སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱད་པ།
ནང་དོན་གནད་བསྡུས།
སྔ་འགྱུར་བཀའ་མ་ནི། སྤྱིར་བཏང་རིག་པའི་གནས་ལྔ་ལས་ནང་དོན་རིག་པའི་ཁོངས་སུ་གཏོགས། དེ་ལ་ཐེག་པ་རིམ་དགུའི་དོན་ཡོངས་སུ་ཚང་ཞིང་། རྫོགས་པ་ཆེན་པོའི་ཟབ་ཆོས་བཀའ་མ་མདོ་སྒྱུ་སེམས་གསུམ་ཞེས་སྤྱི་མདོ་དགོངས་པ་འདུས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་བོ། སེམས་སྡེ་མ་བུ་བཅོ་བརྒྱད་བཅས་རྩ་བའི་རྒྱུད་ཡིན། དེ་ལས་འཕྲོས་པའི་རྒྱུད་གཞུང་དང་། ཆོག་ཁྲིགས་འདོན་ཆོག་ཏུ་བཀོད་པ། རྒྱབ་ཆོས་རྒྱུད་འགྲེལ་ཉེར་མཁོ་བཅས་ཏེ་ཁག་གསུམ་དབྱེར་ཡོད།
དུས་ཡུན་ལོ་ངོ་སྟོང་ཕྲག་ཙམ་གྱི་རིང་ལ་སྔོན་བྱོན་མཁས་གྲུབ་དུ་མས་རིམ་བཞིན་བཀའ་བསྡུ་མཛད་དེ་ད་ལྟ་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཙམ་འདུས་ཡོད། དེའི་ནང་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་(784篇章)ཙམ་དང་། ལྡེབ་གྲངས་ལྔ་སྟོང་(4896页) ཙམ། ཡིག་འབྲུ་ཁྲི་སྟོང་ཕྲག་བདུན་དང་ལྔ་བརྒྱ་(7500万字)ཙམ་ཡོད་པའི་ནང་དོན་ཕུན་སུམ་ཚོགས་ལ་རིན་ཐང་གཞལ་དུ་མེད་པའི་ནོར་བུའི་དབྱིག་མཛོད་དཔེ་ཚོགས་རླབས་ཆེ་བ་ཞིག་ཏུ་གྲུབ་པ་འདིའོ།།
བོད་རབ་ལོ ༩༧༦པའི་ཟླ༦ ཚེས༡༠ལ་སྒྲིག་པ་པོས།
བྱང༷་ཆུབ༷་སེམས་ཀྱི་གཞི༷་རྩར་ལེགས་བཟུང་ནས། །
བྱང༷་ཆུབ༷་སྤྱོད་པའི་ཟབ་ལམ༷་གཅིག་པུ་ཞིག །
བྱང༷་ཆུབ༷་མཆོག་གི་འབྲས༷་བུ་ལ་གཞོལ་ཕྱིར། །
བྱང༷་ཆུབ༷་རྒྱ་མཚོས་པར་བསྐྲུན་ཞུས་པ་དགེ། །
གནུབས་ལུགས་གཤེད་དམར་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཉུང་གསལ་སྙིང་པོ།
༄༅། །གནུབས་ལུགས་གཤེད་དམར་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཉུང་གསལ་སྙིང་པོ་བཞུགས་སོ། །
ༀ་སྭ་སྟི། འཇམ་དཔལ་དཔའ་བོ་གདུལ་དཀའི་འགྲོར། །རྗེས་ཆགས་གཤིན་རྗེའི་གཤེད་དམར་པོ། །མ་རུ་རྩེ་ཡི་རྗེས་གནང་གི། །ཆོ་ག་ཉུང་གསལ་སྙིང་པོ་བྲི། །འདིར་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་གནུབས་ལུགས་ཀྱི་རྗེས་གནང་རྐྱང་པ་བྱ་བར་འདོད་ན། གནས་ཕུན་སུམ་ཚོགས་པར་སྟེགས་བུ་ཁེབས་ལྡན་གྱི་ཁར་འབྲུའི་ཚོམ་བུ་དམར་པོ་བཀོད། དེའི་ཁར་མཉྫི་ལ་དཔལ་གཏོར་དམར་པོ་འཁོར་བརྒྱད་པ་རྩེར་མ་རུ་རྩེ་ཡབ་ཡུམ་གྱི་སྐུ་དང་དར་དམར་གྱི་རུ་མཚོན་བཙུགས་པ་བཀོད་པའི་ཉེ་ལོགས་སུ་ཕྱག་མཚན་དང་སྔགས་བྱང་ཕྲེང་བ་དང་། མེ་ལོང་གཡའ་མེད་ཀྱང་འདུ་བྱ་ཞིང་། མཐར་ཆུ་གཉིས་ཉེར་སྤྱོད་ལྔ། མཆོད་གཏོར་སྨན་དང་རཀྟ་སོགས་ཀྱིས་བསྐོར། སློབ་དཔོན་གྱི་མདུན་དུ། རྡོར་དྲིལ། ཐོད་རྔ། ལས་བུམ། བདུད་རྩི། འཐོར་ནས་ཏེ་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དངོས་གཞི་ནི། སྒྲུབ་ཐབས་ཕྲིན་ལས་རྡོ་རྗེ་རྩེ་བརྒྱ་པ་ལྟར། བདག་མདུན་དབྱེར་མེད་ཀྱི་ལས་བྱང་གཞུང་བསྲང་ཛཔ྄་བཟླས་བཤགས་བསྟོད་སྨོན་ལམ་རྣམས་བྱས་རྗེས། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ལ། མཎྜལ་ཕུལ། དེ་ནས་སྙིམ་པ་མེ་ཏོག་དང་བཅས་གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ནི་འཁོར་བས་སྐྱོ་བ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །མགོན་པོ་ཆེན་པོས་བདག་ལ་སྩོལ། །ཞེས་ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་ནི། སངས་རྒྱས་ཆོད་དང་དགེ་འདུན་དང་། །བླ་མ་ཡིད་དམ་ལྷར་བཅས་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡིག་པའི་ལས་རྣམས་ཅི་བགྱིས་པ། །ཁྱེད་ལ་མ་ལུས་བཤགས་པར་བགྱི། །བླ་མེད་སྐྱབས་གནས་ཐམས་ཅད་ལ། །ཤིན་ཏུ་དང་བས་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་ནི་དུས་རྟག་ཏུ། །ཕྱི་ནང་གསང་བའི་མཆོད་པར་བགྱི། །ཐར་པའི་དགེ་ལ་རྗེས་ཡི་རང་། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཆོས་ཀྱི་བདུད་རྩི་འབྱུང་བ་ཡི། །གསུང་ནི་དུ་མར་བསྒྲག་ཏུ་གསོལ། །ཞེས་ལན་གསུམ། དེ་ནས་བྱིན་དབབ་པ་ནི། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མའི་རྣམ་སྨིན་བག་ཆགས་ཀྱི་ཕུང་པོ་སྦྱངས། སྐད་ཅིག་གིས་ཉི་མའི་གདན་ལ་གཤིན་རྗེའི་གཤེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མེ་འཁོར་དང་གཡོན་རླུང་གི་འཁོར་ལོ་བསྐོར་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་གར་དགུའི་ཉམས་ཀྱིས་ཡུམ་ཨེ་ཀ་ཛཱ་ཊི་མར་རོལ་བ། མེད་དཔུང་འབར་བའི་ཀློང་ན་བརྐྱང་བསྐུམ་དྲག་པོ་གར་སྟབས་ཀྱིས་བཞུགས་པར་བསམ། དེའི་སྤྱི་བོར་ཨཱོྂ་མགྲིན་པར་ཨཱ། སྙིང་གར་ཧཱུྃ་གིས་མཚན་པའི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་རྩ་གསུམ་རྒྱལ་བ་སྲས་བཅས་འཇམ་དཔལ་དམར་པོའི་རྣམ་པར་བྱོན་ནས། གྲངས་མེད་བསམ་གྱིས་མི་ཁྱབ་པ་འུར་འུར་ཆེམ་ཆེམ། གློག་འཁྱུག་པ་ལྟར་བཀུག་ནས་ཁྱེད་རང་ལ་བསྟིམ་པར་མོས་ཤིག །ༀ་ཤྲཱི་མཉྫུ་ཀུ་མཱ་ར་ཡ་མ་རཱ་ཛ་ཨེ་ཀ་ཛཱ་ཊི་ཛཿཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་དང་རོལ་མོ་བྱ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་དང་པོ་སྐུ་ཡི་རྗེས་གནང་ནི། མདུན་བསྐྱེད་གཤིན་རྗེའི་གཤེད་ལས་མར་མེ་གཅིག་ལས་གཉིས་ཆད་པ་ལྟར་མ་རུ་རྩེའི་སྐུ་གཉིས་པ་ཞིག་སྤྲོས་ཏེ་སྤྱི་བོ་ནས་ཐིམ་པར་བསམས་ལ། དཔལ་གཏོར་སྐུ་ཙཀ་དང་བཅས་པ་སྤྱི་བོར་བཞག་ལ། ཧཱུྃ། ཁྲོ་བོའི་རྒྱལ་པོ་མ་རུ་རྩེ། །ཡ་མཚན་ཆེན་པོ་རྨད་དུ་བྱུང་། །ཆེ་བཙན་འགྲན་གྱི་དོ་མེད་པའི། །ཁྲག་འཐུང་ལེ་བརྒན་འབར་པའི་སྐུ། །ཞེ་སྡང་མེ་འབར་ཧཱུྃ་སྒྲ་ཅན། །དཔལ་ཆེན་དབང་ཕྱུག་ཡང་ཆེན་དཔལ། །ཁྲག་འཐུང་ཆེན་པོའི་དབང་བསྐུར་རོ། །ཨཱོྂ་མཉྫུ་ཤྲཱི་མ་རུ་རྩེ་བེ་ཏ་ལི་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྪ་ཨཱཿ ཞེས་བརྗོད། གཤིན་རྗེའི་གཤེད་དངོས་སུ་གྱུར་པར་བསམ། ཕྱག་མཚན་མེ་རླུང་གི་འཁོར་ལོ་བྱིན་ལ། མེ་རླུང་ལས་ཀྱི་འཁོར་ལོ་ཡིས། །ཐབས་དང་ཤེས་རབ་འབྲེལ་བ་དང་། །དགྲ་བགེགས་སྒྲོལ་བའི་མཐུ་ཐོབ་ནས། །ཁྲོ་བོའི་རྒྱལ་པོའི་དབང་ཐོབ་ཤོག །ཛྙཱ་ན་ཙཀྲ་ཨ་བྷི་ཥིཉྩ་ཨཱཿ དེས་སྐུའི་བྱིན་རླབས་འཇུག །ལུས་ཐ་མལ་གྱི་ཞེན་པ་སྦྱང་། སྡིག་སྒྲིབ་དག །བར་ཆད་ཞི། ལྷ་སྒོམ་པ་ལ་དབང་། འཇམ་དཔལ་དམར་པོའི་སྐུ་དང་ཁྱེད་རང་གི་ལུས་དབྱེར་མེད་དུ་གྱུར། ཞེས་བརྗོད། གཉིས་པ་གསུང་གི་རྗེས་གནང་ནི། བླ་མ་དང་མདུན་བསྐྱེད་དབྱེར་མེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་བ་ཞལ་ནས་ཐོན། ཁྱོད་རང་གི་མགྲིན་པའི་ལམ་ནས་ཞུགས་ཐུགས་ཀའི་ཧཱུྃ་ལ་འཁོར་བར་བསམ་ལ། རུ་རཀྴའི་ཕྲེང་བ་དང་སྔགས་བྱང་གཏད་ལ། སངས་རྒྱས་ཀུན་གྱི་མི་ཕྱེད་པའི། །གསང་སྔགས་བླ་ན་མེད་པ་ཡི། །སྙིང་པོ་ཡིད་བཞིན་རིན་ཆེན་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། ། ཞེས་དང་། བསྙེན་པ་དང་། ཉེ་བསྙེན་གྱི་སྔགས་ཀྱི་བཟླས་ལུང་བྱིན། དེས་ངག་ཐ་མལ་གྱི་ཞེན་པ་སྦྱང་། ངག་སྒྲིབ་དག །བར་ཆད་ཞི། སྔགས་བཟླ་བ་ལ་དབང་། འཇམ་དཔལ་དམར་པོའི་གསུང་དང་ཁྱེད་རང་གི་ངག་དབྱེར་མེད་དུ་གྱུར། ཞེས་བརྗོད། གསུམ་པ་ཐུགས་ཀྱི་རྗེས་གནང་ནི། འཇམ་དཔལ་གྱི་ཐུགས་རྣམ་པར་མི་རྟོག་པ་རྡོ་རྗེ་ཧཱུྃ་གིས་མཚན་པའི་རྣམ་པ་ཁྱེད་རང་གི་སྙིང་གར་ཐིམ་པར་བསམ་ལ། སྙིང་གར་རྡོ་རྗེ་བཞག་ལ། བདེ་ཆེན་ཙིཏྟའི་གཞལ་ཡས་སུ། །ཡེ་ཤེས་སྐུར་གསལ་ཡིག་འབྲུ་དམར། །འོད་ཟེར་འཕྲོ་འདུས་བསྐུལ་དོན་བྱས། །བདེ་ཆེན་འབྲས་བུ་ཀུན་འགྲུབ་ཤོག །ཨཱོྂ་ཤྲཱི་མཉྫུ་ཀུ་མ་ར་ཛྙཱ་ན་ཨ་བྷིཥིཉྩ་ཧཱུྃ་ཨཱཿ ཞེས་བསྒོམ། མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་རང་བཞིན་ཏེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །ངོ་བོ་མེད་ཅིང་རང་བཞིན་མེད། །དེ་བཞིན་ལྷ་ཡང་ཤེས་པར་གྱིས། །ཡེ་ཤེས་ཁྲོ་བོ་ཆེན་པོར་འགྱུར། །ཞེས་བརྗོད། དེས་ཡིད་ཐ་མལ་གྱི་ཞེན་པ་སྦྱང་། ཡིད་སྒྲིབ་དག །བར་ཆད་ཞི། སྟོང་པ་ཉིད་སྒོམ་པ་ལ་དབང་། འཇམ་དཔལ་དམར་པོའི་ཐུགས་དང་ཁྱེད་རང་གི་ཡིད་དབྱེར་མེད་དུ་གྱུར་པར་བསམ་མོ། །སྤྲོ་ན་སྐུ་ཡི་རྗེས་གནང་གི་གཏོར་དབང་གི་དུས་བཀའ་སྒོ་ཡང་བྱ། མཐར་དབང་བརྟན་པར་བྱ་བའི་ཕྱིར། །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ལྟ་བུའི་ཤིས་བརྗོད་བྱ་ཞིང་། དམ་ཚིག་བསྒྲག་བཟུང་གཏང་རག་གི་མཎྜལ་ཡོན་འབུལ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་རོ། །དེ་ནས་ཆོ་ག་གཞུང་གི་རྗེས་བསྡུ་རྣམས་ཀྱང་ལས་བྱང་བཞིན་ནོ། །གནུབས་ཀྱི་མན་ངག་གཤིན་རྗེའི་གཤེད། །འཇམ་དཔལ་དམར་པོའི་རྗེས་གནང་རྒྱུན། །ཉུང་གསལ་སྙིང་པོར་དྲིལ་བ་འདིས། །མཐའ་ཡས་འགྲོ་ལ་ཕན་བདེར་ཤོག །ཅེས་གནུབས་ལུགས་གཤིན་རྗེ་དམར་པོའི་རྩ་དབང་ལས་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཟུར་དུ་བཀོལ་བ་འདི་ཡང་། ཁམས་རྫོགས་ཆེན་གྱི་བླ་མ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། ཤེས་བྱ་ཐམས་ཅད་གཟིགས་པའི་མཁྱེན་པ་ཅན། མཚུངས་མེད་ཡོང་འཛིན་དགེ་བའི་གཤེས་གཉེན་ཆེན་པོ། བླ་མ་བཀྲ་ཤིས་རྒྱ་མཚོ་ནས་བཀའ་སྩལ་དགོངས་པ་སྐོང་བའི་ཆེད་དུ་ཁྱེར་བདེ་བའི་ཁྲིགས་སུ་ཨཽ་ཌཱི་ཡ་ནས་ཐུན་གཅིག་ལ་བརྟས་ཏེ་བྲིས་པའོ། །རྩ་བའི་དབང་ཐོབ་ན་འདི་ཉིད་ཞོར་ལ་ཐོབ་ཅིང་། རྐྱེན་སེལ་ལྟ་བུའི་རྗེས་གནང་འདི་ཙམ་ལ་འདིས་གོ་ཆོད་ལ། འདིས་རྩ་བའི་དབང་བཞི་ཐོབ་པའི་གོ་མི་ཆོད་པས་དབང་ཆུའི་རྒྱུན་དེ་ཁ་མི་ནུབ་པར་བྱ་དགོས་སོ། །ནོངས་པ་མཆིས་ན་བཟོད་པར་གསོལ་ལོ། །ཤུབྷཾ།། །།
གནུབས་ལུགས་གཤིན་རྗེ་གཤེད་དམར་པོའི་རྒྱུན་ཁྱེར།
༈ གནུབས་ལུགས་གཤིན་རྗེ་གཤེད་དམར་པོའི་རྒྱུན་ཁྱེར་བཞུགས། བླ་མ་འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །བླ་མ་མཆོག་གསུམ་འཇམ་དཔལ་ལྷར། །གུས་བས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །འཇམ་དཔལ་དམར་པོ་བསྒྲུབ་པར་བགྱི། །ཞེས་སྐྱབས་སེམས་བྱ། བདག་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་དུ་གསལ་བས། ཨཱོྂ་བྷཱུྂ་ཧཱུྃ་བྷཱུྂ་ཏྲཱྃབྷཱུྂ་ཧྲཱིཿབྷཱུྂ་ཧཱ་བྷཱུྂ། ཞེས་བརྗོད་པས་མཚོན་ཆ་རྣམ་པ་ལྔ་དང་མེ་ཡི་གུར་ཁང་གིས་ཕྱོགས་ཀུན་ཁྱབ་པར་གྱུར། རང་རིག་སྣང་སྟོང་དབྱེར་མེད་ཀྱི་རང་བཞིན་ཡི་གེ་ཧཱུྃ་དམར་པོར་གསལ་བ་ལས། འབྱུང་སྔ་རིམ་བརྩེགས། དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། མ་ཧེ་ཆུ་གླང་པདྨ་ཉི་ཟླ་བསྣོལ་བའི་གདན་ལ། ཨཱོྂ་ཤྲཱི་མཉྫུ་མ་རུ་ཙེ་བེ་ཏ་ལི་ཧཱུྃ་ཕཊ། ཅེས་བརྗོད་པས། རང་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་མེའི་འཁོར་ལོ་རྩིབས་བརྒྱད་བསྣམས་པ། གཡོན་པ་རླུང་གི་འཁོར་ལོ་བསྐོར་བ། སྨིན་མ་ཨག་ཚོམ་ལས་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། མཆེ་བ་གཡས་ནས་རཀྟ་འབབ་ཅིང་། གཡོན་པའི་འོད་ཟེར་གྱིས་དགྲ་བགེགས་འགུགས་པ། རལ་པའི་གསེབ་ནས་ཁྲོ་ཆུང་སྤྲོ་བ། ཐོད་སྐམ་གྱི་དབུ་རྒྱན། ཞིང་གླང་གི་སྟོད་གཡོགས། སྟག་ཤམ། ཐོད་རློན་གྱི་དོ་ཤལ། སྦྲུལ་རིགས་ལྔ་ཡི་ཆུན་པོ། ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ། ཞབས་གཉིས་བརྐྱང་བསྐུམས་ཀྱིས་མེ་དཔུང་དམར་ནག་འབར་བའི་དབུས་ན། ཡུམ་ཨེ་ཀ་ཛཱ་ཊི་དམར་སྨུག་ཁ་ྃ་རྩེ་གསུམ་དང་ཐོད་ཁྲག་སྟོབ་པས་འཁྱུད་ཅིང་བདེ་སྟོང་ཟུང་འཇུག་གི་ངོ་བོར་བཞུགས་པའོ། །དེ་ཡི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཞེས་སྙན་བརྣན། ཧཱུྃ། གྲུ་གསུམ་དམར་ནག་འབར་བ་ནས། །འཇམ་དཔལ་སྐུ་མཆོག་དམར་པོ་ཆེ། །དགྲ་བགེགས་འདུལ་ཕྱིར་སྤྱན་འདྲེན་ནོ། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་ཛཿཧཱུྃ་བྂ་ཧོཿ ཞེས་སྤྱན་དྲངས་ཤིང་བསྟིམ་ལ། རྨད་དུ་བྱུང་བའི་གཏོར་མ་དང་། །དམ་རྫས་བདུད་རྩིའི་མཆོད་པ་དང་། །སྦྱོར་སྒྲོལ་རཀྟའི་མཆོད་པས་མཆོད། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །སརྦ་མ་ཧཱ་པཱུ་ཛ་ཁཱ་ཧི། ཞེས་མཆོད་ལ། གདུག་པ་འདུལ་མཛད་གཤིན་རྗེའི་གཤེད། །ཡབ་གཅིག་སྐུ་མཆོག་དམར་པོ་ལ། །དང་བའི་ཡིད་ཀྱིས་ཕྱག་ཚལ་བསྟོད། །ཕྲིན་ལས་རྣམ་བཞི་སྒྲུབ་པར་མཛོད། །ཅེས་བསྟོད། སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཀྱི་རོལ་པར་བལྟས་ལ། ༀ་མཉྫུ་ཤྲཱི་ཀུ་མཱ་ར་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཅེས་བཟླ། ཐུན་བསྡུ་བ་ན། ཧཱུྃ་ཧཱུྃ་ཧཱུྃ། ཞེས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ། ཅེས་ལྷར་ལྡང་ངོ་། །དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་དམར་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་བར་ཤོག །ཅེས་དགེ་བ་བསྔོའོ། །གནུབ་ལུགས་གཤེད་དམར་གྱི་རྒྱུན་ཁྱེར་འདི་ཡང་ཨཽ་ཌཱི་ཡ་ནས་སོ།། །།
གཤིན་རྗེ་གདོང་དྲུག་གི་བརྒྱུད་འདེབས།
༈ གཤིན་རྗེ་གདོང་དྲུག་གི་བརྒྱུད་འདེབས་ནི། ཀུན་བཟང་རྡོར་འཆང་འཇམ་དཔལ་གཤིན་རྗེ་གཤེད། །གསང་བདག་དགའ་རབ་འཇམ་དཔལ་བཤེས་གཉེན་ཞབས། །པདྨ་ཐོད་ཕྲེང་བལ་པོ་ནོར་འཛིན་བཟང་། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །གནུབས་ཆེན་སངས་ཡེ་ཡོན་ཏན་རྒྱ་མཚོའི་དཔལ། །པདྨ་དབང་རྒྱལ་ཆེན་པོ་འཇམ་དཔལ་བ། །ཇོ་མོ་སོ་རྒད་བཟའ་དང་ཡེ་ཤེས་གཟུངས། །གསོལ་བ་འདེབས་སོ༴ ཞང་བཙུན་འཁོར་འབར་རིག་འཛིན་ཞང་རྒྱལ་མཚན། །ལྕགས་སྤྱིལ་བ་དང་དཀོན་མཆོག་བཟང་པོ་གྲགས། །སྒྲོལ་ཆེན་བསམ་རྡོར་རྣམ་རྒྱལ་བཟང་པོ་ལ། །གསོལ་བ་འདེབས་སོ༴ ཆོས་རྒྱལ་བཤེས་གཉེན་ནམ་མཁའ་དཔལ་ལྡན་ཆེ། །ནམ་མཁའ་གྲགས་པ་ཆོས་རྒྱལ་དཔལ་བཟང་པོ། །ཀུན་བཟང་བ་དང་ངག་དབང་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ རྣམ་རྒྱལ་རྡོ་རྗེ་དཔལ་ལྡན་བཀྲ་ཤིས་གྲགས། །སེ་སྟོན་ལེགས་གྲུབ་རྒྱ་སྟོན་ཆོས་དབྱིངས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང་། །གསོལ་བ་འདེབས་སོ༴ རིན་ཆེན་རྣམ་རྒྱལ་པདྨ་བསྟན་འཛིན་རྗེ། །ཕྲིན་ལས་རྣམ་རྒྱལ་པདྨ་དབང་གི་རྒྱལ། །མི་འགྱུར་ནམ་རྡོར་དྲི་མེད་བཤེས་གཉེན་རྩལ། །གསོལ་བ་འདེབས་སོ༴ ལུང་རྟོགས་བསྟན་ཉི་འཇིགས་མེད་ཀུན་དགའ་བཟང་། །བསྟན་འཛིན་ནོར་བུ་ཀུན་འདུས་འཁོར་ལོའི་མགོན། །འགྱུར་མེད་ཕན་བདེའི་འོད་ཟེར་དཔལ་འབར་ལ། །གསོལ་བ་འདེབས་སོ༴ རབ་འབྱམས་དཀྱིལ་འཁོར་ཀུན་གཙོ་ཡི་དམ་ལྷ། །གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །སྣང་སྲིད་རྣམ་དག་དཀྱིལ་འཁོར་ཆེན་པོ་ལ། །གསོལ་བ་འདེབས་སོ༴ ཀུན་བརྟགས་སྲིད་པའི་འཁོར་ལོར་སྣང་བའི་ཆོས། །ཡོངས་གྲུབ་ཡེ་ཤེས་འཁོར་ལོའི་རོལ་པར་སད། །མཉམ་ཉིད་བདེ་ཆེན་འཁོར་ལོའི་ཕྱག་རྒྱ་ཆེས། །སྲིད་ཞིའི་ཆོས་ཀུན་དབང་བསྒྱུར་མཐུ་ཐོབ་ཤོག །ཅེས་གཤིན་རྗེ་གདོང་དྲུག་གི་སྨིན་བྱེད་བརྒྱུད་པའི་ཁྱད་པར་ཕྱོགས་གཅིག་ལ་གསོལ་བ་འདེབས་པ་འདིའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་ལས་བྱང་རྡོ་རྗེའི་མཚོན་རྣོན།
༄༅། །བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་ལས་བྱང་རྡོ་རྗེའི་མཚོན་རྣོན་ཅེས་བྱ་བ་བཞུགས་སོ། །
ན་མཿཤྲི་མཱཾ་གུ་རུ་ཡ་མཱནྟ་ཀཱ་ཡ། དུས་ཀྱི་མུན་པའི་མདངས་འཛིན་དུས་ཆེན་པོའ། །གཤེད་གྱུར་རྒྱལ་ཀུན་སྟོབས་བཅུ་གཅིག་བསྡུས་པ། །འཇམ་པའི་དཔལ་ཡང་གཏུམ་ཆེན་འཇིགས་བྱེད་སྐུར། །སྙིང་རྗེའི་ཤུགས་ཀྱིས་བཞེངས་པ་དེ་ལ་འདུད། །རིག་སྔགས་བདག་པོ་སྟོབས་ལྡན་གནུབས་ཆེན་པོའ། །ཐུགས་དམ་ཡང་སྙིང་བརྣག་པའི་མཐར་ཐུག་པ། །གང་འདིའི་རིང་ལུགས་ཤིན་ཏུ་ཉག་ཕྲ་བས། །རྒྱུན་བཟང་སྤེལ་སླད་ཕྲིན་ལས་བྱང་བུ་དགོད། །མེ་རི་གསང་བ་ཐུགས་ཀྱི་རྒྱུད་རྩ་བཤད་ཡན་ལག་དང་བཅས་པ་ལས་སློབ་དཔོན་འཇམ་དཔལ་གཤེས་གཉེན་གྱིས་སྒྲུབ་ཐབས་ལག་ལེན་དུ་དྲིལ་བ་འདི་ཉིད་ཉམས་སུ་ལེན་པ་ལ། དབང་ཐོབ་ཅིང་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་གང་ཟག་གིས་བསྙེན་པ་དང་སྒྲུབ་པ་དང་ལས་ལ་སྦྱོར་བའི་ཚུལ་གསུམ་གྱིས་བསྒྲུབ་པར་གསུངས་པ་ལས། ཐོག་མར་གལ་ཆེ་བ་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ལ་འཇུག་དགོས། དེ་ཉིད་ལག་ཏུ་ལེན་པའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། རྟེན་བཀྲམ་པའི་མདུན་དུ་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་རྣམས་བཤམ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་བསང་ཆུ་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱས་ལ། སྟན་བདེ་བར་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ཏེ་འདུག་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས། བསང་ཆུ་བྱིན་རླབས། གཞི་བདག་ལ་དཀར་གཏོར་སྤྱིན་པ་བཅས་བཏང་ན་སྤྱི་དང་མཐུན་པས་ལྷག་སྐྱོན་དུ་མི་འགྱུར་རོ། །གཉིས་པ་ལ་ལྔ། མཚམས་གསུམ་བཅད་པ། ཚོགས་བསགས་སྐྱབས་སེམས་སྡོམ་པ་བཟུང་བ། བཤགས་པ་བྱ་བ། བྱིན་ད་བབ་པ། མཆོད་རྫས་བརླབ་པའོ། །དང་པོ་ལ་གསུམ་ལས། སྒོ་གསུམ་རྡོ་རྗེར་བྱིན་གྱིས་བརླབ་ཅིང་རྡོ་རྗེའི་གུར་གྱིས་མཚམ་བཅད་པ་ནི། ཧཱུྃ། རང་སེམས་རྡོ་རྗེར་བསམ་ནས་ནི། །ཐུགས་ཀར་རྡོ་རྗེ་རྒྱ་གྲམ་བསམ། །ལྗགས་ལ་རྡོ་རྗེ་ཟླ་ཚེས་བསམ། །སྨིན་མཚམས་རྡོ་རྗེ་འོད་དུ་འཕྲོ། །སྤྱི་གཙུག་རྡོ་རྗེའི་ཅོད་པན་ཅན། །སྟེང་ཡང་རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞིའོ། །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ལ། །རྡོ་རྗེའི་ཐོག་དང་སེར་ཆེན་འབེབས། །རྡོ་རྗེ་འབར་བའི་མཚམས་ལས་ཚུར་མ་འདའ། །རྡོ་རྗེ་འབར་བའི་མཚམས་ལས་ཚུར་འདས་ན། །རྡུལ་ཆ་ཕྲ་མོ་མེད་པར་བརླག་པར་བྱ། །ༀ་བཛྲ་ཡཀྵ་ཀྲོ་ད་ཀྲོ་ད་ཧཱུྃ་ཕཊ། སྡེ་དཔོན་བཅིངས་པ་དང་མེ་རིས་མཚམས་བཅད་པ་ནི། ཧཱུྃ། རྡོ་རྗེ་རི་རབ་ལྷུན ་པོའི་རྩེ་བརྒྱད་ནས། །འབར་བའི་ལྷ་བརྒྱད་དབང་ཆེན་བཀན་སྟེངས་སུ། །ཤིན་ཏུ་མི་བཟད་དཔལ་ཆེན་ཧ་ལའི་སྐུ། །གཤིན་རྗེ་མ་ཏང་རོ་ཡི་དབྱུག་པ་འཕྱར། །གང་ལ་ཅི་འདུལ་ཙིཏྟའི་ཕྲེང་བས་བརྒྱན། །ཕྲ་མེན་ཀེ་རི་མང་པོའི་ཚོགས་ཀྱིས་བསྐོར། །སྟེང་འོག་ཁམས་ཀྱང་མེ་ཡི་འཁོར་ལོ་ལ། །རྡོ་རྗེ་རྒྱ་གྲམ་འབར་བས་མེ་གཏོར་བས། །སྟེང་གི་མེ་ལྕེ་འབར་བ་འོག་ཏུ་འཕྲོ། །འོག་གི་མེ་ལྕེ་འབར་བ་སྟེང་དུ་འཕྲོ། །ཤར་གྱི་མེ་ལྕེ་འབར་བ་ནུབ་ཏུ་འཕྲོ། །ནུབ་ཀྱི་མེ་ལྕེ་འབར་བ་ཤར་དུ་འཕྲོ། །ལྷོ་ཡི་མེ་ལྕེ་འབར་བ་བྱང་དུ་འཕྲོ། །བྱང་གི་མེ་ལྕེ་འབར་བ་ལྷོ་རུ་འཕྲོ། །མཚམས་ཀྱི་མེ་ལྕེ་འབར་བ་མཚམས་སུ་འཕྲོ། །མེ་རི་དགོན་པ་དག་གི་ས་ཕྱོགས་སུ། །མེ་ཡི་ཡིད་རྟགས་མ་ཡིན་གང་ཡང་མེད། །དུར་ཁྲོད་མཚན་མའི་མེ་ནི་སྨུག་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་སྔོ་ནག་འབར། །ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །དབང་དྲག་གདུག་རྩུབ་མེ་ནི་ཁམ་ནག་འབར། །མེ་རི་འབར་བའི་མཚམས་ལས་ཚུར་མ་འདའ། །མེ་རི་འབར་བའི་མཚམས་ལས་ཚུར་འདས་ན། །རྡུལ་ཆ་ཕྲ་མོ་མེད་པར་བརླག་པར་བྱེད། །ༀ་ཕཊ་རཾ་ཨེ་རཾ་ཛྭ་ལ་རཾ། ཏྲཀ་རཀྴ་ཁམ་ཧི་རཾ། གཉིས་པ་ནི། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་གཤིན་རྗེའི་གཤེད་པོ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། བཛྲ་ས་མ་ཡ་ཛཿ གཤིན་རྗེ་གཤེད་པོ་ཁྲོ་བོའི་མཆོག ། རིགས་སྔགས་རྒྱལ་པོ་གཤེགས་སུ་གསོལ། །ཐུགས་རྗེའི་བདག་པོ་དཀོན་མཆོག་གསུམ། །བླ་མ་དང་ནི་རིག་འཛིན་རྣམས། །རྡོ་རྗེའི་སྤྱན་གྱིས་གཤེགས་སུ་གསོལ། །ༀ་ཡ་མཱནྟ་ཀ་མ་དྷ་ལ་ཨེ་ཧྱེ་ཧི་བྷ་ག་བཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བྂ་ཧོཿ ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུལ་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཡ་ཨ་བྷི་ཥེ་ཀ་ཤྲཱི་ཡེ་ཧཱུྃ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །གདུལ་བྱའི་དབང་གིས་བཞུགས་པ་ལྟར། །འདིར་ནི་ཁྲོ་ཁྱོད་མདུན་དུ་བཞུགས། །པདྨ་ཀ་མ་ལ་ཡེ་ཧཱུྃ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ནི་ཕྱག་འཚལ་ལོ། །གཤིན་རྗེ་གཤེད་པོ་ཁྲོ་བོ་ཆེ། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་དང་ཁྲོ་བོ་ཉིད། །བདག་གིས་རྟག་ཏུ་མཆོད་པར་བགྱི། །བླ་མ་ལ་ཡང་དེ་བཞིན་དུ། །སྒོ་གསུམ་དང་བའི་བསམ་པས་མཆོད། །མགོན་པོ་མེ་ཏོག་ལ་སོགས་འདི། །བྱང་ཆུབ་སེམས་ཀྱིས་བསྡུས་པའི་ཕྱིར། །འགྲོ་བའི་དོན་དུ་བཞེས་པར་མཛོད། །ༀ་བཛྲ་པུཥྤེ་ཧཱུྃ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེ། ཤཔྡ་ཧཱུྃ། ལུས་ཀྱི་ཉེས་པ་རྣམ་གསུམ་དང་། །ངག་གི་བཞི་པོ་ཉེས་སྤྱད་དང་། །ཡིད་ཀྱི་ཉེས་པ་གསུམ་པོ་སྟེ། །ལུས་ཀྱི་སྒྲིབ་པ་མ་ལུས་བཤགས། །སངས་རྒྱས་སྲས་བཅས་འཕགས་པ་ཡིས། །ཐར་པ་བྱས་པའི་དགེ་བ་དང་། །ཐམས་ཅད་ཐར་པར་གྱུར་པ་ཡི། །བདག་ཅག་དགེ་ལ་ཡི་རང་ངོ་། །མ་རིག་པ་རྣམས་སྨིན་པ་དང་། །སྨིན་པ་གྲོལ་བར་བྱ་བའི་ཕྱིར། །དམ་ཆོས་བདུད་རྩི་ལས་བྱུང་བའི། །གསུང་ནི་དུ་མ་བསྒྲག་པར་མཛོད། །ཕྱོགས་བཅུའི་ཞིང་ཁམས་དག་པ་ན། །སེམས་ཅན་ཕན་ཕྱིར་གང་བཞུགས་པ། །ཐབས་ཀྱིས་མྱ་ངན་འདའ་བཞེད་པ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །བླ་ན་མེད་པའི་སངས་རྒྱས་དང་། །ཆོས་དང་བྱང་ཆུབ་སེམས་དཔའི་ཚོགས། །འགྲོ་བ་མ་ལུས་པ་ཡི་སྐྱབས། །བདག་ནི་གསུམ་ལ་སྐྱབས་སུ་མཆི། །དེ་དག་སྐྱབས་ནི་གསུམ་པོ་དང་། །དཀྱིལ་ན་གཤིན་རྗེ་གཤེད་གཅིག་པོ། །དཔའ་བོ་ཁྲོ་བོ་མི་ཟད་པ། །དེ་དག་ཀུན་ལ་ཕྱག་འཚལ་ལོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །སེམས་ཅན་ཀུན་ལ་ཕན་པར་བགྱི། །བདག་གཞན་དོན་ཀུན་བསྒྲུབ་བྱའི་ཕྱིར། །ལུས་ནི་དམ་པ་རྣམས་ལ་འབུལ། །ལས་དང་བཀའ་སྩལ་མང་པོ་བགྱི། །ཐེག་པ་དམན་ལ་འདོད་མི་བགྱི། །རིག་འཛིན་སྡོམ་པ་མང་པོ་དང་། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཀུན་ནས་ཀུན་ཏུ་བཟུང་བར་བགྱི། །ཁྱེད་ཀྱི་དམ་ཚིག་ཆེན་པོ་ཡིས། །སྔོན་དུ་དགོངས་ཤིང་གནང་བར་ཞུ། །སེམས་ཅན་མ་བསྒྲལ་དཔག་མེད་རྣམས། །མྱ་ངན་འདས་པ་མཆོག་དགོད་ཤོག །ས་བོན་མཆོག་རབ་ལས་བྱུང་བའི། །ཐར་པར་གྱུར་པ་དགེ་བའི་ཚོགས། །སེམས་ཅན་མྱ་ངན་འདའ་བའི་ཕྱིར། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །གསུམ་པ་ནི། བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཡབ་ཡུམ་འཁོར་བཅས་མ་ལུས་དགོངས་སུ་གསོལ། །ཧཱུྃ། བཅོམ་ལྡན་འཇམ་དཔལ་དཔའ་བོ་ནི། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུ། །ཆོས་སྐུ་ཞི་བ་ཆེན་པོའི་རང་བཞིན་ལ། །གཟུགས་སྐུ་མཚན་མར་གཟུང་བ་མཐོལ་ལོ་བཤགས། །གཟུགས་སྐུ་ཕྱག་རྒྱ་ཆེན་པོའི་རང་བཞིན་ལ། །ཏིང་འཛིན་གསལ་བར་མ་བསྒོམ་མཐོལ་ལོ་བཤགས། །བཟླས་བརྗོད་གསུང་གི་རང་བཞིན་འཕགས་པའི་གསུང་། །གྲྭ་ཆག་ཚད་དུ་མ་འཁྱོལ་མཐོལ་ལོ་བཤགས། །མཆོད་པའི་ཡོ་བྱད་ལོངས་སྤྱོད་རིན་པོ་ཆེ། །སྟ་གོན་འབྱོར་བཤམས་ཆུང་བ་མཐོལ་ལོ་བཤགས། །བདག་ཅག་བསྐལ་པ་ཐོག་མ་མེད་པ་ཚུན་ཆད་ནས། །ད་ལྟ་ལུས་འདི་བླང་པ་ཡན་ཆོད་དུ། །རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རྟགས་དང་མཚན་མ་མྱུར་དུ་མ་མཐོང་སྟེ། །འཇམ་དཔལ་ཡབ་ཡུམ ་སྒྲུབ་པར་དམ་བཅས་པས། །བཀའ་དང་གཞུང་བཞིན་སྒྲུབ་རྔོ་མ་ཐོགས་ཏེ། །ཡ་མཱནྟ་ཀའི་ཐུགས་དང་ཅི་འགལ་བ། །གཏི་མུག་མུན་སེལ་སྐུ་ལ་བཟོད་པར་གསོལ། །བེ་ཏཱ་ནག་མོའི་ཐུགས་དང་ཅི་འགལ་བ། །ཡེ་ཤེས་ལྔ་ལྡན་སྐུ་ལ་བཟོད་པར་གསོལ། །སྦྱོར་སྒྲོལ་ཡུམ་ཆེན་ཐུགས་དང་ཅི་འགལ་བ། །ཐབས་དང་ཤེས་རབ་ཟུང་འབྲེལ་སྐུ་ལ་བཟོད་པར་གསོལ། །ཡ་མ་རཱ་ཛའི་ཐུགས་དང་ཅི་འགལ་བ། །ཞེ་སྡང་འཇོམས་མཛད་སྐུ་ལ་བཟོད་པར་གསོལ། །མྱོས་བྱེད་འབར་བའི་ཐུགས་དང་ཅི་འགལ་བ ། །ང་རྒྱལ་རིགས་འཇོམས་སྐུ་ལ་བཟོད་པར་གསོལ། །ཨཱ་དམར་པོའི་ཐུགས་དང་ཅི་འགལ་བ། །འདོད་ཆགས་དབང་སྡུད་སྐུ་ལ་བཟོད་པར་གསོལ། །རལ་པ་ཚར་དགུའི་ཐུགས་དང་ཅི་འགལ་བ། །ཕྲག་དོག་ཟིལ་གནོན་སྐུ་ལ་བཟོད་པར་གསོལ། །གཤེད་བཞི་ཡུམ་བཞིའི་ཐུགས་དང་ཅི་འགལ་བ། །ཡེ་ཤེས་བཞི་ལྡན་སྐུ་ལ་བཟོད་པར་གསོལ། །ཁྲོ་བོ་བཅུ་ཡི་ཐུགས་དང་ཅི་འགལ་བ། །སྟོབས་བཅུ་མངོན་རྫོགས་སྐུ་ལ་བཟོད་པར་གསོལ། །ཁྲོ་མོ་བཅུ་ཡི་ཐུགས་དང་ཅི་འགལ་བ། །དགེ་བཅུ་ལྷུན་གྲུབ་སྐུ་ལ་བཟོད་པར་གསོལ། །དུར་ཁྲོད་མ་གསུམ་ཐུགས་དང་ཅི་འགལ་བ། །དུག་གསུམ་རྩད་གཅོད་སྐུ་ལ་བཟོད་པ་གསོལ། །སྒོ་མ་བསྭེ་མོའི་ཐུགས་དང་ཅི་འགལ་བ། །ཚད་མེད་བཞི་ལྡན་སྐུ་ལ་བཟོད་པར་གསོལ། །དབང་བསྐུར་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །རྒྱལ་བ་རིགས་ལྔའི་སྐུ་ལ་བཟོད་པར་གསོལ། །བྱིན་རློབས་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །རྒྱལ་བ་རིགས་གསུམ་སྐུ་ལ་བཟོད་པར་གསོལ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །རྒྱ་བ་ཞི་ཁྲོའི་སྐུ་ལ་བཟོད་པར་གསོལ། །གཟུ་དཔང་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །འཇིག་རྟེན་འདས་པའི་སྐུ་ལ་བཟོད་པར་གསོལ། །མངགས་པ་ཕོ་ཉའི་ཐུགས་དང་ཅི་འགལ་བ། །སྤྲུལ་པ་རྣམ་གསུམ་སྐུ་ལ་བཟོད་པར་གསོལ། །སྲུང་ཟློག་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །ཁྲོ་ཆེན་བཅུ་གཅིག་སྐུ་ལ་བཟོད་པར་གསོལ། །ཆོས་སྐྱོང་སྲུང་མའི་ཐུགས་དང་ཅི་འགལ་བ། །ལེགས་ལྡན་ནག་པོའི་སྐུ་ལ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ༀ་མཉྫུ་ཤྲཱི་ས་མ་ཡ། མ་ནུ་པཱ་ལ་ཡ། མཉྫུ་ཤྲཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། མཉྫུ་ཤྲཱི་མཱ་མེ་མུཉྩ། མཉྫུ་ཤྲཱི་སཾ་བྷ་ཝ། མ་ཧཱ་ས་མ་ཡ། མཉྫུ་ཤྲཱི་ཨཱཿ ཞེས་འཇམ་དཔལ་ཡིག་བརྒྱ་བརྗོད། བཞི་པ་ནི། སྦྱར་བའི་སྤོས་བཏུལ། མོས་གུས་གདུང་ཤུགས་ཀྱིས་བསྐུལ། དབྱངས་རོལ་གྱིས་གཟི་བྱིན་བསྐྱེད་ལ། ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དགྲ་བགེགས་འདུལ་བའི་དུས་ལ་བབ། །དམ་ཚིག་བསྐང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྩལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ནམ་མཁར་བཞུགས་པའི་ལྷ་རྣམས་འོད་དུ་ཞུ་ནས་བདག་གི་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་ལས་ཡེ་ཤེས་ཀྱི་མེ་འབར་ཏེ་བདག་གི་ཕུང་པོ་རྣམ་ཤེས་བག་ཆགས་དང་བཅས་པ་བསྲེགས་ནས་མ་རིག་པ་རང་སར་དག །རིག་པའི་ཡེ་ཤེས་རང་འོད་དུ་གསལ་བ་ལས་སྐད་ཅིག་གིས་ཡི་དམ་ལྷའི་སྐུར་གྱུར། ཅེས་བསྒོམས་ལ་སྙིང་པོ་བརྒྱ་རྩ་འདྲེན་པར་གསུངས་པས་ཅི་ལྟར་འོས་པ་བྱའོ། །ལྔ་པ་ལ་བཞི། དང་པོ་བདུད་རྩི་བྱིན་གྱིས་བརླབ་པ་ལའང་ཆོས་གསུམ་སྟེ། བདུད་རྩི་བརླབ་པ་ནི། མ་སཱུ་མ་དྷ་ལ་ཧཱུྃ། མ་ལས་ཉི་མའི་དཀྱིལ་འཁོར། པཾ་པདྨ་མ་དྷ་ལ་ཨཱཿ པདྨའི་གདན་གྱི་སྟེང་། ཨ་ཙནྡྲ་མ་དྷ་ལ་ༀ། ཟླ་བའི་གདན། དེའི་སྟེང་དུ། བྷནྡྷ་ཛྙཱ་ན་ཙཀྲ་མ་དྷ་ལ་བྷྲཱུྂ། ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྱང་སེམས་ཀྱི་སྟེང་དུ་ཧཱུྃ་མཐིང་ཁ། ཤར་དུ་དྲི་ཆེན་གྱི་སྟེང་དུ་ༀ་དཀར་པོ། ལྷོར་ཤ་ཆེན་གྱི་སྟེང་དུ་སྭཱ་སེར་པོ། ནུབ་ཏུ་པདྨ་རཀྟའི་སྟེང་དུ་ཨཱཿདམར་པོ། བྱང་དུ་དྲི་ཆུའི་སྟེང་དུ་ཧཱ་ལྗང་གུའོ། །ཡ་མ་མེ་ཏ་ཀྵ་ཞེས་བརྗོད་པས་ཡིག་འབྲུ་རྣམས་རྒྱལ་བ་རིགས་ལྔ་ཡབ་ཡུམ་དུ་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་རིགས་ལྔ་སྤྱན་དྲངས་ནས། མདུན་གྱི་ནམ་མཁའ་ལ་སྦྱོར་བ་མཛད་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ཕབ་ནས། ཐོད་པའི་ནང་གི་རིགས་ལྔ་ཡབ་ཡུམ་ལ་ཐིམ་པས། དེ་རྣམས་ཞུ་ནས་བདུད་རྩི་ལྔ་ལ་ཐིམ་པས་ཐམས་ཅད་ཞུ་སྟེ་བདུད་རྩི་དཀར་པོ་དྲི་མ་མེད་པའི་རྒྱ་མཚོ་ཆེན་པོར་གྱུར། ལག་པ་གཡོན་པའི་མཐེབ་སྲིན་ཉི་ཟླའི་གྭའུའི་བར་དུ་ཧྲཱིཿདམར་པོ་བསམ་ལ། འབྲུ་ལྔ་བརྒྱ་རྩ་བརྒྱད་བརྗོད་པས། ཧྲཱིཿལས་འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱང་ཆུབ་སེམས་ཀྱི་བདུད་རྩི་བཀུག་ནས་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། བསང་བ་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །དུག་ལྔ་སེལ་བའི་བདུད་རྩི་འདི། །འཁྲུངས་པ་རྒྱ་མཚོའི་གཏིང་ནས་འཁྲུངས། །གཟིགས་པ་ལྷ་ཡི་སྤྱན་གྱིས་གཟིགས། །བརྐོས་པ་རྡོ་རྗེའི་གཟོང་གིས་བརྐོས། །སྦྱར་བ་ལྷ་མོ་བརྒྱད་ཀྱིས་སྦྱར། །སྐམས་པ་དུར་ཁྲོད་གནས་སུ་སྐམས། །བསྒྲུབས་པ་དཔའ་བོ་དཔའ་མོས་བསྒྲུབས། །བདུད་རྩིའི་རྒྱུ་ནི་བྱང་ཆུབ་སེམས། །བདུད་རྩིའི་རྐྱེན་ནི་ཡབ་དང་ཡུམ། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་ལས་ནི་རྣམ་རྟོག་འཇོམས། །བདུད་རྩིའི་འབྲས་བུ་མངོན་སངས་རྒྱས། །ལྷ་ལ་ཕོག་པས་ཐུགས་དམ་སྐོང་། །མཆེད་ལ་ཕོག་པས་དངོས་གྲུབ་འབྱུང་། །བདུད་རྩི་ལན་གསུམ་གཏོར་ལ། དྷརྨ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། བི་ཤུདྡྷ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཅེས་པས། དུས་གསུམ་རྒྱལ་བའི་ཐུགས་དམ་གྱི་རྒྱུད་བསྐུལ། རྣལ་འབྱོར་པའི་ཉམས་ཆག་གི་དྲི་མ་ཐམས་ཅད་དག་པར་བསམ་མོ། །བསྐྲད་པ་ནི། གཞན་ཡང་དཔལ་ཆེན་ཧ་ལའི་དུག །མི་མཐུན་པ་དང་སྡང་སེམས་ཅན། །དངོས་གྲུབ་འཕྲོག་ཅིང་འཚེ་བ་ཡི། །བདུད་དང་བར་དུ་གཅོད་པ་རྣམས། །དྲི་ཚོར་བས་ནི་བརྒྱལ་བར་འགྱུར། །གཟུགས་མཐོང་བས་ནི་ཁྲག་ཏུ་སྐྱུག །རོ་རེག་པས་ནི་བརླག་པར་འགྱུར། །ནམ་མཁའ་རྡོ་རྗེའི་དཀྱིལ་ཡངས་སུ། །འཁོར་ལོ་རྡོ་རྗེ་གཏོར་བྱས་པས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། །བདུད་རྩི་ལག་པ་གཡས་པའི་མཛུབ་མོས་གཏོར་ལ། བཛྲ་ཡཀྵ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྗོད་པས། ཁྲོ་བོ་དཔག་ཏུ་མེད་པ་འཕྲོས་ནས། དགྲ་བགེགས་རྣམས་ཚར་བཅད་ཐལ་བའི་རྡུལ་དུ་བརླག་པར་བསམ་ལ། བགེགས་དང་བར་དུ་གཅོད་པ་ཐམས་ཅད་རྩད་ནས་བརླག་པར་གྱུར་ཅིག །གཉིས་པ་གཏོར་མ་བརླབ་པ་ནི། བྷནྡྷ་ཛྙཱ་ན་ཙཀྲ་དྷརྨ་དྷཱ་ཏུ། གཏོར་གཞོང་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། ༀ་ཨཱཿཧཱུྃ། ཞེས་བརྗོད་པས་གཏོར་མ་ཉིད་འདོད་པའི་ཡོན་ཏན་དྲུག་གི་སྤྲིན་ཆེན་པོར་གྱུར། ༀ་བ་ལིདྟ་ཏེ་ཛོ་བ་ལིདྟ་བ་ལ་བ་ཏེ་ས་མ་ཡེ་སྭཱ་ཧཱ། གཟུགས་ཀྱི་ལྷ་མོ་དཀར་མོ་ཕྱག་ན་མེ་ལོང་བསྣམས་པ། སྔགས་ལན་རེ་བརྗོད་པ་ཕྱིན་ཆད་འགྲེས། སྒྲའི་ལྷ་མོ་སྔོན་མོ་ཕྱག་ན་པི་ཝཾ་བསྣམས་པ། དྲིའི་ལྷ་མོ་སེར་མོ་ཕྱག་ན་སྤོས་ཁང་བསྣམས་པ། རོའི་ལྷ་མོ་དམར་མོ་ཕྱག་ན་མཁར་གཞོང་གཡོས་ཀྱིས་གང་བ་བསྣམས་པ། རེག་བྱའི་ལྷ་མོ་ལྗང་གུ་ཕྱག་ན་ལྷའི་ན་བཟའ་པཉྩ་ལི་ཀ་བསྣམས་པ། ཆོས་ཀྱི་ལྷ་མོ་ཤེལ་མདོག་ཆོས་འབྱུང་གྲུ་གསུམ་བསྣམས་པ། སྔགས་ལན་གཅིག །ལྷ་མོ་རེ་རེས་ཀྱང་ནམ་མཁའི་ཁམས་ཁེངས་པར་གྱུར། གསུམ་པ་རཀྟ་བརླབ་པ་ནི། ༀ་ཨཱཿཧཱུྃ་ཧྲཱིཿཋཱ། ཞེས་རྡོ་རྗེ་རྩེ་གསུམ་ཕྱག་རྒྱ་བཅས་ལ། རཾ་ལས་མེ་འབར་རྫས་ཀྱི་དངོས་པོ་བསྲེགས་ཤིང་སྦྱངས། ཨ་ལས་ཐོད་པའི་སྣོད་སྟོང་གསུམ་དང་མཉམ་པའི་ནང་དུར་ལས་རཀྟའི་ལྷ་མོ་བེ་ཏྭ་ལི་དམར་མོ་གྲི་ཐོད་བསྣམས་པ། དེའི་བྷ་ག་ནས་རཀྟའི་རྒྱུན་བབས་པས་ཁམས་གསུམ་གྱི་འདོད་ཆགས་གནས་སུ་དག་ཕྱིར་རཀྟའི་རྒྱ་མཚོ་ཞིང་ཆེན་གྱི་སྣས་འཕྱོ་བར་གྱུར། མ་ཧཱ་རཀྟ་ཛྭ་ལ་ས་མུན་དྷ་ཧཱུྃ་ཧྲཱིཿཋཱ། ཅེས་ལན་གསུམ། བཞི་པ་ཕྱི་མཆོད་བརླབ་པ་ནི། ཨ་དྷཱུ་པུ་དཱི་གན་ནཻ་རྣམས་ལས་བྱུང་བའི་མཆོད་ཡོན་ལྷའི་ཆུ་གཙང་ཡན་ལག་བརྒྱད་དང་ལྡན་པ། སྤོས་མེ་མ་སེར་མོ། མེ་ཏོག་མ་སྔོན་མོ། མར་མེ་མ་དམར་མོ། དྲི་ཆབ་མ་ལྗང་གུ། ལྷ་བཤོས་མ་དཀར་མོ་སྟེ་ལྷ་མོ་ཐམས་ཅད་རང་རང་གི་མཆོད་རྫས་འཛིན་པ་གཅིག་ལ་དུ་མ་འཕྲོ་བར་གྱུར། ཨ་སྥ་ར་ཎ་ཕཊ། དྷཱུ་སྥ་ར་ཎ་ཕཊ། པུ་སྥ་ར་ཎ་ཕཊ། དཱི་སྥ་ར་ཎ་ཕཊ། གན་སྥ་ར་ཎ་ཕཊ། ནཻ་སྥ་ར་ཎ་ཕཊ། གཉིས་པ་དངོས་གཞི་ལ་གསུམ། རྒྱུ་ཏིང་ངེ་འཛིན་གསུམ་བསྒོམ་པ། འབྲས་བུ་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པས་རྫོགས་པར་བྱའོ། །དང་པོ་ལ་གསུམ་སྟེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཕྱི་ནང་གི་ཆོས་ཐམས་ཅད་དོན་དམ་པ་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་སྟོང་པ་ཉིད་དོ། །ཀུན་སྣང་ནི། སྟོང་ཉིད་དུ་རྟོགས་པའི་རིག་པ་རང་གསལ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པས་གནས་ལུགས་མ་རྟོགས་པའི་འགྲོ་བ་ལ་ཚད་མེད་པའི་སྙིང་རྗེའི་ཤུགས་རང་བཞིན་གྱིས་འབྱུང་བའོ། །རྒྱུའི་ཏིང་ངེ་འཛིན་ནི། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རིག་པ་ཐུགས་ཀྱི་རྟགས་ཡི་གེ་ཧཱུྃ་མཐིང་ནག་འོད་དུ་འབར་བར་གྱུར། དེ་དག་གསལ་གདབ་པ་ནི། ཧཱུྃ། མི་རྟོག་སྟོང་ཉིད་སྤྲོས་དང་བྲལ། །རང་སྣང་རིག་པ་མཁའ་ལྟར་ཡངས། །དབྱེར་མེད་ཐུགས་ཀྱི་རང་རྟགས་ཧཱུྃ། །བརྟན་པར་གནས་པ་ཀུན་གྱི་གཞི། །དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པའི་ཞིང་ཁམས་ཐམས་ཅད་ཁྱབ། བདེ་གཤེགས་རིག་འཛིན་ཐམས་ཅད་ཀྱི་སྲས་དང་སྤུན་དུ་དགོངས་ནས་བྱིན་གྱིས་བརླབས། དེ་དག་གི་བྱིན་རླབས་དང་ཡོན་ཏན་ཐམས་ཅད་ཚུར་བསྡུས་ནས་ཧཱུྃ་ལ་ཐིམ་པར་གྱུར། གཉིས་པ་ལ་གསུམ། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་བསྐྱེད་པ། དབང་བསྐུར་ཞིང་བྱིན་གྱིས་བརླབ་པའོ། །དང་པོ་ནི། རྒྱུའི་ཧཱུྃ་ཡིག་ལས་འོག་ཏུ་ཨེ་མཐིང་ནག །དེའི་སྟེང་དུ་ཡཾ་དུད་ཁ། ར་དམར་པོ། ཀིཾ་སྔོ་སྐྱ། རཾ་དམར་ནག །བྷྲཱུྂ་སྣ་ཚོགས་ཀྱི་མདོག་ཅན་རྣམས་རིམ་བརྩེགས་སུ་ཆད། ཨེ་ཡཾ་ར་ཀིཾ་རཾ་བྷྲཱུྂ། སྥ་ར་ཎ་ཕཊ། དེ་རྣམས་ལས་འོད་ཟེར་འཕྲོས། སེམས་ཅན་རྣམས་ཀྱི་འབྱུང་བ་རང་ག་མར་འཛིན་པའི་རྟོག་པ་སྦྱངས། རིགས་ལྔའི་རྒྱལ་བ་ལ་མཆོད་པ་ཕུལ། ཡུལ་ལྔའི་མཁའི་ཡོན་ཏན་ཐམས་ཅད་བསྡུས། སཾ་ཧ་ར་ཎ་ཧཱུྃ། ཚུར་འདུས་ཏེ་ཡིག་འབྲུ་རྣམས་ལ་ཐིམ་པས་འོད་དུ་ཞུ། ཨེ་དྷ་ཏུ། ཡཾ་ས་མུན་ཛཿ ར་རཀྟ་ཛྭ་ལ་མཎྜ་ལ། ཀིཾ་ནི་རི་ཏི་ཛྭ་ལ། རཾ་ཛྭ་ལ་མཎྜ་ལ། ཨེ་ལས་ནམ་མཁའ་གྲུ་གསུམ་འབྱམས་ཀླས་པ་རྩེ་མོ་ལྷོ་རུ་འབྱམས་པ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་རྒྱ་གྲམ་གཞུའི་དབྱིབས་ཅན་བ་དན་ཡཾ་གིས་མཚན་པ། དེའི་སྟེང་དུར་ལས་རཀྟའི་རྒྱ་མཚོ་ཞིང་གི་སྣས་འཕྱོ་ཞིང་སྟོང་ཁམས་ཁྱབ་པ། དེའི་སྟེང་དུ་ཀིཾ་ལས་ཀིཾ་རུས་ཀྱི་རི་རབ་ཕྱེད་ཁྲག་མཚོ་ལ་ནུབ་ཅིང་ཕྱེད་བང་རིམ་བཞི་ལྡན་གྱེན་དུ་འཕགས་པ་ལ་གནམ་ལྕགས་ཀྱི་གཟེར་བཏབ་པ། དེའི་སྟེང་དུ་རཾ་ལས་མེ་རི་ཕྱོགས་མདོག་གནག་པའི་མདངས་ཅན་འཁྱིལ་ཞིང་འཐོར་བ་སྟེ། དེ་རྣམས་ཡུམ་ལྔའི་མཁའི་རང་བཞིན་ཉིད་དོ། །བྷྲཱུྂ་ཛྙཱ་ན་ཙཀྲ་ཏིཥྛ་མཎྜ་ལ། བྷྲཱུྂ་བི་ཤྭ་བི་ཤུདྡྷེ། རི་རབ་ཀྱི་སྟེང་དུ་བྷྲཱུྂ་ཞུ་བ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། གཞལ་ཡས་ཁང་གི་དབུས་གྲུ་གསུམ་ལ་མུ་ཁྱུད་ཀྱིས་བསྐོར་བའི་ཟླ་གམ་གསུམ་དང་ལྡན་པ། དེའི་ཕྱི་རུ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ཀྱིས་བསྐོར་བ། དེ་ལ་གྲུ་ཆད་བཞི་བར་ཁྱམས་དང་བཅས་པ། ཕྱི་ཐོད་པ་གནམ་ལྕགས་ཀྱི་གཟེར་བཏབ་པ་ལ། ནང་རིན་པོ་ཆེའི་རྩིག་པར་སྣང་བ། ཞིང་གི་ཀ་བ། ཆུ་སྲིན་གྱི་ཀ་གཞུ། རུས་སྦལ་གྱི་ཀ་གདན། སྦྲུལ་ནག་གི་ཀ་ལོ་དང་ལྡན་པ། ཚངས་པའི་གདུང་། ཞིང་ཆེན་གྱི་ཕྱམ། ཞིང་ཆུང་གི་དྲལ་མ། ཞིང་ལྤགས་ཀྱི་ཐོག་ཕུབ་ཅིང་ཤ་ཁྲག་གི་ཞལ་ཞལ་བྱས་པ། ཞིང་ལྤགས་ཀྱི་གདུགས་འཁོར་ལོ་རྩིབས་བརྒྱད་པ་ལ་སྦྱར་བས་སྟེང་ནས་ཕུབ་པ། རྟ་བབས་རྣམས་ལ་ཞིང་གཟུགས་དུམ་བུའི་རྒྱན་དང་། སྟེང་དུ་ཆོས་ཀྱི་འཁོར་ལོ། གཡས་གཡོན་དུ་ཆུ་སྲིན་གྱི་ཁ་ཕྱིར་བལྟས་ཏེ་ཀླུ་ཕྲུག་བཟུང་བ། ཟུར་རྣམས་ལ་ཞིང་ལྤགས་ཀྱི་གདུགས། ཞིང་ཕྲན་གྱི་འཕན། སྤྲེའུ་དང་མི་རྒོད་ཀྱི་རྒྱལ་མཚན་ལ་ཙིཏྟ་རིན་པོ་ཆེའི་ཏོག་བཙུགས་པ། འབྱུང་བ་བཞི་དང་ཞིང་གི་རྐང་འཇིལ་གྱི་འོབ་རིམ་པ་བདུན་གྱིས་བསྐོར་བ། གཏུམ་མོ་བེ་ཏཱ་ལི་ཉིད་ཀྱི་མཁའི་རང་བཞིན་ཅན་གྱི་ཕོ་བྲང་གི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་དང་། རྡོ་རྗེའི་ར་བས་བསྐོར་བའོ། །པདྨ་སཱུ་ཙནྡྲ་མཎྜ་ལ། ཡ་མ་ཡེ་ཏི་ར་བཾ། རུ་དྲ་ཏི་ར་བཾ། མ་ཧཱ་མ་ཧེ་མཎྜ་ལ། དབུས་སུ་ཆགས་མེད་པདྨ། ཐབས་ཤེས་ཉི་ཟླ། ཟིལ་གནོན་གཤིན་རྗེ་ཕོ་མོ། རང་རྟགས་སྲིན་པོ་ཕོ་མོ། ང་རྒྱལ་ཟིལ་གནོན་མ་ཧེ་གླང་རྒོད་ཀྱི་གདན་རྣམས་རིམ་པར་བརྩེགས་པའོ། །མཁའ་ལྔ་དབྱིངས་བསྡུས་ཉིད་ཀྱི་མཁའ། །འབྱུང་ལྔ་རྣམ་དག་རང་ལ་གནས། །གོས་མེད་ཐབས་དང་ཤེས་རབ་ལས། །གདུལ་བྱ་ཟིལ་གནོན་ལས་ལ་བསྐུལ། །རྣམ་རྟོག་དབང་བསྡུས་རིག་པ་གསལ། །སྐབས་ཀྱིས་ཕྱོགས་ཀྱི་ང་རྒྱལ་ཞི། །བདེ་གཤེགས་ཀུན་གྱི་ཕོ་བྲང་རྫོགས། །ཞེས་གསལ་གདབ། གཉིས་པ་ལ་གསུམ། རྩ་བའི་ལྷ། མགྲོན་གྱི་ལྷ། ལས་ཀྱི་ལྷ་བསྐྱེད་པའོ། །དང་པོ་ནི། སྐུ་གསུང་ཐུགས་དགུ་ཕྲུག་ཚང་བར་བསྒོམ་སྟེ། རྒྱུའི་ཧཱུྃ་ཉིད་མཁའ་ལས་སྐར་ཆེན་ལྷགས་པ་ལྟར་གདན་གྱི་སྟེང་དུ་འོད་ལམ་གྱིས་བབས། ཧཱུྃ་སྥ་ར་ཎ་ཕཊ། དེ་ལས་འོད་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་གྱི་ངག་གི་སྒྲིབ་པ་སྦྱངས། གསུང་གི་བྱིན་རླབས་ཐམས་ཅད་བསྡུས། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་ཧཱུྃ་ལ་ཐིམ་པས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་འབར་བར་གྱུར། བཛྲ་སྥ་ར་ཎ་ཕཊ། དེ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། སེམས་ཅན་གྱི་ཡིད་ཀྱི་སྒྲིབ་པ་སྦྱངས། ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་རྡོ་རྗེ་ལ་ཐིམ་པས་འཇམ་དཔལ་གྱི་སྐུ་ཚོན་གང་བར་གྱུར། ཀཱ་ཡ་སྥ་ར་ཎ་ཕཊ། དེ་ལས་འོད་འཕྲོས། འཕགས་པ་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་གྱི་ལུས་ཀྱི་སྒྲིབ་པ་སྦྱངས། སྐུའི་བྱིན་རླབས་ཐམས་ཅད་བསྡུས། སཾ་ཧ་ར་ཎ་ཧཱུྃ། སླར་བསྡུས། འཇམ་དཔལ་ལ་ཐིམ་པས་འོད་དུ་ཞུ། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། འཇམ་དཔལ་ཁྲོས་པའི་སྐུ་གཞོན་ནུ་གདོང་དྲུག་པ། ཕྱག་དྲུག་པ། ཞབས་དྲུག་པ། ཆོས་ཉིད་མི་འགྱུར་བའི་སྐུ་མདོག་དུག་ཆེན་ཧ་ལ་འཁྱིལ་བ་ལྟར་མཐིང་ནག་འབར་བ། ཞལ་དྲུག་གིས་རྒྱུད་དྲུག་གི་བག་ཆགས་གསོལ་བ། སྤྱན་འབར་བ་བཅོ་བརྒྱད་ཀྱིས་སྟོང་ཉིད་བཅོ་བརྒྱད་གཟིགས་པ། ཕ་རོལ་ཏུ་ཕྱིན་པའི་ཕྱག་དྲུག་གིས་གཡས་ཀྱི་དང་པོས་གསེར་གྱི་འཁོར་ལོ་བསྐོར་བས་བར་ཆད་ཐམས་ཅད་གཅོད་པ། བར་པས་ཞིང་དབྱུག་འཛིན་པས་རྣམ་རྟོག་རང་སར་གྲོལ་བ། ཐ་མས་ཁྱུང་ཆེན་སྔོན་པོ་བསྣམས་པས་ཀླུ་གདུག་པ་ཟིལ་གྱིས་གནོན་པ། ཕྱག་གཡོན་དང་པོས་ཁ་ཾ་རྩེ་གསུམ་ཕྱར་བས་དུག་གསུམ་རྩད་ནས་གཅོད་ཅིང་སྐུ་གསུམ་རང་ཤར་དུ་རྫོགས་པ། བར་པས་རྡོ་རྗེ་རྩེ་ལྔ་སྣམས་པས་རྣམ་རྟོག་ཐམས་ཅད་འཇོམས་ཤིང་ཡེ་ཤེས་རང་གསལ་བ། ཐ་མས་ལྕགས་ཀྱུ་འུག་པའ་མཐུ་ཅན་བསྣམས་པས་ཉོན་མོངས་གནས་ནས་འདྲེན་ཅིང་དམིགས་བྱ་འགུགས་པར་བྱེད་པ། གླང་ཆེན་གྱི་ཀོ་རློན། ཞིང་ཆེན་གྱི་གཡང་གཞི། སྦྲུལ་གྱི་ཆུན་འཁོར། སྟག་ལྤགས་ཀྱི་ཤམ་ཐབས། ཐོད་པ་ཚར་གསུམ་གྱི་ཕྲེང་བ། རཀྟའི་ཐེག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། རྒྱུད་དྲུག་ཟིལ་གྱིས་མནན་པའི་ཞབས་དྲུག་སྟངས་སྟབས་ཀྱིས་མ་ཧེ་མནན་ཅིང་། ཐུབ་དྲུག་སྤྲུལ་པར་འབྱེད་པ། སྲིད་པ་གསུམ་ལྟོ་བ་ན་འཕྱོ་ཞིང་འཁོར་འདས་ཐམས་ཅད་སྐུའི་ཁྱོན་དུ་རྫོགས་པའོ། །དེ་ནི་ཕྱི་གཤིན་རྗེ་གཤེད་པོའི་སྐུའི་ལྷའོ། །དེའ་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་རྡོ་རྗེ་སྡིགས་འཛུབ་མཛད་པས་གོ་མཚམས་མེད་པར་གཏམས་པ། ཕྱིའི་ཐུགས་སོ། །ༀ་ཨཱཿཧཱུྃ་བེ་ཏཱ་ལི་ཧེ་རཀྵ་ནན་ཧཱུྃ། དེའི་གཡོན་ཕྱོགས་སུ་ཏི་ལས་དྲེལ་རྟའི་སྟེང་དུ་ཧཱུྃ་ལས་ཡུམ་དཔལ་ལྡན་ལྷ་མོ་རེ་མ་ཏཱི་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་མཐིང་ནག །ཕྱག་གཡས་དང་པོས་ཉོན་མོངས་པ་རྩད་ནས་གཅོད་པའི་རལ་གྲི། འོག་མས་གདུག་ཅན་སྒྲོལ་བའི་ཐོད་རློན། གཡོན་དང་པོས་དུག་གསུམ་དབྱིངས་གསུམ་དུ་བཅད་པའི་ཁ་ཾ་རྩེ་གསུམ། འོག་མས་ཁམས་གསུམ་གྱི་འདོད་ཆགས་ཟད་པར་སྒྲོལ་ཞིང་ཐུགས་དམ་གྱི་རྒྱུད་བསྐུལ་བའི་བྷནྡྷ་དམར་གྱིས་བཀང་བ་ཡབ་ལ་སྟོབ་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། དབུ་གཙུག་ཏུ་ཟླ་བ་དང་ལྟེ་བར་ཉི་མ་འཆར་ཞིང་སྙན་ནས་སེང་གེ་འཕྱོ་བ། ཞབས་གཉིས་བཙན་སྐྱིལ་གྱིས་དྲེའུའི་སྟེང་ན་བཞུགས་པའོ། །ཕྱིའི་གསུང་གི་ལྷ་སྟེ་བདེ་ཆེན་བརྡ་སྤྲོད་པའི་རྐྱེན་མཛད་པའོ། །ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་པ་ཚོན་གང་བར་དང་འདྲ་བ་རེ་རེ། ནང་སྐུའི་གཤེད་པོའོ། །དེའི་ཐུགས་དཀར་ཕྱག་མཚན་རྡོ་རྗེ་རེ་རེ་འགྲེང་སྟབས་སུ་གནས་པ། ནང་ཐུགས་ཀྱི་གཤེད་པོའོ། །དེ་དག་གི་ལྟེ་བའི་དབུས་སུ་ཉི་དཀྱིལ་སྲན་ཆུང་ཙམ་གྱི་སྟེང་ན་ཧཱུྃ་ཡིག་མཐིང་ནག་ཏིལ་འབྲུ་ཙམ་གྱི་མཐའ་བསྐོར་དུ་བཟླས་པའི་སྔགས་ཀྱིས་བསྐོར་བའོ། །ནང་གསུང་གི་གཤེད་པོའོ། །གསང་བ་ཡབ་ཀྱི་རྡོ་རྗེ་སྐུའི་གཤེད་པོ་རྒྱུ། ཡུམ་གྱི་བྷ་ག་གསུང་གི་གཤེད་པོ་རྐྱེན། གཉིས་མེད་ཀྱི་རིག་པ་བདེ་སྟོང་ཐུགས་ཀྱི་ལྷར་རྫོགས་པའང་དྲན་ཙམ་གྱིས་གསལ་འདེབས་གཉིས་པ་ནི། གཡས་སུ་ཧཱུྃ་ལས་སྒྲོལ་བའི་ཡུམ་མཐིང་ནག་འཇིགས་པའི་ཆ་བྱད་ཅན། རལ་པ་གཅིག་སྤྱི་གཙུག་ཏུ་བཅིངས་ཤིང་གཡས་ནས་གཡོན་དུ་འཁྱིལ་བ། ཕྱག་གཡས་ཁྲམ་བམ་དང་གཡོན་ཤྭ་རྡེའུ་འགྲིམ་པ། ཞལ་ནས་མེ་འབར་ཞིང་སྤྱན་ནས་ཁྲག་འཛག་པ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་དྲེལ་རྟ་རྐང་གསུམ་ལ་བཅིབས་པའོ། །བདུན་དུ་སྲས་མཆོག་ཡ་མ་རཱ་ཛ་ནག་པོ། ཞལ་གསུམ་དུག་ཆེན་ཧ་ལའི་མདོག་ཅན། ཕྱག་བཞིའི་གཡས་གཉིས་ཀྱིས་བེ་ཅོན་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་སྦྲུལ་ཞག་དང་བཅས་པའི་སྡིགས་མཛུབ་མཛད་པ། མ་ཧེ་ལ་གནས་པའོ། །ཤར་དུ་ཡ་མ་རཱ་ཛ་མཐིང་ནག་དྲེད་མོ་ལ་ཞོན་པ། ལྷོར་མྱོས་བྱེད་འབར་བ་སེར་ནག་དོམ་ལ་ཞོན་པ། ནུབ་ཏུ་ཨཱ་མ་རུ་དམར་ནག་དྲེལ་རྟ་ལ་ཞོན་པ། བྱང་དུ་རལ་པ་ཚར་དགུ་ལྗང་ནག་རྔ་མོང་ལ་ཞོན་པ། ཕྱག་གཡས་པ་རྣམས་བེ་ཅོན། གཡོན་རྣམས་ཀྱིས་འཁོར་ལོ་ཐོགས་པ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པའོ། །འདི་རྣམས་མགྲོན་ཐབས་ཀྱི་ལྷ་ཡིན་པས་གཙོ་བོའི་འཁོར་དུ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བསྐྱེད་པར་གསུངས་སོ། །རྩིབས་བརྒྱན་དང་སྟེང་འོག་གཉིས་སུ་ཕྱོགས་སྐྱོང་བཅུ་བསྒྱེལ་བའི་གདན་ལ། སྟེང་ཕྱོགས་སུ་མ་ཧེ་ལ་གནས་པའི་བདུད་འཇོམས་ནག་པོ། ཕྱག་གཡས་དགྲ་སྟྭ། ཡུམ་སྲིན་མོ་ཁ་འབར་མ་དང་འཁྲིལ་བ། ཤར་རྩིབས་སུ་ཤ་བའི་གདན་ལ་ཀོང་ཙེ་བྲག་འཇོམས་མཐིང་ནག་གཡས་བྲག་ནག །ཡུམ་མི་བཟད་རལ་གཅིག་མ་དང་འཁྲིལ་བ། ཤར་ལྷོར་ཆུ་གླང་གི་གདན་ལ་ཨ་ཝ་གླང་མགོ་སྨུག་ནག །གཡས་ཁ་ཾ་ག །ཡུམ་དྲང་སྲོང་དཀར་སྐྱ་མཆེ་བ་ཅན་དང་འཁྲིལ་བ། ལྷོ་རྩིབས་སུ་སྨྱོ་བྱེད་ཀྱི་གདན་ལ་ཡ་བ་ཏི་མཐིང་ནག །གཡས་ལྕགས་ཀྱུ། ཡུམ་ཁ་འབར་མ་དང་འཁྲིལ་བ། ལྷོ་ནུབ་ཏུ་ལུག་གི་གདན་ལ་ཕྱྭ་སངས་དམར་ནག །གཡས་རལ་གྲི། ཡུམ་ཁྲག་གི་རལ་བ་ཅན་དང་འཁྲིལ་བ། ནུབ་རྩིབས་སུ་པིར་གྱི་གདན་ལ་རྨིགས་པ་དུད་ཁ། གཡས་མི་མགོའི་ཕྲེང་བ། ཀླུ་མོ་པུས་འགྲོ་མ་དང་འཁྲིལ་བ། ནུབ་བྱང་རྟའི་གདན་ལ་དེལ་པ་སྔོ་ནག །གཡས་སྤུ་གྲི། རླུང་ལྷ་སྤྱན་གསུམ་མཆེ་བ་ཅན་དང་འཁྲིལ་བ། བྱང་རྩིབས་སུ་རྔ་མོང་གི་གདན་ལ་ལྷ་མཆོག་དུད་ཁ་སྨུག་ནག །གཡས་ཐོ་བ། ནག་མོ་མི་བཟད་མཆེ་བ་ཅན་དང་འཁྲིལ་བ། བྱང་ཤར་དུ་གླང་གི་གདན་ལ་ཆོས་ཀྱི་རྒྱལ་པོ་ལྗང་སེར། གཡས་བདུད་ཀྱི་ཁྲམ་བམ། ནམ་མཁའི་ཁམས་ཀྱི་དཔལ་མོ་བཙན་དང་འཁྲིལ་བ། འོག་ཕྱོགས་སུ་ས་བདག་གི་གདན་ལ་མིག་དམར་དམར་པོ། གཡས་ཤྭ་རྡེལ་འགྲིམ་པ། སྲིན་མོ་མགོ་འཕྱང་མ་དང་འཁྲིལ་བ། ཡབ་རྣམས་ཀྱི་ཕྱག་གཡོན་པས་འཁོར་ལོ་བསྣམས་པ། ཡུམ་རྣམས་ཀྱི་ཕྱག་གཡས་ཡབ་ལ་འཁྱུད་ཅིང་ཡོན་དུང་ཁྲག་ཡབ་ལ་སྟོབ་པ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པའོ། །ཟླ་གམ་གསུམ་ལ་དུར་ཁྲོད་མ་གསུམ་ནི། ལྷོ་ནུབ་ཏུ་རོ་ཁ་མ་སྔོ་ནག །ཕྱག་གཡས་རྡོ་རྗེ། ཁྲོ་འཛུམ་གྱིས་སྤྱན་གསུམ་གཙོ་བོ་ལ་བལྟ་བ། བྱང་དུ་ནམ་གྲུ་མ་སྨུག་ནག །ཕྱག་གཡས་དབྱུག་ཏོ། ཤར་ལྷོར་ཙ་མུན་ཏྲི་མཐིང་ནག་རལ་པ་ཁམ་ནག་བར་སྣང་ཁེབས་པ། ཕྱག་གཡས་ཁྲམ་བམ་བསྣམས་ཤིག་གཡོན་ཐམས་ཅན་ཐུན་ཁྲག་ཐོགས་པ། རྒྱན་ཆ་ལུགས་གཙོ་མོ་དང་མཚུངས་ཤིང་དྲེལ་རྟ་ལ་གནས་པའོ། །སྒོ་བཞིར་ས་བདག་བསྭེའི་ལྷ་མོ་བཞི་ནི། ཤར་སྒོར་བདུད་ཀྱི་གདན་ལ་ཡ་བྱིན་མཐིང་ནག་ལྕགས་ཀྱུ་ཐོགས་པ། ལྷོོ་སྒོར་གཟའི་གདན་ལ་དེ་བྱིན་སེར་ནག་ཞགས་པ་ཐོགས་པ། ནུབ་སྒོར་བཙན་གྱི་གདན་ལ་བསྭེ་བྱིན་དམར་ནག་ལྕགས་སྒྲོགས་ཐོགས་པ། བྱང་སྒོར་གླུའི་གདན་ལ་ཕག་བྱིན་ལྗང་ནག་དྲིལ་བུ་ཐོགས་པ་རྣམས་འཁོར་པའོ། །གསུམ་པ་ནི། ལས་སྦྱོར་གྱི་སྐབས་རྒྱས་པར་བསྐྱེད་པ་ལས་འདིར་མོས་སྒོམ་ཙམ་གྱི་འཐུས་པས། ཕྱི་རོལ་དུ་དུར་ཁྲོད་ཀྱི་ནང་དུ་མ་མོ་དང་དགྲ་བླའི་རྒྱལ་མོ་དང་། བདུད་དང་། སྲིན་པོ་དང་། དམུ་དང་། ཀླུ་བཙན་དང་། གཤིན་རྗེ་དང་། བགེགས་ཀྱི་རྒྱལ་པོ་རྣམས་རང་རང་གི་འཁོར་གཡོག་དུ་མ་དང་བཅས་ཏེ་འཁོད་པར་གྱུར། གསུམ་པ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པས་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཛྙཱ་ན་པཉྩ་ༀ་ཨཱཿཧཱུྃ། ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་ཀྱི་འོད་ཟེར་དབུའི་གནས་ལྔར་བབས་པས་རྟེན་ཐོད་པའི་ཁང་བུ་ལྔའི་ནང་དུ་རིགས་ལྔའི་སངས་རྒྱས་ཞི་བའི་ངང་ཚུལ་ཅན་ལྔ་དབང་རྟགས་སུ་བཞུགས་པས། དོན་ཚོགས་བརྒྱད་ཡེ་ཤེས་ལྔར་དབང་བསྐུར་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷ་ཛྙཱ་ན་པཉྩ་སྭ་བྷཱ་ཝ་ཨཱཏྨཀོ྅་ཧཾ། རང་གི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་རྣམས་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ཏེ་འབྲུ་གསུམ་ལ་ཐིམ་པས། སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ། མགྲིན་པར་མཐའ་ཡས་དམར་པོ་པདྨ། ཐུགས་ཀར་རྡོར་སེམས་མཐིང་ཁ་རྡོ་རྗེ་བསྣམས་པ་རྣམས་སུ་འོད་ལྷག་གིས་གསལ་བས་རྡོ་རྗེ་གསུམ་གྱི་བྱིན་རླབས་ཡོངས་སུ་རྫོགས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རྫོགས་པའི་གཤིན་རྗེ་གཤེད་པོར་ང་རྒྱལ་བསྐྱེད་ལ། ༀ་སརྦ་ཏ་ཐ་ག་ཧ་ཡ་མཱནྟ་ཀ་ཨ་ཧཾ། གསུམ་པ་ལས་ཀྱི་རིམ་པས་ཏིང་འཛིན་རྫོགས་པར་བྱེད་པ་ལ་གསུམ། སྤྱན་འདྲེན་པ། མཆོད་པ་འབུལ་བ། བསྙེན་བཟླས་བྱ་བའོ། །དང་པོ་ལ་གསུམ། སྙན་གསན་དབབ་པ། སྤྱན་འདྲེན་པ། བཞུགས་སུ་གསོལ་བའོ། །དང་པོ་ནི། འདི་མན་གྱི་ལས་རིམ་ཐམས་ཅད་ལ་གསལ་བྱེད་ཚིག །བརྗོད་པ་སྔགས། མཚོན་པ་ཕྱག་རྒྱ། དམིགས་པ་ཏིང་ངེ་འཛིན་སྒོ་བཞིས་རྫོགས་པར་བྱ་དགོས་པས། འདིར་དམིགས་པ་ཏིང་ངེ་འཛིན་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཆོད་ཀྱི་སྐུ་ལས་གཟུགས་སྐུ་འཇམ་དཔལ་ཁྲོས་པའི་ལྷ་ཚོགས་སུ་འོད་ལྷག་གིས་བཞེངས་པར་གྱུར། སྔགས་ཚིག་གིས་བསྐུལ་བ་ནི། འཕགས་པའི་རྒྱལ་པོ་གཤིན་རྗེ་གཤེད། །སྔོན་གྱི་ཐུགས་དམ་ཆེན་པོ་ཇི་བཞིན་དུ། །ཆོས་ཀྱི་སྐུ་མཆོག་ཞི་བའི་ངང་ཉིད་ལས། །བདུད་འདུལ་འཇིགས་པའི་གཟུགས་སྐུར་བསྟན་དུ་གསོལ། །ཐབས་དང་ཤེས་རབ་ཡེ་ཤེས་འཕྲོ་འདུ་ལས། །ཕྱོགས་བཅུ་བདུད་འདུལ་ཁྲོ་བོ་བཅུ་རྣམས་ཀྱང་། །སྔོན་གྱི་བཀའ་བཞིན་དམ་ཚིག་དབང་གིས་ནི། །གཉིས་མེད་ཀློང་ནས་གཟུགས་སྐུར་བཞེངས་སུ་གསོལ། །དཔལ་གྱི་བཀའ་ཉན་དུར་ཁྲོད་མ་མོ་དང་། །དམ་ཅན་བསྭེ་ཡི་ལྷ་མོ་མཆེད་བཞི་རྣམས། །སྔོན་གྱི་བཀའ་བཞིན་དམ་ཚིག་དབང་གིས་ནི། །འཇིགས་པའི་གཟུགས་སུ་སྟ་གོན་གནས་སུ་གསོལ། །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ། ༀ་ཨཱཿཧཱུྃ། བེ་ཏཱ་ལི། ཧེ་རཀྴ་མན། ཡ་མ་བཛྲ་ཀྲོ་དྷ་སརྦ་བཛྲ་ས་མཱ་ཛཿ ཕྱག་རྒྱ་སེ་གོལ་བསྣོལ་ལ་ནང་དུ་བརྡབ་བོ། །གཉིས་པ་ནི། ཡེ་ཤེས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་འོད་ལམ་མེར་བྱོན་ཏེ་དམ་ཚིག་པའི་དཀྱིལ་འཁོར་དང་མེ་རི་འདབས་འབྱོར་ཙམ་དུ་བཞུགས་པར་བསམ་ལ། ཧཱུྃ། དོན་དམ་སྤྲོས་མེད་ཕོ་བྲང་ནས། །རང་བྱུང་དབའ་བོ་མཆོག་གི་སྐུར་བྱུང་བ། །རྔམ་པའི་རྒྱལ་པོ་ཁྲག་འཐུང་གཤིན་རྗེ་གཤེད། །ཁམས་གསུམ་དབང་སྡུད་རྟགས་སུ་ཞལ་གདངས་པ། དབྱིངས་ལས་སྤྲུལ་པའི་ཡབ་ཡུམ་ལྷུན་གྱིས་གྲུབ། །ལས་ངན་འཁྲུལ་པའི་སེམས་ཅན་ཤིན་ཏུ་གདུལ་དཀའ་བ། །གདུག་པ་འདུལ་ཕྱིར་དེ་དག་གཤེགས་སུ་གསོལ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་ཀྱི་བྱིན་རླབས་ལས། །གདུག་པའི་གཤིན་རྗེ་ཕྱོགས་སྐྱོང་བཅུ་རྣམས་ཀྱང་། །གཙོ་བོའི་བཀའ་བཞིན་དམ་ཚིག་ཉེ་བར་གཤེགས། །རོ་ཁ་མ་དང་ནམ་གྲུ་ཙ་མུན་ཏྲི། །ཡ་བྱིན་ལ་སོགས་དམ་ཅན་བསྭེ་མོ་བཞི། །ཁྲོ་མཆོག་དཔའ་བོའི་གནས་འདིར་གཤེགས་སུ་གསོལ། །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་བེ་ཏཱ་ལི་ཧེ་རཀྴ་མན། ༀ་བཛྲ་སརྦ་ཡ་མན་ཀྲོ་དྷ། རོ་ཁ་མ་དུན་བྷྱོ། ནག་གྲུ་མ་དུན་བྷྱོ། ཙ་མུནྟྲི་དུན་བྷྱོ། ཛཿཧཱུྃ་བཾ་ཧོཿ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་ཨཱ་ཀཙྪ་ཡ་ༀ་ཨཱཿཧཱུྃ། བཛྲ་ཨངྐུ་ཤ་ཛཿ གསུམ་པ་ནི། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བསྒོམས་པའི་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་མེད་དུ་བཞུགས་པར་མོས་ལ། ཧཱུྃ། བདེ་གཤེགས་བཀའ་དང་བསྟན་པ་གནས་བྱའི་ཕྱིར། །གདུག་པའི་ཚོགས་རྣམས་འདུལ་བའི་དོན་ཆེད་དུ། །མ་ཧེ་ལ་སོགས་ཞིང་གི་གདན་སྟེངས་སུ། །དགྱེས་ཤིག་བརྟན་པར་བཞུགས་ཤིག་གཤིན་རྗེའི་ཚོགས། །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་བེ་ཏཱ་ལི་ཧེ་རཀྴ་མན། པདྨ་མུ་ཏི་ས་མ་ཡ་ལྷན། གཉིས་པ་མཆོད་པ་ལ་བརྒྱད། ཕྱག་འཚལ་བ། ཕྱིར་མཆོད། ཀུན་བཟང་། གར་མཆོད། བདུད་རྩི་གསང་ནན། གཏོར་མ་དང་རཀྟ་འབུལ་བ། འདོད་དོན་སྨོན་ལམ་དུ་གསོལ་བའོ། །དང་པོ་ནི། དམ་ཡེ་གཉིས་བྱང་ཆུབ་སེམས་མཉམ་པ་ཉིད་དབྱེར་མི་ཕྱེད་པར་མཇལ་བའི་ཚུལ་གྱིས། ཧཱུྃ། འཕགས་པའི་རྒྱལ་པོ་འཇམ་དཔལ་གཤིན་རྗེ་གཤེད། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཚད་མེད་བཞི་ཡི་ངང་ཉིད་རྣམ་པར་དག་པ་པས། །བདག་ཉིད་ཁྲོ་བོ་འབར་བའི་སྐུན་སྟོན་ཅིང་། །ཚངས་པ་བརྒྱ་བྱིན་ལྷ་ཆེན་དྲག་ཕོ་རྣམས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་སྒྲོལ་བར་མཛད། །ཞབས་དྲུག་མ་ཧེའི་སྟེང་ན་བརྐྱང་བསྐུམ་བཞུགས། །ཞགས་པས་འཆིང་ཞིང་གདུག་པ་རྡུལ་དུ་རློག །ཀླུ་རྒྱལ་བཞི་ཡི་སྙན་ཆ་མགུར་ཆུ་ཕྱག་ཞབས་དཀྲིས། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འབར། །སྤྱན་གསུམ་གཉིས་མེད་རྣམ་ཐར་དོན་ལ་གཟིགས། །མགོ་བཅད་ཕྲེང་བས་དབུ་བརྒྱན་ལྗགས་གློག་འགྱུ། །འཇིགས་བྱེད་དྲག་པོའི་ཞབས་ནི་རབ་ཏུ་བགྲད། །མི་ལྤགས་རློན་པས་སྐུ་ཡི་སྟོད་གཡོགས་ཤིང་། །སྟག་ལྤགས་རློན་པས་སྐུ་སྨད་རྒྱན་དུ་བྱས། །དེ་འདྲ་སྐུ་མཆོག་འབར་བའི་ཆ་ལུགས་ཅན། །ངོ་མཚར་རྨད་དུ་བྱུང་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་འོད་ཟེར་འཕྲོ་འདུ་ལས། །ཕྱོགས་བཅུ་གཤིན་རྗེ་ཕྱོགས་སྐྱོང་ཁྲོ་བོའི་སྐུ། །ཕྱོགས་བཅུའི་གདུག་པ་མ་ལུས་འདུལ་མཛད་དྲག་པོའི་ཕྲིན་ལས་ཅན། ཕྱོགས་སྐྱོང་གཤིན་རྗེ་བཅུ་ལ་ཕྱག་འཚལ་ལོ། །དབྱིངས་དང་བར་སྣང་ས་འོག་གནས་བཅས་ཤིང་། དཔལ་གྱི་བཀའ་ཉན་དམ་ཚིག་གཟུངས་ལྡན་མ། །རོ་ཁ་མ་དང་ནམ་གྲུ་ཙ་མུན་ཏྲི། །དུར་ཁྲོད་མ་མོ་གསུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཡ་བྱིན་ལ་སོགས་དམ་ཅན་བསྭེ་མོ་བཞི། ཕྱོགས་བཞིའི་གདུག་པ་མ་ལུས་འདུལ་མཛད་མ། །སྒོ་བཞིར་གནས་ནས་ཕྱོགས་ཀྱི་སྲུང་མ་མཛད། །དམ་ཅན་བསྭེ་མོ་བཞི་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པུ་ཧོཿ གཉིས་པ་ནི། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་ཀྱིས་གནས་སོ་སོར་མཆོད་ཅིང་གནས་དེ་དག་ཏུ་ཐིམ་པས་བདེ་བ་ཆེན་པོའི་རོས་དགྱེད་པར་དམིགས་ལ། ཧཱུྃ་ལྔའི་དབྱིངས་ལས་བཅུད་ཤར་མེ་ཏོག་དང་། །མ་བཅོས་རང་བྱུང་དམ་རྫས་སྤོས་མཆོག་དང་། །སྣོད་བཅུད་གཉིས་མེད་རང་བྱུང་མར་མེ་དང་། །ཉོན་མོངས་སྐྱོན་བྲལ་དབང་བྱེད་དྲི་ཆུ་དང་། །ལྷ་བཤོས་ཡིད་བཞིན་རིན་ཆེན་ལོངས་སྤྱོད་རྣམས། །འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་ཚོགས་ལ་འབུལ། །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུཾ་བེ་ཏཱ་ལི་ཧེ་རཀྴ་མན་པུཥྤ་བཛྲ་སྭཱ་ཧཱ། སྔགས་ཐོག་མཐའ་དེ་བཞིན་སྦྱར་ཏེ། །དྷཱུ་པ༴ དཱི་པ༴ གནྡྷེ༴ ནཻ་ཝི་དྱ༴ གསུམ་པ་ནི། ཧཱུྃ། མཁའ་དབྱིངས་དབུས་མཐའ་ཀུན་ཏུ་བཟང་བོའི་ཀློང་། །དབྱིངས་ལས་མཆོད་རྫས་མང་པོར་ཤར། །སྣང་སྲིད་མ་ལུས་སྐུ་གསུང་ཐུགས་ཀྱི་རྒྱན། །གཤིན་རྗེ་གཤེད་པོའི་ཚོགས་ལ་མཆོད་པ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ག་ཨུ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་རྒྱ་དང་བཅས་ཏེ་འབུལ། འདིའི་རྗེས་འབྲེལ་དུ་དམ་བཅའ་བ་ནི། དེ་བཞིན་གཤེགས་པའི་དམ་ཚིག་འདི། །དངོས་གྲུབ་ཐམས་ཅད་སྟེར་བའི་ཕྱིར། ། ཆོ་ག་བཞིན་དུ་ལེགས་པར་བསྲུང་། །གཞན་དུ་བྱས་ན་འགྲུབ་མི་འགྱུར། །སྙིང་པོའི་མཐའ། ས་མ་ཡ་ཧཱུྃ། གཙོ་འཁོར་ཐམས་ཅད་དམ་ཚིག་གི་དོན་ལས་མི་འདའ་པར་བསམ། བཞི་པ་ནི། པད་སྐོར་སྔོན་དུ་འགྲོ་བའི་ཕྱག་རྒྱ་བསྒྱུར་ལ། ཧཱུྃ། གཤིན་རྗེ་ཟ་བྱེད་ཏནྟྲ་ལས། །འཕགས་པའི་དམ་ཚིག་གར་ལས་བྱུང་། །ནམ་མཁའ་ཀུན་ཀྱང་གར་གྱིས་བཀང་། །དཀྱིལ་འཁོར་ཕྲིན་ལས་གར་མཛད་པས། །ས་གཞི་ཀུན་ཀྱང་གར་གྱིས་བཀང་། །རྟག་པར་ཕྲིན་ལས་གར་མཛད་པས། །བར་སྣང་ཀུན་ཀྱང ་གར་གྱིས་བཀང་། །གཡས་ཀྱི་སེ་གོལ་ཏ་ལ་ཏོ། །གཡོན་གྱི་སེ་གོལ་ཤམ་པ་རྒྱ། །ཏ་ལ་ཤམ་རྒྱ་རྩེ་སྤྲོས་པས། །སྦྱོར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །གཡས་སུ་ལན་གསུམ་བསྒྱུར་བྱས་པས། །ཞེ་སྡང་འཁོར་བ་རྩད་ནས་བཅད། །གཡོན་དུ་ལན་གསུམ་བསྒྱུར་བྱས་པས། །འདོད་ཆགས་འཁོར་བ་རྩད་ནས་བཅད། །དབུས་སུ་ལན་གསུམ་སྒྱུར་བྱས་པས། །གཏི་མུག་འཁོར་བ་རྩད་ནས་བཅད། །ཡ་མཱནྟ་ཀའི་ཕྱག་རྒྱ་ནི། །ཞལ་དྲུག་ཕྱག་དྲུག་ཞབས་ཀྱང་དྲུག །འཁོར་ལོ་ཞིང་དབྱུག་ཁྱུང་ཆེན་གཡས། །ཁ་ཾ་རྡོ་རྗེ་ལྕགས་ཀྱུ་གཡོན། །རྡོ་རྗེ་ནག་མོ་གཡོན་ནས་འཁྲུལ། །རལ་གྲི་འཕྱར་ཞིང་མི་མགོ་གདེངས། །རྩེ་གསུམ་འདེབས་ཤིང་དུང་ཁྲག་སྟོབ། །གར་དབྱངས་མཆོད་པ་འདི་འབུལ་གྱི། །འབར་བའི་ཀློང་ནས་དངོས་གྲུབ་སྩོལ། །ༀ་ཨ་ཀྲོ་སོགས་སྔགས་མཐར། མ་ཧཱ་མུ་དྲ་ས་མ་ཡ་ཧཱུཾ། ལྔ་པ་ལ་གསུམ། བདུད་རྩི་འབུལ་བ། ནོངས་བཤགས། དངོས་གྲུབ་བླང་བའོ། །དང་པོ་ནི། བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུ་རོ་བརྒྱ་དང་ལྡན་པ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཕུལ་བས་ཐུགས་དམ་བསྐངས་ཏེ་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བསམ་ལ་མཐེབ་སྲིན་གྱིས་འཐོར་ལ། ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱི། །ཐུགས་དམ་དབྱིངས་ཉིད་སྐོང་བའི་མཆོག །འདི་ནི་སྔོན་གྱི་དམ་ཚིག་ཆེའོ། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱི། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །སྐུ་གསུང་ཐུགས་ཀྱི་ངང་ཉིད་དུ། །བདག་ཅག་དད་པས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །རང་བྱུང་དཔའ་བོ་མཆོག་གི་སྐུར་བྱུང་བ། །འཇིགས་བྱེད་ཡ་མཱནྟ་ཀ་ཡབ་ཡུམ་ལ། དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཡ་མཱནྟ་ཀ་མཎྜ་ལ་མ་ཧཱ་པཉྩ་ཨ་མྲྀ་ཏ་པྲ་ཏི་ཁ་རཾ་ཁཱ་ཧི། འཇིགས་བྱེད་ཁྲོ་གཏུམ་འབར་བའི་ཚོགས་འཆང་བ། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་བཅུ་རྣམས་ལ། །དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཡ་མཱནྟ་ཀ་མཎྚ་ལ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། དུར་ཁྲོད་མ་མོ་གཟུངས་ལྡན་མཁའ་འགྲོ་མ། །རོ་ཁ་ནམ་གྲུ་ཙ་མུན་ཏྲི་རྣམས་ལ། །དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཡ་མཱནྟ་ཀ་མཎྜ་ལ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཡ་བྱིན་ལ་སོགས་དམ་ཅན་བསྭེ་མོ་བཞི། །ཕྱོགས་བཞིའི་བདུད་འདུལ་མ་མོའི་ཚོགས་རྣམས་ལ། །དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འབུལ། །ཐུག་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཡ་མཱནྟ་ཀ་མཎྜ་ལ་མ་ཧཱ་པཉྩ་མྲྀ་ཁ་རཾ་ཁཱ་ཧི། ཧཱུཾ་ཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་དྷ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཕྱོགས་མཚམས་རྣམས་སུ་འཐོར་ལ་བར་ཆད་བསྐྲད། གཉིས་པ་ནི། དངོས་གྲུབ་ཀྱི་སྣོད་དུ་རུང་བའི་ཕྱིར། མི་གཙང་ལུས་འདི་འཕགས་ལ་མི་གཅེས་ཀྱང་། །བདག་གི་ལུས་འདི་འཕགས་ལ་ཡོན་དུ་འབུལ། །ནང་གི་མཆོད་སྦྱིན་དག་པའི་ཚུལ་སྦྱར་ཞིང་། །ཕྱི་རོལ་རྫས་ནི་གཅེས་པར་མ་བགྱིས་ཏེ། །འགལ་བར་གྱུར་པ་ཅི་དང་ཅི་མཆིས་པ། །ཡེ་ཤེས་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ཁྲོ་རྒྱལ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེན་པོ་ཁྱེད་ལ་བཟོད་པར་གསོལ། །འདོད་ཆགས་དབང་གིས་སློབ་དཔོན་མཆེད་ལྕམ་དཀོར། །མ་བྱིན་བླངས་དང་མི་ཚངས་སྤྱད་ལ་སོགས། །ཞེ་སྡང་དབང་གིས་སྲོག་གཅོད་སྙིང་རྗེ་ཆུང་། །གཏི་མུག་དབང་གིས་དགེ་སྡིག་དོན་མ་རྟོགས། །ང་རྒྱལ་དབང་གིས་བདེན་པའི་ཚིག་ལས་འདས། །ཕྲག་དོག་དབང་གིས་ཕ་རོལ་ཡོན་ཏན་སྨད། །འདི་དྲའི་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །འཕགས་མགོན་མ་ལུས་སྐུ་ལ་བཟོད་པར་གསོལ། །གསུམ་པ་ནི། ༀ་ལྡན་དཀར་ལ་འཚེར་བའི་དངོས་གྲུབ་དང་། །ཨཱཿལྡན་དམར་ལ་འཚེར་བའི་དངོས་གྲུབ་དང་། །ཧཱུཾ་ལྡན་སྣུམ་ལ་འཚེར་བའི་དངོས་གྲུབ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བདུད་རྩི་རང་གི་མྱོང་བས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པའི་རྟགས་སུ་གནས་གསུམ་འབྲུ་གསུམ་འོང་ལྷག་གིས་གསལ་བར་བསམ་ལ། ཀཱ་ཡ་སིངྔྷི་ༀ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅་ཧཾ། ཝཱ་ཀ་སིངྔྷི་ཨཱཿ ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཙིཏྟ་སིངྔྷི་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། དྲུག་པ་ནི། ལྷ་ཚོགས་རྣམས་ཀྱིས་བདུད་རྩི་གསོལ་བས་བདེ་སྟོང་གིས་ཐུགས་རྒྱུད་མཉེས་ཏེ་རྣལ་འབྱོར་པའི་ཉམས་ཆག་འགལ་འཁྲུལ་བྱང་ཞིག་དག་པར་མོས་ལ། བདུད་རྩི་སྦྲེང་ཞིང་། ཧཱུྃ། ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་དཀྱིལ་ནས། །བདུད་རྩི་འཆི་མེད་བྱང་ཆུབ་སེམས་མཆོག་འདི། །ཡེ ་ཤེས་ཉི་ཟེར་འོད་གྱིས་ཁྱབ་བརྡལ་ཏེ། །གཤིན་རྗེ་གཤེད་པོ་འཁོར་དང་བཅས་ལ་འབུལ། །སྔགས། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་མཎྜལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཨརྒྷཾ་པྲ་ཏཱི་ཙྪ་ཧོཿ བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཡ་མཱནྟ་ཀ་མཎྜ་ལ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། བདུན་པ་ནི། གཏོར་མའི་འདོད་ཡོན་གྱི་ལྷ་མོ་རྣམས་ཀྱིས་གནས་སོ་སོར་མཆོད་པར་དམིགས་ལ། ༀ་དམེ་གཏོར་རྣམ་གསུམ་རུས་པའི་ཚོགས། །དམར་གྱི་ཨརྒྷཾ་ཞིང་གི་ལྷུ་དུམ་བཅས། །རྒྱུད་དྲུག་མན་ཆད་མཆོད་པར་བསྒྲལ་བའི་རྒྱུ། །དུག་གསུམ་མཆོད་པ་མ་ལུས་བཞེས་སུ་གསོལ། །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ༀ་ཨཱཿཧཱུཾ་བེ་ཏཱ་ལི་ཧེ་རཀྴ་མན་བ་ལིཾ་ཨི་དཾ་གྷྲྀ་ཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོ། རཀྟ་འབུལ་བ་ནི། ཕྱིར་ལྟར་ཁམས་གསུམ་རཀྟའི་རྒྱ་མཚོ་ཞལ་དུ་སྟོབ་པས་དུག་གསུམ་གཏན་ནས་སྟོང་སྟེ་སྐུ་གསུམ་དུ་གྲོལ། ནང་ལྟར་ལྷ་མོ་དམར་མོ་དུང་ཕོར་ཁྲག་གིས་བཀང་བ་ཐོགས་ནས་ལྷ་ཚོགས་རྣམས་ལ་མཆོད་པས་དགྲ་བགེགས་བསྒྲལ་བའི་ཐུགས་དམ་བསྐང་། རྣལ་འབྱོར་པའི་ཉམས་ཆག་བྱང་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། གསང་བ་ཡུམ་གྱི་མཁའ་དམར་གདངས་ཡངས་པ་བདེ་བ་ཆེན་པོའི་འཆར་གཞིར་ཕུལ་བས་ཁམས་གསུམ་གྱི་འདོད་ཆགས་རྩད་ནས་བྱང་སྟེ་བདེ་གཤེགས་རྣལ་འབྱོར་སེམས་ཅན་ཐམས་ཅད་དབྱེར་མེད་འོད་དུ་གྲོལ་བར་བསམ་ལ། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ༀ་ཨཱཿཧཱུཾ་བེ་ཏཱ་ལི་ཧེ་རཀྴ་མན་མ་ཧཱ་རཀྟ་མ་ཧཱ་མཱཾ་ས་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཀུ་ཀུ་རི་པྲེ་ཏོ་ད་ཀ་ཏེ་སྭཱ་ཧཱ། ༀ་སརྦ་བཛྲ་ཡ་མན་མཛྲ་ཀྲོ་དྷ་རོ་ཁ་མ་ནམ་གྲུ་མ་ཙ་མུནྟྲི། ཛཿཧཱུཾ་བཾ་ཧོཿ མ་ཧཱ་རཀྟ་མ་ཧཱ་མཱཾ་ས་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་རྒྱ་དང་བཅས་འབུལ། བརྒྱད་པ་ནི། ཐལ་མོ་སྦྱར་ལ། ཧོཿབསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་བདག་ཉིད་འཇམ་དཔལ་ཡ་མཱནྟ་ཀ་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པ་དགོངས་སུ་གསོལ། ཧོཿབདག་གིས་དད་པའི་ཡིད་ཀྱིས་སྦྱར་ཞིང་དམིགས་པས་སྤྲུལ་པའི་མཆོད་པ་རྣམས། གཉིས་སུ་མེད་པའི་ཚུལ་གྱིས་འབུལ་ལགས་ཀྱི། བླང་དོར་མེད་པའི་ཚུལ་གྱིས་བསྣམས་ཤིང་བཞེས་ནས་བདག་གིར་མཛད་དུ་གསོལ་ལོ། །བདག་ཅག་གིས་དངོས་པོ་ལ་མངོན་པར་འཆེལ་བའི་དབང་གིས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་དང་། གཞན་ཡང་གཞུང་དང་འགལ་བའི་ལས། མཆོད་པ་གནས་སུ་མ་སྟོབ་པ་དང་། ཕྲིན་ལས་བླ་འོག་ནོར་བ་དང་། སྔགས་དང་ཕྱག་རྒྱ་གྲྭ་ཟུར་ཆག་པ་དང་། ཏིང་ངེ་འཛིན་མི་གསལ་བ་ལ་སོགས་པ། མི་དགེ་བའི་ལས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཅི་བགྱིས་པ་རྣམས་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ཤིང་མཆིས་ན། ཐུགས་རྗེ་ཆེན་པོས་བཟོད་པ་དང་དུ་བཞེས་ཏེ་ཚངས་པ་དམ་པ་ཡིད་བཞིན་དུ་སྩལ་དུ་གསོལ་ལོ། །གཞན་ཡང་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་དང་། ཡོན་ཏན་གྱི་ཁྱད་པར་དང་ཕྲིན་ལས་རྣམ་པ་བཞིས་སེམས་ཅན་ཐམས་ཅད་འདུལ་ཞིང་ཚར་གཅོད་པའི་དངོས་གྲུབ་སྔོན་གྱི་ཐུགས་དམ་ལས་མི་འདའ་བར་དུས་ད་ལྟ་ཉིད་དུ་སྩལ་དུ་གསོལ་ལོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི། བདག་ཅག་གི་དགྲ་བགེགས་ཐམས་ཅད་ཞི་བར་མཛོད། ཞི་བས་མི་ཐུལ་བ་སྣམས་དྲག་པོའི་ཕྲིན་ལས་ཀྱིས་ཚར་ཆོད་ཅིག །འཆི་བདག་གཤིན་རྗེའི་ལག་ཏུ་གཏོད་ཅིག །འཁོར་ལོ་འབར་བའི་རྩིབས་ལ་སྐྱོན་ཅིག །རྒྱ་མཚོ་ཆེན་པོའི་གཏིང་དུ་སྐྱུར་ཅིག །རི་རབ་ཆེན་པོའི་འོག་ཏུ་ནོན་ཅིག །ལྷོ་ཕྱོགས་ལྕགས་ཁང་དགུ་རིམ་གྱི་ནང་དུ་སྒྲོལ་ཅིག །མ་མོ་དང་མཁའ་འགྲོའི་ཟ་རེས་ཕོབ་ཅིག །བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། བཅད་གཏུབས་ལ་སོགས་ལུས་ལ་འབྱུང་བར་མི་འགྱུར་ཡང་། གྲིབ་མ་ངན་པས་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ། སྐུ་ཡི་ཕྱོགས་ཙམ་མཐོང་བའི་མོད་ལ་འཚོ་བ་དང་། གཟི་མདངས་ལུས་ལ་འཇུག་པ་ཉི་མ་སྟོང་ཕྲག་གི། འོད་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འཆར་བ་དང་། ལུས་ངག་སེམས་ལ་ཚེ་འདིར་རྡོ་རྗེར་རབ་སྣང་ཞིང་། རེ་སྨོན་ཐམས་ཅད་དུས་འདི་ཉིད་དུ་ཐོབ་པར་སྩལ་དུ་གསོལ། གསུམ་པ་བསྙེན་པ་ལ་གཉིས། དངོས་དང་། བསྟོད་བསྐུལ་བྱ་བའོ། །དངོས་ལ་བགྲང་ལུགས་གསུམ་ལས་འདིར་བྱང་ཆུབ་ལམ་གྱི་སྒྲོན་མ་ལྟར་བགྲང་བ་ལའང་། སྔགས་སུ་བཟླ་བ། ལྷ་རུ་བཟླ་བ། དོན་དུ་ཟླ་བ་གསུམ་ལས། དང་པོ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གི་མཐར་སྙིང་པོས་བསྐོར་བར་གྱུར་པར་བསམ། དེ་ཉིད་ཀློགས་ཐབས་སུ་བལྟས་ལ་མ་ཡེངས་པར། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་བཟླས་པས་མེ་ལ་སྤུད་པ་བརྒྱབ་པ་ལྟར་ཡིག་འབྲུ་རྣམས་འོད་ལྷག་ལྷག་བྱུང་བར་བསམ་ལ་བཟླ། བཟླས་གྲངས་ཐེམས་ནས་ལས་སོ་སོར་སྒྲུབ་པར་འདོད་ན། དགུག་པ་དང་། གཟིར་བ་དང་། བསད་པ་དང་། དབང་དུ་བྱ་བ་དང་། རྒྱས་པ་དང་། ཞི་བ་རྣམས་ཀྱང་ལས་དང་མཐུན་པའི་འོད་ཟེར་སོ་སོར་སྤྲོས་ཏེ་ལས་དེ་དང་དེ་འགྲུབ་པར་དམིགས་ལ་བཟླས་པས་འགྲུབ་བོ། །གཉིས་པ་ནི་བསྐུལ་གྱི་གསལ་གདབ་སྟེ། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེ་གཤེད། །ང་ཡི་ཐུགས་ཀྱི་དཀྱིལ་འཁོར་ནས། །སྐུ་ཡི་ཡི་གེ་བཅུ་བདུན་འཕྲོས། །དུས་གསུམ་བདེ་གཤེགས་ཐུགས་དམ་བསྐུལ། །མ་མོ་མཁའ་འགྲོ་དམ་ལ་སྡུད། །ལྷ་སྲིན་སྡེ་བརྒྱད་གནད་ལ་འབེབས། །རིག་འཛིན་ཕོ་མོའི་གཟི་མདངས་བསྐྱེད། །འོད་ཟེར་ཉི་འབུམ་གཟི་ཆེན་བརྡལ། །ༀ་ནི་སྐུ་ལྔ་ཡེ་ཤེས་ལྔ། །དུས་གསུམ་བདེ་གཤེགས་ལྷུན་གྱིས་གྲུབ། །གདུག་པ་མ་ལུས་འདུལ་མཛད་པའི། །འཇམ་དཔལ་ཡ་མཱནྟ་ཀའི་སྐུ། །ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས། །ནག་མོ་ཟ་བྱེད་བེ་ཏཱ་ལི། །མཐིང་ནག་རྩེ་གསུམ་བྷནྡྷ་སྟོབ། །ནག་མོའི་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཀྲོ་ནི་སྒྲོལ་བྱེད་ཨེ་ཀ་ཛཱ་ཊི་མ། སྨུག་ནག་སྤུ་གྲི་ཙིཏྟ་སྟོབ། །མ་མོའི་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཏེ་ནི་རལ་པ་ཚར་དགུ་སྟེ། །ལྗང་ནག་དབྱུག་ཏོ་འཁོར་ལོ་བསྐོར། །ཕྲག་དོག་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཀ་ནི་ཨཱ་དམར་པོ་སྟེ། །དམར་ནག་དབྱུག་ཏོ་འཁོར་ལོ་བསྐོར། །འདོད་ཆགས་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཡ་ནི་མྱོས་བྱེད་འབར་བསྟེ། །སེར་ནག་དབྱུག་ཏོ་འཁོར་ལོ་བསྐོར། །ང་རྒྱལ་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །མཱན་ནི་ཡ་མ་རཱ་ཛ་སྟེ། །སྨུག་ནག་དབྱུག་ཏོ་འཁོར་ལོ་འཁོར། །ཞེ་སྡང་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཏ་ནི་ནག་པོ་འཇོམས་པ་སྟེ། །མཐིང་ནག་དགྲ་སྟྭ་འཁོར་ལོ་བསྐོར། །རུ་དྲའི་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཀ་ནི་ཀོང་རྩེ་བྲག་འཇོམས་ཏེ། །ཁམ་ནག་ཁྲག་དང་འཁོར་ལོ་བསྐོང་། །དྲི་ཟའི་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཧ་ནི་ཨ་བ་གླང་མགོ་སྟེ། །སྨུག་ནག་རྩེ་གསུམ་འཁོར་ལོ་བསྐོར། །མེ་ལྷའི་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ན་ནི་གཤིན་རྗེ་ཡ་ཝ་ཏི། །མཐིང་ནག་ལྕགས་ཀྱུ་འཁོར་ལོ་བསྐོར། །གྲུལ་བུམ་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །མ་ནི་གཤིན་རྗེ་ཕྱྭ་སངས་ཏེ། །དམར་ནག་རལ་གྲི་འཁོར་ལོ་བསྐོར། །སྲིན་པོའི་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཐ་ནི་གཤིན་རྗེ་རྨིགས་པ་སྟེ། །དུད་ཁ་ཐོད་ཕྲེང་འཁོར་ལོ་བསྐོར། །ཆུ་ལྷའི་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །བྷ྅་ནི་གཤིན་རྗེ་ཏེལ་པ་ཏེ། །སྔོ་ནག་སྤུ་གྲི་འཁོར་ལོ་བསྐོར། །རླུང་ལྷའི་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཛ་ནི་ལྷ་མཆོག་དུད་ཁ་སྟེ། །སྨུག་ནག་ཐོ་བ་འཁོར་ལོ་བསྐོར། །གནོད་སྦྱིན་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཧཱུྃ་ནི་ཆོས་ཀྱི་རྒྱལ་པོ་སྟེ། །ལྗང་སེར་ཁྲམ་ཤིང་འཁོར་ལོ་བསྐོར། །དབང་ལྡན་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ཕཊ་ནི་གཤིན་རྗེ་མིག་དམར་ཏེ། །དམར་ནག་ཤྭ་རྡེལ་འཁོར་ལོ་བསྐོར། །ས་བདག་སྤྲུལ་པ་གྲངས་མེད་འདུལ། །དེ་ཡང་འཇམ་དཔལ་ང་ཡི་སྐུ། །ང་ནི་དུས་གསུམ་སྔོན་དུ་བྱུང་། །ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་། །ང་ནི་ད་ལྟ་མངོན་པའི་ལྷ། །ཞེས་པས་གསལ་བཏབ་ལ་སྔགས་བཟླས་པས་ཡིག་འབྲུ་སོ་སོ་ལས་བསྐུལ་ཚིག་དང་མཐུན་པའི་ལྷ་སོ་སོ་སྤྲོས་ཏེ་མཆོག་དང་ཐུན་མོང་གི་ཕྲིན་ལས་འགྲུབ་པར་དམིགས། ལས་སོ་སོ་ལ་ཁ་དོག་བསྒྱུར་བ་སྔ་མས་འགྲེ། གསུམ་པ་ནི། སྣང་ཚད་ཡེ་ཤེས་ཀྱི་རང་འོད། རྣམ་པ་སྒྱུ་མའི་རང་བཞིན་ལྷུན་གྲུབ་སྣང་སྟོང་འཇམ་དཔལ་གྱི་དཀྱིལ་འཁོར་དུ་ཤེས་པ། སྒྲ་གྲགས་ཚད་ཨ་ཀྲོའི་སྒྲ་གྲགས་སྟོང་གཉིས་མེད་འཇམ་དཔལ་གྱི་གསུང་དུ་ཤེས་པ། ཡིད་རིག་པ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ལྷུན་གྱིས་གནས་པའི་བདེ་བ་ཆེན་པོ་འཇམ་དཔལ་གྱི་ཐུགས་དོན་གྱི་གཤིན་རྗེ་གཤེད་པོར་གྲོལ་བར་བལྟས་ལ་བཟླའོ། །བཟླས་པའི་གྲངས་རྟགས་དང་ལས་ལ་སྦྱར་བ་སོགས་གཞུང་ལས་ཤེས་པར་བྱའོ། །གཉིས་པ་བསྟོད་བསྐུལ་བྱ་བ་ནི། ཧཱུྃ། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །ཉི་མ་འབུམ་ལས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་མཚན་མང་པོ་བསྐལ་པའི་མེ་ལྟར་འབར། །རབ་འབར་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད། །གུང་ལ་འུར་འུར་འབྲུག་ལྟར་སྒྲོགས་པ་ནི། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །ཁྱེའུ་ཆུང་སྔོན་པོ་མཁའ་ལ་ལྡིང་བ་ནི། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །བཀའ་བཞིན་བརྣག་པའི་དགྲ་བགེགས་ཐལ་བར་རློག །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །འབར་བ་ནག་པོ་གློག་གི་ཕྲེང་བ་ཅན། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །འབར་བྱེད་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུྃ་སྒྲ་ཅན། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །སྐུ་མདོག་ནག་པོ་དུག་ཆེན་བསྒྱེལ་བ་འདྲ། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །ཕྱག་དྲུག་གཡས་ཀྱི་དང་པོའི་ཕྱག་མཚན་ནི། གཅོད་ཅིང་གཏུབ་པའི་འཁོར་ལོ་འབར་བ་བསྣམས། །བར་པ་ཞིང་གི་དབྱུག་ཏོ་འབར་བ་བསྣམས། །ཐ་མ་ཁྱུང་ཆེན་སྔོན་པོས་དམ་ཉམས་དགྲ་བགེགས་འདུལ། །ཕྱག་དྲུག་གཡོན་གྱི་དང་པོའི་ཕྱག་མཚན་ནི། །དུག་གསུམ་རྩད་གཅོད་ཁ་ཾ་རྩེ་གསུམ་བསྣམས། །བར་པ་ཡེ་ཤེས་རྡོ་རྗེ་རྩེ་ལྔ་བསྣམས། །ཐ་མ་ལྕགས་ཀྱུ་འུག་པའི་མཆུ་ཅན་བསྣམས། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །སྐུ་མདོག་སྔོ་ནག་དབྱར་གྱི་ཆར་སྤྲིན་འདྲ། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །དྲི་མེད་ཡེ་ཤེས་མཆེ་བ་གཙིགས་ཤིང་བཞད། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །ཧཱུྃ། མ་རུངས་སྡིགས་མཛུབ་འཆང་ཞིང་ཀླད་ལ་བསྐོར། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །གསོད་བྱེད་ལས་ཀྱི་ཕྱག་རྒྱ་བེ་ཅོན་བསྣམས། །ལྷ་མཆོག་ཡ་མཱནྟ་ཀ་མ་ཡིན་ནམ། །ལྔ་བརྒྱ་ཐ་མ་དུས་ཀྱི་སྙིགས་མ་ལ། །བསྟན་པ་བསྲུང་བར་ཉིད་ཀྱིས་ཞལ་འཆེས་པ། །དམ་བཅས་བཞིན་དུ་བཅོལ་པའི་ཕྲིལ་ལས་མཛོད། །བྷྱོ། མ་གཅིག་ལྷ་མོ་དཔལ་ལྷ་མོ། །རྡོ་རྗེ་ལྷ་མོ་རེ་མ་ཏཱི། །ཞལ་གཅིག་ཕྱག་བཞི་སྐུ་མདོག་མཐིང་། །སྒེག་མོ་རལ་གཅིག་མ་ཡིན་ནམ། །ཕྱག་བཞི་གཡས་ཀྱི་དང་པོ་ན། །ཉོན་མོངས་གཅོད་བྱེད་རལ་གྲི་བསྣམས། །འོག་མ་མི་མགོ་རློན་པ་བསྣམས། །ཕྱག་བཞི་གཡོན་གྱི་དང་པོ་ན། །དུག་གསུམ་རྩད་གཅོད་ཁ་ཾ་རྩེ་གསུམ་བསྣམས། །འོག་མ་དུང་དམར་གཙོ་ལ་སྟོབ། །སྒེག་མོ་རལ་གཅིག་མ་ཡིན་ནམ། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས། །དྲྭ་བ་དགུ་ཡི་གཏོང་ལེན་ཅན། །བྱེ་རུ་དམར་པོའི་རྒྱན་སྲབ་ཅན། །སྦྲུལ་ནག་ག་ཤས་གོང་སྨེད་བརྒྱན། །བདུད་ཀྱི་བུ་མོ་གཤིན་རྗེའི་ལྕམ། །བདུད་མོ་རལ་གཅིག་མ་ཡིན་ནམ། །ཡབ་ཡུམ་ཐབས་གཅིག་འདིར་གཤེགས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །དེ་དག་གིས་དངོས་གཞིའི་ལས་རིམ་གྲུབ་བོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་བདུན། ཚོགས་མཆོད་བྱ་བ། བརྟན་སྐྱོང་། བསྡུ་ལྡང་། གོ་བགོ། ལུས་སྲུང་། བསྔོ་སྨོན། ཤིས་བརྗོད། སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་རོ། །དང་པོ་ནི། དམ་ཚིག་གི་རྫས་སུ་འོས་པ་རྣམས་ཇི་ལྟར་ཚོགས་པར་བཤམས་ལ། བསང་ཆུ་འཐོར་ཞིང་། ༀ་བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ་ཕཊ། བགེགས་བསྐྲད། དྷརྨ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་པས་བསང་ལ་བྱིན་གྱིས་བརླབ་པ་ནི། མ་སུ་མ་དྷ་ལ་ཧཱུཾ། ཚོགས་རྫས་ཀྱི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་མཐིང་ནག །དེ་ལས་འོད་ཟེར་འཕྲོས་པས་དངོས་འཛིན་ཐམས་ཅད་སྟོང་ཉིད་དུ་སྦྱངས། པཾ་པདྨ་མ་དྷ་ལ་ཧཱུཾ། ཡང་པདྨ་ལ་གནས་པའི་ཨཱཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་ཚོགས་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩི་འོད་འབར་བར་གྱུར། ཨ་ཙནྡྲ་མ་དྷ་ལ་ཧཱུཾ། ཡང་ཟླ་བ་ལ་གནས་པའི་ༀ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་འདོད་ཡོན་གྱི་ལྷ་མོས་ནམ་མཁའ་གང་བར་གྱུར། ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུཾ། དུར་ཁྲོད་མེ་རི་འབར་བའི་དཀྱིལ་འཁོར་ན། །ལུང་ལས་བྱུང་བའི་དཀྱིལ་འཁོར་བསྐྱེད། །བཀའ་དང་མཐུན་པའི་རྫས་མཆོག་བཀྲམ། །འཇམ་དཔལ་དཀྱིལ་འཁོར་སྤྱན་འདྲེན་ནོ། །ཆོས་ཉིད་བྷ་གའི་དཀྱིལ་ཡངས་ནས། །དུར་ཁྲོད་ཉམས་དགའི་དཀྱིལ་འཁོར་འདིར། །འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་རྣམས། །ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས། །ཧཱུྃ། དོན་དམ་སྤྲོས་མེད་ཕོ་བྲང་ནས། །རང་བྱུང་དཔའ་བོ་མཆོག་གི་སྐུར་བྱུང་བ། །རྔམས་པའི་རྒྱལ་པོ་ཁྲག་འཐུང་གཤིན་རྗེ་གཤེད། །ཁམས་གསུམ་དབང་སྡུད་རྟགས་སུ་ཞལ་གདངས་པ། །དབྱིངས་ནས་སྤྲུལ་པའི་ཡབ་ཡུམ་ལྷུན་གྱིས་གྲུབ། །ལས་ངན་འཁྲུལ་པའི་སེམས་ཅན་ཤིན་ཏུ་གདུལ་དཀའ་བ། །གདུག་པ་འདུལ་ཕྱིར་དེ་དག་གཤེགས་སུ་གསོལ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་ཀྱི་བྱིན་རླབས་ལས། གདུག་པ་གཤིན་རྗེ་ཕྱོགས་སྐྱོང་བཅུ་རྣམས་ཀྱང་། །གཙོ་བོའི་བཀའ་བཞིན་དམ་ཚིག་ཉེ་བར་གཤེགས། །རོ་ཁ་མ་དང་ནམ་གྲུབ་ཙ་མུན་ཏྲི། །ཡ་བྱིན་ལ་སོགས་དམ་ཅན་བསྭེ་མོ་བཞི། །ཁྲོ་མཆོག་དཔའ་བོའི་གནས་འདིར་གཤེགས་སུ་གསོལ། །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་བེ་ཏཱ་ལི་ཧེ་རཀྵ་མན། ༀ་བཛྲ་སརྦ་ཡ་མན་ཀྲོ་དྷ་རོ་ཁ་མ་དུན་བྷྱོ། ནམ་གྲུ་མ་དུན་བྷྱོ། ཙ་མུནྟྲི་དུན་བྷྱོ། ཛཿཧཱུྃ་བཾ་ཧོཿ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་ཨ་གཙྪ་ཡ་ༀ་ཨཱཿཧཱུྃ། བཛྲ་ཨཾ་ཀུ་ཤ་ཛཿ ཡར་གནས་སྤྱིར་འབུལ་བ་ནི། ལྟ་བ་ནམ་མཁའ་འདྲ་བའི་དབྱིངས་ཉིད་དུ། །སྣ་ཚོགས་འབྱུང་བའི་ལོངས་སྤྱོད་མ་ལུས་ཀུན། །འཇའ་ཚོན་བཞིན་དུ་བཀྲམ་ནས་འབུལ་ལགས་ན། །བྱང་ཆུབ་ཡན་ལག་མཆོག་གི་རང་བཞིན་པས། །གཟུགས་ཀྱི་མཆོད་པ་མ་ལུས་ཀུན། །རང་བྱུང་ཡེ་ཤེས་ཀློང་དུ་འབུལ་ལགས་གྱི། །འཇམ་དཔལ་ཁྲོ་བོའི་ཚོགས་རྣམས་དགྱེས་པར་མཛོད། །སྔོན་གྱི་དམ་ཚིག་ཕྲིན་ལས་ནི། །གཟུགས་ཀྱི་ལྷ་མོ་སྤྱན་ལ་འབུལ། །སྒྲ་ཡི་ལྷ་མོ་སྙན་ལ་འབུལ། །དྲི་ཡི་ལྷ་མོ་ཤངས་ལ་འབུལ། །རོ་ཡི་ལྷ་མོ་ལྗགས་ལ་འབུལ། །རེག་གི་ལྷ་མོ་སྐུ་ལ་འབུལ། །ཆོས་ཀྱི་ལྷ་མོ་ཐུགས་ལ་འབུལ། །བླ་མེད་མཆོད་པ་འདི་བཞེས་ལ། །བདག་ཅག་སྡུག་བསྔལ་ཞི་བར་མཛོད། །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་བེ་ཏཱ་ལི་ཧེ་རཀྵ་མན། པུཥྤ་བཛྲ་སྭཱ་ཧཱ། དྷཱུ་པ༴ དཱི་པ༴ གནྡྷ༴ ནཻ་ཝི་ཏྱ་བཛྲ་སཱ་ཧཱ། དེ་ནས་ཚོགས་རྫས་རྣམས་ཆ་གསུམ་དུ་བྱས། ཆ་དང་པོ་འང་གསུམ་དུ་བགོས་པའི་དང་པོ་ཕུད་ཀྱིས་དཀྱིལ་འཁོར་ལ་མཆོད་པ་ནི། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ན། །འཇམ་དཔལ་ཁྲོ་བོའི་དཀྱིལ་དང་འཁོར་དུ་བཅས། །ཀུན་ཀྱང་མི་ཟད་ཁྲོ་གཏུམ་རྔམས་པའི་སྐུ། །སྟག་ལྤགས་ཐོད་སྦྲུལ་པགས་ཆེན་རློན་པས་བརྒྱན། །སྲོག་གཅོད་ཚེ་འཕྲོག་ཕྲིན་ལས་རྒྱས་པར་མཛད། །རྒྱུ་ལས་སྐྱེས་པའི་འདོད་པའི་ཡོན་ཏན་ལྔ། །ཚུལ་བཞིན་གནས་པའི་དཀྱིལ་འཁོར་རྣམས་ལ་འབུལ། །ཐུགས་རྗེ་ཆེན་པོས་མཆོད་པར་བཞེས་སུ་གསོལ། །ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་བེ་ཏཱ་ལི་ཧེ་རཀྴ་མན་པ་ལིཾ་ཨི་དཾ་གྷྲྀ་ཧྞ་ཁ་ཁ་ཁཱ་ཧི། བྷུཉྫ་ཧོཿ ཀུ་ཀུ་རེ་པྲེ་ཏོད་ཀ་ཏེ་ཡེ་སྭཱ་ཧཱ། ༀ་སརྦ་ཡ་མན་བཛྲ་ཀྲོ་དྷ། རོ་ཁ་ན་ནམ་གྲུ་མ་ཙ་མུནྟྲི་དུན་བྷྱོ། ཛཿཧཱུྃ་བཾ་ཧོཿ མ་ཧཱ་བ་ལིཾ་ཏ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། བར་པ་འབུལ་ཞིང་བཤགས་པ་ནི། མི་གཙང་ལུས་འདི་འཕགས་ལ་མི་དགྱེས་ཀྱང་། །བདག་གི་ལུས་འདི་འཕགས་ལ་ཡོན་དུ་འབུལ། །ནང་གི་མཆོད་སྦྱིན་དག་པའི་ཚུལ་སྦྱར་ཞིང་། །ཕྱི་རོལ་རྫས་རྣམས་གཅེས་པར་མ་བགྱིས་ཏེ། །འགལ་བར་གྱུར་པ་ཅི་དང་ཅི་མཆིས་པ། །ཡེ་ཤེས་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ཁྲོ་རྒྱལ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །འདོད་ཆགས་དབང་གིས་སློབ་དཔོན་མཆེད་ལྕམ་དཀོར། །མ་བྱིན་བླངས་དང་མི་ཚངས་སྤྱད་ལ་སོགས། །ཞེ་སྡང་དབང་གིས་སྲོག་གཅོད་སྙིང་རྗེ་ཆུང་། །གཏི་མུག་དབང་གིས་དགེ་སྡིག་དོན་མ་རྟོགས། །ང་རྒྱལ་དབང་གིས་བདེན་པའི་ཚིག་ལས་འདས། །ཕྲག་དོག་དབང་གིས་མཁས་པའི་ཡོན་ཏན་སྨད། །འདི་འདྲའི་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །འཕགས་མགོན་མ་ལུས་སྐུ་ལ་བཟོད་པར་གསོལ། །ཡིག་བརྒྱ་བརྗོད། ཚོགས་ཐ་མ་རྟེན་བྱས་ཏེ་བསྒྲལ་བསྟབ་ནི། ཨེ་རཾ། སྣོད་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ་གྱུར། ཛྭ་ལ་རཾ་བཛྲ་ཛྭ་ལ་རཾ། བཅུད་ཁྲག་འཐུང་རོལ་པའི་ཚོགས་ལག་ན་མཚོན་ཆ་ཐོགས་པར་གྱུར། ཡ་མ་རཱ་ཛ་ནི་ཛ་མ་མ་རུ་ལུ་རུ་ལུ་མ་ཧེ་ཧཱུཾ་བྷྱོ་ཧཱུཾ། ཞེས་ལས་ལ་བསྐུལ། བཛྲ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་ས་མ་ཡ་ཕཊ་ཕཊ། ཅེས་ལས་ལ་གཟུད། འགུགས་གཞུག་སྤྱི་འགྲེ་བྱས་ལ། ནྲྀ་ཏྲི་ཛཿ ཞེས་རྟེན་ལ་དགུག །བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གཎྜེ་ཧོཿ ཞེས་འགུགས་འཆིང་སྡོམ་མྱོས་བྱ། པྲ་ཝེ་ཤ་ཡ་ཕཊ། ཅེས་ལྷ་དང་ཕྲལ། ཨཱ་བེ་ཤ་ཡ་ཨ། ཞེས་གཟུག་ལ་དབབ། ལག་པའི་སོར་མོ་ལྔ་རིགས་ལྔ་ཡབ་ཡུམ་དུ་གསལ་བས་ཕུར་པ་བླངས་ལ། ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཧཱུྃ་ཕཊ། ཕུར་པ་སྲས་མཆོག་ཡ་མ་རཱ་ཛ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ། གཡོན་བེ་ཅོན་བསྣམས་པ། ལྟེ་བ་མན་ཆན་ཕུར་པའི་དབལ་དང་ལྡན་པར་གྱུར། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། སྐུ་རི་རབ་ལྟར་བརྗིད་ཅིང་ངར་དང་ལྡན་པར་གྱུར། ༀ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། གསུང་གཏུམ་རྔམས་ཀྱི་སྒྲ་སྒྲོག་པར་གྱུར། ༀ་ཧཱིུཿཥྚི་ཝི་ཀྲི་ཏ་ན་ན་ཧཱུྃ་ཕཊ། ཐུགས་སྙིང་རྗེ་ཁྲོས་པས་ཞིང་བཅུ་སྒྲོལ་བའི་དགོངས་པ་རྩེ་གཅིག་པར་གྱུར། ཛཿརྨད་བྱུང་ཞིང་ཁམས་འདི་དག་ཏུ། བསྒྲལ་བའི་ཞིང་བཅུ་འབྱུང་སྲིད་དེ། །ཀུན་ལ་གནོད་ཅིང་རྐུ་འཕྲོག་བྱེད། །དཀོན་མཆོག་གསུམ་གྱི་ལམ་བཀག་ནས། །བདག་དང་དཔོན་སློབ་མཆེད་ཀྱི་དགྲ། །ཉམས་དང་བར་ཆད་བྱེད་པ་དང་། །འཁུ་དང་དམ་ལས་ལྡོག་པ་དང་། །མཚམས་མེད་པ་དང་གསོད་ལ་བརྩོན། །ཡེ་ནས་ངན་པའི་རང་བཞིན་ཅན། །དེ་དག་བསྒྲལ་བར་བྱ་བའི་ཕྱིར། །ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་ཟས་སུ་ཟ་ཞིང་སྲིད་གསུམ་སྐོམ་དུ་འཐུང་། །ང་ནི་སྒྲོལ་བདག་ཆེན་པོ་སྟེ། །གཡས་པ་ཡ་མཱནྟ་ཀ་ཡིན་ཏེ་སྒྲོལ་བའི་ལས་ལ་བརྩོན། །འཇམ་དཔལ་རལ་གྲི་རྣོན་པོ་ཡིས། །མ་རིག་པ་ཡི་སྦུབས་བཅོམ་ནས། །འཁོར་བའི་དྲྭ་བ་རྒྱུན་བཅད་དེ། །བླ་མེད་བྱང་ཆུབ་ཐོབ་པར་བསྒྲལ། །ཞལ་གཡས་དཀར་ནག་རིན་ཆེན་བཻཌཱུ། །ཞལ་གཡོན་དམར་ནག་པདྨ་རཱ་ག་རིས། །ཞལ་དབུས་མཐིང་ནག་སྐུ་དང་མཐུན་པར་བསྟན། །ཕྱག་གཡས་དང་པོ་འཇམ་དཔལ་རལ་གྲི་ཡིས། །ཉོན་མོངས་འཁོར་བའི་སྐྱེ་ཤི་རྩད་ནས་གཅོད། །ཕྱག་གཡོན་དང་པོ་སྡིགས་པའི་མཛུབ་མོ་ཡིས། །ལྷ་ཆེན་བརྒྱད་དང་བྱི་ན་ཡ་ག་འཆིང་། །བརྡེག་ཅིང་འཇོམས་པའི་ཀ་ཏར་ཀློག་ལྟར་འཁྱུག །དྲལ་ཞིང་འཇོམས་པའི་རལ་གི་མེ་ལྟར་འབར། །སྒྲོལ་གིང་ཆེན་པོའི་དུས་ལ་བབ། །གསལ་བ་གསུམ་དང་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་གནས་ལྔ་སོགས་སུ་གདབ་ལ། ནྲྀ་མ་ར་ཡ་ནྲྀ་མཱ་ར་ཡ། སྙིང་ཏི་སྟ་སྙིང་ཏི་སྟ། མ་མ་ཁྲག་ཚལ་པ་བམ་རིལ་དམ་པ་དུམ་བུ་ནག་པོ་ཏི་པ་རཀྴ་ནན། སྙིང་ལ་ཐོད་པ་ཕར་ཤག་ནན། བཛྲ་ཀཱི་ལི་ཀཱི་ལ་ཡ། དེ་ནས་རལ་གྲིས་གཏུབ་ལ། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྲིད་པ་གསུམ་པོ་ང་ཡི་བདག །འཁོར་བ་ཞིང་བཅུའི་རྒྱ་དྲལ་ནས། །བླ་མེད་གནས་སུ་སྤར་བར་བྱའོ། །ༀ་བཛྲ་ཏཱིཀྵྞ་ཁ་ད་ག་ཧཱུཾ། ༀ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་སརྦ་ཤ་ཏྲུཾ་དགྲ་བགེགས་ནཱ་ཤ་ཡ་སྟྭཾ་བྷ་ཡ། མཱ་ར་ཡ་ཧཱུཾ། ཅེས་དུམ་བུར་གཏུབ་བདུད་རྩི་བྲན་ལ། བསྒྲལ་བྱའི་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་སྤར་བ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པར་དམིགས་ལ། ཧཱུྃ། བསྟབ་བོ་ཁ་རཾ་ཞལ་ཕྱེས་ཤིག །ཡབ་གཅིག་འཇམ་དཔལ་གཤིན་རྗེ་གཤེད། །ཞལ་ཁ་གྲུ་གསུམ་ཡས་གདངས་ཤིག །ཏིང་འཛིན་མཆོད་པ་ཚུལ་འབུལ་གྱིས། །གནས་ས་ཙམ་གྱི་ཞལ་ཕྱེས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ཤིག །རྒྱ་མཚོ་ཙམ་གྱི་ལྗགས་རྐྱོང་ཞིག །ཉི་ཟླ་ཙམ་གྱི་སྤྱན་གཟིགས་ཤིག །རི་རབ་ཙམ་གྱི་མཆོད་འབུལ་གྱིས། །སྟོབ་བོ་ཁ་རཾ་ཞལ་ཕྱེས་ཤིག །ཡབ་གཅིག་འཇམ་དཔལ་གཤིན་རྗེ་གཤེད། །གཡས་ཀྱི་ཞལ་ཁ་གྲུ་གསུམ་དུ། །མི་ཁ་ཆུང་སྲི་ཁ་རཾ་ཁཱ་ཧི། གཡོན་གྱི་ཞལ་ཁ་གྲུ་གསུམ་དུ། །གནོད་བྱེད་འབྱུང་པོ་ཁ་རཾ་ཁཱ་ཧི། དབུས་ཀྱི་ཞལ་ཁ་གྲུ་གསུམ་དུ། །སྡང་བའི་དགྲ་བོ་ཁ་རཾ་ཁཱ་ཧི། སྟོབ་བོ་ཁ་རཾ་ཞལ་དུ་སྟོབ། །ཡ་མཱནྟ་ཀའི་ཞལ་དུ་སྟོབ། །བེ་ཏཱ་ནག་མོའི་ཞལ་དུ་སྟོབ། །སྦྱོར་སྒྲོལ་གསང་ཡུམ་ཞལ་དུ་སྟོབ། །གཤེད་པོ་ཡབ་ཡུམ་ཞལ་དུ་སྟོབ། །ཕྱོགས་སྐྱོང་ཡབ་ཡུམ་ཞལ་དུ་སྟོབ། །དུར་ཁྲོད་མ་གསུམ་ཞལ་དུ་སྟོབ། །སྒོ་མ་བསྭེ ་མོའི་ཞལ་དུ་སྟོབ། །གཟའ་བདུད་སྤྲུལ་པ་གཤིན་རྗེའི་ཞལ་དུ་སྟོབ། །ནག་མོ་འབུམ་གྱི་གཙོ་མོའི་ཞལ་དུ་སྟོབ། །དམ་ཅན་བལ་མོ་འབུམ་སྡེའི་ཞལ་དུ་སྟོ བ། །སྨུག་མོ་འབུམ་སྡེའི་ཞལ་དུ་སྟོབ། །འགྱུར་ལྡོག་མེད་པའི་ཚེམས་ཀྱིས་གཏུབས། །མ་ཧཱ་མཱཾ་ས། རཀྟ་ཙིཏྟ་བ་སུ་ཏ་ཁ་ཧི། གོ་རོ་ཙ་ན་ཁཱ་ཧི། ཀིཾ་ནི་རི་ཏི་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞལ་སྟོབ་ཚོགས་ཆ་གཉིས་པ་བརྡ་དང་བརྡའི་འབུལ་ལེན་བཅས་སྒྲུབ་མཆེད་རྣམས་ལྷའི་རྣལ་འབྱོར་དང་ལྡན་པས་ནང་གི་སྦྱིན་སྲེག་ཏུ་རོལ། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་ཏེ་དཀྱིལ་འཁོར་གྱི་བྱང་ཤར་དུ་ཞིང་གི་ལྟན་ལ་བཀོད་པའི་སྟེང་དུ་ཚོགས་ལྷག་ཆ་གསུམ་པའང་བཞག་ལ་དེ་བྱིན་གྱིས་བརླབ་པ་ནི། སྣོད་ཉི་ཟླའི་དཀྱིལ་འཁོར་གྱི་ནང་དུ་ཞལ་ཟས་ཀྱི་དངོས་པོ་རྣམས་ཧཱུྃ་གིས་བསྲེགས། ཨཱཿཡིས་སྟོང་པར་སྦྱངས། ༀ་གྱིས་མོས་པ་དང་མཐུན་པའི་འདོད་ཡོན་དུ་གྱུར། ཧོཿཡིས་བདུད་རྩི་ཆེན་པོར་སྤེལ་ལ། མར་གནས་ལྷག་ཆོག་དངོས་ལ་ལྔ། དང་པོ་དབང་དུ་སྡུད་པ་ནི། བདག་ཉིད་ཡ་མཱནྟ་ཀའི་ཐུགས་ཀ་ནས་ཁྲོ་བོ་ཊཱ་ཀི་རཱ་ཛ་སྔོ་ནག་ལྕགས་ཀྱུ་ཐོགས་པ་འཕྲོས་པས་ལྷག་མགྲོན་རྣམས་བཀུག་པར་གྱུར། ལྕགས་ཀྱུའི་རྒྱ་བཅས། ཨེ་མ་ཧོ་བྱང་ཆུབ་སེམས་དཔའ་ནི་འཇམ་དཔལ་ཁྲོ་བོའི་རྒྱལ་པོ་མཆོག །གང་ཕྱིར་སེམས་ཅན་འདུལ་དོན་དུ། ཁྲོ་བོ་འདི་ནི་ཐུགས་ལས་བྱུང་། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ༀ་ཊཱ་ཀི་རཱ་ཛ་ཧཱུཾ་ཛཿ ཡ་མ་རཱ་ཛ་ཧཱུཾ་ཛཿ གཉིས་པ་ཟིལ་གྱིས་མནན་པ་ནི། རྡོ་རྗེའི་གཤོག་པའི་འོད་ཟེར་ཉི་མ་འབུམ་གྱི་གཟི་བྱིན་འབར་བའི་ཚྭ་ཚྭ་འཕྲོས་པས་མ་མོ་མཁའ་འགྲོ་རྣམས་འདར་ཅུམ་ཅུམ་དུ་བཀའ་ནོད་པར་བསམ་ལ། མཁའ་སྡིང་གི་རྒྱ་བཅས། ཧཱུྃ། དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། འདོད་ལ་ཆགས་པ་ཐམས་ཅད་ཀུན། །དབང་དུ་བསྡུ་ཞིང་ཟིལ་གྱིས་གནོན། །འཇིག་རྟེན་གསུམ་པོ་ཀུན་གནོན་ནས། །དམ་ཚིག་ནོད་དེ་བཀའ་བཞིན་གྱིས། །ༀ་ཤྲཱི་མཉྫུ་ཀྲོ་དྷ་ཛྙཱ་ན་སརྦ་དུཥྚཱིཾ་བྷནྡྷ་ཡ་ཕཊ། གསུམ་པ་དམ་ཚིག་ལ་མི་འདའ་བའི་ལུང་བསྒྲག་པ་ནི། ཧཱུྃ། གཤིན་རྗེའི་རྒྱལ་པོ་དྲེགས་ལྡན་པ། །དྲེགས་པ་ལྷ་ཆེན་བརྒྱད་ལ་སོགས། །བཅོམ་ལྡན་འདས་ནི་བདག་ཅག་རྣམས། །བསྟན་པ་བསྲུང་ཞེས་ཁས་བླངས་པས། །དམ་བཅས་དེ་ལས་མ་འདའ་ཞིག །དུ་ནན་ཏ་ཀ་ར་ན་ཧཱུཾ་ཕཊ། ལས་ཀྱི་ཡང་འཁོར་རིག་འཛིན་འབུམ་དང་བཅས་པའི་ལག་ཏུ་བེ་ཅོན་བྱིན་བས་དམ་ལས་མི་འདའ་བར་ལས་བྱེད་པར་བསམ། བེ་ཅོན་ཕྱག་རྒྱ་བསྟན་ལ། ཧཱུྃ ། ལག་ཏུ་རྡོ་རྗེ་བེ་ཅོན་སྦྱིན། །མྱ་ངན་འདས་པའི་ས་ལ་བཞག །གལ་ཏེ་དམ་ཚིག་བཀའ་འདས་ན། །དམ་ཚིག་འདི་ཡིས་ཁྱོད་གསོད་དོ། །ཡ་མ་ཡེ་ཧྲཱིཿཥྚི་ས་མ་ཡ་ཕཊ། བཞི་པ་བསྲེ་བ་ནི། ཕུད་ལྷག་བསྲེས་ལ་སློབ་དཔོན་གྱིས་བདུད་རྩིའི་ཞལ་ཆབ་སྩལ་ཏེ། བདག་ཉིད་ཡ་མཱནྟ་ཀར་གསལ་བའི་ཡ་རྐན་ཡབ་མ་རྐན་ཡུམ། ལྕེ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ༀ་དམར་པོ་དབྱངས་ཡིག་གིས་བསྐོར་བའི་རྭ་དབྲག་ནས་བྱང་སེམས་དཀར་དམར་གྱི་རྒྱུན་འོད་ཟེར་སྣ་ལྔ་འཕྲོ་བ་བབས། ལས་ཀྱི་ཡ་མའི་བག་ཆགས་སྦྱངས། དགྲ་བགེགས་ཞིང་བཅུ་ཚར་བཅད། གཏོར་གཞོང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་ནང་དུ་ལྷག་གཏོར་ལ་ཕོག་པས་བདུད་རྩི་རྣམ་ལྔའི་རྒྱ་མཚོ་ཆེན་པོར་གྱུར། མཆོད་ཅིང་པྲ་བརྟག །མཆེ་བའི་ཕྱག་རྒྱ་བཅས་ལ། ཧཱུྃ། དམེ་གཏོར་སྨན་དང་ཞིང་བཅུ་ཤ་རུས་དང་། །བདུད་རྩི་བྱིན་ནས་ཕྱག་རྒྱ་སྦྲེལ་བྱས་ཏེ། །ལོག་རྟོག་དབང་གིས་འཛིན་པའི་ཞིང་བཅུ་ལ། །མངོན་སྤྱོད་རྟགས་ཀྱི་ཕྲིན་ལས་འདི་སྤྱོད་ཅིག །ཡེ་ཤེས་ཀྱི་མ་ཡ་རཱ་ཛའི་ཞལ་དུ་ཁ་རཾ་ཁཱ་ཧི་ཁཱ་ཧི། དམ་ཚིག་གི་ཡ་མ་རཱ་ཛའི་ཞལ་དུ་ཁ་རཾ་ཁཱ་ཧི་ཁཱ་ཧི། ལས་ཀྱི་ཡ་མ་རཱ་ཛའི་ཞལ་དུ་ཁ་རཾ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་ལ་རཀྟ་སྦྲེང་། ལྔ་པ་ཕྲིན་ལས་བཅོལ་བ་ནི། ཧཱུྃ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །དགྲ་རྣམས་ཐམས་ཅད་བསད་བྱས་ནས། །རྟོག་པ་ཐམས་ཅད་ཚར་བཅད་དོ། །ཡ་མ་རཱ་ཛའི་ཞལ་དུ་ཆྒཻ་མོ་ཁ་རཾ་ཁཱ་ཧི། ཧཱུྃ། འཆི་བདག་བདུད་ཀྱི་ཡི་དྭགས་ཚོགས། །གཅེར་བུ་ནག་པོ་འཇིགས་པའི་གཟུགས། །འབར་བ་ལས་ཀྱི་བཤན་པ་རྣམས། །ཆོས་ཀྱི་རྒྱལ་པོ་ལ་སོགས་བརྒྱན། །རྒྱལ་པོ་བློན་པོ་དཔུང་དང་བཅས། །སྐུ་མདོག་སྐྱ་རེངས་དམར་སེར་དང་། །སྔོ་སངས་མདོག་ནི་འཇིགས་པའི་གཟུགས། །རབ་ཏུ་འཇིགས་པའི་སྒྲ་དང་བཅས། །གདུག་པ་དུག་གི་ཁ་རླངས་ཅན། །གཅེར་བུ་ནག་པོ་རལ་པ་ཅན། །འབར་བ་གཏུམ་པོ་ཚོགས་ཀྱི་བདག །འཇིགས་པའི་སྤྱན་བགྲད་སྡང་མིག་བསྒྱུར། །ཞལ་ཡང་འབར་མ་མཆེ་བ་གཙིགས། །ལྕེ་དང་མཆུ་ནི་ཁྲག་གིས་བརླན། །སོ་རྣོན་ལག་པ་དམར་པོ་ཡིས། །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །སྙིང་རྗེ་མེད་པར་གསོད་པའི་ཚོགས། །རྔམས་པ་གདུག་པའི་ཚོགས་དང་བཅས། །སྲིད་པའི་ལྷ་འདྲེ་དམག་དཔུང་ཚོགས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་གཤིག་པའི་རུ་ཏྲ་ལ། །མགོ་བོ་བསྐོར་ཅིག་པྲ་མ་ཡ། །ལུས་སྲོག་ཕྲོལ་ཅིག་མུན་ཙ་ཡ། །ཁྲག་ཏུ་སྐྱུགས་ཤིག་རཀྟ་ཙ་ར་ཡ། གསོད་པར་གྱིས་ཤིག་མཱ་ར་ཡ། །སྲིད་པའི་དབང་ཆེན་བཀའ་འཁོར་ནས། །ཆོས་ཉིད་སྒྱུ་མར་མ་རྟོགས་ཤིང་། །ལས་མཐུན་སྤྱོད་པའི་བརྟུལ་ཞུགས་ཀྱིས། །འཇིག་རྟེན་གནོད་སྦྱིན་ཕོ་མོ་རྣམས། །ཤ་ཁྲག་ཟས་སུ་བདག་སྟེར་གྱི། །ཕན་གནོད་བྱེད་པའི་ལས་གྱིས་ཤིག །གནོད་སྦྱིན་གནོད་སྦྱིན་འབྱུང་པོའི་ཚོགས། །ཤ་ཁྲག་ཟ་བ་ཤ་ཟའི་ཚོགས། །སྙིང་རྗེ་མེད་པར་གསོད་པའི་བདག །བདུད་དང་གནོད་སྦྱིན་སྲིན་པོ་རྣམས། །གཏོར་མ་ལྷག་མར་སྡུད་པའི་ཚོགས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་གཤིག་པའི་རུ་དྲ་ལ། །ཡེ་ཤེས་གྲུབ་དང་ལས་ལ་གྲུབ་པའི་ཚོགས། །རྡོ་རྗེ་མཁའ་འགྲོ་རྣལ་འབྱོར་མ། །ལས་ཀྱི་རླུང་གིས་མཁའ་ལ་འགྲོ། །སྡིག་པའི་གད་མོས་ཁྲག་འཐུང་ཞིང་། །ཤ་ཁྲག་ཡང་ཕུད་གཙོ་ལ་སྟོབ། །ལྷག་མར་བཅས་པའི་གཏོར་མ་ལོངས། །དུར་ཁྲོད་ཡི་དྭགས་འབྱུང་པོའི་ཚོགས། །བྱ་དང་བྱོལ་སོང་གཅན་གཟན་རྣམས། །རྣམ་པར་བསྒྱུར་བའི་གཟུགས་འཛིན་ཅིང་། །ས་བླ་བར་སྣང་ས་འོག་འགྲོ། །ལྟ་ཞིང་རྒྱུག་ཅིང་རོ་ལ་འགྲད། །གཏོད་པའི་ཚུལ་གྱིས་རོ་ལ་ཟ། །དམ་རྫས་གཏོར་མ་འདི་ལོངས་ཤིག །ཡི་དྭགས་ནག་པོ་རོ་ལངས་སོགས། །འདོད་ཅིང་འཛིན་དང་གསོད་པ་དང་། །རྡེག་ཅིང་རབ་ཏུ་རྣམ་པར་འཇོམས། །གདུག་ཅིང་གཏུམ་ལ་གསོད་བྱེད་རྣམས། །སྙིང་རྗེ་མེད་པར་ཤ་ཁྲག་འཐུང་། གནོད་སྦྱིན་ཁ་འབར་སྲིན་པོའི་ཚོགས། །ཤ་ཟ་མཁའ་འགྲོ་སྲིན་མོའི་ཚོགས། །འབར་མ་གཤིན་རྗེའི་ཆུང་མ་རྣམས། །ཧ་ཧའི་གད་མོས་གཏོར་ལོངས་ཤིག །སྤྱུགས་པའི་གླུ་ལེན་རོ་ཤོན་གྱིས། །བསྟན་པ་བཤིག་པ་དབང་དུ་སྡུས། །བྷྱོ་བདག་གི་བསམ་པ་འགྲུབ་པར་མཛོད། ཧོཿལྷག་སྡུད་ཀྱི་དམ་ཚིག་ལ་གཏོགས་པའི་གཤིན་རྗེའི་ལྷ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ཏེ། དམ་ཚིག་ཉམས་ཆག་ཐམས་ཅད་སྐོངས་ནས། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་བཤགས་ཤིང་ཕྲིན་ལས་བཅོལ། ཡ་ཧི་གཙྪས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ་ལ། རོལ་མོ་དང་བཅས་པས་ལྷག་གཏོར་ལྷོ་ནུབ་ཏུ་བསྐྱལ་ལོ། །གཉིས་པ་བརྟན་མ་སྐྱོང་བ་ནི། ཕྱི་རོ ལ་དུ་བརྟན་མའི་གཏོར་མ་སྨན་ཕུད་ཀྱི་བྲན་ལ། ཏྲཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཏྲཱཾ་རཏྣ་ཏྲཻ་ལོ་ཀྱ་ཕཊ། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པ་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཧོཿ ནག་མོ་བཞིན་མི་སྡུག་པའི་བུ་མོ་བདུད་མོ་བཞི། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་བཞི་དང་། དཀར་མོ་མདངས་བཟང་མོའི་བུ་མོ་སྨན་བཙུན་མོ་བཞི་སྟེ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ། དཔལ་གྱི་ཕམ་ཕབ་བླང་བ་དང་། སྒྲུབ་པ་པོའི་སྡོང་གྲོགས་བྱ་བའི་ཕྱིར་གཤེགས་ཤིག །ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཞེས་ཐིབ་ཀྱིས་བྱོན་པར་བསམ། ཁྱུང་གཤོག་གི་རྒྱ་བཅས་ལ། ༀ་ཤྲཱི་མཉྫུ་ཀྲོ་དྷ་ཛྙཱ་ན་སརྦ་དུཥྚཾ་བནྡྷ་ཡ་ཕཊ། ཅེས་ཟིལ་གྱིས་མནན་ལ། ཧཱུྃ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གང ས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞེང་ཆེན་གདན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ༀ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ་མ་མ་སྲིང་འགྲོ་མ། ཧཱུཾ་བྷྱོ་ཧཱུཾ་ཧཱུཾ། ཞེས་དང་། མ་ཧཱ་པཉྩ་སོགས་ཀྱིས་སྨན་གཏོར་རཀྟས་ཀྱང་མཆོད་ཅིང་། སྨན་རཀ་སྦྲེང་། ཕྲིན་ལས་གསོལ་ཏེ། ཡ་ཧི་གཙྪ་ས་གཤེགས་སུ་གསོལ་ནས། གཏོར་མ་གཙང་སར་བསྐྱལ་ལོ། །གཏོར་སྣོད་ཆུས་བཤལ་བཟན་རིལ་འབྲུ་ཚོམ་དག་བཅས་པ་ལ་ཆབ་བྲན། ཏྲཾ་སྥ་ར་ཎ་ཕཊ། ཏྲཾ་ལས་ལྷག་གཏོར་འདོད་ཡོན་དྲུག་གིས་སྲིད་པ་གསུམ་ཁེངས་པར་གྱུར། ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་ཀྱིས། གཞན་ཡང་འགྲོ་བ་ཡོངས་ལ་བསྔོ། ཀུན་ཀྱང་ལོངས་སྤྱོད་ལྔ་ཡིས་ཚིམ་པ་དང་། དབང་པོའི་སྤྱོད་ཡུལ་སོ་སོར་ཚིམ་གྱུར་ཅིག །སརྦ་པྲེ་ཏཱ་ནཱཾ་ཨ་མྲྀ་ཧཱུཾ། ཞེས་བསྔོ་ལ་དོར། སྐབས་འདིར་མཆོད་བསྟོད། ནོངས་བཤགས་མ་གསུངས་པས་གསང་བ་སྤྱི་ལྟར་མདོར་བསྡུས་བྱས་ཀྱང་རུང་། མ་བྱས་ཀྱང་ཆོག་གོ། །གསུམ་པ་ཉེར་བསྡུ་ནི། མདུན་རྟེན་དང་འབྲེལ་བའི་སྐབས་གཤེགས་བཞུགས་གང་འོས་སུ་བྱས་ལ། བདག་བསྐྱེད་བསྡུ་བ་ནི། བཀའ་ཡི་སྲུང་མ་ཐམས་ཅད་ཀུན། །བདག་གི་རྣམ་འཕྲུལ་ངང་དུ་བསྡུ། །གཤེད་བཞི་རང་སྣང་ཐུགས་ལ་བསྡུ། །ཡོན་ཏན་ཕྲིན་ལས་གཤེད་པོ་རྣམས། །ཁྲོ་རྒྱལ་རང་འོད་ཆ་ལ་བསྡུ། །ཡུམ་ཆེན་རྡོ་རྗེ་ནག་མོ་ཡང་། །བདག་གི་ཀུན་བཞིའི་ངང་ལ་བསྡུ། །དབུས་ཀྱི་ཁྲོ་བོ་ཆེན་པོ་ཡང་། །ནང་གི་གཤེད་པོ་ཧཱུཾ་ལ་བསྡུ། །ཧཱུཾ། ཆོས་སྐུ་སྤྲོས་དང་བྲལ་ཏེ་རང་རིག་ཡོངས་དག་རྣལ་འབྱོར་རོ། །ཞེས་འོད་གསལ་དུ་བསྡུས་ལ་མཉམ་པར་བཞག །སླར། ཧཱུྃ་ཞེས་བརྗོད་པས་སྐད་ཅིག་གིས་འཇམ་དཔལ་ཡ་མཱནྟ་ཀའི་སྐུར་ལྷག་གིས་གསལ་བར་གྱུར། ཅེས་མོས་ལ་རྟག་ཆད་ཀྱི་མཐའ་བསལ་ལོ། །བཞི་པ་གོ་ཆ་བགོ་ཞིང་ལུས་བསྲུང་བ་ནི། མགོ་བོར་གོ་ཆ འི་རྒྱ་འཆིང་ལ། སྤྱི་བོར་ཧཾ་ལྗང་གུ་འོད་དུ་ཞུ་བ་ལས་ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱི་རྭ་ཕྲག་ན་ཁྲོ་ཆུང་གིས་བསྟུམས་པས་དཀར་ཧྲིལ་གྱིས་ཁེབས་པར་གྱུར། བཛྲ་ཀཱ་ཝཱ་ཙི་རཀྵ་ཛཿཧཱུཾ་བཾ་ཧོཿམཛུབ་མོ་གཡས་པ་ཉི་མ་ལ་ༀ། གཡོན་པ་ཟླ་བ་ལ་ཧཱུྃ། ༀ་ཧཱུཾ། ཞེས་ལྟེ་བར་བསྣོལ། སྔགས་བརྗོད་ལ་རིམ་བཞིན་བཅུ་དྲུག་མདོར། སྙིང་གར། ལྟག་ཁུང་། སྤྱི་གཙུག་ཏུ་བཞག་པས། ༀ་ལས་ཁྲོ་བོ་མི་འཆི་ཐབས་སྦྱོར་དམར་པོ་རྡོ་རྗེ་བསྣམས་པ། ཧཱུྃ་ལས་རྡོ་རྗེ་གནོད་སྤྱིན་སྔོ་ནག་ཕག་རྒོད་ཀྱི་མཆེ་བ་འཛིན་པ་གཉིས་ཞབས་བསྣོལ་མར་ཕྱིར་གཟིགས་ནས་གནས་གསུམ་དུ་བསྲུང་བར་གྱུར། ཐོད་སྐམ་རྒྱ་མགོར་བཞག་ལ། བཛྲ་བནྡྷརཏྣ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཐོད་པའི་ཁང་བུར་རིགས་ལྔ་ཞུགས་ཏེ་དབང་བསྐུར། དར་དཔྱང་རྒྱ་བཅིངས་ལ། ༀ་བཛྲ་ཨཱརྱ་ལཾ་བྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཾ་ཧྲཱིཾ། དར་དཔྱང་དམར་པོ་གཡས་ནས་གྱེན་ལ་འཕུར་བས་ཉེས་པས་མ་གོས་པར་བསམ། མཐིང་ག་གཡོན་ནས་མཐུར་ལ་དཔྱངས་པས་གདུག་པ་ཅན་ཟིལ་གྱིས་ནན་ཏེ་དོན་མཛད་པར་བསམ། ༀ་དྲྀ་ཤྱ་ཧོཿ ཞེས་ཐལ་མོ་མགོ་བོའི་གཡས་གཡོན་དབུས་གསུམ་དུ་བརྡབས་པས། སྐུ་གསུང་ཐུགས་སུ་བརྟན་པར་གྱུར་པས་བསམ། ལྔ་པ་བསྔོ་བ་ནི། འདི་བསྒྲུབས་པ་ཡི་དགེ་བའི་རྩ་བ་འདིས། །ཕ་མས་གཙོ་བྱས་རིགས་དྲུག་སེམས་ཅན་རྣམས། །བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་གྱུར་ནས། །རང་རིག་ཡ་མཱནྟ་ཀ་མངོན་གྱུར་ཤོག །ཅེས་དང་། འཇམ་དཔལ་དཔའ་བོ་སོགས་དང་ཐུན་མོང་མ་ཡིན་པའི་སྨོན་ལས་རྒྱ་ཆེར་གདབ། དྲུག་པ་ཤིས་བརྗོད་ནི། ཧཱུྃ། བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་གྱིས། །ཉོན་མོངས་ངར་འཛིན་རྣམ་དག་ཀུན་སྤངས་ཏེ། །ཡ་མཱནྟ་ཀའི་དོན་ལ་རབ་བསྒོམས་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་དབབ་བོ། །བདུན་པ་སྤྱོད་ལམ་ནི། ཅིར་སྣང་ཐམས་ཅད་ཡེ་ཤེས་ཀྱི་རང་འོད་འཇམ་དཔལ་ལྷའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ། སྒྲ་གྲགས་ཆོས་ཉིད་ཀྱི་རང་སྒྲ་གཤིན་རྗེ་གཤེད་པོའི་སྔགས་གྲགས་སྟོང་རྒྱུན་མི་འཆད་པ། རིག་པ་ངོ་བོ་སྟོང་པ་དབྱིངས་ཀྱི་ཆོས་ཉིད། རང་བཞིན་གསལ་བ་རང་བྱུང་གི་ཡེ་ཤེས། མཚན་ཉིད་མ་འདྲེས་ལ་ངོ་བོ་གཅིག་ཏུ་རྫོགས་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངང་དུ་མ་ཡེངས་པར་གནས་པར་བྱའོ། །འདི་ལ་དེང་སང་རྒྱུན་དཀོན་ཅིང་སྔོན་གྱི་ཆོག་ཁྲིགས་མཐོང་ཐོས་སུ་མ་གྱུར་པས་སྒྲུབ་མཆོད་ལྟ་ཅི་སྨོས་དབང་བསྐུར་ཙམ་ལའང་ལག་ལེན་ཐེབས་དཀའ་བས། རྩ་བའི་ཡེ་གེ་སྔོན་འགྲོ་རྒྱས་བསྡུས། ལས་བྱང་། སྒོམ་ཁོག་རྒྱས་བསྡུས། ལེ་ལག་རིགས་ལྟོ་སྦྱར་ཏེ་བཀླག་ཆོག་མར་རྒྱས་བསྡུས་འཚམས་པར་བཀོད་པའོ། །འོད་བྱེད་སར་བཞུགས་མཐུ་ལྡན་གནུབས་ཆེན་པོའ། །ཐུགས་དམ་ལྷ་མཆོག་རྩོད་མེད་གྲགས་འདི་ཡང་། །དུས་དང་སྐལ་དམན་མོས་པ་ཆུང་བ་ཡིས། །བག་ལ་ཉལ་བ་བསླང་ཕྱིར་འདིར་འབད་དོ། །གཤིན་བུ་རྣམ་བཞི་རྗེ་བོ་བཞིས་བསྒྲལ་ནས། །ཡེ་ཤེས་གཤེད་བཞིའི་ཕྱག་རྒྱ་རྣམ་རོལ་པས། །འཁྲུལ་པ་རྣམ་བཞིའི་གོ་རར་ཆུད་པ་རྣམས། །བླ་མེད་སྐུ་བཞིའི་རྒྱལ་སར་འདོན་ནུས་ཤོག །ཅེས་པ་འདི་འང་རིགས་བརྒྱའི་ཁྱབ་བདག་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རིང་ནས་བསྐུལ་མ་ནན་དུ་གནང་བ་དང་། སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་མདོ་ཁམས་རྫོགས་ཆེན་མཆོག་གི་སྤྲུལ་པའི་སྐུ་ལྔ་པ་པདྨ་ཐེག་མཆོག་བསྟན་འཛིན་འཇིགས་མེད་གྲུབ་པའི་དབང་པོའི་ཞལ་སྔ་ནས་དང་། བསླབ་གསུམ་དབང་ཕྱུག་མཁན་བླ་མ་དཀོན་མཆོག་འོད་ཟེར་ནས་གསུང་བསྐུལ་མཛད་པ་ལྟར། འཇམ་དཔལ་གཤིན་རྗེའི་བཀའ་བབ་ཀྱི་ལུང་མཆོག་ཐོབ་པའི་སྔགས་རིགས་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཤྲཱི་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
འཇམ་དཔལ་གཤིན་རྗེ་གཤེད་གདོང་དྲུག་པ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རྣམ་པར་རོལ་པ།
༄༅། །འཇམ་དཔལ་གཤིན་རྗེ་གཤེད་གདོང་དྲུག་པ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རྣམ་པར་རོལ་པ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཤྲཱི་ཡ་མ་རཱ་ཛ་ཡེ། རྒྱལ་བ་ཀུན་གྱི་གསང་གསུམ་སྟོབས། །གཅིག་བསྡུས་འཇམ་དཔལ་ཁྲོས་པའི་ལྷར། །བཏུད་ནས་སྒྲུབ་མཆོད་ཙམ་གྱི་ཕྱིར། །དཀྱིལ་འཁོར་ཆོ་ག་འདུས་གསལ་དགོད། །འདི་ལ་སྒྲུབ་པ་ཆེན་པོ་དང་འབྲེལ་བའི་ལས་ཀྱི་རིམ་པ་མང་དུ་གསུངས་ཀྱང་དེང་སང་ལག་ཏུ་ལེན་པ་མི་འབྱུང་བས་མ་སྤྲོས་ལ། ཕྱིས་སུ་གསར་མའི་རྒྱུད་སྡེ་རྣམས་ཀྱི་ཕྱག་སྲོལ་ལྟར་སྒྲུབ་མཆོད་དཀྱུས་མའི་ཕྱག་ལེན་སྤྱི་འགྲིགས་ལྟར་བཀོད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། ས་བསླང་དང་། སྟ་གོན་ནམ་ལྷག་པར་གནས་པའོ། །དང་པོ་ནི། དཀར་གཏོར་མཆོད་པ་བཅས་བཤམས་ལ། བདག་ཉིད་སྐད་ཅིག་གིས་དཔལ་ཡ་མཱནྟ་ཀའི་སྐུར་གྱུར། གཏོར་མ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསང་། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧཱུཾ་ཕཊ་ཀྱིས་བགེགས་བསྐྲད། ༀ་སྭ་བྷཱ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུཾ་ཧོཿ ལན་གསུམ་བརྗོད་ལ་བརྟག་པ་བཞིས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿས་མགྲོན་བཀུག །སྠ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏཱ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཐཱ་ཁཾ་ཨུ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིཾ་ཏ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད་ལ་ཕྲིན་ལས་མཅོལ་བ་ནི། ཧཱུྃ། དགོངས་ཤིག་ས་བདག་ལྷ་གླུ་སྡེ་དང་དཔུང་། །གངས་རི་གཡའ་རི་ལུ་མ་སྐྱེད་མོས་ཚལ། །མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས། །ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་ན། །འཛམ་གླིང་ཆེན་པོ་བསྒྲུབ་པའི་ས་བླང་ཕྱིར། །ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ། །བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ། །རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ། །གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ལ། གཏོར་མ་ཕྱི་རོལ་དུ་འབུལ། སྦྱོང་བ་ནི། ལག་གཡས་ཀྱི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམ་ནས། ༀ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ས་ལ་ལན་གསུམ་གཏུག །ཏིང་ངེ་འཛིན་གྱིས་སྦྱང་བ་ནི། བདག་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུཾ་ཕྲ་མོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་སྦྱངས། བྷྲཱུཾ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་གྱུར་པར་བསམ། སྲུང་བ་དང་མཚམས་བཅད་པ་ནི། སེང་ལྡེང་གི་ཕུར་བ་དར་ནག་གི་ཅོད་པན་ཅན་བཅུ་ཕུར་གདན་བཅས་པ་འདུ་བྱས་ལ། རྣམ་པར་མི་རྟོག་པའི་ངང་ལས། རྡོ་རྗེ་གསུམ་གསོར་ཏེ། བདག་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་གྱུར། ཐུགས་ཀར་ཧཱུཾ། ཧཱུཾ་ཞེས་བརྗོད་པས་དེ་འོད་དུ་ཞུ་ནས་ཐིམ། ཨ་ཀྲོ་ཏེ་ཀ་ཧཱུཾ། རང་ཉིད་སྐད་ཅིག་གིས་འཇམ་དཔལ་ཡ་མཱནྟ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན་བསྣམས་ཤིང་གཡོན་སྡིགས་མཛུབ་སྒྲེང་བའི་སྐུར་གྱུར། མདུན་དུ་ཁྲོ་བོ་ཌཱ་ཀི་རཱ་ཛ་མཐིང་ནག་གཡས་ཐོ་བ་གཡོན་ལྕགས་ཀྱུ་འཛིན་པ་གསལ། ཕྱིར་རོལ་འཁོར་ལོ་རྩིབས་བཅུའི་ནང་དུ་ཉི་མའི་དཀྱིལ་འཁོར་རེ་རེ་འཁོར་པར་གྱུར། ༀ་སུམྦྷ་ནི་སོགས་བརྗོད། ཅེས་བསྐུལ་བས་ཁྲོ་བོའི་སྤྲུལ་པ་མང་པོས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ་ཉི་གདན་གྱི་སྟེང་དུ་ཕོ་མོ་ཟུང་རེ་བཅིངས་ནས་བཏིང་བར་གྱུར། རང་གི་ཐུགས་ཀ་ནས་ཧཱུཾ་ཡིག་བཅུ་སྤྲོས་ཕུར་པ་ལ་ཐིམ་པས་ཕུར་པ་རྣམས་སྟོད་ཞལ་གསུམ་ཕྱག་དྲུག་ཤིན་ཏུ་ཁྲོས་པ། སྨད་ཕུར་བུ་ཟུར་གསུམ་རྣོ་དབལ་མགར་གྱི་སོལ་མེ་ནས་བཏོན་པ་ལྟ་བུར་གྱུར་པར་བསམ་ལ། ༀ་བཛྲ་ཀྲོ་ཧ་ཧཱུྃ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དནྜ་ཧཱུྃ་ད་ཧ་ད་ཧ་ཧཱུཾ་ཕཊ། གནོད་བྱེད་འབྱུང་བོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱ་ཨ་ཙ་ལ་ཧཱུཾ་བནྡྷ་བནྡྷ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལི་ཚནྡྷ་ཚནྡྷ་ཧཱུྃ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་བྷིནྫ་བྷིནྫ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བཏགས་པས་ཕྱོགས་གཡས་བསྐོར་མཚམས་གཡོན་བསྐོར། སྟེང་ཤར་གྱི་ཤར་དང་། འོག་ནུབ་ཀྱི་ནུབ་ཏུ་བཏབ་པས། ཕྱོགས་བཅུའི་བགེགས་ཕོ་མོ་བྱི་ཆིངས་སུ་མནན་པའི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པས་བསམ་མོ། །བགེགས་ལྷག་མ་བསྐྲད་པ་ནི། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་དང་། རིག་པའི་རྒྱལ་པོ་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། སའམ་བར་སྣང་ལ་གནས་པ་ལ་སོགས་པའི་བགེགས་དང་ལོག་འདྲེན་མི་མཐུན་པའི་ཕྱོགས་ཐམས་ཅད་འདིར་མ་གནས་པར་དེངས་ཤིག །གལ་ཏེ་མི་འགྲོ་ཞིང་འདུག་པར་གྱུར་ན། ངའི་ཡེ་ཤེས་ཀྱི་མཚོན་ཆ་འབར། རབ་ཏུ་འབར། ཀུན་ཏུ་འབར་བ་འདི་མཐོང་བ་ཙམ་གྱིས་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་ཤིང་། ལུས་དུམ་བུ་སྟོང་དུ་འགྲོ་བ་ལ་སོགས་པའི་སྡུག་བསྔལ་ཤིན་ཏུ་དྲག་པོ་ཉམས་སུ་མྱོང་བར་གྱུར་ཅིག །ༀ་ན་མོ་བུདྡྷཱ་ཡ། དྷརྨ་སང་གྷ་བྷྱཿ སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ་ཨག་ནི་ཛྭ་ལི་ཏ་ཛི་ཧྭཱ་པྲ་ཏ་བྱིར་ཡ་ཧཱུཾ་ཕཊ། ཅེས་མཚོན་ཆའི་ཚོགས་སྤྲོས་པས་ཚར་བཅད། སླར་འདུས་གུར་ཁང་དུ་གྱུར་བར་བསམ། ཧཱུཾ་ཧཱུཾ་ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། མངག་གཞུག་ཕོ་ཉའི་ལས་མཛད་པ། །ཁྲོ་ཆེན་གཤིན་རྗེ་གཤེད་པོ་ཡིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ༀ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུཾ་ཕཊ། དེ་ནས་མེ་མཚམས་པ་བཅད་དེ། །ཨེ་རཾ་ཛྭ་ལ་རཾ་ཕཊ་རཾ། ཡེ་ཤེས་ཀྱི་རང་འོད་ཀྱིས་ཐ་མལ་འཁྲུལ་པའི་སྣང་བ་ཐམས་ཅད་བསྲེགས་ཤིང་སྦྱངས། ལས་ཀྱི་མེ་རི་བསྐལ་པའི་མེ་ཆེན་ལྟ་བུས་ལོག་འདྲེན་ཚར་བཅད་པར་གྱུར། ལས་བྱང་ནས་འབྱུང་བ་ལྟར། ཧཱུཾ། རྡོ་རྗེ་ལྷུན་པོ་རི་རབ་རྩེ་བརྒྱད་སོགས་བརྗོད། ཕུར་པ་དང་མེའི་དཀྱིལ་འཁོར་གྱི་ཁྲོ་བོ་ལ་བསྟོད་པ་ནི། ཧཱུཾ། མེ་ཡི་དཀྱིལ་འཁོར་ལ་གནས་རྣམ་མཛད་ཀྱིས། །ཞབས་དྲུང་དབྲལ་དབྱེས་ལས་བྱུང་མི་གཡོའི་བྲན། །བདུད་ལས་རྣམ་རྒྱལ་ཕྱག་དྲུག་མདའ་དང་གཞུ། །དམ་སྲི་ཞགས་བསྡམས་རྡོ་རྗེའི་ཆར་འབེབས་པ། །ཁྲོ་བོ་གྲངས་མེད་པས་ནི་ཡོངས་བསྐོར་ནས། །བགེགས་རྣམས་སྐྲག་མཛད་ཧཱུཾ་གིས་སྒྲས་བཀང་སྟེ། །འཇིག་རྟེན་གསུམ་པོ་གང་བ་རྣམ་པར་འཇིག །ཅེས་བརྗོད་དོ། །གཉིས་པ་སྟ་གོན་ལ་བཞི། ལྷ། བུམ་པ། སློབ་དཔོན། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། གཞུང་འདིའི་དགོངས་པ་བསྙེན་པ་དང་སྦྲེལ་བ་ནི་ད་ལྟ་ལག་ཏུ་མི་ལོན་པས་འདིར་སྤྱིའི་འགྲོས་ལྟར་བཀོད་པ་ལ། དང་པོ་ཆག་ཆག་གདབ་པ་ནི། སྟེགས་བུ་བ་བྱུང་གིས་བྱུགས་པ་ལ་དྲི་ཆེན་དང་དྲི་ཆུས་ཆག་ཆག་གདབ་སྟེ། ཧཱུཾ། རྡོ་རྗེ་དྲི་ཆེན་ཆག་ཆག་འདི་བཏབ་པས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། །སྣང་མེད་སྐུ་ཡི་རང་བཞིན་པས། །སྟོང་ཉིད་ཡེ་ཤེས་སྐུརུ་གསལ། །རྡོ་རྗེ་དྲི་ཆེན་དྲི་ཆུ་ཡིས། །གསང་བའི་མ་དྷལ་ཆག་ཆག་གདབ། །མ་ཧཱ་བ་སུ་ཏ་གུཧྱ་མ་དྷ་ལ་ཧཱུཾ། པདྨ་རཀྟ་བྱུགས་ལ། ཧཱུཾ། ཤེས་རབ་ཡུམ་གྱི་རཀྟ་འདི། །ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་ཏེ། །ཁམས་གསུམ་དབང་དུ་སྡུད་པའི་ཕྱིར། །གསང་བའི་མ་དྷལ་ཆག་ཆག་འདེབས། །རཀྟ་གུ་ཡ་ས་མ་ཡ་མ་དྷ་ལ་ཧཱུཾ། ཞེས་རཀྟས་ཆག་ཆག་གདབ་བོ། །དེ་ནས་ཐིག་གདབ་པ་ནི། ཐིག་སྐུད་འདུ་བྱས་ལ། བདག་ཉིད་གཤིན་རྗེ་གཤེད་ཡབ་ཡུམ་གྱི་སྦྱོར་མཚམས་ནས། ལས་ཀྱི་རྡོ་རྗེ་ཁྱེའུ་ཆུང་སྔོོན་པོའི་གཟུགས་སུ་སྤྲོས། ལག་པ་གཡས་ཟླ་བ། གཡོན་ཉི་མའི་དཀྱིལ་འཁོར་དུ་གྱུར། ཧཱུཾ། འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ། །དུར་ཁྲོད་འབར་བའི་གཞལ་ཡས་འདིར། །གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །བྱང་ཆུབ་ཕོ་བྲང་གཞལ་ཡས་ལྷུན་གྱིས་གྲུབ། །ༀ་ཛྙཱ་ན་ཙཀྲ་མ་དྷ་ལ་ཧཱུཾ། ཞེས་པས་མཁའ་ལ་ཡེ་ཤེས་ཀྱི་ཐིག་གདབ། ཐིག་སྐུད་རཀྟས་སྦགས་ལ། ཧཱུཾ། འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ། །དུར་ཁྲོད་འབར་བའི་གཞལ་ཡས་སུ། །གདུག་པའི་ཚོགས་རྣམས་བསྒྲལ་སླད་དུ། །ཕོ་བྲང་གཞལ་ཡས་ལྷུན་གྱིས་གྲུབ། །གཤིན་རྗེའི་ཕོ་བྲང་བཞུགས་གནས་འདིར། །མ་ཧཱ་རཀྟའི་ཐིག་གདབ་བོ། །ༀ་ཙཀྲ་མ་དྷ་ལ་ཧཱུཾ། ཞེས་གནམ་ཐིག་གདབ་ལ། ༀ་མཉྫུ་ཤྲཱི་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་ཅིང་བསྐོར་ཕྱོགས་མ་འཁྲུལ་བ་སོགས་མཐོང་རྒྱུད་ལྟར་ཡེ་ཐིག་རྫོགས་པར་གདབ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་མགྱོགས་དབང་སྐབས་ནི་ཆག་ཆག་གདབ་པ་ཙམ་ལས་ཐིག་ཚོན་གྱི་བྱ་བ་མི་དགོས་སོ། །དེ་ནས་ལྷ་གནས་རྣམས་སུ་དྲིའི་ཐིག་ལེ་གཙོ་བོ་ལ་གྲུ་བཞི། འཁོར་རྣམས་ལ་ཟླུམ་པོར་བྱས་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཀོད། སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་ཏེ་བཤམ། བདག་བསྐྱེད་བཟླས་པ་དང་བཅས་སྔོན་དུ་འགྲོ་བས། མདུན་གྱི་མཆོད་གཏོར་རྣམས་བྱིན་བརླབ། དཀྱིལ་འཁོར་གྱི་ས་བཞིར་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་དབུས་སུ་ཚོམ་བུ་རྣམས་གཙོ་འཁོར་སོ་སོའི་གདན་ཇི་ལྟ་བ་བཞིན་གྲུབ་པར་གྱུར་པའི་དབུས་སུ། འཇམ་དཔལ་ཁྲོས་པའི་སྐུ་གཞོན་ནུ་གདོང་དྲུག་པ། ཞེས་པ་ནས་བསྐྱེད་ཆོག་ལྟར་བསྐྱེད། ཡེ་ཤེས་པ་སྤྱན་འདྲེན། བཞུགས་གསོལ་བྱ། མཆོད་པ་རྒྱས་བསྡུས་སྐབས་དང་སྦྱར། བསྙེན་བཟླས་གང་འོས་བསྟོད་པའི་བར་བྱ། གསོལ་བ་གདབ་པ་ནི། སྤོས་བཏུལ་ཞིང་དྲིལ་བུ་གསིལ་བས། བཅོམ་ལྡན་རྡོ་རྗེ་གཤིན་རྗེའི་གཤེད། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །སེམས་ཅན་རྣམས་ལ་བརྩེ་བ་དང་། །ཁྱོད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱིས། །རབ་གནས་གནང་བ་བགྱིད་པར་འཚལ། །གུས་པས་བདག་དང་འདི་ལ་ནི། །བཀའ་དྲིན་དག་ནི་མཛད་པར་རིགས། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །རྡོ་རྗེ་ཡི་ནི་སྤྱན་ལྡན་རྣམས། །རྡོ་རྗེ་འཆང་ཆེན་གཤིན་རྗེ་གཤེད། །རིག་པའི་རྒྱལ་པོ་འདི་ཡིས་ནི། །ལྷག་པར་གནས་པར་བགྱིད་པར་འཚལ། །དེ་བས་རྡོ་རྗེ་རྣལ་འབྱོར་ལ། །ཐུགས་རྗེ་ལྡན་པ་བྱིན་རློབས་མཛོད། །ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་ལན་གསུམ་བརྗོད་དེ་སྙན་གསན་ཕབ། འཇམ་དཔལ་གྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་བཏེགས་ཏེ་ཚོམ་བུ་བསྡུའོ། །གཉིས་པ་བུམ་པ་སྟ་གོན་ནི། རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ་ཕྱག་མཚན་བྲིས་པ་གཉིས་དྲག་སྔགས་བརྗོད་ལ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། གཙོ་སྔགས་དང་ལས་སྔགས་སོ་སོར་བརྗོད་ལ། ལྔ་ཚན་ལྔ་དང་རྒྱུན་འབབ་ཀྱི་ཆུས་སུམ་གཉིས་བཀང་། དར་གྱི་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་བཅས་སྟེགས་བུའི་དབུས་དང་། བྱང་ཤར་དུ་བཀོད། མཆོད་གཏོར་བཤམས་ལ་བྱིན་བརླབ། བསང་སྦྱངས། སྟོང་པའི་ངང་ལས་བུམ་པ་ཕྱི་བུམ་པ་མཚན་ཉིད་ཀུན་ཚང་ནང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་གྱུར་པའི་ནང་སོ་སོའི་གདན་དང་བཅས་པ་གསལ་པར་གྱུར། ༀ་ཨ་ཀྲོ་ཏེ་ཀ་སོགས་ལན་སོགས་གསུམ་བརྗོད། དབུས་སུ་འཇམ་དཔལ་ཁྲོས་པའི་སྐུ་གཞོན་ནུ་གདོང་དྲུག་པ། ཞེས་སོགས་མངོན་རྟོགས་ཚང་བར་བརྗོད། མི་ལྕོགས་པ་ན་དེའི་འཕྲོས་སུ། གཡོན་དུ་སྦྱོར་བའི་ཡུམ་རེ་མ་ཏཱི། གཡས་གཡོན་རྒྱབ་ཏུ་མ་མོ་གསུམ། །རྩིབས་རྣམས་ལ་ཕྱོགས་སྐྱོང་གི་གཤེད་པོ་ཡབ་ཡུམ་བཅུ། ཕྱོགས་བཞིར་བསྭེ་མོ་བཞི། གཞན་ཡང་སྒྲོལ་ཡུམ་སྲས་མཆོག་གཤེད་བཞི་ལ་སོགས་པ་ཉི་མ་དང་འོད་ཟེར་ལྟར་རང་བཞིན་གྱིས་གྲུབ་པའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས། འོག་མིན་ནས་ཡེ་ཤེས་པ་སྤྱན་དྲངས། ཞེས་པ་ཙམ་གྱིས་གསལ་བཏབ་ལ། སྤྱན་འདྲེན་ནས་མཆོད་པའི་བར་སྔགས་ཙམ་གྱིས་རྫོགས་པར་བྱ། གཟུངས་ཐག་འཐེན་ལ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་གཟུངས་ཐགས་ལ་འཁྲིལ་ཏེ་བུམ་ནང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཞུགས་པར་བསམ་ལ་བཟླས་པ་དང་བསྟོད་པ་བྱ། ལས་བུམ་བསང་སྦྱངས། ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་གཡས་རྒྱ་གྲམ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཀྱི་བརྒྱན་ཅིང་ཞབས་བརྐྱང་བསྐུམ་གྱིས་བཞེངས་པར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿ ཧཱུཾ་བཾ་ཧོཿ དབང་ལྷས་དབང་བསྐུར། རིགས་བདག་དོན་ཡོད་གྲུབ་པས་དབུ་བརྒྱན། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་བསམ་ལ། ༀ་བཛྲ་ཨ་མྲྀ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླ། མཐར་རྣམ་རྒྱལ་དང་ལྷན་ཅིག །ༀ་ཨཱཿཧཱུཾ། གིས་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པར་བསམ་མོ། །གསུམ་པ་སློབ་དཔོན་དང་། བཞི་པ་སློབ་མ་སྟ་གོན་ནི་དབང་བསྐུར་གྱི་སྐབས་ལས་མི་མཁོ་བས་དབང་ཆོག་ཏུ་ཤེས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། རྟེན་གྱི་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ་བྱ་བའོ། །དང་པོ་ནི། རྡུལ་ཚོན་སྣ་ལྔ་ཁ་དོག་རིགས་བསྡེབས་ལ་ༀ་ཧཱུཾ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ། འབྲུ་བཅུ་མང་དུ་བརྗོད་ལ་བྱིན་བརླབས། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ་ལ་ཚོན་བཀྲ་བརྟགས་པ་སོགས་མཐོང་རྒྱུད་ལྟར་འགྱེད། དེའང་དབུས་སུ་གྲུ་གསུམ་མཐིང་ནག་མུ་ཁྱུད་ཀྱིས་བསྐོར་བའི་ཟླ་གམ་གསུམ་དམར་པོ། དེ་རྒྱབ་འཁོར་ལོ་སེར་པོ་རྩིབས་བརྒྱད་ལ་མུ་ཁྱུད་ཀྱིས་བསྐོར་བའི་རྩིབས་མཆན་དམར་པོ། གྲུ་ཆད་བཞི་ལྗང་གུ། ལྷ་སྣམ་དམར་པོ། སྒོ་ཕྱོགས་མདོག །དེ་དག་རྣམས་སུ་ལྷ་མཚན་ནི། གཙོ་བོ་ལ་སྐུ། འཁོར་རྣམས་ལ་ཕྱ་མཚན་ནམ་ཐིག་ལེ་སོགས་རྒྱས་བསྡུས་སྐབས་བསྟུན་དང་། རྟ་བབས་དང་ཁོར་ཡུག་དུར་ཁྲོད་རྡོ་ར་མེ་རི་སོགས་སྤྱི་དང་མཐུན་པར་བྲིའོ། །དེ་ནས་རྟེན་དགོད་པ་ནི། བསྙེན་སྒྲུབ་ཀྱི་སྐབས་སུ་ཐོད་པ་མཚན་ལྡན་ལ་བྲིས་པའམ་འབུར་སྐུ་དང་རས་བྲིས་ལ་སོགས་པའི་སྐུ་རྟེན། གསུང་རྟེན་རྒྱུད་སྒྲུབ་ཐབས་ལ་སོགས་པའི་གླེགས་བམ། ཐུགས་རྟེན་འཁོར་ལོ། ཁ་ཾ་རྡོ་རྗེ་སོགས་ཕྱག་མཚན་རྣམས་དང་། ཕུར་པ་ལྷ་གྲངས་དང་མཉམ་པའི་གཙོ་ཕུར་ཚད་ལྡན། འཁོར་ལོ་དང་གྲྭའུ་ལ་སོགས་པའང་དགོད་པར་གསུངས་མོད། སྐུ་གསུང་ཐུགས་དང་ཕུར་པ་དམ་ནི་འགོད་དགོས་པར་གསལ། རྟེན་གཏོར་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་དམར་གཏོར་ཟུར་གསུམ་མེ་རི་ལ་སོགས་པ་རྒྱན་ལྡན་གྱི་གཡོན་དུ་མོ་རྒྱུད་གཏོར་མ། འཁོར་ལྷ་གྲངས་དང་མཉམ་པའི་གཏོར་ཆུང་ཟུར་གསུམ་མམ་ཐེབ་ཀྱུས་བསྐོར་བ། དར་གདུགས་མཐིང་ནག་ཅན་དང་། མཆོད་གཏོར་རྒྱན་ལྡན། རྩ་བརྒྱད་སྟོང་སྦྱར་གྱི་སྨན་ཐམས་ཅད། རཀྟ་སོ་ལྔ་དང་ལྡན་པའི་ཁྲག་སྣོད། ཆུ་གཉིས་ཉེར་སྤྱོད་ཞི་དྲག་གཉིས་སོགས་དང་། དབང་གི་སྐབས་དབང་རྫས་ཐམས་ཅད་ཚོགས་པར་བྱས་ལ། དྲག་སྔགས་བརྗོད་ཅིང་གུ་གུལ་གྱི་དུད་པས་བདུག །ཡུངས་ཐུན་གྱིས་བགེགས་བསྐྲད། ཨ་ཀྲོ་བཅུ་བདུན་མའི་ཛཔ྄་དབྱངས་བྱས་པས་རྟེན་རྣམས་དཀྱིལ་འཁོར་གྱི་ལྷར་ལམ་ལམ་དུ་གྱུར་པར་མོས་ལ་དཀྱིལ་འཁོར་གྱི་དབུས་དང་མཐའ་བསྐོར་སོགས་སོ་སོའི་གོ་ས་དང་མཐུན་པར་རིམ་པར་དགོད། སྔར་སྟ་གོན་བྱས་པའི་རྣམ་བུམ་དབུས་དང་ལས་བུམ་བྱང་ཤར་དུ་བཀོད། གཏོར་མ་དགོད་པ་ནི། ཧཱུྃ་བདག་ཉིད་གུ་ཧྱ་གསང་བའི་ཡུམ། །དུས་གསུམ་དཔལ་གྱི་ཐུགས་དམ་བསྐང་བ་ནི། །དམ་ལས་འདས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །ཟླ་གམ་དཔལ་གྱི་གསང་སྡེར་དུ། །དམ་རྫས་བདུད་རྩི་ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་ཆོས་ལྔ་རང་བཞིན་དབྱེར་མེད་མཉམ། །དག་པ་ཆེན་པོ་བདུད་རྩིའི་རང་བཞིན་འདི། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །མི་འགྱུར་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨ་ལ་ལ་ཧོཿ ཞེས་རྟེན་གཏོར་དཀྱིལ་འཁོར་གྱི་དབུས་དང་མཆོད་གཏོར་རྒྱབ་མདུན་གང་བདེར་བཀོད། སྨན་ཐོད་ནི། ཧཱུྃ། དུར་ཁྲོད་གསང་བ་བམ་གྱི་དཀྱིལ་འཁོར་དུ། །བྷནྡྷ་འཕྲུལ་ཞལ་ཚད་ལྡན་དུ། །རྩ་བ་བརྒྱད་ལ་ལོ་མ་སྟོང་དུ་སྦྱར། །འབྲུ་བཅུད་སྟོང་ལས་སྦྱར་བའི་སྨན། །དཔལ་ཆེན་འཁོར་བཅས་ཐུགས་དམ་བསྐང་བ་དང་། །རྣལ་འབྱོར་དབང་ཕྱུག་གཡར་དམ་བསྐང་བའི་ཕྱིར། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །མི་འགྱུར་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨ་ལ་ལ་ཧོ། ཞེས་གཡས་སུ་བཀོད། རཀྟ་ནི། ཧཱུཾ། དུར་ཁྲོད་གསང་བ་བམ་གྱི་དཀྱིལ་འཁོར་དུ། །ཨེ་མ་ཧོ་རང་བཞིན་གྲུབ་པའི་རྫས། ཡེ་ཤེས་ལྔ་ལྡན་ཀ་པཱ་ལར། །ཐུགས་རྗེ་ཆགས་པ་རཀྟས་བཀང་། །རཀྟས་མ་མོའི་ཐུགས་དམ་བསྐང་བའི་ཕྱིར། །གྲུབ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །མི་འགྱུར་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨ་ལ་ལ་ཧོ། ཞེས་གཡོན་དུ་བཀོད། གཞན་ཡང་རྒྱན་རྫས་རྣམས་ཀྱིས་སྤྱི་ལྟར་བརྒྱན། ལྷག་ཆད་སྐོང་བའི་དོན་དུ་ཡིག་བརྒྱ་བཟླ། རོལ་མོ་དང་སྤོས་བཏུལ་ལ། བྱིན་དབབ་པ་ནི་བབ་དྲུག་དང་། ཧཱུྃ། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད། །རིང་མོ་ཙམ་ནས་བསྙེན་པའི་ལྷ། །བདག་ལ་དབང་ཆེན་བསྐུར་དུ་གསོལ། །བདག་ལ་བྱིན་ཆེན་དབབ་ཏུ་གསོལ། །ས་མ་ཡ་མཉྫུ་ཤྲཱི་ཧཱུཾ། ཞེས་དང་སྙིང་པོའི་གཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་མང་དུ་བརྗོད་ལ་སྔར་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་པའང་དཀྱིལ་འཁོར་ལ་ཐིམ་པར་མོས། གཉིས་པ་སྒྲུབ་ཅིང་མཆོད་པ་ནི། སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་པས་འདུག་སྟེ་ལས་བྱང་གི་དབུ་ནས་བརྩམ་རིམ་པར་བཏང་བའི་བཤགས་པའི་རྗེས་སུ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ལ། བདག་ཀྱང་རྣལ་འབྱོར་དམ་ཚིག་ཅན། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། །དམ་ཚིག་གཉན་ལས་མི་འདའ་བས། །ཡི་དམ་གཉན་ཡང་ཐུགས་དམ་དེ་ལས་མ་འདའ་ཞིག །ཅེས་སྦྱར། སྨན་གཏོར་རཀྟ་སོ་སོའི་བྱིན་རླབས་རྫོགས་པའི་རྗེས་སུ་ཚིགས་བཅད་འདི་རྣམས་རིམ་པར་སྦྱར་ཏེ་སྨན་ལ། ཧཱུྃ། ཐམས་ཅད་འབྱུང་བ་ལྔ་ལས་བྱུང་། གཙང་དང་དམེ་དང་རྣམ་རྟོག་བྲལ། །བདུད་རྩིའི་སྣོད་ནི་ཡུམ་གྱི་མཁའ། །བདུད་རྩིའི་རྒྱུ་ནི་བྱང་ཆུབ་སེམས། །བདུད་རྩི་ལས་ནི་རྟོག་པ་འཇོམས། །བདུད་རྩིའི་དོན་ནི་སྐྱེས་ཤི་མེད། །གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ། །འཆི་མེད་བདུད་རྩིའི་མཆོད་པ་འབུལ། །ཞེས་དང་། གཏོར་མ་ལ། ཧཱུཾ་གཏོར་མ་རྣམས་ནི་ཉི་ཟླའི་གྭ་འུ་རུ། ཚེ་དང་གལ་གྱིས་གཉིས་སུ་མཐུན་བསྡེབས་ནས། །དཀར་གྱི་ཐིག་ལེ་དམར་གྱི་གུར་ཕུབ་ནས། །རྨད་དུ་བྱུང་བའི་རྫས་མཆོག་གཏོར་མ་འདི། །གཤིན་རྗེ་གཤེད་པོ་འཁོར་དང་བཅས་ལ་འབུལ། ། ཞེས་དང་། རཀྟ་ལ། ཧཱུྃ། བྷ་ག་ཟབ་མོའི་མཁའ་དཀྱིལ་དུ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་མཚོ་ལྟར་བསྐྱིལ། །མཁའ་དབྱིངས་རྣམ་པར་དག་པའི་གཞལ་ཡས་སུ། །ཀུན་བཟང་ཐུགས་ཀྱི་སྒོ་མོས་ཆར་ཕབ་ནས། །རཀྟ་དངོས་མེད་མཁའ་དབྱིངས་རྣམ་པར་དག །རྟག་ཏུ་རྐང་དང་ཁྲག་ལ་དགྱེས་པ་ཡི། །གཤིན་རྗེ་ཟ་བྱེད་འབར་བའི་ཚོགས་ལ་འབུལ། །ཞེས་སོ། །དེ་ནས་ཏིང་འཛིན་རྣམ་གསུམ་ནས་བརྩམ། དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྒྲུབ་ཅིང་མཆོད། བཟླས་པའི་མགོར་སྔགས་ལ། ཕཊ་ཛཿ བཏགས་པས་ཛཔ྄་ཁང་ཕྱེས་ནས་སྤྲོ་བསྡུ་སོགས་བདག་མདུན་གཉིས་ཀ་ལ་དམིགས་ཏེ་བཟླས་པ་བྱ། ལས་ཀྱི་རིམ་པ་གཞན་ལས་བྱང་ལྟར་ལ་བསྙེན་པ་དང་སྒྲུབ་པ་ཆེན་པའི་སྐབས་སུ་ཆོས་སྲུང་གི་གཏོར་འབུལ་སྤྱི་དང་། ཁྱད་པར་ཁྲོམ་བདག་བརྒྱད། ལས་གཤིན། རོ་ཁ་མ་གསུམ་སོགས་ལ་གཏོར་མ་འབུལ་དགོས་པར་གསུངས་པའང་རྩ་གཞུང་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། སྒྲུབ་མཆོད་གྲུབ་པའི་ཉིན་ཐ་མ་ལ། དངོས་གྲུབ་བླང་བའི་རྫས་གཏོར་ལ་ཁ་ཟས་བཟང་དགུས་བརྒྱན། སྤྱི་ལུགས་ལྟར་ཚེ་གལ་སོགས་ཀུན་ལ་བཀྱེ་རྒྱུ་གང་འཛོམ་བཀོད་ཀྱང་རུང་། ལས་བྱང་བཟླས་པ་ཚོགས་བརྟན་སྐྱོང་བཅས་གྲུབ་པ་དང་། ཧཱུྃ། རང་སེམས་རྡོ་རྗེར་བསམ་ནས་ནི། སོགས་ཀྱིས་བགེགས་བསྐྲད། མེ་མཚམས་སྔགས་ཀྱི་སྲུང་འཁོར་བསྒོམ། བཅོམ་ལྡན་དཔལ་ཆེན་སོགས་ཀྱིས་བཤགས་པ་བྱ། བབ་དྲུག་གིས་བྱིན་དབབ་ནས། སྨན་གཏོར་རཀྟ་གསུམ་བྱིན་བརླབ། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཐིག་ལེ་ཁ་དོག་རྣམ་ལྔའི་ཚུལ་དུ་བྱུང་ནས་བདག་དང་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ཞིང་། རྩ་སྔགས་གསུམ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིངྔྷི་ཕ་ལ་ཧཱུཾ། ཞེས་བཏགས་པ་བརྒྱ་སྟོང་ཅི་འགྲུབ་བཟླས། དངོས་ཀྱི་ཕུད་སྨན་གཏོར་རཀྟ་རྣམས་འབུལ་ཚིག་རྒྱས་པའམ་སྔགས་ཙམ་གྱིས་མཆོད་ལ། དངོས་གྲུབ་བསྐུལ་བ་ནི། ཧཱུྃ། ཡུན་རིང་དུས་སུ་བསྙེན་ཅིང་བསྒྲུབ་པའི་ལྷ། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད། །བསྐྱེད་པའི་ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ། །སྦྱོར་བའི་ཡུམ་མཆོག་ནག་མོ་བེ་ཏ་ལི། །ད་ལྟ་ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །བདུད་དང་སྲིན་པོ་ཞེ་སྡང་ཀླ་རུ་བབས། །སྲོག་ལུས་སྒྱུ་མའི་ཚེ་ལ་བར་གཅོད་པས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འདུ་འབྲལ་མེད་པ་གྲོགས་ཀྱི་དངོས་གྲུབ་སྩོལ། །བརྗེད་པ་མེད་པ་གཟུངས་ཀྱི་དངོས་གྲུབ་སྩོལ། །འཛད་པ་མེད་པ་གཏེར་གྱི་དངོས་གྲུབ་སྩོལ། །འགག་པ་མེད་པ་སྐུ་ཡི་དངོས་གྲུབ་སྩོལ། །ཆེ་བས་བསྒྱིངས་པའི་མ་མོ་མཁའ་འགྲོ་དང་། །དྲེགས་པས་མྱོས་པའི་བར་སྣང་ལྷ་བྲན་རྣམས། །ཁྲོ་རྒྱལ་སྐུ་ཡི་ཟིལ་གྱིས་མནན་འཚལ་བས། །མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ལོག་འདྲེན་ཟིལ་གནོན་དངོས་གྲུབ་སྩལ་དུ་གསོལ། །འཕུར་ལྡན་གཤོག་པའི་དངོས་གྲུབ་སྩལ་དུ་གསོལ། །སེ་ན་པྲ་ཡི་དངོས་གྲུབ་སྩལ་དུ་གསོལ། །དོན་དམ་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། རྟེན་གཏོར་དཔྲལ་བར་གཏུགས་ལ། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ། རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནེ་སརྦ་ཨརྠ་སཱ་དྷ་ནི་ཀཱ་ཡ་སིདྡྷི་ༀ་ཕཊ། ལས་གསུམ་བརྗོད་པས། བདག་གི་ལུས་ཡེ་ཤེས་ཅན་གྱི་སྐུ་འཇམ་དཔལ་གྱི་སྐུ་མཆོག་དངོས་སུ་གྱུར་པ་ཐོབ། ཐོབ་པའི་རྟགས་སུ་ཀླད་པ་དུང་ཁང་དུ་སྐུའི་ལྷ་འོད་ལྷག་གིས་གསལ་བའི་ཐུགས་ཀར་ཟླ་བ་ལ་ༀ་དཀར་པོའི་མཐར་སྐུའི་འོད་ཀྱིས་བསྐོར་བར་གྱུར། རཀྟ་མགྲིན་པར་གཏུག་ཅིང་ལྕེར་བཞག་ལ། ༀ་ཀཱ་ལ་རཱུ་པ་ཧཱུཾ། རུ་རུ་སོགས་གོང་ལྟར་ལ། ཝཱ་ཀ་སིངྔྷི་ཨཱཿཕཊ། ལན་གསུམ། བདག་གི་ངག་ཡེ་ཤེས་ཅན་གྱི་གསུང་འཇམ་དཔལ་གྱི་གསུང་དབྱངས་དངོས་སུ་གྲུབ་པ་ཐོབ། ཐོབ་པའི་རྟགས་སུ་མགྲིན་པར་གསུང་གི་ལྷ་འོད་ལྷག་གིས་གསལ་པའི་ཐུགས་ཀར་པདྨ་ལ་ཨཱཿདམར་པོའི་མཐར་གསུང་གི་སྔགས་ཀྱིས་བསྐོར་བར་གྱུར། བདུད་རྩི་སྙིང་གར་རེག་ཅིང་ལྕེར་བཞག་ལ། ༀ་ཧྲཱིཿཥྚི྅྅྅བི་ཀྲྀ་ཏཱ་ན་ན་ཧཱུཾ། རུ་རུ་སོགས་ཀྱི་མཐར་ཙིཏྟ་སིངྔྷི་ཧཱུཾ་ཕཊ། གསུམ་བརྗོད། བདག་གི་ཡིད་ཡེ་ཤེས་ཅན་གྱི་ཐུགས་འཇམ་དཔལ་གྱི་ཐུགས་དགོངས་དངོས་སུ་གྲུབ་པ་ཐོབ། ཐོབ་པའི་རྟགས་སུ་སྙིང་གར་ཐུགས་ཀྱི་ལྷ་འོད་ལྷག་གིས་གསལ་བའི་ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོའི་མཐར་ཐུགས་ཀྱི་སྔགས་ཀྱིས་བསྐོར་བར་གྱུར། བུམ་པ་དང་ཐོད་སྐུ་སོགས་མགོ་བོའི་གནས་ལྔར་གཏུག་ཅིང་། ༀ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད། ཚེ་དང་ཛ་གད་སོགས་དངོས་གྲུབ་ཀྱི་རྫས་གཞན་རྣམས་ཀྱང་དངོས་གྲུབ་བླངས་པའི་སྔགས་བརྗོད་ཅིང་མཆེད་ལྕམ་ཀུན་གྱིས་རོལ་ལོ། །དེ་ནས་གཏང་རག་གི་མཆོད་པ་གསར་དུ་བཤམ་ལ་བྱིན་བརླབ་ཅིང་མཆོད་བསྟོད་འབུལ། ཡིག་བརྒྱ་མང་དུ་བཟླ་ཞིང་བཟོད་པར་གསོལ། དཀྱིལ་འཁོར་ཡེ་ཤེས་པ་རྡུལ་ཚོན་ཡིན་ན་གཤེགས་གསོལ་དང་། རས་བྲིས་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྡུ། བདག་སྐྱེད་དཀྱིལ་འཁོར་བསྡུ་ལྡང་གོ་བགོ་ལུས་བསྲུང་བྱ། རྡུལ་ཚོན་དཀྱིལ་འཁོར་ཨ་ཀཱ་རོའི་སྔགས་ཀྱིས་བསྡུ། ཕུར་བུ་རྣམས་ལྡོག་ཕྱོགས་སུ་ཕྱུངས་ལ་སྤྱན་མའི་སྔགས་བརྗོད་ཅིང་ཕུར་རྩེ་འོ་མས་བཀྲུ། བགེགས་རྣམས་སོས་ནས་རང་གནས་སུ་དེངས་པར་མོས། བསྔོ་བ་སྨོན་ལས་བཀྲ་ཤིས་རྒྱ་ཆེར་བརྗོད་ཅིང་དགའ་སྟོན་རྒྱས་པར་བྱའོ། །དུས་མཐར་འཇམ་དཔལ་ཁྲོས་པའི་བསྟན་པ་ཡིས། །འདུལ་བར་གསུངས་ཕྱིར་འདིས་ཀྱང་ཕྱི་ནང་གི། །ཀླ་ཀློ་རྩ་བཅད་རྒྱལ་བསྟན་སྣང་བའི་གཉེན། །སྤྲིན་བྲལ་ཉི་མ་བཞིན་དུ་གསལ་བྱེད་ཤོག །འདིའི་སྒྲུབ་ཁོག་ཆེན་པོ་ལ་སོགས་ནི་དེང་སང་དཔེ་ལུང་གི་རྒྱུན་མ་བཞུགས་པས་བསྙེན་པའི་ལས་རིམ་ཐོར་བུ་རྣམས་ལས་དབང་བསྐུར་དང་སྒྲུབ་མཆོད་དཀྱུས་འགྲེའི་སྐབས་སུ་མཁོ་བ་རྣམས་གུང་བསྡེབས། གཤེད་སྐོར་སྤྱིའི་ཕྱག་བཞེས་དང་བསྟུན་ནས་གསལ་བར་ཕྱེས་པའོ། །འདིའང་ཁྱབ་བདག་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། མདོ་ཁམས་རྫོགས་ཆེན་རིན་པོ་ཆེའི་མཆོག་སྤྲུལ་ལྔ་པ། མཁན་བླ་མ་དཀོན་མཆོག་འོད་ཟེར་བཅས་ནས་གསུང་བསྐུལ་ནན་དུ་གནང་བ་ལྟར། རྒྱལ་དབང་པདྨའི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།
འཇམ་དཔལ་གཤིན་རྗེ་གཤེད་གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་དབང་གི་ཆོ་ག་རྡོ་རྗེའི་ཆུ་རྒྱུན།
༄༅། །འཇམ་དཔལ་གཤིན་རྗེ་གཤེད་གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་དབང་གི་ཆོ་ག་རྡོ་རྗེའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་ཀྲོ་དྷ་རཱ་ཛ་ཡ། རྒྱལ་ཀུན་ཐུགས་མཆོག་སངས་རྒྱས་ཀུན་གྱི་ཡབ། མ་རུང་གཉེན་པོར་གཏུམ་ཆེན་ཚུལ་སྟོན་ཅིང་། །མཐུ་སྟོབས་སྲིད་ཞིའི་ཁམས་ན་ཟླ་མེད་པ། །ཁྱབ་བདག་བླ་མར་སྟོན་ལ་གུས་ཕྱག་འཚལ། །ཤིན་ཏུ་ཟབ་ཅིང་དཀོན་པའི་ཕུལ། །གཤེད་པོ་དངོས་སྤྲུལ་གཏུམ་ཆེན་པོའ། །ཐུགས་བཅུད་བདུད་རྩི་ཐོབ་འདོད་ལ། །ཕན་ཕྱིར་སྨིན་བྱེད་ལག་ལེན་དགོད། །འཇམ་དཔལ་གཤིན་རྗེའི་གཤེད་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། གང་གི་བསྐུར་བའི་སློབ་དཔོན་ལྟ་སྤྱོད་དབང་དང་དམ་ཚིག་ལྡན་པ། གང་ལ་བསྐུར་བའི་སློབ་མ་གསང་ཐུབ་དད་བརྩོན་ཤེས་རབ་ལྡན་ཅིང་སྒྲུབ་ནུས་པ། །གང་གི་ཚེ་བསྐུར་བའི་དུས་ར་བ་བཞིའི་བརྒྱད་ནས་ཉའི་བར་གཟའ་སྐར་ཤིས་པ། གང་དུ་བསྐུར་བའི་གནས་བཀྲ་ཤིས་ཤིང་ཉམས་དགའ་བར་ཆ་རྐྱེན་ཡོ་བྱད་ཐམས་ཅད་ཚོགས་པར་གསོག །བླ་མ་ལ་སྔོན་ནས་གསོལ་བ་བཏབ་ལ་གནང་ལ་ཐོབ་ནས་དུས་ལ་བབ་པའི་ཚེ་ལས་ཀྱི་རིམ་པ་དངོས་ལ་འཇུག་པ་ལ། སྔོན་དུ་འགྲོ་བ། དངོས་གཞིའི་ལས་རིམ། རྗེས་ཀྱི་བྱ་བ་རྣམས་སོ། །དང་པོ་ལ་གཉིས། ས་ཆོག་དང་། སྟ་གོན་ནོ། །དང་པོ་ནི་དཀྱིལ་ཆོག་ཏུ་བཤད་པ་ལྟར་ལ་མགྱོགས་དབང་སྐབས་གཏོར་འབུལ་ཙམ་གྱིས་འཐུས། གཉིས་པ་ལ་ལྔ། དབང་རྫས། ལྷ། བུམ་པ། སློབ་དཔོན། སློབ་མ་སྟ་གོན་དུ་བྱ་བའོ། །དང་པོ་ནི། བུམ་པ། དབུ་རྒྱན། ཙཀ་ལི་སོགས་སྟོད་ལས་སྨད་ལས་མཆོག་དབང་བཅས་པའི་དབང་རྫས་རྣམས་ཚོགས་པར་བྱས་ལ་ལས་ཐམས་ཅད་པའི་བུམ་ཆུས་བྲན། ཐམས་ཅད་ལྷའི་རང་བཞིན་དུ་མོས་པར་བྱ། གཉིས་པ་ལྷ་དང་གསུམ་པ་བུམ་པ་སྟ་གོན་ནི་དཀྱིལ་ཆོག་ཏུ་བཤད་པ་ལྟར་རོ། །བཞི་པ་སློབ་དཔོན་སྟ་གོན་དུ་བྱ་བ་ལ་ལྔ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བླ་མ་དཀོན་མཆོག་ཡི་དམ་ཀྱི་ལྷ་ལ ་དམིགས་ཏེ་མཎྜལ་འབུལ་བ་སྔོན་དུ་འགྲོ་བས། བདག་གིས་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར། སློབ་མའི་རྒྱུད་མ་སྨིན་པ་སྨིན་པར་བྱ། སྨིན་པ་གྲོལ་བར་བྱ། གྲོལ་ན་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་དུ་གཞུག་པར་བྱ་སྙམ་དུ་ཡང་ཡང་དུ་བསམ་ཞིང་། ཇི་སྲིད་འཁོར་བ་མ་སྟོང་བར། །མཐའ་ཡས་སེམས་ཅན་མ་ལུས་ཀུན། །སྡུག་བསྔལ་རྣམས་ལས་དབུགས་དབྱུང་སྟེ། །མྱ་ངན་འདས་ལ་བདག་གིས་དགོད། །ཅེས་པའང་བརྗོད། གཉིས་པ་ཚོགས་བསགས་པ་ནི། ལས་བྱང་གི་སྔོན་འགྲོ་ལྟར། བླ་མ་ཡི་དམ་རིག་འཛིན་མཁའ་འགྲོ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་བཞུགས་སུ་གསོལ་ཞིང་བསྔོ་བའི་བར་བྱ། གསུམ་པ་གསོལ་བ་གདབ་པ་ནི། བླ་མ་ལ་དམིགས་ཏེ་མཎྜལ། ཡི་དམ་དང་མཁའ་འགྲོ་ལ་གཏོར་འབུལ་རྒྱས་བསྡུས་གང་ལྕོགས་བྱས་ལ། དད་གུས་གདུང་བས་རྩ་གསུམ་གྱི་གསོལ་འདེགས་གང་ཤེས་བྱ། བཞི་པ་དབང་དང་དངོས་གྲུབ་བླང་བ་ནི། རྩ་བ་གསུམ་གྱི་བདག་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་རྣམས་རྫོགས་པར་བསྐུར་བས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། ནུས་པའི་མཐུ་དང་ལྡན་པར་མོས་ལ། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས། །བདག་ཅག་མོས་པའི་བུ་རྣམས་ལ། །ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། །ངག་ལ་གསུང་གིས་བྱིན་གྱིས་རློབས། །ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས། །དབང་བཞི་བསྐུར་བར་བྱིན་གྱིས་རློབས། །རྒྱུད་བཞི་དག་པར་བྱིན་གྱིས་རློབས། །ལམ་བཞི་འབྱོངས་པར་བྱིན་གྱིས་རློབས། །སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ༀ་ཨཱཿཧཱུཾ་བཛྲ་གུ་རུ་དེ་ཝ་ཌཱ་ཀཱི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥི་ཉྩ་ཧཱུཾ། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད། ལྔ་པ་སྨོན་ལམ་གདབ་པ་ནི། ཐལ་སྦྱར་གྱིས་ཕྲེང་བ་ལྷ་དང་བུམ་པ་ལ་གཏུགས་པར་མོས་ལ། བདག་རྡོ་རྗེ་འཛིན་པས་སློབ་བུ་རྣམས་ལ་དབང་བསྐུར་བར་འཚལ་གྱིས་བཟོད་པར་མཛད་དེ་གནང་བར་གསོལ་ལོ། །ཞེས་བརྗོད་པས། ལྷ་རྣམས་དགྱེས་ཏེ་འཛུམ་པའི་མདངས་ཀྱིས་དབང་བསྐུར་ཅིག་པར་གནང་བ་ཐོབ་པར་བསམ་ལ་སྨོན་ལམ་ཅི་རིགས་པར་གདབ་བོ། །ལྔ་པ་སློབ་མ་ལྟ་གོན་དུ་བྱ་བ་ནི། དཀྱིལ་འཁོར་གྱི་ཆས་རྣམས་ཡོལ་བས་བསྒྲིབ། སོ་ཤིང་། ཚོན་སྐུད་སྣ་ལྔ་སུམ་སྒྲིལ་མདུད་པ་ཉེར་གཅིག་ལ་སྔགས་རེ་རེ་བཞིན་བཏབ་དུང་ཆུ། ཀུ་ཤ་རིང་ཐུང་གཉིས་རྣམས་སློབ་མའི་གྲངས་མཉམ་ཉེ་བར་བསྡོགས། སློབ་མ་རྣམས་ཕྱི་རོལ་དུལ་ལས་ཆུས་ཁྲུས་བྱ། ནང་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་བྱས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་གདབ་ལ། ཆོས་བཤད་ཇི་ལྟར་འོས་པས་བློ་བཅོས་ཤིང་རྡོ་རྗེ་ཐེག་པའི་ཆེ་བ་བརྗོད་པ་དང་། རྒྱུད་སྡེ་སྒྲུབ་སྡེ་སྤྱིའི་བབས་ཚུལ་རྒྱས་བསྡུས་གང་འོས་བཤད། དེ་ལས་སྐབས་སུ་བབས་པའི་འཆད་བྱ་གསང་སྔགས་སྔ་འགྱུར་གྱི་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་གྲགས་པའི་ནང་ནས་འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ཆེན་པོ་ལྔའི་ཐོག་མ་འཇམ་དཔལ་སྐུའི་རྒྱུད་དུ་གཏོགས་པ་ཡིན། དེ་ལའང་ཞི་བ་དང་ཁྲོ་བོའི་སྒྲུབ་ལུགས་གཉིས། ཁྲོ་བོ་ལའང་རིགས་ལྔའི་དབྱེ་བ་ལ་སོགས་པ་སྐུའི་སྒྲུབ་ལུགས་མཐའ་ཡས་པ་རྒྱུད་དང་གྲུབ་པའི་སློབ་དཔོན་སོ་སོས་བཀྲལ་བའི་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་འཇམ་དཔལ་མེ་རི་གསང་བའི་རྒྱུད་ལས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཕྱུངས་ནས་གུ་རུ་རིན་པོ་ཆེ་པདྨ ་འབྱུང་གནས་ལ་སྩལ། དེ་ནས་རིམ་པར་བརྒྱུད་དེ་འཇམ་དཔལ་ཁྲོས་པ་དང་རྣམ་དབྱེར་མེད་པའི་མཐུ་སྟོབས་ཀྱི་བདག་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བཀའ་བབས་ནས་ད་ལྟའི་བར་ཟམ་མ་ཆད་པར་བྱོན་པའི་གཤིན་རྗེའི་གཤེད་ནག་པོ་གདོང་དྲུག་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྔོན་དུ་འགྲོ་བ་སྟ་གོན་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་སྟ་གོན་གྱི་བྱ་བ་བསྒྲུབ་པ་ཡིན་པས་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུད མིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྟ་གོན་དངོས་ལ་ཆོས་བརྒྱད་ཡོད་པ་ལས་ཐོག་མར་གཟུ་ལུམ་རས་ཆོད་ཀྱི་ཉེས་པ་སྤང་བའི་ཕྱིར་ཐལ་མོ་སྦྱོར་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་འཇམ་དཔལ་རྒྱལ་པོ་ཡི། །སྐུ་གསུང་ཐུགས་ཀྱིས་བཟུང་སླད་དུ། །བདག་སྐྱབས་དཀྱིལ་འཁོར་གཞུག་ཕྱིར་དུ། །ལྷག་གནས་རིམ་པར་མཛད་དུ་གསོལ། །ལན་གསུམ། སྣོད་བརྟག་པའི་དྲི་བ་གསོན་ལ་ལན་འདེབས་པར་ཞུ། གསང་སྔགས་བླ་ན་མེད་པ་འདིའི་སྣོད་དང་མི་ལྡན་པ། དད་པ་དང་བརྩོན་འགྲུས་དང་བྲལ་བ། བློ་ཆུང་བ་ལོག་པར་ལྟ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། དམ་ཚིག་ལ་གནས་པར་ནུས་སམ། སློབ་མས། ནུས་ལགས། ཞེས་དང་། ལྷ་སྒྲུབ་པར་ནུས་སམ། ནུས་ལགས། ཞེས་དང་། ཆོས་ཉིད་དེ་ཁོ་ན་ཉིད་སྒོམ་པར་ནུས་སམ། ནུས་ལགས། ཞེས་ཁས་བླང་། གཉིས་པ་རང་རྒྱུད་སྦྱོང་བ་ནི། དཀར་པོའི་ཆོས་རྒྱུད་ལ་མི་སྐྱེ་བའི་བགེགས་སྡིག་སྒྲིབ་ཡིན། དེ་སྦྱོང་བའི་གཉེན་པོ་ཚོགས་བསགས་པ་ཡིན་ཞིང་ཚོགས་བསགས་སྒྲིབ་སྦྱོང་ཁྱད་པར་དུ་འཕགས་པ་ཡན་ལག་མདུན་པ་ཡིན་པས་སོ་སོའི་དོན་གསལ་ཐོབ་ལ་འདིའི་རྗེས་ཟློས། ལས་བྱང་གི་སྔོན་འགྲོ་ལྟར། གཤིན་རྗེ་གཤེད་པོ་སོགས་སྤྱན་འདྲེན་བཞུགས་གསོལ་ཚར་གཅིག་སྔོན་དུ་འགྲོ་བས་ཕྱག་འཚལ་ནས་བསྔོ་བའི་བར་ལན་གསུམ་བྱ། གསུམ་པ་བར་དུ་གཅོད་པ་བསལ་བའི་བགེགས་བསྐྲད་པ་ལ། སློབ་དཔོན་འཇམ་དཔལ་ཡ་མཱནྟ་ཀར་གསལ་བའི་སྐུ་ལས་ཁྲོ་ཆུང་མེ་དཔུང་མཚོན་ཆའི་བུ་ཡུག་ནམ་མཁའ་གང་བ་འཕྲོས་པས་དབང་གི་རིམ་པ་བསྒྲུབ་པ་ལ་བར་དུ་གཅོད་བའི་བགེགས་ཐམས་ཅད་གླིང་བར་མུན་པའི་ཁོར་ཡུག་ཏུ་བསྐྲད་པར་བསམ་ལ། དཀྱིལ་ཆོག་ལྟར། ན་མོ་དཀོན་མཆོག་གསུམ་ལ་སོགས་དང་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པས་བསྐྲད་ལ་སྲུང་བའི་གུར་ཁང་གསལ་འདེབས། བཞི་པ་གསང་སྔགས་ཀྱི་རྟེན་དུ་རུང་བར་བྱ་བའི་ཕྱིར་སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་བཟུང་བ་རྣམས་བྱ་དགོས་པས། ཐོག་མར་སྐྱབས་སུ་འགྲོ་བའི་སླད་དུ། བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པ་མདུན་གྱི་ནམ་མཁའ་ལ་དཔང་པོའི་ཚུལ་དུ་བསམ་ལ། དུས་ད་ནས་བཟུང་ནས་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བྱའོ། །སྙམ་དུ་མོས་གུས་དང་བཅས་པས་འདིའི་རྗེས་ཟློས། བླ་མ་དཀོན་མཆོག་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །ཇི་སྲིད་བྱང་ཆུབ་མ་ཐོབ་བར། །སྐྱབས་འོས་ཁྱེད་ལ་སྐྱབས་སུ་མཆིའོ། །ལན་གསུམ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། བསྡུ་ན་སྔོན་བསགས་ཀྱི་སྡིག་པ་ཐམས་ཅད་ཟད་ཅིང་སྲབ་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་རུང་ཞིང་སྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་སྟེ་གསུམ་དུ་འདུས་སོ། །བསླབ་བྱ་ནི་མང་སྟེ་བསྡུ་ན་ཐུན་མོང་དང་ཁྱད་པར་གཉིས་སོ། །ཐུན་མོང་ནི་ལྔ་སྡེ། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་རྟག་ཏུ་སྐྱབས་སུ་འགྲོ་བ་ལ་འབད་པ་དང་། སྲོག་དང་རྒྱལ་སྲིད་ཀྱི་ཕྱིར་ཡང་བླ་མ་དཀོན་མཆོག་མི་སྤང་བ་དང་། དུས་རྟག་ཏུ་ཅི་འབྱོར་བའི་མཆོད་པ་དབུལ་བ་དང་། རྐྱེན་ངན་ཅི་བྱུང་ཡང་སྐྱབས་སུ་འགྲོ་བ་ལས་ཐབས་གཞན་མི་བྱ་བ་དང་། ཕྱོགས་གང་དུ་འགྲོ་ཡང་དེ་ཉིད་ཀྱི་སངས་རྒྱས་ལ་སྐྱབས་སུ་འགྲོ་ཞིང་ཕྱག་འཚལ་བ་ལ་བསླབ་པའོ། །ཁྱད་པར་ནི། འཇིག་རྟེན་པའི་ལྷ་ལ་ཕྱག་མི་བྱ་བ་དང་། སེམས་ཅན་ལ་འཚེ་བ་སྤང་བ་དང་། སྡིག་ཅན་མུ་སྟེགས་ཅན་མི་བརྟེན་པའོ། །གཉིས་པ་སེམས་བསྐྱེད་པ་ལ་འདུན་པ་འདི་བཞིན་དུ་མཛོད། སྔོན་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་སེམས་ཅན་གྱི་དོན་མཛད་པ་དེ་བཞིན་དུ། བདག་གིས་ཀྱང་འཁོར་བ་ན་སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་འདི་དག་མ་ལུས་པ་མྱ་ངན་ལས་འདས་པའི་ས་ལ་འགོད་པའི་ཕྱིར། གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་པར་བྱའོ་སྙམ་དུ་བསམ་ལ་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པ། །དེ་བཞིན་བླ་མེད་མཆོག་གི་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ལན་གསུམ། དེའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། མདོར་བསྡུ་ན། དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུ་བྱེད་པ་དང་། དེང་ནས་བཟུང་སྟེ་བསོད་ནམས་ཚད་མེད་པ་འཕེལ་བ་དང་། སྡིག་སྒྲིབ་ཆེན་པོ་རྣམས་འཇོམས་པ་དང་། བདེ་བའི་ཚོགས་མ་ལུས་པ་ཐོབ་པ་སྟེ་བཞིར་འདུས་སོ། །བསླབ་བྱ་ནི་མང་སྟེ་བསྡུ་ན། ཅི་བྱེད་ཀྱང་ཐེག་པ་ཆེན་པོའི་ལམ་དུ་འགྱུར་བར་བྱེད་པ། སེམས་ཅན་ཐམས་ཅད་ལ་ཕན་བཏགས་ཞིང་ལན་ལ་མི་རེ་བ་དང་། གནོད་པ་བྱེད་པ་ཅི་བྱུང་ཡང་བཀའ་དྲིན་ཆེ་བར་བསམ་ཞིང་བསླབ་པ་སྟེ་གསུམ་དུ་འདུས་སོ། །སྡོམ་པ་འབོག་པ་ཡིན་པས་འདུན་པ་འདི་ལྟར་མཛོད། བདག་གིས་དུས་འདི་ནས་བསླབ་པའི་རིམ་པ་ཐམས་སྲོག་གི་ཕྱིར་ཡང་མི་བཏང་ངོ་སྙམ་དུ་བསམ་པས་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་རྣམ་པ་གསུམ། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡག་དག་ཉིད་དུ་བཟུང་བར་བྱ། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྡོམ་པ་རྣམ་བཞི་རབ་ཏུ་བཟུང་། །བདག་གིས་སྡོམ་པ་མ་ལུས་བཟུང་། །ལན་གསུམ། དེ་ལྟར་སྡོམ་པ་བཟུང་བ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་དང་སྲོག་ཏུ་གྱུར་པ་ཡིན་པས་མ་ཉམས་ན་ཚེ་གཅིག་གིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་ལ། ཉམས་ན་རྡོ་རྗེའི་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་བས། བསླབ་བྱ་རྣམས་དེང་ནས་བཟུང་སྟེ་མ་ཉམས་པར་བསྲུང་དགོས། དེ་སྲུང་བ་ལ་བྱ་བ་དང་བ་བྱ་བ་མ་ཡིན་པ་ཤེས་དགོས་པས། བླ་མ་དང་མཆེད་ཀྱི་ཞལ་ལས་ལེགས་པར་ཐོབ་པར་བྱ་བ་གལ་ཆེའོ། །སོ་ཤིང་དང་མཎྜལ་བཀོད་ལ། ལྔ་པ་ངག་གི་སྒྲིབ་པ་སྦྱོང་ཞིང་རིགས་བརྟག་པའི་ཕྱིར་སོ་ཤིང་འདོར་བ་ཡིན་ཏེ། སོ་ཤིང་ལས་ཆུས་བྲན་ལ་ལས་སྔགས་བརྗོད། མཚན་ཉིད་ཡོངས་སུ་རྫོགས་པའི་སོ་ཤིང་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཨ་ཀྲོའི་སྔགས་མང་དུ་བཟླས་པས་བྱིན་གྱིས་བརླབས་ནས་སློབ་མ་ལ་གཏད་དེ། སོ་ཤིང་གི་རྩེ་མོས་སོའི་དྲི་མ་རྣམས་བྲུད་དེ་ལག་པ་གཉིས་ཐལ་མོ་སྦྱར་པའི་བར་དུ་སོ་ཤིང་གི་མགོ་བོ་གྱེན་དུ་བསྟན་ལ་བཟུང་སྟེ། ལྷ་ལ་དད་པའི་བསམ་པ་དང་ལྡན་པས་མཎྜལ་གྱི་དབུས་སུ་འདོར་བར་ཞུ། ཞེས་འདོར་དུང་གཞུག །དེ་ལྟར་འདོར་བས་གནས་གང་དུ་བབ་པའི་པྲ་ལྟས་ནི། དབུས་སུ་ཡ་མཱནྟ་ཀ །ཤར་དུ་བབས་ན་ཐུགས་སྲས་ཡ་མ་རཱ་ཛ། ལྷོ་རུ་བབས་ན་སྒྲོལ་ཡུམ། ནུབ་ཏུ་མ་གསུམ། བྱང་དུ་བེ་ཏཱ་ལི་འགྲུབ་བོ། །ཕྱོགས་བཞིར་གཤེད་བཞི་འགྲུབ་པར་ཡང་གསུངས། རྩེ་མོའི་ཐོར་ཏོ་གང་དུ་བསྟན་པའི་པྲ་ལྟས་ནི། སྟེང་དུ་ལྟས་ན་མཁའ་སྤྱོད་འགྲུབ། ཤར་དུ་ཤེས་རབ་དང་དད་པ་དང་དག་པ་ཐོབ། ལྷོར་ཚེ་དང་དབང་ཐང་། ནུབ་ཆུས་སྲིད་དང་ཆོས་ཀྱི་དངོས་གྲུབ། བྱང་ཚེའི་དངོས་གྲུབ། ཤར་ལྷོར་སྡིག་པ་དང་བར་ཅད་འཇོམས་པའི་དངོས་གྲུབ། ལྷོ་ནུབ་གྱད་དང་སྟོབས། ནུབ་བྱང་མཐུ་དང་དབང་། བྱང་ཤར་དུ་བགེགས་ཀྱིས་མི་ཚུགས་པའི་དངོས་གྲུབ་ཐོབ་པར་གསུངས་སོ། །དྲུག་པ་བར་དུ་གཅོད་པ་བསྲུང་བའི་ཕྱིར་སྲུང་སྐུད་གདགས་པ་ཡིན་པས། ཁྱེད་རྣམས་ཡ་མཱནྟ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ལུས་ལ་རྡོ་རྗེ་རྒྱ་གྲམ་གྱི་གོ་ཆས་གཏམས་ཏེ་གདོན་བགེགས་འབྱུང་པོ་ཅིས་ཀྱང་མི་ཚུགས་པར་མོས་ཤིག །སྲུང་སྐུད་རྡོ་རྗེའི་ཕྲེང་བར་དམིགས་ལ། ཕོའི་དཔུང་པ་གཡོན་མོའི་གཡས་སུ་ཅིང་ངོ་། །བདུན་པ་རྨིས་ལྟས་བརྟགས་པའི་ཕྱིར་ཀུ་ཤ་སྦྱིན་པའི་སྔོན་འགྲོ་ཁྱོར་ཆུ་ལན་གསུམ་ཕྱིན་པས་སྒོ་གསུམ་གྱི་སྒྲིབ་པ་མ་ལུས་པ་རྣམ་པར་དག་པར་མོས་ཤིག །ལས་སྔགས་དང་ཆོས་ཉིད་རྣམ་དག་སྔགས་བརྗོད་ལ་དུང་ཆུ་ལན་གསུམ་སྦྱིན། དེ་ནས་ལས་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། དག་བྱེད་ཀྱི་རྫས་གཙང་ཞིང་ཡིད་དུ་འོང་བའི་ཀུ་ཤའི་ཕོན་པོ་ཆེ་བ་སྟན་དང་། ཆུང་བ་སྔགས་ཀྱི་དོན་དུ་ཟུངས་ཤིག །ཅེས་དང་སྔགས་གཉིས་བརྗོད་ལ་ལག་པ་གཡས་གཡོན་དུ་གཏད། དོ་ནུབ་ཀུ་ཤའི་སྟན་ཐོག་ཏུ་ཆོས་དང་མཐུན་པར་ཉོལ་ལ་རྨི་ལམ་གང་བྱུང་རྟོགས་པར་གྱིས་ཤིག །བརྒྱད་པ་ཆོ་ག་གཅིག་གིས་གྲུབ་པ་ཐོབ་པར་བྱ་བའི་ཕྱིར་ཚེ་སྤེལ་བའི་ཆོ་ག་བྱ་བ་ཡིན་པས་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་ཡ་མཱནྟ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་སྤྱི་བོ་དང་ཐུགས་ཀར་ཚེ་དཔག་མེད་སྐུ་མདོག་དམར་པོ། ཕྱག་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་བསྣམས་པ་བསྒོམ། ཚེ་དཔག་མེད་དེ་ལས་འོད་འཕྲོས་པས། སྟོང་གསུམ་གྱི་ཚེ་དང་གཟི་བརྗིད་ཐམས་ཅད་འུབ་ཏུ་འདུས་ཏེ་བདག་ལ་ཐིམ་ནས་བསྐལ་པར་གནས་པའི་ཚེ་ཐོབ་པར་བསམ་ལ། སྔགས་འདི་བཟླ་བར་ཞུ། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཨཱཿཧཱུཾ། བེ་ཏཱ་ལི་ཧེ་རཀྴ་མན། ཨ་ཡུརྫྙཱ་ན་ཕ་ལ་སིདྡྷི་ནྲྀ་བྷྲཱུཾ་ཨ་ཨཱཿ ཞེས་ཉེར་གཅིག་ཙམ་བཟླ། དེ་དག་གིས་སྟ་གོན་གྱི་རིམ་པ་རྣམས་གྲུབ་པ་ལགས་པས་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྲོལ། འདིར་སྦྱིན་སྲེག་བྱ་བར་གསུངས་པས་རྫས་གཅིག་སྦྱིན་སྲེག་གྲུབ་ན་ལེགས་ཤིང་། སློབ་དཔོན་གྱིས་ལས་བྱང་གི་ཚོགས་དང་རྗེས་ཆོག་རྣམས་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། དབང་རྟེན་དཀྱིལ་འཁོར་དང་དམ་རྫས་བཤམ་པ། དབང་དོན་སྒྲུབ་མཆོད་བྱ་བ། དབང་བསྐུར་དངོས་ལ་འཇུག་པའོ། །དང་པོ་ནི་སྟ་གོན་བྱས་པའི་སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་བཏིང་། དབུས་སུ་རྐང་གསུམ་སྟེང་སྟ་གོན་བྱས་པའི་རྣམ་རྒྱལ་བུམ་པ། དེ་མདུན་གཙོ་འཁོར་གྱི་ལྷ་ཙ ཀ་ཚབ་བཀོད། དབུ་རྒྱུན་དང་ཅོད་པན། གཞལ་ཡས། གདན་གསུམ། ཕྱག་མཚན་དྲུག །དུར་ཁྲོད་ཆས་བརྒྱད་བཅས་ཀྱི་ཙཀླི། མཆོད་གཏོར་སྨན་རག་མར་མེ། ཕྲེང་བ་རྡོར་དྲིལ་ཐོད་རྔ། ཚོགས་རྫས་ཛ་གད་བདུད་རྩི་བཅས་པན་དབང་བཅུད་དང་། འཇམ་དཔལ་ཞི་པ་དང་ཁྲོ་བོའི་སྐུ་ཙཀ །ཚེ་བུམ། རལ་གྲི། རིགས་ལྔའི་ཕྱག་མཚན་ལས་བཞིའི་གཟུགས་བཅས་ནུས་དབང་ལྔའི་ཆས་རྣམས་གང་བདེར་བཀོད། མདུན་རྒྱབ་གང་བདེར་སྨན་གཏོར་རཀྟ་གསུམ་དང་། མཐའ་སྐོར་དུ་དྲག་མཆོད་གཡས་བསྐོར་དུ་བཤམ། དཀྱིལ་འཁོར་ནུབ་ཏུ་མཎྜལ་འཁོར་ལོ་རྩིབས་བཞི་བྲིས་པའི་ལྟེ་བར་ཐོད་པར་མཚན་ལྡན་ཆང་ལ་མངར་གསུམ་དང་བདུད་རྩི་ལྔ་སྦྱར་བས་བཀང་བ་དང་། རིག་མའི་གཟུགས་བརྙན་ཀྱང་བཀོད། དཀྱིལ་འཁོར་གྱི་གཡོན་ཕྱོགས་དང་མདུན་སོགས་གང་བདེར་དྲག་པོ་སྒྲོལ་དབང་གི་དཀྱིལ་འཁོར་གྲུ་གསུམ་རིམ་པ་གསུམ་ལྕགས་ཧོམ་ལྟ་བུའི་ནང་དུ་ལིང་ག་བཅུག །དེ་སྟེང་ཐོད་པ་ཁྲག་སྣས་བཀང་བ་བཞག །དར་མཐིང་ཁ་ནག་པོ་དམར་པོ་གསུམ་གྱིས་ཁ་བཅད། གྲུ་གསུམ་གྱི་ལྷོ་ནུབ་ཏུ་སྐྱེར་ཕུར་དང་གཟའ་བདུད། བྱང་ཤར་དུ་མཆོག་ཕུར་དང་རེ་མ་ཏཱི། ནུབ་བྱང་དུ་སེང་ལྡེང་གི་ཕུར་པ་དང་བལ་མོའི་གཙོ་བོའི་སྐུ་ཙཀ །དབུས་སུ་དཔལ་གཏོར། མཐའ་སྐོར་དུ་ཡུངས་དཀར་ནག་ཀེ་ཚེ་ཤང་ཚེ་དུག་ཁྲག་གི་ཐུན་རྫས། གདབ་ཕུར། དྲག་པོའི་མེ་ཧོམ། རི་རབ་ཟོར་ཀོང་དུ་ཐོབ་པ་ཁྲག་མདའ་ཡུངས་ཀར་རྣམས་ཕྱོགས་བསྡུས་བཅས་བཞག །ལྷོ་རུ་ཟན་རིལ་ཁ་ཟས་བཟའ་བཏུང་སྣ་ཚོགས་ཀྱིས་བཀང་བའི་སྣོད་རྣམས་བཞག་ལ་ཕྱི་ནང་གི་མཆོད་པས་བསྐོར། གཞན་ཡང་མཎྜལ། དམ་ཆུ། མིག་དར། ཅོད་པན་སོགས་ཉེར་མཁོ་རྣམས་དང་། མཆོད་གཏོར། ཚོགས་ཀྱི་ཡོ་བྱད་ལ་སོགས་པའང་ཚོགས་པར་བྱའོ། །གཉིས་པ་ནི། སྒྲུབ་ཐབས་ལས་བྱང་གི་གཞུང་བསྲང་། དཀྱིལ་ཆོག་ལས་ཁ་བསྣོན་དགོས་རིགས་རྣམས་ཀྱང་སྐབས་ཕྱེད་པར་སྦྱར། བཟླས་པའི་སྐབས་ཛཔ྄་ཁང་ཕྱེས་ལ་བཟླས་པ་གྲུབ་པའི་མཇུག་ཏུ། བུམ་པ་རང་བྱུང་གི་ཕོ་བྲང་འབར་བའི་ཀློང་དུ་ལྷ་ཚོགས་གཙོ་འཁོར་ཐམས་ཅད་སྐད་ཅིག་གིས་བཀྲ་ལམ་གྱིས་གསལ་བར་གྱུར། རང་སྲོག་ལྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་སྦྲེལ་ལ་བཟླས་པ་བྱ། ལས་བུམ་ཡང་དཀྱིལ་ཆོག་ལྟར་བསྐྱེད་བཟླས་འོད་དུ་ཞུ་བར་བྱ། སྲུང་མ་སྤྱི་བྱེ་བྲག་གི་མཆོད་གཏོར། ཚོགས་མཆོད་འབུལ་བ་རྣམས་གྲུབ་ནས་བདག་འཇུག་རྫོགས་པར་བླང་བའམ། མི་འགྲུབ་ན། ༀ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཞེས་རིག་པའི་མེ་ཏོག་དོར་ནས་རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་དུ་རྟོགས་པར་བྱས་ལ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་པ་ཙམ་གྱིས་བདག་ཉིད་ཞུགས་ནས། སློབ་མ་འཇུག་པར་གསོལ་བ་གདབ་པ་ནི། རྡོར་དྲིལ་འཛིན་པས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །གཤིན་རྗེ་གཤེད་པོའི་གྲོང་ཁྱེར་མཆོག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་མོ། །གསུམ་པ་དབང་བསྐུར་བ་ལ་གཉིས། འཇུགས་པའི་ཆོས་དང་། དབང་བསྐུར་དངོས་སོ། །དང་པོ་ནི་དཀྱིལ་འཁོར་ཡོལ་བས་བསྒྲིབ། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས། གྲལ་དུ་འཁོད་པ་ལ་སྔོན་འགྲོ་བགེགས་གཏོར་སྤྱི་ལྟར་བཏང་ལ་ལས་བྱང་ལྟར་མཚམས་གཅོད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། དེའང་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་སྐྱེད་པའི་ཡབ་ཏུ་གྱུར་ཅིང་གསང་སྔགས་ཀྱི་དཀྱིལ་འཁོར་འཁོར་ལོའི་མགོན་དུ་བཞུགས་པའི་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཞི་བ་དང་ཁྲོ་བོའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པར་བསྟན་པ་ཕལ་མོ་ཆེའི་རྒྱུད་ལུང་མང་པོ་འཕགས་ཡུལ་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་རིམ་པར་སྤྱན་དྲངས་ཤིང་སྒྲུབ་ཐབས་མན་ངག་གི་བཀའ་སྲོལ་ཡང་མང་དུ་བྱོན་པ་དེ་དག་གངས་ཅན་གྱི་ལྗོངས་འདིར་ཡང་གསང་སྔགས་གསར་རྙིང་གི་རྡོ་རྗེ་འཛིན་པ་རྣམས་ལའང་རྒྱུད་སྡེ་གཙོ་བོར་གྱུར་པའི་གདམས་སྐོར་འགའ་ཞིག་གི་བཀའ་བབས་ཤིང་ཆོས་རྒྱུན་ནུབ་མེད་དུ་བཞུགས་པ་ལས། འདིར་རང་བྱུང་རྡོ་རྗེའི་གསང་རྒྱུད་ཆེན་པོ་སྟོད་ཆ་བསྐྱེད་རིམ་ལས་ཚོགས་དང་བཅས་པ་ཟབ་རྒྱས། སྨད་ཆ་རྫོགས་རིམ་མཐར་ཐུགས་གི་ངེས་དོན་སྟོན་པས་ཡོ་ག་གསུམ་ཀའི་དགོངས་པ་གཅིག་ཏུ་དྲིལ་བ་མེ་རི་གསང་བ་ཐུགས་ཀྱི་རྒྱུད་ཅེས་པ་ལས་གྲུབ་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་གཤེས་གཉེན་གྱིས་སྒྲུབ་ཐབས་གསལ་བར་ཕྱུངས་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སྩལ། དེ་ཉིད་ཀྱིས་ལོ་ཆེན་བཻ་རོ་ཙ་ན་ལ་གནང་སྟེ། དེ་ནས་རིམ་པར་གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་སངས་རྒྱས་ཡེ་ཤེས། གཡས་བན་མ་བོན་སོགས་ལ་བརྒྱུད་པ་དང་། ཡང་སློབ་དཔོན་པདྨ་ལ་བལ་པོ་བ་སུ་དྷ་རས་ཞུས། དེས་གནུབས་ཆེན་ལ་གནང་ཞིང་སྲས་ཡོན་ཏན་རྒྱ་མཚོ་ནས་རིམ་པར་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པ་གཤིན་རྗེ་ནག་པོ་གདོང་དྲུག་པ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་འཇུག་པ་དང་དབང་བསྐུར་དངོས་གཉིས་སུ་ཡོད་པ་ལས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་ལ་མོས་གུས་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཀྱིལ་འཁོར་དབང་ཕྱུག་ཚོགས་ལ་འདུད། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །དཀྱིལ་འཁོར་དམ་པར་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཁྱེད་རང་རྣམས་དཔལ་ལྡན་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར་པར་མོས་ཤིག །མཚམས་སྦྱོར་སྤྱི་མཐུན་བྱས་ལ། ༀ་ཙཀྵུ་བྷནྡྷ་ཧཱུཾ་གིས་གདོང་བཅིང་། ༀ་བཛྲ་པུཥྤེ་མ་ལེ་ཏྲྂ་གིས་མེ་ཏོག་གི་ཕྲེང་བ་བྱིན་ནས། བླ་མས། བུ་ཁྱོད་འདོད་དོན་གང་ཞིག་ཡིན། །སློབ་མས། སྐལ་བཟང་བདག་ནི་བདེ་ཆེན་འདོད། །ཅེས་དྲིས་ལན་བྱ། དེ་ནས་གསང་དམ་བསྒྲག་པ་དང་། ཕན་ཡོན་ཉེས་དམིགས་གཉིས་ཀ་བསྒྲག་པ། སློབ་དཔོན་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་རྣམས་རིམ་པར་འབྱུང་བ་ཡིན་པས ་སོ་སོའི་དོན་ཐུགས་ལ་ངེས་པར་མཛོད་ཅིག །དེང་ཁྱོད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །རིགས་མཆོག་དམ་པར་གཞུག་འགྱུར་བའི། །གསང་བའི་དཀྱིལ་འཁོར་འདི་ཉིད་ནི། །ཤིན་ཏུ་གསང་བར་བྱ་དགོས་སོ། །གལ་ཏེ་མི་གསང་དམ་ཚིག་ཉམས། །ཡང་། དཔལ་ལྡན་གཤིན་རྗེ་མཐར་བྱེད་ཀྱི། །ཡེ་ཤེས་ཁྱོད་ལ་བསྐྱེད་བྱ་ཡིས། །ཁྱོད་ཀྱི་དེ་བཞིན་གཤེས་རྣམས་ཀྱི། །དངོས་གྲུབ་དམ་པའང་ཐོབ་འགྱུར་ན། །དངོོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཁྱོད་ཀྱི་དཀྱིལ་འཁོར་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིང་། །གལ་ཏེ་སྨྲས་པར་གྱུར་ན་ནི། །དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང་། །སྙིང་གར་རྡོ་རྗེ་བཞག་ནས། དཔལ་ལྡན་གཤིན་རྗེ་གཤེད་པོ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་ལྔའི་བཏུང་བ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཧཱུཾ། སྤྱི་བོར་རྡོ་རྗེ་གཏུགས་ཏེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དེས། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་ཀྱང་ནི་བྱ་དགོས་སོ། །གལ་ཏེ་ང་ལ་བརྙས་བྱས་ན། །སེམས་ཅན་དམྱལ་བ་ཆེན་པོར་ལྟུང་། །ཞེས་དམ་ལ་བཞག་ཅིང་གསང་བར་གདམས། ཡེ་ཤེས་པ་དབབ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །དཔལ་ལྡན་གཤིན་རྗེ་གཤེད་པོ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཆེ། །ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །ལན་གསུམ། ཁྱེད་རང་གཤིན་རྗེའི་གཤེད་དུ་གསལ་བའི་ཐུགས་ཀའི་ཡ་ཡིག་ནག་པོ་ལས་འོད་ཟེར་གྲངས་མེད་འཕྲོས་པས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས་ཆར་བབས་པ་ལྟར་ཐིམ་པར་མོས་ཤིག་བྱས་ལ། སྤྲོ་ན་བབ་དྲུག་དང་། བསྡུ་ན་འབེབས་སྔགས་བརྗོད་ཅིང་སྤོས་རོལ་སོགས་ཀྱིས་ཡེ་ཤེས་དབབ། དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། །རྡོ་རྗེ་མགོར་རྒྱ་གྲམ་དུ་བཀོད་ལ། ༀ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཏིཥྛི་བཛྲ་ཧཱུཾ། ཞེས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་ཡེ་ཤེས་པའི་གཙོ་བོའི་དབུལ་ཕུལ་བར་མོས་ལ་འདོར་བར་ཞུ། ཚོམ་བུའི་དཀྱིལ་འཁོར་བཀོད་ལ། ༀ་པུཥྤེ་མ་ལེ་པྲ་ཏཱིཙྪ་བཛྲ་ཧོ། མེ་ཏོག་གང་དུ་ཕོག་ཀྱང་གཙོ་བོའི་ཡེ་ཤེས་ཀྱི་རོལ་རྩལ་ལས་མ་གཡོས་པས་གཙོ་བོ་ཉིད་ལྷག་པའི་ལྷར་ཟུངས་ཤིག །སླར་ཡང་མེ་ཏོག་དེ་ཉིད་དབང་བརྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །མེ་ཏོག་འདི་ནི་བླང་བར་གྱིས། །ༀ་བཛྲ་རཏྣ་ཀ་མ་ལ་ཨ་བྷི་ཥིཉྩ་མཾ། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས ་ཤིག །ༀ་བཛྲ་ནེ་ཏྲ་ཨ་ས་ཧ་ར་ས་པ་ཊ་ལཾ་ཧྲཱིཿ ཞེས་དང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །དཔལ་ལྡན་གཤིན་རྗེ་མཐར་བྱེད་ཀྱིས། །བུ་ཁྱོད་མི་ཤེས་རབ་རིབ་བསལ། །ཞེས་གདོང་གཡོགས་བསལ་ནས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ད་ནི་དད་པ་རབ་ཏུ་བ སྐྱེད། །དངོས་གྲུབ་ཀུན་གྱི་རྒྱུར་གྱུར་ཏེ། །བཅོམ་ལྡན་འདས་གཤིན་རྗེའི་གཤེད་ནག་པོ་གདོང་དྲུག་པའི་དཀྱིལ་འཁོར་རྟེན་དང་རྟེན་པར་བཅས་པ་མངོན་སུམ་དུ་མཇལ་བའི་མོས་པ་མཛོད་ཅིག །དེས་འཇུག་པའི་རིམ་པ་གྲུབ་པ་ལགས། གཉིས་པ་དབང་བསྐུར་དངོས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིར་ཡོད་པ་ལས། དང་པོ་ཕྱི་གཤིན་རྗེ་གཤེད་པོ་ལམ་སྲུང་བྱེད་ཀྱི་ཡན་ལག་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྫས་ལ་བརྟེན་ནས་ཡེ་ཤེས་ལྷའི་དབང་དང་། དྲག་པོ་སྒྲོལ་བའི་དབང་བསྐུར་བ་བསྙེན་སྒྲུབ་ལས་ལ་སྦྱར་བའི་མན་ངག་ཕོ་ཉ་ལམ་དུ་ཁྱེར་བ་གཉིས་སུ་ཡོད་པ་ལས། ཐོག་མར་ཡེ་ཤེས་ལྷ་ལ་བརྟེན་ནས་ཕན་ནུས་ཀྱི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུཾ། བླ་མ་འཇམ་དཔལ་ཀུན་གྱི་གཙོ། །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་མཆོག །རང་བྱུང་ཡེ་ཤེས་ལྷ་རྣམས་ཀྱིས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས། །ད་ལྟ་བདག་ལ་སྩལ་དུ་གསོལ། །ལན་གསུམ། བླ་མས་གནང་བ་བྱིན་པ་ནི། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྱང་ཆུབ་རྡོ་རྗེའི་ལམ་དུ་དྲངས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་རྣམས། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན་པར་བྱ། །དེ་ལ་དང་པོ་སྟོད་ལས་དཀར་པོ་བྱང་ཆུབ་ལམ་གྱི་སྒྲོན་མའི་དབང་བསྐུར་བ་ལའང་རང་དོན་ཕན་པའི་དབང་དང་གཞན་དོན་ནུས་པའི་དབང་གཉིས་སུ་ཡོད་པ་ལས། དང་པོ་ཕན་པའི་དབང་བཅུ་རིམ་པར་སྦྱིན་པ་ལ། ཐོག་མར་ཕྱི་སྣོད་ཀྱི་ཞེན་པ་དག་པར་བྱ་བའི་ཕྱིར་གཞལ་ཡས་ཁང་གི་དབང་བསྐུར་བ་ཡིན་པས། གང་དུ་གནས་པའི་ཁང་ཁྱིམ་ཉིད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་སྒོམས་ཤིག །ཅེས་པའི་ཏིང་ངེ་འཛིན་དང་། རྫས་རི་མོར་བྲིས་པ་གཏད་ཅིང་ཚིགས་བཅད་དང་སྔགས་ལན་གསུམ་བརྗོད་ལ་བདེན་སྟོབས་སྨོན་ལམ་བཅས་དབང་བསྐུར་བར་གསུངས་པ་ཕྱིན་ཆད་ཐམས་ཅད་ལ་ཤེས་དགོས་སོ། །དྲག་དཀྱིལ་གཏད་ལ། ཧཱུཾ། མ་ཏྲཾ་བསྒྲལ་བའི་ཁོག་པ་འདི། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །གྲུ་བཞི་ཕྱི་ནང་ཀུན་ཏུ་གསལ། །མཐའ་དབུས་མེད་པ་ནམ་མཁའི་རྒྱ། །ཡོངས་ལ་ཁྱབ་པ་ཆོས་ཉིད་དང་། །མཚོན་དུ་མེད་པའི་གཞལ་ཡས་ཁང་། །དུར་ཁྲོད་གནས་ཀྱི་དབང་ཐོབ་ཤོག །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་དྷརྨ་དྷཱ་ཏུ་བྷནྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། བདེན་བ་རྗོད་འདི་འོག་ནས་འབྱུང་བའི་སྨོན་ལམ་ཐམས་ཅད་ཀྱི་དབུར་སྦྱར་བ་འགྲེས་དགོས་སོ། །གཞལ་ཡས་ཁང་གི་དབང་བསྐུར་བས། ཕྱི་ལྟར་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ལ། ནང་ལྟར་ཡུམ་གྱི་མཁའ་ཀློང་རྣམ་པར་དག་པ། གསང་བ་ལྟར་བྱང་ཆུབ་སེམས་སྐྱེ་འཇིག་དང་འཕོ་འགྱུར་མེད་པ་མ་བཅོས་པའི་ཐིག་ལེ་དཔག་ཅིང་གཞལ་བ་ལས་འདས་པ་མཚོན་དུ་མེད་པའི་དབང་ཐོབ་པར་གྱུར་ཅིག །གཉིས་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རྟོགས་པར་བྱ་བའི་ཕྱིར་ཉི་ཟླ་པདྨའི་གདན་གྱི་དབང་བསྐུར་བ་ཡིན་པས། གཞལ་ཡས་ཁང་གི་དབུས་ཀྱི་གདན་སྟེང་དུ་པདྨ་ཉི་ཟླའི་གདན་གསལ་བར་སྒོམས་ཤིག །དེའི་ཙཀླི་རྐང་འོག་ཏུ་གཏད་ལ། ཧཱུཾ། ཆོས་ཉིད་ཅིར་ཡང་འཆར་བའི་ལོངས་སྤྱོད་རྒྱན། །ནང་རྟགས་ཕྱིར་བསྟན་ཉི་ཟླ་པདྨའི་གདན། །ཐབས་དང་ཤེས་རབ་མ་ཆགས་ཡེ་ཤེས་གསལ། །གདན་གྱི་དབང་མཆོག་དམ་པ་ཐོབ་པ་ཤོག །ༀ་སཱུ་ཙནྡྲ་པདྨ་དྷ་ར་ཨ་བྷི་ཥིཉྩ་ཨཱཿ བདེན་པ་སོགས་གོང་ལྟར་འགྲེ། ཉི་ཟླ་པདྨའི་གདན་གྱི་དབང་བསྐུར་བས། ཐབས་ཤེས་རབ་གཉིས་སུ་མེད་ཅིང་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་དབང་ཐོབ་པར་གྱུར་ཅིག །གདུག་པ་ཅན་ང་རྒྱལ་གྱིས་ཟིལ་གྱིས་མནན་པར་བྱ་བའི་ཕྱིར་ཡི་དྭགས་གདན་གྱི་དབང་བསྐུར་བ་ཡིན་པས། ཉི་ཟླའི་སྟེང་དུ་རུ་དྲ་ཕོ་མོ། གཤིན་རྗེ་ཕོ་མོ་བཞི་བསྣོལ་གྱི་སྟེང་དུ་མ་ཧེ་གླང་རྒོད་ཀྱིས་མནན་པར་སྒོམས་ཤིག །གཟུགས་འོག་ཏུ་བཞག་ལ། ཧཱུཾ། རུ་དྲ་ཡི་དྭགས་མ་ཧེ་གླང་རྒོད་ཁྲི། །དུག་ལྔ་གནས་སུ་བསྒྲལ་ནས་གདན་དུ་བཏིང་། །བཀའ་ཉན་གིང་མཆོག་འབར་བས་བསྐོར་ནས་ནི། །འཇམ་དཔལ་ཆེ་བའི་ཡོན་ཏན་དབང་ཐོབ་ཤོག །ཡ་མ་ཡེ་ཏི་ར་བཾ། རུ་དྲ་ཡེ་ཏི་ར་བཾ། མ་ཧཱ་མ་ཧེ་མ་དྷ་ལ་ཨ་བྷི་ཥིཉྩ་ཨཱཿ བདེན་པ་འགྲེ། གདན་ཁྲིའི་དབང་བསྐུར་བས། གདུག་པ་ཅན་ཟིལ་གྱི་གནོན་ཅིང་དུག་ལྔ་གནས་སུ་དག་པའི་དབང་ཐོབ་པར་གྱུར་ཅིག །གསུམ་པ་ནང་བཅུད་ལུས་ངག་རྟོགས་ཚོགས་འཇམ་དཔལ་རོལ་པའི་དཀྱིལ་འཁོར་དུ་རྟོགས་པར་བྱ་བའི་ཕྱིར་ཐ་མལ་གྱི་འཛིན་པ་རང་སར་དག་པ་ཡེ་ཤེས་ལྷའི་དབང་བསྐུར་བ་ཡིན་པས། དམིགས་པ་འདི་ལྟར་དུ་སྒོམས་ཤིག །གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུཾ་ཡིག་སྔོན་པོ་མཁའ་ལས་སྐར་ཆེན་ལྷགས་པ་ལྟར་འོད་ལམ་གྱིས་བབས། ཧཱུཾ་སྥ་ར་ཎ་ཕཊ། ཅེས་སོགས་ལས་བྱང་གི་མངོན་རྟོགས་ལྟར། གོ་མཚམས་མེད་པར་གཏམས་པ། དེའི་གཡོན་ཕྱོགས་སུཏི་ལས་དྲེལ་རྟའི་སྟེང་དུ་ནས། སྟེང་ན་བཞུགས་པའོ། །གཡས་སུ་ཧཱུཾ་ལས་སྒྲོལ་བའི་ཡུམ་ནས། དྲེལ་རྟ་རྐང་གསུམ་ལ་ཆིབས་པའོ། །མདུན་དུ་སྲས་མཆོག་ཡ་མ་རཱ་ཛ། ཕྱོགས་བཞིར་གཤེད་ཆེན་རྣམ་བཞི། དེ་རྒྱབ་ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་བཅུ། དེ་རྒྱབ་སྒོ་མ་བཞི། གཙོ་བོ་ཡབ་ཡུམ་གྱི་གཡས་གཡོན་མདུན་དུ་རོ་ཁ་མ་གསུམ་རྣམས་འཁོད་པ་ལ། མདུན་བསྐྱེད་གཙོ་འཁོར་རྣམས་ཀྱི་སྐུལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས་ནས་གཙོ་འཁོར་སོ་སོ་ལ་ཐིམ་པས་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་ང་རྒྱལ་སྐྱེད་ཅིག །གཙོ་འཁོར་རྣམས་ཀྱི་སྐུ་ཙཀ་རིམ་པ་བཞིན་མགོར་བཞག །བདེན་བརྗོད་གོང་གི་འགྲེ། ཧཱུཾ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །ཡེ་ཤེས་མི་འགྱུར་མཐིང་ནག་འབར་བའི་སྐུ། །ཞལ་དྲུག་ཕྱག་དྲུག་ཞབས་དྲུག་གདུག་པ་འདུལ། །ཁྲོ་རྒྱལ་འཇམ་དཔལ་དབང་མཆོག་ཐོབ་པར་ཤོག །ༀ་ཨ་ཀྲོ་ཏེ་ཀ་ཧཱུཾ་ཕཊ་ཨ་བྷི་ཥིཉྩ་ཨཱཿ བདེན་བརྗོད་འགྲེ། ཡ་མཱནྟ་ཀའི་དབང་བསྐུར་བས། ཐུགས་ཡང་དག་པ་སྤྲོས་པ་མེད་པའི་ཀློང་དུ། དེའི་ངང་ལ་ཐམས་ཅད་བསྐྱེད་ཅིང་མི་འགྱུར་བ་ཡ་མཱནྟ་ཀའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཡུམ ་ཆེན་ཁྲོ་མོ་བེ་ཏཱ་ལི། རལ་གྲི་ཐོད་རློན་ཁ་ཾ་བྷན་དམར་སྟོབ། །མཐིང་ནག་གཙོ་བའི་སྐུ་ལ་དགྱེས་པར་འཁྲིལ། །དགྱེས་སྐོང་ཡེ་ཤེས་ལྷ་མོའི་དབང་ཐོབ་ཤོག །བེ་ཏཱ་ལི་རཀྴ་མན་བྷྱོ། བདེན་བརྗོད་འགྲེ། སྦྱོར་ཡུམ་བེ་ཏཱ་ལིའི་དབང་བསྐུར་བས། ཆོས་ཉིད་ངང་ལས་ཀུན་ལ་དབང་བསྒྱུར་བའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཡུམ་ཆེན་ཨེ་ཀ་ཛཱ་ཊི་ནི། །མཐིང་ནག་ཁྲོཾ་བཾ་ཤྭ་རྡེལ་འགྲིམས། །དྲེལ་རྟ་རྐང་གསུམ་སྟེང་ན་བཞུགས། །སྒྲོལ་བྱེད་ཁྲོ་མོའི་དབང་ཐོབ་ཤོག །ༀ་ཨེ་ཀ་ཛཱ་ཊི་ཏྲག་རཀྵ་མུ་ཏྲ་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་བྷྱོ། བདེན་བརྗོད། ཨེ་ཀ་ཛཱ་ཊིའི་དབང་བསྐུར་བས། ཆོས་ཉིད་ཐུགས་རྗེ་ཆེན་པོས་འཁོར་བ་གསོད་ཅིང་སྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཡ་མ་རཱ་ཛ་གཤིན་རྗེ་གཤེད། །མཐིང་ནག་མ་ཧེའི་སྟེང་ན་འོད་འཕྲོ་བརྗིད། །འཁོར་ལོ་བེ་ཅོན་རལ་གྲི་ཞགས་པ་བསྣམས། །བདུད་འདུལ་ཁྲོ་རྒྱལ་ཆེན་པོའི་དབང་ཐོབ་ཤོག །ༀ་ཡ་མ་རཱ་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཨཱཿ བདེན་བརྗོད། ཐུགས་སྲས་ཡ་མ་རཱ་ཛའི་དབང་བསྐུར་བས། །དྲེགས་པ་ཕོ་མོ་དབང་དུ་སྡུད་ཅིང་ལས་ལ་འཁོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུཾ། ཞེ་སྡང་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མཐིང་ནག་དྲེད་མོའི་སྟེང་ན་དྲག་པོར་བསྒྱིངས། །ཕྱག་གཉིས་བེ་ཅོན་འཁོར་ལོས་དགྲ་བགེགས་སྒྲོལ། །གཤེད་ཆེན་ཡ་མ་རཱ་ཛའི་དབང་ཐོབ་ཤོག །ཡ་མ་རཱ་ཛ་ས་ཏོ་མེ་ཡ༴ བདེན་བརྗོད། ཡ་མ་རཱ་ཛའི་དབང་བསྐུར་བས། །ཐུགས་ཡང་དག་སྤྲོས་པ་མེད་པའི་ཀློང་དུ་ཆོས་ཉིད་དབྱིངས་ནས་དཔལ་གྱི་ལས་མཛད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུཾ། ང་རྒྱལ་བྲག་ལྟར་གཏམས་པའི་ཀློང་དཀྱིལ་ནས། །སེར་ནག་དོམ་གྱི་སྟེང་ན་དྲག་པོར་བསྒྱིངས། །ཕྱག་གཉིས་བེ་ཅོན་འཁོར་ལོས་དགྲ་བགེགས་སྒྲོལ། །གཤེད་ཆེན་མྱོས་བྱེད་འབར་བའི་དབང་ཐོབ་ཤོག །ཡ་མེ་ཏོ་རུཎ་ཡོ་ཏ་ཡ༴ བདེན་བརྗོད། མྱོས་བྱེད་འབར་བའི་དབང་བསྐུར་བས། །ཐུགས་ཡང་དག་པའི་ཆོས་ཉིད་ལ་འབྱེད་པའི་ཀློང་དུ་ཡེ་ཤེས་ཀྱི་མེ་འབར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུཾ། འདོད་ཆགས་ཆུ་ལྟར་འཁྲུགས་པའི་ཀློང་དཀྱིལ་ནས། །དམར་ནག་དྲེལ་རྟའི་སྟེང་ན་དྲག་པོར་བསྒྱིངས། །ཕྱག་གཉིས་བེ་ཅོན་འཁོར་ལོས་དགྲ་བགེགས་སྒྲོལ། །གཤེད་ཆེན་ཨཱ་མ་རུའི་དབང་ཐོབ་ཤོག །ཡ་ཏ་ཡོ་ནི་ར་ཡཀྵེ་ཡ༴ བདེན་བརྗོད། ཨཱ་མ་རུའི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་འཁོར་འདས་དབང་དུ་བསྡུས་ནས་མི་གཏོང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུཾ། ཕྲག་དོག་རླུང་ལྟར་འཚུབས་པའི་ཀློང་དཀྱིལ་ནས། །ལྗང་ནག་རྔ་མོང་སྟེང་ན་དྲག་པོར་བསྒྱིངས། །ཕྱག་གཉིས་བེ་ཅོན་འཁོར་ལོས་དགྲ་བགེགས་སྒྲོལ། །གཤེད་ཆེན་རལ་པ་ཚར་དགུའི་དབང་ཐོབ་ཤིག །ཡཀྵེ་ཡ་ཙ་ནི་ཡ་མ་རཱ་ཛ༴ བདེན་བརྗོད། རལ་པ་ཚར་དགུའི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་ཉོན་མོངས་པ་བསྒྲལ་ནས་ཡེ་ཤེས་དགུ་ཚར་ལ་འདོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུཾ། སྟེང་ཕྱོགས་ལས་མཛད་ཁྲོ་རྒྱལ་བདུད་འཇོམས་ནི། །མཐིང་ནག་ཕྱག་ན་དགྲ་སྟྭ་འཁོར་ལོ་བསྣམས། །མ་ཧེའི་སྟེང་ན་སྲིན་མོ་ཁ་འབར་དང་། །གཉིས་མེད་སྦྱོར་མཛད་ཡབ་ཡུམ་དབང་ཐོབ་ཤོག །ༀ་བཛྲ་ཡ་མ་རཀྴ་ཀྲོ་དྷ་ཧཱུཾ་ཕཊ། མ་མ་རཀྨོ་རུ་ལུ་བྷྱོ། བདེན་བརྗོད། བདུད་འཇོམས་ཡབ་ཡུམ་གྱི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་མི་འགྱུར་བའི་ཉོན་མོངས་པ་འཇོམས་ཤིང་བདུད་འབུམ་སྡེ་བྲན་དུ་འཁོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུཾ། ཤར་ཕྱོགས་ལས་མཛད་ཀོང་རྩེ་བྲག་འཇོམས་ནི། །ཁམ་ནག་ཕྱག་ན་བྲག་ནག་འཁོར་ལོ་བསྣམས། །ཤ་བའི་སྟེང་ན་མི་བཟད་རལ་གཅིག་དང་། །གཉིས་མེད་སྦྱོར་མཛད་ཡབ་ཡུམ་དབང་བསྐུར་རོ། །ༀ་ཡ་མ་མ་ཧཱ་བ་ཏ་ཧཱུཾ་ཕཊ། ༀ་མ་མ་རཀྨོ་རུ་ལུ་བྷྱོ། བདེན་བརྗོད། ཀོང་རྩེ་བྲག་འཇོམས་ཡབ་ཡུམ་གྱི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་བྲག་དང་འདྲ་བ་འཇོམས་ཤིང་སྲོག་བདག་འབུམ་སྡེ་དབང་དུ་སྡུད་ཅིང་ལས་ལ་འཛུད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུྃ། ཤར་ལྷོར་ལས་མཛད་ཨ་ཝ་གླང་མགོ་ནི། །སྨུག་ནག་ཕྱག་ན་ཁ་ྂ་འཁོར་ལོ་བསྣམས། །རླུང་ལྷའི་སྟེང་ན་དྲང་སྲོང་དཀར་སྐྱ་དང་། །གཉིས་མེད་སྦྱོར་མཛད་ཡབ་ཡུམ༴ ༀ་ཡ་མ་ཧྲཱིཿཀུ་རུ་ཧཱུཾ་ཕཊ། ༀ་མ་མ་རཀྴ་ཧྲཱིཿསྟི་སྙིང་རུ་ལུ་བྷྱོ། བདེན་བརྗོད། ཨ་ཝ་གླང་མགོའི་དབང་བསྐུར་བས། །ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་རྟོགས་ནས་བྲག་སྲིན་འབུམ་སྡེ་ཚར་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུཾ། ལྷོ་ཕྱོགས་ལས་མཛད་ཁྲོ་རྒྱལ་ཡ་བ་ཏི། །མཐིང་ནག་ཕྱག་ན་ལྕགས་ཀྱུ་འཁོར་ལོ་བསྣམས། །སྨྱོ་བྱེད་སྟེང་ན་གཤིན་རྗེ་ཡུམ་གཅིག་དང་། །གཉིས་མེད་སྦྱོར་མཛད་ཡབ་ཡུམ༴ ༀ་ཡ་མ་མ་ས་ཏི་ཧཱུཾ་ཕཊ། ༀ་མ་མ་རཀྵ་མ་ཏི་རུ་ལུ་བྷྱོ། བདེན་བརྗོད། ཡ་བ་ཏིའི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་འབྱམས་ཡས་པའི་དོན་མཐོང་ཞིང་ཕུང་སྲི་འབུམ་སྡེ་ཚར་གཅོད་པའི༴ ཧཱུཾ། ལྷོ་ནུབ་ལས་མཛད་ཁྲོ་རྒྱལ་ཕྱྭ་སངས་ནི། །སྨུག་ནག་ཕྱག་ན་རལ་གྲི་འཁོར་ལོ་བསྣམས། །ལྐུག་པ་ལུག་སྟེང་ཁྲག་གི་རལ་གཅིག་དང་། །གཉིས་མེད་སྦྱོར་མཛད་ཡབ་ཡུམ༴ ༀ་ཡ་མ་ཧྲཱིཿསྟི་ཧཱུཾ་ཕཊ། ༀ་རཀྨོ་རཀྨོ་ཤ་རུ་ལུ་བྷྱོ། བདེན་བརྗོད། ཁྲོ་རྒྱལ་ཕྱྭ་སངས་ཡབ་ཡུམ་གྱི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ལས་སངས་ཏེ་སྲིན་པོ་འབུམ་སྡེ་ཕོ་ཉར་འགྱེད་པའི༴ ཧཱུཾ། ནུབ་ཕྱོགས་ལས་མཛད་ཁྲོ་རྒྱལ་རྨིགས་པ་ནི། །དུད་ཁ་ཕྱག་ན་ཐོད་ཕྲེང་འཁོར་ལོ་བསྣམས། །ཆུ་སྲིན་པིར་སྟེང་ཀླུ་མོ་པུས་འགྲོ་དང་། །གཉིས་མེད་སྦྱོར་མཛད་ཡབ་ཡུམ༴ ༀ་ཡ་མ་རཀྴ་ཧཱུཾ་ཕཊ། མ་མ་ནཱ་ག་རུ་ལུ་བྷྱོ། བདེན་བརྗོད། རྨིགས་པ་ཡབ་ཡུམ་གྱི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་ཉོན་མོངས་པའི་གདུག་པ་ཐབས་ཀྱིས་འདུལ་ཞིང་ཀླུ་བདུད་འབུམ་སྡེ་ལས་ལ་འཛུད་པའི༴ ཧཱུཾ། ནུབ་བྱང་ལས་མཛད་ཁྲོ་རྒྱལ་ཏེལ་པ་ནི། །སྔོ་ནག་ཕྱག་ན་སྤུ་གི་འཁོར་ལོ་བསྣམས། །རྟ་ཡི་སྟེང་ན་རླུང་ལྷ་སྤྱན་གསུམ་དང་། །གཉིས་མེད་སྦྱོར་མཛད་ཡབ་ཡུམ༴ ༀ་ཡ་མ་སརྦ་ས་ཏ་ཧཱུཾ་ཕཊ། ༀ་བ་སུ་དེ་བ་རུ་ལུ་བྷྱོ། བདེན་བརྗོད། ཏེལ་པ་ཡབ་ཡུམ་གྱི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་མཐིལ་དུ་ཕེབས་ཏེ་ཡེ་ཤེས་རླུང་གིས་རྣམ་ཐར་གསུམ་གཟིགས་ནས་ཡ་བདུད་འབུམ་སྡེ་ཕོ་ཉར་འགྱེད་པའི༴ ཧཱུྃ། བྱང་ཕྱོགས་ལས་མཛད་ལྷ་མཆོག་དུད་ཁ་ནི། །སྨུག་ནག་ཕྱག་ན་ཐོ་བ་འཁོར་ལོ་བསྣམས། །རྔ་མོའི་སྟེང་ན་ནག་མོ་མཆེ་བ་ཅན། །གཉིས་མེད་སྦྱོར་མཛད་ཡབ་ཡུམ༴ ༀ་ཡ་མ་ཨ་མི་བཾ་ཧཱུཾ་ཕཊ། ༀ་ཡག་མོ་ཡག་མོ་རུ་ལུ་རུ་ལུ་བྷྱོ། བདེན་བརྗོད། ལྷ་མཆོག་དུད་ཁ་ཡབ་ཡུམ་གྱི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཉོན་མོངས་པ་བདུད་དང་འདྲ་བ་འཇོམས་ཤིང་། རྨུ་བདུད་འབུམ་སྡེ་ཟིལ་གྱིས་གནོན་པའི༴ ཧཱུྃ། བྱང་ཤར་ལས་མཛད་ཆོས་ཀྱི་རྒྱལ་པོ་ནི། །ལྗང་སེར་ཕྱག་ན་ཁྲོཾ་བཾ་འཁོར་ལོ་བསྣམས། །བ་གླང་སྟེང་ན་ནམ་མཁའ་དཔལ་མོ་བཙན། །གཉིས་མེད་སྦྱོར་མཛད་ཡབ་ཡུམ༴ ༀ་ཡ་མ་དྷརྨ་རཱ་ཛ་ཧཱུཾ། ཕཊ། ༀ་མ་མ་བཛྲ་ཨེ་ཀ་རུ་ལུ་བྷྱོ། བདེན་བརྗོད། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་འཁོར་བ་ཆོས་ཉིད་དུ་སྒྲོལ་ཅིང་ཕྱྭ་བདུད་འབུམ་སྡེ་འདུལ་བའི༴ ཧཱུྃ། འོག་ཕྱོགས་ལས་མཛད་ཁྲོ་རྒྱལ་མིག་དམར་ནི། །དམར་པོ་ཕྱག་ན་ཤྭ་རྡེལ་འཁོར་ལོ་བསྣམས། །ས་བདག་ཕག་སྟེང་སྲིན་མོ་མགོ་འཕྱང་དང་། །གཉིས་མེད་སྦྱོར་མཛད་ཡབ་ཡུམ་དབང་ཐོབ་ཤོག༴ ༀ་ཡ་མ་ཨཱ་ད་ར་ཧཱུྃ་ཕཊ། རཀ་མོ་ཏ་ན་རུ་ལུ་བྷྱོ། བདེན་བརྗོད། མིག་དམར་ཡབ་ཡུམ་གྱི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་མཆོག་དེས་ཉོན་མོངས་པའི་ངོ་བོ་འཇོམས་ཤིང་ས་བདག་འབུམ་སྡེ་གཟིར་ཞིང་ལས་ལ་འཁོར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུྃ། ཡེ་ཤེས་མཁའ་འགྲོ་རོ་ཁ་མ། །མཐིང་ནག་རྡོ་རྗེ་ཐུན་ཁྲག་བསྣམས། །དྲེལ་རྟའི་སྟེང་ན་ཁྲོ་འཛུམ་བཞུགས། །མ་སྲིང་གཉན་གྱི་དབང་ཐོབ་ཤོག །རོ་ཁ་མ་དུན་བྷྱོ། བདེན་བརྗོད། དཔལ་ལྷན་ལྷ་མོ་རོ་ཁ་མའི༴ མི་འགྱུར་ཐུགས་ཀྱིས་ཀུན་ལ་དབང་བསྒྱུར་བའི་དབང་། ཡེ་ཤེས་མཁའ་འགྲོ་ནམ་གྲུ་མས། སྨུག་ནག་དབྱུག་ཏོ་ཐོད་ཁྲག་ཐོགས། དྲེལ་རྟའི་སྟེང་ན༴ མ་སྲིང་གཉན༴ ནམ་གྲུ་མ་དུན་བྷྱོ། བདེན་བརྗོད། དུར་ཁྲོད་མ་མོ་ནམ་གྲུ་མའི༴ དོན་ལ་མོས་པའི་རྣལ་འབྱོར་པ་རྣམས་ལ་བར་ཆད་བྱེད་པའི་དགྲ་བགེགས་མ་ལུས་པ་སྒྲོལ་བའི་དབང་༴ ཡེ་ཤེས་མཁའ་འགྲོ་ཙ་མུན་ཏྲི། །ལྗང་ནག་ཁྲོཾ་བཾ་ཐུན་ཁྲག་འཛིན། །དྲེལ་རྟའི་སྟེང་ན༴ མ་སྲིང་གཉན༴ ཤྲཱི་ཙ་མུན་ཏྲི་ཐུན་བྷྱོ། བདེན་བརྗོད། ཤྲཱི་ཙ་མུན་ཏྲིའི་དབང་བསྐུར་བས། །སྒྲུབ་པ་པོ་རྣམས་ལ་སྲུང་སྐྱོབ་བྱེད་པའི་དབང་༴ འདོད་ཁམས་གཙོ་མོ་རེ་མ་ཏཱི། །མཐིང་ནག་རལ་གྲི་རྡོ་རྗེ་ཐོགས། །དྲེལ་རྟའི་སྟེང་ན༴ མ་སྲིང་གཉན༴ ༀ་ཏདྱ་ཐཱ། རུ་རུ་རོ་རུ་བེ་ཏི་སྟ་བོ་སིད་སྭཱ་ཧཱ། བདེན་བརྗོད། རེ་མ་ཏཱིའི་དབང་བསྐུར་བས། དྲག་པོའི་ལས་ཀྱིས་འགྲོ་བའི་དོན་བྱེད་པའི་དབང་༴ རྡོ་རྗེ་ཡ་བྱིན་ཆེན་མོ་ནི། །མཐིང་ནག་ཕྱག་ན་ལྕགས་ཀྱུ་འཛིན། །བདུད་ཀྱི་གདན་ལ་བརྐྱང་བསྐུམས་བཞུགས། །བདུད་འདུལ་དགྲ་བོ་འཛིན་པའི་དབང་ཐོབ་ཤོག །ཛ་སུ་ཏྲིང་ཡ༴ བདེན་བརྗོད། ཤར་གྱི་སྒོ་མ་རྡོ་རྗེ་ཡ་བྱིན་གྱི་དབང་བསྐུར་བས། །ཐུགས་ཡང་དག་པའི་ཡེ་ཤེས་ཆེན་པོས་འཁོར་བ་བླ་ན་མེད་པར་འདྲེན་པའི་དབང་༴ རྡོ་རྗེ་དེ་བྱིན་འཕྲུལ་མོ་ཆེ། །སེར་ནག་ཕྱག་ན་ཞགས་པ་བསྣམས། །གཟའ་ཡི་གདན་ལ་རྔམས་ཚུལ་བཞུགས། །གཟའ་འདུལ་དགྲ་བོ་བཅིངས་པའི་དབང་ཐོབ་ཤོག །ཧཱུཾ་པ་ར་ཙིཏྟ༴ བདེན་བརྗོད། ལྷོ་ཡི་སྒོ་མ་རྡོ་རྗེ་དེ་བྱིན་གྱི༴ ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་འཁོར་བའི་ཉོན་མོངས་པ་མི་གནས་འཆིང་བའི་དབང༴ རྡོ་རྗེ་བསྭེ་བྱིན་དབང་མོ་ཆེ། །དམར་ནག་ཕྱག་ན་ལྕགས་སྒྲོག་སྡོམ། །བཙན་གྱི་གདན་ལ་བརྗིད་པར་བཞུགས། །བཙན་འདུལ་དགྲ་བོ་སྡོམ་པའི་དབང་ཐོབ་ཤོག །བཾ་མ་ཡོ་གེ་ཤོ་རི༴ བདེན་བརྗོད། ནུབ་ཀྱི་སྒོ་མ་རྡོ་རྗེ་བསྭེ་བྱིན་གྱི༴ ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་དབྱིངས་ཡེ་ཤེས་ཀྱི་དོན་ལ་ཆགས་པའི་དབང་༴ རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ། །ལྗང་ནག་ཕྱག་ན་དྲིལ་བུ་འཛིན། །ཀླུ་ཡི་གདན་ལ་དགྱེས་པར་བཞུགས། །ཀླུ་འདུལ་དགྲ་བོ་འབེབས་པའི་དབང་ཐོབ་ཤོག །ཧོ་ཡ་མ་ཙིཏྟ༴ བདེན་བརྗོད། བྱང་གི་སྒོ་མ་རྡོ་རྗེ་ཕག་བྱིན་གྱི་དབང་བསྐུར་བས། ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་གདུག་པ་ཐབས་ཀྱི་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱ་བའི་ཕྱིར་བུམ་པའི་དབང་བསྐུར་བ་ནི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པས་དབང་བསྐུར་བར་གསུངས་པས། ཐོག་མར་ཕྱི་ལྟར་བསྐུར་བ་ལ། སློབ་དཔོན་འཇམ་དཔལ་གཞོན་ནུ་ཞི་བའི་ཆ་ལུགས་ཅན་ཕྱག་ན་བུམ་པ་ཐོགས་པ། དེ་ལྟ་བུས་ནམ་མཁའི་ཁམས་ཐམས་ཅད་གང་། བུམ་པ་སྤྱི་བོར་བཞག་པའི་ཚེ་བུམ་པའི་ནང་གི་ལྷ་རྣམས་དང་རང་བཞིན་གྱིས་གྲུབ་པའི་ལྷ་ཀུན་གྱིས་སྤྱི་བོར་བུམ་པ་བཞག་ནས་དབང་དི་རི་རི་བསྐུར་བས། ཆུ་རྒྱུན་དཀར་པོ་བྱུང་སྟེ་ཁྱེད་རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་མོས་ཤིག །ཧཱུྃ། ཡེ་ཤེས་གཞལ་ཡས་བུམ་པ་ན། །འཇམ་དཔལ་གཤིན་རྗེའི་ལྷ་རྣམས་བཞུགས། །གཉིས་མེད་བྱང་ཆུབ་སེམས་རྟོགས་ཆུས། །སྤྱི་ནས་བསྟིམ་ཞིང་དབང་བསྐུར་རོ། །ༀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཏ་ཨ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ གཉིས་པ་ནང་ལྟར་བསྐུར་བ་ལ། ནམ་མཁའ་ཁེངས་པའི་ལྷ་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་ལྷ་དང་། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་པ་རྣམས་བུམ་པ་ལ་འདུས་ནས། བུམ་པའི་ལྷ་རྣམས་ཀྱང་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་འོད་ཟེར་དུ་གྱུར་ནས་སྤྱི་གཙུག་ཚངས་པའི་བུ་ག་ནས་ཐིམ་སྟེ། དུག་ལྔ་ལ་སོགས་པའི་བསྐལ་པར་བསགས་པའི་ཉེས་ལྟུང་དང་ཆག་ཉམས་ཀྱི་དྲི་མ་རིམ་པར་དག་པར་སྒོམས་ཤིག །གོང་ལྟར་ཚིགས་བཅད་དང་སྔགས་བརྗོད་ལ་བསྐུར། གསུམ་པ་གསང་བ་ལྟར་བསྐུར་བ་ལ། སློབ་དཔོན་ཡ་མཱནྟ་ཀ །བུམ་པ་སྦྱོར་ཡུམ་རལ་གཅིག་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ། ཡབ་ཡུམ་སྦྱོར་བ་མཛད་པས་ལུས་དཀྱིལ་གྱི་ལྷ་རྣམས་ཞུ་བའི་བྱང་ཆུབ་སེམས་ཀྱི་ཆུ་སྦྱིན་དཀར་དམར་དུ་བབས་པ་བུའི་སྤྱི་གཙུག་ནས་མར་བསྟིམ་པས། བུ་ཉིད་ཡེ་ཤེས་ཀྱི་ལྟར་བསྒོམས་པའི་སྐུ་ཕྲག་དོག་གི་དྲི་མ་དང་བྲལ་ནས། ཤེལ་སྒོང་ཕྱིས་པ་ལྟར་གྱུར་པར་མོས་མཛོད། ཚིགས་བཅད་དང་སྔགས་བརྗོད་ལ་བསྐུར། བཞི་པ་དེ་ཁོ་ན་ཉིད་དུ་བསྐུར་བ་ནི། བུམ་པ་དང་ལྷ་དང་ཆུརྒྱུན་དུ་གསལ་བ་རྣམས་སྒྱུ་མ། དེ་ཉིད་དངོས་པོ་དང་མཚན་མར་མ་གྲུབ་པར་ངོས་བཟུང་ཅིས་ཀྱང་སྟོང་པ། རང་བཞིན་སྤྲོས་བྲལ། དེ་ལྟར་མཁྱེན་པའི་རིག་པ་དེ་མཚན་ཉིད་རང་རིག་ལྷུན་གྲུབ་ཏུ་ཐུག་ཕྲད་ཀྱིས་ངོ་སྤྲད་དེ། དེ་གསུམ་དུ་རྟོག་པ་སྐྱེ་ལུགས་གསུམ་གྱི་དྲི་མ་དག་ནས་སྐུ་གསུམ་དུ་དབང་ཐོབ་པ་ཡིན་ནོ། །བདེན་བརྗོད། བདུད་རྩི་བུམ་པའི་དབང་བསྐུར་བས། །བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཀུན་བྱང་ནས་སྐུ་དང་ཡེ་ཤེས་ཀྱི་དབང་ཐོབ་པར་གྱུར་ཅིག །ལྔ་པ་དོན་ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་པར་བྱ་བའི་ཕྱིར་དབུ་རྒྱན་གྱི་དབང་བསྐུར་པ་ཡིན་པས། རྟགས་ཐོད་སྐམ་དང་རིན་པོ་ཆེའི་ཁང་བུར་རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་ལྔར་བཞུགས་པའི་དབུ་རྒྱན་མགོ་བོར་བཅིངས་པར་སྒོམས་ཤིག །ཧཱུྃ། ཨེ་མ་སངས་རྒྱས་ཀུན་གྱི་གཙོ། །རིན་ཆེན་ཐོད་སྐམ་གཞལ་ཡས་ན། །ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་སྐུ། །དབུ་ལ་རིགས་ལྔའི་དབང་བསྐུར་རོ། །ༀ་ཛྙཱ་ན་པཉྩ་ཏྲཱཾ་ཏྲཱཾ་ཨ་བྷི་ཥིཉྩ་ཧཱུྃ། །བདེན་བརྗོད། དབུ་རྒྱན་གྱི་དབང་བསྐུར་བས། སྐུ་ལྔ་ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅོད་པན་བཅིངས་པས་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་མོས་ཤིག །ཧཱུྃ། ཡེ་ཤེས་ལྔ་ལྡན་ཅོད་པན་འདི། །ཀླུ་གདུག་གནོད་པས་མི་ཚུགས་ཤིང་། །འཁོར་བའི་ཉེས་པས་མི་ཚུགས་པའི། །ཆོས་རྒྱལ་འཛིན་བའི་དབང་ཐོབ་ཤོག །ༀ་སརྦ་ཨ་ལམ་པ་ན་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱིཿ བདེན་བརྗོད། ཅོད་པན་གྱི་དབང་བསྐུར་བས། སྦྱོར་བ་ཁམས་གསུམ་མཛད་ཀྱང་རྟག་ཆད་ལས་འདས་ཏེ་དུས་ཀྱི་བག་ཆགས་དང་བྲལ་ཞིང་གདུག་པ་ཅན་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཅིག །དྲུག་པ་ཡེ་ཤེས་དྲུག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དགྲ་བགེགས་འདུལ་པའི་ཕྱིར་དཔལ་གྱི་ཕྱག་མཚན་དྲུག་གི་དབང་བསྐུར་བས། ཡེ་ཤེས་འབར་བའི་ཕྱག་མཚན་དྲུག་དངོས་སུ་ཐོགས་པར་སྒོམས་ཤིག །འཁོར་ལོ་གཏད་ལ། ཧཱུྃ། ཡེ་ཤེས་དྲུག་ལྡན་གཅོད་ཅིང་རྒྱུན་མི་མཆད། །ལོག་རྟོག་ཚར་གཅོད་ཤེས་རབ་འཁོར་ལོ་འདི། །ཆོས་ཉིད་ལ་ནི་ཡེ་ཤེས་རྒྱལ་པོར་གནས། །འཇམ་དཔལ་ཕྱག་མཚན་འདི་ཡི་དབང་བསྐུར་རོ། །ༀ་བཛྲ་ཀྲོ་དྷ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། ཁྲོ་རྒྱལ་འབར་བའི་ཕྱག་མཚན་འཁོར་ལོའི་དབང་བསྐུར་བས། །ཤེས་རབ་ཆེན་པོས་ལོག་རྟོག་ཚར་གཅོད་ཅིང་བར་གཅོད་དགྲ་བགེགས་སྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །ཞིང་གི་དབྱུག་ཏོ་གཏད་ལ། ཐུགས་རྗེ་འབར་བའི་ཞིང་དབྱུག་འདིས། །འཁོར་བ་རྡུལ་དུ་བརླག་ནས་ནི། །ཆོས་ཉིད་དབྱིངས་སུ་འདུལ་བསྒྲལ་བ། །སྤྲོས་བྲལ་ཆོས་སྐུའི་དབང་ཐོབ་ཤོག །རཏྣ་ཤ་ར་ཨ་ནུ་དར་མ་ཀ་མ་ཨ་བྷི་ཥིཉྩ་ཧཱུཾ་ཨཱཿ བདེན་བརྗོད། ཞིང་དབྱུག་གི་དབང་བསྐུར་བས། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རྣམ་རྟོག་རང་སྒྲོལ་ཅིང་འཕྱར་ཞིང་བརྡབ་པས་ཡ་མ། དམ་སྲི་སྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །ཁྱུང་ཁྲ་གཏད་ལ། ཧཱུྃ། ཡེ་ཤེས་ཁྱུང་ཁྲས་གདུག་པ་འདུལ་བར་བྱེད། བརྩོན་འགྲུས་མྱུར་མགྱོགས་མཆུ་འབིགས་སྡེར་མོ་ལྡན། །ཁམས་གསུམ་ཟིལ་གནོན་དཔལ་ཆེན་ཕྱག་མཚན་འདིས། །སྲིད་གསུམ་གླུ་རྣམས་ཚར་གཅོད་དབང་ཐོབ་ཤོག །ཧཱུཾ་བཛྲ་ནཱི་ལ་བཛྲ་སུམྦྷནི་སུམྦྷ་ནི་ཧཱུཾ། བདེན་བརྗོད། ཁྱུང་ཁྲའི་དབང་བསྐུར་བས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ལེ་ལོ་རང་གྲོལ་ཞིང་ཀླུའི་གདུག་པ་ཚར་གཅོད་པའི་དབང་ཐོབ་པར་གྱུར་ཅིག །ཁ་ཊཱཾ་གཏད་ལ། ཧཱུྃ། མཉམ་པ་ཉིད་ཀྱི་རང་བཞིན་རྡོ་རྗེ་དང་། བཟོད་པའི་ཕ་རོལ་ཕྱིན་པའི་རྟགས། །སྐུ་གསུང་ཐུགས་ལྡན་ཁ་ཾ་ཀ །དུག་གསུམ་རྩད་གཅོད་དབང་ཐོབ་ཤོག །ༀ་བཛྲ་ཀྲོ་དྷ་ཨ་བྷི་ཥིཉྩ་ཨ་ཨ། བདེན་བརྗོད། ཁྲོ་རྒྱལ་ཕྱག་མཚན་ཁ་ཾ་ཀའི་དབང་བསྐུར་བས། བཟོད་པ་གསུམ་དང་ལྡན་པ་དུག་གསུམ་རང་གྲོལ་ཞིང་དམ་སྲི་སྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །རྡོ་རྗེ་གཏད་ལ། ཧཱུྃ། ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །རྩེ་ལྔ་དུག་ལྔའི་རྟོག་པ་འཇོམས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་རྟགས། །ཕྱག་མཚན་རྡོ་རྗེའི་དབང་བསྐུར་རོ། །ཛྙཱ་ན་པཉྩ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། ཁྲོ་རྒྱལ་ཕྱག་མཚན་རྡོ་རྗེའི་དབང་བསྐུར་བས། །ཚུལ་ཁྲིམས་གྱི་ཕ་རོལ་ཏུ་ཕྱིན་པས་འཆལ་བའི་རྣམ་རྟོག་འཇོམས་ཤིང་བདུད་དང་ལོག་རྟོག་འཇོམས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྕགས་ཀྱུ་གཏད་ལ། ཧཱུྃ། སྦྱིན་པ་ཐུགས་རྗེའི་ལྕགས་ཀྱུས་རྒྱུད་དྲུག་འདྲེན། །ཉིན་ནུབ་མེད་པར་གསལ་བ་འུག་པའི་མགོ། །དགྲ་བགེགས་དམིགས་ནས་འཛིན་པ་གནམ་ལྕགས་མཆུ། །དཔལ་ཆེན་ཕྱག་མཚན་རྒྱལ་པོའི་དབང་བསྐུར་རོ། །བཛྲ་ཨངྐུ་ཤ་ཛཿཨ་བྷི་ཥིཉྩི་ཧཱུཾ། བདེན་བརྗོད། ལྕགས་ཀྱུ་འུག་པའི་མཆུ་ཅན་གྱི་དབང་བསྐུར་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྒྱུད་དྲུག་འཁོར་བའི་གནས་ནས་འདྲེན་ཞིང་གདུག་པའི་དགྲ་བགེགས་འགུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བདུན་པ་ཁམས་གསུམ་གྱི་གདུག་པ་ཅན་ཚར་བཅད་ཅིང་དཔལ་གྱི་ཆེ་བའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་དུར་ཁྲོད་ཆས་ཀྱི་དབང་བསྐུར་བ་ཡིན་པས། གླང་ཆེན་ཀོ་རློན་སྟོད་ལ་གཡོགས་པས་སྟོབས་ཆེན་པོའི་མཆོག་དང་ལྡན་པའི་རྒྱན་གྱི་དབང་ཐོབ་པར་སྒོམས་ཤིག །ཧཱུྃ། གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་ནི། །གཏི་མུག་མ་ལུས་གནས་སུ་དག་པའི་རྒྱན། །ཐབས་མཆོག་ན་བཟའ་ཀོ་བ་རློན་པ་འདིས། །སྟོབས་ཀྱི་རྒྱལ་པོའི་དབང་མཆོག་ཐོབ་པར་ཤོག །ཧཱུཾ་མ་ཧཱ་ད་ར་པ་ཤ་ད་ཧཱུཾ། བདེན་བརྗོད། གླང་ཆེན་ཀོ་རློན་གྱི་དབང་བསྐུར་བས། གཏི་མུགས་མ་སྤངས་གནས་སུ་དག་ནས་ཐེག་པ་མཆོག་གི་སྟོབས་བཅུས་འགྲོ་དོན་མཛད་པའི་དབང་ཐོབ་པར་གྱུར་ཅིག །མི་ལྤགས་གཡང་གཞི་གསོལ་བས་བྱང་ཆུབ་སེམས་ཀྱི་རྒྱན་གྱི་དབང་ཐོབ་པར་སྒོམས་ཤིག །ཧཱུཾ་ཞིང་ལྤགས་རྟགས་སུ་གསོལ་བའི་དུར་ཁྲོད་བདག །འཁོར་བ་མ་སྤངས་གནས་སུ་དག་པ་ཡི། །ཞིང་ཆེན་གཡང་གཞིས་ཁྱེད་ལ་དབང་བསྐུར་བས། །འཁོར་བའི་གནས་ལས་ཡོངས་སུ་རྒྱལ་བར་ཤོག །ཧཱུཾ་བཾ་ཧཱུཾ་སྟི་ན་དང་ཁ་ཧཱུཾ། བདེན་བརྗོད། ཞིང་ཆེན་གྱི་གཡང་གཞིའི་དབང་བསྐུར་བས། དྲེགས་པ་ལྷའི་གཡང་གཞིར་ཆགས་པ་ལྷ་མ་ཡིན་གྱི་གཡང་བཞིས་བརྒྱན་པས་འཁོར་དྲེགས་པ་དབང་དུ་བསྡུས་ནས་བདུད་དང་དྲེགས་པ་ཐམས་ཅད་འདུལ་ཞིང་ཚར་གཅོད་པའི་དབང་ཐོབ་པར་གྱུར་ཅིག །སྟག་ལྤགས་ཤམ་ཐབས་སྨད་དུ་བགོས་པས་དཔའ་བརྟུལ་ཟ་བྱེད་ཀྱི་རྒྱན་དབང་ཐོབ་པར་སྒོམས་ཤིག །ཧཱུཾ། ཞེ་སྡང་དྲག་པོ་སྟག་གི་ཤམ་ཐབས་ཅན། །འདུལ་སྡོམ་རྟགས་སུ་གསོལ་བའི་ཕྱི་ནང་གསང་བར་བཅིངས། ཕྲག་དོག་གནས་འཇོམས་སྟག་ལྤགས་དབང་བསྐུར་བས། །ཕྲིན་ལས་དབང་མཆོག་དམ་པ་ཐོབ་པར་ཤོག །བཛྲ་བྱ་ཏྲཱི་པ་ཏ་ཧཱུཾ། བདེན་བརྗོད། སྟག་གི་ཤམ་ཐབས་ཀྱི་དབང་བསྐུར་བས། ཕྲག་དོག་མ་སྤངས་གནས་སུ་དག་ནས་ཕྲིན་ལས་རྣམ་བཞིས་ལས་ཐམས་ཅད་མཛད་པའི་དབང་ཐོབ་པར་གྱུར་ཅིག །ཐོད་ཕྲེང་ཚར་གསུམ་གསོལ་བས་སྐུ་གསུམ་རང་ལ་རྫོགས་པའི་དབང་ཐོབ་པར་སྒོམས་ཤིག །ཧཱུཾ། སྐམ་པོ་ཆོས་སྐུ་ར་རི་ལོངས་སྤྱོད་རྫོགས། །རློན་པ་སྤྲུལ་པའི་སྐུ་ཡི་རང་བཞིན་ཏེ། །དུས་གསུམ་སངས་རྒྱས་རྫོགས་པ་ཡི། །སྐུ་གསུམ་ངོ་བོར་དབང་བསྐུར་རོ། །ༀ་མ་ཧཱ་ཀ་པཱ་ལ་ཧཱུཾ། །བདེན་བརྗོད། ཐོད་པ་ཚར་གསུམ་གྱི་དབང་བསྐུར་བས། །སྐུ་གསུམ་གྱིས་འགྲོ་བའི་དོན་བྱེད་པའི་དབང་ཐོབ་པར་གྱུར་ཅིག །སྦྲུལ་གྱི་ཆུན་འཁོར་གསོལ་བས་མཉེན་ལྕུག་འཁྲིལ་རྒྱན་གྱི་དབང་ཐོབ་ནས་ཕྲིན་ལས་རྣམ་བཞི་རྫོགས་པར་སྒོམས་ཤིག །ཧཱུཾ་སྦྲུལ་ཆེན་རིགས་བཞི་ཆུན་འཁོར་ནི། ཞེ་སྡང་ཆེན་པོའི་རང་བཞིན་པས། །ཁྲོ་རྒྱལ་འཇམ་དཔལ་སྐུ་ཡི་རྒྱན། །ཕྲིན་ལས་རྣམ་བཞིས་འདུལ་བར་ཤོག །མ་ཧཱ་ནཱ་ག་རཱ་ཛ་ཧཱུཾ། །སྦྲུལ་རིགས་བཞིའི་དབང་བསྐུར་བས། ཀླུ་རིགས་བཞི་དབང་དུ་བསྡུས་ནས་ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་བྱེད་པའི་དབང་ཐོབ་པར་གྱུར་ཅིག །མགྲིན་པར་ཞག་གི་ཟོ་རིས་བཀོད་པས་དོན་དམ་བཅུད་ཀྱི་རྒྱན་པའི་དབང་ཐོབ་པར་སྒོམས་ཤིག །ཧཱུཾ། ཞག་གི་ཟོ་རིས་བརྒྱན་པ་ནི། །ཆོས་ཉིད་དབྱིངས་སུ་བསྒྲལ་བ་དང་། །གདུག་པ་ཐབས་ཀྱིས་འདུལ་མཛད་པ། །ཆེ་བའི་ཡོན་ཏན་རྒྱས་པའི་དབང་ཐོབ་ཤོག །ཧཱུཾ་སྟྭཾ་པ་ག་ཏ་ཡ་ཨ་ལ་ལ་ཧོ། བདེན་བརྗོད། ཞག་གི་ཟོ་རིས་ཀྱི་དབང་བསྐུར་བས། དོན་ཐུགས་སྐྱེ་བ་མེད་པ་ཞག་དང་འདྲ་བ་ལ་འཁོར་བ་ཡོངས་ལ་སྣུམ་པའི་དབང་ཐོབ་པར་གྱུར་ཅིག །དཔྲལ་བར་ཐལ་ཆེན་ཚོམ་བུ་བཀོད་པས་གདུག་པ་ཅན་ཚར་གཅོད་པའི་དབང་ཐོབ་པར་སྒོམས་ཤིག །ཧཱུཾ། ཐལ་ཆེན་ཚོམ་བུས་བརྒྱན་པ་འདི། །ཁམས་གསུམ་གདུག་པ་འདུལ་བ་ཡི། །ཆེ་བའི་ཡོན་ཏན་ཀུན་གྱི་བདག །གདུག་པ་ཟིལ་གནོན་དབང་ཐོབ་ཤོག །ཧཱུཾ་པ་ཏ་པ་ཡ་ཧཱུཾ། བདེན་བརྗོད། ཐལ་ཆེན་གྱི་ཚོམ་བུའི་དབང་བསྐུར་བས། མཚན་མ་ཐམས་ཅད་སྤྲོས་པ་དང་བྲལ་ནས་དོན་རྣམ་གསུམ་ཐོབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མཁུར་ཚོས་གཉིས་ལ་རཀྟའི་ཐིག་ལེ་བཀོད་པས་ཐུགས་རྗེ་ཆགས་པས་རྗེས་སུ་འཛིན་པའི་དབང་ཐོབ་པར་སྒོམས་ཤིག །ཧཱུཾ། རཀྟའི་ཐིག་ལེས་བརྒྱན་པ་འདི། །འདོད་ཆགས་གནས་སུ་དག་པའི་རྟགས། །ང་རྒྱལ་དྲག་པོས་འདུལ་མཛད་པའི། །མཁའ་འགྲོ་ལས་འཛུད་དབང་ཐོབ་ཤོག །ཧཱུཾ་མ་ཧཱ་རཀྟ་ཀ་པཱ་ལ་ཧཱུཾ། བདེན་བརྗོད། ཁྲག་གི་ཐིག་ལེའི་དབང་བསྐུར་བས། །ཐུགས་རྗེས་འགྲོ་བའི་དོན་ལ་ཆགས་ཏེ་མ་མོ་དང་མཁའ་འགྲོ་མ་དབང་དུ་སྡུད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དུར་ཁྲོད་མེ་ཕུང་གིས་བརྒྱན་པས་ལས་ཉོན་བག་ཆགས་སྲེག་པའི་དབང་ཐོབ་པར་སྒོམས་ཤིག །ཧཱུཾ། སྡིག་འཇོམས་ཡེ་ཤེས་འབར་བའི་ཀློང་། །འཁོར་བ་ཞེ་ལ་གནོན་པ་ནི། །ཐེག་ལེ་དབྱིངས་ཀྱི་ངང་དུ་གསལ། །གདུག་པ་སྲེག་མེའི་དབང་ཐོབ་ཤོག །རཾ་ཛྭ་ལ་ཛྙཱ་ན་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། མེ་དཔུང་གི་དབང་བསྐུར་བས། ལས་དང་བག་ཆགས་སྲེག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྒྱད་པ་དམ་རྫས་གསུམ་གྱི་དབང་བསྐུར་བས་གསང་སྔགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་ནུས་ལྡན་དུ་བྱས་པར་མོས་ཤིག །དྲག་པོའི་མཆོད་གཏོར་གཏད་ལ། ཧཱུཾ། དྲག་པོའི་མཆོད་གཏོར་འདི་བྱིན་པས། །དམ་ཅན་རྣམས་ཀྱི་ཐུགས་དམ་རྒྱུད་བསྐུལ་ཞིང་། །གདུག་ཅིང་སྡང་སེམས་ལྡན་པའི་དགྲ་བགེགས་རྣམས། །ལུས་ངག་རྡུལ་དུ་བརླག་པར་འགྲུབ་པར་ཤོག །ༀ་མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། དྲག་པོའི་མཆོད་གཏོར་གྱི་དབང་བསྐུར་བས། །དམ་ཅན་རྣམས་ཀྱི་ཐུགས་དམ་སྐོངས་ནས་དགྲ་བགེགས་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྨན་ཐོད་གཏད་ལ། རྣམ་རྟོག་དུག་འཇོམས་བདུད་རྩི་སྨན་ཆེན་པོ། །དུས་གསུམ་སངས་རྒྱས་མཉེས་ཕྱིར་མཆོད་པའི་རྫས། །ཐིག་ལེའི་དབྱིངས་ལ་རང་བྱུང་ཡེ་ཤེས་རྫོགས། །སྐྱེ་ཤི་འདུ་འབྲལ་མེད་པའི་དབང་ཐོབ་ཤོག །སརྦ་པཉྪ་ཨ་མྲྀ་ཏ་ཀུཎྜ་ལི་སིངྔྷི་ཧཱུཾ། བདེན་བརྗོད། བདུད་རྩི་སྨན་གྱི་དབང་བསྐུར་བས། །ཉོན་མོངས་པའི་བདུད་ལ་ཡེ་ཤེས་ཀྱི་རྩི་བཏབ་ནས་དུག་ལྔ་སྨན་དུ་བསྒྱུར་བའི་དབང་ཐོབ་པར་གྱུར་ཅིག །རཀྟ་གཏད་ལ། ཧཱུཾ། གདུག་པའི་དྲེགས་པ་རུ་དྲ་བསྒྲལ་བའི་རྫས། །དུག་གསུམ་བསྒྲལ་བའི་རཀྟ་མཱཾ་སར་བཅས། །འཁོར་བ་རྩད་གཅོད་ཆོས་ཉིད་བདེ་ཆེན་པོ། །གཉིས་མེད་རོལ་པའི་དབང་རྣམས་ཐོབ་པར་ཤོག །རཀྟ་ཀེཾ་ནི་རི་ཏི་ཚལ་པ་མ་ཧཱ་སྨི་ཏ་ཛྙཱ་ན་ཧཱུཾ་ཨཱཿ བདེན་བརྗོད། རཀྟའི་དབང་བསྐུར་བས། དུག་གསུམ་རྩད་ནས་བཅད་ནས་འཁོར་བ་གནས་སུ་དག་པའི་དབང་ཐོབ་པར་གྱུར་ཅིག །ཚིལ་ཆེན་གྱི་མར་མེ་གཏད་ལ། ཧཱུཾ། དབྱིངས་ལས་ཡེ་ཤེས་མེ་སྦར་ནས། །ཚིལ་ཆེན་མར་མེ་སྣང་གསལ་འདིས། །ཉོན་མོངས་དུག་སྲེག་མ་རིག་མུན་པ་སེལ། །ཤེས་རབ་ཡེ་ཤེས་མར་མེའི་དབང་ཐོབ་ཤོག །མ་མ་སང་ཏི་སང་ཀུ་རུ་ཡེ་ཧཱུཾ། །བདེན་བརྗོད། མར་མེའི་དབང་བསྐུར་བས། ཞི་གནས་ཀྱི་མར་ལ་ལྷག་མཐོང་གི་མེ་སྦར་ཏེ་མ་རིག་པའི་མུན་པ་གཏིང་ནས་སེལ་བའི་དབང་ཐོབ་པར་གྱུར་ཅིག །དགུ་པ་བསྙེན་པའི་དབང་གསུམ་བསྐུར་བས་ཡེ་ཤེས་ལྷའི་དངོས་གྲུབ་ཉེ་བར་ཐོབ་པའི་སྐལ་ལྡན་དུ་བྱས་པར་མོས་ཤིག །རུས་པའམ་རཀྴའི་ཕྲེང་བ་ལ་ཨ་ཀྲོ་བདུན་ཙམ་བརྗོད་པ་གཏད་ལ། ཧཱུཾ། །གཟུང་དང་ཏིང་འཛིན་མེ་ཏོག་ཕྲེང་། །སངས་རྒྱས་ཀུན་གྱིས་བསྔགས་པ་སྟེ། །ཐུགས་དམ་བསྐུལ་ཞིང་དངོས་གྲུབ་འབེབས། །རུས་ཆེན་རཀྴའི་དབང་བསྐུར་རོ། །རཏྣ་མ་ལེ་ཧོ་ཧོཿ བདེན་བརྗོད། ཕྲེང་བའི་དབང་བསྐུར་བས། ལྷ་འགྲུབ་ཅིང་སྡིག་སྒྲིབ་འདག་པ་དང་དམ་ཅན་ཉེ་ཞིང་ཕྲིན་ལས་ཐོགས་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །རྡོ་རྗེ་དྲིལ་བུ་གཏད་ལ། ཧཱུྃ། ཐབས་དང་ཤེས་རབ་འདུ་འབྲལ་མེད། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་བཞིན་དབང་བསྐུར་རོ། །བཛྲ་ས་མ་ཡ་ཏྲ་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། རྡོ་རྗེ་དྲིལ་བུའི་དབང་བསྐུར་བས། །ཡ་མཱནྟ་ཀ་ཡབ་ཡུམ་གྲུབ་ཅིང་ཐབས་ཤེས་རབ་གཉིས་སུ་མེད་པའི་དབང་ཐོབ་པར་གྱུར་ཅིག །ཐོད་རྔ་གཏད་ལ། ཧཱུཾ། དབྱིངས་དང་ཡེ་ཤེས་སྒྲོག་བྱེད་རྒྱལ་པོའི་གསུང་། །དམ་ལ་སྡུད་ཅིང་ཕ་རོལ་ཟིལ་གྱིས་གནོན། །ལྷ་དགྱེས་དམ་ཅན་ལས་འཛད་རྒྱལ་པོ་ཡི། །ཡེ་ཤེས་ལྷ་བསྒྲུབ་ཕྱིར་ན་དབང་བསྐུར་རོ། །ༀ་མ་ཧཱ་ཨ་པ་ལི་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། ཐོད་རྔའི་དབང་བསྐུར་བས། འདོད་ཡོན་ཡེ་ཤེས་ལྷའི་དབང་བསྒྱུར་ཞིང་སྒྲའི་ཚོགས་ཀྱིས་མཁའ་འགྲོ་ལས་ལ་འཁོར་བའི་དབང་ཐོབ་པར་གྱུར་ཅིག །བཅུ་པ་ཚོགས་ཀྱི་ཞལ་ཟས་དང་ཛ་གད་ཀྱི་དབང་བསྐུར་བས་འདོད་ཡོན་གྱི་ཞེན་པ་རྩད་ནས་གཅོད་པའི་དབང་ཐོབ་པར་མོས་ཤིག །ཚེ་རྫས་གཏད་ལ། ཧཱུྃ། བཟའ་དང་བཅའ་དང་བཏུང་བའི་ཚོགས། །ཁ་དངར་སྐྱུར་བའི་རོ་མཆོག་སྟེ། །ཛ་གད་ཛ་ཏི་ཟླ་རྒྱས་ཟླ་ཁྲོམ་དང་། །ཚེ་འཛིན་མཆོག་དང་མཱཾ་ས་ཀུན་ཏུ་རྒྱུ། །ཚིམ་བྱེད་འཇམ་དེས་ཞལ་ཟས་ཀྱི། །ཉིན་མཚན་རྟག་ཏུ་དབང་ཐོབ་ཤོག །ཨ་སྟི་སྟ་ས་མ་ཡ་ཀི་སིངྔྷི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། ཞལ་ཟས་ཚོགས་ཀྱི་དབང་བསྐུར་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་དུས་ཐམས་ཅད་བཟའ་བཏུང་ལ་ལོངས་སྤྱོད་པའི་དབང་ཐོབ་པར་གྱུར་ཅིག །ཛ་གད་གཏད་ལ། ཧཱུྃ། ཛ་གད་དཔའ་བོའི་བདུད་རྩི་འདི། །ཡོན་ཏན་ཡུམ་གྱིས་བྱིན་བརླབས་པས། །སྟོང་གསུམ་ཀུན་གྱི་བཅུད་བསྡུས་ནས། །སྟོང་ཁམས་སྣུན་པའི་དབང་ཐོབ་ཤོག །ཨ་ཏི་སྟ་ས་མ་ཡཱ་ཀུ་སིངྔྷི་ཧཱུཾ་ཨ་བྷི་ཥིཉྩ་ཨཱཿ བདེན་བརྗོད། ཛ་གད་ཀྱི་དབང་བསྐུར་བས། དམ་རྫས་བདུད་རྩི་ལྔས་དངོས་གྲུབ་ཀྱི་བཅུད་བསྡུས་ཏེ་སྟོང་ཁམས་ཀྱི་བཅུད་ཀྱི་དབང་ཐོབ་པར་གྱུར་ཅིག །དབང་དེ་དག་ཐོབ་པས་འདི་དང་ཕྱི་མ་གཉིས་ཀ་ཕན་བདེ་བྱང་ཆུབ་ཀྱི་ས་བོན་རྒྱུད་ལ་ཐེབ་པའི་ཕྱིར་ཕན་པའི་དབང་བཅུ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ནང་ནུས་པའི་དབང་ལྔ་ལས། དང་པོ་གསང་སྔགས་ཀྱི་བཀའ་ཁྱད་པར་ཅན་ལ་ཉན་བཤད་སྒོམ་གསུམ་ནུས་པའི་དབང་བསྐུར་བ་ཡིན་པས། སློབ་དཔོན་དང་ཁྱེད་རང་རྣམས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ཞི་བའི་ཆ་ལུགས་ཅན་དུ་གསལ་ཐོབ་ཅིག །ཧཱུཾ། བདེ་གཤེགས་བཀའ་ཡི་བྱིན་རླབས་ལས། །ཐེག་པ་ཕྱི་ནང་མཐའ་ངག་ཀུན། །ཉན་འཆད་སྒོམ་སྒྲུབ་ཀུན་བྱེད་པའི། །གསང་ཆེན་ཐུགས་ཀྱི་དབང་ཐོབ་ཤོག །དྷརྨ་དྷཱ་ཏུ་པྲ་ཝེ་ཤ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། ཉན་འཆད་སྒོམ་གསུམ་གྱི་དབང་བསྐུར་བས། བསྟན་པའི་ཆོས་གསང་བའི་མན་ངག་ལ་ཉན་འཆད་སྒོམ་གསུམ་གྱི་ལམ་མཐར་ཕྱིན་པའི་དབང་ཐོབ་པར་གྱུར་ཅིག །གཉིས་པ་ཚེ་གཅིག་ལ་ཡི་དམ་གྱི་ལྷ་བསྒྲུབ་པར་བྱ་བའི་ཕྱིར་དུ་ལྷ་སྒྲུབ་ཀྱི་དབང་བསྐུར་བ་ཡིན་པས། ཁྱེད་རང་རྣམས་ཀྱི་སྙིང་གར་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གདན་དང་བཅས་པའི་སྟེང་དུ་འཇམ་དཔལ་ཡ་མཱནྟ་ཀ་བཞུགས་པ་ལ་འོག་མིན་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཐིམ་པར་སྒོམས་ཤིག །གཙོ་བོའི་སྐུ་ཙཀ་སྤྱི་བོར་བཞག་ལ། རྣལ་འབྱོར་ཆེན་པོ་སྐུ་གསུང་ཐུགས་ཀྱི་བདག །རྣམ་ཤེས་ཕུང་པོ་ལྷ་ཡི་དཀྱིལ་འཁོར་ཚོགས། །བདེ་གཤེགས་ཐབས་ཀྱི་འབྲས་བུ་གང་ཡིན་པ། །སྒྲུབ་པའི་དབང་རྣམས་མ་ལུས་ཐོབ་པར་ཤོག །ༀ་ཀཱ་ཡ་སརྦ་མ་ཧཱ་སཱ་དྷ་ཨཱཏྨ་ཀོ྅་ཧཾ། །བདེན་བརྗོད། སྒྲུབ་པའི་དབང་བསྐུར་བས། སློབ་མའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར་ནས་ཡི་དམ་ལྷ་ལ་བསྙེན་ཅིང་བསྒྲུབ་པའི་དབང་ཐོབ་པར་གྱུར་ཅིག །གསུམ་པ་སྒྲུབ་པ་པོའི་ཚེ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་རྡོ་རྗེ་ཚེའི་དབང་བསྐུར་བ་ཡིན་པས། ཁྱེད་རང་རྣམས་འཇམ་དཔལ་ཞི་བར་གསལ་བའི་སྙིང་གར་ཚེ་དཔག་མེད་བསྒོམ། འཛབ་ཀྱིས་བསྐུར་བས་དེ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཏེ་ཐིམ་པས་བསྐལ་པར་གནས་པའི་རྡོ་རྗེའི་ཚེ་ཐོབ་པར་སྒོམས་ཤིག །ཨ་ཀྲོའི་གཤམ་དུ། ཨཱཿཧཱུཾ་བེ་ཏཱ་ལི་ཧེ་རཀྴ་མན་ཨ་ཡུརྫྙཱ་ན་ཕ་ལ་སིདྡྷིུ་ནྲྀ་བྷྲཱཾ་ཨ་ཨཱཿ ཞེས་ལན་གསུམ་ཙམ་བཟླར་གཞུག །ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུཾ། འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ཆེ་མཆོག་ནི། །ལེགས་པའི་ཡོན་ཏན་འདོད་པའི་ལོངས་སྤྱོད་རྒྱས། །འཆི་མེད་ཚེ་ཡི་དབང་མཆོག་གང་ཡིན་པ། །སྐལ་ལྡན་རིགས་ཀྱི་བུ་འདིས་ཐོབ་པར་ཤོག །སྟུ་ཡ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། ཚེའི་དབང་བསྐུར་པས། ཚེ་དབང་ཕུན་སུམ་ཚོགས་པ་དང་ལྡན་ཏེ་སྐྱེ་ཤི་མེད་པའི་དོན་རྟོགས་ནས་ཚེའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་འཁོར་བའི་སེམས་ཅན་སྟོང་པར་བྱེད་པ་ཁམས་གསུམ་ཡོངས་སྒྲོལ་གྱི་དབང་ནི། དེ་ལ་བསྒོམ་བྱ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་དབང་ཐོབ་པར་མོས་ཤིག །རལ་གྲི་གཏད་ལ། ༀ་ཁམས་གསུམ་ཚོགས་འཇོམས་དྲེགས་པ་འཇོམས་པའི་མཐུ། །ཁེངས་པ་ཀུན་འདུས་ཁམས་གསུམ་སྒྲོལ་བའི་མཐུ། །ཡོངས་ལ་དབང་བསྒྱུར་གང་གིས་མི་ཐུབ་མཐུ། །བདུད་བགེགས་ལོག་འདྲེན་ཚར་གཅོད་སྒྲོལ་བའི་མཐུ། །འཁོར་བའི་སེམས་ཅན་གནས་ནས་འདྲེན་པའི་མཐུ། །འདྲེན་པ་དམ་པ་བླ་མེད་ཐབས་ཀྱི་མཐུ། །ཐབས་ཀྱི་གར་ཐབས་ཆེན་པོ་བསྐྱོད་བྱས་ནས། །ཁམས་གསུམ་སྒྲོལ་བའི་དབང་རྣམས་ཐོབ་པར་ཤོག །ཀ་རི་སཱ་ཀ་རི་སཱ་དྷ་ཨཱཏྨ་ཀོ྅་ཧཾ། བདེན་བརྗོད། ཁམས་གསུམ་ཡོངས་སྒྲོལ་གྱི་དབང་བསྐུར་བས། ཐོགས་མེད་གཅོད་པའི་མཚོན་གྱི་རྒྱུད་དྲུག་འཁོར་བ་རྩད་ནས་བཅད་དེ་བླ་མེད་བྱང་ཆུབ་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །ལྔ་བ་བདེ་བར་གཤེགས་པའི་ཕྲིན་ལས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཕྲིན་ལས་མཐར་ཕྱིན་གྱི་དབང་བསྐུར་བ་ཡིན་པས། རིགས་ལྔའི་ཕྱག་མཚན་དང་རྒྱ་གྲམ་ལག་ཏུ་གཏད་པས་ཐབས་ཤེས་རབ་ཟུང་དུ་འབྲེལ་བའི་ཕྲིན་ལས་མཐའ་དག་གིས་འགྲོ་བའི་དོན་བྱེད་པའི་དབང་ཐོབ་པར་སྒོམས་ཤིག །རིག་རྟགས་ལྔ་དང་རྒྱ་གྲམ་གཏད་ལ། ཧཱུཾ། ཤེས་རབ་ཐབས་ཀྱི་ངོ་བོ་ལ། ཁམས་གསུམ་སྲིད་གསུམ་མཐའ་ཡས་པའི། །བདེ་གཤེགས་ཕྲིན་ལས་མཛད་པའི་ཕྱིར། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །ཏ་ན་ག་ཎའི་སྦྱོར་སྒྲོལ་རྣམས། །རྣལ་འབྱོར་དག་པའི་ཕྲིན་ལས་ཏེ། །ལས་རྣམ་མངོན་པར་རྫོགས་པ་ཡི། །ལས་ཀྱི་དབང་མཆོག་ཐོབ་པར་ཤོག །བཛྲ་ཀྲོ་དྷ་ཀརྨ་ཤྭ་རཱི་སཱ་དྷ་ཨཱཏྨ་ཀོ྅་ཧཾ། བདེན་བརྗོད། ཕྲིན་ལས་མཐར་ཕྱིན་པའི་དབང་བསྐུར་བས། བདེ་བར་གཤེགས་པའི་ཕྲིན་ལས་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་བཞིས་འགྲོ་བའི་དོན་བྱེད་པར་གྱུར་ཅིག །དེ་ལྟར་ཕན་ནུས་ཀྱི་དབང་རྣམས་རྫོགས་པར་ཐོབ་པས། གསང་དབང་བསྐུར་བའི་སྣོད་རུང་དུ་འགྱུར་པ་དང་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། ས་རྒྱད་པ་ཐོབ། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་སྨན་ལས་གདུག་པ་ཅན་དྲག་པོ་སྒྲོལ་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་འཇམ་དཔལ་ཡ་མཱནྟ་ཀའི་བདག་ཉིད་ཆེན་པོས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་དང་། སྲུང་མའི་ཚོགས་ལ་བཀའ་བསྒོ་བར་མཛད་དུ་གསོལ། །ལན་གསུམ་ཞུ། དེ་ལ་སྲུང་མ་འདི་རྣམས་ཤིན་ཏུ་གཉན་པའི་ཕྱིར་ཐོག་མར་ནུས་པ་དང་ལྡན་པར་བྱ་དགོས་པས། དམིགས་པ་འདི་རྣམས་བསྒོམ་པར་ཞུ། ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ། ཕཊ། ཅེས་བརྗོད་པས་ཁྱེད་རང་འཇམ་དཔལ་གཤིན་རྗེ་གཤེད་པོའི་སྐུ་ཕྱག་མཚན་རྒྱན་ཆ་ལུགས་རྣམས་ཡོངས་སུ་རྫོགས་པར་གསལ་བའི་ལུས་འཇམ་དཔལ་ཀྱི་སྐུར་བྱིན་གྱིས་བརླབས་པར་མོས་ཤིག །ཡང་ཨ་ཀྲོ་ཚར་གཅིག །ཅེས་བརྗོད་པས་བྱིན་གྱིས་བརླབས་པའི་རྟགས་སུ་ཀླད་པ་དུང་ཁང་གི་ནང་དུ་སྐུའི་ལྷ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་བསྣམས་པ་སྒོམས་ཤིག །སྔགས་ལན་གཅིག །ཅེས་བརྗོད་པས་རྣམ་སྣང་གི་ཐུགས་ཀར་འཁོར་ལོའི་ལྟེ་བར་ༀ་དཀར་པོ་ལ་ཨ་ཀྲོ་བཅུ་བདུན་མས་བསྐོར་བར་སྒོམས་ཤིག །དེས་ཐ་མལ་བའི་ལུས་སྤངས་ཏེ་ལྷའི་སྐུ་སྣང་སྟོང་དབྱེར་མེད་དུ་འགྲུབ་པའོ། །ཀཱ་ཡ་སིངྔྷི་ༀ། ཞེས་བདུད་རྩི་ལྕེ་ལ་བཞག །ༀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཅེས་པས་ཁྱེད་རང་རྣམས་ཀྱི་ངག་འཇམ་དཔལ་གྱི་གསུང་དུ་བྱིན་གྱིས་བརླབས་པར་མོས་ཤིག །སྔགས་ལན་གཅིག །བྱིན་གྱིས་བརླབས་པའི་རྟགས་སུ་ལྗགས་ཀྱི་པདྨའི་སྟེང་དུ་གསུང་གི་ལྷ་སྣང་མཐའ་སྐུ་མདོག་དམར་པོ་ཕྱག་ན་པདྨ་བསྣམས་པ་སྒོམས་ཤིག །སྔགས་ལན་གཅིག །སྣང་མཐའི་ཐུགས་ཀར་པདྨའི་ལྟེ་བར་ཀཱ་ལ་རཱུ་པའི་སྔགས་ཀྱིས་བསྐོར་བ་འོད་ལྷག་ལྷག་སྒོམ་ཤིག །དེས་ཐ་མལ་པའི་ངག་སྤངས་ཏེ་གྲགས་སྟོང་དབྱེར་མེད་ལྷའི་གསུང་དུ་གྲུབ་པའོ། །ཝཱ་ཀ་སིདྡྷི་ཨཱཿཞེས་བདུད་རྩི་སྦྱིན། ༀ་ཧྲཱིཿཥྚི་ཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཅེས་པས་ཁྱེད་རང་རྣམས་ཀྱི་ཡིད་འཇམ་དཔལ་གྱི་ཐུགས་སུ་བྱིན་གྱིས་བརླབས་པར་མོས་ཤིག །སྔགས་ལན་གཅིག །བྱིན་གྱིས་བརླབས་པའི་རྟགས་སུ་སྙིང་གར་ཐུགས་རྡོ་རྗེ་མི་བསྐྱོད་པ་སྐུ་མདོག་མཐིང་ག་ཕྱག་གཡས་ན་རྡོ་རྗེ་གཡོན་དྲིལ་བུ་དཀུར་བརྟེན་པ་སྒོམས་ཤིག །སྔགས་ལན་གཅིག །མི་བསྐྱོད་པའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུཾ་མཐིང་གའི་མཐར་ཧྲཱིཿཥྚིའི་སྔགས་ཀྱིས་གཡས་སུ་བསྐོར་བར་སྒོམས་ཤིག །དེས་ཐ་མལ་བའི་ཡིད་སྤངས་ཏེ། རིག་སྟོང་དབྱེར་མེད་ལྷའི་ཐུགས་སུ་གྲུབ་པའོ། །ཙིཏྟ་སིདྡྷི་ཧཱུཾ། ཞེས་བདུད་རྩི་སྦྱིན། སེམས་དཔའ་སུམ་བརྩེགས་ཀྱི་ཡི་གེ་ལས་འོད་ཟེར་སྣ་ཚོགས་འཕྲོས་ནས་སྒལ་ཚིགས་ཀྱི་རྟ་བརྒྱུད་དེ་མགྲིན་པ་ནས་བྱོན་ཅིང་ནཱས་གཡོན་པ་ནས་ས་བྱུང་བ་སྨིན་མཚམས་ནས་སོང་སྟེ་ཚངས་བའི་བུ་གནས་འཕྲོས། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། ཏེ་མདུན་གྱི་ནམ་མཁའ་ལ་འདུས་ནས་རིགས་ལྔ་ཡབ་ཡུམ་དུ་གྱུར། དེ་རྣམས་སྦྱོར་བས་བྱང་སེམས་ཆུ་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོ་དང་ཐོབ་པའི་བདུད་རྩིར་ཡང་བབས་པར་གྱུར། ཐོད་པའི་བདུད་རྩི་མགོ་བོའི་གནས་ལྔར་བཞག་ལ། ཛྷཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུཾ། ལན་ལྔ་བརྗོད། རྟེན་གྱི་དབང་ཐོབ་པས། མགོ་བོར་རིན་པོ་ཆེ་ལས་གྲུབ་པའི་ཁང་བུ་ལྔའི་ནང་དུ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས་བཞུགས་པར་གྱུར། ༀ་མ་ཧཱ་ཤཱུནྱ་ཏཱ་ཛྷཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨཱ་དར་ཤ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེ་ཀྴ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲྀ་ཏྱ་ནུཥྛཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བདེན་བརྗོད། རྣམ་པར་ཤེས་པ་ཚོགས་བརྒྱད་དང་ཉོན་མོངས་པ་ལྔ་རང་གྲོལ་ཏེ་མ་སྤངས་གནས་སུ་དག་ནས་ཡེ་ཤེས་ཆེན་པོ་ལྔའི་རང་བཞིན་དུ་དབང་བསྐུར་བར་མོས་ཤིག །དེ་ནས་དྲེགས་པ་ཅན་གྱི་དབང་བསྐུར་བ་དངོས་ལ་དམིགས་པ་འདི་ལྟར་དུ་མཛོད། མདུན་བསྐྱེད་གཤེན་རྗེ་གཤེད་པོའི་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་ཀྱི་ཟུར་ན་གཟའ་མཆོག་གཙོ་བོ་ལ་འཁོར་མོན་པ་ས་ཡ་འབུམ་དེས་བསྐོར་བ། བྱང་ཤར་ན་རེ་མ་ཏཱི་གཙོ་མོ་ལ་འཁོར་མོན་མོ་ས་ཡ་འབུམ་སྡེས་བསྐོར་བ། ནུབ་བྱང་ན་བལ་མོའི་གཙོ་མོ་གཅིག་ལ་འཁོར་བལ་མོ་ས་ཡ་འབུམ་སྡེས་བསྐོར་བ། དེ་གསུམ་ཀའི་མཐར་སྡེ་བརྒྱད་ལས་བྱེད་དམ་ཅན་བྲན་གྱིས་ཚུལ་དུ་བསྐོར་བ་གསལ། བདག་ཉིད་ཡ་མཱནྟ་ཀར་གསལ་བའི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པས་དམ་ཅན་དེ་གསུམ་རང་དབང་མེད་པར་བཀུག་སྟེ་སྐུ་རྟེན་དང་དབྱེར་མེད་དུ་འཁོར་བར་བསམ་ལ། ༀ། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །སོགས་སྡེ་གསུམ་གྱི་བསྐུལ་བཏང་། ཞེས་བསྐུར་བས་འཇམ་དཔལ་བཀའ་ཅི་སྩལ་ཟེར་ནས་མདུན་ན་འདར་ཡེད་ཡེད་འདུག་པར་བསམ། ལྷོ་ནུབ་ཀྱི་སྐྱེར་ཕུར་བླངས་ལ། སྐྱེར་ཕུར་སྲས་མཆོག་ཡ་མ་རཱ་ཛ་སྨུག་ནག་གཡས་པ་བེ་ཅོན་དང་གཡོན་པ་འཁོར་ལོ་ཐོགས་པར་གྱུར། ཨ་ཀྲོ་བརྗོད། སྐུ་གཟི་བརྗིད་འབར་བར་གྱུར། ཀཱ་ལ་བརྗོད། གསུང་དྲག་སྔགས་ཀྱི་སྒྲ་སྒྲོགས་པར་གྱུར། ཧྲཱིཿཥྚི་བརྗོད། ཐུགས་ཡེ་ཤེས་ཆེན་པོར་རྫོགས་པར་གྱུར། ཞེས་བྱིན་བརླབ་ནས་སློབ་མ་ལ་གཏད། སློབ་དཔོན་གྱི་གསུང་དྲག་སྔགས་ཀྱི་ནུས་པ་ཐོབ་པར་མོས་ལ་འདིའི་རྗེས་ཟློས། རཱ་ཧུ་ར་ལ་ཏྲིག །སུ་རི་ཙོ་ཏོར། བིཥྞུ་མ་ཙིཏྟ་ཙི་ཤུ་ཚིལ་མ་ཁུག་ཐང་ཐང་། ལན་གསུམ། ཧོཿ རི་རབ་ཆེན་པོའི་ལྷོ་ཕྱོགས་ཀྱི་ཟུར་ལ་གནས་པའི་མོན་པའི་ཚོགས་རྣམས་ཀྱིས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདིའི་སྲུང་མའི་ཚུལ་གྱིས་ཤིག །བྲན་ཕོའི་ཚུལ་གྱིས་ཤིག །ལས་བྱེད་པའི་ཚུལ་གྱིས་ཤིག །གཡོག་པོའི་ཚུལ་གྱིས་ཤིག །གལ་ཏེ་དེ་ལྟར་མ་བྱས་ན་རང་དམ་རང་གིས་ཉམས་ཏེ། བཅོམ་ལྡན་འདས་ཡ་མཱནྟ་ཀ་དང་། སྲས་མཆོག་ཡ་མ་རཱ་ཛ་གཉིས་ཀྱིས། རང་གི་སྙིང་དཀྱིལ་ནས་སྲོག་དྲངས་ཏེ་སྡུག་བསྔལ་ཆེན་པོ་མྱོང་ཏ་རེ། ཁྱེད་རང་གིས་ཕུར་པ་ཡ་མ་རཱ་ཛ་གསལ་བ་དེ་དྲིལ་བས་མོན་པའི་ཚོགས་ཤིན་ཏུ་བྲེད་དེ། ཅི་བགྱིའི་བཀའ་སྩོལ། ཅེས་འདར་ཆུམ་ཆུམ་འདུག་པར་སྒོམས་ཤིག །ཕུར་པའི་དབལ་གྱེན་ལ་སླངས་ཏེ་དཔལ་གཏོར་ཀྱི་ལྷོ་ནུབ་ནས་དུམ་གཅིག་བླངས་བ་དང་བཅས་བཏེགས་ལ། གོང་གི་གཟིར་སྔགས་ལ། བ་ལིངྟ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་ཕུལ་བས་བཞེས་ཤིང་ཚིམ་ནས་ཅི་ལྟར་བཅོལ་བའི་ལས་བྱེད་པར་བསམ། དེས་འགྲེས་ཏེ། བྱང་ཤར་གྱི་མཆོག་ཕུར་བྱིན་བརླབ། སྔགས་རྗེས་ཟློས། ཧོཿ རི་རབ་ཆེན་པོའི་བྱང་ཤར་ཟུར་ལ་གནས་པའི་མོན་མོའི་ཚོགས། ཞེས་བསྐུར་བ་དང་། བྲན་ཕོ་སོགས་ཀྱི་ཚབ་ཏུ། བྲན་མོའི་ཚུལ་གྱིས་ཤིག །ཤན་པ་མ་མོའི་ཚུལ་གྱིས་ཤིག །གཡོག་མོའི་ཚུལ་གྱིས་ཤིག །ཅེས་བསྒྱུར། དཔལ་གཏོར་གྱི་བྱང་ཤར་ནས་ལེན་པ་མ་གཏོགས་གཞན་ཐམས་ཅད་སྔར་ལྟར་བྱས། དེ་ནས་ནུབ་བྱང་གི་སེང་ལྡེང་ཕུར་པ་བྱིན་བརླབ། སྔགས་རྗེས་ཟློས། ཧོཿ རི་རབ་ཆེན་པོའི་ནུབ་བྱང་གི་ཟུར་ན་གནས་པའི་བལ་མོའི་ཚོགས། ཞེས་བསྒྱུར་ཏེ་གཞན་རྣམས་མོན་མོ་ལྟར་བྱ། དེ་ནས་ཁྱེད་རང་རྣམས་ཡ་མཱནྟ་ཀའི་སྐུ་ཤིན་ཏུ་གསལ་ཞིང་ང་རྒྱལ་བརྟན་པོ་བསྐྱེད་པ་ལ། རྟེན་རྣམས་ལག་ཏུ་གཏད་པས་དྲེགས་པ་ཅན་དེ་ཉིད་བཀའ་ཉན་གསུང་སྡོད་བྲན་དུ་འཁོལ་བར་མོས་ཤིག །ལྷོ་ནུབ་ཀྱི་སྐྱེར་ཕུར་དང་ཙཀ་ལི་ལག་ཏུ་གཏད་ལ། ཧཱུཾ། གཟའ་བདུད་ཆེན་པོ་རཱ་ཧུ་ལ། །སྐུ་མདོག་དུད་ཁ་མགོ་དགུ་པ། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །མདའ་གཞུགཡས་ལ་སྦྲུལ་ཞགས་གཡོན། །ཆིབས་སུ་འབྲུག་ཆེན་ཁ་གདངས་ཆིབས། །གཟའ་ཡི་རྒྱལ་པོའི་དབང་བསྐུར་བས། །གཟའ་མོན་ལས་ལ་འགྱེད་པར་ཤོག །རཱ་ཧུ་ལ་ཏྲིག་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། མོན་པའི་གཙོ་བོའི་དབང་བསྐུར་བས། གཟའ་བདུད་མོན་པ་ལས་ལ་འཛུད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བྱང་ཤར་གྱི་མཆོག་ཕུར་དང་སྐུ་གཏད་ལ། ཧཱུཾ། བདུད་མོ་ནག་མོ་རེ་མ་ཏི། །སྐུ་མདོག་ནག་མོ་འབར་བ་ལ། །ན་བཟའ་དར་ནག་གོ་ཟུ་གསོལ། །ཁྲམ་ཤིང་གཡས་ལ་ནད་རྐྱལ་གཡོན། །ཆིབས་སུ་བོང་བུ་གྭ་དམར་ཆིབས། །མོན་པའི་རྒྱལ་མོའི་དབང་བསྐུར་བས། །མ་བདུད་ལས་ལ་འགྱེད་པར་ཤོག །སུ་རི་ཙོ་ཏོར་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། མོན་མོའི་རྒྱལ་མོའི་དབང་བསྐུར་བས། སྡེ་བརྒྱད་མོན་མོ་མ་བདུད་ལས་ལ་འཁོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ནུབ་བྱང་སེང་ལྡེང་གི་ཕུར་པ་དང་སྐུ་ལག་ཏུ་གཏད་ལ། ཧཱུཾ། བལ་མོ་མཆེད་བཞིའི་གཙོ་མོ་སྟེ། །སྐུ་མདོག་དམར་ནག་འཇིགས་པ་ལ། །སྤུ་གྲི་གཡས་པ་རྔེའུ་ཆུང་གཡོན། །སྐུ་ལ་དར་སྨུག་ན་བཟའ་གསོལ། །ཆིབས་སུ་སྟག་གུ་རི་བཀྲ་ཆིབས། །བལ་མོའི་གཙོ་མོའི་དབང་བསྐུར་བས། །བསྭེ་མོ་ལས་ལ་འགྱེད་པར་ཤོག །བིཥྞུ་མ་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། བལ་མོའི་གཙོ་མོའི་དབང་བསྐུར་བས། སྡེ་བརྒྱད་བལ་མོ་འབུམ་སྡེ་ལས་ལ་འཁོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་ལས་ཀྱི་མཐའ་སྡུད་ལྔའི་དབང་ནི། དྲག་པོའི་ཐུན་རྫས་གཏད་ལ། ཧཱུཾ། ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་། །ལྕགས་ཕྱེ་ཟངས་ཕྱེ་དུག་རྣམས་ཀྱིས། །ཁྲོ་ཆུང་མཚོན་ཆ་དུག་དང་ནད། །ཆར་ཕབ་དགྲ་བགེགས་བརླག་བྱེད་ཤོག །ཡུངས་ཚེ་རམ་ཧཱུཾ་ཕཊ། བདེན་བརྗོད། དྲག་པོ་ཐུན་གྱི་དབང་བསྐུར་བས། དགྲ་བགེགས་རྡུལ་དུ་རློག་པའི་དབང་ཐོབ་པར་གྱུར་ཅིག །གདབ་ཕུར་གཏད་ལ། ཧཱུཾ། དབྱིངས་དང་ཡེ་ཤེས་ཕོ་ཉ་དང་། །ཐབས་དང་ཤེས་རབ་རྟགས་ཀྱི་ཕོ་ཉ་དང་། །འཁོར་བའི་གནས་ནས་དྲག་པོས་བསྒྲལ་བའི་ཕྱིར། །མངག་པའི་ཕོ་ཉ་ཕུར་པ་ཟུངས། །ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཧཱུཾ། བདེན་བརྗོད། མངག་ཕུར་གྱི་དབང་བསྐུར་བས། གདུག་པའི་དགྲ་བགེགས་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །མེ་ཧོམ་གཏད་ལ། ཧཱུཾ། དྲག་པོ་ཧོམ་གྱི་རྫས་མཆོག་འདི། །རྣམ་རྟོག་སྡིག་སྒྲིབ་ཐམས་ཅད་དང་། །དགྲ་བགེགས་ཉོན་མོངས་བསྲེག་པ་ཡི། །དབང་མཆོག་དམ་པ་ཐོབ་པར་ཤོག །ཨགྣེ་ཡེ་ཨ་བྷི་ཥིཉྩ་ཧཱུཾ། བདེན་བརྗོད། དྲག་པོ་ཧོམ་གྱིི་དབང་བསྐུར་བས། རྣམ་རྟོག་དང་སྡིག་སྒྲིབ་དང་དགྲ་བགེགས་ཉོན་མོངས་པ་ཐལ་བར་བསྲེག་པའི་དབང་ཐོབ་པར་གྱུར་ཅིག །མནན་པའི་རི་རབ་གཏད་ལ། ཧཱུཾ། རི་རབ་བརྗིད་པའི་འོག་ཏུ་མནན། །ཡ་མ་རཱ་ཛའི་ལག་ཏུ་གཏད། །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར། གདུག་པའི་དགྲ་བགེགས་གནོན་པར་ཤོག །ༀ་ནག་པོ་ཏི་པ་རཀྴ་ལམ་ནན། བདེན་བརྗོད། རི་རབ་ཀྱི་དབང་བསྐུར་བས། དགྲ་བགེགས་ཐམས་ཅད་ལྡང་དུས་མེད་པར་གནོན་པའི་དབང་ཐོབ་པར་གྱུར་ཅིག །ཟོར་རྣམས་གཏད་ལ། ཧཱུཾ། ཐོད་པ་ཁྲག་དང་མདའ་ཡུངས་ཟོར། །སྡེ་བརྒྱད་ཕྲིན་ལས་མཐར་ཐུག་སྟེ། །བསྟན་ལ་གནོད་པའི་དགྲ་བགེགས་རྣམས། །ཟོར་གྱི་སྒྲོལ་བའི་དབང་ཐོབ་ཤོག །ནྲྀ་ཏྲི་ཟོར་ཐུན་བྷྱོ། བདེན་བརྗོད། སྡེ་བརྒྱད་ཟོར་གྱི་དབང་བསྐུར་བས། དགྲ་བགེགས་བརླག་པར་ནུས་པའི་དབང་ཐོབ་པར་གྱུར་ཅིག །ལས་ཀྱི་མཐའ་སྡུད་ལྔའི་དབང་འདི་མ་ཐོབ་ན། འདི་རྣམས་ཀྱི་ལས་བྱས་ཀྱང་ལྡོག་པ་ཡིན་ལ། འདི་རྣམས་ཀྱི་དབང་ཐོབ་པ་ཙམ་གྱིས་ལས་ཀུན་ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་གསུངས་སོ། །དེ་ནས་རྗེས་མར་མེ་དང་གཏོར་མ་ཕུལ། ར་རོག་གི་རྐང་བྱ། འདི་རྣམས་སྲུང་མར་བསྟེན་དགོས་པར་གསུངས་སོ། །དེ་ནས་ནང་དབང་བསྐུར་བ་ལ། ཐོག་མར་བདུད་རྩི་བྱིན་བརླབ་པ་ནི། མདུན་རྟེན་ཐོད་པའི་ནང་དུ་དབུས་སུ་བྱང་སེམས་ལ་ཧཱུཾ། ཤར་དུ་དྲི་ཆེན་ལ་ༀ། ལྷོ་རུ་མཱཾ་ས་མ་སྭཱ། ནུབ་ཏུ་རཀྟ་ལ་ཨཱཾཿ བྱང་དུ་དྲི་ཆུ་ལ་ཧཱ། དེ་རྣམས་ལས་འོད་ཟེར་ཕར་འཕྲོས་པས་འཕགས་པའི་བྱང་སེམས་དང་། འགྲོ་བའི་ས་བོན་དང་། འབྱུང་བའི་རྩི་བཅུད་དང་། ཡོན་ཏན་མ་ལུས་བསྡུས་ནས་བདུད་རྩི་ལ་ཐིམ་པར་གྱུར་པར་བསམ་ལ། ལྷ་འཛབ་དང་བདུད་རྩིའི་འཛབ་མང་དུ་བཟླས་པས་བྱིན་བརླབ། རྩ་བའི་གཉིས་པ་ནང་གཤིན་རྗེ་གཤེད་པོ་རང་ལུས་རྡོ་རྗེར་སྒྲུབ་པ་ལུས་ཀྱི་དཀྱིལ་འཁོར་དུ་དངོས་སམ་བདུད་རྩིའི་ཕབ་ལ་བརྟེན་ནས་དམ་རྫས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ རྒྱལ་སྲས་བླ་མ་དཀྱིལ་འཁོར་བདག །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷ། །སྒྲུབ་ཆེན་དམ་རྫས་ལྷ་ཡི་དབང་། །དེ་རིང་བདག་ལ་བསྟན་དུ་གསོལ། །བདུད་རྩིའི་ཐོད་པ་ཕྱག་ཏུ་བླངས་ལ། དམ་རྫས་ལྔའི་ཐོད་པ་ཡུམ་གྱི་མཁའ། ལག་པ་གཡས་པ་ཡབ་ཀྱི་རྡོ་རྗེ། དམ་རྫས་རྣམས་བྱང་ཆུབ་ཀྱི་སེམས་སུ་བྱིན་གྱིས་བརླབ་པར་གྱུར། སྔར་གྱི་སྔགས་བརྗོད་ལ། མཛུབ་མོས་དཀྲུགས་ལ་མཐེབ་སྲིན་གྱིས་ཕུད་འབུལ་ཏེ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧུཾ། ཡི་དམ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གནས་གསུམ་གྱི་རིགས་ལྔའི་མཁར་འགྲོ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཞེས་ཕུལ། ཐོད་པ་སྤྱི་བོར་བཞག་ལ། ཧཱུཾ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །དཀར་ལ་དག་པ་གཉིས་མེད་བྱང་ཆུབ་སེམས། །དྲི་ཆེན་བདུད་རྩི་ཆེན་པོའི་རང་བཞིན་ཏེ། །རྣམ་རྟོག་དུག་སེལ་བདུད་རྩི་མཆོག་བདག་ཉིད། །མ་རིག་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །གནས་ནས་སྒྲོལ་མཛད་རྫས་མཆོག་ཤ་ཆེན་པོ། །གསང་བའི་དབང་གི་རྫས་མཆོག་རཀྟ་འདི། །ཆགས་མེད་བདེ་བར་སྤྱོད་པས་དམར་ལ་དྭངས། །རང་བྱུང་དག་པ་ལྷ་མཆོག་རིགས་ཀྱི་རྫས། །ཕྱི་ནང་གསོས་གྱུར་བདུད་རྩི་རང་བཞིན་འདིས། །སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས། །རིགས་ལྔའི་དངོས་གྲུབ་མ་ལུས་ཐོབ་པར་ཤོག །བོ་དྷི་ཙིཏྟ་སིདྡྷི་ཀུ་རུ་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། བདུད་རྩི་ལྕེར་སྦྱིན་ལ། བདེན་བརྗོད་དང་། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་བདུད་རྩི་ལྔའི་དབང་བསྐུར་བས། ཕུང་པོ་ལྔ་གནས་གྱུར་ཏེ་གཤིན་རྗེ་གཤེད་པོ་རིགས་ལྔའི་སྐུ་དང་ཡེ་ཤེས་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག །དེ་ལྟར་ནང་གི་དབང་ཐོབ་པས། གསང་དབང་བསྐུར་དུ་རུང་བ་དང་ལམ་རྫོགས་རིམ་བསྒོམ་པ་ལ་དབང་། ས་བཅུ་པ་ཐོབ། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་གསང་བ་གཤིན་རྗེ་གཤེད་པོ་དུག་ལྔ་རང་གྲོལ་བ་ཡུམ་གྱི་མཁའི་དཀྱིལ་འཁོར་དུ་བྱང་སེམས་དཀར་དམར་ལ་བརྟེན་ནས་ཟབ་མོའི་དབང་བསྐུར་བ་ཞུ་བའི་ཡོན་དུ་རིག་མ་མཚན་ལྡན་དང་བཅས་པའི་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། །བསྟན་པའི་སྒྲོན་མེ་ཐུབ་པ་བས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །གཤིན་རྗེ་གཤེད་ཀྱི་ཚུལ་བསྟན་པ། །མགོན་པོས་གཤིན་རྗེ་བདག་ལ་སྩོལ། །ལན་གསུམ། གསང་བའི་དབང་ལ། བླ་མས་མཉམ་པར་སྦྱར་བའི་བྱང་ཆུབ་སེམས་ཀྱི་སློབ་མ་ལ་དབང་བསྐུར་བ་དང་། སློབ་མ་ཉིད་ཀྱིས་མཉམ་པར་སྦྱར་ཏེ་རང་གནས་ཀྱི་ཡེ་ཤེས་ངོས་བཟུང་བ་གཉིས་སུ་ཡོད་པའི་རིམ་པ་དང་པོའི་སླད་དུ། རིག་མའི་སྙིང་གར་ཧཱུཾ་ལས་རྡོ་རྗེ་མཐིང་ནག་ཧཱུཾ་གིས་མཚན་པ་ལས་འོད་ཟེར་མེའི་རྣམ་པར་འཕྲོས་པས་རྣམ་སྨིན་གྱི་ཕུང་པོ་བག་ཆགས་དང་བཅས་པ་བསྲེགས་ནས་རིགས་ཀྱི་ཡུམ་བེ་ཏཱ་ལིར་གསལ་བར་གྱུར། བདག་ཉིད་ཡ་མཱནྟ་ཀ་ཡབ་ཡུམ་གཉིས་ཀའི་སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། ཐུགས་ཀར་རྡོ་རྗེ་སེམས་དཔའ། ལྟེ་བར་རིན་ཆེན་འབྱུང་ལྡན། གསང་གནས་སུ་དོན་ཡོད་གྲུབ་པ། དེ་རྣམས་ཐམས་ཅད་ལ་གསང་བའི་ཡུམ་བཞིས་བསྐོར་བར་བསམ་མོ། །མ་བསྒོམ་ཡང་ཆོག་བསྒོམ་ན་གསང་བའི་ཡུམ་བཞི་ནི་དེ་རྣམས་ལ་བདེ་བ་རྒྱས་འདེབས་མ། བདེ་བ་རྨོངས་བྱེད་མ། བདེ་བ་ཟ་བྱེད་མ། བདེ་བ་ཚེ་འཕེལ་མ་སྟེ་གསང་བའི་ཡུམ་བཞི་བཞིས་བསྐོར་བར་གྱུར། ཡབ་ཀྱི་གསང་བའི་རྡོ་རྗེ་མ་ལས་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ༀ་གྱིས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་མ་བརྒྱད་པའི་དབུས་སུ། ཆོས་འབྱུང་གྲུ་གསུམ་ཨཱཾ་གི་མཚན་པ། ཐུགས་ཀ་ནས་འོད་འཕྲོས་འོག་མིན་ནས་ཡེ་ཤེས་པ་སྤྱན་དྲངས་ལ་ཐིམ། བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོར་སྦྱར་བ་ཁྱེད་རང་རྣམས་ཀྱི་ལྕེ་ལ་བཞག་པར་མོས་ཤིག །གསང་ཐོད་བདུད་རྩི་སྦྱིན་ལ། ༀ། དྲི་མེད་སྐྱོན་བྲལ་ཁ་དོག་དཀར་བའི་མདོག །ༀ། པདྨ་རཀྟ་ཆགས་པ་ཆེན་པོའི་གནས། །ཆོས་ཉིད་དག་པའི་འགྲོ་དོན་མཐར་ཕྱིན་ཞིང་། །བྱང་ཆུབ་སེམས་ཀྱི་དབང་མཆོག་ཐོབ་པ་དང་། །བོ་དྷི་ཙིཏྟ་ཡབ་ཀྱི་བྱང་ཆུབ་སེམས། །དཀར་ལ་དག་པ་མུ་ཏིག་དྲི་མ་མེད། །ཤིན་ཏུ་དྲི་མེད་འཆར་བ་བྱང་ཆུབ་སེམས། །དོན་དམ་དབྱེར་མེད་བྱང་ཆུབ་ཆེ་བའི་ངང་། །གཉིས་མེད་རོལ་པ་ཆགས་པའི་བྱང་ཆུབ་སེམས། །ཐར་པའི་ལམ་མཆོག་བདེ་བའི་ལམ་འདྲེན་ཅིང་། །འཁོར་བའི་ངང་ལས་ཀུན་རྒྱལ་དབང་ཐོབ་སྟེ། །བྱང་ཆུབ་སེམས་ཀྱི་དབང་མཆོག་ཐོབ་པར་ཤོག །ༀ་བོ་དྷི་ཙིཏྟ་ཀ་མ་ལ་སིདྡྷི་ཧཱུཾ། ཞེས་ལན་གསུམ་སྦྱིན། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སེམས་ཀྱི་མཐིལ་དུ་ལྷན་ཅིག་ཕེབ་པར་མོས་ཤིག །དེའི་ཡན་ལག་ཞོར་ལས་འབྱུང་བའི་དབང་ལྔ་བསྐུར་བ་ཡིན་ཏེ་རྣ་བར་བྱང་སེམས་གཏིགས་པས་ཉན་ཅིང་འཛིན་པའི་དབང་ཐོབ་པར་མོས་ཤིག །རྣ་བ་གཉིས་སུ་བདུད་རྩི་འཐོར་བ་སོགས་ཕྱི་མ་རྣམས་ལའང་འགྲེ། ཧཱུཾ། ཤེས་རབ་རྣམ་གསུམ་དག་པ་ཡིས། །ཤེས་པའི་རྒྱུད་རྣམས་གྲོལ་བའི་ཕྱིར། །བདེ་གཤེགས་བཀའ་ཡི་བྱིན་རླབས་ལས། །དམ་པའི་རྫས་སུ་གང་སྒྲུབ་པ། །གསང་ཆེན་ཐུགས་ཀྱི་མན་ངག་དང་། །ཐེག་པ་ཕྱི་ནང་མཐའ་དག་ཀུན། །རྣ་བའི་དབང་པོས་ཉན་པ་དང་། །ཤེས་རབ་བློ་ཡིས་འཛིན་པ་དང་། །ཉན་པའི་དབང་རྣམས་ཐོབ་པར་ཤོག །ༀ་ད་ར་མ་ཁ་ནི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྙིང་གར་བྱང་སེམས་གཏིགས་པས་སྒོམ་ཞིང་སྒྲུབ་པའི་དབང་ཐོབ་པར་མོས་ཤིག །ཧཱུཾ། རྣལ་འབྱོར་ཆེན་པོ་སྐུ་གསུང་ཐུགས་ཀྱི་བདག །སྡུག་བསྔལ་གནས་ཉིད་བྱང་ཆུབ་བདེ་སྒྲུབ་པའི། །རྫས་གཉིས་ཡེ་ཤེས་ལྔ་སྒྲུབ་ཕྱག་རྒྱའི་མཆོག །རྣམ་ཤེས་ཕུང་པོ་ལྔ་རྣམས་དཀྱིལ་འཁོར་ཚོགས། །སྐྱེ་མཆེད་ཁམས་རྣམས་སངས་རྒྱས་མང་པོའི་ལྷ། །བདེ་གཤེགས་ཐབས་ཀྱི་འབྲས་བུ་གང་ཡིན་པ། །བདེ་གཤེགས་སྒྲུབ་པའི་དབང་རྣམས་ཐོབ་པར་ཤོག །ༀ་ཡོ་ག་སརྦ་མ་ཧཱ་ཏ་ཐཱ་ག་ཏ་མ་ཧཱ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ལྕེ་ཐོག་ཏུ་བྱང་སེམས་བཞག་པས་འཆད་ཅིང་ལུང་སྟོན་པའི་དབང་ཐོབ་པར་མོས་ཤིག །ཧཱུཾ། ཤེས་རབ་རྣམ་གསུམ་དག་པ་སྦྱངས་པ་ཡི། །འདྲེན་པ་བླ་མེད་སྐྱེས་བུའི་སྐུར་སྟོན་པ། །ཐེག་པ་མཐའ་དག་གྲུབ་པར་ཐུགས་མངའ་བའི། །ཤེས་རབ་རིག་པའི་མཛོད་ཀྱི་ཁ་ཕྱེས་ལ། །ཚངས་པའི་གསུང་བྱུང་ཀུན་ལ་གོ་བ་ཡི། །ཐེག་པ་མཐའ་དག་ཆོས་རྣམས་བཤད་པར་བྱོས། ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་དྷརྨ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཡན་ལག་ལྔ་ལ་བྱང་སེམས་ཀྱིས་ཐིག་ལེ་བྱས་པས་ཕྲིན་ལས་ཀྱིས་འགྲོ་བ་འདུལ་བའི་དབང་ཐོབ་པར་མོས་ཤིག །ཧཱུཾ། ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁམས་གསུམ་སྲིད་གསུམ་མཐའ་ཡས་པའི། །བདེ་གཤེགས་ཕྲིན་ལས་མཛད་པའི་ཕྱིར། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །ཏ་ན་ག་ཎའི་སྦྱོར་སྒྲོལ་རྣམས། །རྣལ་འབྱོར་དམ་པའི་ཕྲིན་ལས་ཀུན། །ལས་རྣམས་མངོན་པར་རྫོགས་པ་ཡི། །བདེ་གཤེགས་ལས་ཀྱི་དབང་ཐོབ་ཤོག །ༀ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཀརྨེ་ཤྭ་ར་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐའ་རྟེན་དུ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བ་ལ། ཁྱེད་རང་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་དཀྱིལ་འཁོར་གཙོ་བོའི་ང་རྒྱལ་གྱིས་འཁོད་པའི་སྟེང་དུ་གདུགས་དཀར་པོ་ཕུབ། གཡས་གཡོན་དུ་རྒྱལ་མཚན་བསྒྲེངས། མཐའ་བསྐོར་དུ་མཆོད་པའི་ཚོགས་ཀྱིས་བསྐོར་བ་ལ་མངའ་གསོལ་བར་མོས་ཤིག །རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ལ། སློབ་དཔོན་གྱིས་ཕྱག་གཡས་རྒྱལ་མཚན་ཐོགས། གཡོན་བདུད་རྩི་བཟུང་ལ། ཧཱུཾ། བདེ་གཤེགས་སྲས་པོ་དམ་པའི་མཆོག །སྔོན་གྱི་ཐུགས་དང་བཀའ་དང་མི་འགལ་ཞིང་། དགོངས་པ་ཡིད་བཞིན་ནམ་མཁའི་མཐའ་དང་མཉམ། །ཕྲིན་ལས་ཐབས་ཀྱིས་རྡོ་རྗེ་སློབ་དཔོན་མཆོག །འགྲོ་མང་མ་ལུས་ཀུན་གྱི་རེ་བ་སྐོང་། །སྟོན་པའི་སྒྲོན་མ་མ་ལུས་ཁ་ལོ་འདྲེན། །ཤེས་རབ་མཐར་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ། །སྡུག་བསྔལ་སྐྱབས་མཛད་མ་རིག་འདྲེན་བྱེད་ཅིང་། །ཆོས་ཉིད་དོན་སྟོན་མ་ལུས་ཁ་ལོ་སྒྱུར་བྱེད་པ། །སངས་རྒྱས་གདུངས་འཚོབ་རྡོ་རྗེ་སློབ་དཔོན་མཆོག །གང་ཡིན་མངོན་དུ་ལྷུན་གྱིས་གྲུབ་པ་ཡི། །དབང་རྣམས་མ་ལུས་ལྷུནགྱིས་འགྲུབ་པར་ཤོག །ༀ་སརྦ་ཏ་ཐ་ག་ཏ་མ་ཧཱ་གུ་ཧྱེ་ཤྭ་རཱི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བདུད་རྩི་ཁར་སྦྱིན། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཐོབ་པར་གྱུར་ཅིག །ཅེས་དང་། ཡེ་དྷར་ཤིས་བརྗོད་བཅས་མེ་ཏོག་འཐོར་རོ། །གཉིས་པ་སློབ་མ་ཉིད་ཀྱིས་ཡེ་ཤེས་ངོས་བཟུང་བའི་སླད་དུ་སྔར་ཕུལ་བའི་རིག་མ་དེ་ཉིད་ཀྱི་ལག་པ་ནས་བཟུང་སྟེ་ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུཾ། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་རིག་པ་འབྱུང་བའི་ཡུམ། །ཕྲིན་ལས་མཚན་ལྡན་ཏིང་འཛིན་མཆོག་གི་རྒྱན། །ཐབས་དང་ཤེས་རབ་གཉིས་མེད་རོལ་པ་ལས། །ལྷག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྤྲོ། །འཕགས་མཆོག་བདེ་སྒྲུབ་འབྲས་བུ་ཀུན་བརྙེས་པ། །གཉིས་མེད་དོན་སྤྱོད་ཆོས་ཉིད་དག་པའི་རྒྱན། །དགྱེས་པའི་རོ་མཆོག་ཆོས་ཉིད་དབང་ཐོབ་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཡ་པྲ་ཛྙཱ་ཤྭ་ར་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དང་སྐབས་འདིར་གྲུབ་ན་རྡོ་རྗེ་རྦ་རླབས་ཀྱི་ཐབས་བསྟན་པ་ཡང་གསུངས་སོ། །དེ་ནས་དམིགས་པ་འདི་ལྟར་དུ་མཛོད། རིག་མའི་སྙིང་གར་ནས། ཨཱཾཿགིས་མཚན་པར་གསལ་ཐོབ། དེ་ནས་ཡུམ་གྱིས་ས་མ་ཡ་ཧོཿ ཡབ་ཀྱིས་ས་མ་ཡ་སྟྭཾ། ཡུམ་གྱིས་ཨ་ནུ་རཱ་ག་ཡ་ཧོཿ ཡབ་ཀྱིས་ཨ་ནུ་རཱ་ག་ཡཱ་མི། ཞེས་ཕན་ཚུན་བརྡས་བསྐུལ་ཏེ་སྙོམས་པར་ཞུགས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བཀུག་ལ་རང་གི་སྤྱི་བོར་བསྟིམ། རྒྱལ་བའི་ཡུམ་ཐམས་ཅད་བཀུག་ལ་རིག་མ་ལ་བསྟིམ་ཞིང་བྱང་སེམས་སྤྱི་བོ་ནས་འཁོར་ལོ་བཞི་ལ་རིམ་པར་དབབ་ཅིང་དགའ་བཞིའི་ཡེ་ཤེས་ངོས་བཟུང་། རྡོ་རྗེ་ནོར་བུར་ཕེབས་པ་ན་བཟུང་ཞིང་བསྐྱིལ་བས། གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས། བདེ་སྟོང་དབྱེར་མེད་ཀྱི་ཆོས་ཉིད་འོད་གསལ་དྲི་མ་མེད་པའི་དོན། ཇི་བཞིན་ཡེ་མཉམ་ཆེན་པོའི་དགོངས་པ། གཉིས་མེད་ཐིག་ལེ་ཉག་གཅིག་གིས་རྟོགས་པ་ཇི་ལྟ་བུ་བཞིན་དུ་ཉམས་སུ་མྱོང་ཞིང་རང་ངོ་ཤེས་པར་འགྱུར་རོ། །དེ་ནས་གྱེན་དུ་བཟློག་པས་མས་བརྟན་གྱི་དགའ་བཞི་རིམ་པར་སྐྱེས་ཏེ་མཐར་སྤྲིན་མེད་ཀྱི་ནམ་མཁའ་ལ་ཉི་མ་ཤར་བ་ལྟར་བདེ་བ་ཆེན་པོའི་ཡེ་ཤེས་རང་ངོ་ཤེས་པར་འགྱུར་རོ། །དེ་ལྟར་གསང་བའི་དབང་ཐོབ་པས། དེ་ཁོ་ན་ཉིད་ཀྱི་དབང་བསྐུར་དུ་རུང་བ་དང་། ལམ་བདེ་ཆེན་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གཅིག་པ་ཐོབ། འབྲས་བུ་ཆོས་སྐུ་དེ་བ་ཆེན་པོ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་གཤིན་རྗེ་གཤེད་རྟོགས་པའི་ངང་དུ་གོམས་པ་མཐར་ཕྱིན་པར་བྱེད་པ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ལྟ་སྒོམ་ལ་བརྟེན་ཏེ་རིག་པ་སྤྱི་བླུགས་རྩལ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ སྟོན་པའི་སྒྲོན་མེ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །རང་རྩལ་ཡེ་ཤེས་ལྔ་ཡིས་གཞུག་ཏུ་གསོལ། །ལན་གསུམ། དཔོན་སློབ་གཉིས་ཀས་མཉམ་པར་བཞག་ལ། ཨཱཿ མ་བཅོས་ཆོས་རྣམས་རྣམ་དག་ལ། །མ་བཙལ་རང་བྱུང་ཡེ་ཤེས་ཀྱིས། །མཉམ་བཞག་ལྷུན་གྲུབ་ཆོས་སྐུའི་དོན། །རིག་པ་རྩལ་གྱི་དབང་བསྐུར་བས། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་དབང་། །མཐར་ཐུག་དབང་མཆོག་རྫོགས་པར་ཤོག །དྷརྨ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧོཿ རང་བྱུང་གི་ཡེ་ཤེས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། དཔེའི་ཡེ་ཤེས་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་དབྱེར་མེད་ནམ་མཁའ་ལྟར་བརྗོད་པ་ཐམས་ཅད་དང་བྲལ་ཞིང་སྨྲ་བསམ་གྱི་ཡུལ་ལས་འདས་པ་རྩལ་སྣ་ཚོགས་སུ་འཆར་བ་ཉིད་ཀྱང་ཡེ་ཤེས་ལྔའི་ངོ་བོར་མ་འགགས་པར་སྣང་བ་སྟེ། དེའང་བྱང་ཆུབ་ཀྱི་སེམས་བདེ་སྟོང་གསལ་བའི་ངོ་བོར་གནས་པས་སྐུ་རྣམ་པར་སྣང་མཛད། སྐྱེ་མེད་སྟོང་པ་མཚན་མའི་སྐྱོན་གྱིས་མ་གོས་པས་གསུང་སྣང་བ་མཐའ་ཡས། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེས་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་འཇོམས་པས་ཐུགས་རྡོ་རྗེ་སེམས་དཔའ། སེམས་ཉིད་བདེ་ཆེན་གྱི་ཡེ་ཤེས་དེ་ལས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བས་ཡོན་ཏན་རིན་འབྱུང་། དེས་མཚན་མའི་རྟོག་པ་གྲོལ་ཞིང་སངས་རྒྱས་ཀྱི་ཡེ་ཤེས་རྒྱས་པར་བྱེད་པས་དོན་ཡོད་གྲུབ་པ་སྟེ། སྐུ་ལྔ་རང་ལ་ཡེ་ནས་རྫོགས་པ་རང་བྱུང་རང་ཤར་ཡེ་གྲོལ་ཆེན་པོར་ངོ་ཤེས་པར་མཛོད་ཅིག །དེ་ཁོ་ན་ཉིད་ཀྱི་དབང་ཕྱོགས་འདིའི་དཔེ་རྒྱུན་དུ་མ་བཞུགས་པས། ཚིགས་བཅད་འདི་དབང་གི་རྩ་བ་དང་གཞན་རྣམས་རིགས་མཐུན་ནས་བསབ་པ་ཡིན། ཕྱིན་ཆད་དཔེ་རྒྱུན་རྙེད་ན་དངོས་འདིར་གཞུག་དགོས། མཆན། དེ་ལྟར་དེ་ཁོ་ན་ཉིད་ཀྱི་དབང་ཐོབ་པས། དབང་ཐམས་ཅད་རྫོགས་པར་གྱུར་པ་དང་། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ས་བཅུ་གསུམ་རྡོ་རྗེ་འཛིན་པ་ཐོབ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ལྟར་མཚམས་སྦྱར་སྤྱི་ལྟར་བྱས་ལ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླངས། གཏང་རཀ་མཎྜལ། དེང་ནས་བརྩམས་ཏེ་སོགས་ཀྱིས་ལུས་དབུལ། བསོད་ནམས་འདི་ཡིས་སོགས་དགེ་བསྔོ་སྨོན་ལམ་རྒྱས་པར་བྱས་པས་དབང་བསྐུར་གྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སློབ་དཔོན་གྱི་ཚོགས་ལ་རོལ། ལྷག་མའི་ཆོ་ག་དང་བརྟན་མ་བསྐྱང་། གཏང་རག་མཆོད་བསྟོད་བཟོད་གསོལ་རྣམས་དཀྱིལ་ཆོག་ཏུ་བཤད་པ་ལྟར་བྱ། ཡེ་ཤེས་པ་རས་བྲིས་ལ་བརྟན་བཞུགས་དང་། དམ་ཚིག་གི་འཁོར་ལོ་བདག་བསྐྱེད་བསྡུ་ལྡང་། གོ་བགོ་ལུས་སྲུང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐར་དབྱུང་ངོ་། །རྩ་བའི་གཞུང་ཉིད་ནི་སྨིན་སློབ་ཀྱི་དབང་དུ་མཛད་པས། ད་ལྟ་ལག་ལེན་དུ་མི་ཐེབས་ཤིང་ལྷ་ལ་གནང་བ་ཞུ་བའི་བསྙེན་པ་དང་ལྷ་སྟ་གོན་དོན་གཅིག་ཏུ་སོང་བ་དང་། སློབ་དཔོན་སྟ་གོན་ཉིད་བདག་འཇུག་གི་དོན་དུ་འགྱུར་བས་ཟུར་དུ་མ་བཤད་པ་སོགས་ད་ལྟའི་ལག་ལེན་གྱི་འགྲོས་དང་མི་མཐུན་ཅིང་། འཇུག་པ་དབང་མཆོག་ཏུ་མེད་ཀྱང་སྟ་གོན་ནི་སློབ་མའི་རྒྱུད་སྦྱངས་ནས་དབང་གི་སྐལ་བ་ཡོད་མེད་བརྟག་པ་ཙམ་ཡིན་ཅིང་། འཇུག་པ་ནི་དབང་བསྐུར་གྱི་སྔོན་འགྲོ་དཀྱིལ་འཁོར་དུ་གཞུག་པའི་དོན་ཡིན་པས། སྟ་གོན་གྱིས་འཇུག་པའི་གོ་མི་ཆོད་པ་མ་ཟད། དབང་ཆོག་རྩ་བ་པདྨས་མཛད་པ་ལས། སློབ་མ་བདུད་རྩིའི་ཁྲུས་ནས་འདོན། །འཇུག་པའི་རིམ་པ་རྫོགས་ནས་ཀྱང་། །ཞེས་དངོས་སུ་བསྟན་པ་ལྟར་སྨིན་གླིང་གཏེར་ཆེན་གྱི་གསན་ཡིག་ལས་ཀྱང་འཇུག་པ་བགྲངས་པ་ལྟར་ཕྱག་རྒྱུན་ལས་འབྱུང་བ་བཞིན་ཁ་ཐུན་གྱི་དབང་ཆུ་ལས་བསབ་ཅིང་སྤྱིའི་འགྲོས་བཀའ་མ་ལ་མེད། ཕྱིས་ཀྱི་སྒྲུབ་དཀྱིལ་རྣམས་དང་མཚུངས་པར་བཀོད་པའོ། །རྣམ་ཐར་ཚད་མེད་འཇམ་དཔལ་དཔའ་བོ་བཞིན། །མཐུ་སྟོབས་འགྲན་བྲལ་གཤིན་རྗེ་མཐར་བྱེད་ཀྱི། །གོ་འཕང་མངོན་འགྱུར་སྲིད་ཞིའི་མཐའ་གཉིས་ལ། །མི་གནས་སངས་རྒྱས་མཛད་པ་ཀུན་འགྲུབ་ཤོག །བདུད་དགྲ་བདུད་འདུལ་དཔལ་ཆེན་གཤིན་རྗེ་གཤེད། །ཡེ་ཤེས་རྩལ་ཤུགས་ཉི་མ་འབུམ་གྱི་གཟིས། །བདུད་དང་ལྷ་མིན་ཀུན་གྱི་དཔུང་བཅོམ་ནས། །བསྟན་འགྲོར་ཕན་བདེའི་སྣང་བ་བརྡལ་གྱུར་ཅིག །ཅེས་པའང་ཀུན་གཟིགས་འཁོར་ལོའི་མགོན་པོ་བཀའ་དྲིན་མཚུངས་བྲལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་གསུང་བསྐུལ་ནན་ཏན་རིང་མོ་ནས་སྩལ་བ་དང་། ཕྱིས་སུ་སྔ་འགྱུར་བསྟན་པའི་སྣང་བྱེད་མདོ་ཁམས་རྫོགས་ཆེན་པའི་མཆོག་སྤྲུལ་ལྔ་པ་དང་། མཁན་ཆེན་བླ་མ་དཀོན་མཆོག་འོད་ཟེར་ནས་གསུང་བསྐུལ་མཛད་པ་ལྟར། གཤེད་སྐོར་གྱི་བཀའ་བབས་ལུང་མཆོག་ཐོབ་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་ལམ་བློ་གྲོས་མཐའ་ཡས་སུ་གྲགས་པས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པའི་བློ་གསལ་ཀརྨ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།། ༈ །།བྱང༷་ཆུབ༷་སེམས་ཀྱི་གཞི༷་རྩར་ལེགས་བཟུང་ནས། །བྱང༷་ཆུབ༷་སྤྱོད་པའི་ཟབ་ལམ༷་གཅིག་པུ་ཞིག །བྱང༷་ཆུབ༷་མཆོག་གི་འབྲས༷་བུ་ལ་གཞོལ་ཕྱིར། །བྱང༷་ཆུབ༷་རྒྱ་མཚོས་པར་དུ་བསྐྲུན་སྤེལ་དགེ། །།