་བ་མཚམས་སྦྱོར་ནི། ཕྲིན་ལས་སྔོན་དུ་སོང་ནས། ཕྱི་མ་ལ་ཞུགས་པ་དེ་ལ་ཚེའི་མཚམས་སྦྱོར་ནི། ཚེ་རྙིང་པ་ལ་ཚེའི་ཕོ་ཉ་བསྐུལ་ཞིང་ཛཔ྄་བཟླས་ལ་ཚེ་བསྟིམ། ཚེ་སོ་མ་བཅས་ལ་བྱིན་རླབས་བྱས་ལ་བཞག །དེའི་རྗེས་ལ་གཏོར་མའི་མཚམས་སྦྱར་ཏེ་ལས་ཀྱི་གཏོར་མ་ལ་ལྷག་ཆོག་བྱས་ལ། ཤོད་དུ་དཔགས་ལ་བཞག །གཏོར་མ་སོ་མ་བཅས་ལ་བྱིན་རླབས་བྱས་ལ་བཞག །དེ་ནས་གྲུབ་ན་སྦྱིན་སྲེག་བྱས་ཏེ། མ་གྲུབ་ན་ཕུར་བུའི་སྦྱིན་སྲེག་བྱས་ཏེ། སྔ་དྲོ་ཤར་དུ་ཞི་བའི་སྦྱིན་སྲེག་བྱ། གུང་ལ་ལྷོ་རུ་རྒྱས་པའི་སྦྱིན་སྲེག་བྱ། དགོང་མོ་ནུབ་ཏུ་དབང་གི་སྦྱིན་སྲེག་བྱ། ནམ་གྱི་གུང་ལ་བྱང་དུ་དྲག་པོའི་སྦྱིན་སྲེག་བྱ། དེའི་རྗེས་ལ་ཕྲིན་ལས་བཞིའི་བྲོ་ཡང་དེ་བཞིན་དུ་བྱའོ། །དེ་ཡང་ཞི་བ་ནི་བསྙེན་པའི་དུས། རྒྱས་པ་ནི་སྒྲུབ་པའི་དུས། དབང་ནི་སྒྲུབ་པ་ཆེན་པོའི་དུས་སུ་བྱ། དྲག་པོ་ནི་རྨི་ལྟས་ངན་པའམ་གནོད་སྦྱིན་གྱི་བར་ཆད་དང་། ཆོ་འཕྲུལ་བྱུང་བའི་ཚེ་བྱའོ། །གསོ་བ་གཉིས་པ་ནི། ཕྲིན་ལས་ཕྱི་མ་ལ་འཇུག་པའི་དུས་སུ། དལ་གྱི་རེ་ཁ་དང་། གཏོར་མ་དང་། སྨན་ཕུད་དང་། རཀྟ་དང་། མར་མེ་དང་། སྒྲུབ་པ་པོ་རྣམས་ཀྱི་རྟགས་གསོ་བ་དང་། རྡོ་རྗེ་སློབ་དཔོན་དགོངས་པ་ལ་འཇུག །ལས་མཁན་གྱིས་ཕྲིན་ལས་ཀྱི་གཞུང་བསྲང་ངོ་། །ཕྲིན་ལས་དྲུག་ནི། ཞི་བ། རྒྱས་པ། དབང་། དྲག་པོ་བཞི་ནི་སྔར་དང་འདྲ་ལ། དེ་ཡང་རྟགས་བཟང་ངན་གང་ཡང་མ་བྱུང་ན། ཞི་བའི་ལས་བྱ། བཟང་ངན་འདྲེས་མ་བྱུང་ན་རྒྱས་པའི་ལས་བྱ། བཟང་པོ་བྱུང་ན་དབང་གི་ལས་བྱ། ངན་པ་བྱུང་ན་དྲག་པོའི་ལས་བྱ། མནན་བཟློག་ནི། ཧོཾ་ཁུང་དུ་བྲོ་ཡིས་གཟིར་ལ་མནན་པ་དང་། ཕོ་ཉ་དང་སྔགས་ཀྱིས་བཟློག་པར་བྱའོ། །དེ་ཡང་དངོས་གྲུབ་ཀྱི་རྟགས་དང་། བར་ཆད་ཀྱི་ཆོ་འཕྲུལ་ངོ་ཤེས་པར་བྱས་ལ། རྟགས་བཟང་པོ་བརྟན་པོ་བྱུང་ན་དངོས་གྲུབ་བླང་། བར་ཆད་ཀྱི་ཆོ་འཕྲུལ་བྱུང་ན། ཉམས་དང་ཏིང་ངེ་འཛིན་དང་། སྔགས་དང་ཕོ་ཉ་ལ་སོགས་པས་བཟློག་པར་བྱའོ། །དེ་ནས་སྒྲུབ་པ་ཆེན་པོ་ལ་གཉིས་ཏེ། བདག་དོན་དངོས་གྲུབ་བསྒྲུབ་པ་དང་གཞན་དོན་དུ་དབང་བསྐུར་བའོ། །དང་པོ་ནི། དངོས་གྲུབ་ཀྱི་ཞལ་ཟས་ཅི་འབྱོར་པ་བསགས་ལ་ཁྱད་པར་དུ་མཆོག་གི་སིདྡྷི་ཡེ་ཤེས་ཀྱི་ལྷ་ལ་བླང་བའི་ཕྱིར། བྷནྡྷ་མཚན་དང་ལྡན་པར་སྨན་མར་དང་། དངོས་གྲུབ་ཀྱི་རིལ་བུ་བླུགས་ཏེ། གང་འདོད་ཀྱི་གསོལ་བྱང་བཅུག་ལ། དབུས་ཀྱི་ཕོ་བྲང་ལ་དགོད། ཐུན་མོང་གི་དངོས་གྲུབ་བླངས་པའི་ཕྱིར། ཤར་ཕྱོགས་ཀྱི་སྲིན་པོ་མ་རུ་རྩེ་སྐྱེ་འགྲོའི་སྲིད་ལ་དབང་བསྒྱུར་བས་རིགས་རྒྱུད་ཀྱི་དངོས་གྲུབ་བླངས། ལྷོ་ཕྱོགས་ཀྱི་གཤིན་རྗེ་མ་རུ་རྩེ་འགྲོ་བའི་སྲོག་ལ་དབང་བསྒྱུར་བས་ཚེའི་དངོས་གྲུབ་བླངས། ནུབ་ཕྱོགས་ཀྱི་བདུད་པོ་མ་རུ་རྩེ་སྐྱེ་འགྲོའི་མཐུ་ལ་དབང་བསྒྱུར་བས་དྲག་པོའི་དངོས་གྲུབ་བླངས། བྱང་ཕྱོགས་ཀྱི་གནོད་སྦྱིན་མ་རུ་རྩེ་འཇིག་རྟེན་གྱི་ནོར་ལ་དབང་བསྒྱུར་བས་ལོངས་སྤྱོད་ཀྱི་དངོས་གྲུབ་བླངས། དམ་ཅན་བསྭེ་མོ་བཞིས་འཇིག་རྟེན་གྱི་སྣང་བ་ལ་དབང་བསྒྱུར་བས། བསོད་ནམས་དང་སྙན་གྲགས་ཀྱི་དངོས་གྲུབ་བླངས་ཏེ། སོ་སོའི་དམ་རྫས་གསོལ་བྱང་དང་བཅས་པ་བཞག་གོ། །དེ་ནས་མཚམས་དྲག་ཏུ་བཅད། བསྐང་བཤགས་རྒྱས་པར་བྱ། རང་རང་གི་འཛབ་ལ་དངོས་གྲུབ་གང་འདོད་ཀྱི་ཤམ་བུ་བཏགས་ལ་བཟླས། ས་མ་ཏི་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ནམ་གྱི་གུང་ཡོལ་བ་དང་། དལ་གྱི་ལྷ་རྣམས་ལ་བསྟོད་པ་རྒྱས་པར་བྱས་ལ། ལྷ་སོ་སོའི་མཚན་དོན་གྱི་བསྙེན་པ་དབུལ། དངོས་གྲུབ་བསྐུལ་བའི་ཆོ་གས་བླང་ངོ་། །དེ་ནས་མེ་ཏོག་གཏོར་ཞིང་གསོལ་བ་གདབ་ལ། བྷནྡྷ་དང་ཕུར་པ་ལ་སོགས་པའི་དབང་བླང་ཞིང་བསྟིམ་མོ། །དེ་ནས་དངོས་གྲུབ་ཀྱི་ཞལ་ཟས་རྣམས་ལ་རོལ་ཏེ། ཆ་གཅིག་སློབ་དཔོན་དང་ལྷ་ལ་གཏང་རག་ཏུ་བཏང་། ཆ་གཅིག་ལ་རྣལ་འབྱོར་པ་རྣམས་རོལ། ཆ་གཅིག་གིས་དམ་ཅན་མཁའ་འགྲོ་མཆོད། གཉིས་པ་གཞན་དོན་དུ་དབང་བསྐུར་བ་ནི། དབང་ཉིད་གཙོ་བོར་བྱེད་ན་དཀྱིལ་འཁོར་གྱི་ཆོ་ག་དང་དབང་མཛོད་ལྟ་བུར་བྱའོ། །སྒྲུབ་པ་ཞོར་ལ་འབྱུང་བའི་དབང་ནི། རྒྱས་བསྡུས་ཅི་རིགས་པ་སྐབས་དང་སྦྱར་རོ། །སྤྱི་དོན་གསུམ་པ་བསྒྲུབ་པའི་མཇུག་བསྡུ་བ་ནི་དྲུག་སྟེ། གཏོར་མའི་མཇུག་བསྡུ་བ་ནི། གཏོར་མ་ཆ་གསུམ་དུ་བགོས་ཏེ། ཆ་གཅིག་ལ་ལྷག་ཆོག་བྱས་ལ། ཕྱི་རོལ་དུ་བརྟན་མ་སྐྱོང་། བྲོ་ཡི་སྒོ་ནས་མཐའ་བཏུལ་བ་ནི། ནང་དུ་ལོག་ལ། གཏོར་གཞོང་ལ་ཕྲིན་ལས་རྣམ་བཞིའི་བྲོ་བརྡུང་། སྨོན་ལམ་གྱི་སྒོ་ནས་མཐའ་བསྡུ་བ་ནི། གཏོར་མ་གཅིག་དང་སྨན་ཕུད་རཀྟ་དང་། མར་མེ་ལ་སོགས་པ་གཏེར་དུ་སྦ་ཞིང་མཇུག་བསྡུ་བའི་སྨོན་ལམ་བཅུ་གཅིག་པོ་གདབ་བོ། །སྦྱིན་སྲེག་གི་སྒོ་ནས་མཐའ་བསྡུ་བ་ནི། གཏོར་མ་ཆ་གཅིག་ལ་རྒྱས་པའི་སྦྱིན་སྲེག་བཏང་། དལ་གྱི་སྒོ་ནས་མཐའ་བསྡུ་བ་ནི། རྟག་པའི་མཐའ་བསལ་བའི་ཕྱིར་ཏིང་ངེ་འཛིན་གྱི་དལ་བསྡུ། ཆད་པའི་མཐའ་བསལ་ཕྱིར་སྐད་ཅིག་གིས་ལྷ་བསྐྱེད་ལ། གོ་བགོ་ལུས་བསྲུང་བྱ། རྡུལ་ཚོན་ཕྱག་ལ་ཆུ་བོ་ཆེན་པོ་ལ་གཏོར། མཚམས་ཀྱི་མཐའ་བསྡུ་བ་ནི། ཐོ་འགྱེལ། མཚམས་ཕུར་བསྡུ། མཚམས་ཀྱི་ལྷ་ལ་གཏང་རག་བཏང་། མཚམས་གྲོལ། བཀྲ་ཤིས་གསོལ། ཞག་གཅིག་གནས་བསྲུང་། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དེ་ཡན་ཆད་དུ་ཡེ་ཤེས་ཀྱི་ལྷའི་བསྙེན་སྒྲུབ་ལ་བརྟེན་ཏེ། མཆོག་དང་ཐུན་མོང་གི་སིདྡྷི་བསྒྲུབ་པ་སྟེ། སྟོད་དཀར་པོ་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། ༈ །སྤྱི་དོན་གསུམ་པ་ལས་ལ་སྦྱར་བ་ནི། སངས་རྒྱས་ཀྱི་བསྟན་པ་གཉན་པོ་བསྲུང་བ་དང་། ཆོས་འཆད་པའི་བར་ཆད་བསལ་བ་དང་། ཐུགས་རྗེའི་དཔྱང་ཐག་ཆད་པའི་སེམས་ཅན་ཞི་བས་མི་ཐུལ་བ་རྣམས་ལ། ཐུགས་རྗེ་ཡལ་བར་མི་འདོར་ཞིང་། བླ་ན་མེད་པའི་གནས་སུ་དྲངས་པའི་ཕྱིར། དྲག་པོའི་ལས་ལ་འཇུག་པར་བྱ་སྟེ། དེ་ཡང་རང་དོན་དུ་ཕྲན་ཚེགས་ལ་གར་ཐོད་ཐོད་དུ་བྱ་བ་མ་ཡིན་ཏེ། ཤེས་རབ་ཟབ་མོས་ལྟ་བའི་གཡངས་ཆོད་པར་བྱ་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར་པས་ཡེ་ཤེས་ལྷའི་དངོས་གྲུབ་ཐོབ་པ་དང་། སྙིང་རྗེ་ཆེན་པོས་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང་། སྤྱོད་པ་སྦྱོར་སྒྲོལ་གྱི་གདེངས་དང་ལྡན་པས་བྱ་བ་ལས། ཕལ་པ་སུ་གང་ཡིན་གྱིས་བྱ་བར་མ་གསུངས་སོ། །ལས་ལ་སྦྱར་བའི་ཐབས་ཀྱི་རིམ་པ་ལ་བཞི་སྟེ། ཕྱི་མཚམས་སྐོར་དུ་བསྒྲུབ་པ་དང་། ནང་མདོ་སྐོར་དུ་བསྒྲུབ་པ་དང་། གསང་བ་ཡང་བཀོལ་དུ་བསྒྲུབ་པ་དང་། ཐུས་ཀ་དྲག་སྔགས་སུ་བསྒྲུབ་པའོ། །དང་པོ་ནི། རུ་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ་གཙོ་བོར་བྱས་ཏེ། རུ་པདྨས་དགེ་སློང་ནམ་མཁའི་སྙིང་པོ་ལ་གདམས་པའི་སྐོར། དམར་ནག་འཆོལ་བའི་སྐབས་ཡིན་ནོ། །ནག་པོ་གཙོ་བོར་་བྱས་ནས་དམར་པོ་ཤམ་བུར་གདགས་པ་དང་། དམར་པོ་གཙོ་བོར་བྱས་ཏེ་ནག་པོ་ཤམ་བུར་གདགས་པ་དང་། དམར་ནག་འཆོལ་མར་བསྒྲུབ་པ་དང་། དམར་པོ་ཟངས་རྐྱང་དུ་སྒྲུབ་པའོ། །དེ་ལ་དང་པོ་ནི། དམར་ནག་འབར་བའི་ཏནྟྲ་དང་། ལོ་ཀ་ལས་འདས་པའི་མདོ་རྒྱུད་ལས། རྩ་བའི་སྒྲུབ་ཐབས་བཞིར་བསྟན་ཏེ། སྲོག་ལ་བསྒྲུབ་པ་དང་། འཁོར་ལོ་ལ་བསྒྲུབ་པ་དང་། ཕུར་པ་ལ་བསྒྲུབ་པ་དང་། ཐོད་པ་ལ་བསྒྲུབ་པའོ། །དེ་རྣམས་ལ་ཡང་གབ་རྒྱ་བཅོ་ལྔའི་གདམས་ངག་ཤེས་པས་ཉམས་སུ་བླང་བར་བྱ་སྟེ། མྱུར་མགྱོགས་ཀྱི་ཕོ་ཉ་ནི་སྲོག་བདག་དཀར་པོ་དང་། མགོན་པོ་ནག་པོ་དང་། ཡམ་ཤུད་དམར་པོ་དང་། དགེ་བསྙེན་ལྗང་གུ་བཞི་བསྒྲུབ་པར་བྱའོ། །དམར་པོ་དམེ་རྒྱུད་ལས། སྲོག་དང་། འཁོར་ལོ་དང་། ཕུར་པ་དང་། ཐོད་པ་ལ་བསྒྲུབ་པ་ལ་སོགས་པ་བཞི་དང་། སྔགས་པ་ནང་རྒྱས་པ་དང་། སྡེ་བརྒྱད་རང་གཤེད་ཀྱི་སྒྲུབ་པ་ལ་སོགས་པ་ཉམས་སུ་བླང་བར་བྱའོ། །དམར་ནག་རོལ་པའི་ཏནྟྲ་དང་། ཚ་བ་ཡང་གཏེར་གྱི་རྒྱུད་ལས། བསྭེ་དམར་སྲོག་སྡིག་གི་བསྒྲུབ་པ་ཆེ་འབྲིང་ཆུང་གསུམ་ཡོད་དེ། དེ་རྣམས་ལ་ཡང་། སྲོག་དང་ཐོད་པ་དང་ཕུར་པ་དང་གསུམ་དུ་བསྒྲུབ་པར་བྱའོ། །གཉིས་པ་དམར་པོ་གཙོ་བོར་བྱས་ཏེ་ནག་པོ་ཞོར་ལ་གདགས་པ་ནི། ཟངས་རྐང་དམར་པོ་སྲོག་ལེན་གྱི་རྒྱུད་ལས། གཤིན་རྗེ་ཟངས་རྐང་གི་བསྒྲུབ་པ་དང་། གྭའུ་དམར་ནག་གི་བསྒྲུབ་པ་དང་། ཝ་ཐོད་རླུང་དམར་གྱི་བསྒྲུབ་པ་དང་། བསེ་མཁར་དམར་པོའི་བསྒྲུབ་པ་དང་བཞི་ཤེས་པར་བྱའོ། །ཝ་ཐོད་དུ་བསྒྲུབ་ན་རླུང་དམར་རྫི་འཚོལ་གྱི་མན་ངག་གལ་ཆེ་བར་གསུངས་སོ། །ཡང་ཤན་པ་སྒྲོལ་བྱེད་དམར་པོའི་རྒྱུད་དང་། དུར་ཁྲོད་ཁྲོ་བོའི་རྒྱུད་ལས་རྒྱའི་དུག་མཚོ་ཆེ་ཆུང་གི་བསྒྲུབ་པ་འབྱུང་སྟེ། འདི་ལ་ཡང་ཕོ་རུ་བསྒྲུབ་པ་དང་། མོ་རུ་བསྒྲུབ་པ་དང་། ཕོ་མོ་སྦྲེལ་ཏེ་བསྒྲུབ་པ་དང་། དེ་རྣམས་ལ་ཡང་ནང་ཚེགས་སུ་མང་དུ་ཡོད་དེ། རང་རང་ལོགས་སུ་ཉམས་སུ་བླང་དུ་བཏུབ་བོ། །གསུམ་པ་དམར་ནག་འཚོལ་བའི་བསྒྲུབ་པ་ནི། དམར་ནག་གཤོག་པ་རྐེད་ཆག་གི་རྒྱུད་ལས། ཕྱི་སྲོག་ཏུ་བསྒྲུབ་པ་དང་། ནང་འཁོར་ལོ་ལ་བསྒྲུབ་པ་དང་། གསང་བ་ཐོད་པ་ལ་བསྒྲུབ་པ་དང་། ཡང་གསང་ལྡེར་སོ་ལ་བསྒྲུབ་པའོ། །ཐོད་པ་ལ་གཉིས་ཏེ། ཐོད་ཆེན་ལ་བརྟེན་ཏེ་གྭའུའི་བསྒྲུབ་པ་དང་། ཝ་ཐོད་ལ་བསྒྲུབ་པའོ། །དེ་རྣམས་ལ་རྗེས་ཅན་དུ་བསད་པ་དང་། རྗེས་མེད་དུ་བསད་པ་གཉིས་སུ་འདུས་གསུངས་སོ། །ཡང་ཤན་པ་སྲོག་གི་འཁོར་ལོའི་རྒྱུད་ལས། སྲོག་ལ་བསྒྲུབ་པ་དང་། འཁོར་ལོ་ལ་བསྒྲུབ་པ་དང་། བྲུབ་ཁུང་ལ་བསྒྲུབ་པའོ། །དེ་རྣམས་ཀྱང་གཉིས་སུ་འདུས་ཏེ། དྲིལ་བ་དམར་ནག་བཞི་སྦྲག་གི་བསྒྲུབ་པ་དང་། རྐྱང་པ་ལ་གཤིན་རྗེ་ནག་པོ་བྱ་རོག་གདོང་ཅན་དང་། དམར་པོ་ཝ་གདོང་ཅན་དང་། ཤན་པ་ཁྲ་ཡི་གདོང་ཅན་དང་། ནག་མོ་ཕག་གི་གདོང་ཅན་དང་། མ་ར་སྙིང་ཟན་དང་། ཤན་པ་ར་མགོ་ལ་སོགས་སུ་བསྒྲུབ་པའོ། །འདི་རྣམས་ལ་ཡང་རྗེས་ཅན་དང་། རྗེས་མེད་དུ་ཤེས་པར་བྱའོ། །བཞི་པ་དམར་པོ་རྐྱང་པར་བསྒྲུབ་པ་ནི། དམར་པོ་སྐུ་གཅིག་པའི་བསྒྲུབ་པ་དང་། མ་རུ་རྩེ་མཆེད་ལྔའི་བསྒྲུབ་པ་དང་། དཔའ་བོ་མདུང་བསྒྲིལ་གྱི་དྲག་སྔགས་རྣམས་སོ། །འདི་རྣམས་ལ་ཡང་སྲོག་ལ་བསྒྲུབ་པ་དང་། ཐུན་དང་སྲོག་ཐུན་སྦྲེལ་པ་དང་། ཐོད་པ་ལ་བསྒྲུབ་པའོ། །དེ་ལ་ཡང་གཉིས་ཏེ། ཐོད་ཆེན་འཆི་བདག་གི་བསྒྲུབ་པ་དང་། ཝ་ཐོད་རླུང་དམར་དུ་བསྒྲུབ་པའོ། །འདི་རྣམས་ལས་ཁ་ཚར་དང་བཅས་པས་བསྒྲུབ་པར་བྱའོ། །འདི་རྣམས་ནི་གནུབས་ནམ་མཁའི་སྙིང་པོའི་ལུགས་ཡིན་ནོ། །དེ་རྣམས་ལ་དམར་པོ་སྔ་འགྱུར་ཞེས་བྱའོ། །གཉིས་པ་ནང་དམར་པོ་མདོ་སྐོར་དུ་བསྒྲུབ་པ་ནི། རུ་པདྨས་བལ་མོ་བཟའ་གསེར་ཕྲེང་ལ་ཐུགས་ཀྱི་ཡི་གེར་གཏད་པའོ། །བལ་མོ་བཟས་གནུབས་སངས་རྒྱས་རིན་པོ་ཆེ་ལ་གདམས་པའི་སྐོར་ཡིན་ཏེ། དམར་པོ་རྩ་བའི་ཕྲིན་ལས་ཀྱི་མདོ་རྒྱུད་ལ་སོགས་པ་རྩ་བའི་མདོ་བཞི། སྐོང་གྱི་མདོ་ལྔ་དང་། མདོ་ཕྲན་ཡན་ལག་བརྒྱད་པ་དང་སྔགས་རྒྱུད་ལ་སོགས་ཏེ། རྒྱུད་སྡེ་བཅུ་གཅིག་དེ་ཚོའི་དོན་ཉམས་སུ་བླངས་པའི་ཐབས། སྤྱི་སྒྲུབ་ཀྱི་དལ་གསུམ། སྒོས་སྒྲུབ་ཀྱི་དལ་བདུན། དེ་ཚོ་སྲོག་དང་མཐུན་པར་བརྟེན་པའོ། །ཐོད་པ་ལ་བརྟེན་པ་ལ་ཡང་གསུམ་སྟེ། ར་ཐོད་ལ་སྒྲུབ་པ་དང་། ཐོད་ཆེན་ལ་བསྒྲུབ་པ་དང་། ཝ་ཐོད་ལ་བསྒྲུབ་པའོ། །ཐོད་ཆེན་ལ་གཉིས་ཏེ། འཆི་བདག་ཞལ་གྱི་བསྒྲུབ་པ་དང་། དུག་ཐུན་ནག་པོའི་བསྒྲུབ་པའོ། །དེ་རྣམས་ཀྱི་ཆ་རྐྱེན་གྱི་ཡི་གེ་དང་། ལས་ཁ་ཚར་གྱི་ཡི་གེ་ནི་སྒྲུབ་ལུགས་གསུམ། གདམས་པའི་ཡི་གེ་དགུ། སྒྲུབ་ཆུང་ཉི་ཤུ་རྩ་ལྔ་དང་། སྤྱི་ལ་གཅེས་པའི་ལུང་སྙིང་པོ་རྣོ་རྟུལ་ཉི་ཤུ། ཐུགས་དམ་རྣམ་པ་བརྒྱད། ཕོ་ཉའི་དྲག་སྔགས་རྣམ་པ་གཉིས། ལས་མཁན་གྱི་དྲག་སྔགས་གཉིས། ཕྱག་བརྙན་གྱི་བསྒྲུབ་པ་སྡེ་བཞི། དཀའ་བ་གཅོད་པའི་མན་ངག་གསུམ་ལ་སོགས་ཏེ། མ་བུ་དྲུག་ཅུ་རྩ་ལྔ་ལ་ཤོག་ཆུང་བརྒྱ་རྩ་བརྒྱད་ཡོད་དོ། །དེ་ལ་སྤྱི་བསྒྲུབ་པ་དང་། སྒོས་བསྒྲུབ་གང་མོས་པ་ལྟར་ཉམས་སུ་བླང་བར་བྱའོ། །འདི་རྣམས་ནི་བལ་མོ་བཟའ་ཡི་ལུགས་ཡིན་ཏེ། དམར་པོ་ལུང་ལུགས་ཞེས་ཀྱང་བྱ། དམར་པོའི་མདོ་སྐོར་ཅེས་ཀྱང་བྱའོ། །གསུམ་པ་གསང་བ་ཡང་བཀོལ་དུ་བསྒྲུབ་པ་ནི་གཉིས་ཏེ། དང་པོ་ནི། བལ་པོའི་རྒྱལ་པོ་བ་སུ་དྷ་རས། རྒྱ་གར་གྱི་སློབ་དཔོན་ཁྲག་འཐུང་ནག་པོའི་བཞེད་པ་གཙོ་བོར་བྱས་ཏེ། གནུབས་སངས་རྒྱས་ཡེ་ཤེས་ལ་གདམས་པའི་སྐོར། འདི་ལ་སྒྲུབ་ལུགས་གསུམ་དུ་འདོད་དེ། དེ་ཡང་ཟ་བྱེད་གཤིན་རྗེ་ལྟར་བསྒྲུབ་པ་དང་། གནོད་སྦྱིན་ལྟར་བསྒྲུབ་པ་དང་། སྲིན་པོ་ལྟར་བསྒྲུབ་པའོ། །དང་པོ་ནི། དམར་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། རྡུལ་མཚོན་ལ་བརྟེན་པའི་སྲོག་ལ་བསྒྲུབ་པ་དང་། བྲུབ་ཁུང་ལ་བརྟེན་ཏེ་འཁོར་ལོའི་བསྒྲུབ་པ་དང་། རྐྱང་པ་སྙིང་ལ་བསྒྲུབ་པའོ། །དེ་ལ་རྭ་སྒྲོལ་གཅིག་མོ་ཉོག་སེ་ཞེས་སུ་གྲགས་སོ། །གནོད་སྦྱིན་ལྟར་དུ་བསྒྲུབ་པ་ནི། གནོད་སྦྱིན་དྲྭ་བ་ནག་པོའི་རྒྱུད་ལས། ཝ་ཐོད་རླུང་དམར་གྱི་བསྒྲུབ་པ་དང་། དྲང་སྲོང་ཁ་ལ་མེ་འབར་གྱི་དྲག་སྔགས་དམར་པོའི་སྙིང་འབྱིན་གྱི་སྒྲུབ་པ་དང་བཅས་པ་དང་། གནོད་སྦྱིན་མ་ར་ཁྲག་སྐྱུགས་ཀྱི་བསྒྲུབ་པ་རྣམས་ཡིན་ནོ། །སྲིན་པོ་ལྟར་བསྒྲུབ་པ་ནི། སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། མ་ར་ཁྲག་སྐྱུག་སྤུ་གྲི་རེག་ཆོད་དུ་བསྒྲུབ་པ་དང་། པདྨའི་ཅོག་བརྡུངས་སུ་བསྒྲུབ་པའོ། །འདི་རྣམས་དྲག་སྔགས་སུ་བསྒྲུབ་པའི་ལུགས་ཡིན་ནོ། །རྣོ་མྱུར་དུ་བསྒྲུབ་པའོ། །འདི་རྣམས་ནི་དམར་པོ་གསར་འགྱུར་ཞེས་བྱའོ། །གསང་བ་ཡང་བཀོལ་དུ་བསྒྲུབ་པའི་ཐབས་གཉིས་པ་ནི། རྒྱ་གར་གྱི་མཁན་པོ་དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ་ཚེ་སྔ་མའི་སྤུན་ཟླར་དགོངས་ནས་གདམས་པ་ནི་གསུམ་དུ་འདུས་ཏེ། ཕྱི་གིང་ལྟར་དུ་བསྒྲུབ་པ་དང་། ནང་ཡེ་ཤེས་ལྷའི་བསྒྲུབ་པ་དང་། གསང་བ་དྲག་སྔགས་སུ་བསྒྲུབ་པའོ། །དང་པོ་ལ་གིང་ཚོགས་སུ་བསྒྲུབ་པ་དང་། གིང་ཐོར་བུའི་བསྒྲུབ་པ་དང་། གིང་རྐྱང་པའི་བསྒྲུབ་པའོ། །དང་པོ་གིང་ཚོགས་སུ་བསྒྲུབ་པའི་ས་བཅད་མ་ཚང་། གཉིས་པ་ནི། དམར་པོ་གྱད་ཀྱི་སྐོར་དང་། ཐོད་པ་རྒྱབ་སྐྱའི་སྐོར་དང་། གཞན་ཡང་གིང་གི་བསྒྲུབ་ཐབས་རྣམས་སོ། །གིང་རྐྱང་པ་ནི་སྲོག་བདག་དང་། དགེ་བསྙེན་དང་། མགོན་པོ་ལ་སོགས་པ་རྣམས་སོ། །གཉིས་པ་ནང་ཡེ་ཤེས་ལྷ་རུ་བསྒྲུབ་པ་ནི། སྟོད་བསྙེན་སྒྲུབ་བྱང་ཆུབ་བསྒྲུབ་པའི་རིམ་པ་དང་། སྨད་བསྟན་པ་བསྲུང་བའི་རིམ་པ་རྣམས་སོ། །དེ་ལ་བཞི་སྟེ། སྲོག་ལ་བསྒྲུབ་པ་དང་། ཐུན་ལ་བསྒྲུབ་པ་དང་། འཁོར་ལོ་ལ་བསྒྲུབ་པ་དང་། ཐོད་པ་ལ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། དམར་པོ་རྩ་བ་སྔགས་ཀྱི་ཏནྟྲ་སྔ་ཕྱི། བསྒྲུབ་པ་སྔགས་ཀྱི་ཏནྟྲ་དང་། གར་མཁན་མཆོག་གི་རྒྱུད་ལ་བརྟེན་ཏེ། དམར་པོ་དྲིལ་ནས་བསྒྲུབ་པའི་ཉི་མ་བདུན་བསྐོར་དང་། ཟེར་དམར་ནག་གི་རྒྱུད་ལ་བརྟེན་ཏེ་དམར་པོ་མཆེད་བཞི་སོ་སོར་བསྒྲུབ་པའོ། །རྒྱུད་ཆུང་བཅུ་གཅིག་ནི། ཆ་རྐྱེན་དུ་ཤེས་པར་བྱའོ། །ཐུན་བསྒྲུབ་ལ་གཉིས་ཏེ། སྲོག་ཐུན་སྦྲག་མ་དང་། ཐུན་རྐྱང་པའི་བསྒྲུབ་པའོ། །འཁོར་ལོ་ལ་གསུམ་སྟེ། སྲོག་འཁོར་སྦྲག་མའི་ལུགས་དང་། དམར་ནག་སྤྲག་མའི་འཁོར་ལོ་དང་། །དམར་པོ་རྐྱང་པའི་འཁོར་ལོའོ། །འདི་རྣམས་ལ་ཡང་ཐུན་དང་སྦྲེལ་བར་བྱ་སྟེ། ཐུན་དང་སྦྲག་སྟེ་བསྒྲུབ་པའམ། ཐུན་གྱིས་མཇུག་བསྡུ་བར་བྱའོ། །འདི་རྣམས་ལ་ཡང་བཟླས་པའི་ཐབས་ནི། རྐྱང་སྟེ་བཟླས་པ་དང་། ཁུག་པར་བཟླས་པ་དང་། གཏོར་ཏེ་བཟླས་པར་ཤེས་པར་བྱའོ། །ཐོད་པ་ལ་གཉིས་ཏེ། ཐོད་ཆེན་ལ་བརྟེན་ཏེ་བྲུབ་ཁུང་ལ་བསྒྲུབ་པ་དང་། ཝ་ཐོད་རླུང་དམར་དུ་བསྒྲུབ་པའོ། །གསུམ་པ་གསང་བ་དྲག་སྔགས་སུ་བསྒྲུབ་པ་ནི། སྲོག་ལེན་བརྣག་པ་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་སྟེ། དམར་པོ་རྟེན་ཅན་གྱི་དྲག་སྔགས་དང་། ཝ་ཐོད་འཇིག་རྟེན་རླུང་དམར་གྱི་བསྒྲུབ་པ་དང་། གོང་ཁུག་བྱང་བུ་སོར་བཞི་བའི་བསྒྲུབ་པ་དང་། མགུལ་ཁུག་སྲོ་མ་ཅན་བྱ་བ་དང་། ཐུགས་ལ་ཕུར་པའི་ཆོས་བཞི་དང་། ཁྱེད་ཁུག་གི་ཤོག་དྲིལ་དྲུག་དང་། མ་ར་སྙིང་ཟན་ཤན་པ་ར་མགོའི་བསྒྲུབ་པ་དང་། རེག་ཆོད་སྡེ་ལྔའི་དྲག་སྔགས་དང་། ཕུག་ཉི་ཤུ་རྩ་གཅིག་གིས་བསྒྲུབ་པ་དང་། ཅོག་བརྡུང་བཅོ་བརྒྱད་ཀྱི་བསྒྲུབ་པ་དང་། སྡེ་བརྒྱད་སོ་སོའི་དྲག་སྔགས་ལ་སོགས་པ་རྣམས་ཡིན་ནོ། །འདི་རྣམས་ལ་ཡང་དང་པོ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་ཡེ་ཤེས་ལྷའི་བསྙེན་སྒྲུབ་མཐར་ཕྱིན་ནས་གཟོད། རང་རང་གི་མ་བུ་ཚང་བ་ལ་ལུང་ཐོབ་པར་བྱས་ནས་བསྒྲུབ་ན། གཞུང་ནས་ཇི་ལྟར་བཤད་པ་བཞིན་དུ་འགྲུབ་པར་ངེས། དབང་མ་ཐོབ་ཅིང་གཙོ་བོའི་བསྙེན་པ་མཐར་མ་ཕྱིན་པར་ལས་ལ་བཀོད་དུ་མི་བཏུབ་སྟེ། དམག་དཔོན་མེད་པའི་དམག་མི་དང་འདྲ་ཞེས་གསུངས་སོ། །གང་ཟག་གཅིག་གིས་ཆ་རྐྱེན་ལ་བསྒྲུབ་པ་འདི་རྣམས་ཐམས་ཅད་དགོས་པ་མ་ཡིན་ཏེ། སྒྲུབ་སྐོར་གཅིག་ལ་མ་བུ་འཚམས་ཤིང་། ཞལ་གདམས་ཐོབ་ནས་དེའི་ལས་ཁ་ཚར་དང་བཅས་པ་ཉམས་སུ་བླང་བར་བྱའོ། །སྙན་བརྒྱུད་ཡི་གེར་བྲི་བར་མི་འོས་ཏེ། །སྣོད་ལྡན་འགའ་དང་རིགས་སུ་འཛིན་པ་ལ། །བརྒྱུད་པའི་དུས་སུ་སྙན་བརྒྱུད་བརྗེད་ཐོར་བྲི། །ལྷ་རྗེ་བཀྲ་ཤིས་དར་རྒྱས་ཀྱི། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྔགས་སྲུང་དྲེགས་པ་ཅན་ལ་བཟོད་པར་གསོལ། །འདི་ཡི་དགེ་བས་སྣོད་ལྡན་སྨིན་པ་དང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་གྱུར་ཅིག །ཅེས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་དམར་པོའི་སྙན་ཁུང་བརྒྱུད་པའི་མན་ངག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།ཡི་གེ་འདི་སྙན་བརྒྱུད་འཛིན་པ་གཅིག་མ་གཏོགས་ཀུན་ལ་སྦྲེལ་ན་གསང་བ་ཡལ་བ་ལས་དངོས་གྲུབ་མི་འབྱུང་ཞིང་། སྙན་བརྒྱུད་ཡལ་ན་མཁའ་འགྲོའི་ཆད་པ་འོང་། །དེ་ཕྱིར་གསང་ཞིང་མན་ངག་འཚོ་ཤེས་མཛོད། །སརྦ་མདྒ་ལཾ།། །།
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྣམ་བཤད་ཉེར་མཁོ་བསྡུས་པ།
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོའི་རྣམ་བཤད་ཉེར་མཁོ་བསྡུས་པ་བཞུགས་སོ། །བླ་མ་དང་ཡི་དམ་གྱི་ལྷ་ལ་ཕྱག་འཚལ་ལོ། །གསང་སྔགས་སྔ་འགྱུར་དཔལ་ལྡན་རྙིང་མར་གྲགས་པའི་འཇམ་དཔལ་གཤེད་དམར་གྱི་ཆོས་སྐོར་ལ། ལྷ་རྗེ་བཀྲ་ཤིས་དར་གྱིས་མཛད་པའི་སྙན་བརྒྱུད་རིན་པོ་ཆེའི་ཕྲེང་བ་ལས་ལས་སྦྱོར་ལ་དབྱེ་བ་འདི་རྣམས་སུ་མཛད་དེ། ཕྱི་མཚམས་བསྐོར་དུ་བསྒྲུབ་པ་དང་གཅིག །ནང་མདོ་སྐོར་དུ་བསྒྲུབ་པ་དང་གཉིས། གསང་བ་ཡང་བཀོལ་དུ་བསྒྲུབ་པ་དང་གསུམ། ཐུས་ཁ་དྲག་སྔགས་སུ་བསྒྲུབ་པ་དང་བཞི་ལས། དང་པོ་ནག་པོ་གཙོ་བོ་ལ་དམར་པོ་ཤམ་བུའམ། དེ་ལྡོག་པ། ཡང་འཆོལ་བར་བསྒྲུབ་པ་དང་། དམར་པོ་ཟངས་རྐྱང་དུ་བསྒྲུབ་པའོ། །འདི་རྣམས་ལའང་ཝ་ཐོད་རླུང་དམར་ཞེས་བཤད། འདི་སློབ་དཔོན་ཆེན་པོ་པདྨས་གནུབས་ནམ་མཁའི་སྙིང་པོ་ལ་གདམས་པས་སྔ་འགྱུར་རོ། །གཉིས་པ་ནི། བལ་མོ་བཟའ་གསེར་ཕྲེང་གིས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གདམས། འདི་ལའང་ཝ་ཐོད་ཀྱི་སྒྲུབ་ཐབས་བཤད། ལུང་ལུགས་ཤེས་ཀྱང་ཟེར་རོ། །གསུམ་པ་གཉིས་ཏེ། དང་པོ་བ་སུ་དྷ་རས་ཁྲག་འཐུང་ནག་པོའི་དགོངས་པ་གནུབས་སངས་རྒྱས་ཡེ་ཤེས་ལ་གདམས། འདི་ལ་གཤིན་རྗེ་ལྟར་བསྒྲུབ་པ། གནོད་སྦྱིན་ལྟར་བསྒྲུབ་པ་དང་། སྲིན་པོ་ལྟར་བསྒྲུབ་པའི་ལུགས་བཤད། འདིའི་ལུགས་ལའང་ཝ་ཐོད་བཤད། འདི་ལ་དམར་པོ་བར་འགྱུར་དུ་གྲགས་སོ། །གསུམ་པའི་ལུགས་ཕྱི་མ་ནི། རྒྱ་གར་བ་དྷ་ན་ད་ལས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ལ་གདམས་པ་ཡིན་ལ། འདི་ལ་ཕྱི་གིང་ལྟར་དུ་བསྒྲུབ་པ་དང་། ནང་ཡེ་ཤེས་ལྷའི་བསྒྲུབ་པ་དང་། གསང་བ་དྲག་སྔགས་སུ་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། སྐུ་མཆོག་དམར་པོ་གིང་བཅོ་བརྒྱད་ཀྱི་བསྐོར་བར་བསྒྲུབ་པ་དང་། གིང་རྐྱང་པར་སྒྲུབ་པ་ལ་སོགས་མང་དུ་བཤད། གཉིས་པ་ནང་ཡེ་ཤེས་ལྷའི་སྒྲུབ་པ་ལ། སྟོད་བསྙེན་བྱང་ཆུབ་སྒྲུབ་པ། སྨད་བསྙེན་བསྟན་པ་བསྲུང་བའི་དྲག་སྔགས། འདི་ལའང་ཐོད་ཆེན་ཝ་ཐོད་བཤད། གསུམ་པ་གསང་བ་དྲག་སྔགས་སུ་སྒྲུབ་པ་ལ་སྲོག་ལེན་དམར་པོ་ཐུགས་ཀྱི་བསྒྲུབ་པ་ཞེས་བྱ་སྟེ། དམར་པོ་རྟེན་ཅན་གྱི་དྲག་སྔགས་དང་། ཝ་ཐོད་འཇིག་རྟེན་ལུང་དམར་གྱི་སྒྲུབ་པ་དང་། གོང་ཁུག་བྱང་བུ་སོར་བཞི་པའི་སྒྲུབ་པ་དང་། མགུལ་ཁུག་སྲོ་མ་ཅན། ཐུགས་ལ་ཕུར་པའི་ཆོས་བཞི། ཁྱེད་ཁུང་ཤོག་དྲིལ་དྲུག །མ་ར་སྙིང་ཟན་བཤན་པ་ར་མགོའི་སྒྲུབ་པ། རེག་ཆོད་སྡེའི་ལྔའི་དྲག་སྔགས། ཕུག་ཉི་ཤུ་རྩ་གཅིག་གི་དྲག་སྔགས། ཅོག་བརྡུང་བཅོ་བརྒྱད་ཀྱི་དྲག་སྔགས། སྡེ་བརྒྱད་སོ་སོའི་དྲག་སྔགས་རྣམས་སུ་ཡོད་པར་བཤད། དེའི་ནང་ནས་རང་རེའི་དམར་པོའི་སྒྲུབ་བསྐོར་འདི་ནི། གསང་བ་ཡང་བཀོལ་དུ་བསྒྲུབ་པའི་ལུགས་ཡིན་ནོ། །དེ་ལའང་གཉིས་ཀྱི་ཕྱི་མ་དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ་གདམས་པའི་སྐོར་ཡིན། དེ་ལྟའང་མང་དུ་ཡོད་པ་ལས། སྲོག་ལེན་དམར་པོ་ཐུགས་ཀྱི་བསྒྲུབ་པ་ཡིན། དེ་ལའང་ལུགས་བཅུ་གཅིག་ཡོད་པ་ལས། དམར་པོ་རྟེན་ཅན་གྱི་དྲག་སྔགས་སུ་གྲགས་པ་དེ་ཡིན་ནམ་སྙམ་སྟེ། རུ་མཚོན་དམར་པོའི་རྒྱུད་ཀྱི་ལེའུ་གསུམ་པ་ལས། བསྭེ་ཡི་ལྡན་མཁར་དམར་པོ་ལ། །གྲུ་བཞི་དག་དང་ལྡན་པར་བྱ། །དམར་པོའི་སྐུ་རྟེན་དེ་ལ་བྱ། །ཙ་སྤུ་ར་ཡི་རྔ་ཕོད་ཀྱང་། །དཀར་དམར་ནག་ལྗང་བཞི་ཡིས་མཛེས། །ཡང་ན་ཀུན་ཀྱང་དམར་ནག་གམ། །དམར་པོ་མདངས་ལྡན་ཉིད་དུ་བྱ། །ཞེས་བཤད་པས་སོ། །རུ་མཚོན་དེ་ཡང་གྲུབ་རྟགས་བྱུང་ནས་ཁང་བའི་རྩེར་གཟུགས་པར་བཤད་དེ། རྒྱུད་དེ་ཉིད་ཀྱི་ལེའུ་བདུན་པ་ལས། རབ་ཏུ་རགས་པའི་ལྟས་མཐོན་ནས། །རུ་མཚོན་རྩེ་ལ་རྒྱལ་མཚན་གཟུགས། །ཞེས་སོ། །འདིའི་བཟླས་པའི་ཚད་ནི། རུ་མཚོན་རྒྱུད་ཀྱི་ལེའུ་གསུམ་པ་ལས། ཡི་གེ་བདུན་པའི་དྲག་སྔགས་ལ། །ཁྲི་ཁྲི་བཟླས་པའི་ཅི་བྱ་བའོ། །ལུང་དང་ངེས་ཚིག་སྟོན་པའོ། །ཞེས་བཤད་མོད་ཀྱང་། དེ་ནི་སྤྱི་བསྙེན་གྱི་ཚད་མ་ཡིན། དེ་ལས་གཞན་པའི་བསྙེན་ཚད་ཀྱི་གྲངས་དམིགས་བསལ་ཅན། ད་ལྟའི་ཡི་གེ་འདི་རྣམས་ཀྱི་དངོས་བསྟན་དུ་མ་བྱུང་། བླ་མ་རིན་པོ་ཆེའི་གསུང་རྒྱུན་ལས། རྡོ་རྗེའི་མཚན་ཞབས་ཀྱིས། ཤྲཱི་མཉྫུ་འབུམ་ཕྲག་གཅིག་གྲངས་བསྙེན་གྱི་ཚད་ཡིན་གསུངས་ཤིང་། དེ་དང་མཐུན་པར་བར་འགྱུར་སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། སྔོན་དུ་འཇམ་དཔལ་གཉེན་པོ་ཡི། །བསྙེན་པ་འབུམ་ཕྲག་གཅིག་ཏུ་བསྐྱལ། །ལྟ་སྤྱོད་གདེངས་དང་མི་ལྡན་ན། །འབུམ་ཕྲག་གསུམ་དུ་བསྐྱལ་བར་བྱ། །དམ་ཚིག་གཙང་དང་གསུམ་ལྡན་ན། །བཤན་པ་རང་དབང་མེད་པར་འཁོལ། །ཞེས་དང་། ཡང་བར་འགྱུར་ཞལ་ཁྲིད་གསང་བ་རིན་པོ་ཆེའི་ཕྲེང་བ་འོད་ཀྱི་རྒྱན་ལས། དེ་ཡང་སྔར་གཤིན་རྗེའི་གཤེད་ལ་བསྙེན་པ་མ་སོང་ན། འདི་ལ་འབུམ་ཕྲག་བདུན་ནམ། ཡང་ན་ལྷ་ལ་རྟགས་ཐོན་ཐོན་བསྐྱལ། དེ་མིན་ན་སྔོན་དུ་བསྙེན་པ་སོང་ན་ལེགས་ཏེ། འདི་ཉིད་ལ་འབུམ་ཕྲག་གཅིག་གིས་ཆོག་གོ། །འདིའི་བརྒྱུད་པ་ནི། རྡོ་རྗེའི་འཆང་། འཇམ་དཔལ་གཤིན་རྗེའི་གཤེད། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་ཟླ་བའི་འོད་ཟེར། སློབ་དཔོན་འཇམ་དཔལ་བཤེས་གཉེན། དྷ་ན་ད་ལ། ཡོན་ཏན་རྒྱ་མཚོ། དེ་ནས་རྩ་བའི་བླ་མའི་བར་དུ་བརྒྱུད་ན་ལེགས་སོ་སྙམ་མོ། །འོ་ན་འདིའི་བརྒྱུད་པ་འདེད་པའི་ཚེ། ཐོབ་ཡིག་དབང་བྱང་རྣམས་སུ། སློབ་དཔོན་ཆེན་པོ་པདྨ། བལ་མོ་བཟའ་གསེར་ཕྲེང་། ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས་རྣམས་འབྱུང་བས་ཆོས་ལུགས་འདི་ཕྱི་འགྱུར་མ་ཡིན་ཞིང་། དྷ་ན་ད་ལ་ལས་ཡོན་ཏན་རྒྱ་རྒྱ་མཚོ་ལ། བརྒྱུད་ཚུལ་འདི་ཡང་རང་བཟོ་འབའ་ཞིག་ཡིན་ནོ་སྙམ་ན། དེའི་སྐྱོན་མེད་དེ། གོང་གི་སློབ་དཔོན་ཆེན་པོ་པདྨ་ལ་སོགས་པའི་བླ་མ་བཞི་བརྒྱུད་ཡིག་ཏུ་སྨོས་པ་དེ་ནི། ཡོན་ཏན་རྒྱ་མཚོ་ལ་སྔ་འགྱུར་བར་འགྱུར་ཕྱི་འགྱུར་གསུམ་གྱི་བཅུད་འདུས་པས་བཀའ་དྲིན་འཁོར་བའི་ཕྱིར་དུ་གསུམ་འདྲིལ་དུ་སྨོས་པ་ཡིན་ལ། དབང་བརྒྱུད་དང་ཚིག་བརྒྱུད་ཀྱི་རིམ་པར་བརྒྱུད་ཀྱང་ཉེ་བརྒྱུད་སེལ་མེད་ཀྱི་ཚེ། དྷ་ན་ད་ལ་ལས་ཡོན་ཏན་རྒྱ་མཚོ་ལ་བརྒྱུད་པ་དེ་ཡིན་ཞེས་བརྗོད་པར་བྱའོ། །ཡང་ན་སྙན་བརྒྱུད་རིན་ཆེན་ཕྲེང་བར་ཡང་བརྒྱུད་པ་གསུམ་འདྲིལ་ཞེས་བཤད་པས་དབང་བརྒྱུད་ཀྱི་ཚེ་ན་སློབ་དཔོན་ཆེན་པོ་པདྨ་སོགས་བླ་མ་བཞི་པོ་དེ་ཡོད་པར་བྱས་ཏེ་བརྒྱུད་པ་གསུམ་འདྲིལ་གྱི་ཐ་སྙད་དེ་ལ་བྱེད། དེ་ཡིན་ཡང་། འདིའི་དབང་ཐོབ་པས་སྔ་འགྱུར་བར་འགྱུར་གཉིས་ཀྱི་དབང་ཐོབ་པ་ནི་མི་འདོད་ཅིང་། ཚིག་བརྒྱུད་ཀྱི་ཚེ་དྷ་ན་ད་ལ་ལས་ཡོན་ཏན་རྒྱ་མཚོ་ལ་བརྒྱུད་པ་དེ་ཁོ་ན་ཡིན་ཏེ། ཉེ་བརྒྱུད་དེ་གསལ་པོར་བཤད་པའི་ཕྱིར་རོ། །ཞེས་འདོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི། ཕྱི་འགྱུར་གང་ཡིན་བསྟན་དགོས་སོ། །ཕྲ་མོ་ཀློང་དགུ་འདི་འདིའི་སྒོས་ཀྱི་རྫོགས་རིམ་དུ་འདོད་པ་ནི་དཔྱད་པར་བྱ་སྟེ། ཕྱི་འགྱུར་ཐེམ་ཡིག་ཏུའང་གསལ་ཁ་མ་བྱུང་ཞིང་། སློབ་དཔོན་ཆེན་པོ་པདྨས་བལ་མོ་བཟའ་ལ་གདམས་པར་བཤད་པས། བལ་བཟའ་ལས་འབྱུང་བའི་སྔ་འགྱུར་དུ་རིགས་པ་འདྲའོ་ཞེ་ན། དེ་ཡང་། བལ་མོ་བཟའ་ལ་གདམས་ཞེས་པས་བལ་མོ་བཟའ་ལ་བརྒྱུད་དགོས་ན། མཚོ་རྒྱལ་ལ་གདམས་པ་རྣམས་མཚོ་རྒྱལ་ལས་བརྒྱུད་དགོས་པར་འགྱུར། དེ་དག་དགོས་ན་བརྩམས་པའི་ཆོས་ཀུན་རྩོམ་པར་བསྐུལ་བ་པོ་དེ་ལས་བརྒྱུད་དགོས་པར་འགྱུར་རོ། །ཡང་སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལེའུ་དགུ་པ་དང་། རུ་མཚོན་དམར་པོའི་ཤན་པ་ལས་ཀྱི་རྒྱུད། སྤུ་གྲི་རེག་ཆོད་ཀྱི་རྒྱུད་གཉིས། བལ་ཡུལ་ཚ་བ་ཚ་ཤོད་མཆོད་རྟེན་དམར་པོའི་གཏེར་ཁ་ཡིན་པ་དང་། མིང་ཡང་སྤུ་གྲི་རེག་ཆོད་དུ་མཚུངས། ལེ་གྲངས་དགུར་མཚུངས་པས་སྔ་འགྱུར་ཡང་སྔ་ཕྱི་མཚུངས་དགོས་སོ་སྙམ་དུ་དོགས་ན། ཕུང་པོ་རི་བོ་ཆེའི་གཏེར་ཁ་ལས། ཁྲོ་འདུས་དང་། ཚེ་བདག་དང་། གཤེད་དམར་སོགས་བྱུང་ཡང་། བརྒྱུད་པ་གཅིག་ཏུ་མི་འགྱུར། སྤུ་གྲི་རེག་ཆོད་ཀྱི་མིང་ཡང་མང་དུ་ཡོད་པར་བཤད་ལ། ལེའུའི་གྲངས་མཉམ་པ་ཙམ་དུ་ཡོད་པས་སྔ་ཕྱི་མཚུངས་དགོས་པ་དེ་ཡང་། གནས་མ་ཡིན་ནོ། །ཁ་ཅིག་ནི། སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་དང་། མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད། ཕྱི་འགྱུར་གྱི་རྒྱུད་ཡིན་པར་འདོད། དེ་ནི་འཁྲུལ་པ་ཆེན་པོ་ཡིན་ཏེ། རྒྱུད་འདི་གཉིས་བར་འགྱུར་ཡིན་ལ། འདིའི་བརྗོད་བྱ་དང་། ཕྱི་འགྱུར་གྱི་བརྗོད་བྱ་ཡང་མི་མཐུན་པས་སོ། །བར་འགྱུར་ཡིན་པའི་རྒྱུ་མཚན་ནི། སྤུ་གྲི་རེག་ཆོད་ཀྱི་རྒྱུད་ཀྱི་ལོ་རྒྱུས་སུ་འདི་ལྟར་འབྱུང་སྟེ། སྤུ་གྲི་རེག་ཆོད་དྲག་སྔགས་སྙིང་པོ་བསྡུས་པའི་བཅུད་འདི་རིན་པོ་ཆེའི་གླེགས་བམ་སོར་བཞི་པ་ལ་བཻ་ཌཱུརྻ་ཞུན་མས་བྲིས་ཏེ། བསྭེ་སྒྲོམ་སོར་བཞི་པར་བཅུག །དར་སྨུག་པོས་དྲིལ། མཁའ་ཞི་བ་མཚམས་སྦས་ཟེར་བའང་འདུག་པས་དཔྱད་དགོས་སོ། །འགྲོས་དུར་ཁྲོད་ཕུང་ལུང་ནག་པོར་སྦས་པས། གཏེར་གནས་དེར་སྒྲ་འོད་སོགས་རབ་ཏུ་གྲགས་པ་ལས། སློབ་དཔོན་ཆེན་པོ་པདྨས་བརྟགས་པས། གཏེར་ཡོད་པར་མཁྱེན་ཏེ་གཏེར་ནས་སྤྱན་དྲངས་བོད་དུ་བྱོན་པ་ལ་བོད་སྣོད་ལྡན་མེད་པས་ན་བོད་ཀྱི་ཡི་གེར་བསྒྱུར་ཏེ། དཔེ་གཅིག་མཐའ་འདུལ་པྲ་དུན་གྱི་ཀ་གཞུའི་ནང་དུ་སྦས། དཔེ་གཅིག་ཁྱེར་ནས་བལ་ཡུལ་ཚ་ཤོད་ཀྱི་མཆོད་རྟེན་དམར་པོ་ལ་སྦས། སློབ་དཔོན་ཉིད་ཀྱི་མཛད་པའི་བསྒྲུབ་ཐབས་དང་ལྷན་ཅིག་ཏུ། བྲག་བསྭེ་དམར་ཁ་ལ་ཁ་བྱང་སྦས། བཤན་པ་གཉིས་ལ་གཏེར་བདག་བཅོལ། ལྔ་བརྒྱ་དུས་ཀྱི་སྙིགས་མར་ཤར་པའི་ཚེ་ན། བསྟན་པ་གང་ལ་གནས་པ་བསྲུང་བར་ཤོག་ཅིག་པར་སྨོན་ལམ་བཏབ། དེ་ནས་ལོ་བརྒྱ་དང་བརྒྱད་ལོན་པ་ན། གནོད་སྦྱིན་བཤན་པ་དམར་པོས་ལུང་བསྟན་བྱུང་སྟེ། གུ་རུ་ཁྲག་འཐུང་ནག་པོས་གཏེར་བལ་ཡུལ་མཆོད་རྟེན་དམར་པོ་ནས། ནས་བཏོན་ནས་བསྒྲུབ་པས། ཟླ་བ་གཅིག་ལ་མི་བཅུ་གསུམ་བསྒྲལ། དེས་བ་སུ་དྷ་ར་ལ་གཏད། རྩིས་ཀྱི་དྲག་སྔགས་རྣོ་དབལ་ཡི་གེ་འདི། །སུ་ལའང་མ་སྤེལ་རིན་ཆེན་གཏེར་དུ་སྦེད། །སྙིགས་མའི་དུས་སུ་བསྟན་པ་བསྲུང་བར་ཤོག །ཅེས་གསུངས། རྒྱ་ནན་གསུམ་བཏབ། དེས་གནུབས་སངས་རྒྱས་ཡེ་ཤེས་ལ་གཏད། དེའི་ལོ་རྒྱུས་ནི་བོད་དུ་ཁེང་ལོག་བྱུང་སྟེ། བུ་གཉིས་བསད་སྒྲགས་ཀྱི་ཡོངས་རྫོང་འཕྲོག །ནོར་ཁྱེར་ཡུལ་བཏོན་པའི་ཚེ། བལ་པོར་བྱོན་ནས་བ་སུ་དྷ་ར་ལ་གསེར་འཕངས་མེད་དུ་ཕུལ་གདམས་པ་ཞུས་པས། སྣོད་ལྡན་སྙིང་རྗེའི་ཡུལ་དུ་དགོངས་ཏེ། ཁྱད་པར་དུ་ཟབ་པའི་དམར་པོ་རེག་ཆོད་འདི་གནང་། དབང་གི་མནའ་ཆུ་བླུད་པའི་དུས། དུས་གསུམ་གྱི་བདེ་གཤེགས་དང་། མཁའ་འགྲོ་དཔང་དུ་གཙུགས་ནས་སྣོད་མིན་ལ་མི་སྤེལ་བར་དམ་བཅས། འཆི་ཁར་གཏེར་དུ་སྦོས་ཤིག་གསུངས་པའི་ལུང་བསྟན་དང་བཅས་ནས་སངས་རྒྱས་ཡེ་ཤེས་ལ་གནང་བ་ཡིན་ལ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་བླ་མའི་བཀའ་བཞིན་ཕུང་པོ་རི་བོ་ཆེར་གཏེར་དུ་སྦས་པར་མངོན་ནོ། །གདམས་པ་འདི་ལ་དཔེ་ཚན་བཅུ་གཅིག་ཏུ་འདུས་ཏེ། སྲོག་ཟན་སྤུ་གྲི་རེག་ཆོད་མན་ངག་ལས། གྲངས་སུ་བཏབ་ན་ཡིག་ཆུང་འདི་རྣམས་ནི། །རྒྱུད་དང་སྒྲུབ་ཐབས་མན་ངག་ཡིག་ཆུང་བདུན། །དེ་ཡི་ཞལ་ཁྲིད་འདི་དང་བསྟོད་བསྐུལ་གཉིས་ཏེ་བཅུ། །ཞལ་གདམས་དཔེ་ཆུང་དག་དང་བཅུ་གཅིག་གོ། །མན་ངག་དོན་ཚན་དང་པོ་ཆད། མཆན། སྒྲུབ་པ་རྩ་བ་དེ་དང་གཉིས། །སྟོད་ལས་བསྟོད་པ་གསེར་བྱང་དེ་དང་གསུམ། །སྨན་སྒྲུབ་ལས་སྦྱོར་སྟོན་པའི་པྲ་ཁྲིད་དེ་དང་བཞི། །བསྙེན་སྒྲུབ་ལས་ལ་སྦྱོར་བའི་མཚན་རྟགས་རིན་པ་དེ་དང་ལྔ། །སྔགས་ཀྱི་པྲ་ཁྲིད་ཡིག་ཆུང་དེ་དང་དྲུག །གསང་སྔགས་ཡིག་ཆུང་རྟགས་དང་བཅས་པ་དེ་དང་བདུན། །ཕུག་དཀྲུགས་འབྲུ་བདུན་སྔགས་ཀྱི་ཡིག་ཆུང་དེ་དང་བརྒྱད། །གནད་གཅོད་སྔགས་ཀྱི་ཡིག་ཆུང་དེ་དང་དགུ། །བླ་མའི་ཞལ་གྱི་ཡིག་ཆུང་དེ་དང་བཅུ། །དཀྱིལ་འཁོར་དཔེ་ཆུང་དེ་དང་བཅུ་གཅིག་གོ། །ཅེས་སོ། །མཱ་ར་ཁྲག་སྐྱུག་གི་ལོ་རྒྱུས་ནི། གཤིན་རྗེ་དམར་པོ་མཱ་ར་ཡ་སྙིང་འབྱིན་གྱི་དྲག་སྔགས། སློབ་དཔོན་ཤཱིནྟཾ་གརྦྷའི་དྲག་སྔགས། སློབ་དཔོན་པདྨ་ཐོད་ཕྲེང་གི་ཅོག་བརྡུང་། བལ་པོ་བ་སུ་དྷ་རས་རྡོ་རྗེ་ཡང་དབང་གཏེར་ལ་གདམས། ངན་སྔགས་གཤིན་རྗེ་དམར་པོའི་བསད་པའི་མཐར་ཐུག་འདི། །ཡོན་ཏན་རྒྱ་མཚོའི་དམ་ཚིག་གཞུང་བསྲང་ཡང་། །སློབ་དཔོན་བཀའ་ནན་ཆེས་པས་དམ་ཚིག་སེམས་ལ་བཞག །ཕུང་པོ་རི་བོ་ཆེའི་བྲག་ལ་གཏམས་པ་ཡིན། །བདུད་པོ་རྩེ་ལྷ་ཁྱོད་ཀྱི་བཀའ་སྲུང་མཛོད། །ཡང་། མཱ་ར་ཡ་ཁྲག་སྐྱུག་དཀར་དམར་གཉིས་ལས་འདི་ཕྱི་མ་ཡིན། རྒྱུད་འདི་དྷ་ན་ད་ལ་ཤིནྟཾ་གརྦྷས། བོད་ཀྱི་བན་ཆུང་སངས་རྒྱས་ཡེ་ཤེས་ཀྱིས་ཞུས། ཞེས་ཀྱང་འབྱུང་བས་དཔྱད་དོ། །ཁྲག་སྐྱུག་མ་བུ་ཤོག་དྲིལ་དྲུག་སྟེ། ཁྲག་སྐྱུག་ལེའུ་བདུན་པའི་རྒྱུད། ཁྲག་སྐྱུག་སྒྲུབ་ཐབས་དང་། ལས་བྱང་མདོར་བསྡུས་རྣམ་གཉིས་དང་། ཐེམ་ཡིག་གཉིས་ཏེ་དྲུག་ཏུ་བསྟན། །སྤོགས་ཆོག་ཨར་ལ་གཏད་པའི་ཡིག་ཆུང་དང་། །སྔགས་ཀྱི་ཊཱི་ཀ་རྣམ་གཉིས་དང་། །ལས་ཁ་མནན་པའི་ཡིག་ཆུང་དང་། །དངོས་གྲུབ་སྟེར་བ་ནོར་གྱི་སྒྲུབ་པ་དང་། །བླ་མའི་ཞལ་གདམས་འདི་དང་དྲུག །གོང་གི་ཤོག་རིལ་དྲུག་གི་ཤམ་དུ་ནི། །ཡིག་ཆུང་ཕྲ་མོའི་ཡི་གེ་རེ་རེ་བཏབ། །མ་བུ་ཤོག་དྲིལ་དྲུག་ཏུ་དྲིལ། །ཕུང་པོ་རི་བོ་ཆེ་ཡི་གཏེར་དུ་སྦས། །རྩེ་ལྷ་བྱང་ཆུབ་ཁྱོད་ཀྱིས་སྲུངས། །ཞེས་སོ། །ཡང་འདིའི་དངོས་བསྟན་གྱི་བརྗོད་བྱ་དང་། ཕྱི་འགྱུར་གྱི་བརྗོད་བྱ་མི་མཐུན་པ་ནི། ཕྱི་འགྱུར་གྱི་དཀྱིལ་འཁོར་གྱི་ལྷའི་གཙོ་བོ་ནི་གཤིན་རྗེའི་གཤེད་དམར་པོ་ཡིན་ལ། བར་འགྱུར་སྤུ་གྲི་རེག་ཆོད་དཀྱིལ་འཁོར་གྱི་གཙོ་བོ་ནག་པོ་ཡིན་ཏེ། སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། གང་ཟག་བསྙེན་པ་བསྒྲུབ་དུས་སུ། །དཔལ་གྱི་དམར་གཏོར་བཅས་ནས་ནི། །བདག་ཉིད་འཇམ་དཔལ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་བེ་ཅོན་འཕྱར་བ་དང་། །གཡོན་པས་སྡིགས་འཛུབ་འབར་བ་བསྒྲེང་། །ཁྲོ་བོའི་རྒྱན་ཆ་ཀུན་གྱིས་བརྒྱན། །ཤིན་ཏུ་འཇིགས་པའི་ཆ་བྱད་ཅན། །དེ་ལྟ་བུ་རུ་བསྒོམ་པ་ནི། །དུས་གསུམ་བསྙེན་སྒྲུབ་བསད་གསུམ། ཀུན་ཏུ་གལ་ཆེའོ། །དེ་ཡི་སྙིང་པོ་འདི་བཞིན་བཟླས། །ཨཱོྂ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛ་ཛཿ ཞེས་དང་། དབུས་སུ་གྲུ་གསུམ་ནག་པོ་བྱ། །ཞེས་དང་། རྒྱུད་འདི་ལ་བརྟེན་ནས་སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྒྲུབ་ཐབས་ལས། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པས། །སྔགས་ཀྱི་དངོས་གྲུབ་ཐོབ་པ་དང་། །ཕྱིས་ནི་བཤན་པ་ལས་ལ་རྦད། །ཅེས་པའི་མཆན་དུ། ཨ་ཀྲོ་སྔོན་འགྲོ། མཉྫུ་ཤྲཱི་རྟགས་ཐོན་ནས། ཞེས་བཤད་དོ། །ཡང་སྒྲུབ་ཐབས་ལས། ཡ་མཱནྟ་ཀ་འཇིགས་པའི་སྐུ། །མདུན་དུ་སྒྲོལ་གིང་ཛཿལས་བསྐྱེད། །སྐུ་མདོག་དམར་པོ་འཇིགས་པའི་གཟུགས། །མེ་དང་ལས་ཀྱི་འཁོར་ལོ་བསྣམས། །ཞེས་སོ། །གཞན་ཡང་བརྟེན་རྫས་ཀྱི་སྙིང་སྣ་ཡང་། ཕྱི་འགྱུར་སྒྲུབ་བྱང་ནས་མི་དང་། བྱ་དང་། རྟའི་སྙིང་དགོས་པར་བཤད། སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། རྩིབས་བཞི་རྩང་ལ་སྙིང་བཞི་གཟུག །ར་དམར་ཁྱི་དམར་ར་རོག་དང་། །ལུག་ནག་ལ་སོགས་སྙིང་བཞི་ནི། །ཞེས་སོ། །མཱ་ར་ཡ་ཁྲག་སྐྱུག་གི་རྒྱུད་ལས། འཁོར་ལོ་རྩིབས་བཞི་ལྡན་པ་ལས། །གདུག་པའི་མཚོན་ཆ་དམར་པོ་ལ། །སྲོག་ཆགས་བསད་པའི་སྙིང་བཞི་གཟུག །བཤོས་བུ་གྲུ་གསུམ་དམར་པོ་ལ། །རུ་མཚོན་དམར་པོ་བཞི་ཡང་གཟུག །ཅེས་པའི་རུ་མཚོན་གྱི་སྒྲུབ་པའི་རྣམ་པ་ཅུང་ཟད་བྱུང་གིས། གཞན་ཕྱི་འགྱུར་གྱི་སྒྲུབ་བྱང་དང་མཐུན་པ་མ་བྱུང་ངོ་། །ཡང་ཕྱི་འགྱུར་གྱི་སྐབས་སུ་འཁོར་ལོ་སྤུ་གྲི་བསྣོལ་མར་འཁོར་བ་ལས། འཁོར་ལོ་ནང་ནས་གཡས་སུ་འཁོར་ལ། མཚོན་ཆ་སྤུ་གྲི་རྣམ་པ་ཅན་གཅིག་འཁོར་ལོའི་ཐད་དུ་བསམས་ཏེ་ཕྱི་ནས་གཡོན་བསྐོར་དུ་འཁོར་བའི་བར་དུ་དགྲ་བགེགས་གཅོད་པར་བསམས་པ་ཡིན་ཏེ། དེ་ནི་ཅུང་ནོར་བ་འདྲ་སྟེ། འཁོར་ལོ་གཡས་སུ་འཁོར་བའི་ཚེ། འཁོར་ལོའི་སྟེང་ན་བཀོད་པའི་སྔགས་རྣམས་སྤུ་གྲི་སྟེ་མཚོན་ཆའི་རྣམ་པ་ཅན་གཡོན་དུ་འཁོར་ཏེ། དེ་ལྟ་བུའི་སྔགས་འཁོར་བསྣོལ་མས་དགྲ་བགེགས་གཅོད་པར་བསམ་པ་ཡིན་པར་གོ་སྟེ། སྤྱིར་གྱི་གཤིན་རྗེའི་གཤེད་ཀྱི་ལས་ཚོགས་ཀྱི་སྐབས་སུ་བཤད་པའི་མཚོན་ཆ་དང་སྤུ་གྲི་ཞེས་པ་ཕལ་ཆེར་སྔགས་ལ་གོ་དགོས་པ་ཡིན་གྱི། གློ་བུར་དུ་མཚོན་ཆ་སྤུ་གྲི་དགོས་པ་ཆུང་ངམ་སྙམ་སྟེ། སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། འདི་ནི་བློ་ལ་མི་བླང་སྟེ། །དཔེ་ལས་བཟླས་ཤིང་བརྡེག་པར་བྱ། །འདི་ནི་གབ་པའི་མན་ངག་སྟེ། །སྤུ་གྲི་འདྲ་བས་ཤིན་ཏུ་ཟབ། །ཅེས་དང་། སློབ་དཔོན་རིན་པོ་ཆེ་པདྨས་མཛད་པའི་སྒྲུབ་ཐབས་ལས། ལྔ་བཅུ་རྩ་བརྒྱད་མིང་དང་བཅས། །དྲག་པོའི་གནད་གཅོད་དྲག་སྔགས་འདི། །རྩ་སྲོག་གཅོད་པའི་སྤུ་གྲིར་ཤེས། །ཡང་ཞལ་ཁྲིད་གསང་བ་རིན་ཆེན་ཕྲེང་བ་འོད་ཀྱི་རྒྱན་ལས། བཟློག་པ་ཉིན་ལ་དཀྲུགས་པ་མཚན། །སྤུ་གྲི་བསྣོལ་མས་སྲོག་རྩ་གཅོད། །ཅེས་དང་། སྡིག་པ་སྙིང་འཛིངས་ཀྱི་རྒྱུད་དུ། ཕྱག་རྒྱ་མཚོན་ཆ་དམིགས་པའི་ཡུལ། །གསལ་བ་གསུམ་གྱིས་ལས་ཀུན་འགྲུབ། །ཅེས་བཤད་པ་ལ། སྦས་ཏིག་ཏུ། ཕྱག་རྒྱ་ནི་ལྷ་དང་། མཚོན་ཆ་ནི་སྔགས། དམིགས་པ་ནི་དགྲ་བགེགས་ཡིན་པར་བཤད། སྤྱི་གཅོད་འཕྲུལ་གྱི་ལྡེ་མིག་ལས། རྣམ་པ་རྩ་དང་ཡི་གེ་ཡིན་ལ། ནུས་པ་རྣོ་དབལ་གྱི་མཚོན་ཆ་དུག་གི་རང་བཞིན་ཅན་ཡིན་པས། ཞེས་བཤད་པས་སོ། །དེ་ལྟར་མ་ཡིན་ན་ནི། རྒྱུད་སྤུ་གྲི་རེག་གཅོད་འདི་ཡང་སྤུ་གྲི་ཡིན་དགོས་སོ། །ཤིན་ཏུ་རྣོ་ཞིང་མྱུར་བས་ན། །སྤུ་གྲི་རེག་གཅོད་རྒྱུད་དུ་བཟུང་། །ཞེས་པས་གསལ་ལོ། །གཞན་ཡང་ལུང་འདི་ལྟར་འབྱུང་སྟེ། སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བསྲུང་ཆེད་དུ། །དགྲ་བོའི་སྲོག་གི་གཅོད་པ་ལ། །ཕྱི་རབས་གང་ཟག་རྣམས་ཀྱིས་ནི། །རྫས་དང་སྔགས་དང་ཏིང་འཛིན་གསུམ། །འདི་དག་ལྡན་པའི་གང་ཟག་གིས། །སྲོག་ཟན་ཆེན་པོ་དགྲ་ལ་རྦད། །ཅེས་དང་། མནན་པའི་སྐབས་སུ་ཡང་དེ་ཉིད་ལས། རྒྱ་མཚོ་དག་གི་གཏིང་ངོགས་ནས། །སྲོག་བདག་རལ་པ་ཚར་དགུ་ལ། །དགྲ་བོ་ལག་ཏུ་གཏད་པར་བྱ། །ངས་མ་ཉེས་ཤིང་དགྲས་ཉེས་བགྲང་། །ཞེས་སོ། །ཞལ་ཁྲིད་ལས། ལྟ་བ་མ་བཅོས་རྣལ་མ་རྟོགས་པ་དང་། །ཡི་དམ་ལྷ་ཡི་ནུས་པ་ཐོན་པ་དང་། །དམ་ཚིག་གཞུང་ལྟར་ཐུབ་པར་བསྲུང་བས་ནི། །གནོད་སྦྱིན་དམར་པོ་བྲན་ལྟར་འཁོལ་བར་འགྱུར། །དེ་ལྟར་གསུམ་ཀ་ལྡན་པར་མ་འགྱུར་ན། །གཉིས་ལྡན་འབྲིང་ལ་གཅིག་ལྡན་ཐ་མ་འཁོལ། །ཞེས་སོ། །རྡོ་རྗེ་གནོད་སྦྱིན་ཁྲོས་པ་དཔལ་བོ་གར་གྱི་རྒྱུད། །རོ་ལངས་ནག་པོ་འཇིག་རྟེན་ལུང་དམར་གྱི་དྲག་སྔགས་ལས། འཆི་བདག་ཞལ་དབྱེའི་སྐབས་འདི་ལྟར་འབྱུང་སྟེ། ཐོད་པ་སོག་ལེས་ལེགས་གཤགས་ཏེ། །འཆི་བདག་གཤིན་རྗེའི་གཟུགས་བརྙན་བརྟགས། །ལྟག་པའི་ཁུང་པར་ཁ་བལྟས་པའི། །རབ་ཏུ་བགྲད་ཏེ་འཇིགས་པ་པོ། །ལྟོ་རུ་སྲིད་པ་གསུམ་པོ་འཆང་། །དེ་ཡི་གཟུགས་ནི་ལེགས་བརྟགས་ལ། །སྙིང་གར་དྲག་སྔགས་འདི་དག་བྲི། །ཞེས་དང་། ཡང་རྒྱུད་ཀྱི་ལེའུ་གསུམ་པ་ལས། དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །འཁོར་ལོ་རྩིབས་བཞི་རྫོགས་པར་བྱ། །དབུས་སུ་སྨྱུག་མ་ཚིག་གསུམ་ལྔ། །དཔའ་བོའི་ཁྲག་གིས་རབ་བྱུགས་ལ། །བསྭེ་མཁར་ཆེན་པོར་བྱིན་གྱིས་བརླབ། །ཞེས་འབྱུང་བའི་སྨྱུག་མ་ཚིག་གསུམ་ལྔ་ཞེས་པའི་མཆན་དུ། སུམ་ཐོག་གམ་ལྔ་ཐོག་བྱ་ཟེར་བ་ལྟར་ན་ནི། རུ་མཚོན་ཁང་ཐོག་ལྔ་བརྩེགས་སུ་བྱེད་པར་རིགས་པ་འདྲའོ།། །།
དཔལ་འབར་དབང་ཕྱུག་གི་སྨད་ལས་སྒྲོལ་བའི་མཱ་ར་ཡའི་རྣམ་བཤད་ཐེ་ཚོམ་བསལ་བའི་བརྗེད་བྱང་དང་བཅས་པ།
དཔལ་འབར་དབང་ཕྱུག་གི་སྨད་ལས་སྒྲོལ་བའི་མཱ་ར་ཡའི་རྣམ་བཤད་ཐེ་ཚོམ་བསལ་བའི་བརྗེད་བྱང་དང་བཅས་པ་བཞུགས་སོ། །བླ་མ་དམ་པ་བཀའ་དྲིན་མཉམ་མེད་དེ་དང་། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཤིན་རྗེ་ཐམས་ཅད་ཀྱི་རྒྱལ་པོ། སྒྲོལ་གིང་ཐམས་ཅད་ཀྱི་བདག་པོ། དྲེགས་པ་ཐམས་ཅད་ཀྱི་གཤེད། གནོད་སྦྱིན་ཐམས་ཅད་ཀྱི་བདུད། རྒྱ་གར་གྱི་ངན་སྔགས་ཐམས་ཅད་ཀྱི་བདག་པོ། རྡོ་རྗེ་གནོད་སྦྱིན་མ་རུ་རྩེའི་སྒོ་ནས་མངོན་སྤྱོད་ཀྱི་ལས་བགྱི་བར་འདོད་པས། ཚེ་སྲོག་གི་བདག་པོ་མ་རུ་རྩེ་བསད་བཅད་ལ་དགའ་བས། སྒྲོལ་བ་ལ་རྣམ་སྨིན་དུ་བལྟ་ན་བཀའ་ཆད་དུ་འགྱུར་རོ་ཞེས། མཱ་ར་ཡ་ཁྲག་སྐྱུག་གི་ཟབ་དོན་བསྡུས་ནས་བཤད་པ་དང་། ཐེ་ཚོམ་བསལ་བའི་ཡི་གེ་ལས། བསྟན་པ་འཛིན་པའི་ཆོས་དང་། བསྟན་པ་བསྲུང་བའི་ཆོས་གཉིས་ལས། འདི་ཕྱི་མ་ཡིན་ཞེས་པ་དང་། དབང་མཛོད་དུ། སྒྲོལ་ལ་རྣམ་སྨིན་ལྟ་མི་རུང་། ཞེས་སོགས་བཤད་པ་དང་མི་འགལ་བར་བྱའོ། །དེ་བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་རམ་སྙམ་ན། ངེས་པར་འགྱུར་ཏེ་དམར་པོ་འདས་མདོ་ལེའུ་ཉི་ཤུ་རྩ་བཞི་པ་ལས། སྐུ་ཚེ་ཕྱི་མའི་དོན་ཡང་ཤེས། །ཐུན་མོང་དངོས་གྲུབ་གདོན་མི་ཟ། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། དུག་སྦྲུལ་ཉེས་བྱེད་གསོད་པ་བཞིན། །སྐུ་དགྲ་ཉེས་བྱེད་ཞིང་བཅུ་ནི། །སྔགས་དང་བསྐུལ་བ་ལ་སོགས་པས། །སྡིག་ཅན་བསྒྲལ་ན་དངོས་གྲུབ་ཐོབ། །ཅེས་པ་དང་། དམར་པོ་སྔ་འགྱུར་ལས། གསང་བའི་དགྲ་བོ་བདག་འཛིན་བསད། །ནང་གི་དགྲ་བོ་ཕུང་པོ་བསད། །ཕྱི་ཡི་དགྲ་བོ་རུ་ཏྲ་བསད། །འཇིགས་པའི་བདུད་བཞི་གཏན་ནས་བཅོམ། །ཞེས་པ་དང་། ཕྲ་མོའི་འགྲེལ་པར། བདག་ཉིད་ཆོས་ཉིད་བསྒོམ་པ་ལ་བར་དུ་གཅོད་པ་ན། དེའི་སྡིག་པ་རྡོ་རྗེའི་དམྱལ་བར་འགྲོ་བ་དང་། ངན་འགྲོར་ལྟུང་བར་འགྱུར་བས། དེ་བསྒྲལ་ཏེ་བཏང་བས། སྡིག་པ་མི་འོང་སྟེ་ཐར་པ་ཐོབ། ཅེས་མདོ་སྡེ་ཕལ་ཆེར་ནས་བཤད། ཅེས་པ་དང་། བལ་མོ་བཟའ་ཡི་ཐེ་ཚོམ་བསལ་བའི་ཡི་གེར། ལམ་གྱི་ངོ་བོ་བྱང་ཆུབ་སེམས་ཤེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟར་རོ། །དམོད་པའི་ལམ་དེ་སྒྲུབ་པའི་གང་ཟག་ནི། བར་འགྱུར་སློབ་དཔོན་ཆེན་པོས་མཛད་པའི་སྒྲུབ་ཐབས་ལས། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པས། །སྔགས་ཀྱི་དངོས་གྲུབ་ཐོབ་པ་དང་། །ཕྱིས་ནི་བཤན་པའི་ལས་ལ་རྦད། །ཅེས་པ་དང་། སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བསྲུང་ཆེད་དུ། །དགྲ་བོའི་སྲོག་ནི་གཅོད་པ་ལ། །ཕྱི་རབས་གང་ཟག་རྣམས་ཀྱིས་ནི། །རྫས་དང་སྔགས་དང་ཏིང་འཛིན་གསུམ། །འདི་དག་ལྡན་པའི་གང་ཟག་གིས། །སྲོག་ཟན་དམར་པོ་དགྲ་ལ་རྦད། །ཅེས་པ་དང་། བར་འགྱུར་ཞལ་ཁྲིད་ལས། ལྟ་བ་མ་བཅོས་རྣལ་མ་རྟོགས་པ་དང་། །ཡི་དམ་ལྷ་ཡི་ནུས་པ་ཐོན་པ་དང་། །དམ་ཚིག་གཞུང་ལྟར་ཐུབ་པར་བསྲུང་བ་ནི། །གནོད་སྦྱིན་དམར་པོ་བྲན་ལྟར་འཁོལ་བར་འགྱུར། །དེ་ལྟར་གསུམ་ཀ་ལྡན་པར་མ་གྱུར་ན། །གཉིས་ལྡན་འབྲིང་ལ་གཅིག་ལྡན་ཐ་མ་འཁོལ། །ཅེས་པ་དང་། ཕྱི་འགྱུར་མཚོན་ཆ་རུ་མཚོན་དམར་པོ་ལས། དེ་ཡང་སྔགས་པ་དཔའ་བོ་འདིའི་དཀྱིལ་འཁོར་དུ་དབང་བཞིས་སྨིན་ཅིང་། ཐོས་པས་ཕྱུག་པ། སྤྱོད་པ་རླབས་པོ་ཆེ་སེམས་པའི་བསམ་པ་ཅན། བསྐྱེད་རྫོགས་ཟུང་འཇུག་གི་བསྒོམ་པ་སྣང་སྟོང་དབྱེར་མེད་དུ་མགོ་འབྱོར་པ། དགེ་སྡིག་ཀྱི་སྣང་བ་རྩ་བྲལ་གཤིས་སུ་དག་པས། རིག་པ་ཕྱོགས་མེད་དུ་གྲོལ་ཏེ་སྒྲོལ་བའི་ནུས་པ་དང་ལྡན་པའི་རྣལ་འབྱོར་བས། སྤྱི་དང་ཁྱད་པར་གྱི་སྙིང་རྗེ་བསྐྱེད་དེ། ཅེས་པ་དང་། སྙན་བརྒྱུད་རིན་ཆེན་ཕྲེང་བ་ལས། སྒྱུབ་པ་པོའི་མཚན་ཉིད་ནི། མཚན་ཉིད་དང་ལྡན་པའི་བླ་མ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཉེས་པར་བྱས་ཏེ། དབང་ཡོངས་སུ་རྫོགས་པ། ཐོས་བསམ་གྱིས་རྒྱུད་གྲོལ་བ། མན་ངག་དང་ལྡན་པ། ལས་དང་བྱ་བ་ལ་མཁས་པ། དམ་ཚིག་དང་ལྡན་ཞིང་སྙན་བརྒྱུད་ཀྱི་མན་ངག་མ་ཆད་པས་སྒྲུབ་པར་བྱའོ། །དེ་ཡང་རྒྱུད་ལས། ཐོག་མར་བླ་མ་མཉེས་བྱས་ཏེ། །མཉེས་པ་གསུམ་གྱི་ཡོན་ཕུལ་ལ། །ཐོས་བསམ་ཤེས་རབ་རྒྱུད་ཁྲོལ་ཏེ། །དབང་རྫོགས་མན་ངག་ལྡན་པར་བྱ། །ཐོས་ཆུང་ཤེས་རབ་དམན་པ་དང་། །དབང་མ་ཐོབ་ཅིང་དམ་ཚིག་མེད། །མན་ངག་གདེངས་དང་མི་ལྡན་པས། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་བཤད་པའི་སྔ་མ་རྣམས་ནི་ལས་སྦྱོར་གྱི་དབང་དུ་བྱས་ཤིང་། ཕྱི་མ་ནི་སྒྲུབ་པའི་དབང་དུ་བྱས་པའོ། །འདིར་ལས་སྦྱོར་གྱི་སྐབས་ཡིན་པས་ཞལ་ཁྲིད་ལྟར། ལྟ་བ་ནི་རིན་ཆེན་ཕྲེང་བ་ནས་བཤད་པ་བཞིན། རབ་ཏུ་རང་མཚན་རྟོགས་པ། ཐ་མའང་དོན་སྤྱི་རྟོགས་པ། དམ་ཚིག་ནི་སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་ལྡན་པ། ཡི་དམ་ལྷའི་ནུས་པ་རྙེད་པ་གཅིག་ངེས་པར་དགོས་པ་ཡིན་ལ། དེ་ཡང་ལྷ་དམར་ནག་གཙོ་འཁོར་དང་རྐྱང་པར་སྒྲུབ་པ་སོགས་བརྒྱུད་ལུགས་གསུམ་མི་མཐུན་པར་བཞེད་ཚུལ་ནི། ཕྱི་མཚམས་སྐོར་དུ་སྒྲུབ་པ་དང་གཅིག །ནང་མདོ་སྐོར་དུ་སྒྲུབ་པ་དང་གཉིས། གསང་བ་ཡང་བཀོལ་དུ་སྒྲུབ་པ་དང་གསུམ། ཐུས་ཁ་དྲག་སྔགས་སུ་སྒྲུབ་པ་དང་བཞི་ལས། དང་པོ་ལ། ནག་པོ་གཙོ་བོ་ལ་དམར་པོ་ཤམ་བུར་བྱས་པ། དམར་པོ་གཙོ་བོ་ལ་ནག་པོ་ཤམ་བུར་བྱས་པ། དམར་ནག་འཆོལ་བར་སྒྲུབ་པ། དམར་པོ་རྐྱང་པར་བསྒྲུབ་པ་རྣམས་སུ་བཤད། འདི་སློབ་དཔོན་ཆེན་པོ་པདྨས། གནུབས་ནམ་མཁའི་སྙིང་པོ་ལ་གདམས་པས་སྔ་འགྱུར་རོ། །གཉིས་པ་ནི་བལ་མོ་བཟའ་གསེར་ཕྲེང་གིས་གནུབས་སངས་རྒྱས་ཡེ་ཤེས་ལ་གདམས། ལུང་ལུགས་ཤེས་ཟེར། གསུམ་པ་གསང་བ་ཡང་བཀོལ་ལ་གཉིས་ཏེ། ཁྲག་འཐུང་ནག་པོའི་དགོངས་པ་བ་སུ་དྷ་རས་སངས་རྒྱས་ཡེ་ཤེས་ལ་གདམས་པའི་སྐོར་དང་། སྐྱེ་བ་སྔ་མའི་སྤུན་ཟླ་ཡིན་པ་ལ་དགོངས་ནས། དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ་གདམས་པའི་སྐོར་གཉིས་ཀྱི་དང་པོ་ལ་གཤིན་རྗེ་ལྟར་བསྒྲུབ་པ་དང་། གནོད་སྦྱིན་ལྟར་བསྒྲུབ་པ། སྲིན་པོ་ལྟར་བསྒྲུབ་པའི་ལུགས་བཤད། འདི་ལ་བར་འགྱུར་དུ་གྲགས་སོ། །གཉིས་ནི་ཕྱི་འགྱུར་ཡིན་ལ། འདི་ལ་ཕྱི་གིང་ལྟར་བསྒྲུབ་པ། ནང་ཡེ་ཤེས་ལྷའི་བསྒྲུབ་པ། གསང་བ་དྲག་སྔགས་སུ་བསྒྲུབ་པ་དང་གསུམ་ལས། དང་པོ་ཕྱི་བསྒྲུབ་ལ་གིང་གི་བསྒྲུབ་པ་མང་དུ་བཤད་ཅིང་། དམར་པོ་གྱད་ཀྱི་སྐོར་རྣམས་ཀྱང་འདིར་གཏོགས་སོ། །གཉིས་པ་ནང་ཡེ་ཤེས་ལྷའི་བསྒྲུབ་པ་ལ། སྟོད་བསྙེན་བྱང་ཆུབ་བསྒྲུབ་པ། སྨད་བསྙེན་བསྟན་པ་བསྲུང་བའི་དྲག་སྔགས་སྒྲུབ་པ་རྣམས་སུ་བཤད། གསུམ་པ་གསང་བ་དྲག་སྔགས་སུ་སྒྲུབ་པ་ལ་སྲོག་ལེན་ནག་དམར་པོ། པོ་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་སྟེ། དམར་པོ་རྟེན་ཅན་གྱི་དྲག་སྔགས་དང་། ཝ་ཐོད་འཇིག་རྟེན་ལུང་དམར་གྱི་བསྒྲུབ་པ། གོང་ཁུག་བྱང་བུ་སོར་བཞིའི་བསྒྲུབ་པ། མགུལ་ཁུག་སྲོ་མ་ཅན། ཐུགས་ལ་ཕུར་པའི་ཆོས་བཞི། ཁྱེད་ཁུག་ཤོག་དྲིལ་དྲུག །མཱ་ར་སྙིང་ཟན་བཤན་པར་མ་གོའི་བསྒྲུབ་པ། རེག་ཆོད་སྡེ་ལྔའི་དྲག་སྔགས། ཕུག་ཉི་ཤུ་རྩ་གཅིག་གི་དྲག་སྔགས། ཅོག་བརྡུང་བཅོ་བརྒྱད་ཀྱི་དྲག་སྔགས། སྡེ་བརྒྱད་སོ་སོའི་དྲག་སྔགས་རྣམས་སུ་ཡོད་པ་ལས། སྒྲུབ་སྐོར་འདི་ནི་གསང་བ་ཡང་བཀོལ་གྱི་ལུགས་ཕྱི་མ་དྷ་ན་ད་ལ་ནས་ཡོན་ཏན་རྒྱ་མཚོ་ལ་བརྒྱུད་པའི་སྲོག་ལེན་ནག་པོ་ཐུགས་ཀྱི་སྒྲུབ་པ་ཡིན། དེ་ལ་སྡེ་ཚན་བཅུ་གཅིག་ཏུ་ཡོད་པའི་ཐོག་མར། དམར་པོ་རྟེན་ཅན་གྱི་དྲག་སྔགས་སུ་གྲགས་པ་དེ་ཡིན། རྟེན་ནི་རུ་མཚོན་ལ་བྱེད་པ་ཡིན་ཏེ། དྲག་སྔགས་སྤུ་གྲི་རིག་ཆོད་ཀྱི་རྒྱུད་ཀྱི་ལེའུ་གསུམ་པ་ལས། བསྭེ་ཡི་ལྡན་མཁར་དམར་པོ་ལ། །གྲུ་བཞི་དག་དང་ལྡན་པར་བྱ། །དམར་པོའི་སྐུ་རྟེན་དེ་ལ་བྱ། །ཙ་ར་སྤུ་ཡི་རྔ་ཕོད་ཀྱང་། །དཀར་དམར་ནག་ལྗང་བཞི་ཡིས་མཛེས། །ཡང་ན་ཀུན་ཀྱང་དམར་ནག་གམ། །དམར་པོ་མདངས་ལྡན་ཉིད་དུ་བྱ། །ཞེས་དང་། རུ་མཚོན་ཞལ་གདམས་ལས། དྲག་སྔགས་འདི་ལ་རྩིག་པའི་མཁར་དང་། བགོ་བའི་གོས། བརྡེག་པའི་མཚོན་ཆ་དང་གསུམ། མཁར་ནི་རྟེན་དང་བཅའ་གཞིའོ། །ཞེས་སོ། །གང་ཟག་གཅིག་གི་ཆ་རྐྱེན་དུ་སྒྲུབ་ཐབས་ཐམས་ཅད་དགོས་པ་མ་ཡིན་ཏེ། སྒྲུབ་སྐོར་རྣམས་ནི་རེ་རེ་ལ་མ་བུ་འཚམས་ཤིང་། ལ་ལ་ནི་མན་ངག་སྣ་རེ་ཙམ་ཡིན་པ་ཡང་ཡོད་དོ། །རྭ་སྒྲོལ་དང་། ཝ་ཐོད། ཐོད་ཆེན་རྣམས་ནི་འགྱུར་གསུམ་ཀའི་ལུགས་ལ་འབྱུང་ལ། ཐོད་ཆེན་ལ་འཆི་བདག་ཐོད་པ་གཤགས་ཆོས་ཀྱི་བྱ་ཐབས་ཀྱི་སྐབས་སུ་ལ་ལ་དག་མ་ཐོད་ལ་ཞལ་རྐྱང་ལ་འབྱེད་པ་ཡིན་གྱི་སྐུ་ཡོངས་རྫོགས་མི་རིགས། ཡ་ཐོད་ལ་ཡུམ་གྱི་ཞལ་འབྱེད་པར་མ་བཤད་ཟེར་མོད། དེ་ནི་རུ་མཚོན་ཞལ་གདམས་གོ་རིམ་ལས། མ་ཐོད་ཀྱི་འཆི་བདག་གི་ཞལ་ལེགས་པར་ཕྱེ་ལ། དེའི་ཁ་ལ་ཀུ་མཱ་རའི་སྔགས་ཕྱུང་ལ། ཁ་ཁྱེར་ལ་བསྐོར་རོ། །ཡ་ཐོད་ལ་འཁོར་ལོ་རྩིབས་བཞི་པ་སྤུ་གྲི་བཞི་བསྐོར་བྲི། ཞེས་པའི་ཚིག་རིས་ཙམ་ལ་ཞེན་ན་བདེན་ཡང་། འཆི་བདག་གི་སྐུ་ཡོངས་རྫོགས་འབྱེད་པ་ནི་རིགས་པ་ཡིན་ཏེ། དམར་པོ་མདོ་རྩ་ཕྲིན་ལས་ཀྱི་རྒྱུད་ཀྱི་ལེའུ་ནས། ཐོད་པ་སྐྱ་བོ་དཀར་རྩིས་བྱུགས། །གཤགས་ལ་མ་ཐོད་འཆི་བདག་གཟུགས། །བཏགས་ལ་གནོད་སྦྱིན་གཟུགས་ཀྱང་ཁ་དོགས་སྒྱུར། བཙལ། །མི་ཡི་རྒྱུ་མས་དམ་དུ་དཀྲིས། །སེ་དང་ཏྲི་ལིང་འོག་གཉིས་ཀྱི་བསྐོར། །གུ་གུལ་ནག་པོའི་དུད་པས་བདུག །ཁ་རུ་དམིགས་པའི་ལིང་ག་གཞུག །གཟུགས་ཀྱང་བཙལ་ཞེས་པ་དང་། ཁ་དོག་བསྒྱུར་ཞེས་པ། ཁ་དོག་གནོད་སྦྱིན་གྱི་ཁ་དོག་སྟེ། དམར་པོར་བསྒྱུར་བའོ། །སྐུ་དངོས་ནི་འཆི་བདག་ཡིན་ལ། གནོད་སྦྱིན་གྱི་སྐུ་མིན་ནོ། །འདས་མདོ་ལས། ལྷ་ནི་རོ་གླང་ནག་པོར་འདུག །གཤིན་གླང་མ་ཧེ་གླང་པོ་དེ། །རང་གི་གདན་དུ་མནན་བྱས་ནས། ཞེས་གླན་སྣ་ཅན་ཁ་དོག་དམར་པོར་བཤད། མདོ་རྩ་བ་ལས། བམ་ཆེན་མི་ཐོད་འཆི་བདག་བསྒྲུབ། །ཅེས་དང་། དེའི་གླེང་གཞི་ལས། གདོང་དམར་སྲིན་པོས་རང་དབང་བྱེད། །དེ་དུས་དྲག་པོས་འདུལ་བའི་ཕྱིར། །འཆི་བདག་ལས་ལ་གཉེར་གཏད་དོ། །ཞེས་པས། འཆི་བདག་ནི་གཤིན་རྗེ། དེའི་གཤེད་པོ་ནི་འཇམ་དཔལ་མ་རུ་རྩེར་གྱུར་པ་དང་། ཕྱག་རྡོར་མ་རུ་རྩེར་གྱུར་པའི་གླེང་གཞི་གཉིས་བྱུང་ངོ་། །རྡོ་རྗེ་གནོད་སྦྱིན་ཁྲོས་པ་དཔའ་བོ་གར་མཁན་གྱི་རྒྱུད་རོ་ལངས་ནག་པོ་འཇིག་རྟེན་རླུང་དམར་གྱི་དྲག་སྔགས་ལས། ཐོད་པ་སོག་ལེས་ལེགས་གཤགས་ཏེ། །འཆི་བདག་གཤིན་རྗེའི་གཟུགས་བརྙན་བརྟགས། །ལྟག་པའི་ཁུང་པར་ཁ་བལྟས་པའི། །རབ་ཏུ་བགྲད་དེ་འཇིགས་པའོ། །ལྟོ་རུ་སྲིད་པ་གསུམ་པོ་འཆང་། །དེ་ཡི་གཟུགས་ནི་ལེགས་བརྟགས་ལ། །སྙིང་གར་དྲག་སྔགས་འདི་དག་བྲི། །ཞེས་དང་། ཟླ་གསང་ནག་པོའི་རྒྱུ་ལས། ཨག་རྩེའི་ངོས་སུ་འཆི་བདག་གཟུགས་བྲིས་ལ། །གཟུགས་ཀྱི་སྙིང་གར་མིང་བྱང་བྲི། །ཞེས་པ་དང་། ཁ་ཐུན་གྱི་མདོ་བྱང་འབྲིང་པོ་ལས། ཐོད་པ་གཤགས་ཏེ་རི་རབ་དང་། །འཆི་བདག་བྲིས་ཏེ་བཅས་པ་རྣམས། །སྟེང་འོག་བར་དུ་ཤེས་པར་བྱ། །ཞེས་དང་། དེའི་འགྲེལ་བར། ལྟག་པའི་ཕྱོགས་ནས་སོག་ལེས་དྲས་ཏེ་གཤགས་པ་དང་། །མ་ཐོད་ངོས་ལ་འཆི་བདག་གཤིན་རྗེའི་གཟུགས་ཡོད་དེ། དེ་ལེགས་དང་བརྟགས་ལ་དེའི་གཟུགས་རམ་གྱིས་བྱུགས་ལ། འདི་རྟེན་ནག་པོའི་དབང་དུ་བྱས་པའོ། །དེའི་སྙིང་གར་ཡི་གེ་ཡ་བྲིས། ཐོད་པ་ལ་སྟེང་གི་རྒྱབ་ཏུ་རི་རབ་ཀྱི་གཟུགས་བྲིས་ལ། ཞེས་སོ། །ཤོག་ཁྲ་རྙིང་པ་དང་། ཐོད་པའི་ཞལ་དབྱེ་རྙིང་པ་བླ་མའི་གསུང་རྒྱུན་ཕྱག་ལེན་རྣམས་ལ་གསལ་བར་ཡོད་དོ། །འོན་ཀྱང་ཞལ་རྐྱང་པའི་བཤད་ཚོད་དང་ཕྱག་ལེན་ཀྱང་མ་བཀག་བ་ཡིན་ནམ་སྙམ་སྟེ། གཡུང་སྟོན་རིན་པོ་ཆེས་ཕྱག་ལེན་མཛད་པའི་ཞལ་རྐྱང་པོའི་ཐོད་རྙིང་མཐུ་སྟོབས་ཅན་ཞིག་ད་ལྟའང་འདུག་གསུང་ངོ་། །དབྱེ་བའི་ཚེ་ན་ཤིན་ཏུ་ཕྱེད་པ་ལེགས་པོའམ་འོང་གི་འདུག་གོ། །དེས་ན་གཏན་ཚིགས་རྣམ་དག་གི་སྒོ་ནས་དམ་འཆའ་བ་རིགས་ཀྱི་ཞལ་དབྱེ་ཞེས་པ་ངེས་པའི་ཚིག་ཏུ་བཟུང་ནས། སྐུ་མི་རིགས་པར་འདོད་པ་དང་། འཆར་ཀའི་སྐབས་སུ་ཞལ་གཏོར་ཞེས་འབྱུང་བ་ལ། ལུས་མེད་པའི་མགོ་བོའི་གཏོར་མ་རེ་བྱེད་པ་ནི། རྒྱུ་མཚན་ལྟར་སྣང་ཡིན། དེས་ན་ཡི་དམ་ལྷའི་ཞལ་མཐོང་ཟེར་བའི་ཚེ་ན། མགོ་བོ་རྐྱང་པར་མཐོང་བར་འདོད་དགོས། ཡ་ཐོད་ཀྱི་ཡུམ་ཡང་རྒྱ་སྟོན་གྱི་ཞལ་ཤེས་ཀྱི་ཡི་གེ་ལས། སྐུ་ཡོངས་རྫོགས་བཤད་དེ། ཡུམ་གཡས་འཕྱར། ཐབས་གཡོན་ཐོད་པ་འཛིན་པའི་ལྟོར་འཁྲུལ་འཁོར་གྱི་ཡི་གེ་བྲི། ཞེས་དང་། རུ་མཚོན་ཞལ་གདམས་དང་པོ་ལས། གྲི་ཐོད་ཀྱི་མ་ཐོད་ལ་འཆི་བདག་གི་ཞལ་ལེགས་པར་ཕྱེ། ཡ་ཐོད་ལ་ཡུམ་གྱི་ཞལ་ཕྱེ་ལ། འཁོར་ལོ་དང་སྔགས་དཔེའུ་ཆུང་ལྟར་བྲིས། ཞེས་སོ། །གཡུང་སྟོན་རིན་པོ་ཆེས་ཞལ་དབྱེ་མཛད་པ་དེ་ལའང་། ཡབ་ལ་ཞལ་རྐྱང་པ་ཡིན་ཡང་། ཡུམ་ལ་ཡོངས་རྫོགས་འདུག་གསུང་ངོ་། །འོན་ཀྱང་ཡབ་ཀྱིས་འབྱེད་པའི་ལུགས་གཉིས་གང་བྱེད་ཀྱང་དབྱིབས་ལ་གྲུབ་པ་གཅིག་ཡོད་པས། དེའི་ཕྱིར་དབྱེ་བྱེད་ཀྱི་ཐ་ཚིག་བྱུང་བ་ཡིན་ལ། ཡུམ་ནི་དབྱིབས་ལ་གྲུབ་མེད་ལ་དེའི་ཕྱིར་བྲི་བ་རྐྱང་པ་ཡིན་གྱི། ཞལ་འབྱེད་པའི་ཐ་ཚིག་ནི་མི་འཐད། ཚེ་བདག །ཁུ་ཐུན། དམར་པོ་གསུམ་ནས་ཐོད་ཆེན་ཞལ་དབྱེ་བཤད་པ་དེ་དག་གི་འབྱེད་ཚུལ་ནི། སྐུ་མདོག་ཙམ་ལས་གཞན་ཁྱད་པར་མེད་ལ། འདིའི་སྐབས་ཀྱི་དམར་ནག་གཉིས་ཞེས་པའི། ནག་པོ་ནི་ཁ་ཐུན་ཡིན་པས། དེ་དང་འབྲེལ་ཡང་ཆེའོ། །འགྱུར་སྔ་མ་གཉིས་ལ་ནག་པོ་དཀྱིལ་འཁོར་གྱི་གཙོ་བོར་བྱས་པ་འབྱུང་མོད། འགྱུར་ཕྱི་མ་ལ་ནག་པོ་དཀྱིལ་འཁོར་གྱི་གཙོ་བོར་མི་བཞེད། བསྙེན་སྒྲུབ་འབྲེལ་པ་ཅན་དུ་བྱས་ན་ཤིས་ཤིང་ཚན་ཆེ་སྟེ། ཕྱི་འགྱུར་ཤོག་དྲིལ་དང་པོ་ལས། བསྟན་པ་ལ་དགྲ་དར་ན་འདི་གྱིས་གསུངས་ནས་སེདྒེའི་ནག་པོ་ཡིན་བཀྲ་ཤིས། ཡ་ཐོད་ལ་སྟག་གི་དམར་པོ་ཡིན་ཚན་ཆེ། མ་མཁར་བཏགས་པ་གནམ་ལྕགས་ངར་དང་བཅས་མ་ར་བཤན་པ་ཡིན་རྣོ་ལ་མྱུར། པའི་མཆེ་བ་བཅུག་པས། བཀྲ་ཤིས་ལ་ཚན་ཆེ་བ། རྣོ་ལ་མྱུར་བ་འདི་གྱིས་གསུངས་ནས། དྷ་ན་ད་ལས་ཡོན་ཏན་རྒྱ་མཚོ་ལ་གནང་། ཞེས་དང་། ལག་ལེན་པྲ་ཁྲིད་ཀྱི་ཤོག་དྲིལ་ལས། འཇམ་དཔལ་ནག་པོ་མཁར་དང་འདྲ། །ཨ་ཀྲོ་བཅུ་བདུན་གོ་ཆ་འདྲ། །ཤྲཱི་མཉྫུ་གཞུ་དང་འདྲ། །རྣལ་མ་རྣལ་ཏེ་མདའ་དང་འདྲ། །ཀུ་མཱ་ར་ཧཾ་ནི་མདེའུ་འདྲ། །དམོད་པའི་དུག་མདའ་གནད་དུ་བརྡེག །ཅེས་བཤད་དོ། །མ་ར་ཤན་པ་ནི་ཤིན་ཏུ་རྣོ་བའི་དྲག་སྔགས་སུ་ལན་གཅིག་མིན་པར་འབྱུང་སྟེ། ཐེམ་ཡིག་ལས། རྣོ་བ་དང་མྱུར་བ་ལ་མདེའུ་ཁ། ཞེས་དང་། ལྷ་རྗེ་སེང་རྒྱལ་གྱི་ཞལ་གདམས་ལས། དྲག་ཚན་ཆེན་ལས་ཀྱི་མདེའུ་ཁ་མ་ར་སྙིང་ཟན་ཐོགས་ཤིག །ཅེས་བཤད་དོ། །བདུད་བཤད་པ་མགོ་དང་། གནོད་སྦྱིན་མ་ར་སྙིང་ཟན་མའི་སྒོས་བསྒྲུབ་ནི། ཤོག་དྲིལ་དྲུག་པའི་ཤོག་དྲིལ་བཞི་པ་དེ་ཡིན། སྔགས་ནི་ཞལ་གདམས་དང་ཅུང་ཟད་མི་མཐུན་ནོ། །འདི་བྱུང་པའི་ལོ་རྒྱུས་ནི། རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་ན། གནོད་སྦྱིན་ཕུག་པ་ཉི་ཤུ་རྩ་གཅིག་ཡོད། ཤིན་ཏུ་མི་བསྲུང་བའི་གནས་དེ་ན། ལ་ལ་ནི་ཤ་ཟ། ལ་ལ་ནི་ཁྲག་འཐུང་། ཉིན་བཞིན་རླུང་ནག་འཚུབས། མཚན་བཞིན་མེ་འབར་བ་ཡོད། དེའི་ནང་ནས་སློབ་དཔོན་རོ་ལངས་བདེ་བས། བདུད་ཤན་པ་ར་མགོ་ཅན་ནག་པོ་རལ་གྲི་དང་ཙིཏྟ་ཐོགས་པ་དང་། གནོད་སྦྱིན་མ་ར་སྙིང་ཟན་མ་དམར་མོ་གྲི་ཞགས་ཐོགས་པའི་གདམས་པ་འདི་བསྣམས་ནས་བྱིན་ཟེར་རོ། །རྩ་གནས་བཞི་ལ་འཁོར་ལོ་བསྐོར་སྐབས་ཀྱི་འཁོར་ལོ་ནི། སྤུ་གྲི་བཞི་བསྐོར་གྱི་འཁོར་ལོ་དེ་ཡིན་ལ། དེ་ལ་སྔར་གྱི་ཤོག་ཁྲ་རྙིང་པ་ཁ་ཅིག་དང་། གསུང་རྒྱུན་དུ་འཁོར་ལོ་དམར་པོ་རྩིབས་བཞི་པ། རྩིབས་མཆན་བཞི་ལ་སྤུ་གྲི་བཞིའི་རྣམས་པ་ཡོད་པ་ལ། འཁོར་ལོ་ནང་ནས་གཡས་དང་། སྤུ་གྲི་ཕྱི་ནས་གཡོན་དུ་འཁོར་བའི་བར་དུ། གང་དམིགས་པ་དེ་གཅོད་པར་ཡིན་པར་བཞེད། དེ་དང་མཐུན་པར་འཛམ་གླིང་པས་ཀྱང་། དེའང་འཁོར་ལོ་སྔགས་ཀྱི་མཚན་པ་གཡས་དང་། སྤུ་གྲི་གཡོན་དུ་འཁོར་བར་བྱའོ། །ཞེས་སྔགས་དང་སྤུ་གྲི་ཐ་དད་དུ་འདོད་པ་ནི་ཅུང་ཟད་ནོར་བ་འདྲ་སྟེ། འཁོར་ལོ་གཡས་སུ་འཁོར་བའི་ཚེ། འཁོར་ལོའི་སྟེང་གི་སྔགས་རྣམས་སྤུ་གྲིའམ་མཚོན་ཆ་སྟེ། འོད་ཟེར་རྣོ་བའི་ནུས་པ་ཅན་མགལ་མེའམ་འཁོར་ལོ་ལྟ་བ་དྲུག་གཡོན་བསྐོར་དུ་བསྣོལ་བས་གང་དམིགས་པ་གཅོད་པ་ཡིན་གྱི། སྤུ་གྲི་དངོས་མིན། འཁོར་ཚུལ་ཡང་སྟེང་འོག་ཏུ་འཁོར་བ་ཡིན་གྱི། ཕྱི་ནང་དུ་འཁོར་ན་འཁོར་ལོ་དང་སྤུ་གྲིའི་རྩེ་གཉིས་གཅིག་གིས་གཅིག་ཆོད་པའམ་ཐོགས་པར་འགྱུར་རོ། །དེ་ནི་ཏིང་ངེ་འཛིན་གྱི་འཁོར་ལོ་ཡིན་པས། རྩེ་གཉིས་མཐབ་ཅིང་གཅོད་པར་ག་ལ་འགྱུར་ཞེས། དགོངས་པ་བཟང་བཟང་པོ་ཡང་མི་རིགས་ཏེ། འཁོར་ལོའི་རྩིབས་མུ་ཁྱུད་དང་འཕྲད་ན་མུ་ཁྱུད་གཅོད་པའི་སྐྱོན་འོང་ཞེས་ཕྱག་ལེན་པ་ཀུན་ལ་གྲགས། འཁོར་ལོ་སྔགས་ཀྱིས་མཚན་པའི་སྔགས་ཀྱི་ནུས་པའི་འོད་ཟེར་གྱིས་གཅོད་ཚུལ་སྤུ་གྲིའི་སོའམ་མཚོན་ཆས་གཅོད་པ་ལྟ་བུར་གྱུར་པ་ཡིན་ཏེ། ཞལ་གདམས་ལས། རྩ་བཞི་པོ་དེ་རྣམས་འཁོར་ལོ་དང་སྤུ་གྲིའི་ཁ་ལ། ཉལ་ཉལ་བུན་བུན་གཅོད་པར་བསམ་མོ། །དེ་ཀ་ལ་མཚན་མ་བསྣོལ་མ་ཞེས་བྱའོ། །ཞེས་བཤད། དེ་ཡང་། འོད་ཟེར་དཀར་པོས་གཅོད་པ་ལ་དངུལ་གྱི་སྤུ་གྲི་སྔོན་པོས་གཅོད་པ་ལ་ལྕགས་ཀྱི་སྤུ་གྲི་སོགས་ཀྱི་ཐ་ཚིག་བྱས། དཔེར་ན་བུད་མེད་སྔོན་མོ་ལ་གཡུའི་བུད་མེད་དང་། མི་དམར་པོ་ལ་བསྭེའི་སྐྱེས་བུ་ཞེས་ཟེར་བ་བཞིན་ནོ། །དེ་མ་ཡིན་ན། སྙིང་ལ་འཆི་བདག་རྦད་པའི་ཚེ། སྔགས་ཀྱི་འོད་མ་ཡིན་པའི་སྤུ་གྲི་ཇི་ལྟར་ཡོད་སོམས་ཤིག །དམར་ནག་ཐམས་ཅད་དུ་སྔགས་ཀྱི་ནུས་པ་ལ། སྤུ་གྲི་དང་། སོ་དང་། མཚོན་ཆའི་ཐ་སྙད་བཏགས་པ་མང་དུ་བྱུང་སྟེ། དམར་པོ་བར་འགྱུར་སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྒྲུབ་ཐབས་ལས། ལྔ་བཅུ་རྩ་བརྒྱད་མིང་དང་བཅས། །དྲག་པོའི་གནད་གཅོད་དྲག་སྔགས་འདི། །རྩ་སྲོག་གཅོད་པའི་སྤུ་གྲིར་ཤེས། །ཞེས་དང་། བར་འགྱུར་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ལས། འདི་ནི་བློ་ལ་མི་བླངས་ཏེ། །དཔེ་ལས་བཟླས་ཤིང་བརྡེག་པར་བྱ། །འདི་ནི་གབ་པའི་མན་ངག་སྟེ། །སྤུ་གྲི་འདྲ་བས་ཤིན་ཏུ་ཟབ། །ཅེས་པ་དང་། དམར་པོ་བར་འགྱུར་ཞལ་ཁྲིད་གསང་བ་རིན་ཆེན་ཕྲེང་བ་འོད་ཀྱི་རྒྱན་ལས། བཟློག་པ་ཉིད་ལ་དཀྲུགས་པ་མཚན། །སྤུ་གྲི་བསྣོལ་མས་སྲོག་རྩ་གཅོད། །ཅེས་པ་དང་། ཁྲག་སྐྱུག་དྲག་སྔགས་ལས། བཟློག་ཅིང་དཀྲུགས་པ་ཉིན་དང་མཚན། །སྤུ་གྲི་བསྣོལ་མ་གཅོད་པའི་སྔགས། །ཞེས་པ་དང་། ཚེ་བདག་གི་སྔགས་ཀྱི་འབྲུ་འགྲེལ་ལས། ལུས་དང་སོ་དང་ཐེམས་དང་གསུམ། །ལུས་ནི་བརྒྱ་དང་ཞེ་དགུ་པ། །སོ་ནི་ཡིག་འབྲུ་ཉི་ཤུ་པའོ། །ཞེས་པ་དེ་ལ་ཡང་སྔགས་ལས་གཞན་པའི་སོ་བསྟན་དགོས་ན་མི་རྙེད་དོ། །ཡང་ཕྱི་བཟློག་པའི་སོ། བྱས་པ་བཤིག་པའི་སོ། ཟུག་པ་དབྱུང་བའི་སོ། གསང་ལམ་འགགས་པའི་སོ། གཟིར་བའི་སོ། ངག་མནན་པའི་སོ། ཞེས་གཅོད་པ་ལ་སོའི་ཐ་ཚིག་བྱས་སོ། །འདི་ལ་གཡུའི་སྤྱང་མོ། དྲུག་གི་ཐ་སྙད་ཀྱང་ཡོད་པས། དེ་ལ་ཁ་གཅིག་གིས་སྤྱང་མོ་དངོས་སུ་འོང་ནས་གཟས་པོའི་སྲོག་གཅོད་པ་ཡིན་ཟེར་བ་ནི་འདི་ལའང་འབྱུང་ངོ་། །སྡིག་པ་སྙིང་འཛིངས་ཀྱི་རྒྱུད་སྔ་མ་ལས། ཕྱག་རྒྱ་མཚོན་ཆ་དམིགས་པའི་ཡུལ། །གསལ་བ་གསུམ་གྱིས་ལས་ཀུན་འགྲུབ། །ཅེས་བཤད་པ་ལ། སྦས་ཏིག་ཏུ། ཕྱག་རྒྱ་ནི་ལྷ། མཚོན་ཆ་ནི་སྔགས། དམིགས་པ་ནི་དགྲ་བོ། ཞེས་བཤད། ཚེ་བདག་གི་སྤྱི་དཔྱོད་འཕྲུལ་གྱི་ལྡེ་མིག་ལས། རྣམ་པ་རྩ་དང་ཡི་གེ་ཡིན་པས་ནུས་པ་རྣོ་དཔལ་གྱི་མཚོན་ཆ་དུག་གི་རང་བཞིན་ཅན་ཡིན་ཞེས། སྔགས་ཀྱི་ནུས་པ་དང་བྱེད་ལས་ལ་དུག་གི་མིང་དུའང་བཏགས་སོ། །ཚེ་བདག་གི་རྒྱུད་དྲག་པོ་རྡོ་རྗེ་འཁོར་ལོ་དྲག་པོའི་རྟོག་པ་ལས། རྒྱུ་རྣམས་ཀུན་ཏུ་གསང་བ་ཡི། །གནད་གཅོད་སྤུ་གྲི་ལྟ་བུ་སྟེ། །འབྱུང་བ་གནད་ཀྱིས་ལས་གཅོད་པ། །དེ་ཡི་དྲག་སྔགས་དེ་དག་སྟེ། །ཞེས་སོགས་མང་དུ་འབྱུང་ངོ་། །དེ་ལྟར་མ་ཡིན་ན་ནི་དམར་པོ་སྤུ་གྲི་རེག་ཆོད་ཀྱི་རྒྱུད་འདི་ཡང་སྤུ་གྲི་ཡིན་དགོས་ཏེ། འདིའི་གཏད་པའི་ལེའུ་ལས། ཤིན་ཏུ་རྣོ་ཞིང་མྱུར་བས་ན། །སྤུ་གྲི་རེག་ཆོད་རྒྱུད་དུ་བཟུང་། །ཞེས་བཤད་པས་སོ། །གོང་གི་འཆི་བདག་ཞལ་གྱི་སྐབས་སུ་ཀུ་མཱ་རའི་སྔགས་ཀྱི་འཁོར་ཚུལ་ལ། སྔར་སྲོལ་ལ་ལར། ཀུ་མཱ་ར་འཆི་བདག་གི་ཞལ་ལ་ཐུག་པར་བྱས་ལ་རིམ་པར་ཡིག་མགོ་ནང་བསྟན་དུ་སྔགས་མཇུག་འཁོར་བར་བྲིས་པ་ནི། ཅུང་ཟད་མི་བདེ་བ་འདྲ་སྟེ། འཆི་བདག་གི་ཞལ་ནས་སྔགས་བྱུང་བའི་ཚུལ་དུ། ཀུ་མཱ་རས་སྣ་དྲངས་ནས་གཡས་ཕྱོགས་ནས་ཐོད་པའི་ཁ་ལ་འཁོར་བའི་ཚུལ་དུ་བྲི་བ་འཐད་སྙམ་མོ། །བརྒྱུད་པ་གསུམ་བསྒྲིབ་དང་། གསུམ་སྤྲུག་ཞེས་པ་ལ་ཡང་། ལྷ་རྗེ་བཀྲ་ཤིས་དར་གྱིས། གསུམ་ཕྱུག་མན་ངག་བརྗེད་ཐོ་བྲི། །ཞེས་སྙན་བརྒྱུད་རིན་ཆེན་ཕྲེང་བར་འབྱུང་བས། ཕྱི་འགྱུར་ལ་བརྒྱུད་པ་གསུམ་ཀ་ཚང་ཞིང་ལག་ལེན་མན་ངག་རྣམས་ཀྱང་ཡོངས་རྫོགས་འདིར་འདུས་ལ། འདིའི་དབང་ཐོབ་ན་སྔ་མ་གཉིས་ཀྱི་དབང་ཡང་ཐོབ་སྙམ་དུ་ནི་མི་སེམས་ཏེ། སངས་རྒྱས་ཡེ་ཤེས་ལས་བརྒྱུད་པའི་སྔ་འགྱུར་བར་འགྱུར། དྷ་ན་ད་ལ་ལས་བརྒྱུད་པའི་ཕྱི་འགྱུར། ཡོན་ཏན་རྒྱ་མཚོ་ལ་གསུམ་བསྒྲིལ་དུ་བྱུང་བས། གསུམ་ཕྱུག་གི་ཐ་སྙད་བྱུང་ཡང་། སྔ་མ་གཉིས་ཀྱི་ལུང་དང་མན་ངག་གི་བརྒྱུད་པ་རིང་དུ་མ་བྱུང་སྟེ། བར་འགྱུར་སྤུ་གྲི་རེག་ཆོད་ཀྱི་ཆོས་ཚན་བཅུ་གཅིག་ནི། བ་སུ་དྷ་རས་སངས་རྒྱས་ཡེ་ཤེས་ལ་གནང་བའི་ཚེ། དུས་གསུམ་བདེ་གཤེགས་དང་མཁའ་འགྲོ་དཔང་དུ་བཙུགས། དབང་གི་མནའ་ཆུ་བླུད་ནས། སྣོད་མིན་ལ་མི་སྤེལ་པར་འཆི་ཁར་གཏེར་དུ་སྦོས་ཤིག་ཅེས་པར་དམ་ལ་བཞག་པ་ལས་མི་འདའ་བར་གཏེར་དུ་སྦས། མཱ་ར་ཡ་ཁྲག་སྐྱུག་གི་ཆོས་སྐོར་རྣམས་ཀྱང་སངས་རྒྱས་ཡེ་ཤེས་ཀྱིས་གཏེར་དུ་སྦས་ཏེ། དེའི་ཐེམ་ཡིག་ལས། མ་བུ་ཤོག་དྲིལ་དྲུག་ཏུ་དྲིལ། །ཕུང་པོ་རི་བོ་ཆེ་རུ་གཏེར་དུ་སྦས། །རྩེ་ལྷ་བྱང་ཆུབ་ཁྱོད་ཀྱིས་སྲུངས། །ཞེས་པ་དང་། ཡོན་ཏན་རྒྱ་མཚོ་དམ་ཚིག་གཞུང་བསྲང་ཡང་། །སློབ་དཔོན་བཀའ་གཉན་ཆེ་བས་དམ་ཚིག་སེམས་ལ་བཞག །ཕུང་པོ་རི་བོའི་བྲག་ལ་གཏམས་པ་ཡིན། །བདུད་པོ་རྩེ་ལྷ་ཁྱོད་ཀྱིས་བཀའ་སྲུང་མཛོད། །ཅེས་འབྱུང་བ་ལྟར་རོ། །འོ་ན་སློབ་དཔོན་ཆེན་པོ་པདྨ། བལ་མོ་བཟའ་གསེར་འཕྲེང་། སློབ་དཔོན་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས་རྣམས་སྔ་མ་གཉིས་ཀྱི་བརྒྱུད་པ་ཡིན་ལ། འདིའི་དབང་བརྒྱུད་དང་ལུང་བརྒྱུད་ལ་ལར་འབྱུང་བ་དེ་ཇི་ལྟར་ཡིན་སྙམ་ན། དེ་ནི་ཡོན་ཏན་རྒྱ་མཚོ་ལ་སུམ་ཕྲུགས་སུ་བབས། དེའི་ཕྱིར་བླ་མའི་དྲིན་འཁོར་བའི་ཕྱིར་དང་བྱིན་རླབས་ཀྱི་བཅུད་འདུས་པ་དང་། དྷ་ན་ད་ལ་དང་གོང་གི་བླ་མ་བཞི་པོ་དེ་ཡང་། དཔོན་སློབ་འགལ་མེད་ཀྱི་སྐབས་དུ་མ་འབྱུང་བས་སྨོས་པ་ཡིན་ཞིང་། སུམ་འདྲིལ་གྱི་ཐ་སྙད་འབྱུང་བའི་གཞི་ཡང་དེ་ཡིན་ནོ། །ཕྱི་འགྱུར་གྱི་བརྒྱུད་པ་ཡང་སེལ་མེད་པའི་ཚེ། རུ་མཚོན་ཞལ་གདམས་ལས། རྒྱ་གར་གྱི་ཡུལ་མེ་རི་འབར་བ་རུ་དང་དུ་བཞེས་པ་ནི་འཇམ་དཔལ་བཤེས་གཉེན། བོད་དུ་བསྒྱུར་བ་ནི་དྷ་ན་ད་ལ། བོད་དུ་ཕྱག་ཏུ་བཞེས་པ་ནི་ཡོན་ཏན་རྒྱ་མཚོ། སྒྲུབ་པ་གདེང་དུ་གྱུར་པ་ནི་པདྨ་དབང་རྒྱལ། ཞེས་འབྱུང་བ་ལྟར་ཡིན་ཏེ། འཇམ་དཔལ་བཤེས་གཉེན། དེས་དྷ་ན་ད་ལ། དེས་ཡོན་ཏན་རྒྱ་མཚོ་ལ་བརྒྱུད་པར་ལྷ་རྗེ་བཀྲ་ཤིས་དར་གྱིས་མཛད་པའི་སྒོམ་བྱང་ན་གསལ་ཞིང་རིགས་པས་ཀྱང་འཐད་དོ། །དེའི་ཕྱིར་ལྕམ་དྲལ་འདུས་པའི་དྲག་སྔགས་ཟེར་བ་ལས། གཞན་པ་གསུམ་འདྲིལ་གྱི་དྲག་སྔགས་ཟེར་བ་མ་བྱུང་ལ། འོན་ཀྱང་། དྲོད་རྟགས། རུ་མཚོན། བསྙེན་ཚད། ཐུན་བདུན། ཐོད་ཆེན། གཙོ་བོའི་བསྙེན་སྔགས་རྣམས་ནི་ཐུན་མོང་དུ་ཡོད། སྔ་འགྱུར་ནི་བཀའ་མ་ཡིན་ལ་གཏེར་མ་མ་མཐོང་། བར་འགྱུར་ནི་གཏེར་མ་ཡིན་ལ་བཀའ་མ་མ་མཐོང་། ཕྱི་འགྱུར་ནི་བཀའ་མ་འབའ་ཞིག་ཡིན། གཏེར་མ་མེད། པདྨ་དབང་རྒྱལ་གྱིས་དབུ་རུ་བྲག་དཀར་དུ་སྦས་ཞེས་པ་དང་། ཇོ་མོ་སོ་གད་ཀྱིས་སྤ་ཚབ་སེང་གེ་འགྲམ་བྱ་བའི་བྲག་ལ་སྦས། སྲས་ཡེ་ཤེས་གཟུངས་ཀྱིས་རྨུའི་མོན་མོ་གཙུག་རུམ་དུ་སྦས། ལྷ་རྗེ་ཇོ་རྡོར་གྱིས་དཔེ་གཅིག་སྒ་ཆ་བྲག་ལ་སྦས་ཟེར་བ་ནི་ཤིན་ཏུ་ཟབ་པས། གཞན་གྱི་མཐོང་ཞིང་ཚོར་ན་ཤོར་གྱི་དོགས་པ་དང་། ཁྱད་པར་སོ་གད་བཟའ་ཡུམ་སྲས་ལ་ཆེན་མ་རྣམས་སྡང་བར་བྱུང་བས་སྤྱད་དུ་མ་བཏུབ་པས་སྦས་པ་ཡིན་གྱིས། གཏེར་དུ་སྦས་པ་ཡོངས་གྲགས་དེ་མ་ཡིན། སྔ་འགྱུར་གྱི་དཀྱིལ་འཁོར་གྱི་གཙོ་བོ་ནི་གོང་དུ་སྨོས་པ་དམར་ནག་འཆོལ་བ་ཡིན་ལ། བར་འགྱུར་དུ་ནག་པོ་གཙོ་བོ་ལ་དམར་པོ་འཁོར་དུ་འདོད་དེ། བདག་ཉིད་འཇམ་དཔལ་གཤེད་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་བེ་ཅོན་འཕྱར་བ་དང་། །གཡོན་པ་སྡིགས་མཛུབ་འབར་བ་བསྒྲེང་། །ཁྲོ་བོའི་རྒྱན་ཆས་ཀུན་གྱིས་བརྒྱན། །ཅེས་པ་དང་། བར་འགྱུར་སྒྲུབ་ཐབས་ལས། ཡ་མཱནྟ་ཀ་འཇིག་པའི་སྐུ། །མདུན་དུ་སྒྲོལ་གིང་ཛཿལས་བསྐྱེད། །སྐུ་མདོག་དམར་པོ་འཇིགས་པའི་གཟུགས། །མེ་རླུང་ལས་ཀྱི་འཁོར་ལོ་བསྣམས། །ཞེས་སོ། །ཕྱི་འགྱུར་དུ་དམར་པོ་གཙོ་བོར་བྱས་ལ། དེའི་ལྷ་ངོས་བཟུང་བའི་སྐབས་སུ། གཤིན་རྗེ་མ་རུ་རྩེ་འདི་ལས་ལ་གྲུབ་པའི་གཤིན་རྗེ་ཡིན་ཏེ། སྔོན་གྱི་སྨོན་ལམ་ལས་གྲུབ་པའི་རོ་ལངས་གཤིན་རྗེ་ཡིན། དེ་ཡང་སྤྱིར་ལྷ་རྗེ་བཀྲ་ཤིས། རྒྱལ་པོ་གཤིན་རྗེ་ཚེ་ལ་གནོད། །བདུད་དང་གཤིན་རྗེ་འཁོར་ལ་གཟན། །ཡི་དྭགས་གཤིན་རྗེ་རྫས་ལ་གནོད། །ལས་ཀྱི་གཤིན་རྗེ་ལས་ལ་ཤིས། །མ་རུ་རྩེ་འདི་ཤིན་ཏུ་མཐུ་ཆེ་ལ་བཀྲ་ཤིས། རྒྱུད་འཇམ། གནོད་སྦྱིན་ཡིན་པས་རྫས་འཕེལ། མི་ནུབ་རྒྱལ་མཚན་ཐོབ་ཅིང་། མཐུའི་གྲགས་པ་འབྱུང་། ཞེས་ཝ་ཐོད་ལུང་དམར་ནས་བཤད། མཚན་གྱི་རྣམ་གྲངས་འབྲུ་བཤད་ནི་སྙན་བརྒྱུད་རིན་ཆེན་ཕྲེང་བར། འཇམ་དཔལ་དམར་པོ་ཞེས་པ་ནི། ཟུག་རྔུ་དང་བྲལ་བས་འཇམ། རང་གཞན་གྱི་དཔལ་དུ་གྱུར་པས་དཔལ། སྐུ་མདོག་དམར་བས་ཆགས་སྡང་ཅན་རྣམས་དབང་དུ་བསྡུས་ནས་བདེ་བར་འཆར་བར་བྱེད་པའོ། །ཡང་གཤིན་རྗེའི་གཤེད་དམར་པོ་ཞེས་པ་ནི། ཁམས་གསུམ་སེམས་ཅན་གྱི་ཚེ་སྲོག་ལ་དབང་ཞིང་། བར་མ་དོར་དགེ་སྡིག་ཤན་འབྱེད་པའི་བདག་པོ། འཆི་བདག་ལས་ཀྱི་གཤིན་རྗེ་དེའི་གཤེད་པོར་གྱུར་པས་ན་གཤིན་རྗེའི་གཤེད། དམར་པོ་ནི་འཁོར་བ་དབང་དུ་བསྡུད་ཅིང་ཆེད་དུ་སྒྲོལ་བའོ། །ཡང་གཤིན་རྗེ་མ་རུ་རྩེ་ཞེས་པ། གཞི་སེམས་ཅན་གྱི་དུས་དུག་གསུམ་གྱི་གཟིར་བས་གཤིན། ལམ་སྐུ་གསུམ་དུ་རྟོགས་ཤིང་འབྲས་བུ་སྐུ་གསུམ་གྱི་ངོ་བོར་གྱུར་པས་རྗེའོ། །དམར་པོ་དབང་གི་རང་བཞིན། རུ་སེམས་ཅན་ལ་ཆགས་པ། རྩེ་སེམས་ཅན་ལ་ཐུགས་རྗེ་མི་འདོར་བའོ། །གཞི་ཡི་ཉོན་མོངས་སྣ་ཚོགས་པ། །ལམ་གྱི་རྟོགས་གོམས་བསྟན་པ་ཡིས། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ། །ཅེས་སོ། །མ་རུ་རྩེ་མཆེད་ལྔའི་སྒྲུབས་ཐབས་སུ་ལུང་དྲངས་པ། དམར་ནག་དབང་གི་རང་བཞིན་ལ། །རུ་ནི་ཆགས་པའི་རང་བཞིན་ཏེ། །རྩེ་ནི་ཞེ་སྡང་ཉེར་འཚེ་ཡིན། །དེས་ན་མ་རུ་རྩེ་ཞེས་བྱ། །ཞེས་སོ། །དེ་རྣམས་ནི་མ་རུ་རྩེ་དང་། དམར་རུ་རྩེ་གནད་གཅིག་པའི་ལུགས་སོ། །ཡང་ཚངས་པའི་གནོད་སྦྱིན་དམར་རུ་རྩེ་ཞེས་བྱ་བ་གཅིག་བྱུང་ལ་དེ་ནི་གོང་གི་འབྲུ་བཤད་དང་མཐུན། མ་ར་རྩེ་ཞེས་ཀྱང་ཟེར་ཏེ། དམར་པོ་སྒྲུབ་ཐབས་ཀྱི་འགྲེལ་པ་ལས། སྐྱེ་འགྲོ་དབུགས་དང་སྲོག་གིས་བསྡུས་པ་སརྦ་ནི། རྒྱུ་མ་རིག་པ་ཕ་མའི་ཁུ་ཁྲག་ལ་སྲེད་ལེན་བྱུང་བས། འབྲས་བུ་སེམས་ཅན་དུ་སྣང་བ་ཡིན་ཏེ། དེ་ལྟར་སྣང་བ་སརྦའི་ཚེ་སྲོག་ནི། མ་ར་རྩེའི་ལག་ན་གནས་ཏེ། དེའི་ཕྱིར་མ་ར་རྩེ་ལ་བརྩོན་པར་བསྒྲུབ་བོ། །ཞེས་འབྱུང་། དེ་ནི་མཱ་ར་ཡ་ཁྲག་སྐྱུག་ཟེར་བ་དང་ཡང་མཐུན། ལ་ལར་མ་རུ་ཁྲག་སྐྱུག་ཅེས་ཀྱང་བྱ། གཞན་ཡང་མཚན་གྱི་རྣམ་གྲངས་འཁྲུལ་འཁོར་ནས་བཤད་པ་རྣམས་ལོ་རྒྱུས་ན་གསལ་ལོ། །སྐུ་ཕྲ་རགས་དང་ཕྱག་མཚན་མི་འདྲ་བར་འབྱུང་སྟེ། དམར་པོ་གསུམ་བཏུས་ལས། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་ན་ཡེ་ཤེས་ཀྱི་མེ་འབར་བའི་ལས་ཀྱི་རྡོ་རྗེ་རྩེ་གསུམ་པ་འཕྱར་བ། གཡོན་པ་ན་རླུང་གི་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། ཞེས་པ་དང་། དམར་པོ་སྔ་འགྱུར་ལས། ཡི་གེ་ཧཱུྃ་དམར་པོ་གཅིག་ཏུ་བསྒོམ་མོ། །དེ་འཕྲོས་འདུས་པ་ལས་འཁོར་ལོ་རྩིབས་བརྒྱད་པའམ། རྡོ་རྗེ་རྩེ་གསུམ་པ། དེ་འཕྲོས་འདུས་པ་ལས་གཤིན་རྗེ་མ་རུ་རྩེ། ཞེས་དང་། ཕྱག་གཡས་ན་ཡེ་ཤེས་ཀྱི་མེ་འབར་བའི་རྩེ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། གཡོན་རླུང་གི་འཁོར་ལོ་བསྣམས་པ། ཞེས་དང་། གཡས་ན་ཡེ་ཤེས་ཀྱི་མེ་རི་བསྣམས་པ། གཡོན་ན་རླུང་གི་འཁོར་ལོ། ཞེས་དང་། རླུང་གི་འཁོར་ལོ་མེའི་མདོག་འབྱིན་པ་བསྣམས་པ། ཞེས་དང་། ཁྲག་སྐྱུག་གསང་བའི་རྒྱུད་ལས། དང་པོ་སྟོང་པའི་བྱང་སེམས་ལས། །རྒྱུ་ཡི་ས་བོན་ལྡན་པ་ཡིས། །རང་གི་སྔགས་ཀྱི་རྫོགས་པའི་སྐུ། །ཞེས་དང་། གསོད་བྱེད་རལ་གྲི་གཡས་ན་བསྣམས། །གཡོན་པ་སྦྲུལ་ཞགས་སྡིགས་མཛུབ་མེ། །གྱད་ཀྱི་དོར་སྐབས་དྲག་པོ་བརྫིས། །བདུད་ཀྱི་ལྕམ་མོ་ཁྲག་མིག་མ། །ཞེས་སོགས་དང་། སྔ་འགྱུར་སྒྲུབ་ཐབས་ལས། སྒྲོལ་གིང་བདག་པོ་གནོད་སྦྱིན་མ་རུ་རྩེ། །གཡས་པ་སྡིགས་མཛུབ་འགྲེང་བའི་རྩེ་ལ་ལྕགས་ཀྱི་ཐུར་མ་ཅན། གཡོན་ལྕགས་ཀྱུ་ཞགས་པ་ཅན། ཞེས་དང་། ཁྲག་སྐྱག་བསད་ཁྲམ་དམར་པོ་ལས། མ་རུ་རྩེ་སྐུ་མདོག་དམར་པོ་ཁ་གདངས་པ། མཆེ་བ་གཙིགས་པ། ཨག་ཚོམ་དམར་སེར་དུ་འདུག་པ། ཤིན་ཏུ་རིད་པ། ཆུ་རྒྱུས་བསྡོམས་པ། འདར་ཕྲི་ལེ་འདུག་པ། གཡས་བེ་ཅོན། གཡོན་ཞགས་པ། ཐོད་པ་སྐམ་རློན་གྱི་རྣ་ཆ་ཅན། ཡུམ་རེ་མ་ཏཱི་གཅེར་བུ་རལ་པ་ཅན། གཡས་སྤུ་གྲི་དང་། གཡོན་ཐོད་པ་བསྣམས་པ། ཞེས་དང་། རྡོ་རྗེ་མེ་རླུང་འཁོར་ལོ་རྣམས་ཕྱག་མཚན་དུ་འབྱུང་བའི་རྒྱུ་མཚན་ནི། སྤུ་གྲི་རེག་ཆོད་ཀྱི་རྒྱུད་ཀྱི་གླེང་གཞིའི་ལེའུ་ལས། གནོད་སྦྱིན་དམར་པོ་ཁྲོས་པའི་སྐུར་གྱུར་ཏེ། །རྡོ་རྗེའི་རྩེ་ལ་མེ་ལུང་འཁོར་ལོ་བསྐོོར། །སྲིད་གསུམ་ཐམས་ཅད་མེ་དང་ལུང་གིས་དཀྲུག །ཅེས་ཕྱག་ན་རྡོ་རྗེ་གནོད་སྦྱིན་དམར་པོར་བསྒྱུར་བའི་ཕྱག་མཚན་ནོ། །སྙན་རྒྱུད་རིན་ཆེན་ཕྲེང་བར། གྲོལ་ལམ་དུ་ཐོད་དབྱུག་རྡོ་རྗེས་མཚན་པ། ཐབས་ལམ་དུ་མེའི་འཁོར་ལོ་རྩིབས་བརྒྱད་པ། ཞེས་བཤད། བསྒོམ་བྱང་ལས་བྱང་དུ་མེ་འཁོར་ཁོ་ན་བཤད། སློབ་དཔོན་ཆེན་པོས་ལས་ཀྱི་བཤན་པའི་སྒྲུ་ཐབས་ལས། གཡས་མེའི་འཁོར་ལོ་རས་གྲིས་མཚན་པ། གཡོན་ལུང་གི་འཁོར་ལོ་ཙིཏྟས་མཚན་པ། ཞེས་བཤད། གནོད་སྦྱིན་རོ་ལངས་གསང་བའི་རྒྱུད་ལས། ཤ་མེད་སྒེག་ཅིང་ཀེང་རུས་འཆང་། །ཞེས་དང་། རོ་ལངས་གསང་བའི་སྒྲུབ་ཐབས་རྩ་བ་ལས། ཤ་མེད་པ། རིད་པ། མདོག་དམར་པོ། ཆུ་རྒྱུ་ཧྲང་བ། ཤིན་ཏུ་གཏུམ་པ། ཞལ་གདངས་མཆེ་བ་གཙིགས་པ། གཡས་བེ་ཅོན། གཡོན་ཞགས་པ་ཐོགས་པ། ཐོད་པ་སྐམ་རློན་གྱི་ཕྲེང་བས་བརྒྱན་པ། གཡོན་དུ་ཡུམ་རེ་མ་ཏཱི་ཐལ་མདོག་ནག་མོ། གཡས་རལ་གྲི། གཡོན་ཐོད་ཁྲག །སྐུ་ལས་བསྐལ་པའི་མེ་འབར་བ། མི་ལྤགས་རློན་པ་གྱོན་པ་ཞེས་བཤད། སྔ་འགྱུར་སློབ་དཔོན་ཆེན་པོས་མཛད་པའི་སྒྲུབ་ཐབས་སུ། གཏུམ་མོ་ཆེ་ལ་ཡན་ལག་རགས། །ཞེས་དང་། སློབ་དཔོན་ཆེན་པོས་མཛད་པའི་ཕྱི་འགྱུར་ལས་བྱང་ལས། དམར་པོ་གཏུམ་པོ་གེལ་བའི་གཟུགས། །ཞེས་བཤད། སྙན་བརྒྱུད་རིན་ཆེན་ཕྲེང་བ་དང་སྒོམ་བྱང་དུ་སྐུ་ཕྲ་རགས་ཀྱི་ཚིག་ཟིན་མེད་པས། གང་མོས་སུ་བྱས་པས་ཆོག་སྙམ་མོ། །འོན་ཀྱང་གནོད་སྦྱིན་གྱི་རིགས་དང་བསྟུན་ན་རག་ཤིང་གེལ་བ་འཐད་དོ། །སློབ་དཔོན་ཆེན་པོ་པདྨ་ནི། ནག་པོ་གཙོ་བོར་བྱེད་པ་དང་། སྐུ་ཡང་རགས་པ་ལ་ཐུགས་བཞེད་ཆེ་བར་གདའོ། །ཁྲག་སྐྱུག་གསང་རྒྱུད་ནས། རང་གི་སྔགས་ཀྱི་རྫོགས་པའི་སྐུ། །ཟེར་བ་འདིས་ནི་ཕྱོགས་ཨ་ནུར་གཏོགས་པའང་མཚོན་ནུས། སྙན་བརྒྱུད་རིན་ཆེན་ཕྲེང་བར་ཡང་ཨ་ནུར་བཤད། ལ་ལར་ནི་མ་ཧཱ་ཡོ་གར་གཏོགས་ཟེར་བ་འབྱུང་ངོ་། །བསྙེན་པའི་ཚད་ནི། མ་རུ་རྩེ་མདོ་རྩ་བ་ཕྲིན་ལས་ཀྱི་སྒྲུབ་པའི་ལེའུ་གསུམ་པ་ལས། སུམ་འབུམ་བསྙེན་པ་རྫོགས་པ་དང་། །རྟགས་བྱུང་མཆོད་བསྐང་བཟློག་པ་བྱ། །བདུན་འབུམ་ཉི་ཁྲི་སྔོན་དུ་བཟླས། །ཞེས་པ་དང་། བཤད་རྒྱུད་འཇིག་རྟེན་འདས་མདོའི་ལེའུ་ཉི་ཤུ་པ་ལས། ཀུ་མཱ་ར་ལ་བདུན་འབུམ་བཟླས། །བཅུ་དྲུག་པ་ལ་སུམ་འབུམ་བཟླས། །ཞེས་དང་། སྲོག་བདག་སྤུ་གྲི་རེག་ཆོད་གསང་བའི་རྒྱུད་ལས། སྔོན་དུ་འཇམ་དཔལ་གཉན་པོ་ཡི། །བསྙེན་པ་འབུམ་ཕྲག་གཅིག་ཏུ་བསྐྱལ། །ལྟ་སྤྱོད་གདེངས་དང་མི་ལྡན་ན། །འབུམ་ཕྲག་གསུམ་དུ་བསྐྱལ་བར་བྱ། །དམ་ཚིག་གཙང་དང་གསུམ་ལྡན་ན། །བཤན་པ་རང་དབང་མེད་པར་འཁོལ། །ཞེས་པ་དང་། དམར་པོ་བར་འགྱུར་ཞལ་ཁྲིད་གསང་བ་རིན་ཆེན་འོད་ཀྱི་རྒྱན་ལས། དེ་ཡང་སྔར་གཤིན་རྗེའི་གཤེད་ཀྱི་བསྙེན་པ་མ་སོང་ན། འདི་ལ་འབུམ་ཕྲག་བདུན་ནམ་ཡང་ན་ལྷ་ལ་རྟགས་ཐོན་ཐོན་དུ་བསྐྱལ། དེ་མིན་ན་སྔོན་དུ་བསྙེན་པ་སོང་ན་ལེགས་ཏེ། འདི་ཉིད་འབུམ་ཕྲག་གཅིག་གིས་ཆོག་གོ། །ཞེས་འབྱུང་ངོ་། །ལྷ་རྗེ་བཀྲ་ཤིས་དར་གྱི་སྒོམ་བྱང་དུ་བསྙེན་པའི་དུས་ཤྲཱི་མཉྫུ་བཅུ་གསུམ་པ་ལ་བདུན་འབུམ་དང་། ཉེ་བསྙེན་གྱི་དུས་སུ་ཤྲཱི་མཉྫུ་བཅུ་དྲུག་པ་ལ་འབུམ་ཕྲག་གཅིག་ཏུ་བཤད། དེ་ནི་མདོ་རྩ་བའི་རྒྱུད་ཀྱི་ལུགས་དང་མཐུན། དམར་པོ་རྐྱང་པར་བསྙེན་པའི་དབང་དུ་བྱས། བླ་མ་རིན་པོ་ཆེ་རྡོ་རྗེའི་མཚན་ཞབས་ཀྱི་ཞལ་རྒྱུན་ལ། ཤྲཱི་མཉྫུ་བཅུ་དྲུག་པ་འབུམ་ཕྲག་བཅུ་གཅིག་ཡིན་གསུངས་པའམ་ཉེ་བསྙེན་འདི་ལ་དགོངས་པ་ཡིན། རུ་མཚོན་གྱི་རྒྱུད་དུ། ཡི་གེ་བདུན་པའི་དྲག་སྔགས་ལ། །ཁྲི་ཁྲི་བཟླས་པས་ཅི་བྱ་བའི། །ལུང་དང་ངེས་ཚིག་སྟོན་པའོ། །ཞེས་པ་ནི་འདིའི་བསྙེན་ཚད་མ་ཡིན། སྙན་བརྒྱུད་རིན་ཆེན་ཕྲེང་བར། གྲངས་ཀྱི་ཚད་མ་བཤད། སྔགས་ལ་ཅུང་ཞིག་མི་འདྲ་བ་བྱུང་བ་ནི། བསྙེན་པའི་དུས་སུ་ཀུ་མཱ་ར་ཡིག་འབྲུ་བཅུ་དྲུག་པ། ཉེ་བསྙེན་གྱི་དུས་སུ་ཨ་ཀྲོ་བཅུ་བཞི་པ་དང་། ཤྲཱི་མཉྫུ་བཅུ་བཞི་པ་གཅིག་དང་མཉྫུ་ཤྲཱི་བཅུ་གསུམ་པ་རྣམས་བཟླ་བར་བཤད། བསྙེན་པ་དང་ཉེ་བསྙེན་དུ་དབྱེ་བ་མི་འབྱེད་ན། ཤྲཱི་མཱཉྫུ་བཅུ་དྲུག་པ་བཟླའོ། །ཞེས་བཤད། འཇིག་རྟེན་འདས་མདོ་ལས། ཨཱོྂ་ཀུ་མཱ་ར་མཉྫུ་ཤྲཱི་ཀུ་མ་རཱ་ཛཿ རྟག་ཏུ་བསྙེན་པའི་སྔགས་སོ། །ཞེས་བཤད། དེ་རྣམས་མི་མཐུན་པ་ལྟར་སྣང་ཡང་ལུགས་སོ་སོའི་དགོངས་པ་ཅན་ཡིན་པས། རང་མོས་པ་བཞིན་གྱིས་འགྲུབ་ངེས་སོ། །བཟླས་པའི་ཐབས་དང་། འཕྲོ་འདུའི་དམིགས་པ་རྣམས་ནི་སྙན་བརྒྱུད་དུ་ཞིབ་པར་སྨོས་པ་ལྟར་གྱི་དྷ་ན་ད་ལའི་ལུགས་ལ་གཙོ་བོར་བཟུང་བར་བྱ་ཞིང་། སྔ་འགྱུར་ལས་ཀྱང་། གླལ་དང་སྦྲིད་པ་ལོག་གཏམ་སྤངས། །མི་ཡེངས་མི་སྤུར་མི་འཁྱམས་པར། །སྒྲུབ་པ་ལ་བརྩོན་པར་བྱའོ། །ཞེས་པ་ལྟར་རོ། །སྔ་འགྱུར་ལས། འཇམ་དཔལ་ཡབ་ཡུམ་དང་། སྲིན་པོའི་སྔགས་ལས་ལོག་སྔགས་ཀུན་ནི། ཡུངས་ཀར་དང་། ཡུངས་ནག་དང་། སྐེ་ཚེའི་འབྲུ་ལ་བསྔགས། བསྙེན་པ་གོང་དུ་འབུལ་བ་ནི། ལོ་ཟླ་བར་བསྙེན་པའོ། །ཞེས་པ་ནི་བསྙེན་པའི་སྐབས་འདིར་མ་ཡིན་ལས་སྦྱོར་གྱི་སྒྲུབ་པའི་སྐབས་སུ་ཡིན་ནོ། །ཡིད་བཞིན་ནོར་བུའི་ཕྲེང་བ་སྟེ། །གསང་སྔགས་ཁས་བླངས་ནུས་མཐུ་ཅན། །སྟོང་པར་བཟླས་པ་མ་ཡིན་ཏེ། །ཡུངས་ཀར་དག་ལ་བསྟིམ་ཞིང་བཟླས། །ཞེས་ཁ་ཐུན་འཁྲུལ་འཁོར་སྔགས་རྒྱུད་ཀྱི་ལུང་མདོ་བྱང་འགྲེལ་པར་བསྒྲུབ་པའི་ཚེ། བསྙེན་པའི་རྫས་ཀྱི་སྐབས་སུ། སློབ་དཔོན་ཆེན་པོས་དྲངས་སོ། །ཕྲེང་བ་ནི་དམར་པོ་རོ་ལངས་གསང་བའི་རྒྱུད་ལས། ཕྲེང་བའི་མཆོག་སྟེ་དེ་ཚེ་བགྲང་བར་བྱ། །ཞེས་པ་དང་། དེའི་དཀའ་འགྲེལ་དུ། ཐོད་པའི་ཕྲེང་བ་བགྲང་བར་བྱ། །ཞེས་བཤད་པས། མི་ཐོད་ཀྱི་ཕྲེང་བ་ཡིན་ཏེ། མི་ལྤགས་ཀྱི་གདན་ལ་གདན་མཆོག་དང་། མི་རྐང་གི་ཕུར་པ་ལ་མཆོག་ཕུར་ཟེར་བ་བཞིན་ནོ། །དེ་ཡང་། གྲི་ཐོད་ནི་ལས་དང་མཐུན་སྙམ་མོ། །རཀྴའི་ཕྲེང་བའང་དམར་པོའི་སྒྲུབ་ཐབས་མན་ངག་ལས། སེང་ལྡེང་ངམ་བེའམ་གདུག་པ་ཅན་གྱི་ཤིང་ལ་མཁར་བ་བྱས་ལ་ལག་ཏུ་ཐོགས་ལ། རུ་རཀྴའི་ཕྲེང་བ་ཐོགས་ལ་བགྲང་། ཞེས་པ་དང་། དེའི་འགྲེལ་པ་ལས། རཀྴའི་ཕྲེང་བ་ནི་ཕྲིན་ལས་ཀྱི་རང་བཞིན་དངོས་རྐྱང་ཁྲོ་བོའི་གདོད་དུ་འདུག་པས་ཛཔ྄་ཀྱི་གྲངས་བཟུང་། ཞེས་སོ། །རཀྴའི་འབུར་རེ་རེའི་ཕན་ཡོན་ཡོད་ཅེས་བླ་མའི་གསུང་ལས་ཀྱང་འབྱུང་། འདི་དང་འབྲེལ་བར། མདོ་བྱང་འབྲིང་པོའི་འགྲེལ་པར། ཁ་ཐུན་རྒྱུད་ཀྱི་ལུང་དྲངས་པ་ལས། རུས་པ་རཀྴའི་ཕྲེང་བ་ཡིས། །ཇི་སྲིད་ཡིད་ནི་མི་སྐྱོ་བར། །རྩེ་གཅིག་སེམས་ཀྱིས་བཟླས་བྱ་སྟེ། །སྐྱོ་ན་བཟླས་པ་བཏང་བར་བྱ། །ཞེས་སོ། །དུས་ནི་བཀོལ་བའི་མན་ངག་ལས། །བསྙེན་པའི་དུས་ནི་ར་བ་བཞི། །སྒྲུབ་པའི་དུས་ནི་འབྲིང་པོ་བཞི། །བསད་པའི་དུས་ནི་ཐ་ཆུང་བཞི། །ཞེས་པ་དང་། དམར་པོའི་སྒྲུབ་ཐབས་མན་ངག་ལས། གཟས་པ་པོ་གཏན་འཕོ་བའི་ལས་བྱས་ན། གནས་ནི་དུར་ཁྲོད། ཞག་གྲངས་ནི་ཉི་ཤུ་རྩ་གཅིག་མན་ཆད་བཟླ་བ་ནི། སྔགས་མདའ་འཕེན་གྱི་མར་ངོལ་གཏད། ཉི་མ་ནི་གྲུབ་པའི་ཉི་མ་དང་བདུད་ཀྱི་ཉི་མ་ལ་རྩི། གཟའ་སྐར་ནི་ངན་པ་དྲག་པོ་ལ་གཏད། དུས་ནི་འབྲུག་སྒྲ་དང་འཚུབས་མས་གདབ་བོ། །འགྲས་པའི་དུས་བོར་རོ། །ཞེས་དང་། སྒྲུབ་ཐབས་འགྲེལ་པ་ལས། རྟགས་ནི་འབྲུག་ཆེམ་ཟེར་བ་དང་། རླུང་འཚུབས་ཆེན་པོ་བྱུང་བ་དང་། བདག་ཁ་ལྷོར་བལྟ། ཉི་མའི་གྲིབ་སོ་དང་མཐུན་པར་གདབ་པོ། །གཟའ་སྐར་དྲག་པོ་དང་འབྲུག་དུས། རླུང་དང་འཚུབས་དང་། ནམ་ཕྱེད་དང་། གྲིབ་སོ་དང་། དེ་རྣམས་དང་མཐུན་པར་བཏབ་ན་གདོན་མི་ཟའོ། །ཞེས་པ་དང་། སྔ་འགྱུར་ལས། དགྲ་བོ་ལ་བརྣག་པར་བྱ་ན། ཟླ་བ་ནག་པོའི་ཚེས་གཅིག་ལ་བཙུག་ལ་སྟོང་ལ་གདོན། ཞེས་པ་དང་། མདོ་རྩ་བའི་ཕྲིན་ལས་ལས། ཡང་ན་ཐ་ཆུང་ཀུན་ལ་གཏད། །མདའ་འཕེན་ཟླ་བ་ཀླུངས་སུ་བསད། །ཐ་ཆུང་ཉི་མ། མདེའི་རྩེ་དབྱུག་པ་ལག་ཕུར་གཏད། །གྲུབ་འཇུག་བདུད་ཉིར་གཏད་པར་བྱ། །གྲངས་ནི་ལོ་གཅིག་ཟླ་གསུམ་དང་། །ཉི་ཤུ་རྩ་རབ་འབྲིང་ཐ་མའོ། །གཅིག་ལས་ཞག་བདུན། །བསྙེན་སྒྲུབ་ལས་ཏེ་རབ་འབྲིང་ཐ། །ཞེས་དང་། དམར་པོ་སྔགས་རྒྱུད་ཕྱི་མ་ལས། སྒྲུབ་པའི་དུས་སུ་ཚིལ་ཆེན་གྱི་དུད་པ་རྒྱུན་མི་བཅད། བསྐང་བཤགས་ལ་བརྩོན་པར་བྱ། ཡི་དམ་མི་བཅད། ཉམས་པ་མི་བསྐང་། བསྐང་གསོ་ཐེབས་ན་ལྷ་ཡི་སྟོན་པ་འཆར། ཅེས་སོ། །དམར་པོ་དྲག་སྔགས་གཏན་ལ་དབབ་པའི་མན་ངག་ལས། གཅེས་པའི་ཚིག་ལྔ་ནི། དམ་ཚིག་ཉམས་ན་དོན་མི་འགྱུར། །བཟླས་པ་ཉུང་ན་མཐར་མི་ཕྱིན། །ཐེ་ཚོམ་ཟོས་ན་དངོས་གྲུབ་ཡལ། །སྔགས་རྣམས་འཆོལ་ན་རྐྱེན་རྣམས་ཡོངས། །གཏོར་མ་ཆད་ན་བར་ཆད་ཡོང་། །ཚིག་རྐང་ལྔ་པོ་ཀུན་ལ་སྤང་། །ཞེས་བཤད་དོ། །མདོ་རྩ་བ་ལས། བཟླས་སྟོང་བཅད་ནས་བསམ་མི་བྱ། །ཐེ་ཚོམ་མི་ཟ་སྔགས་མི་འཆོལ། །དེ་ཡིས་སྐྱོན་ནི་བར་ཆད་འོང་། །རྐྱེན་འོང་དངོས་གྲུབ་ཡལ་བ་དང་། །དོན་རྣམས་འགྲུབ་པར་མི་འགྱུར་ཞིང་། །མཐར་མི་ཕྱིན་པས་འབད་པར་བྱ། །ཞེས་དུས་དེ་རྣམས་ལ་ལས་སྦྱོར་གཙོ་བོར་བྱས་ལ། བསྙེན་སྒྲུབ་ཀྱི་གནས་དང་དུས་ནི། ཕྱི་འགྱུར་གྱི་གཞུང་ན་ཡོད་པས་འདིར་སྨོས་ཅི་དགོས། བླ་རྡོ་བཅང་དགོས་པར་བཤད་དེ། འདི་ནི་ཨ་ཙརྱ་དྲང་སྲོག་དམར་པོའི་མན་ངག་ངན་སྔགས་ཐམས་ཅད་ཀྱི་བཅུད་ཕྱུངས་པ་སློབ་དཔོན་ཆེན་པོ་ལ་མངའ་བདག་གིས་རྟ་ཁམ་པ་འཇིང་ཐུང་། གཡུ་རྡོག་མལ་འཇོ་ལི་མཁལ་མ་དང་། བེར་སྔོན་པོ་གསུམ་ཕུལ་ནས་ཞུས། དམར་པོ་བླ་རྡོ་ཤིན་ཏུ་ཟབ་ཟེར་བསྔགས་པ་ཤིན་ཏུ་ཆེའོ། །ཁྲག་སྐྱུག་བསད་ཁྲམ་དམར་པོ་ལས། གཅན་གཟན་དར་མ་རོ་རས་ཚས། །ཟངས་ཀྱི་མོ་ཁབ་མིག་བུའི་སྙིང་། །སྦལ་པ་ནག་པོའི་ལྕེ། མི་གྲིར་ཤི་བའི་སྙིང་དང་སྲོག་རྩའི་དུམ་བུ། རིན་པོ་ཆེ་སྣ་ལྔ། སྲོག་གི་འཁོར་ལོ་དང་། དེ་རྣམས་ཟ་འོག་གམ་ལེ་བརྒན་གྱིས་དྲིལ་ལ། ཕྱིང་པ་གཙང་མས་བསྟུམ། མི་སྐྲ་ནག་པོས་བཀྱིགས། དགྲ་བོའི་ལིངྒ་ཡང་གདགས། རྣལ་འབྱོར་པ་རང་རང་གི་མཆན་ཁུང་གཡོན་པར་བཅང་། ཞེས་སོ། །དྲག་སྔགས་བདུན་པ་ལས། གཅན་གཟན་དར་མའི་ཐོད་པ་ལ། །གྲི་རྒོད་སྐྲ་དང་རོ་ཚད་རས། །ལོག་གནོན་སྐྲའམ་བླ་རྡོ་ནི། །ཕ་ཝང་ལོང་བུ་བོང་ནག་རྔོག་མར་བཅས། །རྟག་ཏུ་བཅང་ཞིང་རྒྱུན་དུ་སྔགས་བཟླས་སོ། །ཞེས་སོ། །གཏོར་མ་ནི། ཁྲག་སྐྱུག་གསང་བའི་རྒྱུད་ལས། བཤོས་བུ་གྲུ་གསུམ་དམར་པོ་ལ། །སྒྲོལ་གིང་ཡབ་ཀྱི་དམ་རྫས་བྱ། །རུ་མཚོན་དམར་པོ་བཞི་ཡང་གཟུགས། །ཞེས་པ་དང་། ཁྲག་སྐྱུག་བསད་ཁྲམ་དམར་པོ་ལས། དེ་ནས་གནོད་སྦྱིན་གྱི་གཏོར་མ་བཤམས་པར་བྱ། ཙ་ར་དཀར་པོ་གཉའ་ནག་གི་སྙིང་། གཡུལ་དུ་བསད་པའི་གྲི་རྒོད་ཀྱི་ཤ་དང་སྙིང་། གཡག་ར་ཁྱི་ནག་པོ་གསུམ་གྱི་སྙིང་ཁྲག་ཡུམ་གྱི་དམ་རྫས། རམ་འབྲུ་ནས་ནག་ཕྱེ་མ་ནི། །ཡབ་ཡུམ་གཉིས་ཀྱི་གཏོར་མར་ཤེས་པར་བྱ། །ཞེས་པ་དང་། སྔ་འགྱུར་ལས། མཱཾ་ས་ཆེན་པོའི་གཏོར་མ་བཤམས། །མདོ་རྩ་བ་ལས། ཁྱི་ཕག་དམར་ཁྲའི་ཤ་ཁྲག་དང་། །མི་སྙིང་ཁྱི་སྙིང་རྟ་སྙིང་གསུམ། །བདུད་བཞིར་བསྟབ་ཅིང་གཏོར་མ་བཏང་། །ཞེས་དང་། རོ་ལངས་གསང་བའི་རྒྱུད་ལས། རམ་བུ་ནས་ནག་འབྲུ་མཆོག་ལ། །གར་མཁན་དཔའ་པོའི་གཏོར་མར་བྱ། །ཞེས་དང་། དེའི་དཀའ་འགྲེལ་ལས། རམ་འབྲུ་ནས་ནག་གི་འབྲུ་ལ། །བདག་གི་རྩ་བའི་གཏོར་མ་རིགས། །གྲི་བོའི་སྙིང་དང་ར་སྙིང་ལ། །བདག་ཅག་དམ་རྫས་འདི་ཡིན་པས། །རྣལ་འབྱོར་པས་ཀྱང་བསགས་པར་རིགས། །ཞེས་པ་དང་། སྔ་འགྱུར་ལས། དཔལ་ཆེན་པོ་ལ་གཏོར་མ་ཤ་ཆེན་ཁྲག་ཆེན་གྱིས་སྤྲས་པ་བཞག །ཅེས་སོ། །དུས་ནི། མདོ་རྩ་བ་ལས། སྔགས་ཀྱི་གཏོར་མ་རྒྱུན་དུ་བཏང་། །གཏོར་མ་ཆེན་པོ་སྟོན་ནས་བཟུང་། །ཉ་ལ་བཏང་བ་ཤིས་པར་འགྱུར། །ཞེས་དང་། དམར་པོ་སྔགས་རྒྱུད་ཕྱི་མ་ལས། གཏོར་མ་གནམ་སྟོང་ལ་བཟུང་ལ་ཉ་ལ་བཏང་ངོ་། །ཞེས་སོ། །སྒོམ་བྱང་དུ། སྒྲུབ། མཆོད། ལས་གསུམ་གྱི་གཏོར་མ་བཤད་པ་བཞིན། སློབ་དཔོན་ཆེན་པོས། སྒྲུབ་གཏོར་མཆོད་སྟོབས་ཀྱི་གནས། མཆོད་གཏོར་ཨཱོྂ་གྱི་ཡི་གེ་ལྔ་ལས་བྱུང་བའི་ལྷ་མོས་མཆོད། ལས་གཏོར་ཤ་ཁྲག་རུས་པར་མོས་པས་མཆོད་པ་དང་། དམིགས་བྱར་བྱས་ཏེ་སྒྲོལ་བ་དང་། །ཟོར་དུ་བྱ་བ་གསུམ་དུ་བཤད། །དབྱིབས་ནི་སྒྲུབ་གཏོར་དཔལ་བཤོས་ཟུར་གསུམ་ཟོར་གཏོར་ཁམ་བུ་ཟུར་གསུམ་དུ་བཤད་ལ། མཆོད་གཏོར་དཔུང་གཏོར་དང་། ལས་གཏོར་ལིང་གའང་རུང་སྙམ་མོ། །སྤྱིར་ནི་ངོས་ཟིན་མེད་པ་ལ་གསར་མ་བཞིན་རྟོག་བཟོ་མང་པོ་དེ་སྤང་ངོ་། །མཁར་བ་བཅང་དགོས་པར་བཤད་པ་ནི། དབང་གི་དམ་ཚིག་ཏུ། བེ་ཅོན་མཁར་བ་རྟག་ཏུ་བཅང་། །ཞེས་སོ། །འཆང་ཚུལ་ནི། དམར་པོའི་སྒྲུབ་ཐབས་མན་ངག་ལས། སེང་ལྡེང་ངམ་བེའམ་གདུག་པ་ཅན་གྱི་ཤིག་ལ་མཁར་བ་བྱ། ཨཱོྂ་ཙི་པ་སྭཱ་ཧཱ་ཀ་ཧཱུྃ་ཕཊ། ཅེས་སྟོང་ཙམ་བཟླས་མཁར་བ་ལ་གདབ། ཅེས་སོ། །ལོག་གནོན་ནི་ཕྱི་འགྱུར་ཤོག་དྲིལ་དྲུག་པར། ལས་མ་གྲུབ་ན་མར་ཤན་བཟློག་པར་བཤད་པ་ཙམ་དང་། ད་ལྟའི་ཡི་གེ་རྣམས་སུ་མ་གྲུབ་ན་བསྐྱར་བ་ལས། ལོག་དཀྲུགས་མ་བྱུང་མོད། སྤྱིར་ནི་སློབ་དཔོན་ཆེན་པོས་འདི་སྐད་བཤད་དེ། གལ་ཏེ་གྲུབ་པར་མ་གྱུར་ན། །གནས་དང་གྲོགས་སྤང་དབེན་གནས་སུ། །གྲོགས་ནི་སྣོད་ལྡན་ཁྲིད་ནས་སུ། །བསོད་ནམས་ཟད་དམ་དམ་ཉམས་པས། །དེ་ཕྱིར་ཚོགས་བསགས་དམ་ཚིག་གསོ། །བླ་མ་ལྷ་ལ་འགྱོད་བཤགས་བྱ། །མཉེས་པས་དམ་ནོད་མཚམས་བཅད་དེ། །བསྙེན་སྒྲུབ་གཞུང་བསྲང་གོང་བཞིན་བྱ། །ཞེས་པ་དེ་ཀུན་ལ་སྦྱོར་ལ། བྱེ་བྲག་ཏུ། སྟོངས་དང་གྲོགས་ཀྱི་ཡི་གེ་ལས། །ལོག་དང་རྡུགས་དང་ལྟེངས་དང་གསུམ། །ཕར་ལ་མི་ཚུགས་རང་ལ་བཟློག །དེ་ནི་ཚུར་ལ་ཕུང་བ་ཡིན། །ཕར་ལ་ཚུགས་རྟགས་མེད་པ་ན། །དེ་ཡི་མིང་ནི་རྡུགས་པ་ཡིན། །ཕར་ལང་མེད་ཚུར་ལའང་མེད། །དེ་ཡི་མིང་ནི་ལྟེངས་པ་ཡིན། །ཞེས་བཤད་། དེ་གསུམ་ལ། ཐེབས་ཆེན་ཐེབས་ཀྱི་མནན་པ། ལོག་ཆེན་མཐའ་ལ་གཏད་པ། དཀར་ཆེན་གཟན་ལ་དབབ་པ། ཞེས་ལས་སྦྱོར་གསུམ་བཤད། འཕྱོང་ལས། འདྲེ་སྒོམ་ནག་པོ་ཞག་གསུམ་བྱ་ཟེར། བྱ་ཐབས་བརྗོད་ནས་དེའི་རྗེས་སུ། ལར་འདྲེ་བསྒོམ་ནི་ལྷ་གནད་ལ་ཕེབས་པ་ཡིན་ཏེ། བཀྲ་མི་ཤིས། ཕྱི་བྱར་མི་འདོད་ཡིད་ཆད་པའི་ལས་ཡིན། ཞེས་སོ། །འདིར་ནི་འདི་ཙམ་བྱ་བར་རིགས་པ་ནི། དམར་པོ་དྲག་སྔགས་བཤུར་བ་ལས། ཞགས་པས་གཡབ་ཅིང་བྲབ་པར་བྱ། །གཅེར་བུ་ལྕགས་མོ་ངུ་ཟུག་བྱ། །དམ་ཚིག་བསྒོ་ལ་སྨྲེ་སྔགས་འདོན། །ཞེས་པ་དང་། བར་འགྱུར་དྲག་སྔགས་གཏན་ལ་དབབ་པའི་མན་ངག་ལས། མ་ཉེས་མ་ཡོ་དཔང་པོ་གཟུགས། །མཚམས་དང་ཚིག་སུ་འོ་འདོད་འབོད། །བྲང་བརྡུང་སྐྲ་འབལ་ཆོ་ངེས་གདབ། །པུས་མོ་བཙུགས་ལ་ཤགས་ཀྱང་གདབ། །དེ་ལྟར་བྱས་ནས་ཞལ་ལྕེ་གཅོད། །ཅེས་པ་དང་། བཀོལ་བའི་མན་ངག་ལས། སྔགས་བཟླས་ལྕགས་མོའི་ངུ་ཟུག་བྱ། །གཅེར་བུར་ཕྱུང་ལ་ཤི་མིག་ལྡོག །ཅེས་པ་རྣམས་སོ། །འདི་རྣམས་ལོག་པ་ལ་ཐེབས་ཀྱིས་མནན་པའི་སྐབས་སུ་བཤད། གོང་གི་བླ་རྡོ་བཅང་ཐབས་ཀྱང་ལོག་གནོད་ཡིན། ལུགས་སོ་སོ་ནས། བཟློག་དཀྲུགས་ཨར་གཏད་མང་དུ་བཤད། ཁྱད་པར་ཀྲག་སྐྱུག་གསང་རྒྱུད་ཀྱི་ལེའུ་ལྔ་པར་རྒྱུས་པར་བྱུང་བ་དེའི་ལག་ལེན་འདོད་ན། སློབ་དཔོན་ཤཱིནྟཾ་གརྦྷའི་གནག་པ་ཁྲག་སྐྱུག་དྲག་སྔགས་སུ་གསལ་བར་བྱས་པ་ལ་བལྟའོ། །སྔགས་ནི་འགྱུར་སྔ་མར། ཤྲཱི་མཉྫུ་དམར་ནག་ཐུན་མོང་དང་། རྣལ་མ་སྲིན་པོ། གཤིན་རྗེ་སྲི་ལིང་། བདུད་པྲ་མ། གནོད་སྦྱིན་ནག་མོ་རཏྣ་སོགས་ལུགས་སོ་སོར་དུ་མ་འབྱུང་ལ། ཕྱིས་འགྱུར་རྟེན་ཅན་འདིའི་ལུགས་ལ། ཤྲཱི་མཉྫུ་དམར་པོ་གཙོ་བོ་ཡབ་ཡུམ། རྣལ་མ་སྲིན་པོ་ལས་འཛུད། མདོ་རྩ་བར། ངར་ནི་རྣལ་མ་སྲིན་པོས་བླུད། །ཅེས་སོ། །ཀུ་མཱ་ར་ཧ་གནོད་སྦྱིན་བདུད་དང་གཤིན་རྗེ་ལས་འཛུད། དཱི་པ་མཉྫུ་བསྭེ་མོ་ལས་འཛུད། རྨི་ཤ་ཀུང་དང་། མཱ་ར་དུ་མར་ཤན་ལས་འཛུད། རྨི་ཤ་སོད་མར་ཤན་ཕོ་མོ་དྲིལ་བའི་དྲག་སྔགས། ཧཱུྃ། དཔེ་ཀ་བརྒྱད་རྩ་གསུམ་པ་གཙོ་འཁོར་སྤྱིའི་སྔགས་ཀྱི་སོའམ་སྤུ་གྲིའི་རྣོ་སོ་བཏགས་སོ། །འདིར་ཤྲཱི་མཉྫུ་བཅུ་དྲུག་པ་གཙོ་བོར་དང་། ཤོག་དྲིལ་དྲུག་པར་བཅུ་བཞི་པ་གཙོ་བོར་བྱས། རྣལ་མ་ལ་ཕྱི་འགྱུར་ལ་ཁྱད་པར་མེད་པར་མ་ཟད། འགྱུར་སྔ་མ་གཉིས་ལའང་ཁྱད་པར་ཆེར་མ་མཐོང་། ཀུ་མཱ་ར་དང་། མར་ཤན་ལ་འདིའི་ལུགས་ལའང་མི་འདྲ་བ་འགའ་ཟུང་ཡོད་དོ། །ནུ་ཕུ་དང་། རྦད་ཆོད། རུ་མཚོན་སེལ་ཅན་དང་སེལ་མེད་སོགས་ལུགས་སོ་སོ་བ་འབྱུང་བས་སོ། །འདིའི་སྔགས་ཀྱི་ཐེམས་ཡིག་ནི། ཞལ་གདམས་ཀྱི་སྔགས་བསྡེབས་ཀྱིས་གསལ་བ་དང་། ཞལ་ཤེས་བརྒྱུད་མས་ཡིད་ཆེས་པ་ལས། གཞན་ཞལ་ཤེས་དང་། ཕྱག་ལེན་གྱི་རྒྱུན་ཆད་ཅིང་། རང་གི་བཟླས་པས་ངེས་ཤེས་ཀྱང་མེད་པ་ངག་གིས་ལུགས་སོ་སོ་མ་ཕྱེད་པར་མ་ཟད། བྲིས་ནོར་ཙམ་ཡང་མ་གོ་བར། ཡིག་འཁྱམས་རེའི་འདྲ་མིན་ལ་མཆོག་ཏུ་བཟུང་ནས། རང་ལུགས་ལ་ཡིད་གཉིས་བྱེད་པ་དེ་ནི་ཚི་ཆད་པ་ཡིན་ནོ། །སྤྱི་བསྙེན་སྒྲུབ་ལས་སྦྱོར་རྣམས་ཀྱི་རིམ་པ་ནི། སྙན་བརྒྱུད་རིན་ཆེན་ཕྲེང་བར། བསྙེན་པ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་སྦྱར་བའི་བསྙེན་བསྒྲུབ་བཞི་ལྡན། ཉེ་བསྙེན་ལ་དངོས་གྲུབ་རྟགས་ཀྱི་བསྙེན་པ། སྒྲུབ་པ་ལ་བསྙེན་སྒྲུབ་བཞི་ལྡན་དུ་སྦྱོར་བའི་ཕྲིན་ལས་དྲུག་ཏུ་བསྡེབས། སྒྲུབ་ཆེན་བདག་དོན་དངོས་གྲུབ་གཞན་དོན་དབང་དུ་བཞེད། ལས་སྦྱོར་ལག་ལེན་དངོས་སུ་མ་བྱུང་། སྒྲུབ་བྱང་། སྒོམ་བྱང་རྣམས་ཀྱང་དེ་དང་མཐུན། ལས་སྦྱོར་ནི་རུ་མཚོན་ཞལ་གདམས་ལས། བསྙེན་སྒྲུབ་ལས་སྦྱོར་གསུམ་དུ་ཇི་ལྟར་བཤད་པ་དེ་ལ་མ་ཚང་བ་མེད་མོད་ཀྱང་། ཁ་དལ་ཡམས་ཀྱི་གཏམ་སྐད་ཟེར་བ་ལ་ཆུ་སྲིན་གྱི་གྲེ་བ་ལྟར་སྡོམས་ཤིག །མན་ངག་མི་འཆལ་བའི་སླད་དུ་རེ་རེ་བཞིན་གནང་ཞེས་སྲོག་ལེན་གནག་པའི་མ་བུ་གཟིགས་ནས་བཤད། དེའི་ཕྱིར་སྔགས་ཀྱི་འཁྲུགས་བསྡེབས་ལས་སྦྱོར་གོ་རིམ་སོགས་ཞལ་རྒྱུན་ཕྱག་ཁྲིད་ལ་རགས་ལས་ཏེ་ཕྱིས་འགྱུར་ཤོག་དྲིལ་དྲུག་པར། བུ་བུ་ལུགས་དང་རྦད་ཆོད་གཉིས། དང་པོ་བསྙེན་སྒྲུབ་ཏུ་ཕྱེ་བ་ཡིན་ནོ། །རྦད་ཆོད་ནི་འདི་ཁོ་ན་ཡིན་ནོ། །ཞེས་དང་། དམར་པོ་གསང་སྒྲུབ་མར་ཤན་འདུས་པའི་དམོད་མོ་ཡིན་ཟེར་ནས། སྐུ་རྟེན་དུ་རུ་མཚོན་རགས་པ་ཙམ་ལ། མར་ཤན་གྱི་སྒོས་བསྒྲུབ་གཙོར་སྟོན་གྱི་ལུགས་ནི། རུ་མཚོན་ཞལ་གདམས་དང་འབྲེལ་པ་ཅན་ཡིན་ཡང་། སྒྲུབ་ཚུལ་མི་མཐུན་ཏེ། འཛམ་གླིང་པའི་བསྡེབ་ཡིག་ཏུ། བསྙེན་སྒྲུབ་བཞི་ལྡན་དུ། བཞི་བཅུ་པ་ལ་བསྙེན་པ། བརྒྱད་ཅུ་པ་མར་ཤན་སྲོག་རྩ་གཅོད་པ་དང་བཅས་པ་ལ་ཉེ་བསྙེན། མར་ཤན་གྱི་སོ་ལ་བསད་པ་བརྒྱ་དང་རྩ་གསུམ་པ་ལ་སྒྲུབ་པ། འཁོར་ལོ་འདྲེ་ལྔའི་སྤུ་གྲི་ལ་སྒྲུབ་པ་ཆེན་པོར་འདོད། དེ་ནི་བསྙེན་སྒྲུབ་ཀྱི་གོ་རིམ་དུ་མ་ཟད། ཞལ་གདམས་དངོས་བསྟན་ཞལ་རྒྱུན་ཕྱག་ཁྲིད་དང་ནི་ཅུང་ཞིག་མི་མཐུན་པས། དེ་རུ་མཚོན་སེལ་མེད་དང་སེལ་ཅན་གང་ཡིན་ཞེས་འདྲི་ལ། འདི་ནི་བཞི་བཅུ་པའི་བསྙེན་པ་སྔོན་དུ་བཏང་ནས། གཟོད་སེལ་ཅན་སེལ་མེད་གང་རུང་གི་སྒྲུབ་པ་ལས་སྦྱོར་རིམས་སམ་གཅིག་ཅར་གང་རུང་བྱེད་དོ། །ཞེས་གླེང་ངོ་། །འོན་ཀྱང་། དྷ་ན་ད་ལའི་བཞེད་ཀྱི་ཐུན་རེའང་བསྙེན་སྒྲུབ་བཞི་ལྡན་དུ་སྦྱོར་གསུངས་པ་ཡང་གོང་གི་བསྙེན་སྒྲུབ་གཉིས་ལ་ཡིན་གྱི་སྒྲུབ་ཆེན་དང་ལས་སྦྱོར་ལ་བཞི་ལྡན་མི་བཞེད། ལས་སྦྱོར་ལ་ཡང་བུ་བུ་ལུགས་ཞེས་བསྙེན་སྒྲུབ་ཏུ་ཕྱེ་ཟེར་བ་འདི་ཡང་བསྙེན་སྒྲུབ་ལས་སྦྱོར་གསུམ་ལ་འདོད་ཀྱི། ལས་སྦྱོར་ལ་བསྙེན་སྒྲུབ་བཞི་ལྡན་གྱི་ཐ་སྙད་མ་བཏགས་སོ། །དེ་ལྟར་ཡིན་པར་ཡང་། དམར་པོ་བཤན་པ་ལས་རྒྱུད་ལས། བདུན་དང་བཅུ་གཅིག་ཉེར་གཅིག་ཏུ། །བསྙེན་དང་སྒྲུབ་དང་ལས་སྦྱོར་བྱ། །ཞེས་དང་། སྨྲ་བ་སྤང་ལ་བདུན་ཕྲག་བཟླས། །ཞེས་བཤད་པའི་རྟགས་མྱུར་བུལ་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་ལ། ཞག་གྲངས་བདུན་ཚར་རེ་རེའམ། བཅུ་གཅིག་གམ་ཉེར་གཅིག་ཚན་པ་རེ་རེ་བྱེད་པར་བཞེད་པའོ། །སྤྱི་ནི་བལ་མོ་བཟས་སློབ་དཔོན་ལ་ཞུས་པ། འདིར་རབ་ཏུ་རྣོ་བར་ངེས་ཀྱི་འདི་ལ་བརྟེ་ནས་སྒྲུབ་པ་གཞུང་ཚུགས་དང་། བྱང་ཆུབ་ཀྱི་ལམ་ཡོད་དམ་ཞུས་པའི་ལན་དུ། འདིའི་སྒྲུབ་གཞུང་དང་། ཕྲ་མོ་རྣམས་རྩལ་འདོན་མཛད་པ་ཡིན་ལ། ལས་སྦྱོར་ཙམ་ནི། བསྙེན་པ་འབའ་ཞིག་གིས་འགྲུབ་པ་དང་། ལས་ཚོགས་སྣ་རེ་ཙམ་གྱིས་ཀྱང་མངོན་པའི་རྟགས་འབྱུང་སྟེ། གཟུངས་ཀྱི་དབལ་ཟེར་བ་གཅིག་གིས། རུ་མཚོན་གྱི་བསྒྲུབ་ཚུལ་ཅུང་ཟད་ཙམ་ལ་བརྟེན་ནས་མངོན་རྟགས་ཆེན་པོ་བྱུང་ཟེར། ཁོང་གི་བྱས་པའི་རུ་མཚོན་གྱི་བསྡེབ་ཡིག་འབྲི་ཕྱུག་དཔལ་གྱི་ནགས་ཁྲོད་དུ་སྦྱར་ཟེར་བ་གཅིག་འདུག་སྟེ། འགངས་ཆུང་བ་ཅིག་གདའོ། །བླ་མ་ཞང་གིས་རྭ་སྒྲོལ་འབའ་ཞིག་ལ་བརྟེན་ནས་རྟགས་མཚན་དུ་མ་བྱུང་བ་ལ། ཁོང་ལ་དམོད་པ་ལམ་དུ་བྱེད་པ་དེ་མེད་པས་ན། རྣམ་སྨིན་གྱིས་འཇིགས་ནས་ཕྱིས་ཕྱག་ཆེན་པའི་ལམ་ལ་ཞུགས་ཟེར། ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་ཆུ་བོ་གདྒཱའི་འགྲམ་དུ། མཻ་ཏྲི་བའི་སློབ་མ་རྡོ་རྗེ་མཆེད་གསུམ་གཤིན་རྗེའི་གཤེད་བསྒྲུབས་ནས་ལས་སྦྱོར་བྱེད་པ་དང་མཇལ་ནས། གཤིན་རྗེའི་གཤེད་ཀྱི་དབང་དང་། སྒྲུབ་ཐབས་རྭ་སྒྲོལ་ཞུས་ནས་ཟླ་བ་བདུན་དེ་ཉིད་དུ་བསྒྲུབ་པས། དང་པོ་གཤིན་རྗེའི་གཤེད་དམར་པོའི་ཞལ་མཐོང་ཟེར་བ་སོགས། འདི་མྱུར་ཞིང་ཤིན་ཏུ་རྣོ་བའི་ལོ་རྒྱུས་མང་ངོ་། །འདི་རྣམས་ནི་ཡི་དམ་ལྷ་ལ་ནུས་པ་འཐོན་པ། ཞེས་པ་ལས་འཕྲོས་པའི་དོགས་གཅོད་ཅུང་ཟད་དང་བཅས་པ། བླ་མའི་ཞལ་རྒྱུན་ཟིན་བྲིས་སུ་བྱས་པ་ཡིན་ལ། ད་ནི་སྙན་རྒྱུད་རིན་ཆེན་ཕྲེང་བ་ལས། འདི་རྣམས་ལ་ཡང་དང་པོ་དབང་ཐོབ་ཅིང་། དམ་ཚིག་དང་ལྡན་པས་ཡེ་ཤེས་ལྷའི་བསྙེན་སྒྲུབ་མཐར་ཕྱིན་ནས། གཟོད་རང་རང་གི་མ་བུ་ཚང་བ་ལ་ལུང་ཐོབ་པར་བྱས་ནས་སྒྲུབ་ན། གཞུང་ནས་ཇི་ལྟར་བཤད་པ་བཞིན་དུ་འགྲུབ་པར་ངེས་ལ། ཞེས་པའི་དོན་དང་མཐུན་པའི་རྣལ་འབྱོར་པས། ཐུན་བདུན་གྱི་རིམ་པས་ལས་ལ་བསྐུལ་བར་བྱ་སྟེ། དེ་ལ་ཐུན་བདུན་གྱི་གྲངས་དང་རིམ་པ་ནི། མ་རུ་རྩེ་མདོ་རྩ་བ་ཕྲིན་ལས་ཀྱི་རྒྱུད་ཀྱི་སེམས་ཀྱི་ལེའུ་ལྔ་པ་ལས། ཕྱི་ཐུན་ནང་ཐུན་ལས་མཐའི་ཐུན། །དང་པོ་གཉིས་དང་བར་དུ་གསུམ། །ཐ་མ་གཉིས་ཀྱིས་ཐུན་མཇུག་བཏུལ། །བསྡེབ་དང་མ་བསྡེབ་རྐྱང་པར་སྦྱར། །དེ་ཡང་ལྷ་བསྒྲུབ་དྲག་པོར་སྦྱར། །དེ་ཡང་དུག་དང་བསྭེ་ཐུན་དང་། །གཡང་གཞིའི་ཐུན་དང་ཕུར་པའི་ཐུན། །བྲུབ་ཁུང་ཧོམ་དང་མནན་པའི་ཐུན། །བདུན་གྱི་ལས་མཇུག་རྫོགས་པར་བྱ། །ཞེས་བཤད་པས། ཕྱི་ཐུན་ནི་དུག་དང་བསྭེ་ཐུན། ནང་ཐུན་ནི། གཡང་གཞི་ཕུར་པ་བྲུབ་ཁུང་གསུམ། ལས་མཐའི་ཐུན་ནི་ཧོམ་དང་མནན་པ་གཉིས་ཡིན། སྔ་འགྱུར་ཉི་མ་བདུན་བསྐོར་ལས། དུག་ཐུན་དང་གཅིག །ཡུངས་ཀར་ཐལ་ཆེན་དང་གཉིས། གཡང་གཞིའི་ཐུན་དང་གསུམ། ཕུར་བུའི་ཐུན་དང་བཞི། བྲུབ་ཁུང་ཐུན་དང་ལྔ། ཧོམ་ཐུན་དང་དྲུག །མནན་པའི་ཐུན་དང་བདུན་ནོ། །ཞེས་པ་དང་། བར་འགྱུར་དྲག་སྔགས་གཏན་ལ་དབབ་པ་ལས་ཀྱང་དེ་བཞིན་ཁོ་ནར་བཤད། དམར་པོ་སྙན་བརྒྱུད་ལས། སྒྲོ་དུག་དབྱེ་བ་དང་གཅིག །ཡུངས་ཀར་ཐལ་ཆེན་ཐུན་དང་གཉིས། གཡང་གཞིའི་ཐུན་དང་གསུམ། ཕུར་ཐུན་དང་བཞི། རྩང་དམར་ཐུན་དང་ལྔ། ཧོམ་ཐུན་དང་༈བར་འདིར་མ་ཕྱིར་ལྡེབ་གྲངས་གཉིས་ཆད་སོང་འདུག་པ་སླར་རྙེད་ན་འདིར་འཛུད་དགོས།དྲུག །མནན་ཐུན་དང་བདུན་དུ་བཤད། དེ་རྣམས་ལ་ཐུན་གྱི་མིང་འདོད་ལུགས་མི་འདྲ་ཡང་། དོན་ལ་ཁྱད་པར་མེད་དོ། །མདོ་རྩ་བར་བསེ་ཐུན་ཞེས་པ་ནི། ལྷ་གཙོ་འཁོར་ལྔ་པ་བསྐུལ་བལ་ཐ་སྙད་དུ་བྱས་ཏེ། མདོ་རྩ་བར། རྟ་བཞི་གིང་གི་གཙོ་བོ་བཞི། བསྭེ་གསུམ་སྒྲོལ་གིང་སྐུ་གསུང་ཐུགས། ཅེས་པ་དང་བར་འགྱུར་ལས། བསྭེ་གསུམ་རྟ་བཞི་ནི། དང་པོ་མ་རུ་རྩེ་ཡི་སྐུ་གསུང་ཐུགས། གཉིས་པ་ནི་དམག་དཔོན་བཞི། ཞེས་འབྱུང་བས་སོ། །གཙོ་བོ་བསྐུལ་ནས་ཡུངས་ཀར་ཐལ་ཆེན་གྱི་ཐུན་བྲབ་པའོ། །སྒྲོ་དུག་དང་དུག་ཐུན་ནི་དབྱེ་བའི་སྒྲོ་གཉིས་ཀྱིས་དུག་ཆུ་ལིང་ག་ལ་གཏོར་མ་བྱས། མདོ་རྩ་བར། ཡུངས་ཀར་ཐལ་ཆེན་གྱི་ཐུན་དངོས་སུ་མ་བྱུང་བཞི། བསྭེ་ཐུན་དང་འགྲེལ་ཞིང་དེ་ལ་གཏོག །སྔ་འགྱུར་བར་འགྱུར་དུ་རྩང་དམར་གྱི་ཐུན་གྱི་གྲངས་དངོས་སུ་མ་བྱུང་བ་ནི། ཕུར་ཐུན་དང་འབྲེལ་ཞིང་དེར་མ་གཏོགས་པའོ། །སྙན་བརྒྱུད་དུ་བྲུབ་ཁང་གི་ཐུན་གྱི་གྲངས་དངོས་སུ་མ་བྱུང་བ་ནི། གཡང་གཞི་དང་འབྲེལ་ཞིང་དེར་གཏོགས་པའོ། །འདིའི་རུ་མཚོན་ཞལ་གདམས་ཀྱི་སྐབས་སུ་ཐུན་བདུན་གྱི་གོ་རིམ་གསལ་བར་མ་བྱུང་། ཐུན་བདུན་ནི་འགྱུར་སྔ་མའི་ལུགས་ཡིན་མོད། འདིར་བསྲེ་བར་མི་རིགས་སྙམ་ན། ལག་ལེན་འདྲེས་པས་སྐྱོན་མེད་དེ། །རུ་མཚོན་ཞལ་གདམས་ཀྱི་བསྙེན་སྒྲུབ་ལས་སྦྱོར་ཡོངས་རྫོགས་ལ། ཐུན་བདུན་ལོགས་སུ་ལུས་པ་མེད་ཀྱང་རྣམས་བཞག་ངེས་པ་མེད་པར་ངོས་མ་ཟིན། འགྱུར་གསུམ་ཐུན་མོང་གི་རྒྱུད་ནས་ངེས་པར་བཤད་ལ། ཁྱད་པར་འདིའི་དབང་གི་སྐབས་སུ་ཐུན་བདུན་གྱི་གཏད་པ་དང་བཅས་པའི་སྒྲོལ་དབང་ནོས་པ་དེ་ཕྱག་ལེན་དང་འབྲེལ་བར་བྱེད་པ་ནི། ཤིན་ཏུ་རིགས་སོ། །འོན་ཀྱང་མ་བསྡེབ་པར་སོ་སོར་བསྒྲུབ་ན་ནི། གཡང་གཞིའི་ཐུན་བསྒྲུབ་པར་རྭ་སྒྲོལ་དང་ངེས་པར་སྦྲེལ་དགོས་མེད་ཀྱང་དེའི་ཐུན་རྫས་དྲག་པོ་དང་ཐལ་ཆེན་ནས། དེ་བསྒྲུབ་ལ་དྲག་པོ་ནི། མདོ་རྩ་བར། དྲག་པོ་ཞེས་བྱ་ཐུན་ལའོ། །ཟེར་བ་ཡུངས་ཀར་ཡིན་ནམ་སྙམ་སྟེ། གཉིས་པ་དྲག་པོ་བྲབ་པར་བྱ། ཡུངས་ཀར་ཐལ་ཆེན་རེ་ལ་བྲབ། ཅེས་སོ། །ཐལ་ཆེན་ཀྱང་རོ་བསྲེག་གྱི་ཐལ་བ་ཙམ་མ་ཡིན། མི་རུས་ཀྱི་ཐལ་པ་ཡིན་ནོ། །ཐུན་གྱི་སྔགས་ཀྱང་འགྱུར་སྔ་མ་གཉིས་ནས་རང་རང་ལྷའི་སྔགས་དང་ཡང་ནས་སོ་སོར་བཤད། འདི་ཡང་རང་སྔགས་ཀྱིས་བྱ་བར་རིགས་ཤིང་བཤད་དེ། ཕྱི་འགྱུར་ཤོག་དྲིལ་དྲུག་པ་ལས། མནན་པའི་སྐབས་སུ། དམར་པོ་སྤྱི་ལ་ཧྲཱིཿཥྚི་བཞི་བསྐོར་གྱི་གནོན་པར་བཤད་དོ། །འདི་དྲག་སྔགས་རྦད་གཅོད་ཡིན་པས་ཐམས་ཅད་འདིར་རང་གིས་བྱ་བར་གསུངས་སོ། །ཞེས་པ་དང་། ཡང་དེ་ལས། ཧོམ་གྱི་སྐབས་སུ། ཤོག་ཤོག་གི་ལིང་ག་ཚོ་ཧོམ་ལ་བསྲེག་གོ། །སྔགས་ཞབས་སུ་ཛྭ་ལ་རམ་གདགས་སོ། །བདུད་པྲ་མ་ཡའི་སྔགས་ཀྱིས་བསྲག་པར་ཡང་དམར་པོ་སྤྱི་ལ་བཤད་དོ། །ཞེས་འབྱུང་བས་ཐུན་གཞན་རྣམས་ལའང་དེས་མཚོན་ནོ། །དབང་གི་སྐབས་སུ་ལག་ཏུ་གཏོད་པའི་ཐུན་བདུན་ལ། བསྭེ་དང་གཡང་གཞི་བྲུབ་ཁུང་ཧོམ་དང་མནན་པ་རྣམས་ལག་ཏུ་ཇི་ལྟར་གཏད་སྙམ་ཐེ་ཚོམ་མི་བྱ་སྟེ། སྒྲོ་དུག་དང་གཅིག །ཡུངས་ཀར་ཐལ་ཆེན་དང་གཉིས། འདི་གཉིས་ནི་གཡང་གཞིའི་ཐུན་དྲག་པོ་དང་ཐལ་ཆེན་ཀྱང་འཐུས། ཕུར་རྩང་དང་བཞི། བྱད་ཐག་དང་ལྔ། འདི་བྲུབ་ཁུང་གི་ཐུན་ནོ། །ཁྲག་ཐུན་དང་དྲུག །འདི་ཧོམ་ཐུན་ནོ། །རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་དང་བདུན། འདི་མནན་པའི་ཐུན་ནོ། །འདིས་ནི་སྦྱིན་བསྲེག་གི་གནང་བའང་ཐོབ་པ་ཡིན་པས་ལས་བཞིའི་སྦྱིན་བསྲེག་བྱེད་པ་འདོད་ན། གོང་གི་སྔགས་འཇུག་ཏུ་ལས་བཞི་གང་བྱེད་ཀྱི་ཚིག་བཏགས་པས་འགྲུབ་བོ། །སྤྲོས་པ་ལ་དགའ་ན། རྒྱུད་ནས་འདི་བས་ཅུང་ཟད་རྒྱས་པར་བཤད་པ་ལ། རིགས་པས་དཔྱད་ན་བྱ་བའང་རུང་སྙམ། མན་ངག་གི་ཡི་གེ་ཁུངས་གཙང་བ་ནི་དར་བར་མ་བྱུང་ངོ་། །བྲུབ་ཁུང་དང་ལིང་ག་བཅའ་བ་ནི། དམར་པོ་གར་མཁན་མཆོག་གི་རྒྱུད་ལས། འཇིག་རྟེན་དྲག་ཤུལ་པ་ལ་བྱ་བ་ནི། སྒོ་ཅན་དུག་ཅན་ས་ནག་ལ། ཡང་ན་ཁམ་ནག་འདག་སྤྱིན་ས། །དཀའ་ཐུབ་ཅན་གྱིས་གྲུ་གསུམ་ཁྲུ་གང་ལ། གཏིང་དུ་བཀོད་དང་གྱེན་དུ་རྩིག་པ་ནི། དེ་ཡང་དཀའ་ཐུབ་ཅན་གྱི་ཁྲུ་གང་ཤིས། མདོག་ནག་འཇིགས་པ་ཚོན་གྱིས་བྲིས། །བང་རིམ་གསང་བའི་རོ་ལྡན་གསུམ་པ་ལ། །ཞེས་པ་དང་། དེའི་དཀའ་འགྲེལ་ལས། ས་ནག་སི་བསྐོར་བ་དེ་བ་ཚྭ་ཅན་དང་དུག་ཅན་ལ་སོགས་པ་སྟེ་བཀྲ་མི་ཤིས་པའི་ས་དང་། ཁ་དོག་ནག་པའི་ས་སྟེའོ། །ཁམ་ས་ལྟ་བུའམ་ངམས་གནག་པ་ལྟ་བུ་ལ་སོགས་པ་གང་མོས་པའོ། །དེ་ལ་སོགས་པ་བསད་བྱ་ཁ་དཀའ་ཐུབ་ཅན་གྱི་ཁྲུ་ལ་བྱ་སྟེ། གྲུ་གསུམ་མམ་རི་རབ་བང་རིམ་གསུམ་པའོ། །ངོས་གསུམ་ལ་ནི་ཁྲུ་རེའོ། །བྲུབ་ཁུང་ཁྲུ་གང་བརྩིགས་པ་དང་བཅས་པའོ། །དེའི་ཚོན་དེ་ལྕགས་ཁའོ། །དེའི་རྒྱན་དེ་སྲིན་པོ་ལ་བྱས་པའི་ཕྲེང་བའོ། །མིག་བགྲད་མཆེ་བ་དང་བཅས་པའི་འཇིགས་པའོ། །དེའི་མཐའ་མེ་རི་དང་བཅས་པའི། །དེ་ལ་རོ་ལང་ཡབ་ཡུམ་བསྐྱེད་ཅིང་ངོ་། །དེའི་ཆུ་ནི་གྲི་ཁྲག་གོ། །ཞེས་པ་དང་། ཁྲག་སྐྱུག་གསང་བའི་རྒྱུད་ལས། དཀྱིལ་འཁོར་ལྷོ་ཕྱོགས་དུར་ཁྲོད་རོ་ཁུང་ས། །དཔའ་བོ་གྲི་རུ་བསད་པའི་ཤུལ། །ལྷ་འདྲེ་འདུ་བའི་ས་ཤུལ་ས། །བསད་པའི་འཁོར་ལོ་དྲག་པོའི་དབུས། །ཁ་དོག་ནག་པོའི་རྩང་གིས་བསྐོར། །ཞེས་པ་དང་། དམར་པོའི་སྒྲུབ་ཐབས་མན་ངག་ལས། དེ་ནས་བྲུབ་ཁུང་མདའ་ཚད་ནག་པོ་བྱ། །དབུས་སུ་མཐོ་གང་གྲུ་གསུམ་པ་གཅིག་བྲིས། དེ་ཡི་ནང་དུ་རེ་བ་དོར་རྟ་ཙམ་གཅིག་བཏིང་། དེའི་དབུས་སུ་ཨེ་གྲུ་གསུམ་ཐལ་ཆེན་གྱི་བྲིས། བྲུབ་ཁུང་གི་ཁ་ལ་ཐལ་ཆེན་གྱི་མེ་རིས་བཏང་། བྲུབ་ཁུང་གི་ངོས་རེ་ལ་རྩང་དམར་བདུན་ནམ་ཉི་ཤུ་རྩ་གཅིག་གིས་བསྐོར། རྩང་གྱི་མཐའ་མ་མཁར་ནག་གིས་བསྐོར། ཞེས་པ་དང་། དེའི་མཆན་དུ་རེ་བ་ཡུགས་སའི་དོར་རྟ་དངོས་དེའང་བུད་མེད་དོ། །ཐལ་ཆེན་གྱི་མེ་རི་དུག་གམ་ཁྲག་དང་སྦྱར་ནས་བྲིས། རྩང་གི་རྩེ་ལ་གློ་བ་དུམ་རེ་བཀོད། ཅེས་སོ། །སྔ་འགྱུར་ལས། ནམ་མཁའི་ཁམས་ཀུན་ཀྱང་ཨེ་གྲུ་གསུམ་མཐའ་དང་དབུས་མེད་པ། ཐམས་ཅད་ཡུམ་གྱི་སྐུར་བྱིན་གྱིས་བརླབ། དེའི་དྲུང་དུ་ཕུར་པ་བསྐྱེད། ཅེས་སོ། །དེ་རྣམས་དང་མཐུན་ཞིང་ཁྱད་པར་དུ་རུ་མཚོན་ཞལ་གདམས་ནས་འབྱུང་བ་ལྟར་ཕུང་ཤུལ། བང་སོ། རོ་ཁུང་། གྲོག་མཁར་གྱི་ས། བྱེ་མ་སྦྱིན་རྣམས་རྒྱུ་ཡིན། དེའི་སྟེང་དུ་དུག་སྣ། གྲི་ཁྲག །དམེ་ཁྲག་གསུམ་སྟེ་དགུ་སྦྱར་ཞེས་འཛམ་གླིང་པས་ཟེར་བ་ལྟར་ཡང་རུང་སྟེ། ཕུང་ས་ནི་གསུམ་སྟེ། གྲོང་སྟོང་། མི་བསད། གཡུལ་བཀྱེ་བའི་སའོ། །གྲོག་མཁར་ནི་བོད་དུ་གྲོག་ཚང་གི་ས་ལ་བྱེད། ཁྱད་པར་དུ་ཞང་ཁྲིམ་གྱིས་གྲོག་མཁར་ནི་རྒྱ་གྲོག་ཀེའུ་ཚང་ངོ་ཞེས་གསུངས་སོ། །ས་སྤྱིན་ཡང་ལས་དང་མཐུན་ཞིང་ནུས་པ་ཡོད་པས་ནག་པོ་ཁོ་ན་ལ་བྱེད། ཞེང་ཁྲུ་གང་། དཔངས་སུ་ཁྲུ་ཕྱེད། དེ་ལ་ཡང་གྲུ་གསུམ་གྱི་ངོས་རེ་ལ་ཁྲུ་རེ། དཔངས་སུ་ནང་དུ་བྲུ་བ་ཁྲུ་ཕྱེད་པ། རྩིག་པ་དང་བཅས་པ་ལ་ཁྲུ་གང་ཕྱིའི་དབྱིབས་རྟའི་ཡ་རྐན་ལྟ་བུ་ཞེས་པ། རི་རབ་བང་རིམ་གསུམ་པ་ལྟ་བུ་ཡི་མས་དྲངས་པའི་མཆུ་དང་ཁ་ཁྱེར་ཆེན་པོ་གསུམ་གྱི་དང་པོ་ལ་ཐལ་ཆེན་དང་དུག་ཁྲག་སྦྱར་བའི་མེ་རི། གཉིས་པ་ལ་སྲིན་པོའི་ཐོད་པའི་ཕྲེང་བ་མིག་བགྲད་པ་མཆེ་བ་དང་བཅས་པ། གསུམ་པ་ལ་རྩང་དམར་ཉི་ཤུ་རྩ་གཅིག་སྲིན་མོའི་འགྲོས་སུ་བཙུགས་པའི་རྩེ་མོ་ལ་གློ་བའི་དུམ་བུ་ཡོད་པ། ཁ་དོག་གྱི་རོ་སོལ་གྱིས་ནག་པོ་དང་། ནང་ཁྲག་གིས་དམར་པོར་བྱེད་པའོ། །འདི་ནི་ཕྱི་རི་རབ་བང་རིམ་གསུམ་གྱིས་མཚོན་ནས་སྣོད་ཀྱི་འཇིག་རྟེན། ནང་གྲུ་གསུམ་དམར་པོས་མཚོན་ནས་ཡུམ་གྱི་བྷ་ག །དབུས་ཁོང་སྟོང་གིས་མཚོན་ནས་སྐྱེ་མེད་ཆོས་ཀྱི་དབྱིངས་ཏེ་ཡོངས་ཀྱི་དུར་ཁུང་ཆེན་པོ་དེར་སྒྲོལ་བར་འདོད་པའོ། །དཀའ་འགྲེལ་ལས། དེ་ལ་རོ་ལངས་ཡབ་ཡུམ་བསྐྱེད། ཅེས་པ་ནི་བདག་བསྐྱེད་པ་ཡིན་གྱི། འདིར་ནི་བྲུབ་ཁུང་ལ་ལྷ་བསྐྱེད་པའང་མི་འདོད། ཕྱི་མཁར་ཐབས་ལ་ནང་བང་རིམ་གསུམ་པར་འདོད་པ་འདིའང་བཀག་གོ། །ཡང་ཟུར་གསུམ་དང་ཆོས་འབྱུང་ལ་ནོར་ས་ཡོད་ཟེར་ན། འདི་ནི་ཆོས་འབྱུང་གི་རྣམ་པ་ཡིན། གྲུ་གསུམ་འབའ་ཞིག་ཡིན་ཟེར་བ་དང་། གཏིང་དུ་བརྐོ་བའི་སྐབས་སུ་ཆོས་འབྱུང་གི་དབྱིབས་སུ་བྱས། བརྩིག་པའི་ཚེ་གྲུ་གསུམ་མཁར་ཐབས་སུ་བྱེད་པ་སོགས། ཕྱག་ལེན་ལ་མི་མཐུན་པའང་ཅུང་ཟད་ཙམ་གདའོ། །སྒྲུབ་པ་དང་མ་འབྲེལ་བའི་གློ་བུར་དུ་དགོས་པ་ལ་ཚོན་གྱིས་བྲི་བའམ། བསྐྱེད་པས་ཀྱང་འགྲུབ་བོ། །ལིང་གའི་བཅའ་ཐབས་ནི། དམར་པོ་སྔ་འགྱུར་ལས། མགར་བ་ཨ་ལག་གིས་ལྷུ་བཅུ་གཉིས་མགོ་བོ་དང་། བཅུ་གསུམ་གྱི་ལིང་ག་མིང་རུས་ལོ་དང་མཚན་མ་རྣམས་ཀྱི་མིང་། མི་ཁྲག །ཁྱི་ཁྲག །ར་ཁྲག་གསུམ་གྱིས་ཤོག་བུ་གྲོ་གའམ། ཤིང་ཤུན་ལ་བྲིས་ལ། ཞེས་པ་དང་། དེ་ལས་སྒྲུབ་པའི་རྫས་དེ་ལ་ལིང་ག་ནི་ལྔ་སྟེ། བྲབ་པའི་ལིང་ག་དང་། མནན་པའི་ལིང་ག་དང་། བསྟབ་པའི་ལིང་ག་དང་། གདབ་པའི་ལིང་ག་དང་། དབྱེ་བའི་ལིང་ག་དང་ལྔའོ། །ཞེས་དང་། དམར་པོ་གར་མཁན་མཆོག་གི་རྒྱུད་ལས། ནྲྀ་ཏྲི་བསད་པར་བསྟན་པའི་ལས། །རོ་ཚས་རས་དང་ཏ་ལའི་ཤུན་པ་ལ། །དེ་དང་དམིགས་པའི་མིང་རུས་བྲི། །ཞེས་དང་། མདོ་རྩ་བར། མགར་བ་ཨ་ནི་དགྲ་བོའི་མིང་། །ཞེས་སོ། །གཟུགས་བརྒྱངས་སྦལ་པ་ལྟར་བགྲད་པའོ། །ཞེས་དང་། དེའི་དཀའ་འགྲེལ་དུ། །གྲོ་ག་ཤིང་ཤུན་རོ་རས་ལ། །བསད་པའི་ལིང་ག་བཅའ་བ་ཡང་། །མགོ་དང་ཡན་ལག་བརྐྱང་པ་བྲི། །ཞེས་དང་། སྙིང་ལ་ཏྲི་བྲི་ཡན་ལག་ལ་ཧཱུྃ་ངོ་། །ཞེས་པ་དང་། ལིང་ག་ལ་ནི་མིང་དང་རུས། །ཞེས་པ་དག་ནི་བྲིས་བྱས་ནས། དྲག་པོའི་སྔགས་ཀྱིས་རབ་ཏུ་བསྐོར། །ཞེས་དང་། མན་ངག་དམར་པོ་བདུན་སྐོར་ལས། ལིང་ག་དང་མིང་རུས་ནི་ར་ཁྲག་ཁྱི་ཕག་གི་ཁྲག་སྐེ་ཚེ་དང་དུག་སྣ་ཚོགས་སྦྱར་བས་གཟུགས་སམ་མིང་བྲིས་ལ། ཞེས་དང་། དེ་ལས། གཟུགས་སུ་སྣང་བ་ནི་སེམས་ཡིན་ལ། གཟུགས་ཅི་འདྲ་བ་ཡང་ལིང་ག་ཡིན་པར་བསམ་ལ་ཕུར་པ་གདབ་བོ། །ཞེས་པ་དང་། སྔ་འགྱུར་བདུན་བསྐོར་ལས། ཐལ་ཆེན་དུག་དང་ཁྲག་གིས་རོ་ཚས་ཀྱི་རས་ལ་ལིང་ག་བྲི། སྙིང་གར་རུས་དང་མིང་བྲི། མཆན་ཁུང་གཡོན་དུ་མཱ་ར་ཡ་བྲི། མཆན་ཁུང་གཡས་སུ་མཱ་ར་ཡ་བྲི། འདོམས་སུ་དུ་བྲི། མགོ་ལ་ཛཿས་འཁོར་བ་བྲི། དཔྲལ་བར་མིང་བྲི། དགྲ་བོའི་སྐྲད་ཤད། མཆིལ་མ། ལུད་པ། ཕྱི་ས། རྐང་རྗེས་ཀྱིས་དེ་རྣམས་གང་རྙེད་ཀྱང་ལིངྒ་ལ་བསྐུ། དེ་ནས་སྔོ་དམར་གྱི་ཚོན་སྐུད་གཉིས་ཀྱིས་གདགས། ཞེས་པ་དང་། མཆན་དུ་སྙིང་དང་སྐྱེ་གནས་གདགས། །ཞེས་སོ། །མཱ་ར་ཡ་ཁྲག་སྐྱུག་གི་སྒྲུབ་ཐབས་ལས། རྒྱ་ཤོག་གྲོ་ག་རོ་རས་ལ། །དགྲ་བོ་ཨ་མུ་ཀའི་རྫས་ཟག་པ་དང་བཅས་པ་གཏུབས་ལ། ཁོའི་རྐང་རྗེས་ཀྱི་ས་དང་བསྲེས་ལ། ར་ཁྲག་གིས་སྦྱར་ཏེ་དབང་པོ་ཚང་བ་འདྲ་འབག་གི་གཟུགས་བྱས་ལ། སྙིང་གར་ཪྣྲྀ་བྲི། གཡས་སུ་མཱ་ར་ཡ་བྲི། གཡོན་དུ་མཱ་ཱར་ཡ་ཪྣྲྀ་བྲི། འདོམས་སུ་མཱ་ར་ཡ་དུ་བྲི། སྤྱི་བོར་མཱ་ར་ཡ་དུ་བྲི། སྙིང་གར་རུས། དཔྲལ་བར་ཡང་དེ་ལྟར་བྲིས་ལ། གུ་གུལ་གྱིས་བདུག །ཅེས་སོ། །སྔ་འགྱུར་སྒྲུབ་ཐབས་མན་ངག་གི་རྒྱུད་ལས། གོང་དུ་བསྟན་པའི་རོ་རས་བརྒྱངས་ཏེ། ས་དཀར་གྱི་ཆུས་བྱུགས་ལ་སྐོམས་པ་དང་ཐལ་ཆེན་དུག་རྫས་དང་དམེ་ཁྲག་སྦྱར་ལ་སྣག་ཚ་བྱས་ལ། མཆོག་ཕུར་གྱི་རྩེ་མོས་སྨྱུ་གུ་བྱས་ལ། ལག་པ་བསྣོལ་སྲིན་ལག་གཉིས་ཀྱི་བར་དུ་སྨྱུ་གུ་བཅུག་ལ། གུང་མོ་གཉིས་ཀྱིས་རྒྱབ་ནས་བརྟེན་ལ་བྲིའོ། །ཞེས་དང་། དེ་ནས་སྔོ་དམར་གྱིས་གཉའ་ལག་ཏུ་གཞུག་ལ་སྡོམ་མོ། །ཞེས་བཤད་པ་དང་མཐུན་པར་ཕྱག་ལེན་ནི། རོ་རས་བཏུལ་མ་རྙེད་ན་རབ། །ཤོག་བུ་ལ་དགྲ་བོ་ཕོ་མོ་གང་ཡིན་གྱི་གཟུགས་གན་རྐྱལ་དུ་བྱས་ལ། ཡན་ལག་གསལ་ཞིང་དབང་པོ་དོད་པ། ཅུང་ཟད་རིད་ཅིང་ཉམ་ང་བའི་རྣམ་པ་ཅན། དེའི་ལུས་ཀྱི་གནས་རྣམས་སུ་གནད་དབབ་ཀྱི་ཡི་གེ་བཅུ་བཀོད་དེ། སྙིང་གར་ཛ་སྤྲོད་ཀྱི་དབུས་སུ་ནྲྀ། མགོ་ལ་ནན། ཡན་ལག་བཞི་ལ་ཛཿ གློ་གཉིས་ལ་རྦད། ལྟོ་བར་ཆྒཻ་མོ་མཱ་ར་ཡ་རྦད། ཅེས་པ་ཕོ་ལ་གཡས་བསྐོར་དང་། མོ་ལ་གཡོན་བསྐོར་དུ་བྲི། དཔྲལ་བར་རུས། མགྲིན་པར་མིང་། འདོམས་སུ་བླ་དྭགས་བྲིས་པའི་གཟུགས་ལ། དགྲ་བོའི་མཆིལ་མ། གོས་དུམ། རྐང་རྗེས་ཀྱི་ས། སྐྲ་དང་ཟག་རྫས་ལ་སོགས་གང་རྙེད་བྱུག །མདོ་རྩ་བར། བདུད་ཆད་ལྔ་ཡི་ལིང་ག་བཤམ། །ཞེས་པ་རྗེས་ས་ལ་སོགས་པ་ལྔའོ། །ཡང་དགྲ་བོའི་རྒྱུ་རྐྱེན་དང་སྦྱར་བའི་སྦྲ་ཚིལ་ལམ་བག་ཟན་ལ་གཟུགས་དོད་པར་བྱས་ལ། མིང་རུས་སོགས་ཤོག་བུ་ལ་བྲིས་ལ་ལུས་ཀྱི་གནས་སྐབས་སོ་སོར་གཞུག་གོ། །ལིང་ག་གཉིས་སྐབས་དང་སྦྱར་ལ་བྱ། ཚོན་སྐུད་དང་མཁར་ནག་གིས་གཉའ་ལག་ཏུ་བྱའོ། །བྲི་བའི་དུས་བྲི་མཁན་གྱི་སྤྱོད་ལམ། ལུས་གྲིབ་མི་ཕོག་པའི་བསྲུང་བ་སོགས་སྤྱི་དང་མཐུན་པར་བྱ། གོང་གི་སྣག་ཚ་དང་སྨྱུ་གུ་རྣམས་ཀྱང་གྲུབ་ནའང་ལེགས། དམར་པོ་བདུན་སྐོར་ལས། གཟུགས་སམ་མིང་བྲིས་ལ། ཞེས་པ་དང་། ཙི་ཏི་མིག་བྱང་དག་ལ་བྲབ། ཞེས་པ་ལྟར་ན་ནི། མིང་བྱང་ཉིས་བརྩེགས་དགྲ་རྟེན་ལ་འོང་བ་སྙམ་སྟེ། གཤིན་པོ་གནས་སྤར་གྱི་མི་བྱང་བཞིན་ནོ། །འོན་ཀྱང་། དམར་པོ་བཤན་པ་ལས་རྒྱུད་ལས། དགྲ་གཟུགས་རྟེན་དང་གཤིན་རྗེ་དམར་པོའི་རྟེན། །དྲག་པོ་ཐུན་གྱི་འཁོར་ལོ་རྫོགས་པར་བྱ། །ཞེས་དང་། གཟས་པོའི་མིང་གཟུགས་ར་ཐོད་གཞུག །ཅེས་སོ། །གཟུགས་མིང་གིས་མཚན་པར་བཤད་པ་མང་བ་ལྟར་འཐད་དོ། །བླ་དྭགས་ནི། ལ་ལ་དྭགས་རུས་གང་ཡིན་པ་དེ་ལ་བརྟེན་ནས་བཏགས་པའི་བླའི་མིང་རེ་ཡོད་པ་དེ་ཡིན་ཟེར། ལ་ལ་ནི། མིང་ཚིག་ཐམས་ཅད་གློ་བུར་བ་ཡིན་པའི་རྒྱུ་མཚན་གྱིས། བླ་དྭགས་སུ་བྱས་པ་བྱུང་བས་མིང་ངན་བླ་དྭགས་སུ་བཏགས་པ་གཅིག་འོང་བ་དེ་ཡིན་ནམ། ཞེས་སྨྲ་མོད། ཡང་དངོས་མིང་ལ་མིང་དང་བཏགས་མིང་ལ་བླ་གདགས་སུ་བཏགས་སུ་བྱེད་པའང་མ་ཡིན་ཏེ། མིང་དང་བླ་དྭགས་ཀྱི་ཁྱད་པར་ནི། དཔེར་ན་བཀྲ་ཤིས་དོན་འགྲུབ་ཞེས་པ་ལ། བཀྲས་དོན་ཞེས་འབོད་པའི་ཚེ། སྔ་མ་མིང་དང་ཕྱི་མ་བླ་དྭགས་སོ། །དེའི་སྐབས་སུ་མངོན་སྤྱོད་སྤྱི་ལ་གྲགས་ཤིང་། ཟ་ལམ་དང་། བླ་ལམ་གཉིས་ཀྱི། བླ་ལམ་རོ་ལམ་བསྟན་དགོས་པ་ཡིན། དམར་པོ་བཤན་པ་ལས་རྒྱུད་ལས། ཟ་ལམ་བསྟན་ཞིང་སྐུ་རྟེན་གཟུགས། །ཞེས་དང་། དམར་པོ་རྩ་བའི་སྒྲུབ་ཐབས་ལས། བསད་པའི་བྲུབ་ཁུང་ལིང་གར་བཅས། །རོ་ལམ་ནག་པོ་རྣམ་གསུམ་དབྱེ། །ཞེས་པ་དང་། དམར་པོའི་ཐེམ་ཡིག་ལས། རྫས་ཀྱི་རོ་ལམ། སྔགས་ཀྱི་རོ་ལམ། ཏིང་ངེ་འཛིན་གྱི་རོ་ལམ་ཞེས་པ་དང་། མཱ་ར་ཁྲག་སྐྱུག་གི་ཟབ་དོན་བསྡུས་པ་ལས། དགྲ་དང་འགྲས་པའི་དུས་སུ་རོ་ལམ་ནག་པོ་ཕྱེ་ལ། ཞེས་དང་། དེའི་མཚན་དུ། དགྲ་བོའི་ཁྱིམ་གྱི་བར་དུ་འཇའ་ཚོན་ནག་པོ་སྔོ་དམར་གཅིག་བླའི་ལམ་དུ་བྱ། ཞེས་དང་། ཚོན་བླའི་ལམ་དུ་བྱ། ཞེས་པས། དགྲ་བོའི་ཁྱིམ་ནས་རང་གི་སྒྲུབ་ཁང་བར་དུ་ཚོན་གྱིས་ལམ་བྱེད་པའོ། །ཟ་ལམ་ནི། ཕོ་ཉ་གཟས་པོ་ཟ་བའི་དོན་དུ་ཕྱིར་ལམ་བསྟན་པ་ཡིན་ལ། བླ་ལམ་ནི་བླ་འགུགས་པའི་ཕྱིར་ནང་དུ་བསྟན་ནོ། །སྒྲུབ་པ་སྦྲེལ་ན། ཤར་དུ་མིང་བྱ། ལྷོར་ཧོམ། ནུབ་ཏུ་ཕུར་བུ། བྱང་དུ་དབྱེ་བའི་སྒྲོ་དུག་བཞག །དེ་ནས་སྔགས་པ་ཆས་སུ་ཞུགས་པ་ལ། སྔ་འགྱུར་སྒྲུབ་ཐབས་འགྲེལ་པ་ལས། སྒྲུབ་པ་པོ་རྣམས་ཀྱང་སྡིག་སྦྱང་དང་། དཔང་སྐོང་བཀླག །ཕྱི་མཚམས་ཐོ་གཟུགས། ཕྱི་ནང་བསལ། གསང་སྒོ་བསྡོམ། སྒྲུབ་པ་པོ་མི་འགྲུལ། མིང་མི་བསད། ཅེས་པ་དང་། སྒྲུབ་ཐབས་མན་ངག་ལས། དེ་ནས་གོས་ནག་པོ་བགོ། དཔྲལ་བར་མེ་ལོང་གདགས། དར་ནག་པོའི་ཐོད་ཅིང་། ཕེ་ཚེ་རོག་པོའི་གདན་ལ་འདུག་ལ། སེང་ལྡེང་ངམ་བེའམ། གདུག་པ་ཅན་གྱི་ཤིང་ལ་འཁར་བ་བྱས་ལ་ལག་ཏུ་ཐོགས་ལ། རུ་རཀྴའི་ཕྲེང་བ་ཐོགས་ལ་བགྲང་། ཞེས་དང་། དེའི་འགྲེལ་པར། ཞེ་སྡང་ཉི་ཚེ་བསྒོམ་ལ། དཔེར་ན་སོལ་བ་ནི། ཕྱི་ཡང་ནག་ལ་ནང་ཡང་ནག་པ་དང་འདྲ་བར། བདག་ཀྱང་ནང་གནག་ལ། ཕྱི་ཡང་གནག་པའི་ཆས་སུ་ཞུགས་ལ། ཞེ་སྡང་སོལ་དུམ་བཞིན་དུ་བསྒོམ་མོ། །དཔྲལ་བའི་མེ་ལོང་ནི་སྲིད་གསུམ་གསལ་བའོ། །ནག་པོའི་ཐོད་ནི་ཞེ་སྡང་མི་འགྱུར་བ། ཕེ་ཚེ་རོག་པོའི་གདན་ནི་ཞིང་ལྤགས་སོ། །ཞེས་པ་དེ་ནི་སྒྲུབ་པའི་དུས་གཙོ་བོར་བྱས་ལ། ཡང་དེ་ལས། རྡོ་རྗེ་སློབ་དཔོན་ཁྱེད་རིངས་སུ་ཕྱུང་ལ་གདོང་གཡས་ཕྱེ། གཡོན་ཁྲག །དབུས་སྲེ་མོང་གིས་བྱུགས། ལག་པ་གྲུ་མོ་མན་ཆད་ཁྲག་གིས་བྱུགས། སྐྲ་སྤྱི་བོར་བརྫེས་དར་སྔོན་པོས་བཅིངས། ཤུན་ཆེན་གྱོན། རཀྴའི་ཕྲེང་བ་སེ་རལ་ཁར་བགྱི། དཔྲལ་བར་མེ་ལོང་གདགས། གོང་གི་མཁར་བ་ལ་ཨཱོྂ་ཚུགས་བྱ། མ་རུ་རྩེའི་ཏིང་ངེ་འཛིན་དུ་ཞུགས་ལ་བྲུབ་ཁུང་གི་འགྲམ་དུ་བསྒོམ་པར་བྱའོ། །ཞེས་དང་། གནོད་སྦྱིན་རོ་ལངས་གསང་བའི་རྒྱུད་ལས། རྣལ་འབྱོར་པ་ནི་རིགས་ཀྱི་བྱ་བར་བཤད། །དཀའ་ཐུབ་ཅན་གྱི་ཁ་དོག་དམར་པོ་འཛིན། །ཡང་ན་གཅེར་བུ་ཕྱུང་ལ་སྐྲ་བཤིག་སྟེ། །ཕོ་ནི་ཆགས་པའི་བདག་པོ་སྟེ། །རཀྴའི་ཐིག་ལེས་བརྒྱན་པར་བྱ། །ཞེས་དང་། ཏི་རའི་ཚོགས་ཀྱི་གདན་སྟེང་སྟེ། །གདན་མཆོག་ཡིན་ཏེ་དེ་ཚེ་བཏིང་བར་བྱ། །ཤ་ཆེན་རྐང་དང་གླིང་བུ་ལ་སོགས་པ། །ཕྲེང་བའི་མཆོག་སྟེ་དེ་ཚེ་བགྲང་བར་བྱ། །ཞེས་པ་དང་། དེའི་དཀའ་འགྲེལ་དུ། ཞིང་དང་ཏི་རའི་གདན་ལ་འདུག །མི་དང་རྟ་ཡི་ཤུན་ཆེན་ལ། །ཐོད་པའི་རྩལ་ལ་གདབ་པར་བྱ། །རུས་པའི་ཕྲེང་བ་བགྲང་བར་བྱ། །རྐང་གླིང་བཤུགས་པས་གདབ་པར་བྱ། །ཞེས་དང་། བཤུགས་གླུ་ལེན་པའི་ལས་རྣམས་དང་། །འཁོར་རྣམས་བསྐུལ་བའི་ལས་མཆོག་ཡིན། །དེ་ནས་སྲིད་གསུམ་བདག་པོར་འགྱུར། །ཞེས་དང་། རོ་ལངས་དཀྲུགས་པ་སྒྲུབ་དུས་སུ། །ངེས་པར་ལྷ་དེ་དམར་པོར་བསྒོམ། །གཅེར་བུ་སྐྲ་བཤིག་ཆས་བསྐྱེད་དེ། །གྲི་བོའི་རཀྟའི་ཐིག་ལེས་གདབ། །རྡེའུ་དཀར་ནག་རཀྟས་བསྐུས་པ་ཡིས། །རབ་ཏུ་དེ་ལ་གདབ་པར་བྱ། །ཞེས་བཤད། དེ་རྣམས་ལ་སྒྲུབ་པ་དང་ལས་སྦྱོར་དཀྲུགས་པ་རྣམས་ཀྱི་སྐབས་ཕྱེས་པར་བྱས་ཏེ་རིགས་པས་སྦྱར་ལ་བྱའོ། །ཐུན་བདུན་གྱི་སྒྲོལ་བ་དངོས་ནི། དམར་པོ་དྲོད་ཚད་གསང་བའི་མན་ངག་ལས། གསེར་སྐྱེམས་བཏང་། དམ་བརྡར། དཔང་གཟུགས་བྱ། དེ་ནས་དགུག་ཅིང་ལྷ་དང་དབྱེ། དུད་པས་བདུག་པར་བྱ། ཞེས་དང་། དཔང་གཟུགས་ཤག་གདབ། དེ་ནས་ལྷ་དབྱེ་དྲག་ཏུ་བྱ། །ཞེས་པ་དང་། དྲོད་ཚད་གསང་བའི་མན་ངག་ལས། གསེར་སྐྱེམས་བཏང་། དམ་བརྡར་དཔང་གཟུགས་བྱ། དེ་ནས་བླ་དགུག་ཅིང་ལྷ་དང་དབྱེ། དུད་པས་བདུག་ཅིང་གདབ་པར་བྱ། །རྦད་པ་བསད་པ་སྤེལ་བར་བྱ། །ཞེས་པ་ལྟར། གསེར་སྐྱེམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་རླབས་ལ་རྒྱས་པར་བཏང་། གོང་དུ་བཤད་པའི་ཆས་དང་ལྡན་པའི་རྣལ་འབྱོར་པས། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས། རང་ཉིད་ལྷ་དང་བྲུབ་ཁུང་མཁར་བརླབ། དེ་ནས་དམ་བརྡར་ཏེ། རོ་ལངས་གསང་བའི་དཀའ་འགྲེལ་དུ། ཕྱག་རྒྱ་རབ་ཏུ་འབྲེལ་དེ་ལ། །མཛུབ་གཉིས་ལྕགས་ཀྱུ་བཅུག་པའོ། །ཞེས་པ་ལྟར། ཕྱག་རྒྱ་བཅས་ལ། ན་མོ་ཞེས་པ་ནས། ཁུག་ཅིག་བརྗོད། བཤུགས་གླུ་བཏང་། དེ་ནས་བདེན་པས་བཀའ་བསྒོ་བ་ནི། ཀྱེ། མཐོ་བ་ཞེས་པ་ནས། ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད། རིག་འཛིན་གཡབ་པར་བཤད་པ་ལྟར། ཆོས་སྐུའི་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་། །ཞེས་པ་ལ་སོགས་ཀྱིས་རིག་འཛིན་འབོད། དེ་ནས་དཔང་གཟུགས་ཏེ། ཧཱུྃ། རྣལ་འབྱོར་ཞེས་པ་ནས། དྲེགས་པ་ལས་ལ་ད་ཚུར་བྱོན། །ཞེས་བརྗོད། དེ་ནས་པུས་མོ་བཙུགས་ལ། ཤག་ཀྱང་གདབ་བོ། །ཞེས་པ་བཞིན་དུ། བདག་དགྱེས་པའི་ཞེས་པ་ནས། གྲོགས་མཛོད་ཅིག །ཅེས་འོ་དོད་ཀྱང་འབོད་དོ། །དེ་ནས་བླ་དགུག་ཅིང་ལྷ་དང་དབྱེ་བ་ནི། ཐུན་བདུན་གྱི་ཐོག་མའི་སྒྲོ་དུག་དབྱེ་བ་ཞེས་ཟེར་བ་དེ་ཡིན། དུག་ཐུན་ཀྱང་ལོགས་ན་མེད། དེ་ཡང་དམར་པོ་སྔགས་རྒྱུད་ལས། ཁ་ཁའི་གུང་རུ་གཡས་པ་ལ། །གཟས་པ་པོ་ཡི་མིང་རུས་བྲི། །ཧུ་ལུའི་གུང་རུ་གཡོན་པ་ལ། །དེ་ཡི་ཕོ་ལྷ་སྲོག་ལྷ་བྲི། །སྒྲོ་གཉིས་དུག་གི་ནང་དུ་གཞུག །ཅེས་པ་དང་། དམར་པོ་མདོ་རྩ་བ་ཕྲིན་ལས་ཀྱི་རྒྱུད་ལས། དང་པོ་ལྷ་དང་དབྲལ་བར་བྱ། །ཁ་ཁ་ཧུ་ལུའི་དང་རུ་ཡིས། །དུག་ཐུན་གཟས་པ་དགལ་གཏོར། །བྱང་ཕྱོགས་རི་རབ་ལྕགས་རི་ལ། །སྤྱི་གཙུག་དག་ཏུ་གནས་པར་བསམ། །ཞེས་པ་དང་། དམར་པོ་སྲོག་སྒྲུབ་ཀྱི་སྙན་བརྒྱུད་ལས། རྫས་ནི་བྱ་རོག་འུག་པའི་སྒྲོ། །ཐོགས་ལ་ཕན་ཚུན་འཐབ་པའི་ཚུལ། །གཟས་པ་གང་ཡིན་བཀུག་ནས་ནི། །སྤྱི་ཚར་དག་ཏུ་བསྐུར་ནས་སུ། །མགོན་སྐྱབས་དག་དང་བྲལ་བར་བསམ། །ཞེས་དང་། དམར་པོ་སྔ་འགྱུར་ལས། བྱང་དུ་སྒྲོ་དུག་བཞག་པ་ནི། བྱ་རོག་འུག་པའི་དང་རུ་ལ། །རྒྱབ་སྤྲད་བར་དུ་ལིང་ག་གཞུག །ཤོག་བུ་ཚོན་གང་གྲུ་བཞི་ལ། །གཅིག་ལ་ཁོ་ཡི་ལྷ་བྲིས་བསླན། །གཅིག་ལ་གང་ཡིན་དགྲ་བོ་བྲི། །ལྷ་ནི་འུག་པའི་སྒྲོ་ལ་བསླན། །མནག་པ་ཕོ་རོག་སྒོར་ལ་བསླན། །བར་དུ་ཤོག་བུ་ཚོན་གང་ལ། །མ་མ་ཏྲག་རུ་ཏྲ་མཱ་ར་ཡ་ཕཊ། །ཅེས་པའི་བསྐུལ་བ་བྲི་བར་བྱ། །སྔོ་དམར་སྐུད་པས་བཅིང་བྱས་ལ། །ཤིང་རིས་དག་ལ་ཕྱར་ལ་གཟུགས། །ཞེས་དང་། མ་མ་ཏྲག་དུ་ཏྲ་མཱ་ར་ཡ་ཕཊ། ལྷ་དང་དབྲལ་བའི་སྙིང་པོའོ། །ཞེས་པ་དང་། མ་རུ་རྩེའི་བསད་སྔགས་གཞུང་ལས། གཅེར་བུ་ཕྱུངས་ལ་ཁྲག་གིས་བྱུགས། །མདའ་དར་གཡས་པར་ཐོགས་ནས་སུ། །དགྲ་བཤོས་གཡོན་པར་བཟུང་ལ་འབོད། །སྲོག་སྙིང་བཤུགས་པའི་བརྡའ་ཡིས་འབོད། །འོ་དོད་བོས་ལ་ཆོ་ངེས་གདབ། །མ་ཉེས་དཔང་གཟུགས་དགུག་པ་བཤམ། །སྒྲོ་དུག་གཉིས་ཀྱི་དབྱེ་བ་བཤམས། །ཞེས་དང་། དམར་པོ་སྔགས་ཀྱི་གབ་པ་ལས། ལིང་ག་ལ་བྱ་རོག་འུག་པའི་སྒྲོས་ཆུ་གཏོར། ལ་ཆ་དང་ཁྱི་སྤུ་དང་གུ་གུལ་གྱི་དུད་པས་བདུག །མགོ་ཡི་ལྷ་རྣམས་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་དུ་སོང་བར་བསམ། ཏྲག་རཀྴ་རུ་ཏྲ་མཱ་ར་ཡ་ཕྱེ་ཤག །ས་ཁམ་དུམ་བུ་མཱ་ར་ཡ་ཕྱེ་ཕྱེ། ཞེས་དབྱེ་བར་བྱའོ། །ཞེས་པ་དང་། དམར་པོ་གནོད་སྦྱིན་རོ་ལངས་གསང་བའི་རྒྱུད་ལས། ཧྲཱི་ནྲི་རཀྴ་ནྲི་རྦད། བླ་ཁུག་སྲོག་ཁྱེར་ལ་བྷྱོ། འདི་ཡིས་འགུགས་པར་ཐེ་ཚོམ་མེད། །ཅེས་པས་བླ་འགུགས་སྔགས་སོ། །རྒྱུད་དེ་ཉིད་ལས། རྒྱ་སྐྱེགས་མཁར་བ་བསྲེག་ཅིང་གུ་གུལ་གྱི་དུད་པས་བདུག །དྲག་པོ་དབྱེ་བའི་སྔགས་འདི་བསྟན་པར་བྱ། དེའི་དཀའ་འགྲེལ་ལས། ཏིང་ངེ་འཛིན་གྱིས་དགུགས་པ་ཡང་། །བདག་ལ་འབར་བའི་ཧཱུྃ་དེ་ལས། །འོད་ཟེར་ནག་པོ་རབ་འཕྲོས་པས། །ཤེལ་མདོག་གངས་ཅན་དཀར་པོ་ལ། །སོལ་ནག་ལ་སོགས་བཏབ་པའམ། །ཡང་ན་སྐར་མདའི་ཤུལ་བཞིན་ནོ། །ཞེས་དང་། མ་མ་ཏྲག་རཀྴ་རུ་ཏྲ་མཱ་ར་ཡ་ཕྱེ་ཕྱེ། སྲིད་པའི་ལྷ་དང་མ་ལྷ་ཞང་ལྷ་དང་། །ལེ་དགུའི་ལྷ་དང་ཕོ་ལྷ་དགྲ་ལྷ་དང་། །བྱ་སྤུ་རླུང་གིས་ཁྱེར་བ་ལྟ་བུར་བསམ། །ཞེས་དང་། རོ་ལངས་གསང་བའི་དཀའ་འགྲེལ་ལས། གུ་གུལ་ཁྱི་སྤུ་ལ་ཆའི་དུད་པའོ། །མགོན་སྐྱབས་བྱེད་པའི་ལྷ་དེ་དག །བྱ་འུར་རླུང་གིས་བསྐྱོད་པ་བཞིན། །ཞེས་དང་། སྔ་འགྱུར་སྒྲུབ་ཐབས་མན་ངག་ལས། དེ་ནས་བདུག་པོའི་ཁྱི་ལུད་དང་། །སྤྱང་ཀིའི་བྲུན་དང་གུ་གུལ་དང་། །ཀུན་གྱི་སྙིང་མེད་དུ་བདུག་གོ། །ཞེས་པ་དང་། དེ་ནས་ཚེས་གྲངས་དང་གཟའ་སྐར་ལ་བབ་པའི་ནུབ་མོ། བདུག་པ་ཀུན་སྨེའི་དུད་པ་རྒྱུན་མི་ཆད་པ་བཏང་ངོ་། །ཞེས་སོ། །བདུག་པ་ཀུན་སྨེ་ནི། ཚེ་བདག་གི་ལས་ཚོགས་ལས། ཡུགས་སའི་ལྷྭམ་འབོག་ལ་བཤད་དེ། །དམར་པོ་སྔགས་རྒྱུད་ལས། སཾ་བུ་ཏྲི་པ་ཡ། ཏྲོད་མཱ་ར་ན་སྭཱ་ཧཱ། མ་མ་ཏ྄ག་རཀྴ་ཨ་ནྲྀ་མཱ་ར་ཡ་ཕྱེ། ཞེས་ལྷ་དང་དབྱེའོ། །ཞེས། རོ་ལངས་གསང་བའི་དཀའ་འགྲེལ་ལས། བཤུགས་གླུ་ལེན་པའི་ལས་རྣམས་དང་། །འཁོར་རྣམས་བསྐུལ་བའི་ཐབས་མཆོག་ཡིན། །ཞེས་པ་དང་། དམར་པོ་དཔའ་བོ་གར་གྱི་སྒྲུབ་ཐབས་ལས། སྐབས་སུ་རཀྟ་བསྟབ། ཅེས་དང་། དམར་པོ་རྩ་བའི་སྒྲུབ་པ་ལས། རཀྟ་བརླབ་ཅིང་རྦད་པར་བྱ། །ཞེས་པ་དང་། རོ་ལངས་གསང་བ་ལས། རྐང་ཆེན་ལ་སོགས་གླིང་བུ་འབུད་པར་བྱ། །ཞེས་བཤད་པ་རྣམས་དང་མཐུན་ཅིང་། ཁྱད་པར་དམར་པོ་ཁ་སྐོང་གི་ཐོ་ཡིག་བཞིན་བླ་འགུགས་ལྷ་དབྱེ་ལྟར་བྱ་བ་ནི། རྡོ་རྗེ་སློབ་དཔོན་གྱིས་འགུགས་པའི་ཕྱག་རྒྱ་བཅའ། སྒྲུབ་གྲོགས་གཅིག་གིས་ལུས་གཅེར་བུར་ཕྱུང་། ཁྲག་གིས་བྱུག །ལག་པ་གཡས་སུ་མདའ་དར་དམར་པོ། གཡོན་དུ་དགྲ་བཤོས་དམར་པོ་གཅིག་བཟུང་། གོང་དུ་བཤད་པ་ལྟར་གྱི་ལྷ་དབྱེའི་སྨེ་རྫས་དང་། སྒྲོ་དུག་དང་། ཁོའི་ལྷའི་གཟུགས་ཀྱི་སྙིང་ཁར་ཁོའི་ལིང་ག་ལ་བྲིས་ལ། སྒྲོ་ལ་གདགས། ལྕགས་སམ་ཟངས་ཀྱི་སྣོད་ཆེན་པོར་རཀྟས་བཀང་བ་གཟར་བུ་དང་བཅས་པ། རྐང་གླིང་དང་ཐོད་རྔ་ལ་སོགས་པ་རོལ་མོ་རྣམས་ཀྱང་ཚོགས་པར་བསགས་ལ། བདག་ལྷ་དང་། བྲུབ་ཁུང་མཁར་བརླབ། བདེན་པ་བརྗོད་ནས་མཆིས་པར་གྱིས་ཤིག་བར་བརྗོད། མདའ་དར་གྱིས་གཡབ། གུ་གུལ་གྱི་དུད་པ་བཏང་། རཀྟས་བརླབ། ནྲྀ་ར། ཆྒཻ་མོའི་མིང་ནས་འདིར་ཤོག་ཅིག །ཅེས་བཤུགས་པའི་བརྡས་འབོད། རྐང་གླིང་རོལ་མོ་རྣམས་ཀྱང་དྲག་ཏུ་བྱ། དེ་ནས། ཀྱཻ། དམ་ཉམས་པའི་དགྲ་བོ་འདིའི་ཞེས་པ་ནས་ཡལ་བར་ཐོངས་ཤིག །དཱེ་བ་པྲ་བེ་ཤ་ཡ་ཕཊ། ཅེས་པའི་བར་བརྗོད། དམེ་རྫས་ཀྱིས་ལིང་ག་གཉིས་ཀ་སྙིང་མེད་དུ་བདུག་ཅིང་། དྲི་མ་བཟང་པོའང་བཏང་ལ། རང་གི་ལྷ་སྲུང་ལ་དམེ་རྫས་ཀྱི་དྲི་མ་མ་ཕོག་པར་བྱེད་པ་ལག་ལེན་བཞིན་བྱ། གུ་གུལ་གྱི་དྲིས་ནི་ལས་གཉིས་བྱེད་པས་ཐུན་མོང་དུ་བཏང་། གུ་གུལ་སྦྱར་མ་ནི་ཐུན་མོང་མ་ཡིན་ནོ། །གོང་གི་ལུང་རྣམས་ནས་བཤད་པའི་དབྱེ་བའི་སྔགས་སོ་སོ་དང་། གཞན་ཡང་དམར་པོ་ཤོག་དྲིལ་དྲུག་པ་ནས་བཤད་པའོ། །ཡ་མཱ་ར་ཛ་ཀླུ་ལིང་བྷ་སངས་སང་། ཀུ་ན་བྷ་སང་སང་། ཡོལ་ལྕགས་སང་སང་། ཀུ་ཏ་ཏ་ཀི་ནི་ཧཱུྃ་ཕཊ། ཡོལ་ལྕགས་སང་ཀུ་ཏ་ཏ་ཀི་ནི་ཧཱུྃ་ཕཊ། ཟེར་བའང་འདུག །འདས་མདོ་ནས་ཐུན་གྱི་སྔགས་སུ་བཤད། ཀུ་ན་བྷ་སངས་སང་ནས། ཀླུ་ལིང་པ་ཀུན་ཏ་ནན་ཡོ་ལྕགས་སང་ཀུ་ཏ་ཧཱུྃ་ཕཊ་ཟེར། འདི་ཁོ་ན་བཞིན་མདོ་རྩ་བ་ཕྲིན་ལས་ཀྱི་རྒྱུན་ནས་ཀྱང་བཤད། དུག་ཐུན་དབྱེ་བའི་སྔགས་ཀྱི་མཆོག་གོ། །ཕྱི་འགྱུར་བསྙེན་སྒྲུབ་བཞི་པ་ནས་བཤད་པའི། ཡམ་ཡུམ་ཡ་ཏྲི་ཕྱེ་མམ་མམ་མ་ཏྲི་ཕྱེ། རཱ་ཛ་སུ་རུ་སུ་རུ་ཕྱེ། ཨ་ནྲྀ་ཏྲག་རཀྴ་རུ་ཏྲ། དགྲ་བོ་མཱ་ར་ཡ་ལྷ་དང་ཕྱེ་ཕྱེ། བར་འགྱུར་ནས་བྱུང་བ། དཱེ་བ་ཨ་ཎྲི་ཏྲག་དཱེ་བ་ཤ་ཏྲུཾ་མཱ་ར་ཡ་ཕྱེ། ཤན་ཤན་ཏྲི་ཀུ་ར་ཏྲི་མཱ་ར་ཡ་ཛ་ཛཿ ལྷ་དབྱེའི་ཐོ་ཡིག་ལས་འབྱུང་བ། ཨཱོྂ་ནྲི་ཤ་ཀུ་རུ་ནྲི་ཤ་ཀུ་རུ་ཁ་སོ་བ་ཏི། ཨཱོྂ་རུ་ཏི་ཡཾ་སེ་ན་ལཾ་སེ་ན་མ་ན་ཡང་སྙིང་ཚལ་པ་བམ་རིལ་རྦད། ཅེས་ཐུན་བསྐོར་རེ་ལ་སུམ་བརྒྱ་རེ་བགྲང་ངོ་། །ཞེས་པ་རྣམས་གང་འགྲུབ་ཏུ་བྱ། དེ་རྣམས་སྤྱིར་དབྱེ་བ་ཡིན་ལ། སོ་སོར་དབྱེ་བ་ནི། འཚོ་བ་ཕོ་ལྷ་ཡིན་པས། དེས་འགེགས་ན་གཡག་དཀར་པོ་འོང་། སྐྱོབ་པ་དགྲ་ལྷ་ཡིན་པས། དེས་འགེགས་ན་བྱ་ཁྲ་ལྟ་བུར་འོང་། བསྲུང་བ་སྲོག་ལྷ་ཡིན་པས། དེས་འགེགས་ན་འཐིབས་ནས་འོང་ངོ་། །འགོ་བ་མ་ལྷ་ཡིན་པས། དེས་འགེགས་ན་ཤ་བའམ་བུད་མེད་འོང་། སྟོང་གྲོགས་བྱེད་པ་ཡུལ་ལྷ་ཡིན་པས། དེས་འགེགས་ན་ཞང་བློན་དུ་འོང་། །དམ་ཚིག་གིས་འགོ་བའི་ལྷ་ཆོས་སྐྱོང་ཡིན། དེས་འགེགས་ན་སྙིང་རྗེ་སྐྱེ། བསྲུང་བ་བན་གྱི་སྲུང་མ་ཡིན་པས། དེས་འགེགས་ན་བན་བོན་འོང་། འཕྲལ་ལ་འགོ་བ་ཀླུ་ཡིན་པས། དེས་འགེགས་ན་དར་དཀར་གྱིས་སྒྲིབ་བོ། །བོད་ཐམས་ཅད་དགྲ་ལྷ་རུ་རྫུ། ཞང་ཞུང་གི་དགྲ་ལྷ་ཁྲ་དང་གཡག་ཏུ་རྫུ། ཕོ་ལྷ་ལ། འབོག་བསྲེག་ཅིང་། ཙི་བེ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དགྲ་ལྷ་ལ་ཏིལ་ནག་བསྲེག་ཅིང་། ཙི་ཏ་ཡ་ཤྲཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སྲོག་ལྷ་ལ། ཏིལ་ནག་པོ་བསྲེག་ཅིང་། ཙི་ཏ་མེ་ལེ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། མ་ལྷ་ལ། ར་རུ་བསྲེག་ཅིང་། ས་མ་ཡ་ག་ན་ཡེ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཡུལ་ལྷ་ལ། ཞབས་མ་བསྲེག་ཅིང་། དཱེ་བ་ཨ་ཀར་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཆོས་སྐྱོང་ལ་བདུད་རྩི་བསྲེག་ཅིང་། ས་མ་ཡ་གནྟེ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བན་བོན་ལ་ཁྱི་ལུད་གུ་གུལ་ཚིལ་ཆེན་བསྲེག་ཅིང་། ཏི་བི་ནི་ཤྲཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཀླུ་ལ་མུ་ཟི་དང་གླ་རྩི་བསྲེག་ཅིང་། ནཱ་ག་པུས་པེ་ཡི་ཤྲཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས། འགོ་བའི་ལྷས་བླ་སྟོང་དུ་ཡེ་མ་འདོད་ན། སྔགས་འདིས་ལྷ་དང་བཅས་པ་དབང་དུ་བསྡུའོ། །ཡུངས་ཀར་ཐལ་ཆེན་དུག་ཁྲག་རྣམས་ཀྱིས་ལིང་ག་ལ་བྲབ་ཅིང་སྔགས་འདི་བཟླས། ན་མོ་རཏྣ་ཏྲ་ཡཱ་ཡ། ཙ་ལ་ཙ་ལ་པྲ་ཙ་ལ་པྲ་ཙ་ལ། ཤི་གི་ཤི་མི་ཡེ་སྭཱ་ཧཱ། ཞེས་པ་རྣམས་དང་། དམ་ཉམས་པའི་དགྲ་བོ་ཆེ་གེ་འདི། ཕོ་ལྷ་དང་ཕྲོལ་ཅིག་ནས། གྲོགས་བྱེད་པ་ཐམས་ཅད་ཕྱེས་ཤིག །ཅེས་དབྱེ་ཚུལ་བྱ། ལིང་ག་ལ་སྒྲོ་གཉིས་ཀྱི་དུག་ཆུ་གཏོར། ཁོའི་འགོ་བའི་ལྷ་རྣམས་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་དུ་སོང་བར་བསམ་མོ། །བླ་འགུགས་པའི་དུས་བཞི་ལས། བདུད་དམག་ལ་རུབ་པའི་དུས། ནུབ་ཀྱི་གྲིབ་སོ་བྱུང་བ། སྲིན་པོ་ལྟོ་ལ་རུབ་པའི་དུས། ས་སྲོག་པའི། གཤིན་རྗེ་གཞན་ལ་འཛུམ་པའི་དུས། ཐོ་རངས་སྐྱ་རེངས་ཤར་བའི་དུས། གནོད་སྦྱིན་ཁ་གདངས་པའི་དུས་དང་བཞིའོ། །ཞོག་པར་གྲིབ་སོ་ཕྱར་རེ་བྱུང་བ། དེ་ལྟར་ལྷ་དང་དབྲལ་ནས་དགུག་པར་བཤད་དེ། དམར་པོ་འདས་མདོ་ལས། དང་པོ་ལྷ་དང་དབྲལ་བར་བྱ། །ངེས་པར་ཁྲོས་ནས་ཁུག་པར་དགུག །འབར་མ་ཕོ་ཉའི་བླ་རྐུན་བཏང་། །ཞེས་པ་ལྟར་རོ། །དགུག་པ་དངོས་ནི། སྒྲུབ་པའི་དུས་སམ་ལོངས་དང་ལྡན་ན། གསལ་བརླབ་དང་། བདེན་པ་བརྗོད་ནས་ཁུག་ཅིག་གི་བར་བྱ། སྒྲོས་ལིང་ག་ལ་དུག་ཆུ་གཏོར། བུད་མེད་ཅིག་ཁྱེད་རིངས་སུ་ཕྱུངས། དབྱར་སྣང་ནང་དུ་བརྗེས། གདོང་ཁྲག་གིས་བྱུག །ལག་པ་གཡས་པས་སླེའུ་ནག་པོ་གདབ། གཡོན་པས་ལྕགས་ཀྱུས་ལིང་གའི་སྙིང་ག་ནས་དྲང་ཞིང་འོ་དོད་འབོད། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུ་སྐར་མདའ་བཞིན་དུ་འཕྲོས། གངས་དཀར་པོ་ལ་སོལ་བ་ནག་པོ་བཏབ་པ་བཞིན་དུ། དགྲ་བོའི་སྙིང་གི་དཀྱིལ་གྱི་རྣམ་ཤེས་རྟེན་བཅས་ཀྱི་ངོ་བོ་ནྲྀ་ལྗང་གུ་ལ་ཕོག །ཁབ་ལེན་གྱི་ལྕགས་དྲངས་པ་བཞིན་དུ། རྣམ་ཤེས་རྟེན་དང་བཅས་པ་དྲངས་ནས། ལིང་ག་ལ་ཐིམ་པས་དགྲ་བོ་དངོས་སུ་གྱུར་པར་བསམ་པའམ། ཡང་ན་ཁ་སྐོང་ནས་བཤད་པ་བཞིན། བདག་གི་ཐུགས་ཀ་ནས་ཛཿདམར་པོ་གཅིག་འཕྲོས་པས། ལྷ་མོ་དང་། ཁྲོ་མོ་ལྕགས་ཀྱུ་ཐོགས་པ་གྲགས་མེད་པ་འཕྲོས་པས། དགྲ་བོའི་སྙིང་དཀར་ནག་གི་མཚམས་ནས་དྲངས་ནས་རྣམ་ཤེས་བཀུགས་ནས་ལིདྒ་ལ་བསྟིམ། ཞེས་པ་ལྟར་བསམ། པྲ་ཝེ་ཤ་ཡ་ཕཊ། ཨ་ཨ་གཟུགས་ཀྱི་སྙིང་གཤགས་ཏེ་ཕྱེས་ལ་བསྟིམ་པས། དགྲ་བོ་དངོས་སུ་གྱུར་ཏེ་ལུས་རིད་ཅིང་སྐྲ་འཛིངས་པ། ཁ་སླེ་བ་ཧྲིག་ཧྲིག་ཤི་མིག་ལྡོག་པ། ཡན་ལག་སྦལ་པ་ལྟར་བརྒྱངས་པ། ཤིན་ཏུ་ཉམ་ཐག་པས་སྐད་ངན་ཚེར་ཚེར་སྤྱི་ཚར་དུ་གནས་པར་གྱུར་པར་བསམ། གསལ་བའི་ཕྱིར་ངག་ཏུ་བརྗོད་པའང་སྤྱང་མོའི་ངུ་ཟུག་གིས། གནོད་སྦྱིན་རྒྱལ་པོ་མ་རུ་རྩེ། །ཞེས་པ་ནས། དགྲ་བོའི་བླ་ཚེ་ཁྱེར་ལ་ཤོག །ཅེས་བའི་བར་བརྗོད། འདི་བསད་ཁྲམ་ནས་འབྱུང་། ལིང་ག་སྒྲོ་དང་བཅས་པས་གཡབ་ལ། བཤུགས་པས་འབོད་ལ་དམ་ཉམས་དགྲ་བོ་ཁྱོད་ཀྱི་བླ་རྟེན་འདི་ན་ཡོད་པས། ད་ལྟ་མྱུར་དུ་ཤོག་ཅིག་བརྗོད། འདི་ཁ་སྐོང་ཐོ་ཡིག་ནས་བཤད། བླ་ཁུགས་པའི་རྟགས་སུ་སྐྱི་ཟིང་བ་འོང་ཟེར། ཛཿཧཱུྃ་བྃ་ཧོཿ ཕྱག་རྒྱ་བཞིས་བཅིང་། ཁུག་པའི་དེ་མ་ཐག །འགྱུར་སྔ་མ་ནས་སྨ་དབབ་པའི་ཕྱིར་ཐོ་བས་བརྡུང་། ཞེས་བཤད་པས། ཕྱག་སོར་ནང་དུ་བཀུག་པའི་ཁུ་ཚུར་གྱི་ཐོ་བས་བརྡུང་ལ། ༀ་བཛྲ་ཀ་ར་མུ་ཀ་ར་ཞེས་པའི་སྔགས་དང་རྡོ་རྗེ་ཐོ་བས་གཏོགས་ལ་སོད་ཅིག །ཅེས་པའི་དམོད་པ་བྱ། གོང་གི་མཁར་བ་རང་སྔགས་དང་བཅས་པས་བརྡུང་བར་བསད་པ་ལྟར་བྱས་ལ། དེ་ནས་བྲུབ་ཁུང་དུ་གཞུག །དེ་ནས་རྦད་པ་བསད་པ་སྤེལ་མར་བྱ། ཞེས་པས། གཉིས་པ་ཡུངས་ཀར་ཐལ་ཆེན་གྱི་ཐུན་ནི། དམར་པོ་སྔགས་རྒྱུད་ལས། སྲིན་པོ་མ་རུ་རྩེའི་སྔགས་དང་མིང་བྱང་ལ་བརྡེག །དྲག་པོ་དག་ནི་བརྡེག་པར་བྱ། །ཞེས་དང་། སྙན་བརྒྱུད་ལས། རྫས་ནི་ཡུངས་ཀར་ཐལ་ཆེན་གྱིས། །ར་དང་ལིདྒ་དག་ལ་བྲབ། །སྔགས་ནི་ཤྲཱི་མཉྫུ་དང་། །རྣལ་མ་རྣམ་ཏེའི་སྔགས་རྣམས་བཟླས། །དེ་ཡི་བསམ་རྒྱུད་ཏིང་འཛིན་གྱིས་ནི། །ལོ་ཏོག་དག་གམ་མེ་ཏོག་ནི། །སད་ཀྱི་ཁྱེར་བ་ལྟ་བུ་སྟེ། །བཀྲག་མདངས་དང་ནི་མདངས་ནི་ཉམས། །ཞེས་པས་ཐུན་དངོས་ནི། མདོ་རྩ་བར། དེ་ཡང་དུག་དང་བསྭེ་ཐུན་དང་། །ཞེས་པ་དང་། སྔགས་རྒྱུད་ཀྱི་དྲག་པོ་བདག་གིས་བརྡེག །ཅེས་པའི་དོན། གཙོ་བོ་བསྭེ་གསུམ་གྱི་རྒྱུད་བསྐུལ་ཏེ། ལྷ་བཞི་ལ་སོགས་འཁོར་མངགས་གཞུག་ལས་དྲག་པོ་ལ་བསྐུལ་བ་ཡིན་པས། ཨེ་མ་ཧོ། བྱང་ཆུབ་སེམས་དཔའ་ནི། །ཞེས་དང་། བྱང་ཆུབ་ཀྱི་སེམས་ཉིད་ལ་ངོམས་ཤིང་ངོ་མཚར་ཞིང་གསལ་བའི་ངང་ནས། རང་ཉིད་ཕྱག་རྒྱར་གསལ་བའི་ང་རྒྱལ་དང་ལྡན་པས། ལྷར་གསལ་བ་ནི། དྲེགས་པ་དབང་སྡུད་ཀྱི་རྒྱུ་ལས། མཚན་མ་ལྷ་ཡི་སྐུ་བསྒོམ་ཚད། །ལྷམ་མེ་ལྷན་ནེ་ལྷང་ངེ་གསུམ། །ལྷམ་མེ་བ་ནི་མ་གདོས་པ། །ལྷན་ནེ་བ་ནི་མ་གཡོས་པ། །ལྷང་ངེ་བ་ནི་མ་བསྒྲིབ་པ། །མ་གདོས་སྣང་ལ་རང་བཞིན་མེད། །གཟུགས་བརྙན་ཆུ་ཟླ་ལྟ་བུའོ། །ཞེས་པ་ལྟར་རོ། །འདིར་བསྐྱེད་པ་ཨ་ནུ་དང་མཐུན་པས་དྲག་སྔགས་བརྗོད་པ་ཙམ་གྱིས་དྲན་རྫོགས་སུ་གསལ་བའོ། །ཨེ་ཞེས་པ་ཙམ་གྱིས་བྲུབ་ཁུང་ཡང་ངོ་། །མ་རུ་རྩེ་སྙིང་འཛིངས་ཀྱི་དྲག་སྔགས་ནས་བཤད་པའི། སྣང་སྲིད་རཀྟའི་གཞལ་ཡས་ནས། །ཞེས་པ་ལ་སོགས་ཀྱིས་བསྭེ་ཡབ་ཡུམ་གཉིས་བསྐུལ་ནས། སྲོག་འཕྲོག་པ་ཡི་ཆོ་ག །ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །ཞེས་པ་ལ་སོགས་ཀྱིས་བསྐུལ་བའམ། རྒྱས་པར་བྱེད་ན་སྨད་ལས་ཀྱི་སྐབས་སུ་ཞོན་པ་ཅན་བསྐུལ་ཟེར་བ་བཞིན་དུ། དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད། །ཅེས་པ་ལ་སོགས་བསྭེ་ཡི་སྐྱེས་བུ་ཡབ་ཡུམ་དང་། འཇམ་དཔལ་སྤྱན་གྱི་རོལ་བ་ལས། །ཡི་གེ་འབར་བའི་ཛཿཡིག་ལས། །ཞེས་པ་ལ་སོགས་མངགས་གཞུགས་བསྐུལ་ལ། དྲག་སྔགས་བཞི་བཅུ་པ་བཟླས་ཏེ་ཡུངས་ཀར་ཐལ་ཆེན་གྱིས་བྲབ། མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་བཀྲག་མདངས་ཉམས་པར་བསམ་ལ་ཁྲག་ཐིག་ལ་ཕོག །ཅེས་སོགས་བརྗོད། སྔ་འགྱུར་ཉི་མ་བདུན་བསྐོར་ལས། ཐུན་གྱི་སྐབས་སུ་བལ་མོ་དང་མ་མོ་བསྐུལ་ལ་ཁྲག་ཐུན་དབབ། ཅེས་པ་དང་། སྔགས་རྒྱུད་ཕྱི་མ་ལས། མཚན་ངན་ཐོད་པས་ཐུན་སྣོད་བྱ། །ཁྲག་སྣ་བརྒྱ་འམ་ཡང་ན་གསུམ། །ཐོད་པར་དུག་དང་བསྲེས་ལ་བླུག །ཅེས་པ་ལྟར། སྐབས་འདིར་ཁྲག་ཐུན་བརྡེག་ན། སྔ་འགྱུར་སྒྲུབ་ཐབས་ལས་བྱུང་བ་བཞིན། བལ་མོ་བསྐུལ་རྗེས་སུ། བར་འགྱུར་ནས་བྱུང་བའམ། དམ་ཉམས་འདི་ལ་ཁྲག་ཐུན་ཡ། །ཞེས་སོགས་རྐང་པ་དྲུག་གིས་འཕངས་པས། ཁྲག་གི་ཟེག་མ་རེ་རེ་ལ་ཁྲག་གི་མ་མོ་ཕྱག་ན་དུག་གི་གྲོད་པ་དང་མཚོན་ཆ་སྣ་ཚོགས་ཐོགས་པ་གྲངས་མེད་འཕྲོས། ཁྲག་ཐུན་མཚོན་ཆའི་ཆར་གྱིས་རྣམ་པར་ཤེས་པ་ནག་ཐུམས་ཐུམས་ལུས་སྲོག་བྲལ་བར་བསམ། དམོད་མོ་འདི་བཞིན་དུ་བརྗོད། དགྲ་བོའི་རྩ་རྒྱུས་ཆོད་ཅིག་ཅེས་པ་ལ་སོགས་བརྗོད་དོ། །སྔ་འགྱུར་ལས། བལ་མོ་བསྐུལ་རྗེས་སུ་བུད་མེད་ཀྱི་ཞབས་མའམ། འབོལ་ལམ། སྤེའུ་འམ། ཕེ་ཚེ་རོག་པོ་བརྡུང་ཞིང་བརྡེག །ཅེས་སོ། །གསུམ་པ་གཡང་གཞིའི་ཐུན་ནི། དམར་པོ་སྔགས་རྒྱུད་ལས། ལིང་ག་གོང་མ་དེ་བཅུག་ལ། །གཡང་གཞིའི་ཁུད་ན་བཞག་ནས་ནི། །དྲག་པོ་སྔགས་ཀྱིས་བརྡེག་པར་བྱ། །ཞེས་པ་དང་། སྙན་བརྒྱུད་ལས། གཡང་གཞིའི་བྲུབ་ཁུང་ཁ་ལ་བསྒྲལ། །དེ་སྟེང་མ་མོ་ཤ་ཁྲག་ལ། །འདུས་པའི་དཀྱིལ་འཁོར་བཞེངས་པས་ཏེ། །རས་དམར་གཡང་གཞི་རབ་བྱུགས་ཏེ། །རོ་སོལ་དག་གི་བྲུབ་ཁུང་ནི། །གྲུ་གསུམ་ཉིས་འགྱུར་བྲི་བར་བྱ། །དབུས་མ་ལ་ནི་གསུམ་པོ་ལ། །མདའ་གཞུ་འགེངས་པ་རེ་རེ་བྲི། །མདེའུ་རྩེ་དབུས་མའི་ནྲྀ་ལ་བསྟན། །ཞེས་པ་དང་། དེ་ཡང་རྫས་ནི་དྲག་པོ་དང་། །ཐལ་ཆེན་དག་གི་ཙ་ང་ཡི། །ཙིཏྟ་མིང་ཅན་དག་ལ་བྲབ། །ཅེས་པས། རྭ་སྒྲོལ་དང་སྦོལ་ནས་སོ་སོར་བསྒྲུབ་པའི་དབང་དུ་བྱས་ན། གོང་གི་ལིང་ག་ཙིཏྟའི་ནང་དུ་བཅུག །གཡང་གཞིའི་བྲུབ་ཁུང་དུ་བཞག་ལ་ཐུན་བརྡེག་པ་ཡིན་ལ། འདིར་ནི་སྔར་གྱི་བྲུབ་ཁུང་ན་ཡོད་པ་དེ་ཀ་ལ། སྔགས་བཞི་བཅུ་པས་དྲག་པོ་དང་ཐལ་ཆེན་གྱིས་བྲབ་བོ། །མ་མོ་འབུམ་ཕྲག་མཁའ་འགྲོ་དང་། །གིང་ཕྲན་འབུམ་སྡེ་ཐམས་ཅད་ཀྱིས། །ཤ་ཟ་ཁྲག་འཐུང་རུས་འཆར་བསམ། །ཞེས་སོ། །བྲུབ་ཁུང་བསྐུལ་བ་ནི། དམར་པོ་དྲག་སྔགས་གཏན་ལ་དབབ་པའི་མན་ངག་ལས་བྱུང་བའི། རྡོ་རྗེ་མེ་དཔུང་འཁྲུགས་པའི་དཀྱིལ་འཁོར་ནས། །ཞེས་པ་ནས། གཟུགས་ཕུང་ཟུངས་ཤིག་རེ་ཏྲི་མ། །ཞེས་བརྗོད་ལ་བྱད་ཐག་གིས་བཅིངས་པར་བྱའོ། །ཕུར་ཐུན་ནི། དམར་པོ་སྔགས་རྒྱུད་ལས། དེ་ནས་ཕུར་བུ་བཞེངས་གསོལ་ཏེ། །གོང་དུ་བསྟན་པ་བཞིན་དུ་གདབ། །དྲག་པོ་དག་གི་མང་དུ་གདབ། །ཞེས་དང་། སྙན་བརྒྱུད་ལས། རྫས་ནི་ཕུར་བུ་སོར་བརྒྱད་ལ། །སྲས་མཆོག་ཡ་མ་རཱ་ཛ་བསམ། །དགུང་ལ་ཐོག་ཐོག་དག་གིས་བསྐུལ། །ཞེས་པ་དང་། མདོ་རྩ་བར། རྣལ་མའི་སྔགས་ཀྱིས་ཕུར་པ་གདབ། །ཅེས་པ་དང་། ཀླད་པ་སྙིང་དང་དཔུང་པ་དང་། །ལྟེ་བ་ཡན་ལག་ལྔ་རྣམས་ལ། །ཕུར་པ་གདབ་པ་རྫོགས་པར་བྱ། །ཞེས་པས། ཕུར་པ་སོར་བརྒྱད་པ་གཅིག །སོར་བཞི་པ་བཞིའི་དང་པོ་སྙིང་སྣ་ལྕེ་གསུམ་ལ་གདབ། གཉིས་པ་མིག་གཉིས་རྣ་བ་གཉིས་དང་བཞིར་གདབ། ཡང་ཕུར་པ་གཅིག་གིས་བྱེད་ན། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་སྟོད་ཡ་མ་རཱ་ཛར་བསྒོམ། སྨད་བདུད་ཀྱི་བུ་མོ་ཁྲམ་བདག་མོར་གསལ་བ་ཟེར་བས། དེ་ལྟ་བུ་འདྲིལ་ཞིང་དགུང་ལ་ཐོག་ཐོག་གིས་བསྐུལ། ཤྲཱི་མཉྫུ་ལ་རྣལ་མ་བཏགས་པའི་མཇུག་ཏུ་ཆེ་གེ་མོ་བཛྲ་ཀཱི་ལི་ཀཱི་ལ་མཱ་ར་ཡ་ཕཊ། ཅེས་སྒོ་ལྔ་ལ་བཏབ་པའི་མཐར་སྙིང་ལ་གདབ། ལྕགས་གཟེར་བཏབ་པ་གཞིན་དུ་བསམ། རྒྱས་པར་མིག་རྣ་ལ་འདེབས་པའི་ཚེ་སྲོག་ཟན་བཞི་བསྐུལ་བ་ཡང་བཤད་དོ། །འདས་མདོ་ལེའུ་བཅུ་གསུམ་པ་ནས་བཤད་པའོ། །མགོ་ལ་ཐོབ་ཅེས་སོགས་ཀྱི་དམོད་པ་བྱ། དེ་ཉིད་ལས། གནོད་སྦྱིན་དྲེགས་པའི་དམོད་པ་འདིས། །ལྷ་དབང་རྒྱལ་པོ་བརླག་པར་འགྱུར། །བསྟན་པའི་དགྲ་བོ་སྨོས་ཅི་དགོས། །ཞེས་སོ། །ལྔ་པ་རྩང་ཐུན་ནི། དམར་པོ་སྔགས་རྒྱུད་ལས། བཟླས་པའི་བསྙེན་པ་རྫོགས་པ་དང་། །རའམ་ཁ་མཚུལ་མིག་གཉིས་རྩོམ། །ཞེས་དང་། སྙན་བརྒྱུད་ལས། རྫས་ནི་རྩང་དམར་སོར་བརྒྱད་པ། །ཨེ་ཀ་ཛཱ་ཏིར་བསྒོམ་བྱས་ལ། །ཡུམ་གཅིག་མ་མོ་བསྐུལ་བར་བྱ། །སར་ནི་ཕུར་པའི་དྲུང་དུ་གདབ། །སོར་བཞི་པ་ཡི་རྩང་བཞི་ལ། །བསྭེ་མོར་བསམས་ལ་བསྐུལ་བྱ་ཞིང་། །མིག་གཉིས་རྣ་བ་གཉིས་ཀྱིས་ནི། །ཕུར་པའི་རྩ་རུ་གདབ་པར་བྱ། །ཏིང་འཛིན་དབང་པོ་བཏོན་པའམ། །དབང་པོ་ཉམས་པར་བསམ་པར་བྱ། །ཞེས་པས། མ་མོ་བསྐུལ་བ་ནི། མཱ་ར་ཁྲག་སྐྱུག་དྲག་སྔགས་ལས། རླུང་ནག་འཚུབ་མའི་ནང་ཤེད་ན། །ཞེས་པ་ནས། རྩང་ཕུར་བུ་ཡུག་ཆར་ལྟར་ཕོབ། །ཅེས་རྩང་སྔ་མ་གདབ། བསྭེ་མོ་བསྐུལ་བ་ནི། སྔ་འགྱུར་སྒྲུབ་ཐབས་མན་ངག་ལས། བལ་ཡུལ་ནི་ཡང་ལེ་ཤོད་ཅེས་པ་ནས། སྙིང་ཁྲག་ནི་ཕོ་ལ་ཐོངས། ཞེས་རྩང་ཕྱི་མས་གདབ། དབང་པོ་བཏོན་པའམ་ཉམས་པར་བསམ། བཞི་བཅུ་པའི་སྤུ་གྲི་མཱ་ར་ཡ་ཕཊ། ཅེས་སོ། །འདིའི་སྐབས་སུ་བྲུབ་ཁུང་བསྐུལ་བ་འཐད་དེ། ཨེ་སྟོང་པ་མཚོན་ཞིང་། བྱད་ཐག་གིས་བསྒྲིལ་བ་ཡང་འབྱུང་བ་བསྡུད་པའི་རྣམ་པ་ཅན་ཡིན་པས་སོ། །དེས་ན། དམར་པོ་སྔ་འགྱུར་མན་ངག་གི་ཐེམ་ཡིག་ལས། དེ་ནས་ལིང་གའི་ཚེ་སྲོག་དྲངས་པའི་ཕྱིར། བདུན་རྩི་ཐལ་སྦྱོར་གྱི་སྔགས་དང་ཕྱག་རྒྱ་བཅས་ལ། ཨཱོྂ་ཨ་ཡུ་ཥེ་ཤི་ཀྲ་མ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་སྤྱང་ཀིའི་སྙིང་གར་བདུད་རྩིའི་ཕྱག་རྒྱ་བདག་གི་སྙིང་གར་བཅས་པས། བདག་གི་ལུས་ལ་ཚེ་སྲོག་དང་དབང་ཐང་ཐམས་ཅད་བདག་གི་ཐུགས་ཀར་ལྟེམ་གྱིས་ཐིམ་པས་བཀྲག་མདངས་གཟི་མདངས་ཐམས་ཅད་བདག་ལ་སྐྱེས་པར་བསྒོམ། ཁོ་ནི་ལྗོན་ཤིང་བཅད་པ་བཞིན་དུ་སྔོ་འདྲགས་ཀྱིས་སོང་བར་བསམ། ཞེས་པས། ལག་པ་ཐལ་མོ་སྦྱར་ཏེ་སོར་མོ་ཕྱིར་བསྐྱེད་ལ། མཐེ་བོང་གཉིས་བསྣོལ་ལ། གོང་དུ་བཤད་པ་བཞིན་བྱ། གཞན་ཡང་མདོ་རྩ་བ་ལས། ཐོ་བ་སྟྭ་གྲི་ལ་སོགས་པ། །དགྲ་བོ་དམིགས་པའི་རྟེན་ལ་བྲུབ། །ཅེས་པས། དེ་ནས་རལ་གྲིས་གཏུབ་ཚུལ་བྱས་ལ། འཇམ་དཔལ་རྣོན་པོ་དཔལ་གྱི་བཤན། །ཞེས་པ་ནས། ཉོན་མོངས་ཞེ་སྡང་མ་ལུས་བསྒྲལ་དུ་གསོལ། །དགྲ་བོ་མཱ་ར་ཡ། ཚལ་པ་ཚལ་པ་རྦད་རྦད། ཅེས་རྐང་པ་ནས་རིམ་པར་གཏུབ་སྟེ། ཆ་གསུམ་དུ་བགོས་ལ། ཆ་གཅིག་བསྟབ་པ་ནི། སློབ་དཔོན་ཆེན་པོས་མཛད་པའི། ཁྲག་འཐུང་འཇིགས་བྱེད་ཆེན་པོ་ཞེས་སོགས་གཙོ་བོའི་བསྟབ་པའི་མཇུག་ཏུ། འཁོར་གྱི་གཤིན་རྗེ་ཕོ་མོ་ལ། །ཞེས་པ་ནས། སྤྲུལ་པའི་དམག་ཚོགས་ད་རོལ་ཅིག །དེ་ནས་དམོད་བཅོལ་བྱ་སྟེ། སྒྲོལ་གིང་བདག་པོ་མ་རུ་རྩེའི་ཞལ་དུ་བསྟབ་བོ། །ཞེས་སོགས་དང་། གཤིན་རྗེའི་རྒྱལ་པོ་ཁྱེད་ཀྱི་ལྟོ་བ་ན་སྲིད་པ་གསུམ་པོ་ཡོད་དེ། ཞེས་པ་ནས། དཀོན་མཆོག་གསུམ་གྱི་ཁ་སྟོབས་སུ་མ་བཏང་བར་ཟོ་ཤིག་བརྗོད། འཁོར་གྱི་བསྟབ་པ་འདི་ཁ་ཐུན་འབྲིང་པོའི་ཏ་ནའི་སྐབས་ནས་བླང་ངོ་། །དམར་པོ་ཕྱི་འགྱུར་ལས། མཚམས་དང་ཚིགས་སུ་འོ་དོད་འབོད། །ཅེས་པ་ལྟར། མངོན་པའི་རྟགས་ཕྱུངས་ཤིག །ཅེས་སོགས་དང་། ངས་མ་ཉེས་སོ། །ཁོས་བརྒལ་ལོ། །ཁོས་ཉེས་སོ། །ཞེས་འོ་དོད་འབོད། གོང་གི་སྐབས་སྐབས་སུའང་དམོད་བཅོལ་གྱིས། འོ་དོད་བྱའོ། །དྲུག་པ་ཧོམ་ཐུན་ནི། དམར་པོ་སྔགས་རྒྱུ་ལས། སྐྱེར་པའི་ཧོམ་ལ་མེ་སྦར་ལ། །གཏོར་མ་ལིདྒ་ལྷག་མ་ཀུན། །དེ་དག་ཀུན་ལ་སྦྱིན་བསྲེག་བྱ། །ཞེས་པ་དང་། དམར་པོ་སྙན་བརྒྱུད་ལས། ཤར་ལྷོ་མཚམས་སུ་ཧོམ་ཁུང་བརྩིགས། །བཤན་པའི་ཁྱིམ་ནས་མེ་བླངས་ལ། །ཧོམ་དེ་ལ་ནི་བསྲེག་པར་བྱ། །ཏིང་ངེ་འཛིན་ནི་ཧོམ་དེ་དག །ལྕགས་ཀྱི་སྤྱང་མོ་མང་པོར་བསམ། །གཟས་པ་པོ་ནི་ཟོས་པར་བསམ། །དེ་ནས་བདུད་ཀྱི་ཉི་མ་ལ། །ཐལ་བ་རླུང་ལ་འཕྱར་ཏེ་བཏང་། །ཞེས་དང་། གཏོར་མ་དག་དང་སྦྱར་ནས་སུ། །མེ་ལྷ་རྣམས་ལ་མཆོད་པར་དབུལ། །ཞེས་པ་དང་། དམར་པོ་མདོ་རྩ་བ་ལས། ཐུན་གྱི་བྲབ་པ་རྗོགས་པ་དང་། གདུག་པ་ལྷོ་ཡི་ཧོམ་ལ་བསྲེག །ཅེས་པ་དང་། འདས་མདོ་ལས། ཕུར་བུ་ཐེབས་དང་ལས་རྫོགས་ནས། །མེ་ཡི་དཀྱིལ་འཁོར་བསྐྱེད་བྱས་ཏེ། །གདུག་པའི་ཤིང་ལ་དྲག་པོས་བསྲེག །ཧོམ་སྒྲུབ་མེ་ཡི་གབ་གཏེར་ཡིན། །ཞེས་པ་དང་། ཡང་མདོ་རྩ་བར། མ་ཏྲཾ་ཚུལ་བསྐོར་ཧོམ་གྱི་ལས། །མ་ཧཱ་དེ་བའི་སྙིང་གར་བཅའ། །ཞེས་དང་། སྔ་འགྱུར་དམར་པོ་བདུན་སྐོར་ལས། ཧོམ་གྲུ་གསུམ་དུ་བཙལ་ལ། ཧོམ་དེ་ཉིད་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་གཅིག་ཏུ་བསྒོམས་ལ། དེའི་ཞལ་དུ་བསྟབ་པར་བསམ་མོ། །ཞེས་པ་དང་། ཡང་ཁྲག་གི་སྤྱང་མོ་མགོ་དགུ་འབུམ་གྱིས་གཟས་པ་པོ་ཟོས་པར་བསམ། ཞེས་ཀྱང་འབྱུང་ཞིང་། ལིང་ག་རྣམས་མཚོན་གྱིས་གཏུབ་ཅིང་ཧོམ་དུ་བསྲེག །དེ་ནས། ཧོམ་དུ་སྟོབ་བྱའི་ལྕེ་སྤྱང་ནག་མོ་ཁྲག་གི་རལ་པ་ཅན་ཁ་གནམ་ས་བར་སྣང་དུ་གདངས་པ། མཆེ་བ་གཙིགས་པས་ནད་ལྕེས་སྟོང་གསུམ་སྙབ་པ། གདུག་པའི་ང་རོས་སྤྱང་ངུས་དི་རི་རི་ཟེར་བ། སྡེར་མོ་ཟངས་མདོག་དམར་པོ་འདུག་པ། དགྲ་བོའི་རྣམ་ཤེས་ལ་སྡོད་ཅིང་ཟ་བ། སྡེར་མོའི་རྩེ་མོ་ལ་ལྕགས་ཀྱི་སྦར་ཤད་ཀྱིས་དགྲ་བོའི་ཙིཏྟ་ཕྱུངས་ཏེ་བར་མ་ཆད་པར་འོངས་ཏེ། གཙོ་བོ་ཡབ་ལ་བསྟབ་པར་བསྒོམ་མོ། །དེ་ནས་མཱཾ་སའི་དུད་པ་བཏང་ལ་འབོད་པ་ནི། དམར་པོ་བདུན་བསྐོར་ལས། ཀྱེ། སླུག་མོ་ལ་འབེན་བཅས་ཀྱིས། ཞེས་པ་ནས། ཕྲིན་ལས་བདག་མོར་གཤེགས་སུ་གསོལ། །བརྗོད། ཧོམ་བསྐུལ་བ་ནི། མ་གཡེལ་ཅི་བགྱིས་རྣམས་དང་སྲིན་མོའི་ཚོགས། །ཞེས་པ་ནས། མིང་པོ་རྡོ་རྗེ་ལས་མཛོད་ཅིག །རུ་རུ་ནས། ཤག་ཅེས་བརྗོད་ལ་ལིང་རོ་ཆ་གཅིག་ཧོམ་ཁུང་དུ་བསྲེགས་ལ། ཀྱཻ། སྤྱི་རུ་ནི་ཀྱེ་ད་རེ། ནང་དུ་འཁྲུགས་པ་རེ་ཞེས་པ་བྱས། སྔགས་འཆང་རྒྱལ་པོའི་ངོ་ནི་དམར་ནས། ཞེས་བསྲེག །མདོ་རྩ་བར། ཡུངས་ཀར་ཁྲག་ཐུན་ཧོམ་དུ་བསྲེག །ཅེས་པས། ཁྲག་ཐུན་འདིར་བརྡེག་པར་བཤད་པ་ལྟར་བྱེད་ན། ལིང་རོ་ཧོམ་དུ་བསྟབ་པའི་རྗེས་ལ་ཁྲག་ཐུན་རྡེག །མདོ་རྩ་བར། ཐལ་བ་སྤོ་མཐོན་རླུང་ལ་བསྐུར། །ཞེས་པས། དེ་ནས་ཐལ་བ་རི་རྩེ་ལུང་ལ་འཕྱར་རོ། །པྲ་བརྟག་པ་ནི། ཚོམ་བུར་བྱུང་ན་མི་ལེགས། དངོས་མེད་དུ་སོང་ན་ལེགས་སོ། །བདུན་པ་མནན་པའི་ཐུན་ནི། མདོ་རྩ་བ་ལས། རྡོ་རྗེ་རྒྱ་གྲམ་ཁ་གནོན་ལ། །ཀ་གདན་ཀླུ་གནས་མཁར་ཁ་སྒོ། །འབར་བ་ཨེ་ཡི་ལས་སུ་བཤད། །ཅེས་དང་། ཟོར་བ་དམར་ནག་གི་རྒྱུད་ལས། བཟླས་པའི་བསྙེན་པ་རྫོགས་པ་དང་། །ཚོན་སྐུད་སྣ་ལྔའི་བྱད་ཐག་གིས། །དེ་ཡི་ཁ་བཅིངས་སྔགས་བཏབ་ལ། །ཟམ་རྡུར་སྟོང་ལམ་ཆེན་པོ་དང་། །མཁར་ཆེན་པོ་ཡི་ཐེམ་རྩར་མནན། །ཞེས་དང་། དམར་པོ་སྔགས་རྒྱུད་ལས། ལན་གཅིག་དུར་ཁྲོད་དག་ཏུ་མནན། །ལན་གཅིག་རྒྱ་གྲམ་ལམ་དུ་མནན། །ལན་གཅིག་ཤྭ་གྲོགས་དག་ཏུ་མནན། །ཞེས་དང་། གནོད་སྦྱིན་དམར་པོའི་སྲོག་སྒྲུབ་ལས། མནན་པའི་ས་ལྔ་དག་ཏུ་མནན། །མཆོད་རྟེན་ནག་པོའི་འོག་ཏུ་མནན། །ཡང་ན་ནཱ་ག་ཀླུ་ལ་གཏད། །ཡང་ན་དུར་ཁྲོད་ནང་དུ་བསྐྱལ། །ཡང་ན་གྲོག་པོ་ཁ་རལ་ལམ། །མཁར་སྲང་འདུག་པར་སྦ་བར་བྱ། །དེ་ལྟར་བྱས་ན་གདོན་མི་ཟ། །ཞེས་པ་དང་། སྒྲོལ་གིང་དམར་པོའི་མན་ངག་ལས། དུར་ཁྲོད། ཤྭ་གྲོག །སུམ་མདོ། ལམ་རྒྱ་གྲམ་དང་བཞི། རང་གི་མལ་འོག་དང་ལྔ་ཡང་ཟེར། ཕྱི་འགྱུར་ཤོག་དྲིལ་དྲུག་པ་ལས། མནན་པའི་ས་ནི། སྟག་མོ་ཁག་གདངས། ལམ་རྒྱ་གྲམ། དྲེད་མོ་ལག་གདེངས་བྲག་དང་ཆུ་འཐབ་པ། སྟོང་ལམ་ཆེན་པོ། ཟམ་རྡུར། འབྱུང་བའི་ཧྲུག །ཤྭ་འུད་མདོ། དཀོན་མཆོག་ཕོ་བྲང་ངོ་། །སྔགས་ཀྱི་ཞུབས་སུ་པྲ་མ་ཡ་ནན། ཞེས་བཏགས་སོ། །དམར་པོ་སྤྱི་ལ་བཤད་པ་ནི། ཧྲཱིཿཥྚི་བཞི་བསྐོར་གྱིས་མནན་པར་གསུངས་སོ། །འདི་དྲག་སྔགས་རྦད་ཆོད་ཡིན་པས། ཐམས་ཅད་འདི་རང་གི་བྱ་བར་གསུངས་སོ། །ཞེས་དང་། བར་འགྱུར་གཟེར་གྱི་མན་ངག་ལས། མནན་པའི་ས་ནི། ལམ་རྒྱ་གྲམ། ཧོམ་ཁུང་རྙིང་པ། ཐེམ་པའི་འོག །རི་གསུམ་རྩེ། ཆུ་གསུམ་གཞུང་། གནོད་སྦྱིན་འདུས་ས། དུར་ཁྲོད་ནང་། མཆོད་རྟེན་འོག །ཟམ་རྡུར། དེ་རྣམས་སོ། །ཞེས་པ་དང་། མདོ་རྩ་བ་ལས། དུར་ཁྲོད་དབུས་སམ་ཀ་བརྟེན་འོག །མཁར་ཁང་གནས་སམ་ཀླུ་ནག་གནས། །ཤིས་པའི་ས་རུ་མནན་པར་བྱ། །ཞེས་དང་། མ་རུ་རྩེའི་སྔགས་རྒྱུད་ཕྱི་མ་ལས། འཁོར་ལོ་ཐོད་པ་གཡང་གཞི་ལ། །སྔོ་དམར་ལྕགས་ཐག་མཁར་ནག་དཀྲིས། །ལ་ཆའི་རྒྱ་ཐམ་རེ་བས་དྲིལ། །ཐལ་བའི་རྒྱ་ཐམ་ཞབས་མས་དྲིལ། །རྒྱ་ནི་རྡོ་རྗེ་རྒྱ་གྲམ་གདབ། །ཚིག་ཆད་སོང་འདྲ། དཀྱིལ་དུ་ལཾ་བྲི་རི་རབ་བསྐྱེད། །མནན་པའི་གནས་ནི་གསུམ་གསུམ་སྟེ། །ནཱ་ག་གནས་པའི་ཕོ་བྲང་དང་། །མཁར་སྲང་འདུས་པའི་སྒོ་སྲང་རུ། །ཤྭ་གྲོག་སུམ་མདོ་དག་ཏུ་མནན། །གནོད་སྦྱིན་གནས་པའི་མདུན་སྲང་ངམ། །རྒྱ་གྲམ་ལམ་གྱི་བཞི་མདོའམ། །དུར་ཁྲོད་ཆེན་པོའི་གཏིང་དུ་སྦ། །མཎྜལ་ཆེན་པོའི་གཏིང་དུའམ། །ཡང་ན་ཧོམ་ཁུང་སྟེང་དུ་སྦ། །ལྷག་མ་རླུང་ལ་འཕྱར་ཏེ་བཏང་། །གཤིན་རྗེ་འབར་བའི་ལྷ་ཚོགས་དང་། །གནས་ཀྱི་བདག་པོ་ཉིད་ལ་གཏད། །སྔགས་བཟླས་ལོག་པའི་སྨོན་ལམ་གདབ། །ལཾ་ལས་གསེར་གྱི་རི་རབ་སྟེ། །དེ་བཞིན་གཤེགས་པའི་ཕོ་བྲང་གདབ། །བྱང་ཆུབ་མྱུ་གུ་མ་སྐྱེས་པར། །སུས་ཀྱང་གཏོར་བར་མི་འགྱུར་རོ། །ཞེས་དང་། སྔ་འགྱུར་སྒྲུབ་ཐབས་ལས། རེ་བའི་ནང་དུ་བསྟུམ་ལ་མཁར་ནག་དང་སྔོ་དམར་གྱིས་དཀྲིས་ལ། དེ་ནས་བྲག་ཁ་རལ་གྱི་བར་རམ། ཡང་ན་ཁྲོམ་ཆེན་པོའི་ལམ་མདོའམ། ཡང་ན་ཟམ་རྡུར་གྱི་འོག་གམ། ཡང་ན་ལྷ་ཁང་གི་སྒོའམ། ཕྱི་རོལ་ལམ། ཡང་ན་ཤྭ་གྲོག་ཆེན་པོའི་མདོའམ། ཡང་ན་རི་བྱང་ཤར་མཚམས་སུ་བལྟས་པའི་ས་ནག་བྲག་ནག་གམ་བྱ་མ་ནག་པོ་ཡོད་པའམ། སྐྱེར་པ་ནག་པོ་ཡོད་པའམ། ནེའུ་སེང་ལིང་ལིང་ཡོད་པར། ས་འདོམས་གང་བྲུས་ལ་དེར་གཞུག །དེའི་སྟེང་དུ་གཏོར་མ་གཅིག་བླུག །དེའི་སྟེང་དུ་རི་རབ་ཀྱི་གཟུགས་བྲིས་ལ་མནན་ནོ། །ཞེས་པ་དང་། སྙན་བརྒྱུད་ལས། དེ་ལྟ་བུ་ཡི་མནན་པ་དེར། །དོང་ནི་གྲུ་གསུམ་བྲུས་བྱས་ཏེ། །རྩེ་མོ་དགྲ་ཕྱོགས་བསྟན་པར་བྱ། །ཟུར་གསུམ་སྒྲོལ་གིང་མ་རུ་རྩེ། །བྱེ་བ་གུང་རིངས་བདུད་པོ་དང་། །རལ་པ་ཚལ་དགུ་གསུམ་བསྐྱེད་ལ། །དེ་གསུམ་གྱི་ནི་དབུས་དག་ཏུ། །གོང་གི་སྣང་སྲིད་ལྷ་འདྲེ་ལ། །དཔང་གཟུགས་གཏོར་མ་བཏང་བར་བྱ། །ལས་ཀྱི་གཤིན་རྗེ་དེ་རྣམས་ལ། །གཉེར་གཏད་དྲག་ཏུ་ལས་བཅོལ་ལོ། །རོ་གཡམ་དག་ལ་ཕྱོགས་གཅིག་ཏུ། །རི་རབ་གླིང་བཞི་བྲི་བར་བྱ། །ཕྱོགས་གཅིག་རྡོ་རྗེ་རྒྱ་གྲམ་བྲི། །དེ་ཡིས་དོང་ཁ་བཅད་པར་བྱ། །དེ་ཡི་སྟེང་དུ་སས་གཡོགས་ལ། །ཕྲིན་ལས་རྣམ་བཞིའི་བྲོ་བྱའོ། །ཞེས་པ་ལྟར་མནན་ལ། དེ་ཡི་ཕྲིན་ལས་བཅོལ་བ་ནི། སྔ་འགྱུར་ནས་འདི་ལྟར་འབྱུང་སྟེ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད། །ཡ་མཚན་ཆེ་ལ་རྨད་དུ་བྱུང་། །ཞེས་པ་ནས། འཇིག་རྟེན་མི་ཡུལ་སྐད་ཅིག་ལ་འདི་ལྟ་བུར་ཤོག་ཅིག །ཅེས་བརྗོད་དོ། །ཕྲིན་ལས་བཞིའི་བྲོ་སྤྱི་ལྟར་བྱའོ། །ཡང་འདི་ལ་ཐེ་ཚོམ་མི་ཟ་སྟེ། དོན་ལ་ཐེ་ཚོམ་མི་ཟ་བར། །སྤུ་གྲི་རྒྱབ་ལྟར་དྲག་ཏུ་ཆོད། །ཆོད་མི་ཆོད་ཀྱི་ཐེ་ཚོམ་མེད། །ཅེས་སོ། །འདི་སྣོད་མིན་ལ་མི་སྤེལ་ཏེ། སྔ་འགྱུར་གཏད་རྒྱ་ལས། བཀའ་རྐུན་དམ་ལོག་དམ་ལ་མི་གནས་དང་། །སྲབ་ལ་འཕྱར་ཞིང་དམ་ཚིག་ཉམས་པ་དང་། །ཚིག་གཅིག་ཙམ་ཡང་སྦྱིན་པར་མི་བྱ་སྟེ། །ཞེས། སྒྲོལ་གིང་བསྭེ་མོ་དཔང་དུ་བཙུགས། སྲོག་རྩ་སྐེམ་པར་ཤོག །ཙམ་མོར་སྨོས་སོ། །འདིའི་རྗེས་སུ་ཟོར་དང་། ཚེ་ཆོག་བྱ་སྟེ། སྙན་བརྒྱུད་ལས། བྱང་ཕྱོགས་ཁྲག་གི་བྷན་དྷ་ལས། །ཁྲག་སྣ་སྙིང་སྣ་དུག་སྣ་གསུམ། །ལིང་ག་གསུམ་ཆ་པོ་བླུགས་ལ། །ཟོར་གྱི་ཆོ་ག་བྱས་ནས་ནི། །ཟོར་དེ་དགྲ་ཕྱོགས་དེ་རུ་འཕང་། །ཟོར་ལ་པྲ་ཡང་བརྟགས་པར་བྱ། །དེ་ནས་ལྷོ་ཡི་ཚེ་བུམ་ལ། །རྡོ་རྗེའི་ཚེ་ནི་མི་ཉམས་ཕྱིར། །ཚེ་ཆོག་བྱ་ཞིང་ཚེ་དབང་བསྐུར། །བསྟིམ་ཞིང་བཀྲ་ཤིས་བརྗོད་པར་བྱ། །ཞེས་པ་ལྟར་རོ། །འཁྲུལ་རྟོགས་བཅོས་བསླད་ཀྱི་སྤྲིན་ཕུང་འཁྲིགས་པས། །ཡིན་ལུགས་བཅོས་མེད་ཀྱི་ནམ་མཁའ་བསྒྲིབས་ཏེ། །མེད་པ་གསལ་སྣང་གི་ཆར་གྱིས་བརླན་ན། །སྤྲོས་ཅན་དགའ་བ་ཡི་ལོ་ཐོག་བསྐྱེད་མོད། །རྣམ་རྟོག་ཁྲོ་བོ་ཡི་འདུ་འཕྲོ་མང་ཡང་། །སྔ་འགྱུར་བཅོས་མེད་ཀྱི་ཤེས་དཀར་ངོས་ལ། །གཟུ་ལུམ་རས་ཆོད་ཀྱིས་སོལ་བྲིས་མ་བགྱིས། །རྣམ་གསུམ་ཚད་མ་ཡི་དཔང་པོ་བཙུགས་སོ། །གཉུག་མ་གནས་ལུགས་ཀྱི་རང་ཞལ་བལྟས་ན། །རང་ལས་ཕྱི་རོལ་དུ་བལྟ་འདོད་མཚང་ཆེ། །གཅེས་ཕྲུག་ཚ་བ་ཡི་ནད་ཀྱིས་གཙེས་ན། །བསིལ་སྨན་གཡའ་རི་ལས་གཞན་དུ་མ་ཚོལ། །འདི་ལ་ཤེས་འདོད་ཀྱི་ཤེས་ལྡན་མཛའ་བོ། །ལམ་འདི་མ་ནོར་གྱི་མ་བཅོས་ཞུགས་དང་། །མྱུར་དུ་མངོན་སྤྱོད་དེ་མངོན་པར་གྲུབ་སྟེ། །རང་གཞན་བདེ་བ་དེ་བདེ་བླག་འགྲུབ་བོ། །བློས་དཔྱད་ནས་བརྩམས་པའི་ཚད་དང་མི་ལྡན་པས། །དེ་ཡི་ཕྱིར་བླ་མའི་གསུང་དང་ལུང་ཚད་མར་བྱས་པའི། །རྔོག་པ་བསོད་ཤེའི་བརྗེད་བྱང་ལགས་སོ།། །།ལྷ་རྗེ་དམ་པ་འགྱུར་མེད་རྡོ་རྗེའི་སྡེའི། །ཕྱག་དཔེ་སྙོམས་ལས་བློ་གསལ་རྒྱ་མཚོས་བྲིས། ༈ །ལྔ་པ་ཟབ་མོ་རྫོགས་རིམ་གྱི་སྐོར་ལ་དཔེ་ཚན་གསུམ་ཡོད་ཅིང་ནང་གསེས་ཀྱི་དབྱེ་བ་མང་བས་ཨངྐིས་མཚམས་ལེགས་པར་ཕྱེས་ནས་ཡོད་ལ། །
དམར་པོ་ཕྲ་མོ་ཀློང་དགུའི་འཆི་བྲོད་ཀྱི་མ།
དམར་པོ་ཕྲ་མོ་ཀློང་དགུའི་འཆི་བྲོད་ཀྱི་མ་བཞུགས་སོ། །ནང་གསེས་དོན་ཚན་བརྒྱད་ཡོད་དོ། །༼༡༽ སྤྲོས་ཆོས་སྐུ། བྲལ་མཁའ། བདེ་ཆེན་ལོངས་སྐུ་དཔག་མེད། གཞན་སྣང་སྐུ། །སྤྲུལ་སྐུ། མཁའ་ལ་ཆོས་སྐུ། ཉི་ཤར་ལོངས་སྐུ། མུན་སེལ་ཉི་མ་འདྲ། སྐུ། །འོད་ཟེར་འདྲ། ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །འཇམ་དེ་རྣམས་ཀྱི་ངོ་བོ། དབྱངས་མཆོད་པར་བརྗོད་པ། དཔལ་ལ་ཕྱག་འཚལ་ལོ། །འཇམ་དཔལ་དམར་པོའི་རྒྱུད་རྣམས་ལས། །རྣལ་འབྱོར་སྒོམ་པའི་ལམ་རིམ་ཞིག །འོད་ཟེར་ཟེར། དམར་པོའི་རང་གཞན། དགེ་འདུན་དོན་ཆེད་དུ། །ལེགས་པར་བཏུས་ཏེ་བསྟན་པར་བྱ། །གཞུང་དོན། ཆོས་སྐུ་ནམ་མཁའ་ཆོས་སྐུ་གཏན་ལ་དབབ་པ། སྤྲོས་དང་བྲལ། །རང་གི་ངོ་བོ་ཆོས་སྐུའི། བརྗོད་དུ་མེད། །ཀུན་གཞི་ཆོས་སྐུའི་ཞིང་ཁམས། སེམས་ཀྱི་ཞིང་ཁམས་ངེས་དོན་ཐུགས་ཀྱི་སྒོ་ནས་ཆོས། ལ། །རྒྱུ་འབྲས་ས་གཅིག་བདེ་བར་གཤེགས་པ་ལ་ཐུགས་ཀྱིས་བཤད། གཉིས་མེད་ལྷུན་གྱིས་རྫོགས། །རིགས་ལྔའི་ལོངས་སྐུ་གཏན་ལ་དབབ་པ་གཉིས་དཔེར་ན་ནམ་མཁའ། ངོ་བོའི་ལོངས་སྐུའོ། །ཞིང་ཁམས་སུ། །མཁའ་ལ་དཔེར་ན་ནམ་མཁའ། གཞན་སྣང་ཚོན་མདངས། མུན་ས། སེལ་ཉི་མ། ལྟར། །མེ་ལོང་སྐུས་ས་བཅུ་བྱང་ཆུབ་སེམས་དཔའ་ལ། བསྟན་པའི་ཚུལ་བཞིན་དུ། །ཆོས་རྣམས་སྐུ་མཐོང་བ་ཙམ་གྱིས། ལྡེམ་དང་དགོངས་པར་བསྟན། །སྤྲུལ་པ་འགྲོ་བའི་སྤྲུལ་སྐུ་གཏན་ལ་དབབ་པ། སྣང་ཚུལ་སྐུ། །གང་ངེས་མེད་ལས། འདུལ་རྒྱུ་འབྲས་ཐ་དད་པར། །ཐུགས་རྗེས་བསྟན་པའི་བྱིན་རླབས་ལས། །འགྲོ་ལ་བློ་ཆེ་ཆུང་ལྟར་དུ། གང་འཚམས་དོན་དུ་བཤད། །དབང་བསྡུད་དམར་པོ་དམར་པོ་གཏན་ལ་དབབ་པ། མཆེད་བཞི་ཡང་། །དུས་ཀྱི་རྣམ་པ་རྩི་ལྔ་བརྒྱ། ཤེས་ན། །རྩ་རྒྱུད་ནས་རྒྱས་པར་བསྟན། སྟོན་པ་ཀུན་ཏུ་བཟང་པོ་ལས། །འཁོར་གྱི་གཟུགས་སྐུ། འདུས་པའི་ཚོགས་སུ་བསྟན། །གདོང་དམར་གདུལ་བྱ་གདུག་རྩུབ་ཅན། སེམས་ཅན་མ་ལུས་པ། །ཐུགས་རྗེས་འཇིགས་རུང་ཆོས་ཉིད་ཞི་བ་ལས། དྲངས་ཕྱིར་གཏུམ་ཁྲོ་ཡིས། །སྐུ་སྤྲུལ་པ་ཞེ་སྡང་གིས་འདོད་ཆགས་བསྐྱེད་ནས་ལས་ཀྱི་སྲིན་པོས་བཏུལ་ཏེ་ཡ་མ་རཱ་ཛ་ལ་སོགས་པ་རྩ་རྒྱུད་ལེའུ་དང་པོ་དང་གཉིས་པ་ན་གསལ། གང་ལྟར་འདུལ་བའི་རིམ་པ་རུ། །རིགས་བཞི་ཡེ་ཤེས་ཁྲོ་བོར་བསྟན། །ཨེ་མ་ཧོ་རང་རིག་གཤིན་རྗེའི་གཤེད། །སངས་རྒྱས་འདུས་པའི་སྐུ་མཆོག་དཔལ། །དམར་བ་ཆོས་ཀྱི་ངང་ལགས་མོད། །རུ་ནི་ཆགས་པའི་རང་བཞིན་ཏེ། །བརྩེ་བས་ཐུགས་རྗེ་ཆེན་པོར་བསྟན། །མ་བཅོས་ཆོས་ཉིད་རྣམ་དག་པས། །མ་བཙལ་རང་བྱུང་ཡེ་ཤེས་ཀྱི། །མཉམ་གཞག་ལྷུན་གྲུབ་དོན་རྟོགས་ན། །གཉུག་མ་ཐོབ་པར་ཐེ་ཚོམ་མེད། །སྣང་སྲིད་ཡེ་ནས་ཐམས་ཅད་སྟོང་། །དངོས་པོར་འཁོར་བའི་ཆོས་ལ་མེད། །སེམས་ཅན་འདི་ལྟར་རྟོགས་པ་མེད། །རིགས་པ་རང་རིག་པ། རང་རིག་དཔེ་ཙམ་དུ། ཆོ་འཕྲུལ་ཟད། །ཆོས་ཉིད་ངོ་བོ་གཏན་ལ་དབབ་པ། སེམས་ཀྱི་རང་བཞིན་སེམས་དེའི་རང་བཞིན་ནི། །སུས་ཀྱང་མུ་སྟེགས་རྟག་པ་ལྟར་མི་འདོད། མ་བྱས་བྱེད་པ་པོས་མ་བྱས། མེད། །ནམ་མཁའི་དབྱིངས། རང་བཞིན་མཚན་ཉིད་དུ། ཡེ་གནས་སྤྲུལ་ནས། པས། །མཁས་པས་ཀྱང་ད་གདོད་བཙལ་དུ་མེད་པས། དེ་ལ་བཅོས་སུ་མེད། །ནམ་མཁའི་དཔེར་ན་གཞི་ཡི་གནས་ལུགས་ཏེ། དབྱིངས་ལ་འགྱུར་བ་མེད། །ཡེ་ཤེས་རིག་པའི། ཉི་མ་དེ་ལ། འཆར་ནུབ་མེད། །ཡེ་ནས་གདོད་མ། སྤྲོས་པ། བྲལ་བ། རྟོག་པའི། འཛིན་པ། མེད། །པའོ། །ལྷུན་གྱིས། གྲུབ་པའི་འབྲས་བུ་བསྟན་པའི། སྐུ་ལ་འཕོ་འགྱུར་མེད། །དེ་ལ་རྣལ་འབྱོར་པ། ཡེངས་མེད་མ་ཡེངས་བསྒོམ། །བསྒོམ་པས་ལམ་ལ། གོམས་པར་གྱུར་པ་དང་། །འཇམ་དཔལ་དམར་པོའི་དོན་སེམས་ཀྱི་ངོ་བོ། མཐོང་བའོ། །ཨེ་མ་འཁྲུལ་པ་གཏན་ལ་དབབ་པ། ཧོ། ཡོད་མེད་རྟག་ཆད་འཁྲུལ་པའི་མཐའ། །གང་བརྗོད་ཀྱང་། སངས་རྒྱས་སེམས་ཅན་གང་གིས་ཕྱེ། །བདེ་དང་སྡུག་བསྔལ་ནོར་བའི་ལམ། །སྒྱུ་མ་ལྟ་བུ། སྨིག་སྒྱུའི་ལྟ་བུ། སྣང་བ་ལ། །ཡིན། རྟོག་པའི་རྣམ་པར། དྲི་མས་ཅི་ལ་སྒྲིབ། །སེམས་སྟོང་པ་དེ་ལ། དཔེར་ན། རང་བྱུང་རང་བཞིན་རྟོག་པ་བྱུང་ཡང་སེམས་ལས་བྱུང་། ནམ་མཁའི་སྤྲིན། །ལྟར་དེའི། དེ་དོན་མ་ཤེས་སྒྲིབ་བྱེད་མང་པོ། རྟོག་པས་བསྒྲིབ། །དེ་ལྟར་དོན་ཤེས་གང་ལ་སྒྲིབ་བྱེད་མེད་པས། སྒྲིབ། །གཞན་ནས་བཙལ་ན། སངས་རྒྱས་གང་གིས་ཀྱང་མི། རྙེད། །དེ་ཚོལ་ན། ལོག་པར་རྩོལ་བ་ལོག་པའི་ལམ། །རང་བཞིན་མེད་པ། ལ་ཡོད་པར། རྟོགས་ན། །ཐར་པ་ཐོབ། པའི་དུས་མེད་སྡུག་བསྔལ་དུ་གཏན་དུ། འཁྱམས། །པར་འགྱུར་རོ། །ཨེ་མ་ཧོ། དང་པོ་གཏན་ལ་དབབ་པ། འཇམ་མ་ཤེས་པར། དཔལ་མ་རུ་རྩེ་ཞེས་པ། །ཀུན་གཞི་རང་གི་རིག་པ་སེམས་ཀྱི་སྙིང་པོ་ཡེ་ཤེས་ཡིན། སེམས་ཀྱི་སྙིང་པོ་ཡིན། །ཀུན་རིག་སྙིང་པོ་རང་རིག །འོད་གསལ་ཏེ། །རྟོག་པའི་སྤྲིན་གྱིས་བསྒྲིབས་གྱུར་ན། །དེ་དག་ལས་བསྟན་པ། གསལ་བར་བྱ་བའི་ཕྱིར། །རྟོག་ཚོགས་སེམས་བཟུང་། དང་པོ་ཧཱུྃ་ལ་བསྡུའོ། །ཡེ་ཤེས་རིག་པ་ཧཱུྃ་ལས་སྤྲོ། །གཉུག་མ་དྲི་མེད་ཧཱུྃ་ལ་བཟུང་། །སངས་རྒྱས་ཆོ་འཕྲུལ་ཧཱུྃ་ལས་བསྐྱེད། །འཛིན་རྟོག་ཧཱུྃ་གིས་ལ་བཟླས་སྟོང་། །ཧཱུྃ་ལྔ་སྦྱངས་པས་ངོ་བོ་མེད། །ངོ་བོ་མེད་པའི་སེམས་ཀྱི་སྐུ། །འདི་རྣམས་ཐར་པའི་ལམ་བསྒོམ་པ་དང་སྦྱར་ཏེ་བཤད། དེ་ཉིད་དོན་མཐོང་མ་རུ་རྩེ། །སེམས་ཉིད་ལྟ་བ། འོད་གསལ་དྲི་མ། མེད་པ། རྗེན། །པ་དེ་དང་། རྒྱུ་རྐྱེན་གྱིས། རྩོལ་བས་མ་བྱས་ཏེ། མ་བཅོས་རང་བཞིན་མེད་པ། །སྤྲོས་པའི་མཐའ། དང་བྲལ་བ་ནམ་མཁའ་བཞིན། །དུ་རྟོགས་ན། དེ་ལྟར་རྟོགས་པ་འཇམ་དཔལ་གྱི། སྐུ། །ཐོབ་པའོ། །ཡོད་པ་དང་མེད་པ་དང་། རྟག་པ་དང་། ཆད་པ། གང་བརྗོད་ཀྱང་། །ལྟོས་པའི་ཡོད་པ་ལ་ལྟོས་ནས་མེད་པ་འབྱུང་། ཟླས་གྲངས་ཡོད་ཞེས་ཀྱང་མ་གྲུབ་ན་མེད་པ་གང་ལ་བཞག་སྟེ་ལྟོས་ཆོས་ཀྱི་མཐའ་དང་མུ་འབྱུང་བའོ། །འཛིན་པའི་ཆོས། །བཟླ་ཚིག་བྲལ་བ་མཐའ་བྲལ་སྐུ། །དེ་དང་བྲལ་ན། ཡེ་ནས་གཞི་གནས་ལུགས། ཡིན་པ་འདི་དོན་ཏེ། ཡེ་ནས་ཤེས། །ཡེ་ཤེས་ཉི་མ་ཞེས་བྱ་སྟེ། རང་ལ་ཤར། །རང་རིག་ཞེས་བྱ་སྟེ། ཡེ་ཤེས་རང་གི་སེམས། ཁོང་ནས་འབྱུང་། །ལྟ་བས་སྤྱོད་པ། དེ་ཡི་དོན་རྟོགས་ན། །མ་རུ་རྩེ་ཡི་དོན་རྟོགས་པས། །ཇི་ལྟར་དགེ་སྡིག །སྤྱོད་པ་བདེ་ཆེན་གྲོགས། །མ་བཙལ་གཞི་གནས་ལུགས། མ་བསྒྲུབ་མ་བསྒོམ་ཀྱང་། །ངེས་པའི་དོན་ལས་བྲལ་བ་མེད། །ལས་ལ་བརྩོན་ཞིང་རྩོལ་བས་ཀྱང་། སྒྲུབ་སྐྱོན་མེད་པས། །དེ་ལྟར་རྟོགས་པ་མཐར་ཕྱིན་ན། །དགེ་དང་སྡིག་སོགས་ཅི་སྤྱད་ཀྱང་། །དོན་དུ་འགྱུར་བ་ཐེ་ཚོམ་མེད། །ངེས་དོན་དམོད་པ་བསྟན་པ། སྙིང་པོའི་དྲག་སྔགས་དང་། །ཆོ་ག་ཐབས་ཀྱི་ཡན་ལག་དང་། །གཉེན་པོ་བསྒོམ་ཐབས་བཟླས་པ་ཡིས། །གང་དམིགས་འགྲུབ་པར་ཐེ་ཚོམ་མེད། །དེ་སྐད་དམར་རིན་པོ་ཆེ་ཉི་ཟླ་ལས། པོའི་རྒྱུད་ལས་གྲགས། །ཨེ་མ་ཧོ། སྟོང་ཉིད་ལྟ་བ་ལ་བཟླ་བ། སྤྲོས་བྲལ་མ་བཅོས་པ། །མ་ནོར་བའི་ཆོས་ཉིད། ཇི་བཞིན་ཅིར་སྣང་ཐམས་ཅད། དེ་ཁོ་ན། །དང་པོ་ལ་བློས། ཅིར་ཡང་མི་དམིགས་པ། །འདི་ལྟར་རྟོགས་པའི་འཁྲུལ་པ། སྣང་བ་ཐམས་ཅད་ཀུན། །རང་རིག་འཁྲུལ་ནས་སྣང་བ་ལས། སེམས་ལས་མ་གཡོས་ཏེ། །ཐུགས་རྗེ་སྣང་བ་གང་ཤར་ཡང་། རང་སྣང་ཤར་བའོ། །རང་རིག་གི་སེམས་གཉུག་མ། སེམས་ཀྱི་ཆོ་འཕྲུལ་ཇི་ལྟར་སྣང་བ་དེ། ནི། །དེ་བཞིན་ཉིད་དུ་བློ་ཆོས་ཉིད་སྤྲོས་བྲལ་རྟོགས་པའི། ཐག་བཅད། །དེ་རྟོགས་པ་ནི། བསྟན་པའི་ནམ་མཁའ་ལ་དམ་ཅན་དངོས་སུ་འདུས་པའི་རྣལ་འབྱོར་པ་དེས། སྙིང་པོ་ནི། །བསྟན་པའི་སྙིང་པོ་གང་གནས་པར། །དམ་ཅན་སྲུང་མ། ཡོངས་ཀྱི། སྲོག་ཀྱང་། དེ་ན་གནས། །སོ། །རྟོགས་པ་འདི་ལྟ་བ། དེ་ཡིས་དྲེགས་པ་དམ་ཅན་ཐམས་ཅད་ཀྱང་། དབང་བསྡུད་པས། །རྟག་ཏུ་མཚན་མ། མེད་པ། ཆོས་ཉིད་བསྒོམ། །མོ། །ཆོས་ཉིད་སྟོང་པའི་ངང་ལས་རིག་པ། སྤྲུལ་པ་ཁྲོ་བོར་བསྐྱེད། །ཅིང་བསྒོམ་མོ། །གསལ་བའི་ནམ་མཁའ། ཚད་དང་ལྡན་ན་དྲོད། །དེ་སྐད་དམར་པོའི་མདོ་རྒྱུད་ཐུགས་ལས། རྒྱུད་ལས་གྲགས། །གསང་བ་སྔགས་གཏན་ལ་དབབ་པ་དང་ཐེག་པ་གཏན་ལ་དབབབ་པ། སྔགས་ཀྱི་ངོ་བོ་ཉིད། །ཡིན་ཏེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། །ཇི་བཞིན་མ་བཅོས་དེ་བཞིན་ཉིད། །སྟོང་པ། ཉིད་སྤྲོས་པ། དང་བྲལ་བའི་སྐུ། །གཏན་བསྟན་པ་སྐྱོང་བ། ལ་འབེབས་པར་བྱེད་པ་ལ། །ཆེ་ཆུང་། བློ་ཡི་མཐོ་དམན་བྱེ་བྲག་གིས། །དཀྲི་དྲང་ཐེག་པ་ཆེ་ཆུང་། བསམ་ཡས་བསྟན། །དེ་ཡང་དམར་པོའི་རྒྱུད་དག་ལས། །བསྟན་པའི་གསུང་རབ་ཇི་སྙེད་པ། །སེམས་ཅན་དོན་དུ་རྒྱལ་བས་བསྟན། །རྣལ་འབྱོར་ཡང་རབས་བློ་ལྡན་ལ། །གསང་བ་སྔགས་ཀྱི་ཐེག་པ་ནི། །བསྐྱེད་དང་མ་ཧཱ། རྫོགས་དང་ཨ་ནུ། རྫོགས་པ་ཨ་ཏི། ཆེ། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣམ་གསུམ་བསྟན། །བསྟན་པ་འཛིན་པ་དང་བསྟན་པ་བསྲུང་བའི་ཕྱིར། གསང་སྔགས་གཏན་ལ་དབབ་པ། ངོ་བོ་དེ་བཞིན་ཉིད། །མ་ནོར་མ་བཅོས་གསང་བའི་སྐུ། །སྟོང་པ་ཉིད་ལ་གང་གནས་པའོ། །རྣལ་འབྱོར་དགོངས་པའི་དོན་འཚོལ་བ་སྟེ། ལ། །གནོད་དང་འཚེ་བར་གང་བྱེད་ཀྱང་། །དེ་ཡང་བར་ཆད་དགྲ་བགེགས་ཡིན། །ཆོས་ཉིད་བསམ་དུ་མེད་པ་ལ། །སྤྲོས་དང་བྲལ་བའི་དོན་བསྟན་པས། །གདོང་དམར་ཐུལ་བར་མ་གྱུར་པས། །འཇིག་རྟེན་དྲེགས་པ་ལས་ལ་བཀོལ། །དེ་ཡང་དམར་པོའི་རྒྱུད་དག་ལས། །བདག་ཅག་འཇིག་རྟེན་དྲེགས་པ་ཅན། །གདུག་པ་དང་། དམོད་པའི་སྲོག་སྔགས་བསྟན། །རང་བཞིན་གཏུམ་ཞིང་གདུག་པ་ཡིས། །བསྟན་པའི་བར་ཆད་ངེས་པར་འཇོམས། །དཔའ་བོས་བསྟན་པ་བསྲུང་བ་ཡིས། །ལས་སུ་བཀོལ་ནས་གནང་ལ་དབབ། །བདག་ཅག་འཁོར་བཅས་བཀའ་སྩལ་ཉན། །བསྲུང་བར་བྱ་བའི་བསྟན་པ་གང་། །ཡིན་དྲིས་པ་དང་། སྟོང་པ་ཉིད་ནི་གང་ལ་བྱ། །སེམས་ཀྱི་ངོ་བོ་ཇི་ལྟར་ལགས། །དེ་སྐད་དྲིས་པས་ལེགས་པར་འབྱུང་། །སེམས་ཉིད་བསྟན་པ་བཤད་དེ། འོད་གསལ་འདི་ཡིན་ཟབ་བོ། །ངོ་བོ་ནི། །ལན་བཏབ་པ། སེམས་ཉིད་སྤྲོས་དང་བྲལ་བའོ། །རྫོགས་རིམ་བསྟན་པའོ། །མ་སྐྱེས་ཅིར་ཡང་མི་གནས་པ། །སྨྲ་བསམ་བརྗོད་མེད་ཤེས་རབ་བོ། །འོན་ཀྱང་ཡང་དྲིས་པ། སྟོང་ཉིད་གང་ལ་གནས། །ཆོས་ལན། ཉིད་བཅོམ་ལྡན་འདས། ཐམས་ཅད་ཀུན་ལ་གནས། །ཆོས་ཉིད་གང་གི་གང་ལ་གནས་ན། ཐམས་ཅད་སེམས་ཅན་ཀུན་གྱི། སེམས་ལ་གནས། །སེམས་ཞེས་ཡང་དྲིས་པ། བྱ་བ་གང་ལ་གནས། །སྟོང་ཉིད་ལན། ནམ་མཁའི་གང་ལ་གནས་ལ། ངང་ལ་གནས། །ནམ་མཁར་ཅིར་ཡང་མི་གནས་ཏེ། །གཞན་དུ་ལོག་གཅིག་གམ། བརྗོད་དུ་མེད་པའོ། །རྡོ་རྗེ་སེམས་དཔའི་ངོ་བོ་ཡིན་ཏེ་གང་ལ་གནས་ན། ཉིད། །སེམས་ཅན་ཀུན་གྱི་སེམས་ལ་གནས། །གང་ཞིག་དེའི་དོན་མཐོང་ན། མཐོང་ན་དེ་ཉིད་རྡོ་རྗེ་སེམས་དཔའ་དེ་ཉིད། མཐོང་། །དེ་ཕྱིར་མཐོང་བར། འདོད་ན་རང་གི། སེམས་ལ་བཙལ། །སེམས་ཉིད་སྤྲོས་པ། དང་བྲལ་བ་ཡིན། ལ། །དེ་ཕྱིས། རྣམ་པར་རྟོག་པ་མ་འཇུག་ཅིག །འཁོར་བར་ལྟུང་བས། རང་བཞིན་ཡོངས་སུ་དག་པའི་ཕྱིར། །སེམས་ཅན། ཀུན་ཀྱང་བདེ་བ། ཆེན་པོའི། བྱང་ཆུབ་ཀྱི། སེམས། །རྟོག་པ་དང་། བྲལ་བ། དྲི་མ། མེད་པ། རྣམ་པར་དག །པའི་སྐུ། སྤྲོས་པ་དང་། བྲལ་ཆོས་ཉིད། སྟོང་ཉིད་ཆོས་ཀྱི་དབྱིངས། །ཀྱི་ཡེ་ཤེས་ཡིན་པ་དེ་ཉིད། དབྱིངས་དེ་ཡང་། མ་སྐྱེས་མ་གཡོས་པར། དབྱེར་མེད་ཡིན། ཀྱང་། །དེ་ལྟར་མ་རྟོགས་པའི། སེམས་ཅན་ལ། །ཇི་ལྟར་འདུལ་བའི་ཆོ་འཕྲུལ་བསྟན། །པའོ། །རྫོགས་པའི། སངས་རྒྱས་རྣམས་ཀྱི་ཐུགས། ཡེ་ཤེས་ནི། །རྟག་ཏུ་རྣམ་རྟོག་མེད་ལས་བྱུང་། །དེ་ལྟར་ཐུགས་ཡེ་ཤེས་ཀྱི། དོན་རྟོགས་རྣལ་འབྱོར་པས། །འཇམ་དཔལ་དམར་པོའི་ཞེས་བྱ་བ་དེ་ཡན་ཆད་རྫོགས་རིམ་མོ། །དོན་མཐོང་བའོ། །རྫོགས་པའི་རིམ་པའི་ངང་བསྐྱེད་རིམ་བསྟན་པ། ཉིད་ལས། །བསྐྱེད་པ་མཚན་བཅས་ལྷའི་སྐུ། བསྒོམ་པ་ཡང་། །རང་བཞིན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཉིད་ལས་མི་དམིགས་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། བའི་ཕྱིར། །སེམས་ཉིད་ཡི་གེའི་རྒྱུའི་ཏིང་ངེ་འཛིན། རང་བཞིན་ཏེ། །སྣ་ཚོགས་རང་སེམས་ཡི་གེ་ཧཱུྃ་དུ་གསལ། །མ་སྐྱེས་མི་འགགས་དེ་ལས་གཟུགས་སྐུ། གཟུགས་སྣང་བ། །མཁའ་ལ་འཇའ་ཚོན། སྣང་བ། ཇི་བཞིན་དུ། །རྣམ་གྲོལ་ཡེ་ཤེས་ཁྲོ་བོའི་སྐུར། བསྐྱེད་པར་མཛོད། །དེ་གླེང་གཞི་བསྟན་པ་ལྟར་ངེས་དོན་ཐོབ་ནས། ཡང་ངེས་པའི་དོན་བསྟན་པ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །འཇམ་དབྱངས་ཡེ་ཤེས་སེམས་དཔའ་དེ། །ཁྲོ་བོ་རབ་འཇིགས་གཤིན་རྗེར་བསྟན། །པ་ཡིན། ཐུགས་ཀྱི་སྤྲུལ་པ་ཡ་མ་རཱ་ཛ། སྲས་མཆོག་འཇམ་དཔལ་དམར་པོ། སྐུ། །བསྟན་པ་ཡིན། ཡེ་ཤེས་བཞི། ལས་ནི་དམར་པོ་བཞི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་དམར་པོ་མཆེད་ལྔ། ལས་སྤྲུལ་པ་ནི། །གཅིག་ནི་འཇམ་དཔལ་མ་རུ་རྩེ། བདེ་གཤེགས་སྤྲུལ་པ་ཡིན། །གཉིས་ནི་གིང་འདུལ་བ། དང་གཤིན་རྗེ་འདུལ་བ། ཡིན། །གསུམ་ནི་བདུད་འདུལ་བ། དང་གནོད་སྦྱིན་འདུལ་བ། ཡིན། །དེ་ལྟར་མ་འཁྲུལ་པ་བསྟན། ཤེས་ལོག་པར་ཞེན། གྱུར་ན། །འཁོར་བའི་རྒྱ་མཚོ་ཆེན་པོར་ཡིན་པར་ངོ་མ་ཤེས་པས། འཁྱམས། །སྡུག་བསྔལ་རྦ་ཀློང་འཇིངས་སུ་བྱིངས། །སུས་ཀྱང་མ་མནན་པ། གནོད་མེད་པར། མནན། །ལས་ཀྱི་ཆུ་བོས་འཁོར་བར་གཡེངས། །དངོས་པོར། འཛིན་པའི་ཤེས་པ། རྐ་འགོ་ཆུ་ཡི་ཝ་ལྟ་བུ། མ་བསྒྱུར་བས། །ལས་དབང་ཆུ་བོ་རྒྱུན་མི་ཆད། །རྣམ་རྟོག་བདག་འཛིན་རི་བོས་མནན། །མནན་མཁན་རང་གིས། འབོག་པར་ཐར། དཀའ་བའི་སྡུག་བསྔལ་ཆུ་བོ། ལ། །སངས་རྒྱས་ཀྱི། ཐབས་མཁས་པའི་སྒོ་ནས། ཐུགས་རྗེ་ཆེན་པོས་ཐེག་པ་དུ་མ་བཤད་ནས། བསྒྲལ། །དེ་ལྟར་ཡོན་ཏན་བསྟན་པ། དོན་རྟོགས་དངོས་གྲུབ་ཐོབ། །ཐུགས་ཀྱི་རྩ་རྒྱུད་ལས། དངོས་གྲུབ་ཤེས་རབ་སྤྲོས་པ་མེད་པར་རྟོགས། སྟེ། །སྐུ་ཚེ་ཕྱི་མའི་དོན་ཡང་ཤེས། །ས་བཅུ་རིམ་གྱི་བགྲོད་པར་འགྱུར། །ཀུན་ཏུ་འོད་ཀྱི་ས་ཡང་ནོན། །ཕྱིར་མི་ལྡོག་པའི་དངོས་གྲུབ་ཐོབ། །ཤིན་ཏུ་སྣོད་བསྟན་པ་ལ་སྣོད་ངན་པ་ལ་བསྟན་པའི་སྐྱོན། གསང་བའི་མན་ངག་འདི། །གཞན་ལ་སྣོད་ལྡན་ཤིན་ཏུ་དཀོན་པས། བསྟན་པ་ཤིན་ཏུ་དཀའ། །དེ་ཡང་དམར་པོའི་རྒྱུད་དག་ལས། །ཐུགས་ཀྱི་མན་ངག་གསང་ཐུབ་པ། །གཞན་ལ་བསྟན་པར་མི་བྱ་སྟེ། །ད་ལྟ་བསྟན་པ་ཕན་ཆད་ནས། །ལྔ་བརྒྱ་ཐ་མ་ཚུན་ཆད་དུ། །ཤིན་ཏུ་གསང་ཞིང་གབ་པར་གྱིས། །རིགས་ལྔའི་དངོས་གྲུབ་ཡན་ཆད་དུ། །ཡལ་ནས་སྒྲུབ་ཏུ་མི་བཏུབ་པས། །དེ་ཕྱིར་ཤིན་ཏུ་སྦ་བར་བྱ། །སྣོད་མེད་རྣམས་ལ་བཤད་ན་ནི། །རྣལ་འབྱོར་གཞུང་དང་ལྡ་པ་ཡིས། །གཅིག་ནས་གཅིག་ཏུ་བསྟན་པ་ལས། །གཞན་དུ་བསྟན་ན་རང་ཉིད་བརླག །འབྲས་བུ་མནར་མེད་དམྱལ་བར་སྐྱེ། །ཞེས་སོ། །ལྟུང་བའི་ཉེས་པ་བརྗོད་མི་ལངས། །སྣོད་དང་ལྡན་ལ་བསྟན་ན་ཡང་། །ལེགས་པའི་ཡོན་ཏན་བརྗོད་ལས་འདས། །དམ་མ་ཉམས་པར་གསང་ཐུབ་ན། །རྒྱལ་བ་རྣམས་ཀྱིས་དགོངས་པར་མཛད། །ཅེས་སོ། །མཇུག་གི་དོན། ཟངས་དང་ཉི་ཟླ་མདོ་བརྩེགས་ནས། །ལེགས་པར་རྣལ་འབྱོར་ལམ་རིམ་བཏུས། །སྣོད་དང་ལྡན་པའི་རྣལ་འབྱོར་དམ་པ་ལགས་ཏེ་སྨོན། །དགེ་བ་ཐམས་ཅད་སེམས་ཅན་ཀུན་ལ་སྨོན། །འཇམ་དཔལ་དམར་པོའི་མན་ངག །ལྷ་ལྔ་ཡི། །རྣལ་འབྱོར་དུས་ཕྱི་རབས་ཀྱི་སྒྲུབ་པ་པོ་དང་འཕྲད་པར། ཆེན་པོའི་ལམ་གྱི་རིམ། །རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སློབ་དཔོ ན་པདྨ་འབྱུང་གནས་ཀྱིས་བལ་མོ་བཟའ་གསེར་ཕྲེང་ལ་གཏད་པ་རྫོགས་སོ།། །། ༼༢༽ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས་ལྟ་བའི་གནས་ལུགས་རྟོགས་པར་བྱས་ལ། ལུང་གཞན་མ་བཀབ་པར་འཇམ་དཔལ་དམར་པོའི་རྒྱུད་བསྐྲོགས་ཏེ་དྲངས་པའི་ཡི་གེ་བལ་མོ་བཟའ་ཡིས་ཡི་གེ་མན་ངག་ཏུ་གཏད་པའོ། །བཅོམ་ལྡན་གཤིན་རྗེའི་གཤེད་པོ་ལ། །འདས་དང་མ་འདས་འཇིག་རྟེན་ལས་འདས་པའི་འཁོར་དང་འཇིག་རྟེན་པའི་གནས་སོ། །འཁོར་གྱིས་བསྐོར། །དོན་གྱི་ཙཀྲ་ལྟ་བ་དང་། རྟགས་ཀྱི་ཙཀྲ་ཕྲིན་ལས། གཉིས་སུ་བསྟན་པ་ལས། །དེ་དང་དེ་བཞིན་དུ་རྟགས་ཀྱང་དོན་ཡང་འཇམ་དཔལ་དུ་བསྟན་པ། ལྟར་འདི་ཡང་བསྟན། །འཇམ་དཔལ་དམར་པོ་དེ་བཞིན་དུ་བསྟན་པའོ། །བདུད་བཞི་བཅོམ་ལྡན་འདས་ཉེས་པ། ནས་ཡོན་ཏན་ལྡན། །མཐའ་གཉིས་འདས་གཤིན་རྗེ་ནས་འཆི་ཁར་བཏུལ། །ཅེས་པ། གཤིན་གྱི་ལྷ་མ་ཧེ། གནས་པ། གཤིན་རྗེའི་གཤེད། །པོ་ཞེས་བྱའོ། །ཆེ་བའི་དོན། ཡེ་ཤེས་སྔགས་རྒྱུད་ལས། ཆོས་ཀྱི་དབྱིངས་དང་མཉམ། །འཇིག་རྟེན་ལས། འདས་ཙམ། པའི་ཕུན་སུམ་ཀུན་ཡང་ཚོགས། །པ་ཡིན་ཞེས་ཀྱང་བྱ། དཔལ་བདག་གཞན་གྱི། འབར་དབང་ཕྱུག་རྣལ་འབྱོར་གྱི་ཚོགས། འཇིག་རྟེན་ལ་གནས་པ་ཐམས་ཅད་ཅི་བདེ་བར། སྐྱོང་བའི་སྟེ། །གནོད་སྦྱིན་བསྟན་པ་ལ་བར་ཆད་ཚར་གཅོད་དེ། དམར་པོ་གཤིན་རྗེའི་གཤེད་ཀྱི་ལྷ། །བྱས་པ་མཐར་ཐུག །ཁྱོད་ནི་དེ་ལྟ་བུ། སྲིན་པའི་ཉོན་མོངས་པ་ཐམས་ཅད། འཇོམས་སྲིད་པ་སྐུ་གསུམ་དུ། བགྲོད་པས་ན། །ཁྱོད་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད། འདུལ་ལ་དབང་བའི་ཕྱིར། །ཁ་དོག་དམར་པོར་བསྟན་ནོ། །ཐུགས་རྗེས་འདུལ་བའི། ཐབས་ཀྱི་ཚུལ་གྱིས་འཛིན་དེ་ལྟར་དབང་ཡང་ལས་ཀྱི་དབང་ཡིན་རུ་ཏྲ་ལྟ་བུ། མོད་ཀྱང་། །ཀུན་བཟང་ཞི་བའི་སྐུ་ལས་ནི། །ངང་ཉིད་སྤྲོས་མེད། ཁྲོ་རྒྱལ་སྐུ་རུ་བསྟན། །རང་བཞིན་ཅིར་ཡང་མི་དམིགས་ཀྱང་། །ལོག་ལྟ་འཁྲུལ་པ་འདུལ་བའི་ཕྱིར། །ཆོས་སྐུའི་ངང་ལས་གཟུགས་སྐུར་བཞེངས། །དབྱིངས་ཀྱི་རྩ་རྒྱུད་ཀྱི་མདོ་ལས། ཡེ་ཤེས་བཞིར་ཤར་བས། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །སོ་སོར་རྟོག་པའི་ཡེ་ཤེས་དང་། །བྱ་བ་གྲུབ་པའི་ཡེ་ཤེས་གྱུར། །ཆོས་ཉིད་རྣམ་དག་ཀུན་ཏུ་བཟང་མོའི་མཁའ། །སྐྱེ་མེད་པས། རིག་པ་སྐུ། རང་ལ། ཤར་བ། ཡེ་ཤེས་བཞི། རྣམ་དག་སྐུ། །བཞི་གྲུབ། གསུང། བརྗོད་དུ། མེད་པ་དང་། སྤྲོས་བྲལ་གསུང་། གྲགས་སྟོང་ཆེན་པོའི་གསུང་། །ཐུགས། མ་སྐྱེས་མི་འགགས་པ། དབྱེར་མེད་པ། རྡོ་རྗེའི་ལྟ་བུའི། ཐུགས། །ཡོན་ཏན། ལྷུན་གྱིས། གྲུབ་པ། མི་ཟད་པའི། ཡོན་ཏན་མཛོད་ཀྱི་གཏེར། །དབྱེར་མེད་མཛད་སྤྱོད། རྫོགས་པ། ཕྲིན་ལས་ཐམས་ཅད་གྲུབ། །བཅོམ་ལྡན་སྐུ་ལྔ་དེ་ལྟ་བུའི་འཇམ་དཔལ་དམར་པོ་ཁྱོད་ལ། མཆོག་ལ་ཕྱག་འཚལ་ལོ། །བཤན་པ་སྒྲོལ་བྱེད་ཀྱི་རྒྱུད། ཆོས་ཉིད་མཉམ་ཉིད་བཤན་པ་ཁྲོས་པ་ཞེས་བྱ་བའི་མདོ་ལས། སྤྲོས་དང་བྲལ། །སྤྱོད་པ་ཀུན་བཟང་རོལ་པ་ལ། །མ་འཁྲུལ་པ་བཟློག་ཐབས། ཤེས་གཟུང་འཛིན་དབང་གིས་འཁོར། །དང་པོ་ཆོས་ཉིད་སྟོང་པ་ལས། །སྙིང་རྗེའི་རིག་པ་ཆོ་འཕྲུལ་ཧཱུྃ། །རྒྱུའི་ཏིང་ངེ་འཛིན། བདེ་ཆེན་གསང་བའི་དཀྱིལ་ལྷའི་དཀྱིལ་འཁོར་བསྒོམ་པའོ། །འཁོར་ནས། །སྤྲོས་བྲལ་དེ་ཡང་དོན་ཆོས་ཉིད། ཀུན་ཏུ་བཟང་མོའི་མཁའ། །ཀུན་གཞི་རང་གི་བྱང་ཆུབ་ཀྱི་སེམས། མ་བཅོས་པ་ཐམས་ཅད། མཉམ་པའི། ཉིད་དང་། །ཆེན་པོའོ། །གསལ་སེམས་རང་རིག་རང་གསལ་དེ་དཔེར་ན་ཤེལ་གྱི་མདོག་ལྟར། ལ་དག་པ་ནམ་མཁའི་དབྱིངས། །ལྟ་བུ་ཡིན་ནོ། །ཆགས པ། མེད་པ། སྐྱོན་འཁོར་བའི་ནང་ནས་ཀྱང་འཁོར་བ་དང་། བྲལ་བར། པདྨའི་དཔེར་ན་པདྨ་འདམ་ན་གནས་པའི་ཚུལ། གསུང་། །ཕྱོགས་ཆ་དང་། བྲལ་བ། ཀུན་ཏུ་བཟང་མོའི་དེའི། ཀློང་། །ཀུན་གཞི་སེམས་ཅན་གྱི་སེམས། མ་བཅོས་པ། རྣམ་པར་དག །པ་དེ་ཡིན། ཐམས་ཅད་འཁོར་འདས་དོན་ལ། མ་སྒྲིབ་མཉམ་པ། ཉིད་དུ ། གསལ། །བ། དག་པ། དང་མ་དག་པ་ཐམས་ཅད། རྟོག་ལས་འདས། །ཕྱོགས་ཐམས་ཅད། བྲལ་བ། མཉམ་པ། ཉིད་དུ ། ནམ་མཁའི་སྐུ། །ཆགས་པ། མེད་པ། སྐྱོན་དང་། བྲལ་བ། ཞི་བའི་ཆོས་སྐུའི། ངང་། །ཡིན། སྟོང་པ། ཉིད་སྤྲོས་པ་དང་། བྲལ་བ། ཆོས་ཀྱི་དབྱིངས། །ཀྱི་ཡེ་ཤེས། དོན། སྐྱེ་བ། མེད་པ། མ་གཡོས་པ ། དབྱེར་མེད་རྡོ་རྗེའི་སྐུ་ཡིན་པ་དེ། ཀྱང་། །དེ་ལྟར་མ་རྟོགས་པར་འཁྲུལ་པ་ཡིན། སེམས་ཅན་ལ། །ཆོས་ཉིད་བསྒོམ་པ་བསྟན་པ། སྤྲོས་དང་བྲལ་བ་ལས། །དང་པོ་དེ་བཞིན་ཉིད། མཉམ་མེད་གཉིས་པ་ཀུན་ཏུ་སྣང་བ་བསྒོམ་པ་བསྟན། མ་གཡོས་ནམ་མཁའི་ངང་། །ཐུགས་རྗེའི་སྤྲུལ་སྐུ་གཟུགས་བརྙན་འདྲ། ། དེ་ལྟར་ཡང་སྟོན་ལ། རྟོགས་པ། དང་མ་རྟོགས་པ་གཉིས་ཀ །གཞི་གཅིག་དེ། །འཁྲུལ་པ་ཙམ་ལ་དངོས། དངོས་པོའི་དོན་ལ་དབྱེ་བ་མེད། །ན་བསྟན་བཅས་ནས། ཆོས་སྐུ་ཀུན་ཏུ། བཟང་པོའི། རོལ་པ་ལས། །གསུམ་པ་རྒྱུའི་སྐུར་བསྒོམ་པ་བསྟན། གང་ལའང་། སྣང་བ། མ་འགགས་ཆོ་འཕྲུལ། བསམ་གྱིས། མི་ཁྱབ། །ཐུགས་དོན་ཡིན། ནི་སྤྲོས་བྲལ་ཆོས་སྐུའི་ངང་། །ལ་དགོངས་པའོ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས། །དེ་ཉིད་ཀྱང་། ལོགས་སུ་གྲུབ་པ་གཅིག་མ་གྲུབ། །འདི་ལྟར་ད་ལྟར་གྱི། སྣང་བ་འདི་ཁོ་ན། །འཁྲུལ་པའི་སྣང་བ་འབའ་ཞིག་ཡིན། སྟེ། །ལོགས་སུ་མ་འཁྲུལ་རྟེན་པ་གཅིག །གྲུབ་པ་གང་ལ་བྱ། །རྨི་ལམ་ལ་སོགས་པ་སྒྱུ་མ་ཡི་གེ་དཔེ་བརྒྱད་དང་། སྨིག་རྒྱུ་འདྲ། །སེམས་ཀྱི་སྒྱུ་མ་ཡང་། ཆོ་འཕྲུལ་ཟད་པ། ཙམ་དུ། །འོ། དཔེར་ན། ལྟ་བ་སྟོང་པའི་མེ་རླུང་ནག་པོ་ལས། ནམ་མཁའ་ཆོས་ཉིད་ཀྱི་ནམ་མཁའ་ལས། ལ། །རྣམ་རྟོག་སྤྲིན་གྱི་གྲིབ་མ་འཁྲུལ་པ། བྱུང་། །བ། ནམ་མཁའ་ངང་གི་སྤྲིན་བཞིན་དུ་བྱུང་ཡང་། ཡིན་ཏེ། །དེ་ལྟར་སེམས་ལ་རྟོག་པ་དེ་ཤེས་པ་རང་གི་སེམས། བྱུང་། །རྟོག་པ་ངོ་ཤེས་སླར་ལ་ཞི། །སྣང་སྲིད་མཉམ་པ་ཆེན་པོའི་ངང་། །སྤྱོད་པ་ཀུན་བཟང་རོལ་པ་ལས། །དེ་ལྟར་རྟོགས་པར་བྱ་བའི་ཕྱིར། །དང་པོ་ཆོས་གར་མཁན་མཆོག་ལས། ཉིད་ཏིང་ངེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། འཛིན། །གཉིས་པ་ཁྱབ་ཀུན་སྣང་ཉིད། པའི་ཏིང་ངེ་འཛིན། །གསུམ་པ་རྒྱུའི། ཚོགས་པའི་ཧཱུྃ་ལས་ཀྱང་། །བདག་ཉིད་འཇམ་དཔལ་མ་རུ་རྩེ། །སྐུ་གསལ་ཉིད་ནས་གྲུབ་པ་དང་། །སྙིང་རྗེ་ནམ་མཁའི་རིག་པ་ཧཱུྃ། །དེ་ལྟར་དོན་གསལ་འདོད་པ་ཡིས། །ལྟ་བའི་སྐུ། ཆོས་ཉིད་སྟོང་པ་མ་གསལ་ན་ལྷ་མདོ་རྒྱུད་ནས། ནན་ཏན་བྱ། །སྟོང་ཇི་ལྟར་བསྒོམ་ན། པའི་དོན་ཉིད་ཡང་ཡང་བསྒོམ། །དེ་ལ་སོགས་ཏེ་ངེས་པའི་ཚིག །སྟོན་པས་མཁའ་འགྲོའི་ལག་ན་རྒྱུད་རྒྱས་པ་ཡོད་པ་ཐམས་ཅད་ཀྱི་དོན་དྲིལ་བར་མི་ནུས་ཞེས་ཞུ་གཏིང་ཟབ་པ་མཁའ་འགྲོ་ཕོ་མོ་མི་བཞེད་པས་བྱེད་ནུས་པའི་རྩོལ་བ་མེད་དོ་ཞེས་བསྟན། གསུངས་པ་བཏུས་ཏེ་དྲིལ། །ཐམས་ཅད་དྲེལ་བར་མི་བོད་ཡུལ་དུ་སྤྱན་དྲངས་པ་རྣམས་ཀྱི་དོན་བསྡུས་པ་ཞུས་པ། སྤོབས་ཏེ། །རྒྱུད་དམར་པོའི་རྒྱལ་ཤས་ཙམ་སྤྱན་བལ་ཡུལ་ནས་བོད་ཡུལ་དུ། དྲངས་པའོ། །སྣོད་ངན། ཀུན་ལ་བསྟན་པར་མ་རྩ་རྒྱུད་ལས། གསུངས་ཏེ། །ཙིཏྟ་དེ་ནས་སྣོད་ལྡན་གྱི་སེམས་ལམ་ན་ངག་ཏུ་སྟིམས་ཤིག་པའོ། །ཐུགས་ཀྱི་དཀྱིལ་དུ་བསྟིམ། །ལུང་གུ་རུས་བལ་མོ། གྲངས་བཟའ་ལ། གསལ་བའི་སྒྲོན་མེ་རྫོགས་སོ།། །། ༼༣༽ བཅོམ་ལྡན་འདས་འཇམ་དཔལ་དམར་པོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བླ་མ་སྒོམ་སྒྲུབ་ཉམས་སུ་མྱོང་བའི་རྟོགས་པ་ཅན་གྱི་གདམས་པ་བཞིན་བསྒོམ། པ་དམ་པ་རྟོགས་པའི་ངང་ལས། ལམ་གྱི་རིམ་པས་དོན་འཇམ་དཔལ་མ་རུ་རྩེ་དལ་གྱི་ལམ་དེ་ཉིད་ཀྱི་གྲོལ་བའི་ཐབས། གོང་མ་ལྟར་བསྒོམ་པས་སེམས་ངོ་བོ་མེད་པའི་སེམས་ཀྱི་སྐུ་ཞེས་པ་སོགས་པ་ཡིན། རང་བཞིན་སྟོང་རང་གི་ངོ་བོ་ཅིར་ཡང་སྣང་བ་ན། པ་ཉིད་སྤྲོས་དང་བྲལ་བ། ངོ་བོ་ཀུན་རིག་སྙིང་པོ་འོད་གསལ་ཞེས། དྲི་མ་མེད་པའི་དོན་མཐོང་ཉོན་མོངས་པའི་དྲི་མས་མ་གོས་པ་ཞེས་ལམ་ནམ་མཁའ་ལྟར་རོ། །བ་དང་། ཐམས་ཅད་སེམས་སེམས་དེ་ཡང་རང་བཞིན་མེད། ཀྱི་སྣང་བར་ཐག་ཆོད། སེམས་སྣང་སྲིད་ཡེ་ནས་ཐམས་ཅད་སྟོང་། ངོ་བོ་སྟོང་པར་ཐག་ཆོད། སྟོང་སེམས་ཉིད་འོད་གསལ་དྲི་མེད་རྗེན། པ་གསལ་བ་དྲི་མེད་དུ་ཐག་ཆོད་པའི་དུས་ན། རང་རིག་འོད་གསལ་དུ་འཇུག་པའོ། །རང་རིག་འོད་གསལ་ཞེས་བྱ་སྟེ། རྟོག་པའི་དྲི་མ་མེད་པའོ། །དགེ་དང་སྡིག་པ་ཐམས་ཅད་ཁྱད་པར་མེད་དོ། །དེ་ལྟར་རྟོགས་པ་མཐར་ཕྱིན་ན་དགེ་བ་དང་སྡིག་པ་ཅི་སྤྱད་ཀྱང་དོན་དུ་འགྱུར་བ་ཐེ་ཚོམ་མེད་དོ། །ཡང་ན་ཉོན་མོངས་ཉིད་ཤར་ཡང་རྗེས་སུ་མ་འབྲང་བར་མ་བཅོས་པར་བཞག་པས་ཞིའོ། །གང་ནམ་མཁའ་ལ་སྤྲིན་སྣང་བ་ནམ་མཁར་རླུང་གི་ཆོ་འཕྱུལ་དུ་ཟད་དེ་དེ་བཞིན་དུ་སེམས་ཀྱི་རྟོག་པ་ཐམས་ཅད་ཀྱང་སེམས་སྣང་དུ་ཐག་ཆོད་དེ། ལྟར་སྤྱད་པ་དཔེར་ན་སེམས་ཀྱི་ངོ་བོ་དང་ནམ་མཁའ་སྦྱར་ཏེ་ནམ་མཁའ་ལ་སྤྲིན་འདུས་ཀྱང་རང་དྭངས་སུ་དྭངས་འགྲོ་བ་ལྟར་རྟོག་པས་སེམས་ལ་མ་གོས་པའོ། །ཐམས་ཅད་རྣལ་རྟོག་གི་འཆིང་བས་མ་གོས་ཏེ་རང་བཞིན་ནམ་མཁའི་སྤྲིན། ནམ་མཁའི་རང་བྱུང་རང་ཞིར། ངང་ལ་ཞི་བ་ལྟར་སྒོམ་སྐྱོན་བཅོས་པ་ཡང་འདིས་ཟིན་ཏེ་སེམས་སྣང་ཅི་ཤར་ཡང་འདི་སེམས་མིན་སྙམ་པར་ཤེས་པས་ཞི་སྟེ་དཔེ་ནམ་མཁའ་དང་སྤྲིན་ནོ། །སྤྱོད་པ་གང་སྤྱད་ཀྱང་ཆོས་ཉིད་ཀྱི་ཀློང་དུ་ཞི་བས་སྡིག་པས་ཀྱང་གཞི་སྙིང་པོའི་གསང་སྔགས་ངོ་བོ་དེ་བཞིན་ཉིད། དོན་ལ་སྐྱོན་གྱི་མ་གོས་ཏེ། དཔེ་ནམ་མཁའ་དང་། སྤྲིན་དང་། ཆུ་དང་། འཁྲུལ་ཚུལ་གྱི་དཔེ་ནི། ཆུ་དྭངས་པ་ལ་རྙོགས་མ་བྱུང་བ་དང་། ནོར་བུ་ཆུ་དྭངས་ཀྱིས་དབྱེ་བའམ། ཡང་ན་རྙོགས་མ་ཅན་དེ་མ་བཅོས་པར་བཞག་པས་དྭངས་པ་ལྟར་རྟོགས་པ་ཅན་གྱི་བླ་མའི་མན་ངག་གིས་བཏབ་ནས། རྙོགས་མ་ལྟ་བུའོ། །དེ་ལྟ་བུའི་དོན་དང་ལྡན་པས་ཆོས་ཉིད་བསྒོམ་པ་ལ་བར་དུ་གཅོད་པ་ལ་གནོད་ཅིང་འཚེ་བར་གང་བྱེད་པ། མཛད་སྤྱོད་བརླང་པོའི་ཕྲིན་ལས་ཀྱིས་ལས་སུ་བཀོལ་ནས་གནད་ལ་དབབ། བསྒྲལ་ཏེ། སྲོག་ལ་སོགས་པ་ལ་འབགས་ཀྱང་། བསྟན་པ་དམ་པ་བྱང་ཆུབ་ཀྱི་དོན་ལས་གཞན་མ་ཡིན་པས། སྒྲིབ་པ་དང་བྲལ་ཏེ་ཐར་པའི་གྲོགས་སུ་འགྱུར་རོ། །སྐྱོན་ཡོངས་སུ་བསྟན་པའི་མན་ངག་བལ་མོ་བཟའ་ལ་ཐུགས་ཀྱི་ཡི་གེར་གཏད་པའོ། །རྫོགས་སོ།། །། ༼༤༽ འཇམ་དཔལ་དམར་པོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་འཇམ་དཔལ་དམར་པོའི་དོན་གྱི་སྒོ་ནས་མངོན་པར་རྫོགས་པ་སངས་རྒྱ་བར་བྱ་བ་ནི། ལུང་འདི་ཉིད་ཀྱི་སྒོ་ནས་བསྒོམ་པར་བྱ་བ་ལ་བསྟེན་པ་སྟེ། རྣལ་འབྱོར་པ་དེས་སྔོན་དུ་ཡི་དམ་གྱི་ལྷ་དང་། འཁོར་གྱི་ལྷ་བསྙེན་པར་བྱས་ལ། གཏོར་ཚོགས་དབུལ་བ་དང་། བར་ཆད་བསལ་བའི་བསམ་པས་བསྒྲུབ་བོ། །བར་ཆད་སེལ་བའི་དོན་ཡང་ཆོས་བསྒྲུབ་པའི་བར་ཆད་སེལ་བ་ལས་གཞན་ཡང་མ་ཡིན་ཏེ། དེ་ལ་ཆོས་བསྒྲུབ་པར་འདོད་པ་ལྟ་བ་དང་། སྒོམ་པ་ཟུང་དུ་འབྲེལ་བར་བྱ་བ་གཅེས་སོ། །ལྟ་བ་ནི་ཐ་ཚིག་བྲལ་བས་མཐའ་བྲལ་ཅེས་ཕྱོགས་སུ་མ་ལྷུང་བ་དེ་ཁས་ལེན་དུ་བཟུང་ན་གཟུང་འཛིན་དུ་འོངས་པ་དེས་ལེན་པའོ། །ནམ་མཁའི་དབྱིངས་ལྟར་འགྱུར་བ་མེད་དོ། །ཁས་ལེན་གྱི་མཐའ་དང་བྲལ་བ་ལ། གོམ་པ་ནི་གཟུང་འཛིན་སྒྲོག་ཡེ་ནས་སྤྲོས་བྲལ་རྟོགས། དང་བྲལ་བའོ། །དེ་ཡང་ཆོས་ཉིད་སྟོང་པ་ཅིར་ཡང་མ་གྲུབ་པ་ཅིར་ཡང་རིག་པ་རང་རིག་ཆོ་འཕྲུལ་ཟད། །ཅེས་ལས་ཐམས་ཅད་སེམས་ཀྱི་སྣང་བ་ལས་སེམས་ངོ་བོ་སྟོང་ཉིད་དེ་ནི་ཆོས་ཉིད་དོ། །སྣང་བ་སྟེ། ནམ་མཁའི་དཀྱིལ་ལྟ་བུ་སྐྱོན་དང་ཡོན་ཏན་ལས་གྲོལ་བ་མཐའ་བྲལ་ཆོས་སྐུ་དེ་ཉིད་ལ་བྱ་སྟེ། ལུང་གི་ཚིག་གིས་གཏན་ལ་དབབ་པའོ། །དེ་རྟོགས་པའི་ཐབས་བསྒོམ་པའི་ལམ་གྱིས་གཏན་ལ་དབབ་པ་ནི། བདག་ཉིད་བསྟན་བདེ་བ་ལ་འདུག་ལ། ལུས་དྲང་པོར་བསྲང་། མིག་སྣ་རྩེ་ལ་དབབ། མགྲིན་པ་ཅུང་ཟད་རྒུ་བ་ལ། སྐྱིལ་ཀྲུང་བཅས་ལ་མདུན་དུ་འཇམ་དཔལ་གྱི་སྐུ་གཟུགས་བཀྲམ་ལ། དེ་ལ་སེམས་གཏད་ཅིང་བསྒོམ་པར་བྱའོ། །དེ་ལ་སེམས་བརྟན་པ་དང་རང་ཡང་དེ་ལྟར་བྱའོ། །དེ་ནས་གསལ་བའི་ཚད་དང་ལྡན་པ་དང་། ཉིན་མོ་གསུམ་དང་ལྔ་ལ་སོགས་པ་ལ་ཐུན་གསུམ་དུ་བཅད་ལ་བསྒོམ་མོ། །དེ་ཡང་མཚན་བཅས་ལྷའི་སྐུ་དེ་དངོས་ཡིན་སྙམ་པ་འབྱུང་སྟེ་མཚན་མ་མེད་པ་ལ་སེམས་སྦྱང་ངོ་། །དེ་ཡང་བདག་ཉིད་འཇམ་དཔལ་དམར་པོ་གསལ་བ་ལ། ཐུགས་ཀར་ཉི་མའི་གདན་ནམ། ཡང་ན་ཧཱུྃ་དམར་པོ་རྒྱུའི་ས་བོན་དེ་གསལ་བར་བསྐྱེད་ལ། དེ་ལ་སེམས་གཏད་པར་བྱའོ། །ངལ་དུབ་དང་འདར་བ་དང་འཕར་བ་བྱུང་ངོ་། །ཧཱུྃ་ཡང་སངས་ཏེ་སྣང་བ་དམར་ཝལ་རྩེར་འགྱུར་བ་བྱུང་བ་དང་། ཐུན་དུ་ཕབ་ལ་བྱའོ། །དེ་ཡང་ཧཱུྃ་རྟོག་ཚོགས་དང་པོ་ཧཱུྃ་ལ་བསྡུ། དམར་པོར་བཟུང་བ་དང་། ཧཱུྃ་སྤྲོས་ཟིན་པ་བརྟན་པར་བྱའོ། །དམར་དང་པོ་སེམས་མ་ཟིན་པའོ། །པོ་སྤྲོ་བ་ཡེ་ཤེས་རིག་པ་ཧཱུྃ་ལ་སྤྲོ། དང་། ཧཱུྃ་དམར་པོ་བསྡུ་བ་བརྟན་པ་བོགས་དབྱུང་བའོ། །དང་། ཧཱུྃ་དམར་པོ་བསྐྱེད་པ་བསྐྱེད་རིམ་ཚད་དུ་སྦྱང་བ་སེམས་ཀྱི་གནས་ལུགས་ལ་ཟེར་རོ། །དང་། ཧཱུྃ་དམར་པོར་ལ་བཟླ་བ་འཛིན་རྟོག་གི་ལ་བཟླ་སྟེ། དང་། དོན་ལྔས་བསྒོམ་པ་བསྒོམ་ལམ་ཧཱུྃ་ལ་བསྡུ་བ། མཐར་དབྱུང་བ་དང་། ཧཱུྃ་ལྔ་སྦྱང་པས་ངོ་བོ་མེད། ངོ་བོ་འཇམ་དཔལ་དམར་པོའི་དོན་ཚོགས་ལམ་ཧཱུྃ་བཟུང་བ། མཐོང་བའོ། །སྦྱོར་ལམ་ཧཱུྃ་སྤྲོ་བ། མཐོང་ལམ་ཧཱུྃ་བསྐྱེད་པ། དེ་དོན་རྟོགས་ནས་འཇམ་དཔལ་དམར་པོ་ཡང་སེམས་ཙམ་མཐོང་། སེམས་དེ་སྟོང་པར་མཐོང་། སྟོང་པ་དེ་གསལ་བ། གསལ་སྟོང་ཆོས་སྐུར་ཐུག་པ་དུས་དེར་དམར་པོ་གཙོ་བོར་གྲུབ་པའོ། །ངང་ལ་ངོ་ཤེས་པར་འགྱུར་རོ། །དེ་ལ་ཧཱུྃ་བཟུང་བ་ནི། འཇམ་དཔལ་དམར་པོའི་ས་བོན་རྒྱུའི་ཡི་གེ་དེ་ལ་སེམས་གཏད་དེ་བསྒོམ་སྟེ། དང་པོ་སེམས་ལ་ཟིན་པར་བྱ་བ་དང་། རྣམ་རྟོག་བཅད་པའི་མན་ངག་གོ། །ཧཱུྃ་སྤྲོ་བ་ནི། སེམས་ཟིན་པ་བརྟན་པར་བྱ་བ་དང་། བྱིང་བ་བསེང་བའི་མན་ངག་གོ། །ཧཱུྃ་བསྡུ་བ་ནི། བརྟན་པ་བོགས་དབྱུང་བ་དང་། རྒོད་པ་བསྡུ་བའི་མན་ངག་གོ། །ཧཱུྃ་བསྐྱེད་པ་ནི། སྐུ་མཚན་བཅས་ལ་སྦྱངས་ཏེ་བསྐྱེད་རིམ་ཚད་དུ་དབྱུང་བའོ། །ཧཱུྃ་ལ་ཟླ་བ་ནི། སྐུ་མཚན་མ་མེད་པ་ལ་སྦྱངས་ཏེ། རྫོགས་རིམ་ཚད་དུ་དབྱུང་བའོ། །དེ་གཉིས་ཟུང་དུ་འབྲེལ་བ་ནི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་སྟེ། ངོ་བོ་ཆོས་ཉིད་མཐོང་བའི་ཤེས་བྱ་མཐར་ཐུག་པའོ། །དེ་ཧཱུྃ་ལ་སེམས་ལྷན་གྱི་གཏད། ལ་དོན་དང་པོ་ཐུགས་ཀར་གཏད་པ་དང་། ལྟེ་བར་གཏད་པ་དང་། རྃ་ལས་སེམས་སྦྱངས་ཏེ་ཧཱུྃ་བསྒོམ་པའོ། །སྨིན་ཐིག་ལེ་ལ་སེམས་གཏད་དེ་བདེ་བར་བསྒོམ་ན། དཔྲག་ཏུ་གཏད་པ་གསུམ། དོན་གཉིས་པ་ཧཱུྃ་ཐུགས་ཀ་དང་སྣ་སྒོ་ན་སྤྲོ་བསྡུ་ལ་སེམས་སྦྱང་བ་དང་། ཁྲུ་གང་དུ་སྤྲོ་བ་དང་། དེ་ལས་རིང་དུ་སྤྲོ་བ་དང་། སྣ་རྩེར་ཧཱུྃ་གཅིག་ཁོང་པ་ནས་སྣ་རྩེར་སོང་། ཚུར་འདུས་ཁོང་དུ་སོང་། སྤྲོ་བ་དང་གསུམ། དོན་ཤེས་པ་གཏད་ལ། གསུམ་པ་ཧཱུྃ་ལ་བསྡུ་བ་དང་། དབུགས་ལ་རྟོག་པ་དབུགས་ཕར་འགྲོ་ལ་བཟུང་བ། བསྡུ་བ་དང་། སྣ་རྩེར་དྲན་པ་སྣ་རྩེར། བསྡུ་བ་དང་མིག་རྩེ། གསུམ། སེམས་རྩེ་སྤྲད་ལ་བསྒོམ། སྐུར་བསྒོམ་པ། དོན་བཞི་པ་གདན་གྱི་ས་ཨ་དཀར་པོ། བོན་བསྐྱེད་པ་དང་། ཧཱུྃ་དམར་པོ། ཐུགས་ཀྱི་ས་བོན་ༀ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ་ཕཊཿཅེས་པས། སྐུ་ལྷར་གསལ་བར་བསྒོམ། ཧཱུྃ་རིམ་པས་བསྡུས་ནས་ཐིག་ལེ་ལ་ཐུགས་པ་དང་ཐིག་ལེ་མེ་ལོང་ལ་ཧས་བཏབ་པ་ལྟར་སངས་པར་གྱུར་ནས་སྟོང་པ་ལ་སེམས་གཏད་པའོ། །བསྐྱེད་པ་དང་། སྐུའི་ས་བོན་བསྐྱེད་པ་དང་གསུམ། དོན་ལྔ་པ་ཐིག་ལེ་ལ་བཟླ་བ་དང་། ལྟ་བ་ལ་བཟླ་བ་དང་། སྟོང་ཉིད་སྤྲོས་དང་བྲལ་བ་ཅིར་ཡང་མ་གྲུབ་པར་ཁས་ལེན་པའོ། །བསྒོམ་པ་ལ་བཟླ་བའོ། །བསྒོམ་པ་ངོས་བཟུང་མེད་པའི་སེམས་ཀྱིས་སེམས་ལ་བརྟགས་པས་ཅི་ཡང་མེད་སྙམ་ལ་སྟོང་པ་སྙིང་པོ་གསལ་བ་ལ་སོགས་བསྐྱེད་པའོ། །དེ་ཡང་ཧཱུྃ་བསྐྱེད་པ་ལས། གདན་རཀྟ་ཧཱུྃ་ལས་ར་ཆད་གདན་ཁྲག་གི་རྒྱ་མཚོ་མེ་ལོང་ཙམ་ལ་སེམས་གཏད། ལ་སེམས་སྦྱོང་བ་དང་། ཟླ་བ་ཨ་ལ་སེམས་སྦྱོང་བ་དང་། འཁོར་ལོ་དེ་སྟེང་འཁོར་ལོ་རྩིབས་བརྒྱད་པ་སྒོམ། ཐུགས་མཚན་ལ་སེམས་སྦྱང་བ་དང་གསུམ། དེ་གསུམ་བརྟན་པ་ལས་སྐུ་ལྷུ ན་གྱིས་གྲུབ་པ་གཙོ་ཧཱུྃ་ལ་ཛཿམ་ལས། འཁོར་དང་བཅས་པ་བསྐྱེད་པ་རྐྱེན་གྱིས་སྔགས་ཀྱིས་བསྐྱེད་ༀ་མཉྫུ་ཤྲཱི་ཀུ་མཱ་རཱ་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཧཱུྃ་ཕཊཿཀྱིས་བསྐྱེད་པ་ལས་རང་བཞིན་གྱི་ལྷ་སྤྱན་དྲངས་ཏེ། པ་དང་བསྟིམ་པ་གཉིས་ཀྱི་མན་ངག་ནི། ནོ་པི་ཀ་དང་ཞལ་ལས་ཤེས་པར་བྱའོ། །དེའི་མན་ངག་ནི། ཧཱུྃ་ལ་སྐུ་གསལ་བ་དེ་ཡང་བསྡུས་ཏེ་ཧཱུྃ་ལ་ཐིམ་པ་དང་། ཟླ་བ་བཤད་དེ། ཧཱུྃ་དེ་གསལ་བ་དང་། ཧཱུྃ་རིམ་པས་བསྡུས་ཏེ་ཧའི་ཡི་གེ་ལ་གཏད་པས་ཤེས་པ་བསྡུའོ། །ཧཱུྃ་དེ་སྟོད་ཅེར་བསྡུས་ལ། དེ་ལ་ཤེས་པ་འདུས་པ་དང་། སྣང་བ་འགྱུར་བ་དང་། སེམས། སྟོང་པའི་ཤེས་པ་ངང་ལ་ཅན་ནེ་མེ་རེ་ལྷང་ངེས་སེམས། བཞག་པས་སེམས་བདེ་བར་འབྱུང་ངོ་། །དུས་དེ་ཙམ་ན་སྣང་བ་གྲོགས་སུ་ཚུར་འཆར་ཏེ། ཤེས་པ་རང་དབང་དུ་ཚུད་པ་དང་། གང་སྣང་ལ་ཤེས་པ་ཚུད་པ་འབྱུང་བས། དེ་ཙམ་ན་གནས་ལུགས་གཏན་ལ་ཕབ་པས་འཇམ་དཔལ་དམར་པོའི་ངོ་བོར་དེར་ཤེས་པས། འཁོར་གྱི་དམར་པོ་བཞི་མིག་གི་རྣམ་པར་ཤེས་པ་ཡུལ་ཁ་དོག་གཟུགས་དང་བཅས་པ་སྲིན་པོ་མ་རུ་རྩེ་དེས་འགྲེས། སྒྲ་དང་། རྣ་བ་དང་། སྣ་དང་། ལྕེ་ཡང་བདུད་མ་རུ་རྩེ། གཤིན་རྗེ་དང་། གནོད་སྦྱིན་དང་། དེ་བཞིན་བརྒྱད་ཀྱང་གཤོག་པ་སྐད་དེ་ཆག་ནས་གསལ་ལེ། ཡང་རང་ལ་གནས་སོ། །ལྷ་ཚོགས་ཐམས་ཅད་གྲུབ་པ་མེད་དེ་ལུས་པོར་མ་ཐག་ཏུ་ཡི་དམ་གྱི་སྐུ་ཐོབ་ནས་གནས་པ་ཞེས་བྱའོ། །ཀྱང་རང་ལ་འདུ་སྟེ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་རང་གི་གཙོ་བོ་དང་། དངོས་སུ་མཐོང་ནས་ལས་ཐམས་ཅད་མ་བཅོལ་བར་མཛད་དོ། །མཁའ་འགྲོ་ཐམས་ཅད་ཀྱི་མཐའ་ཤི་བའི་དུས་བར་དོ་ལ། བརྟེན་ཏེ། རིག་པ་འཛིན་པའི་ས་ལ་མངོན་པར་རྫོགས་པར་སངས་རྒྱས་པས་སོ། །འཇམ་དཔལ་དམར་པོའི་རྩ་རྒྱུད་ལས། ཐུགས་ཀྱི་དངོས་གྲུབ་ཤེས་རབ་ལས། །སྐུ་ཚེ་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པའི་ཚེ་ལ་དབང་བའི་རིག་འཛིན་གྱི་ལུས་དེས་ཡེ་ཤེས་པ་དེའི། ཕྱི་མའི་དོན་ཡང་ཤེས། ས་བཅུ་རིམ་དེའི་ཚེ་དེ་ཉིད་ལ་སེམས་སྣང་། གྱིས་བགྲོད་པར་འགྱུར། །ཀུན་བགྲོད་པ་ལྟ་བུའི་སེམས་སྣང་བ་ཤར་ནས་འབྲས་བུ་དེར་རྟོགས་ནས། ཏུ་འོད་ཀྱི་ས་ཡང་ནོན། །ཕྱིར་མི་ལྡོག་པའི་དངོས་གྲུབ་ལྷ་ལོ་ཀ་བུདྡྷའི་སྐུ། ཐོབ་པའོ། །ཅེས་གསུངས་སོ། །ཐར་པ་ལམ་དུ་བསྒོམ་པའི་ཡི་གེ་འཇམ་དཔལ་དམར་པོའི་རྣལ་འབྱོར་པ། འདའ་ཀའི་སྒོམ་ལུགས་རྫོགས་སོ།། །། ༼༥༽ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས་བལ་མོ་བཟའ་གསེར་ཕྲེང་ལ་འདའ་ཀ་མའི་མན་ངག་འཇམ་དཔལ་དམར་པོའི་ལུགས། སངས་རྒྱ་བའི་མན་ངག་འདི་བསྟན་ཏོ། །དང་པོ་དུར་ཁྲོད་དམ་དབེན་ཞིང་ཉམས་དགའ་བའི་གནས་དེར། གནས་ཁང་དང་མཎྜལ་བྱས་ལ། གཏོར་མ་དང་དམ་རྫས་ཀྱང་ཅི་འབྱོར་པར་བཤམས་ལ། འཁོར་ལས་ཀྱི་གཤིན་རྗེ། ཚོགས་བརྟེན། དེ་ནས་འཇམ་དཔལ་དམར་པོའི་སྐུ་གཟུགས་མདུན་དུ་བཀྲམ་ལ། སྐུ་བསྐྱེད་པའི་ༀ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མ་རུ་རྩེ་བེ་ཏ་ལི་ཞེས་པ། སྙིང་པོ་དང་། གསུང་སྒྲགས་པའི་སྙིང་པོ་དང་། ཡོན་ཏན་གྱི་སྔགས་བསྙེན་པར་འབུལ་ལོ། །བསྒོམ་པའི་རིམ་པ་ནི། དལ་གྱི་ལྷོ་ཕྱོགས་སུ་ཁ་བལྟས་ཏེ་ཕྱག་འཚལ་བའི་མོས་པ་བྱའོ། །དེ་ནས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་ལ། ལག་པ་མཉམ་བཞག་བྱ། རྟོག་པ་དྲག་ཏུ་གཟིར་ལ། སྐུ་གཟུགས་ལ་སེམས་གཏད་ལ་བསྒོམ་མོ། །མིག་འབྱེད་འཛུམ་མེད་པར་གཏད་དོ། །མཆིལ་མ་འབྱུང་ཞིང་ལུས་འདར་བ་དང་། སྐུ་གཟུགས་དམར་པོ་ལ་ཡལ་བ་འོང་སྟེ་གོང་ལྟར་བཞག་ལ་རྣམ་རྟོག་བཅད་པར་བྱའོ། །དེ་ནི་བྲིས་སྐུ་ལ་བརྟེན་ཏེ་ཤེས་པ་ཁ་ཕྱིར་བསྟན་ལ་གཅུན་པའོ། །ཤེས་པ་ནང་དུ་གཅུན་པའི་དུས་སུ་ལུས་གོང་མ་ལྟར་བཅོས་ལ། བདག་ཉིད་འཇམ་དཔལ་དམར་པོའི་སྐུ་རཀྟའི་གདན་ཟླ་བའི་སྟེང་ན་སྐུ་དམར་སལ་ལེ་བ་གཡས་འཁོར་མེ་ནི་གཏུམ་མོ་སྟེ་ཤེས་རབ་ཀྱི་རྒྱུད་ཀྱི་རྟགས་སུ་བསྟན། ལོ་དང་། གཡོན་མེ་དཔུང་དང་བཅས་པ་ལ་སེམས་གཏད་ལ། དབུགས་ཕར་དབྱུང་བ་དང་། སྐུ་དེ་དང་དེ་འདྲ་བ་མང་པོ་སྤྲོ། ཚུར་འདུས་ལ་དེ་དང་འདྲ་བ་མང་པོ་སྤྲོས་ལ་བསྡུ། དེ་ལ་སེམས་ནན་ཏན་དུ་སྦྱང་ངོ་། །ལུས་འདར་ཞིང་འཕར་བ་འབྱུང་ངོ་། །དེ་ལ་བརྟན་པ་དང་ཐོབ་པ་དང་། ཕྱི་ནང་གཉིས་རྟེན་འབྲེལ་དུ་བསྒོམས་པ་ལས་གང་སྣང་འཇམ་དཔལ་གྱི་སྐུར་མཐོང་བའོ། །ཡང་དེའི་ཐུགས་ཀར་ཧཱུྃ་དམར་པོ་ཡོད་པ་དེ་ལ་ཤེས་པ་གཏད། དབུགས་དང་སྦྱར་ལ་སྤྲོ་བསྡུ་བྱ། ཧཱུྃ་མི་གནས་པ་དབྱུང་བ་ན་དེ་ཀ་ལྟར་དུ་མི་གནས་པ་ལ་བསྒོམ་མོ། །ཧཱུྃ་གི་ཆོས་རྣམས་ཤེས་པར་བྱའོ། །བདེ་བ་ཡེ་ཤེས་དང་དབྱུང་བ་དྲོད་བསྒོམ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་གསལ་བའི་འཁོང་ན་ལྟེ་བའི་རྩ་ཨ་ཝ་དྷུ་ཏི་སྨྱུག་མ་ལྟར་དྲང་པོར་གནས་པའི་ཞབས་སུ་རཀྟའི་ས་བོན་ཡི་གེ་ལྟེ་བའི་འོག་སོར་བཞི་རུ་བསྒོམ་མོ། །དེ་རཾ་དུ་བྱས་ལ། དེ་ཡང་གཏུམ་མོ་མེའི་རང་བཞིན་དམར་ལ་ཚ་བ་དབྱིབས་ཀྱི་མདོག་ལ་ཤེས་པ་གཏད་པས་མོད་ལ་བདེ་བ་དང་དྲོད་འབྱུང་ངོ་། །དེ་དག་ཏུ་བརྡུབ་པར་བྱ་ཞིང་དགང་། དལ་བུས་བསྲིང་ཞིང་འདོན་པ་ནི་མན་ངག་དམ་པའོ། །ཐུན་ཐམས་ཅད་གྲངས་སུ་བཅད་པ་ལ་ཁམས་སྙོམས་པ་ན་ཡུན་རིང་དུ་བྱ། ཐུན་ཐམས་ཅད་དུ་དྲག་ཏུ་བྱའོ། །དམ་ཚིག་ཉམས་པ་ན་བླ་མ་སྤྱི་བོར་བསྒོམ་མོ། །རྣམ་རྟོག་བྱུང་ཚོར་གང་གི་ཡང་རྗེས་སུ་མི་འབྲང་བར་ནམ་མཁའི་སྤྲིན་ལྟར་བཅོམ། རྩོལ་སྒྲུབ་དང་བྲལ་ནས་ལུས་སེམས་མ་བཅོས་པར་ཁོང་ཀློད་ལ། ཤེས་པ་མ་བཅོས་པར་ཙན་ནེར་བཞག །ཤེས་པ་གྱི་ནར་མི་བཞག་སྟེ། རྣམ་རྟོག་ལ་དགག་སྒྲུབ་མེད་པའི་ངང་ལས། སེམས་སྟོང་པ་གསལ་བ་ལ་མ་ཡེངས་པར་བཞག །སྒོམ་ཉམས་ལ། མཚན་མ་སྣང་རྒྱུ་དང་། འཛིན་རྒྱུ་མེད་པར་འབྱུང་ངོ་། །སྣང་ལ་མ་ཞེན་པ་འབྱུང་ངོ་། །ཅིར་སྣང་ལ་ཤེས་པ་ཟིན་པ་འབྱུང་ངོ་། །ཧར་རེ་གསལ་ལ་རྟོག་པ་མེད་པ། ཙན་ནེ་སེང་ངེ་གནས་པར་བྱ། བུན་ལོང་ངེ་བ་དང་། སང་ངེ་བ་འབྱུང་བར་འགྱུར་རོ། །ཤེས་པ་མི་བརྟན་པར་རྒོད་ན་སྤྱི་བོའི་ༀ་ལ་སེམས་གཏད། ཤེས་པ་འཕངས་དམད་ལ་མིག་རྩེ་དང་སེམས་རྩེ་གཏད་ལ་སྟོང་པ་ཉིད་དུ་བསྒོམ་མོ། །ཚོར་བ་གསལ་ཆ་མེད་པར་བྱིང་ན། ཡིག་འབྲུ་ཧཱུྃ་ལ་གཏད། དབུགས་ཀྱི་འཕྲོ་འདུ་བྱ། ཤེས་པ་ཟིའམ་བསླད་པ་བྱུང་ན་ཁམས་གསེང་། དེ་ལྟར་དེའི་དུས་ན་ལྟ་བ་མ་ནོར་བ་གཅེས་ཏེ། ལྟ་སྒོམ་ཟུང་དུ་འབྲེལ་བ་ལྟ་ཐོག་ནས་སྒོམ་པ་བཙལ་ཏེ། འཇམ་དཔལ་དམར་པོའི་རྒྱུད་ནས་གསུངས་པའི་ལྟ་བ་རིན་པོ་ཆེའི་ཕྲེང་བའི་དོན་གྱིས་བོགས་དབྱུང་སྟེ། ལྟ་ཐོག་ཏུ་མི་གནས་པར་སྟོང་རྫོགས་ཆེན་གྱི་དོན། པར་ཡེད་པོར་ཤོར་བར་གྱུར་ན། སྒོམ་ཐོག་ནས་ལྟ་བ་བཙལ་ཏེ་གོང་གི་ཧཱུྃ་ལྔ་པ་ལ་སྦྱང་ངོ་། །ལྟ་བའི་གཞུང་ཆེན་ཉི་ཟླ་ལྟ་བུར་གཞན་གྱིས་ཀྱང་བོགས་དབྱུང་སྟེ། ལྟ་རྟོག་དྲག་པོས་གྲོགས་ཆེན་པོར་འགྱུར་བའོ། །མན་ངག་མཐོང་བརྡོལ་གབ་པའི་བདུད་རྩིའི་ཐིག་པ། བལ་མོ་བཟའི་སྙིང་གི་དཀྱིལ་དུ་བསྟིམ། དམར་པོའི་དགེ་འདུན་སྐལ་ལྡན་ཕྱི་རབས་ལ། ལས་འཕྲོ་འཕྲད་པའི་སྣོད་དང་ལྡན་པར་གྱིས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི། འཇམ་དཔའ་དམར་པོའི་ཡིད་དམ་གྱི་སྒོ་ནས་འཚང་རྒྱ་བར་བྱ་བའི་མན་ངག་གནད་ཀྱི་ཡེ་གེ་མཐོང་བརྡོལ་བདུད་རྩིའི་ཐིག་པ་ཞེས་བྱ་བའི་མན་ངག་རྫོགས་སོ།། །།དམར་ཆུང་འདའ་ཀའི་བསྒོམ་ལུགས་སོ། ། ༼༦༽ བཅོམ་ལྡན་འདས་འཇམ་དཔལ་དམར་པོ་ལ་ཕྱག་འཚལ་ལོ། །དེ་ཡང་འཇམ་དཔལ་དམར་པོ་བྱ་བ་ཡང་། དོན་དམ་པར་ཆོས་ཀྱི་སྐུ་སྟེ། ཀུན་རྫོབ་ཏུ་བསྟན་པའི་སྲུང་མར་བདེ་བར་གཤེགས་པའི་སྤྲུལ་པའོ། །དེ་ཡང་དོན་ཆོས་ཉིད་ཀྱི་ཐུགས་ལས་སྤྲོས་པའི་ཟུག་རྔུ་ཞི་ཞིང་རྣམ་པར་རྟོག་པའི་དྲི་མས་མ་གོས་པས་རྒྱུད་འཇམ་པ་དེ་ཉིད་ཀྱི་དོན་རྟོགས་པས་རྣལ་འབྱོར་པ་གྲོལ་ཞིང་། ཐར་པར་གྱུར་པས་རྟོགས་པ་བདག་གི་དཔལ། དེས་འགྲོ་བའི་དོན་མ་ལུས་པར་མཛད་པ་དང་། བསྟན་པ་བསྲུང་བའི་དོན་དུ་སྤྲུལ་ཏེ། ཐུགས་རྗེ་གཞན་གྱི་དཔལ་ཞེས་བྱའོ། །མ་རུ་རྩེ་ཞེས་བྱ་བ་ནི་སྒྲ་སྟེ་དོན་དུ་མ་རུ་རྩེ་ཞེས་བྱ་བ་ནི། ཐམས་ཅད་མགུ་ཞིང་ཐམས་ཅད་བསྐྱེད་ལ་མ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དཔེར་ན་འཇིག་རྟེན་གྱི་མ་ལྟ་བུ་དང་སྦྱར། རུ་ནི་ཆགས་པ་ཐུགས་རྗེའི་ཡི་གེ་སྟེ། རྩེ་ཞེས་པ་དེ་ཡང་ཞི་རྒྱས་ཀྱིས་མི་འདུལ་བ་དབང་དྲག་གི་སྒོ་ནས་འདུལ་བ། ཞེ་སྡང་གིས་འཇམ་པའི་བརྡའོ། །མ་ནི་ཆོས་སྐུ་ངང་ལགས་མོད། །རུ་ནི་ཆགས་པའི་བདག་ཉིད་དེ། །རྩེ་ནི་ཞེ་སྡང་ཉི་ཚེའོ། །དེས་ན་མ་རུ་རྩེ་ཞེས་བྱ། །ཞེས་འབྱུང་། དམར་པོ་ཞེས་བྱ་བ་ནི་འཁོར་བ་དབང་དུ་བསྡུ་བ་དང་། གདུག་རྩུབ་ཅན་གང་གིས་ཀྱང་མ ི་འདུལ་བ་ཐམས་ཅད་དབང་དྲག་གིས་འདུལ་བས། དབང་གི་ཁ་དོག་ཏུ་བསྟན་ཏེ་ཆགས་པ་ཁྲག་གི་མདོག་ནི། དོན་དམ་པར་ན་ཡེ་ཤེས་ཀྱི་སྤྲུལ་པ་སྟེ། གཅིག་ནི་བདེ་གཤེགས་སྤྲུལ་པ་ཡིན། །ཞེས་པ་ལ་སོགས་པ་རྒྱུད་རྣམས་སུ་རྒྱས་པར་བཤད་པ་ཡེ་ཤེས་ཀྱི་ལྷའོ། །མཆེད་བཞི་ནི་སྲིན་པོ། སྐུ་དང་གཤིན་རྗེ། གསུང་དང་བདུད། ཐུགས་དང་གནོད་སྦྱིན། ལས་ཀྱི་སྤྲུལ་པ་སྟེ། དགོངས་པ་འཇིག་རྟེན་ལས་འདས་པ་ལ། སྐུ་འཇིག་རྟེན་པ་དཀོན་མཆོག་གི་སྐུ་དགྲ་ཚར་གཅོད་པ་ལས་ཀྱི་སྤྲུལ་པར་བསྟན་པ་དང་། ཡང་ཡེ་ཤེས་པ་འབའ་ཞིག་སྟེ། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་བཞི་ལས། དམར་པོ་མཆེད་བཞི་སྤྲུལ་ཏེ། འཇིག་རྟེན་གྱི་གནོད་སྦྱིན་སྲིན་པོ་ཐམས་ཅད་བཏུལ་ཏེ། སླར་ཆོས་ཉིད་གཙོ་བོའི་ཐུགས་ཀར་ཐིམ་པར་བསྟན་ཏོ། །འཇིག་རྟེན་པ་འབའ་ཞིག་ཏུ་ཡང་བསྟན་ཏེ། རི་མ་ལ་ཡ་གནོད་སྦྱིན་འདུས་པའི་རྩེ་ལ་གནས་ནས། སྐྱེ་འགྲོ་ཐམས་ཅད་གདུང་བར་བྱས་པས་དཔལ་ཕྱག་ན་རྡོ་རྗེ་ཉིད་དམར་པོར་སྤྲུལ་ཏེ། བཏུལ་ནས་བསྟན་པ་བསྲུང་བའི་སྲུང་མ་ལ་བཀོད་དེ་ལས་ཀྱི་གཉེར་གཏད། ཡེ་ཤེས་ཀྱི་མ་རུ་རྩེ་བསྟིམ་ཏེ། དབང་བསྐུར་ནས་བཀའ་ལ་གནས་པར་བྱས་པ། རྒྱུད་རྣམས་ནས་རྒྱས་པར་བསྟན་ནོ། །དེ་ལྟར་རྣལ་འབྱོར་དགོངས་པའི་སྟོབས་ཀྱིས་དགོངས་པ་རྣམ་པར་དག་པ་ལ་ནི་མ་རུ་རྩེ་ཡེ་ཤེས་ཀྱི་རང་བཞིན་དུ་གྲུབ་ནས་འདས་པའི་བྱ་བ་བྱེད་ཅིང་། མ་དག་པ་ལ་ནི་འཇིག་རྟེན་གྱི་རང་བཞིན་དུ་གྲུབ་ནས་གདུག་ཅིང་རྩུབ་པའི་བྱ་བ་བྱེད་པས། གང་དག་ཉམས་ཆུང་བ་དག་བཀྲ་མི་ཤིས་ཤིང་རྒྱུད་རྩུབ་ཞེས་བརྡའ་ངན་པ་སྒྲོག་པ་ཡང་འབྱུང་བ་ཡོང་སྟེ། གང་དག་རང་གི་ལྟ་བ་དང་བརྩོན་འགྲུས་ཀྱི་རྟོགས་ཤིང་གྲུབ་པ་དེ་ལ་འཇིག་རྟེན་གྱི་བྱ་བ་ཐུན་མོང་གི་དངོས་གྲུབ་དང་། འཇིག་རྟེན་ལས་འདས་པའི་བྱ་བ་མཆོག་གི་དངོས་གྲུབ་ཟུང་དུ་འབྲེལ་བ་གྲུབ་པར་འགྱུར་རོ། །འདི་རྣམས་ཀྱི་རྒྱུད་ཀྱང་རང་གི་དམོད་པའི་ལུང་དང་། སྟོན་པ་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱིས་གསུངས་པ་དང་། རང་རང་གིས་སྨྲས་པ་དག་བྱིན་གྱིས་བརླབས་ཏེ། སྡུད་པ་པོ་དཔལ་ཕྱག་ན་རྡོ་རྗེས་བསྡུས་ནས། ལས་ཀྱི་མ་རུ་རྩེ་དང་། མཁའ་འགྲོ་དྷཱ་ཀི་ནི་དང་། དྷརྨ་ལ་སོགས་པ་ལ་བཀའ་གཏད་ནས་གནས་པ་ལས། ཨོ་རྒྱན་མེ་རི་འབར་བའི་རྩེ་ལ་མིའི་བྱང་ཆུབ་སེམས་དཔའ་དགའ་རབ་རྡོ་རྗེས་དགོངས་པ་མཛད་པ་ལས། ལས་ཀྱི་མཁའ་འགྲོ་མས་གཏད་དེ། དུས་དེར་དགོངས་པ་ལ་གནས་པ་ཙམ་ལས། དུས་གསུམ་གྱི་བདེ་བར་གཤེགས་པས་ལུང་གསལ་བཤད་ལུགས་སོ་སོར་བསྟན་པ་ལས། དུས་ཀྱི་སྟོབས་ཀྱིས་སྦྱར་ནས་མན་ངག་ཁ་ཁ་རུ་བཀའ་གཏེར་དུ་སྦས་ནས་གནས་པར་བྱས་སོ། །དོན་ཆེན་ནི་བསྟན་པའི་བར་ཆད་བསྒྲལ་བའི་ཕྱིར་ཏེ། བསྟན་པ་འཛིན་པ་དང་། སྐྱོང་བ་དང་། བསྲུང་བ་དང་གསུམ་ལས་བསྲུང་བའོ། །དེ་ཡང་ཡེ་ཤེས་ལྷ་ཡ་མཱ ནྟ་ཀས་འཇིག་རྟེན་གྱི་ལྷ་མ་རུ་རྩེ་མཆེད་བཞི་བཀའ་འཁོར་དང་བཅས་པ་དམ་ལ་བཏགས་སོ། །ལས་སུ་བསྐོས་པ་དང་གཉེར་དུ་གཏད་པ་ལས། སྲིད་པའི་ཁ་བསྲུང་ཆེན་པོ་སྐུ་འཇིག་རྟེན་དུ་གནས་ནས་དགོངས་པ་ཡེ་ཤེས་སུ་འདས་པས་དབྱེར་མེད་ཆ་མཉམ་པའི་དྲེགས་པ་ཅན་ནོ། །མཛད་སྤྱོད་བརླང་པོས་སྒྲིབ་པར་མི་འགྱུར་བའི། དཀོན་མཆོག་དབུ་འཕང་བསྟོད་པ་དང་། བསྲུང་བའི་དོན་དུ་མཛད་པས་སོ། །དེའི་དོན་མ་ཤེས་པར་དོན་ལས་ལོག་པར་སྤྱད་ན་འཆིང་བར་འགྱུར་རོ། །སྣོད་མ་ཡིན་པ་ལ་གསང་བར་བྱའོ། །ཕྱི་རབས་བྱོན་པའི་རྣལ་འབྱོར་ལ་ལྷག་མ་མ་ལུས་པ་བསྟན་པའོ། །ཐེ་ཚོམ་བཅད་པའི་ཡི་གེ་རྫོགས་སོ།། །། ༼༧༽ སྤྱིར་གསང་སྔགས་ཀྱི་ལུགས་ཀྱི། རྩ་དང་། གཙོ་བོར་བསྒོམ་པ། རླུང་དང་། གཙོ་བོར་བསྒོམ་པ། བྱང་ཆུབ་སེམས་གཙོ་བོར་བསྒོམ་པ། དང་གསུམ་མོ། །འདིར་ཡང་རྩ་བསྒོམ་པས་བདེ་བ་དང་ཡེ་ཤེས་དང་དྲོད་བསྒོམ་པའི་སྐབས་ཏེ། གཏུམ་མོ་ཐམས་ཅད་ཀྱང་འདུས། གདན་རཀྟའི་ས་བོན་བསྐྱེད། དབུགས་རྡུབ་པ་བྱ་ཞིང་། ཐུགས་རྗེའི་ས་བོན་ཧཱུྃ་ལ་བསྒོམ། ཞེས་པས་རླུང་གི་སྦྱོར་བ་ཐམས་ཅད་ཀྱང་འདུས། སེམས་དོན་ལ་གཏོད་པ་དང་། ཤེས་པ་དམིགས་སེམས་ཕྱིར་བསྟན། པ་ལ་གཏོར་པས་བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡུང་འདིར་འདུས་སོ། །ཐབས་ཀྱི་རྒྱུད་ནི། བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱུད་གསུམ། རླུང་གཙོ། ཤེས་རབ་ཀྱི་རྒྱུད་ནི་རྩ་གཙོ། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ནི་བྱང་ཆུབ་ཀྱི་སེམས་གཙོ་བོར་ལམ་དུ་ཁྱེར་བ་དང་། འདིར་ཡང་དོན་མ་ལུས་པར་འདུས་པའི་མན་ངག་འདུས་པ་གསུམ་ལུང་དང་མི་འགལ་བར་བསྟན་པ་རྫོགས་སོ།། །།རྩ་བ་རིན་ཆེན་ཕྲེང་བ་དང་། །ལུང་གྲངས་གསལ་བའི་སྒྲོན་མ་བསྟན། །སྐྱོན་ཡོན་སྒྲོལ་བའི་མན་ངག་དང་། །མཐར་ལམ་བསྒོམ་པའི་མན་ངག་དང་། །མཐོང་བརྡོལ་བདུད་རྩིའི་ཐིག་པ་དང་། །ཐེ་ཚོམ་སྤྲོས་བཅས་ཡི་གེ་དང་། །མན་ངག་འདུས་པ་གསུམ་དུ་བཅས། །ཟངས་བཤད་རྒྱུད་གསུམ། དང་ཉི་ཟླ་མདོག་བསྒྱུར་གསུམ། །རྩ་དང་ལས་ཀྱི་རྒྱུད་བཅས་ནས། །རྩ་རྒྱུད་སྔགས་རྒྱུད་གོང་མ་གསུམ། བལ་མོ་བཟའ་ཡི་སྤྲོས་པ་བསལ་བའི་ཕྱིར། །བཏུས་པའི་ཡིག་སྨད་བདུན་པོ་ས་མཱ་ཡ། །དམ་ཚིག་གོ། །སེམས་ལ་གཏེར་དུ་གྱིས་ལ་སྦོས།། །། ༼༨༽ བཅོམ་ལྡན་འཇམ་དཔལ་དམར་པོ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་པདྨས་བལ་མོ་བཟའ་གསེར་ཕྲེང་ཅན་ལ་འཇམ་དཔལ་དམར་པོ་ལྷ་ལྔའི་ལུང་དང་དྲག་སྔགས་མ་ལུས་པ་གཏད་པས། དེའི་ཚེ་བལ་མོ་བཟས་སློབ་དཔོན་ལ་ཞུས་པས། སློབ་དཔོན་ཆེན་པོ་ལགས། འཇིག་རྟེན་དྲེགས་པ་ཅན་དཔག་གིས་མི་ལངས་ནའང་། སྒྲོལ་གིང་ཆེན་པོར་གྱུར་པ་ཐམས་ཅད་ཀྱི་དམག་དཔོན་དང་འདྲ་བ་འདི། ཡེ་ཤེས་ཀྱི་ལྷ་གཙོ་ཡེ་ཤེས་པ། འཁོར་འཇིག་རྟེན་པ། དགོངས་པ་ཡེ་ཤེས་པ། སྐུ་འཇིག་རྟེན་པའོ། །ཡིན་ནམ། འཇིག་རྟེན་པ་ཡིན་ནམ། འདིའི་རྒྱུད་སྡེ་རྣམས་སྟོན་པ་གཤིན་རྗེ་གང་གི། གང་གིས་གསུངས་ཤིང་། སྡུད་པ་པོ་གསང་བདག་ཕྱག་ན་རྡོ་རྗེ། གང་གིས་བསྡུས་ནས་དོན་ཆེད་གང་གི་དོན་དུ་མཛད། ལས་ཀྱི་མཛད་སྤྱོད་བརླང་པོའི་མཛད་པ་ནི་ཚེ་ཕྱི་མའི་སྐྱོན་དུ་མི་འགྱུར་རམ། འགྱུར་ན་ནི་འཇིག་རྟེན་འདི་རྩྭ་ཁའི་ཟིལ་པའམ། རྨི་ལམ་ཙམ་དུ་བདག་ལ་བལ་པོ་བ་སུ་དྷ་རས་གསུངས་ན། དངོས་སུ་སྲོག་ལ་འབགས་པ་ནི་ལོག་པའི་ཆོས་སུ་མི་འགྱུར་རམ། ཏེ་བསྟན་པ་བསྲུང་བ་ཡིན་པས་ཆོས་ཀྱི་དོན་དུ་བསྒྲུབ་སྟེ་བསྲུང་མར་བྱས། དེའི་སྐྱོན་མི་འོང་བར་གྱུར་པའི་བསམ་པ་གང་གིས་བཟུང་། རང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་རྟོགས་ན། དམ་ཅན་རང་བཞིན་གྱིས་འདུ་བར་གསུངས་པ་དེ། བྱང་ཆུབ་ཀྱི་སེམས་རྟོགས་པར་བྱ་བའི་ཐབས་བསྟན་དུ་གསོལ། ཡི་དམ་འདི་ཉིད་ཀྱི་སྒོར་ཞུགས་པས་ཐར་པ་བྱང་ཆུབ་བསྒྲུབ་པའི་ཐབས་མཆིས་སམ། སྒྲུབ་པ་གཞུང་ཚུགས་པར་འགྱུར་རམ། དགྲ་བགེགས་རྩད་ནས་གཅོད་པར་ནི་ངེས་པར་རྟོགས་སོ། །སྒྲུབ་པ་གཞུང་ཚུགས་པ་དང་། ལྟ་བ་གཏིང་ཕྱིན་ཅིང་གྲོལ་བའི་ཐབས་མ་མཆིས་ན་ནི་དོན་མེད་པར་འགྱུར་བས། བདག་དང་ཕྱི་རབས་པའི་རྣལ་འབྱོར་པའི་དོན་དུ། ཡི་དམ་གྱི་ལྷ་འདི་ཉིད་རང་གི་སྒོ་ནས་ཐར་པ་ཐོབ་པའི་ཐབས་བསྟན་དུ་གསོལ། ཞེས་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། སངས་རྒྱས་རྣམས་ཀྱིས་གདུལ་བྱ་ལ་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་པ་ཡང་གསུམ་དུ་འདུས་ཏེ། བསྟན་པ་འཛིན་པའི་ཆོས་དང་། བསྟན་པ་སྐྱོང་བའི་ཆོས་དང་། བསྟན་པ་བསྲུང་བའི་ཆོས་སོ། །བསྟན་པ་ཡང་དཀོན་མཆོག་གི་བསྟན་པ་འཇིག་པ། རྣལ་འབྱོར་དམ་པའི་སྐུ་དགྲ་རྩད་ནས་བཅད་ནས། གཞན་དུ་མ་ཡིན་ཏེ་འདིའི་སྒོ་ནས་སྒྲོལ་བའི་ཐབས་ཡོད་དེ། སྔགས་རྒྱུད་ཆེན་མོ་ལས། དང་པོ་མཚམས་བཅད་བྱིན་གྱིས་རླབས། །བརྡ་སྒོ་བརྡ་ཕྱག་བྱ་བ་དང་། །ཞེས་པ་ལ་སོགས་པ་གསང་བའི་དོན་ལ་སྒྲུབ་པ་གཞུང་ཚུགས་སོ། །སྔགས་རྒྱུད་རྩ་བ་ལས། ཐུགས་ཀྱི་དངོས་གྲུབ་ཤེས་རབ་སྟེ། །ཞེས་པ་ལ་སོགས་པའི་དོན་ལྟ་དགོངས་གཏིང་ཚུགས་སོ། །དེའི་དོན་རྒྱས་པར་མདོ་དང་། མདོ་ཕྲན་བཅས་པ་ནས་བསྟན་ཏེ། བདག་ལ་ཕྱག་ན་རྡོ་རྗེ་དང་གནོད་སྦྱིན་དམར་མ་གཤིན། པོ་དང་། རྡོ་རྗེ་མ་རུ་རྩེ་ཞེས་པའི་ལུང་བསྟན་པའི་མན་ངག་ཁྱོད་ལ་བསྟན་གྱིས། ཡིད་ལ་ཟུངས་ལ་ཡི་གེར་ཐོབ་ཅེས་གསུངས་པ་དང་། བལ་མོ་བཟས་ཚོགས་བཟང་པོ་བཤམས་ནས་དམ་ཅན་ལ་མཉེས་པའི་མཆོད་པ་ཕུལ། གུ་རུ་ལ་མཉེས་པའི་ཡོན་ཕུལ་ནས་ཞུས་པས། དང་པོ་ཐར་པ་ལམ་གྱི་བསྒོམ་པ་སེམས་མ་ཟིན་པ་ཟིན་པར་བྱ་བའི་མན་ངག །བསྟན། དེ་ནས་བསྒོམ་པ་མཐར་དབྱུང་བའི་མན་ངག །མཐོང་བརྡོལ་བདུད་རྩིའི་ཐིག་པ་བསྟན། དེས་སེམས་བཟུང་བས་ཟིན་པ་དང་། ལྔ་པ་ཟིན་པ་བརྟན་པར་བྱ་བའི་མན་ངག །གཏན་ལ་འབེབས་པ་རིན་པོ་ཆེའི་ཕྲེང་བ་བསྟན། སྐྱོན་མན་ངག་ཏུ་གྲོལ་བའི་མན་ངག་དང་། ཐེ་ཚོམ་སྤྲོས་བཅས་ཀྱི་ཡི་གེ་དང་། མན་ངག་འདུས་པ་གསུམ་པོས་ཆོས་འདི་གཞུང་དང་མི་འགལ་བའི་མན་ངག་བསྟན། དེའི་སྐྱོབས་སུ་ལུང་གྲངས་གསལ་བའི་སྒྲོན་མ་བསྟན། བཤད་པའི་རྒྱུད་གསུམ་ལས་གཙོར་བཏུས་ཏེ། སྒྲུབ་པའི་གཞུང་དམར་པོའི་མདོ་སྐུ་དང་། དང་བཀོལ་གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་དང་། བྱང་གསུམ་ཕྲ་མོ་ཀློང་དགུ་བསྟན། རྩ་རྒྱུད་སྔགས་རྒྱུད་མན་ངག་གི་རྒྱུད། རིན་པོ་ཆེ་ཉི་ཟླ་དང་འཇིག་རྟེན་འདས་པ་གསུམ་ལ་གཙོར་བརྟེན་གཞན་ཡང་བཤན་པ་སྒྲོལ་བྱེད་ལ་སོགས་པ་རྒྱུད་མཐའ་དག་ནས་བཏུས་ནས་མན་ངག་ཏུ་གཏད་པས། བལ་མོ་བཟའ་འཆིང་བའི་རྟོག་པ་ལས་གྲོལ་ཏེ་ཐར་པའི་ཡེ་ཤེས་མངོན་དུ་བྱས་པས། བསྟན་པའི་སྙིང་པོ་ཚུགས་ནས་དམ་ཅན་སྤྲིན་ལྟར་འདུས་སོ། །ཚེ་འདི་ལ་མཐུ་རྩལ་དངོས་གྲུབ་དང་། ཕྱི་མ་བྱང་ཆུབ་གཉིས་ཀ་འགྲུབ་པས་ཆོས་ཁྱད་པར་ཅན་དུ་ཤེས་སོ། །ལོ་རྒྱུས་ཀྱི་ཡི་གེ་རྫོགས་སོ།། །།
ཕྲ་མོ་ཀློང་དགུའི་འགྲེལ་པ།
ཕྲ་མོ་ཀློང་དགུའི་འགྲེལ་པ་བཞུགས་སོ། །རིག་པ་རང་རིག་ཆོ་འཕྲུལ་ཟད། །ཅེས་པའི་སྐབས་སུ་འདི་ལྟར་ཤེས་པར་བྱ་སྟེ། ཆོས་ཉིད་ཐམས་ཅད་རང་རིག་ཡིན་པར་ཐག་ཆོད་པའི་དུས་ན་ཆོས་ཉིད་ལ་བློ་གཏད་ཅིང་ཉམས་སུ་བླངས་ཏེ་བསྒོམ་པ་དང་། རྟོག་པ་དང་མཚན་མ་དགག་ཅིག་སྤྱད་མི་དགོས་ཏེ། འོ་ན་མ་སྒོམ་པས་ཆོས་ཉིད་གསལ་དུ་ཇི་ལྟར་བཏུབ་ན། མ་འགགས་པ་མ་ཡེངས་པ། མ་སྤངས་པར་རྟོགས་པས་ཇི་ལྟར་དག་ཞེ་ན། ཆོས་ཐམས་ཅད་སེམས་སུ་གསལ་བར་འདུ་ཤེས་པའི་དུས་ན། སེམས་སུ་མཐོང་བ་ལས་གཞན་དུ་ཡེ་མ་མཐོང་བས། གང་ལ་བལྟས་ཀྱང་སེམས་ཉིད་དུ་མཐོང་བས། དོན་དེ་དང་མ་བྲལ་བས། ཆེད་དུ་མ་བསྒོམ་པས་ཆོས་ཉིད་དུ་གསལ་དུ་བཏུབ་བོ། །རྣམ་པར་རྟོག་པ་མེད་ཅིང་ཆོས་ཉིད་སྣང་ཡང་། སེམས་ཉིད་དུ་རང་གསལ་བ་ལས་སེམས་ལས་གཞན་དུ་འཛིན་པའི་བློ་སྐྱེས་པ་མེད་པས་རྟོགས་པ་ལ་སྐྱེ་བ་མེད་ཅིང་། མ་སྤངས་པར་དག་ཏུ་བཏུབ་བོ། །དོན་དེ་ལ་གནས་པའི་དུས་ན་ཡུལ་གྱི་མཚན་མ་ཅི་སྣང་ཡང་། གནོད་ཅིང་འཚེ་བས་གཡེང་བར་མི་འགྱུར་ཏེ། མཚན་མར་སྣང་བ་ཉིད་དུ་མཐོང་ཡང་མཚན་མར་མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་སེམས་སུ་སྣང་ཞིང་གསལ་བའི་ངང་ནས། གཞན་དུ་མི་གཡོ་བར་འཇུག་པའི་དུས་ན། བྱ་བཙལ་གང་ཡང་མེད་དེ། བྱ་བ་དང་བྲལ་བར་གནས་པས་གྲོལ་བར་འགྱུར་རོ། །ངེས་ཚིག་བསྟན་པ་ཨཐྎ། འཇམ་དཔལ་དམར་པོའི་དོན་མཐོང་བའོ། །ཞེས་པའི་སྐབས་སུ་དེ་ལྟར་ཡུལ་ཅི་སྣང་སེམས་སུ་སྣང་ལ། བློ་ཅི་སྐྱེས་སེམས་སུ་སྐྱེ་ན་དུས་ཐམས་ཅད་དུ་དགོངས་པ་ཆོས་ཉིད་ལས་གཞན་དུ་མི་གཡོ་བ་ཡིན་ནོ། །དེ་ལྟར་ཐམས་ཅད་སེམས་སུ་གསལ་བ་ལས། བློ་གཞན་དུ་མི་འགྱུར་བ་ནི་ཡེ་ཤེས་ཡིན་ནོ། །དེ་ལྟར་གསལ་བའི་རྣལ་འབྱོར་པ་དེ་ཡི་སྤྱོད་ཡུལ་དུ་ཅི་བྱུང་། ཅིར་སྣང་ཐམས་ཅད་སེམས་ཀྱི་སྐུར་གསལ་བས། ཅིར་སྣང་ཐམས་ཅད་བསྒོམ་པའོ། །རང་བྱུང་རང་ཞི་ནམ་མཁའི་སྤྲིན། ཞེས་པའི་སྐབས་སུ། དེ་ལྟར་ན། ཆོས་རྣམས་ཐམས་ཅད་སེམས་ལས་མ་གཏོགས་པ་མེད་ན་འདུ་ཤེས་གཞན་ལ་ཅི་ལ་སྐྱེ་སྟེ། མི་སྐྱེ་ན་ཡུལ་དུ་རྟོག་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་ཡིན་ནོ། །དེ་ལྟར་གང་གི་ཕྱོགས་ན་གནས་ཀྱང་། སེམས་སུ་གསལ་བས་སེམས་ལ་བློ་གཏད་ཅིང་ངོས་བཟུང་དུ་མེད་དོ། །རྟོག་པ་དང་མཚན་ཉིད་སེམས་སུ་གསལ་བས་རྟགས་དང་མཚན་མ་ལ་སྐྱོན་དུ་ལྟ་བ་དང་། རྟོག་པར་མཐོང་བ་མེད་པས་རྟོག་པ་ཉིད་བསྒོམ་པའོ། །དང་པོ་ཅི་སྣང་ཞིང་ཉམས་སུ་མྱོང་བ་དང་། སྤྱོད་པ་ཅི་བྱེད་པ་ཐམས་ཅད་སེམས་སུ་གསལ་བར་མཐོང་ཞིང་སེམས་སུ་གསལ་བ། ཅི་བྱེད་ཅི་སྣང་། ཅི་མྱོང་ཐམས་ཅད་བསྒོམ་པར་མ་གྱུར་པ་མེད་པས། ཆེད་དུ་བློ་གཏད་ལ་སྒོམ་དུ་མེད་པར་པདྨས་འདིར་ལུང་བསྟན་པའོ། །ཆོས་ཉིད་ལས་དུས་གསུམ་དུ་བློ་གཞན་དུ་མི་གཡོ་ཞིང་། གཡོ་བ་མེད་པ་དེ་ལ་བསྒོམས་པས་ཀྱང་གསལ་བར་མི་འགྱུར་ན། མ་བསྒོམ་པས་ཀྱང་ཆོས་ཉིད་གསལ་ལ་མ་སྦྱངས་ཀྱང་སྒྲིབ་པ་འབྱོང་ངོ་ཞེས། དངོས་པོའི་གནས་ལུགས་དེ་ལྟར་དུ་ཡིན་ཡང་། མ་དག་པའི་འཁྲུལ་པ་སྦྱང་བའི་ཕྱིར་རོ། །དངོས་པོ་ལ་དགག་སྒྲུབ་མེད་པར་བསྟན་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་སྣང་བས་སྣང་བའི་ངོ་བོ། བྱང་ཆུབ་སེམས་ལས་གཞན་པའི་སེམས་མེད་པས་སངས་རྒྱས་ཡང་བྱ་དཀའ་ནས་མ་གྲུབ་སྟེ། རང་བྱུང་ཡེ་ཤེས་མ་ཡིན་པའི་ཆོས་མེད་དེ། དེ་ལས་གཞན་དུ་གང་ཡང་མ་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ལྟར་གནས་པས་དངོས་མ་ནོར་བར་གནད་ལ་འབེབས་པ་དངོས་པོ་དགག་སྒྲུབ་མེད་པའི་གཟེར་རོ། །གནས་ལུགས་ཇི་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་གང་སྣང་ཡང་ཆོས་ཉིད་དུ་རང་ཤར་བས་ཕྱོགས་གཅིག་ཏུ་འདོད་པ་མེད་པ་ནི་མིན་པ་མེད་པ་སྟེ། ལྟ་བ་མིན་པ་མེད་པའི་གཟེར་རོ། །གང་ཡང་སེམས་སུ་སྣང་བ་ཅི་སྐྱེས་སེམས་སུ་སྐྱེ་ཞིང་། ཅི་མཐོང་ཆོས་སྐུར་མཐོང་བ་ལས་མ་གཏོགས་པར་རང་རྒྱུད་པར་མ་མཐོང་སྟེ། དེ་ལྟར་ན་སྣང་བ་འགོག་གམ་མི་འགོག་ཞེ་ན་མི་འགོག་སྟེ། རིན་པོ་ཆེ་གསེར་གླིང་ན་རྡོ་མེད་པ་བཞིན་དུ། གསེར་ནང་གསེར་གཅིག་ལ་དབྱིབས་མ་ངེས་ཀྱང་། གསེར་རྒྱུ་གཅིག །དེ་བཞིན་དུ་སྣང་བ་ལོག་རྟོག་འཁྲུལ་པར་སྣང་ཡང་། རང་བྱུང་གི་ཡེ་ཤེས་ཡིན་ཏེ། རང་བྱུང་ཡེ་ཤེས་ལས་གཞན་མ་ཡིན་པའི་ཆོས་མེད་པ་ནི་ཡིན་པ་མེད་པའི་ལྟ་བའོ། །སྟོང་ཉིད་སྤྲོས་དང་བྲལ་བའི་སྐུ། །ཞེས་པའི་སྐབས་སུ། ཐེག་པ་ཐམས་ཅད་ཀྱི་སྒོ་མོ་ཟུར་ཙམ་རྒྱས་པར་སྦྱར་ཏེ། སྒོ་མོ་ཀུན་ཏུ་བསྡུས་པའི་མན་ངག་གིས། །སྤྲོས་ཆོད་འདོད་པར་ཕྱིན་པའི་ལམ་གྱི་བར། །ཆོད་གོམས་པ་མེད་པའི་བུ་ཐོབ་པའོ། །ཞེས་གྲུབ་པར་ངས་བསྟན་པའོ། །རྣམ་གྲོལ་ཡེ་ཤེས་བསྐྱེད་པར་མཛད། །ཅེས་པའི་སྐབས་སུ། ལྟ་བའི་ཐོག་ནས་བསྒོམ་པ་བཙལ་བས་ཅི་ལ་ཡང་མི་གནས་པར་གསལ་བའི་ལྟ་བ་ཡིན་པ་ལ། སྒོམ་ཐོག་ནས་ལྟ་བ་བཙལ་བ་གང་། དམིགས་བྱས་ཀྱི་ལྟ་སྒོམ་རིམ་སྤྱོད་མེད་པའི་སྤྱོད་སྤྱོད་ཆེན་པོ་སྟེ། ཆོས་ཉིད་རིལ་པོ་དེ་ཡང་། བློས་བཏང་བཞག་མེད་པར་ཅི་ལའང་མི་བསྒོམ་པར་མ་ཡེངས་པ་ནི་སྒོམ་པ་ཡིན་ལ། མ་བཙལ་བར་རང་ལ་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི་འབྲས་བུ་ཡིན་པའོ། །ལྟ་སྤྱོད་འབྲེལ་བ་ལ་བགྲོད་ཅིང་ཆགས་པ་མེད་པ་ནི་ལམ་མ་ནོར་བའོ། །སྐྱོན་དང་གོལ་གྲིབ་མེད་པར་བསྟན་ན། གོམས་པར་འགྱུར་བའི་རྒྱུ་མེད་པའི་དབྱིངས་ན་གནས་པ་ནི་རུང་ན་འབྲས་བུ་ཆོས་སྐུ་བདེ་བ་ཐོབ་པར་འདོད་པ་ལས། འཁྲུལ་པའི་ཕྱིར་དྲེགས་པ་བསོད་ནམས་ཅན་དུ་སྐྱེ་བའི་གོལ་ས་བཅད་པས་དོན་ཟབ་མོ་འདི་བློ་ཐ་མའི་སྤྱོད་ཡུལ་མིན་པར་བསྟན་པའོ། །ལྟ་བ་འདིས་མ་ཟིན་ན་ནི་བདུད་རྩི་བཏུང་བར་བྱས་པས་དུག་ཏུ་འགྱུར་བ་བཞིན་དུ། རང་རྒྱུད་པས་ལས་ཀྱི་སྲིན་པོར་འགྱུར་ཏེ། མདོངས་པས་ནམ་མཁའ་སྙེགས་བཞིན་དུ། དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན་པར་ཐག་བཅད། བྱང་ཆུབ་སེམས་ལ་གཡོ་བ་མེད་པ་དེ། བྱར་མེད་དོན་གྱི་སྙིང་པོ་དེ་ཉིད་སློབ་དཔོན་ལུང་དང་ལྡན་པས་སློབ་མ་སྣོད་དང་ལྡན་པ་ལ་བསྟན་པས། དེའི་རྟོགས་ནས་འཚང་རྒྱ་བར་འགྱུར་བས་སྣོད་བསྟན་པའོ། །སྐུ་གསུང་ཐུག་ཀྱི་ངང་ཉིད་འདི་ཉིད་ལག་ཏུ་ལེན་ཅིང་དམ་ཚིག་བསྲུང་ན། ཅི་འདོད་བསམ་པ་བཞིན་དུ་འགྲུབ་བོ། །ཞེས་སོ། །ཨཐྎ། མ་གསལ་གཙོ་བོ་རྟག་ཏུ་བསྒོམ། །ཞེས་པའི་སྐབས་སུ་གནས་ཁང་རན་པར་ཁམས་བསངས་ཏེ། སྟན་བདེ་བ་ལ་ཤེས་པ་སོ་མ་ཆ་མཉམ་སྟེ་འཛིན་པ་མེད་པའི་སེམས་ལུས་ཀྱི་འདུག་སྟངས་ལེགས་པར་བྱས་ཏེ། སྣང་བ་མེད་པའི་ཆོས་ཉིད་ལ་རྩོལ་སྒྲུབ་མེད་པའི་སེམས་ཀྱིས། ལུས་ཀྱི་འདུག་སྟངས་ལེགས་པར་བྱས་ཏེ། སེམས་མ་བཙལ་བར་བཞག་སྟེ། བྱ་བ་བྲལ་མིན་ནམ་མཁའི་ངང་ལ་སེམས་ཀྱི་ཐ་སྙད་ཙམ་དུ་བསྒོམ་མོ། །དགག་སྒྲུབ་མེད་པར་ཤེས་པའི་ལྟ་བས་སྐྱོན་དབྱུང་བ་ཀུན་ངོ་ཤེས་པར་བྱ་བ། ཐུན་མཚམས་དང་བྲལ་བར་རིག་པའི་ཤེས་པས་ཐུན་ཚོད་བཟུང་ངོ་། །བཅོས་དགག་མེད་པར་རིག་པའི་ཤེས་པ་སྐྱོན་དབང་དུ་མི་བཏང་ངོ་། །དེ་ཡང་ཉེས་པ་འདོན་དུ་མེད་ཅིང་། བོགས་དབྱུང་དུ་མེད་པའི་ཤེས་པས་སོ། །རེ་དོགས་མེད་པའི་ངང་ལ་སེམས་མ་བཅོས་པའོ། །ཨཐྎ། དཔེ་ནམ་མཁའ་དང་། སྤྲིན་དང་། ཆུ་དང་། རྙོགས་མ་ལྟ་བུའོ། །ཞེས་པའི་སྐབས་སུ་འཁྲུལ་ཚུལ་གྱི་དཔེ། དཔེར་ན་ཆུ་དྭངས་པ་ལ་རྙོགས་མ་བྱུང་བ་ལ་ནོར་བུ་ཆུ་དྭངས་ཀྱིས་ཕྱེ་བའམ། ཡང་ན་རྙོགས་མ་ཅན་དེ་མ་བཅོས་པར་བཞག་པས་དྭངས་པ་ལྟར། རྟོགས་པ་ཅན་ཉིད་བླ་མའི་གདམས་ངག་གིས་བཏབ་ན། ཡང་ན་ཉོན་མོངས་པ་ཉིད་ཤར་ཡང་། རྗེས་སུ་མ་འབྲེང་བར་མ་བཅོས་པར་བཞག་པས་ཞིའོ། །དེ་ལྟ་བུའི་དོན་དང་ལྡན་པས་ཞེས་པའི་སྐབས་སུ་དྲུག་གི་སེམས་ཉིད་ཆོ་འཕྲུལ་ཡིན་པར་རྟོགས་པས་དགོས་མེད་སེམས་ལས་གཞན་པའི་སངས་རྒྱས་མེད་པས་རེ་བ་མེད། དོགས་པ་མེད་པའི་སྟངས་དང་གཅིག །དེའི་དུས་སུ་རྣམ་པར་རྟོག་པ་ཙམ་མ་ཡིན་པར་རྟོགས་པས། གང་ལ་ཡང་ཉམ་ང་བ་མེད་པ་ཆད་པ་ཆེན་པོའི་ཉམས་ཀྱི་རིག་པ་འཆར། དེའི་དུས་སུ་རྟོག་པ་སྐྱེས་ཀྱང་མི་གནོད་དེ། དཔེར་ན་ཤིང་གི་ཡལ་ག་བཅད་པ་ལ་ལོ་འདབ་ཡང་སྐྱེ་མི་ནུས་པ་དང་འདྲ་བར། རྟོག་པ་ལ་ཆོས་ཉིད་ཀྱིས་རྒྱས་ཐེབས་པས། རྟོག་པས་མི་གནོད་དོ། །དེ་ལྟར་རྟོག་པའི་ཉམས་བྱུང་ཙ་ན། ངོ་ཚ་མེད་པར་ལྷུག་པ་ཆེན་པོའི་སྤྱོད་པ་སྟེ། དེའི་དུས་སུ་དགེ་སྡིག་མཉམ་པའོ། །ཨཐྎ། ཐར་པའི་གྲོགས་སུ་འགྱུར་རོ། །ཞེས་པའི་སྐབས་སུ་དྲག་སྔགས་དམར་པོ་རྭ་སྒྲོལ་ཞེས་གྲགས་པ་ཡང་དོན་དམ་པར་སེམས་སྣང་ཙམ་དུ་ཤེས་ཙམ་ན་གར་སྒྲིབ་སྟེ། ནམ་མཁའ་ལ་སྡིག་མཛུབ་བམ། ཀུན་རྫོབ་ཏུ་བསྟན་པ་བསྲུང་བའི་དོན་ཡིན་པས་སྡིག་པ་མེད། སྤྱིར་ན་སྣོད་དང་མི་ལྡན། ཞེས་པ་བར་འདིར་འོངས་ཏེ། བདག་ཉིད་ཆོས་ཉིད་བསྒོམ་པ་ལ་བར་དུ་གཅོད་པ་ན། དེའི་སྡིག་པས་རྡོ་རྗེ་དམྱལ་བར་འགྲོ་བ་དང་། ངན་སོང་དུ་ཡང་ལྟུང་བར་འགྱུར་ཏེ། མདོ་སྡེ་ཕལ་པོ་ཆེ་ནས་གསུངས་ཏེ། དེ་བསྒྲལ་ཏེ་བཏང་བ་དེ་ལ་སྡིག་པ་མི་འོང་སྟེ། ཐར་པ་ཐོབ་པ་དག་གི་བར་ཆད་སེལ་བ་དེ་ལས་ཐར་པ་ཐོབ་པར་རྒྱུད་རྣམས་ནས་གསལ་ལོ། །བལ་མོ་བཟའ་ལ་ཐུགས་ཀྱི་ཡི་གེར་གཏད་པའི་སྐབས་སུ། བལ་མོ་བཟའ་བདེན་ཏེ། རྭ་སྒྲོལ་བྱས་པས་སྡིག་པར་མི་འགྱུར་ཏེ། དཔེར་ན་རང་གི་ལུས་ལ་དཔེ་བླངས་ཏེ་མི་གཏུབ་བོ། །འོན་ཀྱང་བདག་ཉིད་བསྒོམ་དུ་མི་སྟེར་ན། ལས་ཀྱིས་མཐའ་བཏུལ་བར་བཤད་དོ། །རྒྱུན་དུ་ནི་བསྒྲལ་བར་མ་གསུངས་སོ། །དེ་ཉིད་ལ་ནི་སྡིག་པ་མི་འོང་སྟེ། གཉིས་ལས་དམ་ཚིག་ཡིན་པ་དང་། དགྲ་ངན་སོང་དུ་འགྲོ་བ་བསད་པས། ད་གདོད་བདག་ལ་སྡིག་པ་བསོགས་རྒྱུ་མི་ཡོང་བས་ངན་སོང་དུ་མི་འགྲོ་བ་དང་། བདག་གི་བར་ཆད་སེལ་བས་ཚུལ་བཞིན་དུ་བསྒྲུབ་པའོ། །རིག་པ་འཛིན་པའི་ལས་ལ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པའི་སྐབས་སུ། དང་པོ་སྔགས་ཀྱི་སྒོར་བླ་མ་དམ་པ་ལ་མན་ངག་དང་དབང་ཐོབ་པར་བྱས་ནས། དམ་ཚིག་ལ་གནས་པའི་རྣལ་འབྱོར་དུ་བྱས་ལ། ཚུལ་བཞིན་དུ་བསྒྲུབས་ནས་དོན་གྱི་ལས་འདི་བསྒོམ་ན། འབྲས་བུ་ནི་ཐུགས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ། ཤེས་རབ་ཆེན་པོའི་ངང་དུ་ཕྱག་རྒྱ་ཆེན་པོ་སྐུ་ཚེ་ཕྱི་ནས་ཐོབ་པར་འགྱུར་ཞིང་། ཆོས་ཉིད་ཀྱི་དོན་དེ་ཤེས་པར་འགྱུར་རོ། །དེ་ཡང་ཚེ་འདིར་རྣམ་པར་སྨིན་པའི་ལུས་ལ་མ་དག་པ་འཁྲུལ་པའི་སྣང་བ་འདི་དག་ལ་ཡེ་ཤེས་ལྷའི་སྐུ་སྒོམ་པ་མངོན་དུ་གྱུར་པས། ལུས་པོ་འཇིག་རྟེན་རྣམ་སྨིན་དུ་གནས་ཀྱང་། སེམས་དགོངས་པ་སངས་རྒྱས་ཀྱི་སར་གྲུབ་པས་ཁྱུང་སྒོང་རྒྱ་ན་གནས་པ་ལྟ་བུར་གནས་སོ། །སར་ཆུད་པའི་རིག་འཛིན་ཞེས་ཀྱང་དེ་ལ་བྱ་སྟེ། ས་དང་པོ་པ་ཞེས་ཀྱང་བྱའོ། །དེ་ནས་འཕོས་ནས་ཁྱུང་སྒོང་རྒྱན་གནས་པ་སྒོང་རྒྱ་ཆག་མ་ཐག་པའི་ཟླ་ལ་འཕུར་ཏེ་འགྲོ་བ་ལྟར་གནས་པའོ། །རྣམ་སྨིན་གྱི་ལུས་བོར་མ་ཐག་སེམས་ཉིད་ལྷའི་སྐུ་བསྒོམ་པའི་འབྲས་བུ་ས་ལ་གནས་པའི་རིག་འཛིན་ཞེས་ཀྱང་བྱ། ཚེ་ལ་དབང་བའི་རིག་འཛིན་ཞེས་ཀྱང་བྱ་བ་ཡིན་ནོ། །ཡི་དམ་ལྷའི་སྐུ་དེ་གསལ་ཞིང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་རང་དུ་མ་གྱུར་བར་དུ་མཁའ་འགྲོའི་ཀྱང་གྲོགས་བྱེད་ཅིང་སེམས་ཀྱི་ལུས་ལ་ཡང་གནས་ཤིང་། སྒྲུབ་པའི་ཚེ་སྟོང་དང་དྲུག་བརྒྱ་ཙམ་མམ། རི་ལུ་བཞུགས་པ་གཅིག་གྲུབ་ནས། དེའི་ཚེ་ཚེ་གཅིག་གིས་ས་བཅུ་པོ་རིམ་པས་ཐོབ་པར་འགྱུར་ཏེ། སྒྲིབ་དང་བྲལ་ཞིང་། ཡེ་ཤེས་དེ་བོགས་སུ་ཤར་ནས་བརྒྱ་ཕྲག་ཏུ་བསྒོམ། དེས་མ་གྲུབ་ན་རྒས་པོའི་ཚུལ་ཙམ་གཅིག་བྱུང་ཚུལ་བསྟན་ནས་ཡང་བསྒོམ་པས་གཞོན་ཚུལ་དུ་བསྟན་ཏེ། ལུས་དེ་ལྟ་བུས་སེམས་ཡི་དམ་གྱི་སྒོམ་པར་ཤུགས་ལས་འབྱུང་ངོ་། །ས་ལ་གནས་པ་ཞེས་བྱའོ། །དེ་ནས་ཚེ་སྟོད་ལྟ་བུ་ལ་དེ་ལྟར་བསྒོམས་པས་ཚེ་སྨད་ལྟ་བུ་ལ་སྒོམ་པ་མངོན་དུ་གྱུར་ནས། རང་རིག་ཡི་དམ་ལྷར་གྱུར། དེ་ཡང་རྡོ་རྗེ་སེམས་དཔའི་ངང་དུ་གྱུར་ཏེ། དེ་ཉིད་ལ། ཐུགས་ཀྱི་དངོས་གྲུབ་ཤེས་རབ་སྟེ་ཞེས་བྱའོ། །ཐུགས་ནི་ཐུགས་རྡོ་རྗེ་སེམས་དཔའ་ལ། ཤེས་རབ་ནི་ཆོས་ཐམས་ཅད་གསལ་ལ་མ་འདྲེས་པར་མཁྱེན་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་སོ། །དེ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲུབ་པའོ། །དུས་དེར་ཆོས་སྐུ་ཆེན་པོ་ལ་གནས་པས། ལྷུན་གྱིས་གྲུབ་པའི་རིག་འཛིན་བྱ་བ་ཡིན་ཏེ། དེ་ལ་སྨིན་པ་ཞེས་བྱའོ། །དེ་ལྟར་ན་ཚེ་ལ་དབང་བའི་དུས་དེར། དཔེ་འབྲས་བུས་བདེ་བར་གཤེགས་པའི་སྣང་བ་རང་བཞིན་དུ་ཤར་ནས་འཚང་རྒྱའོ། །ས་བཅུ་ཕ་རོལ་ཏུ་ཕྱིན་པ་ལྟར་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་ཐོབ་པ་ལྟར་མ་ཡིན་ཏེེ། རྣམ་པར་སྨིན་པའི་ལུས་ཅན་མ་དག་འཁྲུལ་པའི་སྣང་བ་ཅན་དེ་དང་པོ་བུདྡྷའི་ས་ལམ་དང་། སྤྱོད་པའི་སྐལ་བ་མ་ཚུད་པ། བླ་མ་དམ་པས་ཚུད་པར་བྱས་པ་ནི་ས་རུ་ཆུད་པ་དེར་བྱས་ལ། དེ་བསྒྲུབ་པའི་ཚེ་སྨད་ལ་ཁྱུང་གི་དཔེས་ལུས་རྣམ་སྨིན་ལ་སངས་རྒྱས་ཀྱི་སྐུ་གྲུབ་པ་དེ། ལུས་བོར་མ་ཐག་ཏུ་ཡི་དམ་ལྷའི་སྐུ་ཐོབ་ནས། ས་ལ་གནས་པ་ཞེས་བྱ་ཞིང་། ཚེ་སྐྱེ་ཤི་མེད་པས་ཚེ་ལ་དབང་ཞེས་བྱའོ། །དེའི་ཚེ་དེས་བསྒོམ་པས་ཡི་དམ་ལྷའི་སྐུ་ཐོབ་ནས། དེས་ལྷུན་གྱི་གྲུབ་པའི་ཕྱག་རྒྱ་ཆེན་པོ་ཐོབ་ནས། སའི་འབྲས་བུ་སྨིན་པ་ལ་ཞེས་བྱའོ། །དོན་དུ་སྐྱེ་བ་གཅིག་གིས་གྲུབ་སྟེ། ཚེ་འདི་ཉིད་ཀྱིས་བུདྡྷའི་ས་ཐོབ་པས་དེ་སྐད་ཅེས་བྱའོ། །རྫོགས་སོ། །དོན་དམ་པར་ན་ཡེ་ཤེས་ཀྱི་སྤྲུལ་པ་སྟེ། ཞེས་པའི་སྐབས་སུ་དོན་དམ་པར་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ་ལས་གདུལ་བྱ་རྒྱུད་དག་པ་ལ་ལོངས་སྤྱོད་རྫོགས་པའི་སྐུས་བྱ་བ་བྱེད་པ་ལ། རྒྱུད་མ་དག་པ་ལ་སྤྲུལ་སྐུ་གང་ལ་གང་འདུལ་དུ་བསྟན་ཏེ་བྱ་བ་བྱས་སོ། །དེ་ལྟ་བུ་ལས་མ་དག་པའི་རིགས་ཆད་པའི་སྐྱེས་བུ་བསྟན་པའི་བར་དུ་གཅོད་པ་རྣམས་ལ་གདོད་དམར་འདུལ་བའི་སྲིན་པོར་སྤྲུལ་ཏེ་བྱ་བ་བྱས་སོ། །དེ་ཡིས་བསྟན་པ་གཉན་པར་བྱས་ཤིང་། དེ་ཉིད་ཀྱིས་བསྟན་པ་ལ་བར་དུ་གཅོད་པས་བསྒྲིབས་ནས་ངན་སོང་དུ་འཁྱམས་པ་དང་བྲལ་བས་བྱང་ཆུབ་ཀྱི་སྤྱོད་པའོ། །རྫོགས་སོ། །ལས་ཀྱི་སྤྲུལ་པ་སྟེ། ཞེས་པའི་སྐབས་སུ། སྐུ་ཡི་སྤྲུལ་པ་སྲིན་པོ་མ་རུ་རྩེ། །གསུང་གི་སྤྲུལ་པ་གཤིན་རྗེ་མ་རུ་རྩེ། །ཐུགས་ཀྱི་སྤྲུལ་པ་བདུད་པོ་མ་རུ་རྩེ། །ལས་ཀྱི་སྤྲུལ་པ་གནོད་སྦྱིན་མ་རུ་རྩེ། །ཡོན་ཏན་སྤྲུལ་པ་འཇམ་དཔལ་མ་རུ་རྩེ། །ཞེས་པ་ལ་ཡང་རྒྱུད་ལྟར་གསལ་བས་འདིར་རྒྱས་པར་མ་བྲིས་སོ། །རྒྱུད་རྣམས་ནས་རྒྱས་པར་བསྟན་ཏོ། །ཞེས་པའི་སྐབས་སུ། སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་ཕྱེ་སྟེ། བཅུ་པོ་ཡང་དུས་བཞི་སྟེ། ཁོང་དུ་ཆུད་པའི་དུས། སྒྲུབ་པའི་དུས། ལུང་གི་དུས། རྟགས་ཙམ་འཛིན་པའི་དུས་སོ། །ལྔ་བརྒྱ་དང་པོ་ལ་འཕགས་པ་དགྲ་བཅོམ་པའི་དུས་ན། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་གསུམ་ལས། དེ་ཡང་ལྔ་བརྒྱ་དང་པོ། བར་པ། ཐ་མ་གསུམ་ལས་རིམ་པས་སོ། །སྒྲུབ་དུས་ཀྱི་ལྔ་བརྒྱ་ཕྲག་དང་པོ་སྟེ། བཞི་པ་ལ་རྒྱུན་ཏུ་ཞུགས་པ་ཤ་སྟག་འབྱུང་། ཤེས་རབ་གཉིས་པ་ལྔ་བརྒྱ་ཕྲག་ལྔ་པ་ལ་ལྷག་མཐོང་ཤ་སྟག་འབྱུང་། བསམ་གཏན་གསུམ་པ་ལྔ་བརྒྱ་ཕྲག་དྲུག་པ་ལ་ཞི་གནས་འབའ་ཞིག་འབྱུང་། ཚུལ་ཁྲིམས་ཡང་ཟེར། ལུང་གི་དུས་ཀྱི་དང་པོ་ལྔ་བརྒྱ་ཕྲག་བདུན་པ་ལ་ཆོས་མངོན་པ། བརྒྱད་པ་ལ་མདོ་སྡེ། ཐ་མ་དགུ་པ་ལ་འདུལ་བ་ཤ་སྟག་འབྱུང་ངོ་། །ལྔ་བརྒྱ་ཕྲག་བཅུ་པ་རྟགས་ཙམ་འཛིན་པའི་དུས་ན། དམ་ཆོས་དཀར་པོ་ཁད་ཀྱིས་འགྲིབས་པས་འགྲོ་བ་མི་འཐུལ་བས། སླར་བསྟན་པ་ལ་གནོད་ཅིང་བསྣུབ་པ་འབྱུང་བས་བསྟན་པ་བསྲུང་བའི་ཆོས་རྣམས་དེ་དུས་འབྱུང་བས་དེ་ལྟར་བཤད་པའོ། །དེ་འདས་ནས་རྟགས་ཙམ་འཛིན་ཐ་མ་ལ་བཅུད་ལྷ་རྣམས་ཀྱིས་བཞེས་པའི་དུས་སུ་གོས་ཚོས་སུ་མི་འགྲོ་བ་དང་། ཤོག་ཤོག་ལ་ཡི་གེ་མི་ཐེབས་པས། བ་དམར་གླང་དམར་ཀོ་བ་ལ་ཡང་རྟགས་འཛིན་ཏེ་མོས་པ་བྱེད་པའོ། །དེ་ཐལ་བའི་གོང་དུ་བསྟན་པ་ལྷས་སྤྱན་དྲངས་ནས་ཤོག་ཤོག་ཉི་ཚེ་དཀར་དཔུང་གིས་གྱུར་ཏེ། བསྟན་པ་ཕྱི་མ་ཆགས་པའི་ཆོ་འཕྲུལ་བསྟན་ནོ། །ཟུང་དུ་འབྲེལ་བས་འགྲུབ་པར་འགྱུར་རོ། །ཞེས་པའི་སྐབས་སུ། དེ་ཉིད་ནི་མ་རུ་རྩེ་རྒྱུད་བུ་ཆུང་ལས། སྟོང་པའི་རང་བཞིན་འོད་གསལ་དེ། །སྤྲོས་པས་རང་ལ་གནས་པ་འཇོམས། །སྤྱིར་ན་རྣལ་འབྱོར་བློ་རྩལ་གྱིས། །ཆོས་ཉིད་རྣམ་དག་དོན་རྟོགས་ན། །དྲེགས་པ་དེས་ཀྱང་དེ་ལྟར་རྟོགས། །སྒྱུ་མར་རྟོགས་ན་སྒྱུ་མར་མཐོང་། །དངོས་པོར་བཟུང་ན་དངོས་པོར་མཐོང་། །རྟོག་པ་ཆོམས་ན་རྟོགས་པ་མཐོང་། །ཆོས་ཉིད་རྣམ་དག་དོན་རྟོགས་ན། །བདག་ཉིད་སེམས་སྣང་ཡིན་པ་དང་། །དྲེགས་པ་སྤྲུལ་པ་ཡིན་ཕྱིར་རོ། །ཞེས་འབྱུང་ངོ་། །ཨཐྎ། མན་ངག་འདུས་པ་གསུམ་ལུང་དང་མི་འགལ་བ་བསྟན་པའི་སྐབས་སུ་ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། གཉིས་སུ་མེད་པའི་རྒྱུད་ལས་འདི་མན་ངག་གི་ཡིག་ཆུང་ཡིན། ས་མ་ཡ། གཡས་ཀྱི་ཕྱག་ན་གཅོད་བྱེད་མེ་ཡི་འཁོར་ལོ་བཏགས། ཤེས་རབ་ཀྱི་རྒྱུད་ཀྱི་རྟགས་དབྱིབས་ཀྱིས་བསྟན་པ་སྟེ། རང་གི་ཁོག་པར་རྃ་བསྒོམ་ནས། རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་གསང་བར་བསྟན། སྙིང་ག་སྤྱི་བོར་རྃ་ལས་མེ་ཆད་ནས་ལུས་ཕྱི་ནང་གི་རྟོག་སྒྲིབ་ཐམས་ཅད་བསྲེགས་པར་བསམས་ཏེ། བཤགས་སྦྱངས་ཏེ་ནང་དུ་བསྟན། ཕྱིར་བསྟན་པའི་དགྲ་བོ་རྩད་ནས་གཅོད་པར་བསྟན། གཡོན་གྱི་ཕྱག་ན་འཐོར་བྱེད་རླུང་གི་འཁོར་ལོ་ནི། ཐབས་ཀྱི་རྒྱུད་ཡེ་ཤེས་ཀྱི་རྟགས་སུ་བསྟན། བརྡར་ཐུགས་ཀྱི་ས་བོན་ལས། སྣ་རྩེ་ཧཱུྃ་གིས་སྤྲོ་བསྡུས་རླུང་ལ་སེམས་སྦྱངས་པའི་བསྒོམ་པས་འཁྲུལ་རྟོག་ཐམས་ཅད་འཐོར་བས་གསང་བར་བསྟན། ནང་དུ་སྤྱི་བོར་ཡྃ་ལས་རླུང་བྱུང་སྟེ། ལུས་ཕྱི་ནང་གི་རྟོག་པའི་རྩི་སྦུར་ཐམས་ཅད་གཏོར་པས་བཤགས་སྦྱངས་ཏེ་ནང་དུ་བསྟན། ཕྱིར་བསྟན་པ་དགྲ་བོ་སྒྲོལ་བར་བྱེད་པའོ། །དེ་ལྟར་དུ་སྤྱན་གཉིས་ཀྱིས་ཀྱང་། མེ་དང་རླུང་དུ་བསྟན་པས་གོང་ལྟར་ཤེས་པར་བྱའོ། །ཤངས་ཀྱང་རླུང་དུ་བསྟན། ཨག་ཚོམ་མེའི་ཁོངས་སུ་བསྟན་ནོ། །དེ་ལྟར་ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཀྱིས་བསྟན་པ་ནི། དེ་ལྟར་དུ་ཤེས་པས། གཉིས་སུ་མེད་པའི་རྒྱུད་སྡེའི་རྟགས་གང་ཞེ་ན། སྤྱན་དབུས་མ་མཆེ་བ་བརྒྱན་རྣམས་ཀྱིས་བསྟན་ཏེ། བདེན་པ་དབྱེར་མེད་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆ་བསྟན་ཏེ། བརྡའི་སེམས་ཉིད་དོན་ལ་གནས་དབུས་མའི་སྤྱན་དབུ་ཕྱོགས་སུ་མ་ལྷུང་བར་དབུ་མའི་ནང་དུ་བསྒོམ་ན་དུག་ལྔ་ཆོས་ཉིད་དང་ཡེ་ཤེས་སུ་ཤར་ནས། སྐུ་ལྔ་ཐོབ་པའི་རྟགས་སུ་ཀོ་རློན་ལ་སོགས་པ་སྟེ་གསང་བར་བསྟན་པའོ། །ནང་དུ་མཆེ་བ་གཡས་རཀྟ། དེ་ཁྃ་ལས་ཆུ་བྱུང་བས་རྟོག་པ་ཐམས་ཅད་བཀྲུས་ནས་བཤགས་སྦྱངས་ཏེ། བྱང་ཆུབ་སེམས་ཀྱི་ཆུ་བོས་བག་ཆགས་ཀྱི་ལྗན་ལྗིན་འཛིན་རྟོག་ཐམས་ཅད་བཀྲུས་ཏེ་ནང་དུ་བསྟན། ཕྱིར་འཁོར་བ་དབང་དུ་བསྡུས་ནས་མཆེ་བ་གཡོན་པས་བསྟན་པའི་དགྲ་བོའི་ཙིཏྟ་བསྲེག་པར་བསྟན་པའོ། །དེ་ལྟར་བསམ་པའི་རྣལ་འབྱོར་པས་བསྒོམ་པའི་རིམ་པ་ནི། རྒྱུད་སྡེ་རྣམས་ཀྱི་རྟགས་སུ་ཤེས་པར་བྱའོ། །བར་པ་ནི་བཤགས་སྦྱངས་ཏེ། རྒྱུ་སྦྱངས་བ། དང་པོ་བསྲེགས། བར་དུ་སྦྱངས། ཐ་མ་བཀྲུ་བར་བསྟན་པར་བྱའོ། །ཐ་མ་ཕྱི་ས་ནི། བསྟན་པ་བསྲུང་བའི་དྲག་སྔགས་དགྲ་བགེགས་རྩད་ནས་གཅོད་པའི་རྟགས་རྣམས་སུ་ཤེས་པར་བྱའོ། །དེ་ལྟར་འདུས་པ་གསུམ་ནི་བརྡ་དགོངས་སུ་བསྟན་པའོ།། །།
ཕྲ་མོ་ཀློང་དགུའི་འདའ་དཀའ་འཆི་བྲོད་འཕོ་བ་སྐར་ཁུང་མ་དང་བཅས་པ།
ཕྲ་མོ་ཀློང་དགུའི་འདའ་དཀའ་འཆི་བྲོད་འཕོ་བ་སྐར་ཁུང་མ་དང་བཅས་པ་བཞུགས་སོ། །འདི་ལ་ནང་གསེས་དོན་ཚན་བཞི་ཡོད། ༼༡༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཞི་དྲག་སྤེལ་བའི་རླུང་གི་གདམས་ངག་ཐོར་བུ་ལ། དང་པོ་གནས་དབེན་པར་ལུས་སྦྱངས་ལ་སྟན་འབོལ་པོ་ལ་འདུག་སྟེ། སོས་ཀློད་ལ་དབུགས་ཆམ་ལ་ཕབ། དེ་ནས་ཕྱི་ནང་དུ་རྒྱུ་བའི་དབུགས་ལ་བལྟས་ལ། ཕྱིར་རྒྱུ་ཞིང་ཕྱིར་གནས་པ་དང་། ནང་དུ་རྒྱུ་ཞིང་ནང་དུ་གནས་པ་གང་རིང་བལྟས་ལ། ཕྱིར་གནས་པ་རིང་བར་ཡོད་པ་དེ་ཀ་ཙམ་གཅིག་ནང་དུ་འཐེན་པ་ལ་ཕྱི་ནང་གཉིས་ཀ་ཆ་མཉམ་ལ་རྒྱུ་རུ་གཞུག་ཅིང་དེ་ལ་མ་ཡེངས་པར་བྱས་ལ་ཐུན་གཅིག་བསྒོམ། དེ་ཀ་ཙམ་གཅིག་ཁམས་གསེང་། དེ་འདྲ་བ་སྔ་དྲོ་ཐུན་གསུམ། ཕྱི་དྲོ་ཐུན་གསུམ། དེ་ནས་གོམས་ནས་ཕྱི་ནང་མཉམ་པོ་འཐེན་པ་སྔར་དང་འདྲ་བ་ལས་རབ་ཏུ་གནས་པའི་ཆ་ལྔ་ནང་དུ་འཐེན་པ་དེ་ཀ་ཙམ་གཅིག་བར་དུ་འཐེན་ལ་གསུམ་མཉམ་དུ་མཉམ་པ་ལ་བསྒོམ། དེ་འདྲ་བ་ལན་བདུན་ནམ་དགུའམ་བཅུ་གཅིག་གང་བདེ་བ་གཅིག་བསྒོམ། ཡུན་བདེ་བས་རིང་བ་གཅིག་གློད་ལ་སོ་མར་བཞག་གོ། །སྔར་ལྟར་གསུམ་མཉམ་ལ་བསྒོམ། ཡང་སྔར་ལྟར་ཀློད། སྔར་ལྟར་བསྒོམ། དེ་ནས་ལངས་ལ་ཁམས་བསང་ངོ་། །དེ་ལྟར་སྔ་དྲོ་ཐུན་གཅིག །ཕྱི་དྲོ་ཐུན་གཅིག །གུང་ལ་ཐུན་གཅིག་སྟེ། ཐུན་གསུམ་ལ་ཐུན་ཆེ་ཆུང་ལེའུར་བྱས་ལ་བསྒོམ་མོ། །དེ་གོམས་པ་དང་། དེ་ལ་བོགས་དབྱུང་ནི། དྲག་རླུང་གིས་སྟོབས་སྐྱེད། རྩ་མདུད་གྲོལ། སྒོ་དབྱེ་སྟེ། རན་ལ་བག་ཙམ་འཐེན་ལ། དེ་ནས་ཁ་སྣ་ནས་རླུང་ཕྱིར་ལ་འབུད་པ་ལ་ལན་གསུམ་བྱ། དེ་ནས་མགོ་མཇིང་གཡས་སུ་ལན་གསུམ་འཐེན། གཡོན་དུ་དེ་བཞིན་བྱ། དེ་ནས་ཁ་སྣ་ནས་ནང་དུ་དབུགས་ལན་གསུམ་རྔུབས་ལ། ཁ་སྣ་བསྡོམ་ལ་འོག་སྒོ་ཡང་བསྡོམ་ལ་ནང་དུ་ཐུབ་ཚད་དུ་འཐེན། མ་ཐུབ་ན་སྔོན་ལ་འོག་སྒོ་ཀློད་ལ། དེ་ནས་ཁ་སྣ་ནས་དལ་བུས་བཏང་། དེར་ངལ་གསོས་ཏེ་ཤེས་པ་སོ་མའི་སྟེང་དུ་བསྡད་ལ་དབུགས་ཐོན་པར་བྱའོ། །དེ་ནས་དབུགས་ཕྱིར་འབུད་པ་དང་། མགོ་མཇིང་འཐེན་པ་མི་དགོས། ནང་དུ་འཐེན་པ་དང་། ངལ་གསོ་ལན་གཉིས་བྱས་ཏེ་ཤེས་པ་སོ་མར་བཞག་གོ། །དེ་ནས་ཁམས་བསང་། གུང་དང་ཕྱི་དྲོ་ལ་ཡང་སྔར་ལྟར་ཐུན་རེ་བྱའོ། །དེ་ནས་ཞི་རླུང་གིས་གཞི་བཟུང་བ་དང་། རྒྱུན་བསྲིང་བར་བྱས་ཏེ། དྲག་རླུང་ཉིན་རེ་ལ་ཐུན་རེ་རེ་ཙམ་བྱ་ཞིང་། ཞི་རླུང་སྔར་ལྟར་གྱི་ནང་དུ་འཐེན་པ་དང་། བར་དུ་གནས་པ་བསྡོམ་པ་དེ་གཉིས་ལོག་ཙམ། ནང་དུ་འཐེན་གྱིན་བསྒོམ་མོ། །དེ་བརྟན་པ་དང་དེ་བས་ཀྱང་འཐེན་པ་བག་རེ་བསྲིང་སྟེ་ཡིད་ལ་སྔར་བས་དྲག་པ་གཅིག་གཉིས་གསུམ་ཙམ་རེ་འཐེན་ལ་མནན་ནོ། །དེ་གོམས་པ་དང་། སྔར་གྱི་དྲག་རླུང་ཐུན་གཅིག་ལ་ལན་གསུམ་ནང་དུ་འཐེན་གྱིན་ངལ་གསོ་བ་དེ་སྔར་དང་འདྲ་བས། དེ་འདྲ་ཐུན་གཉིས་སྔ་དྲོ་བྱ། ཕྱི་དྲོ་ཡང་རླུང་ཐུན་གཉིས་བྱའོ། །ཐུན་བཞི་ལ་འཐེན་པ་བཅུ་གཉིས་ཡོད་དོ། །འཕེན་པའི་བར་རྣམས་སུ་སྔར་གྱི་ཞི་རླུང་དེ་སྔར་བས་དབུགས་ཁུག་པ་རེ་ཙམ་གྱིས་རིང་དུ་འཐེན་པ་ལ་བསྒོམ་མོ། །དེ་གོམས་པ་དང་། ཐུན་ཇི་ཙམ་བསྒོམ་པ་གཅིག་གི་བཞི་ཆ་གཅིག་དྲག་ལུང་ལ་བསྒོམ། དེ་ཀ་ཙམ་གཅིག་སྔར་གྱི་ཞི་རླུང་ལ་བསྒོམ། དེ་ཀ་ཙམ་གཅིག་སོ་མའི་སྟེང་དུ་བཞག །དེ་ནས་ཡང་རེ་ཙམ་གཅིག་ཁམས་བསང་། ཐུན་གཅིག་ལ་བཞི་ཆ་རེ་རེ་དེ་ལྟར་དུ་བྱས་ཏེ། ཉིན་གཅིག་ལ་དེ་འདྲ་བ་ལན་གཉིས་སམ་ཡང་ན་གསུམ་བྱའོ། །དེ་གོམས་པ་དང་དྲག་རླུང་བདེ་ན་ཞི་རླུང་ལ་བག་རེ་ཙམ་བྱ་ཞིང་། དྲག་རླུང་ཡང་ཡང་བསྒོམ་མོ། །ཞི་རླུང་ལ་བདེ་ན་མགོ་ལ་དྲག་རླུང་ལན་གསུམ་གསུམ་ཙམ་འཐེན། སྔར་གྱི་ཞི་རླུང་ཐུབ་ཚད་མི་བདེ་བ་མེད་ཙམ་དུ་ནང་དུ་འཐེན་གྱིན་བསྒོམས་པ་སྔར་བཞིན་དུ་བྱས་ལ། མཇུག་སོ་མ་ལ་འཇོག་ཙ་ན། ཤེས་པ་མིག་གི་མཐོང་ཙད་དུ་ཐག་བསྲིངས་ལ་བཞག་ཅིང་བསྒོམ་མོ། །དེ་ནས་ཁམས་བསང་ངོ་། །དེ་གོམས་པ་དང་། དྲག་རླུང་སྔར་ལྟར་ཐུན་མགོ་ལ་བསྒོམ་ཞིང་། ཞི་རླུང་ནང་དུ་ཐུབ་ཚད་དུ་ཐག་བསྲིངས་ལ་འཐེན་པ་སྔར་དང་འདྲ་བའི་སྟེང་དུ་ནང་དུ་མི་བདེ་ཡང་མི་བཏང་བས། རྩོལ་བ་བག་རེས་འཐེན་གྱིན་བསྒོམ། འཐེན་པའི་གྲངས་སྔར་བཞིན་བདུན་ནས་དགུ་ལ་སོགས་པ་མང་དུ་བྱ། ཐུན་ཡང་བག་རིང་དུ་མང་དུ་བསྒོམ་མོ། །དེ་ནས་སོ་མ་ལ་སྡོད་ཚད་བཞག་གོ། །དེ་ནས་ཁམས་བསང་ངོ་། །དེ་གོམས་ནས་ཞི་དྲག་གཉིས་སྤེལ་ཏེ། གང་རུང་ཐུན་གཅིག་སྟོད་ལ་སྒོམ། གཅིག་སྨད་ལ་བསྒོམ། ཡང་ན་གང་རུང་གཅིག་སྔ་ཐུན་ལ་བསྒོམ། གཅིག་ཕྱི་ཐུན་ལ་བསྒོམ། ཐུན་ཆེ་ཆུང་ཁམས་དང་སྦྱར། ཁམས་ལ་སོགས་ནི་ཐུན་བསྲིངས་ལན་ཀློད་ལ་ངལ་གསོལ་ལ་ཀློད་དེ། དེས་ཀྱང་གནས་པ་བཟང་དུ་མ་སོང་ངམ། གནས་པ་བཟང་དུ་སོང་ཡང་། རླུང་གི་རྟགས་སམ་ཡོན་ཏན་ཡོང་བར་འདོད་པ་ལས་མ་བྱུང་ན་དྲག་རླུང་ནང་དུ་འཐེན་ཅིང་བཙིར་ཏེ། སྔར་དང་མཐུན་པའི་སྟེང་དུ་རླུང་རིང་ཐུང་གཉིས་བརྩེགས་བྱ་སྟེ། ཕྱིའི་ཁྲུ་གང་ནས་ཚུར་སྣ་ལ་ཧཱུྃ་རིང་པོ་ནང་དུ་རྡུབ་ནས་སྙིང་ཁ་མན་ཆད་བཙིར་ཞིང་མནན། འོག་རླུང་ཨ་ལོང་ནས་ཡར་ལ་ཁྲུ་གང་འཐེན་ཐུབ་ཚད་གཉིས་ཀ་མནན་ནོ། །མི་ཐུབ་ཙན་མི་བཏང་བར་ཧཱུྃ། ཐུང་ངུས་ཆོག་ན་མར་བཙིར་བས་འཐེན་ཏེ། སྟོབས་དང་རྩོལ་བ་ཤིན་ཏུ་བསྐྱེད། ལུས་སྤྱོད་པ་ཡན་ཆོད་ཕར་ཡོ་ཚུར་ཡོ་སྒུར་ཞིང་བཙིར་ལ་མནན་ནོ། །དེ་དུས་བླ་མ་རྩར་བཞུགས་ལ་བུས་མི་ཐུབ་པ་འདྲ་བ་ཙ་ན། དུས་ལ་བབས་འདུག་གི་བཙིར་ཅིག་ཅེས་བསྐུལ་ལོ། །དེ་འདྲ་བ་དང་པོ་སྔ་དྲོ་ལ་ལན་བཅུ་གཅིག །ཉི་མ་གུང་ཡོལ་ནས་བཅུ་གཅིག །སྲོད་ལ་མལ་དུ་ཞུགས་ནས་ལན་བཅུ་གཅིག་བྱས་ཏེ། ཐུན་རབ་འབྲིང་ཐ་མའི་གསུམ་ལས་ཐ་མ་ཡི་གྲངས་སོ། །དེའི་དུས་སུ་ཁམས་སོ་ཤིན་ཏུ་བསྟར། གནས་མུན་ཁུང་དུ་བྱས། མལ་ཆ་དྲོ་ལ་སྙོམས་པ་བསྟེན། མིག་བཙུམ་མོ། །དེ་ནས་མ་ལོག་སྟེ་ལས་སུ་རུང་ཙ་ན། སྔ་དྲོ་དང་གུང་ཡོལ་ཙ་དང་། སྲོད་དང་གསུམ་ལ་གྲངས་ཉི་ཤུ་རྩ་གཅིག་ཏུ་ཡར་ལ་བྱ། དབུགས་འདོན་པའི་བར་དུ་སོ་མར་བཞག་ལ་ཐུན་བཟུང་ངོ་། །དེ་ལས་སུ་རུང་བ་དང་། ཐུན་རེ་ལ་གྲངས་སུམ་ཅུ་སོ་གཅིག་ཏུ་ཡར་ལ་བྱའོ། །དེ་ལྟར་ཉིན་གཅིག་སྲོད་ལ་གཅིག་དགུ་པོ་དེ་རབ་ཀྱི་གྲངས་སོ། །དེ་ནས་ཐུན་རབ་འབྲིང་གསུམ་ལ་བསླབ་པའོ། །བུམ་ཅན་ནང་དུ་འཐེན་ནས་མ་ཤོར་བར་རེ་ལ་ལག་པ་པུས་མོ་ལ་སྦྱར་ལ་བསྐོར་བ་རེ་ལ་སེ་གོལ་རེ་གདབ། དེ་འདྲ་བ་སུམ་ཅུ་ཐམ་པ་ཐུན་ཐ་མའོ། །དེ་ལ་སྦྱང་བ་ཇེ་རིང་ཇེ་རིང་ལ་དྲུག་ཅུ་ཐམ་པ་ཐུབ་ན་ཐུན་འབྲིང་། དེ་ཀ་ལ་སྦྱངས་སྦྱངས་པས་ཇེ་རིང་ལ་དབུགས་གང་ལ་དགུ་བཅུ་ཐམས་པ་ཐུབ་ན་དབུགས་རབ་ཡིན་ཏེ། དེ་ཕན་ཆད་ནང་དུ་མནན་པ་ལ་མི་བདེ་བ་ཙམ་ཡང་མི་ཡོང་གསུངས། དེ་ཀ་ལ་བུམ་པ་རབ་འབྲིང་ཐ་མ་གསུམ་སྟེ། ཐུན་ཐ་མ་ལ་བུམ་པ་ཐ་མ། ཐུན་འབྲིང་པོ་ལ་བུམ་པ་འབྲིང་། ཐུན་རབ་ལ་བུམ་པ་རབ་བོ། །དེ་ལྟར་སྦྱངས་པས་དབུགས་རེ་ལ་སུམ་ཅུ་ལ་སོགས་པ་ཐུབ་པ་འབྱུང་ངོ་། །དེ་དག་གིས་རླུང་ཞི་དྲག་སྤེལ་མར་སྦྱངས་པའི་ཐབས། རླུང་ཐམས་ཅད་ཀྱི་ལག་ལེན་གྱི་ཕྱི་མོ། བླ་མས་གསུངས་པ་བཞིན་དུ་ལག་ལེན་བརྗེད་བྱང་ཡི་གེར་བཀོད་པའོ། །ཨཐྎ། ༼༢༽ འགྲོ་བའི་མུན་པ་སེལ་མཛད་ཅིང་། །ཉོན་མོངས་དྲྭ་བ་གཅོད་མཛད་པ། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སྤྱིར་ཡང་དག་པའི་སངས་རྒྱས་ཀྱི་སར་འགྲོ་བར་བྱེད་པའི་ཐབས་ཀྱི་ཡན་ལག་མང་ཡང་། གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པའི་རྣལ་འབྱོར་པས། ཐབས་ལམ་དང་གྲོལ་ལམ་གཉིས་སུ་འདུས་གསུངས་སོ། །དེ་ཡང་རུ་བི་མ་ལས་ཐབས་ལམ་དང་གྲོལ་ལམ་གཉིས་སུ་གསུངས་ཏེ། རུ་བི་མའི་ལམ་རིམ་ནས་རྒྱས་པར་བསྟན་ནོ། །འདིར་བླ་མའི་ཞལ་གྱི་གདམས་པ་ལ་གཉིས་སུ་གསུངས། ཐབས་ལམ་དང་། གྲོལ་ལམ་གཉིས་སོ། །དེ་ལ་འདིར་ཐབས་ལམ་མོ། །དེ་ལ་གཉིས་ཏེ། ཐབས་གདམས་ངག་དང་བཅས་པ། གདམས་ངག་ཐབས་དང་བཅས་པའོ། །དེ་ལ་དབང་པོ་རྣམ་པ་གསུམ་ལས། དེ་ལ་འདིར་དབང་པོ་ཐ་མའི་གདམས་ངག་གོ། །གདམས་ངག་ཇི་སྙེད་ཅིག་ཡོད་ཀྱང་། གནས་པ་རྩ། བརྟེན་པ་ཐིག་ལེ། གཡོ་བ་རླུང་གི་གདམས་ངག་གོ། །དེས་ན་རྩ་གནད་ལ་བསྟིམ། རླུང་ཆམ་ལ་དབབ། སེམས་རང་དབང་མེད་པར་བཟུང་བའོ། །དེ་ལ་གནས་པ་རྩའི་གདམས་ངག་ལ་གཉིས། རྩ་གསུམ་དང་། འཁོར་ལོ་དྲུག་གོ། །དེ་རྣམས་གནད་ལ་གསལ་བ་དེ་ལ་འདིར་མན་ངག་རྣམས་བཀོད་པ་ལས། རྩ་གནད་ལ་དབབ་པ་ལ་འཁྲུལ་འཁོར་ཆེན་པོ་བཅུས་གནད་ལ་དབབ། རླུང་ཆམ་ལ་དབབ་པ་ལ་རླུང་གི་བྱེད་པ་བཅུས་ཆམ་ལ་དབབ། སེམས་རང་སོ་བཟུང་བ་ལ་དཀྲི་ཐབས་རྣམ་པ་བཅུ་ཡིས་བཟུང་། ཞེས་གསུངས་སོ། །དེ་ནས་ཨ་ཏྲེ་ཤའི་འབྲིང་པོ། བུམ་པ་དགུ་ཕྲུགས་ལྟར་ཉམས་སུ་བླངས་ནས། དེ་ལ་འདིར་ཕྱི་ཡི་བུམ་པ་གསུམ་ལས། ཕྱི་སྨན་གྱི་བུམ་པས་ལུས་ཀྱི་ནད་སྤྱང་བ་གཞན་ན་གསལ། ནང་ཙཎྜ་ལིའི་བུམ་པས་ལུས་དྲོད་སྦྱང་བ་བསྟན་པ་ནི། གསུམ་ཡང་གཉིས་ཀྱི་གདམས་ངག་ཅེས་བྱ་སྟེ། གྲུ་གསུམ་མེའི་གནས་སུ་སྡོང་བུ་གཟུགས། །རྩ་མདུད་ཡི་གེའི་གམ་དུ་ས་བོན་དགོད། །དཀྲི་ཐབས་རིམ་པ་གསུམ་གྱིས་གསལ་གདབ་བྱ། །དྲོད་རྟགས་རིམ་པ་གསུམ་གྱིས་བསྐྱེད་འཕེལ་སྦྱང་། །སྦྱོར་བ་རྣམ་པ་གསུམ་གྱིས་གོང་སྐྱོན་གསལ། །ཅེས་སོ། །ཚོགས་གསུམ་གཉིས་པ་ནི། འོག་སྒོ་རླུང་གི་འཁོར་ལོ་ལ་སྦྱར་བ་ནི། རྩ་གསུམ་ཨེ་ཡི་ཙཀྲ་ལ་བརྟེན་ནས་ཙཎྜ་ལཱི་དྲོད་ཀྱི་གནད། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་བདེ་དྲོད་བསྐྱེད་པའི་གནད་དོ། །དང་པོ་གནད་དང་ཚུལ་མཐུན་པའི་རླུང་ཟས་སུ་ཟ་བ། རླུང་གོས་སུ་གྱོན་པ། རླུང་རྟ་རུ་ཞོན་པའོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་ངོས་བཟུང་བའི་གནད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བརྟེན་ནས་གཉིས་སུ་མེད་པ་བདེ་བ་ཆེན་པོའི་སྐུ་ལ་ཟླ་བའི་གནད་དོ། །གསུམ་པ་ཚོ་གསུམ་པའི་གདམས་ངག་གིས་ནང་དུ་སྡོང་བུ་འབར་བའི་འཁོར་ལོ་བསྐོར་བ། ཕྱི་རུ་ཉི་མ་འོད་ཟེར་གྱི་འཁོར་ལོ་བསྐོར་བ། རྩེ་སྤྲོད་ཀྱི་འཁོར་ལོ་བསྐོར་བ། དེའི་གཉིས་པ་ནི། འཁྲུལ་འཁོར་རྡོ་རྗེ་ལྷུན་གྲུབ་ཀྱི་གདམས་ངག །རླུང་རྟ་དྲག་པོ་གསུམ་རོལ་པའི་གདམས་ངག །དམིགས་པ་མང་ཉུང་ངོ་སྤྲོད་ཀྱི་གདམས་ངག་གོ། །གཉིས་པ་བདེ་བ་བསྒོམ་པའི་གདམས་ངག །གསང་བ་བྱང་ཆུབ་སེམས་ཀྱི་འཁྲུལ་འཁོར་ནི། དབུ་རྒྱན་ཉི་ཟླས་བརྒྱན་མགུར་ཆུ་དར་གྱེན་ལ་དྲིལ་སྐུ་རེག་གནད་དུ་བསྡམ། ཕྱག་གདུབ་བསྡམ་པར་བྱ། ཞབས་གདུབ་མཛེས་པར་བྱ། དེ་ལྟར་བསྐྱིལ་ཏེ་རླུང་དང་བདེ་བའི་ཐིག་ལེ་ཐམས་ཅད་གཅིག་ཏུ་འཛོམ་པར་སྦྱང་། བདེ་སྟོང་གི་དོན་ལ་ངོ་སྤྲོད་དོ། །དེ་ཐམས་ཅད་ལ་སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་གདམས་པ་གསུམ་དང་ལྡན་པ་གལ་ཤིན་ཏུ་ཆེའོ། །ཞེས་གསུངས་པའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐབས་ལམ་གྱི་གདམས་ངག་ལ་དྲུག་སྟེ། སྒྱུ་ལུས་ཀྱི་མན་ངག་དང་། རླུང་གི་མན་ངག་དང་། རྩའི་མན་ངག་དང་། ཐིག་ལེའི་མན་ངག་དང་། བདེ་བའི་མན་ངག་དང་། ཡེ་ཤེས་ཀྱི་མན་ངག་གོ། །སྒྱུ་ལུས་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང་། དངོས་གཞིའོ། །སྔོན་དུ་འགྲོ་བ་ནི། དང་པོ་མཚན་ཉིད་དང་ལྡན་པའི་བླ་མ་བཙལ། མོས་པ་དང་དད་པ་སྔོན་དུ་བཏང་ལ། དབང་མན་ངག་ཐོབ་པར་བྱས་ཏེ། ཤིན་ཏུ་དབེན་ཞིང་ཉམས་དགའ་བའི་གནས་སུ། དམིགས་པའི་རྟེན་དང་འཚོ་བའི་ཡོ་བྱད་ཅི་འབྱོར་བ་བཤམས་ཏེ། རང་གཅིག་པུའམ། འོན་ཏེ་བློ་དང་མཐུན་པའི་གྲོགས་བསྟེན་ནས། ཕྱི་ནང་གི་སེམས་ཀྱི་ཚེར་མ་སྤང་། ཟས་བཅུད་ཅན་ལེགས་པར་བསྟན། ལུས་ངག་ཡིད་གསུམ་ཚོགས་ལ་གནས་པའི་སྤྱོད་པ་ཞག་བདུན་ནམ་ཅི་རིགས་པར་བྱ། དེ་ནས་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། མཎྜལ་དབུལ་བ་དང་། བླ་མ་བསྒོམ་པ་དང་། རྡོ་རྗེ་སེམས་དཔའི་བསམ་གཏན་ལ་སོགས་པ་དབང་པོ་དང་སྦྱར་ཏེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་། སྒྲིབ་པ་སྦྱངས་བ་དང་། རིག་པ་ལམ་དུ་གཞུག་པར་བྱའོ། །སྒྱུ་ལུས་དངོས་ལ་གསུམ་ཏེ། ལུས་སྦྱང་བ་དང་། ངག་སྦྱང་བ་དང་། སེམས་སྦྱང་བའོ། །དང་པོ་ལ་གཉིས་ཏེ། འཁྲུལ་འཁོར་ཆེན་པོའི་ལུས་སྦྱོང་དང་། འཁྲུལ་འཁོར་ཆུང་ངུའི་ལུས་སྦྱང་ངོ་། །འཁྲུལ་འཁོར་ཆེན་པོ་ནི་ཞི་ཁྲོའི་འཁྲུལ་འཁོར་ཞག་འགའ་བྱ་ཞིང་ཆུས་སྦྱང་ངོ་། །འཁྲུལ་འཁོར་ཆུང་ངུ་ནི་གནས་སྐབས་སུ་བྱ་ཞིང་། ངག་སྦྱང་བ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ལ་སོགས་པའི་དབྱངས་ཀྱི་ཡི་གེ་སྒྲ་འདོན་པར་བྱའོ། །སེམས་སྦྱང་བ་ནི། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་། བེམ་པོ་དང་། སྟོང་པ་ལ་སྦྱང་བའོ། །བེམ་པོ་ནི། རྡོ་རྗེ་སེམས་དཔའི་སྐུ་རྟགས །བརྟན་པ། ཐེར་ཟུག་པ། ཇེ་ཆེ་ཇེ་ཆེ་དང་། ཇེ་ཆུང་ཇེ་ཆུང་ལ་བསླབ་པར་བྱའོ། །སྟོང་པ་ནི། རྡོ་རྗེ་སེམས་དཔའི་སྐུ་ནང་སྟོང་པ་ཕྲུལ་མ་བུས་པ་ལྟ་བུ་ནང་ན་རླུང་འཕྱོ་བ་དེ་ཡང་ཇེ་ཆེ་ཇེ་ཆེ་དང་། ཇེ་ཆུང་ཇེ་ཆུང་གི་རིམ་པ་ལ་བསླབ་པར་བྱའོ། །སྔོན་འགྲོ་དེ་རྣམས་ཀྱི་དགོས་པ་ནི། ཚོགས་བསགས་པ་དང་། རླུང་གི་སྐྱོན་མི་འབྱུང་བའི་དགོས་པ་ཡོད་དོ། །གཉིས་པ་རླུང་བསྒོམ་པ་ནི་ལྔ་སྟེ། ཞི་རླུང་དང་། དྲག་རླུང་དང་། ཞི་དྲག་སྤེལ་མ་དང་། འཕྲ་མེན་མ་དང་། བུམ་པ་ཅན་ལ་སོགས་པ་བསྒོམ་སྟེ། མན་ངག་ཏུ་ཤེས་པར་བྱའོ། །གསུམ་པ་རྩའི་མན་ངག་ནི་གཉིས་ཏེ། རྩ་འཁོར་ལ་བརྟེན་པ་དང་། མ་བརྟེན་པ་གཉིས་སོ། །བརྟེན་པ་ལ་བཞི་སྟེ། འཁོར་ལོ་བཞི་ལ་བརྟེན་པ་ནི། ཀླད་པ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས། གདུགས་ཕུབ་པའི་རྩིབས་མ་ལྟ་བུ་ལ། ཀ་ཁ་ག་གྷ་ང་། ཞེས་སྡེ་ཚན་བརྒྱད་ཀྱི་ཡེ་གེ་རྣམས་བསྒོམ། མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་མེ་ཏོག་པདྨ་ཁ་ཕྱེ་བ་ལྟ་བུར་གནས་པ་ལ། ཨ་ཨཱ་ལ་སོགས་པའི་དབྱངས་ཀྱི་ཡེ་གེ་བཅུ་དྲུག་པོ་ལ་སོགས་པ་བསྒོམ་པའོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་རྩ་འདབ་པདྨ་ཁ་ཕྱེ་བ་ལྟ་བུར་གནས་པ་ལ། དབུས་སུ་ཧཱུྃ་བདུན་ནམ་རིམ་པ་བཞིན་དུ་ཀ་ལ་སོགས་སྡེ་ཚན་བརྒྱད་ཀྱི་དང་པོ་རྣམས་སམ་ༀ་ས་ཨཾ་ཧ་རྣམས་བསྒོམ་པར་བྱའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་ནི་སྡོང་པོ་ལ་ཡལ་ག་སྐྱེས་པ་ལྟ་བུར་གནས་པ་ལ་སྡེ་ཚན་གྱི་ཡེ་གེ་འདབ་ཏུ་བསྒོམ་པར་བྱའོ། །དེ་ཡན་ནི་འཁོར་ལོ་བཞིའོ། །དྲུག་ཏུ་བསྒོམ་པ་ནི། ལྟེ་བའི་འོག་ན་སྒྲོམ་མདོའི་མེའི་འཁོར་ལོ་ཞེས་བྱ་བ། དབྱིབས་གྲུ་གསུམ། མདོག་དམར་པོ། ཁ་གདེངས་ཆེ་བ། རྩ་འདབ་བཞི་མེ་ཏོག་ལྟ་བུར་གནས་པ། ཡི་གེ་ཀའམ་རྃ་གནས་པའོ། །གཤང་ཁ་རླུང་གི་འཁོར་ལོ་ནི། ཨ་ལུང་ཁའི་ནང་ཧྃ་ནི་རྩ་གཞུའི་དབྱིབས་ཅན། ཁ་དོག་ལྗང་ཁུ། གཞུའི་མཆོག་མའི་རྩ་བ་བ་དན་ལྟ་བུར་གནས་པ་ལ། ཡི་གེ་ཡྃ་བསྒོམ་པའོ། །དེ་ནི་འཁོར་ལོ་དྲུག་གོ། །མུན་པ་ནི་འཕོ་བ་འཇུ་བྱེད་ཀྱི་འཁོར་ལོ་རྩ་དྲྭ་བ་ལྟ་བུར་གནས་པ་ལ། ཐིག་ལེ་འོད་ཟེར་དང་བཅས་པ་བསྒོམ་པའོ། །འཁོར་ལོ་གཅིག་ལ་བརྟེན་པ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོའི། །གཉིས་པ་རྩ་འཁོར་ལོ་ལ་མ་བརྟེན་པ་ནི། རྩ་ཨ་ཝ་དྷུ་ཏི་ཞེས་ཀྱང་བྱ། ཀུན་ད་མ་ཞེས་བྱ་བ་སྤོམ་ཕྲ་ནི་རྟ་རྔ་ཙམ་ཁ་དོག་གཞའ་ཚོན་ལྟ་བུར། རིང་ཐུང་ནི་ཡར་སྣ་ཚངས་པའི་བུ་ག་ལ་གཏད་པ་རབ་དུང་གི་ཁ་ལྟ་བུར། མར་སྣ་ནི་ཆོས་འབྱུང་གི་གཏིང་དུ་ཟུག་པ། རྩ་རོ་མ་ནི་གྲོ་སྲོག་གི་རིམ་པ་ཙམ། ཁ་དོག་དམར་སྨུག །རིང་ཐུང་ཡར་སྣ་ལག་སོར་ལྟར་བཀྲམ་པ་སྨིན་དཔྲལ་ཏུ་སླེབས་སོ། །རྐྱང་མ་ནི། སྦོམ་ཕྲ་དང་རིང་ཐུང་ནི་རོ་མ་དང་འདྲ་བ་ལ་ཁ་དོག་དཀར་པའོ། །མར་སྣ་གཉིས་ཁ་སྤུ་ན་གུའི་ཐད་ཙམ། དེ་ཡང་འཁོར་ལོ་བསྒོམ་ན་ནི། དབུ་མ་ནི་སྲོག་ཤིང་གི་ཚུལ། གཡས་གཡོན་གཉིས་བསྲུབ་ཐག་གི་ཚུལ་ལོ། །བཞི་པ་ཐིག་ལེའི་མན་ངག་ནི་གསུམ་སྟེ། བྱང་ཆུབ་སེམས་ཀྱི་ཐེག་ལེ་བསྒོམ་པ་དང་། གཏུམ་མོས་ལུས་ཀྱི་དྲོད་བསྐྱེད་པ་དང་། གཏུམ་མོ་འབར་འཛག་གིས་བདེ་དྲོད་ཐུན་མོང་དུ་བསྐྱེད་པའོ། །དང་པོ་ནི། ལུས་སྣང་མཛད་ཀྱི་ཆོས་བདུན་བཅའ་ལ། རླུང་ལན་གསུམ་དྲག་ཏུ་འབུད། འཁྲུལ་འཁོར་ཆུང་ངུའི་ལུས་སྦྱོང་བྱ། སྟེང་རླུང་མནན། འོག་རླུང་འཐེན་ལ་རྩ་དང་ཡི་གེ་ལ་ཤེས་པ་གཏད་དེ་བསྒོམ་པས་ཡི་གེ་རྣམས་འོག་ཏུ་ཞུ་བས་ཐིག་ལེར་གྱུར་ཅིང་། ཐིག་ལེ་དེ་དཀར་དམར་འཚེར་བའམ། དཀར་ལ་དམར་ཆགས་པའམ། དམར་ལ་འཚེར་བའམ། གཞའ་ཚོན་ལྟ་བུའམ། གང་གསལ་བ་ལ་བསྒོམ་སྟེ། རིམ་གྱིས་བབས་ནས་སྙིང་ཁའམ་ལྟེ་བའམ་ཆོས་འབྱུང་གི་ནང་ལ་བབས་ཐིག་ལེ་དེ་འོད་ཟེར་དང་བཅས་པ་འཕར་ཞིང་ལྡེག་པ་བསྒོམ་ན། བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེའོ། །གཉིས་པ་གཏུམ་མོ་དྲོད་ཀྱི་མན་ངག་ནི། སྟན་བདེ་བ་ལ་ལུས་ཐབ་མགལ་གྱི་ཕྱག་རྒྱ་བཅས་ལ། བཞག་པ་སེམས་ཀྱི་གནད་ནི། བདག་གི་ལུས་འདི་སྨྱུག་མའི་ཨུ་བྷི་ལཱུ་བ་གཅིག་སྟོང་སང་ངེ་ཡོད་པར་བསམ་ལ། དེའི་ཞབས་མ་གི་བུག་པ་འཕང་རྩེ་ཤོང་ཙམ་གཅིག་བསམ། བུག་པ་དེའི་ཁ་རུ་ཡི་གེ་ཡྃ་སྤུས་བྲིས་པ་ཙམ་གཅིག་བསམ། དེ་བས་སོར་བཞི་ཙམ་གྱི་འཁོར་ལོ་གསུམ་འདོམ་གྱི་སྐབས་སུ་རྩ་ཟངས་དུང་གི་ཁའམ། བུམ་པ་ལྟར་བསམ་པ་དེའི་མདོ་ན་ཙཎྜ་ལཱི་ཚོན་གང་བ་ཚ་བ། རྣོ་བ། སྲ་བ། འགུལ་བ། དམར་ཙིག་ཙིག་པ་གཅིག་གསལ་དུ་བསྒོམ། དེ་ལ་འོག་སྒོའི་རླུང་སྤྱོད་པས། སེ་རིལ་རིལ། དམར་ཧར་ཧར་བུས་པས་མེ་ལྕེ་དམར་བྲེང་བྲེང་དུ་གྱུར་པར་བསམ། དེ་གང་ལ་རེག་པས་ཚིག་སྙམ་བྱེད་པ། ཁོག་པའི་ནང་དུ་མེ་ལྕེ་ཕྲ་མོའི་འོད་ཕར་ལམ་ཚུར་ལམ་བསམ། དེ་རིང་ཐུང་གཞུག་ན་ཡར། ཇེ་ཆེ་ཇེ་སྦོམ་དུ་སོང་ནས་གཞུག་ཧར་སྒྲ་དང་བཅས་ནས་འབར་བས། ཁོག་པའི་ནང་ཐམས་ཅད་དམར་ལྕིབས་ཀྱིས་སོང་ནས། བ་སྤུའི་བུ་ག་ཐམས་ཅད་ནས་ནད་དང་གདོན་དང་སྡིག་སྒྲིབ་ཐབས་ཅད་འཐོན། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་ཐོན་པར་བསམ། རླངས་ཀྱིས་ལུས་ཐམས་ཅད་ཁྱབ་པས་ཚ་བུན་ནེ་ཡོད་པར་བསམ། དྲག་རླུང་བརྩེགས་ཅིང་མནན་རླུང་ཁ་སྦྱར། རླུང་རེ་དབྱུང་། རླུང་ཁ་འབུད་འདར་འཁྲིལ་ལི་ལི་བྱས་པས་རླུང་གནད་དགྲམ། དེ་ལ་སྟེང་རླུང་ཟིན་པའི་རྟགས་ལ། ངུར་པ་མི་འབྱུང་། སྣབས་ལུད་ཉུང་བ་དང་། འོག་རླུང་ཟིན་པའི་རྟགས། དྲི་ཆུ་བསྐ་ལ་དྲི་ཆེ་བ་དང་། དྲི་ཆེན་བསྐ་ལ་ཆུང་བའོ། །ལོག་ནོན་ལ་གསུམ། གཏུམ་མོ། །མཉམ་པ་དང་ལོག་པའི་རྟགས། ལོག་གནོན་ནོ། །དང་པོ་དྲོད་ཀྱི་རྒྱུ་རྡུལ་ཕྱི་རུ་སོང་ན་ཡན་ལག་བཞི་བརྒྱང་ལ་གན་རྐྱལ་དུ་ཉལ། གཉིས་པ་ནི། སྙིང་འགས་པ་ཙམ་བྱེད་ཅིང་། རོ་སྟོད་མི་བདེ་བ་དང་། མཇིང་པ་རེངས། ལྕེ་ཆུང་འབབ། གསུམ་པ་ནི། སྟོད་ནད་ལ་ལུང་བཏང་ཁར་སྟོད་སྤྲུག །ན་སར་བརྡུང་བ་དང་མཉེ་བ་བྱའོ། །བྱིང་རྒོད་ལོག་གནོད་གཞན་དུ་ཤེས། ཐུན་ཡེམ་ཆེ་ན་དྲོད་མྱུར་རོ། །གསུམ་པ་གཏུམ་མོ་འབར་འཛག་གིས་བདེ་དྲོད་ཐུན་མོང་དུ་བསྐྱེད་པ་ནི། དེ་ནས་ལུས་བཅའ་བའི་གནད་དང་ལྡན་པས་སྟེང་རླུང་མནན་ཅིང་། རྩ་གཡས་གཡོན་ནས་རླུང་སོང་ནས་འོག་རླུང་ཡར་དྲངས། རྩ་སྣ་གཉིས་ཡར་གུག་ནས་ཡོད་པས། ཨ་ཤད་ལ་རླུང་བུས་ལ། ཇེ་དམར་ཇེ་དམར་ལ་མེ་འབར་བར་བསམ། གཏུམ་མོ་སྦར། དབུ་མའི་ནང་དུ་མེ་ལྕེ་ཡང་ཡང་དུ་བྱུང་བས། མེ་ལྟེ་བར་སླེབས་པས་ལྟེ་བའི་ཡིག་འབྲུ་རྣམས་ཞུ་བར་བསམ། སྙིང་ག་མགྲིན་པ་སྤྱི་བོའི་ཡིག་འབྲུ་རྣམས་ཞུ་བར་བསམ། མེ་ཧྃ་ལ་ཕོག་པས། ཧྃ་ལས་བྱང་སེམས་མར་མར་བབ་པས་དང་པོ་སྤྱི་བོའི་ཡིག་འབྲུ་རྣམས་ལ་བསམ། དེ་ནས་མགྲིན་པ། སྙིང་ག །ལྟེ་བར་བབས་ནས། ཡིག་འབྲུ་རྣམས་རིམ་གྱིས་གསལ་བཏབ་སྟེ་གསོས་པར་བསམ། དེ་ལྟར་གཏུམ་མོ་འབར་འཛག་རྟག་ཏུ་བསྒོམ་པས་དྲོད་རྟགས་རིམ་པར་འབྱུང་སྟེ། དང་པོ་དྲོད་སྐྱེ། དེ་ནས་བདེ་བ་སྐྱེ། དེ་ནས་མི་རྟོག་པ་སྐྱེས་ནས་བདེ་སྟོང་གི་ངང་ལ་གནས་པའོ། །བདེ་བའི་མན་ངག་དང་། ཡེ་ཤེས་ཀྱི་མན་ངག་གཉིས་མི་སྣང་ངོ་། ། ༼༣༽ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྙན་བརྒྱུད་རིན་པོ་ཆེ་མན་ངག་རྫོགས་འཕྲང་གི་འདའ་ཀ་འཆི་བྲོད་ཀྱི་གདམས་ངག་མ་བསྒོམ་པར་སངས་རྒྱ་བ་འཕོ་བའི་གདམས་ངག་འདི་ལ་བཞི་སྟེ། འཕོ་ས་ཡུལ་གྱི་གདམས་ངག་དང་། འཕོ་ཐབས་ཀྱི་གདམས་ངག་དང་། རྣམ་པར་ཤེས་པའི་གདམས་ངག་དང་། འཕོས་ནས་དབྱིངས་སུ་བསྐྱལ་བའོ། །དང་པོ་ལ་གསུམ་སྟེ། གང་ཟག་དབང་པོ་རབ་ཀྱིས་སྐུ་གསུམ་ལ་འཕོ་བ་ནི། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་འོད་གསལ་བདེ་བ་ཆེན་པོའི་ངང་དུ་འཕོ་བ་དང་། ཡང་ན་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལ་འཕོ་བ་དང་། ཡང་ན་སྤྲུལ་པའི་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་འཕོ་བའོ། །གང་ཟག་དབང་པོ་འབྲིང་གིས་ཡི་དམ་གྱི་ལྷ་ལ་འཕོ་བ་དང་། ཡང་ན་བླ་མ་ལ་འཕོ་བ་དང་། ཡང་ན་རྟེན་ཁྱད་པར་ཅན་ལ་འཕོ་བའོ། །གང་ཟག་དབང་པོ་ཐ་མས་སྐྱེ་མཆེད་མུ་བཞིའི་ལྷ་གནས་སུ་འཕོ་བ་དང་། འོག་མིན་དགའ་ལྡན་གྱི་གནས་སུ་འཕོ་བ་དང་། ཡང་ན་གླིང་ཁྱད་པར་ཅན་ནམ། བསོད་ནམས་བསགས་པའི་གང་ཟག་ལ་འཕོ་བའོ། །དེ་ལྟར་རང་ཡུལ་གང་ལ་མོས་པ་དེ་ལ་བདག་དེ་རུ་འཕོ་བར་བྱའོ་སྙམ་པ་བྱས་ལ། མོས་པ་དང་འདུན་པ་དྲག་ཏུ་བཏང་། དམིགས་པ་དེ་ལྟར་དུ་བྱའོ། །གཉིས་པ་འཕོ་བར་བྱེད་པ་ལ་གནད་དྲུག་སྟེ། དང་པོ་འདི་སྙམ་དུ་བསམ་སྟེ། ནམ་འཆི་ནི་ཆ་མེད། འཆི་བ་ནི་ངེས། འཆི་བའི་ཚེ་གང་གིས་ཀྱང་ཕན་པ་ནི་མི་འདུག་སྙམ་དུ་འཆི་བ་རྗེས་སུ་དྲན་པས། བུ་ནོར། གཉེན་འབྲེལ། ཞིང་ཁང་ཡོན་ཏན་ལ་སོགས་པ་གང་ལ་ཆགས་རྒྱུ་མེད་ཅིང་ཆགས་པ་དང་དབྲལ། གང་དང་ཡང་འབྲེལ་མེད་དུ་བསྒོམ། འབྲེལ་མེད་དུ་བློ་ཐག་བཅད་དོ། །གཉིས་པ་བརྟེན་པ་རང་གི་ལུས་ལ་ཞེན་པའི་འཁྲི་བ་བཅད་དེ། ཟག་བཅས་ཀྱི་ལུས་འདི་ལ་བརྟེན་ནས་སྡིག་པ་མང་པོ་བསོགས། སྡུག་བསྔལ་མང་པོ་བསྐྱེད། འཁོར་བར་ཡང་བསྐྱུར་བར་འདུག་པས། ཟག་བཅས་ཀྱི་ལུས་འདིས་ནམ་ཡང་བསླུ་བ་ལས་མ་འདས་པས་ལུས་འདི་དོར་ལ་སེམས་འདི་སངས་རྒྱས་ཀྱི་ཞིང་དུ་འཕོ་བར་བྱ་སྙམ་དུ་འཕོ་བའི་ཡུལ་གང་ལ་མོས་པ་དེ་ལ་དམིགས་པ་གཏད་ཅིང་འཕེན་པ་བཏང་ངོ་། །གསུམ་པ་འཕོ་བྱེད་ཀྱི་རིམ་པ་དང་། འཕོ་བའི་ཡུལ་འདྲིས་སུ་གཞུག་པ་ནི། གང་དུ་འཕོ་མནོ་བ་དེའི་གནས་དང་རྟེན་གང་ཡིན་པ་དེ་རུ་བསམས་ལ། མ་ཡེངས་པར་བསྒོམ་ཞིང་འཕེན་པ་དྲག་ཏུ་བྱའོ། །བཞི་པ་རིག་པ་བྱིན་གྱིས་བརླབས་ཤིང་ངར་བླུད་ལ། རིག་པ་གང་འདོད་དུ་ཡན་པ་ནི། དཔེར་ན་སྐྱེས་བུ་འཕོང་སློབ་པའམ། མཆོངས་སློབ་པའམ། སྒྱོགས་འཕེན་པའི་ཤེད་རྩོམ་པ་དང་འདྲ་སྟེ། གདམས་ངག་སྟོན་པའི་བླ་མ་དང་། དངོས་གྲུབ་སྟེར་པའི་ཡི་དམ་དང་། བར་ཆད་སེལ་བའི་འཁའ་འགྲོ་རྣམས་ལ་མོས་གུས་དྲག་པོ་བྱས་ལ་གསོལ་བ་ཡང་ཡང་བཏབ་ལ། རེ་ས་དང་ལྟོས་ས་ཁྱེད་རང་ལས་མེད་དོ། །མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཕྱི་ནང་གི་བར་ཆད་བསལ་དུ་གསོལ། ཞེས་ཞེ་ཐག་པ་ནས་རིག་པ་བུན་ལོང་གིས་གསོལ་བ་བཏབ་པས། རིག་པ་འུར་གྱིས་སོང་ནས་ཇེ་ངར་དུ་སོང་སྟེ་ངར་སྐྱེས་ནས་འོང་ངོ་། །ལྔ་པ་གཉེན་པོ་བརྩོན་འགྲུས་ཀྱིས་རྐྱེན་དབང་དུ་མི་བཏང་བ་ནི། གཉེན་པོ་དང་བརྩོན་འགྲུས་བསྐྱེད། དྲན་པ་དང་ཤེས་བཞིན་གྱིས་བཟུང་། རླུང་སྦྱངས་དང་དམིགས་པ་ལ་མ་ཡེངས་པར་བསྒོམ། དྲུག་པ་སྲུང་བའི་འཁོར་ལོས་རིགས་དྲུག་ཏུ་སྐྱེ་བའི་སྒོ་དགག་པ་ནི། ཁ་སྣའི་སྒོ་གཉིས། མིག་དང་རྣ་བ་གཉིས། དྲི་ཆུ་དང་དྲི་ཆེན་གྱི་སྒོ་གཉིས་ཏེ་དྲུག་ཏུ། ཡི་གེ་ཀྵའམ་ཧཱུྃ་སྔོན་པོ་རེ་བསམ་ལ་ཐེམ་བུ་བཅུག་པ་བཞིན་བཀག་པར་བསམ། སེང་གེ་རྣམ་གྲོལ་གྱི་ཕྱག་རྒྱ་བཅས་ལ་ཡུལ་དེ་ཚོ་ལ་སེམས་འཕྲོས་ན་རིགས་དྲུག་ཏུ་སྐྱེ་བ་ཡིན་གསུངས། སྤྱི་བོ་ཚངས་པའི་བུ་གར་སྐར་ཁུང་ཕྱེ་བ་ལྟར་སྐྱ་ཏལ་གྱི་བྱུང་བར་བསམ། དེ་ནས་ཡར་འཕྲོ་ན་ཐར་པའི་ལམ་དུ་འགྲོ་བ་ཡིན་གསུངས། གསུམ་པ་རླུང་དང་དམིགས་པས་རྣམ་ཤེས་འཕོ་བ་ནི། སེམས་ཀྱི་ངོ་བོ་སྙིང་གི་ནང་དུ་ཡི་གེ་ཧཱུྃ་སྔོན་པོའམ་ཐིག་ལེ་སྔོ་དམར་གཅིག་ཏུ་བསམ། དེ་ནས་སྟེང་རླུང་མནན་པས་ཧཱུྃ་ངམ་ཐིག་ལེ་དེ་རྩ་དབུ་མའི་ནང་ནས་མར་གསང་ལམ་ལ་ཐུག་པར་མར་ལ་ཕུལ། དེ་ནས་འོག་རླུང་དྲག་ཏུ་འཐེན་པས། རྩ་དབུ་མ་ནས་ཡར་ཕུལ་ཏེ། ཀ་ཧི་ཅེས་བརྗོད་པས། ཚངས་པའི་བུ་ག་ནས་ཡར་ལ་ཐོན་ཏེ་སྤྱི་བོར་ཡི་གེར་གནས་པར་བསམ། དེ་ཡང་འཆི་ཀ་མ་ཡིན་པར་སྤྱི་བོར་མི་བཏོན་པར་ཚངས་པའི་བུ་ག་ཙམ་དུ་སྤར་རོ། །ནམ་འཆི་བའི་ཚེ་འཕོ་བའི་ཡུལ་གང་མོས་དེ་གསལ་བར་བསྒོམ། དེའི་ཐུགས་ཀ་ཕྱེ་ནས་ཐུགས་ཀྱི་ནང་ནས་ཧཱུྃ་དཀར་པོ་འོད་འཚེར་རེ་འཚེར་བ་ཞིག་བསམ། དེ་ནས་འོག་རླུང་དྲག་ཏུ་བསྐྱོད་དེ། རང་གི་རྣམ་པར་ཤེས་པ་ཧཱུྃ་ངམ་ཐིག་ལེར་ཡོད་པ་དེ་སྐར་མདའ་འཕངས་པ་བཞིན་རྒྱངས་ཀྱིས་ཐོན་པས། འཕོ་བའི་ཡུལ་གང་ཡིན་པ་དེའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམས། དེའི་དུས་གང་ལ་ཡང་ཆགས་ཞེན་བྱུང་ན་རྦད་ཀྱིས་བཅད་ལ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་གནས་སུ་སླེབས་པར་བསམ་མོ། །དེ་ནས་རླུང་ནང་དུ་མི་དྲང་བར། འོག་རླུང་འཐེན་པ་དེ་ཀ་ལ་བློ་གནས་པར་བྱ། འཆི་ཁར་དེ་ལྟར་བྱས་ན་གང་ལ་མོས་པ་དེ་ལ་འཕོ་བར་འགྱུར་རོ། །བཞི་པ་འཕོས་ནས་རིག་པ་གནས་སུ་བསྐྱལ་བ་ནི། སེམས་ཀྱི་ཆོས་ཉིད་རྣམ་པར་དག་པ། ཆོས་སྐུ་སྐྱེ་བ་མེད་པ། སྟོང་གསལ་བདེ་བ་ཆེན་པོའི་གནས་སུ་བསྐྱལ་ལོ། །གདམས་ངག་འདི་ནི། གོང་དུ་རྩ་རླུང་བསྒོམ་ནས་གདམས་ངག་འདི་ལ་ཁྲིད་བྱས་པ་ལ་ཨ་ཅང་ཆེ། སྐྱེ་བོ་ཐ་མ ལ་པ་ལ་འཆི་ཁར་བཏབ་པས་ཀྱང་འཚལ་རྒྱ་བར་འགྱུར་བ་ཡིན་ནོ། །སྙན་བརྒྱུད་རིན་པོ་ཆེ་རྫོགས་འཕྲང་གི་མན་ངག་འདའ་ཀ་འཆི་བྲོད་ཅེས་ཀྱང་བྱ། རྣམ་ཤེས་འཕོ་བའི་གདམས་ངག་ཅེས་ཀྱང་བྱ། མ་བསྒོམ་ཀྱང་འཚང་རྒྱ་བའི་གདམས་ངག་གོ། །རྫོགས་སོ།། །།སྣོད་དང་མི་ལྡན་པ་ལ་གང་ཐོད་ཐོད་དུ་སྤེལ་ན་མཁའ་འགྲོ་མའི་ཆད་པ་འོང་ངོ་། །ཨཐྎ། ས་མ་ཡ། རྒྱ་རྒྱ་རྒྱ། ༼༤༽
འཇམ་དཔལ་དམར་པོ་གསང་དབང་གི་མན་ངག
འཇམ་དཔལ་དམར་པོ་གསང་དབང་གི་མན་ངག་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འཇམ་དཔལ་དམར་པོའི་གསང་དབང་གི་མན་ངག་ལ། དང་པོ་བསྐྱེད་རིམ་གྱི་མན་ངག་མཐོང་ཐོས་བདུད་རྩིའི་ཐིག་པ་དང་། དམར་ཆུང་འདའ་ཀའི་བསྒོམ་ལུང་ལྟར། བརྟན་པ་ཐོབ་ནས་ཐབས་ལམ་གྱི་མན་ངག་ནི་གཉིས་ཏེ། བདག་ལུས་ཐབས་ལྡན་གྱི་ས་མ་ཏིའི་ཕྱག་རྒྱ་ལ་སྦྱང་བ་ནི། གནས་ཁང་ཤིན་ཏུ་དབེན་པར་ཚོགས་དང་གཏོར་མ་ལ་སོགས་པས་བར་ཆད་ཞི་བར་བྱས་ལ། དེ་ནས་སྟན་བདེ་བ་ལ་ལུས་ཀྱི་འདུག་སྟངས་ལེགས་པར་བྱས་ལ་མདུན་དུ་དམིགས་པའི་རྟེན་བཀྲམ་ལ། དང་པོ་བསྐྱེད་རིམ་གྱི་ས་མ་ཏི་བསྒོམ་ཏེ། བདེ་བ་ཡབ་ཡུམ་གསལ་བ་ལས་གནས་ལྔ་རུ་རིགས་ལྔ་ཡབ་ཡུམ་བསྐྱེད་ལ། སྤྱི་བོ་རྣམས་སྣང་། མགྲིན་པར་མཐའ་ཡས། ཐུགས་ཀར་མི་བསྐྱོད་པ། ལྟེ་བར་རིན་འབྱུང་། གསང་གནས་སུ་དོན་ཡོད་གྲུབ་པ་དགོད་དོ། །ཡབ་དེ་ལ་དེ་ཚོའོ་ཡུམ་རྣམས་བཀོད་དོ། །དེ་ནི་ཕྱིའི་འཁོར་ལོའོ། །ནང་གི་འཁོར་ལོ་བསྒོམ་པ་ནི། ཙིཏྟའི་ནང་དུ་ཐབས་ལ་ཡབ་ལྔ་བསྒོམ། ཤེས་རབ་ལ་ཡུམ་ལྔ་བསྒོམ། གསང་བའི་འཁོར་ལོ་ནི། ཡབ་ཀྱི་གསང་བ་ལ་བྱང་ཆུབ་སེམས་གསོ་བའི་རྩ། ལྔང་བའི་རྩ། བདེ་བ་སྐྱེད་པའི་རྩ། བསྐྱོད་པའི་རྩ། ཐིག་ལེ་དབབ་པའི་རྩ་དང་ལྔ་ལས། རྡོ་རྗེ་རྩེ་ལྔའི་རང་བཞིན་ལ་དཔའ་བོ་ཡབ་ལྔ་བསྒོམ། ཐིག་ལེ་དབབ་པའི་རྩ་ཡི་ནང་དུ་དཔའ་བོ་འབྲུ་གསུམ་བསམ། ཡུམ་གྱི་མཁའ་ལ་ཕྱི་ཁྱམས་གྲུ་གསུམ། ནང་གྲུ་བཞི། སྐྱེ་གནས་ཟླུམ་མོ། །ཟ་མ་ཏོག་རྡོ་རྗེའི་ལམ་འབྲི་མོག་གི་རྫ་མ་ལྟ་བུ། ནང་པདྨ་འདབ་བཞིའི་དབུས་ཀྱི་ལྟེ་བ་དང་ལྔ་ལ། བདེ་བ་སྟེར་བྱེད་མ། སེལ་བྱེད་མ། དྲོད་འབེབས་མ། གཡོ་བྱེད་མ། བསྐྱོད་བྱེད་མ་ལྔ་ལ་ཌཱ་ཀི་མ་ལྔ་བསམ་མོ། །དེ་རྣམས་ནི་དཀྱིལ་འཁོར་ཕྱི་ནང་གསང་བ་གསུམ་ཞེས་གསུངས་སོ། །གནས་པ་རྩའི་འཁོར་ལོ་ནི། ཀླད་པ་བདེ་བ་ཆེན་པོ་ན་རྩ་འདབ་སོ་གཉིས་གདུགས་ཀྱི་རྩིབས་མ་ལྟ་བུ་གནས་པ་ལ་ཀ་ལི་སུམ་ཅུ་རྩ་གཉིས་བསམ། དབུས་སུ་ཁྱབ་པའི་རྡོ་རྗེ་ལྟ་བུ་བསམ། མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་ཏུ་ཡོད་པ་ལ་ཨ་ལི་བཅུ་དྲུག་དགོད། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཡོད་པ་དེ་ལ་དཔའ་བོ་འབྲུ་བརྒྱད་བསམ། ཨཱོྂ་ཨཱཿཧཱུྃ་སྭཱ་ཧཱ། ཛཱི་ཨ་ཁཾ་བསམ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་ལ། ཨ་ལི་ཀ་ལིས་བརྒྱན་པའོ། །དེའི་འོག་ཏུ་ཆོས་འབྱུང་དམར་པོ་ཡི་གེ་རྃ་གྱིས་མཚན་པ་གཤང་ཁ་རླུང་གི་འཁོར་ལོ་གཞུང་ལྟ་བུ་ཡི་གེ་ཡྃ་གྱི་མཚན་པ། རོ་རྐྱང་གཉིས་ཀྱི་རྩ་ཡར་སྣེ་སྨིན་དབྲག་ཏུ་བྱ་རོག་གི་སྡེར་མོ་ལྟ་བུར་ཟུག་པ། མར་སྣེ་ཆོས་འབྱུང་གི་ནང་ཤ་དཀར་ནག་མཚམས་སུ་སླེབས་པ། རྩ་དབུ་མ་ནི་འཁོར་ལོའི་སྲོག་ཤིང་ལྟ་བུ། ཡར་སྣ་ཐིག་ལེ་ལ་ཁ་བལྟས་པ་ཅུང་ཟད་ཁ་ཆེ་བ་རག་དུང་གི་ཕོད་ཁ་ལྟ་བུ། མར་སྣང་རྡོ་རྗེའི་རྩ་བར་ཟུག་པ་ཅུང་ཟད་ཕྲ་བའོ། །གཡོ་བ་རླུང་གི་འཁོར་ལོ་ནི། ཡབ་ཡུམ་སྙོམས་པར་ཞུགས་ནས་མཉམ་པར་སྦྱོར་བའི་སྐབས་སུ། སྟེང་རླུང་ཅུང་ཟད་མནན་འོག་རླུང་ཅུང་ཟད་འཐེན་པ་སྦྱོར་སྒྲོལ་གྱི་མཆོད་པ་དབུལ་ཏེ། དང་པོ་རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད། ཐིག་ལེས་མཆོད་པ་ཕུལ། བདེ་བས་དགྱེས་པ་བསྐྱེད། ཕྱི་ལུས་ཀྱི་རྟོག་པ་བསྒྲལ། ཕུང་པོ་ཐ་མལ་གྱི་ཞེན་པ་བཅོམ། ཐུགས་ཀའི་དཔའ་བོ་ཡབ་ཡུམ་མཉམ་པར་སྦྱོར། ཐིག་ལེའི་མཆོད་པ་ཕུལ། བདེ་བས་དགྱེས་པ་བསྐྱེད། གཟུང་འཛིན་གྱི་རྣམ་རྟོགས་བསྒྲལ། ཞེན་པ་ཐ་མལ་པ་བཅོམ། གསང་གནས་ཀྱི་དཔའ་བོ་དཔའ་མོ་སྦྱོར། ཐིག་ལེའི་མཆོད་པ་ཕུལ། བདེ་བས་དགྱེས་པ་བསྐྱེད། ཉོན་མོངས་པ་རང་ཁར་མར་བསྒྲལ། ཆགས་པ་ཐ་མལ་པ་བཅོམ། མཆོད་པ་ཕྱི་ནང་གསང་གསུམ་པོ་དེ་ཕུལ་བས། ཕྱི་ནང་གསང་བའི་ལྷ་ཚོགས་རྣམས་མཆོད་པས་མཉེས་ཏེ་འོད་དུ་ཞུ་ལ་གང་པར་བསམ། སྙོམས་འཇུག་ཏིང་ངེ་འཛིན་གྱིས་བསྐྱོད་པས་རླུང་གིས་མེ་བསྐུལ། རྩ་དབུ་མ་ནས་ཡར་ཞུགས་ཏེ། ཐིག་ལེ་འོད་དུ་ཞུ། ཀླད་པ་བདེ་ཆེན་གྱི་ཡི་གེ་རྣམས་འོད་དུ་ཞུ་ནས་ཆུ་ཕྲན་མ་ལ་འདུས་པ་ལྟར་ཐིག་ལེ་དང་པོ་བབས་པས་ལུས་ཀྱི་བདེ་བ་དང་པོ་བསྐྱེད་པས་དགའ་བ་ཞེས་བྱ། མགྲིན་པར་བབ་པ་གོང་དང་འདྲ། ནང་སེམས་ཀྱི་བདེ་བ་བསྐྱེད་པས་མཆོག་དགའ་ཞེས་བྱ། སྙིང་ཁར་བབས་བཞུ་བཏུལ་བྱས་བདེ་གསལ་མི་རྟོག་པ་གསུམ་སྐྱེས་པ་དེ་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་ཀྱང་བྱ། གནས་ལུགས་ཀྱི་དོན་མཐོང་བ་ཞེས་ཀྱང་བྱའོ། །དེ་ནས་ལྟེ་བར་བབས་བཞུ་བཏུལ་བྱ། གོང་མའི་དགའ་བ་དེ་ཉིད་དུའང་མི་འཛིན་པས་དགའ་བྲལ་ཞེས་བྱ་སྟེ་ངག་དུའང་མ་ཞེས་པ་གཅིག་འབྱུང་ངོ་། །དེ་ནི་ཕྱི་ཡུལ་ལ་ལྟོས་པའི་དགའ་བ་བཞི་ཞེས་བྱའོ། །དེ་ནས་གསང་བར་བབས་ཏེ་ཐིག་ལེའི་དྲོད་ཀྱིས་ལུས་སྦྲད་ཆིལ་གྱིས་བྱུང་སྟེ་ཕྱི་གཟུང་བྱའི་ཡུལ་འགགས། ནང་འཛིན་པའི་སེམས་གསལ་ལེར་ཧྲིག་གེར་ཤར་བ་དེ་དགའ་བ་ཞེས་བྱ། རྡོ་རྗེའི་སྐེད་པ་སླེབས་ཙ་ན་བདེ་བ་ཆེར་འབར་ནས་ལུས་ཡོད་དུ་མི་ཚོར་བས། ནང་གི་སེམས་ཡང་འགགས་ཏེ་དབུགས་ཕྱི་ནང་གི་འགྱུ་བ་མི་ཚོར་བ་དེ་མཆོག་དགའ་ཞེས་བྱའོ། །རྡོ་རྗེའི་བུམ་པར་སླེབས་ཙ་ན་སྟོན་ཁའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་གསལ་ལ་མི་རྟོག་པ་མཐའ་ཐམས་ཅད་དང་བྲལ་བ་གཅིག་འཆར་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱའོ། །དེ་ནས་ཐིག་ལེ་དང་པོ་ཤོར། གསུམ་གནས་པ་དེ་ལས་དེ་ལ་དབུགས་བཟུང་སྟེ། དེ་ཉིད་དུ་འཛིན་པ་ཡང་མེད་པ་དེ་ལ་དགའ་བྲལ་ཞེས་བྱའོ། །ཐིག་ལེ་དང་པོ་དེས་མཁའ་འགྲོ་མ་ལ་མཆོད་པ་ཕུལ་ཏེ་འོད་དུ་ཞུ། ཧཱུྃ་ཧཱུྃ་ཞེས་བརྗོད་གསང་བའི་གནས་ནས་ཡར་དྲངས་བས་སོག་སྦུབས་ནས་ཆུ་དྲངས་པ་བཞིན་དུ་གསུས་པ་སྙེམ་བྱས་ལ་ལྟེ་བར་དྲང་ངོ་། །ཧིག་ཉི་ཤུ་རྩ་གཅིག་གིས་གནས་སུ་བསྐྱལ། ལུས་སྤྲུག་ཅིང་ཏིང་ངེ་འཛིན་གྱིས་རྩ་གནས་སུ་དགྲམ་མོ། །དེ་ནི་ཉམས་སུ་མྱོང་བའི་དགའ་བཞི་ཞེས་བྱའོ། །དེ་ལྟར་ཐུན་བཞིར་ཉམས་སུ་བླངས་བས་དངོས་སུ་ཐིག་ལེ་འབབ་པ་དང་། ཟིན་པ་དང་། གྲོལ་བའི་རྟགས་འབྱུང་། ཕྱི་རྟགས་སུ་གཟི་བརྗིད་ཆེ་བ། མཁའ་འགྲོ་མ་འདུ་བ་ལ་སོགས་ཏེ་ཕྱི་རྟགས་རྣམས་འབྱུང་ངོ་། །ནང་དུ་སྔར་བས་བདེ་བའི་ཉམས་ཆེ་འབྱུང་ངོ་། །དེས་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་དངོས་ཀྱི་ཕྱག་རྒྱ་གཉིས་ཁྱད་མེད་པ་འབྱུང་ངོ་། །ནང་གི་དགའ་བ་བཞིའི་ཉམས་ཀྱང་སྐྱེའོ། །བདུད་བཞི་བཅོམ་པ་དང་། དགྲ་གསུམ་གསོད་པ་དང་། འགྲོ་དྲུག་གི་གཡང་ས་ཆོད་པ་ཡང་འབྱུང་ངོ་། །དེ་ནས་ལས་ཀྱི་ཕྱག་རྒྱ་མ་ལ་སོགས་པ་བསྟེན་པར་བྱའོ། །གསང་དབང་ལ་བརྟེན་ཏེ་བདག་ལུས་ཐབས་ལྡན་གྱི་མན་ངག་ལགས་སོ། །ཨཐྎ། གུ་རུ་རཏྣ་ན་མོ། ལས་རྒྱ་གསང་བ་གནད་ཀྱི་མན་ངག་ལ་རྡོ་རྗེ་རྒྱས་པར་བྱ་བ་དང་། པདྨ་རྒྱས་པར་བྱ་བ་དང་། མཁའ་གསང་བསྲེ་བའི་མན་ངག་དང་། བཙལ་བའི་མན་ངག་གོ། །དང་པོ་ནི། ཨ་རུ་ར་བའི་འོ་མའི་ནང་དུ་བཙོས་ཏེ་ཟ་བ་དང་། དྷ་དྷུ་ར་དང་ག་བུར་སྦང་སྟེ་རྡོ་རྗེ་ལ་བཀུ་བ་དང་། ལུས་ཀྱི་སྟོབས་བསྐྱེད་པའོ། །གཉིས་པ་ནི། དཀུ་མཉེ་བ་དང་། གནས་དགུར་སེན་མོ་གདབ་པ་དང་འོ་དང་འཁྱུད་པ་ལ་སོགས་བྱའོ། །འཇིམ་བཞོལ་རྡུལ་བ་དང་། ཁ་སྐམ་ཞིང་བཞིན་དམར་བ་ནི་པདྨ་རྒྱས་པའི་རྟགས་སོ། །གསུམ་པ་ནི་བྷ་ག་མང་དུ་སྤྱད་པའི་སྟོབས་ཀྱིས་ཆེ་བ་དང་སྔར་མ་སྤྱད་པ་ལ་སོགས་པའི་འཕྲི་བསྣན་ནི། ཤིང་འཇམ་པོ་ལ་སྲོག་ཆགས་ཀྱི་རྒྱུ་མ་དཀྲིས་ཏེ་རིང་ཐུང་རྡོ་རྗེའི་ཚད་དུ་བྱས་ཏེ། ཚ་བ་གསུམ་དང་མར་སྦྱར་ལ་བྷ་གར་གཞུག །དེ་ཡིས་སྐྱོན་གཉིས་ཀ་སེལ་བར་བྱེད་དོ། །རྡོ་རྗེ་ལ་གང་ཡང་མི་དགོས་གསུངས་སོ། །བཞི་པ་ནི་ཚ་བ་གསུམ་དང་། དྷ་དྷུ་ར་སྦྱར་ཏེ་རིལ་བུ་བྱས་ལ་ལག་པ་གཡོན་པའི་སྲིན་ལག་ལ་བཀལ་ལ་པདྨའི་ནང་དུ་བསྣུན་པར་བྱའོ། །དེས་རྩེ་ནས་ཕྱིར་ནར་གྱིས་འབྱུང་སྟེ། དེ་ནས་སྙོམས་པར་འཇུག་པར་བྱའོ། །གཞན་གོང་དུ་ཤེས་སོ། །གསང་བ་གནད་ཀྱི་མན་ངག་གོ། །ཨཐྎ། ༈ དྲུག་པ་དབང་དང་ཕྲིན་ལས་ཀྱི་སྐོར་ལ། སྦྱིར་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསན་ཡིག་ན། འཇམ་དཔལ་དམར་པོའི་དབང་མཛོད། དབང་གོང་མ་གསུམ། དལ་གྱི་ཆོ་ག །ལས་བྱང་རྒྱས་པ། བསྡུས་པ། རིག་འཛིན་བསྐུལ་བ། འཇམ་དཔལ་དམར་པོའི་བསྐུལ། རུ་མཚོན་གསོལ་བའི་ཆོ་ག །ལས་བྱང་སྣང་སྲིད་རཀྟ་མ། ཉམས་ཆག་སྐོང་བ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། དེས་མཛད་པའི་མདོས་ཆོག་དང་། དེའི་སྲོག་ཡིག་དང་བཅས་པ། རྒྱལ་བ་གཡུང་གིས་མཛད་པའི་སྦྱིན་བསྲེག་བཅས་དཔེ་ཚན་བཅུ་གསུམ་གསུང་ཡང་། དཔེ་རྒྱུན་འདི་ལ། འཇམ་དཔལ་དམར་པོའི་བསྐུལ་བ་དང་། ཉམས་ཆག་སྐོང་བ་དེ་གཉིས་མི་སྣང་བས་དཔེ་རྒྱུན་སླད་ནས་བཙལ་བ་གལ་ཆེ་ཞིང་། འདི་ན་དཔེ་ཚན་བཅུ་གཅིག་ཡོད་དེ།
འཇམ་དཔལ་དམར་པོའི་དབང་མཛོད།
འཇམ་དཔལ་དམར་པོའི་དབང་མཛོད་བཞུགས་སོ། །རྒྱ་གར་སྐད་དུ། ཁུངས་བཙུན་པའི་དགོས་པ། མཉྫུ་ཤྲཱི་རཱ་ག་ལྷ་དང་གཞུང་གི་མཚན། ཛྙཱ་ན་དྷེ་ཝ་ཨ་བྷི་ཥིཉྩ་ཀྲམ། བོད་སྐད་དུ། གོ་སླ་བར་འགྱུར། འཇམ་དཔལ་ལོ་ཙཱ་བ་ལ་དྲིན་དུ་བཟོ་བའོ། །དམར་པོ་ཡེ་ཤེས་ལྷའི་དབང་བསྐུར་བའི་རིམ་པ་ཕྱེ་བའོ། །འཇམ་དཔལ་དབྱངས་ལ་ལོ་ཙཱ་བས་མཆོད་པར་བརྗོད་པ། ཕྱག་འཚལ་ལོ། །ཆོས་སྦྱིར་གཞུང་བཤད་པར་དམ་བཅའ་བ། དབྱིངས་ཡེ་ཤེས་དག་པ་ལས། །བྱེ་བྲག་དེ་ཡང་ཆོས་དབྱིངས་མེ་ལོང་མཉམ་ཉིད་ཀུན་རྟོག་བྱ་གྲུབ། ཡེ་ཤེས་ལྷར་ཤར་བའི། །སྐུ་ལྔ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་སྐུའོ། །ཡེ་ནས་ལྷུན་གྲུབ་ཀྱང་། །རྒྱལ་བུ་དམངས་རང་ལ་ཡོད་པར་མ་རྟོགས་པར་འཁོར་བར་འཁྱམས་པ་སྟེ། སུ་རྐང་འཁྱམས་ལྟར། །རྒྱལ་པོ་སྤྲོད་ཕྱིར་ཡེ་ཤེས་ལྷའི། །བུམ་དབང་རིམ་པར་ཕྱེ་བར་བཤད། །དབང་བཞི་ལས་དང་པོ། སྐྱེ་དང་པོ། མེད་ཆོས་སྐུའི་ངོ་བོ་ལས། །གཟུགས་སྐུའི་ཡོན་ཏན་ལོངས་སྤྱོད་རྫོགས་པ། རང་བཞིན་མ་རུ་རྩེས། །སྤྲུལ་པའི་སྐུ། པདྨ་འབྱུང་གནས་གསང་བའི་མྱུ་གུ་ལ། །ཕྱི་ནང་གསང་བའི་དབང་བསྐུར་མན་ངག་གཏད། །དབང་བཞི་རིམ་པས་འཕྲོད་ནས། རྫོགས་ནས་ཆོས་རྣམས་གཏད་པ་ཡིན། །གོམས་པ་སྔོན་སྦྱངས་མར་ཐོས་ཆོས་རྣམས་ཤེས། །དབང་གི་རྒྱུ་མཚན་ཉིད། མན་ངག་དང་ལྡན་དབང་བཞིའི་ཆུ་རྒྱུན་བཤད། །རྒྱུད་པ་མ་ཆད་དབང་བཞིའི་མན་ངག་འཆང་། །དབང་གི་ཟབ་པ་དང་། རྒྱུད་གྲོལ་ཡོན་ཏན་ཤེས་རབ་ཀྱིས། རྫོགས་ཤིང་ནུས་པར་ལྡན། །ཡོན་ཏན། ཕུན་སུམ་ཚོགས་པའི་རྡོ་རྗེ་རྒྱལ་པོ་ལ། །དད་བརྩོན་དབང་བསྐུར་ཡུལ་སློབ་མའི་མཚན་ཉིད། མོས་གུས་དམ་ཚིག་ལྡན་པ་དང་། །བློ་རྣོ་ཟུངས་ཐུབ་བརྟན་པ་དང་། །བརྟུལ་ཕོད་གཏོང་དང་བསྒོམ་བསྲན་ཆེ། །ཆོས་ཉིད་དོན་དང་གོ་འཕང་མན་ངག་ཐོབ། །འདོད་པས་བླ་མ་ལ་དབང་ཞུ། མཉེས་པའི་ཡོན་ཕུལ་ཡང་ཡང་གསོལ་བ་གདབ། །བླ་མས། གནང་བས་བྱིན་ནས་དམ་རྫས་སློབ་མས། ལ་སོག་བསགས། །བླ་མས་ཁྱད་པར་སྔོན་དུ་བསྙེན་པ་རྫོགས་ཀྱང་དབང་བསྐུར་ཚེ། བསྙེན་པ་ཞག་ལྔ་བྱ། །བླ་མས་གནང་དང་དམ་དབང་ཞུ་བའི་དུས། ཆོས་འབྱུང་བ་དང་། །ཡོ་བྱད་འཚོགས་དང་ཚེས་གྲངས་བཟང་པོ་དང་། །ཡེ་ཤེས་ལྷ་ཉེ་དམ་ཅན་འདུ་བའི་དུས། །དུས་ཚོད་གཟའ་སྐར་བཟང་པོ་འདུ་བའི། ཤིན་ཏུ་དབེན་དང་དུར་ཁྲོད་དབང་བསྐུར་བའི་གནས། སྐྱི་གཡའ་དང་། །ནགས་ཚལ་སྟུག་པོ་བྲག་དམར་གཏམས་པའི་བསྐྱིལ། །བྱིན་ཆེ་གྲུབ་ཐོབ་ཞབས་ཀྱིས་བཅག་པ། ཉམས་དགའ་དམ་ཅན་འདུ་བ་དེར། །བསོད་ནམས་བསགས་དང་བར་ཆད་འདུལ་བའི་ཕྱིར། །སྤྱི་བཤགས་སཱཙྪ་ཉེའུ་འདོན་འབུམ་སོགས་འདོན། །བམ་སྐོང་ནང་བཤགས་དང་ན་རཀ་ལ་སོགས་པ་ཆེན་པོ་བཞི། རྒྱུད་ལ་སོགས་པས་བསྐང་། །དཀྱིལ་འཁོར་བྲི་ཕྱིར་ས་གཞི་ལེགས་བརྟགས་ལ། །ས་ཆོག་ནི་ཡིད་དུ་འོང་ལ་ཚད་དང་ལྡན་པ། བསླང་སྦྱང་བ་སྲུང་བཟུང་དལ་གྱི་ཆོ་ག་ལྟར། བྱིན་གྱིས་བརླབ་སོགས་བྱ། །ཕྱི་ནང་གསང་བའི་མཚམས་བཅད་སྲུང་འཁོར་བསྒོམ། །ཚུལ་གནས་དང་སྦྱར་བའི། དང་ལྡན་པའི་དཀྱིལ་འཁོར་ཚད་ལྡན་བརྩིག །ཚོམ་བུ་བཀོད་ནས་ལྷ་ལྷ་སྟ་གོན་གྱི་ཆོ་ག་ལ། བསྐྱེད་སྤྱན་དྲངས་མཆོད། །ས་ཚོན་ཡན་ལག་གི་རབ་གནས་དང་། ཐིག་སྐུད་ཕྱག་མཚན་བྱེ་བྲག་བརླབ། །བུམ་པ་བུམ་པ་སྟ་གོན་གྱི་ཆོ་ག། བཞི་ནི་རིམ་པས་དབྱེ་བྱས་ཏེ། །དབང་གི་རིན་པོ་ཆེའི་བུམ་པ་ལྟར། བུམ་པ་རིན་ཆེན་ལྷ་ཡི་གྲངས། །བགེགས། བསྐྲད་པས་བྱུག་བདུག་རྫས་ཀྱི་བཀང་། །ལྔ་ཚན་ལྔའི། ཁ་རྒྱན་མགུལ་འབྲས་བུ་ཅན་གྱི་ཤིང་དང་རས་དམར་པོ་ཁ་ཚར་མ་ཉམས་པ། ཆིངས་གདན་དང་གཟུངས་ཐག་དམར་པོ། དང་། །ཕྱག་རྒྱ་བུམ་པ་ལ། བཀོད་ནས་ལྷ་བསྐྱེད་སྤྱན་དྲངས་མཆོད། །པ་ཕུལ། བཟླས་པ་རྫོགས་ནས་དཀྱིལ་འཁོར་ལ། བསྐོར་ཞིང་བསྟོད་པ་བྱ། །ལས་ཀྱི་བདུད་རྩི་འཁྱིལ་བ། བུམ་པ་གོང་བཞིན་རྫས་ཁ་རྒྱན་ལ་སོགས་པ། ཆས་རྫོགས་ནས། །ཉི་ཟླའི་ནང་དུ། སྟེང་དུ་ཧཱུྃ་ལས་འཁྱིལ་བ་བསྐྱེད། །ༀ་བཛྲ་ཨ་མྲྀ་ཏ་ཀུ ཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ སྔགས་ཀྱི་དག་བྱས་བདུད་རྩིའི་ལྷ་དེ་འོད་དུ་ཞུ་ནས། རྒྱུན་གྱིས་བསང་། །བཀྲ་ཤིས་བུམ་པ་མཚན་ལྡན་ཐོད་པ། ཕོ་མོ་གཉིས། །བདུད་རྩི་ལྔ་དང་། སོགས་དངོས་གྲུབ་རྫས་ཀྱིས་དཀར་གསུམ་མངར་གསུམ་ཆང་གིས། བཀང་། །ནང་དུ། ཉི་ཟླའི་སྟེང་དུ་འབྲུ་ལྔ་ཡོངས་རྫོགས་བསྐྱེད། །ལས་ལྷ། ཆ་ཡི་བུམ་པ་ཛ་རྫའི་བུམ་པ་གས་ཆག་མེད་པར་སྙིང་པོ་ལྔ་དང་ཆང་ལ་སོགས་པ་བླུགས། གད་ལ་སོགས་རྫས། །ཕྱག་རྒྱས་བཏབ་ལ་བཞི། ལྷ་རྣམས་ཚེ་བསྟིམ་འབྲང་རྒྱས་ལ། རྫོགས་པར་བསྐྱེད། །སྤྱན་དྲངས་མཆོད་བཛྲ་བེ་ག་ཀྲ་མ་ཡཾ་ཞེས་པས་ལྷ་རྣམས་ནམ་མཁའ་ལ་བཏེགས། བསྟོད་བཟླས་སོགས་ནམ་མཁར་བཏེགས། །དད་མོས་ལྡན་ལ་བགེགས་སློབ་མ་སྟ་གོན་ལ། བསྐྲད་གནང་བ་ཐོབ་བམ་དྲིས། །དངོས་གྲུབ་ཀྱིས། སེམས་བསྐྱེད་སྡོམ་འབོག་ལྷ་བསྐྱེད་པྲ་རྟགས་ནས། །བསྲུང་ལུས་བ་བྱིན་ནས་ལྟས་བརྟགས་སོ་ཤིང་བྱིན་པ་དང་ཀུ་ཤ་བྱིན་པ་དང་ཆོས་བཤད་པ་ལ་སོགས་པ། སྤྲོ་བ་བསྐྱེད། །རྣམ་བཞི་རྫོགས་པའི་སྦྱིན་སྦྱིན་སྲེག་ལྟ་གོན་ལས་ཕྲིན་ལས་རྣམ་བཞི། སྲེག་ཟིན་པ་དང་། །ཆགས་ཆག་བཀོལ་བྱང་ལྟར་དལ་བསྒྲུབ་པའི་རིམ་པ་ནི་གཞུང་དང་མཐུན་པར། ཐིག་སོགས་སྒྲུབ་པའི་གཞུང་བཞིན་བྱ། །དཀྱིལ་འཁོར་ལེགས་བྲིས་དབང་དང་སྒྲུབ་རྫས་དང་། །མཆོད་རྫས་རྒྱན་རྣམས་ཕྱི་ནང་བླ་བྲེ་ལ་སོགས། བཀོད་བྱས་ནས། །པཱུ་ཛ་བྱིན་བརླབས་དང་། བསྲེ་བསྣན་སློབ་མའི། ལས་རྣམས་བྱ། །ཕྲིན་ལས། སྔོན་འགྲོའི་ལས་རྫོགས་འདི་སྐད་དལ་འཁོར་ལ་བྱིན་དབབ་པ། གསོལ་བ་གདབ། །ཆོས་སྐུ་དག་པའི་ངོ་བོ་ལས། །སྐུ་གཉིས་རྣམ་པར་སྤྲུལ་ནས་ནི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་བདེ་བར་གཤེགས་པ་རྣམས། །ངོ་བོ་ཉིད་དུ་མེད་མོད་ཀྱང་། །བདག་གིས་སློབ་མར་དབང་བསྐུར་ཕྱིར། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དེ་ནས་སྤྱན་དྲངས་མཆོད་པ་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་མཆོད་པ་ཐོགས། སོགས། །བཟླས་དང་སྨོན་ལམ་ཡན་ཆད་བགྱི། །དེའི་ནངས་པར། སྔ་དྲོའི་དུས་སུ་དཀྱིལ་འཁོར་ལྷའི། །རབ་ཏུ་སྐུ་གསུང་ཐུགས། གནས་པ་ཚུལ་བཞིན་བྱ། །དབང་རྫས་ནུས་མཐུ་ཅན་དུ་འགྱུར། །དེ་ནས་བསྙེན་ཅི་ཙམ་འབྱོར་བའི། སྒྲུབ་གཞུང་དུ་སྙེགས། །རྟགས་བསྙེན་སྒྲུབ་ཀྱི་རྟགས་རྫོགས་ནས། རྫོགས་དངོས་གྲུབ་བླང་སྩོགས་བྱ། །དེ་ནས་སྲོད་ལ་བགེགས་བསྐྲད་ལ། །དེ་ནས་དལ་དུ་འཇུག་པ་ནི། བུ་ཡིས་ཁྲུས་བྱས་དར་གྱིས། གདོང་པ་བཅིངས། །མི་ཏོག་ཐོགས་ནས་གསོལ་བ་གདབ། །སྔགས་ཀྱིས་ཁྲོ་བོ་བདུད་རྩི་འཁྱིལ་བ། བསྲུང་དང་བསང་གཏོར་བྱ། །འབད་དེ་ཡོན་དབུལ་འཇུག་པ་ཞུ། །སངས་རྒྱས་ཀུན་གྱིས་རབ་སྤྲུལ་པའི། །བླ་མ་ལ་ནི་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་དོན་ཕྱིར་དུ། །བདག་ནི་དལ་དུ་འཇུག་པར་འཚལ། །ཅེས་ལན་གསུམ་བརྗོད། དེ་རྗེས་བླ་མས་འདི་སྐད་བརྗོད། །བུ་ཚུར་ཤོག་ཅིག་ཅི་ལ་དགའ། །འདོད་དོན་གང་ཡིན་ཁྱོད་ཀྱིས་སྨྲོས། །སློབ་མ་ཡིས་ནི་འདི་སྐད་བརྗོད། །བདག་གིས་གསང་བའི་དཀྱིལ་འཁོར་ལ། །ངེས་པར་བལྟ་བར་འཚལ་ལགས་སོ། །དེ་རྗེས་བླ་མས་འདི་སྐད་བརྗོད། །འཇམ་དབྱངས་ཁྲོ་བོ་མི་བཟད་པའི། །དེ་ཡི་དཀྱིལ་འཁོར་དམ་པ་མཆོག །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་བརྗོད་ནས་རྡོ་རྗེའི་ལམ་ནས་དྲངས་ལ་ཛཿཧཱུྃ་བྃ་ཧོཿ པྲ་ཝེ་ཤ་ཡ་ཕཊ་ཅེས་པས་གཞལ་ཡས་ཁང་གི་སྒོ་དབྱེ་ལ་དལ་དུ་གཞུག །ཨ་ཏི་པུ་ཧོཿ ཞེས་ཕྱག་འཚལ། པྲ་ཏཱི་ཙྪ་ཧོཿས་མེ་ཏོག་དོར་རོ། །དེ་རིང་ཕན་ཆད་བུ་ཁྱོད་ནི། །དེ་བཞིན་གཤེགས་པའི་རིགས་སུ་འཁྲུངས། །ང་ཡིས་ཡེ་ཤེས་ཆེན་པོ་སྦྱིན། །དེ་ཡི་དངོས་གྲུབ་མཆོག་ཐོབ་འགྱུར། །དངོས་གྲུབ་གཞན་རྣམས་སྨོས་ཅི་དགོས། །གང་དག་དཀྱིལ་འཁོར་མ་ཞུགས་ལ། །གསང་བ་འདི་ནི་སྨྲ་བ་བྱེད། །བག་མེད་སེམས་ཀྱིས་སྨྲས་འགྱུར་ན། །དངོས་གྲུབ་ཅུང་ཟད་ཐོབ་མི་འགྱུར། །དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ། །ཞེས་བརྗོད་སྤྱི་བོར་རྡོ་རྗེ་བཞག །བཅོམ་ལྡན་འཇམ་དཔལ་མ་རུ་རྩེ། །ཁྱོད་ཀྱི་སྙིང་ལ་ཞུགས་པ་འདི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་སྙིང་གར་རྡོ་རྗེ་བཞག །དེ་ནས་ཐོད་པ་མཚན་ལྡན་དུ། །བདུད་རྩི་ཆུ་བླུགས་འདི་བརྗོད་སྦྱིན། །འདི་ནི་བདུད་རྩི་རྡོ་རྗེའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །ཐུང་ཞིག་རྡོ་རྗེའི་དམ་ཚིག་ཆུ། །ཨཱོྂ་ཧཱུྃ་ཨཱོྂ་ཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ག་ཏ། ལག་པ་གཡས་ཀྱི་བླུད་པར་བྱ། །དུས་འདི་ཉིད་ནས་བཟུང་ནས་ནི། །འཇམ་དཔལ་དམར་པོ་ང་ཡིན་ཏེ། །ང་ཡིས་ཇི་ལྟར་སྨྲས་པ་ཀུན། །ཉན་དང་བསྲུང་བ་དག་ཀྱང་གྱིས། །ཁྱོད་ཀྱི་ནམ་ཡང་ང་ལ་ནི། །མ་དད་པ་དང་ལེ་ལོ་སྤོངས། །གལ་ཏེ་བརྙས་པར་བྱས་ན་ནི། །ཁྱོད་ཀྱིས་སྡུག་བསྔལ་དང་མི་འདྲ། །ཚེ་ཡི་འདུ་བྱེད་བྱས་ནས་ནི། །སེམས་ཅན་དམྱལ་བ་ཆེན་པོ་ལྟུང་། །སློབ་མ་མོས་གུས་མེད་ན་ནི། །དངོས་གྲུབ་རིང་བར་རྒྱལ་བས་གསུངས། །དེ་ནས་ཡེ་ཤེས་དབབ་པ་ནི། །གུ་རུས་བགེགས་གུ་གུལ་གྱི་དུད་པས་བདུག །ནི་དྲག་ཏུ་བསྐྲད། །ཁྲུས་བྱས་རྒྱན་གདགས་དྲི་ཡིས་བྱུགས། །གུ་གུལ་ཤ་ཆེན་དུད་པས་བདུག །ཐལ་སྦྱར་མེ་ཏོག་སྦྱིན་བྱས་ཏེ། །ཨ་དཀར་ནག་པོའི་དུད་པས་བདུག །ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རལ་གྲི་རྣོན་པོ་གཅིག་བྱུང་སྟེ་བཛྲ་བྷན་དྷ་ཏྲ་ཐ་ཕཊ། ཅེས་བརྗོད་པས་ཁོག་པ་ཁ་ཕྱེས་ཏེ་སྒྲིབ་པ་མ་ལུས་པ་དྲལ། སྙིང་པདྨ་ཁ་ཕྱེ་བ་ལྟར་གྱུར་པའི་སྟེང་དུ་དལ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་གཞུག །རྩ་བའི་སྔགས་ལ་ཨ་བེ་ཤ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ཞེས་བརྗོད་ལ་བརྟན་པར་བྱའོ། །བྱང་དུ་ཁ་བལྟས་གསོལ་བ་གདབ། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །འཇམ་དབྱངས་འཁོར་དང་བཅས་པ་རྣམས། །ལྷག་པའི་ལྷ་མཆོག་ཡེ་ཤེས་སེམས། །བདག་ལ་དབབ་ཅིང་བཞུགས་སུ་གསོལ། །སློབ་མས་བླ་མ་འཇམ་དབྱངས་དངོས་ཉིད་ལ། །སློབ་མའང་དེ་བཞིན་བསྐྱེད་པར་བྱ། །ནམ་མཁར་རྒྱུད་པ་དང་། འཇམ་དབྱངས་བསམ་མི་ཁྱབ། །སྒྲ་དང་གར་དང་རོལ་མོ་ཆས། །གློག་བཞིན་འཁྱུག་པ་དགུག་ཅིག་བསྟིམ། །དེ་བཞིན་སློབ་དཔོན་བརྒྱུད་པ་རྣམས། བར་སྣང་འཁྱུག །སྔགས་འདི་བརྗོད་ཅིང་རོལ་མོ་བསྒྲག །བྱ། །ཨཱོྂ་ཤྲཱི་མཉྫུ་ཀུ་མཱ་རཱ་ཡ་མ་རཱ་ཛ་ཨེ་ཀ་ཛཱ་ཏི་གྷྲྀཧྞ་པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཨ་ཨ་ཧཱུྃ་ཨ་ཨ་ཕཊ། དེ་ཡིས་འབབ་པར་མ་གྱུར་ན། །སློབ་མའི་གནས་བཞིར་རྐང་བའི་འོག་ཏུ་ཡཾ་ལས་རླུང་། ལྟེ་བར་མེ། སྙིང་ཁར་ས། མགྲིན་པར་ཆུ། འབྱུང་བ་ཡི། །རླུང་གི། འཁོར་ལོ་བཞི་བསྒོམ་མེ་འོད་འབར། །བདུད་རྩིར་བཞུ་ཞིང་བསྟིམ་པར་བྱ། །ཨཱོྂ་ཨ་ཝེ་ཤ་ཡ་སྟྭྃ་བ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུྃ། ཨ་ཧཱུྃ་ཛཿ ཞེས་བརྗོད་དབབ་ཅིང་བསྟིམ་པར་བྱ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམས། །རྒྱུད་ལས་གསུངས་པ་བཞིན་དུ་དབབ། །དེ་ཡི་ལྕེ་ལ་ཨཱོྂ་བསམ་དྲི་བར་བྱ། ཧོཿ མགོན་པོ་ཆེན་པོ་རྡོ་རྗེ་ཆོས། །འོད་དཔག་མེད་པ་བདེ་བ་ཆེ། །དགེ་དང་མི་དགེའི་ཆོས་རྣམས་ཀུན། །སྨྲོས་ཤིག་ཆགས་པ་ཆེན་པོའི་ཆོས། །ཁྱོད་ཀྱི་དཀྱིལ་འཁོར་དཀར་པོ་མཐོང་ན་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་དྲག་པོའོ། །ཇི་ལྟར་མཐོང་། །ཞེས་བརྗོད་བལྟས་དང་ལེགས་ཉེས་བརྟག །སྐུའི་ཡེ་ཤེས་རྒྱུད་ལ་གང་འཆར། གསུང་གི་ཡེ་ཤེས་སྒྲ་དང་སྔགས། ཐུགས་ཀྱི་ཡེ་ཤེས་མི་རྟོག་པའི་བདེ་བ་འཆར། དེའི་རྗེས་བུ་ཡི་ལག་བཟུང་ལ། །དེ་རིང་རིགས་ཀྱི་བུ་མཆོག་གིས། །འཇམ་དབྱངས་དབང་གི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །ཚེ་རབས་སྔོན་ནས་བསྙེན་པའི་ལྷ། །གང་ཡིན་དེ་ལ་འབབས་པར་ཤོག །མེ་ཏོག་དང་བཅས་སྤྱི་བོར་བསྟིམ། །ཞེས་དལ་དུ་ཅོད་པན་དོར་ལ་ལྷ་གང་ལ་བབས་པ་ངོས་བཟུང་ལ་ལྷ་དེའི་རྩ་བའི་སྔགས་ལ་ཨ་བྷི་ཥིཉྪུ་ཨཱཿ དེ་ནས་བུ་ཡི་མིག་དབྱེ་སྟེ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མིག་གི་ལིང་ཐོག་བསལ་བ་ལྟར། །བཅོམ་ལྡན་འཇམ་དབྱངས་དཔའ་བོ་ཡིས། །ཁྱོད་ཀྱིས་མི་ཤེས་དྲི་མ་བསམ། །བཛྲ་པྲ་བེ་ཤ་ཡ་ཕཊཿ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཤེས་རབ་རྣམ་གསུམ་རབ་ཏུ་བསྐྱེད། །ཁྱོད་ནི་ཐུགས་ཀྱི་རིགས་སུ་བསྐྱེད། །བདེ་བར་གཤེགས་པས་བྱིན་གྱིས་རློབས། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །བུ་བཞིན་སྙིང་རྗེ་ཀུན་ལ་བསྐྱེད། །གསང་སྔགས་ཀུན་ལ་དད་པ་བསྐྱེད། །དེ་ནི་ཚོགས་ཀྱི་ལམ་ཞེས་བྱ། །དེ་ནས་ཕྱི་ནང་གསང་བ་ཡི། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་བཤད། །དཀྱིལ་འཁོར་ཕྱི་ནང་གསང་བ་ནི། །རྡུལ་དཀྱིལ་འཁོར་གྱི་དེ་ཉིད། ལྷའི་དེ་ཉིད་དལ་གྱི་ཆོ་ག་ནས་བྱུང་བ་བཞིན་དུ་བཤད། ཚོན་ཕུང་པོ་རྩ་གནས་ལ། །དོན་རྟགས་མཚོན་པ་གསུམ་དུ་བསྟན། །ལྷ་ཡི་ཕྱི་ནང་གསང་བ་ནི། །ཕུང་པོ་རྩ་ཐིག་ཡེ་ཤེས་ལ། །དོན་རྟགས་མཚོན་པ་གསུམ་དུ་བསྟན། །ལྷ་ཡི་ཕྱི་ནང་གསང་བ་ནི། །ཕྱག་མཚན་རྒྱན་ཆ་སྐུ་མདོག་དང་། །བཞུགས་ཚུལ་གོ་རིམ་རྣམ་གྲངས་སོགས། །ཕྱི་ནང་གསང་བའི་དོན་རྟགས་བཤད། །དེ་ནས་རྡོ་རྗེ་དེ་ནས་དབང་བསྐུར་བའི་ཕྱིར། སློབ་དཔོན་གྱིས། །དཀྱིལ་འཁོར་ཞུགས་ལ་གསོལ་བ་གདབ། །ཕྱོགས་དུས་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་བདག་རྡོ་རྗེ་འཆང་། །ཁྲོ་བོའི་རྒྱལ་པོ་མ་རུ་རྩེ། །མ་ལུས་འཁོར་བཅས་དགོངས་སུ་གསོལ། །སེམས་ཅན་ཐར་པ་དོན་གྱི་ཕྱིར། །བདག་ལ་དབང་མཆོག་གནང་བར་མཛོད། །བླ་མས་ཇི་ཙམ་བསྐུར་བར་འདོད་པའི། མེ་ཏོག་དོར་ལ་དབང་མཆོག་བླངས། །དེ་རྗེས་ཏིང་ངེ་འཛིན་གྱི་དབང་བསྐུར་བ་དངོས་ནི། དབང་མཆོག་དེ་ནས་དབང་ལ། ཕྱིའི་དབང་དང་། ནང་ཁྱད་པར་གྱི་དབང་དང་། གསང་བ་ཟབ་མོའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབང་བཞི་པ་རྣམས་སོ། །དང་པོ་དབང་ལ་ཡང་རིམ་པ་དགུར་བསྟན་པ་ལས། འདོད་པ་ཡི། །སློབ་བུ་དད་དང་ལྡན་པ་ཡིས། །སེར་སྣང་སྤངས་པའི་མཆོག་རྣམས་དབུལ། །བླ་མ་མཉེས་པར་མ་བྱས་ན། །དབང་མི་ཐོབ་ཅིང་ཉམས་པར་འགྱུར། །ཡོན་མཆོག་མཉེས་ནས་གསོལ་བ་གདབ། །འོག་མིན་གསང་མཆོག་ཆེན་པོ་ཡི། །དུར་ཁྲོད་ཆེན་པོའི་ཕོ་བྲང་དུ། །ཁྲོ་རྒྱལ་དཔའ་བོ་ཆེན་པོ་ལ། །ཕྱོགས་དུས་བདེ་གཤེགས་ཐམས་ཅད་ཀྱིས། །ཇི་ལྟར་དབང་མཆོག་བསྐུར་བ་ལྟར། །དེ་བཞིན་བདག་ལ་གནང་བར་མཛོད། །ཅེས་ལན་གསུམ་བརྗོད། དེ་རྗེས་གདན་ཁྲི་ལ་སོགས་བཤམ། །དེ་ནས་རྡོ་རྗེ་སློབ་དཔོན་དབང་གི་ཁྲི་ལ་འདུག་སྟེ། བུ་ཡང་ཙཀྲ་བྲིས་པའི་སྟེང་དུ་དར་དཀར། སྟེང་དུ་བཞག་ལ་དབང་བསྐུར་ཏེ། །བཀྲ་ཤིས་རོལ་མོ་ལ་སོགས་བྱ། །བུམ་པ་གཞན་རྣམས། གཅིག་ཏུ་དྲིལ་བྱས་ཏེ། །རྣམ་པར་རྒྱལ་བས་བསྐུར་བྱས་ཏེ། །མི་བསྐྱོད་སྐུ་བསྐྱེད་དགུག་གཞུག་མཆོད། །ཆེ་བའི་ཡོན་ཏན་ཀུན་རྒྱས་ཤིང་། །བྱང་ཆུབ་སེམས་ཀྱིས་རབ་གང་བའི། །རྣམ་པར་དག་པའི་བུམ་པ་ཡིས། །མི་བསྐྱོད་པ་རུ་དབང་བསྐུར་རོ། །ཨཱོྂ་མཉྫུ་ཤྲཱི་ཀུ་མཱ་ར་རཱ་ག་བཛྲ་ཨ་བྷི་ཥིཉྩ་མཾ། བུདྡྷ། རཏྣ། པདྨ། ཀརྨ། ཕྱི་ཕུང་པོ་ལྔ། ནང་ཉོན་མོངས་པ་ལྔ། གསང་བའི་ཡེ་ཤེས་ལྔ་དང་སྐུ་ལྔ། དོན་རྟགས་གྱུར་ཤོག་བདེན་པར་བརྗོད། ཀྱི། །ངོ་སྤྲོད་སྨོན་རིགས་ལྔའི་བཀྲ་ཤིས། ལམ་ཤིས་འོག་མ་ཀུན་དེས་འགྲེའོ། །པ་བརྗོད། །དེ་བཞིན་དབུ་རྒྱན་རིན་ཆེན་འབྱུང་ལྡན་བསྐྱེད། གཤེགས་པ་ཀུན་གྱི་བདག །སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་བདག་གིས་དབང་བསྐུར་རོ། །རཏྣ་མུ་ཀུ་ཏྲཱྃ་ཨ་བྷི་ཥིཉྩ་ཨཱཿ འདི་ནི་རྡོ་རྗེ་སྣང་བ་མཐའ་ཡས་སུ་བསྐྱེད། སངས་རྒྱས་ཐམས་ཅད་ཀྱི། །དོན་གྱི་བྱང་ཆུབ་སེམས་ཡིན་པས། །གཉིས་མེད་དོན་གྱི་རྡོ་རྗེ་སྟེ། །བྱང་ཆུབ་སེམས་སུ་དབང་བསྐུར་རོ། །པདྨ་ཨ་མི་དེ་ཝ་ཨ་བྷི་ཥིཉྩ་ཨཱཿའདི་ནི་དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད། ཤེས་རབ་ཀུན་གྱི་དངོས། །ཡེ་ཤེས་དག་པའི་རང་བཞིན་ཏེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཡེ་ཤེས་དག་པའི་དབང་བསྐུར་རོ། །ཨཱོྂ་བཛྲ་ཧ་ཧཱུྃ་ཨཱཿ ཀརྨ་ཨ་མོ་གྷ་ཨ་བྷི་ཥིཉྩ་ཨཱཿཞེས་པའང་སྣང་ངོ་། །ཁྱེད་ནི་སངས་རྒྱས་དངོས་ཡིན་ཏེ། །རབ་ཏུ་བསྔགས་པ་གསང་གཏི་མུག་རྡོ་རྗེ། ཞེ་སྡང་རྡོ་རྗེ། སེར་སྣ་རྡོ་རྗེ། འདོད་ཆགས་རྡོ་རྗེ། ཕྲག་དོག་རྡོ་རྗེ། སྣང་མཛད་རྡོ་རྗེ་མ་རུ་རྩེ་རྣམ་པར་སྣང་མཛད་དུ་བསྐྱེད་ལ། བའི་མིང་། །མི་བསྐྱོད་རྡོ་རྗེ། རིན་ཆེན་རྡོ་རྗེ། པདྨ་རྡོ་རྗེ། དོན་གྲུབ་རྡོ་རྗེ། རྡོ་རྗེ་ཆེ་གེ་ཞེས་བྱ་བ། །གསང་མཆོག་མཚན་དུ་དབང་བསྐུར་རོ། །བུདྡྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཨཱཿ བཛྲ༴ རཏྣ༴ པདྨ༴ ཀརྨ༴ དེ་རྗེས་ལྷའི་རྗེས་གནང་ལས་ཕྱག་རྒྱ་ལྷའི་དབང་། སྐད་ཅིག་ལྷ་བསྐྱེད་ལ། །བེ་ཅོན་དང་ནི་བྷནྡྷ་སྦྱིན། །ཤེས་རབ་པདྨ་བྷནྡྷ་དང་། །ཐབས་མཆོག་རྡོ་རྗེ་བེ་ཅོན་ཉིད། །ཐབས་དང་ཤེས་རབ་ཕྱག་རྒྱ་ལ། །སེམས་ཉིད་ལྷ་སྐུ་ཀུན་རྫོབ་བདེན། །རང་བཞིན་མེད་པས་དོན་དམ་བདེན། །དབྱེར་མེད་ཁྲོ་རྒྱལ་མ་རུ་རྩེ། །དམར་བ་དབང་གི་རང་བཞིན་ལ། །རུ་ནི་ཐབས་ཆེན་ཆགས་པའི་དོན། །བརྩེ་བས་འགྲོ་བ་བསྒྲལ་བའི་ཕྱིར། །མ་རུ་རྩེ་ཞེས་བྱ་བ་ཡིན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །ཁྲོ་བོའི་རྒྱལ་པོར་དབང་བསྐུར་རོ། །ཨཱོྂ་ཤྲཱི་བཛྲ་མཉྫུ་ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། དེ་རྗེས་མེ་ལོང་ངོས་ལ་ལྷའི་སྐུ་ཤར་དུ་བཅུག །བསྟན་བྱ་སྟེ། །ཆོས་རྣམས་གཟུགས་བརྙན་རང་བཞིན་ཏེ། །དག་ཅིང་གསལ་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །ངོ་བོ་མེད་ཅིང་རང་བཞིན་མེད། །དེ་བཞིན་ལྷ་ཡང་ཤེས་པར་གྱིས། །ཡེ་ཤེས་ཁྲོ་བོ་ཆེན་པོར་གྱུར། །དེ་རྗེས་སྔགས་ལྷ་ཡི་ཞེན་པ་སྤང་བ། ཀྱིས་རྗེས་གནང་སྦྱིན། །སངས་རྒྱས་སྔགས་བྱང་གཏད། ཀུན་གྱི་མི་ཕྱེད་པའི། །གསང་སྔགས་བླ་ན་མེད་པ་ཡི། །སྙིང་པོ་ཡིད་བཞིན་རིན་ཆེན་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །དེ་ནས་བསྙེན་པའི་སྔགས་ལུས་སྦྱིན། །ཆོས་རྣམས་སྒྲ་སྙན་ལྟ་བུ་སྟེ། །དོན་དམ་དུ་ནི་བརྗོད་དུ་བྲལ། །འགྲོ་རྣམས་འདུལ་ཕྱིར་གསུང་དུ་བསྟན། །བདག་གཞན་དོན་རྣམས་བྱེད་གྱུར་ཅིག །དེ་ནས་སྔགས་ཀྱི་ཞེན་པ་སྤང་ཕྱིར་ཡེ་ཤེས་སེམས་དཔའ་བསྒོམ་པའི་དབང་། ཡེ་ཤེས་སེམས་དཔའ་སྦྱིན། །ཡེ་ཤེས་སེམས་དཔའ་བསྒོམ་དུ་བཅུག་ལ། བདེ་ཆེན་ཙིཏྟའི་གཞལ་ཡས་སུ། །ཡེ་ཤེས་སྐུ་གསལ་ཡིག་འབྲུ་དམར། །འོད་ཟེར་འདུ་འཕྲོས་བསྐུལ་དོན་བྱེད། །བདེ་ཆེན་འབྲས་བུ་ཀུན་འགྲུབ་ཤོག །ཨཱོྂ་ཤྲཱི་མཉྫུ་ཀུ་མཱ་ར་ཛྙཱ་ན་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ དེ་རྗེས་ཕྲེང་བ་སྦྱིན་བྱ་སྟེ། །རིག་པ་སྲོག་གིས་སྦྲེལ་བའི་ཕྲེང་ཐག་ལ། །ཐབས་དང་ཤེས་རབ་འབྲེལ་བའི་ཕྲེང་བརྒྱུས་ཏེ། །རྩེ་གཅིག་ལྷ་དང་འབྲེལ་བའི་ཏིང་འཛིན་གྱིས། །ཕྲིན་ལས་མ་ལུས་འདུས་པའི་མཐུ་ཐོབ་ཤོག །བཛྲ་མ་ལེ་ཏྲཱྃ་ཨ་བྷི་ཥིཉྩ་ཧཱུྃ། ཐུན་མོང་དབང་གི་རིམ་པའོ། ༈ །གཉིས་པ། ཁྱད་པར་གྱི་དབང་གི། རིམ་པ་བསྟན་པ་ནི། །ལ་གསུམ། དང་པོ་བུམ་པས་དབང་བསྐུར་རོ། །ཁྱད་པར་བརྟུལ་ཞུགས་སྤྱོད་པ་དང་། །གཞན་དོན་ཚད་མེད་བྱེད་འདོད་ཅིང་། །དྲེགས་པ་ཕོ་མོ་བཀོལ་འདོད་པས། །མཉེས་པའི་ཡོན་འབུལ་གསོལ་བ་གདབ། །དུར་ཁྲོད་གསང་ཆེན་དཀྱིལ་འཁོར་ན། །བསྐལ་པ་མེ་ཀློང་ཕོ་དྲང་དུ། །འཇམ་དབྱངས་ཁྲོ་རྒྱལ་ཆེན་པོ་ཡིས། །གསང་ཆེན་ཁྲོ་རྒྱལ་མ་རུ་རྩེ། །དུར་ཁྲོད་ཆས་ཀྱི་མངའ་གསོལ་ནས། །བརྟུལ་ཞུགས་ཆེན་པོ་སྤྱོད་པ་དང་། །སྒྲོལ་གིང་བདག་པོར་དབང་བསྐུར་ལྟར། །བདག་ལའང་དེ་བཞིན་དབང་བསྐུར་དང་། །རྗེས་སུ་སྤྱོད་པར་བགྱིད་པར་འཚལ། །དེ་ནས་ཐོད་པའི་གའུའི་ནང་དུ་ལྷ་གསལ་བཏབ་ལ། བླ་མས་དབང་བསྐུར་དང་པོ་ཡེ་ཤེས་ལྷའི་དབང་ལའང་བཅུ་གསུམ་གྱི་དང་པོ་བུམ་དབང་། ཏེ། །བཀྲ་ཤིས་ཐོད་པའི་བདུད་རྩི། བུམ་པ་སྤྱིར་བཞག་སྟེ། །ཧཱུྃ། རང་བྱུང་བུམ་པའི་གཞལ་ཡས་སུ། །གསང་བའི་དཀྱིལ་འཁོར་ལྷ་ཚོགས་བཞུགས། །ཞལ་ནས་ཆོས་ཉིད་ཛཔ྄་ཟློས་ཤིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུན། །སྤྱི་ནས་བསྟིམ་ཞིང་དབང་བསྐུར་བས། །དེ་བཞིན་དུ་ནི་སངས་རྒྱས་ཤོག །ཨཱོྂ་ཤྲཱི་མཉྫུ་རཱ་ག་སརྦ་ཛྙཱ་ན་ཨ་བེ་ཤ་ཡ་ཧཱུྃ། གཉིས་པ་ཕྱག་རྒྱའི་དབང་། དེ་ནས་ཁྲོ་སྔགས་བོའི་སྐུར་བསྐྱེད་པ་རྐྱེན་གྱི་སྔགས། བསྐྱེད་དེ། །ཁྲོ་བོའི་རྒྱལ་པོ་མ་རུ་རྩེ། །ཡ་མཚན་ཆེན་པོ་རྨད་དུ་བྱུང་། །ཆེ་བཙན་འགྲན་གྱི་དོ་མེད་པའི། །ཁྲག་འཐུང་ལེ་བརྒན་འབར་བའི་སྐུ། །ཞེ་སྡང་མེ་འབར་ཁྲོ་བོ་ཧཱུྃ་སྒྲ་ཅན། །ཆེ་བའི་དཔལ་ཆེན་དབང་ཕྱུག་ཡང་ཆེན་དཔལ། །ཁྲག་འཐུང་ཆེན་པོའི་དབང་བསྐུར་རོ། །ཨཱོྂ་ཤྲཱི་མཉྫུ་མ་རུ་རྩེ་བེ་ཏ་ལི་ཧཱུྃ། དེ་ནས་དབུ་རྒྱན་བཀོན་ལ། རྒྱན་ཆས་དབང་བསྐུར་རོ། །དབུ་རྒྱན་མི་འགྱུར་མངའ་བརྙེས་པ། །ཆོས་སྐུ་རྒྱལ་སྲིད་ཆེན་པོ་ཡིས། །སྲིད་པ་ཀུན་ལ་དབང་བསྐུར་རོ། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཨཱོྂ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་མཾ། མི་ཕྱེད་ཏིང་འཛིན་སྤྲུལ་པ་ཡི། །ཁམ་ནག་རལ་བའང་སྲིད་རྩེར་འབར། །རྩེ་ལ་བྷནྡྷ་སྟོང་གིས་བརྒྱན། །ཁམས་གསུམ་སྲིད་གསུམ་འདུལ་པ་དང་། །སྤྲུལ་པ་འཕྲོ་བའི་དབང་ཐོབ་ཤོག །ཛ་ལ་ས་ར་ན་ཨབྷི་ཥིཉྩ་ཨཱཿ ཐབས་དང་ཤེས་རབ་ཡེ་ཤེས་ལས། །མེ་རླུང་འབར་བའི་སྤྱན་གསུམ་གྱིས། །མེ་དང་ལས་ཀྱི་ཚྭ་ཚྭ་ཡིས། །དྲེགས་པ་ཟིལ་གྱིས་གནོན་པར་ཤོག །ཛྭ་ལ་བཛྲ་ཨ་བྷི་ཥིཉྩ་ཨཱཿ སྲིད་གསུམ་ཟད་ཅིང་སྟོང་པའི་ཞལ་གདངས་ཤིང་། །སྟོང་གསུམ་དབང་དུ་སྡུད་པའི་ལྗགས་བརྐྱང་ནས། །འཁོར་བ་རྩད་ནས་གཅོད་པའི་མཆེ་བ་གཙིགས། །ཉོན་མོངས་རྩད་ནས་གཅོད་པའི་དབང་ཐོབ་ཤོག །བཛྲ་ཧ་ན་ཨ་བྷི་ཥིཉྩ་ཨཱཿ ཐལ་ཆེན་ཚོམ་བུ་རཀྟའི་ཐིག་ལེ་དང་། ཞག་གི་ཟོ་རིས་དབང་མཆོག་འདིར་བསྐུར་བས། །གིང་དང་མ་མོ་དབང་དུ་སྡུད་པ་དང་། །དོན་དམ་བཅུད་ཀྱི་དབང་མཆོག་ཐོབ་པར་ཤོག །ཨཱོྂ་མ་ཧཱ་ཀེཾ་ནི་རི་ཏི་རཀྟ་ཨ་མྲྀ་ཏ་ཨབྷི་ཥིཉྩ་ཨཱཿ རྒྱན་ཆ་བཀོན་ལ། གཏི་མུག་བདུད་འདུལ་གླང་ཆེན་ཀོ་རློན་དང་། །ཞེ་སྡང་གདུག་པ་སྦྲུལ་གྱི་ཆུན་པོ་ཅན། །ཉོན་མོངས་ཚར་གཅོད་ཞིང་གི་གཡང་གཞི་ཅན། །ང་རྒྱལ་འཇོམས་པའི་སྟག་གི་ཤམ་ཐབས་དང་། །ཚར་གསུམ་ཐོད་པའི་ཕྲེང་བས་དབང་བསྐུར་བས། །ཡེ་ཤེས་ཁྲོ་བོ་ཆེན་པོའི་དབང་ཐོབ་ཤོག །བྷནྡྷ་མུ་ཁ་ཧྲཱིཿ ཛྙཱ་ན་གུ་ཧྱ་བ་ཡམ་ཤཾ་ཏྲི་རམ། བྱི་ཏྲི་ཙ་ར་མ་ནཱ་ག་ཧུ་ལུ་ཛྙཱ་ན་ཀྲོ་ཏ་ཧཱུྃ། ཕྱག་མཚན་གྱི་ཙཀྲ་སྦྱིན་ལ། མེ་རླུང་ལས་ཀྱི་འཁོར་ལོ་ཡིས། །ཐབས་དང་ཤེས་རབ་འབྲེལ་བ་དང་། །དགྲ་བགེགས་སྒྲོལ་བའི་མཐུ་ཐོབ་ནས། །ཁྲོ་བོའི་རྒྱལ་པོའི་དབང་ཐོབ་ཤོག །ཛྙཱ་ན་ཙཀྲ་ཨ་བེ་ཤེ་ཀ་ཧཱུྃ། དེ་ནས་དཔལ་འབར་དབང་ཕྱུག་གིས་བསྟོད་དོ། །དེ་ནས་འཁོར་གཏད་དེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས། བྱེ་བྲག་ཡེ་ཤེས་བཞི་ཤར་བའི། །སྤྲུལ་པའི་དམག་དཔོན་ཆེན་པོ་བཞི། །བཀའ་ཉན་སྐྱེས་བུ་ཆེན་པོ་བཞི། །གདུག་པའི་བལ་མོ་མཆེད་སྡེ་བཞི། །གདོང་དམར་འདུལ་ཕྱིར་སྐུར་སྤྲུལ་པའི། །ཕོ་ཉ་འབར་བར་དབང་བསྐུར་བས། །དགྲ་བགེགས་བསྒྲལ་བའི་དབང་ཐོབ་ཤོག །རྩ་སྔགས་དང་གིང་རྣམས་ཀྱི་ཙཀ་ལི་གཏད་ལ་དམ་བསྲེའོ། །དེ་ནས་ལྷ་ངོ་སྤྲད་དེ། ཨེ་མ་རང་རིག་གཤིན་རྗེའི་གཤེད། །སངས་རྒྱས་ཀུན་གྱི་རང་བཞིན་དཔལ། །དམར་བ་ཆོས་ཀྱི་དབྱིངས་ཉིད་དེ། །རུ་ནི་ཆགས་པའི་རང་བཞིན་ཏེ། །རྩེ་ནི་ཐུགས་རྗེ་ཉི་ཚེ་ལ། །མ་བཅོས་ཆོས་ཉིད་རྣམས་དག་ལ། །མ་བཙལ་རང་བྱུང་ཡེ་ཤེས་ཀྱི། །མཉམ་བཞག་ལྷུན་གྲུབ་དོན་རྟོགས་ན། །མ་རུ་རྩེ་ཞེས་དེ་ལ་བྱ། །གཉིས་པ་ལ་བཞི། དེ་ནས་བརྟུལ་ཞུགས་ཁྲོ་བོར་བསྐྱེད་ལ། རིམ་པ་ནི། །ཀ་ཏ་བརྟུལ་ཞུགས་སྤྱོད་པའི་དབང་ནི། རི་དང་སྙིང་བྱིན་ལ། །ཨེ་མ་ཁྲོ་བོ་ཆེན་པོ་ཁྱོད། །མི་བྱ་བ་ནི་གང་ཡང་མེད། །ཁྱོད་ཀྱིས་མི་འགྲུབ་གང་ཡང་མེད། །སེམས་ཅན་སྲོག་ཀྱང་བཅད་པར་བྱ། །ཕ་དང་ཁུ་བོ་མེས་པོ་དང་། །ལྷ་དང་བྲམ་ཟེ་ལ་སོགས་པ། །ཕུང་པོ་བསྒྲལ་ནས་སྙིང་ཕྱུང་ན། །དངོས་གྲུབ་ཡ་མཚན་ཆེན་པོ་ཐོབ། །བསྒྲལ་བ་ཁོ་ན་སྙིང་རྗེའི་མཆོག །མ་བྱིན་པར་ཡང་བླང་བར་བྱ། །རྫུན་དུ་ཡང་ནི་སྨྲ་བར་བྱ། །མི་ཚངས་པར་ནི་སྤྱད་པར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །མ་དང་སྲིང་མོ་བུ་མོ་དང་། །ལྷ་མོ་ཀླུ་མོ་རིགས་ངན་དང་། །ཚུལ་དགུར་སྦྱོར་བས་དངོས་གྲུབ་ཐོབ། །མཱཾ་ས་ཤ་ཆེན་ཟ་བར་བྱ། །ཁྲག་ཆེན་རྣམས་ཀྱང་བཏུང་བར་བྱ། །དྲི་ཆེན་དྲི་ཆུ་སོགས་པ་ཡི། །གཙང་དམེ་མེད་པར་ཟ་བར་བྱ། །གཡང་གཞི་གྱོན་ཞིང་སོར་ཕྲེང་བགྲང་། །རྔ་ཆེན་བརྡུང་ཞིང་གླིང་བུ་འབུད། །སངས་རྒྱས་བསྟན་པ་བཤིགས་པ་དང་། །དཀོན་མཆོག་དམོད་དང་ཆོས་འཁོར་འཇོམས། །རྡོ་རྗེ་སློབ་དཔོན་དམོད་པ་དང་། །དམ་ཆོས་སྤྱོད་ལ་དམོད་བྱེད་པ། །མངོན་སུམ་བསྒྲལ་ན་དམ་ཚིག་ཡིན། །སྡིག་པར་ལྟས་ན་རང་སྲོག་འབྱིན། །དངོས་གྲུབ་ཅུང་ཟད་ཐོབ་མི་འགྱུར། །ཨེ་མ་ཧོ། བརྟུལ་ཞུགས་ཀྱི་གྲོགས། སེམས་ཉིད་ཁམས་གསུམ་བསྒྲལ་ཡང་ཉེས་པས་མི་གོས་པར་སླར་ཐར་པའི་གྲོགས་སུ་འགྱུར་ཏེ། ཆོས་ཉིད་དུ་ལ་བཟླ་བར་བསྟན་པ་ཡིན། སྟོང་གསལ་སྤྲོས་དང་བྲལ། །ངོ་བོ་དྲི་མེད་སྟོང་མཐའ་མེད། །རྟོག་མེད་རང་གསལ་ཐག་ཆོད་ན། །དགེ་དང་སྡིག་པ་གཉིས་མེད་དེ། །གང་ལ་འཆིང་བས་མ་གོས་པས། །ནམ་མཁའི་སྤྲིན་བཞིན་ངང་དུ་ཞི། །ཇི་ལྟར་བཤད་ཀྱང་ཆོས་ཉིད་ལས། །སྙིང་པོའི་དོན་ལ་མི་གོས་ཏེ། །ཇི་ལྟར་སྤྱད་ཀྱང་བདེ་ཆེན་གྲོགས། །སངས་རྒྱས་ཉིད་ལས་གཞན་དུ་མིན། །ངན་སོང་ཐམས་ཅད་དོང་སྤྲུགས་སོ། །དེ་ནས་སློབ་མ་ལ་ཆོས་གོས་དམར་པོ་བཀོན་ཏེ། སློབ་དཔོན་གྱིས་ཐུ་བ་ནས་བཟུང་ལ། ལུང་བསྟན་གཟེངས་བསྟོད་དེ། །ང་ནི་ཁྲོ་རྒྱལ་མ་རུ་རྩེ། །ངོ་བོ་ཉིད་དུ་ཁྱོད་འགྱུར་ཏེ། །ཁམས་གསུམ་བདག་པོར་ཁྱོད་འགྱུར་ཏེ། །བདུད་དང་མུ་སྟེགས་ཐམས་ཅད་ལས། །རྒྱལ་བར་གྱུར་པ་ཁྱོད་ཡིན་ནོ། །ཞི་རྒྱས་དབང་དང་དྲག་པོ་དང་། །གསོ་བསད་དབབ་བཅད་བསྲུང་དང་བཟློག །ལས་རྣམས་ཐམས་ཅད་ཁྱོད་ཀྱིས་སྤྱོད། །ཁྱོད་ཀྱིས་མི་འགྲུབ་གང་ཡང་མེད། །སྐུ་གསུམ་བླ་མེད་གོ་འཕང་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་དྲག་པོ་ལས་ཀྱི་རྗེས་གནང་། ཐུན་བདུན་ལག་ཏུ་གཏད། །སྔགས་ཀྱི་ལུང་བསྟན་མན་ངག་སྦྱིན། །དེ་ནས་རྡོ་རྗེའི་སློབ་དཔོན་རྒྱལ་ས་འཛིན་པའི་དབང་། སློབ་མས་གསུམ་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་ལྔ་ལས། འདི་སྐད་ཞུས། སློབ་དཔོན་དམ་པ་དགོངས་སུ་གསོལ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བདག་གིས་རྟག་ཏུ་སློབ་དཔོན་བགྱིད། །ལས་རྣམས་གང་ཡང་བྱེད་ནུས་པའི། །མི་བཟློག་པ་ཡི་དབང་བསྐུར་བ། །དེ་བཞིན་བདག་ལ་གནང་བར་མཛོད། །ཅེས་ལན་གསུམ་གསོལ་བ་གདབ་ལ། སེང་གེའི་ཁྲི་བཤམས་སྟེང་དུ་བཞག །གདུགས་དབུབ་རྒྱལ་མཚན་བསྒྲེང་ཞིང་ལྷ་རུ་བསྐྱེད། །བདག་དང་བདེ་བའི་དམ་བཅས་ལ། །དང་པོ་བུམ་པས་དབང་བསྐུར་རོལ་མོ་སྒྲགས། །གཉིས་པ་ནི། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་བ་གསུམ། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨཱོྂ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་གསེར་ཐུར་གྱིས་མིག་དབྱེའོ། །དེ་ཡི་གསུམ་པ་ནི་ཆོས་རྣམས་གཟུགས་བརྙན་ནས། རྗེས་ལ་མེ་ལོང་བསྟན། །དེ་རྗེས་གནང་བ་སྦྱིན་བྱས་ཏེ། །བཞི་པ་ཆོས་བསྒྲགས་ཤིང་མི་ནུབ་པར་བསྟན་པ་ནི། རྐང་གཉིས་བར་དུ་འཁོར་ལོ་བཞག །ལག་པ་གཡས་པར་དུང་བྱིན་ལ། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་ཏུ་མ་ལུས་གང་བར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་ཁམས་སུ་མ་ལུས་སྒྲོགས། །དེ་བཞིན་འཁོར་ལོ་བྱིན་ལ། གཤེགས་པ་ཐམས་ཅད་ཀྱིས། །ཁྱོད་ལ་རབ་ཏུ་བསྲུང་བར་བྱེད། །འཇིག་རྟེན་ཀུན་ལས་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་རྗེས་ལྔ་པ་འགྲོ་བའི་དོན་ལ་བསྐུལ་བ། རིན་ཆེན་སྣ་བདུན་དང་། །བཀྲ་ཤིས་རྫས་བརྒྱད་ལོངས་སྤྱོད་སྦྱིན། །ཤ་ལྔ་བདུད་རྩི་ལྔ་ཡི་རྗེས་གནང་སྦྱིན། །དབང་བསྐུར་བ་ཡི་ཡོན་ཏན་གྱིས། །ངན་འགྲོ་ཐམས་ཅད་སྤངས་ནས་ཀྱང་། །མཐོ་རིས་ཀུན་གྱི་བདག་པོ་དང་། །འཁོར་ལོས་སྒྱུར་རྒྱལ་ལྟ་བུར་འགྱུར། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཡེ་ཤེས་ལྷ་ལ་སྦྱོར་བས་ན། །སྦྱོར་བའི་ལམ་ཞེས་ངས་བཤད་དོ། །རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་བལ་མོ་བཟའ་ལ་ཐུགས་ཀྱི་ཡི་གེར་གཏད་པའོ། །རྫོགས་སོ།། ༈ །།རྒྱ་གར་སྐད་དུ། ཤྲཱི་མཉྫུ་གསང་བའི་དབང་གི་མཚན་བསྟན་པའོ། །རཱ་ག་ཨ་བྷི་ཥེ་ཀ་པྲ་ཀི་ཡ་ན་མ། བོད་སྐད་དུ། འཇམ་དཔལ་དམར་པོའི་གསང་བའི་དབང་གི་རིམ་པ་ཕྱེ་བ། འཇམ་དཔལ་དམར་པོ་ལ་ཕྱག་འཚལ་ལོ། །རྒྱུད་ཆེན་ལས་ཀུན་རྫོགས་བཤད་པའི། །དབང་བསྐུར་བ་ཡི་ཡེ་ཤེས་བཞི། །མཚན་མ་ལྷ་ལ་ཡང་དག་ལྡན། །དབང་མཆོག་ཡང་དག་བྲི་བར་བྱ། །གང་ཟག་དོན་དང་ལྡན་པ་ཡིས། །གསང་དབང་འདོད་པའི་གང་ཟག་སྣོད་ལྡན་པས། གདམས་ངག་ལྡན་པའི་བླ་མ་ལ། །སྙན་བརྒྱུད་ཀྱི། ཕོངས་པ་མེད་པའི་ཡོན་ཕུལ་ཏེ། །གསང་བའི་དབང་མཆོག་ཞུ་བར་བྱའོ། །བླ་མ་བདེ་གཤེགས་གཙོ་བོ་དང་། །འཇམ་དབྱངས་འཁོར་དང་བཅས་པ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །དབང་གསུམ་དམ་པའི་དབང་མཆོག་འདི། །དེ་རིང་བདག་ལ་གནང་བར་གསོལ། །དེ་ནས་བླ་མས་ལུང་བསྟན་དེ། །གསང་དབང་དམ་པ་གནང་བའི་ཕྱིར། །གོང་མའི་གདམས་ངག་བུམ་པའི་དབང་ཐོབ་པ་གཞི། བྲི་བར་བྱ། །སློབ་མ་དམ་པ་ལུང་བསྟན་དེས། །ལྔ་བསྡུས་ཕྱག་རྒྱ་རིག་པའི་དབང་ལྔའི་རྟགས། བསྟན་པ་ནི། །ཤེས་རབ་དབང་གི་རྟེན། དམ་པའི་ངོ་བོ་ཡང་། །ལོ། བཅུ་དྲུག་ལོ་བརྒྱད་ཉི་ཤུ་གཉིས། །བཅུ་གཉིས་མ་ཡི་རང་བཞིན་དག །གང་རྙེད་ཆས་ཀྱིས་བརྒྱན་བྱས་ནས། །རྡོ་རྗེ་སློབ་དཔོན་ལ་ཕུལ་ཏེ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །དོན་ཆེན་ཟབ་མོ་ཉོན་མོངས་འཇོམས། །གསང་གསུམ་དམ་པའི་དངོས་གྲུབ་མཆོག །དེ་རིང་ཞེས་ལན་གསུམ་གསོལ་བ་གདབ་བོ། །བདག་ལ་དབབ་ཏུ་གསོལ། །རྡོ་རྗེ་སློབ་དཔོན་ལུང་ལྡན་དེས། །ཤིན་ཏུ་དབེན་པའི་སྐྱེ་བོའི་ཡ་ག་མེད་པའི། གནས་དག་ཏུ། །མཎྜལ་དྲི་ཞིམ་བདུད་རྩིས་བྱུག །མེ་ཏོག་གཅལ་བཀྲམ་བདུད་རྩིས་བྱུག །ཤེས་རབ་ཡུམ་དུ་བྱིན་གྱིས་རློབས། །གལ་ཏེ་ནུས་པ་མི་ལྡན་ན། །གོང་གི་དབང་རྣམས་རྫོགས་པར་བསྐུར། །ནུས་པ་ལྡན་ན་བྱིན་གྱིས་རློབས། །བདེ་བ་བསྐྱེད་པའི་ཆོ་ག་ནི། །འོག་ནས་འབྱུང་བ་བཞིན་དུ་བྱ། །འཇམ་དཔལ་དམར་པོའི་ཐུགས་ཀ་ནས། །འོད་འཕྲོས་བདེ་གཤེགས་དགུག་གཞུག་བྱ། །ཆགས་པ་བསྐྱེད་པའི་སྔགས་འདི་བརྗོད། །ཨཱོྂ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྂཿ ཆགས་དལ་ཡོལ་བས་བཅད་ལ་བྱང་ཕྱོགས་སུ་སྟན་བདེ་བ་ལ་སློབ་དཔོན་ལྷར་གསལ་བར་སྙོམས་པར་ཞུགས་ལ། པའི་རྡོ་རྗེ་པད་སྤྱོད་པས། །བདེ་གཤེགས་འོད་ཞུ་གནས་ལྔའི་རིགས་ལྔ། བྱང་ཆུབ་སེམས། །རྡོ་རྗེའི་རིམ་པར་སླེབ་པ་དང་། །སློབ་དཔོན་དམ་པ་ལམ་བཀག་པས། །ཧྰཱུྂ། ང་ནི་བདེ་ཆེན་མ་རུ་རྩེ། །ཐིག་ལེ་བྱང་ཆུབ་སེམས་ཆེན་པོ། །ང་ནི་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཡེ་ཤེས་རོལ་པའི་འབྱུང་གནས་གཏེར། །ང་ནི་སྤྱི་དཔལ་བླ་ན་མེད། །སྐྱོན་བྲལ་ཐབས་ཀྱི་རྒྱལ་པོ་ཉིད། །སེམས་ཀྱི་དཀྱིལ་ནས་དྲངས་པའི་ཆུ། །སྙིང་གི་དཀྱིལ་ནས་བཟུང་བར་བྱའོ། །སྒྲུབ་པའི་ཉི་ཟླའི་སྙིང་པོ་འདི། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླངས། །རྩེ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། །སློབ་མའི་ལྕེ་ལ་སློབ་དཔོན་གྱི་རྡོ་རྗེ་ནས་བྱང་ཆུབ་ཀྱི་སེམས་སློབ་མའི་གནས་སུ་ཁྲོ་ཆུང་ཡུངས་ཀར་ཙམ་མང་པོ་འཕྲོས་པས་བག་ལ་ཉལ་བའི་སྒྲིབ་པ་དག །གནས་ངན་ལེན་གྱི་ས་བོན་བསྲེགས་ནས་ཡེ་ཤེས་སེམས་དཔར་གྱུར། ཡུངས་ཀར་ཚད་ཙམ་མ་རུ་རྩེ། །གནས་ངན་ལེན་པ་གསུམ་སྦྱངས་ན། །ཧཱུྃ་ཉིད་རིང་པོས་མཚམས་སྦྱར་ཏེ། །ཐམས་ཅད་བདེ་བ་ཆེན་པོའི་དབྱིངས། །དགེ་སྡིག་ལས་ཀྱིས་མ་བཅོས་ཤིང་། །བསྒོམ་ཞིང་བསྒྲུབ་པས་མི་འབྱུང་བའོ། །རྣམ་དག་སེམས་ཀྱི་རིན་ཆེན་གཏེར། །རྡོ་རྗེ་སྙིང་པོའི་ཡེ་ཤེས་གཏེར། །ཁྲོ་རྒྱལ་ཀུན་གྱི་གཙོར་གྱུར་ཅིག །ཤྲཱི་མཉྫུ་རཱ་ག་བོ་དྷི་ཙིཏྟ་ཨཱོྂ། བྱང་ཆུབ་སེམས་ཀྱི་བདུད་རྩི་འདི། །སེམས་ཀྱི་སྡུག་བསྔལ་འཇོམས་བྱེད་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །དེ་སྐད་བརྗོད་ལ་སློབ་མའི་ལྕེ་ལ། སྦྱིན་པར་བྱ། །རིགས་ཀྱི་བུ་ལུང་བསྟན་པ། མཆོག་འདི་ཕན་ཆད། །མ་རུ་རྩེ་ཡི་ཐུགས་མཆོག་བཟུང་། །སངས་རྒྱས་ཀུན་གྱི་གཙོ་བོ་ཡིན། །བྱང་ཆུབ་སེམས་དཔའ་མཉམ་པའི་ཕྱིར། །ལྷ་རྣམས་ཀུན་གྱི་མཆོད་གནས་ཡིན། །རིགས་ཀྱི་ཆོས་འཆད་པ་དབང་བསྐུར་བ། བུ་མཆོག་འདི་ཕན་ཆད། །ཕྱི་དང་ནང་དང་གསང་བ་ཡི། །བསྟན་པ་ཕྱི་ནང་གསང་བ་ཀུན། །སེམས་ཀྱི་དཀྱིལ་དུ་བསྡུད་ནས་ཀྱང་། །ལྕེ་ཡི་རྡོ་རྗེ་སྒོ་ཕྱེས་པས། །ཆོས་ཀྱི་བདུད་རྩི་སྨན་མཆོག་གིས། །དད་ལྡན་སྐྱེས་བུ་ངོམས་པར་བྱོས། །སེམས་ཀྱི་སྒོམ་པར་དབང་བསྐུར་བར། ཐིག་ལེའི་དཀྱིལ་འཁོར་དུ། །མ་རུ་རྩེ་ཡི་སྐུ་བསྒོམས་ལ། །སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་། །དྲེགས་པ་དབང་ཅན་ཐམས་ཅད་སྒྲོལ། །སྐྱེ་ཕྲིན་ལས་ཀྱི་དབང་བསྐུར་བའི། འགྲོ་ཀུན་ལ་སྙིང་བརྩེའི་ཕྱིར། །འདུལ་བའི་ཕྱག་རྒྱ་ཐམས་ཅད་ལ། །དུག་གསུམ་རྩ་བ་བཅད་ཕྱིར་སྤྱོད། །ཕྱི་ནང་སྣོད་བཅུད་ཆོས་ཐམས་ཅད་ཉན་པར་དབང་བསྐུར་བར། རྣམ་པར་དག །རྣམ་དག་ཆེན་པོ་ཉིད་ཀྱི་ལམ། །བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་ཏེ། །འགྲོ་དོན་བདེ་བ་ཆེན་པོའི་དབྱིངས། །བདེ་ཆེན་བདུད་རྩི་བཏུང་བར་བྱོས། །རྣལ་འབྱོར་ཆེན་པོ་དམ་དུ་བཟུང་། །སློབ་མས་དབང་ལ་ངོ་མཚར་ནས་བསྟོད་པ། ཡང་ནི་འདི་སྐད་བརྗོད། །དེ་རང་སངས་རྒྱས་ཀུན་དང་མཉམ། །བདག་ནི་བསོད་ནམས་སྐལ་བ་མཉམ། །བཟང་ཡང་སྣང་། ཡོན་ཏན་ཀུན་གྱིས་བདག་ལ་བརྒྱན། །འཇམ་དཔལ་དམར་པོ་དེ་རིང་རྙེད ། །འཇམ་དཔལ་མ་རུ་རྩེ་ཞེས་པ། །སེམས་ཀྱི་སྙིང་པོ་ཀུན་རིག་ཡིན། །ཀུན་རིག་སྙིང་པོ་འོད་གསལ་འདི། །གསང་མཆོག་དམ་པ་འདི་ལས་བྱུང་། །དེ་ཕྱིར་བྱང་ཆུབ་སེམས་ཞེས་པའོ། །བ་དང་བསྐུར་ཐབས་བཞི་ལས། སློབ་དཔོན་གྱི་རྡོ་རྗེ་ནས་སློབ་མའི་ལྕེ་ལ་བཞག་ལ། བེའུའི་ཚུལ་དག་གམ། །དེ་ཕྱིར་ཡུམ་གྱི་མཁའ་ནས་སློབ་མའི་ལྕེས་བླངས་ལ། བུང་བ་སྦྲང་རྩིའི་ཚུལ། །ཡང་གང་ཟག་རྟོག་པ་ཅན་ལ། ན་དུང་དང་ཉ་ཕྱིའི་ཚུལ། །ཡང་ཡུམ་གྱི་མཁའ་ནས་སློབ་དཔོན་གྱི་ལྕེས་བླངས་ལ་སློབ་མའི་ལྕེ་ལ་བཞག །ན་བྱ་དང་བྱིའུའི་ཚུལ། །བདུད་རྩི་ཁོང་དུ་བཏུང་བར་བྱའོ། །བདུད་རྩི་བཅུད་ཀྱི་རིམ་དབང་བསྐུར་བའི་ཡོན་ཏན། པ་ཡིས། །ངག་གིས་ཉེས་པའི་རྣམ་རྟོག་རྣམས། །དག་པར་སྤྱོད་ཅིང་དེ་བཞིན་དུ། །ངག་གི་ནུས་པ་རྫོགས་པར་བྱས། །གསང་བའི་དབང་ཞེས་བྱ་བ་སྟེ། །མཐོང་བའི་ལམ་དང་སྐལ་བར་མཉམ། །གསང་བའི་གནས་སུ་གུས་བཅས་ལ། །འོད་ཀྱི་རིག་པ་དངོས་སུ་མེད་ན། ལ་བརྟེན་ནས། །བསྐུར་བའི་ཚུལ་ནི་གོང་དང་མཚུངས། །ཞལ་གྱི་གདམས་ངག་ཀུན་ཀྱང་སྦྱིན། །སྙན་བརྒྱུད་ཀྱི་ལུང་བསྟན་ལ། ལུང་བསྟན་དབུགས་དབྱུང་ལ་སོགས་བྱ། །གསང་དབང་དོན་དུ་གཉེར་བའི་སློབ་མ་རྣམས། །ཀྱི་དོན་དུ། དང་པོའི་ས་ལ་གནས་པར་གྱུར། །གསང་དབང་རབ་ཏུ་དབྱེ་བ། རྡོ་རྗེ་ལྷུན་གྲུབ་རྩལ་གྱིས། རྡོ་རྗེ་གཏེར་བཞད་རྩལ་ལ་གཏད་པའོ། །རྫོགས་སོ།། །།བླ་མའི་གསུངས་བཞིན་ཡི་གེར་བཀོད་པའོ། ༈ །རྒྱ་གར་སྐད་དུ། ཤྲཱི་མཉྫུ་རཱ་ག་ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཚན། པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་པྲ་ཏི་ཀི་ཡ་ན་མ། བོད་སྐད་དུ། འཇམ་དཔལ་དམར་པོའི་ཤེས་རབ་ཡེ་ཤེས་ཀྱི་དབང་རབ་ཏུ་དབྱེ་བ། བླ་མ་དང་ནི་འཇམ་དབྱངས་དཔལ། །བདེ་སྟོང་དབྱེར་མེད་ངང་ལ་འདུད། །གསང་དབང་ཐོབ་བའི་སློབ་མ་བརྟུལ་ཞུགས་ཅན་གྱི། ཡིས། །གདམས་ངག་སྙན་བརྒྱུད་ཀྱི། ལྡན་པའི་བླ་མ་ལ། །གཅེས་པའི་ཡོན་དབུལ་འདི་སྐད་ཞུས། །སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས། །ཇི་ལྟར་མཁྱེན་ཅིང་ཐུགས་སུ་ཆུད། །དེ་ལྟར་རྗེས་སུ་བདག་ཀྱང་དད། །དེ་རིང་བདག་ལ་དབང་བསྐུར་གསོལ། །དེ་རྗེས་བླ་མ་དམ་པ་ཡིས། །ཤེས་རབ་ཡེ་ཤེས་དབང་མཆོག་སྩོལ། །དེ་ལ་རྣམ་པ་གཉིས་དབྱེ་སྟེ། །དང་པོ་ཆོས་དྲུག་ལྡན་བྱས་ཏེ། །དེ་ཡི་དང་པོ་དྲུག་འགྱུར་ཏེ། ༈ །དང་པོ་སྔོན་དུ་འགྲོ་བའི་ཆོ་ག་དང་། གཉིས་པ་བསྒྲུབ་བྱེད་ཀྱི་སྐྱེས་བུ་བསྟན་པ་དང་། གསུམ་པ་དམིགས་པ་བྱ་བའི་ཡུལ་བསྟན་པ་དང་། བཞི་པ་ཉམས་སུ་བླངས་པའི་ཐབས་བསྟན་པ་དང་། ལྔ་པ་བསམ་གཏན་གྱི་སྐྱོན་བཅོས་པ་དང་། དྲུག་པ་བདེ་བ་ཐོབ་པའི་རྟགས་སོ། །དང་པོ་ནི་འོག་ནས་སྟོན། གཉིས་པ་ནི་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་ལ། རླུང་མཁྲིས་བད་ཀན་འདུས་པ་གསུམ། གསུམ་པ་ལ་བཞི་སྟེ། རླུང་ལ་བསླབ་པ་དང་། ཐིག་ལེ་ལ་བསླབ་པ་དང་། སྐུ་ལ་བསླབ་པ་དང་། འོད་ཀྱི་རིག་མ་ལ་བསླབ་པའོ། །དེའི་དང་པོ་ལའང་གསུམ་སྟེ། རྒྱ་ཡན་ལ་བསླབ་པ་དང་། གྲ་ཅན་ལ་བསླབ་པ་དང་། བུམ་པ་ཅན་ལ་བསླབ་པའོ། །ཐིག་ལེ་ལ་བསླབ་པ་ལ་གཉིས་ཏེ། དེ་བཞིན་གཤེགས་པའི་གཟིགས་མོ་ལ་བསླབ་པ་དང་། བྱང་ཆུབ་སེམས་དཔའི་ས་ལ་བསླབ་པའོ། །སྐུ་ལ་བསླབ་པ་ལ་གཉིས་ཏེ། ཡི་དམ་གྱི་སྐུ་ལ་ཐུན་ཚད་ཀྱིས་བསླབ་པ་དང་། ནང་གི་ཡིག་འབྲུ་ལ་བསླབ་པའོ། །འོད་ཀྱི་རིག་མ་ལ་བསླབ་པ་ནི། ས་མ་ཏིའི་སྦྱོར་བས་ཐིག་ལེ་ཕབ་པའོ། །འདིར་ས་བཅད་བཞི་པ་ཉམས་སུ་བླང་བའི་ཐབས་ཆད། མཆན། ལྔ་པ་བསམ་གཏན་གྱི་སྐྱོན་ལ་དྲུག་སྟེ། གཉིད་དང་ལེ་ལོ་དང་ཐེ་ཚོམ་ངལ་དུབ་བྱིང་རྒོད་དོ། །དྲུག་པ་བདེ་བ་ཐོབ་པ་ནི། ལུས་ཉམས། སེམས་ཉམས། རྨི་ལམ་གྱི་ཉམས་སོ། །སེམས་བསྐྱེད་དུས་འདི་ནས་བཟུང་ནས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱེད་པར། གནས་དབེན་ཞིང་ཉམས་དགའ་བའི་འཁོར་ཁང་སུམ་རིམ། དང་ཁ་ཟས་དང་། །ཆོས་དམ་མཐུན་པའི་ཁམས་དང་འཕྲོད་ཟས་བཅུད་ཅན་བརྟེན་ནོ། །སྤྱོད་སྲོད་དང་ཐོ་རངས་མི་ལྡོག་གུང་ལ་བཏང་ཉིན་མོ་བསྲུང་། ལམ་གསང་བའི་ཆོས་སྤྱོད་བྱ། །གཞུང་མཐུན་པ་ཡི་ཤེས་རབ་མ། །སྔགས་བསྐྱེད་མ་དང་ཤེས་རབ་མ། ཁྲུས་བྱས་རྒྱན་ལྡན་བསོད་ནམས་བསགས་པ་དང་། ལྷ་བསྒོམ་པ་དང་། པཱུ་ཱུཛ་བསྟོད་པ་དང་། ཚ་ཚ་དང་སྦྱིན་བསྲེག་གོ། །ངད་དྲི་ཞིམ་པ། བསྐྱེད་ལ། །བླ་མ་དམ་པ་དེ་ལ་དབུལ། །རྡོ་རྗེ་རྒྱལ་པོས་བྱིན་བརླབས་ལ། །བྷ་གའི་གནས་སུ་དལ་རྩི་བའི་བསམས་ཏེ། །བསྐྱེད་ནས་རྫོགས་པའི་བར་དུ་བྱ། །དབང་གི་རིམ་གོང་གི་དབང་རྣམས། པ་རྫོགས་པར་བསྐུར། །བླ་མས་འདི་སྐད་ཤེས་རབ་ལ། བསྒོ་བྱས་ཏེ། །སྟོང་པའི་རང་བཞིན་སྙིང་རྗེའི་བདག །ཁྱོད་ཀྱིས་སེམས་ཅན་དོན་རྣམས་ཀྱིས། །མཁའ་ཀློང་པདྨ་བསྟན་པར་གྱིས། །བུ་ཡི་སྤྲོ་བསྐྱེད་པ་དང་ཕན་ཡོན་བཤད། བདེ་བ་བསྐྱེད་པར་བྱོས། །འདི་ཡི་སློབ་མ་ལ། སྤྲོ་བ་དྲི་བ་ནི། །བུ་དག་ཚུར་ཤོག་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུ་ཟ་ནུས་སམ། །རཀྟ་ག་བུར་ཟ་ནུས་སམ། །བུད་མེད་དད་པས་བརྟེན་ནུས་སམ། །པདྨ་འོ་བྱེད་མི་རྟོག་གམ། །སྨྲོས་ཤིག་སྣོད་ལྡན་ངང་ཚུལ་ཅན། །དེ་རྗེས་བུ་ཡིས་འདི་སྐད་བརྗོད། །ཤེས་རབ་དད་པས་བརྟེན་ནུས་སོ། །དྲི་ཆེན་དྲི་ཆུ་བདུད་རྩི་ལྔ། །རྟག་ཏུ་དད་པས་བརྟེན་པར་བགྱིའོ། །པདྨ་འོ་བྱེད་མི་རྟོག་ལགས། །དེ་རྗེས་བླ་མ་ལུང་ལྡན་དེས། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན། ཤེས་རབ་གཅེར་བུར་བྱས་ནས་ཀྱང་། །ག་བུར་ལ་སོགས་ཆུ་ཡིས་བཀྲུས། །མགོ་ལ་མེ་ཏོག་ཕྲེང་བ་བཅིངས། །སྲིན་ལག་རིན་ཆེན་བཅིངས་པ་སྟེ། །གཡོན་ནས་བཟུང་ལ་འདི་སྐད་བརྗོད། །ཁྱེར་ཅིག་ཁྱེར་ཅིག་བདེ་བ་ཅན། །ཤེས་རབ་དམ་པ་འདི་ཡིན་ནོ། །ཁྱོད་ཀྱི་ཡེ་ཤེས་བསྐྱེད་པར་བྱེད། །འདི་ལ་རྟག་ཏུ་རོལ་མོ་གྱིས། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཆེན་པོས་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་སྟེར་འདི་མ་སྤོང་ཞིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་པའི་སངས་རྒྱས་འདི་ལས་བྱུང་། །སྤངས་ཤིང་རྟོག་པ་རང་ཁ་མས། །རྡོ་རྗེའི་བསྐལ་པ་མཐའ་ཀླས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཤེས་རབ་ལག་གཉིས་དྲིལ་བུ་བཟུང་། །བུ་ལ་ཤེས་རབ་ཡེ་ཤེས་ཀྱིས་སློབ་མ་ལ། འདི་སྐད་བརྗོད་པར་བྱ། །རྨད་བྱུང་ང་ཡི་པདྨ་འདི། །བདེ་བ་ཅན་ནི་འདི་ལས་བསྐྱེད། །བདེ་བར་གཤེགས་པ་ཐམས་ཅད་ཀུན། །རྟག་ཏུ་འདི་དང་མི་འབྲལ་ལོ། །པདྨ་འདི་ནི་ཆོས་ཀྱི་དབྱིངས། །སངས་རྒྱས་ཐམས་ཅད་འདི་ལས་བྱུང་། །སེམས་ཅན་ཐམས་ཅད་འདི་རུ་བྱུང་། །ནང་གི་རྩ་བའི་འཁོར་ལོ་ནི། །བདེ་བ་ཆེན་པོའི་ཕོ་བྲང་སྟེ། །ཐིག་ལེ་རང་བྱུང་ཡེ་ཤེས་ཏེ། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །བསྒོམ་པའི་ལམ་ཞེས་བྱ་བ་སྟེ། །ས་བཅུ་ལ་ནི་གནས་པའོ། །དེ་རྗེས་ཡོལ་བའི་ཡེ་ཤེས་ཀྱི་དབང་། ནང་དུ་ནི། །གདན་བཟང་བཏིང་ནས་ནང་དུ་ནི། །ཤེས་རབ་མ་དང་འདུག་ནས་ཀྱང་། །གློ་གཡོན་ས་ལ་ཕབ་ནས་ཀྱང་། །ཉམས་དགའ་བ་ཡི་གཏམ་ཡང་བྱ། །རྐང་མཐིལ་གཉིས་དང་གུང་གཉིས་དང་། །མཆན་ཁུང་གཉིས་ཀར་རོལ་མི་བྱ། །ལག་གཡོན་གླང་སྲིན་ལག །པོའི་སྣ་རྩེ་ལ། །སྨན་དང་སྣུམ་གྱི་རིལ་བུ་བཀའ། །ག་བུར་བཏུང་རྟ་དངུལ་ཆུ། པདྨ་བེའུ་མགོ་འདྲ་ལ། །ཡང་དང་ཡང་དུ་བུད་པར་བྱ། །དེ་ཡིས་པདྨ་རྒྱས་པར་འགྱུར། །རྡ་དུ་ར་དང་ག་བུར་དང་། །ཐལ་དཀར་རྡོ་རྗེ་གསུམ་སྦྱར་ཏེ། །རྡོ་རྗེར་བཀུས་ན་རྡོ་རྗེ་རྒྱས། །དེ་རྗེས་མཉམ་པར་སྦྱར་བར་བྱ། །དལ་ནས་དལ་དུ་བསྐྱོད་བྱ་ཞིང་། །རྃ་ཡྃ་འཁོར་ལོ་སྙོམས་པར་ཞུགས་ནས་རླུང་གིས་མེ་བསྐུལ་ནས། མདའ་འཕངས་ནས། །བདེ་བ་གཡོས་གཙུག་ཏོར་ཧཾ་གི། ནས་ཐིག་ལེ་བསྲོས་ནས། ཞུ། །ལོངས་མགྲིན་པ། སྤྱོད་གནས་ཐབས་ཆོས་འཁོར་གྱི། །རི་བོང་ཅན་གྱི་ཐིག་ལེ་བྱང་ཆུབ་སེམས། འབར། །རིན་ཆེན་ལྟེ་བ་སྤྲུལ་པའི་ཁོར་ལོ། འོད་གསལ་སྤྲུལ་པ་བཀྱེ། །གསང་བའི་གནས་སུ་རྡོ་རྗེ་གནས་བཞི་ལ། དགའ་བ་བཞི། །གཉིས་ཤོར་ཐིག་ལེ་གཉིས། གཉིས་མཉམ་ཧཱུྃ་གིས་བཟུང་། དགའ་བ་ནི། །བདེ་སྟོང་གཉིས་མེད་གསལ་ལ་མི་རྟོག་པ། ཡེ་ཤེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས། མྱོང་། །བྱོལ་སོང་འགྲོས་སྟག་མོའི་སྐྱུག་སྟངས། ཀྱིས་གནས་སུ་སླེབས། །བདེ་སྟོང་དབྱེར་མེད་གསལ་ལ་མི་རྟོག་པ། ཡེ་ཤེས་ཉམས་སུ་མྱོང་། །ཕྱི་ནང་དངོས་གྲུབ་ཐབས་ཅད་ཀུན། །ནོབ་བུ་ཀུནྡ་ལྟ་བུ་དང་། །ཉོན་མོངས་མི་གནས་སྒྱུ་མར་མཐོང་། །སྐད་ཅིག་གཅིག་ལ་དམིགས་མེད་ཅིང་། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །རང་བྱུང་ཡེ་ཤེས་ཞེས་བྱ་སྟེ། །རྡོ་རྗེ་སྙིང་གར་སློབ་དཔོན་གྱིས་ཡེ་ཤེས་ཀྱི་དབང་སྦྱིན་ལ། བཟུང་བྱས་ཏེ། །ཨཱོྂ། མི་འགྱུར་བ་ཡི་ཡེ་ཤེས་གནས། །མ་བཙལ་ཕྱིན་པས་བདེ་བའི་མཆོག །མ་བལྟས་གསལ་བས་ཡེ་ཤེས་མཆོག །གོང་ན་མེད་པ་ཀུན་གྱི་རྗེ། །ཡེ་ནས་གནས་པ་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ཨཱོྂ་མ་ཧཱ་གུ་ཧྱ་བྷྲཱུྃ་པྲ་ཛྙཱ་ཛྙཱ་ན་མཎྜ་ལ། ཛྙཱ་ན་གུ་ཧྱ་སིདྡྷི་སྭ་བྷཱ་བ་ཨཏྨ་ཀོ྅་ཧཾ། དེ་རྗེས་ཐབས་དབུགས་དབྱུང་ཤིང་གཟེངས་བསྟོད་པ། མཆོག་ལུང་བསྟན་ཏོ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །འདོད་ཆགས་སྤང་དུ་མི་རུང་ངོ་། །འདོད་ཆགས་སྤང་ན་ཡེ་ཤེས་མེད། །འདོད་ཆགས་བདེ་བ་ཡེ་ཤེས་ཏེ། །ཡབ་དང་ཡུམ་གྱི་ཡེ་ཤེས་དང་། །སྦྱོར་བ་དག་པའི་ཡེ་ཤེས་དང་། །ཁྱབ་བརྡལ་ཆེན་པོའི་ཡེ་ཤེས་དང་། །ཐབས་དང་ཤེས་རབ་ཡེ་ཤེས་རྣམས། །ཁྱོད་ཀྱིས་ཚུལ་བཞིན་སྤྱད་པར་བྱ། །རྡོ་རྗེས་དབང་ཆུ་སྦྱིན་ལ། གསང་བ་བསྒྲག་པར་བྱ། །གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་པར་བསྟན་བྱས་ན། །དུས་མིན་པར་མི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་འཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་འདུ་ལྟར། །མི་འདོད་པར་ནི་དབང་མེད་པར། །བསྐལ་བར་ངན་སོང་མྱོང་བར་འགྱུར། །དེ་བས་ཤིན་ཏུ་གསང་བར་བྱ། །འདི་ནི་མཐར་ཕྱིན་ལམ་ཞེས་བྱ། །ཀུན་དུ་འོད་དང་པདྨ་ཅན། །འཁོར་ལོ་ཚོགས་ཆེན་ས་ལ་རྫོགས། །འཇམ་དབྱངས་ཉིད་དང་ཡོན་ཏན་མཉམ། །ཤེས་རབ་ཡེ་ཤེས་ཀྱི་དབང་རབ་ཏུ་ཕྱེ་བའོ། །རྡོ་རྗེ་ལྷུན་གྲུབ་རྩལ་གྱིས་རྡོ་རྗེ་གཏེར་བཞད་རྩལ་ལ་གཏད་པའོ། །རྫོགས་སོ།། །། ༈ རྒྱ་གར་སྐད་དུ། སརྦ་བཞི་པ་རྫོགས་པ་ཚིག་མཚན་གྱི་དབང་། རཱ་ཛ་ཨ་བྱི་ཥིཉྩ་ཙ་རེ་ཨུ་པ་དྷེ་ཤ། བོད་སྐད་དུ། དབང་ཐམས་ཅད་ཀྱི་རྒྱལ་པོ་བཞི་པ་ཞེས་བྱ་བའི་མན་ངག་ལྷུན་གྲུབ་ངང་ལ་ཕྱག་འཚལ་ལོ། །འདི་ནི་བཞི་པ་རྫོགས་པའི་དབང་། །སྔོན་དུ་འགྲོ་དང་མི་འགྲོ་གང་ཡང་། མེད། །བླ་མ་ནི་རང་གི། སེམས་ཀྱི་རྒྱལ་པོ་སྟེ། །ད་ལའི་ལྷ་ཡང་ཡེ་ཤེས་ལྔ། །དེ་ལ་རང་ལ་རང་གིས། ཚོགས་ཀྱི་མཆོད་པ་དབུལ། །བླ་མ་བརྒྱུད་པ་བུ་ལ་བསྟིམ། །བུ་དེ་དལ་གྱི་དབུས་བཞག་ལ། །བྱིན་རླབས་ཐམས་ཅད་དེ་ལ་བསྟིམ། །རྡོ་རྗེའི་གླུ་དབྱངས་རོལ་མོ་བརྗོད། །ཨཱོྂ་ཤྲཱི་མཉྫུ་དྷརྨ་དྷ་ཏུ་བྷོ་དྷི་ཙིཏྟ་ཛྙཱ་ན་ཙིཏྟ་ཨཱཿ རྡོ་རྗེའི་གླུ་དབྱངས་དང་བཅས་པས་རྣ་བར་བསྒྲགས། རྡོ་རྗེས་ངོ་སྤྲོད་ལུང་བསྟན་ཏེ། །ཨེ་མ་ཧོཿ འཇམ་དཔལ་མ་རུ་རྩེ་ཞེས་བྱ་བའི་དོན། །སེམས་ཉིད་གསལ་ལ་ངོ་བོས་སྟོང་། །སེམས་ཉིད་སྤྲོས་དང་བྲལ་བའོ། །མ་སྐྱེས་ཅིར་ཡང་མི་གནས་པ། །སྨྲ་བསམ་བརྗོད་མེད་ཤེས་རབ་བོ། །མ་རུ་རྩེ་ཡི་ངོ་བོ་ཉིད། །སེམས་ཅན་ཀུན་གྱི་སེམས་ལ་གནས། །གང་ཞིག་མཐོང་ན་དེ་ཉིད་མཐོང་། །དེ་ཕྱིར་མཐོང་འདོད་སེམས་ལ་བཙལ། །སེམས་ཉིད་སྤྲོས་དང་བྲལ་བ་ལ། །རྣམ་པར་རྟོག་པ་མ་འཇུག་ཅིག །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རྟོག་བྲལ་དྲི་མེད་རྣམ་པར་དག །མ་སྐྱེས་མ་གཡོས་དབྱེར་མེད་དོན། །དེ་ལྟར་རྟོགས་ཤིག་རྣལ་འབྱོར་པ། །འཇམ་དཔལ་དམར་པོའི་དོན་མཐོང་བའོ། །མ་རུ་རྩེ་ཡི་དོན་རྟོགས་ན། །ཇི་ལྟར་སྤྱད་ཀྱང་བདེ་ཆེན་གྲོགས། །མ་བཙལ་མ་བསྒྲུབས་མ་བསྒོམས་པས། །ངེས་པའི་དོན་ལ་འབྲལ་བ་མེད། །ཅེས་བསྒོམ་པར་བྱའོ། །དེ་རྗེས་འདའ་ཀ་ཡེ་ཤེས་ཀྱི། །མན་ངག་ལྟ་བ་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ། རྫོགས་པར་བྱིན་བྱས་ཏེ། །དབང་དང་མན་ངག་འབྲེལ་བ་ནི། །འདི་ཡིས་ཐམས་ཅད་གྲོལ་བར་འགྱུར། །འདི་ནི་རང་རིག་བཞི་པའི་དབང་། །དབང་རྣམས་ཀུན་གྱི་རྒྱལ་པོ་སྟེ། །འདི་ལ་རྟག་ཏུ་ཕྱག་སོགས་མཆོད། །གཟུགས་བརྙན་ལ་སོགས་མཚན་མ་ལ། །ལྷ་ཡིན་ཟེར་ཞིང་མཆོད་བྱེད་ན། །མ་བཅོས་མ་ལོག་དེ་ལྟར་ན། །སྐྱེ་མེད་རིག་པའི་ཡེ་ཤེས་ལ། །ཅི་ཡི་ཕྱིར་ནི་མཆོད་མི་བྱེད། །རང་རིག་ཡེ་ཤེས་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་དངོས་ཡིན་པས། །རྟོགས་པའི་དོན་གྱིས་མཆོད་བརྩོན་བྱ། །དབང་བཞི་པ་ཞལ་དབང་རྫོགས་པའི་རིམ་པ་རྫོགས་སོ།། །།རྡོ་རྗེ་ལྷུན་གྲུབ་རྩལ་གྱིས། རྡོ་རྗེ་གཏེར་བཞད་རྩལ་ལ་གཏད་པའོ། །རྒྱ་དང་བཅས་ནས་རིམ་པ་བཞིན། །བཛྲ་ཀིརྟིའི་ཐུགས་ཀྱི་གཏེར། །ཁོ་བོས་གནུབས་ལ་གཏད་པའོ། །ངག་འདོན་མཆན་ལ་བཏབ་པ། །འཇམ་དཔལ་དམར་པོའི་དབང་མཛོད་འདི། དགེ་ལེགས་དཔལ་ལོ། །མཆན་འདི་རྣམས་དོན་ཆེན་དུ་བཏབ་པ་ཡིན་པར་གསུངས་གདའ་འོ། །དགེའོ། །དགེའོ། །དགེའོ།། །