སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་གསུམ་པ།
མགོ་བརྗོད།
རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།
ཐུགས་རྗེ་ཆེ་ཞུ།
ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།
བྱིན་རླབས་དབང་གི་སྐོར་ལ་སྔོན་འགྲོའི་ཆོས་སྤྱོད།
གཉིས་པ་བྱིན་རླབས་དབང་གི་སྐོར་ལ། སྔོན་འགྲོའི་ཆོས་སྤྱོད་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདུད་རྩི་འཁྱིལ་བར་བརྟེན་པའི་རྒྱ་མཚོ་ཁྲུས་ཀྱིི་ལུང་ལ། སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་མོ། །དེ་ལ་དང་པོ་སྦྱོར་བ་ནི། རིན་པོ་ཆེ་ལ་སོགས་པ་ཇི་སྙེད་པའི་བུམ་པ་བྲེ་གང་ནས་ཕུལ་གང་ཤོང་བ་ཡན་ཆད་གཅིག་ཏུ་ཆབ་བསྩལ་ལ། དེའི་ནང་དུ་སྤོས་ལྟོམ་པ་ལ། མི་ལྟོམ་པ་གླ་རྩི་མི་བཏང་། གཞན་འཚོགས་ཚད་བཏང་། སྨན་ལྟོམ་པ་ལ། མི་ལྟོམ་པ་ཨ་མྲྀ་ཏ་མི་བཏང་། གཞན་བཟང་དྲུག་ལ་སོགས་པ་གྲུབ་ཚད་བཏང་། སྣོད་ལྟོམ་པ་ལ། མི་ལྟོམ་པ་ཐོད་པ་ལ་མི་བྱའོ། །དེ་ནི་སྦྱོར་བའོ། །འབྲུ་ལྔ་ལ་སོགས་པ་བླུགས། ཤིང་འབྲས་བུ་ཅན་གྱིས་ཁ་བརྒྱན། མགུལ་ཆིངས་དང་གཟུངས་ཐག་བཏགས་ལ། མེ་ཏོག་ཚོམ་བུ་ལྔའི་སྟེང་དུ་བཞག །སྭ་བྷཱ་ཝའི་སྔགས་བརྗོད་པས་བུམ་ཆུ་མི་དམིགས་པར་བསམ། ད་དངོས་གཞི་ལ། བདག་གི་ཐུགས་ཀ་ནས་ཨཱཿགཅིག་དཀར་རྒྱངས་ཀྱིས་བྱུང་བར་བསམ། ཨཱཿདེ་ལས་འོད་འཕྲོས་པས་བུམ་པའི་ནང་དུ་ལྃ་སེར་པོ། གཅིག་ཏུ་གྱུར། ལྃ་གསེར་གྱི། དེ་ལས་བུམ་པ་གད ན་རིམ་པ་གསུམ་དང་ལྡན་པ་སྐེད་པ་ནོར་བུ་གསུམ་དང་ལྡན་པ། མུ་ཏིག་གི་ནོར་བུ་ཡོད་པ། ལྟོ་བ་ལྡིར་བ། མཆུ་འཕྱངས་པ་གཅིག་ཏུ་ལམ་གྱིས་བསམ་མོ། །དེ་ནས་ཡང་ཨཱཿདེ་ལས་འོད་ཟེར་གཅིག་འཕྲོས་པས། པདྨའི་ཟེའུ་ལ་ཧཱུྃ་ཏྲཱྃ་ལྗང་ཁུ་བསྒྲིལ་བ་གཅིག་བསམ། ཧཱུྃ་ཏྲཱྃ་དེ་ལས་བཅོམ་ལྡན་འདས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་ཕྱག་གཉིས་པ་གཡས་གསེར་གྱི་རྡོ་རྗེ་གཡོན་པ་ཤེལ་གྱི་གྲི་གུག །ཡང་ཐུགས་ཀ་ནས་འོད་འཕྲོས་པས། མདུན་གྱི་ནམ་མཁའ་ལ་ཧཱུྃ་བསྒྲིལ་མ་གཅིག་ཏུ་གྱུར། དཀུ་ལ་བརྟེན་ནས། བ་ཏི་སྨུག་པོ་སྐུ་ལ་གསོལ་བ་གཅིག་ཀྲོང་གིས་བསྐྱེད་ལ། དེ་གནས་འགྱུར་བ་ལས་བདུད་རྩི་འཁྱིལ་བ་སྔ་མ་ལྟ་བུ་གཅིག་ཏུ་གྱུར། ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་འོད་ཟེར་དབུའི་གཙུག་ཏོར་ནས་བྱུང་། གསུང་གི་འོད་ཟེར་ལྗགས་ཀྱི་དབང་པོ་ལས་བྱུང་། ཐུགས་ཀྱི་འོད་ཟེར་ཤངས་བུག་གཡོན་ནས་བྱུང་བས། མདུན་གྱི་བདུད་རྩི་འཁྱིལ་བ་ལ་ཕོག་སྟེ་འོད་དུ་ཞུ། བུམ་པའི་བདུད་རྩི་འཁྱིལ་བ་ལ་ཕོག་པས། ལྷ་ཡང་དམ་ཚིག་གི་བདུད་རྩིར་ཞུ་བས། ཡེ་ཤེས་ཀྱི་བདུད་རྩི་དམ་ཚིག་གི་བདུད་རྩི་ལ་ཕོག་པས། འོ་མ་དང་འོ་མ་འདྲེས་པ་བཞིན་དུ་གཉིས་སུ་མེད་པར་དཀྲུག་གིས་འདྲེས་ནས་དཀར་མེར་གྱིས་བུམ་པ་གང་བར་བསམ། དེ་ནས་བདུད་རྩི་འཁྱིལ་བ་རྒྱུན་པར་བྲེང་ངེ་འོང་བར་བསམ་ཞིང་ལག་པས་བླངས་ལ་གཟུངས་འདི་བརྒྱ་རྩ་བརྒྱད་བཟླས་སོ། །ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཨེ་བཾ་རཾ་བི་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། ཞེས་བརྗོད་ལ། དེ་ནས་ལག་པ་གཡོན་པའི་མཐེ་བོས་མཐེའུ་མནན་ལ་བུམ་པ་ལ་སོར་མོ་གསུམ་རེག་ལ་གུང་མོ་ལ་ༀ། སྲིན་ལག་ལ་ཨཱཿ མཛུབ་མོ་ལ་ཧཱུཾ་བསམ། དེས་བུམ་པ་རྒྱས་གདབ་བོ། །ༀ་ཨཱཿཧཱུཾ་ཨ་ཨཱཿ ཞེས་པས་རྒྱས་གདབ་བོ། །དེ་ནས་གཟུངས་ཐོག་གཟེད་ཁ་ཡང་བཅད། དེ་ནས་ཉལ། དེ་ནས་ནངས་པར་གོང་ལང་ལ་སེམས་བསྐྱེད། མོ་དང་སྲིན་ལག་གཉིས་ཀྱི་བར་དུ། བུམ་པའི་མགྲིན་པར་བཟུང་ལ། གཟུངས་ཨེ་ཧོ་བརྗོད། ཆུ་ཕུད་ནམ་མཁའ་ལ་གཏོར། བླ་མ་དང་། ཌཱ་ཀི་དང་། བདེ་གཤེགས་ལ་བདུད་རྩིའི་ཕུད་འབུལ། དགྱེས་ནས་ཐུགས་དག་ཉམས་ཆག་སྐོང་བར་བསམ། བརྗོད་ཅིང་ཆུ་བླུགས་རང་ངམ་གཞན། པས་ཕྱོགས་བཞི་ནས་ལྷ་མོ་བཞིས་བུམ་པ་ཐོགས་ནས་བཀྲུས་པར་བསམ་མོ། །དེ་ཡང་ལྷ་མོ་བཞི་ནི་ཤར་ཕྱོགས་ནས་ན་བཟའ་དཀར་མོ་ཀེ་ཀེ་རུ་དཀར་པོའི་བུམ་པ་ཐོགས་པ། ལྷོ་ནས་སངས་རྒྱས་སྤྱན་མ་སྔོན་མོ་བཻ་ཌཱུཪྻ་སྔོན་པོའི་བུམ་པ་ཐོགས་པ། ནུབ་ནས་མཱ་མ་ཀཱི་དམར་མོ་པདྨ་རཱ་གའི་བུམ་པ་ཐོགས་པ། བྱང་ནས་སྒྲོལ་མ་ལྗང་ཁུ་ཨིནྡྲ་ནཱི་ལའི་བུམ་པ་ཐོགས་པ་བྱོན་ནས། བདག་གི་སྤྱི་བོ་ནས་མར་ལ་བདུད་རྩིའི་ཆུ་བླུགས་ནས་འཁྲུ་བར་བསམ། དེ་ནས་གདོང་པ་བཀྲུས་པས་དབང་པོ་ལྔའི་དྲི་མ་དག་པར་བསམ། ལུས་ཀྱི་དྲི་མ་དག །ངག་གི་དྲི་མ་དག །འཐུང་བས་ཡིད་ཀྱི་དྲི་མ་དག་པར་བསམ། དེ་ནས་ཁ་བཤལ་ལྷག་མས་བཀྲུའོ། །དེ་ནས་དེའི་རྗེས་ལ་ཆུ་གཅིག་ཁྱོར་ཁྱོར་བ་གསུམ་ཙམ། བར་བླུགས་གཏོར། ལ། འདོད་ཁམས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག་བྱས་ལ་གཏོར། ཡང་ཁྱོར་བར་བླུགས་ལ། གཟུགས་ཁམས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག་བྱས་ལ་གཏོར་རོ། །ཡང་ཁྱོར་བར་བླུགས་ལ། གཟུགས་མེད་ཁམས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག་བྱས་ལ་གཏོར་རོ། །དེ་ནི་རྒྱ་མཚོ་ཁྲུས་ཀྱི་ལུང་ངོ་། །དེའི་རྗེས་ལ་སྒོ་གསུམ་ལས་ཀྱི་སྤྱོད་པ་བྱའོ། ༈ །ཁྲུས་ཆོག་ལ་བུམ་པ་གསུམ་བཅའ། བུམ་པ་གཅིག་ཏུ་རྣམ་འཇོམས་སྒྲུབ། བུམ་པ་གཅིག་ཏུ་ཨེ་ཧོ་སྒྲུབ། བུམ་པ་གཅིག་ཏུ་དུག་བྱབ། ཨེ་ཧོ་སྒྲུབ་པ་དེས་དང་པོ་ཤུག་པ་སྲེག །བསགས་འདྲ། དེ་ནས་བལ་བུ་སྲེག །དེ་ནས་སུ་རུ་སྲེག །དེ་ནས་མཁན་བུ་སྲེག །དེ་ནས་དུག་གི་བུམ་པར་དུག་བྱབ་བོ། །དེ་ནས་མེ་མདག་གི་གསེབ་ཏུ་སྒྲོན་མ་བཅུག་ལ་ཨེ་ཧོའི་ཁྲུས་བྱའོ། །དེ་ནས་རྣམ་འཇོམས་ཀྱི་བུམ་པས་དབང་བསྐུར་ལ་བཀྲུའོ། །ཨཐྎ།
སྔོན་འགྲོ་ལས་མ་དག་པ་དག་པར་བྱེད་པ་སྔོན་འགྲོ་རྒྱ་མཚོ་ཁྲུས་ཀྱི་ལུང་བཞུགས་སོ། །ནང་དག་པ་རྒྱ་མཚོ་ཁྲུས་ཀྱི་ལུང་ལ། ནངས་པར་ཐོ་རངས་ཁར་ལང་ལ་དང་པོ་སྟོང་པར་བསྒོམ། དེ་ནས་རང་གི་ལུས་འདི་ཁྃ་སེར་པོ་གཅིག་ཏུ་བསམ། དེ་ལས་འོད་འཕྲོས་ཚུར་འདུས་པས། རང་ལུས་གསེར་གྱི་བུམ་པར་གྱུར་པར་བསམ། དེ་ནས་བུམ་པའི་ནང་དུ་པྃ་དམར་པོ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་བསམ། དེའི་ལྟེ་བ་ལ་ཧཱུྃ་ལྗང་ཁུ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ཞལ་གཅིག་ཕྱག་གཉིས་དཀུ་ལ་བརྟེན་པ། བ་ཏི་སྔོན་པོ་སྐུ་ལ་གསོལ་བ་ཞིག་བསྐྱེད། རང་ལུས་བུམ་པར་ཡོད་པའི་སྤྱི་བོར་ཡང་ཧཱུཾ་ལྗང་གུ་གཅིག་ལ་བདུད་རྩི་འཁྱིལ་བར་བསམ། བདུད་རྩི་འཁྱིལ་བ་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས་མཉེས་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ཚུར་འདུས་པས་བུམ་པའི་སྟེང་གི་བདུད་རྩི་འཁྱིལ་བ་ལ་ཕོག་པས། དེ་ཡང་འོད་དུ་ཞུ་ནས་བདུད་རྩི་དཀར་པོ་མེར་ལ་གྱུར་པར་བསམ་ཞིང་ཨེ་ཧོའི་སྔགས་བཟླས་ཤིང་། དེའི་རྗེས་ལ་ཨ་ཡང་མང་དུ་བརྗོད། དེ་ནས་བུམ་པའི་ནང་དུ་ༀ་ཨཱཿཧཱུྃ་གསུམ་བསམ་ལ་བུམ་པ་ལ་རྒྱས་གདབ་བོ། །དེ་ནས་རང་གི་ཆུ་དེ་སྣོད་གཙང་མར་བླུགས་ལ་མདོག་བརྟག །དེ་ཡང་དམར་ན་ངན། ནག་ན་ངན། ལྗང་གུ་བྱུང་ན་ངན། སེར་སངས་ལ་ཆོས་བསྐོར་དུ་འཁོར་ན་བཟང་ངོ་། །ཁ་དོག་ངན་ན་ཆུ་དེ་ས་གཙང་མར་བོ་ལ། ཆུ་གཙང་མ་བྱས་ལ་ཁྲུས་བྱའོ། །འཕོ་མི་དགོས་ན་ཆུ་དེ་ལ་སྲིན་ལག་བཙུགས་ལ། བླ་མ་ཡི་དམ་ཌཱ་ཀི་མཆོད། དེ་ནས་རང་གི་ཁ་གདོང་ལ་སོགས་བཀྲུའོ། །དེ་ནས་ལྷག་མ་དེ་ཁྱོར་བར་བླུགས་ལ། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག་བྱས་ལ་གཏོར་རོ། །དེ་ནི་ཁྲུས་ལུང་ངོ་། །དེ་ནས་སྒོ་གསུམ་ལས་ཀྱི་སྤྱོད་པ་བྱས་ལ་བརྡའ་བཞི་ལ་སྦྱར་རོ། །སྤྱོད་ལམ་བྱ། ཉིན་མོ་སྣང་བ་སྣ་ཚོགས་ལམ་དུ་ཁྱེར། མཚན་མོ་ཤེས་བྱ་བུམ་པར་གཞུག་གོ། །དྲི་ཆུ་དྲོན་མོ་ལ་སྐྱོན་བདུན། སྐྲ་དཀར་སྐྱེ། མིག་མི་གསལ། མདངས་ཉམས། མཁྲིས་པ་སྐྱེ། མཆིན་པ་འཇུ། རྡེའུར་འགྲོ། བློ་མི་གསལ་ལོ། །གྲང་མོ་ལ་ཡོན་ཏན་བདུན་ནོ། །སྐྲ་དཀར་སེལ། མིག་གསལ། མདངས་གསལ། ཕོ་བ་དྲོད་སྐྱེ། མཁའ་མའི་མེ་དྲོད་སྐྱེ། དུག་གི་བསྲུང་བར་འགྱུར། བློ་གསལ་ལོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་ལ། རྒྱ་མཚོ་ལ་གཉིས། དག་པ་རྒྱ་མཚོའི་ལུང་ནི། ཀུན་ཏུ་བཟང་པོའོ། །མ་དག་པ་ནི་ཀུན་ཏུ་བཟང་པོ་འཁོར་བའི་སེམས་ཅན་ནོ། །གནས་པ་རྒྱ་མཚོའི་ལུང་དང་། །བརྟེན་པ་རྒྱ་མཚོའི་ལུང་ངོ་། །གནས་པ་རྒྱ་མཚོའི་ལུང་ནི། ལུས་གང་ན་གནས་པ་ན་རྩ་གནས། རྩ་གང་ན་གནས་པ་ན་རླུང་གནས། རླུང་གང་ན་གནས་པ་ན་ཁྲག་གནས་སོ། །དེ་ནི་གནས་པ་རྒྱ་མཚོའི་ལུང་ངོ་། །བརྟེན་པ་རྒྱ་མཚོའི་ལུང་ནི་རང་གི་དྲི་ཆུའོ། །དེ་ལ་སྦྱོར་བ་དངོས་གཞི་གཉིས་སོ། །དེ་ལ་སྦྱོར་བ་ནི། ཉ་ཕྱིས་སམ། ཏིང་ངམ། ཁམ་ཕོར་དུ་བླུགས་པས་ཆུ་གཡོན་ནས་གཡས་སུ་འཁོར་བ་དང་། རླུང་གཡོན་ནས་རྒྱུ་བ་འཛོམ་ན་བཟང་ངོ་། །དེ་བརྟག་གོ། །དེ་ནས་ཆུ་ཁ་གཏིང་འཁྲུགས་ན་ངན། ནག་ན་ངན། དམར་ན་ངན། སྐྱ་བོར་སོང་ན་ངན། དེ་ཕོ་ན་ཚ་འོང་བས། བའོ། །ཁ་སངས་ཕྱེད་པ། དྭངས་སང་ངེ་བ་གཅིག་བྱུང་ན་ལྦུ་བ་ཆག་ལ་བརྟེན་ནོ། །དངོས་གཞི་སྣོད་ཀྱི་ནང་དུ་ཡི་གེ་མྃ་ལྃ་སེར་པོ་གཅིག་བསམ། དེ་འོད་དུ་ཞུ་བ་ལས། གསེར་གྱི་སྣོད་སེར་བ་ཆེ་བ་ཞིག་བསམ། དེའི་ནང་དུ་ཡི་གེ་པྃ་དམར་པོ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་སྣ་ཚོགས་པདྨའི་སྡོང་པོ་གཅིག་ཏུ་བསམ། དེའི་གེ་སར་ལ་ཧཱུྃ་ལྗང་ཁུ་གཅིག་བསམ། དེ་ལ་ཧཱུྃ་ཞེས་ལྕེ་རྩ་འགུལ་ཙམ་གཅིག་བཟླས་པས་ཧཱུྃ་དེ་ལས་བཅོམ་ལྡན་འདས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁུ་ཕྱག་གཉིས་དཀུ་ལ་བརྟེན་པ་གཅིག་ཏུ་བསམ། དེ་ནས་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས། ཡེ་ཤེས་ཀྱི་འོད་དེ་དམ་ཚིག་གི་བདུད་རྩི་འཁྱིལ་བ་ལ་ཕོག་པས་འོད་དུ་དཀར་མེར་གྱིས་བྱུང་བར་བསམ། དེ་ནས་སྔགས་འདི་བཟླས་སོ། །ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ། ཨ་བི་རཾ་ཤུདྡྷེ་ཤུདྡྷེ། བི་རཾ་ཤུདྡྷེ་ཤུདྡྷེ་ཨ་ཨཱ་སྭཱ་ཧཱ། ཞེས་ལན་བདུན་བདུན་སྲིན་ལག་གི་རྩེ་མོས་གདབ་བོ། །དེ་ནས་ཨ་ཨ་ཨ་ཨ་ཞེས་བརྗོད་པས་ལྷ་མོ་བཞིས་བདུད་རྩིའི་བུམ་པ་སྐུ་མདོག་དང་མཐུན་པ་བསྣམས་ནས་བདག་གི་སྤྱི་བོ་ནས་མར་ལ་དབང་བསྐུར་བར་བསམ། ལུས་ཤེལ་གོང་ཕྱིས་པ་ལྟར་དག་པར་བསམ། དེ་ནས་ཧུབ་གཅིག་བཏུང་ངོ་། །དེ་ནས་བཀྲུའོ། །དེ་ནས་ཆུའི་ལྷག་མ་གཏོར་ལ་ཁམས་གསུམ་གྱི་སེམས་ཅན་ལུས་ངག་ཡིད་གསུམ་གྱི། གྱི་སྡིག་སྒྲིབ་དག་པར་བསམ། དེ་ཡང་རྒྱ་མཚོ་ཁྲུས་ཀྱི་ལུང་ལས། ཕུང་པོ་ལྔ་ཉོན་མོངས་པའི་ཕུང་པོ། བག་ཆགས་ཀྱི། ལས་ཀྱི། རྣམ་པར་སྨིན་པའི། དེ་དང་དེ་ལས་བྱུང་བའི་ཕུང་པོའོ། །ནི་དག་བྱེད་ཅིང་། །ཉོན་མོངས་ལྔ་ནི་སྦྱོང་བྱེད་པ། །ཡེ་ཤེེས་ལྔ་ཆུ་སོ་སོར་རྟོག་པ། ས་མཉམ་པ་ཉིད། མེ་མེ་ལོང་ལྟ་བུ། རླུང་ཆོས་ཀྱི་དབྱིངས་ཀྱི། ནམ་མཁའ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡི་ངོ་བོ་ཉིད། །རང་བཞིན་གྱི་ནི་འོད་གསལ་ལོ། །དེ་ནི་ལུས་འོད་གསལ་ལ་ཐིམ་པ་ཞེས་བྱའོ། །ཞེས་སོ། །
མ་སྨིན་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ་བཞུགས་སོ། །ན་མོ་གུ་རུ། ད་ནི་སྒོ་གསུམ་ལས་ཀྱི་སྤྱོད་པ་ལ། ལུས་དང་བའི་སྒོ་ནས་ཕྱག་འཚལ། ངག་དང་བའི་སྒོ་ནས་སྙིང་པོ་བཟླ། སེམས་དང་བའི་སྒོ་ནས་བསམ་གཏན་བསྒོམ་པའོ། །དེ་ལ་དང་པོ་རང་གི་སྙིང་ནང་ན་ཨཱོྂ་ཁ་དོག་ལྔ་དང་ལྡན་པ་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་ལ། ལག་པ་ཐལ་མོའི་ཕྱག་རྒྱ་བྱ་ཞིང་། བཛྲ་ས་མཱ་ཛཿཧཱུཾ། ཞེས་བརྗོད་པ་སེ་གོལ་བསྣོལ་མར་ལན་གསུམ་གཏོགས་པས་མདུན་གྱི་ནམ་མཁའ་ལ་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་བསམ། དེ་ནས་ཡང་ཨཱོྂ་ལས་འོད་ཟེར་བྱུང་ནས་ཐལ་མོའི་ནང་དུ་རིན་པོ་ཆེ་ལ་སོགས་པ་མཆོད་པའི་རྫས་བསམ་ལ་ཕྱག་ལན་རེ་ལ་རྫས་ལན་རེ་ཕུལ་བར་བསམ། མགོ་བོས་བླ་མ་ལ་སོགས་པའི་ཞབས་ལ་ཐུག་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་སངས་ཀྱིས་དག་པར་བསམ་ཞིང་ཕྱག་བྱའོ། །དེ་ལ་དང་པོ་དཀོན་མཆོག་གསུམ་ལ་བཙལ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་སྤངས་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞི་བ་མྱ་ངན་ལས་འདས་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། འཕགས་པའི་ལམ་ཡན་ལག་བརྒྱད། ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་ནས་བླ་མ་ལ། མ་རིག་ལས་ཀྱི་འཁོར་བའི་སེམས་ཅན་རྣམས། །ཉོན་མོངས་ནད་ཀྱིས་གདུང་བ་ལ། །ཆོས་ཀྱི་བདུད་རྩིས་གསོ་མཛད་པ། །དུས་གསུམ་བླ་མ་རྣམས་ལ་གུས་པར་ཕྱག་འཚལ་ལོ། །ཡི་དམ་ལ། རྒྱལ་བ་ཐམས་ཅད་དབྱེར་མེད་དབྱིངས་མཉམ་ཡང་། །བསྙེན་བཀུར་དག་གིས་མཆོད་ཅིང་དབུ་ལ་བཀོད། །དངོས་གྲུབ་རྣམ་གཉིས་མྱུར་དུ་སྟེར་མཛད་པའི། །རིགས་ལྔ་ཧེ་རུ་ཀ་ལ་གུས་པར་ཕྱག་འཚལ་ལོ། །མཁའ་འགྲོ་ལ། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་པར་རྒྱུག་པའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །བསྟན་པའི་བདག་པོ་ལ། དུག་གསུམ་ལས་ཀྱི་ཀློང་ནས་འཁོར་བའི་རུ་བཟློག་པ། །ཉོན་མོངས་ཐ་བའི་གནས་ནས་བྱང་ཆུབ་མྱུ་གུ་བསྐྱེད། །སྲིད་དང་འདས་ཕྱིར་འགྲོ་བའི་དོན་མཛད་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་གུས་པར་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་ལོ། །དེ་ནས་ངག་དང་བའི་སྒོ་ནས་སྙིང་པོ་བཟླ་བ་ནི། ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་ནོར་བུ་མཆོག་ལྡན་གྱི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི། ༀ་མ་ནི་པདྨེ་ཧཱུཾ། ཞེས་པའོ། །ཡིད་དང་བའི་སྒོ་ནས་བསམ་གཏན་བསྒོམ་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁའ་འགྲོའི་ཚོགས་ལ་བསྡུ། མཁའ་འགྲོ་ཐམས་ཅད་བླ་མ་ལ་བསྡུ། བླ་མ་ཡི་དམ་གྱི་ལྷ་ལ་བསྡུ། ཡི་དམ་ཡིག་འབྲུ་ལ་བསྡུ། ཡིག་འབྲུ་ཞབས་ཀྱུ་ལ་བསྡུ། ཞབས་ཀྱུ་འ་ལ་བསྡུ། འ་ཧ་ལ་བསྡུ། ཧ་ཟླ་ཚེས་ལ་བསྡུ། ཟླ་ཚེས་ཐིག་ལེ་ལ་བསྡུ། ཐིག་ལེ་དེ་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁའ་ལ་བསམ། དེ་ནས་ཨཱཿཧཱུཾ་བྱས་པས་རང་གི་སྤྱི་བོའི་གཙུག་ཚངས་པའི་བུ་ག་ནས་མར་ལ་ཐིམ་པར་བསམ། དེ་ནས་བརྡའི་གནད་བྱས་ལ་བསྒོམ། དེ་ནི་སྒོ་གསུམ་ལས་ཀྱི་སྤྱོད་པའོ། །ད་ནི་སྨིན་པ་གྲོལ་བར་བྱེད་པའི་སྒོམ་ཚུལ་བླ་མའི་ལུང་ཡིན་ཏེ། བྱིན་རླབས་ཀྱི་དུས་ཚུལ་ཤིང་གཏོད་ཙ་ན་བླ་མ་ལ་དམིགས་པ་གཏད་ནས་སྒོམ་དུ་འཇུག་པ་དེ་ཡིན་ནོ། །རྡོ་རྗེའི་ཚིག་ནི། དུས་ཀྱི་བརྡའ་ལ་བརྟེན་ནས་ནི། །གནད་ཀྱི་བརྡ་ཡིས་གནས་འགྱུར་བ། །གནས་འགྱུར་བ་ལ་གཉིས་འཛིན་མེད། །ཅེས་པས་གང་གནས་འགྱུར་ན། རིག་པའི་གནས་འགྱུར་ཏེ། དེ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའོ། །ཀུན་ནས་ཉོན་མོངས་པའང་བཞི་སྟེ། ཉོན་མོངས་པ་ཅན་གྱི་གཞི་དང་། བག་ཆགས་སོག་བྱེད་ཀྱི་སྣོད་དང་། ས་བོན་ཆའི་ཀུན་གཞི་དང་། རྒྱུ་རང་ལས་བྱུང་བའི་མ་རིག་པ་འཁྲུལ་པའོ། །རྣམ་པར་བྱང་བ་ལའང་བཞི་སྟེ། རང་བཞིན་གྱི་འོད་གསལ་བ་དང་། མི་རྟོག་པ་ཆོས་ཉིད་དང་། ཟག་པ་མེད་པའི་བདེ་བ་དང་། དེ་ཚོ་དབྱེར་མེད་པའོ། །དེ་ནས་འགྱུར་བ་ནི་གང་ནས་འགྱུར་ན་ཉོན་མོངས་པ་ཐམས་ཅད་ཀྱི་གཞི་འགྱུར། གང་གིས་འགྱུར་ན་དབང་པོའི་སྒོ་མ་བཀག་པས་འགྱུར། གང་དུ་འགྱུར་ན་རང་བཞིན་གྱི་འོད་གསལ་དུ་འགྱུར་བའོ། །གང་ནས་འགྱུར་བ་བག་ཆགས་སོག་བྱེད་ཀྱི་སྣོད་དུ་འགྱུར། གང་གིས་འགྱུར་ན་དབང་པོ་སྒོ་མ་གཡོས་པས་འགྱུར། གང་དུ་འགྱུར་ན་མི་རྟོག་པ་ཆོས་ཉིད་དུ་འགྱུར། གང་ནས་གནས་འགྱུར་ན་ས་བོན་ཆའི་ཀུན་གཞི་གནས་འགྱུར། གང་གིས་འགྱུར་ན་འོག་རླུང་ཡིད་ཙམ་ཅུང་ཞིག་འཐེན་པས་འགྱུར། གང་དུ་འགྱུར་ན་ཟག་པ་མེད་པའི་བདེ་བར་འགྱུར། གང་ནས་གནས་འགྱུར་ན་རྒྱུ་རང་ལས་བྱུང་བའི་མ་རིག་པ་འཁྲུལ་པར་འགྱུར། གང་གིས་འགྱུར་ན་ལྕེའི་རྩེ་མོ་གང་ལའང་མ་རེག་པས་འགྱུར། གང་དུ་འགྱུར་ན་ཆོས་ཉིད་དབྱེར་མེད་པར་འགྱུར་བའོ། །དེ་ནི་སྨིན་པ་གྲོལ་བར་བྱེད་པ་རྡོ་རྗེའི་ཚིག་གོ། །དུས་བཞིའི་རྣལ་འབྱོར་གྱི་ལག་ལེན་ནོ། །ཨཐྎ།
དུས་བཞིའི་རྣལ་འབྱོར་གྱི་ལུང་བཞུགས་སོ། །ན་མོ་གུ་རུ། དུས་བཞིའི་རྣལ་འབྱོར་གྱི་ལུང་ཕོག་པ་ནི། བླ་མ་རྡོ་རྗེ་འཛིན་པ་རྣམས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ལོ་བྱུང་ངོ་ཅོག་གི་ཟླ་བ་ར་བ་བཞིའི་ཉ་གསུམ་ལ། མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་ལ་མངོན་པར་ཕྱོགས་པར་བགྱིད་ལགས་སོ། །མ་སྨིན་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ་ལ་མངོན་པར་སྤྱོད་པ་བགྱིད་ལགས་སོ། །མ་གྲོལ་བ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་རླབས་ལ་མངོན་པར་སྤྱོད་པ་བགྱིད་ལགས་སོ། །གྲོལ་བ་མཐར་ཕྱིན་པར་བྱེད་པ་སྙིང་པོ་ཡེ་ཤེས་ཀྱི་རླུང་རྡོ་རྗེ་ལ་དུས་བཞིའི་རྣལ་འབྱོར་གྱི་རྗེས་སུ་འཇུག །རྗེས་སུ་བགྱིད། རྗེས་སུ་སློབ། རྗེས་སུ་བསྒྲུབ་པར་བགྱིད། མངོན་པར་ཕྱོགས་པར་བགྱིད་ལགས་སོ། །ཐབས་ཡིན་ནོ། །མཆོག་ཏུ་གྱུར་པ་ལེགས་སོ། །ལན་གསུམ་བྱའོ། །ཨཐྎ།
བླ་མ་རྗེ་བཙུན་ལ་ཕྱག་འཚལ་ལོ། །འཛེང་རྡོ་རྗེ་སྦ་བས་མཛད་པའི་ཧེ་རུ་ཀ་མངོན་རྫོགས་ཀྱི་རྒྱལ་པོ་གཞལ་ཡས་ཁང་དང་བཅས་པ་བསྒོམ་པ་མཎྜལ་བྱིན་རླབས་ནི། དབུས་ཕྱོགས་མངོན་པར་དགའ་བ་གུ་ལང་གསེར་གྱི་གཞལ་ཡས་ཁང་ན། ཉི་ཟླ་བརྩེགས་པའི་ཁང་། དེ་ནང་རྡོ་རྗེའི་གདན་བཏིང་སྟེ། ཨེ་བསྣོལ་ཟེའུ་འབྲུ་བརྡལ་བའི་སྟེང་། །བུདྡྷེ་ཧེ་རུ་ཀ་ནི་མངོན་རྫོགས་ཏེ། །མངོན་རྫོགས་ཧེ་རུ་ཀ་ཡིས་དབང་བསྐུར་ཞིང་། །སངས་རྒྱས་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །ཤར་ཕྱོགས་ཀེ་ཀེ་རུ་ཡི་ཞིང་ཁམས་ན། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེ་ནང་རྡོ་རྗེའི་གདན་བཏིང་སྟེ། །ཨེ་བསྣོལ་ཟུར་དྲུག་ཟེའུ་འབྲུ་བརྡལ་བའི་སྟེང་། །བཛྲ་མངོན་རྫོགས་ཧེ་རུ་ཀ །ཧེ་རུ་ཀ་ཡིས་དབང་བསྐུར་ཞིང་། །རྡོ་རྗེ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །ལྷོ་ཕྱོགས་བཻ་ཌཱུཪྻ་ཡི་ཞིང་ཁམས་ན། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེ་ནང་རྡོ་རྗེའི་གདན་བཏིང་སྟེ། །ཨེ་བསྣོལ་ཟུར་དྲུག་ཟེའུ་འབྲུ་བརྡལ་བའི་སྟེང་། །རཏྣ་མངོན་རྫོགས་ཧེ་རུ་ཀ །ཧེ་རུ་ཀ་ཡིས་དབང་བསྐུར་ཞིང་། །རིན་ཆེན་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །ནུབ་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེ་ནང་རྡོ་རྗེའི་གདན་བཏིང་སྟེ། །ཨེ་བསྣོལ་ཟུར་དྲུག་ཟེའུ་འབྲུ་བརྡལ་བའི་སྟེང་། །པདྨ་མངོན་རྫོགས་ཧེ་རུ་ཀ །ཧེ་རུ་ཀ་ཡིས་དབང་བསྐུར་ཞིང་། །པདྨ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །བྱང་ཕྱོགས་ཨིནྡྲ་ནཱི་ལའི་མངོན་པར་དགའ་བའི་ཞིང་ཁམས་ན། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེ་ནང་རྡོ་རྗེའི་གདན་བཏིང་སྟེ། །ཨེ་བསྣོལ་ཟུར་དྲུག་ཟེའུ་འབྲུ་བརྡལ་བའི་སྟེང་། །ཀརྨ་མངོན་རྫོགས་ཧེ་རུ་ཀ །ཧེ་རུ་ཀ་ཡིས་དབང་བསྐུར་ཞིང་། །ལས་ཀྱི་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །ཀྵི་ༀ་ཤྲཱི་བཛྲ་ཐུགས་ཀྱི་སྙིང་པོ། མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི། སརྦ་དུཥྚན། རུ་ལུ་བསྙེན་པ་ལ་གདགས། རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ༀ་བུདྡྷ་དབུས་ཀྱི་མངོན་རྫོགས། མ་ཧཱ་ཤྲཱི་ཧེ་རུ་ཀ །བུདྡྷ་ཀྲོ་ཏི་ཤྭ་རི། སརྦ་དུཥྚན། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ་ཕཊ། ༀ་བཛྲ་ཤར་གྱི་མངོན་རྫོགས། མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི། སརྦ་དུཥྚན། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ༀ་རཏྣ་ལྷོའི་མངོན་རྫོགས། མ་ཧཱ་ཤྲཱི་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཤྭ་རི། སརྦ་དུཥྚན། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ༀ་པདྨ་ནུབ་ཀྱི་མངོན་རྫོགས། མ་ཧཱ་ཤྲཱི་ཧེ་རུ་ཀ །པདྨ་ཀྲོ་ཏ་ཤྭ་རི། སརྦ་དུཥྚན། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ༀ་ཀརྨ་བྱང་གི་མངོན་རྫོགས། མ་ཧཱ་ཤྲཱི་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཤྭ་རི། སརྦ་དུཥྚན། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ་ཕཊ། ༀ་མ་ཧཱ་ཤྲཱི་ཧེ་རུ་གསུང་གི་སྙིང་པོ། ཀ །བཛྲ་ཀྲོ་ཏི་ཤྭ་རི། སརྦ་དུཥྚན། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ་ཕཊ། ༀ་ཤྲཱི་སྐུའི་སྙིང་པོ། བཛྲ་བཻ་རོ་ཙ་ན་མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི། སརྦ་དུཥྚན་ཧཱུྃ་ཕཊ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ༀ་ཨཱཿཧཱུྃ། སུ་ར་ཏོ། མ་ཧཱ་པཉྩ་ཤྲཱི་ཧེ་རུ་ཀ །མནྟྲ་ཛྭ་ལ། མཎྜ་ལ་ཀཱ་ཡ་བྱིན་རླབས་ཀྱི་དུས་སུ་གདགས། ཚོགས་བྱིན་གྱིས་བརླབས། ཝཱཀ ཙིཏྟ། ༀ་ༀ་ༀ། ཧཱུྃ་ཧཱུྃ་ཧཱུྃ། སྭཱ་སྭཱ་སྭཱ། ཨྃ་ཨྃ་ཨྃ། ཧཱཾ་ཧཱཾ་ཧཱཾ། མ་ཧཱ་ས་མ་ཡ་ཕཊ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་མཆོད་པ་བྱིན་གྱིས་བརླབས། ཨཱཿཧཱུཾ། བཛྲ་མ་ཧཱ། ཀ་པཱ་ལ། ཁ་ཁ། ད་ན་ད་ན། ཛྭ་ལ་ས་ཏི། ཤྲཱི་ཧེ་རུ་ཀ །ཨ་མེ། དུ་མེ། སིད་ཏོད་པ། བྷ་བ་བྷེ་ད། ས་ར་ཧ་ན། ཧཱུྃ་ཧཱུྃ་ཧཱུྃ། མ་ཧཱ་ས་དྷ་ལ་ཧཱུཾ་ཕཊ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་ཨཱཿཧཱུཾཿ མ་ཧཱ་ཡོ་ག་ཨད་དྷ་མ་ཧཱ་ས་མ་ཡ། ཨ་སུ་ར་ཧོཿ ཀ་མ་ལ་ཤྲཱི་ཧེ་རུ། མ་ཧཱ་སུ་མ་ལེ། ཨ་ནུ་ས་མ། ཛ་ལི་ནི་ར་ན། ༀ་པ་ལོ་ཀ །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ག་ན་འདི་བཏགས་པས་མཆོད་པའོ། །ཏན། བ་སྨིན་པ་ལ། ཨ་སྨིན་པ་ལ་ཡ་བ་དོ་ཏོ། ཨ་པ་ལ་ཧོཿ ཚོགས་བྱིན་གྱིས་བརླབ་པ་དང་མཆོད་པ་འབུལ་བའོ། །ༀ་བདུད་རྩི་བྱིན་གྱིས་བརླབས་པའི་སྔགས་སོ། །ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ༀ་ཨཱཿ ༀ་ཧི། ཧཱུཾ་ཧྲཱིཿ ཐིག་ལེ་བྱིན་གྱིས་བརླབ་པའོ། །
སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ། སྒོམ་ཚུལ་མ་སྨིན་པ་སྨིན་པར་བྱེད་པའི། བླ་མའི་བྱིན་རླབས་འདི་ལ་དོན་གསུམ་སྟེ། ལ། སྦྱོར་བ་དང་དངོས་གཞི་རྣམ་གཉིས་རྗེས་ཀྱི་ཆོ་ག་དང་གསུམ་མོ། །དེ་ལ་དང་པོ་སྦྱོར་བ་བསྟན་པ་ནི། སྔོན་དུ་སྒྲིབ་པ་སྦྱང་བའི་ཞི་བའི་སྦྱིན་སྲེག་བྱའོ། །མཎྜལ་ཤིན་དེ་ནས་གནས་ཁང་ལེགས་པར། ཏུ་ལེགས་པ་བྱ། །གཅིག་བཅོས་ལ། དེ་ལ་བདུད་རྩི་ལྔ་ལ་སོགས་པས་ཆག་ཆག་བཏབ་པར་བྱའོ། །དེ་ནས་མཎྜལ་ས་ཚོན་སྣ་ལྔས། བྲི་བ་ནི། །གུ་ད་ལའི་དབུས། ལང་རིན་ཆེན་སེར་པོ། བརྡལ་བའི་སྟེང་། །ཉི་མ་དམར་པོ། ཟླ་བ་དཀར་པོ། པདྨ་ཁ་དོག་སྣ་ཚོགས་པ། བརྩེགས་པའི་ཁང་། །པ་དང་། དེ་ཡི་ནང་དུ་རྡོ་རྗེའི་གདན་ཟུར་དྲུག་པ། བཏིང་སྟེ། །བུདྡྷ་ཧེ་རུ་ཀ་མངོན་རྫོགས་ཡབ་ཡུམ་བསྐྱེད། །མཎྜལ་དེའི་ཤར་ཕྱོགས་ཀྱི་ཞིང་ཁམས་དཀར་པོ་ཀེ་ཀེ་རུ། །ལྷོ་ཕྱོགས་ཀྱི་ཞིང་ཁམས་བཻ་ཌཱུཪྻ་མཐིང་ཁའོ། །ནུབ་ཏུ་ཕྱོགས་ཀྱི་ཞིང་ཁམས་པདྨ་རཱ་ག་དམར་པོ་ལ། །བྱང་དུ་ཕྱོགས་ཀྱི་ཞིང་ཁམས། ཨིནྡྲ་ནཱི་ལའོ། །ལྗང་ཁུའོ། །མཎྜལ་གྱི་ཁ་དོག །མུ་རན་དེ་དག་ནི། །ཕྱོགས་ལས་ཤར་དམར་ལྷོ་ལྗང་ནུབ་དཀར་བྱང་མཐིང་ཁའོ། །ལྡོག་ལ་བྲི་བར་བྱ། །དེ་ནས་བུམ་པ་མཎྜལ་གྱི་དབུས་སུ། བཞེངས་པ་ནི། །རིན་པོ་ཆེ་ཟངས་གསེར་མེད་ན་རྫ་ལ་བྱ། སོགས་བུམ་པ་ལ། །ནག་པོ་ར་རི་མེད་པར་བྱ། གུ་གུལ་ཤིན་ཏུ་དག་པར་བཀྲུས་ལ། ནག་པོའི་དུ་བས་བདུག །བུམ་པ་དེ་ལ། སུམ་བྷ་ནི་སོགས་བགེགས་ཀྱང་བསྐྲད། །བདུད་རྩི་འཁྱིལ་བའི་སྔགས་རིང་གིས། སྲོག་ཆགས་མེད་པའི་ཆུ་ཡིས་གཙང་མ། དགང་། །རིན་ཆེན་ལྔ་དང་འབྲུ་འབྲས་སོ་བ་སྲན་མ་ནས་གྲོ་སྣ་ལྔ། །བཟང་མར་བུ་དམ་སྦྲང་རྩི་པོ་དྲུག་དང་སྙིང་པོ་ལྔ། །ཙནྡན་ལ་སོགས་པའི་ཡང་དྲི་བཟང་བསྩལ། །ཁ་ཚར་མ་ཉམས་པའི་རས་ཀྱིས་མགུལ་བ། བཅིངས། །གདན་ནས་ཀྱི་བཅས་ཕོ་བྲང་གི་སྟེང་ལྟེ་བ་དུ་གཞུག །སུ་གསོལ། དེ་ནས་བུམ་པའི་སྟེང་དུ་ཀ་པཱ་དུམ་བུ་གཅིག་པ། ལ་བཞེངས་པ་ནི། སིན་ཆོས་འབྱུང་བསྣོལ་མའི་དབུས་སུ་ༀ། རྩིབས་དྲུག་ལ་ཨ་ཨྃ་ཧཱུཾ་ཧྲཱིཿབྷྲཱུྃ་ཧཾ་ཞེས་བྲི། དྷུ་ར་སོགས་མཎྜ་ལ་བཞེངས། །ཆང་བླུག་ཀ་པཱ་ལའི་ནང་དུ། ཨ་མྲྀ་ཏ་ཡིས་བྲན། །ཤར་ཀ་པཱ་ལའི་མདུན་ཕྱོགས་ངོས་སུ་བསྟན་ལ་བུམ་སྟེང་གཞུག །པར་བྱའོ། །དེ་ནས་ཀཱ་པཱ་ལའི་སྟེང་དུ་མེ་ལོང་མཎྜལ་ལ་བཞེངས་པ་ནི། སིན་དྷུ་ར་ཡི་མཎྜལ་ཆོས་འབྱུང་བསྣོལ་མར་བྲི། ལ། །ཡི་གེ་དབུས་སུ་ༀ་ཨ་ཨཾ་ཧཾ་ཧཱུཾ་ཧྲཱིཿབྷྲཱུཾ་བྲིས། བདུན་པའི་སྔགས་ཀྱིས་བརྒྱན། །ཐིག་ལེ་དཀར་ཅོང་ཞི། གངས་ཐིག་ཅུ་གང་། ད་བྱིད་དཀར་པོ་གཅིག་ཐུབ། རུ་མ་དཀར་པོ། ཀ་ར་དཀར་པོ། ༼དཀར་ཆ།༽མར་ལ་རྟ་བྱས་ལ་སྦྱར། དམར་སིན་དྷུ་ར། མེ་ཏོག་རཱ་ག །པདྨ་རིན་ཆེན་རཱ་ག །འབྲུ་རཱ་ག །རུ་མ་རཱ་ག །༼དམར་ཆ།༽བུ་རམ་དང་སྦྱར། ཐིག་ལེ་དཀར་དམར་གྱི་སྐྱོབས་དང་བཅས། །བདུད་རྩི་རིལ་བུ་ཟུང་དུ་བྱས་ལ་མེ་ལོང་གི་སྟེང་དུ་བཞུགས། །དཀར་བདུད་རྩི་རིལ་བུ་དེ་དམར་དར་གྱིས་ཁ་བཅད་དེ། །ཀ་པཱ་ལ་ཡི་སྟེང་དུ་གཞུག །པར་བྱའོ། །གཞན་ཡང་མཁོ་དང་པོར་བའི་ཡོ་བྱད་བསགས་པ། ནི། །ཚོགས་ཤ་ལ་སོགས་པའི་དང་ཁྱད་པར་གཏོར་མཁའ་འགྲོ་མ་གསུམ་ལ་མ་གསུམ། །བྱ་སྟེ། ཤ་ཆེན་གཏོར་མ་ཁྲག་དང་ཞག་ཆེན་གྱི་གཏོར་མ། སྨན། །དཀར་གསུམ་གྱི་མངར་གསུམ་གྱི་གཏོར་མའོ། །ཁྱད་པར་མཁའ་འགྲོ་གསུམ་ལ་མེ་མར་མཚན་ཐུབ་གསུམ། །བྱ་སྟེ། འབྲུ་དང་མར་ནག་གི་ཞུན་ཆེན་གྱི་རྩི་མར་མར་དཀར་གྱི་རོ། །མཆོད་མེ་ཏོག་སྤོས་མར་མེ་དྲི་ཆབ་ཞལ་ཟས། པ་ལྔ་དང་ལྡན་པ་སྟེ། །དར་གྱི་ཅོད་ཕན་དང་བསྲུང་སྐུད་དང་མདའ་ཆུང་གཞུ་རྣམས་སོགས། །སོ་ཚུལ་ཤིང་དང་སྒོམ་ཐག་དང་སྒོམ་རྟེན་དང་ཀུན། །མཁོ་བའི་ཡོ་བྱད་ཚང་བར་བཤམས། །སྐབས་འདིར་རང་གཞན་གྱི་དོན་དུ་ཕྱི་ནང་གི་རྒྱ་མཚོ་ཁྲུས་ལུང་སྔོན་དུ་འགྲོ་བ་འཐད་པར་སེམས་པས་ཟུར་དུ་བཀོལ་བ་ལྟར་རོ། །མཆན། དེ་ནས་ཆོ་གའི་དངོས་གཞི་ལ་དོན་གཉིས་ཏེ། །བྱིན་གྱིས་བརླབ་དང་གཅིག་ཆོ་གའོ། །དང་གཉིས། དང་པོ་བྱིན་རླབས་ལ་རྣམ་པ་གཉིས་ཡིན་ཏེ། །མཎྜལ་བྱིན་གྱིས་བརླབ་པ་དང་། དང་ནི་རྫས་བྱིན་བརླབ། །པའོ། །དེ་ལ་དང་པོ་མཎྜལ་བྱིན་གྱིས་རླབས་པར་བྱ་བ། ནི། །དབུས་མཎྜལ་ཀྱི་གུ་ལང་སེར་པོའི་སྟེང་དུ། །གུ་ནི་སེར་པོ་གཅིག་ཏུ་བསམ། །གུ་ལང་མཎྜལ་ཧཱུཾ་ཞེས་བརྗོད་པས། གསེར་གྱི་ས་གཞིར་གྱུར་པར་བསམ། །ཕྱི་མཎྜལ་དེ་ཡི་ཡི་སྣ་ཚོགས་པད་གེ་སར་དམར་ལྗང་ལ། མ་ལ། །པྃ་དཀར་སེར་དམར་ལ་སོགས་པ། ནི་དམར་པོ་གཅིག་ཏུ་བསམ། །པྃ་པདྨ་མཎྜལ་ཞེས་བརྗོད་དོ། །སྣ་ཁ་དོག་ཚོགས་པའི་པདྨར་གྱུར་པར་བསམ། །དེ་འི་ནང་དུ་མུ་ཁྱུད་དཀར་པོ་ལ། །ཨ་ནི་དཀར་པོ་གཅིག་ཏུ་བསམ། །ཨ་ཙནྡྲ་མཎྜལ་ལ་ཞེས་བརྗོད་པས། ཟླ་བའི་དཀྱིལ་འཁོར་དཀར་པོ་གྱུར་པར་བསམ། །དེ་འི་ནང་དུ་མུ་ཁྱུད་དམར་པོའི་སྟེང་། །དུ་མ་ནི་དམར་པོ་གཅིག་ཏུ་བསམ། །མ་སཱུཪྻ་མཎྜལ་ཞེས་བརྗོད་པས། ཉི་མའི་དཀྱིལ་འཁོར་དམར་པོ་གྱུར་པར་བསམ། །དེ་དབུས་ཆོས་འབྱུང་ནག་པོའི་གྲུ་གསུམ་པ་སྟེང་། །དུ་བ་ནི་མཐིང་ཁ་གཅིག་ཏུ་གྱུར་བར་བསམ། །བ་ཏི་ཏིཥྛ་ཞེས་བརྗོད་པས། བ་ཏི་སྔོན་པོའི་གདན་གཅིག་ཏུ་གྱུར་པར་བསམ། །དེ་འི་སྟེང་དུ་བ་ཏི་དམར་པོའི་སྟེང་། །དུ་བ་ནི་དམར་པོ་གཅིག་ཏུ་བསམ། །བ་ཏི་ཏིཥྛ་ཞེས་བརྗོད་པས། བ་ཏི་དམར་པོའི་གདན་གཅིག་གྱུར་པར་བསམ། །དེའི་དབུས་ཀྱི་པདྨ་གེ་སར་གྱི་སྟེང་། །དུ་ཡི་གེ་བྷྲཱུཾ་གཅིག་བསམ་པར་བྱ། །བྷྲཱུཾ་ཏིཥྛ་ཞེས་བརྗོད་པས། སྣ་ཚོགས་པདྨའི་གེ་སར་དུ་བསམ། །པར་བྱའོ། །ཤར་ཕྱོགས་གྱི་མཎྜལ་དཀར་པོའི་སྟེང་། །ཀེ་ནི་དཀར་པོ་གཅིག་བསམ་སྟེ། །ཀཻ་རུ་མཎྜལ་ཞེས་བརྗོད་པས། ཀཻ་རུ་དཀར་པོའི་ཞིང་ཁམས་བསམ། །ལྷོ་ཡི་ཞིང་ཁམས་མཎྜལ་སྔོན་པོའི་སྟེང་། །བཻ་ནི་མཐིང་ག་གཅིག་བསམ་སྟེ། བཻ་ཌཱུཪྻ་མཎྜལ་ཞེས་བརྗོད་པས། བཻ་ཌཱུཪྻ་ཡི་ཞིང་ཁམས་བསམ། །ནུབ་ཕྱོགས་ཞིང་ཁམས་མཎྜལ་དམར་པོའི་སྟེང་། །པྃ་ནི་དམར་པོ་གཅིག་བསམ་སྟེ། །པྃ་པདྨ་མཎྜལ་ཞེས་བརྗོད་པས། པདྨ་རཱ་གའི་ཞིང་ཁམས་བསམ། །བྱང་ཕྱོགས་ཞིང་ཁམས་མཎྜལ་ལྗང་ཁུའི་སྟེང་། །ཨི་ནི་ལྗང་ཁུ་གཅིག་བསམ་སྟེ། །ཨིནྡྲ་ནཱི་ལ་མཎྜལ་ཞེས་བརྗོད་པས། ཨིནྡྲ་ནཱི་ལའི་ཞིང་ཁམས་བསམ། །དེ་ནས་རྫས་བུམ་པ་ཐོད་པ་མེ་ལོང་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ། །དབུས་ཀྱི་སྣ་ཚོགས་པདྨའི་གེ་སར་གྱི་སྟེང་། །དུ་བུམ་པ་བཞུགས་པའི་ནང་དུ་ནི། །ཁ་དོག་ལྔ་ཡི་ཨཱོྂ་ཐིག་ལེ་མཐིང་ག །ཟླ་ཚེས་དཀར་པོ། ན་རོ་སེར་པོ། ཨ་དམར་པོ། འ་ལྗང་ཁུའོ། །མཆན། བསྒོམ་སྟེ། །དེ་ལས་འོད་ཟེར་ཁ་དོག །ལྔ་འཕྲོས་ཏེ། །ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས། ཡི། །ཐུགས་དམ་རྒྱུད་ནི་བསྐུལ་ནས་སུ། །སྐུ་ཡི་འོད་ཟེར་རྣམ་པ་ལྔ། །དབུ་ཡི་གཙུག་ཏོར་ལས་ཐོན་ནས། །བུམ་པའི་ནང་དུ་བྱོན་པར་བསམ། །དེ་ལ་ཤེས་པ་མ་ཡེངས་པར། །བྱས་ལ། སྙིང་སྐུའི་པོ་འདི་ནི་བརྗོད་པར་བྱ། །ཨཱོྂ་ཤྲཱི་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ལ་སྔགས་གྲངས་སྟོང་ཙམ་རེ་ཐེམ་པ་བཟླས་པར་བྱའོ། །དང་། །དེ་སྟེང་ཀ་པཱ་ལ་ཡི་ནང་། །ཨ་ནི་དམར་སེར་གཅིག་བསྒོམ་སྟེ། །དེ་ལས་འོད་ཟེར་ལྔ་ཁ་དོག་འཕྲོས་པས། །ཕྱོགས་བཅུའི་བདེ་བར་གཤེགས་པ་ཡི། །ཐམས་ཅད་ཀྱི། ཐུགས་དམ་གྱི་རྒྱུད་ནི་བསྐུལ་ནས་སུ། །ལྗགས་ཀྱི་དབང་པོ་ལས་ཐོན་གསུང་གི་འོད་ཟེར། ནས། །ཀ་པཱ་ཐོད་པའི་ནང་དུ། ལ་རུ་བབས་པར་བསྒོམ། །དེ་ལ་ཤེས་པ་མ་ཡེངས་པར། །བྱས་ལ། གསུང་གི་སྙིང་པོ་འདི་བརྗོད་དོ། །ༀ་ཨཱཿཧཱུྃ་སརྦ་པཉྩ་གསུང་གི་འོད་ཟེར་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ། དེ་ལ་སྟོང་སྔགས་གྲངས། ཙམ་རེ་ཐེམ་པ་བཟླས་པར་བྱ། དང་། །དེ་སྟེང་མེ་ལོང་ནང་དུ་ནི། །ཧཾ་ནི་དཀར་པོ་གཅིག་བསྒོམས་འོད་ཟེར་དཀར་དམར་ཆིལ་གྱི། ཏེ། །དེ་ལས་འོད་ཟེར་ལྔ་ཁ་དོག་འཕྲོས་པས། །བདེ་ཕྱོགས་བཅུའི་གཤེགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། །འོད་ཐུགས་ཀྱི་ཟེར་ཐུགས་ཀ་ལས་ཐོན་ནས། །མེ་ལོང་ཐོག་ཏུ་བབས་པར་བསྒོམ། །དེ་ལ་ཤེས་པ་མ་ཡེངས་པར། །བྱས་ལ། ཐུགས་ཀྱི་སྙིང་པོ་འདི་བརྗོད་དོ། །ༀ་ཨཱཿཨཾ་ཧཾ་ཧཱུཾ་ཧྲཱིཿབྷྲཱུཾ། སྐུ་གསུང་ཐུགས་ཀྱི་སྔགས་གྲངས་སྟོང་ཙམ་བཟླས། དེ་དག །བར་ཆད་མེད་པར་བཟླས་པ་ན། །ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་དམ་ཚིག་གི་བདུད་རྩི། ནི། །གཉིས་སུ་མེད་པར་གྱུར་པར་བསྒོམ། །གཉིས་པ་ཆོ་གའི་རིམ་པ་ནི། །སྦྱོར་བ་དངོས་གཞི་རྣམ་གཉིས་ཏེ། །དང་པོ་སྦྱོར་བ་བསྟན་པ་ནི། །དང་པོ་བགེགས་ལ་བཀའ་བསྒོ་དེ་ནས་བདེན་པ་བརྡར་བར་བྱ། །དེ་ནས་ཁྲོ་བོ་བགེགས་ནི་མཐར་བྱེད་དང་། །ཁྲོ་བོ་ལས་ནི་ཐམས་ཅད་པས། །བགེགས་དང་བར་ཆད་བསལ་བར་བྱ། །ༀ་བཛྲ་ཡཀྵ་བགེགས་མཐར་བྱེད་ཀྱི། ཀྲོ་དྷ་ཧ་ལ་ཧ་ལ་ཧཱུཾ། ༀ་སུམ་ཁྲོ་བོ་ལས་ཐམས་ཅད་པའི་སྔགས། བྷ་ནི་བེ་ག་བ་ཏི་རཀྵ་རཀྵ་ཧཱུཾ། སྔགས་དེ་ལན་ལྔའམ་བདུན་གྱིས་བགེགས་བསྐྲད་དོ། །དེ་ནས་མཚམས་ཡང་དག་གསང་བ། ནི་བཅད་པར་བྱ། །ཡི་དམ་གཞུང་ཡང་བསྲང་བར་བྱ། །ཚོགས་ཀྱི་མཆོད་པ་བཟང་པོ་བྱ། །སྐྱབས་འགྲོ་སེམས་བསྐྱེད་ཆོ་ག་བར་འདིར་བྱ། །རྗེས་ལ་འབྱུང་པོའི་གཏོར་ཁ་འབར་མ། མ་གཏོང་། །གཉིས་པ་དངོས་གཞིའི་ཆོ་ག་ལ། །སྤྱི་ཡི་དོན་ནི་བཅོ་ལྔ་ལས། །དང་པོ་སྐབས་འདིར་བུམ་པ་ཁྲུས་ལུང་ལྟར་སྒྲུབ་པས། མཆན། ཁྲུས་བྱ། གཉིས་པ་གདན་ལ་བཞུགས་པ་སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱས་ནས་རྡོ་རྗེ་ལ་འཇུས་ནས་ནང་དུ་འདྲེན་ཙ་ན་བགེགས་བསྐྲད། རྡོ་རྗེ་ལ་འཇུས་ནས་གདན་ལ་བཞག །ནི། སྣམ་བུ་དཀར་པོའི་སྟེང་དུ་ནི། །ཚོམ་བུ་ལྔ་པའི་མེ་ཏོག་བཀོད། །སློབ་མས་རྡོ་རྗེ་ལ་བཟུང་སྟེ། །ཚིག་ནི་འདི་དག་བརྗོད་ལ་ནང་དུ་དྲང་། པར་བྱའོ། །འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །སྐལ་ལྡན་འབད་པ་མེད་པར་གྲོལ། །བདེ་བའི་སྟན་ལ་འདུག་ནས་ནི། །ཆོས་དང་ཆོས་ཉིད་བསྒོམ་པར་གྱིས། །ཞེས་པས་སློབ་མ་དེ་རྣམས་གདན་ལ་བཞག་གོ། །གསུམ་པ་མནའ་ཆུ་བླུད་པ་ནི། ཧཱུཾ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །ཁྱོད་ཀྱིས་སྲུང་འཁོར་བསྒོམ། ལས་བྱང་ལྟར་སྐྱབས་འགྲོ་དང་སེམས་བསྐྱེད་འབོགས། དམ་ཚིག་ཆུ་འདི་འཐུང་། །ༀ་བཛྲ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུཾ། ཞེས་པས་དམ་ཚིག་གི་མནའ་ཆུ་བླུད་དོ། །བཞི་པ་ཡེ་ཤེས་བསྐྱེད་པ་ནི། ཡེ་ཤེས་འདི་ནི་ཡེ་ཤེས་ཆེ། །ཡེ་ཤེས་དམ་པ་ཡོད་མེད་ཤེས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཤེས། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་ཅོད་པན་དོར་རོ། །ལྔ་པ་གསོལ་བ་གདབ་པ་ནི། སློབ་དཔོན་དག་ནི་དཔའ་ཆེན་པོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པ ར་འཚལ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ནི་ཚུལ་ཆེན་སྣོད་ཡིན་ཏེ། །ཞེས་གསོལ་བ་ལན་གསུམ་དུ་གདབ་བོ། །དྲུག་པ་གནང་བ་འབོག་པ་ནི། རིགས་ཀྱི་བུ་ཁྱོད་གང་ལ་དགའ། །ཞེས་དྲིའོ། །བདག་ནི་བདེ་བ་ཆེན་པོ་སྐལ་བཟང་ལ་དགའ། །ཞེས་ལན་གདབ་བོ། །བདུན་པ་དཀྱིལ་འཁོར་དུ་གཞུག་པ་ནི། སློབ་མས་རྡོ་རྗེ་ལ་བཟུང་སྟེ། བུ་འདིར་ཤོག་ཅིག་ཐེག་ཆེན་དོན། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དཀྱིལ་འཁོར་ཆེན་པོ་ལ་གནས་པའི། །ཕོ་བྲང་གཞལ་ཡས་དམ་པ་འདིར། །ཕྱི་ནང་གསང་བའི་དབང་བསྐུར་གྱིས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ཅེས་དལ་དུ་གཞུག་གོ། །བརྒྱད་པ་དམ་ཚིག་འབོག་པ་ནི། རྣམ་པ་གཉིས་སུ་ཤེས་པར་བྱ། །བསྒོམ་བྱ་ལྷ་དང་སྒོམ་བྱེད་མི། །རྣམ་པ་གཉིས་སུ་ཤེས་པར་བྱ། །དང་པོ་རྣམ་པ་གསུམ་ཡིན་ཏེ། །ལུས་ཀྱི་ལྷ་དང་ངག་གི་སྔགས། །ཡིད་ཀྱི་བརྡ་ལ་ལྟ་བའོ། །གཉིས་པ་ལ་ནི་རྣམ་པ་གསུམ། །སེང་གེ་དཀར་མོའི་ཤ་མི་ཟ། །ཟ་མ་ཏོག་ཏུ་དུག་མི་བཙོ། །གནམ་ལྕགས་ངུར་མོའི་ཁ་མི་བརྡབ། །དགུ་པ་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། ལུས་ནི་བག་ཕེབ་མ་ཡེངས་པར། །སྤྱི་བོའི་སྟེང་དུ་འཁོར་ལོ་ནི། །གསེར་ལས་གྲུབ་པའི་རྩིབས་བརྒྱད་པ། །ཡི་གེ་ཨཱོྂ་གྱིས་མཚན་པར་བསྒོམ། །ལྕེ་ཡི་སྟེང་དུ་པདྨ་ནི། །པད་མ་འདབ་མ་བརྒྱད་པ་ལ། །ཟེའུ་འབྲུ་ཨ་ཡིས་མཚན་པ་བསྒོམ། །སྙིང་ཁར་རྡོ་རྗེ་རྒྱ་གྲམ་ལ། །མཐིང་གའི་ལྟེ་བ་ཧཱུྃ་གིས་བརྒྱན། །དེ་ལ་སེམས་ནི་ཟིན་པ་དང་། །ངག་སློབ་དཔོན་གྱིས། ཏུ་ༀ་ཨཱཿཧཱུཾ་ནི་བརྗོད། །མང་དུ། རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །བསྐྱེད་པ་རྐྱེན་གྱི་སྔགས་བསྟན་པ། །སྤྱི་གཙུག་དྷུ་ཏིའི་ནང་ན་མར། །ཡི་གེ་ཧཾ་ནི་མགོ་མཐུར་འཕྱང་། །དཀར་ལ་འཚེར་བ་བསྒོམ་པར་བྱ། །ལྟེ་བའི་ནང་དུ་ཨཱཿདམར་པོ། །དུས་མཐའི་མེ་བཞིན་དམར་བ་ལ། །མེ་མར་བཞིན་དུ་འབར་བ་ལས། །སྤྱི་བོའི་ཧཾ་ལས་བདུད་རྩི་བབ། །རང་ལུས་བདེ་བས་ཁེངས་པར་བསྒོམ། །དེ་ལ་ཤེས་པ་ཟིན་པ་དང་། །ཨ་ཧཾ་སློབ་དཔོན་གྱིས། བརྗོད་ཅིང་མང་དུ་སྒྲ་ཡང་རོལ་མོ། བསྒྲགས། །བཟླས་བརྗོད་ལས་ཀྱི་སྔགས་བསྟན་པ། །གནས་གསུམ་ༀ་ཨཱཿཧཱུྃ་གསུམ་ལས། །འོད་ཟེར་མདུན་དུ་འཕྲོས་པ་ལས། །ཌཱ་ཀི་མ་ནི་གསུམ་དུ་གྱུར། །བུད་མེད་དམར་མོ་གཞོན་ཤ་ཅན། །གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན། །སྐྲ་གྲོལ་བ་ཏིའི་ཤམ་ཐབས་ཅན། །ཌ་མ་རུ་དང་ཁ་ཊྭཱྃ་ཀ །རལ་གྲིའི་ཚུལ་དུ་འཛིན་པའོ། །ལོ་བརྒྱད་པ་ཡི་ན་ཚོད་ལ། །གར་ནི་ཁྱུག་ཁྱུག་མཛད་པར་བསྒོམ། །དེ་ལ་སེམས་ནི་ཟིན་པ་དང་། །སྙིང་སློབ་དཔོན་གྱིས། པོ་བརྗོད་ཅིང་སྒྲ་རོལ་མོའི་ཡང་བསྒྲགས། །ༀ་བརྒྱ་ཙམ་བཟླ། བཛྲ་སུ་ལཾ་མ་ལཾ་མ་མ་རུ་རུ་ཙིཏྟ་ཨ་བི་པྲ་ས་ལ། ཞེས་བརྗོད་དོ། །ལུས་དང་ངག་དང་ཡིད་གསུམ་ལ། །བྱིན་གྱིས་བརླབས་པའི་རྟགས་གསུམ་འབྱུང་། །བླ་མའི་ལུས་འཕར་གཡོ། ངག་སྨྲ་རྒོད། ཡིད་བདེ་གསལ་མི་རྟོག་གང་རུང་ཞིག་འབྱུང་ངོ་། །ཞལ་ལས་ཤེས་པར་བྱ། །བཅུ་པ་བྱིན་རླབས་རྣམ་གསུམ་ནི། །དང་པོ་བུམ་དབང་བསྐུར་བ་ལ། །སློབ་མའི་སྤྱི་བོའི་གཙུག་ཏུ་ནི། །རྡོ་རྗེ་རྒྱ་གྲམ་བཞག་བྱས་ཏེ། །ༀ་ནི་བཙོ་མ་གསེར་ལྟ་བུ། །དེ་ལས་འོད་འཕྲོས་གྱུར་པ་ལས། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །ལྟེ་བ་ༀ་གྱིས་དེ་ལ་ཡི་གེ་ༀ་བཛྲ་ཨ་ཏི་བ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི། མཚན་པར་བསྒོམ། །ལྕེ་ཡི་སྟེང་དུ་རྒྱ་གྲམ་བཞག །ཨ་ནི་དུས་མཐའི་མེ་ལྟ་བུ། །དེ་ལས་འོད་འཕྲོས་གྱུར་པ་ལས། །པདྨ་འདབ་བརྒྱད་ཨཱཿས་མཚན་པ། །ལྕེ་ནི་རབ་ༀ་བཛྲ་ཨ་བྷི་ཥིཉྩ་མི་སྟྭཾ། ཏུ་བསྒོམ་པར་བྱ། །སྙིང་ཁར་རྡོ་རྗེ་རྒྱ་གྲམ་བཞག །ཧཱུྃ་སྔོན་རྒྱ་གྲམ་གཅིག་བསམ་སྟེ། །དེ་ལས་འོད་འཕྲོས་གྱུར་པ་ལས། །ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་ལ། །ལྟེ་བ་ཧཱུྃ་གིས་ༀ་བཛྲ་ཨ་བྷི་ཥིཉྩ་མི་སྟྭཾ། མཚན་པར་བསྒོམ། །དེ་ནས་མེ་ཏོག་དོར་ལ་པྲ་བརྟག་གོ། །དཀྱིལ་འཁོར་ཤར་ཕྱོགས་སུ་ཕྱག་རྒྱ་ལྔའི་མཎྜལ་གྱི་སྟེང་དུ་སློབ་མ་བཞག་ལ། བུམ་པ་སྤྱི་བོར་བཞག་བྱས་ཏེ། །ངག་ཏུ་ཚིགས་འདི་དབྱངས་སུ་བརྗོད། །ཧཱུཾ། དབང་བསྐུར་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བུམ་པའི་དབང་། །སངས་རྒྱས་ཀུན་གྱི་ཕྱག་རྒྱའི་དབང་། །སངས་རྒྱས་ཀུན་ཏུ་དབང་བསྒྲུབ་ཕྱིར། །བུ་ཁྱོད་ལ་ནི་དབང་བསྐུར་གྱིས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། རཏྣ་ཨ་བྷི་ཥིཉྩ་ཏཱཾ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཱཿ རིགས་རྣམ་པ་ལྔའི་དབང་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །རིན་པོ་ཆེའི་རིགས་ཀྱི་དབང་དང་ལྡན་པར༴ པདྨའི་རིགས་ཀྱི་དབང་དང་ལྡན་པར༴ ལས་ཀྱི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ༀ་བུདྡྷ་ཀཱ་ལ་ཤ་ༀ། བཛྲ་ཀཱ་ལ་ཤ་ཧཱུྃ། རཏྣ་ཀཱ་ལ་ཤ་ཏྲཱྃ། པདྨ་ཀཱ་ལ་ཤ་ཧྲཱིཿ ཀརྨ་ཀཱ་ལ་ཤ་ཨཱཿ སྐུ་རྣམ་པ་ལྔའི་དབང་དང་ལྡན་པར་གྱུར་ཅིག །སྤྲུལ་པ་སྐུའི་དབང་དང་ལྡན་པར་གྱུར་ཅིག །ལོངས་སྤྱོད་རྫོགས་པ་སྐུའི་དབང་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་སྐུའི་དབང་དང་༴ ངོ་བོ་ཉིད་ཀྱི་སྐུའི་དབང་དང་༴ གསང་བའི་སྐུའི་དབང་དང་ལྡན་པར་གྱུར་ཅིག །ༀ་བུདྡྷ་ལོ་ཙ་ནི་ༀ། བཛྲ་ལོ་ཙ་ནི་ཧཱུཾ། རཏྣ་ལོ་ཙ་ནི་ཏྲཱྃ། པདྨ་ལོ་ཙ་ནི་ཧྲཱིཿ ཀརྨ་ལོ་ཙ་ནི་ཨཱཿ ཡེ་ཤེས་རྣམ་པ་ལྔའི་དབང་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དབང་དང་ལྡན་པར་གྱུར་ཅིག །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་དང་ལྡན་པར་གྱུར་ཅིག །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་དང་ལྡན་པར་གྱུར་ཅིག །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དབང་དང་ལྡན་པར་གྱུར་ཅིག །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དབང་དང་ལྡན་པར་གྱུར་ཅིག །གཟུང་བ་རང་བཞིན་མེད་པ་སྐུའི་དབང་ཐོབ་པར་གྱུར་ཅིག །འཛིན་པ་རང་བཞིན་མེད་པ་གསུང་གི་དབང་ཐོབ་པར་གྱུར་ཅིག །དེ་ཉིད་གང་དུ་ཡང་མ་གྲུབ་པ་ཐུགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ཅེས་བུམ་དབང་བསྐུར་ལ་བུམ་པའི་ཁྲུས་གསོལ་བ་ནི། ཧཱུཾ། སངས་རྒྱས་ཀུན་གྱིས་ཁྲུས་གསོལ་བ། །ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་། །བཀྲ་ཤིས་བུམ་པ་སྤྱི་བླུགས་བཟང་། །དབང་བསྐུར་ཐམས་ཅད་འདིར་གསོལ་ཅིག །དབང་བསྐུར་འདི་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་བྱིན་པར་བྱ། །ཕུང་པོ་ལྔ་ནི་རྣམ་དག་ཅིང་། །ཉོན་མོངས་ལྔ་ནི་སྦྱོང་བར་བྱེད། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ༀ་བཛྲ་ཨ་དྷི་སྟྭཾ་སཏྭ་ཨ་བྷི་ཥིཉྩ་མི། ༀ་བཛྲ་ཨ་དྷི་ཨ་བྷི་ཥིཉྩ་མི་སྟྭཾ། ༀ་བཛྲ་ཨ་བྷི་ཥིཉྩ་མི་སྟྭཾ། ཞེས་དབང་བསྐུར་རོ། །དེ་ནས་གསང་ལྷོ་སྒོར་ཤ་ལྔ་བདུད་རྩི་ལྔའི་ཐིག་ལེའི་མཎྜལ་གྱི་སྟེང་དུ། དབང་བསྐུར་བ་ནི། ཀ་པཱ་ལ་སྤྱི་བོར་བཞག་སྟེ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་གསོལ་ཅིག །ཧཱུྃ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུ་དྲུག་སེམས་ཅན་ཀུན་བསྒྲལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་སྟེ། །བདུད་རྩི་དམ་པའི་དབང་བསྐུར་གྱིས། །ལྕེ་རང་གི་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཆང་གི་ཅན་གྱི་ༀ་བསྒོམས་ཏེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཀཱ་ཡ་སིདྡྷི་ཨཱོཾཿ ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཨཱཿ བསྒོམས་ཏེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཝཱ་ཀ་སིདྡྷི་ཨཱཿ ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཧཱུཾ་བསྒོམས་ཏེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཙིཏྟ་སིདྡྷི་ཧཱུྃ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །གསུང་ཆང་གིས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །དེ་ནས་ཡེ་ཤེས་ཀྱི་བདུད་རྩི་བླུད་པ་ནི། རྡོ་རྗེ་ཀ་པཱ་ལའི་ཁར་བཞག་སྟེ། ཧཱུཾ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །རྡོ་རྗེ་རྒྱལ་པོ་རབ་ཏུ་བཟང་། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །དག་པའི་བདུད་རྩིར་བྱིན་བརླབས་ནས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །བུ་ཡི་བློ་གྲོས་འདི་འཐུངས་ལ། །གཞན་ལ་སྨྲ་བར་མ་བྱེད་ཅིག །ཨ་ལ་ལ་ཧོཿ རྟ་མ་རྟ་འཇོལ། རྟ་མ་ཡང་འཇོལ་གསུམ་བསྟིམ་མོ། །ནུབ་སྒོར་བྱང་སེམས་དཀར་དམར་གྱི་ཐིག་ལེའི་མཎྜལ་གྱི་སྟེང་དུ་དེ་ནས་ཐིག་ལེའི་དབང་བསྐུར་ཏེ། ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་པ། །བྱང་སེམས་ཐིག་ལེར་རབ་སྦྱར་ནས། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །འདི་ལ་ཡང་དག་ངོས་བཟུང་མེད། །བུ་ཁྱོད་ལ་ནི་དབང་བསྐུར་བས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་ག་ཡ་མི། རཱ་ག་ཡ་ཧཾ། སརྦ་ཨཱཏྨ་ཀོ྅་ཧཾ། ཛཿདྷཱུ་པེ་པྲ་བེ་ཤ །ཧཱུྃ་པུཥྤེ་ཨ་བེ་ཤ །བཾ་དཱི་པ་སུ་ཁི་ནི། ཧོཿགནྡྷེ་ཙིཏྟ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱཏྨ་ཀོ྅་ཧཾ། བྱང་སེམས་ཐིག་ལེ་དཀར་པོ་རྣམ་པར་དག་པ་ནི་ཟླ་བ་ཤར་བ་ལྟ་བུའི་དབང་ཐོབ་པར་གྱུར་ཅིག །བྱང་སེམས་ཐིག་ལེ་དམར་པོ་རྣམ་པར་དག་པ་ནི་ཉི་མ་ཤར་བ་ལྟ་བུའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་དོ། །སྐུ་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ གསུང་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཐུགས་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཞེས་བྱང་སེམས་ཐིག་ལེའི་དབང་བསྐུར་རོ། །བཅུ་གཅིག་པ་ཚེ་དབང་བསྐུར་བ་ནི། དེ་ནས་དང་པོ་ཚེ་འཛབ་ཚེ་བུམ་དང་བཅས་པ་ལ། མང་པོ་བགྲང་། ཚེའི་བུམ་པ་སྤྱི་བོར་བཞག་ལ། ཧཱུཾ། སྐལ་ལྡན་དབང་མཆོག་ལྷ་ཡི་ལུང་། །བདུད་རྩི་གང་རྒྱ་སྨན་གྱི་ལུང་། །རིན་ཆེན་ཟླ་གམ་དབང་གི་ལུང་། །རཏྣ་ཀརྨ་ཚེ་ཡི་ལུང་། །རིན་ཆེན་སྣ་ལྔའི་བུམ་པ་རུ། །རྡོ་རྗེ་ཚེ་ཡིས་བཀང་ནས་ཀྱང་། རིན་སྣ་བདུན་ཆེན་རྒྱན་གྱིས་ཀླུབས་ནས་ཀྱང་། །བུ་ཡི་སྤྱི་བོར་དབང་བསྐུར་བས། །བུ་ཁྱོད་ཚེ་དབང་གནས་པར་ཤོག །ༀ་བྷྲཱུྃ་ཧཱུཾ་བྷྲཱུྃ་ཏྲཱཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཨཱཿ བྷྲཱུྃ། དེ་ནས་བཀྲ་ཤིས་བརྗོད་ཅིང་ཚེ་བསྟིམ། བཅུ་གཉིས་པ་ཞིང་ཁམས་བསྟན་པ་ནི། ཧཱུཾ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །བཛྲ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །རྡོ་རྗེ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ལྷོ་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །རཏྣ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །རིན་ཆེན་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ནུབ་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །པདྨ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །པདྨ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །བྱང་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །ཀརྨ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །ལས་ཀྱི་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །དབུས་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །བུདྡྷ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །སངས་རྒྱས་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ཞེས་ཞིང་ཁམས་བསྟན་པའོ། །བཅུ་གསུམ་པ་ཚུལ་ཤིང་གཏད་པ་ནི། ཧཱུྃ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟེན། །དེ་བཞིན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །སྒྲ་དང་ཚིག་ནི་ཀུན་རྫོབ་ཡིན། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཚུལ་ཆེན་འདི་ལ་གནས་པར་གྱིས། །དྷརྨཱ་དྷ་ཏུ་ཨ། བྱང་སྒོར་གུར་གུམ་གྱི་ཆུས་རྡོ་རྗེ་རྒྱ་གྲམ་བྲིས་པའི་སྟེང་དུ་ཚིག་དབང་བསྐུར་དེ་ནས་ཚིག་དབང་རིན་པོ་ཆེ་འདི་བརྗོད་པར་བྱའོ། །དོ། །ཨེ་མ་ངོ་མཚར་རྨད་སྐྱེ་བ་མེད་པ། འགག་པ་མེད་པ། གཉིས་སུ་མེད་པ། ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ལས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས། །སྐྱེ་མེད་ཀྱི་ངང་དུ་སྤྱོད་པའོ། །ཚུལ་ཆེན་འདི་ལ་གནས་པར་གྱིས། །ཨ་སྐྱེ་མེད་ཧ་འགག་མེད་ཧོ་གནས་མེད་ཞེས་དབང་བསྐུར་རོ། །དེ་ནས་བཅུ་བཞི་པ་སྒོམ་ཐག་གཏད་པ་ནི། ཧཱུཾ། བྱམས་དང་སྙིང་རྗེའི་ཐུགས་མངའ་ཞིང་། །སངས་རྒྱས་ཕྲིན་ལས་བསྒྲུབ་བྱའི་ཕྱིར། །བདེ་བའི་བཀའ་ནན་འདི་བཅིངས་ནས། །ཆོས་དང་ཆོས་ཉིད་སྒོམས་པར་གྱིས། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དྷརྨཱ་དྷཱ་ཏུ་ཨ། བཅོ་ལྔ་པ་སྒོམ་རྟེན་གཏད་པ་ནི། ཧཱུཾ། རྒྱལ་བའི་གདུང་འཚོབ་རིག་འཛིན་ཆོས་སྐུའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་བསྒྲུབ་བྱའི་ཕྱིར། །བདེ་བའི་ལུས་ལ་རབ་བརྟེན་ནས། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དྷརྨཱ་དྷཱ་ཏུ་ཨ། སྐབས་འདིར་བྱིན་བླ་མའི་གྱིས་འཇུག་ཞལ་ལས་ཤེས། པར་བྱ། །བཅུ་དྲུག་པ་མཁའ་འགྲོ་ལ་གཉེར་ལས་གཏད་པ་ནི། འབར་བའི་གདོང་ཅན་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཞིང་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡི་བཀའ་ཆད་དབབ་པར་འགྱུར་རོ། །མཁའ་ལ་གཤེགས་མ་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ལས་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡི་བཀའ་ཆད་དབབ་པར་འགྱུར་རོ། །མཛོའམ་དྲེའུའི་ཁྲག །ཤུག་ཚིལ་ལམ། སྤོས་དཀར་དང་སྦྱར། ཆང་ངམ་མར་ནག་ཏུ་སྦྱར་ལ། མོ་ཐོད་མཚན་ལྡན་དུ་བླུགས་ལ་སོལ་བའི་མེ་ལ་ཡེ་ཤེས་པ་འབེབས་དུས་སུ་བསྲེག་གོ། །དེའི་དུས་སུ་མཁའ་འགྲོ་མ་འདུ་བར་ངེས་སོ། །ཨཐྎ། བཀྲ་ཤིས།
སྒོམ་ཚུལ་བླ་མའི་བྱིན་རླབས་འབྲིང་པོ་བཞུགས་སོ། །མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་རང་བཞིན་ངོ་བོ་ཉིད། །ཉམས་སུ་བླང་བའི་ལམ་གྱི་རིམ་པ་བསྟན་པ་ལ། དང་པོ་ཁོ་ནར་མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་དང་གཅིག །དག་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ་དང་གཉིས། སྨིན་པ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་རླབས་དང་གསུམ། གྲོལ་བ་མཐར་ཕྱིན་པ་རྡོ་རྗེའི་ཚིག་ལམ་དང་བཞིའོ། །དེ་ལ་དང་པོ་མ་དག་པ་དག་པར་བྱེད་པ་ལ་གཉིས་ཏེ། ཕྱི་རྒྱ་མཚོ་ཁྲུས་ཀྱི་ལུང་དང་། ནང་རྒྱ་མཚོ་ཁྲུས་ཀྱི་ལུང་ངོ་། །ཕྱི་རྒྱ་མཚོ་ཁྲུས་ཀྱི་ལུང་ནི། བྱིན་རླབས་ཀྱི་དུས་ཀྱི་བུམ་པ་འཆའ་བ་ལ་བྱའོ། །ནང་རྒྱ་མཚོ་ཁྲུས་ཀྱི་ལུང་ལ། རང་ཧེ་རུ་ཀ་མངོན་རྫོགས་ཀྱི་རྒྱལ་པོ་གསལ་བར་བསྒོམ་ལ། སྐུ་མདོག་སྨུག་ནག་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་པ་ན་དངུལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ། ཡུམ་སྭསྟི་བཛྲ་མ་སྐུ་མདོག་སྨུག་ནག་གཡས་པས་གཙོ་བོ་ལ་འཁྱུད་པ། གཡོན་པ་ཐོད་ཁྲག་ཞལ་དུ་སྟོབ་པ། དེ་ལྟ་བུ་གཅིག་བསྐྱེད་དོ། །དེའི་ངང་ལས་ཆོས་ཉིད་སྟོང་པ་ཉིད་དུ་ཝལ་གྱིས་སྒོམ་ལ་ཉལ་ལོ། །ནངས་པར་ཉི་མ་རི་རྩེ་ལ་ཤར་ཙ་ན་ལངས་ལ་ཁྲུས་བྱའོ། །ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་བཾ་རཾ་ཡཾ་དྷ་ར་ཤུདྡྷེ། ཨ་ཨ་ཨ་སྭཱ་ཧཱ། ཆུ་ལ་སྔགས་ཉི་ཤུ་རྩ་གཅིག་བཏབ་ལ་ཁྲུས་བྱའོ། །ནང་གི་ཁྲུས་ལུང་ལ། རང་གི་བདུད་རྩི་དྲི་ཆུ་དང་པོ་ལ་གཏོར་རོ། །དེ་ནས་བཏུང་ངོ་། །ལུས་སེམས་གཉིས་སུ་མེད་པར་ཤེལ་སྒོང་དག་པ་ལྟར་སོང་བར་བསམ་མོ། །ལུས་སེམས་གཉིས་ཀྱི་ཁྲུས་དེ་དག་ཀྱང་སྨིན་ཏུ་མི་བཏུབ་པས། དག་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ་ལ་འཇུག་སྟེ། དང་པོ་ལུས་དང་བའི་སྒོ་ནས་ཐལ་མོ་སྦྱར་ཏེ། ལྷ་ཕྱག་དང་སྐོར་བ་དང་མཎྜལ་དབུལ་ལོ། །ངག་དང་བའི་སྒོ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ་ཞིང་། རྩ་བའི་བླ་མ་ལ་གསོལ་བ་གདབ་བོ། །ཡི་དམ་ལྷ་ཡི་བཟླས་པ་ཡང་བྱའོ། །སེམས་དང་བའི་སྒོ་ནས་བདེ་གསལ་མི་རྟོག་གཉིས་མེད་ཀྱི་ཤེས་པ་ལ་ལྷན་ནེ་ལྷང་ངེ་བཞག་གོ། །མ་དག་པའི་སྐྱོན་ཅིས་ལན་ན། རང་གི་སེམས་ཉོན་མོངས་པའི་སྒྲིབ་པ་དང་གཅིག །སེམས་ཅན་མ་རིག་པ་ལ་ལས་ཀྱི་སྐྱོན་ཡོད་པས་ལས་ཀྱི་རྣམ་པར་སྨིན་པའི་སྒྲིབ་པ་དང་གཉིས། སེམས་ཅན་རྣམས་ལ་ཤེས་བྱ་ཤེས་བྱེད་ཀྱི་སྒྲིབ་པ་དང་གསུམ། སེམས་ཅན་རྣམས་བག་ལ་ཆགས་པས། ལ་བག་ཆགས་ཀྱི་སྒྲིབ་པ་དང་བཞིའོ། །དེས་ལན་ནོ། །ད་ཡང་སྨིན་པ་དེ་གྲོལ་དུ་མི་བཏུབ་པས་སྨིན་པ་གྲོལ་བར་བྱེད་པ་ལ། དང་པོ་མཎྜལ་དཔེ་ཆུང་བཞིན་བྲི། དེ་ནས་མཎྜལ་བྱིན་གྱིས་བརླབ་པ་ནི། དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་གུ་སེར་པོ་གཅིག་བསམ། ངག་ཏུ་གུ་ལཾ་མཎྜལ་ཞེས་བརྗོད། ཤར་དུ་ཡི་གེ་ཀེ་དཀར་པོ་གཅིག་བསམ། ངག་ཏུ་ཀེ་ཀེ་རུ་མཎྜལ་ཞེས་བརྗོད། ལྷོ་རུ་བཻ་མཐིང་ཁ་གཅིག་བསམ། ངག་ཏུ་བཻ་ཌཱུཪྻ་མཎྜལ་ཞེས་བརྗོད། ནུབ་ཏུ་པྃ་དམར་པོ་གཅིག་བསམ། ངག་ཏུ་པཾ་པདྨ་མཎྜལ་ཞེས་བརྗོད། བྱང་དུ་ཨེ་ལྗང་ཁུ་གཅིག་བསམ། ངག་ཏུ་ཨིནྡྲ་ནཱི་ལ་མཎྜལ་ཞེས་བརྗོད། དབུས་ཀྱི་ལྟེ་བ་ལ་བ་ཏི་བཛྲ་ཞེས་པས་སྔོན་དམར་རྡོ་རྗེའི་གདན་བསམ། དེའི་སྟེང་དུ་བྷྲཱུཾ་ལྔ། ཤར་དཀར། ལྷོ་དམར་མཐིང་ནུབ་སེར་དམར་བྱང་སྔོ་ལྗང་དབུས་ལྗང་སེར། མ་སཱུརྱ་མཎྜལ་བྷྲཱུྃ་བི་ཤྭ། ཨ་ཙནྡྲ་མཎྜལ་བྷྲཱུཾ་བི་ཤྭ། པཾ་པདྨ་མཎྜ་དེ་བི། ཞེས་པས་ཉི་ཟླ་པདྨ་བརྩེགས་པའི་གཞལ་ཡས་ཁང་དུ་བསམ། དེའི་སྟེང་དུ་བུམ་པ། དེའི་ཐོག་ཏུ་ཐོད་པ་བདུད་རྩིས་གང་བ་ཨ་མྲྀ་ཏས་བྲན་ལ་བཞག །དེའི་ཐོག་ཏུ་མེ་ལོང་ལ་སིན་དྷུ་རས། ལམ་བི་ཤྭ་དྷ་ནི་དྷྲིཀ྄ །ཨ་ཙཀྲ་དྷ་ནི་དྷྲིཀ྄ །ཀྃ་བཛྲ་དྷ་ནི་དྷྲིཀ྄ །ཅེས་པ་བྲི། མེ་ལོང་ཟུར་ལ་མངར་གསུམ་གྱི་རིལ་བུ་སྤྲ་ཚུག་ཙམ་པ་བཞག །དེ་ནས་རང་ཧེ་རུ་ཀ་བསྒོམས་ལ། སྙིང་ཁ་ནས་འོད་ཟེར་འཕྲོས་མཁའ་ལ་སྤྱོད་མའི་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །མངལ་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡིས་བཀའ་ཆད་དབབ་པར་འགྱུར་རོ། །དེ་ལྟར་གཉེར་གཏད་ནས། རྗེས་ཀྱི་ཆོ་ག་ལ། གཏོར་མ་གཏོང་། རྟེན་ལ་བཤགས་པ་བྱ། མཆོད་པ་གཤེགས། རྡུལ་ཚོན་ཆུར་གཤེགས་སོ། །སློབ་དཔོན་དགའ་རབ་རྡོ་རྗེ་ལ། །ཡེ་ཤེས་ལྷ་ཡི་དབང་བབས་པས། །བཀའ་བརྒྱུད་མ་ཆད་པ་ཡི་བབས། །འདི་ལ་འགལ་འཁྲུལ་ཅི་མཆིས་པ། །བླ་མ་ལྷ་ལ་བཟོད་པར་གསོལ། །བྱིན་གྱི་རླབས་ཀྱི་ཆོག་སྒྲིག་འདི། །གང་གིས་བསྐུལ་ནས་སུ་ཡིས་བཀོད། །སྒོམ་ཚུལ་བླ་མའི་བྱིན་རླབས། འཛེང་རྡོ་རྗེ་པྲ་བྷས་ཚིགས་བཅད་དུ་བསྡེབས་པ་རྫོགས་སོ།། ༈ །།བྱིན་རླབས་ཀྱི་དུས་སུ་བྱང་སེམས་དཀར་དམར་གྱི་སྐྱོབས་སྦྱར་བ་ནི། དེ་ལ་དང་པོ་བྱང་སེམས་དཀར་པོའི་སྐྱོབས་ནི། ཅོང་ཞི་དང་གཅིག །གངས་ཐིག་དང་གཉིས། ཅུ་གང་དང་གསུམ། ད་བྱིད་དཀར་པོ་ཆིག་ཐུབ་དང་བཞི། རུ་མ་བྱང་སེམས་ཐིག་ལེ་དཀར་པོ་དང་ལྔ། ཀ་ར་དཀར་པོ་དང་དྲུག་པོ་དེ་ཆ་མཉམ་ལ་མར་གྱི་རྟ་བྱས་ལ་སྦྱར་རོ། །དེ་དར་དཀར་པོ་རུ་དྲིལ། དེ་ནས་ཡང་དར་དམར་པོ་རུ་དྲིལ་ལོ། །དམར་པོ་སྦྱོར་བའི་སྐྱོབས་ལ། སིན་དྷུ་ར་དང་གཅིག །མེ་ཏོག་རཱ་ག་དང་གཉིས། པདྨ་རིན་པོ་ཆེ་རཱ་ག་དང་གསུམ། འབྲུ་རཱ་ག་དང་བཞི། རུ་མ་དམར་ཆ་རཱ་ག་དང་ལྔ། བུ་རམ་དང་དྲུག་སྦྱར་རོ། །དེ་དར་དམར་པོས་དྲིལ། དེ་ཡང་དར་དཀར་པོས་དྲིལ་ལོ། །དེ་ནི་བྱང་སེམས་དཀར་དམར་གྱི་སྐྱོབས་ཀྱི་གདམས་ངག་ཞལ་ལས་ཞུས་པ་ཡིན་ནོ། ༈ །བྱིན་རླབས་ཀྱི་དུས་སུ་མཁའ་འགྲོ་མའི་སྤོས་སྦྱོར་ནི། ནལ་བུའི་ཤ །མིའི་ཀླད་པ། བྱ་ཤ་ཟན་གྱི་ཀླད་པ། བའམ་མཛོའི་སྤྲི། སྦྲང་རྩི། བུ་རམ། གླ་རྩི། ཛཱ་ཏི། རྒྱ་ཤུག །རྟ་ཏང་ཀུན་འཁུན། ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཐུགས་བརྒྱུད་བསྐུལ་ཏེ། སྔགས་ནི། ༀ་སིདྡྷི་ཨ་ཧྃ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུའི་དབུའི་གཙུག་ཏོར་ནས། འོད་ཟེར་བུམ་པའི་ནང་དུ་བབས་པར་བསམ་མོ། །ༀ་ལས་འོད་ཟེར་འཕྲོས་ཁ་དོག་ལྔ་ཞུ་བའི་འོད་ཟེར་ལྗགས་ལས་ཐོད་པར་བབས་པར་བསམ་མོ། །ཨཱཿདཀར་སྨུག་ཞུ་བའི་ཐུགས་ཀྱི་འོད་ཟེར་མེ་ལོང་ཐོག་ཏུ་བབས་པར་བསམ། ཧཱུྃ་ལས་འོད་ཟེར་ཁ་དོག་ལྔ་ཞུ་བས་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་བསམ། དེ་ཡན་ཆད་ཀྱིས་དཀྱིལ་འཁོར་དང་། བུམ་པ་དང་། ཐོད་པ་དང་། མེ་ལོང་བྱིན་གྱིས་བརླབས་ནས། སྐབས་འདིར་མཚམས་བཅད། དེ་ནས་སློབ་མའི་བགེགས་སུམ་བྷ་ནིས་བསྐྲད་ལ། སྐྱབས་སྒོ་གསུམ་ལས་ཀྱི་སྤྱོད་པ་ནས་བཤད་པ་བཞིན། འགྲོ་དང་སེམས་བསྐྱེད་འབོག །དེ་ནས་སློབ་མས་སློབ་དཔོན་དག་ནི་དཔའ་ཆེན་པོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་གདབ། །དེ་ནས་བླ་མས་ཡེ་ཤེས་དབབ་པ་ནི། སློབ་མའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ། ཧཱུྃ་གི་འོད་ཟེར་ཨཱཿལ་ཕོག་པས། འདར་ཞིང་འཕྲོ་བར་བསམ། ཨཱཿའི་འོད་ཟེར་ༀ་ལ་ཕོག་པས་འདར་ཞིང་འཕྲོ་བར་བསམ། ངག་ཏུ་དེ་ནས་སློབ་དཔོན་གྱིས། རྒྱུ་མ་ནོར་བ་རྩ་བའི་སྔགས། ༀ་ཨཱཿཧཱུཾ་བཟླས། དེ་ནས་སློབ་མའི་ལྟེ་བར་ཨ་དམར་པོ། སྤྱི་བོར་ཧྃ་དཀར་པོ་མགོ་མཐུར་དུ་བསྟན་པ་ཨ་ལས་མེ་འབར་བ་མེ་ལྕེས་ཧྃ་ཞུ་བས་ཁོག་པ་བདུད་རྩིས་དཀར་མེར་གྱིས་ཁེངས་པར་བསམ། ངག་ཏུ་ཡང་ཨ་ཧྃ་བཟླས། བསྐྱེད་པ་རྐྱེན་གྱི་སྔགས། སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་ཌཱ་ཀི་མ་སྐུ་མདོག་དམར་བ། དུར་ཁྲོད་ཀྱི་ཆས་བརྒྱད་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྲ་གྲོལ་བ་གཡས་ཌཱ་མ་རུ། གཡོན་ཁ་ཊྭཱྃ་ཀ །བ་ཏི་སྨུག་པོའི་ཤམ་ཐབས་ཅན། གར་ཁྱུག་ཁྱུག་བྱེད་པར་བསམ། ཨ་ཧྃ་ཡང་དེས་འདྲེན་པར་བསམ། ངག་ཏུ་བཟླས་པ་ལས་ཀྱི་སྔགས། ༀ་བཛྲ་སུ་ལཾ་མ་ལཾ་མ་མ་རུ་རུ་ཙིཏྟ་ཨ་བི་པྲ་ས་ལ། ཞེས་བརྒྱ་ཙམ་བཟླས། དེ་ནས་ཤར་ཕྱོགས་སུ་རྣམ་ལྔའི་མཎྜལ་གྱི་སྟེང་དུ་དབང་བསྐུར། སངས་རྒྱས་ཀུན་གྱི་བུམ་པའི་དབང་། སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །བུ་ཁྱོད་ལ་ནི་བསྐུར་བར་བྱ། །དཔག་ཏུ་མེད་པའི་དོན་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔ་ལྡན་པས། །བདག་གིས་ཁམས་གསུམ་དག་གྱུར་ཅིག །ཅེས་དབང་བསྐུར་རོ། །བུདྡྷ་ཨ་བྷི་ཥིཉྩ་ༀ། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཱཿ བུདྡྷ་ཀཱ་ལ་ཤ་ཏེ་ༀ། བཛྲ་ཀཱ་ལ་ཤ་ཏེ་ཧཱུྃ། རཏྣ་ཀཱ་ལ་ཤ་ཏེ་ཏྲཱཾ། པདྨ་ཀ་ལ་ཤ་ཏེ་ཧྲཱིཿ ཀརྨ་ཀཱ་ལ་ཤ་ཏེ་ཨཱཿ བུདྡྷ་ལོ་ཙ་ནི་ༀ། བཛྲ་ལོ་ཙ་ནི་ཧཱུྃ། རཏྣ་ལོ་ཙ་ནི་ཏྲཱཾ། པདྨ་ལོ་ཙ་ནི་ཧྲཱིཿ ཀརྨ་ལོ་ཙ་ནི་ཨཱཿ གཟུང་བ་རང་བཞིན་མེད་པ་སྐུའི་དབང་ཐོབ་པར་གྱུར་ཅིག །འཛིན་པ་རང་བཞིན་མེད་པ་གསུང་གི་དབང་ཐོབ་པར་གྱུར་ཅིག །དེ་ཉིད་གང་དུའང་མ་གྲུབ་པ་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད། དཀྱིལ་འཁོར་གྱི་ལྷོ་སྒོར་ཤ་ལྔ་བདུད་རྩི་ལྔའི་ཐིག་ལེའི་མཎྜལ་གྱི་སྟེང་དུ་ཐོད་པ་སྤྱི་བོར་བཞག་ལ། རང་བྱུང་གདོད་ནས་དག་པ་སྟེ། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དབང་། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །དུག་ལྔ་སེལ་བའི་བདུད་རྩི་མཆོག །སྐུ་གསུང་ཐུགས་ཀྱི་སྨན་མཆོག་འདི། །དམ་ཚིག་མ་ཉམས་སངས་རྒྱས་ཆུ། །དམ་ཚིག་ཉམས་ན་དམྱལ་བའི་ཆུ། །ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། རྟ་མ་རྟ་འཇོལ། རྟ་མ་ཡང་འཇོལ། ཞལ་དུ་གསོལ་དུ་གཞུག་གོ། །སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །དཀྱིལ་འཁོར་གྱི་ནུབ་སྒོར་བྱང་སེམས་ཐིག་ལེའི་མཎྜལ་གྱི་སྟེང་དུ། བྱང་ཆུབ་སེམས་ཀྱི་ཐིག་ལེའི་དབང་བསྐུར་བ་ནི། མེ་ལོང་སྤྱི་བོར་བཞག །ཐབས་དང་ཤེས་རབ་གཉིས་མེད་ལས། །བྱང་སེམས་ཐིག་ལེ་རབ་སྦྱར་ཏེ། །དག་ཅིང་གསལ་བ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །འདི་ལ་ཡང་དག་ངོས་བཟུང་མེད། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་ག་ཡ་མི། རཱ་ག་ཡ་ཧཾ། མ་ཧཱ་པཱུ་ཛ་བཛྲ་སཏྭ་ཨཱཏྨ་ཀོ྅་ཧཾ། དེ་ནས་ཚུལ་ཤིང་གཏད་པ་ནི། དཀྱིལ་འཁོར་གྱི་བྱང་སྒོར་གུར་གུམ་གྱི་ཆུས་རྡོ་རྗེ་རྒྱ་གྲམ་བྲིས་ཏེ། དེའི་ཐོག་ཏུ་སློབ་མ་ལ་ཚིག་དབང་རིན་པོ་ཆེའི་དབང་བསྐུར་བ་ནི། རིགས་ཀྱི་བུ་ཚུར་ཤོག །ཁྱོད་ལ་ཡང་དག་དོན་གཅིག་སྟོན། །རྩོལ་དང་བྲལ་བའི་དངོས་གྲུབ་ཡིན། །རྒྱུ་འབྲས་མེད་པའི་མཐར་ཕྱིན་ཡིན། །སྔགས་ཚིག་བྲལ་བའི་ནུས་པ་ཡིན། །ཐ་སྙད་བྲལ་བའི་དོན་མཚོན་ཡིན། །འཆིང་བྲལ་རྟོགས་པའི་ལྟ་བ་ཡིན། །རྟོག་འཛིན་སྤངས་པའི་སངས་རྒྱས་ཡིན། །དབྱིངས་ཀྱི་ཚུལ་ལ་གནས་པར་གྱིས། །སྟོང་ཉིད་བདེ་བའི་མན་ངག་སྦྱིན། །དམ་པའི་བདེ་བ་སྔོན་དུ་བསྟན། །བདེ་བ་ཆེན་པོའི་རོས་གང་བ། །གཅིག་པུར་འདུག་པའི་བདེ་ཆེན་ཡིན། །བདེ་བ་ཆེན་པོ་མི་འབྲལ་བཟུང་། །བདེ་བ་རྒྱས་པའི་དབང་ཐོབ་སྟེ། །ཞིང་ཁམས་བདེ་ལ་བདེ་ལོངས་སྤྱོད། །བདེ་བའི་ཚུལ་ལ་གནས་པར་གྱིས། །ཡེ་ཤེས་འཁྱིལ་བ་རྡོ་རྗེ་བུམ། །བདེ་བ་ཆེན་པོའི་རོས་གང་བ། །ཡེ་ཤེས་ལྔ་ཡི་བདེ་བ་རྒྱས། །རང་བྱུང་ཡེ་ཤེས་རིན་པོ་ཆེ། །རིག་པའི་ཡེ་ཤེས་སྐུར་གསལ་བ། །གང་སྣང་རང་རིག་ཡེ་ཤེས་ཉིད། །རང་རིག་ཡེ་ཤེས་རྒྱུན་མི་ཆད། །རང་བྱུང་ཡེ་ཤེས་འོད་གསལ་བ། །ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། །ཡེ་ཤེས་ཚུལ་ལ་གནས་པར་བྱ། །ཡེ་ཤེས་ཀྱི་ཚུལ་ཤིང་། འདི་ལ་ཡང་དག་ངོས་བཟུང་མེད། །ཏིང་འཛིན་སེམས་ཀྱི་འབད་རྩོལ་མེད། །ལུས་ངག་དགེ་བ་བྱ་རྩོལ་མེད། །སྐྱེ་འཇིག་བྱུང་ཡང་འདུ་འབྲལ་མེད། །གནས་དང་ལྡན་པ་བསྟན་པ་མེད། །ཡུལ་དུ་ནམ་ཡང་འགག་པ་མེད། །ལོངས་སྤྱོད་ལྡན་ཡང་ཆགས་པ་མེད། །ཆོས་ཉིད་ཚུལ་ལ་གནས་པར་གྱིས། །ཆོས་ཉིད་ཀྱི་ཚུལ་ལོ། །སྒོམ་རྟེན་གཏད་པ་ནི། ཧཱུཾ། རྒྱལ་བའི་གདུང་འཚོབ་རིག་འཛིན་ཆོས་སྐུའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་བསྒྲུབ་བྱའི་ཕྱིར། །བདེ་བའི་ལུང་ལ་རབ་བརྟེན་ནས། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །སྒོམ་ཐག་གཏད་ལ་འདི་སྐད་དོ། །ཧཱུཾ། བྱམས་དང་སྙིང་རྗེའི་ཐུགས་མངའ་ཞིང་། །སངས་རྒྱས་ཕྲིན་ལས་བསྒྲུབ་པའི་ཕྱིར། །བདེ་བའི་བཀའ་ནན་འདི་བཅིངས་པས། །ཆོས་དང་ཆོས་ཉིད་བསྒོམ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དྷརྨཱ་དྷཱ་ཏུ་ཨཱཿ སྒོམ་ཐག་གཏད་པའོ། །དེ་ནས་སློབ་དཔོན་ཨ་ཧ་ཧོའི་བཞེངས་ཕྱག་སྤྱི་བོར་བཞག །གྱི་ཐུགས་ཀ་ནས་འོད་ཀྱི་གོང་བུ་གཅིག་ཐོན། སློབ་མའི་སྙིང་གར་ཐིམ་པར་བསམ། བདུད་རྩི་རིལ་བུ་སྦྱིན། དེས་སེམས་བསྲེའོ། །དེ་ནས་ཡང་དག་གི་ལྷ་ཚོགས་ལ་ཚོགས་ཀྱིས་མཆོད། ཆོས་འདིའི་བཀའ་སྐྱོང་བའི་མཁའ་འགྲོ་གསུམ་དང་། ཆོས་སྐྱོང་གཞན་ལ་ཡང་ཚོགས་དང་གཏོར་མས་མཆོད་དོ། །དེ་ནས་ལྷག་ཆད་བསྐང་། དགེ་བའི་རྩ་བ་བསྔོ། གཤེགས་སུ་གསོལ། སྙན་བརྒྱུད་རྡོ་རྗེ་ཟམ་པའི་སྒོམ་ཚུལ་བླ་མའི་མན་ངག་རྫོགས་སོ།། །།ཨཐྎ།
སྒོམ་ཚུལ་བླ་མའི་བྱིན་རླབས་བསྡུས་པ་བཞུགས་སོ། །ན་མོ་གུ་རུ། ཟམ་པའི་བྱིན་རླབས་བསྡུས་པ་ལས། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ས་ཕྱོགས་གཙང་མ་རུ། རས་སམ། སྣམ་བུ་གཙང་མའི་སྟེང་དུ། མེ་ཏོག་ཚོམ་བུ་ལྔ་བཀྲམ་ལ། དབུས་སུ་དཔལ་གྱི་གཏོར་མ་དང་བནྡྷ་ཆང་གིས་བཀང་ལ་ཨ་མྲྀ་ཏས་བྲན་ལ་བཞག །ཌཱ་ཱཀི་མ་གསུམ་བསྡུས་པའི་བ་ལིང་གཅིག་བྱ། ཞུན་ཆེན་མར་མེ་ཡོད་ན་ཤིན་ཏུ་བཟང་། སྤྱིའི་པཱུ་ཛ་ལྔས་མཐའ་བསྐོར་ལ། སྤྱིའི་འབྱུང་གཏོར་གཅིག་ཀྱང་བཤམས། ཚོགས་ཀྱི་པཱུ་ཛ་ཅི་འབྱོར་བ་གཅིག་བཤམས། དེ་ནི་རྟེན་རྫས་བཤམས་པའོ། །དེ་ནས་ཁྲུས་བྱས་བགེགས་བསྐྲད་སློབ་མ་རྣམས། ༀ་བཛྲ་ཡཀྵ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་བརྗོད། ལ། སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་བྱ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དག་པ་མཐའ་བཞིའི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །བསྐུལ་བའི་ས་ལས་བཞེངས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ། །མ་གྲོལ་བ་རྣམས་རྣམ་དགྲོལ་གྲོལ། །སེམས་ཅན་མྱ་ངན་འདས་ལ་དགོད། །བདག་ལ་གནས་པའི་ལུས་འདི་ནི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །ཚེ་རབས་བསགས་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ནས་སྤྱི་གཏོར་བྱིན་གྱིས་བརླབས་ལ་འབྱུང་པོ་སྤྱི་ལ་སྦྱིན་པ་བྱ། སྔོན་འགྲོའོ། །དངོས་གཞི་ལ་རྣམ་པ་གཉིས་ཏེ། སྦྱོར་བ་དང་ཆོ་གའོ། །སྦྱོར་བ་ནི་མཚམས་བཅད་ཅིང་། དེ་ནས་མཆོད་གཏོར་འདི་རང་བཞིན་དུ་བྱིན་གྱིས་བརླབས་ནས། བླ་མ་ཡི་དམ་ཌཱ་ཀི་གསུམ་མཆོད། །དེ་ནས་ཆོ་གའི་དངོས་གཞི་མངོན་རྫོགས་ཡབ་ཡུམ་དུ། །གསལ་ཧེ་རུ་ཀ་ཡབ་ཡུམ། བཏབ་བཟླས་པ་ཅུང་ཞིག་བྱའོ། །དེ་ནས་ཆོ་ག་དངོས་ལ་རྣམ་པ་གཉིས་ཏེ། བྱིན་རླབས་དང་དབང་བསྐུར་བའོ། །དང་པོ་སློབ་མའི་གནས་གསུམ་སྤྱི་བོ་མགྲིན་པ་སྙིང་ག །དུ་ཡིག་འབྲུ་གསུམ་ༀ་ཨཱཿཧཱུྃ། ལ་དམིགས་པ་གཏད། ༀ་ཨཱཿཧཱུཾ། བརྗོད་ཅིང་སྒྲ་རོལ་མོའི། བསྒྲགས་པས། བྱིན་ཕེབས་པའི་རྟགས་གསུམ་ལུས་མི་གཡོ་ངག་མི་སྨྲ་ཡིད་མི་རྟོག་པ་གང་རུང་ཞིག །འབྱུང་། དེ་ནས་དབང་བཞི་བསྐུར་བ་ནི། དཔལ་གཏོར་ལྷར་གསལ་སྤྱི་བོར་བཞག །གསང་བ་གསུམ་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱི་སྐུ་ཡི་དབང་། །བུ་ཁྱོད་ལ་ནི་བསྐུར་བ་ཡིས། །སྐུ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་ཤྲཱི་བཛྲ་བཱཻ་རཱོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་བུདྡྷ་ཨ་ལུས་ལ་སྤྱི་གཙུག་ཏུ་བྷི་ཥིཉྩ་ༀ། བཛྲ་ཨ་མཚོག་མ། བྷི་ཥིཉྩ་ཧཱུྃ། རཏྣ་ཨ་རྣ་ལྟག་གཡས་བྷི་ཥིཉྩ་ཏྲཱྃ། པདྨ་ཨ་ལྟག་ཁུང་དུ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་རྣ་ལྟག་གཡོན་བྷི་ཥིཉྩ་ཨཱཿཞེས་པས་དེ་ནས་ཧེ་རུ་ཀ་འོད་དུ་ཞུ་སློབ་མའི་ལུས་ལ་ཐིམ་པས་ལྷའི་ལུས་ངོ་བོར་གྱུར་པར་བསམ་མོ། །མཚན་མ་དབྱིབས་ཀྱི་རྣལ་འབྱོར་ཏེ། །ལྷ་དབང་ཕྱི་བུམ་པའི་ལུས་ལ་བསྐུར་བའོ། །བདུད་དེ་ནས་རྩི་ལྷར་གསལ་སྤྱི་བོར་བཞག་ལ། །གསང་བ་གསུམ་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱི་གསུང་གི་དབང་། །བུ་ཁྱོད་ལ་ནི་བསྐུར་བ་ཡིས། །གསུང་གི་དབང་མཆོག་ཐོབ་པར་ཤོག །ༀ་ཤྲཱི་བཛྲ་ཝཱ་ཀ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་འདི་སྐད་བརྗོད། ཀྲོ་དྷི་ཤྭ་རི་ཨ་བྷི་ཥིཉྩ་མཾ། ཞེས་ལྷ་ཡི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་ཐུགས་སློབ་མའི་ཀར་ཐིམ། ནས། སྔགས་ཀྱི་ཕྲེང་བར་གྱུར་པར་བསམ་ལ། སྔགས་བཟླས་པའི་ལུང་ནི་ལན་གསུམ་དཔོག །བྱ་བ་སྔགས་ཀྱི་རྣལ་འབྱོར་ཏེ། །ངག་དབང་ངག་ལ་དེ་ནི་གསང་བའི་དབང་ངོ་། །བསྐུར་བའོ། །བདུད་དེ་ནས་རྩི་སྤྱི་བོར་ཡང་བཞག་ལ་འདི་སྐད་དོ། །གསང་བ་གསུམ་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབང་། །བུ་ཁྱོད་ལ་ནི་བསྐུར་བ་ཡིས། །ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ༀ་ཤྲཱི་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་ཨ་བྷི་ཥིཉྩ་མཾ། ཞེས་པས་མངོན་རྫོགས་ཡབ་ཡུམ་དེ། །གཉིས་སུ་དབྱེར་མེད་བྱང་ཆུབ་སེམས་སུ་དེ་ནས་ཞུ། །ལྕེ་བདུད་རྩི་ཡི་སྟེང་དུ་བཞག་པ་ཡིས། །ལུས་སློབ་མའི་སེམས་བདེ་བས་གང་བར་བསམ། །སིདྡྷི་ཨ་ལ་ལ་ཧོཿ ཞེས་བདུད་རྩི་ལན་གསུམ་བླུད། ཟབ་པ་ཆོས་ཉིད་ཀྱི་རྣལ་འབྱོར་ཏེ། ཆོས་དབང་སེམས་ལ་བསྐུར་བའོ། །ཤེས་རབ་ཡེ་ཤེས་སོ། །དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་འགག་མེད་པ་ཆོས་ཀྱི་དབྱིངས། །ཆོས་ཉིད་ངང་དུ་སྤྱོད་པའོ། །ཨ་ཧ་ཧོའི། ཨ་ནི་སྐྱེ་མེད་མི་རྟོག་བརྡ། །ཧ་ནི་འགག་མེད་གསལ་བའི་བརྡ། །ཧོ་ནི་གཉིས་སུ་མེད་པའི་བརྡ། །འི་ནི་དབྱེར་མི་ཕྱེད་པའི་བརྡ། །སྤྲོས་བྲལ་དོན་གྱི་རྣལ་འབྱོར་ཏེ། །དེ་ཁོ་ན་ཉིད་ཀྱི་དབང་བསྐུར་དེས་དབང་བཞི་པའོ། །བའོ། །རྗེས་ལ་ཚོགས་ཀྱི་པཱུ་ཛ་འབུལ། །རྣལ་འབྱོར་རོལ་བར་པ་ལ་མ་མོ། །ཅིང་ལྷག་མའི་གཏོར་མ་བཏང་། །དེ་ནས་དངོས་གྲུབ་བླང་། དཔལ་བཤོས་དེ་ཉིད་ནི། །ཧེ་རུ་ཀ་མངོན་རྫོགས་ཡབ་ཡུམ་གྱི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་དཔལ། །དགོས་འདོད་འབྱུང་བའི་གཏེར་ཆེན་པོ། །ཡིད་བཞིན་ནོར་བུ་རིན་ཆེན་ལས། །དངོས་གྲུབ་འབྱུང་བར་བསམ་ལ་རོལ། །སྐྱུ་དཔལ་བཤོས་མཐའ་བསྐོར་གྱི། གཏོར་ཚོ་དང་ཌཱ་ཀི་མའི་གཏོར་མ་གཙང་སར་བཏང་བར་བྱའོ། །གཤེགས་སུ་གསོལ་དང་བཀྲ་ཤིས་དང་སྨོན་ལམ་གདབ། །མི་དོན་དམིགས་བསྔོ་བའི་རྒྱས་ཚིག་གིས་གདབ་བོ། །དེ་ནི་རྗེས་ཀྱི་རིམ་པའོ། །ཟམ་པའི་བྱིན་སྒོམ་ཚུལ་བླ་མའི། རླབས་འདིའི་གཏོར་དབང་། བསྡུས་པའོ།། ༈ །།གསུམ་པ་སྒོམ་སྒྲུབ་ཉམས་ལེན་གྱི་སྐོར་ལ། སྒོམ་པ། སྒྲུབ་པ། ཆ་ལག་གི་སྐོར་དང་གསུམ་ལས། དང་པོ་ལ། རྣ་བརྒྱུད་རྡོ་རྗེ་ཟམ་པ་ལས་བླ་མ་བརྒྱུད་པའི་གསོལ་འདེབས་རྒྱས་པ་བཞུགས། ན་མོ་གུ་རུ། མ་ནོར་མ་བླ་མའི་གསོལ་འདེབས་བྱ་བ་དེ་ཡིན་ནོ། །བཅོས་བསམ་འདས་བརྗོད་མེད་ངང་། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་དང་། །དུས་གསུམ་སངས་རྒྱས་ཐུགས་དང་དབྱེར་མི་ཕྱེད། །བརྒྱུད་པའི་བླ་མ་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་གུ་རུ་ཌཱ་ཀི་ནི་ཧཱུཾ་ཧཱུཾ་ས་མཉྫཿ ཞེས་བརྗོད་པས་མདུན་གྱི་བར་སྣང་ལ་བླ་མ་ཌཱ་ཀི་ཐིབས་ཀྱིས་བྱོན་པར་བསམ། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང་། །བདག་པོས་མ་བཟུང་ཕྱི་ནང་གསང་བའི་ཚོགས། །ནམ་མཁའ་གང་བར་བློ་ཡིས་རབ་སྤྲུལ་ཏེ། །ཐུགས་རྗེ་ཆེན་པོའི་དབང་གིས་བཞེས་སུ་གསོལ། །ཆོས་དབྱིངས་རྣམ་དག་ཞིང་ཁམས་ནས། །ཆོས་སྐུ་སྤྲོས་པ་མི་མངའ་ཡང་། །སྐལ་ལྡན་དོན་དུ་གཟུགས་སྐུར་སྣང་། །ཀུན་ཏུ་བཟང་པོ་ལ་ཕྱག་མཚལ་ལོ། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །སྐུ་གསུམ་འདུ་འབྲལ་མི་མངའ་ཡང་། །འོད་སྣང་གཞི་མེད་ལོངས་སྤྱོད་སྐུ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་སྣང་དག་པའི་ཞིང་ཁམས་ནས། །སྤྲུལ་སྐུ་ཕྲིན་ལས་མཐར་ཕྱིན་ཅིང་། །ལོག་རྟོག་དྲི་མ་ཀུན་སེལ་བའི། །སེམས་དག་ལྷ་ལ་ཕྱག་འཚལ་ལོ། །དུར་ཁྲོད་གསེར་གླིང་ཧེ་ཆེན་ནས། །རིགས་བྱེད་སྤྲུལ་སྐུ་མཁའ་འགྲོའི་གཙོ། །ལྷ་ཡི་དབང་ཐོབ་བརྡའ་ལ་འབྱོངས། །དགའ་རབ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཡོན་ཏན་འབྱུང་བའི་གནས་མཆོག་ན། །སྤྲུལ་སྐུས་བྱིན་བརླབས་དྲི་བ་མཁས། །ཐེ་ཚོམ་ཀུན་སྤངས་ཨོ་རྒྱན་བྱོན། །འཇམ་དཔལ་བཤེས་གཉེན་ལ་ཕྱག་འཚལ་ལོ། །ན་ལེནྡྲ་ཡི་བྱང་ཕྱོགས་ན། །སྒྲ་དང་རྩོད་པས་མུ་སྟེགས་ཟློག །ཉི་ཟླ་ལྟ་བུས་གཞན་དོན་མཛད། །ཤྲཱི་སིངྷ་ལ་ཕྱག་འཚལ་ལོ། །སྒྲགས་ཀྱི་ཡང་རྫོང་དགོན་པ་ན། །དཀའ་ཐུབ་སྤྱོད་པས་སྒྲ་བསྒྱུར་མཛད། །ཐང་ཁབ་སྤྲུལ་སྐུ་སྐལ་ལྡན་གཟིགས། །བཻ་རོ་ཙ་ན་ལ་ཕྱག་འཚལ་ལོ། །སྟག་རྩེ་མཁར་གྱི་དགོན་པ་ན། །སྨོན་ལམ་དག་པས་རྗེས་དང་མཇལ། །མཁའ་འགྲོས་བྱིན་རླབས་གནས་ལུགས་རྟོགས། །མི་ཕམ་མགོན་ལ་ཕྱག་འཚལ་ལོ། །སེང་གེ་བྲག་གི་ཡང་དགོན་ན། །སྡོམ་པ་གསུམ་ལྡན་རྣལ་འབྱོར་པ། །རིག་འཛིན་ས་བཞི་བགྲོད་མཛད་པའི། །བྱང་ཆུབ་རྒྱལ་མཚན་ལ་ཕྱག་འཚལ་ལོ། །གནས་མཆོག་སེང་གེའི་ཡང་རྫོང་ན། །བསླབ་པ་མཐར་ཕྱིན་དགོངས་པ་ལོན། །ཤེས་བྱ་གཞི་མེད་ཐུགས་སུ་ཆུད། །ཟ་ངམ་རིན་ཆེན་ལ་ཕྱག་འཚལ། །གྲུབ་ཐོབ་བཀྲ་ཤིས་དགོན་པ་ན། །བླ་མས་བྱིན་བརླབས་བརྡའ་དོན་འཕྲོད། །ཆོས་ཉིད་དོན་རྟོགས་དངོས་གྲུབ་ཐོབ། །ཁུ་འགྱུར་གསལ་མཆོག་ལ་ཕྱག་འཚལ། །ཕུག་པོ་ལྷ་རིའི་གཙང་ན་རི་བོ་ཆེ་བྱ་བ་ཡོད། དགོན་པ་ན། །སྐུ་བཞིའི་དོན་རྟོགས་མངོན་དུ་གྱུར། །ཟད་པར་སྐྱེ་མཆེད་རྫུ་འཕྲུལ་སྟོན། །བྱ་ཉང་ཆུབ་གྲགས་པ་ལ་ཕྱག་འཚལ། །ཕུག་ཕྱུང་ལྷ་རིའི་རྩེ་མོ་ན། །རྟོགས་པ་མངོན་གྱུར་འོད་གསལ་སྐུ། །རླུང་ལྔ་དབང་ཐོབ་མཁའ་སྤྱོད་གཤེགས། །ཤེས་རབ་འབྱུང་གནས་ལ་ཕྱག་འཚལ། །ཕུག་ཆུང་ཟུ་རུའི་དགོན་པ་ན། །རྒྱུད་སྡེའི་ཆོས་ལ་ཐོས་བསམ་མཛད། །བླ་མའི་གདམས་ངག་སྒྲོ་འདོགས་ཆོད། །ཡེ་རྦ་སྒོམ་ཤེས་བྱང་ཆུབ་ལ་ཕྱག་འཚལ། །འཛེང་སྟོད་དཔལ་གྱི་དགོན་པ་ན། །བརྡའ་བཞིའི་དོན་རྟོགས་རིག་འཛིན་པ། །གསང་སྤྱོད་མཐར་ཕྱིན་གཞན་དོན་བརྩོན། །དྷརྨ་འཛེང་པོ་དྷི་ལ་ཕྱག་འཚལ་ལོ། །གར་བཞུགས་ཆོས་ཀྱི་དབེན་གནས་ནས། །མཚན་ལྡན་བླ་མས་རྗེས་སུ་བཟུང་། །བརྡའ་བཞིས་སྐལ་ལྡན་འདྲེན་མཛད་པ། །ཛྙཱ་ན་གཟིགས་ཡེ་ཤེས་དབང་པོ། ཤྭ་ར་ལ་ཕྱག་འཚལ་ལོ། །ལ་ཁ་གཙུག་ལག་ཁང་ཆེན་ན། །བསླབ་པ་གསུམ་ལྡན་ཤཱཀྱའི་སྲས། །རང་གཞན་དོན་གྲུབ་འགྲོ་བའི་དཔལ། །པུཎྱེ་པྲ་མཁན་པོ་ངུར་པ་བསོད་ནམས་འོད། བྷ་ལ་ཕྱག་འཚལ། །ལ་ཁ་སྔགས་སྡེའི་དགོན་པ་ན། །རིག་འཛིན་གྲུབ་ཐོབ་བརྒྱུད་དུ་འཁྲུངས། །ཐོས་བསམ་སྒྲུབ་པ་ཚུལ་བཞིན་མཛད། །རྡོ་རྗེ་དབང་ཕྱུག་ལ་ཕྱག་འཚལ། །འཕྲུལ་ནང་གོ་རིའི་དགོན་པ་ན། །བསླབ་པ་གསུམ་ལྡན་གཞན་དོན་ཆེ། །སྡེ་སྣོད་དགོངས་ཤིང་བརྡའ་བཞི་རྟོགས། །བྱང་ཆུབ་མཐའ་བཞི་འབུམ་ལ་ཕྱག་འཚལ་ལོ། །བདག་སོགས་རྨོངས་པའི་སེམས་ཅན་ལ། །བརྡའ་དོན་སྒྲོན་མེས་སྣང་མཛད་ནས། །འཁྲུལ་པ་ཆོས་སྐུར་རྟོགས་པ་དང་། །སྐྱེ་མེད་ཕྱག་རྒྱ་ཆེ་ཐོབ་ཤོག །ཨཐྎ། ༈ །གསོལ་འདེབས་འབྲིང་པོ། གཞོན་ནུའི་དཔལ་འཛིན་སྦས་པའི་དོན་རྙེད་པའི། །རྗེ་དགའ་རབ་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །དཔལ་བོ་གཅིག་པུར་བཞུགས་ཀྱང་བརྩེ་ལྡན་སྤྱོད་པ་དཔའ། །འཇམ་དཔལ་བཤེས་གཉེན་སྐུ་ལ་ཕྱག་འཚལ་བསྟོད། །མ་ཧཱ་ཙི་ནར་ལེགས་འཚོ་ཡུན་རིང་གནས། །རྗེ་ཤྲཱི་སིང་ཧའི་སྐུ་ལ་ཕྱག་འཚལ་བསྟོད། །མང་པོས་བཀུར་བའི་བཀའ་སྤྱོད་ཉམས་སུ་ལེན། །རྗེ་བཻ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་བསྟོད། །གདམས་པའི་བཀའ་བབས་ཌཱ་ཀིའི་བྱིན་གྱིས་བརླབས། །རྗེ་མི་ཕམ་མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །རང་ཡུལ་སྤངས་ནས་ཆོས་ཕྱིར་སྲོག་མི་ལྟ། །རྗེ་བྱང་ཆུབ་རྒྱལ་མཚན་སྐུ་ལ་ཕྱག་འཚལ་བསྟོད། །བདག་སོགས་ལོང་བའི་མིག་གྱུར་དགོས་འདོད་དེ། །རྗེ་རིན་ཆེན་དབྱིག་གི་སྐུ་ལ་ཕྱག་འཚལ་བསྟོད། །སྲིད་པའི་འབྱུང་གནས་འདུ་འཛི་ཆོས་བརྒྱད་སྤངས། །རྗེ་གསལ་བ་མཆོག་གི་སྐུ་ལ་ཕྱག་འཚལ་བསྟོད། །ནད་ཀྱི་ཆུ་ཀླུང་དྲོད་ཀྱི་ཉི་མས་སྐེམས། །རྗེ་བྱང་ཆུབ་གྲགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །འཆི་བདག་བདུད་བཅོམ་གནས་ལུགས་ངང་ལ་བཞུགས། །རྗེ་ཤེས་རབ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད། །ཞབས་ཀྱི་ཟེའུ་འབྲུ་གུས་པས་སྤྱི་བོར་ལེན། །རྗེ་ཡེ་ཤེས་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད། །འདོད་དོན་སྤངས་ནས་འགྲོ་བའི་དོན་མཛད་པའི། །རྗེ་དྷརྨ་བོ་དྷིའི་སྐུ་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ། །བཀའ་སྲུང་མཁའ་འགྲོའི་གཙོ་མོ་ཆེན་མོ་གསུམ། །སྐུ་མདོག་དམར་པོ་ཁམས་གསུམ་དབང་དུ་སྡུད། །གཡས་པ་ཅང་ཏེའུ་ཆོས་ཉིད་སྒྲ་སྒྲོགས་གསལ། །གཡོན་པས་ཐོད་ཁྲག་ཉོན་མོངས་རྩད་ནས་གཅོད། །ཁ་ཊྭཱྃ་རྩེ་གསུམ་དུག་གསུམ་འཇོམས་པའི་རྟགས། །སྦས་པའི་གར་མཛད་རྣལ་འབྱོར་བྱིན་གྱིས་བརླབས། །བཀའ་སྲུང་མཁའ་འགྲོ་གསུམ་ལ་ཕྱག་འཚལ་བསྟོད། ། ན་མོ། ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་སྐུར་བཞེངས་པ། །དངོས་མེད་འཇའ་ཚོན་ལྟ་བུར་སྐུར་སྟོན་ཅིང་། །བརྡའ་དང་སྒྲ་ཡིས་ཆོས་སྟོན་པ། །བཛྲ་སཏྭ་སེམས་དག་ལྷ་ཡི་བུ་ལ་ཕྱག་འཚལ་བསྟོད། །མཁའ་འགྲོ་མང་པོས་མཆོད་པའི་ལུས་བསྒྱུར་ཞིང་། །སྐྱེ་འགགས་མེད་པའི་ཆོས་ཉིད་ཐུགས་སུ་གསལ། །ཉི་མའི་དཀྱིལ་ལྟར་ཆོས་བརྡའ་སྟོན་མཛད་པ། །རྗེ་དགའ་རབ་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་བྱིན་བརླབས་དུར་ཁྲོད་གནས་སུ་བྱོན། །ཆོས་ཉིད་མངོན་སུམ་འགྱུར་མེད་ཉི་མའི་དཀྱིལ་ལྟར་རྟོགས། །བྷེ་ཏའི་གླིང་ན་འགྲོ་བའི་དོན་ལ་བཞུགས། །འཇམ་དཔལ་བཤེས་གཉེན་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་བྱིན་བརླབས་བྷེ་ཏའི་གླིང་དུ་བྱོན། །ཆོས་ཉིད་སྐྱེ་མེད་ནམ་མཁའི་དཀྱིལ་ལྟར་རྟོགས། །རྡོ་རྗེ་གདན་ན་ཆོས་སྐུར་སྟོན་མཛད་པ། །ཤྲཱི་སིང་ཧའི་སྐུ་ལ་ཕྱག་འཚལ་བསྟོད། །བོད་ཀྱི་མུན་པ་ཐམས་ཅད་སེལ་མཛད་པ། །ཆོས་ཉིད་སྙིང་པོ་མན་ཤེལ་ལྟར་རྟོགས་པས། །ཐུགས་རྗེའི་རྩལ་གྱིས་འཛམ་གླིང་ཁྱབ་མཛད་པ། །བཻ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་བསྟོད། །སྐལ་ལྡན་བྱིན་བརླབས་ཆོས་ཉིད་སྣོད་གྱུར་པ། །དུག་གསུམ་འཆི་བ་བཅུད་ལེན་འབྲས་བུ་བཟློག །ཆོས་ཉིད་ཟབ་མོ་དབང་བཞིས་ཉམས་སུ་མྱོང་། །རྗེེ་མི་ཕམ་མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །དཀའ་བ་སྤྱད་ནས་ཚ་བའི་རོང་དུ་བྱོན། །ཟབ་མོའི་དོན་རྟོགས་བདེ་གསལ་ཉམས་སུ་མྱོང་། །རིག་འཛིན་སྐུ་བརྙེས་འགྲོ་བའི་དོན་ལ་བཞུགས། །རྗེ་ངན་ལམ་བྱང་ཆུབ་རྒྱལ་མཚན་སྐུ་ལ་ཕྱག་འཚལ་བསྟོད། །འཁོར་བས་འཇིགས་ཤིང་ཤེས་རབ་མེ་བཞིན་འབར། །བདེ་གསལ་མི་རྟོག་ཉམས་མྱོང་མཐར་ཕྱིན་པའི། །འཇམ་དཔལ་སྐུ་བཞིན་གཞོན་ནུའི་སྐུར་སྟོན་པ། །རྗེ་ཟ་ངམ་རིན་ཆེན་དབྱིག་གི་སྐུ་ལ་ཕྱག་འཚལ་བསྟོད། །རིག་འཛིན་ས་ཐོབ་སྐྱེ་མེད་དོན་རྟོགས་པས། །དུས་གསུམ་འགྱུར་མེད་ཆོས་ཉིད་ངང་ལ་གནས། །སྒྱུ་ལུས་ལྷག་མེད་ཕུང་པོ་མངོན་སངས་རྒྱས། །རྗེ་ཁུ་འགྱུར་གསལ་བ་མཆོག་གི་སྐུ་ལ་ཕྱག་འཚལ་བསྟོད། །འཁོར་བའི་གཡང་ས་རབ་ཏུ་འཇིག་མཛད་པ། །རྗེ་བཙུན་ཐུགས་ཟིན་ཆོས་ཉིད་ཉམས་སུ་མྱོང་། །ཕུག་པོའི་རི་ལ་ལྷག་མེད་མངོན་སངས་རྒྱས། །རྗེ་བཙུན་བྱང་ཆུབ་གྲགས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །ཏིང་འཛིན་རྩལ་འབྱོངས་ཡོན་ཏན་སྣ་ཚོགས་སྟོན། །འགྲོ་དོན་སྟོན་མཛད་བརྡའ་ཉིད་སྣ་ཚོགས་སྟོན། །ཆོས་སྐུ་གཅེར་བུ་སྟོན་མཛད་པའི། །རྗེ་བཙུན་ཤེས་རབ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད། །ལས་དང་སྐལ་བར་ལྡན་པའི་དད་པ་ཅན། །སྐྱེ་མེད་ཆོས་སྐུ་རྒྱུད་ལ་གསལ་མཛད་པ། །ཐུགས་རྗེ་ཉི་མ་བཞིན་དུ་གསལ་མཛད་པ། །རྦ་བསྒོམ་ཡེ་ཤེས་བྱང་ཆུབ་སྐུ་ལ་ཕྱག་འཚལ་བསྟོད། །ཐ་མལ་ཆེན་པོར་བཞུགས་མཛད་ཅིང་། །བརྗོད་མེད་ཀྱི་ངང་ལ་གནས་མཛད་པ། །ཉོན་མོངས་ཀྱི་དྲི་མ་མི་མངའ་ཞིང་། །རིན་ཆེན་བཞིན་དུ་དགོས་འདོད་འབྱུང་། །རྗེ་དྷརྨ་བོ་དྷིའི་སྐུ་ལ་ཕྱག་འཚལ་བསྟོད། །ཉོན་མོངས་ཟད་པས་རྗེ་བཙུན་ཞལ་མཇལ་ཞིང་། །རྗེ་བཙུན་ཐུགས་རྗེས་ཆོས་ཉིད་སྣོད་དུ་གཟིགས། །ཆོས་ཉིད་ཟབ་མོའི་དོན་རྣམས་རྒྱུད་ལ་ཤར། །རྗེ་ཡེ་ཤེས་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། །བཅུད་ཀྱི་སྙིང་པོ་དོན་གྱི་གཙོ་བོའི་ཆོས། །རིག་འཛིན་སངས་རྒྱས་རྣམས་ཀྱི་བརྡའ་ཡིས་བསྟན། །རྟོགས་ལྡན་གང་ཟག་རྣམས་ཀྱི་སྙན་དུ་བརྒྱུད། །བདུད་རྩི་བདེ་ཆེན་རབ་ཏུ་སྐྱིལ་མཛད་པ། །ཕུག་ཆེན་བསོད་ནམས་འོད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །བླ་མ་དམ་པ་རྣམས་ཀྱི་རིག་འཛིན་སྲས། །གསང་སྔགས་རྒྱུད་སྡེ་མ་ལུས་མཁྱེན་མཛད་ཅིང་། །བདུད་རྩིའི་བཅུད་སྙིང་གྲུབ་ཐོབ་པ། །ཕུག་ཆེན་བཛྲ་ཤྭ་རའི་སྐུ་ལ་ཕྱག་འཚལ་བསྟོད། །གཞོན་ནུར་རབ་བྱུང་ཚུལ་ཁྲིམས་རྒྱན་གྱིས་མཛེས། །སྡེ་སྣོད་གསུམ་དང་འཕགས་པའི་ནོར་གྱིས་ཕྱུག །བརྒྱུད་པའི་བྱིན་རླབས་སྙན་བརྒྱུད་གདམས་པར་ལྡན། །རྒྱལ་བའི་སྲས་གྱུར་བྱང་ཆུབ་འབུམ་གྱི་སྐུ་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་ནས། །བཀའ་སྲུང་གི་མཁའ་འགྲོ་གཙོ་མོ་གསུམ། །སྐུ་མདོག་དམར་མོ་ཁམས་གསུམ་དབང་དུ་སྡུད། །གཡས་པ་ཅང་ཏེའུ་ཆོས་ཉིད་སྒྲ་སྒྲོགས་གསལ། །གཡོན་པ་ཐོད་ཁྲག་ཉོན་མོངས་རྩད་ནས་གཅོད། །ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་འཇོམས་པའི་རྟགས། །དུར་ཁྲོད་རུས་པའི་རྒྱན་གྱིས་སྐུ་ལ་བརྒྱན། །གསང་བའི་གར་མཛད་རྣལ་འབྱོར་བྱིན་གྱིས་བརླབས། །བཀའ་སྲུང་མཁའ་འགྲོ་གསུམ་ལ་ཕྱག་འཚལ་བསྟོད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་དཀྱིལ་ནས་ཞུ། །ལུས་ལ་བདེ་བར་བྱིན་གྱིས་རློབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །སེམས་ལ་རྟོགས་པར་བྱིན་གྱིས་རློབས། །རྫོགས་ཆེན་སྙན་བརྒྱུད་ཀྱི་གསོལ་འདེབས་སོ། ། ༅། །ཀུན་གཞི་རིག་པའི་ཀློང་དཀྱིལ་ནས། །མི་འགྱུར་དག་པ་ཡེ་ཤེས་ལྔ། །ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྗེ་ཀུན་ཏུ་བཟང་པོས་བྱིན་གྱིས་རློབས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །འཇའ་ཚོན་ལྟར་སྣང་གཞི་མེད་གསལ། །ལོངས་སྤྱོད་སྐུ་ལ་གསོལ་བ་འདེབས། །རྗེ་རྡོ་རྗེ་སེམས་དཔས་བྱིན་གྱིས་རློབས། །སྐྱེ་མེད་བར་སྣང་ཡངས་པ་ནས། །འགགས་མེད་ལྷ་སྐུ་སྣང་ཚུལ་ཤར། །སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །སེམས་དག་ལྷའི་བུས་བྱིན་གྱིས་རློབས། །དུར་ཁྲོད་གསེར་གླིང་དགོན་པ་ནས། །ལྷ་ལས་སྤྲུལ་ནས་གདུལ་བྱར་བྱོན། །ཐེག་ཆེན་རིགས་ལ་གསོལ་བ་འདེབས། །དགའ་རབ་རྡོ་རྗེས་བྱིན་གྱིས་རློབས། །དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་ནས། །དཔའ་བའི་ཤུགས་ཀྱིས་དགོངས་པ་ལོན། །བསམ་དོན་འགྲུབ་ལ་གསོལ་བ་འདེབས། །རྗེ་འཇམ་དཔལ་བཤེས་གཉེན་གྱིས་བྱིན་གྱིས་རློབས། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །རྩོད་པ་ཚར་གཅོད་བསྟན་པ་བསྲུངས། །ལོག་ལྟ་སེལ་ལ་གསོལ་བ་འདེབས། །རྗེ་ཤྲཱི་སིང་ཧས་བྱིན་གྱིས་རློབས། །སྒྲགས་ཀྱི་ཡང་རྫོང་དགོན་པ་ནས། །དཀའ་ཐུབ་སྤྱོད་པས་གདམས་པ་ལོན། །འགྲོ་དོན་མཛད་ལ་གསོལ་བ་འདེབས། །རྗེ་བཻ་རོ་ཙ་ནས་བྱིན་གྱིས་རློབས། །སྟག་རྩེ་མཁར་གྱི་དགོན་པ་ནས། །སྐལ་བར་ལྡན་པས་རྗེ་དང་མཇལ། །དགོངས་པ་གཏད་ལ་གསོལ་བ་འདེབས། །རྗེ་མི་ཕམ་མགོན་པོས་བྱིན་གྱིས་རློབས། །ཝ་སེང་གེ་བྲག་གི་དགོན་པ་ན། །དམ་ཚིག་གཙང་བས་སྐུ་ཚེ་བསྲིངས། །ལྷག་མེད་གཤེགས་ལ་གསོལ་བ་འདེབས། །རྗེ་བྱང་ཆུབ་རྒྱལ་མཚན་གྱིས་བྱིན་གྱིས་རློབས། །སེང་གེ་ཡང་རྫོང་དགོན་པ་ནས། །བླ་མའི་འདབ་ཏུ་སྒྲུབ་པ་མཛད། །དགུང་དུ་ཡལ་ལ་གསོལ་བ་འདེབས། །རྗེ་ཟ་ངམ་རིན་ཆེན་གྱིས་བྱིན་གྱིས་རློབས། །བླ་མས་བྱིན་རླབས་དགོན་པ་ནས། །གཅིག་བརྒྱུད་གདམས་པའི་ཚུལ་བཞིན་བསྒྲུབས། །དབྱིངས་སུ་དག་ལ་གསོལ་བ་འདེབས། །རྗེ་ཁུ་འགྱུར་གསལ་མཆོག་གིས་བྱིན་གྱིས་རློབས། །རི་བོ་ཆེན་པོའི་དགོན་པ་ནས། །རླུང་ལ་དབང་ཐོབ་ཟད་པར་འབྱོངས། །འབྱུང་བ་དྭངས་ལ་གསོལ་བ་འདེབས། །རྗེ་བྱང་ཆུབ་གྲགས་ཀྱིས་བྱིན་གྱིས་རློབས། །ཕུག་ཆུང་ལྷ་རིའི་རྩེ་མོ་ནས། །དཀའ་ཐུབ་མཐར་ཕྱིན་རིག་པ་དང་། །ལྷག་མེད་གཤེགས་ལ་གསོལ་བ་འདེབས། །རྗེ་ཤེས་རབ་འབྱུང་གནས་ཀྱིས་བྱིན་གྱིས་རློབས། །ཕུག་ཆུང་ཟུ་རུའི་དགོན་པ་ནས། །བརྡའ་ཡི་རིག་པས་དྭངས་སྙིགས་འབྱེད། །འོད་དུ་གཤེགས་ལ་གསོལ་བ་འདེབས། །རྗེ་ཡེ་ཤེས་བྱང་ཆུབ་ཀྱིས་བྱིན་གྱིས་རློབས། །དྭངས་ལུང་འཛེང་སྟོད་དགོན་པ་ནས། །བརྒྱུད་པའི་བཀའ་བབས་རིན་པོ་ཆེ། །ཐུགས་རྒྱུད་འབྱོངས་ལ་གསོལ་བ་འདེབས། །རྗེ་རྒྱལ་བ་འཛེང་སྟོན་གྱིས་བྱིན་གྱིས་རློབས། །དྭགས་པོ་ཟངས་དཀར་གྱི་དགོན་པ་ནས། །འཛེང་དྷརྨ་བོ་དྷིའི་ཐུགས་ཀྱི་སྲས། །བརྒྱུད་པ་འཛིན་ལ་གསོལ་བ་འདེབས། །རྗེ་སྐྱེ་ཚེ་ཡེ་ཤེས་དབང་ཕྱུག་གིས་བྱིན་གྱིས་རློབས། །ལ་ཁ་ཕུག་ཆེན་དགོན་པ་ནས། །དོན་རྣམས་རྟོགས་པའི་རྣལ་འབྱོར་པ། །ཤེས་རྒྱ་ཅན་ལ་གསོལ་བ་འདེབས། །རྗེ་རུ་བསོད་ནམས་འོད་ཀྱིས་བྱིན་གྱིས་རློབས། །ཕུག་ཆེན་དགོན་པའི་ཞོལ་ཁང་ནས། །བཀའ་བརྒྱུད་རྣམས་ཀྱི་གདམས་པ་འཛིན། །གྲུབ་ཐོབ་སྐུ་ལ་གསོལ་བ་འདེབས། །རྗེ་བཛྲ་ཤྭ་རས་བྱིན་གྱིས་རློབས། །འཕྲུལ་སྣང་གོ་རིའི་དགོན་པ་ནས། །རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་སྲས། །གདམས་པ་ཅན་ལ་གསོལ་བ་འདེབས། །རྗེ་བྱང་ཆུབ་འབུམ་གྱིས་བྱིན་གྱིས་རློབས། །མངོན་པར་དགའ་བའི་ཞིང་ཁམས་ནས། །དབྱེར་མེད་དབྱིངས་དང་མཉམ་པ་ཡི། །ཡི་དམ་ལྷ་ལ་གསོལ་བ་འདེབས། །དཔལ་ཆེན་ཧེ་རུ་ཀ་ཡིས་བྱིན་གྱིས་རློབས། །སྤྲིན་ནག་འདུས་པའི་གཞལ་ཡས་ནས། །རྣ་བརྒྱུད་གདམས་པའི་བཀའ་སྐྱོང་བའི། །མ་བཞིན་བྱམས་ལ་གསོལ་བ་འདེབས། །མཁའ་འགྲོ་སྡེ་གསུམ་གྱིས་བྱིན་གྱིས་རློབས། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །རྩ་བ་གསུམ་ལ་གསོལ་བ་འདེབས། །བྱིན་གྱིས་རློབས་པར་མཛད་དུ་གསོལ། །ཁྱེད་ལ་བྱིན་རླབས་ཞུ་བ་ནི། །མ་རིག་མུན་པ་སེལ་བ་ཡིས། །རང་རིག་རང་གསལ་བྱིན་གྱིས་རློབས། །བག་ཆགས་འཁྲུལ་པ་གཅོད་པ་ཡིས། །མི་རྟོག་ཆོས་ཉིད་དུ་བྱིན་གྱིས་རློབས། །སྡུག་བསྔལ་བདེ་བར་བསྒྱུར་བ་ཡིས། །ཟག་མེད་བདེ་ཆེན་དུ་བྱིན་གྱིས་རློབས། །ཆོས་རྣམས་གཅིག་ཏུ་གོ་བ་ཡིས། །དབྱེར་མི་ཕྱེད་པར་བྱིན་གྱིས་རློབས། །དབྱེར་མེད་དབྱིངས་ལ་མཉམ་པ་ཡིས། །ཆོས་ཀྱི་སྐུ་རུ་བྱིན་གྱིས་རློབས། །ཆོས་སྐུ་འགགས་པ་མེད་པ་ཡིས། །ལོངས་སྤྱོད་སྐུ་རུ་བྱིན་གྱིས་རློབས། །ཐུགས་རྗེས་འགྲོ་དོན་མཛད་པ་ཡིས། །སྤྲུལ་པའི་སྐུ་རུ་བྱིན་གྱིས་རློབས། །སྐུ་གསུམ་འདུ་འབྲལ་མེད་པ་ཡིས། །དབྱེར་མེད་རང་ས་ཟིན་པར་བྱིན་གྱིས་རློབས། །བདག་གིས་གསོལ་བ་འདི་བཏབ་པས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨཐྎ། ༈ །འདི་སྐབས་ཁྱུང་ཚང་པ་དཔལ་ལྡན་བློ་གྲོས་ཀྱིས་མཛད་པའི་བསྡུས་པ་ཀུན་བཟང་རྡོར་སེམས་མ་ཞེས་པའི་གསོལ་འདེབས་ཤིག་ཡོད་པར་གསུངས་ཀྱང་དཔེ་ལ་མ་བྱུང་ངོ་། ༈ །ཡན་ལག་བདུན་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །དག་པ་མཐའ་བཞིའི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །བསྐུལ་བའི་ས་ལས་བཞེངས་ནས་སུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མ་གྲོལ་བ་ནི་རྣམ་གྲོལ་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །བདག་ལ་གནས་པའི་ལུས་འདི་ནི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །ཚེ་རབས་བསགས་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་མཆོག་ཏུ་བསྔོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །རྒ་ནད་འཆི་བའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདྲེན་པར་ཤོག །རྡོ་རྗེ་ཟམ་པའི་བདུན་རྣམ་དག་རྫོགས་སོ།། །། ༅། །ཡན་ལག་བདུན་པ་འབུལ་ན། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ཕྱག་ལ། ཀླུ་སྒྲུབ་ཀྱིས་དཔག་མེད་བཞི་ལྡན་དུ་གསུངས་ཏེ། སངས་རྒྱས་དཔག་ཏུ་མེད་པའི་སྤྱན་སྔར། ལུས་དཔག་ཏུ་མེད་པར་སྤྲུལ། སེམས་ཅན་དཔག་ཏུ་མེད་པའི་དོན་དུ། ཕྱག་དཔག་ཏུ་མེད་པར་འཚལ་བར་བྱའོ། །མཆོད་པ་འབུལ་བ་ལ་དྲུག་སྟེ། རྫས་རིམ་པར་བཤམས་པ་དང་། བདག་པོས་མ་བཟུང་བ་དང་། ལུས་དབུལ་བ་དང་། གཟུངས་དང་། རིག་པའི་མཐུ་དང་། མོས་པའི་སྟོབས་ཀྱིས་དབུལ་ལོ། །སྡིག་བཤགས་ནི། སྟོབས་བཞིའི་སྒོ་ནས་བཤགས་ཏེ། རྟེན་གྱི་སྟོབས། སུན་འབྱིན་པའི་སྟོབས། གཉེན་པོའི་སྟོབས། སོར་ཆུད་པའི་སྟོབས་སོ། །རྗེས་སུ་ཡི་རང་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱན་སྔར། བདག་གཞན་གྱི་དོན་དུ་དགེ་བའི་རྩ་བ་དང་མཆོད་པ་འདི་ལྟ་བུ་འབུལ་བ་ཨ་རེ་དགའ་སྙམ་དུ་བསམ་མོ། །སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་གཡེལ་བ་མེད་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་བོ། །མྱ་ཆོས་སྐུ་སྐྱེ་མེད་ཀྱི་བདེ་བས། ངན་ལས་མི་འདའ་བར་གསོལ་བ་གདབ་བོ། །ཀུན་ཏུ་བཟང་པོ་དང་འཇམ་དཔལ་གྱི་བསྔོ་བ་ལྟར་བླ་མེད་དུ་བསྔོའོ། །དགེ་བ་རྒྱ་ཆེར་བསྔོ་བ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། འདས་པའི་དགེ་བའི་རྩ་བ་མངོན་སུམ་དུ་སྦྱར་བ་དང་། ད་ལྟར་གྱི་དགེ་བའི་རྩ་བ་འདི་ན་ཅི་མཆིས་པ་འདི་དག་དང་། མ་འོངས་པའི་དགེ་བའི་རྩ་བ་ད་རུང་ཡིད་ལ་འབྱུང་བ་དང་། དགེ་བའི་རྩ་བ་ཅི་བགྱིས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བཟླུམ་ནས་དགེ་བའི་རྩ་བ་རྒྱ་ཆེར་བསྔོ་བར་བགྱིའོ། །ལན་བདུན་བརྗོད། འཕེལ་བ་ནི། བླ་མ་རྡོ་རྗེ་འཛིན་པ་ཐམས་ཅད་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། འདས་པའི་དགེ་བའི་རྩ་བ་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དང་། ད་ལྟར་གྱི་དགེ་བའི་རྩ་བ་མངོན་སུམ་དུ་གྱུར་པ་འདི་ན་ཅི་མཆིས་པ་དང་། མ་འོངས་པའི་དགེ་བའི་རྩ་བ་ད་རུང་ཡིད་ལ་འབྱུང་བ་དང་། གཞན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། རྗེས་སུ་ཡི་རང་བར་བགྱིས་པ་དང་། དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བསྡོམས་ནས་བླ་མ་ཡི་དམ་ལ་འབུལ་ལོ། །དེ་ལས་ཀྱང་དཔག་ཏུ་མེད་པ་འཕེལ་བ་འབྱུང་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཐམས་ཅད་ལ་འབུལ་ལོ། །དགེ་བའི་རྩ་བ་འཕེལ་བ་ལ་གནས་པར་གྱུར་ཅིག །མི་ཟད་པར་བ གྱི་བ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། འདས་པའི་དགེ་བའི་རྩ་བ་མངོན་སུམ་དུ་སྦྱར་བ་དང་། ད་ལྟར་གྱི་དགེ་བའི་རྩ་བ་འདི་ན་ཅི་མཆིས་པ་འདི་དག་དང་། མ་འོངས་པའི་དགེ་བའི་རྩ་བ་ད་རུང་ཡིད་ལ་འབྱུང་བ་དང་། གཞན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་ལ་རྗེས་སུ་ཡི་རང་བགྱིས་པ་དང་། དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། བསྡོམས་ནས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་དགེ་བའི་རྩ་བ་མི་ཟད་པར་གྱུར་ཅིག །ཡོངས་སུ་མི་ཟད་པར་གྱུར་ཅིག །དཔག་ཏུ་མེད་པ་མི་ཟད་པར་གྱུར་ཅིག །དེ་དག་ཐམས་ཅད་ལ་ལན་གསུམ་གསུམ་ཕྱག་གསུམ་གསུམ་བྱའོ། །བླ་མ་འཛེང་གི་བསྔོ་བའི་ཕྱག་ལེན་རྫོགས་སོ།། །། སྙན་བརྒྱུད་རྡོ་རྗེ་ཟམ་པའི་སྒོ་གསུམ་ལས་ཀྱི་སྤྱོད་པ་བཞུགས་སོ། །ༀ་གུ་རུ་དྷེ་ཝ་ཌཱ་ཀི་ནི། རྡོ་རྗེ་ཟམ་པའི་གདམས་པ་མ་སྨིན་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ་ནི། དེ་ཡང་བདག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་བྱ་དགོས་སྙམ་པ་ཞེ་ཐག་པ་ནས་སྙིང་རྗེ་ཆེན་པོ་རབ་ཏུ་བསྒོམ་མོ། །དེ་ནས་ལུས་དང་བས་ཕྱག་འཚལ། ངག་དང་བས་བཟླས་བརྗོད་བྱ། ཡིད་དང་བས་བསམ་གཏན་ལ་གནས་པར་བྱའོ། །དེ་ལ་ལུས་དང་བའི་སྒོ་ནས་ཕྱག་འཚལ་བ་ནི། ༀ་བཛྲ་ས་མཱ་ཛཿ ཞེས་ལན་གསུམ་བརྗོད་ཅིང་སེ་གོལ་བསྣོལ་མར་གདབ་བོ། །དེས་བླ་མ་ཡི་དམ་མཁའ་འགྲོ་འཕགས་པ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་པར་བསམ། དེ་ནས་རང་གི་ཐུགས་ཁར་ༀ་ཁ་དོག་ལྔ་དང་ལྡན་པ་གཅིག་བསམ། དེ་ལ་བདག་གིས་ཐལ་མོ་སྦྱར་ནས་ཡོད་པ་དེའི་ནང་དུ་འོད་ཟེར་སོང་བས། སོར་མོའི་སུལ་རྣམས་རིན་པོ་ཆེར་ཁྲ་ཕུང་གི་སོང་བར་བསམ་མོ། །དེ་ནས་ལག་པ་དེང་བྱས་པས་བླ་མ་ཡི་དམ་འཕགས་པ་ཐམས་ཅད་ལ་འབུལ་བར་བསམ་ཞིང་ཞབས་ལ་མགོ་གཏུག་ཏུ་སོང་བར་བསམ་པས་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་བདག་གི་སྒྲིབ་པ་ཐམས་ཅད་བུད་ནས་ནག་ཉིལ་ཉིལ་སོང་བར་བསམ་མོ། །དེས་ལུས་དཀར་ཙེ་ན་སོང་ནས་སེམས་སེམས་ཉིད་དུ་གྱུར་པར་བསམ་ཞིང་ཕྱག་འཚལ་ལོ། །ངག་ནས་ཀྱང་འདི་སྐད་དུ་བརྗོད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མྱ་ངན་ལས་འདས་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་འཕགས་པའི་ལམ་ཡན་ལག་བརྒྱད་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་རྣམས་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཉོན་མོངས་ནད་ཀྱིས་གདུང་བ་ལ། །ཆོས་ཀྱིས་གདུང་བ་སེལ་མཛད་པ། །ཡོན་ཏན་ཐམས་ཅད་རྒྱུད་ལ་སྦྱོར་མཛད་པའི། །དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་གཉིས་སུ་མེད་པའི་འོད་ཀྱི་རང་བཞིན་དུ་གྱུར་ཏེ་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་རིམ་པར་འདུས་ནས་ཐིག་ལེ་ལ་འདུས་སོ། །རྒྱལ་བ་ཐམས་ཅད་དབྱེར་མེད་དབྱིངས་མཉམ་ཡང་། །བསྟེན་བཀུར་བདག་གིས་མཆོད་ཅིང་དབུ་ལ་བཀོད། །དངོས་གྲུབ་རྣམ་གཉིས་མྱུར་དུ་སྟེར་མཛད་པའི། །རིགས་ལྔ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་པར་རྒྱུག་པའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དུག་གསུམ་ལས་ཀྱི་རླུང་ནག་འཁོར་བ་ལས་ལྡོག་ཅིང་། །ཉོན་མོངས་ཐ་བའི་གནས་ནས་བྱང་ཆུབ་མྱུ་གུ་བསྐྱེད། །སྲེད་དང་ལྟ་ཕྱིར་འགྲོ་བའི་དོན་མཛད་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ངག་དང་བའི་སྒོ་ནས་སྙིང་པོ་བརྗོད་པ་ནི། འཕགས་པ་སྤྱན་རས་གཟིགས་ནོར་བུའི་མཆོག་ལྡན་གྱིས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་བསྡུས་པའི་སྙིང་པོ་ཡིན་གསུངས་སོ། །ༀ་མ་ཎི་བཛྲ་པདྨེ་ཡིན་པ་འདྲ། ཧཱུྃ། ཞེས་ཡུན་རིང་དུ་བསྲིང་ལ་ལན་ཉི་ཤུ་རྩ་གཅིག་གམ་བདུན་བརྗོད་དོ། །དེའི་ཆོས་ཀྱི་རང་སྒྲས་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་དགྱེས་པར་བསམ་ཞིང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ཅིང་གྲོལ་བར་བསམ་མོ། །ཡིད་དང་བའི་སྒོ་ནས་བསམ་གཏན་ལ་གནས་པ་ནི། བདེ་གཤེགས་བླ་མ་ཡི་དམ་མཁའ་འགྲོ་སྤྱན་དྲངས་ཏེ་འོད་ཀྱི་རྣམ་པར་བསྡུས་ཏེ་བླ་མ་དང་ཡི་དམ་ལྷ་ལ་རིམ་པས་འདུས་པར་བསམ་མོ། །བླ་མའི་ཐིག་ལེ་ཡི་དམ་ལ་འདུས། ཡི་དམ་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམ། ཧཱུྃ་ཞབས་ཀྱུ་ལ་ཐིམ། ཞབས་ཀྱུ་འ་ལ་ཐིམ། འ་ཧ་ལ་ཐིམ། ཧ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁའ་བསམ་ལ། ༀ་ཨཱཿཧཱུྃ་བྱས་པས་ཐིག་ལེ་རང་གི་སྤྱི་བོའི་རྩ་ཨ་ཝ་དྷུ་ཏི་ནས་མར་ལ་ཐིམ་པར་བསམ་མོ། །དེའི་དུས་ན་ཆོས་ཉིད་རྒྱུད་ལ་འཆར་རོ། །སྒོམ་པ་བདག་པོ་ལ་གཏད་པའོ། །ཁྱོད་རང་ཁྱེར་ཅིག །ཨཐྎ། སློབ་དཔོན་གྱི་ཞལ་ནས་སྒོམ་པ་བདག་པོ་ལ་གཏད་པ་བྱ་བ་ཡེ་ཤེས་ཀྱི་ངང་ལ་གཏད་པ་ལ་ཟེར་བ་ཡིན་ནོ་གསུངས་སོ། །བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་སོ།། །། ཉམས་ལེན་གྱི་སྙིང་པོ་རྣ་བརྒྱུད་རྡོ་རྗེ་ཟམ་པའི་བརྒྱུད་པ་ཐ་མའི་མན་ངག་བཞུགས། ༈ །དེ་ཁོ་ན་མ་སེམས་ཉིད་དེ་སངས་རྒྱས་ཀྱིས་མ་མཛད། ནོར་མ་བཅོས་བསམ་འདས་གཟུང་འཛིན་དང་བྲལ་བའི་དོན་ཆོས་སྐུའོ། །བསམ་ཡིད་དང་བྲལ་བའོ། །བརྗོད་མེད་ཚིག་གི་ཐ་སྙད་བྲལ་བས། ངང་ལ་སེམས་ཀྱི་དོན་དེ་ལྟ་བུ། ཕྱག་གཟུང་འཛིན་གྱི་དྲི་མས་མ་གོས་པས་ན། འཚལ་ལོ། །ཉོན་མོངས་པ་རང་བཞིན་གྱིས་མི་གནས་པ་བསམ་པས་སེམས་ཉིད་སངས་རྒྱས་སུ་ངོ་ཤེས་པས་མ་ནོར། ད་ལྟར་ཉམས་སུ་ལེན་པའི་དུས་སུ་བློའི་བསམ་པས་སྒོམ་དུ་མེད་པའོ། །ཡིད་ཀྱིས་བཅོས་སུ་མེད་པའོ། །ངོ་ཤེས་པས་ཉོན་མོངས་པ་ལས་གདོད་ནས་ཉོན་མོངས་པ་རང་བཞིན་གྱིས་མི་གནས་པས། ཆོས་སྐུ་དེ་ཉིད་སྐྱོན་དང་བྲལ་བ་ཉི་མའི་སྙིང་པོ་ལྟ་བུའོ། །དག་པའི་བྱང་ཆུབ་སེམས་ཉིད་ཀྱི། །ཉིད་ཀྱི་སོ་སོ་རང་ལ་གནས་པའི་ཆོས་ཉིད་ཀྱི་དོན་བསྟན་ནོ། །ངོ་བོ་ཉིད་ཀྱིས་དོན་བསྟན་པའོ། །དོན་ལ་གཉིས་ཏེ། དོན་གཏན་ལ་འབེབས་པ་དང་། དོན་གཏན་ལ་ཕེབས་པའོ། །དོན་གཏན་ལ་འབེབས་པ་ལ་གསུམ་སྟེ། རྣ་བརྒྱུད་ལུང་གི་གཏེར་ཆེན་དགྲོལ་བ་དང་། སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་དང་། རེ་དོགས་མེད་པའི་དབྱིངས་ལ་གཏད་པའོ། །རྣ་བརྒྱུད་ལ་གཉིས་ཏེ། རིག་འཛིན་བརྡས་བརྡས་མིག་གི་ཡུལ་དུ་བསྟན། གྲོལ་བ་དང་། གང་ཟག་གདམས་ངག་གིས་ངག་གིས་རྣ་བའི་དབང་པོར་བླུགས་པའོ། །གྲོལ་བའོ། །དེ་ལ་རིག་འཛིན་སངས་རྒྱས་པའི་རིགས་འཛིན་པའི་ཕྱིར། ནི། སྤྱིར་རྒྱ་གར་གྱི་ཡུལ་ན་གླིང་ཆེན་པོ་དགུ་ཡོད་དེ། ཤར་ཕྱོགས་ན་བྷཾ་ག་ལ། ལྷོ་ཕྱོགས་ན་བྷེ་ཏ། ནུབ་ཕྱོགས་ན་ཨོ་རྒྱན། བྱང་ཕྱོགས་ན་ཁ་ཆེ། ཤར་ལྷོ་མཚམས་ན་ཁང་བུའི་གླིང་། ལྷོ་ནུབ་མཚམས་ན་ཟངས་གླིང་། ནུབ་བྱང་མཚམས་ན་ཟ་ཧོར་གྱི་གླིང་། བྱང་ཤར་མཚམས་ན་ཀ་མ་རུའི་གླིང་། དབུས་ན་རྡོ་རྗེ་གདན་དང་དགུའོ། །དེ་ལ་རྡོ་རྗེ་གདན་གྱི་ནུབ་ཕྱོགས། ༀ་རྒྱན་གྱི་ཡུལ། དྷ་ན་ཀོ་ཤའི་གླིང་། ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ། མེ་ཏོག་ཨུ་དུམ་ཝ་རའི་གླིང་། བྲག་ཕུག་གསེར་གྱི་ཡུ་བ་ཅན། སྤྲིན་ནག་པོ་འདུས་པའི་གསེབ་ན། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་དེ། མཁའ་འགྲོ་མ་ཆོས་ཀྱི་དབྱིངས་ལས། རྣམས་ལ་ཆོས་སྟོན་ཅིང་བཞུགས་པ་ལ། དུས་ནམ་ཞིག་ཉི་མའི་རྩེ་ཤར་ལ་སྐྱེ་བ་མེད་པའི་ངང་ལས། སྐྱེ་བའི་ནམ་མཁའ་སྟོང་པ་ལས། ཆོ་འཕྲུལ་དུ་དཔལ་དབྱིངས་ལས་ཡེ་ཤེས་ཤར་རྡོ་རྗེ་སེམས་དཔའ་སྣང་འོད་ཀྱི་སྐུ་བའི་གཟུགས་སུ་གྲུབ་ལ་རེག་པའི་གཟུགས་སུ་མ་གྲུབ་པ་གཅིག་གཟིགས་ནས། དེའི་དུས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་སློབ་དཔོན་དགའ་རབ་རྡོ་རྗེའི་སྤྱི་བོར་ཕྱག་བཞག་ནས་ཨ་ཧ་ཧོའི་ཞེས་དབང་བསྐུར་བའོ། །གཟིགས་པ་ཙམ་གྱིས་འཛུམ་པ་མཛད་པས་ཆོས་སྐུ་དབྱིངས་ཡེ་དགའ་རབ་རྡོ་རྗེས་ཤེས་གཉིས་སུ་མེད་པའི་དོན་རྟོགས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཆོས་ཉིད་ཀྱི་དོན་སྐད་ཅིག་མ་ལ་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བར་ཡོད་བྱ་བ་གསན་ནས་དཀའ་བའི་སྤྱོད་པ་སྣ་ཚོགས་པ་ལོ་གཅིག་ཏུ་ལམ་འཕྲང་ན་གཅན་གཟན་གདུག་པ་ཅན་རྣམས་དང་མཁའ་འགྲོ་མི་བསྲུན་པ་ཡོད་པས་ཐག་རིང་བས་ལོ་གཅིག་འགྲོ་དགོས་སོ། །མཛད་ནས་བྱོན། དེ་ནས་ཞལ་མཇལ་སློབ་དཔོན་གྱི་ཞལ་ནས་ང་ནི་འདི་ན་ཡོད་པས་རྙེད་པར་དཀའ་བ་ཡིན་པ་ལ་འཇམ་དཔལ་བཤེས་གཉེན་ཁྱོད་ལས་འཕྲོ་དང་ལྡན་པ་ཡིན་ནོ་གསུངས་སྐད། ནས་ལོ་གཅིག་ཏུ་ཉིན་ལན་གསུམ་མཚན་ལན་གསུམ་བསྐོར་བ་དང་ལྷ་ཕྱག་ཕུལ་ནས་ཚེགས་ཆུང་ལ་དོན་ཆེ་བ་འབད་པ་མེད་པར་འཚང་རྒྱ་བའི་གདམས་ངག་ཞུ་བྱས་སོ། །ཟླ་བ་ངོ་རེ་ལ་གསོལ་བ་འདེབས་ཤིང་ལོ་གཅིག་ཏུ་བཞུགས་པ་ལ། སློབ་དཔོན་གྱི་ཞལ་ནས་ཅི་ཡང་མི་གསུངས་ནས་ད་ཡང་ཤི་ལ་བསྡད་དགོས་སྙམ་ནས་ཀ་པཱ་ལི་ནས་སྤུ་གྲི་བཏོན་ནས་རྐེ་ལ་བརྡེག་ཁ་མ་ལ་སློབ་དཔོན་གྱི་ཞལ་ནས་འཇམ་དཔལ་བཤེས་གཉེན་ཁྱེད་ཅི་འདོད་པ་ཡིན་གསུངས། བདག་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་པ། ཚེ་གཅིག་གིས་འཚང་རྒྱ་བའི་གདམས་པ་ཞུ་བྱས་པས། སཱུརྱ་ཡོ་ནི་ཞེས་བརྡའ་བསྟན་པས། ཆོས་ཉིད་ཉི་མའི་སྙིང་པོ་ལྟར་རྟོགས་སོ། །ཉི་མའི་སྙིང་པོ་ལ་བལྟས་པས་དུས་གསུམ་དུ་འདུ་འབྲལ་མེད་པ་གསལ་འགྲིབ་མེད་པ་དེ་བཞིན་དུ་རྟོགས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ། ལྷོ་ཕྱོགས་གྱད་ཀྱི་ཡུལ་བེ་ཏའི་གླིང་ཤིང་དྲ་བ་གཙུག་དགུ་ཡོད་པའི་ཚལ། གནོད་སྦྱིན་འབྲོག་གནས་ཀྱིས། དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་གཤེགས་སོ། །དེ་ནས་སློབ་དཔོན་ཤྲཱི་སིང་ཧས་ཆོས་སྤྱི་ཆོས་སྤྱི་ནི་བུ་རམ་མ་ཟོས་པར་བུ་རམ་གྱི་ཡོན་ཏན་འཆད་པ་དང་འདྲའོ། །དང་རང་གི་མཚན་ཉིད་ཀྱི་དོན་ནི་བུ་རམ་གྱི་ཡོན་ཏན་ཀྱང་འཆད་ལ་བུ་རམ་ཟོས་པས་རོ་མྱོང་བ་དང་འདྲའོ། །སྐད་ཅིག་མས་རྟོགས་པ་ཚེ་གཅིག་གིས་འཚང་རྒྱ་བ་ཡོད་བྱ་བ་གསན་ནས་དཀའ་བའི་སྤྱོད་པ་སྣ་ཚོགས་པ་ལོ་གཅིག་སའི་བུ་ག་ནས་ཕར་ཕྱིན་པས་ཟླ་བ་དྲུག་ན་བརྟོལ། ཏུ་མཛད་ནས་བྱོན། དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ནས་སློབ་དཔོན་གྱིས་རྫུ་འཕྲུལ་བསྟན་ཏེ་རྨོན་པ་དང་། བྱིའུ་མཆིལ་པ་བདུན་དང་། བུད་མེད་ཀྱི་ལག་པ་གཡོན་པ་ལ་གདུ་བུ་ལྔ། དེ་ལྟ་བུ་ལ་སོགས་པ་ཤྲཱི་སིང་ཧ་ལ་བསྟན་ནོ། །དེ་ནས་ལོ་གཅིག་ཏུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་མཎྜལ་དང་། བསྐོར་བ་དང་། ཕྱག་ཕུལ་ནས་ཟླ་བ་ངོ་རེ་ལ་ཞུ་བའི་དོན་རེ་ཕུལ་ཤྲཱི་སིང་ཧས་ནམ་ཕྱེད་ན་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་བཏོན་པ་ལ་ཡང་བརྡའ་བསྟན། རྡུལ་ཕྱགས་ཀྱང་ད་རུང་བྱུང་། ནས་ལོ་གཅིག་ཏུ་བཞུགས་པ་ལ་ཅི་ཡང་མི་གསུངས་ནས་ད་ཡང་འགྲོ་དགོས་དེ་ཚོ་བརྡར་མ་གོ་བས་ངལ་ཞིང་ཆད་ནས་དེ་ནས་སློབ་དཔོན་གྱིས་ཤིང་ཐོག་རྡོག་གསུམ་བྱིན་ཏེ་ཟོས་པས་ན་བས་སྔ་མ་ཚོ་ཡང་བརྡར་མ་གོ། །བྱང་ཆུབ་ཀྱི་ཤིང་ཀླག་ཤའི་འབྲས་བུ་སྨིན་པ་རྡོག་པོ་གསུམ་བྱིན་ནོ། །སེམས་པ་ལ། སྤྱན་སྔར་ཕྱིན་པས། སློབ་དཔོན་གྱི་ཞལ་ནས་ཤྲཱི་སིངྷ་ཁྱོད་ཅི་འདོད་པ་ཡིན་གསུངས། བདག་ཆོས་སྤྱི་དང་རང་གི་མཚན་ཉིད་སྐད་ཅིག་མ་གཅིག་ལ་རྟོགས་པས་ཚེ་གཅིག་གིས་འཚང་རྒྱ་བའི་གདམས་པ་ཞུ་བྱས་པས་ཨ་བ་དྷ་ར་ཞེས་བརྡའ་བསྟན་པས་ཆོས་ཉིད་རྣམ་དབྱེར་མི་ཕྱེད་པའོ། །ནམ་མཁའི་མཁའ་འགགས་པ་མེད་པའོ། །དབྱིངས་ལྟར་རྟོགས་སོ། །དེ་ནས་རྡོ་རྗེ་གདན་རྨད་དུ་བྱུང་བའི་གནས་དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་གྱི་ཡུལ་ནས། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་སྐད་ཅིག་མ་གཅིག་ལ་རྟོགས་པས་ཚེ་གཅིག་གིས་འཚང་རྒྱ་བ་ཡོད་བྱ་བ་གསན་ནས། གཙང་ལེགས་གྲུབ་དང་བཻ་རོ་ཙ་ན་གཉིས་ལེན་དུ་བཏང་བས། བཤད་དཀའ་རྣམས་བསྟན་ནས་ལེགས་གྲུབ་སོང་ངོ་། །བཻ་རོ་ཙ་ནས་བཻ་རོ་ཙ་ནའི་ཐུགས་ལ་འདིས་ཆོས་ཉིད་ཀྱི་དོན་སྐད་ཅིག་མ་ལ་རྟོགས་པར་མི་འདུག་སྟེ། དང་པོ་ཐོས་པའི་ཤེས་རབ་སྒྲ་འབའ་ཞིག །བར་དུ་བསམ་པའི་ཤེས་རབ་སྒྲ་དོན་ཕྱེད་པ། ཐ་མ་དོན་དུ་འདུག་ཀྱང་བདག་ཅག་ལ་རྒྱལ་པོས་ཆད་པ་བཅད་ནས་འགྲོ་བས་སྙམ་ནས་བཞུགས་སོ། །བདག་གིས་ནི་མ་གོའོ་ཟེར་ནས་སླར་ཡང་བསྡད་དོ། །དེ་ནས་བཻ་རོ་ཙ་ནས་བདག་ལ་ཆོས་སྤྱི་དང་། རང་གི་མཚན་ཉིད་ཀྱི་དོན་ཆོས་ཉིད་སྐད་ཅིག་མ་གཅིག་ལ་རྟོགས་པས་ཚེ་འདི་ཉིད་ལ་འཚང་རྒྱ་བ་གཅིག་ཞུ་བྱས་པས། སན་དྷ་ར་ཞེས་བརྡའ་བསྟན་པས་ཆོས་ཉིད་མན་ཤེལ་ལྟར་རྟོགས་སོ། །ངོ་བོ་གང་དུ་ཡང་མ་གྲུབ་རྐྱེན་ཅི་ཡང་སྣང་བར་རྟོགས་སོ། །དེ་ཡན་ཆད་རིག་འཛིན་བརྡས་གྲོལ་ལོ། །དེ་ནས་བོད་ཡུལ་དུ་རྫུ་འཕྲུལ་གྱིས་བྱོན་ནོ། །དེ་ལྟར་བཀའ་བབས་དང་པོ་མངའ་བདག་ལ་བབས་སོ། །དེ་ནས་རྒྱལ་མོ་ཚ་བའི་ཤོད་དུ་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་བབས་སོ། །དེ་ནས་རྒྱལ་མོ་ཚ་བའི་རོང་དུ་སྤང་མི་ཕམ་མགོན་པོ་རྒྱལ་མོ་སྟག་རྩེ་མཁར་ན་བཞུགས་སོ། །ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་གཅིག་ལ་བརྡའ་མིག་གི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས་ནས་བསྟན་ནོ། །དེས་ཁམས་ནས་ཆོས་འཚོལ་དུ་ཕྱིན་པའི་ངན་ལམ་བྱང་ཆུབ་རྒྱལ་མཚན་ལ་སླར་ཡང་ཁམས་སུ་བྱོན་ནས། བརྡའ་དང་མིག་གི་ཡུལ། ངག་གིས་བསྟན། ངག་རྣ་བའི་དབང་པོར། དེས་ཟ་ངམ་གསུམ་པོ་དེ་ཁམས་ཀྱི་ཝ་སེང་གེ་བྲག་ཏུ་གཅིག་རྟིང་ལ་གཅིག་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ། །རིན་ཆེན་དབྱིག་ལ་བསྟན། དེས་ཁུ་འགྱུར་གསལ་བ་མཆོག་ལ་བསྟན། དེས་གཙང་ཉང་བྱང་ཆུབ་གྲགས་པ་ལ་བསྟན། ཁམས་སུ་བྱོན་ནས་གདམས་ངག་ཞུས་ཏེ་གཙང་གི་རི་བོ་ཆེར་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ། །དེས་ཉང་ཤེས་རབ་གྲགས་སློབ་དཔོན་ཉང་ཤེས་རབ་གྲགས་པ་གཙང་ན་གང་བར་ཕུག་པོ་ཆེར་བྱོན། སླར་ལོག་ནས་གཙང་དུ་བཞུགས་སོ། །པ་ལ་བསྟན་ནོ། །དེས་ལ་ཁ་ཕུག་པོ་ཆེའི་བསྒོམ་ཡེ་ཤེས་བྱང་ཆུབ་ལ་བསྟན། དེས་ཡང་ཕུག་ཆུང་ཟུར་ར་རུ་བསྒོམས་པས་མི་དཀར་པོ་གཅིག་གནམ་དུ་སོང་ཟེར་སྐད། དེས་བླ་མ་སྐྱེ་ཚེ་ཡེ་ཤེས་དབང་ཕྱུག་ལ་གནང་། དེས་མཁན་པོ་ངུ་ཆེན་པོ་ལ། དེས་ངུ་རྡོར་ལ། དེའི་ཤཱཀྱའི་དགེ་སློང་བྱང་ཆུབ་འབུམ་པ་ལ་འདི་རྣམས་ནི་གང་ཟག་གདམས་ངག་གིས་གྲོལ་བའོ། །གནང་བ་ལགས། དེས་མཐའ་བཞིའི་བན་ཆུང་གཞོན་ནུ་བྱང་ཆུབ་བདག་ལ་གནང་ངོ་། །སྒོམ་མེད་ལ་གཉིས། བརྡའ་དོན་དགྲོལ་བའི་མན་ངག་སྦྱིན་པ་དང་། རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་སྦྱིན་པའོ། །བརྡའི་དོན་ལ་གཉིས། འཛིན་མེད་ངང་ལ་མི་གནས་ལ། །གཡོ་འཛིན་རླུང་གི་མན་ངག་སྦྱིན་པ་དང་། །སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། །བདེ་བ་ཐིག་ལེའི་མན་ངག་སྦྱིན་པའོ། །རླུང་ལ་གཉིས། བེམ་པོའི་དབུགས་སོ། །རླུང་དང་། རིག་པའི་རླུང་ངོ་། །དེ་ལ་བེམ་པོའི་རླུང་གཏན་ལ་མི་འབེབས། རིག་པའི་རླུང་གཏན་ལ་འབེབས་པའོ། །རིག་པའི་རླུང་བརྡས་སྟོན་པ་ནི། དབང་པོའི་སྒོ་མ་བཀག་ཅིང་མ་གཡོས་པའོ། །དེ་ཡང་ཡིད་ཆེས་པའི་ལུང་ནི། དུས་ཀྱི་འཁོར་ལོ་ནས། ཀ་ར་ན་བཅིངས་ཡོན་ཏན་གྱིས། །ལུས་ངག་ཡིད་གསུམ་གཡོ་མི་འགྱུར། །དབང་པོའི་སྒོ་མ་བཀག་ཅིང་མ་གཡོས་པའི་བརྡས་རིག་པའི་རླུང་མི་འགུལ་བས། ཡིད་ཀྱི་རྒྱུ་བ་ཆད། དེ་ཆད་པས་འཁོར་བར་ལུས་ལེན་མཁན་མེད་དོ། །དེ་ནི་གནད་ཀྱི་གདམས་ངག་ཟབ་མོའོ། །ཞེས་སོ། །དེ་ནི་ཐབས་ཟབ་མོ་བརྟེན་པ་ལས་ཆོས་སྐུར་རྟོགས་པའོ། །དེ་ཡང་ཡིད་ཆེས་པའི་ལུང་ནི། རྩ་བའི་རྒྱུད་ནམ་མཁའ་ཆེ་ལས། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །ཅེས་གསུངས་སོ། །རྣ་བརྒྱུད་འདི་ཉིད་ཀྱི་བཞེད་ཀྱིས། བདེ་ཆེན་ལམ་དུ་འཇུག་པ་ཡིས། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །ཞེས་གསུངས་སོ། །ཡང་དེའི་མན་ངག་གིས་མིག་མི་འགུལ་བར་ཐད་ཀ་ལ་ཟིམ་མེ་བལྟ་བར་བྱའོ། །དེ་ཡིས་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་ཆད་དོ། །མིག་མ་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་རླུང་མི་བསྐྱོད། རླུང་མི་བསྐྱོད་པས་ཡིད་ཀྱི་འགྱུ་བ་ཆད་དེ། ལས་མི་ལེན་ནོ། །སྐྱེ་བ་ཕྱིས་མི་ལེན་པའི་གདམས་ངག་ཀྱང་དེ་ལ་བྱའོ། །དེ་ནི་མན་ངག་གིས་ཡིད་ཆེས་པའོ། །ད་ནི་མདོ་ནས་གསུངས་པའི། ལུང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། གཉའ་མིག་རྣ་རྩེར་དབབ་པ། ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་གསུངས་སོ། །དེའི་དུས་སུ་དབང་པོའི་སྒོ་མ་བཀག་པས་གསལ་བའི་བརྡའ། མིག་མ་འཛུམ་པས་ཕྱིའི་སྣང་བ་གསལ། མ་རླུང་མ་གཡོས་པས། གཡོས་པས་མི་རྟོག་པའི་བརྡའ། མནོ་བསམ་མེད་དོ། །ཡང་དེའི་དུས་ན་འོག་སྒོ་ཡིད་ཙམ་འཐེན་པས་བདེ་བའི་བརྡའོ། །བདེ་བ་ལ་ཟག་བཅས་དང་ཟག་མེད་དོ། །ཟག་མེད་དེ་བརྡས་བསྟན་པ་ནི། འོག་སྒོ་ཡིད་ཙམ་འཐེན་པས་སྤྱི་གཤང་བའི་སྒོ་བཙུམ་ནས་གྱེན་ལ་ཡིད་ཙམ་དྲངས་པའོ། །བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད་དུ་ལུས་ཡོད་དུ་མི་ཚོར་བའི་བདེ་བ་སྐྱེའོ། །དེ་ཡང་བྱམས་པས་ཞུས་པའི་ལེའུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་ཞེས་བྱའོ། །རྡོ་རྗེའི་ཚིག་ལམ་ལ་གཉིས། རྟེན་མེད་པར་རིག་པ་རང་གྲོལ་བ་དང་། རྐྱེན་དང་བྲལ་བའི་སྣང་བ་རང་དག་པའོ། །དེ་ལ་རྟེན་མེད་པ་ནི། སེམས་ཉིད་སྟོང་པ་ནམ་མཁའ་ལྟ་བུ་གཅིག་ལ་ཡང་མི་བརྟེན་པའོ། །རྐྱེན་དང་བྲལ་བ་ནི། ཕྱིའི་ཡུལ་ལ་རྟོག་པ་མ་ཞུགས་པའོ། །རེ་དོགས་མེད་པ་ལ་གཉིས། བསམ་བརྗོད་བྲལ་བའི་ཏིང་འཛིན་མཆོག །དེ་བཞིན་ཉིད་དུ་མྱ་ངན་འདས། །ཞེས་པས་དེ་ལ་བསམ་བརྗོད་དང་བྲལ་བ་ནི། བརྡའ་བསྟན་པའི་དུས་མནོ་བསམ་གྱིས་བསྒོམ་དུ་མེད། ཡིད་ལ་མི་བྱེད་པས་ཏིང་འཛིན་གྱི་མཆོག་གོ། །དེ་བཞིན་ཉིད་ནི་བསམ་བརྗོད་དང་བྲལ་བའི་ཏིང་ངེ་འཛིན་དེ་ཉིད་ཀྱི་ངང་ལས་སངས་རྒྱའོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་དེ་བཞིན་དུ་སངས་རྒྱའོ། །དོན་གཏན་ལ་ཕེབས་པ་ལ་གསུམ་སྟེ། དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས། སྐུ་རང་ཆས་སུ་གྱུར་པས་དགེ་སྡིག་གཉིས་ལས་གྲོལ། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པའོ། །དབང་ངང་གིས་རྫོགས་པ་ནི་ལུས་ཀྱིས་བརྡའ་བསྟན་པས་ཕྱི་བུམ་པའི་དབང་རྫོགས། མི་རྟོག་པ་ཤར་བས་ནང་གི་དབང་རྫོགས། བདེ་བ་སྐྱེས་པས་གསང་བའི་དབང་རྫོགས། ཞལ་གྱི་གདམས་ངག་ཐོས་པས་ཚིག་དབང་རིན་པོ་ཆེ་རྫོགས་པའོ། །དབང་དེ་རྣམས་སེམས་ཉིད་ལ་འདུས་པས་རྒྱལ་ཐབས་རིན་པོ་ཆེ་སྤྱི་བླུགས་ཀྱི་དབང་རྫོགས་དེ་ཙ་ན་དགེ་བའི་ཆོས་ལ་ལྟོས་མི་དགོས་སོ། །པའོ། །སྐུ་གསུམ་རང་ཆས་ནི། སེམས་ཉིད་འབྲལ་བ་མེད་པས་ཆོས་སྐུར་རང་ཆས། ཆོས་སྐུ་ལ་ཡེ་ཤེས་འཆར་བས་ལོངས་སྐུ་རང་ཆས། ཡེ་ཤེས་ཀྱིས་གཞན་དོན་མཛད་པས་ན་སྤྲུལ་སྐུ་རང་ཆས་སོ། །དོན་གཅིག་ཏུ་རྟོགས་པས་ནི་ཆོས་ཐམས་ཅད་ཀྱི་མཐའ་ཆོས་ཀྱི་སྐུ་ལ་ཐུག་པས་ཐེག་པ་གཞན་ལ་རྟོག་དཔྱོད་ཀྱི་དེ་ཙ་ན་དགེ་སྡིག་ནི་བློ་ལས་སྐྱེས་པས་དགེ་སྡིག་གཉིས་ལས་གྲོལ། བློ་མི་འཇུག་པའོ། །དེས་དོན་གཏན་ལ་ཕེབས་པའོ། །འདི་ནི་རྒྱལ་ཐབས་རིན་ཆེན་སྟེ། །སྐལ་ལྡན་འབད་པ་མེད་པར་གྲོལ། །འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །སངས་རྒྱས་ས་ལ་སྦྱོར་བའོ། །རྣ་བརྒྱུད་རྡོ་རྗེ་ཟམ་པ་བརྒྱུད་པ་ཐ་མའི་མན་འདི་སྤང་མི་ཕམ་མགོན་པོའི་གསུང་ཡིན་མིན་བརྟག་གསུངས། ངག་གོ། །བཻ་རོ་ཙ་ན་བདག་འདྲ་ཡིས། །རྫོགས་ཆེན་བརྒྱུད་པ་ཐ་མ་ཡི། །རྣ་བརྒྱུད་དགོངས་པ་བཀྲོལ་བ་ཡིས། །ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །རྫོགས་སོ།། །།མཁན་བསོད་ནམས་འོད། པོ་ཆེན་པོའི་ཕྱག་དཔེ་ལས་བརྒྱུད་པ་ལས་བྲིས་བྱང་ཆུབ་འབུམ་གྱིས། པ་ལེགས་སོ། །ལེགས་སོ། །ལེགས་སོ། ༈ །དམ་པའི་སྙན་བརྒྱུད། གུ་རུ་ན་མོ། ཕྱིན་ཅི་མ་ལོག་རྟོགས་པའི་ཡེ་ཤེས་དང་། །སྤྲོས་བྲལ་མཁའ་སྣང་དག་པའི་ངང་བཞུགས་པ། །དུས་གསུམ་བླ་མ་རྣམས་དང་ཡི་དམ་ལྷ། །ལྷུན་གྲུབ་བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །དེ་ལ་དམ་པ་རིན་པོ་ཆེ་དེའི་གསུང་གི་འོད་ཟེར། ཞལ་གྱི་ད་ལ་ནས་ཉི་ཟླ་མཁའ་སྣང་དག་པ་བཞིན་འོད་ཕྱུང་ནས། དུག་ལྔ་ཡེ་ཤེས་སྣང་ཞིང་འཆར་བར་བྱེད་པ། གདམས་པ་གསལ་བའི་ཡིག་ཆུང་འདི་རུ་དགོད། །དེ་ལ་དམ་པ་རིན་པོ་ཆེའི་ཞལ་ནས། རྣ་བརྒྱུད་རྡོ་རྗེ་ཟམ་པ་ལ་གདམས་པ་སྣ་བརྒྱད་དོ། །དེ་ཡང་ཐུན་མོང་མ་ཡིན་པའི་གདམས་པ་རྣམ་པ་གཉིས་ཏེ། ངོ་མཚར་ཅན་གྱི་གདམས་པ་རྣམ་པ་གསུམ། བརྡའ་བཞིའི་འདུག་ཚུལ་བསྟན་པ་དང་བཞི་བྱ་བར་བླ་མའི་ཞལ་ནས་གསུང་ངོ་། །དེ་ཡང་ཐུན་མོང་མ་ཡིན་པའི་གདམས་ངག་ཞལ་ལ་དམ་པོར་མཆི། ཟེར་ཏེ་ཞར་ལ་གསལ། ལྟས་བརྡ་རང་ལ་བརྟགས་པ་དང་འཆི་ལྟས་བྱུང་ན་བསླུ་བ་གཉིས། འཕོ་བ་བསྟན་པ་དང་གསུམ། སྣང་བའི་འཁྱེར་ལུགས་དང་བཞིའོ། །དེ་ལ་འཆི་ལྟས་བརྟག་པ་ནི། ཚངས་པའི་སྐུད་པ་ཆད་ན་འཆི། མཁའ་འགྲོ་མའི་བརྡའ་སྐད་ཡལ་ན་འཆི། ཡེ་ཤེས་ཀྱི་གཟི་མདངས་ཡལ་ན་འཆི། ཆུ་ཤིང་གི་མཁར་པོ་སྒྲོན་ཡལ་ན་འཆི། ནམ་མཁའ་དག་པའི་ཉི་མ་ལ་རྒྱབ་བསྟན་ནས་བལྟས་པས་མགོ་མེད་ན་འཆི། རྐང་ལག་ལ་སོགས་པའི་ཡན་ལག་མ་ཚང་ན་ལྟས་ངན་ཡིན་ནོ། །འཆི་ལྟས་དེ་རྣམས་བྱུང་ན་འཕོ་བ་མི་བྱ་འཆི་བསླུ་བྱ། འཆི་བསླུ་བྱ་ཐབས་ནི། ལག་པ་གཡོན་པའི་མཐིལ་དུ་བདུད་རྩི་མཆིལ་མ་བླུགས་ཏེ། བདུད་རྩི་དངོས་སུ་བསམ། དེ་ལ་སྔགས་འདི་ལན་བདུན་བརྗོད་དོ། །ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཞེས་བཏབ་ལ། དེ་ལྕེས་བླངས་ཏེ་མིད་པས་ཚེ་འཕེལ་ཞིང་རྒྱལ་བའི་ཡུམ་ཡིད་ལ་བྱ་བ་གལ་ཆེའོ། །དེ་ནས་ཡང་འཆི་ལྟས་བལྟ། དེས་མ་བཟློག་ཀྱང་འཆི་བསླུ་བྱ་སྟེ། དེ་ལྟ་བུ་ལན་གསུམ་བྱས་ཏེ། མ་བཟློག་ན་འཕོ་བ་བྱའོ། །དེ་ཡང་འཕོ་བ་ལ་གསུམ་སྟེ། རྟེན་འབྲེལ་ཁྱད་པར་ཅན་ལ་བརྟེན་ནས་ལོངས་སྐུ་ལ་འཕོ་བ་དང་། སྤྲུལ་པའི་སྐུ་ལ་འཕོ་བ་དང་། ཐབས་ཁྱད་པར་ཅན་ལ་བརྟེན་ནས་ཆོས་ཉིད་ཀྱི་དབྱིངས་སུ་འཕོ་བའོ། །དེ་ལ་དང་པོ་ན་མ་གཅིག་ཤིང་སྒུར་པོར་བཞོག་ལ། དེ་ལ་རིགས་དྲུག་གི་ས་བོན། ཨཿནྲྀ་སུ་ཏྲི་པྲེ་དུ་བྲིས་ལ། རང་གི་སྔས་སུ་བཙུགས་ལ་བལྟ་བ་དང་། གཞན་ཚེ་འཕོས་ན་བསྟན་ལ་སྔས་སུ་གཞུགས་གསུང་ངོ་། །གཉིས་པ་ནི་ཤིང་གི་རྩེ་ལ་མར་གླན། མར་གྱི་རྩེ་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་བཞག་ལ། སྣ་བུག་གཡོན་དུ་བཅུག་ལ། དབུགས་ཀྱིས་ཀུན་ཏུ་རྒྱལ་བའི་ནང་དུ་དྲང་ཞེས་བླ་མས་གསུང་ངོ་། །གསུམ་པ་ནི། སྟན་ལ་འདུག་ལ་ལུས་དྲང་པོའི་འདུག་སྟངས་སུ་བྱས་ཏེ། ལག་པ་མཉམ་བཞག་བྱས་ལ་ཤེས་པ་རིག་པའི་རླུང་གིས་དྷུ་ཏིར་བཅུག་ལ་ལུས་ཇེ་དགྱེ་བྱས་ལ། རྒྱབ་ཏུ་གྲོགས་ལ་འཛིན་དུ་བཅུག །རླུང་རིག་པའི་རླུང་གིས་མར་ཞབས་ཡར་ལ་བསྐུལ་ལ། དྷུ་ཏི་ལ་དྲངས་ལ་སྤྱི་བོ་ཚངས་པའི་བུ་ག་ལ་འདོན་ཞེས་བླ་མས་གསུང་ངོ་། །དེ་ཡང་འཆི་ངེས་ན་བྱ་བ་ཡིན་ཏེ། ཡེ་ཤེས་ཀྱི་འཕོ་བ་ཞེས་བྱ། ཆོས་ཉིད་ཀྱི་འཕོ་བ་ཞེས་བྱ་སྟེ། གཡས་པ་ཐབས་གཡོན་པ་ཤེས་རབ། དུས་ཀྱི་བརྡའ་དང་གསུམ་འཛོམ་ན་ལེགས་ཏེ། དེ་ནི་ཚེའི་དུས་བྱས་པའི་དུས་སུ་མི་དམིགས་པའི་ཆོས་སྐུ་སྐྱེ་མེད་ལ་འཕོ་བ་ཞེས་བྱ་བ་རྗེའི་ཞལ་ནས་གསུང་ངོ་། །སྣང་བའི་འཁྱེར་ལུགས་ལ་གཉིས་ཏེ། ཉིན་མོ་སྣང་བ་སྣ་ཚོགས་ལམ་དུ་ཁྱེར་བ། ནུབ་མོ་ཤེས་བྱ་བུམ་པར་གཞུག་པའོ། །དེ་ལ་ཉིན་མོ་འདི་ལྟར་སྣང་བ་མིག་གི་དབང་པོ་ལ་སོགས་པར་སྣ་ཚོགས་ཀྱི་སྣང་བ་འདི། འདི་ལྟར་སྣ་ཚོགས་སུ་སྣང་བ་འདི་མི་འགགས་ཏེ། ཇི་ལྟར་སྣང་ཡང་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ལ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་འདི་མི་གནས་ཤིང་མི་རྟོག་པས་གཉིས་སུ་མ་གྲུབ་པས་ཆོས་ཉིད་ཀྱི་རྣམ་པར་དག་པ་རིག་པ་གཅིག་པས་གཅིག་ཆོད་ཀྱིས་སྣང་བ་ལམ་དུ་འཁྱེར་གསུང་ངོ་། །ནུབ་མོ་ཤེས་བྱ་བུམ་པར་གཞུག་པ་ནི། རིག་པའི་ངོ་བོ་དེ་རྟེན་གང་ལ་མི་འཆའ་སྟེ། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ་བདེ་གསལ་མི་རྟོག་དབྱེར་མི་ཕྱེད་པའི་ངང་དུ་ཉལ་ཞེས་གསུངས་ཏེ། དེ་ཡང་ཉལ་ཁ་ལངས་ཁར་མཁའ་འགྲོ་མ་གསང་བའི་ཡི་གེ་བཞི་བསྒྲགས་གསུངས། ཡི་གེ་བཞི་ནི་ཧ་རི་ནི་ས་ཞེས་ལན་བདུན་ནམ་གཉིས་བཟླ་ཞེས་དམ་པའི་ཞལ་ནས་གསུང་ངོ་། །དེ་གཉིས་ནི་སྦྱོར་ལམ་པའི་དུས་སུ་ཤེས་པར་བྱ་བའི་དོན་ཏོ། ༈ །ངོ་མཚར་གྱི་གདམས་ངག་རྣམ་པ་གསུམ་ནི་ངོ་སྤྲད་ཀྱི་རྣམ་པས་ཏེ། གང་ན་སེམས་གཞི་སྟོང་པ་ལ་སངས་རྒྱས་དང་སེམས་ཅན་གཉིས་ཀྱིས་སོ། །དེ་ནི་སྣང་སྟོང་གཉིས་མེད་སྔ་ཕྱིར་མ་སོང་བས་བྲལ་དུ་མི་འདོད་དོ། །འདི་ནི་སྣང་ལ་རང་བཞིན་མེད་པའམ། ངོ་བོ་ཉིད་སྟོང་པའམ། དེ་ལྟར་སྣང་བ་དང་སྟོང་པའི་དབྱེ་བསལ་མ་ཤེས་པར། སློབ་དཔོན་གྱིས་སྟོང་པ་སྦོམ་ཡོར་དུ་བསྟན། སློབ་མས་སྟོང་ངོ་སྙམ་དུ་བཟུང་བས། དགེ་བ་ལ་སོགས་པ་ཐམས་ཅད་ཀྱི་སྟོང་པ་ལ་མི་གནོད་ཀྱི་ཟེར་ནས་ལོངས་སྤྱད། སྟོང་པ་གཤའ་མ་ཁ་ནས་ཟེར་གིན་སྟོང་པ་སངས་ཡེ་ནས་རྒྱས་པ་སྐད་ཟེར་ནས། སྡིག་པ་མི་དགེ་བ་མཐའ་དག་ལ་མི་འཛེམ། འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པ་བྱེད་དེ། སྟོང་པ་ཡིན་ཟེར་ཞིང་གཟུང་འཛིན་སླར་ཆེར་སོང་བ་དེས་ལན་ནོ། །དེ་ཡང་རྡོ་རྗེ་ཟམ་པའི་ལུགས་ཀྱི་གནས་ལུགས་ལ་ལམ་བསྒྲོད་དུ་མེད་དེ་གནས་དེ་ཡང་ཇི་བཞིན་པའི་ངོ་བོ་བསྒྲུབ། དགེ་བའི་ཆོས་ལ་མི་ལྟོས་པར་ངོ་སྤྲད་པ་ནི་ཆུའི་ཟླ་བ་ལྟ་བུར་སྣང་། ཆུའི་ནང་ན་སྣང་ཡང་བཙལ་ན་མི་རྙེད་དེ། ཆུའི་ཟླ་བར་ངོ་སྤྲད་པ་དེ་ནི། ཆུ་ཟླ་ལྟ་བུར་སྣང་། དེ་སྐྱེས་བུ་སྟོབས་དང་ལྡན་པས་བཙལ་ཡང་མི་རྙེད། དེ་བཞིན་དུ་སེམས་ཉིད་ཆུ་ཟླ་ལྟ་བུར་གསལ། ཡང་བཙལ་ན་མི་རྙེད་པས་སྟོང་སྟེ། སྟོང་ཙམ་ན་གསལ། གསལ་བ་དེ་ཙམ་ནས་སྟོང་། དེ་ཡང་རིག་པ་དང་སྟོང་པ་གཉིས་མེད་དུ་གནས་ཏེ། འབད་རྩོལ་དང་བྲལ་བ་དེ་ལ་སྦྱོར་ལམ་སྟོང་པ་ཞེས་བླ་མས་གསུང་ངོ་། །དེ་ཡང་ལུང་ལས། འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །སྐལ་ལྡན་འབད་པ་མེད་པར་གྲོལ། །གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་གསུངས་སོ། །སངས་རྒྱས་པའི་སྟོང་པ་ནི། དེ་ཉིད་རྣམ་པ་གསུམ་དུ་ངོ་སྤྲད། ཀུན་ཏུ་བཟང་པོའི་དེ་ཉིད་ནི། ཀུན་ཏུ་བཟང་པོའི་དེ་ཉིད། རིག་སྟོང་དབྱེར་མེད་ཀྱི་དེ་ཉིད། དེ་བཞིན་དབྱིངས་དང་ཡེ་ཤེས་དབྱེར་མེད་དེ། མིང་གི་རྣམ་གྲངས་ཡིན་ནོ། །དེ་ལྟར་ས་ལམ་བསྒྲོད་དུ་མེད་པར་ཡིད་ཆེས་པའི་གདམས་ངག་ཡིན། བསྒོམ་ཡོད་བསྒོམ་མེད་གཉིས་ལས། བསྒོམ་ཡོད་ཀྱི་ལུགས་མིན། དེ་ཅིའི་ཕྱིར་ན་རིག་པའི་རླུང་དེས་ཡེ་ཤེས་རང་ག་མ་ཉམས་སུ་མྱོང་བ་སྟེ། དེ་ཡང་སངས་རྒྱས་ཀྱི་ས་ན་ཡེ་ཤེས་རྒྱུན་མ་ཆད་པར་འདོད་ཞེས་བླ་མས་གསུང་ངོ་། །དམ་པའི་ཞལ་ནས། ཡེ་ཤེས་ལ་རྣམ་པ་གཉིས་ཏེ། ལམ་གྱི་ཡེ་ཤེས་དང་། གཉུག་མའི་ཡེ་ཤེས་གཉིས་བླ་མས་བཞེད་དེ། ལམ་གྱི་ཡེ་ཤེས་བྱ་བ་དེ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་ཟེར་ཏེ་རྒྱུན་ཆད། ལུང་ཡང་ཤེར་སྙིང་ལས། ལམ་མེད། ཡེ་ཤེས་མེད་ཟེར་བ་དེ་ཡིན། གཉུག་མའི་ཡེ་ཤེས་བྱ་བ་དེ་རྒྱུན་མ་ཆད། ལུང་ཡང་སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །བྱ་བ་དེ་ཡིན། དོན་ལ་སངས་རྒྱས་པའི་སྟོང་པ་བྱ་བ་དེ་སྟོང་པ་ཕྱམ་ཆད་པ་ལྟ་བུ་མ་ཡིན་ཏེ། འདོད་པ་ཟད་པ་བྱ་བ་མཚན་མ་ཡིད་འཇོག་པ་དེ་མེད་པས་དོན་ལ་སེམས་ཉིད་ངོ་ཤེས་པའི་དོན་དེ་ལ་ཟེར་ཞེས་བླ་མས་གསུང་ངོ་། །བརྡའ་བཞིའི་འདུག་ཚུལ་བསྟན། དམ་པ་རིན་པོ་ཆེའི་ཞལ་ནས་འདི་སྐད་གསུངས། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་འཇོག་པའི་གང་ཟག་གིས་ཇི་ལྟ་བ་བཞིན་དུ། ཅི་འབྱོར་བའི་ཚོགས་དང་ཡོ་བྱད་བཤམས་ཏེ། དེའི་དུས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། གུ་རུ་ཡང་བསྒོམ་གསུངས་ཏེ། དེ་སྐད་དུ་ཡང་། བསྒོམ་མེད་དོན་གྱི་གཟེར་ཆེན་གདབ། །ཅེས་པས། བསྒོམ་བྱ་དང་བསྒོམ་མེད་ཀྱི་མཚན་མ་ནི་མེད་གསུང་ངོ་། །འོ་ན་ཇི་ལྟར་ཞུས་པ་ལས། འཛིན་པ་མེད་པའི་གནས་ནས་སྤོངས། །འཛིན་པ་རླུང་གི་མན་ངག་སྦྱིན། །གསུངས་པ་དང་། སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། །བདེ་བ་ཐིག་ལེའི་མན་ངག་སྦྱིན། །ཞེས་པས། རླུང་དེ་ངོས་འཛིན་དགོས་པ་ཡིན། དེ་ལ་གཉིས་ལས་བེམ་པོའི་རླུང་མི་འཛིན་རིག་པའི་རླུང་འཛིན་གསུང་ངོ་། །དེ་གང་ན་གནས་ན་སེམས་ལའོ་གསུངས། དེ་ལ་དྷུ་ཏིར་ཚུད་པའི་དུས་ཡིན་གསུངས། དུས་གང་ཡིན་ན། སྣ་སྒོ་གཡོན་ནས་རྒྱུ་བའི་དུས་སུ་ཚུད་པ་ཡིན་གསུང་ངོ་། །དེ་ལྟ་བུ་ཡང་བརྡའ་བཞིའི་འདུག་ཚུལ་ལ་བརྟེན་ནས་དབང་པོའི་སྒོ་མ་བཀག་ཅིང་མ་གཡོས་པ་ལས་འབྱུང་བ་ཡིན་ཏེ། དེ་ཡང་ཉམས་སུ་ལེན་པའི་དུས་སུ་འདི་ལྟར་རོ། །དང་པོ་ལུས་སེམས་ཀྱི་གནད་གསལ། བར་དུ་བརྡའ་བཞིའི་བཅོས། ཐ་མ་བྱིང་བ་གསེང་བའོ། །དང་པོ་ལུས་ཀྱི་གནད་གསལ་བ་ནི། ལུས་ལ་མི་བདེ་བ་རྣམས་བསལ། སྟན་འབོལ་བར་བྱ་བ་དང་། ཉི་མ་ལ་སྡོད་སྙིང་མི་འདོད་པ་དང་། ཟས་ཆེ་ཆུང་རན་པ་དེ་རྣམས་སོ། །བར་དུ་བརྡའ་བཞིའི་འདུག་ཚུལ་བཅོས་པ་ནི། མིག་སྣའི་རྩེ་མོ་མཐོང་ཙམ་དུ་དབབ་པ་དང་། ལྕེའི་རྩེ་མོ་གང་ལ་ཡང་མི་རེག་པ་དང་། ཁ་སྨྱུག་མ་འབྲིང་པོ་ཤོང་ཙམ་དུ་ཅུང་ཞིག་དེང་ངེ་བྱ་བ་དང་། འོག་རླུང་བག་ཙམ་འཐེན་པ་དང་། དབུགས་སྣ་བུག་གཡོན་ནས་འགྱུ་ཙམ་ན་བསྒོམ་པ་དང་། དབང་པོ་དང་ལུས་མི་གཡོ་བ་རྣམས་སོ། །ཐ་མ་བྱིང་བ་གསེང་བ་ནི། བསྒོམ་ཙམ་ན་འོང་མ་བསྒོམ་ཙམ་ན་མི་འོང་བའི་བར་གྱི་བྱིང་ནས་འདུག་པའམ། ཏིང་ངེ་འཛིན་དང་འབྲལ་མི་ཕོད་པ་ལ་སོགས་པ་བྱུང་བའི་དུས་སུ་འདུག་ས་ཡང་ཡང་སྤོས་ལ་བསྒོམ། འདུག་ས་སྤོས་པའི་སར་ཏིང་ངེ་འཛིན་སྐྱེའམ་མི་སྐྱེ་བལྟས་ཏེ། དེ་ཡང་ལུས་བདེ་བའི་འདུག་ཚུལ་བྱས་ཏེ། ཡང་དག་ལྟ་སྟངས་སྣ་རྩེ་ལའོ། །ཟེར་བས་སྣ་རྩེ་ལ་ལྟ་བའི་ཚུལ་དུ་བྱས་ལ། གཉའ་ཤིང་གང་ཙམ་ལ་གཏད་ལ་བྱ་གསུངས། དེ་ཡང་དབང་པོའི་སྒོ་མ་བཀག་ཅིང་མ་གཡོས་པ་ལས་འབྱུང་བ་ཡིན་ཏེ། མ་བཀག་པ་ནི་གསལ་བ་ཡིན་ལ། མ་གཡོས་པས་ནི་དྲན་མེད་ཀྱི་རྟོག་པ་ཐམས་ཅད་འགག་སྟེ། དེ་ཡང་ཐ་སྙད་དུ་བརྗོད་ན། གསལ་བ་ལ་སྟོད་པའི་རྒྱས་ཐེབས་པ་ཞེས་བྱའོ། །དེ་ཡང་མི་བརྟན་པས། སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། །བདེ་ཆེན་ཐིག་ལེའི་མན་ངག་སྦྱིན། །ཟེར་བས་བདེ་བ་ནི། ཟག་བཅས་དང་ཟག་མེད་ལས། ཟག་བཅས་ནི། ལས་རྒྱལ་བརྟེན་པའི་བདེ་བ་གསང་སྔགས་དབང་གསུམ་པའི་བདེ་བ་ལྟ་བུ་ཡིན་ཏེ། གཞན་ལ་རག་ལུས་པས་འདིར་མི་བཞེད་གསུངས། ཟག་མེད་ཀྱི་བདེ་བ་ནི། དུས་འཁོར་ནས། ཀ་ར་ན་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཟེར་ནས། ཆོས་ཉིད་དེ་ལ་སྲིད་པ་གསུམ་གྱི་བདེ་བ་འབྱུང་ཞིང་། དེ་ཉིད་རྟོག་པའི་དབང་དུ་མི་གཡོ་ཞིང་། དེ་གསུམ་ཟིལ་གྱིས་མནན་ནོ། །ཡོན་ཏན་དེ་ཡོད་པས་ཀ་ར་ན་བཅིངས། དེའི་དུས་སུ་ཨ་ལོང་བག་ཙམ་འཛུམ་འོག་རླུང་ཅུང་ཟད་འཐེན་ནོ། །དེ་དྲག་ན་རྩོལ་བསྒྲུབ་ཆེས་པས། ཅུང་ཟད་འཐེན་པས་བདེ་ཡིན་གསུང་ངོ་། །དེ་ལྟར་ན་ཐ་མལ་གྱི་ཤེས་པ། སོ་མ། ལྷུག་པ། གཉུག་མ་ཉམས་སུ་མྱོང་བའོ། །དེ་ལྟར་བསྒོམ་པའི་དུས་སུ། སྒོམ་ཐག་དང་། སྒོམ་ཤིང་ཁྱེར་ལུགས་ནི། ཞི་བ་དཔའ་བོའི་འདུག་སྟངས་བྱས་ལ། ཞབས་གཡས་ཅུང་ཞིག་བརྐྱང་། གཡོན་ཅུང་ཞིག་བསྐུམ་ལ་སྒོམ་ཐག་གིས་འཁྱུད་པར་བྱའོ། །མ་བདེ་ཙ་ན་གཡས་གཡོན་སྤོ་བར་བྱ། ལག་པ་གཡོན་ལག་པ་གཡས་པས་བསྒོམ་ཤིང་ཐོགས་ནས་མཆན་ཁུང་དུ་གཏད་ནས་སྒོམ་རྟེན་ཕྱིན་ཕྱོགས་སུ་གཟུགས་ལ་ལག་པ་གཡོན་པས་གཡས་པའི་ཉྭ་ཤ་ལ་འཁྱུད་པའི་ཚུལ་བྱ། སྟན་མ་བདེ་ན་གོ་བཟློག་པར་བྱ། སྡུག་བསྲན་ཆེ་བར་བྱའོ། །རྗེས་ལ་མཁའ་འགྲོ་མ་གསུམ་ལ་གཏོར་མ་བཏང་། འདོད་པའི་དོན་ལ་གསོལ་བ་གདབ་བོ། །དང་པོ་བསྒོམ་ཁར་སེམས་བསྐྱེད་བྱ། བླ་མ་རྣམས་ལ་གསོལ་བ་གདབ། སྔོན་དུ་འགྲོ་བ་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པར་བྱ། དེའི་དོན་དུ་བདག་གིས་བསྒོམ་པར་བྱ། བརྒྱུད་པའི་བླ་མ་ལ་མོས་གུས་ཀྱིས་གསོལ་བ་གདབ། ཐ་མ་བསྒོམ་པ་ལས་བྱུང་བའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ། དམ་པའི་བཀའ་དང་རྟོགས་ལྡན་ཐུན་མོང་མ་ཡིན་པའི་གདམས་ངག་རྣམས། དམར་ཁྲིད་ཞལ་ལས་བླངས་ཀྱིན་བསྒོམ་པ་འདི། །སྐལ་ལྡན་གསོལ་བ་འདེབས་ཕྱིར་ཡི་གེར་བཀོད། །གལ་ཏེ་འཁྲུལ་ཞིང་ནོངས་པ་རྣམས། །བླ་མ་རྗེ་བཙུན་རྣམས་ལ་མཐོལ་ལོ་བཤགས། །སྙན་བརྒྱུད་ཉམས་སུ་བླངས་པའི་དམར་ཁྲིད་འདི། །དབང་པོ་ཡང་རབ་རྣམས་དང་འཕྲད་པར་ཤོག །སྙན་བརྒྱུད་རིན་པོ་ཆེ་བཀའ་ནས་སྙན་དུ་བརྒྱུད་པ་སྐས་ཀྱི་རིམ་པ་ལྟ་བུ་དགོངས་པའི་ཉམས་བསྒྲིགས་མུ་ཏིག་རྩར་ལ་བརྒྱུས་པ་ལྟ་བུ། བརྡའ་བཞིས་ངོ་སྤྲོད་ལག་མཐིལ་དུ་གཏེར་མཐོང་བ་འདྲ་བ་ལྟ་བུ། ཚིག་ལ་ཡིད་ཆེས་པ་བོད་དུ་མེད་པ་གསེར་གྱི་ཕྲེང་བ་ལྟ་བུ། ཡིད་ཆེས་ཐེ་ཚོམ་འཛོལ་ས་མེད་པ་བྱ་ཐི་བ་ཚང་དུ་འགྲོ་བ་ལྟ་བུའོ། །དམ་པ་རིན་པོ་ཆེའི་སྙན་བརྒྱུད་རྡོ་རྗེ་ཟམ་པའི་གདམས་པ་དམར་ཁྲིད་ལག་ཏུ་བླངས་པའི་རིམ་པ་རྫོགས་སོ།། །། སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཉམས་ཁྲིད་སྒོམ་གྱི་ཡི་གེ་གསལ་བའི་སྒྲོན་མ་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་རྟོགས་ཤིང་ཚེ་གཅིག་གིས་འཚང་རྒྱ་བར་འདོད་པས། དང་པོ་མི་སྐྱེ་བ་སྐྱེ་བར་བྱེད་པའི་གནད་ནི་སྒོམ་ཐག་བརྐྱང་ཁྲུ་གང་དང་སོར་བཞིའོ། །སྒོམ་རྟེན་ལ་ཡང་ཚད་དེ་ཙམ་པ་ཞིག་གོ། །འདུག་སྟངས་ལ་སྔ་དྲོ་ཁ་ནུབ་ཏུ་བལྟ། པུས་མོ་གཡོན་པ་ས་ལ་དབབ། གཡས་པ་བསྒྲེང་པའི་པུས་མོ་ལ་སྒོམ་ཐག་འཁྱུད། སྒོམ་རྟེན་གཞོགས་གཡོན་ངོས་ཀྱི་སྟ་ཟུར་ངོས་ནས་ལག་པ་གཉིས་ཀྱིས་བཟུང་བར་བྱའོ། །དགོང་མོ་ཁ་ཤར་དུ་བལྟ། པུས་མོ་གཡས་པ་ས་ལ་དབབ། གཡོན་པ་བསྒྲེང་བའི་པུས་མོའི་ཁར་སྒོམ་ཐག་འཁྱུད། སྒོམ་རྟེན་གཡས་ངོས་ཀྱིས་སྟ་ཟུར་དུ་བལྟའོ། །ཉིན་གུང་ལ་དུས་ཀྱི་གནད་མི་འོང་བས་མི་བསྒོམ་གསུངས་སོ། ༈ །གཉིས་པ་སྐྱེས་པ་བརྟན་པར་བྱེད་པའི་གནད་ནི། བརྡའ་གཉིས་ཀྱི་སྒོ་ནས་ཉམས་སུ་བླང་བར་བྱ་སྟེ། དུས་ཀྱི་བརྡའ་དང་གནད་ཀྱི་བརྡའོ། །དུས་ཀྱི་བརྡའ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་སྟོན་པས་ད་རེས་མི་སྟོན། འོ་ན་ད་རེས་མི་སྟོན་ཡང་ཇི་ལྟ་བུ་གཅིག་ཡིན་ན། རྒྱུད་མཱུ་ལ་ཏནྟྲ་ནས། དུས་ཀྱི་བརྡའ་ནི་བསྟན་ཤེས་ཡང་སྣང་། བྱས་ནས། །གནད་ཀྱི་བརྡའ་ནི་ཡོངས་གྱུར་ནས། །ཡོངས་གྱུར་གཉིས་ལ་མི་གནས་ཏེ། །ཞེས་བཤད་དོ། །དེ་ལ་དུས་ཀྱི་བརྡའ་ནི། རླུང་ཨ་ཝ་དྷུ་ཏིར་ཚུད་པའི་དུས་སོ། །ཨ་ཝ་དྷུ་ཏི་ལ་ལྔ་ཡོད་དེ། སྤྱི་བོར་གཙུག་ཏོར་གྱི་ཨ་ཝ་དྷུ་ཏི། མགྲིན་པ་ལོངས་སྤྱོད་ཀྱི་ཨ་ཝ་དྷུ་ཏི། སྙིང་ག་ཤེས་རབ་ཀྱི་ཨ་ཝ་དྷུ་ཏི། ལྟེ་བ་སྤྲུལ་པའི་ཨ་ཝ་དྷུ་ཏི། གསང་བ་བདེ་ཆེན་གྱི་ཨ་ཝ་དྷུ་ཏི་དང་ལྔ་ཡོད་པ་ལས། དེ་རྣམས་གང་དུ་ཚུད་ཀྱང་རུང་སྟེ། དེའི་རྟགས་སུ་རླུང་སྣ་བུག་གཡོན་པ་ནས་རྒྱུའོ། །དེའི་དུས་སུ་གནད་ཀྱི་བརྡའ་བཞིས་ཉམས་སུ་བླངས་པའོ། །དང་པོ་གསལ་བའི་གནད་ཀྱི་བརྡའ་ནི། དབང་པོའི་སྒོ་མ་བཀག་སྟེ། དེའང་སྣའི་རྩེ་མོ་མཐོ་གང་ཙམ་གྱི་ཐད་ཀར་བལྟ་སྟེ། དབང་པོ་མ་བཀག་པར་བཞག་གོ། །དེས་རྒྱུད་ལ་ཇི་ལྟ་བུ་གཅིག་འཆར་ན། སེམས་ཉིད་རང་གི་ངོ་རང་གསལ་ཞིག་འོངས། དེ་ཡང་དྲན་པ་དང་བཅས་པའི་གསལ་བ་དང་། དྲན་མེད་གཉིས་ལས། འདི་དྲན་མེད་ཀྱི་གསལ་བ་ཡིན། དེ་ལ་མིང་འདོགས་ན་གསལ་བ་ཟེར་བ་ཡིན། གཉིས་པ་མི་རྟོག་པའི་གནད་ཀྱི་བརྡའ་ནི། དབང་པོ་མ་གཡོས་པར་མིག་གི་འབྲས་བུ་མི་འགུལ་བར་ཙེན་གྱིས་བཞག་པ་ཡིན། དེས་རྒྱུད་ལ་ཇི་ལྟར་དུ་འཆར་ན་སེམས་ཉིད་རང་གི་ངོ་བོ་རང་གསལ་བ། སལ་ལེ་བ། བློའི་རྟོག་པ་ཅི་ཡང་མི་འགྱུ་བ་གཅིག་འོང་། དེ་ནི་གསལ་བ་ལ་སྟོང་པས་རྒྱས་ཐེབས་པ་ཞེས་བྱའོ། །གསུམ་པ་བདེ་བའི་གནད་ཀྱི་བརྡའ་ནི། དབང་པོ་མ་བཀག་ཅིང་མ་གཡོས་པས་ཀྱང་འོག་རླུང་རང་བཞིན་གྱིས་ཟིན། ཨ་ལོང་རང་བཞིན་གྱིས་བཙུམ་གྱིས་འགྲོ། འོག་རླུང་ཅུང་ཟད་འཐེན་ཡང་འཐེན་ནོ། །དེས་ལུས་ཡོད་པ་མི་མངོན་པའི་བདེ་བ་གཅིག་སྐྱེའོ། །བཞི་པ་དབྱེར་མི་ཕྱེད་པའི་གནད་ཀྱི་བརྡའ་ནི། ལྕེའི་རྩེ་མོ་གང་ལ་ཡང་མི་རེག་པར་བཞག་གོ། །དེ་ཡང་བཤད་པ་སྔ་ཕྱིར་བྱུང་ཡང་། ཉམས་སུ་ལེན་པའི་དུས་སུ་འོག་རླུང་ཅུང་ཟད་འཐེན། ལྕེ་རྩེ་གང་ལ་ཡང་མ་རེག་པར་དབང་པོའི་སྒོ་མ་བཀག་ཅིང་མ་གཡོས་པར་བཞག་གོ། །དེས་བདེ་བ། གསལ་བ། མི་རྟོག་པ། དབྱེར་མི་ཕྱེད་ཅིང་། དབྱེར་མི་ཕྱེད་པ་ཙམ་གྱི་མཐའ་ལ་མི་གནས་པ་ཞིག་རྒྱུད་ལ་འཆར་རོ། །དེ་ཡང་གསལ་བའི་གནད་ཀྱི་བརྡའ་སྟེ། དབང་པོ་མ་བཀག་པ་ཡིན། མི་རྟོག་པའི་གནད་ཀྱི་བརྡའ་སྟེ། དབང་པོ་མ་གཡོས་པ་ཡིན། བདེ་བའི་གནད་ཀྱིས་འོག་རླུང་ཟིན་པ་ཡིན། དབྱེར་མི་ཕྱེད་གནད་ཀྱི་བརྡའ་སྟེ། ལྕེ་རྩེ་གང་ལ་ཡང་མ་རེག་པ་ཡིན་ནོ། །དེ་ཡང་གནད་ཀྱི་བརྡའ་དང་པོས་གསལ་བ་གཅིག་བྱུང་བ་དེ་དྲན་མེད་ཀྱི་གསལ་བ་ཡིན་ཏེ། རང་བཞིན་གྱིས་འོད་གསལ་བ་ཡིན། སེམས་ཉིད་རང་གི་ངོ་བོ་རང་གསལ་བ་ཡིན། དེ་ལ་འོད་གསལ་ཟེར་བ་ཡིན་ནོ། །གནད་གཉིས་པས་རྣམ་རྟོག་འགྱུ་འཕྲོ་བར་ཆད་ནས་ཅི་ཡང་ཡིད་ལ་མི་འགྱུ་བ། ཅི་ཡང་མི་རྟོག་པ་དྲན་མེད་གཅིག་འོང་སྟེ། དེ་ལ་མི་རྟོག་པ་ཟེར་བ་ཡིན། མི་རྟོག་པ་དེ་རང་གི་སེམས་དག་པ་ཡིན། བླ་མས་བསྟན་པའི་ཆོས་ཉིད་རྣམ་པར་དག་པ་བྱ་བ་ཡིན། དེ་ལ་གསལ་བ་ལ་སྟོང་པས་རྒྱས་ཐེབས་བྱ་བ་ཡིན། གནད་ཀྱི་བརྡའ་གསུམ་པས་ལུས་སེམས་བྲལ་ནས་ལུས་ཡོད་པ་མི་མངོན་པའི་བདེ་བ་ཅིག་འབྱུང་སྟེ། དེ་ལ་ཟག་པ་མེད་པའི་བདེ་བ་བྱ་བ་ཡིན། དེ་ལ་སྟོང་པའི་རོ་བདེ་བར་ཤར་བ་ཟེར་བ་ཡིན་ནོ། །གནད་ཀྱི་བརྡའ་བཞི་པས་བདེ་བ། གསལ་བ། མི་རྟོག་པ་གསུམ་པོ་དེ་དབྱེར་མི་ཕྱེད་པ་གཅིག་འབྱུང་བ་ཡིན་ཏེ། དེ་ཡང་རྒྱ་གང་དུ་ཡང་མ་ཆད་པ། ཕྱོགས་གང་དུ་ཡང་མ་ལྷུང་བ། དེ་གསུམ་ངོ་བོ་གཅིག་ཏུ་འདུག་པའོ། །འབྲས་བུའི་དུས་སུ་ཡང་རིམ་པས་སྐུ་བཞི་འབྱུང་བའོ། །མིག་སྣ་རྩེར་གཏད་པ་ནི། དུས་འཁོར་ལས། མུ་སྟེགས་ཚངས་གནས་གྱེན་ལ་བལྟ། །ཞི་བ་པོ་ནི་མཐུར་དུ་བལྟ། །ཁྲོ་བོའི་ལྟ་སྟངས་ཐད་ཁར་བལྟ། །ཡང་དག་ལྟ་སྟངས་སྣ་རྩེའོ། །ཞེས་བཤད་དོ། །དབང་པོའི་སྒོ་མ་བཀག་པ་ནི། རྫོགས་ཆེན་ལས། མིག་མ་བཙུམ་པའི་རྣལ་འབྱོར་ནི། །རྣལ་འབྱོར་ཀུན་ལས་ཁྱད་པར་འཕགས། །སེང་གེའི་ལྟ་སྟངས་ཞེས་སུ་བཤད། །དབང་པོ་མ་གཡོས་པ་ནི། དུས་འཁོར་ལས། ཀ་རན་བཅིངས་པ་ན་ཡོན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཞེས་གསུངས་སོ། །དེ་ལ་གསུམ། ཡེ་སྲིད་པའི་སྲིད་པ། ཇི་སྲིད་པའི་སྲིད་པ། མི་སྲིད་པའི་སྲིད་པའོ། །དང་པོ་ནི་སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་དང་གསུམ་ཡིད་ལ་མི་འགྱུ་བ་གཅིག་འོང་། གཉིས་པ་ནི། རྟོག་པ་གཅིག་འཆར་བས་གཅིག་འགག །གཉིས་ཤར་གཉིས་འགག །དེ་གཉིས་ཀ་ཡིད་ལ་མི་འགྱུ་བ་གཅིག་འོང་། གསུམ་པ་ནི། བདེའོ་སྙམ་པའམ། གསལ་ལོ་སྙམ་པའམ། མི་རྟོག་གོ་སྙམ་པའམ། དབྱེར་མི་ཕྱེད་ངོ་སྙམ་པ་ཡང་ཡིད་ལ་མི་བྱེད་པ་གཅིག་འོང་། འོག་རླུང་ཅུང་ཟད་འཐེན་པས་ལུས་སེམས་གཉིས་བྲལ་ནས་ཟག་པ་མེད་པའི་བདེ་བ་གཅིག་སྐྱེ། དེའི་ལུང་ཡང་ཕར་ཕྱིན་བྱམས་ཞུས་ལེའུ་ནས། གང་ལུས་ཡོད་དུ་མི་ཚོར་བའི་བདེ་བ་དེ་ནི་ཟག་པ་མེད་པའི་བདེ་བའོ། །བླ་ན་མེད་པའི་བདེ་བའོ། །བདེ་བ་ཆེན་པོའོ། །ཞེས་བཤད་དོ། །ལྕེ་རྩེ་གང་ལ་ཡང་མ་རེག་པར་བཞག་པས། གསལ་བ། མི་རྟོག་པ། བདེ་བ་གསུམ་དབྱེར་མི་ཕྱེད་པ་གཅིག་རྒྱུད་ལ་སྐྱེའོ། །དེའང་འཇམ་དཔལ་མཚན་བརྗོད་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་གསུངས་སོ། ༈ །བརྟན་པ་གོང་ནས་གོང་དུ་བོགས་འབྱིན་པར་བྱེད་པ་ནི། སྒོམ་གྱི་སྐྱོན་སེལ་བ་ཡིན་ཏེ། སེམས་ཉིད་དང་ཆོས་ཉིད་ལ་སྐྱོན་མི་འོང་ཡང་། ལུས་འབྱུང་བ་བཞི་ལས་གྲུབ་པས། འབྱུང་བ་ཆ་མ་སྙོམས་ན་ལུས་ལ་ནད་འོང་། ཏིང་ངེ་འཛིན་མི་སྐྱེ། དེ་ཡང་ས་ཤས་ཆེ་ན་ལུས་ལྕི། རྒྱུ་བ་ངན། གཉིད་ཆེ། ཉལ་སྙིང་འདོད་གཏམ་སྨྲ་སྙིང་མི་འདོད། རླུང་ཤས་ཆེ་ན་འགྲོ་བ་དང་སྨྲ་བ་ལ་དགའ། ཤེས་པ་འཕྲོ། ཆུ་ཤས་ཆེ་ན་བྱིང་འཐིབ་ཤེས་པ་འདར་དྲན་པ་མེད་པར་གཉིད་དུ་འགྲོ། མེ་ཤས་ཆེ་ན་རྒོད་པ་དང་འཕྲོའོ། །དེ་ཚོ་གང་ཤས་ཆེ་ཡང་སྒོམ་མི་ཆགས་སོ། །རླུང་ཤས་ཆེ་ན་སྔ་དྲོ་རླུང་གི་དུས་སུ་ས་བསྒོམ་པ་ནི། རྐང་པའི་མཐེ་བོང་གཅིག་ཐོག་ཏུ་གཅིག་བཞག་སྟེ། ལག་པ་གཉིས་དཔུང་པ་ལ་འཁྱུད། མཐེབ་ཆེན་གཉིས་ཀྱིས་དཔུང་པའི་ནང་རྩ་གཉིས་མནན་ཏེ། གྲུ་མོ་པུས་མོ་ལ་འཁྱུད། མགོ་མར་དགུག་གོ། །དེས་ལུས་གྲུ་གུ་ལྟར་བསྒྲིལ་ལོ། །ལྟ་སྟངས་ནི་ཐུར་ལ་བལྟ་སྟེ། ལྟེ་བ་ན་ས་ལྃ་སེར་པོའམ། ཡང་ན་ཐིག་ལེ་སེར་པོ་གཅིག་ལ་ཤེས་པ་གཏད་དོ། །རླུང་ཤས་ཆུང་དུ་ཡིན་ན་ཐུན་གཅིག་གིས་འགྲོ་སྟེ། ཏིང་ངེ་འཛིན་སྐྱེའོ། །ཕྱི་དྲོ་ཆུའི་དུས་སུ་མེ་ཆུ་ཤས་ཆེ་ན། བསྒོམ་པ་ནི། འདུག་སྟངས་རྐང་པ་བརྐྱངས་པ་ལ་སོགས་གང་བདེ་བྱ། ལག་པ་ཡང་དེ་དང་འདྲའོ། །སྟོད་ཀྱི་གོས་ཕུད། སྨད་བཀབ། མཇིང་པ་བསྒྲེང་ངོ་། །ལྟེ་བར་ཡི་གེ་རྃ་དམར་པོ་ལ་ཤེས་པ་གཏད། ལྟ་སྟངས་གྱེན་ལ་བལྟ། རིག་པ་དེ་སྤྱི་བོ་ནས་ཡར་ལ་ཟང་ཟང་ཐོན་པར་བསམ། རང་གི་སྤྱི་བོ་ན་ཁྲུ་གང་གི་སར་ཡི་གེ་རྃ་མམ་ཐིག་ལེ་དམར་པོ་ལ་སེམས་གཏད་དེ་བསྒོམ་མོ། །ལན་བདུན་བྱའོ། །དེས་སྐྱོན་ལས་གྲོལ་ཏེ་ཏིང་ངེ་འཛིན་སྐྱེའོ། །སྲོད་ལ་མེའི་དུས་སུ་ཆུ་མེ་ཤས་ཆེ་ན་བསྒོམ་པ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱ། ལག་པ་མཉམ་བཞག །ལྟ་སྟངས་ནི་རི་ཐང་མཚམས་ལས་མཐོ་བར་བལྟ། ལྟེ་བར་ཆུ་ཡི་ཡི་གེ་བྃ་ལ་གཏད། དེ་བས་ཀྱང་ཤེས་པ་རང་སོ་ལ་བཞག་གསུངས་སོ། །དེས་ཀྱང་སྐྱོན་ལས་གྲོལ་ཏེ་ཏིང་ངེ་འཛིན་སྐྱེའོ། །ནམ་ས་ཤས་ཆེ་ན་ཕྱེད་ཡོལ་ནས་ཉི་མ་མ་ཤར་གྱི་བར་སའི་དུས་སུ་རླུང་བསྒོམ་པ་ནི། རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་གི་ཕྱག་རྒྱ་བྱ། ལྟ་སྟངས་ཐད་ཀར་བལྟའོ། །རང་གི་ལྟེ་བའི་ཐད་ཀར་ཡི་གེ་ཡྃ་ལྗང་གུའམ། ཐིག་ལེ་ལྗང་ཁུ་ལ་སེམས་གཏད་ལ་བསྒོམ། དེས་སྐྱོན་ལས་གྲོལ་ཏེ་ཏིང་ངེ་འཛིན་སྐྱེའོ། །ཀུན་གྱི་གེགས་སེལ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ། སྙིང་ཁའམ་ལྟེ་བར་ༀ་ཁ་དོག་ལྔ་པ་བསྒོམ། རླུང་ཐུབ་ཚད་བཟུང་ངོ་། །དེ་ལྟར་སྒོམ་གྱི་སྐྱོན་བསལ་ཞིང་ཉམས་སུ་བླངས་པས། ཉམས་རྣམ་པ་གསུམ་འཆར་ཏེ། སྒོམ་ཉམས་དང་པོ་རྩེ་གཅིག་སྒྱུ་མ་ལྟ་བུའི་ཉམས་ཤར་བའི་དུས། ནགས་ལ་མེ་མཆེད་པ་དང་འདྲ་སྟེ། དཔེར་ན་ནགས་ལ་མེ་མཆེད་པ་དེ། དང་པོ་ཆུང་ངུ་ལས་ཇེ་ཆེ་ཇེ་ཆེ་ལ་ནགས་ཐམས་ཅད་ལ་མེ་འབར། དེ་ནས་མེ་དེ་ཇེ་ཆུང་ཇེ་ཆུང་ལ་ཐ་མ་རང་ཞི་ནས་མེད་པར་འགྲོ། དེ་བཞིན་དུ་རྟགས་ལྔ་པོ་ཡང་དང་པོ་ཆུང་ངུ་ལས་ཆེ་ཆེར་འགྲོ། དེ་ནས་ཕྱིས་ཇེ་མེད་ལ་ཐ་མ་ཡལ་འགྲོ། དེའང་སྒོམ་གྱི་སྐྱོན་བསལ་ཞིང་བརྡའ་གཉིས་ཀྱི་སྒོ་ནས་བསྒོམ་པས་ལས་དང་པོ་པ་ལ་ཆོས་ཉིད་ཡད་ཡུད་ཙམ་བྲང་བྲེང་ཙམ་འབྱུང་། རྗེས་ལ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས། སྒྱུ་མ་ལྟ་བུར་འགྱུར་སྟེ། མདོ་ལས་ཀྱང་། གཟུགས་ནི་སྒྱུ་མ་ལྟ་བུའོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒྱུ་མ་ལྟ་བུའོ། །རྣམ་པ་ཐམས་ཅད། མཁྱེན་པ་ཉིད་ལས་ལྷག་པའི་ཆོས་གཞན་ཞིག་ཡོད་ནའང་སྒྱུ་མ་ལྟ་བུའོ། །ཞེས་བཤད་དོ། །དེ་ཡང་ཡུན་རིང་དུ་བསྒོམས་པས་རྗེས་ལ་འབར་བ་ལྟ་བུའི་རྟགས་འཆར་རོ། །དེ་ཡང་ཁ་དོག་ལ་ངེས་པ་མེད་དོ། །དཀར་པོ་ལྟ་བུ་ལ་མཚོན་ན། དཀར་པོ་ཆུང་ངུ་གཅིག་ལ་དཀར་ཕྲེང་བའམ། དཀར་ཁྱུག་ལ་དཀར་སྐེམ་པ་ལྟ་བུ་གཅིག་འབྱུང་ངོ་། །དེ་ཇེ་ཆེ་ཇེ་ཆེ་ལ། མེ་ལོང་ཙམ། ཕུབ་ཙམ། གཡེལ་ཐང་ཙམ། མཇུག་ཏུ་ཡུལ་ཁམས་ཐམས་ཅད་དཀར་ཡལ་ལ་དཀར་པོ་འབའ་ཞིག་ཏུ་འགྱུར་ཏེ། དེ་ཡུན་རིང་དུ་འབྱུང་། དེ་ནས་དེ་ཡལ་ནས་འགྲོ། ཁ་དོག་བཞི་པོ་ཡང་དེ་དང་འདྲ། དེ་ནས་ཟླ་བ་ཤར་བ་ལྟ་བུའི་རྟགས་འཆར་ཏེ། དང་པོ་མེ་ལོང་ཙམ། དེ་ནས་ཕུབ་ཙམ། དེ་ནས་ཡུལ་ཙམ། དེ་ནས་ཡུལ་ཁམས་ཐམས་ཅད་ཟླ་བ་གསལ་པོ་ལྟ་བུའོ། །དེ་ནས་ཉི་མ་ཤར་བ་ལྟ་བུའི་རྟགས་འཆར་ལུགས་གོང་དང་འདྲའོ། །འདིའི་དུས་སུ་ཉིན་མཚན་བྱེ་བྲག་མི་ཕྱེད་པ་འོང་ངོ་། །འདི་ནས་རང་གི་ལུས་ལ་གྲིབ་མ་མི་འབྱུང་ངོ་། །དེ་ནས་སྤྲུལ་པ་སྐུའི་ཞིང་ཁམས་མཐོང་བ་འབྱུང་སྟེ། དང་པོ་རང་གི་ཡི་དམ་གང་ཡིན་པ་གཅིག་ཞལ་མཐོང་བ་གཅིག་འབྱུང་སྟེ། རྗེས་ཤེས་ལ་ཡང་དང་ཡང་དུ་མཐོང་། དེ་ནས་འཇུག་ཏུ་སྣང་བ་དང་དངོས་པོ་འདི་ཐམས་ཅད་ཡི་དམ་དུ་འཆར་ཏེ། དེ་ཡང་དངོས་པོ་ཆེ་བ་དང་སྦོམ་པ་ཐམས་ཅད་ཡི་དམ་ཆེ་བ་དང་སྦོམ་པ། ཆུང་བ་དང་ཕྲ་བ་ཐམས་ཅད་ཡི་དམ་ཆུང་བ་དང་ཕྲ་བར་མཐོང་ངོ་། །དེ་ཡུན་རིང་དུ་གནས་དེ་ཡང་དག་ནས་འགྲོ། འདིའི་དུས་སུ་གཟུང་བ་རང་བཞིན་མེད་པར་རྟོགས་སོ། །དེ་ནས་ལོངས་སྐུའི་ཞིང་ཁམས་མཐོང་བ་ནི། རྗེས་ཤེས་བར་སྣང་ཐམས་ཅད་ཡི་དམ་གྱིས་ཁེངས་པ་འབྱུང་སྟེ། འདིའི་དུས་སུ་ནད་ཞི་བ་ལ་སོགས་སྨོན་ལམ་ཅི་བཏབ་འགྲུབ་བོ། །འདིའི་དུས་སུ་འཛིན་པ་རང་བཞིན་མེད་པར་རྟོགས་སོ། །རྟགས་དེ་རྣམས་བྱུང་བ་དང་མ་བྱུང་བ་ལ་དགའ་མི་དགའ་མི་བྱའོ། །དེ་ནས་རྗེས་ཐོབ་ལ་ཉམས་གཉིས་པ་དུ་མ་རོ་གཅིག་སྟོང་པ་ཉིད་ཀྱི་ཉམས་འཆར་ཏེ། དེ་ཡང་ཕྱིའི་ཡུལ་དྲུག་སྟོང་པ་ཉིད་དུ་རྟོགས། སྟོང་པ་ཉིད་དུ་འགྱུར་ཏེ། ལུང་ལས་ཀྱང་། གཟུགས་སྟོང་པ་ཉིད་དོ་ལ་སོགས་པ་གསུངས་སོ། །ནང་གི་སེམས་ལྔ་སྟོང་པ་ཉིད་དུ་གྱུར། འདོད་ཆགས་ལ་སོགས་པ་ལྔ་སྟོང་པ་ཉིད་དུ་རྟོགས། སྟོང་པ་ཉིད་དུ་གྱུར། ལུང་ལས། འདོད་ཆགས་སྟོང་པ་ཉིད་ལ་སོགས་པ་གསུངས་སོ། །དཔེ་ནི་མཚོ་ལ་ཁ་བ་བབ་པ་ལྟ་བུའོ། །དེའི་དུས་ན་མངོན་པར་ཤེས་པ་ལྔ་འཆར་ཏེ། ལྷའི་མིག་གི་མངོན་པར་ཤེས་པ། ས་འོག་ས་སྟེང་ས་བླ་རྣམ་པ་གསུམ་མཐོང་བའོ། །ལྷའི་རྣ་བའི་མངོན་པར་ཤེས་པ། ས་འོག་ས་བླ་ས་སྟེང་གསུམ་གྱི་སེམས་ཅན་ཤིག་གི་སྐད་ཚུན་ཆོད་ཐོས་པའོ། །གཞན་གྱི་སེམས་ཤེས་པ་སེམས་ལ་ཅི་འགྱུ་བ་ཤེས་པའོ། །འཕོ་བ་དང་སྐྱེ་བ་ཤེས་པ་ནི། གཞན་ཅིས་འཆི། ནམ་མཆི། མཆི་ལུགས་ཇི་ལྟར་འཆི། ཤི་ནས་གང་དུ་སྐྱེ་ཤེས་པའོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི། ལུས་ཤིང་བལ་ལྟར་ཡང་བ། ས་ལ་བྱི་བ་ལྟར་འཛུལ་བ། ནམ་མཁའ་ལ་འཕུར་ཤེས། ཆུ་ལ་བྱིང་བ་མེད་པར་འགྲོ་བ། ལུས་ཀྱི་བཀོད་པ་དུ་མར་སྤྲུལ་ནུས་པའོ། །ལུང་ཡང་ཕར་ཕྱིན་ལས། ནམ་མཁའ་ལ་འཕུར་ཤེས་ཏེ་བྱ་བཞིན་ནོ། །ཆུ་ལ་མི་བྱིང་སྟེ་ས་ལ་བྱི་བ་བཞིན་ནོ། །ས་ལ་འཛུལ་ཏེ་ཆུ་ལ་བྱ་ཉ་འདྲ་བ་བཞིན་ནོ། །སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་འབྲུབ་པ་དང་། གཅིག་ཏུ་སྤྲུལ་ནས་མང་པོར་འགྱེད་པ་དང་། མང་པོར་སྤྲུལ་ནས་གཅིག་ཏུ་སྡུད་ཤེས་པའོ། །ཞེས་གསུངས་སོ། །དེ་ནས་ཉམས་གསུམ་པ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཉམས་འཆར་ཏེ། བརྡའ་གཉིས་ལ་མི་ལྟོས་པར་མཉམ་བཞག་རྗེས་ཐོབ་མེད། སེམས་ཆོས་ཉིད་དུ་དག །དཔེ་ནམ་མཁའ་དག་པ་ལ་ཉི་མ་ཤར་བ་ལྟ་བུ་སྟེ། སེམས་ཉིད་གཉིས་འཛིན་གྱི་མཐའ་ལས་གྲོལ་བའོ། །སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཉམས་ཁྲིད་སྒོམ་གྱི་ཡི་གེ་གསལ་བའི་སྒྲོན་མེ་རིན་པོ་ཆེ། འཛིང་དྷརྨ་བྷོ་དྷིས་སློབ་དཔོན་འོ་ལ་བཛྲ་སཾ་སིདྡྷི་ཀིརྟི་ལ་གནང་། དེས་སློབ་དཔོན་འཛིང་ཇོ་སྲས་ལ་གནང་། དེས་གཟིགས་ཡེ་ཤེས་དབང་པོ་ལ་གནང་། དེས་དཔལ་ལྡན་རུ་པ་ཆེན་པོ་ལ་གནང་། དེས་རུ་སྟོན་འཇམ་པའི་དབང་ཕྱུག་ལ་གནང་། དེས་གོ་རམ་པ་བྱང་ཆུབ་འབུམ་ལ་གནང་། དེས་མཐའ་བཞི་པ་གཞོན་ནུ་བྱང་ཆུབ་ལ་གནང་། ཨཐྎ།། ༈ །།སྒོམ་གྱི་ཁྲིད་རིམ་བཅོ་ལྔ་པ་རྒྱུད་ལུང་མན་ངག་དང་མི་འགལ་བ་བཞུགས། ན་མོ་གུ་རུ། དམར་ཁྲིད་དུ་བསྟན་པ་འདི་ལ། དང་པོ་མི་སྐྱེ་བ་སྐྱེ་བར་བྱ་བའི་ཐབས་བསྟན་པ་དང་གཅིག །སྐྱེས་པ་བརྟན་པར་བྱ་བའི་ཐབས་བསྟན་པ་དང་གཉིས། དེ་ལ་བྱིང་རྒོད་ཀྱི་སྐྱོན་བྱུང་ན་བསལ་ཐབས་བསྟན་པ་དང་གསུམ། དེ་ལྟར་ཉམས་སུ་བླངས་པས་ཉམས་རྣམ་པ་གསུམ་ཇི་ལྟར་འཆར་ལུགས་བསྟན་པ་དང་བཞི། དེ་ལྟ་བུའི་སྐྱོན་མེད་དེ་བསྒོམ་པ་ལ་ཚེ་ཐུང་ན་མི་འགྲུབ་པས་བཅུད་ལེན་ལ་བརྟེན་ནས་ཚེའི་རིག་འཛིན་བཞི་ཇི་ལྟར་བསྟེན་པར་བསྟན་པ་དང་ལྔ། དེ་མ་གྲུབ་ཀྱི་བར་དུ་ཤི་ན་ངན་སོང་དུ་སྐྱེ་དོགས་ཡོད་པ་བསྲུང་བ་དང་བསྐྲད་པའི་སྦྱོར་བས་ངན་སོང་གི་སྒོ་དགག་པ་དང་དྲུག །མཐོ་རིས་ཐར་པའི་ལམ་བསྟན་པ་དང་བདུན། ཚེ་རིང་བར་བྱུང་ཡང་ལུས་ལ་ན་ཚ་དང་། སེམས་ལ་སྡུག་བསྔལ་བྱུང་ན་བསྒོམ་མི་འོང་བས་ཧེ་རུ་ཀ་མཆོག་གི་དངོས་གྲུབ་བླང་བའི་ཐབས་ཀྱི་སྒོ་ནས་དེ་གཉིས་མི་འོང་བར་བསྟན་པ་དང་བརྒྱད། ཕྱིའི་འབྱུང་བ་ཆེན་པོ་ལ་རྩལ་སྦྱངས་པའི་ཕྱིར་ཟད་པར་གྱི་ཏིང་ངེ་འཛིན་ལ་དངོས་གྲུབ་བླངས་པ་དང་དགུ། ན་ཚ་དང་སྡུག་བསྔལ་ཟད་པར་བཅུ་ལ་དབང་ཐོབ་ཀྱང་ཟས་ནོར་གྱིས་མི་འཚོ་ན་ཌཱ་ཀི་གསུམ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་བསྟན་པ་དང་བཅུ། ཟས་ནོར་གྱིས་འཚོ་ཡང་བར་དུ་གཅོད་པའི་དགྲ་བགེགས་བྱུང་ན་ཌཱ་ཀི་གསུམ་ལ་བརྟེན་ནས་མངོན་སྤྱོད་ཀྱི་ཕྲིན་ལས་བསྟན་པ་དང་བཅུ་གཅིག །འདིའི་བརྒྱུད་པ་ཕུང་པོ་ལྷག་མེད་དུ་གཤེགས་པ་ཤ་སྟག་ཡོད་ཀྱང་། རྒྱ་ལ་བསྒོམ་ཡུན་ཐུང་སྟེ་ལྷག་མེད་དུ་མ་སོང་ན། འཆི་ལྟས་བརྟགས་པ་བསྟན་པ་དང་བཅུ་གཉིས། རྟགས་བྱུང་ནས་འཆི་བ་བསླུ་བར་བསྟན་པ་དང་བཅུ་གསུམ། མ་བསླུས་ན་འཕོ་བ་བྱ་བར་བསྟན་པ་དང་བཅུ་བཞི། དེ་ལྟར་འཕོས་ནས་བར་དོའི་སྣང་བ་འཆར་བ་སྲིད་པས། བར་དོའི་གདམས་ངག་བསྟན་པ་དང་བཅོ་ལྔའོ། །འཛིང་ཡབ་སྲས་ཀྱི་གདམས་པ། འོ་ལའི་བནྡེས་ཞུས་པ་གོ་བ་རི་པའི་ཐུགས་དམ་བདག་ལ་གནང་བ་ལགས་སོ།། །། སྙན་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་སྒོམ་ཁྲིད་ཀྱི་ལག་ལེན་འོ་ལ་ཇོ་སྲས་ཀྱི་བཅུད་རྒྱ་སྒོམ་གྱི་སྣོད་དུ་བླུགས་པ་བཞུགས་སོ། །བླ་མ་ཧེ་རུ་ཀ་དང་ནི། །བཀའ་སྲུང་མཁའ་འགྲོར་བཅས་རྣམས་ལ། །རབ་ཏུ་གུས་པས་ཕྱག་འཚལ་ནས། །དམ་པའི་གསུང་བཞིན་མ་ནོར་བྲི། །དེ་ལ་རྣལ་འབྱོར་པ་བླ་མ་ལ་གུས་ཤིང་བྱིན་རླབས་ཀྱིས་རྒྱུད་སྨིན་ཅིང་གདམས་པ་ཐོབ་ནས་འཇིག་རྟེན་གྱི་བྱ་བ་ལ་མི་དགའ་ཞིང་། བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་འདོད་པའི་རྟེན་གྱི་གང་ཟག་གིས་གནས་ཡིད་དང་མཐུན་ཞིང་དབེན་པའི་གནས་སུ་འདུག་ནས། དེ་ལ་དང་པོ་མི་སྐྱེ་བ་སྐྱེ་བར་བྱེད་པའི་གནད་ནི། སྒོམ་ཐག་བལྟབ་ལ་བརྐྱང་ཁྲུ་གང་དང་སོར་བཞིའོ། །སྒོམ་རྟེན་ལའང་ཚད་དེ་ཙམ་ཞིག་གོ། །འདུག་སྟངས་ལ་སྔ་གྲོ་ཁ་ནུབ་ཏུ་བལྟ། པུས་མོ་གཡོན་པས་ལ་དབབ། གཡས་པ་བསྒྲེང་བའི་པུས་མོའི་ཁར་སྒོམ་ཐག་འཁྱུད། སྒོམ་རྟེན་གཞོགས་གཡོན་ངོས་ཀྱི་སྟ་ཟུར་ངོས་ནས་ལག་པ་གཉིས་ཀྱིས་བཟུང་བར་བྱའོ། །དགོང་མོ་ཁ་ཤར་དུ་བལྟ། པུས་མོ་གཡས་པ་ས་ལ་དབབ། གཡོན་པ་བསྒྲེང་བའི་པུས་མོའི་ཁར་སྒོམ་ཐག་འཁྱུད། སྒོམ་རྟེན་གཡས་ངོས་ཀྱི་སྟ་ཟུར་ལ་ལྟའོ། །ཉིན་གུང་ལ་དུས་ཀྱི་གནད་མི་འོང་བས་མི་སྒོམ་གསུངས། གཉིས་པ་སྐྱེས་པ་བརྟན་པར་བྱེད་པའི་གནད་ནི། བརྡ་གཉིས་ཀྱི་སྒོ་ནས་ཉམས་སུ་བླང་བར་བྱ་སྟེ། དུས་ཀྱི་བརྡ་དང་། གནད་ཀྱི་བརྡའོ། །དུས་ཀྱི་བརྡ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ་སྟོན་པས་ད་རེས་འདིར་མི་སྟོན། འོ་ན་དེར་སྟོན་ཡང་བཤད་ན་ཇི་ལྟ་བུ་གཅིག་ཡིན་ན། རྒྱུད་མཱུ་ལ་ཏནྟྲ་ལས། དུས་ཀྱི་བརྡ་ནི་ཤེས་བྱས་ནས། །གནད་ཀྱི་བརྡ་ནི་ཡོངས་གྱུར་ནས། །ཡོངས་གྱུར་གཉིས་ལ་མི་གནས་ཏེ། །ཞེས་བཤད་དོ། །དེ་ལ་དུས་ཀྱི་བརྡ་ནི་རླུང་ཨ་བ་དྷུ་ཏིར་ཚུད་པའི་དུས་སོ། །ཨ་བ་དྷུ་ཏི་ལ་ལྔ་ཡོད་དེ། སྤྱི་བོ་གཙུག་ཏོར་གྱི་ཨ་བ་དྷུ་ཏི། མགྲིན་པ་ལོངས་སྤྱོད་ཀྱི་ཨ་བ་དྷུ་ཏི། སྙིང་ག་ཤེས་རབ་ཀྱི་ཨ་བ་དྷུ་ཏི། ལྟེ་བ་སྤྲུལ་པའི་ཨ་བ་དྷུ་ཏི། གསང་བ་བདེ་ཆེན་གྱི་ཨ་བ་དྷུ་ཏི་དང་ལྔ་ཡོད་པས་དེ་རྣམས་གང་དུ་ཚུད་ཀྱང་འདྲ་སྟེ། དེའི་རྟགས་སུ་རླུང་སྣ་བུག་གཡོན་ནས་རྒྱུའོ། །དེའི་དུས་སུ་གནད་ཀྱི་བརྡ་བཞིས་ཉམས་སུ་བླང་བ་ནི། དང་པོ་གསལ་བའི་གནད་ཀྱི་བརྡ་ནི། དབང་པོ་མ་བཀག་སྟེ་དེ་ཡང་སྣའི་རྩེ་མོ་མཐོ་གང་ཙམ་གྱི་ཐད་ཀར་བལྟས་ཏེ་དབང་པོ་མ་བཀག་པར་བཞག་གོ། །དེས་རྒྱུད་ལ་ཇི་ལྟ་བུ་ཞིག་འཆར་ན་སེམས་ཉིད་རང་གི་ངོ་བོ་རང་གསལ་བ་གཅིག་འོང་། དེའང་དྲན་པ་དང་བཅས་པའི་གསལ་བ་དང་། དྲན་མེད་གཉིས་ལས། འདི་དྲན་མེད་ཀྱི་གསལ་བ་ཡིན། དེ་ལ་མིང་འདོགས་ན་གསལ་བ་ཟེར་བ་ཡིན། གཉིས་པ་མི་རྟོག་པའི་གནད་ཀྱི་བརྡ་ནི། དབང་པོ་མ་གཡོས་པར་མིག་གི་འབྲས་བུ་མི་གཡོ་བ་མི་འགུལ་བར་ཙེན་ལ་བཞག་པ་ཡིན། དེ་ལས་རྒྱུད་ལ་ཇི་ལྟར་དུ་འཆར་ན། སེམས་ཉིད་རང་གི་ངོ་བོ་རང་གསལ་བ་སལ་ལེ་བ་བློ་ཡི་རྟོག་པ་ཅི་ཡང་མི་རྒྱུ་བ་གཅིག་ཡོང་། དེ་ནི་གསལ་བ་ལ་སྟོང་པས་རྒྱས་ཐེབས་པ་ཞེས་བྱའོ། །གསུམ་པ་བདེ་བའི་གནད་ཀྱི་བརྡ་ནི། དབང་པོ་མ་བཀག་ཅིང་མ་གཡོས་པས་ཀྱང་འོག་རླུང་རང་བཞིན་གྱིས་ཟིན། ཨ་ལོང་ཁ་རང་བཞིན་གྱིས་བཙུམ་གྱིས་འགྲོ། འོག་རླུང་ཅུང་ཞིག་འཐེན་ཡང་འཐེན་ནོ། །དེས་ལུས་ཡོད་དུ་མི་མངོན་པའི་བདེ་བ་གཅིག་སྐྱེའོ། །བཞི་པ་དབྱེར་མི་ཕྱེད་ཀྱི་བརྡ་ནི། ལྕེའི་རྩེ་མོ་གང་ལའང་མི་རེག་པར་བཞག་གོ། །དེ་ཡང་བཤད་པ་སྔ་ཕྱིར་བྱུང་ཡང་ཉམས་སུ་ལེན་པའི་དུས་སུ། འོག་རླུང་ཅུང་ཟད་འཐེན། ལྕེ་རྩེ་གང་ལའང་མ་རེག་པར་དབང་པོའི་སྒོམ་བཀག་ཅིང་མ་གཡོས་པར་བཞག་གོ། །དེས་བདེ་བ་གསལ་བ་མི་རྟོག་པ་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་ཙམ་གྱི་མཐའ་ལ་ཡང་མི་གནས་པ་ཞིག་རྒྱུད་ལ་འཆར་རོ། །དེའང་གསལ་བའི་གནད་ཀྱི་བརྡ་དེ་དབང་པོ་མ་བཀག་པ་ཡིན། མི་རྟོག་པའི་གནད་ཀྱི་བརྡ་དེ་དབང་པོ་མ་གཡོས་པ་ཡིན། བདེ་བའི་གནད་ཀྱི་བརྡ་དེ་འོག་རླུང་ཟིན་པ་ཡིན། དབྱེར་མི་ཕྱེད་ཀྱི་གནད་ཀྱི་བརྡ་དེ་ལྕེ་རྩེ་གང་ལའང་མ་རེག་པ་ཡིན་ནོ། །དེའང་གནད་ཀྱི་བརྡ་དང་པོས་གསལ་བ་གཅིག་འབྱུང་བ་དེ་དྲན་མེད་ཀྱི་གསལ་བ་དེ་ཡིན་ཏེ། རང་བཞིན་གྱིས་གསལ་བ་ཡིན། སེམས་ཉིད་རང་གི་ངོ་བོ་རང་གསལ་བ་ཡིན། དེ་ལ་འོད་གསལ་ཟེར་བ་ཡིན་ནོ། །གནད་ཀྱི་བརྡ་གཉིས་པས་རྣམ་རྟོག་འགྱུ་འཕྲོ་བར་ཆད་ནས་ཅི་ཡང་ཡིད་ལ་མི་རྒྱུ་བ། ཅི་ཡང་མི་རྟོག་པ། དྲན་མེད་ཅིག་འོང་སྟེ། དེ་ལ་མི་རྟོག་པ་ཟེར་བ་ཡིན། མི་རྟོག་པ་དེ་རང་གི་སེམས་དག་པ་ཡིན། བླ་མས་བསྟན་པའི་ཆོས་ཉིད་རྣམ་པར་དག་པ་བྱ་བ་ཡིན། དེ་ལ་གསལ་བ་ལ་སྟོང་པའི་རྒྱས་ཐེབས་པ་ཟེར་བ་ཡིན། གནད་ཀྱི་བརྡ་གསུམ་པས་ལུས་སེམས་བྲལ་ནས་ཡོད་དུ་མི་མངོན་པའི་བདེ་བ་ཞིག་འབྱུང་སྟེ། དེ་ལ་ཟག་པ་མེད་པའི་བདེ་བ་བྱ་བ་ཡིན། དེ་ལ་སྟོང་པའི་ངོ་བདེ་བར་ཤར་བ་ཟེར་བ་ཡིན་ནོ། །གནད་ཀྱི་བརྡ་བཞི་པས་བདེ་བ་གསལ་བ་མི་རྟོག་པ་གསུམ་པོ་དེ་དབྱེར་མི་ཕྱེད་པ་གཅིག་འབྱུང་བ་ཡིན་ནོ། །དེའང་རྒྱ་གང་དུའང་མ་ཆད་ལ་ཕྱོགས་གང་དུའང་མ་ལྷུང་བའོ། །དེ་གསུམ་ངོ་བོ་གཅིག་ཏུ་འདུས་པའོ། །འབྲས་བུའི་དུས་སུ་ཡང་རིམ་པས་སྐུ་བཞི་འབྱུང་བའོ། །མིག་སྣ་རྩེར་གཏད་པ་ནི་དུས་འཁོར་ལས། མུ་སྟེགས་ཚངས་གནས་གྱེན་དུ་བལྟ། །ཞི་བ་པོ་ནི་མཐུར་དུ་བལྟ། །ཁྲོ་བོའི་ལྟ་སྟངས་ཐད་ཀར་བལྟ། །ཡང་དག་ལྟ་སྟངས་སྣ་རྩེའོ། །ཞེས་བཤད་དོ། །དབང་པོའི་སྒོ་མ་བཀག་པ་ནི་རྫོགས་ཆེན་ལས། མིག་མ་བཙུམ་པའི་རྣལ་འབྱོར་ནི། །རྣལ་འབྱོར་ཀུན་ལས་ཁྱད་པར་འཕགས། །སེང་གེའི་ལྟ་སྟངས་ཞེས་སུ་བརྗོད། །ཅེས་བཤད་དོ། །དབང་པོ་མ་གཡོས་པ་ནི་དུས་འཁོར་ལས། ཀ་ར་ན་བཅིང་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཞེས་སོ། །དེ་ལ་གསུམ། ཡེ་སྲིད་པའི་སྲིད་པ། ཇི་སྲིད་པའི་སྲིད་པ། མི་སྲིད་པའི་སྲིད་པའོ། །དང་པོ་ནི་སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་གསུམ་ཀ་ཡིད་ལ་མི་འགྱུ་བ་གཅིག་ཡོང་། གཉིས་པ་ནི་རྟོག་པ་གཅིག་ཤར་བས་གཅིག་འགགས། གཉིས་ཤར་གཉིས་འགགས། གཉིས་ཀ་ཡིད་ལ་མི་བྱེད་པ་གཅིག་འོང་། གསུམ་པ་ནི་བདེའོ་སྙམ་པའམ་གསལ་ལོ་སྙམ་པའམ་མི་རྟོག་གོ་སྙམ་པའམ་དབྱེར་མི་ཕྱེད་དོ་སྙམ་པ་ཡང་ཡིད་ལ་མི་བྱེད་པ་གཅིག་འོང་། འོག་རླུང་ཅུང་ཟད་འཐེན་པས་ལུས་སེམས་བྲལ་ནས་ཟག་པ་མེད་པའི་བདེ་བ་གཅིག་སྐྱེས། དེའི་ལུང་ཡང་ཕར་ཕྱིན་བྱམས་ཞུས་ལེའུ་ལས། གང་ལུས་ཡོད་དུ་མི་ཚོར་བའི་བདེ་བ་དེ་ནི་ཟག་པ་མེད་པའི་བདེ་བའོ། །བླ་ན་མེད་པའི་བདེ་བའོ། །བདེ་བ་ཆེན་པོའོ། །ཞེས་བཤད་དོ། །ལྕེ་རྩེ་གང་ལ་མ་རེག་པར་བཞག་པས་བདེ་བ་གསལ་བ་མི་རྟོག་པ་གསུམ་དབྱེར་མི་ཕྱེད་པ་གཅིག་རྒྱུད་ལ་སྐྱེའོ། །དེའི་ལུང་འཇམ་དཔལ་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་གསུངས་སོ། ༈ །བརྟན་པ་གོང་ནས་གོང་དུ་བོགས་འབྱིན་པར་བྱེད་པ་ནི། སྒོམ་གྱི་སྐྱོན་སེལ་བར་བྱེད་པ་ཡིན། སེམས་ཉིད་དང་ཆོས་ཉིད་ལ་སྐྱོན་མི་འོང་ཡང་། ལུས་འབྱུང་བ་བཞི་ལས་གྲུབ་པས་འབྱུང་བཞི་ཆ་མ་སྙོམས་ན་ལུས་ལ་ནད་འོང་། ཏིང་ངེ་འཛིན་མི་སྐྱེ། དེའང་ས་ཤས་ཆེ་ན་ལུས་ལྕི་རྒྱུ་བ་ངན། གཉིད་ཆེ་ཉལ་སྙིང་འདོད། གཏམ་སྨྲ་སྙིང་མི་འདོད། རླུང་ཤས་ཆེ་ན་འགྲོ་བ་དང་སྨྲ་བ་ལ་དགའ། ཤེས་པ་འཕྲོ། ཆུ་ཤས་ཆེ་ན་བྱིང་འཐིབ་ཤེས་པ་འདར་དྲན་པ་མེད་པར་གཉིད་དུ་འགྲོ། མེ་ཤས་ཆེ་ན་དྲན་པ་གསལ་རྒོད་པ་དང་འཕྲོའོ། །དེ་ཚེ་གང་ཤས་ཆེ་ཡང་སྒོམ་མི་འོང་བས། རླུང་ཤས་ཆེ་ན་སྔ་དྲོ་རླུང་གི་དུས་སུ་ས་བསྒོམ་སྟེ། རྐང་པའི་མཐེ་བོ་གཅིག་ཐོག་ཏུ་གཅིག་བཞག་སྟེ་ལག་པ་གཉིས་དཔུང་པ་ལ་འཁྱུད། ལག་པའི་མཐེབ་ཆེན་གཉིས་ཀྱིས་དཔུང་པའི་ནང་རྩ་གཉིས་མནན་ཏེ་གྲུ་མོ་པུས་མོ་ལ་འཁྱུད། མགོ་མར་དགུག་གོ། །དེས་ལུས་གྲུ་གུ་ལྟར་འདྲིལ་ལོ། །ལྟ་སྟངས་ནི་མཐུར་ལ་བལྟ། ལྟེ་བ་ནས་ལྃ་སེར་པོའམ། ཡང་ན་ཐིག་ལེ་སེར་པོ་གཅིག་ལ་གཏད་དོ། །རླུང་ཤས་ཆུང་ན་ཐུན་གཅིག་གིས་ཆོག་སྟེ་ཏིང་ངེ་འཛིན་སྐྱེའོ། ༈ །ཕྱི་དྲོ་ཆུའི་དུས་སུ་མེ་བསྒོམ་པ་ནི། འདུག་སྟངས་རྐང་པ་བརྐྱང་བ་ལ་སོགས་གང་བདེ་བྱ། ལག་པའང་དེ་དང་འདྲའོ། །སྟོད་ཀྱི་གོས་ཕུད། སྨད་དག བ། མཇིང་པ་བསྒྲེང་ངོ་། །ལྟེ་བར་ཡི་གེ་རྃ་དམར་པོ་ལ་ཤེས་པ་གཏད། ལྟ་སྟངས་གྱེན་ལ་བལྟ། རིག་པ་དེ་སྤྱི་བོ་ནས་ཡར་ཟང་ཟང་ཐོན། རང་གི་སྤྱི་བོ་ནས་ཁྲུ་གང་གི་སར་ཡི་གེ་རྃ་མ་མ་ཐིག་ལེ་དམར་པོ་ལ་སེམས་གཏད་དེ་སྒོམ་མོ། །ལན་བདུན་བྱའོ། །དེས་སྐྱོན་ལས་གྲོལ་ཏེ་ཏིང་ངེ་འཛིན་སྐྱེའོ། ༈ །སྲོད་ལ་མེའི་དུས་སུ་ཆུ་བསྒོམ་པ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱ། ལག་པ་མཉམ་གཞག་བྱ། ལྟ་སྟངས་ནི་རི་ཐང་མཚམས་ལས་མཐོ་ལ་བལྟ། ལྟེ་བར་ཆུ་ཡི་ཡི་གེ་བྃ་ལ་གཏད། དེ་བས་ཀྱང་ཤེས་པ་རང་སོར་བཞག་གསུངས་སོ། །དེས་ཀྱང་སྐྱོན་ལས་གྲོལ་ནས་ཏིང་ངེ་འཛིན་སྐྱེའོ། ༈ །ནམ་ཕྱེད་ཡོལ་ནས་ཉི་མ་ཤར་བའི་བར་སའི་དུས་སུ་རླུང་སྒོམ་པ་ནི། རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་གི་ཕྱག་རྒྱ་བྱ། ལྟ་སྟངས་ཐད་ཀར་བལྟའོ། །རང་གི་ལྟེ་བའི་ཐད་ཀར་ཡི་གེ་ཡྃ་ལྗང་གུའམ་ཐིག་ལེ་ལྗང་ཁུ་ལ་སེམས་གཏད་ལ་སྒོམ་མོ། །དེས་སྐྱོན་ལས་གྲོལ་ཏེ་ཏིང་ངེ་འཛིན་སྐྱེའོ། ༈ །ཀུན་གྱི་གེགས་སེལ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ། སྙིང་ཁའམ་ལྟེ་བར་ༀ་ཁ་དོག་ལྔ་པ་བསྒོམ། རླུང་ཐུབ་ཚད་བཟུང་ངོ་། །དེ་ལྟར་སྒོམ་གྱི་སྐྱོན་བསལ་ཞིང་བསྒོམ་པས་ཉམས་རྣམ་པ་གསུམ་འཆར་ཏེ། སྒོམ་ཉམས་དང་པོ་རྩེ་གཅིག་སྒྱུ་མ་ལྟ་བུའི་ཉམས་ཤར་བའི་དུས་སུ་ནགས་ལ་མེ་མཆེད་པ་དང་འདྲ། དཔེར་ན་ནགས་ལ་མེ་མཆེད་པ་དེ་དང་པོ་ཆུང་ངུ་ལས་ཇེ་ཆེ་ཇེ་ཆེར་ནགས་ཐམས་ཅད་ལ་མེ་འབར། དེ་ནས་མེ་དེ་ཇེ་ཆུང་ཇེ་ཆུང་ལ་ཐ་མ་རང་ཞི་ནས་མེད་ནས་འགྲོ། དེ་བཞིན་དུ་རྟགས་ལྔ་པོ་ཡང་དང་པོ་ཆུང་ངུ་ལས་ཇེ་ཆེར་འགྲོ། དེ་ནས་ཇེ་མེད་ལ་ཐ་མ་ཡལ་ནས་འགྲོ། དེ་ཡང་སྒོམ་གྱི་སྐྱོན་བསལ་ཞིང་བརྡ་གཉིས་ཀྱི་སྒོ་ནས་བསྒོམས་པས། ལས་དང་པོ་པ་ལ་ཆོས་ཉིད་ཡད་ཡུད་བྲང་བྲེང་ཙམ་འབྱུང་། རྗེས་ལ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས། སྒྱུ་མ་ལྟ་བུར་གྱུར་ཏེ། མདོ་ལས་ཀྱང་། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒྱུ་མ་ལྟ་བུའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ལྷག་པའི་ཆོས་གཞན་ཞིག་ཡོད་ནའང་སྒྱུ་མ་ལྟ་བུའོ། །ཞེས་བཤད་དོ། །དེའང་ཡུན་རིང་དུ་བསྒོམས་པས་རྗེས་ལ་འབར་བ་ལྟ་བུའི་རྟགས་འཆར། དེ་ཡང་ཁ་དོག་ལ་ངེས་པ་མེད་དེ་དཀར་པོ་ལྟ་བུ་གཅིག་ལ་མཚོན་ན་དཀར་པོ་ཆུང་ངུ་ལ་དཀར་ཕྲེང་བའམ་དཀར་ཁྱུག་ལ་དཀར་སྐེམ་པ་ལྟ་བུ་གཅིག་འབྱུང་ངོ་། །དེ་ཇེ་ཆེ་ཇེ་ཆེ་ལ་མེ་ལོང་ཙམ་ཕུབ་ཙམ་ཡུལ་ཙམ། མཇུག་ཏུ་ཡུལ་ཁམས་ཐམས་ཅད་དཀར་ཡལ་ལ་དཀར་པོ་འབའ་ཞིག་ཏུ་འགྱུར་རོ། །དེ་ཡུན་རིང་དུ་འབྱུང་ངོ་། །དེ་ནས་ཡང་དེ་ཡལ་ནས་འགྲོ། ཁ་དོག་བཞི་ཀ་ཡང་དེ་དང་འདྲའོ། །དེ་ནས་ཟླ་བ་ལྟ་བུའི་རྟགས་འཆར་ཏེ། དང་པོ་མེ་ལོང་ཙམ་དེ་ནས་ཕུབ་ཙམ་དེ་ནས་ཡུལ་ཁམས་ཐམས་ཅད་ཟླ་བ་གསལ་པོ་ལྟ་བུའོ། །དེ་ནས་ཉི་མ་ལྟ་བུའི་རྟགས་འཆར་ལུགས་གོང་དང་འདྲའོ། །འདིའི་དུས་སུ་ཉིན་མཚན་བྱེ་བྲག་མི་ཕྱེད་པ་འོང་། འདི་ནས་རང་གི་ལུས་ལ་གྲིབ་མ་མི་འབྱུང་ངོ་། །དེ་ནས་སྤྲུལ་པ་སྐུའི་ཞལ་མཐོང་བ་འབྱུང་སྟེ། དང་པོ་རང་གི་ཡི་དམ་གང་ཡིན་པ་གཅིག་ཞལ་མཐོང་། རྗེས་ཤེས་ལ་ཡང་དང་ཡང་དུ་མཐོང་ངོ་། །དེ་ནས་མཇུག་ཏུ་སྣང་བའི་དངོས་པོ་འདི་ཐམས་ཅད་ཡི་དམ་དུ་འཆར་ཏེ། དེ་ཡང་དངོས་པོ་ཆེ་བ་དང་སྦོམ་པ་ཐམས་ཅད་ཡི་དམ་ཆེ་བ་དང་སྦོམ་པ། ཆུང་བ་དང་ཕྲ་བ་ཐམས་ཅད་ཡི་དམ་ཆུང་བ་དང་ཕྲ་བར་འཆར་རོ། །དེ་ཡུན་རིང་དུ་གནས། དེ་ཡང་ཡལ་དག་ནས་འགྲོའོ། །འདིའི་དུས་སུ་གཟུང་བ་ལ་རང་བཞིན་མེད་པར་རྟོགས་སོ། །དེ་ནས་ལོངས་སྐུའི་ཞལ་མཐོང་བ་ནི་རྗེས་ཤེས་བར་སྣང་ཐམས་ཅད་ཡི་དམ་གྱིས་ཁེངས་པར་འབྱུང་སྟེ། འདིའི་དུས་སུ་ནད་ཞི་བ་ལ་སོགས་པ་སྨོན་ལམ་ཅི་བཏབ་འགྲུབ་བོ། །འདིའི་དུས་སུ་འཛིན་པ་ལ་རང་བཞིན་མེད་པར་རྟོགས་སོ། །རྟགས་དེ་རྣམས་བྱུང་བ་དང་མ་བྱུང་བ་ལ་དགའ་བ་དང་མི་དགའ་བ་མི་བྱའོ། །དེ་ནས་རྗེས་ཐོབ་ལ་ཉམས་གཉིས་པ་དུ་མ་རོ་གཅིག་སྟོང་པ་ཉིད་ཀྱི་ཉམས་འཆར་ཏེ། དེ་ཡང་ཕྱི་ཡི་ཡུལ་དྲུག་སྟོང་པ་ཉིད་དུ་རྟོགས། སྟོང་པ་ཉིད་དུ་གྱུར། ལུང་ལས། གཟུགས་སྟོང་པ་ཉིད་དོ་ལ་སོགས་པ་གསུངས་སོ། །ནང་གི་སེམས་ལྔ་སྟོང་པ་ཉིད་དུ་གྱུར། འདོད་ཆགས་ལ་སོགས་པ་ལྔ་སྟོང་པ་ཉིད་དུ་རྟོགས། སྟོང་པ་ཉིད་དུ་གྱུར། ལུང་ལས། འདོད་ཆགས་སྟོང་པ་ཉིད་ལ་སོགས་པ་གསུངས་སོ། །དཔེ་ནི་མཚོ་ལ་ཁ་བ་བབས་པ་ལྟ་བུའོ། །དེའི་དུས་ན་མངོན་པར་ཤེས་པ་ལྔ་འབྱུང་སྟེ། ལྷའི་མིག་གིས་མངོན་པར་ཤེས་པས་འོག །ས་སྟེང་། ས་བླ་རྣམ་པ་གསུམ་མཐོང་བའོ། །ལྷའི་རྣ་བའི་མངོན་པར་ཤེས་པ་ས་འོག་ས་སྟེང་ས་བླ་གསུམ་གྱི་ཤིག་གི་སྐད་ཚུན་ཆོད་ཐོས་པའོ། །གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་སེམས་ལ་ཅི་འགྱུས་ཤེས་པའོ། །འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ནི། གཞན་ཅིས་འཆི། ནམ་མཆི། མཆི་ལུགས་ཇི་ལྟར་འཆི། ཤི་ནས་གང་དུ་སྐྱེ་ཤེས་པའོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་ལུས་ཤིང་བལ་ལྟར་ཡང་བ། ས་ལ་བྱི་བ་ལྟར་འཛུལ་བ། ནམ་མཁའ་ལ་འཕུར་ཤེས་པ། ཆུ་ལ་བྱིང་བ་མེད་པར་འགྲོ་བ། ལུས་ཀྱི་བཀོད་པ་དུ་མར་སྤྲུལ་ནུས་པའོ། །ལུང་ཡང་ཕར་ཕྱིན་ལས། ནམ་མཁའ་ལ་ཕུར་ཤེས་ཏེ་བྱ་བཞིན་ནོ། །ཆུ་ལ་མི་བྱིང་སྟེ་ས་ལ་བྱི་བ་བཞིན་ནོ། །ས་ལ་འཛུལ་ཏེ་ཆུ་ལ་ཉ་བཞིན་ནོ། །སྟོད་ནས་མེ་འབར། སྨད་ནས་ཆུ་འབྲུབ་པ་དང་། གཅིག་ཏུ་སྤྲུལ་ནས་མང་པོར་འགྱེད་པ་དང་། མང་པོར་སྤྲུལ་ནས་གཅིག་ཏུ་སྡུད་པའོ། །ཞེས་གསུངས་སོ། །དེ་ནས་ཉམས་གསུམ་པ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཉམས་འཆར་ཏེ། བརྡ་གཉིས་ལ་མི་ལྟོས་པར་མཉམ་ཞག་རྗེས་ཐོབ་མེད། སེམས་ཉིད་ཆོས་ཉིད་དུ་དག །དཔེར་ན་ནམ་མཁའ་དག་པ་ལ་ཉི་མ་ཤར་བ་ལྟ་བུ་སྟེ། སེམས་ཉིད་གཉིས་འཛིན་གྱི་མཐའ་ལས་གྲོལ་བའོ། །གདམས་ངག་རྒྱལ་པོ་རྣ་བརྒྱུད་ཀྱི། །སྒོམ་ཁྲིད་བླ་མའི་གསུང་བཞིན་བཀོད། །དགེ་རྩ་སེམས་ཅན་དོན་དུ་ནི། །སེམས་ཉིད་ངང་ལ་གནས་གྱུར་ཤོག །སྒོམ་ཁྲིད་ཡི་གེ་བླ་མའི་གསུང་བཞིན་དུ་བྲིས་པ་ལགས་སོ། །འཛེང་བན་རྣམ་གཉིས་ལ། བཛྲ་སཾ་ཀིརྟིས་ཞུས། དེ་ལ་སྔགས་འཆང་འོ་ལ་ཇོ་སྲས་ཀྱིས་ཞུས། དེ་ལ་བདག་རྒྱ་སྒོམ་གྱིས་ཞུས་སོ། །མངྒལཾ།། །། སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཁྲིད་ཡིག་སྐལ་བཟང་མིག་འབྱེད་བཞུགས་སོ། །ཡེ་ནས་ལྷག་པའི་ཆོས་སྐུ་ཆེན་པོ་ནི། །གང་གིས་མངོན་དུ་མཛད་པ་ཀུ་མཱ་ར། །བླ་མ་དམ་པའི་ཞབས་ཀྱི་པདྨོ་ལ། །ཡན་ལག་མཆོག་གི་གུས་པས་ཕྱག་འཚལ་ལོ། །གང་གི་ཞལ་ལས་འོངས་པའི་སྙན་བརྒྱུད་ནི། །ཡི་གེ་བྲི་བར་བྱ་བ་མིན་ནའང་། །དྲན་པའི་ངལ་བ་ཅུང་ཟད་གསོ་ཕྱིར་དུ། །ཟིན་བྲིས་འདི་བརྗོད་མཁའ་འགྲོས་བཟོད་མཛོད་ཅིག །དེ་ལ་རྫོགས་པ་ཆེན་པོའི་ཆོས་སྐོར་ལ། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་ལས། ཕྱག་ཆེན་ཞི་བྱེད་སོགས་སེམས་སྡེ་དང་མཐུན། སྙན་བརྒྱུད་རྡོ་རྗེ་ཟམ་པ་ཀློང་སྡེ་ཡིན་ཡང་སྡེ་གསུམ་ཀར་བཞག་གོ། །དེ་ཡང་རྡོ་རྗེ་ཟམ་པ་ཞེས་པ། རྡོ་རྗེ་སྔགས་ཀྱི་ཁྱད་ཆོས་ཡིན་ཏེ། སློབ་དཔོན་ལ་རྡོ་རྗེའི་སློབ་དཔོན་དང་། སློབ་མ་ལ་རྡོ་རྗེའི་སློབ་མ། ཆོས་ལའང་རྡོ་རྗེའི་ཚིག་སོགས་ཀྱིས་བཏགས་པ་བཞིན་ནོ། །ཟམ་པ་ཞེས་པ་ནི། སེམས་སྡེ་དང་མན་ངག་གི་སྡེ་གཉིས་ཀློང་སྡེས་སྦྲེལ་བས་ཟམ་པ་ཞེས་བྱ་བའམ། ད་ལྟར་གྱི་ལུས་འདི་མ་སྤངས་པར་འཇའ་ལུས་སུ་སྒྱུར་ཐུབ་པས་ལུས་གཉིས་སྦྲེལ་བས་ཟམ་པ་ཞེས་ཀྱང་བྱར་རུང་ངོ་། །དེ་ལྟ་བུའི་སྙན་བརྒྱུད་ཉམས་སུ་ལེན་པ་ལ། བསྒོམ་དོན་སེམས་ལ་བཀོད་པ། སྒོམ་ཁྲིད་ལག་ཏུ་བླངས་པ། སྒོམ་འབྲས་ཚད་ལ་དབབ་པ་དང་གསུམ་ལས། དང་པོ་ནི། འདིར་ཟབ་གསལ་གཉིས་མེད་གཅིག་ཏུ་བསྟན་པས། ཆོས་ཐམས་ཅད་གཏན་ལ་ཕེབས་པ་དབང་པོ་ཤིན་ཏུ་རྣོན་པོའི་ཆོས་ཡིན་ཅིང་། དེ་ཡང་དང་པོར་ལྷག་མཐོང་སྟོན་པ་ཡིན་ཏེ། ད་ལྟར་གྱི་སེམས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བར་བསྒོམ་པས་སྣང་བ་སྣ་ཚོགས་སུ་འཆར་བ་འདི་ལོངས་སྤྲུལ་དང་། ངོ་བོ་ཉིད་ཀྱི་སྐུར་འགྱུར་པ་བཤད་པའི་གོ་དོན་སེམས་ལ་བཀོད་པའོ། །གཉིས་པ་ལ། མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་། དག་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་བྱ་བ། སྨིན་པ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་རླབས། གྲོལ་བ་མཐར་ཕྱིན་པར་བྱེད་པ་རྡོ་རྗེའི་ཚིག་ལམ་དང་བཞི། དང་པོ་ལ་ཕྱི་རྒྱ་མཚོ་ཁྲུས་ཀྱི་ལུང་དང་། ནང་རྒྱ་མཚོ་ཁྲུས་ཀྱི་ལུང་གཉིས། དང་པོ་ནི། ཐོ་རངས་ལངས་ཟིན་པ་དང་དྲི་བཟང་གི་ཆུ་ལ། ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བཾ་རོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཡཾ་ཤུདྡྷེ་ཤུདྡྷེ། ཨེ་རཾ་བཾ་དྷ་ར་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ༀ་ཤྲཱི་བཛྲ་མ་ཧཱ་ཧེ་རུ་ཀ །བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པ་ཉི་ཤུ་རྩ་གཅིག་བཏབ་ལ་ཁྲུས་བྱ། དྲི་ཆུ་བར་པས་ཀྱང་ཁྲུས་དང་ཅུང་ཞིག་འཐུང་ངོ་། །དེ་ལྟར་བྱས་པས་དྲི་མ་དག །ལུས་ཤེལ་སྒོང་ལྟར་གསལ་སིང་སོང་བར་བསམ། ནང་རྒྱ་མཚོ་རྩ་བའི་ཡིག་ཆུང་ལ་དྲི་ཆུ་བར་པའི་ཁྲུས་ལ་ནང་རྒྱ་མཚོ་ཁྲུས་ཀྱི་ལུང་དུ་གསུངས་ཤིང་། སྤྱིར་འདི་ལ་ཡིག་ཆ་རྒྱས་པ་ཟུར་དུ་ཡོད་དོ། །ཁྲུས་ཀྱི་ལུང་ནི། དབང་གི་སྐབས་སུ་བུམ་ཆུས་ཁྲུས་བྱེད་པའོ། །གཉིས་པ་སྒོ་གསུམ་ལས་ཀྱི་བྱ་བ་ལ། ལུས་ལྷར་བསྒོམ། ངག་སྔགས་བཟླ། སེམས་སྤྲོས་བྲལ་དུ་འཇོག་པ་དང་གསུམ་ལས། དང་པོ་ནི། འོག་གསེར་གྱི་ས་གཞི། དེའི་སྟེང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་ཟླ་བ་དང་ཉི་མ། དེའི་སྟེང་དུ་རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ། སྐུ་མདོག་སྨུག་ནག་ཁྲོ་ཆགས་ཀྱི་རྣམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དཔུང་པའི་ཐད་དུ་འཛིན་པ། གཡོན་ཡུམ་སྭ་ཏི་བཛྲ་ལ་འཁྱུད་ནས་དངུལ་དཀར་གྱི་དྲིལ་བུ་བསྣམས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། རྒྱན་ཆ་སྣ་ཚོགས་པས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་ལྷོད་པ་བྱས་པ། ཡུམ་ཡང་སྐུ་མདོག་སྨུག་ནག་ཕྱག་གཡས་པས་ཡབ་ཀྱི་གཡོན་ཕྱོགས་ནས་འཁྱུད་ཅིང་གཡོན་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པའི་ཚུལ་གྱིས་འཛིན་ཅིང་ཞབས་སེམས་སྐྱིལ་ལམ། འཁྱུད་པ་གང་རུང་བྱ། རྒྱན་གཙོ་བོ་དང་མཐུན་པའོ། །རང་མངོན་རྫོགས་རྒྱལ་པོར་གསལ་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་པད་འདབ་ཀྱི་ཟེའུ་འབྲུའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུཾ་ངམ། བཾ་ཡིག་སྨུག་ནག་གམ། སྔོན་པོ་གང་རུང་བསྒོམ། དེའི་མཐའ་ནང་བསྐོར་དུ་རྫོགས་རིམ་གྱི་སྔགས། མདུན་དུ་ཨ། གཡས་སུ་ཧ། རྒྱབ་ཏུ་ཧོཿ གཡོན་དུ་འི་བཞི་པོ་སྟན་ལ་ཁབ་བཙུགས་པ་བཞིན་ལངས་ཐབས་སུ་ཡོད་པ་ཀློག་པའི་ཚུལ་གྱིས་ཅི་ནུས་བཟླས། དེའི་མཐའ་བསྐོར་དུ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པ་བསྐྱེད་རིམ་གྱི་སྔགས་ཡིན་པས་གོང་བཞིན་ཀློག །ཡི་གེ་རྣམས་འོད་ཀྱི་གོང་བུར་གསལ་བ་ལས་འོད་འཕྲོས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། གང་གི་དྲིན་གྱི་དང་། སངས་རྒྱས་ཀུན་གྱི་དང་། ཇི་སྙེད་སུ་དག་ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོའི་བར་དང་། བརྒྱུད་པའི་གསོལ་འདེབས་དང་། མཎྜལ་རྣམས་བྱའོ། །ཐུན་འཇོག་ཁར་སྙིང་གའི་ཧཱུཾ་ལས་འོད་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། ནང་བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་གསེར་གྱི་ས་གཞི་ལ། དེ་པདྨ་ལ། དེ་ཟླ་བ་ལ། དེ་ཉི་མ་ལ། ཡུམ་ཡབ་ལ། ཐོད་སྐམ་ཕྱག་མཚན་རྣམས་སྐུ་ལ། སྐུ་ཡང་སྟོད་ནས་མར། མས་ནས་ཡར་ཐིམ་པས་ཉི་མའི་དཀྱིལ་འཁོར་ལ། དེ་ཡང་ཧཱུཾ་ལ། དེ་ཡང་ཞབས་ཀྱུ། དེ་ཧ་ལ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་དམིགས་མེད་དུ་སོང་བའི་སྤྲོས་བྲལ་གྱི་ངང་དུ་གནས་པར་བྱའོ། །དེ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །མངོན་རྫོགས་རྒྱལ་པོ་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་བ་ཡང་བྱའོ། །གཉིད་ཉལ་ཁར་མངོན་རྫོགས་ཡབ་ཡུམ་འོད་ཀྱི་གོང་བུར་བསམ་ལ་ཉལ་ལོ། །གསུམ་པ་སྒོམ་ཚུལ་བླ་མའི་བྱིན་རླབས་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། དང་པོ་ནི། སེམས་བསྐྱེད་དང་། བསྐྱེད་རིམ་གསལ་ལ་ཡུན་ཐུང་བར་བྱ། གཉིས་པ་ནི། པ་གོར་བཻ་རོ་ཙ་ནས་སྤང་མི་ཕམ་མགོན་པོ་ལ་གནང་བར་ཐ་སྙད་དེ་འདྲ་མེད་ནའང་། སྙན་བརྒྱུད་ཀྱི་གདམས་པ་གཞན་ལས། སེམས་གསུམ་དང་། ཉམས་སུ་ལེན་པའི་གནད་དྲུག་བཤད་པ་ལས། སེམས་གསུམ་ནི། ལྷ་དང་མིའི་སེམས། བྱང་ཆུབ་སེམས་དཔའི་སེམས། དེ་བཞིན་གཤེགས་པའི་ཐུགས་དང་གསུམ། གནད་དྲུག་ནི། རིག་པའི་ཡུལ་བཙལ་བ། ལུས་ཀྱི་གནད་གཟིར་བ། འགྲོ་འོང་གི་ལམ་བཀག་པ། གཏད་པའི་འབེན་གཟུགས་པ། མི་འགྱུར་བའི་གཞི་བཅའ་བ། རྒྱ་ཆེ་བ་ནམ་མཁར་སྤར་བས་བཟུང་བ་དང་དྲུག །དང་པོ་ལ་དོན་དམ་པ་དང་། ཀུན་རྫོབ་གཉིས། དང་པོ་ནི། སེམས་ཉིད་ཟབ་གསལ་གཉིས་མེད་ཡིན་ལ། གཉིས་པ་ནི། གང་དུ་གཏད་པའི་ནམ་མཁའ་ཡིན་པས། ལས་དང་པོ་བའི་དུས་སུ་གཉིས་པ་ལ་བྱའོ། །གཏད་པའི་འབེན་ལའང་གཉིས། དང་པོར་ཨ་དཀར་པོ་ཡིན་ཞིང་། གཉིས་པ་དུ་བ་ལ་སོགས་པའི་སྟོང་གཟུགས་ཇི་སྙེད་བྱུང་བ་རྣམས་ཡིན། དང་པོ་ནི། ལྷ་མིའི་སེམས་དང་གཅིག །གཉིས་པ་བྱང་ཆུབ་སེམས་དཔའི་སེམས་དང་གཅིག་གོ། །ལུས་ཀྱི་གནད་གཟིར་བ་ནི། ལུས་སྐྱིལ་ཀྲུང་ཅུང་ཞིག་ཙོག་པུར་བྱས་ལ། ལག་མཐིལ་གཉིས་དཔྱི་ཟུར་གཉིས་ནས་མཐིལ་ས་ལ་ཕབས་པས། མཐིལ་བཞིས་ལ་ཕབ་པ་ཞེས་བྱ། འདི་ལ་སེང་གེའི་འདུག་སྟངས་ཞེས་ཀྱང་བྱ། འགྲོ་འོང་གི་ལམ་བཀག་པ་ནི། རླུང་རང་བབས་སུ་འཇོག་པ་དང་། གཏད་པའི་འབེན་ལ་གཟུགས་པ་ནི། དཔུང་པ་འགྲེང་། ལྟ་སྟངས་ཧུར་པ་བྱས་ལ་ཡུན་ཐུང་བར་འཇོག །དེ་ནས་ལྷ་མིའི་སེམས་བསྒོམ་པ་ནི། སྣའི་ཐད་ཀྱི་མཐོ་ཕྱེད་དང་དེའི་ཚོད་ཀྱི་ནམ་མཁར་ཨ་དཀར་པོ་ཆུང་ལ་སྲན་ལྐོག་ཕྱེད་ཚལ་ཙམ་མམ། ཅི་རིགས་ལ་དམིགས་པ་ཧྲིལ་བསྒྲིལ་ལ། ཇི་ཙམ་གསལ་གསལ་གྱི་བར་ལ་བཞག །ཡང་བྱིང་རྨུག་ཡོངས་ལ་ཁད་འདུག་ན། དམིགས་པ་མེད་པར་ལྷོད་དེ་བཞག །དེ་མ་ཐག་ཏུ་གོང་བཞིན་སྒོམ། ལེགས་པར་གསལ་སྣང་བྱུང་རྗེས། ཨ་མེད་པར་དེའི་ཐད་ཀའི་ནམ་མཁའ་དེ་ལ་སེམས་ཇི་གནས་བཞག་ཅིང་སྤྲོས་པ་མེད་པར་ཡང་ཡང་བལྟ་བ་ནི་བྱང་ཆུབ་སེམས་དཔའི་སྒོམ་པའོ། །དེའི་རྗེས་སུ་མི་འགྱུར་བའི་གཞི་བཅའ་བ་ནི། ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟ་བུར་བསྒོམ། དེ་ལས་སེམས་གཞན་མ་ཡིན་ཅིང་། སེམས་ཀྱང་དེ་ལས་གཞན་མ་ཡིན་པར་ཐག་ཆོད་དེ། དོ་ཧ་ལས། ཆོས་རྣམས་ནམ་མཁའ་འདྲར་ཤེས་ཏེ། །ནམ་མཁའི་རང་བཞིན་དེ་ནི་སེམས་བཟུང་བྱ། །སེམས་དེ་སེམས་མ་ཡིན་པར་བྱས་གྱུར་ན། །དེ་ནི་བླ་མེད་བྱང་ཆུབ་མྱུར་ཐོབ་འགྱུར། །ཞེས་བཤད་དོ། །གསུམ་པ་དངོས་གཞི་ལ། སྔོན་འགྲོ་གསལ་ལ་ཡུན་ཐུང་བར་བྱས་རྗེས། པ་གོར་བཻ་རོ་ཙ་ནས། སྤང་མི་ཕམ་ལ་གནང་བ་ལ། གནད་གཉིས། བརྡ་བཞིའི་སྒོ་ནས་བསྟན། དང་པོ་ལ། དུས་ཀྱི་གནད། རླུང་གི་གནད་གཉིས། དུས་ནི་ཉིན་གུང་མཚན་གུང་ལ་སྒོམ་མི་སྐྱེ་བས་མི་སྒོམ་ཞིང་། སྔ་དྲོ་ཁ་ནུབ་ཏུ་བལྟས་ལ། ཕྱི་དྲོ་ཁ་ཤར་དུ་བལྟ། རླུང་གཡོན་ཕྱོགས་ནས་རྒྱུ་དུས་བྱ་ཞིང་། མ་རྒྱུ་ན་གཞོག་གཡས་ཕབ་ལ་ཅུང་ཞིག་ཉལ་བ་དང་གཡོན་ལ་རྒྱུ་བས་དེ་དུས་བྱ། དེ་ལ་ཡང་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་། བསྐྱེད་པ་བོགས་འདོན་པར་བྱེད་པ་གཉིས། དང་པོ་ལ། ལུས་སྔ་དྲོ་པུས་མོ་གཡོན་པ་ས་ལ་ཕབ། གཡས་ཙོག་པུར་བྱས་ལ། བསྒོམ་ཐག་རྐེད་ནས་བཀོན། བསྒོམ་འཁར་གཡས་ནས་བཙུགས་ཏེ། མིག་སོར་བཅུ་དྲུག་པའི་ཐད་ཀྱི་ནམ་མཁར་ལྟ་སྟངས་བྱ། ཕྱི་དྲོ་ལུས་གནད་དེ་ལས་ལྡོག་ཅིང་ཁ་ཤར་ལ་བལྟའོ། །བརྡ་བཞི་ནི། མིག་དང་ངེ་བལྟ་བ་ཀུན་རྫོབ་གསལ་བའི་བརྡ། དེའི་ངང་ནས་སྟོང་གཟུགས་སྣ་ཚོགས་སྣང་བ་དོན་དམ་པ་གསལ་བའི་བརྡ༡། མིག་འབྲས་མི་འགུལ་བ་ཀུན་རྫོབ་ཀྱི་མི་རྟོག་པའི་བརྡ། དེའི་སྟོབས་ཀྱིས་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་དོན་དམ་པའི་མི་རྟོག་པའི་བརྡ༢། འོག་རླུང་ཅུང་ཟད་འཐེན་པ་ཀུན་རྫོབ་བདེ་བའི་བརྡ། དེའི་དུས་སུ་བརྗོད་དུ་མེད་པའི་སེམས་བདེ་བ་སྐྱེ་བ་དོན་དམ་པའི་བདེ་བའི་བརྡ༣། ལྕེ་གང་ལའང་མ་རེག་པར་གནས་པ་ཀུན་རྫོབ་དབྱེར་མེད་པའི་བརྡ། དེ་དུས་སེམས་སྐད་ཅིག་མའི་སྟེང་དུ་བདེ་གསལ་མི་རྟོག་པ་གསུམ་དབྱེར་མེད་དུ་སྟོང་པའི་སེམས་ལ་ལྡན་པ་དོན་དམ་པའི་དབྱེར་མེད་བརྡ་༤ཞེས་བྱ་སྟེ། བདེ་གསལ་མི་རྟོག་སྟོང་པའི་ངང་། །ཞེས་པའང་འདི་ལྟ་བུ་གཅིག་གི་དུས་ལ་ངེས་པར་དགོས་སོ། །འདི་དུས་བླ་མས་གདམས་པ་འདི་ལས་ཟབ་པ་ཡོད་རེ་ཞེས་མནའ་བསྐྱེལ་བའི་དུས། སློབ་མས་མགོ་འཇོག་བྱེད་པའི་དུས་ཡིན། སེམས་གསལ་སྟོང་དུ་ཤར་བ་ལ། དམ་པ་སངས་རྒྱས་རྩ་བ་ཟིན་པ་ཟེར། དེ་ལྟར་བསྒོམ་པས་སྟོང་གཟུགས་ཁ་དོག་སྣ་ཚོགས་སུ་འཆར་བས་གང་ཤར་གྱི་སྟེང་དུ་བསྒོམ་པ་ཡིན་ཏེ་སྟོང་གཟུགས་གང་བྱུང་ཡང་། ཆོས་སྐུ་འགྲུབ་པའི་སྣང་བ་ཡིན་ལ། སྤྱིར་སྣང་བ་ཐམས་ཅད་སེམས་ཅན་ལ་ཉོན་མོངས་པ་ལས་སྣང་བ་ཨ་འཐས་མ་དག་པའི་སྣང་བ། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ཉམས་ཀྱི་སྣང་བ། སངས་རྒྱས་ལ་དག་པའི་སྣང་བ་ཆོས་སྐུ་འབའ་ཞིག་ཏུ་སྣང་བ་ཡིན་ལ། ད་ལྟར་གྱི་གཟུགས་སྒྲ་དྲི་རོའི་ལས་སྣང་ཐམས་ཅད་དང་། སྟོང་པ་ཉིད་ཀྱི་གཟུགས་བརྙན་ཆུ་ལ་ཆུ་བཞག་དང་། མར་ལ་མར་བཞག་གི་ཚུལ་དུ་ཡོད་པ་ལ། མན་ངག་འདི་དང་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་ལྟ་བུས་བཙན་ཐབས་སུ་ཉམས་སུ་བླངས་པས་སྟོང་གཟུགས་གསལ་བར་སྣང་བ་ཡིན་ཅིང་། མ་བླངས་དུས་བྱུང་བ་འདྲེས་མར་སྣང་། ལས་སྣང་བྱུང་ན་དེ་ལ་ཨ་འཐས་སུ་ཞེན་པས་འཁོར་བའི་རྒྱུ་བྱེད། སྟོང་གཟུགས་ཤར་བའི་སྟེང་དུ་མཉམ་པར་བཞག་ན་ལས་སྣང་དག་སྟེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་སྟེ་ཆོས་སྐུའི་ངང་དུ་གནས་པ་ཡིན་ནོ། །དེ་ཡང་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མའི་ལུགས་ཀྱི། ལས་སྣང་ལོག་ཀྱང་སྟོང་གཟུགས་མི་ལོག་པས། སངས་རྒྱས་ལ་སྟོབས་བཅུ་མི་འཇིགས་པ་ལ་སོགས་ཡོན་ཏན་ཐམས་ཅད་ཟུང་འཇུག་གི་ཡེ་ཤེས་དེ་ལ་གསལ་མདངས་སུ་ལྡན་པ་ཡིན་གྱིས། ཐ་དད་པའི་ཚུལ་མ་ཡིན། སྣང་མེད་རབ་ཏུ་མི་གནས་པའི་ལུགས་ཀྱིས། སངས་རྒྱས་པའི་ཚེ་སྣང་བ་ཐམས་ཅད་ལོག་སྟེ་སྟོབས་སོགས་ཅི་ཡང་མེད་པའི་སྣུམ་ཟད་མར་མེ་ལྟ་བུ། ལས་ཟད་ཆོས་ཟད་རང་བཞིན་མེད་ཙམ་གྱི་སྟོང་ཉིད་ཁོ་ན་གཉིས་ཀ་དཔེ་སྦྲུལ་ལ་མཛད་དེ། སྦྲུལ་གྱི་འཇིགས་པའི་སར་ཐག་ཁྲ་སྦྲུལ་དུ་འཁྲུལ་པའི་ཚེ། ཟུང་འཇུག་གི་དབུ་མ་བ་འཁྲུལ་པ་ལོག་པའི་ཚེ་སྣང་བ་ཐག་ཁྲ་ཡོང་གསུང་། སྣང་བ་མེད་པས་དེའི་ཚེ་སྣང་བ་ཐག་ཁྲ་དང་འཁྲུལ་པ་གཉིས་ཀ་མེད་པར་བཞེད། དྭགས་པོའི་བཀའ་བརྒྱུད་པ་ཟུང་འཇུག་གི་དབུ་མ་དང་མཐུན་པས། ལྷན་ཅིག་སྐྱེས་པ་ཞེས་པ་ཆོས་གང་དང་གང་གི་གཤིས། སྟོང་པ་དང་གསལ་བ་ལྷན་ཅིག་སྐྱེས་པ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་ཇི་ལྟ་བ་དང་། ཇི་སྙེད་པ་གཉིས། དང་པོ་ཆོས་ཐམས་ཅད་རང་བཞིན་སྟོང་ཉིད་རྟོགས་པ་ལ་བྱ། གཉིས་པ་ཆོས་ཐམས་ཅད་ཀྱི་སྟོང་ཉིད་མ་ཡིན་དགག་རྟོགས་པའི་ཆ་ལ་ཟེར། དེས་ན་སྟོང་གཟུགས་སྣ་ཚོགས་འཆར་བ་འདི་ལ། གྲུབ་ཆེན་ཡུ་མོས། སྟོང་ཉིད་མིག་གིས་མཐོང་བ་གལ་ཆེ། བེམ་པོའི་སྟོང་ཉིད་ཀྱི་ས་ལམ་མཐར་ཐུག་མི་ཆོད་གསུངས་སོ། །སྐྱེས་པ་བོགས་འདོན་པར་བྱེད་པ་ལ། བྱེ་བྲག་འབྱུང་པ་སོ་སོའི་རླུང་བསྒོམ་པ་དང་། སྤྱིའི་གེགས་སེལ་གཉིས། དང་པོ་འབྱུང་བ་ཆེའི་རླུང་ཆ་སྙོམས་པར་གང་རུང་རེ་རེའི་རླུང་ཤེད་ཆེ་ནས་རླུང་ཁ་རེངས་ན་འོད་གསལ་མི་འཆར་བས། དེ་ཡང་ས་ཤས་ཆེ་ན་ལུས་ལྕི། རྒྱུ་བ་ངན། གཉིད་ཆེ། ཉལ་སྙིང་འདོད། གཏམ་སྨྲ་སྙིང་མི་འདོད། རླུང་ཤས་ཆེ་ན་འགྲོ་བ་དང་སྨྲ་བ་ལ་དགའ། ཤེས་པ་འཕྲོ། ཆུ་ཤས་ཆེ་ན་བྱིང་འཐིབ། དྲན་པ་མེད་པར་གཉིད་དུ་འགྲོ། མེ་ཤས་ཆེ་ན་རྒོད་པ་དང་འཕྲོ། དེ་ཚོ་གང་ཤས་ཆེ་ཡང་སྒོམ་མི་ཆགས་པས། རླུང་ཤས་ཆེ་ན་སྔ་དྲོ་རླུང་གི་དུས་ས་སྒོམ་སྟེ། རྐང་པའི་མཐེ་བོང་གཅིག་ཐོག་ཏུ་གཅིག་བཞག་སྟེ། ལག་པ་གཉིས་དཔུང་པ་ལ་འཁྱུད། ལག་པའི་མཐེབ་ཆེན་གཉིས་ཀྱི་དཔུང་པའི་ནང་རྩ་གཉིས་མནན་ཏེ། གྲུ་མོ་པུས་མོ་ལ་འཁྱུད། མགོ་མར་དགུག །ལུས་གྲུ་གུ་ལྟར་བསྒྲིལ། ལྟ་སྟངས་མཐུར་ལ་བལྟ་སྟེ། ལྟེ་བ་ས་སེར་པོ་ལྕི་བ་གཅིག་ལའམ། ཐིག་ལེ་སེར་པོ་གཅིག་ལ་སེམས་གཏད་དེ། རླུང་འཇམ་པོར་རྔུབས་ལ། ལྟེ་བའི་ཐད་ཀྱི་སའམ། ཐིག་ལེ་ལ་རླུང་སེམས་ཐིམ་པར་བསམ། ལན་གཅིག་གཉིས་ཀྱི་ཏིང་ངེ་འཛིན་སྐྱེའོ། །ཕྱི་དྲོ་ཆུའི་དུས་མེ་སྒོམ་པ་ནི། འདུག་སྟངས་རྐང་པ་བརྐྱང་བསྐུམ་གང་བདེ་བྱ། ལག་པ་དེ་དང་འདྲ། སྟོད་ཀྱི་གོས་ཕུད། སྨད་དགབ། མཇིང་པ་བསྒྲེང་ངོ་། །ལྟ་སྟངས་གྱེན་ལ་བལྟ། སྤྱི་བོ་ནས་མཐོ་གང་ཙམ་ན་རྃ་ཡིག་དམར་པོའམ་ཐིག་ལེ་དམར་པོ་ཚ་ཞིང་བསྲེག་པ་ལ་སེམས་གཏད། རླུང་འཇམ་པ་གཅིག་ལྟེ་འོག་རྔུབ། མ་ཐུབ་པར་གཏོང་དུས་སྤྱི་གཙུག་ཏུ་བུག་པ་ཧ་རེ་བ་ནས་རླུང་སེམས་ཐོན་ཐིག་ལེ་ལ་ཐིམ་པར་བསམ། ལན་གསུམ་བཞི་ཙམ་གྱིས་ཆོག །སྲོད་མེའི་དུས་སུ་ཆུ་བསྒོམ་པ་ནི། ལུས་གནད་གང་བདེ་བྱེད། ལྟེ་བའི་འོག་ཏུ་ཐིག་ལེའམ། བཾ་ཡིག་དཀར་པོའི་ཆུའི་རང་བཞིན་ཅན་གཅིག་ལ་སེམས་གཏད། ལྟ་སྟངས་སྣའི་རྩེེ་མོའམ། རི་ཐང་མཚམས་ལ་བལྟ། རླུང་འཇམ་པར་རྔུབས། རླུང་སེམས་ལྟེ་བའི་ཐིག་ལེ་ལ་ཐིམ་པར་བསམ། ལན་གསུམ་གྱི་ཏིང་ངེ་འཛིན་སྐྱེ། ཐོ་རངས་སའི་དུས་སུ་རླུང་བསྒོམ་པ་ནི། ལུས་གནད་ལྟ་སྟངས་བྱིངས་དང་འདྲ་བར་བྱས། ལྟེ་བའི་འོག་ཏུ་ཐོག་ལེའམ། ཡཾ་ལྗང་གུ་རླུང་གི་རང་བཞིན་ལ་སེམས་གཏད། རླུང་ཤུགས་ཆེ་བར་རྔུབས་ལ། ལྟེ་བའི་འོག་གི་ཐིག་ལེ་ལ་རླུང་སེམས་ཐིམ་པར་བསམ་པ་ལན་གསུམ་ཙམ་བྱ། སྤྱིའི་གེགས་སེལ་བ་རྐང་པ་གཤིབས་ལག་པ་གཉིས་བསྣོལ་སྤྱི་གཙུག་ཏུ་བཀབ། གྲུ་མོ་བརྒྱངས། ལྟེ་བའི་ཐད་དུ་ༀ་ཁ་དོག་ལྔ་ལྡན་ཞིག་ལ་སེམས་གཏད། རླུང་གཅིག་རྔུབས་ལྟེ་བའི་ༀ་ལ་རླུང་སེམས་ཐིམ་པར་བསམ་མོ། །དེ་ལྟར་བྱས་པས་ཟླ་བ་ལྟ་བུའི་རྟགས་འཆར། དེའང་དང་པོར་མེ་ལོང་ཙམ། དེ་ནས་ཕུབ་ཙམ། དེ་ནས་ཡུལ་ཙམ། དེ་ནས་ཡུལ་ཁམས་ཐམས་ཅད་ཟླ་བ་ལྟ་བུའི་ནང་དུ་འཆར། དེ་ནས་ཉི་མ་ལྟ་བུའི་རྟགས་སོགས་གོང་དང་འདྲ། འདིའི་སྐབས་སུ་ཉིན་མཚན་གྱི་བྱེ་བྲག་མི་ཕྱེད་པ་འོང་། དེ་ནས་རང་ལུས་ལ་གྲིབ་མ་མི་འབྱུང་། སྤྲུལ་སྐུའི་ཞལ་མཐོང་སྟེ། རེ་ཁཱ་ནག་པོ་ཡུངས་འབྲུ་ཙམ་གྱི་ནང་དུ་དང་པོ་རང་གི་ཡི་དམ་གང་ཡིན་གཅིག་གི་ཞལ་མཐོང་། རྗེས་ཤེས་ལའང་དེ་བཞིན་ནོ། །དེ་ནས་སྣང་བའི་དངོས་པོ་གང་ཡིན་ཐམས་ཅད་ཡི་དམ་གང་ཡིན་དུ་འཆར་ཏེ། དངོས་པོ་ཆེ་བ་དང་ཆུང་བ། ཡི་དམ་ཆེ་བ་དང་ཕྲ་བ་ཐམས་ཅད་འཆར་ཏེ། ཡུན་རིང་དུ་གནས་ནས་ཡལ་འགྲོ། དེ་དུས་ཡུལ་གཟུང་བ་རང་བཞིན་མེད་པར་རྟོགས། དེ་ལ་ནག་པོ་སྐྲ་ཙམ་མཐོང་བ་ལ་སྟོང་ཉིད་མངོན་སུམ་པ་ཞེས་བྱ་སྟེ། དེ་རེ་ཆེ་རེ་མང་དང་། རེ་ཟུང་འབྱུང་བ་ལ་ཉམས་གོང་འཕེལ། དེ་བརྟན་པོར་སོང་བ་ལ་རིག་པ་ཚད་ལ་ཕེབས་པས། རེ་ཁྭ་དེ་སྦྲུལ་འགྲོས་དང་འདྲ་བ་འབྱུང་བ་ལ། ཆོས་རྗེ་རང་བྱུང་རྡོ་རྗེས། རིག་པ་ལུ་གུ་རྒྱུད་ཅེས་གསུངས་ཏེ། རིག་པ་གསལ་དྭངས་ཉིད་ཡིན་གསུངས། རེ་ཁཱ་སྐྲའི་རྩེ་ཙམ་གྱི་ནང་དུ་སྲིད་གསུམ་དང་། དུས་གསུམ་འཆར་ཞིང་། དེ་སེམས་སྤྲོས་བྲལ་ཡིན་པར་ཤེས་པ་ལ་ཆོས་ཉིད་ཟད་སར་འཁྱོལ་བ་ཞེས་བྱ་བ་ཡིན་ནོ། །ཡུངས་འབྲུ་ཙམ་གྱི་ནང་དུ་སྲིད་གསུམ་འཆར་བ་ལ་སྣང་བ་འཕྲོས་ཏེ། སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པར་ཕྱིན། ཚོགས་བསོག་སྡིག་སྦྱོང་བྱས། ཆོས་ཉན་པ་སོགས་འོང་། དེ་ཡང་དེ་ལྟ་བུ་བྱས་པའི་གོ་ཆོད་པ་ཡིན། འདི་ལྟ་བུ་ལ་དོན་དམ་པའི་རྣལ་འབྱོར་ཞེས་བྱ་སྟེ། གོང་གི་རྒྱ་ཆེ་བའི་ནམ་མཁའ་སྤར་བས་བཟུང་བ་ཞེས་བྱ་བ་དང་དོན་གཅིག་གོ། །དེ་ཡང་དོན་ལ་སངས་རྒྱས་ཀྱི་ཞིང་ཁམས་དེ་དག་ཏུ་ཕྱིན་པ་མེད་པར་རང་རིག་སེམས་གསལ་དྭངས་ཉིད་ཡིན་ཏེ། ཟླ་བ་གྲགས་པས། འགྲོ་འོང་བྲལ་ཕྱིར་རྨི་ལམ་ལྟར། །ཞེས་བཤད། གསུམ་པ་རྗེས་ལ་རྒྱུན་དུ་བསྐྱང་བའི་ཉམས་ལེན་ནི། ཉིན་མོ་སྣང་བ་རྒྱ་ཡིས་འདེབས་པ་དང་། མཚན་མོ་ཤེས་བྱ་བུམ་པར་གཞུག་པ་གཉིས་ལས། དང་པོ་ལའང་། དངོས་དང་། བསྲེ་བ་བཞིའི་སྒོ་ནས་ཉམས་སུ་བླངས་བའོ། །དང་པོ་གཉིད་ཁྲ་ལྷག་གིས་སད་པ་དང་། སྔར་བཞིན་མངོན་རྫོགས་རྒྱལ་པོ་རང་ཉིད་བསྒོམ་ལ། ཕྱི་རྒྱ་མཚོ་ཁྲུས་དང་། ནང་རྒྱ་མཚོ་ཁྲུས་དམིགས་པས་བྱས་ལ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཨེ་ཝཾ་མཱ་ཡཱ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་སྙམ་པའི་མོས་པ་དང་། ངག་ཏུ་ཡང་ཚར་ཁ་ཡར་འདོན། དེ་ནས་ཞྭ་གྱོན་དུས་བླ་མ་སྤྱི་གཙུག་ཏུ་འབྲལ་མེད་དུ་བཞུགས་པར་མོས་པ་དང་། གོས་གྱོན་དུས་སྲ་བ་བརྟན་པ་རྡོ་རྗེའི་གོས་ཡིན་སྙམ་པ་དང་། སྐེ་རག་ལའང་རྡོ་རྗེའི་ཀ་ནན་དང་། ཟས་ལ་ལོངས་སྤྱོད་དུས་རང་ཉིད་ཧེ་རུ་ཀ་སེར་པོ་སྔར་བཞིན་བསམ་ལ། མགྲིན་པར་ཨེ་ཝཾ་མཱ་ཡཱ་ཞེས་པའི་སྔགས་བསྐྱེད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད་སྙམ་པ་དང་། གཟུགས་ཐམས་ཅད་གཟུགས་ཀྱི་ལྷ་མོ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཐམས་ཅད་དེ་དང་དེའི་ལྷ་མོར་མོས་ཏེ། བླ་མ་ཡི་དམ་མཆོད་པར་བསམ་མོ། །སྐབས་སུ་བར་དོ་ཡིན་ནམ་མ་ཡིན་བརྟགས་པ་ནི། ད་ལྟའི་སྣང་ཚུལ་དང་ཁྱད་ཅི་འདུག །དེ་ཡང་བར་དོ་ལ་བརྟགས་ཐབས་དྲུག་སྟེ། གནས་གཅིག་ཏུ་བར་དོའི་སེམས་ཅན་ཡུན་རིང་དུ་མི་འདུག་སྟེ། གནས་པའི་རྩ་མེད། དེ་བཞིན་དུ་ལུས་ལ་གྲིབ་མ་དང་རྐང་རྗེས་མི་འོང་། བདེ་སྡུག་ཅི་ཡིན་ཀྱང་ཡུན་མི་བརྟན། རྨི་ལམ་ལྟར་སྣང་བ་འགྱུར་རྐྱེན། མི་ཡིན་འཕྲོ་ལ་ཁྱི་རུ་འགྲོ་བ་ལ་སོགས་སྲིད། བར་དོ་དང་རྨི་ལམ་བརྟགས་པ་གལ་ཆེ། བག་ཆགས་སྦྱོང་སླ་བ་ཡིན། ད་ལྟར་བག་ཆགས་སྦྱོང་བ་ལྕགས་མེ་ལ་བསྲེགས་པ་དང་འདྲ། སླར་ལོག་འོང་བ་ཡིན། རྨི་ལམ་ཤིང་མེ་ལ་བསྲེགས་པ་དང་འདྲ། སྲོལ་བ་ལུས་ཡོད་པ་ཡིན། བར་དོར་རས་བལ་བསྲེགས་པ་དང་འདྲ། ཐལ་བ་ཡང་མི་ལུས་པར་བར་དོ་ལོངས་སྐུའི་ཞིང་ཁམས་ཟེར། ལས་མཐུ་ཆེའོ། །གཉིས་པ་བསྲེ་བ་བཞིའི་སྒོ་ནས་ཉམས་སུ་བླང་བ་ལ། སྣང་བ་དང་གསལ་བ་བསྲེ་བ། རྟོག་པ་དང་མི་རྟོག་པ་བསྲེ་བ། སྡུག་བསྔལ་དང་བདེ་བ་བསྲེ་བ། སྣ་ཚོགས་དང་དབྱེར་མེད་བསྲེ་བའོ། །དང་པོ་ནི། སྣང་བ་ཅི་ཤར་ཡང་སེམས་སྟོང་གསལ་དེའི་རང་མདངས་སུ་བལྟས་ལ་དེའི་ངང་ལ་བཞག་པའོ། །གཉིས་པ་ནི། རྟོག་པ་ཅི་སྐྱེས་ཀྱང་། རིག་པ་མིག་ཏུ་བཅུག་པའི་ཚུལ་གྱིས། མིག་འབྲས་མི་འགུལ་བ་ལ་སེམས་གཏད་དེ་འཇོག་པའོ། །གསུམ་པ་ནི། སྡུག་བསྔལ་གྱི་རྣམ་པ་གང་བྱུང་ཡང་། དེའི་ངོ་བོ་ལ་སེམས་བཞག་ནས། སྔར་གྱི་འོག་རླུང་ཅུང་ཟད་འཐེན་པའི་ལུས་ཡོད་དུ་མི་ཚོར་བའི་བདེ་བ་དེ་དང་བསྲེའོ། །བཞི་པ་ནི། སེམས་སྐད་ཅིག་མའི་སྟེང་དུ་བདེ་གསལ་མི་རྟོག་པ་གསུམ་དབྱེར་མེད་དུ་ཡོད་པས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་རྒྱ་ལས་མ་འདས་པར་ཐག་བཅད་དེ་དྲན་པའི་རྒྱུན་སྐྱོང་བའོ། །གཉིས་པ་མཚན་མོ་ཤེས་བྱ་བུམ་པར་གཞུག་པ་ནི། གཉིད་ལ་འགྲོ་ལ་ཁད་དུ་རང་གི་སྙིང་གི་དབུས་སུ་པདྨ་འདབ་མ་བཞི་པ་གཅིག་བསམ། དེའི་དབུས་སུ་གདན་སེར་པོ་གཅིག་གི་སྟེང་དུ་ཧེ་རུ་ཀ་སེར་པོ་གཅིག་སྔར་བཞིན་བསྒོམ། འདབ་མ་རེ་རེའི་སྟེང་དུ། ཨེ་ཝྃ་མཱ་ཡཱ་ཞེས་པ་འོད་ཟེར་གྱི་རྣམ་པར་བསྒོམ་སྟེ། གཉིད་དུ་འགྲོ་བ་དང་དུས་མཚུངས་པར་ཡིག་འབྲུ་རྣམས་འོད་ཟེར་གྱི་རྣམ་པས་ཧེ་རུ་ཀ་ལ་ཐིམ། དེ་ཡང་འོད་ཟེར་གྱི་རྣམ་པར་གྱུར་ཏེ་དེའི་ངང་ལ་ཉལ་བ་དང་རྨི་ལམ་ཟིན་པ་སོགས་འབྱུང་ཞིང་། ལས་ཀྱི་འབྲེལ་བ་ཆོད་པ་ཡིན་ནོ། །བཞི་པ་གྲོལ་བ་མཐར་ཕྱིན་པར་བྱེད་པ་རྡོ་རྗེའི་ཚིག་ལམ་ལ། མི་འགྱུར་བའི་གཟེར་བཞི་གདབ་པ་ཡིན་ཏེ། ཨ་སྐྱེ་བ་མེད་པའི་དོན་གྱིས་བལྟ་བའི་ཚུལ་གཏད་པ། ཧ་འགག་པ་མེད་པའི་དོན་གྱིས་བརྡ་བཞི་བསྒོམ་པ། ཧོ་མི་འགྱུར་བའི་དོན་གྱིས་གཟེར་བཞི་གདབ་པ། འི་སྣ་ཚོགས་པའི་དོན་གྱིས་སེམས་ཀྱི་བཞག་ཐབས་བསྟན་པའོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་གདོད་མའི་ཡེ་ཤེས་ཀྱི་རང་གདངས་སུ་ཐག་ཆོད་པ། དཔེར་ན་རྫིང་ལ་འཕུར་བའི་བྱ་རོག་བཞིན་ནོ། །གཉིས་པ་ནི། དེ་ལྟ་བུའི་ཆོས་ཉིད་ལས་སྐད་ཅིག་ཀྱང་མི་ཡེངས་པ་སྟེ། དཔེ་ནི་མདའ་མཁན་བཞིན་ནོ། །གསུམ་པ་ནི། ལྟ་སྒོམ་སྤྱོད་འབྲས་བཞི་ཀར་བལྟ་བ་ལས་མ་ཡེངས་བཞིན་དུ་བདེ་སྡུག་བཏང་སྙོམས་གསུམ་ལ་བླང་དོར་མེད་པར་སྤྱོད་པ་སྟེ། དཔེ་ནི་བྱིས་པ་བཞིན་ནོ། །བཞི་པ་ནི། ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ། ལྷུག་པ་སྟེ། སྐྱེ་བ་མེད་པས་གཉུག་མ། གདོད་མ་ནས་གནས་པས་ཐ་མལ་གྱི་ཤེས་པ། མཐར་འགག་པའི་གནས་མེད་པར་སོ་མ། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐམས་ཅད་འབྱུང་བས་ལྷུག་པ་སྟེ། དཔེ་ནི་རང་ཐག་ཆུ་སྐོར་བཞིན་ནོ། །གསུམ་པ་བསྒོམ་འབྲས་ཚད་ལ་དབབ་པ་ནི། དེ་ལྟར་ཐུགས་ཉམས་སུ་བཞེས་པས། རྣལ་འབྱོར་བའི་ཏིང་ངེ་འཛིན་ལ་ཉམས་གསུམ་ཕྱེ་བ་ནི། རྩེ་གཅིག་སྒྱུ་མ་ལྟ་བུའི་ཉམས། རོ་གཅིག་སྟོང་པ་ཉིད་ཀྱི་ཉམས། སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཉམས་གསུམ་ལས། དང་པོ་ནི། སྒོམ་པའི་སྟོབས་ཀྱིས་དུ་བ་ལ་སོགས་པའི་སྟོང་གཟུགས་ཇི་སྙེད་ཤར་བ་རྣམས་སྣང་ལ་རང་བཞིན་མེད་པར་རྗེས་ལའང་ངེས་ཤེས་འདྲེན་ནུས་པའི་མྱོང་བ་བརྟན་པོར་སོང་བ་ཡིན། གཉིས་པ་ནི། སྔར་གྱི་སྟོང་གཟུགས་རྣམས་དང་ལས་སྣང་གི་གཟུགས་རྣམ་སྣང་བ་ཉིད་ནས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ། སྟོང་བཞིན་དུ་སྣང་བ། སྣང་བཞིན་དུ་སྟོང་པ། སྣང་སྟོང་རོ་གཅིག་གི་ཟུང་འཇུག་ཏུ་ཤར་བ་ཡིན། གསུམ་པ་ནི། རེ་ཁཱ་ནག་པོ་སྐྲའི་ཁྱོན་གྱི་ཚད་ཙམ་ལ། སྲིད་པ་གསུམ་དང་དུས་གསུམ་གྱི་བཀོད་པ་དང་སྣང་བ་ཤར་ཞིང་། སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པར་ཕྱིན་ནས། ཆོས་ཉན་པ་སོགས་བསགས་སྦྱང་དཔག་ཏུ་མེད་པ་བྱེད་ནུས་པ་ཡིན་ཏེ། འདི་ལྟ་བུ་ལ་དོན་དམ་པའི་རྣལ་འབྱོར་པ་ཞེས་བྱ་ཞིང་། གོང་གི་རྒྱ་ཆེ་བའི་ནམ་མཁའ་སྤར་བས་བཟུང་བ་དང་དོན་གཅིག་གོ། །དེ་ལྟར་ལམ་འདིར་ཞུགས་ནས་དམ་ཚིག་དང་སྡོམ་པ་མ་ཉམས་ན། ཐ་མའང་སྐྱེ་བ་བདུན་ལ་སངས་རྒྱས་ཏེ། དུས་འཁོར་བསྡུས་རྒྱུད་ལས། གལ་ཏེ་ལམ་དུ་ཞུགས་པ་འཆི་བར་གྱུར་པ་དེའི་ཚེ་གཞན་པ་དེའི་སྐྱེ་གཞན་ལའོ། །ཞེས་དང་། དེའི་འགྲེལ་པར། སྐྱེ་བ་བདུན་གྱི་མཐར་ཐུག་པ། བརྩོན་འགྲུས་དང་ལྡན་པ་མ་ཡིན་པ་དང་། ཡང་དག་པར་ཡེ་ཤེས་མ་བསྒོམ་ཡང་ངེས་པའོ། །ཞེས་བཤད་པས། ཉ་ལྕགས་ཀྱུས་ཟིན་པ་དང་འདྲ་བར་ཡེ་ཤེས་མྱུར་དུ་སྐྱེ་བར་བཅོམ་ལྡན་འདས་ཀྱི་ངེས་པའོ། །དཔལ་ལྡན་བླ་མ་དམ་པའི་གསུང་གི་སྙིང་པོ་མཆོག །སྙན་བརྒྱུད་བདུད་རྩིའི་ཐིག་པ་བློ་གྲོས་བུམ་པ་གང་། སྐལ་ལྡན་གདུག་བྱའི་ལུས་སྟོབས་རྒྱས་བྱེད་འདི། བློ་ཡི་ནུས་དང་སྦྱར་ཏེ་ཅུང་ཟད་ཡི་གེར་ཞྭ་དམར་སྤྱན་སྔ་ཆོས་ཀྱི་གྲགས་པས་མཛད་པའོ། །བཀོད། དེ་ལས་བྱུང་བའི་རྣམ་དཀར་དགེ་བ་དེས། །མ་གྱུར་ནམ་མཁའི་མཐའ་ཀླས་སེམས་ཅན་རྣམས། །རྡོ་རྗེ་ཐེག་པའི་ལམ་བཟང་འདིར་ཞུགས་ནས། །ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཐོབ་ཤོག །ཛ་ག་ཏུ་ཤུ་བྷཾ། ཨཐྎ།། །། ༈ གཉིས་པ་སྒྲུབ་པའི་སྐོར་ལ། རྒྱ་གར་སྐད་དུ། ཧེ་རུ་ཀ་རཱ་ཧེ་རུ་ཀ་ཡབ་ཡུམ་སྒྲུབ་པའི་གཞུང་། ཛ་བི་ཧ་ར་སདྷ་ན། བོད་སྐད་དུ། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་སྒྲུབ་ཐབས། གཉིས་མེད་སྤྲོས་པའི་མཐའ། གཟུང་འཛིན་རྣམ་རྟོག་གི་མཐའ། ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྐྱེད་རིམ་རྫོགས་རིམ་ཟུང་དུ་འཇུག་པ་ཡི། །མངོན་རྫོགས་རྒྱལ་པོའི་སྒྲུབ་ཐབས་བཤད། །གུ་ལང་དབུས་རིན་ཆེན་གསེར་བརྡལ་བའི་སྟེང་། །ཉི་མ་ཟླ་བ་པདྨ་བརྩེགས་པའི་ཁང་། གཞལ་ཡས་དེ་ནང་རྡོ་རྗེའི་གདན་གྲུ་གསུམ་བསྣོལ་མ་ཟུར་དྲུག་ལ་རྡོ་རྗེ་མེད་པར་དེ་ཉིད་གདན་དུ་སྦྱར་རོ། །སྟེང་དུ། །ཨེ་བསྣོལ་དེའི་སྟེང་དུ་ཆོས་འབྱུང་གྲུ་གསུམ། ཟུར་དྲུག་ཡིག་འབྲུར་ལྟེ་བ་ལའོ། །བཅས། །ༀ། བུདྡྷ་མངོན་རྫོགས་ཧེ་རུ་ཀ །ཞལ་གཅིག་ཕྱག་གཉིས་སྐུ་སྔོ་སེར། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །བ་ཏི་སྐུ་ལ་སྔོན་པོའི་ཤམ་ཐབས་ཅན། །དབུ་སྐྲ་ཅུང་ཟད་མཐུར་དུ་འཕྱང་། །ཞི་བའི་མདངས་ལ་ཅུང་ཞལ་ཟད་ཁྲོ། །གཡས་ཕྱག་ན་རྡོ་རྗེ་གསེར་གྱི་རྩེ་དགུ་པ་བསྣམས་པ། །གཡོན་ཕྱག་ན་དངུལ་དཀར་གྱི་དྲིལ་བུ་འཛིན། །པ་ཞབས་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་དེ་གཉིས་ཀྱིས་ཡུམ་སྭསྟི་བཛྲ་ལ་འཁྱུད། །པ། ཡུམ་བདེ་སྟོབས་ཞེས་བྱང་སེམས་མ་རྡོ་རྗེ་ཞེས་བྱ། དང་ལྡན་པ་ནི། །ཡབ་དང་འཁྲིལ་སྦྱོར་ཕྱག་གཉིས་ཡབ་ཀྱི་གཉའ་གོང་དུ་འཁྱུད། །སྐུ་མདོག་སེར་པོ་ཡབ་དང་འདྲ་དབུ་སྐྲ་གྲོལ། །བདག་ཉིད་དེ་ལྟར་ཡབ་ཡུམ། གསལ་བའི་ཐུགས་ཀ་ན། །རྡོ་རྗེ་གདན་དང་ཨེ་བསྣོལ་ལྟེ་བ་ལ། ཡི་གེ་ཨཱོྂ་ཐིག་ལེ་མཐིང་། ཟླ་ཚེས་དཀར། ན་རོ་སེར། ཨ་དམར། འ་ལྗང་ཁུ། དེའི་མཐའམ་རྒྱ་ཡིག་གིས་བསྐོར་བའོ། །ནི་ཁ་དོག་ལྔ། །ཤིན་ཏུ་གསལ་བར་བསྒོམ་པར་བྱ། །དེ་ཡི་ཞིང་ཁམས་བསྟན་འདི་རྣམས་ནི་དོན་ངོ་བོ་གཅིག་ལ་གདུལབྱའི་སྣང་བ་ལ་ཧེ་རུ་ཀ་ལྔར་བྱུང་བ་ཡིན་གསུངས། པ་ནི། །ཤར་ཕྱོགས་དཀར་ལ་ལྷོ་ཕྱོགས་མཐིང་། །ནུབ་ནི་དམར་ལ་བྱང་ཕྱོགས་ལྗང་། །ཤར་ཕྱོགས་ཤེལ། ཀེ་ཀེ་རུ། ཞིང་ཁམས་དཀར་པོ་ལ། །བསྐྱེད་ཚུལ་གོང་འདྲ་ཡབ་བཛྲ་ཧེ་རུ་ཀ་ཡུམ་དཀར། །པོར་བསམ། ལྷོ་ཕྱོགས་བཻ་ཌཱུཪྻ་ཞིང་ཁམས་མཐིང་ག་ལ། །བསྐྱེད་ཚུལ་གོང་འདྲ་ཡབ་རཏྣ་ཧེ་རུ་ཀ་ཡུམ་མཐིང་། །གར་བསམ། ནུབ་ཕྱོགས་པདྨ་རཱ་ག་ལ་ཞིང་ཁམས་དམར་པོ་ལ། །བསྐྱེད་ཚུལ་གོང་འདྲ་ཡབ་པདྨ་ཧེ་རུ་ཀ་ཡུམ་དམར། །པོར་བསམ། བྱང་ཕྱོགས་ཨིནྡྲ་ནཱི་ལ། ཞིང་ཁམས་ལྗང་གུ་ལ། །བསྐྱེད་ཚུལ་གོང་འདྲ་ཡབ་ཀརྨ་ཧེ་རུ་ཀ་ཡུམ་ལྗང་། །གུར་བསམ། དེ་དག་ཐམས་ཅད་བསྐྱེད་ཚུལ་ནི། །ཆོ་གའི་ཡན་ལག་མ་ཡིན་ཏེ། །སྐད་ཅིག་དྲན་རྫོགས་ཙམ་གྱིས་ནི། །རྣམ་པ་ལྷ་ལ་རང་བཞིན་མེད། །མཚན་ཉིད་སྤྲོས་པ་ཐམས་ཅད་བྲལ། །བརྡ་བཞིའི་སྟེང་ནས་ཉམས་སུ་བླང་། །རྗེས་ལ་སྒྱུ་མ་ལྟ་བུར་ལྡང་། །གསང་བསྐྱེད་རྫོགས་ལས་སྐྱོན། སྔགས་འདི་དག་བཟླས་པར་བྱ། །ༀ་ཐུགས་ཀའི་ༀ་ལ་སྔགས་འདིས་བསྐོར་བར་བསམ་ལ། ཤྲཱི་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། མི་མི་དང་གདོང་མ་འཕྲད་པར་སྒྲུབ་ན་མཁའ་སྤྱོད་དངོས་གྲུབ་ཐོབ་བོ་གསུངས་སོ། །ཚིག་བར་མ་ཆོད་པར་བཟླས། །དེ་ལ་སྐྱོ་བར་གྱུར་པ་ན། །བླ་མ་དང་ཡི་དམ་དང་མཁའ་འགྲོ་དང་གསུམ་ལ། །གཏོར་མ་འབུལ་ཕྱིར་མཆོད་པ་དང་བསྟོད་པ་དང་བཤགས་ཡི་གེ་བརྒྱ་པ་ལ་སོགས་བདུན་རྣམ་དག་བྱ། དེ་ནས་སྤྱོད་ལམ་བྱ། པ་བྱ། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་སྒྲུབ་ཡང་དག་ཐུགས་ཀྱི་གསང་། ཐབས་སློབ་དཔོན་ཨ་ཝ་དྷུ་ཆོས་སྐྱོང་གི་རྒྱལ་པོ། ཏི་པ་རྡོ་རྗེ་ཆོས་ཀྱིས་ཆོས་ཀྱི་རྡོ་རྗེ། མཛད་པ་འདི་ཡོངས་སུ་རྫོགས་སོ།། །།རྩ་བ་འདི་ཁོ་ནའོ།། །། ཡབ་ཡུམ་གྱི་ལྷན་ཐབས། དཔལ་ཧེ་རུ་ཀ་མངོན་རྫོགས་ཀྱི་རྒྱལ་པོ་ཉི་མ་དང་ཟླ་བ་དང་གཞལ་ཡས་ཁང་ན་བཞུགས་སོ། །ནི། ཤར་ནས་བལྟས་པས་སྐུ་མདོག་དཀར་པོ། ཀཻ་རུ་ལྟ་བུའི་དཀར་པོའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་རྡོ་རྗེ་རྩེ་དགུ་པ་བསྣམས་པ། གཡོན་ན་ཀ་པཱ་ལ་ཀླད་ཁྲག་གིས་བཀང་བ་རྡོ་རྗེས་གྱེན་པ་ཡོད་པའི་རྩེ་མོ་དགུ་ནི་ཐེག་པ་རིམ་པ་དགུ་དང་ལྡན་པའི་རྟགས་སོ། །བྷནྡྷའི་ནང་དུ་བཙུག་པའི་རྩེ་མོ་དགུ་ནི་ས་དགུ་རིམ་གྱིས་ནོན་པའི་རྟགས་སོ། །དཀྲུག་ཅིང་ཞལ་དུ་གསོལ་བ། དུར་ཁྲོད་ཀྱི་ཆས་དང་རྒྱན་གྱིས་བརྒྱན་པ། ཞབས་ཀྱིས་བགེགས་ཕོ་མོ་དྲི་ཟ་བྱི་ཆིངས་སུ་མནན་པ། ལྷོ་ནས་བལྟས་ན་སྐུ་མདོག་བཻ་ཌཱུཪྻའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་ཕྱག་མཚན་གོང་དང་འདྲའོ། །ཞབས་བརྐྱང་གཡོན་བསྐུམ་གཡས་བགེགས་གཤིན་རྗེ། ཕོ་མོ་བྱི་ཆིངས་སུ་མནན་པའོ། །ནུབ་ཕྱོགས་ནས་བལྟས་པས་པདྨ་རཱ་གའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་ཕྱག་མཚན་གོང་དང་འདྲའོ། །ཞབས་བརྐྱང་བསྐུམ་བགེགས་ཀླུ་ཕོ་མོ་བྱི་ཆིངས་སུ་མནན་པ། བྱང་ནས་བལྟས་པས་ཨིནྡྲ་ནཱི་ལའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་ཕྱག་མཚན་གོང་དང་འདྲའོ། །ཞབས་བརྐྱང་བསྐུམ་བགེགས་གནོད་སྦྱིན་ཕོ་མོ་བྱི་ཆིངས་སུ་མནན་པ། དབུས་ནས་བལྟས་པས་གུ་ལམ་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་བརྐྱང་བསྐུམ་བགེགས་ལྷ་ཆེན་ཕོ་མོ་བྱི་ཆིངས་སུ་མནན་པའོ། །དེ་དག་ནི་ཞལ་མདོག་ཁྲོས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །དེ་ནི་མཚན་མ་དབྱིངས་ཀྱི་རྣལ་འབྱོར་རོ། ༈ །ཕྲེང་བ་སྔགས་ཀྱི་རྣལ་འབྱོར་བསྒོམ་པ་ནི་དེའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ན། ཨཱོྂ་ཁ་དོག་ལྔ་པ། ཐིག་ལེ་མཐིང་ག །ཟླ་ཚེས་དཀར་པོ། ཨ་དམར་པོ། ན་རོ་སེར་པོ། འ་ལྗང་གུ་དེའི་མཐའ་མ་གཡས་བསྐོར་དུ། ཨཱོྂ་ཤྲཱི་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སྔགས་དེས་ཨཱོྂ་ལ་བསྐོར་བའོ། །དེ་ནི་ཕྲེང་བ་སྔགས་ཀྱི་རྣལ་འབྱོར་ཅེས་བྱའོ། ༈ །ཟབ་པ་ཆོས་ཀྱི་རྣལ་འབྱོར་བསྒོམ་པ་ནི། དེ་ཁོ་ན་རྣམ་པ་ལྷའི་རྣམ་པ། རང་བཞིན་སྐྱེ་བ་མེད་པ། ཉམས་མྱོང་བདེ་བ་ཆེན་པོ། དེ་ཉམས་སུ་ཤར་བ་ནི། ཟབ་པ་ཆོས་ཉིད་ཀྱི་རྣལ་འབྱོར་ཞེས་བྱའོ། ༈ །དེའི་ཡུམ་སྭསྟི་བཛྲ་བདེ་བ་སྟོབས་ལྡན་མ་ནི། སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་མ། རུས་པའི་རྒྱན་གྱིས་བརྒྱན་པ། ཐོད་པ་དུམ་བུའི་སྐེ་རགས་ཅན་སྤྱི་བོ་ན་ཟླ་ཕྱེད་ཀྱི་སྟེང་ན་སྣ་ཚོགས་རྡོ་རྗེས་མཚན་པ་ཕྱག་གཡས་ན་ཐོད་པའི་ཌཱ་མ་རུ་བཀྲོལ་བ། ཕྱག་གཡོན་པས་བདུད་རྩིའི་བྷནྡྷ་དང་ཁ་ཊྭཱྃ་ཀ་དཀུ་ལ་བརྟེན་ཏེ་བསྣམས་པ། རྡོ་རྗེ་གདན་གྱི་ཟུར་དྲུག་ལ་ཕག་མོ། གཤིན་རྗེ་མ། རྨོངས་བྱེད་མ། བསྐྱོད་བྱེད་མ། སྐྲག་བྱེད་མ། ཙཎྜི་ཀ་རྣམས་གཡོན་བསྐོར་དུ་བཞུགས་པའོ། །དེ་དག་གི་ཕྱག་མཚན་ནི་གཙོ་མོ་དང་མཐུན་ནོ། །ཞབས་གཡས་བརྐྱང་གཡོན་བསྐུམ་པའི་རྟིང་པས་མཚན་མ་བཀག་པའོ། །གཡས་བརྐྱང་བའི་མཐེ་བོང་གིས་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་བག་ཆགས་སོགས་བྱེད་ཀྱི་སྣོད་ལྷ་མོ་དུས་མཚན་མ་སྐུ་མདོག་ལྗང་གུ་རྒྱན་ཐམས་ཅད་ཀྱིས་སྤྲས་པ་ཉོན་མོངས་པའི་ཡིད་བསླུ་བར་བྱེད་པའི་རང་གཟུགས། དེ་ཞབས་ཀྱི་མཐེབ་ཆེན་གྱིས་མནན་པའོ། །དེ་ནི་མཚན་མ་དབྱིབས་ཀྱི་རྣལ་འབྱོར་རོ། ༈ །ཕྲེང་བ་སྔགས་ཀྱི་རྣལ་འབྱོར་ནི། དེའི་ཐུགས་ཀ་ན་གཞི་དྭངས་མ་དོན་གྱི་སྙིང་པོ་དྭངས་མ་ཀུན་འདུས་ཀྱི་ཐིག་ལེ། ཨཱོྂ་ཁ་དོག་ལྔ་པ། ཐིག་ལེ་མཐིང་ག །ཟླ་ཚེས་དཀར་པོ། ན་རོ་སེར་པོ། ཨ་དམར་པོ། འ་ལྗང་གུ། དེའི་མཐའ་གཡོན་བསྐོར་དུ། ཨྃ་པྃ་ཧྃ་ཡྃ་ཧྲཱིཾ་མཱྃ་ཧྲེཾ་ཧྲཱིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་ༀ་ལ་གཡོན་བསྐོར་དུ་འཁོར་བའོ། །དེ་ནི་ཕྲེང་བ་སྔགས་ཀྱི་རྣལ་འབྱོར་རོ། ༈ །ཟབ་པ་ཆོས་ཉིད་ཀྱི་རྣལ་འབྱོར་ནི། དེ་ཉིད་རྣམ་པ་ལྷའི་རྣམ་་པ། རང་བཞིན་སྐྱེ་བ་མེད་པ། ཉམས་མྱོང་བདེ་བ་ཆེན་པོར་ཤར་བ་ནི། ཟབ་པ་ཆོས་ཉིད་ཀྱི་རྣལ་འབྱོར་རོ། །སློབ་དཔོན་ཆེན་པོ་ཉི་མའི་སེང་གེའི་འོད་ལས་མཚན་དུ་བསྒྱུར་བ་དཔལ་ཨ་བ་དྷུ་ཏི་པ་ཆེན་པོ་རྡོ་རྗེ་ཆོས་ཀྱིས་གསུངས་པ། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱི་སྒྲུབ་ཐབས། ཉམས་སུ་བླང་བའི་ཆོས་རྫོགས་སོ། །ལེགས་སོ།། །།༅། །ཡབ་ཡུམ་གྱི་ལྷན་ཐབས། དུས་ཀྱི་བརྡའ་སྣ་བུག་གཡོན་པ་ནས་རླུང་རྒྱུ་བའི་དུས་སོ། །གནད་ཀྱི་བརྡའ་རྒྱལ་ཆེན་རོལ་པའི་འདུག་སྟངས་ཡི་དམ་གྱི་ལྷ་བསྒོམ། བཅའ། མིག་སྣ་རྩེར་གསལ་བའི་བརྡ། དབབ། འོག་རླུང་བདེ་བའི་བརྡ། ཡིད་ཙམ་འཐེན། ལྕེ་དབྱེར་མི་ཕྱེད་པའི་བརྡའ། ཡ་རྐན་ལ་མ་རེག་པ། ལུས་མི་འགུལ་མི་རྟོག་པའི་བརྡའ། བར་བཞག །བདེ་བ་གསལ་བ་མི་རྟོག་པ་དབྱེར་མི་ཕྱེད་པ་གཅིག་མི་སྐྱེ་མི་སྲིད། དཔལ་ཆེན་པོ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་རྩེ་དགུ་པ། གཡོན་དངུལ་གྱི་དྲིལ་བུ། ཡང་ན་ཀ་པཱ་ལ་བདུད་རྩིས་བཀང་བ་རྡོ་རྗེས་དཀྲུག་ཅིང་གསོལ་བ། དུར་ཁྲོད་ཆས་བརྒྱད་ཀྱི་སྐུ་ལ་བརྒྱན་པ། ཞབས་བརྐྱང་བསྐུམ་ཅན། ལྷ་ཆེན་ཕོ་མོ་བྱི་ཆིངས་སུ་མནན་པའོ། །ཡབ་ལ་ཡུམ་འཁྱུད་པ། སྐུ་མདོག་ཡབ་དང་མཐུན་པ། ཡང་ན་སྐུ་མདོག་མཐིང་ཀ་གཡས་ཐོད་རྔ་བཀྲོལ་བ། གཡོན་བྷནྡྷ་བདུད་རྩིས་གང་བ་ཡབ་ལ་སྟོབ་པ། ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ལྷ་མོ་བརྒྱད་དོ། །བྱང་ཕྱོགས་ཁ་ཆེའི་གླིང་ནས་སིངྒ་ལའི་ཡུལ་གྱི་རྒྱལ་པོ་གཞོན་ནུ་དཔལ་གྱི་སྲས་རྒྱལ་པོ་ཉི་མིའི་སེང་གེའི་འོད་ཀྱི་ཡང་དག་ཐུགས་ཀྱི་སྒྲུབ་པར་དུར་ཁྲོད་སོ་ས་གླིང་དུ་བསྒྲུབས་པས། ཞག་བདུན་ནས་མངོན་རྫོགས་རྒྱལ་པོ་རྟེན་གཞལ་ཡས་ཁང་དང་བཅས་པ་ཞལ་གཟིགས། ཡུམ་གྱི་ཞལ་མ་མཐོང་། ཡང་ཞག་བདུན་བསྒྲུབས་པས། ཡུམ་ཨོྂ་སྭསྟི་བཛྲ་བདེ་བ་སྟོབས་ལྡན་མ་རྟེན་གཞན་ཡས་ཁང་དང་བཅས་པ་ཞལ་གཟིགས་ནས་མཚན་བསྒྱུར་ཏེ་དཔལ་ཨ་ཝ་དྷུ་ཏི་པ་ཆེན་པོ་རྡོ་རྗེ་ཆོས་བྱ་བར་བསྒྱུར་རོ། །དེའི་སྲས་སེང་གེ་ཟླ་བ་མཁའ་སྤྱོད་དུ་གཤེགས་སྐད་དོ། །དེས་མཚན་རི་དྭགས་རབ་ཏུ་གསལ་བ་ལ་བསྟན། དེས་རབ་ཞི་ལོ་ཙྪ་བ་ཆོས་ཀྱི་ཤེས་རབ་ལ་བསྟན། དེས་རྐན་བློ་གྲོས་དབང་ཕྱུག་ལ། དེས་རྦ་སྒོམ་ཡེ་ཤེས་དབང་ཕྱུག་ལ། དེས་རྒྱལ་བ་འཛེང་སྟོན་པ་ལ། དེས་སྐྱེ་ཚེ་ཡེ་ཤེས་དབང་ཕྱུག་ལ། དེས་བླ་མ་རུ་བ་ཆེན་པོ་ལ། དེས་བཛྲ་ཤྭ་ར་ལ། དེས་གོ་རི་བ་བློ་ལྡན་བྱང་ཆུབ་འབུམ་ལ། དེས་མཐའ་སྟོན་གཞོན་ནུ་བྱང་ཆུབ་བདག་ལ་གནང་བ་ལགས་སོ། ༈ །དེ་ལ་དང་པོའི་ཞལ་གདམས། སེམས་གནས་ལུགས་དེ་མ་སྐྱེས་ན། ལྟ་སྟངས་ཀྱིས་འཚོལ་བ་གདམས་ངག་ཡིན། །གནས་ལུགས་རྒྱུད་ལ་སྐྱེས་ཙམ་ན། །བློ་བཅས་བཅོས་མི་བྱེད་པ་གདམས་ངག་ཡིན། །ཉམས་མྱོང་ནང་ནས་སྐྱེས་ཙམ་ན། །རང་གཅིག་པུར་སྡོད་པ་གདམས་ངག་ཡིན། །དྲན་པ་གློ་བུར་བ་བྱུང་ཙམ་ན། །དེ་ལ་སྐྱོན་དུ་མི་ལྟ་བ་གདམས་ངག་ཡིན། །དོན་ཐོག་ཏུ་ཐ་སྙད་སྟོར་ཙ་ན། །དེ་ལ་ཐེ་ཚོམ་མི་ཟ་བ་གདམས་ངག་ཡིན། །སློབ་དཔོན་དགའ་རབ་རྡོ་རྗེའི་ཉམས་ཀྱི་སྐྱུགས་པ་ཡིན་པར་གདའོ།། །།ཨཐྎ། ཡབ་ཡུམ་གྱི་ལྷན་ཐབས། ན་མོ་གུ་རུ། རིན་པོ་ཆེ་དབང་གི་མན་ངག་ནས། ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེ་ནང་རྡོ་རྗེའི་གདན་སྟེང་དུ། །བུདྡྷ་མངོན་རྫོགས་ཧེ་རུ་ཀ །ཞེས་གསུངས་པས། ཉི་མ་དང་ཟླ་བ་ཁ་སྦྱར་བའི་ནང་དུ། ཧེ་རུ་ཀ་མངོན་རྫོགས་ཀྱི་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ། གཡོན་ཤེལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ། སྐུ་མདོག་གསེར་བཙོ་མ་ལྟ་བུ་གཅིག་བསམ། ཡུམ་སྭསྟི་བཛྲ་སྐུ་མདོག་ཡབ་དང་འདྲ་བ་ལ། ཕྱག་གཉིས་ཡབ་ལ་འཁྱུད་པ། གཟིགས་ཚུལ་རིག་འཛིན་དུ་གཟིགས་པ། བཞུགས་ཚུལ་ཞི་མ་ཁྲོ་རུ་བཞུགས་པའོ། །དེ་ནི་ཤ་ཁྲག་ལུས་པོ་ལྟ་བུ་མིན་ཏེ། རྣམ་པ་ལྷའི་རྣམ་པ། རང་བཞིན་སྐྱེ་བ་མེད་པ། ཉམས་མྱོང་བདེ་བ་ཆེན་པོ། མཚན་ཉིད་གཉིས་སུ་མེད་པ། བསམ་ཚུལ་སྐད་ཅིག་དྲན་རྫོགས་སུ་བསྒོམ་པའོ། །དེ་ནི་བསྐྱེད་རྫོགས་ཟུང་འཇུག་གོ། །ཨཱོྂ་ཞི་བའི་སྔགས་ཤྲཱི་བཛྲ་ཧེ་རུ་ཀ་ཧཱུྃ་ཧཱུྃ། འགྲོ་དྲུག་གཡང་ས་གཅོད་ཞལ་གདམས་པ་དང་། གསང་བའི་དགྲ་གསུམ་བསད་པ་ནི། ཤིང་པ་ཤིང་བལ་བུ་ཁུག་པར་སྐྱེས་པ་ལ་ཟེར་གསུངས་སོ། །ལ་ཤ་ཞེས་བྱ་བ་བསྟན་མ་རང་ཁུག་ཏུ་སྐྱེས་པའི་སྣ་ལ་ཡི་གེ་ཀྵུཾ་བྱ་བ་བྲིས་ལ། དེའི་ལོགས་ལ་ཨ་ནྲྀ་སུ་ཏྲི་པྲེ་དུ་བྱ་བ་བྲིའོ། །དེ་ཡང་ཡི་གེ་གྷི་ཝང་གི་ཆུས་བྲིའོ། །དེ་བཞིན་དུ་བྱས་པའི་ཤིང་བུ་དེ་མི་དང་ཕྱུགས་ལ་སོགས་པ་འཆི་བའི་ཚེ་སྣ་བུག་གཡས་པ་བཀག་ལ། བཅོམ་ལྡན་འདས་གྲོང་ཁའི་ཚེ་གཟིམས་ལུགས་བྱས་ནས་ཤི་ན་ངེས་པར་ངན་སོང་དུ་མི་འགྲོ་བར་གསུངས་སོ། །འཇིགས་པའི་བདུད་བཞི་འཇོམས་པ་ནི། ཤིང་རྐམ་པ་ཤ་ཞེས་བྱ་སྟེ། སེང་ལྡེང་ལ་ཡི་གེ་ཧ་ས་ནི་རི་ཞེས་བྱ་བ་རྐོ་མར་བྲིས་ལ། ནང་དུ་སིནྡྷུ་ར་དང་། ག་བུར་དང་། ཛཱ་ཏི་དང་། གུ་གུལ་དཀར་པོའི་ཆུ་བླུགས་ལ། ཁ་དོག་བསྒྱུར་ལ་རང་སྐེ་ལ་གཞོགས་གཡོན་དངོས་སུ་གདགས་སོ། །རང་གི་གྲིབ་མ་ལ་གཞན་གྱིས་འགོམ་དུ་མི་རུང་ངོ་། །སྤྱིར་ཡང་ཐམས་ཅད་ལ་མི་འགོང་གསུངས་སོ།། །། ༅། །རིན་པོ་ཆེ་དབང་གི་མན་ངག་ཅེས་པ་བསྐྱེད་རྫོགས་ཟུང་འཇུག་གི་གདམས་པ་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཡང་དག་གི་ཕྲིན་ལས་སྒྲུབ་པ་དངོས་གཞི་ཚོགས་ལུང་དང་བཅས་པ་བཞུགས། བཅོམ་ལྡན་འདས་ཧེ་རུ་ཀ་མངོན་རྫོགས་རྒྱལ་མངོན་རྫོགས་ཡབ་ཡུམ་གྱི་སྒྲུབ་པ། པོ་ལ་ཕྱག་འཚལ་ལོ། །དེ་སྒྲུབ་པའི་རྣལ་འབྱོར་པས། གནས་དབེན་པར་དཀྱིལ་འཁོར་གྱི་སྟེང་དུ། མཆོད་པ་རྣམ་པ་ལྔ་བདུད་རྩི་བ་ལིང་རཀྟ་བཤམས་ལ། སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་དང་བྱམས་པ་སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། དེ་ནས་ལུང་རྣམ་པ་བདུན་གྱིས་ནུབ་གཅིག་གིས་ཕྲིན་ལས་གཞུང་བསྲང་བ་ནི། དང་པོ་བགེགས་བསྲུང་བ་འབར་བ་མཚམས་ཀྱི་ལུང་དུ་མཚམས་བཅད་པ་ནི། བདག་ཉིད་དཔལ་ཆེན་དུ་གསལ་བར་བསྐྱེད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཡང་དག་དོན་ལ་མི་བརྩོན་ཞིང་། །འབྱུང་པོ་དམ་མེད་ཐམས་ཅད་ཀུན། །རང་རང་གནས་སུ་བདེ་བར་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བཅོམ་ལྡན་དཔལ་ཆེན་ཁྲོས་ནས་ནི། །བར་ཆད་སྦྱོར་བ་ཐལ་བར་རློག །མཚོན་ཆ་རང་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འོད་འཕྲོས། མཚོན་ཆ་ལྔས་བགེགས་བསྐྲད། ཕྱོགས་མཚམས་ཐམས་ཅད་ར་བ་དང་གུར་དུ་གྱུར་པའི་ཕྱི་མ་མེ་རིའོ། །འབར་བའི་གུར་གྱིས་གཏམས། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བཛྲ་ཧཱུྃ་ཕཊ། ཙཀྲ་ཧཱུྃ་ཕཊ། ཁཏྒ་ཧཱུྃ་ཕཊ། ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཨ་ཀོ་ཊ་ཡ་མུཏྒ་ར་ཧཱུྃ་ཕཊ། ཛྭ་ལ་རཾ་ཧཱུྃ་ཕཊ། ཞེས་མཚོན་ཆ་ལྔས་མཚམས་བཅད། དེ་ལས་རྒྱས་པར་འདོད་ན། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །རྡོ་རྗེའི་ཐོག་དང་སེར་ཆེན་འབེབས། །འོག་ཀྱང་རྡོ་རྗེའི་ས་གཞི་ལ། །རྡོ་རྗེ་ས་གཞི་གཅལ་དུ་བཀྲམ། །བར་སྣང་རྡོ་རྗེའི་སྤྲིན་ཕུང་འཁྲིགས། །རྡོ་རྗེའི་འདུ་འཕྲོ་མེ་ལྟར་འབར། །རྡོ་རྗེའི་གློག་འཁྱུག་ཁྱུགས་སེ་ཁྱུག །རྡོ་རྗེའི་ཐོག་འབེབས་ལམས་སེ་ལམ། །རྡོ་རྗེའི་མེ་འབར་ཡ་ལ་ལ། །རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན། །ཐམས་ཅད་རྡོ་རྗེ་འབར་བས་གཏམས། །རྡོ་རྗེ་གཏམས་པའི་གཞལ་ཡས་འདིར། །འབྱུང་བ་རླུང་ཡང་མི་འགྱུ་ཞིང་། །ཆུ་ལ་ཟགས་པའི་གསང་མེད་ཅིང་། །འབྱུང་པོ་ལོག་འདྲེན་ལྟ་ཅི་སྨོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བཅོམ་ལྡན་དཔལ་ཆེན་ཁྲོས་ནས་ནི། །བར་ཆད་སྦྱོར་བ་ཐལ་བར་རློག །རྡོ་རྗེ་འབར་བའི་གུར་གྱིས་གཏམས། བཛྲ་ཧཱུྃ་ཕཊ། སྟེང་ཡང་འཁོར་ལོའི་བླ་བྲེ་ལ། འཁོར་ལོའི་ཐོག་དང་༴ གོང་ལྟར་འགྲེའོ། །སྟེང་ཡང་རལ་གྲིའི་བླ་བྲེ་ལ། །འགྲེའོ། །སྟེང་ཡང་ཕུར་པའི་བླ་བྲེ་ལ། །འགྲེའོ། །སྟེང་ཡང་དབྱུག་ཐོའི་བླ་བྲེ་ལ། །གོང་གི་འགྲེའོ། །མེའི་མཚམས་ཀྱང་དེ་བཞིན་ནོ། །ཨེ་རཾ་ཕཊ་རཾ་ཛྭ་ལ་རཾ། ཞེས་པས་འབར་བ་མེའི་དབུས་སུ་བསྒོམ། དེ་ནས་ཁྲོ་བོའི་མཚམས་བཅད་པར་བྱ་སྟེ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་བུདྡྷ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པ་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་བུདྡྷ་ཁྲག་འཐུང་ཚོགས། །བུདྡྷའི་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བུདྡྷ་རཀྵ་རཀྵ་ཧཱུྃ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་བཛྲ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་བཛྲ་ཁྲག་འཐུང་ཚོགས། །བཛྲ་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བཛྲ་རཀྵ་རཀྵ་ཧཱུྃ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་རཏྣ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་རཏྣ་ཁྲག་འཐུང་ཚོགས། །རཏྣའི་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རཏྣ་རཀྵ་རཀྵ་ཧཱུྃ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་པདྨ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་པདྨ་ཁྲག་འཐུང་ཚོགས། །པདྨའི་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། པདྨ་རཀྵ་རཀྵ་ཧཱུྃ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་ཀརྨ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་ཀརྨ་ཁྲག་འཐུང་ཚོགས། །ཀརྨའི་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཀརྨ་རཀྵ་རཀྵ་ཧཱུྃ། སྟེང་འོག་མཚོན་ཆ་དང་། ཁྲོ་བོས་བར་མཚམས་མེད་པར་གཏམས་པར་བསམ། ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཆོས་རྣམས་ཡེ་ནས་རང་བཞིན་སྟོང་པ་ལ། །རྣམ་རྟོག་འཁྲུལ་པ་འབྱུང་བའི་གཞི་མེད་དེ། །བགེགས་ཀྱང་རང་གི་སེམས་ལས་བྱུང་། །སྟོང་པ་ཉིད་ཀྱིས་མཚམས་བཅད་དོ། །བགེགས་ཞེས་བྱ་བའི་མིང་ཡང་མེད། །ཆོས་ཀྱི་དབྱིངས་ལས་མ་འདའ་ཞིག །སྟོང་པ་ཉིད་ཀྱིས་རྒྱས་གདབ། །མཚམས་བཅད་པའོ། །གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་གི་ལུང་དུ་བཤགས་པ་ཐ་མལ་པ་དབྱངས་དང་བཅས་པས། བྱ་བ་ནི། མདུན་གྱི་ནམ་མཁའ་ལ་ཡི་དམ་ལྷ་ཚོགས་བསྐྱེད། སྤྱི་བོར་བླ་མ། གཡས་སུ་དབའ་བོ། གཡོན་དུ་མཁའ་འགྲོ། མདུན་དུ་ཆོས་སྐྱོང་བསམ་ལ་བཤགས་པ་བྱ་སྟེ། ཧཱུྃ། དུས་གསུམ་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ། །མཚན་ཉིད་དོན་མ་རྟོགས་པ་མཐོལ་ལོ་བཤགས། །བརྒྱུད་པའི་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །དམ་ཚིག་མོས་གུས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི༴ བསྙེན་སྒྲུབ་ཚད་དུ་མ་བསྐྱལ་མཐོལ་ལོ་བཤགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི༴ མཆོད་བསྟོད་གཞུང་མ་སྐྱོང་བ༴ མ་སྲིང་མཁའ་འགྲོ་རྣམས་ཀྱི༴ གཏོར་མ་དུས་སུ་མ་ཐེང་༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ དམ་རྫས་ཚང་བར་མ་བསགས་མཐོལ༴ མཆེད་དང་ལྕམ་དྲལ་རྣམས་ཀྱི༴ དམ་ཚིག་བརྩེ་གདུང་ཆུང་བ༴ དུས་གསུམ་ཕ་མ་རྣམས་ཀྱི༴ དྲིན་ལན་ལན་གྱིས་མ་ལོན༴ ཁམས་གསུམ་སེམས་ཅན་རྣམས་ཀྱི༴ ཐེག་ཆེན་བྱང་སེམས་ཆུང་བ༴ ཞེས་བཤགས་པ་དང་བཟོད་གསོལ་བྱའོ། །གསུམ་པ་མཆོད་རྫས་བྱིན་གྱིས་བརླབས་པའི་ལུང་དུ་བྱིན་གྱིས་བརླབས་པ་ནི། སྨན་ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། རཀ་གཏོར་ༀ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཧཱུྃ་ཧྲཱིཿཋཱ། ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ། ལན་ལྔའམ་བདུན་སོགས་བཟླའོ། །མ་གསུམ་བྱིན་གྱིས་བརླབས་སོ། །བཞི་པ་བདག་ཉིད་རྩ་བའི་ལུང་དུ་ཡང་དག་མངོན་རྫོགས་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་པ་ལ། དང་པོ་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་ནི། ཧཱུྃ། འདི་ཚེ་སངས་རྒྱས་བསྒྲུབ་བྱའི་ཕྱིར། །སྐུ་གསུམ་དེ་བཞིན་ཉིད་ས་ལ་གོམས་པར་བྱ། །དང་པོ་ཆོས་ཀྱི་དབྱིངས་ཉིད་ལས། །དམིགས་པ་མེད་པའི་དོན་ཅིག་བསྒོམ། །ཞེས་པ་དང་། ཆོས་ཀུན་ཏུ་སྣང་། ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དུ་ནི་ཁྱབ་པར་བསམ། །ཞེས་པ་དང་། བསྐལ་རྒྱུའི་ཏིང་ངེ་འཛིན། པའི་མེ་དཔུང་འཁྲུགས་པ་བཞིན། །འབར་ཨཱོྂ་ཁ་དོག་ལྔ་པ། བའི་ཚོགས་ནི་བསམ་པར་བྱ། །ཞེས་བརྗོད། ཨེ་ཆོས་འབྱུང་གྲུ་གསུམ། ཡྃ་རླུང་གི་དལ། བྃ་ཆུ་ལྃ་གསེར་སུྃ་རི་རབ། རཾ་མེ་བྷྲཱུྃ་གཞལ་ཡས་ཁང་། ཧཱུྃ། བསྐྱེད། འབྱུང་བའི་དཀྱིལ་འཁོར་ཡུམ་ལྔའི་མཁའ་དབྱིངས་སུ། །མངོན་པར་དགའ་བའི་རིན་ཆེན་གཞལ་ཡས་ཁང་། །ཉི་ཟླ་པདྨ་འོད་ཀྱི་ཁ་སྦྱོར་ནང་། །ཨེ་བསྣོལ་ཟུར་དྲུག་ཟེའུ་འབྲུ་བརྡལ་བ་ཡི། །དྲེགས་གདན་ཉི་ཟླ་པདྨ། པ་ཁྱོ་ཕག་མོ། ཡ་མ་ནི། རྨོངས་བྱེད་མ། སྐྱོད་བྱེད་མ། བཀྲག་བྱེད་མ། ཙནྜི་ཀ །ཤུགས་ཉི་ཟླ་པདྨའི་སྟེང་། །མངོན་རྫོགས་རྒྱལ་པོ་བུདྡྷ་སྐུ་མདོག་ཕྱག་མཚན་ཡུམ་དང་མཐུན། ཧེ་རུ་ཀ །ཞལ་གཅིག་མཆན་ཁུང་ན་ཁ་ཊྭཱྃ་ག་བསྣམས་བའོ། །ཕྱག་གཉིས་སྐྱིལ་ཀྲུང་ཚུལ། །ཡབ་ཡུམ་གཉིས་མེད་བདུད་རྩི་ཞལ་དུ་སྟོབ། །འབར་བའི་གར་དགུ་ཁྲོ་ཚུལ་རྫོགས་པའོ། །ༀ་གུ་རྟེན་གཞལ་ཡས་ཁང་། ལཾ་མཎྜ་ལ་གདན་ཉི་ཟླ་པད་མ། ཧཱུྃ། ཨ་ཟླ་བའི་དཀྱིལ་འཁོར། ཙནྡྲ་མཎྜ་ལ་ཧཱུྃ། མ་སྭུརྱ་མཎྜ་ལ་ཉི་མའི་དཀྱིལ་འཁོར་འོད་དང་བཅས། ཧཱུྃ། བ་ཏི་ཏིཥྛ་མཎྜ་ལ་ཆོས་འབྱུང་དམར་པོ། ཧཱུྃ། བྷྲཱུྃ་པདྨའི་གེ་སར་འོད་ཟེར་ལྔ་པ། ཏིཥྛ་པདྨ་མཎྜ་ལ་ཧཱུྃ། ༀ་ཀེ་ཁ་དོག་ལྔ་པ་ཤར་ཀེ་ཀེ་རུ་དཀར་པོ། ཀེ་རུ་མཎྜ་ལ་ཧཱུྃ། བཻ་ཌཱུཪྻ་ལྷོ་བཻ་ཌཱུཪྻ་སྔོན་པོ། མཎྜ་ལ་ཧཱུཾ། པདྨ་རཱ་ག་མཎྜ་ལ་ཧཱུཾ། ནུབ་པདྨ་རཱ་ག་དམར། ཨིནྡྲ་ནཱི་ལ་མཎྜ་ལ་བྱང་ཨིནྡྲ་ནཱི་ལ་ལྗང་། ཧཱུྃ། ༀ་བུདྡྷ་ཤྲཱི་ཧེ་རུ་ཡབ་དཔལ་ཆེན། ཀ་བུདྡྷ་ཀྲོ་དྷི་ཡུམ་ཤྭ་རི་སྟྭཾ། ༀ་བཛྲ་ཤར་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་རཏྣ་ལྷོ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་པདྨ་ནུབ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་ཀརྨ་བྱང་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་རིགས་ལྔ་ཡབ་ཡུམ་ཀ་རཱི་སིང་ཧ་སྒོ་མ་དབང་ཕྱུག །རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དཔལ་ཆེན་ཧེ་རུ་ཀ་དུར་ཁྲོད་ཆས་བརྒྱད། དེ་ཡང་ཕྱོགས་བཞི་དབུས་དང་ལྔ་ནས་བལྟས་པས། རིགས་ལྔ་རུ་མངོན་པ་ལ་སངས་རྒྱས་རིགས་ལྔས་དབུ་བརྒྱན་པ་ལ་དབུས་རྣམ་སྣང་། དོན་ཧེ་རུ་ཀ་གཅིག་ཏུ་རྫོགས་པས་ན་མངོན་རྫོགས། ཆེ་ཞིང་གོང་ན་མེད་པས་ན་རྒྱལ་པོ་ཞེས་བྱའོ། །དེ་ནས་འོག་མིན་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི། ཧཱུྃ། འོག་ཨེ་བསྣོལ་ཟུར་དྲུག་ལ་ཨཱཿཨྃ་ཧཱུཾ་ཧྲཱིཿབྷྲཱུྃ་ཧྃ། ཕག་མོ་དྲུག་གི་ངོ་བོར་བསམ་མོ། །མིན་བདེ་གཤེགས་ཕོ་བྲང་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧེ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པས་སྤྱན་དྲངས། དེ་ནས་བདག་དམ་ཚིག་སེམས་དཔས་ལྷ་ཡེ་ཤེས་སེམས་དཔའ་ལ་ཕྱག་བྱ་བ་ནི། མདུན་གྱི་ནམ་མཁརབཞུགས་པ་ལ་གཙོ་བོ་ལ་གཙོ་བོས་འཁོར་ལ་འཁོར་གྱིས། ཧཱུྃ། མི་གནས་མི་དམིགས་ཆོས་སྐུ་དག་པ་ལ། །བདུད་འདུལ་ཁྲོ་ཚོགས་དག་གི་སྐུ་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་འཁོར་དང་བཅས་པ་ལ། །གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ ཕྲ་ཏཱིཙྪ་ཧོཿ ཡ་མི། ན་མོ། ཞེས་ཕྱག་བྱའོ། །ལྷ་ཡེ་ཤེས་པ་དགྱེས་ནས་སྐུ་གསུང་ཐུགས་ཀྱིས་བདག་དམ་ཚིག་སེམས་དཔའི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབས་པར་བསམ་མོ། །བདག་དམ་ཚིག་སེམས་དཔའི་སྤྱི་བོར་ཡེ་ཤེས་སེམས་དཔའ་བསྟིམ་མོ། །དེ་ནས་བཞུགས་སུ་གསོལ་བ་ནི། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེ་བདག་ལ་དགོངས་ནས་ཀྱང་། །བཅོམ་ལྡན་དཔལ་ཆེན་ཧེ་རུ་འཁོར་དང་བཅས། །དངོས་གྲུབ་སྩོལ་ཕྱིར་བརྟན་པར་བཞུགས་སུ་གསོལ། །གཙོ་བོ་ལ་གཙོ་བོ་ཐིམ། འཁོར་ལ་འཁོར་ཐིམ་པས་གཟི་བརྗིད་ནུས་པ་དང་ལྡན་པར་བསམ་མོ། །ཏིཥྛ་བཛྲ་ཧཱུྃ། ཞེས་པའོ། །དེ་ནས་ཕྱག་རྒྱ་གར་གྱི་མཆོད་པ་འབུལ་བ་ནི། ཧཱུྃ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །བཅོམ་ལྡན་དཔལ་གྱི་ཕྱག་རྒྱར་གསལ། །སྐུ་གསུམ་གཉིས་མེད་བདེ་ཆེན་རྒྱ། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །སྐུ་གསུང་ཐུགས་གཉིས་སུ་མེད་པའི་བདེ་བ་ཐུགས་སུ་ཆུད་པའི་དངོས་གྲུབ། ཨ་ལ་ལ་ཧོཿ ཞེས་སོ། །དེ་ནས་རིགས་ལྔའི་ཧེ་རུ་ཀ་ལ་བཤགས་པ་བྱ་བ་ནི། ཧཱུྃ། དབུས་ཕྱོགས་གུ་ལང་སེར་པོ་གསེར་གྱི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །བུདྡྷ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཤར་ཕྱོགས་ཀེ་ཀེ་རུ་དཀར་པོའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །བཛྲ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ལྷོ་ཕྱོགས་རིན་ཆེན་བཻ་ཌཱུཪྻ་སྔོན་པོའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །རཏྣ་ཧེ་རུ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ནུབ་ཕྱོགས་པདྨ་རཱ་ག་དམར་པོའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །པདྨ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་པ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ཏུ་གསོལ། །བྱང་ཕྱོགས་ཨིནྡྲ་ནཱི་ལ་ལྗང་གུའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །ཀརྨ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ཏུ་གསོལ། །དེ་ནས་ཕྱིའི་མཆོད་པ་རྣམ་པ་ལྔ་འབུལ་བ་ནི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་བཛྲ་པུཥྤེ་མེ་ཏོག་དབུ་ལ། ཨཱཿཧཱུྃ། ཨརྒྷཾ་མཆོད་ཡོན་མདུན་དུ། པྲ་ཏཱིཙྪ་ཧཱུྃ། བཛྲ་དྷཱུ་པེ༴ བདུག་སྤོས་ཤངས་ལ། བཛྲ་ཨཱ་ལོ་མར་མེ་སྤྱན་ལ། ཀེ༴ བཛྲ་གནྡྷེ༴ དྲི་ཆབ་ཐུགས་ཁར། བཛྲ་ནཻ་ཝི་ཞལ་ཟས་ཞལ་ལ། དྱཱཻ༴ བཛྲ་ཤཔྡ་རོལ་མོ་སྙན་ལ། ཨཱཿཧཱུྃ། མངོན་རྫོགས་ཡབ་ཡུམ་འཁོར་བཅས་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཛྲ༴ རཏྣ༴ པདྨ༴ ཀརྨ༴ དེ་རྣམས་རིམ་པས་འགྲེའོ། །རང་ཧེ་རུ་ཀའི་ཐུགས་ཁ་ནས་མཆོད་པའི་ལྷ་མོ་འཕྲོས་མཆོད་པས་མཉེས་པར་བསམ་མོ། །རང་ལ་རང་གིས་མཆོད། དེ་ནས་བདུད་རྩི་བྱིན་གྱིས་བརླབས་པའི་སྨན་མཆོད་འབུལ་བ་ནི། བདུད་རྩིའི་འཛབ་བགྲང་ལ་སྨན་ཕུད་རེ་སྦྲེང་ལ་མཆོད་པ་ནི། །ཧཱུྃ། ངོ་མཚར་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །འབྱུང་བའི་བཅུད་བསྡུས་འབྲས་བུ་བདུད་རྩིའི་བཅུད། །ཡུམ་ཆེན་མཱ་མ་ཀཱི་རུ་བྱིན་བརླབས་ནས། །རྒྱ་མཚོ་ཆུ་ཀླུང་མཚོ་བྲན་མན་ཆད་ནས། །ཟིལ་པའི་ཐིག་པའི་བརླན་གྱི་བཅུད་བསྡུས་ཏེ། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དཔལ་བོས་བཀང་། །དུས་གསུམ་རྒྱལ་བ་ཡབ་ཡུམ་མཆོད་པ་དང་། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་བ་དང་། །འགྲོ་བ་མ་ལུས་ཐུགས་རྗེས་བཟུང་བའི་ཕྱིར། །ཉོན་མོངས་དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཁ་རཾ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་དང་། ལྷ་མོ་བརྒྱད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཕྲ་མེན་སིང་ཧ་བརྒྱད། ཡེ་ཤེས་སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད། བཀའ་སྐྱོང་མཁའ་འགྲོ་སྡེ་གསུམ། ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩི་ཕུལ་ལོ། །ཧཱུྃ། འཕྲུལ་ཞལ་བྷནྡྷའི་སྣོད་མཆོག་ཏུ། །དཔའ་བོ་འབྲུ་གསུམ་ཚུལ་དུ་ནི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདི། །སྒྲུབ་མཆོག་བདག་ལ་སྩལ་ཏུ་གསོལ། །སྐུ་གསུང་ཐུགས་མཉེས་ནས་ཐོད་པའི་ནང་དུ་དངོས་གྲུབ་ༀ་ཨཱཿཧཱུཾ་བྱུང་། རང་གི་མཐེབ་སྲིན་གྱིས་བླངས་ལ་ལྕེ་ཐོག་ཏུ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །ༀ་ཨཱཿཧཱུཾ་ཀཱ་ཡ་སྤྱི་བོར། སིདྡྷི་ༀ། ཝཱ་ཀ་མགྲིན་པར། སིདྡྷི་ཨཱཿ ཙིཏྟ་སྙིང་ཁར་སིདྡྷ་ཧཱུྃ། ཞེས་བདུད་རྩི་ལྕེ་ཐོག་ཏུ་མཐེབ་སྲིན་གྱིས་བླངས་ནས་ལན་གསུམ་བཞག་གོ། །དེ་ནས་གཏོར་མའི་པཱུ་ཛ་འབུལ་བ་ནི། དབང་བཞིའི་དུས་ན་རྣལ་འབྱོར་པའི་ཆས། གཏོར་མའི་ཆས། དཀྱིལ་འཁོར་གྱི་ཆས། དམ་རྫས་ཀྱི་ཆས་རྣམས་བྱའོ། །གཏོར་མའི་དུས་སུ། ཧཱུྃ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདིར། །དཔལ་ཆེན་ཡབ་ཡུམ་མཆོད་པ་དང་། །མ་སྲིང་རྒྱ་མཚོ་མ་ལུས་བརྟེན་པ་དང་། །རྡོ་རྗེ་སློབ་དཔོན་རྒྱལ་ཐེབས་ཀིང་ཀ་ར། །མཆེད་ལྕམ་འདུས་པའི་གཡར་དམ་བསྐང་བའི་ཕྱིར། །རིན་ཆེན་ཚང་བའི་གཏོར་གཞོང་ཆེན་པོ་རུ། །ཞལ་ཟས་བདུད་རྩི་ཤ་ཆེན་དང་། །རཀྟ་དམར་དང་དཀར་གྱིས་བརྒྱན། །འབྱོར་ཚོགས་བཤམས་པའི་ལོངས་སྤྱོད་འདི། །ཞིང་ཁམས་རྒྱས་པར་བཀང་ནས་འབུལ་ལགས་ན། །སྔགས་བདག་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གཏོར་མར་སྨན་རག་སྦྲེང་ངོ་། །བརྒྱུད་པའི་བླ་མ་མ་རིག་པའི་མུན་སེལ། རྣམ་རྟོག་ཐམས་ཅད་སེལ་བས་སོ། །རྣམས་ཀྱི་ཞལ་དུ་མ་ཧཱ་བ་ལིདྟ་ཁ་རཾ་ཁཱ་ཧི། བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ། མ་ཧཱ་བ་ལིདྟ་ཁ་རཾ་ཁཱ་ཧི། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ། མ་ཧཱ་བ་ལིདྟ་ཁ་རཾ་ཁཱ་ཧི། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ། མ་ཧཱ་བ་ལིདྟ་ཁ་རཾ་ཁཱ་ཧི། པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རི་སྟྭཾ། མ་ཧཱ་བ་ལིདྟ་ཁ་རཾ་ཁཱ་ཧི། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ། མ་ཧཱ་བ་ལིདྟ་ཁ་རཾ་ཁཱ་ཧི། ཀ་རཱི་མ་བརྒྱད། སིདྷ་མ་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སྡེ་གསུམ། ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ། མ་ཧཱ་བ་ལིདྟ་ཁ་རཾ་ཁཱ་ཧི། དེ་ཡང་མ་ཧཱ་ནི་ཆེན་པོ། བ་ལིདྟ་ནི་གཏོར་མ། ཁ་རཾ་སྔ་མས་སྟོང་གསུམ་བདུད་རྩིར་བསྒྱུར། ཁ་རཾ་ཕྱི་མས་བདུད་རྩི་དང་བཅུད་ཀྱི་དངོས་པོ་ཐམས་ཅད་ཚུར་ལ་བསྡུས། ཁཱ་ཧི་ཞེས་པས་གང་ལ་འབུལ་བ་རྣམས་ཀྱིས་ཞལ་དུ་སྟོབ་པར་བསམ་མོ། །དེ་རྣམས་གཏོར་མའི་མཆོད་པའོ། །དེ་ནས་རཀྟའི་བདུད་རྩིའི་རྒྱ་མཚོ་འབུལ་བས་མཉེས་པར་བསམ་མོ། །མཆོད་པ་ནི། སྔར་བྱིན་གྱིས་བརླབས་པ་དེ། ཆང་ཕུད་དང་སྦྱར་ཏེ་འབུལ་བ་ནི། ཧཱུཾ། རྣལ་འབྱོར་དབང་ཕྱུག་དགོངས་པ་བསྒྲུབ་པ་དང་། །མ་སྲིང་རྒྱ་མཚོ་མ་ལུས་བརྟེན་པ་དང་། །དཔལ་ཆེན་མ་མོའི་ཐུགས་དམ་བསྐང་བའི་ཕྱིར། །པདྨ་ཟིལ་ཐིག་དྲི་དང་སྦྱར་བ་ཡིས། །དུང་ཆེན་དམར་གྱིས་བཀང་བའི་རཀྟ་འདི། །མངའ་བདག་ཆེན་པོས་བཞེས་ལ་བྱིན་གྱིས་རློབས། །ཞེས་པས་གཏོར་མར་སྦྲེང་ངོ་། །དེ་ནས། ཧཱུཾ། ཐུགས་རྗེ་ཆགས་པའི་རང་བཞིན་གྱིས། །འགྲོ་བའི་དོན་ལ་དམིགས་པ་ཡི། །རཀྟ་དམར་གྱི་ཨརྒྷཾ་འདི། །བླ་མ་བདེ་གཤེགས་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་མ་ལུས་ལ། །བརྩེ་བའི་སེམས་ཀྱིས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཞེས་འབུལ་ལོ། །བདུད་རྩིའི་རྒྱ་མཚོ་ཆེན་པོ་ཕུལ་བས་མཉེས་པར་བསམ་མོ། །འཇིག་རྟེན་པ་ལའང་དབུལ་ལོ། །དེ་ནས་ཕྱག་རྒྱ་གར་གྱི་མཆོད་པ་ནི། ཧཱུྃ། དཔལ་ཆེན་ཡབ་ཡུམ་གསལ་གདབ་བོ། །མི་གནས་དཔལ་ཆེན་མངོན་རྫོགས་ཧེ་རུ་ཀ །ལྷ་མོ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་འདིར། །རྣམ་དག་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །སྒྱུ་མའི་ཕྱག་རྒྱར་གསལ་ལ་ཕྱག་འཚལ་བསྟོད། །ཅེས་ཡི་གེ་བརྒྱ་པ་ཚར་གཅིག་བརྗོད་དོ། །དེ་ནས་ཁ་བསྐང་བའི་ཕྱིར་བཤགས་པ་བྱ་བ་ནི། ཧཱུྃ། ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་ཁྲོ་རྒྱལ་གཙོ། །དཔལ་ཆེན་ཧེ་རུ་ཀ་ནི་མཐའ་དང་མཉམ། །དུས་དྲུག་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །ཐུགས་དང་འགལ་བར་མཆིས་ན་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །གནོང་ཞིང་འགལ་འཁྲུལ་མཆིས་པ་མཐོལ་ལོ་བཤགས། །རིག་འཛིན་སྒྲུབ་པ་པོ་ནི་ཆོས་ཉིད་ཐུགས་སུ་ཆུད། །མ་རིག་དབང་གིས་དེ་ལྟར་མ་རྟོགས་ཀྱང་། །མི་དགེ་ལོག་པའི་ལས་རྣམས་ཅི་བགྱིས་པ། །བསྟན་པ་སྲུང་བ་རྣམས་ལ་བཟོད་པར་གསོལ། །འདའ་ཀ་ཁས་བླངས་དམ་ལས་གཡེལ་གྱུར་ཏེ། །རྡོ་རྗེ་སེམས་དཔའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། སྦྱོར་སྒྲོལ་མཆོད་པ་ཏིང་འཛིན་མ་བཤམས་ཏེ། །ཀྲོ་དྷི་ཤྭ་རིའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྫས་དང་ཕྱག་རྒྱ་མངོན་དུ་མ་གྱུར་ཏེ། །ཀ་རཱི་མ་བརྒྱད་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཤ་ཁྲག་མཆོད་པ་གཞུང་བཞིན་མ་བཤམས་པས། །སིང་ཧ་མ་བརྒྱད་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཤར་ལྷོ་ནུབ་བྱང་སྒོ་བཞི་མ་གསལ་ཏེ། །རྟ་གདོང་སྒོ་མ་བཞི་ཡི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཡོ་བྱད་ཚོགས་ནས་ཚོགས་ཀྱི་ཕུད་ཉམས་པས། །མཁའ་འགྲོ་དབང་ཕྱུག་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཚོགས་ལ་རོལ་ནས་ལྷག་མ་མ་ལུས་པས། །མ་མོ་བརྟན་མའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སྐུ་བསྐྱེད་ཁྲོ་བོའི་ལུས་སུ་མ་གྱུར་ཏེ། །སྔགས་འཇུག་ཕོ་ཉའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །མེ་ཏོག་དོར། འགྱོད་ཚངས་བཤགས། བཟོད་གསོལ་བྱའོ། །དོན་ལྔ་པ་ཡང་དག་ཐུགས་ཀྱི་མངོན་རྫོགས་རྒྱལ་པོ་ལ་འཛབ་དབུལ་བ་ནི། བཟླས་བརྗོད་བསྙེན་པའི་ལུང་དུ་རུ་ལུའི་འཛབ་ཡང་དག་བསྒྲུབས་པས། བགྲང་བ་ནི། ཚེ་འདི་ཉིད་ལ་སངས་རྒྱས་པར་བྱ་བའི་ཕྱིར་དུ། རུ་ལུ་དབྱངས་དྲུག་བྱ་སྟེ། དེ་ཡང་ཚངས་པ་དབྱངས་ཀྱི་འདྲེན་ཚུལ། ཟ་ཧོར་རྒྱལ་པོའི་དབྱངས་ཀྱི་སྐད། འཁུར་བ་དབུགས་ཀྱི་རླུང་འབྱིན། རྡོ་རྗེ་སྲིན་པོའི་ངུར་སྒྲ། འབྲུག་ལྟར་ཟབ་པའི་སྒྲ་སྒྲོགས། འཁུན་ཅིང་གདུང་བའི་དབྱངས་དང་དྲུག་གོ། །འཛབ་དངོས་ནི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་ཏི་སྐུའི་བསྙེན་པ། ཤྭ་རི་སྟྭཾཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་པདྨ་གསུང་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཛྲ་༴ ཐུགས། རཏྣ༴ ཡོན་ཏན་ཀརྨ༴ ཕྲིན་ལས། བཟླས་པ་བྱེད་པའི་དུས་སུ་གསལ་ལ་དོད་པར་བཟླས་པ་ཡིན་ཏེ། དུས་བཞིར་བསྙེན་སྒྲུབ་རྣམ་བཞིའི་ཚུལ་དུ་ཏིང་ངེ་འཛིན་དང་མ་བྲལ་བར་བྱེད་པ་ཡིན་པས། དང་པོ་བསྙེན་པ་ལ་བསྙེན་པ། ཐུན་དང་པོ། ཉེ་བའི་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །དེ་ནས་ཐུན་གཉིས་པ་ཉེ་བའི་བསྙེན་པ། ཐུན་གསུམ་པ་ལ་སྒྲུབ་པ། དེ་ནས་སྒྲུབ་པ་ཆེན་པོའོ། །དབང་བཞིའི་སྒོམ་ཚུལ་བླ་མའི་བྱིན་རླབས་ལ། བླ་མའི་མན་ངག་བཞིན་སྐུ་གསུང་ཐུགས་ཀྱི་བསྙེན་པ་བྱ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་རུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། དེ་ལ་འདི་བཏགས་ལ་བརྒྱའམ་སྟོང་བཟླས་ལ། ༀ་ༀ་ཨ་ཨ་སརྦ་ཏཐཱ་ག་ཏ་ཡ་ཧཱུཾ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་བརྗོད། དེ་ནས་མེ་ལོང་གི་ནང་དུའམ་སྟེང་དུ་ཡི་གེ་ཨ་ཧཾ་དཀར་དམར་གཉིས་བསམ་པར་བྱའོ། །དེ་ཡན་ཆད་སྒྲུབ་ཐབས་ཀྱི་དངོས་གཞིའོ། །སྐབས་འདིར་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་གཏོར་ཆོག་ཟུར་དུ་བཀོལ་བ་ལྟར་བྱའོ། །མཆན། དྲུག་པ་ཟ་བ་ཚོགས་ཀྱི་ལུང་དུ་ཚོགས་འབུལ་བ་ལ་དོན་བདུན་ཏེ། ཚོགས་རྣམ་པ་གསུམ་གྱི་སྟ་གོན་བྱ་བ། བསང་ཐབས་རྣམ་པ་གསུམ་གྱིས་དྲི་རཾ་ཡཾ་ཁཾ། མ་དག་པར་བྱ་བ། སྦྱངས་ཐབས་རྣམ་པ་གསུམ་གྱིས་དངོས་པོ་དང་མཚན་མ་མེད་པར་སྦྱངས་པ། བྱིན་རླབས་ནོར་བུ་འདོད་ཡོན་བདུད་རྩི་གསུམ། རྣམ་པ་གསུམ་གྱིས་ཁྱད་པར་གྱི་རྫས་སུ་བརླབས་པ། སྤྲོ་ཐབས་རྣམ་པ་གསུམ་གྱིས་དམིགས་པ་སོ་སོར་བཟུང་བ། དབུལ་ཐབས་རྣམ་པ་གསུམ་གྱིས་བདག་གི་དོན་སྒྲུབ་པ། སྦྱངས་ཐབས་རྣམ་པ་གསུམ་གྱིས་བདག་གི་ཕྲིན་ལས་བཅོལ་བ་དང་བདུན་ནོ། །བྱིན་རླབས་ཀྱི་ཁྱད་པར་ནོར་བུ་འདོད་ཡོན་བདུད་རྩི་གསུམ་དུ་བྱིན་གྱིས་བརླབས་ནས། ལྷ་ཚོགས་སྤྱན་དྲངས་པ་ནི། མི་དམིགས་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཧཱུཾ། དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །ཁྲོ་བོའི་རྒྱལ་པོ་མཐའ་དག་དང་། །མ་མོའི་མཁའ་འགྲོའི་ཚོགས་དང་བཅས། །ལྷ་དང་ལྷ་མིན་རྣལ་འབྱོར་པ། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ཨ་རལླི་ཧྲིཾ་ཧྲིཾ། ཞེས་སྤྱན་དྲངས། སྦྱངས་ཐབས་གསུམ་ནི། ཧཱུཾ། རཾ་རཾ་རཾ་ནི་ཡེ་ཤེས་མེ་ཡིན་ཏེ། །མེ་ཡི་སྙིང་པོ་རཾ་ཞེས་བྱ། །རཾ་ལས་ཡེ་ཤེས་མེ་བྱུང་བས། །བག་ཆགས་མ་ལུས་བསྲེག་པར་བྱ། །རཾ། ཡཾ་ཡཾ་ཡཾ་ནི་ཡེ་ཤེས་རླུང་ཡིན་ཏེ། །རླུང་གི་སྙིང་པོ་ཡཾ་ཞེས་བྱ། །ཡཾ་ལས་ཡེ་ཤེས་རླུང་བྱུང་བས། །བག་ཆགས་མ་ལུས་གཏོར་བར་བྱ། །ཡཾ། ཁཾ་ཁཾ་ཁཾ་ནི་ཡེ་ཤེས་ཆུ་ཡིན་ཏེ། །ཆུ་ཡི་སྙིང་པོ་ཁཾ་ཞེས་བྱ། །ཁཾ་ལས་ཡེ་ཤེས་ཆུ་བྱུང་བས། །བག་ཆགས་མ་ལུས་བཀྲུ་བར་བྱ། །ཁཾ། ལྷག་མཐོང་གི་མེ་ཡིས་བསྲེགས། །ཡེ་ཤེས་ཀྱི་རླུང་གི་གཏོར། །ཞི་གནས་ཀྱི་ཆུ་ཡིས་བཀྲུས་སོ། །བྱིན་གྱིས་རླབས་ཐབས་གསུམ་ནི། ཡིད་བཞིན་གྱི་ནོར་བུའམ། འདོད་ཡོན་གྱི་མཆོད་པའམ། བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པར་བྱིན་གྱིས་བརླབས་སོ། །བསྒྲལ་བ་དགྲ་བགེགས་ཀྱི་དུག་ལྔ། ནི། ལག་ཏུ་གྲི་ཐོགས་ལ། ཧཱུཾ། འདི་ནི་ཤེས་རབ་རལ་གྲི་སྟེ། །རིན་ཆེན་གཏེར་ཁ་འབྱེད་པ་དང་། །འདོད་ཡོན་རྣམ་ལྔ་འབྱུང་བ་སྟེ། །དྲི་མེད་བདུད་རྩི་འབྱུང་བ་དང་། །དགྲ་བགེགས་སྲོག་རྩ་གཅོད་པ་དང་། །དུག་ལྔ་རྩད་ནས་བཅད་པའི་ཕྱིར། །སྲོག་ཅན་རྒྱུ་དང་སྲོག་མེད་རྒྱུ། །འདི་ནི་སྲོག་མེད་ཅན་རྒྱུ་ཡིན་ཏེ། །སྙིང་རྗེ་མེད་པས་བསྒྲལ་བར་བྱ། །ཞེས་བརྗོད། ཚོགས་ཕུད་ཚོ་གསུམ་དུ་བཅད་དེ། དང་པོ་གཡས་ཞལ་དཀར་བ་ལ་དམིགས་ལ་ཞི་བའི་ལྷ་ཚོགས་ལ་མཆོད། གཉིས་པ་གཡོན་དམར་བ་ལ་དམིགས་ལ་ཐུགས་རྗེ་གཤེ་བའི་ལྷ་ལ་བཤགས། གསུམ་པ་དབུས་མཐིང་ཁ་ལ་དམིགས་ལ་ཁྲོ་བོ་རྔམས་པའི་ལྷ་ཚོགས་ལ་སྟོབ་པར་བྱ་བའི་དང་པོ་དགྲ་བགེགས་མཆོད་པ། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཞེས་མཆོད། གཉིས་པ་ཐུགས་རྗེ་ལ་དམིགས་ནས་བཤགས་པ་བྱས་ནས་དབུལ་བ་ནི། ཧཱུཾ། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ལུས་ཀྱིས་སྲོག་བཅད་སྡིག་པ་དངོས་སུ་བགྱིས། །ངག་གིས་རྫུན་སྨྲས་གཞན་ལ་ངན་དུ་བརྗོད། །སེམས་ཀྱིས་བློ་ནོར་ལོག་པར་བསམ་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་སྡིག་པ་ཅི་བགྱིས་པ། །བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་བཀའ་འཁོར་གནས་པའི་ལྷ་སྲིན་རྣམས། །འདི་འདྲ་དམྱལ་སོགས་ཤིན་ཏུ་མི་བཟོད་པས། །གནོང་ཞིང་འགལ་འཁྲུལ་མཆིས་པ་བཟོད་པར་གསོལ། །ཞེས་བཤགས་པ་དབུལ། གསུམ་པ་ཞལ་དབུས་མ་མཐིང་བ་ལ་དམིགས་ཏེ་ཁྲོ་བོ་ཁྲག་འཐུང་གི་ཚོགས་ལ་སྟོབ་པ་བྱ་བ་ནི། ཧཱུཾ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་ཟ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཧཱུཾ། ང་ནི་ཁྲ་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བར་ཆགས་པ་དང་། །དམར་ཆེན་པོ་ལ་རྒྱ་མཚོར་བསྐྱིལ། །འཁོར་གྱི་མ་ཚོགས་རྣམས་དང་རོལ། །དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ །ཁྲོ་རྒྱལ་ཁྲག་འཐུང་རྔམས་པའི་ཚོགས། །གཡོ་འགུལ་ཐམས་ཅད་བསྒྲལ་བའི་ཕྱིར། །གཟུགས་རྣམས་ཐམས་ཅད་ཧེ་རུ་ཀ །ཀ་རཱི་ལ་སོགས་ཟ་བྱེད་རྣམས། །སིང་ཧ་ལ་སོགས་གསོད་བྱེད་ཚོགས། །རྟ་གདོང་ལ་སོགས་འཆིང་སྡོམ་ཚོགས། །དབང་ཕྱུག་ལ་སོགས་བཀའ་ཉན་ཚོགས། །ཕོ་ཉ་ལ་སོགས་འཇོམས་བྱེད་ཚོགས། །ཆོམས་ཤིག་འཁོར་བ་རྩད་ནས་ཆོམ། །ཧ་ཧ་རུ་ལུ་མཆོད་པ་བཞེས། །ཞེས་ཞལ་དུ་བསྟབ་པར་བྱའོ། །དེ་ནས་ཚོགས་ཟན་ཐ་མ་དེས་དགྲ་བགེགས་ཀྱི་ལིང་ག་བྱས་ལ་བསྒྲལ་བ་ནི། སྡང་དགྲ་གདོན་བགེགས་སུ་དམིགས་ཏེ། གནོད་བྱེད་ཀྱི་དུག་ཞི་བར་བྱེད་པའམ། ཉོན་མོངས་པ་དུག་ལྔ་རུ་དམིགས་ལ། སྙིང་དཀར་ནག་མཚམས་སམ་འཁོར་བ་རྩད་ནས་གཅོད་པར་བསམ་ལ་བསྒྲལ་ཏེ། ཧཱུཾ། འཁོར་གྱི་དམག་ཚོགས་དམ་ཚིག་ཅན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །སློབ་དཔོན་ལ་ནི་བརྙས་བྱེད་ཅིང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་དང་། །སྙིང་ནས་སློབ་དཔོན་སྨོད་བྱེད་རྣམས། །མ་ཐོགས་མྱུར་དུ་དྲག་ཏུ་ཁུག །ཁྲོ་རྔམས་འབར་བའི་དཀྱིལ་འཁོར་དུ། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་པ། །མཚོན་ཆའི་རྒྱལ་པོ་ལྕགས་ཀྱུ་ཡིས། །འོག་མིན་དགའ་ལྡན་ལྷ་ཡུལ་ནས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ཞེས་བརྗོད་པས། ཁྲོ་ཆུང་མང་པོ་འཕྲོས་ནས་དགྲ་བགེགས་གང་ན་ཡོད་པ་ལྕགས་ཀྱུས་བཟུང་ནས་གཟུགས་དེ་ལ་ཐིམ་པར་བསམ་མོ། །དེ་ནས་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་བར་ཆད་བསལ་བའི་ཕྱིར་མཚོན་ཆ་སྣ་ཚོགས་ཀྱིས་ལིངྒ་དེ་གཏུབ་ལ། ཁྲོ་བོའི་ལྷ་ཚོགས་རྣམས་ལ་བསྟབ་པར་བྱས་ཏེ། ཧཱུྃ། ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཆེན་པོའི་ཚུལ་སྟོན་པ། །དཔལ་ཆེན་དགུ་དང་ཡུམ་ཆེན་དགུ། །གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །ཀ་རཱིའི་ཚོགས་དང་སིང་ཧའི་ཚོགས། །སྒོ་མའི་ཚོགས་དང་སྤོར་མའི་ཚོགས། །མཁའ་འགྲོ་དབང་ཕྱུག་ཆེན་མོའི་ཚོགས། །ཕུང་པོ་དཔལ་གྱི་ཞལ་དུ་སྟབས། །འབྱུང་བ་ཡུམ་གྱི་ཞལ་དུ་བསྟབས། །རྣམ་ཤེས་ཀ་རཱིའི་ཞལ་དུ་བསྟབས། །ཡུལ་ནི་ཕྲ་མེན་ཞལ་དུ་བསྟབས། །ཡན་ལག་སྒོ་མའི་ཞལ་དུ་བསྟབས། །རུས་པ་མཁའ་འགྲོའི་ཞལ་དུ་བསྟབས། །ཁྲག་ནི་མ་མོའི་ཞལ་དུ་བསྟབས། །ཤ་ནི་ཕོ་ཉའི་ཞལ་དུ་བསྟབས། །སྲོག་ནི་ཀིང་ཆེན་ཞལ་དུ་བསྟབས། །ལྷག་མ་འཁོར་གྱི་ཞལ་དུ་བསྟབས། །ཡས་ཀྱི་བདུད་གཡོས་མཆོད་པར་བཞེས། །མས་ཀྱི་སྲི་ལངས་མཆོད་པར་བཞེས། །ཕ་ཁུའི་རྒན་སྲི་མཆོད་པར་བཞེས། །མ་བུའི་བྱུང་འདྲེ་མཆོད་པར་བཞེས། །བུ་ཚའི་ཕུང་སྲི་མཆོད་པར་བཞེས། །རྣལ་འབྱོར་དམ་སྲི་མཆོད་པར་བཞེས། །སྡང་བའི་དགྲ་རྣམས་མཆོད་པར་བཞེས། །གནོད་པའི་བགེགས་རྣམས་མཆོད་པར་བཞེས། །སྔགས་ཀྱི་སྔགས་ཟོར་མཆོད་པར་བཞེས། །ཆོས་ཀྱི་ཆོས་ཟོར་མཆོད་པར་བཞེས། །བོན་གྱི་བོན་ཟོར་མཆོད་པར་བཞེས། །རྒྱ་འདྲེ་སྟོང་མཚམས་མཆོད་པར་བཞེས། །རྨི་ལམ་ངན་པ་མཆོད་པར་བཞེས། །མཚན་མ་ངན་པ་མཆོད་པར་བཞེས། །སྦྱོར་བ་རྩུབ་པ་མཆོད་པར་བཞེས། །ལོ་སྐག་ཟླ་ཟུར་མཆོད་པར་བཞེས། །ཟ་སྐག་བདུད་ཞག་མཆོད་པར་བཞེས། །མི་མཐུན་ཕྱོགས་རྣམས་མཆོད་པར་བཞེས། །མཆོད་བཞེས་དམ་སྐོངས་མཐུ་རྩལ་དངོས་གྲུབ་སྩོལ། །ཞེས་ལིངྒ་གཏུབ་པ་དེ་གཏོར་མར་དབུལ་ལོ། །བདུན་པ་ལྷག་མ་མཇུག་སྡུད་ཀྱི་ལུང་དུ་ལྷག་མ་བསྡུ་ཞིང་གཏོར་མའི་མཇུག་བསྐྱང་བའོ། །དེ་ལ་ཕུད་དང་ལྷག་མའི་མཚམས་སྦྱར་བ་ནི། ཧཱུཾ། བཅོམ་ལྡན་དཔལ་ཆེན་འཁོར་དང་བཅས་པ་རྣམས། །ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་ཤིགས་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཆགས་མེད་པདྨ་འདྲ་བའི་སྤྱན་མངའ་བ། །མ་ཆགས་གསུང་གི་དངོས་གྲུབ་སྩལ་ཏུ་གསོལ། །འགྲོ་དྲུག་ཐུགས་རྗེས་སྒྲོལ་བའི་ཐུགས་མངའ་བ། །སྐྱེ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །འགྲོ་དྲུག་སྨིན་མཛད་བདེ་བའི་དོན་འགྲུབ་པ། །ཕྲིན་ལས་རྩལ་གྱི་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་བརྗོད་ལ་མིག་བཙུམ་ནས། དམོད་བོར་ལ་གཏོར་མའི་ནང་ནས་གཅིག དངོས་གྲུབ་བླངས་པས། ཤ་ལ་བབས་ན་མཐུ་ཆེ། ཟན་ཚེ་རིང་། འཁུར་བ་ལོངས་སྤྱོད་ཆེ། མར་ལ་རྟོགས་པ་འཕེལ་ལོ། །ཏོག་གིས་བླངས་ལ་བཟའོ། །དེ་ནས་རིགས་དབྱེ་བ་ནི། མར་གྱི་གནས་བདུན་ལ་མཆོད། གནས་མ་དག་གི་ཤོད་ལངྐ་། དབང་ཕྱུག །ཕོ་ཉ། འབར་མ། མ་བདུན། སྲིང་བཞི། བརྟན་མ་དང་། དུའོ། །མགྲོན་དམའ་བ་མར་གྱི་གནས་བདུན་ལ་ལོངས་སྤྱོད་དམན་པ་ལྷག་མ་བྱིན་ལ། བྱན་མོའི་ཚུལ་དུ་བརྟེན་པའོ། །བྲན་ཕུད་ལྷག་པར་གསུམ་བསྲེ། རང་ཡི་དམ་དུ་བསྒོམ། ཡ་རྐན་མ་རྐན་གཉིས་སུ་རྟ་མགྲིན་ཡབ་ཡུམ་གཉིས་བསྒོམ། སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདུད་རྩིར་ཕབ་སྟེ། གཏོར་མ་བདུད་རྩིར་བྱིན་གྱིས་བརླབས། མོ་དང་གཡོག་མོའི་ཚུལ་དུ་བརྟེན་པའོ། །དེ་ནས་མཆོད་པ་ནི། ཧཱུཾ། ལྷག་མ་བྱིན་གྱིས་བརླབས་ལ། ནམ་མཁའ་སྟོང་ལ་དབང་བསྒྱུར་བའི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱེད་ལ་བཅོལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །བྷྱོ། འཇིག་རྟེན་བྱ་བ་ལས་གྲུབ་པའི། །འབར་མ་ལངྐའི་རྒྱ་མཚོ་ཡང་། །ད་དུང་འཇིག་རྟེན༴ རྣམ་ལྔའི་ལོངས་སྤྱོད༴ འཇིག་རྟེན་ལས་ཀུན༴ བཅོལ་བའི་ལས་རྣམས༴ ཕྱོགས་བཅུར་མགྱོགས་པའི་ལས་བྱེད་པའི། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡང་། །ད་དུང་༴ རྣམ་ལྔའི༴ འཇིག་རྟེན༴ བཅོལ་བའི༴ ཏ་ཀྲིཏ་ལྕམ་མོར་ཞལ་བཞེས་པའི། །འབར་མ་ཆེན་མོ་བརྒྱད་རྣམས་ཀྱང་། །ད་དུང་༴ རྣམ་ལྔའི༴ འཇིག་རྟེན༴ བཅོལ་བའི༴ ཤ་ཁྲག་ཞལ་དུ་གསོལ་བྱེད་པའི། །དུར་ཁྲོད་དྲེགས་པའི་མ་བདུན་ཡང་། །ད་དུང་༴ རྣམ་ལྔའི༴ འཇིག་རྟེན༴ བཅོལ་བའི༴ རྒྱལ་ཆེན་སྲིང་མོར་ཞལ་བཞེས་པའི། །སྲིང་མོ་ཆེན་མོ་བཞི་རྣམས་ཀྱང། །ད་དུང་༴ རྣམ་ལྔའི༴ འཇིག་རྟེན༴ བཅོལ་བའི༴ རི་རབ་རྨངས་ནས་འདེགས་བྱེད་པའི། །དབང་གི་གྲུ་འདེགས་ཆེན་མོ་བཞི། །ད་དུང་༴ རྣམ་ལྔའི༴ འཇིག་རྟེན༴ བཅོལ་བའི༴ ཕ་རོལ་དམག་དཔུང་འཇོམས་མཛད་པའི། །དམག་གི་རྒྱལ་མོ་མཆེད་བཞི་ཡང་། ད་དུང་༴ རྣམ་ལྔའི༴ འཇིག་རྟེན༴ བཅོལ་བའི༴ ཆོས་སྐྱོང་སྲུང་མར་དམ་བཅས་པའི། །བོད་ཁམས་བརྟན་མ་བཅུ་གཉིས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱེད་ལ་བཅོལ། །བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །ༀ་བཛྲ་ཀ་ལ་ས་པ་སི་བྷྱོ། །ཞེས་དབུལ་ལོ། །དེ་ནས་གཏོར་མ་ཚོ་གསུམ་དུ་བགོས་ཏེ་ཆོས་དབྱིངས་ཀྱི་གཏོར་མ་གཏེར་དུ་སྦེད་པ་ནི། ཧཱུྃ། ཐུགས་རྗེ་རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ། །སྣང་སྲིད་མཚན་མའི་བྱེ་བྲག་ཀུན། །སྣོད་ཀྱི་འཇིག་རྟེན་དབྱིངས་སུ་སྦ། །སྣོད་ཀྱང་བཅུད་ཀྱི་དབྱིངས་སུ་སྦ། །སྣོད་བཅུད་སྐྱེ་བ་མེད་པར་སྦ། །སྲིད་པ་ཟ་བྱེད་གཞལ་ཡས་ཁང་། །རྩི་ཤིང་བདུད་རྩི་རང་བྱུང་སྟེ། །འབྱུང་བ་ལྔ་དང་རིགས་ལྔ་ཡང་། །ཆོས་ཉིད་སྟོང་པའི་དབྱིངས་སུ་སྦ། །ཉོན་མོངས་དུག་ལྔའི་ངོ་བོ་ཡང་། །ཡེ་ཤེས་ལྔ་ཡི་དབྱིངས་སུ་སྦ། །མ་རིག་འཁྲུལ་པའི་ལོག་རྟོག་ཀྱང་། །མཉམ་སྣང་ཆེན་པོའི་དབྱིངས་སུ་སྦ། །རྫས་རྣམས་བྱང་ཆུབ་སེམས་སུ་བསྒོམ། །སྔགས་མཁན་ཐེག་མཆོག་རྒྱལ་པོར་བསྒོམ། །གཉིས་མེད་གཏེར་དུ་སྦ་བར་བྱ། །ཕྱག་རྒྱ་ལྔ་ཡི་རྒྱ་ཡིས་གདབ། །དེ་ལྟར་སྦས་པའི་དཀྱིལ་འཁོར་དུ། །ཡབ་ཡུམ་ལྔ་ཡི་ཕྱག་སྦྲེལ་ལ། །ལུ་གུ་རྒྱུད་ཀྱི་བྲོ་བརྡུང་ངོ་། །གཏོར་མ་ཆ་གཅིག་པོ་དེ། དཀྱིལ་འཁོར་གྱི་འོག་ཏུ་གཏེར་དུ་སྦའོ། །དེས་བཀྲ་ཤིས། ནོར་ལ་མི་གཟན། དངོས་གྲུབ་འབྱུང་བའི་དགོས་པ་ཡོད་པ་ཡིན་ནོ། །དགོས་འདོད་འབྱུང་བའི་མི་ཟད་པའི་གཏེར་དུ་སྦའོ། །དེ་ནས་ཡེ་ཤེས་རོལ་པའི་གཏོར་མ་སྦྱིན་སྲེག་ཏུ་འབུལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་རྣམས་མེ་ཐབ་ཀྱི་གཞལ་ཡས་ཁང་དུ་བསྐྱེད་ལ། མེ་མཆོད་དམ་སྦྱིན་སྲེག་ཏུ་བྱས་ལ། བླ་མ་ཡི་དམ་མཁའ་འགྲོའི་ཞལ་དུ་ཚོགས་དང་མཆོད་པ་དབུལ་ལོ། །ཐུགས་རྗེ་སྤྲུལ་པའི་གཏོར་མ་ས་ཕྱོགས་ལེགས་པར་དྲི་སྤོས་དང་། དྲི་མཆོག་བཟང་པོ་རུ་མཎྜལ་ལེགས་པ་གཅིག་བྱས་ལ། དེའི་སྟེང་དུ་གཏོར་མ་བཞག་ལ། འགྲོ་བ་སེམས་ཅན་གྱི་དོན་དུ་བདག་གིས་ཕན་ཐོགས་པར་བྱ་བའི་ཕྱིར་རམ་ཕྲིན་ལས་རྣམ་བཞིའི་དོན་གྲུབ་པར་བྱ་བའི་ཕྱིར་གཏོར་མ་བསྐྱང་བ་ནི། བྷྱོ། ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །དཀར་མོ་དུང་གི་མཆེ་བ་ཅན། །ཕྱག་ན་དུང་གི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་ཞི་བའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན། །རིན་ཆེན་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །སེར་མོ་གསེར་གྱི་མཆེ་བ་ཅན། །ཕྱག་ན་གསེར་གྱི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་རྒྱས་པའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན། །པདྨ་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །དམར་མོ་བསེ་ཡི་མཆེ་བ་ཅན། །ཕྱག་ན་བསེ་ཡི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ཡོངས་ལ། །ཁྱོད་ཀྱིས་དབང་གི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། བྱང་ནས་གཤེགས་པའི་རྣལ་འབྱོར་བདུན། །ལས་ཀྱི་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །སྔོན་མོ་གཡུ་ཡི་མཆེ་བ་ཅན། །ཕྱག་ན་གཡུ་ཡི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་དྲག་པོའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །ཅེས་གཏོར་མ་ས་གཙང་སར་སྤུངས། དྲི་མ་ཡལ་བར་དུ་སྡུད་དུ་མི་གཞུག་གོ། །གཏོར་མའི་སྣོད་དེ་རྣམས་ཆ་གསུམ་དུ་ཕྱེ་ལ། ཆ་གཅིག་མ་བཤལ་བར་ཁ་ཡར་ལ་བསྟན་ལ་བཞག །ནང་དུ་ནས་སམ་མེ་ཏོག་གིས་བཀང་ལ། དཀོན་མཆོག་ལ་དབུལ། དེས་བཀྲ་ཤིས་པའི་དགོས་པ་ཡོད། ཆ་གཅིག་བཤལ་ཆུ་ཕྱིར་དོར། བཤལ་ཆུ་ལ་རེ་བའི་ཡི་དྭགས་ཚིམ་ཞིང་ཁོ་ཐག་ཆོད་པའི་དགོས་པ་ཡོད། ཆ་གཅིག་མི་བཤལ་བ་ཁ་སྦུབས་ལ། དགྲ་བགེགས་ཏིང་ངེ་འཛིན་གྱིས་བཀུག་ལ་འོག་ཏུ་བཅུག་སྟེ། བྲོ་བརྡུངས་ལ་མནན་པ་བྱའོ། །བར་ཆད་ཞི་ནས་དགྲ་བགེགས་མི་ལྡང་བའི་དགོས་པ་ཡོད། ལས་ཀྱི་མཇུག་བསྡུ་བྲོ་བརྡུང་མནན་པ་བྱེད་པའི་དུས་སུ་བྱིན་དབབ་ཅིང་། བྲོ་བརྡུང་བ་ཡིན་པས། དང་པོ་བྱིན་དབབ་པ་ནི། ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཧཱུཾ། འཕགས་མཆོག་ཐུགས་རྗེ་ཅན་གྱི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །དགྲ་བགེགས་འདུལ་བའི་དུས་ལ་བབ། །བྱིན་ཆེན་དབབས་པའི་དུས་ལ་བབ། །མཐུ་ཆེན་མཐུ་རྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་བྱིན་དབབ་བོ། །དེ་ནས་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་བཀུག་ལ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་བུདྡྷ་ཧེ་རུ་ཀ །བུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །ཁྲོ་ཆུང་སྤྲུལ་པས་བར་སྣང་གང་། །མ་མོ་མཁའ་འགྲོ་དབྱིངས་ན་རོལ། །ལྟ་བའི་ངང་ལ་གནས་པའི་ཕྱིར། །བྲོ་ནི་བར་ཆད་མེད་པའི་བྲོ། །ཚངས་པའི་དབྱངས་སུ་འདྲེན་པའི་ཕྱིར། །གླུ་ནི་བར་ཆད་མེད་པར་བླངས། །དཀྱིལ་འཁོར་རང་ལ་གནས་པའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་འགྲང་། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཉོན་མོངས་ལྔ་ལ་བྲོ་བརྡུངས་པས། །དུག་ལྔའི་སྟེང་དུ་སྨན་ལྔ་ཤར། །ང་རྒྱལ་ས་ལ་བྲོ་བརྡུངས་པས། །ང་རྒྱལ་སྤངས་ནས་མཉམ་ཉིད་ཤར། །འདོད་ཆགས་ཆུ་ལ་བྲོ་བརྡུངས་པས། །འདོད་ཆགས་སྤངས་ནས་བདེ་ཆེན་ཤར། །ཞེ་སྡང་མེ་ལ་བྲོ་བརྡུངས་པས། །ཞེ་སྡང་སྤངས་ནས་སྟོང་ཉིད་ཤར། །ཕྲག་དོག་རླུང་ལ་བྲོ་བརྡུངས་པས། །ཕྲག་དོག་སྤངས་ནས་མཉམ་ཉིད་ཤར། །གཏི་མུག་ནམ་མཁར་བྲོ་བརྡུངས་པས། །གཏི་མུག་སྤངས་ནས་ཡེ་ཤེས་ཤར། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཁྲི་གདུགས་བརྒྱ་ཤར་སྟོང་ཤར་བས། །ཡེ་ཤེས་ཉི་མ་གཅིག་ཤར་དྲོ། །ཤར་ཙམ་ཉིད་ནས་ནུབ་པ་མེད་། །ང་ནི་དཔལ་ཆེན་ཧེ་རུ་ཀ །རྐང་པ་གཡས་པས་བྲོ་བརྡུངས་པས། །རྣལ་འབྱོར་ཕོ་སྲི་མནན་པའི་བྲོ། །རྐང་པ་གཡོན་པས་བྲོ་བརྡུངས་པས། །རྣལ་འབྱོར་མོ་སྲི་མནན་པའི་བྲོ། །རྐང་པ་གཉིས་ཀས་བྲོ་བརྡུང་པས། །རྒྱབ་ཉན་རྐུན་བུ་མནན་པའི་བྲོ། །རྨིག་པ་ལྕགས་ཀྱིས་བྲོ་བརྡུངས་པས། །ས་བདག་ས་སྲིན་མནན་པའི་བྲོ། །སྦའམ་དེ་ནི་མི་སྦ་རུ། །རྒྱ་མཚོ་ཆེན་པོའི་གཏིང་དུ་སྦ། །མནན་ནམ་དེ་ནི་མི་མནན་ན། །རི་བོ་ཆེན་པོའི་རྨང་དུ་མནན། །བསྐལ་པ་བརྒྱར་ཡང་མ་ལྡང་ཞིག །རྣལ་འབྱོར་དམ་ལས་མ་འདའ་ཞིག །བརྒྱ་ལ་འདའ་ན་རྡུལ་དུ་རློག །སུམ་བྷ་ནི་དང་། སྟྭཾ་བྷ་རཀྵ་མཱ་ར་ཡ་ནན། ཞེས་མནན་པ་བྱའོ། །དེ་ནས་བཀྲ་ཤིས་བརྗོད། གླུ་གར་བྲོ་ལ་སོགས་པའི་བཀྲ་ཤིས་པའི་རོལ་མོ་བྱའོ། །རང་དོན་ལ་ཡེ་ཤེས་པ་མི་གཤེགས། གཞན་དོན་ལ་ཡེ་ཤེས་པ་གཤེགས་སོ། །དམ་ཚིག་གི་ལྷ་གཞལ་ཡས་ཁང་དང་བཅས་པ་ཐུགས་ཀར་བསྡུ། ༀ་སེར་པོའམ། ཧཱུཾ་མཐིང་གར་བསྡུ། འ་ཧ་ལ། ཧ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་འོད་གསལ་ལ། དེ་ནས་རྫོགས་རིམ་བརྡའ་བཞི་ལ་གསལ་བཏབ། དེ་ནས་བསྐྱེད་རིམ་བསྒོམ། ལུས་བསྲུང་། དྲག་སྔགས་བཟླས་སོ། །མངོན་རྫོགས་རྒྱལ་པོ་ཡང་དག་གི་གཞུང་གི་ཕྲིན་ལས་རྫོགས་སོ།། །། ༅། །བདེ་བ་སྟོབས་ལྡན་མའི་སྒྲུབ་ཐབས་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཨཱོཾ། སྐུ་གསུང་ཐུགས་ཀྱི་གདམས་ངག་འདི་ལ་དོན་གསུམ་སྟེ། དང་པོ་ཉམས་མྱོང་སྐྱེ་བའི་དུས་དང་གཅིག །ཉམས་དང་གཟི་མདངས་བསྐྱེད་པའི་དུས་དང་གཉིས། བར་ཆད་སེལ་བའི་དུས་དང་གསུམ་མོ། །དེ་ལ་དང་པོ་ནི། རང་ཉིད་རྣལ་འབྱོར་མ་དཀར་དམར་བསྒོམ། ཉམས་དང་གཟི་བརྗིད་བསྐྱེད་ལ། སྐུ་གསུང་ཐུགས་ཀྱི་ཡི་གེ་འབྲུ་གསུམ་སྤྱི་བོར་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་ༀ་སེར་པོ། ལྕེ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ལ་ཨཱཿདམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུཾ་མཐིང་ཀ་གཅིག་བསྒོམ། གསལ་གདབ། ལུས་གནད་ཨེན་ཙམ་བཅའ། སྐད་མོ་སྐད་ལ་རིག་པ་གཏད། སྣང་བ་ལ་ཆེད་འཛིན་མི་བྱ། གཉིས་པ་ནི་རྣལ་འབྱོར་དམར་མོ་བསྒོམ། ཡིག་འབྲུ་གསུམ་གསལ་གདབ། སྐད་མོ་སྐད་གདངས་དང་ལྡན་པ་ལ་རིག་པ་གཏད། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། གསུམ་པ་བར་ཆད་སེལ་བ་ནི། རང་ཉིད་རྣལ་འབྱོར་མ་ནག་མོར་སྐད་དྲག་པོ་ཐོག་ལྟ་བུ་ལ་ཤེས་པ་གཏད། སྐུ་གསུང་ཐུགས་ལམ་དུ་བླང་། རིག་དཀྲུག་དྲན་སྣང་བསྒྱུར། བརྟུལ་ཤུགས་ཀྱི་སྤྱོད་པ་ལམ་དུ་སློངས། སྐུ་གསུང་ཐུགས་ཀྱི་གདམས་པའོ། །རང་བྱུང་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཉིད་ལ་འདུད། །རྣལ་འབྱོར་བདེ་ཆེན་ཉམས་སུ་བླངས། །ཙིཏྟ་རང་གི་རིན་ཅེེན་འབར་བའི་ནང་། །ཨེ་བསྣོལ་ཨ་ལོ་རང་བྱུང་། ཟུར་དྲུག་ཉི་ཟླ་བཅས། །པདྨ་རྡོ་རྗེ་མེ་རྩེ་ལྟར་གནས། རིས་བསྐོར། །མཚོན་བྱེད་ཡི་གེ་ཨེ་བྃ་ཧྃ་མྃ་ཧྲིཾ་ཧཱུཾ། ཀུན་གྱིས་བརྒྱན། །ཚོགས་དྲུག་དོན་གྱི་སྙིང་པོ་ལ། །ལྷ་འབྲུ་ལྔ་བྲི་ལིང་ལི། སྟོབས་ལྡན་མ་མཐིང་ཀ །ཕག་མོ་དམར། ཡ་མ་ནི་སྔོ། རྨོངས་བྱེད་མ་དཀར། བསྐྱོད་བྱེད་མ་སེར། སྐྲག་བྱེད་མ་ལྗང་། ཙཎྜ་ཀ་དུད་ཀའི་མདོག །མོའི་སྔགས་ཀྱིས་འོད་ཟེར་རྒྱུན་དུ་བསྐུལ། །མཆོད་སིནྡྷུ་ར་སོགས། རྫས་ཀྱིས་མཁའ་འགྲོ་མ་རྣམས་མཉེས་པར་བྱ། བྱིན་རླབས་དངོས་གྲུབ་རྒྱུན་དུ་འབྱུང་། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །བདེ་བ་སྟོབས་ལྡན་མའི་སྒྲུབ་ཐབས། །མི་གཡོ་མགོན་པོས་གསུངས་པ་ཨཐྎ།། །། ༅། །རྡོ་རྗེ་ཟམ་པའི་མཁའ་འགྲོ་རྣམ་གསུམ་གྱི་སྒྲུབ་ཐབས་བཞུགས། ༈ །གུ་རུ་ན་མོ། ཛོ་ཀི་ནི། མཁའ་འགྲོའི་ལུང་ཐོབ་པ། དགའ་རབ་རྡོ་རྗེས་བཀའ་ལ་བཏགས་ནས། དེ་ནས་རིམ་པར་བརྒྱུད་པའི་དོན། །མཁའ་འགྲོ་འབར་བའི་གདོང་ཅན་མ། །རྡོ་རྗེ་མཁའ་འགྲོའི་བཀའ་སྲུང་གི། །མཁའ་འགྲོ་མ་ནི་ཡིན་པར་བཞེད། །མཁའ་ལ་སྤྱོད་མའི་མཁའ་འགྲོ་ནི། །རིན་ཆེན་རིགས་ཀྱི་བཀའ་སྲུང་ནི། །མཁའ་འགྲོ་མ་ནི་ཡིན་པ་སྟེ། །རྣལ་འབྱོར་པ་ཡི་དབུལ་བ་སེལ། །འདོད་པའི་གཏེར་བདག་ཁོ་ན་སྟེ། །མཁའ་ལ་གཤེགས་མ་ཕྲིན་ལས་ཀྱི། །བདག་མོ་ཁོ་ན་ཡིན་པ་སྟེ། །མདོར་ན་མཁའ་འགྲོ་རྣམ་གསུམ་ཡིན། །དམ་པའི་ཆོས་ཀྱི་སྲུང་མའོ། །དེ་ལ་མཁའ་འགྲོ་མ་བསྒྲུབ་པར་འདོད་པས། དེ་ལ་དོན་བཞི་སྟེ། གསང་བའི་དབང་ཞུ་བ་དང་། གཞན་དབང་བསྡུ་བ་དང་། ཁྲུས་ཆེན་བྱ་བ་དང་། བར་ཆད་བསལ་བའོ། །དེ་ལ་དང་པོ་གསང་བའི་དབང་ཞུ་བ་ནི་དྲུག་སྟེ། མཁའ་འགྲོ་མ་སྒྲུབ་པའི་གནས། མཎྜལ་བཅའ་བ། མཁའ་འགྲོ་མ་བསྐྱེད་པ། རྫས་བསགས་པ། སྔགས་བཟླ་བ། གཏོར་མ་བཏང་བའོ། །དང་པོ་གནས་ནི། དུར་ཁྲོད་དམ་རི་ཁྲོད་དུ་བྱའོ། །མཎྜལ་མདའ་གང་གྲུ་བཞི་པ། པདྨ་འདབ་མ་བརྒྱད་པ། དབུས་ཆོས་འབྱུང་དམར་པོ་གྲུ་གསུམ་པ། ཤེས་རབ་མའི་མཚལ་དང་། གྲི་བོའི་ཁྲག་གིས་བྱུག །དེའི་སྟེང་དུ་མཉྫི་བཞག །དེའི་ཁར་ཐོད་པ་མཚན་ལྡན། དེའི་ཁར་མེ་ལོང་བཞག །དེ་ནས་རྫས་བསགས་པ་ནི། ཐོད་པའི་ནང་དུ་ཆང་དང་བྱང་སེམས་དཀར་དམར། བདུད་རྩི་ཨ་མྲྀ་ཏ་བླུགས། མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་བྲི། དབུས་སུ་གཙོ་མོ་བསྐྱེད། མཁའ་འགྲོ་མ་བསྒོམ་པ་ནི། ཌཱ་ཀི་འབར་བའི་གདོང་ཅན་སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པ། གཅེར་བུ་སྤྱན་གསུམ་སྐྲ་གྲོལ་བ། ཐོད་ཕྲེང་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་གྲི་ཁུག །གཡོན་བྷནྡྷ་ཐོགས་པ། མཆེ་བ་གཙིགས་པ། སྤྱན་དམར་བ། སྐུ་འགྱིང་བག་དང་བཅས་པའོ། །མཁའ་ལ་སྤྱོད་མ་ནི། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་སེར་མོ། ཕྱག་གཡས་གྲི་ཁུག །གཡོན་རིན་པོ་ཆེའི་རྐྱལ་བུ། རྒྱན་རིན་པོ་ཆེས་བརྒྱན་པའོ། །མཁའ་ལ་གཤེགས་མ་ནི། ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དམར་མོ་ཕྱག་གཡས་གྲི་གུག །གཡོན་ཙིཏྟ་བསྣམས་པའོ། །དུར་ཁྲོད་ཆས་ཀྱིས་བརྒྱན་པའོ། །ཆོས་འབྱུང་གི་ཟུར་གསུམ་དུ་ཧྲཱིཿགསུམ་ལས་བསྐྱེད་དོ། །དེ་ནས་སྔགས་བཟླས་པ་ནི། མཁའ་འགྲོ་སྤྱི་ཡི་སྙིང་པོ་བཟླས་པ་ནི། ༀ་བཛྲ་སུ་ལཾ་མ་ལཾ་མ་མ་རུ་རུ་ཧྲཱིང་ཧྲཱིངཿ ༀ་རཏྣ་སུ་རུ་རཱ་ག །རུ་ཏི་ཧྲཱིཿཧཱུཾ་ཧ་ས་མ་ནི་རི། ༀ་པདྨ་སུ་རུ་རཱ་ག་རུ་ཏི་ཧཱུཾ་ཧཱུཾ། ཧ་ས་མ་ནི་རི། ༀ་ཀརྨ་དྷ་ཀི་ཨ་བེ་ཤ་ཡ་མོ་ཧ་ནི་ཨ་དྷ་ནི་སྟམ་བྷ་ནི་ཧཱུཾ་ཧཱུཾ་ཧཱུཾ། དེ་ལྟར་བཟླས་པ་ཞག་གསུམ་མམ་བདུན་བྱ་སྟེ། བདག་གི་སྐུ་གསུང་ཐུགས་སུ། ༀ་ཨཱཿཧཱུཾ་གསུམ་གྱི་བྱིན་གྱིས་བརླབ། ཡི་གེའི་དབང་ནི་བགེགས་དང་ཤེས་པ་འཐིབས་ན་བྱ། དེ་མིན་མི་བྱ་གསུངས། ༀ་ཨཱཿ ཧཱུཾ་ཧོ་ཧཾ་ཧྲཱིཿ ཀླད་པ་དུང་ཁང་དུ་ༀ་ཁ་མཐུར་ལ་བལྟས་པ། མགྲིན་པར་ཨཱཿགྱེན་ལ་བལྟས་པ། སྙིང་ཁར་ཧཱུཾ་ཁ་མཐུར་ལ་བལྟས་པ། ལྟེ་བར་ཧོ་ཁ་གྱེན་ལ་བལྟས་པ། སྤྱི་གཙུག་ཏུ་ཧཾ་ཁ་མཐུར་ལ་བལྟས་པ། གསང་བར་ཧྲཱིཿཁ་གྱེན་ལ་བལྟས་པ་བསྒོམ་མོ། །ལུས་བྱིན་གྱིས་བརླབས་པའོ། །གཏོར་མ་གཏོང་ན་གསུམ་སྟེ། དམར་གཏོར་གཅིག །དཀར་གཏོར་གཅིག །ཁྲ་བོ་དང་གསུམ་བྱ། ཚོགས་ཤ་ཆང་ཟན་ལ་སོགས་པ་འབྱོར་ཚད་བཤམས། རཾ་ཡཾ་ཁཾ་གསུམ་གྱིས་བསྲེག་སྦྱངས་བཀྲུ་བ་བྱ། བྱིན་རླབས་བྱ། སྔགས་གོང་མ་ལ། ༀ་ཧྲཱིཿགྷ་ཏ་ཡ་སརྦ་དུཥྚན་ཧྲཱིཾཿཕཊ་སྭཱཧཱ། ༀ་ཧ་ཧྲཱིཿཧོ་ཧ་ཧ་ཧི་ཧི་ཕེཾ་ཕེཾ་ཕེཾ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་ལ་དབུལ། གཏོར་མ་ཕྱི་རོལ་ཏུ་བཏང་། ཐོད་པའི་བདུད་རྩི་ཤ་ཆང་རང་གི་བཟའ་བཏུང་བྱ། དེ་ནི་གསང་བའི་དབང་ཞུ་བའི་མན་ངག་གོ། །གཞན་དབང་དུ་བསྡུ་བ་ནི། བདག་རང་ཡི་དམ་ལྷའི་ང་རྒྱལ་བྱས་ལ། མདུན་དུ་ཌཱ་ཀི་མ་གསུམ་བསྒོམ། ཌཱ་ཀི་མ་གསུམ་གྱི་ཐུགས་ཀ་ནས་ཧྲཱིཿདམར་པོ་ལས་འོད་ལྗང་གུ་འཕྲོས། བསྒྲུབ་བྱ་གང་ཡིན་གྱི་སྙིང་ཁར་ཡི་གེ་ནྲྀ་བསམ། དེ་ལས་འཁོར་ལོ་རྩིབས་བཞི་ལ་ཧྲིཾཿགིས་མཚན་པ་གཅིག་གཡོན་བསྐོར་དུ་འཁོར་བར་བསམ་ཞིང་སྔགས་འདི་བཟླས་སོ། །ༀ་རཏྣ་ཌཱ་ཀི་ནི་སུ་རུ་རུ་ག་རུ་ཏི་ཧྲཱིཾཿཧ་ས་ནི་རི་པྲ་མེན་ཀུ་རུ་ཧྲཱིཾ་ཧྲཱིཾཿ ཞེས་མི་ཚིག་གིས་བར་མ་ཆོད་པར་བཟླས་སོ། །དེས་འདོད་པའི་དོན་འགྲུབ་བོ། །དབང་སྡུད་དམ་པའོ། །ཁྲུས་ཀྱི་ཡན་ལག་ནི། དྲི་ཆེན་དྲི་ཆུ་དམར་ཆེན་མཱཾ་ས་དང་། །རྡོ་རྗེ་ཟིལ་པ་མདངས་ཆེན་དང་ནི་ལྔ། །དམ་རྫས་ལྔ་པོ་ཡེ་ནས་གཉིས་སུ་མེད། །སེམས་ཅན་རྣམ་པར་དག་པའི་སྤྱོད་ཡུལ་ཏེ། །གཉིས་སུ་མེད་པའི་ཁྲུས་ཆེན་འདི། །ཉིན་མཚན་ཀུན་ཏུ་སྤྱོད་པར་བྱ། །ཁྲུས་བྱ། སྨིན་མཚམས་སུ་ཐིག་ལེ་བྱའོ། །ཌཱ་ཀིའི་སྤྱོད་པའོ། །བར་ཆད་བསལ་བ་ནི། མཚམས་ཀྱི་དུས་སུ་བསྲུང་བའི་འཁོར་ལོ་གདགས། བ་ལིང་ལ་བརྩོན་པར་བྱ། བར་ཆད་སེལ་བའི་སྔགས་ནི། ༀ་བཛྲ་ཡཀྵ་ཀྲོ་དྷ་ཛྭ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ༀ་བཛྲ་ཙཀྲ་ཡཀྵ་མུ་ལེ་ཙུ་ལེ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ། འཁོར་ལོ་བྲིས་ལ་ལུས་ལ་གདགས། སྔགས་ནི་གོང་མས་བསྐྲད་དོ། །ཌཱ་ཀི་ནི་གསུམ་གྱི་སྒྲུབ་ཐབས་སློབ་དཔོན་དགའ་རབ་རྡོ་རྗེས་དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་དུ་དམ་ལ་བཏགས་ཏེ། འབར་བའི་གདོང་ཅན་བཀའ་ཡི་གཙོ་མོ་སྟེ། །མཁའ་ལ་སྤྱོད་མ་རིན་ཆེན་མཁའ་འགྲོ་མ། །རྣལ་འབྱོར་པ་ཡི་དབུལ་བ་སེལ། །མཁའ་ལ་གཤེགས་མ་ཕྲིན་ལས་མཛད། །མཁའ་འགྲོ་མ་ཡི་དམ་ཚིག་ཏུ། །ཡུག་ས་མོ་དང་དམེ་ཅན་བསྲུང་། །འདི་ནི་ཀུན་ལ་མེད་པས་གསང་ལ་སྤྱད་པར་བྱའོ། །སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་ཌཱ་ཀིའི་སྒྲུབ་ཐབས་རྫོགས་སོ། །ལེགས་སོ།། །། རྒྱུ་རྐྱེན་བཟླས་བརྗོད་ཀྱི་སྔགས་བསྟན་པ་བཞུགས། རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་སྔགས་དང་། བརྗོད་པ་ལས་ཀྱི་སྔགས་དང་གསུམ་མོ། །དང་པོ་རྒྱུ་མ་ནོར་བ་རྩ་བའི་སྔགས་ནི། སྤྱི་གཙུག་ཏུ་འོད་ཟེར་དཀར་པོ་གཅིག་ལས་ཟླ་བའི་དལ་གཅིག་ཏུ་བསམ་མོ། །དེ་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་ༀ་དཀར་པོ་གཅིག་ལྷག་གིས་བྱུང་བར་བསམ། ལྕེའི་སྟེང་དུ་འོད་ཟེར་དམར་པོ་གཅིག་ལས་པདྨ་འདབ་མ་བརྒྱད་པ་དམར་པོ་གཅིག་བསམ་མོ། །དེའི་ཟེའུ་འབྲུ་ལ་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་ཨཱཿདཀར་པོ་གཅིག་བསམ་མོ། །སྙིང་གར་འོད་ཟེར་མཐིང་ཀ་གཅིག་ལས་རྡོ་རྗེ་རྒྱ་གྲམ་གཅིག་བསམ་མོ། །དེའི་ལྟེ་བ་ལ་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་ཧཱུྃ་དཀར་པོ་གཅིག་ལྷག་གིས་བྱུང་བར་བསམ་མོ། །དེ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །བསྐྱེད་པ་རྐྱེན་གྱིས་སྔགས་ནི། སྤྱི་གཙུག་གི་ཨ་བ་དྷུ་ཏི་ན་མར་ཧཾ་དཀར་པོ་མུ་ཏིག་གི་ཐིག་པ་འདྲ་བ་གཅིག་མགོ་མཐུར་ལ་འཕྱང་བ་ཀླད་པ་ལ་རེག་གེ་བ་གཅིག་བསམ་མོ། །ལྟེ་བ་ལ་ཨཱཿདམར་པོ་མཆོང་བཅག་པ་ལྟ་བུ། རེག་བྱ་ཚ་བ་དམར་བ་གཅིག་བསམ། རེག་བྱའི་རྩེ་མོས་ཧཾ་བཞུས་ཏེ་ཡེ་ཤེས་ཀྱི་ཐིག་ལེ་དཀར་པོ་ཙ་ར་ར་བབས་པར་བསམ། ལུས་བདེ་བས་ཁེངས་པར་བསམ་མོ། །དེ་ནི་བསྐྱེད་པ་རྐྱེན་གྱི་སྔགས་སོ། །བཟླས་བརྗོད་ལས་ཀྱི་སྔགས་ནི། རང་གི་སྙིང་ཁ་ནས་འོད་ཟེར་དམར་པོ་གསུམ་འཕྲོས་པས། མདུན་གྱི་ནམ་མཁའ་ལ་མཁའ་འགྲོ་མ་དམར་མོ་སྐུ་གཅེར་བུ་སྐྲ་གྲོལ་བ། རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པས་ཐོད་པའི་ཌཱ་མ་རུ་འཁྲོལ་བ། ཕྱག་གཡོན་ན་ཀ་པཱ་ལ་བདུད་རྩིས་བཀང་བ་ཞལ་དུ་གསོལ་བ། རྣམ་པ་ལྷའི་རྣམ་པ་ཙམ་ལ། རང་བཞིན་སྐྱེ་བ་མེད་པ་ཉམས་མྱོང་བདེ་བ་ཆེན་པོའོ། །དེའི་སྔགས་ལ། ༀ་བཛྲ་སུ་ལཾ། མ་ལཾ། མ་མ། རུ་རུ། ཙིཏྟ། ཨ་བི་པྲ་ས་ལ། དེ་ནི་བཟླས་བརྗོད་ལས་ཀྱི་སྔགས་སོ། །སྔགས་དེ་རྒྱུན་དུ་བཟླས་སོ། །ཨཐྎ།། །། ༅། །ཌཱ་ཀི་མངོན་སྤྱོད་ཀྱི་དངོས་གྲུབ་བླང་བའི་སྒྲུབ་པ་བཞུགས། རྒྱ་གར་སྐད་དུ། ཛ་ལན་དྷ་ར་ས་ཐ་བི་ར་ནིར་གྷ་ཏ་ཤོ་གན་ན་པ་སྭ་ཨཾ་ན་ཡད། ཤྲཱི་ན་བ་ཏ་པི་ཏ་ཡ་ན་ཤ་ཏྲུཾ་ན་གྲ་ཧ་སརྦ་ཡོ་ག་སིདྡྷི་པྲ་དོ་མུ་ལ་ཨ་མ་ན་ཡ། བོད་སྐད་དུ། ཛཱ་ལན་དྷ་རིའི་གནས་རྣམ་པར་བསྒྱུར་བ། དཔལ་གནས་པའི་གཞུང་ལུགས་ལས། འདི་ནི་དཔལ་གྱི་མི་མོ་ཞབས་ཀྱི། དགྲ་བགེགས་ཚར་བཅད་པ། རྣལ་འབྱོར་པ་ཐམས་ཅད་ལ་དངོས་གྲུབ་སྟེར་བའི་གཞུང་ལུགས་སོ། །དཔལ་ཁྲག་འཐུང་གི་རྒྱལ་པོ་ཧེ་རུ་ཀ་མངོན་རྫོགས། ལ་ཕྱག་འཚལ་ལོ། །དཔལ་ཆེན་ཁྲག་འཐུང་རིགས་ལྔ་གང་ཡང་རུང་བའི། པོའི་བསམ་གཏན་དང་ལྡན་པས། མི་བསྐྱོད་རང་གི་པས་གདོང་དང་ཁ་ལག་བཀྲུ་ཞིང་། ཁ་ལྷོར་བལྟས་ལ་བདུད་རྩི་ཨ་མྲྀ་ཏའི་རིལ་བུ་ཁར་གཞུག །ལྔས་ཁ་བཀང་ཤ་ཆེན་སྟེ། དང་པོ་ལ་ཟུར་སྟེགས་བུ་མངའ་གང་གྲུ་བཞི་པ་བྱས་ལ་ཟླུམ་པོ་ཨེ་ནི་ཉིས་འགྱུར་བརྩིགས། གསུམ་པ་ཁ་དོག་དམར་པོ་བྱས་ལ་མདོག་ནི་དཀར་དང་ལྗང་དང་མཐིང་། གྲུ་ཆད་བཞི་པོ་ཐུར་དུ་རྡོ་སོལ་བྱུག །དེའི་དབུས་སུ། ཐོད་པ་དུམ་བུའི་ནང་དུ་ཚ་བའི་མར་ཁུས་མེ་སྦར་ལ། དེའི་དབུས་སུ་འབར་བའི་ཛཿལས་འབར་བའི་གདོང་ཅན། དྷ་ལས་མཁའ་ལ་གཤེགས་མ། ད་ལས་མཁའ་ལ་སྤྱོད་མ། མདོག་དང་ཕྱག་རྒྱ་ཐམས་ཅད་གཅིག་གོ། །མདོང་ཅན་བསམ་པ་ནི། གདོང་གཅིག་མ་ལ་མིག་གསུམ་མ་སྐུ་མདོག་དམར་ལ་ལག་པ་བཞི་པ་གཡས་བརྐྱངས་པས་གནས་པ། གཡོན་བསྐུམ་པའི་རྩ་བའི་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པ། གཞན་གཉིས་ཀྱིས་གྲི་ཁུག་དང་ཐོད་པ་མིའི་རྒྱུ་མ་ཤ་ཁྲག་གིས་བཀང་བ་འཛིན་པ། སྤྲུལ་གྱིས་བརྒྱན་པ། སྟག་གི་ལྤགས་པས་སྨད་དཀྲིས་ཤིང་། རོའི་གདན་ལ་གནས་པ། མི་མགོའི་དོ་ཤལ་བྱས་ལ། ཁ་ནས་མདའི་མེ་འབར་བར་བསམ་མོ། །ཤར་གྱི་ཟུར་ཀཾ་ལས་བསྐྱེད་པ། དུ་བྱ་རོག་གདོང་ཅན་མ་མདོག་ནག་མོ་གདོང་གཅིག་མ་ལ་ཕྱག་གཉིས་མ། ཕྱག་གཉིས་ཀྱིས་རོ་འི་རྐང་པ་ནས། བཟུང་ནས་སོས་འདྲད་ཅིང་གསོལ་བ། རོའི་སྟེང་ན་གཡས་བརྐྱངས་པས་གནས་པ་གཅིག་གཞན་གཙོ་མོ་དང་མཐུན་གསུམ་ཀ་བསམ་མོ། །བདེན་བྲལ་གྱི་ཕྱོགས་སུ་ལྕེ་སྤྱང་གི་གདོང་ཅན་མ་ཛཾ་ལས་བསྐྱེད། མདོག་སེར་བ། ཕྱག་གཉིས་ཀྱིས་རོ་འི་རྐེད་པ་ནས། བཟུང་ནས་ཁྲག་འཇིབ་པ། རོའི་སྟེང་ན་གཡས་བརྐྱངས་པས་གནས་པ་གཅིག་བསམ། རླུང་ལྷའི་ཕྱོགས་སུ་ཁྱིའི་ཤོ་ལས། གདོང་ཅན་མ་དུ་བའི་མདོག་ཅན་ལག་པ་གཉིས་ཀྱི་རོ་འི་མཚན་མ་བཟུང་ནས་ཟ་བའོ། །རོའི་སྟེང་ན་གཡས་བརྐྱངས་པས་གནས་པར་བསམ་མོ། །དེ་བསྒོམ་ནས་བདག་ཉིད་ཁྲག་འཐུང་གི་རྣམ་པར་བྱས་ནས་གོ་བགོ་བར་བྱའོ། །སྐྲ་ལྷུག་པར་བྱས་ལ་བསྲུང་བའི་དོན་དུ་ཁྲག་དང་ཁུ་བ་བསྲེས་ལ་ཐིག་ལེ་དཔྲལ་བ་དང་མགྲིན་པ་དང་སྙིང་ཀར་བཀུ་བར་བྱའོ། །ཤ་ཆེན་གྱིས་བདུག་པར་བྱའོ། །ༀ་རུ་ལུ་ཧེ་རུ་ཀས་རང་བསྲུང་། རུ་ལུ་ཧཱུྃ། ཙིཏྟ་བྷ་བྷྱི་མ་ན་ཕྲེང་ཡ་ཨ་ས་ལ། དེ་ནས་རང་ཉིད་མཆོད་མཆོད་རྫས་དང་རང་ཅི་ཟ་བའི་ཕུད་ཀྱིས། པའོ། །དེ་ནས་གདུག་པ་ཅན་ཚར་བཅད་པའི་ཕྱིར་ཞེ་སྡང་བསྐྱེད་ལ། ལྷ་མོ་འབར་བའི་གདོང་ཅན་རང་ཉིད་ཁྲག་འཐུང་གི་སྐུར་བྱས་པའི་ཐུགས་ཁའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། གཙོ་མོ་གསུམ་དང་། གཡོག་མོ་གསུམ་སྤྱན་དྲང་ངོ་། །ཌཱ་མ་རུ་དང་། གླིང་བུ་དང་། ཐོད་རྔ་དང་། ཧ་སྟ་དང་ཀུན་གྱི་གཡབ་མོས་འབོད་དོ། །མ་ལ་སོགས་པ་སྤྱན་དྲངས་པར་བྱ་སྟེ། ༀ་ཛྭ་ལ་ན་ཧེ་ཛཾ། ༀ་དྷ་ཧ་ན་ཧེ་ཛཾ། ༀ་ད་ཧ་ན་ཧེ་ཛཾ། སི་ཤྲཱི་སྤྱན་དྲངས་པའི་སྔགས། ཧེ་རུ་ཀ་ཛཿ དྷ་ར་ས་ན་པ་ཀེ་རོ་ན་གྷྲི་ཧྞ་ཨ་གད་ཛ་སྭཱ་ཧཱ། སྔོན་དུ་བརྗོད་པས་དལ་ཟུར་གསུམ་དུ་བཀུག་ལ། ཆང་དང་ཤ་ཆེན་དང་ཁྲག་གིས་བརླན་པར་བྱས་པའི་མེ་ཏོག་ལ་སོགས་པ་རྣམས་ཀྱི་མཆོད་པར་བྱའོ། །ༀ་ཛྭ་ལ་འབར་བའི་གདོང་བ། ཧ་ན། དྷ་ཧ་ན། མཁའ་ལ་གཤེགས། ད་ཧ་ན་མཁའ་ལ་སྤྱོད། མུ་ཁི་གཙོ་མོ་ལ་མཆོད། པཱུ་ཛ་གྲི་ཧྞ་ཛཾ་སྭཱ་ཧཱ། ༀ་ཀ་ཀེ་ཀེའི་གདོང་། ཀ་མུ་ཁི་ཀཾ་སྭཱ་ཧཱ། ༀ་ཛཾ་སུ་ཁི་མུ་ལྕེ་སྦྱང་གི་མགོ། ཁི་ཛཾ་སྭཱ་ཧཱ། ༀ་ཤྭ་ན་མུ་ཁྱི་གདོང་ཅན་མ། ཁི་ཤཾ་སྭཱ་ཧཱ། པཱུ་ཛ་གྲི་གཡོག་མོ་གསུམ་པོ་མཆོད། ཧྞ་ཛཾ་སྭཱ་ཧཱ། དེ་ལྟར་རབ་ཏུ་མཆོད་ནས། དེ་ནས་བསྟོད་པ་བྱ་སྟེ། ཧཱུཾ། འགྲོ་དོན་ཆགས་པའི་དབང་གི་སྐུ། །སྐུ་མདོག་དམར་མོ་འབར་བའི་གདོང་། །རལ་པ་དམར་པོ་བྱི་རུའི་ལན་ཚར་ཅན། །ཕྱག་གཉིས་རྡོ་རྗེ་མདའ་གཞུ་འགེངས་པ་ནི། །ཐབས་བསྟོད་པ་འདི་མན་ཆད་མཆན་ཡིག་ཏུ་འདུག །དང་ཤེས་རབ་གཉིས་མེད་ཐུགས་རྗེ་ཡིས། །ཉོན་མོངས་དུག་ཚོགས་བསྒྲལ་ནས་དབྱིངས་སུ་སྡུད། །ལྷག་མ་གཉིས་ནི་གྲི་དང་བྷནྡྷ་བསྣམས། །འཁོར་བ་རྩད་གཅོད་སྙིང་ཁྲག་དྲོན་མོ་གསོལ། །དུས་ངན་ཐ་མའི་སེམས་ཅན་གདུལ་དཀའ་བས། །གསོད་པ་ཉི་ཚེས་འདུལ་མཛད་འབར་བའི་གདོང་། །སྒྲོལ་བྱེད་དཔའ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕྲ་མེན་མ། །བྱ་རོག་མགོ་དང་སྤྱང་ཀི་ཁྱི་ཡི་དབུ། །བུད་མེད་ཆགས་པས་འདུལ་བར་དབང་ཆེ་བས། །འཁོར་བའི་རོ་དང་དུག་གསུམ་རོལ་མཛད་མ། །དགྲ་བགེགས་ཚར་གཅོད་མཛད་ལ་ཕྱག་འཚལ་བསྟོད། །འདི་ཡན་མཆན་བུ། ཅེས་པས་བསྟོད་པར་བྱའོ། །ཁྲག་མཆོད་རྫས་ཤ་ཁྲག་དང་རང་ཅི་ཟ་བའི་ཕུད། དང་ཤ་ལ་སོགས་པས་འཇིགས་བྱེད་མ་ལ་སོགས་པ་ལ་གཏོར་མ་སྦྱིན་པར་བྱའོ། །ཨཱོྂ་དེ་ཡི་སྔགས། ས་མནྟ་བེ་ར་བ་གཏོར་མའི་སྔགས། བ་ལིངྟ་གྲི་ཧྞ་མ་མ་ཀ་མ་ས་ཧ་ཡ་སྭཱ་ཧཱ། བརྩམ་པ་ནས་ལས་མ་རྫོགས་ཀྱི་བར་དུ་བཀའ་རྒྱས་ཀྱི་ཕྱག་གཞུག་ཏུ་ལས་ལ་སྦྱོར་ཙ་ན། ཐོད་པའི་མུ་ཏྲས་ཕྲིན་ལས་འདི་བྱའོ། །རྒྱ་བཅས་ལ་སྦྱིན་པར་བྱའོ། །དེ་ལྟར་རབ་ཏུ་མཆོད་ནས་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག །བདུན་འབུམ་དགོས་གསུངས། བྱས་ན་འགྲུབ་བོ། །ཨ་བྱིན་ཆེན་མོ་མཐུ་མོ་ཆེ། །ནད་དང་རིམས་ཀྱི་བདག་མོ་སྟེ། །དམ་ཚིག་གསང་བའི་ཚུལ་བསྟན་མ། །དབང་ཕྱུག་ཙཀྲའི་གཙོ་མོ་སྟེ། །བྲན་ཕོ་བྲན་མོ་དང་འཁོལ་ལ། བརྣག་པ་འདི་ལ་རྟགས་ཕྱུང་ཞིག །དམ་ཚིག་ཚུལ་བཞིན་ད་སྐྱོངས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་ལས་བཅོལ་ལོ། །དེ་ལ་སྔགས་ནི་འདི་ཡིན་ནོ། །ༀ་གཙོ་མོ་གསུམ་ཀ་གཅིག་ཏུ་དྲིལ་བའི་སྔགས། ཛྭ་ལ་ཧ་ན། དྷ་ཧ་ན། ད་ཧ་ན། མུ་ཁེ་ཛ་ལ་ན་ལ་ནེ་ཧྲཱིཿཧཱུཾ་ཕཊ། ༀ་ཀ་ཀ་འདི་གཡོག་མོ་གསུམ་གྱི་མུ་ཁི་ཀཾ །ཛཾ་སུ་ཁི་མུ་ཁི་ཛཾ། ཤྭ་ན་མུ་ཁི་ཤཾ་ཧཱུཾ་ཛཿ ཞེས་བཟླས་སོ། །དེ་ལྟར་བསྙེན་པ་བྱ་དེ་ལྟར་ཉིན་གསུམ་མཚན་གསུམ་བྱའོ། །སྔགས་ཀྱང་དེ་དང་འདྲའོ། །ཞིང་དུས་བཞིར་མཆོད་པར་བྱའོ། །ཨཐྎ། དེ་ནས་དྲག་པོའི་ལས་ལ་སྦྱོར་བ་ནི། འབྱུང་པོའི་ཉིན་ཞག་ལ་ཉི་ཤུ་གཉིས་ནས་སྟོང་མན་ཆད་དུ། དགྲ་བསད་པ་བསྒྲུབ་བྱའི་རྗེས་ཀྱི་ས་བླངས་ཏེ། བག་ཕྱེ་དང་བསྲེགས་ཏེ། དགྲའི་གཟུགས་བརྙན་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་འཆད་པར་འགྱུར་བའི་འཁྲུལ་འཁོར་བྲིས་ལ། དེ་ནས་འཁྲུལ་འཁོར་ནི། ལྟེ་བ་མུ་ཁྱུད་དང་བཅས་པའི་བར་དུ་ཙཀྲ་རྩིབས་བརྒྱད་རྩེ་མོ་ནང་དུ་བསྟན་པ་བྲི། ཙཀྲ་ཛྙཱ་ཡ་རི་མ་ཨཛྙཱ་ཧྞ་གྲྀ་རུ་གུ། ཕཊ་ཕཊ་ཕཊ་ཧཱུཾ་སྱ་མས་ཡ་ད་ཧྲི། དྷ་བྷིན་དྷ་བྷིན། དྷ་ཚིན་དྷ་ཚིན། ཡ་ར་མཱ་ཡ་ར་མཱ། ཏྲུཾ་ཤ་ཁི་མུ་ལ་ད་ལ་དྷ་ལ་ཛྭ་ༀ། རྩིབས་ཀྱི་བར་དུ། དགྲའི་མིང་རུས་བྲི། ལྟེ་བར་ལིངྒ་བྲི། དེ་དྲིལ་ལ་གཟུགས་ཀྱི་སྙིང་ཁར་གཞུག་གོ། །གཟུགས་དེའི་སྙིང་ཁར་གཞུག་པར་བྱའོ། །དྲི་ཆེན་དགྲ་ཡི། དང་དྲི་ཆུ་དང་། ཁྲག་མཛོ་དྲིའུ་རའི། བྱུག་པར་བྱ་ཞིང་། སྙིང་ཁར་ཚེར་མ་གླ་བའི་ཚེར་མའམ། སྐྱེར་ཚེ་ལ་སོགས་པ། བཙུགས་ལ་ཐོད་པའི་ཀློའམ་མོན་གྱི། ནང་དུ་ལིངྒ་ལ་དགུག་གཞུག་ཡང་ཡང་བྱ། གཞུག་པར་བྱའོ། །རང་ཉིད་ཀྱིས་མདའ་གཞུ་བཟུང་སྟེ་མདའི་རྩེ་མོ་ལ་ད་དུ་རའི་ཁུ་བ་བྱུག་ལ་བསྒྲུབ་བྱའི་གཟུགས་བརྙན་ལ་ལན་ཉི་ཤུ་རྩ་གཅིག་སྔགས་འདིས་བསྣུན་ལྷ་མོས་དགྲ་བཀུག་ཅིང་གསོད་པར་བསམ་མོ། །པར་བྱའོ། །ༀ་སྔགས་བརྒྱ་ཚོ་རེ་རེའམ་ཡང་ན། ཛྭ་ལ། དྷ་ལ། ད་ལ། མུ་ཁི་ཤ་ཏྲུཾ་བསད་པའི་ཐུན་ནི་ཉུངས་ཀར་ཉུངས་ནག་དུག་དང་ཁྲག་དང་ལྕགས་ཕྱེ་ཟངས་ཕྱེ་ལ་སོགས་པའི་ཐུན་རྫས་རྣམས། མཱ་ར་ཡ་མཱ་ར་ཡ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཧྲི་ད་ཡ། ས་མ་སྱ་ཧཱུཾ་ཕཊ་ཕཊ་ཕཊ། གུ་རུ་གྲི་ཧྞ་ཛྙཱ། ཨ་མ་རི་ཡཛྙཱ། མདའ་ཐུན། དུག་ཐུན། ཁྲག་ཐུན། ཉུངས་ཐུན། ཁྲོས་པའི་སེམས་ཀྱིས་དྲག་ཏུ་བྱའོ། །དེ་ནས་དུར་ཁྲོད་དུ་བསྲེག་སྦྱིན་སྲེག་བྱེད་ན་ལྷ་མོ་གསུམ་པོར་རང་བསྐྱེད་ལ། མཆོད་རྫས་དང་། ཀེ་ཚེ་དང་། ཤངས་ཚེ་དང་། ཁྲག་སྣ་ཚོགས་དང་རང་ཅི་ཟ་བའི་ཕུད་ཀྱིས་མཆོད། གཏའ་གསུམ་ཀའི་གཏོར་མ་གསུམ་ཆ་གཅིག་བསྲེག །སུམ་ཆ་གཅིག་ཕྲལ་གཏོར་དུའོ། །སུམ་ཆ་གཅིག་མནན་ནོ། །དུས་བཞི་ལ་སྦྱིན་སྲེག་བྱའོ། །ཁུང་བྱས་ལ་སྦྱིན་སྲེག་བྱའོ། །དགྲའི་གཟུགས་བརྙན་གྲི་གུག་གིས་དུམ་བུར་བྱས་ལ་ཁྲོས་པའི་སེམས་ཀྱིས་བསྲེག་པར་བྱའོ། །མནན་པའི་ལིང་རོ་རྣམས་རོ་ཁུང་དུ་མནན་ནོ། །བཾ་ནན། མུ་ཏིན་ནན། ཨཱོྂ་ཨ་ཀ་ནན་ཞེས་དྲག་ཏུ་བཟླས་ལ་མནན་སྦྱིན་སྲེག་བྱས་པའི་ཐལ་བ་དང་། དགྲའི་རྐང་རྗེས་གཉིས་ལ། དགྲའི་གཟུགས་བྱས་ལ། དེའི་སྙིང་ཁར་འཁྲུལ་འཁོར་བཅུག་ལ། དེ་ཐོད་ངན་དུ་བཅུག་ལ་རོ་རས་ཀྱིས་དཀྲིས་པའམ། རེ་བས་དྲིལ་ལ་རོ་ཁུང་དུ་མནན་ནོ། །མནན་པའི་དུས་སུ་མནན་པའི་སྔགས་དེ་བཟླའོ། །ནོ། །དེ་ལ་འཁྲུལ་འཁོར་ནི་འདི་ཡིན་ནོ། །ཇི་སྲིད་དབང་དུ་བྱ་བ་ལ་སོགས་པ་བཅུ་གཉིས་ཀྱི་མཐར་ཐུག་པར་གྱུར་པའམ། དབང་དུ་གྱུར་ན་འོ་མས་ཐོད་པ་བཀང་ལ་དེའི་ནང་དུ་བསྩལ་ལ། ཤཱནྟིཾ་ས་མ་མཱ་ར་ཡ། ཡ་ཀུ་རུ་སྭཱ་ཧཱའི་མཐའ་ཅན་གྱིས་བཀྲུ་བར་བྱའོ། །འདི་འདི་མན་མཆན་བུར་འདུག་ཏེ་དཀྱུས་ལགས་པར་འདྲའོ། །ལ་དོན་བཅུ་གཉིས་ཏེ། བསད་པ་གོང་མ་རང་ངོ་། །དང་། དབང་དུ་བྱ་བ་དང་། དགུག་ཨཾ་ཀུ་ཤ་ཛཿཔ་དང་། སྡང་བ་དང་། རྨུགས་མགོ་ལ་དུག་གིས། པར་བྱ་བ་དང་། རེངས་པར་ལྟེ་བ་ལ་གཟེར། བྱ་བ་དང་། ཕུར་སྙིང་ལ་སེང་ལྡེང་གི། བུས་གདབ་པ་དང་། ངག་འཕྲོག་ལྕེ་དུག་གིས། པ་དང་། རྨོངས་སྙིང་ལ་ཁྱི་ཁྲག་པར་བྱ་བ་དང་། ཞ་རྐང་པ་ལ། བར་བྱ་བ་དང་། འོན་རྣ་བ། པར་བྱ་བ་དང་། ཐམས་ཅད་དུ་སྤྱིའི་ཕག་ཁྲག་བྱ་ཁྲག །ལོངས་སྤྱོད་ཉམས་པར་བྱ་བ་དང་བཅུ་གཉིས་སོ། །དེ་མ་ཡིན་ན་མཐའ་འདིས་འཆི་བར་འགྱུར་བ་ཐེ་ཚོམ་མི་ཟའོ། །འདིར་སྔོན་དུ་བསྙེན་པར་གྱུར་པ་ལ། ༀ་ཛྭ་ལ་ཧ་ན། དྷ་ཧ་ན། ད་ཧ་ན། མུ་ཁེ་མཱ་ར་ཡ་ཕཊ། འདིས་འཆི་བར་འགྱུར་བ་ལ་ཐེ་ཚོམ་མི་ཟའོ། །སྔགས་ༀ་ཛྭ་ཧ་ན་མུ་ཁེ་སྭཱཧཱ། དེས་བསྲེག་གསུངས། འདི་ཉིད་ཀྱིས་སྦྱིན་སྲེག་ཀྱང་བྱའོ། །ཁ་ཆེའི་མཁན་པོ་ཛྙཱ་ཤྲཱི་སིདྷ་ན་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ན། ཤེས་རབ་གྲགས་ཀྱིས་བསྒྱུར་བ་རྫོགས་སོ།། །། ༅། །མཁའ་འགྲོ་མའི་མངོན་སྤྱོད་ཀྱི་དངོས་གྲུབ་བླང་བ་བཞུགས། མཁའ་འགྲོ་མའི་ཌཱ་ཀིའི་ལོངས་སྤྱོད་བསྒྲུབ་པས། མངོན་སྤྱོད་ཀྱི་ལས་ནི་གཞུང་ན་གསལ། དངོས་གྲུབ་བླང་བ་ནི། རྫས་ལ་རིན་པོ་ཆེ་ཡིག་ཟུགས་བྱས་ལ། དེའི་ནང་དུ་གཏེར་ཆེན་པོའི་གཟུགས་དུང་གཡས་འཁྱིལ། བཅུག་ལ་དེའི་ནང་དུ་རིན་པོ་ཆེ་སྣ་ལྔ་དང་། འབྲུ་སྣ་བདུན་དང་། བསྒྲུབ་བྱའི་སྙིང་པོ་གཞུག །རྟེན་འབྲེལ་སྙིང་པོས་རབ་གནས་བྱ། དེ་ནས་སེམས་བྱང་ཆུབ་ཀྱི་བསྐྱེད་ལ་ཌཱ་ཀི་མ་ལ་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། མདུན་དུ་ཀཾ་དཀར་པོ་གཅིག་གྱུར་པར་བསམ། དེ་ཡོངས་སུ་གྱུར་པ་ལས་དུར་ཁྲོད་ཆེན་པོ་གཅིག་ཏུ་གྱུར་པར་བསམ། དེ་ནས་དེ་སྟེང་ནི་རི་ཏི་ཞེས་བརྗོད་པས། ཀེང་རུས་ཀྱི་རི་རབ་གཅེར་བུ་གསུམ་ལ་གདན་རོ་གདན་དང་བཅས་པ་བསམ། དེའི་སྟེང་དུ་ཡི་གེ་ཛྭ་དྷ་ར་གསུམ་བསམ། ཡི་གེ་དེ་གསུམ་ལས་མཁའ་འགྲོ་མ་གསུམ་བསམ་སྟེ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་རྡོ་རྗེ་སྡིགས་མཛུབ། འོག་མ་ཌཱ་མ་རུ་བསྣམས་པ། གཡོན་དང་པོ་ཁ་ཊྭཱྃ་ཀ་བརྐྱང་བའི་ཚུལ་དུ་འཛིན་པ། འོག་མ་ན་ཀ་པཱ་ལི་བདུད་རྩིས་བཀང་བ་ཞལ་དུ་གསོལ་བ། སྐུ་གཅེར་བུ་སྐྲ་གྲོལ་བ། ཐོད་པ་དུམ་བུའི་སྐེ་རགས་བྱས་པ། རུས་པའི་རྒྱན་གྱིས་བརྒྱན་པ། རོའི་སྟེང་ན་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །ཕཻཾ་བི་ར་ཞེས་མཁའ་ལ་གཤེགས་ནས། སྤྲིན་ནག་པོ་འདུས་པའི་ནང་ན་བཞུགས་པར་བསམ། དེ་ནས་མཁའ་འགྲོ་མ་གསུམ་གྱི་ཐུགས་ཡེ་ཤེས་ཀྱི་འོད་ཟེར་མཁའ་འགྲོ་མ་སྡེ་གསུམ་ལ་ཕོག །མཁའ་འགྲོ་མ་གསུམ་གྱི་ཐུགས་ཡེ་ཤེས་ཀྱི་འོད་ཟེར་ཕྱོགས་བཅུའི་སངས་རྒྱས་ལ་ཕོག་པས་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཀྱི་འོད་ཟེར་མདུན་གྱི་བྃ་བྷྲཱུྃ་མ་ལ་ཕོག་པས། བྃ་བྷྲཱུྃ་མ་ལ་པདྨ་འདབ་བརྒྱད་ཀྱི་གེ་སར་གྱི་སྟེང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཅིག་ཏུ་གྱུར་པར་བསམ། དེའི་ནང་ན་གཏེར་ཆེན་པོ་ལས་དགོས་འདོད་ཀྱི་རེ་བ་ཐམས་ཅད་འབྱུང་བར་བསམ་ལ། དེ་ནས་སྙིང་པོ་འདི་བརྗོད་དོ། །ༀ་ཛྭ་ལ་ཧ་ན་དྷ་ཧ་ན་ད་ཧ་ན། སིདྡྷི་ཧཱུྃ། དགོས་འདོད་ཀྱི་རེ་བ་སྟེར་བའོ། །དང་པོ་རང་གི་ཉམས་ལེན་ཕུལ་བ་ལགས་སོ། །བཀའ་བརྒྱུད་འཛིན་པའི་དོན་བྱེད་ཤོག །འདི་ལ་བསྙེན་པ་དང་། སྒྲུབ་པ་ལས་སྦྱོར་གཉིས་སོ། །དང་པོ་ལ་བདུན་ཏེ། མཎྜལ་དང་པོ་ལ་ཟུར་གསུམ་པ། བཅའ་བ་དང་། དམ་དེའི་དབུས་སུ་རྫས་དགྲམ་པ་དང་། ལྷ་བསྐྱེད་འབར་བའི། པ་དང་། ཡེ་ཤེས་བསྟིམ་དེ་ནས། པ་དང་། མཆོད་པ། སྔོན་དུ་མཆོད་པའི། དང་ལྔ། གཏོར་མ་ཁྲག་དང་ཤ་ལ་སོགས་པས། དང་དྲུག །བཟླས་པ་དང་། དེ་ལྟར་རབ་ཏུ། བདུན་ནོ། །བཟླས་པ་ཐེམས་ནས་སྒྲུབ་པ་ལས་སྦྱོར་བྱ་བ་ལ་བདུན་ཏེ། ལིངྒ་བཅའ་བ་བསྒྲུབ་བྱའི་རྗེས། དང་། ཐུན་མཚམས་མདའ་ཐུན། དུག་ཐུན། བསྟན་པ་བྱ་བ་དང་གཉིས། ཐུན་གྱིས་བྲབ་པ་དང་གསུམ། ཕུར་བུས་གདབ་པ་དང་བཞི། མདའ་རྒྱག་རང་ཉིད་ཀྱི་མདའ་གཞུ། པ་དང་ལྔ། སྦྱིན་དེ་ནས་དུར་ཁྲོད་དུ། སྲེག་བྱ་བ་དང་དྲུག །མནན་པ་བྱ་བ་དང་བདུན་ནོ། །ནང་རི་མེ་ཡིས་གཏོར་བ་འོང་། གྲོང་མེ་ཡིས་ཚིག་པ། ལུང་བ་འཇས་ཁེངས་པ་འབྱུང་ངོ་། །རྟགས་ལ་མེ་དགྲ་ཕྱོགས་སུ་འགྲོ་བ་འོང་། མར་མེ་རང་འབར་བ་འོང་ངོ་། །ཤ་ཁྲག་ལ་སོགས་པ་བྱུང་ན་ཕྱིའི་རྟགས་སོ། །ལིངྒ་དང་པོ་དགྲ་བོ་ལྷ་དང་ཕྲལ་བ་གལ་ཆེའོ། །ཁྱི་མོ། སྤྱང་མོ། གུ་གུལ་ནག་པོ། རྒྱ་ཚིལ། ཁྱི་ལུད་རྣམས་ཀྱི་དུད་པས་བདུག་ལ་དབྱེའོ། །ༀ་ཞག་གསུམ། ཛྭ་ལ་ན་གཙོ་མོ་གསུམ་གཅིག་ཏུ་དྲིལ་བའི་སྔགས་གོང་བཞིན་ནོ། །འདི་གཙོ་མོ་གསུམ་པོ་སོ་སོར་བཀྲལ་བའི་སྔགས་སོ། །མུ་ཁེ་ཛྭ་ལ་ན་ལ་ནེ་ཧྲཱིཿཧཱུྃ་ཕཊ། ༀ་ཞག་གསུམ། དྷ་ཧ་ན་མུ་ཁེ་ཛྭ་ལ་ན་ལ་ནེ་ཧྲཱིཿཧཱུཾ་ཕཊ། ༀ་ཞག་གསུམ། ད་ཧ་ན་མུ་ཁེ་ཛྭ་ལ་ན་ལ་ནེ་ཧྲཱིཿཧཱུཾ་ཕཊ། ༀ་ཀ་འདི་གཡོག་མོ་གསུམ་གྱི་སྔགས། ཀ་མུ་ཁི་ཀཾ། ཛཾ་སུ་ཁི་མུ་ཁེ་ཛཾ། ཤྭ་ན་མུ་ཀེ་ཤཾ་ཧཱུཾ་ཕཊ། ཞག་གསུམ་གསུམ་ན་འབུམ་བསྙེན་པ། ཚོ་རེ་ཐོན་པར་བྱའོ། །ལས་སྦྱོར་རྫོགས་པར། རེ་རེ་ཐོན་པར་བྱའོ། །དེ་འདྲ་བ་ཚོ་གསུམ་གསུམ་བྱའོ། །ལར་ཞག་དགུས་འགྲུབ་པ་ཡིན་ནོ། །བུ་དང་འདྲ་ཞག་གསུམ་གསུམ་ན་ལས་སྦྱོར་རེ་རེ་རྫོགས་པར་བྱའོ། །བ་ལས་གཞན་ལ་སྤེལ་དུ་མི་རུང་ངོ་། །ནུབ་དགུ་ལ་གསུམ་ཞུན་གྱི་མེ་མར་བཏང་། གསུམ་རྩིའི་མེ་མར། མར་གྱི། གསུམ་འབྲུའི་མེ་ཡུངས་དཀར་གྱི། མར་བཏང་ངོ་། །ཉི་ཤུ་གཉིས་ནས་འབྱུང་པོའི་ཉིན་ཞག་ཡིན། སྟོང་མན་ཆད་ལ་བྱའོ། །གཙོ་འབར་བའི། མཁའ་ལ་གཤེགས། མཁའ་སྤྱོད་གསུམ་མོ། །མོ་གསུམ་ལ་སྣ་ཚོགས་པའི་གཏོར་མ་བྱ། ཞག་གཏོར། ཤ་གཏོར། ཁྲག་གཏོར། གཡོག་ཁྲ་ཡི་མགོ་ཅན་མ། མོ་གསུམ་ལ་སྙིང་སྣ་ཁྲའི་སྙིང་། ཁཱ་ཏའི་སྙིང་སྤྱང་ཀིའི་སྙིང་དུ་སྲོག་སྙིང་བྲིས་ལ་གཞུག །གསུམ་གྱི་གཏོར་མ་བྱའོ། །ཞག་བདུན་སྲོག་སྙིང་། དང་པོ་ཞག་བདུན་སྙིང་གི་ནང་དུ་ཌཱུ་ཀིའི་སྲོག་དང་། སྲོག་སྙིང་གཞུག །ཌཱ་ཀི་འདི་ཡང་མངོན་སྤྱོད་དོ། །ཌཱ་ཀི་སྡེ་གསུམ་ཉམས་སུ་བླངས་པའི་དུས་སུ་ཤ་ཆེན་གྱི་མར་མེ་བཏང་སྟེ། སྐྱེས་དར་མའི་སྙིང་གི་ཞུན་མར། གཙོ་མོའི་གཡོག་མོའི། ནལ་ཕྲུག་ཤའི་ཞུན་མར། གཅན་གཟན་གྱི་སྙིང་གི་ཞུན་མར་རོ། །དེ་ནས་འབོད་པ་བཏགས་ལ་ཞག་བདུན་བཟླས། བཅུ་ལས་ལ་སྦྱར་རོ། །ཤྲཱི་སིང་ཧས་བཻ་རོ་ཙ་ན་ལ་གནང་ནས་ད་ལྟ་ཡན་ཆད་དུ་བརྒྱུད་པ་མ་ཆད་པ་ལགས་སོ། །རྣ་བརྒྱུད་རྡོ་རྗེ་ཟམ་པའི་བཀའ་སྲུང་ལགས་སོ། །བུ་སློབ་གཞན་དང་ཕོ་ཁྱད་ཡོད་པ་ཡིན། །འདྲ་མིན་ཤིན་ཏུ་མང་ངོ་།། །། རྒྱ་གར་སྐད་དུ། ཛ་ལན་དྷ་ར་ས་ཐ་བི་ར་ནི་ར་གྷ་ཏ་ཤོ་ག་ན། ན་ས་ར་སྭ་ༀ། ན་ཡ་ཡད། ཤྲཱི་ན་པ་ཏ། སི་ཏི་ཡན། ཤ་ཏྲུཾ་ན་གྲ་ཧ་སརྦ་ཡོ་ག་སིདྡྷི་པྲ་དོ་མུ་ལ་ཨ་མ་ན་ཡ། བོད་སྐད་དུ། ཛ་ལན་དྷ་རའི་གནས་རྣམ་པར་བསྒྱུར་བ། དཔལ་གནས་པའི་གཞུང་ལུགས་ལས། འདི་ནི་དཔལ་གྱི་མི་མོ་ཞབས་ཀྱི་དངོས་གྲུབ་དགྲ་ཚར་བཅད་པ་འི་གདམས་ངག་ག་བུར་གྷི་ཝང་གླ་རྩི་ནལ་བུའི་ཤ་ཁྲག་ཚིལ་ཆེན་ཨ་མྲྀ་ཏ་རྫས་དྲུག་པོ་དེའི་ཕྱེ་མར་སྤོས་དཀར་དང་སྦྱར་ནས་རྒྱ་སོལ་དུ་བ་མེད་པ་ལ་བསྲེག་ན་ཌཱ་ཀི་སྤྲིན་འཐིབ་པ་བཞིན་འོང་ངོ་། །ཌཱ་ཀི་མའི་སྤོས་སྦྱོར་རོ། །རྣལ་འབྱོར་པ་ཐམས་ཅད་ལ་དངོས་གྲུབ་སྟེར་བའི་གཞུང་ལུགས་སོ། །དཔལ་ཧེ་རུ་ཀ་མངོན་རྫོགས་ཁྲག་འཐུང་རྡོ་རྗེ་ལ་ཕྱག་འཚལ་ལོ། །འབྱུང་པོའི་ཉིན་ཞག་ལ་དགྲ་བསད་པར་བྱ་སྟེ། མི་རང་གི་དྲི་ཆུས། བསྐྱོད་པས་གདོང་དང་ཁ་ལག་ལ་སོགས་པ་བཀྲུ་ཞིང་སྟེ། ཁ་ལྷོ་ཕྱོགས་སུ་བལྟ་ཞིང་། བདུད་ས་མྲྀ་ཏས། རྩི་ལྔས་ཁ་བཀང་སྟེ། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་བླངས་ཏེ། བག་ཕྱེ་དང་བསྲེས་ལ་དགྲའི་གཟུགས་བརྙན་བྱའོ། །དུར་འཁོར་ལོ་རྩིབས་བརྒྱད་སྔགས་སྡེ་བརྒྱད། ཁྲོད་ཀྱི་རས་ལ་འཆད་པར་འགྱུར་པའི་འཁྲུལ་འཁོར་བྲིས་ལ་གཟུགས་དེའི་སྙིང་ཁར་གཞུག་པར་བྱའོ། །དྲི་ཆེན། དགྲའི་རཱུ་བ་དེ་ལ། དྲི་ཆུ་དང་། ཁྲག་མཛོ་དང་དྲིའུ། བྱུག་པ་བྱ་ཞིང་། སྙིང་ཁར་གླ་བའི་ཚེར་མའམ་སྐྱེར་ཚེར། ཚེར་མ་བཙུགས་ལ་ཐོད་གློའམ་མོན་གྱི། པའི་ནང་དུ་གཞུག་པར་བྱའོ། །རང་ཉིད་གྱིས་མདའ་འོད་མ། འོམ་བུ། གླང་མའི། གཞུ་བཟུང་སྟེ། མདའི་རྩེ་མོ་ད་ཐང་ཁྲོམ་པ་དུ་རའི་ཁུ་བས་བྱུགས་ལ། སྔགས་འདི་ལན་ཉི་ཤུ་རྩ་གཅིག་གིས་དགྲ་བོའི་གཟུགས་ལ། བརྡེག་པར་བྱའོ། །ༀ་ཛྭ་ལ་དྷ་ལ་ད་ལ་མུ་ཁི་ཤ་ཏྲུཾ་མཱ་ར་ཡ་མཱ་ར་ཡ། ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། ཧྲི་ད་ཡ་ས་མ་སྱ་ཧཱུྃ་ཕཊ་ཕཊ་ཕཊ། གུ་རུ་གྲི་ཧྞ་ཛྙཱ་ཨ་མ་རི་ཡ་ཛྙཱ། མདའ་ཐུན། དུག་ཐུན། གྲི་ཐུན། ཁྲག་ཐུན། ཡུངས་ཞལ་དུ། ཐུན། ཁྲོས་པའི་སེམས་ཀྱིས་དྲག་འདི་ཡན་ཆད་བསྒྲུབ་པའི་གཞུང་ཡིན་ནོ། །འདི་མན་ཆད་ལས་ཀྱི་སྒྲིག་ཡིན། ཏུ་བྱའོ། །དེ་ནས་བསྒྲུབ་པའི་དུར་ཁྲོད་དུ་བསྲེག་ཁུང་བྲུབ་ཁུང་བྱས་ལ་སྦྱིན་སྲེག་བྱའོ། །དགྲ་བོའི་གཟུགས་བརྙན་ལ་གྲི་གུག་གིས་དུམ་བུ་དུམ་བུར་བྱས་ལ། བྲུབ་ཁུང་དུ་ཁྲོས་པའི་སེམས་ཀྱིས་བསྲེགས་པར་བྱའོ། །དེ་འཁྲུལ་འཁོར་ཌཱ་ཀི་མ་ལ་བསྙེན་སྔགས་བསད་སྔགས་དང་བཏགས་ལ་སྦྲེལ་བ་བཟླས་སོ། །ལ་འཁྲུལ་འཁོར་ནི་འདི་ཡིན་ཏེ། ཇི་སྲིད་དུ་དབང་དུ་བྱ་བ་ལ་སོགས་པ་བཅུ་གཉིས་ཀྱིས་མཐར་ཐུག་པར་འགྱུར་བའམ་དབང་དུ་གྱུར་པ་ན། འོ་མས་ཐོད་པ་བཀང་ལ་དེའི་ནང་དུ་བཙལ་ལ། ཤཱིནྟཾ་མཱ་ར་ས་མ་ཡ་ཡ་ཀུ་རུ་སྭཱ་ཧཱའི་མཐའ་ཅན་གྱིས་བཀྲུ་བར་བྱའོ། །དེ་ལྟར་མ་ཡིན་ན་མཐའ་འདིས་མཆི་བ་ལ་ཐེ་ཚོམ་མི་ཟའོ། །འདིར་སྔོན་དུ་བསྙེན་པར་གྱུར་པ། ༀ་ཛྭ་ལ་ཧ་ན། དྷ་ཧ་ན། ད་ཧ་ན། མུ་ཁི་ཤཱིནྟཾ་མཱ་ར་ཡ་ཀུ་རུ་སྭཱ་ཧཱ་ཕཊ། འདིས་འཆི་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །སྔགས་དེ་ཉིད་ཀྱིས་སྦྱིན་མེ་ལྷར་མཁའ་འགྲོ་གསུམ་བསྒོམ། སྲེག་བྱ་བ་ནི། དང་པོ་དལ་ཟུར་གསུམ་པ་ཁ་དོག་དམར་པོར་བྱས་ལ། དེའི་དབུས་སུ་ཐོད་པའི་དུམ་བུའི་ནང་དུ་མར་ཁུས་མར་མེ་སྤར་དེའི་དབུས་ཛྭ་དྷ་ད་ལས། སུ་འབར་བའི་གདོང་གསུམ་ཀ་སྐུའི་ཆ་བྱད་གཅིག་གོ། །ཅན་བསམ་པར་བྱ་བ་ནི། གདོང་གཅིག་མ་ལ་མིག་གསུམ་མ། མིག་དམར་གདོང་དམར། བ། སྐུ་མདོག་དམར་བ། ལག་བཞི་གཡས་བརྐྱངས་པས་གནས་པ། རྩ་སྐུའི་བའི་ལག་པ་གཉིས་ཀྱིས་མདའ་གཞུ་འཛིན་སྙིང་ཁ་ནས་ཚུར་ལ། པ། གཞན་གཉིས་ཀྱིས་གྲི་གུག་དང་ཐོད་པ་མིའི་རྒྱུ་མ་དང་ཤ་ཁྲག་གིས་བཀང་བ་འཛིན་པ། སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་སྨད་སྐུའི་དཀྲིས་ཤིང་རོའི་སྟེང་ན་གནས་པའི་མི་མགོའི་དོ་ཤལ་བྱས་པ། ཁ་ནས་མེ་མཁའ་འགྲོ་མ་གསུམ་ཀ་དེ་ཚུགས་བསམ། འབར་བར་བསམ་པར་བྱའོ། །ཤར་གྱི་ཟུར་ཀིཾ་ལས། དུ་བྱ་རོག་གདོང་ཅན་མ། སྐུ་མདོག་ནག་མོ་གདོང་གཅིག་མ། ཕྱག་གཉིས་མ། རོའི་སྟེང་ན་ཞབས་གཡས་བརྐྱངས་པས་གནས་པ། ཕྱག་གཉིས་ཀྱིས་རོ་བཟུང་ནས་སོས་འདྲད་ཅིང་ཟ་རྐང་པ་ནས། བ་གཅིག་བསམ་པར་བྱའོ། །བདེན་ཛི་ལས། བྲལ་ཕྱོགས་སུ་ལྕེ་སྤྱང་གདོང་ཅན་མ། སྐུ་མདོག་སེར་མོ། ཕྱག་གཉིས་ཀྱིས་མི་རོ་བཟུང་ནས་རྩིའུ་ཆུང་ནས་ཁྲག་འཇིབ་པའོ། །ལྷག་མ་ནི་སྔོན་བཞིན་ནོ། །རླུང་ཤོ་ལས། ལྷའི་ཕྱོགས་སུ་ཁྱི་གདོང་ཅན་མ་སྐུ་མདོག་དུད་ཁའི་མདོག་ཅན། ཕྱག་གཉིས་ཀྱིས་རོ་བཟུང་ནས་ཟ་བ་སྔར་ལྷག་མ། བཞིན་བསམ་མོ། །དེ་ལྟར་བསྒོམས་ནས་བདག་ཉིད་ཁྲག་འཐུང་གི་རྣམ་པར་བྱ་བས་གོ་ཆ་བགོ་བར་བྱའོ། །སྐྲ་ལྷུག་པར་བྱས་ལ་བསྲུང་བའི་དོན་དུ་ཁྲག་དང་ཁུ་བ་བསྲེས་ལ་ཐིག་ཁྲག་ལེས་དཔྲལ་རང་གི་བ་དང་། སྙིང་ཁ་ཞག་དང་། མགྲིན་པར་བཀུ་ཐལ་ཆེན་བར་བྱའོ། །ཤ་ཆེན་གྱིས་བདུག་པར་བྱའོ། །ༀ་ཧེ་རུ་ཀའི་རང་བསྲུང་བ། རུ་ལུ་རུ་ལུ་ཧཱུཾ་ཙི་ཏི་ཧཱུཾ་བྷྱོ་འདི་ལ་མི་འདྲ་བ་སྣང་། ཧཱུཾ། མ་དེ་ཕྲེང་ཡ་ཡ་སྭཱ་ཧཱ། དེ་ནས་རང་ཅི་ཟ་བས། ཉིད་མཆོདཔར་བྱའོ། །དེ་ནས་གདུག་པ་ཅན་ཚར་བཅད་པར་བྱ་བའི་ཕྱིར་ཞེ་སྙིང་རྗེ་ཟེར། སྡང་བསྐྱེད་ལ། ལྷ་མོ་འབར་མའི་གདོང་ཅན་མ་ལ་སོགས་པ་སྤྱན་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུའོ། །དྲངས་པར་བྱས་ཏེ། ༀ་ཛྭ་ལ་ན་ཧེ་ཛཾ། ༀ་དྷ་ཧ་ན་ཧེ་ཛཾ། ༀ་ད་ཧ་ན་ཧེ་ཛཾ་སི་ཤྲཱི་ཧེ་རུ་ཀ་ཛཿདྷ་ར་ས་ན་པ་ཀེ་རོ་ཤ་ན་གྷྲིཧྞ། ཨ་གད་ཛཿ ཨ་གད་ཚ། ཨ་གད་ཚ་སྭཱཧཱ། སྔོན་དུ་བརྗོད་པས་དལ་ཟུར་གསུམ་པར་ཆང་དང་ཤ་ཆེན་དང་ཁྲག་གིས་ཅན་བྱུགས་པར་བྱས་པའི་སྟེང་དུ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །ༀ་ཛྭ་ལ་ཧ་ན། ༀ་དྷ་ཧ་ན། ༀ་ཡི་གེ་འབྲུ་གསུམ་དཀར་དམར། ད་ཧ་ན། མུ་ཁེ་པཱུ་ཛ་གྷྲྀཧྞ་ཛཾ་སྭཱ་ཧཱ། ༀ་གཡོག་མོ་མཆོད་པ། ཀཾ་ཀ་མུ་ཁེ་ཀཾ་སྭཱ་ཧཱ། ༀ་ཛཾ་སུ་ཁི་མུ་ཁེ་ཛཾ་སྭཱ་ཧཱ། ༀ་ཤྭ་ན་མུ་ཁེ་ཤཾ་སྭཱ་ཧཱ། མུ་ཁ་པཱུ་ཛ་གྷྲྀཧྞ་ཛཾ་སྭཱ་ཧཱ། དེ་ལྟར་རབ་ཏུ་མཆོད་བྱས་ནས། ཁྲག་དང་ཤ་ལ་སོགས་པ་ཡིས། དངོས་གྲུབ་གོང་ན་མེད་པ་འབྱུང་ངོ་། །འཇིགས་བྱེད་མ་ལ་སོགས་པ་ལ་གཏོར་མ་སྦྱིན་པར་བྱའོ། །ༀ་ཨུ་ནན་འདི་ལ་མི་འདྲ་བ་སྣང་། ཏ་བེ་ར་བ་ཡ་བ་ལིཾ་ནུ་ཧ་ན་མ་མ་ཀ་རཾ་ཧེ་པ་ཡ་སྭཱ་ཧཱ། དེས་ནི་གཏོར་མ་དབུལ་བར་བྱའོ། །དེ་ལྟར་རབ་ཏུ་མཆོད་ནས་སྔོན་དུ་འབུམ་ཕྲག་གཅིག་གིས་བསྙེན་པར་བྱས་ན་འགྲུབ་བོ། །དེའི་སྔགས་ནི་འདི་ཡིན་ནོ། །ༀ་ཛྭ་ལ་ཧ་ན་དྷ་ཧ་ན་ད་ཧ་ན་གཙོ་མོ་གསུམ་གྱི་སྔགས། མུ་ཁེ་ཛ་ལ་ན་ལ་ནི་ཧྲཱིཿཧཱུྃ་ཕཊ། གཙོ་མོ་གསུམ་གྱི་སྙིང་པོ་འབུམ་ཕྲག་ཏུ་བཟླས་སོ། །དེ་ནས་གཡོག་མོ་གསུམ་གྱི་སྔགས་འདིའོ། །ༀ་ཀ་ཀ་མུ་ཀི་ཀཾ། ༀ་ཛཾ་སུ་ཁི་མུ་ཁི་ཛཾ། ༀ་ཤྭ་ན་མུ་ཁི་ཤཾ་ཧཱུཾ་ཛཿ གཡོག་མོ་གསུམ་གྱི་སྙིང་པོ་ཁྲི་བཟླས་ན་མཁའ་འགྲོ་མ་དངོས་སུ་འོང་ངོ་། །གཙོ་བོ་ནས་མ་རྫོགས་ཀྱི་བར་དུ་ཀེཾ་རུས་ཐོད་པའི་ཕྱག་རྒྱ། ཀྱི་ཕྱག་རྒྱ་བཅས་ལ་སྦྱིན་པར་བྱའོ། །མནན་པ་ནི་ལིང་རོ་རྣམས་རོ་ཁུང་དུ་མནན་ནོ། །བཾ་ནན། མུ་ཏི་ནན། ཨཱོྂ་ཀ་ནན་བྱའོ། །ཁ་ཆེའི་མཁན་པོ་ཛྙཱ་ཤྲཱི་སིང་ཧ་ན་བཛྲ་དང་། བོད་ཀྱི་ལོ་ཙཱ་བཻ་རོ་ཙ་ན། བ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ། །དེ་ནས་གང་ཟག་ལ་རིམ་གྱི་བསྟན་པའོ། །ཨཐྎ། འདིའི་འདི་མན་ཆད་ལས་སྒྲིགས་ཡིན་ནོ། །མགོ་མཇུག་ཏུ་དབང་དུ་བྱ་བ་དང་། དགུགས་ཨཾ་ཀུ་ཤ་ཛ། པ་དང་། སྡང་བསད་པ་བ་དང་། རྨུགས་པར་མགོ་ལ་དུག་ཤིང་གིས་བྱ་བ་དང་། རེངས་པར་བྱ་བ་ལྟེ་བར་གཟིར། དང་། ཕུར་སྙིང་ལ་སེང་ལྡེང་གི། བུས་གདབ་པ་དང་། ངག་ཕྲོག་པ་ལྕེ་རུ་དུག་གིས། དང་། རྨོངས་པར་སྙིང་ལ་ཁྱི་ཁྲག་བྱ་བ་དང་། ཞ་བར་བྱ་བ་རྐང་པ། དང་། འོན་པར་བྱ་རྣ་བ། བ་དང་། ཐམས་ཅད་དུ་སྤྱིའི་ཕག་ཁྲག་བྱ་ཁྲག་ལོངས་སྤྱོད་ཉམས་པར་བྱ་བ་སྟེ་བཅུ་གཉིས་སོ། །དང་པོར་བསྙེན་པ་ལ། མཎྜལ་བྱ་བ་དང་གཅིག །དམ་རྫས་དགྲམ་པ་དང་གཉིས། བསྐྱེད་པ་དང་གསུམ། ཡེ་ཤེས་པའི་ལྷ་སྤྱན་དྲངས་ལ་བསྟིམ་པ་དང་བཞི། མཆོད་པ་དང་ལྔ། གཏོར་མ་དང་དྲུག །བཟླས་པ་དང་བདུན། བཟླས་པ་ཐེམས་ནས་ལས་ལ་སྦྱར་བ་དང་བརྒྱད་དོ། །ལས་ལ་སྦྱར་བ་ལ་བདུན་ཏེ། ལིང་ག་བཅའ་བ་དང་གཅིག །ཐུན་མཚམས་སུ་མནན་པ་བྱ་བ་དང་གཉིས། ཐུན་གྱིས་བྲབ་པ་དང་གསུམ། ཕུར་བུས་གདབ་པ་དང་བཞི། མདའ་རྒྱག་པ་དང་ལྔ་། སྦྱིན་སྲེག་བྱ་བ་དང་དྲུག །མནན་པ་དང་བདུན་ནོ། །སྔགས་བརྒྱ་ཚོ་རེ་རེ་ལའམ། ཡང་ན་ཉི་ཤུ་རྩ་གཅིག་མདའ་རེ་ལ་བསྣུན་ནོ། །ཡུངས་ཀར་དང་། ཡུངས་ནག་དང་། དུག་དང་། ཁྲག་དང་། ལྕགས་ཕྱེ་ལ་ཐུན་རྫས་བྱ། ཞག་བདུན་སྲོག་སྙིང་། དེ་ནས་འབོད་པ་བཏགས་ལ་བདུན་བཟླས། བཅུ་བཞི་ནས་ཞག་བདུན་གསང་སྔགས་བཟླས་པ་ལས་ལ་སྦྱར་རོ། །མ་མོ་མཁའ་འགྲོ་ཡིས་དགྲ་བཀུགས་ནས་གསོལ་བར་བསམ་མོ། །དམ་ཚིག་ཚུལ་བཞིན་དུ་སྐྱོང་ལ་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། ཨ་ཕྱི་ཆེན་མོ་མཐུ་མོ་ཆེ། །ནད་དང་རིམས་ཀྱི་བདག་མོ་སྟེ། །དམ་ཚིགས་གསང་བའི་ཚུལ་སྟོན་མ། །དབང་ཕྱུག་བརྒྱ་རྩ་བརྒྱད་ཀྱི་གཙོ་མོ་སྟེ། །བདུད་ཆ་གཉིས་དང་སྲིན་པོ་བྲན་ཕོ་སྲོག་བདག་འཁོལ། །བརྣག་པ་འདི་ལ་རྟགས་ཕྱུང་ཞིག །དམ་ཚིག་ཚུལ་བཞིན་ད་སྐྱོང་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་ལས་བཅོལ་བ་ཡིན་ནོ། །ཌཱ་མ་རུ་དང་། གླིང་བུ་དང་། ཐོད་རྔ་དང་། ཧསྟའི་གཡབ་མོས་འབོད་དོ། །ཛྙཱ་ཡ་རི་མ་ཨ་ཛྙཱ་ཧྞ་གྲྀ་རུ་གུ་ཕཊ་ཕཊ་ཕཊ། ཧཱུྃ་སྱ་མ་ས་ཡ་ད་ཧྲི། དྷ་བྷིན། དྷ་བྷིན། དྷ་ཚིན། དྷ་ཚིན། ཡ་ར་མཱ་ཡ་ར་མཱ། ཏྲུཾ་ཤ །ཁི་མུ་ལ་ད་ལ་དྷ་ལ་ཛྭ་ༀ། རྩིབས་ཙཀྲའི་བརྒྱད་ལ་དགོད། ལྟེ་བ་ལ་ལིང་ག་བྲི། འཁོར་ལོའི་རྩེ་མོ་ནང་དུ་བསྟན། རྩེ་མོའི་བར་དུ་དགྲ་བོའི་མིང་རུས་བྲི། སྦྱིན་སྲེག་ཐལ་བ་དང་། དྲི་མ་ལ་གཟུགས་བྱས་ལ་དེའི་སྙིང་ཁར་འཁྲུལ་འཁོར་གཞུག་གོ། །ནང་རྟགས་ནི། མེ་དགྲ་བོའི་ཕྱོགས་སུ་འགྲོའོ། །མར་མེའོ། །ཤ་ཁྲག་ལ་སོགས་པ་བྱུང་ན་ཕྱི་རྟགས་དྲོད་མེར་སོང་བ་ལ་འོང་། ལུས་འཇས་ཁེངས་པ་ལ་འོང་། ཡིན་ནོ། །ལྷ་དང་དབྲལ་བ་ཁྱི་མོ། སྤྱང་མོ། གུ་གུལ། རྒྱ་ཚིལ། ཀྱེ་མོ། ལྗང་གུ། ནག་པོ། ཁྱི་ལུད། གལ་ཆེའོ། །སྦྱིན་སྲེག་བྱེད་ན་ལྷ་མོ་རང་བསྐྱེད་དོ། །མཆོད་རྫས་དང་། རྐེ་ཚེ། ཤངས་ཚེ་དང་། ཏིལ་དང་། ཤ་ཁྲག་སྣ་ཚོགས་དང་། རང་ཅི་ཟ་བའི་ཕུད་ཀྱིས་མཆོད་དོ། །དེ་ནས་ལིང་ག་གཏུབས་ལ་སྣོད་བཀང་ལ་ཁྲོས་པའི་སེམས་ཀྱིས་ཐབ་ཏུ་བསྲེག་གོ། །གཏའ་གཏོར་གསུམ་ཆ་གཅིག་མནན། ཆ་གཅིག་བསྲེག །ཆ་གཅིག་འཕྲལ་གཏོར་དུ་བྱའོ། །དེ་ནས་ལིང་ག་གཏུབས་ལ་སྣོད་བཀང་ལ། ཁྲོས་པའི་སེམས་ཀྱིས་ཐབ་ཏུ་བསྲེག་གོ། །ཐལ་སྦྱིན་སྲེགས་བྱས་པའོ། །བ་ལ་གཟུགས་བྱས་ཤིང་འཁྲུལ་འཁོར་དེའི་སྙིང་ཁར་བཅས་ལ་མནན་པར་བྱའོ། །མནན་པ་ནི་ངན་ཐོད་དུ་བཅུག་ལ། རོ་རས་སམ་རེ་བས་དྲིལ་ལ་རོ་ཁུང་དུ་མནན་ནོ། །མནན་པའི་དུས་སུ་སྲུང་བའི་སྔགས་དེ་བཟླས་སོ། །མཆོད་པ་ཉིན་ལན་གསུམ་མཚན་ལན་གསུམ་བཟླའོ། །སྔགས་ཀྱང་དེ་དང་འདྲའོ། །ཉ་དང་དུས་བཞི་ལ་བསྲེག་གོ། །ཞག་གསུམ་ན་འབུམ་ཚོ་ཐོན་པར་བྱའོ། །ལས་སྦྱོར་བུ་དང་འདྲ་བ་ལས་གཞན་ལ་སྤེལ་དུ་མི་རུང་། རེ་རེ་ཐོན་པར་བྱའོ། །དེ་འདྲ་ལ་ཚོ་གསུམ་བྱའོ། །ལར་ཞག་དགུ་ཡིས་འགྲུབ་བོ། །ཨཐྎ།། །། སྟེགས་བུའི་ཞལ་གདམས་ནི། སྟེགས་བུ་མདའ་གང་གྲུ་བཞི་ཟླུམ་པོ་ཨེ་ནི་ཉིས་འགྱུར་རྩིག །མདོག་ནི་དཀར་དང་ལྗང་དང་མཐིང་། །དབུས་ནི་ནག་པོ་གྲུ་ཆད་བཞི་ནི་ཐུར་དུ་རྐོས། རོ་སོལ་བྱུགས། འཁྲུལ་འཁོར་རོ་རས་ལ། ནི་རྩེ་མོ་ནང་དུ་བསྟན་པ་བྲི། བར་བར་དུ་ནི་ཆེ་གེ་མོའི་མིང་རུས་བྲི། དེ་དྲིལ་གཟུགས་དགྲའི་ཀྱི་སྙིང་ཁར་གཞུག །མཁའ་འགྲོ་མ་ངན་སྔགས་སུ་བསྒྲུབ་པ་ཡིན། སྙན་བརྒྱུད་ཀྱི་སྲུང་མ་ཡིན། །ཁྱད་པར་དུ་སྒྲུབ་རྫས་བླ་མའི་ཞལ་ལས་དྲིས། རྒྱ་འདི་གོང་མ་རྣམས་དང་འདྲ་ལ་ཁད་ཀྱིས་མི་འདྲ་བ་མང་བས་གཞུང་སོར་བཞག་བྱས་ཡོད། མཆན། གར་སྐད་ཌཱ་ཀི་མངོན་སྤྱོད། དུ། དེ་ཝི་ཙཎྜི་ཀཱ་ཡོ་ག་ཤ་ཏྲུཾ་ཏཱ་རེ་ཀརྨ་ན་མཿ བོད་སྐད་དུ། ལྷ་མོ་གཏུམ་མོ་སྒྲོལ་མས་རྗེ་བཙུན་སྒྲོལ་མའི་གསུང་གི་སྤྲུལ་པ། རྣལ་འབྱོར་པའི་དགྲ་སྒྲོལ་བར་བྱེད་པའི་ལས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སིདྡྷིའི་རྣལ་འབྱོར་པས། ཚོགས་དགྲ་བོ་བསད་དཔལ་མཁའ་འགྲོ་མ། པའི་ལས་འདི་བརྩམ་སྟེ་དང་པོར་དཔལ་ཆེན་པོའི་རིགས་ལྔ་ཁྲག་འཐུང་གང་ཡང་རུང་བའི། བསམ་གཏན་དང་ལྡན་པས། མི་བསྐྱོད་པས་གདོང་དང་ཁ་ལག་བཀྲུས་ལ། ཞིང་ལྤགས་ཀྱི་གདན་ལ་བསྡད་ལ། ཁ་ནུབ་ལྷོར་བསྟན་ཏེ་ཁྲོས་པས་བདུད་རྩིའི་རིལ་བུའམ་ཤ་ཆེན་མུར་ཞིང་། བསྙེན་པ་འབུམ་བདུན་བཟླས་སོ། །མདུན་དུ་བསྙེན་པའི། ཞིང་ལྤགས་ཀྱི་སྟེང་དུ་ཤ་ཆེན་གྱིས་དལ་ཟུར་གསུམ་པ་བྲིས་ཏེ། དབུས་སུ་ཐོད་པའི་ནང་དུ་མར་ཁྲག་ཚིལ་གྱི་མར་མེ་སྤར་ལ། མར་མེའི་དཀྱིལ་དུ་ཧྲཱིཿལས་བྱུང་བའི་ལྷ་མོ་གཏུམ་མོ་སྐུ་མདོག་དམར་མོ་གཅེར་བུ་སྤྱན་གསུམ་པ། སྐྲ་གྲོལ་བ། ཞལ་གཅིག་པ་ཕྱག་གཉིས་པ། མཆེ་བ་གཙིགས་པ། ཐོད་པའི་དབུ་རྒྱན་ཅན། རུས་པའི་རྒྱན་དུ་མ་དང་སྦྲུལ་གྱིས་བརྒྱན་པ། ཕྱག་གཡས་པ་ན་རལ་གྲི་མེ་འབར་བ་འདེབས་པའི་ཚུལ་དུ་གདེངས་པ། གཡོན་པ་ཐོད་པ་ཀ་པཱ་ལ་འགྱིངས་བག་གི་ཚུལ་གྱིས་ཁམས་གསུམ་གྱི་སྙིང་ཁྲག་དྲོན་མོ་གསོལ་བ། སྟག་གི་ཤམ་ཐབས་ཅན། རོའི་སྟེང་ན་གཡོན་བརྐྱངས་པས་བཞུགས་ཤིང་མེ་འབར་འཁྲུགས་པའི་སྟེང་ན་འགྱིངས་པ་འཇིགས་པའི་རྟ་གད་དང་བཅས་པར་བསྒོམ་པར་བྱའོ། །ཀཾ་ཧཱུཾ་ཤར་ལྷོར། ལས་མེའི་ཕྱོགས་སུ་བྱ་རོག་གི་གདོང་ཅན་མ་ནག་མོ། ཕྱགས་གཉིས་རོའི་ཡན་ལག་བརྐྱངས་ནས། མཆུས་སྙིང་འདྲེན་པའོ། །ཛཾ་ལས་བདེན་བྲལ་ཕྱོགས་སུ་སྤྱང་གདོང་མ་དམར་སེར། ཕྱག་གཉིས་ཀྱིས་རོ་བཟུང་ནས་མགྲིན་པའི་ཁྲག་འཐུང་བར་བྱེད་པའོ། །ཤཾ་ལས་རླུང་གི་ཕྱོགས་སུ་ཁྱིའི་གདོང་ཅན་མ་སྐུ་མདོག་ལྗང་ནག་ལག་པ་གཉིས་ཀྱིས་རོ་བཟུང་ནས་མགོ་ཟ་བའོ། །མ་དཔེར་འདིར་ཁྱི་གདོང་མ་ཆད་དམ་སྙམ་ཞེས་མཆན་བཏབ་པ་བཞིན་ཚིག་འདི་ཉིད་འོག་གི་མངོན་རྟོགས་ལས་བཏུས་ཏེ་འདིར་བཅུག་པ་ཡིན། མཆན། དེ་རྣམས་ཀྱང་རྒྱན་ཆ་ལུགས་གཙོ་མོ་དང་མཐུན་པ། གཡོན་བརྐྱངས་པས་རོ་ལ་བཞུགས་པར་བསྒོམ་མོ། །དེ་ནས་བདག་ཉིད་དཔལ་ཁྲག་འཐུང་གི་ང་རྒྱལ་གྱི་གོ་ཆ་བགོ་བར་བྱའོ། །སྐྲ་ལྷག་པར་བྱས་ལ། ཁྲག་དང་ཁུ་བ་བསྲེས་པས་གནས་གསུམ་དུ་ཐིག་ལེ་བྱས་ལ། ཤ་ཆེན་གྱིས་བདུག་པར་བྱའོ། །ༀ་ཙི་ཏི་བྷུ་ཏ་མ་ནི་པྲི་ཡ་ཡ་སྭཱཧཱ། དེ་དེ་ནས་རང་ཉིད་ལ་མཆོད་པར་བྱ་སྟེ། ནས་ལྷ་མོ་གཏུམ་མོ་ལ་མཆོད་པར་བྱ་སྟེ་སྔགས་འདི ས་ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས་པར་བྱས། ༀ་ཛཾ་ཌཱ་ཀི་མཾ་ནི་ཏི་ཙུ་བྷི་ཤྲཱི་ཧེ་རུ་ཀ །ཛྙཱ་ཧཾ་ཛི་རི་རི་ཤཾ་བ་ནི་བ་ག་རི་ན་ཀཾ །ཨེ་ཧི་ཨ་གད་ཛ་ཧ། ཞེས་བརྗོད་པས་སྔར་གྱི་དལ་ལ་བཀུག་ལ། ཆང་དང་ཤ་ཆེན་དང་ཁྲག་གིས་བརླན་པའི་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །ༀ་ཛཾ་མཾ་མུ་ཁེ་དྷི་པཱུ་ཛ་གྷྲྀ་ཧྞ་སྭཱ་ཧཱ། ༀ་ཀ་བྱ་རོག་གདོང་། ཀ་མུ་ཁི་ཀཾ་པཱུ་ཛ་གྷྲཱྀ་ཧྞ་སྭཱ་ཧཱ། ༀ་ཛཾ་སྤྱང་གདོང་། སུ་ཁི་མུ་ཁི་ཛཾ་པཱུ་ཛ་གྷྲྀ་ཧྞ་སྭཱ་ཧཱ། ༀ་ཤྭ་ཁྱི་གདོང་། ན་མུ་ཁི་ཤཾ་པཱུ་ཛ་གྷྲྀ་ཧྞ་སྭཱ་ཧཱ། དེ་ལྟར་རབ་ཏུ་མཆོད་ནས་ཁྲག་དང་། ཤ་ལ་སོགས་པས་འདི་མན་ཆད་མཆན། འཇིགས་བྱེད་མ་ལ་གཏོར་མ་སྦྱིན་པར་བྱའོ། །ༀ་མུ་ན་མིན་ཏཾ་བྷེ་ར་བྷི་ཡ་བ་ལིངྟ་གྷྲི་ཧྞ་མ་མ་ཀསྱ་པ་ཏ་ཡ་སྭཱ་ཧཱ། ཡན་ཆོད། གཙོ་བོ་ནས་འཇིགས་བྱེད་མན་ཆད་དུ། ཐོད་རློན་གྱི་ཕྱག་རྒྱས་དབུལ་བར་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ༀ་སྐུ་ཙན་དྷེ་ཀྵེ་ཧྲཱིཿཛཿ ༀ་གསུང་མ་ཧཾ་ནི་མུ་ཀི་ཕཊཿ སྭཱཧཱ། ༀ་ཐུགས་ཛཾ་མཾ་ནི་ལཾ་མུ་ལུ་ནི་ཧྲིཾ་སྭཱ་ཧཱ། དེ་དག་གསུམ་བདུན་འབུམ་དུ་བསྙེན་པ་བྱ་ཞིང་དུས་བཞིར་མཆོད་པར་བྱའོ། །དེ་ནས་དྲག་པོའི་ལས་བྱ་སྟེ་འབྱུང་པོའི་ཉིན་ཞག་ལ་དུར་ཁྲོད་ཀྱི་དལ་གྲུ་གསུམ་པ། ཁྲག་ཆེན་གྱིས་དམར་པོར་བྱས་ལ། བསྒྲུབ་བྱའི་རྐང་རྗེས་ཆུ་འགྲམ་བྲ་ཤིང་སོ་བ་ལ་ཐལ་ཆེན་ཁྲག །ཀྱི་ས་དང་། དུག་དང་། ཁྲག་དང་། བག་ཕྱེ་དང་བསྲེས་ལ་སྐེ་ཚེ་ཡུངས་ཀར་ཡུངས་ནག །དང་ལན་ཚ་རྣམས་ལ་ལིང་ག་བྱས་ལ་དེའི་འཁྲུལ་འཁོར་ཧཱུྃ་ཧཱུྃ་བྲི། ནི། རོ་རས་དང་། ཞིང་རས་ལ་ཁྲག་ཆེན་པོས་ཙཀྲ་ཟུར་གསུམ་པ་བྲིས་ལ། དེའི་དབུས་སུ་མིང་བྲི། དེའི་ཟུར་གསུམ་ལ་སྔགས་དང་མཱ་ར་ཡའི་མིང་ཐམས་ཅད་ལར། དང་སྦྱར་བ་བྲི་བར་བྱའོ། །དེའི་སྙིང་ཁར་གཞུག་པར་བྱའོ། །དྲི་ཆེན་དྲི་ཆུ་ཁྲག་དང་གཤང་ལྕི་བཀུས་ལ། གདུག་པའི་སེམས་ཀྱིས་སྙིང་ཁར་ཚེར་མ་གཟུགས་སོ། །ཐོད་པའི་ནང་དུ་གན་རྐྱལ་མགོ་ལྷོར་བསྟན་ལ་བཞག་གོ། །རང་ཉིད་མདའ་གཞུ་བཟུང་སྟེ། ད་དུ་རའི་ཁུ་བས་བྱུགས་ལ་བསྒྲུབ་བྱའི་གཟུགས་བརྙན་ལ་ལན་ཉེར་གཅིག་བསྣུན་པར་བྱའོ། །དེ་ནས་ཡང་གཡས་སུ་རལ་གྲི་ཐོགས་ཏེ། གཡོན་པས་ལིང་ག་བཟུང་ལ། རལ་གྲི་ལ་ལན་བརྒྱ་རྩ་བརྒྱད་དུ་སྔགས་བཟླས་ཤིང་དུམ་བུ་སྟོང་དུ་གཏུབ་པར་བྱའོ། །སྔགས་ལ་ༀ་ཛཾ་མཾ་མུ་ཁི་ཤ་ཏྲུཾ་མཱ་ར་ཡ་ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། ཧྲི་ད་ཡ། དྷ་ཧ་དྷ་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། ཧཱུྃ་ཧཱུྃ་ཕཊ། དེ་ནས་གོང་གི་ཐབ་ཁུང་དུ། དུར་ཁྲོད་ཀྱི་མགལ་དུ མ་དང་དུག་ཤིང་ཚེར་མ་ཅན་ལ་མེ་སྤར་ཏེ། ཁྲོས་པའི་སེམས་ཀྱིས་སྔགས་གོང་མ་བཟླས་ཤིང་བསྲེག་པར་བྱའོ། །དེ་ལྟར་ཞག་བདུན་གྱི་བར་དུ་བྱས་ན་དགྲ་དེ་ཉིད་དུ་འཆི་བར་འགྱུར་རོ། །རིམས་ཀྱིས་ཐེབས་པར་འདོད་ན། ལིང་ག་ཐབ་ཁུང་དུ་བསྲོ་བར་བྱའོ། །དེ་ལ་སྔགས་བརྒྱ་རྩ་བརྒྱད་དུས་གསུམ་དུ་བྱའོ། །གལ་ཏེ་འདུད་པར་གྱུར་ན་ཆུ་མེད་པའི་འོ་མས་ལིང་ག་དང་ཐོད་པ་བཀྲུ་བར་བྱ་སྟེ། ཨ་མྲྀ་ཏ་ཧཱུྃ་ཤཱནྟིཾ་ས་མ་ཡ་ཀུ་རུ་སྭཱ་ཧཱ། དེ་ལྟར་མ་བྱས་ན་དེ་ཉིད་དུ་འཆི་བ་ལ་ཐེ་ཚོམ་མེད་དོ། །དེ་ལ་སོགས་ཏེ་དབང་དུ་བྱ་བ་དང་། དགུག་པ་དང་། དབྱེ་བ་དང་། རྨོངས་པ་དང་། ཞ་བ་དང་། འོན་པ་དང་། བསད་པ་ལ་སོགས་བཅུ་གཉིས་ཀྱི་མཐའ་སྦྱར་བའི་མན་ངག་ཤེས་པར་བྱའོ། །ལྷ་མོ་གཏུམ་མོའི་སྒྲུབ་ཐབས་དཔལ་མི་མོ་ཞབས་ཀྱི་རིམ་པ་ལས་བྱུང་བ། ཨ་ན་ཙ་ན་ཏི་ཀ་ཨུ་བདུན། ཨཐྎ། ཁ་ཆེའི་སློབ་དཔོན་ཆེན་པོ་ཛྙཱ་ན་བཛྲ་ཞལ་སྔ་ནས། བོད་ཀྱི་དགེ་སློང་སྨོན་ལམ་བྱང་ཆུབ་ཀྱིས་ཞུས་ཏེ། བོད་ཀྱི་ལོ་ཙཱ་བ་ལྷ་བྱང་ཆུབ་པས་བསྒྱུར་བའོ། །ཁ་ཆེ་འབྲིང་ཝ་བ་ཏིའི་དཔེ་ལ་ཞུ་གཏུགས་བྱས་ནས། ཁ་ཆེའི་ཇོ་བོ་མ་ཧཱ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་མར་ངོ་ཆོས་ཀྱི་དབང་ཕྱུག་གིས་ཀྱང་གཏན་ལ་ཕབ་པའོ། །དགེ་སློང་སྨོན་ལམ་བྱང་ཆུབ་ཀྱིས་སྟོན་པ་ཡེ་ཤེས་བླ་མ་ལ་ཌཱ་ཀི་དཔང་དུ་བཙུགས་ཏེ། མི་སྤེལ་བར་དམ་བཅས་ཏེ་གནང་བའོ། །ཨཐྎ།། །། ལྷ་མོ་གཏུམ་མོ་ལ་དགྱེས་པའི་བསྟོད་པ། རྒྱ་གར་སྐད་དུ། དེ་བ་ཙན་དྷེ་ཧེ་ཧེ་སུ་དྲ། བོད་སྐད་དུ། ལྷ་མོ་གཏུམ་མོ་ལ་དགྱེས་པའི་བསྟོད་པ། ཧཱུཾ། འཇིག་དུས་མེ་ལྟར་འོད་དཔུང་ཀློང་དཀྱིལ་ན། །དབང་དྲག་ལས་མཛད་གཏུམ་མོ་ཁྲོ་གཉེར་ཅན། །དྲག་མོ་ཆེན་མོ་འཇིགས་པའི་གཟུགས་ཅན་མ། །སྒྲོལ་མ་དཔལ་མོ་འབར་བ་མེ་ཡི་གདོང་། །སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟ་བུ། །འབར་བས་སྟོང་གསུམ་བསྲེག་མཛད་ཙཎྜི་ཀ །བྱི་རུའི་རལ་པ་གཡས་ནས་གཡོན་དུ་འཁྱིལ། འཇིགས་པ་འདུལ་ཕྱིར་ཉི་ཟླའི་སྤྱན་གྱིས་གཟིགས། །རྔམ་ཞིང་གཙིགས་པའི་ཞལ་གྱི་བརྡའ་སྐད་ཅན། །སྦྲུལ་དང་རུས་པའི་ཕྲེང་བས་ལུས་བརྒྱན་ཅིང་། །ཕྱག་གཡས་རལ་གྲི་མེ་འོད་འབར་བ་འདེབས། །སྲིད་གསུམ་སྒྲོལ་མཛད་སྙིང་ཁྲག་དྲོན་མོ་རྔུབས། །སྣོད་མཆོག་བྷན་དྷ་བསྣམས་པའི་ཁྲག་འཐུང་མ། །གདུག་པ་མཐའ་དག་དབྱིངས་སུ་སྒྲོལ་མཛད་མ། །སྟག་དང་ཞིང་གི་ལྤགས་པ་གོས་སུ་གྱོན། །དུར་ཁྲོད་བརྒྱད་ན་གནས་པའི་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་འཇིགས་པའི་གད་མོ་ཅན། །མང་པོས་བསྐོར་བའི་དབུས་ན་འགྱིང་མཛད་ཅིང་། །བམ་ཆེན་རོ་ཡི་གདན་ལ་བརྐྱངས་བསྐུམ་བཞུགས། །དྲག་མོ་མི་ཐུབ་དྲག་ཤུལ་དབང་དྲག་སྐུ། །སྲིད་གསུམ་དགྲ་བགེགས་རྩད་ནས་འཇོམས་མཛད་མ། །གཏུམ་མོ་འབར་བའི་གདོང་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕྲ་མེན་མ། །མཁའ་ལ་སྤྱོད་པའི་མཁའ་འགྲོ་བྱ་རོག་གདོང་། །རྣམ་དག་སྐྱོན་གྱི་མ་གོས་སྐུ་མདོག་ནག །ཡེ་ཤེས་མཚོན་ཆས་རྒྱུ་འདྲེན་ཁྲག་མཚོ་གསོལ། །ཤེས་བྱའི་བག་ཆགས་གཅོད་མཛད་ཀ་ཀ་མ། །རྡོ་རྗེ་ཁྭ་གདོང་སྐུ་ལ་ཕྱག་འཚལ་བསྟོད། །གཟུང་འཛིན་དངོས་པོ་ཟ་བྱེད་སྤྱང་ཀིའི་གདོང་། །ཞིང་ཆེན་ཁོག་པ་ཁོང་ནས་དཀྲུགས་ཅིང་གསོལ། །མཁའ་འགྲོ་རྟགས་སྙོམས་སྣ་ཚོགས་འོད་ལྡན་མ། །དྲག་པོའི་ལས་མཛད་ཟ་བྱེད་ཤྭ་ན་མ། །རྡོ་རྗེ་སྤྱང་གདོང་སྐུ་ལ་ཕྱག་འཚལ་བསྟོད། །ཁྱི་གདོང་དུག་གསུམ་ཟ་བྱེད་གཙང་རྨེ་མེད། །བཏང་སྙོམས་གཟུང་འཛིན་མཚན་མ་མེད་པར་རྟོགས། །ཕྱག་གཉིས་གར་གྱིས་དགྱེས་མཛད་ཞིང་ཆེན་རོལ། །རྣམ་རྟོག་སྐྱོན་བྲལ་ཀུ་ཀུ་མུ་ཁ་མ། །རྡོ་རྗེ་ཁྱི་གདོང་སྐུ་ལ་ཕྱག་འཚལ་བསྟོད། །ༀ་ད་ཧ་ནི་མུ་ཁི་ཛཾ་མཾ་ན་མུ་ནེ་ཧྲཱིཿཧཱུཾ་ཕཊ། ཨཐྎ།། །། རྒྱ་གར་སྐད་དུ། ཡོ་ག་སརྦ་ཤ་ཏྲུཾ་ག་ཏ་པྲ་ཏི་སིདྡྷི་ཀརྨཱ་ན་མ། བོད་སྐད་དུ། རྣལ་འབྱོར་པ་ཐམས་ཅད་ཀྱི་དགྲ་ཚར་གཅོད་པའི་དངོས་གྲུབ་ཀྱི་ལས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འབྱུང་པོའི་ཐེབ་ལྡོག་རྩིས་པའི། ཉིན་ཞག་ལ་དགྲ་བསད་པར་བྱ་སྟེ། མི་བསྐྱོད་པས་གདོང་དང་ཁ་ལག་བཀྲུས་ལ། ཁ་ལྷོར་བལྟས་ལ་བདུད་རྩིས་ཁ་བཀང་སྟེ། བསྒྱུར་བྱའི་རྐང་རྗེས་ཀྱི་ས་བླངས་སའམ་ཕྱི་ས། ཏེ། བག་ཕྱེ་དང་བསྲེས་ལ་དགྲའི་གཟུགས་བྱའོ། །དུར་ཁྲོད་ཀྱི་རས་ལ་འཆད་པར་འགྱུར་བའི་འཁྲུལ་འཁོར་བྲིས་ལ། དེའི་སྙིང་གར་གཞུག་པར་བྱའོ། །དྲི་ཆེན་དྲི་ཆུ་དང་ཁྲག་གིས་བཀུ་ཞིང་སྙིང་ཁར་ཚེར་མ་བཙུགས་ལ། ཐོད་པའི་ནང་དུ་གཞུག་པར་བྱའོ། །རང་ཉིད་ཀྱི་མདའ་གླང་མའམ། འོད་མའམ། གཞུ་འོམ་བུའམ། བཟུང་སྟེ། ད་དུ་ཐང་ཕྲོམ། རའི་ཁུ་བས་བྱུག །བསྒྲུབ་བྱའི་གཟུགས་བརྙན་ལ་ལན་ཉེར་གཅིག་ཏུ་བསྣུན་པར་བྱའོ། །ༀ་ཛཾ་མཾ་མུ་ཁི། ཤ་ཏྲུཾ་མཱ་ར་ཡ་མཱ་ར་ཡ། ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། ཧྲཱི་ད་ཡ་ས་མ་སྱེ་ཧཱུཾ་ཕཊ་ཕཊ་ཕཊ། གུ་རུ་གྲྀ་ཧྞ་ཛྙཱ་ན་ཨ་མ་རི་ཡ་ཛྙཱ། དེ་ནས་དུར་ཁྲོད་དུ་བསྲེག་ཁུང་བྱས་ལ་སྦྱིན་སྲེག་བྱའོ། །དགྲའི་གཟུགས་བརྙན་གྲི་གུག་གིས་དུམ་བུར་གཏུབས་ལ་ཁྲོས་པའི་སེམས་ཀྱིས་བསྲེག་པར་བྱའོ། །དེ་ལ་འཁྲུལ་འཁོར་ནི་འདི་ལྟ་སྟེ། ཇི་སྲིད་དབང་དུ་བྱ་བ་ལ་སོགས་པ་བཅུ་གཉིས་ཀྱི་མཐར་ཐུག་པར་ཉམས་པར་གྱུར་པའམ། དབང་དུ་གྱུར་པ་ན། འོ་མས་ཐོད་པ་ཡོངས་སུ་བཀང་བ་དེའི་ནང་དུ་བསྩལ་ཏེ་ཤཱིནྟཾ་ས་མ་ཡ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་བཀྲུ་བར་བྱའོ། །དེ་ལྟར་མ་ཡིན་ན་མཐར་འདིས་འཆི་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །འདིའི་སྔོན་དུ་བསྙེན་པར་འགྱུར་བ། ༀ་མ་ཧཱ་ན་མུ་ཁེ་ཡ་སྭཱཧཱ། འདིས་འཆི་བར་འགྱུར་བ་ལ་ཐེ་ཚོམ་མི་ཟའོ། །སྔགས་དེ་ཉིད་ཀྱིས་སྦྱིན་སྲེག་བྱ་བ་ནི། དང་པོར་དལ་ཟུར་གསུམ་པ་ཁ་དོག་དམར་པོར་བྱས་ལ། དེའི་དབུས་སུ་ཐོད་པ་དུམ་བུའི་ནང་དུ་མར་ཁུས་མར་མེ་སྦར་ལ། དེའི་དབུས་སུ་འབར་བའི་གདོང་ཅན་མ་བསམ་པར་བྱ་བ་ནི། གདོང་གཅིག་མ་ལ་མིག་གསུམ་མ། གདོང་དམར་བ། ལག་པ་བཞི་པ། གཡས་བརྐྱངས་པས་གནས་པ། རྩ་བའི་ལག་གཉིས་ཀྱིས་མདའ་གཞུ་འཛིན་པ། ལྷག་མ་གཉིས་ཀྱིས་གྲི་གུག་དང་། ཐོད་པ་མིའི་རྒྱུ་མ་དང་། ཤ་ཁྲག་གིས་བཀང་བ་འཛིན་པ། སྦྲུལ་གྱིས་བརྒྱན་པ། སྟག་གི་ལྤགས་པས་སྨད་དཀྲིས་ཤིང་རོའི་སྟེང་ན་གནས་པ། མི་མགོའི་དོ་ཤལ་བྱས་པ། ཁ་ནས་མེ་འབར་བ་བསམ་པར་བྱའོ། །ཤར་གྱི་ཟུར་དུ་བྱ་རོག་གི་གདོང་ཅན་མ་མདོག་ནག་པ་ལག་པ་གཉིས་ཀྱིས་མི་རོ་བཟུང་ནས་མཆུས་འདྲད་ཅིང་ཟ་བ། རོ་ཡི་སྟེང་ན་གཡས་བརྐྱང་གིས་གནས་བར་བསམ་པར་བྱའོ། །བདེན་བྲལ་གྱི་མཚམས་སུ་ལྕེ་སྤྱང་གི་གདོང་ཅན་མ་སེར་མོ། ལག་པ་གཉིས་ཀྱིས་རོ་བཟུང་ནས་རྐེ་ནས་ཁྲག་འཇིབ་པའོ། །རླུང་གི་མཚམས་སུ་ཁྱི་གདོང་ཅན་མ་སྐུ་མདོག་དུད་ཁའི་མདོག་ཅན། ཕྱག་གཉིས་ཀྱིས་རོ་བཟུང་ནས་ཟ་བ། ལྷག་མ་གོང་བཞིན་ནོ། །དེ་ལྟར་བསྒོམས་ནས་རང་ཉིད་དཔལ་ཁྲག་འཐུང་གི་ཆོ་གས་གོ་ཆ་བགོ་བར་བྱའོ། །སྐྲ་ལྷུག་པར་བྱས་ལ། བསྲུང་བའི་དོན་དུ་ཁྲག་དང་ཁུ་བ་བསྲེས་པའི་ཐིག་ལེས་དཔྲལ་བ་དང་། མགྲིན་པ་དང་། སྙིང་གར་བཀུ་བར་བྱའོ། །ཤ་ཆེན་གྱིས་བདུག་པར་བྱས་ལ། ༀ་ཙི་ཏི་བྷུ་ཏ་མ་ནི་པྲི་ཡ་ཡ་སྭཱ་ཧཱ། དེ་ནས་རང་ཉིད་མཆོད་པར་བྱའོ། །དེ་ནས་གདུག་པ་ཅན་ཚར་བཅད་པར་བྱའོ། །སྙིང་རྗེ་བསྐྱེད་ལ། ལྷ་མོ་འབར་བའི་གདོང་ཅན་མ་སྤྱན་དྲངས་པར་བྱ་སྟེ། ༀ་ཛཾ་མ་ནི་ཏི་ཙུ་བྷི་སྔགས་ཐམས་ཅད་ལ་མི་འདྲ་བ་ཡང་སྣང་། མཆན། ཤྲཱི་ཧེ་རུ་ཀ་ཛྙཱ་ཧཾ་དྷ་ཛེ་ཧཻ་ནི་སརྦ་ན་བ་ཀ་རི་ན་གྷྲི་ཧྲི་ན་ཨ་གད་ཚ་ཡ་ཨ་གད་ཚ་ཡ་ཛ་སྭཱཧཱ། སྔོན་དུ་བརྗོད་པས་དལ་ཟུར་གསུམ་པར་ཆང་དང་ཤ་ཆེན་དང་ཁྲག་གིས་བརླན་པར་བྱས་པའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །ༀ་ཛཾ་མཾ་མ་མུ་ཁི་བུ་ཛཾ་གྷྲི་ཧྞ་སྭཱ་ཧཱ། ༀ་ཀ་ཀ་མུ་ཀི་ཀཾ་སྭཱ་ཧཱ། ༀ་ཛཾ་སུ་ཁི་མུ་ཁི་ཛཾ་སྭཱ་ཧཱ། ༀ་ཤྭ་ན་མུ་ཁི་ཤཾ་སྭཱ་ཧཱ། དེ་ལྟར་རབ་ཏུ་མཆོད་ནས། ཁྲག་དང་ཆུ་ལ་སོགས་པས་འཇིགས་བྱེད་ལ་གཏོར་མ་སྦྱིན་པར་བྱའོ། །ༀ་ཨུ་ནན་ཏ་བྷེ་ར་བ་ཡ་བ་ལིངྟ་གྷྲི་ཧྞམ་མ་ཀ་ཏྱཾ་སད་དྱ་སྭཱ་ཧཱ། གཙོ་བོ་ནས་མ་རྫོགས་ཀྱི་བར་དུ་ཀེཾ་རུས་ཀྱི་ཕྱག་རྒྱས་སྦྱིན་པར་བྱའོ། །སྔོན་དུ་འབུམ་ཕྲག་གཅིག་གིས་བསྙེན་པ་བྱས་ན་འགྲུབ་བོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ༀ་ཛཾ་ལཾ་ལཾ་ན་བྲི་མ་སྭཱ་ཧཱ། ༀ་མ་ཧཱ་ན་ཁྱེ་ཧྱི་ཛ་ལ་ན་མཾ་ལཾ་ནི་ཧྲཱིཿསྭཱ་ཧཱ། ༀ་མ་ཧཱ་ན་མུ་ཁེ་ཛཾ་ལན། ལཾ་ལ་ནེ་ཧཱུྃ་ཧཱུྃ་ཕཊ་ཕཊ། དབང་འདིས་མགོ་མཇུག་ཏུ་ཨཾ་གུ་བཾ། དུ་བྱ་བ་དང་། དགུག་ཛཿཧཱུཾ་བཾ་ཧོཿ པ་དང་། སྡང་བསད་པ་བ་དང་། རྨུགས་མགོ་ལ་དུག་གིས། པར་བྱ་བ་དང་། རེངས་པར་བྱ་ལྟེ་བ་ལ་གཟེར། བ་དང་། ཕུར་སྙིང་ལ་སེང་ལྡེང་གིས། བུས་གདབ་པ་དང་། ངག་ལྕེ་ལ་དུག་གིས། འཕྲོག་པ་དང་། བསད་མདའ་བསྣུན་ཏེ། པ་དང་། གསོ་བ་འོ་མས་དང་། རྨོངས་སྙིང་ལ་ཁྱི་ཁྲག །པ་དང་། ཞ་རྐང་ལག་བར་བྱ་བ་དང་། འོན་རྣ་བ། པར་བྱ་བ་དང་། ཐམས་ཅད་ཕག་ཁྲག་དང་བྱ་ཁྲག་གིས། དུ་སྤྱིའི་ལོངས་སྤྱོད་ཉམས་པར་བྱ་བ་སྟེ་བཅུ་གཉིས་སོ། །ཁ་ཆེའི་མཁན་པོ་ཛྙཱ་ན་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་ཀྱིས་བསྒྱུར་བའོ།། །།ཧཱུཾ། འགྲོ་ཡང་ཟློས་སྣང་། དོན་ཕྲིན་ལས་ཆགས་པའི་དབང་གི་སྐུ། །སྐུ་མདོག་དམར་མོ་འབར་བ་མེ་ཡི་གདོང་། །རལ་པ་དམར་པོ་བྱི་རུའི་ལན་ཚར་ཅན། །ཕྱག་གཉིས་རྡོ་རྗེ་མདའ་གཞུ་འགེངས་པ་ནི། །ཐབས་དང་ཤེས་རབ་གཉིས་མེད་ཐུགས་རྗེ་ཡིས། །ཉོན་མོངས་དུག་ཚོགས་བསྒྲལ་ནས་དབྱིངས་སུ་སྡུད། །ལྷག་མ་གཉིས་ནི་གྲི་དང་བྷན་དྷ་བསྣམས། །འཁོར་བ་རྩད་གཅོད་སྙིང་ཁྲག་དྲོན་མོ་གསོལ། །དུས་ངན་ཐ་མའི་སེམས་ཅན་གདུལ་དཀའ་བས། །གསོད་པའི་ཉི་ཚེས་འདུལ་མཛད་འབར་བའི་གདོང་། །སྒྲོལ་བྱེད་དཔའ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕྲ་མེན་མ། །བྱ་རོག་དབུ་དང་སྤྱང་ཀི་ཁྱི་ཡི་དབུ། །བུད་མེད་ཆགས་པས་འདུལ་བར་དབང་ཆེ་བས། །འཁོར་བའི་རོ་དང་དུག་གསུམ་རོལ་མཛད་མ། །དགྲ་བགེགས་ཚར་གཅོད་མཛད་པའི་ཚོགས་ལ་ཕྱག་འཚལ་བསྟོད། །ཨཐྎ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འབྱུང་པོའི་ཉིན་ཞག་ལ་དགྲ་བོ་བསད་པའི་ཆོ་ག་འདི་བརྩམ་སྟེ། དེ་ལ་དང་པོ་སྒྲོལ་མའི་སྤྲུལ་པ་ཙཎྜི་ཀ་ཡི་ང་རྒྱལ་བླངས་ཏེ། བདག་ཤིན་ཏུ་ཁྲོས་པས་ཞིང་ལྤགས་ཀྱི་སྟན་ལ་འདུག་སྟེ། མི་བསྐྱོད་པས་གདོང་བཀྲུས་ལ། ཤ་ཆེན་མུར་ཞིང་། ལག་པར་རལ་གྲི་དང་ཐོད་པ་ཐོགས་ཏེ། ཞིང་ལྤགས་དང་། རལ་པ་གྱོན་ལ། ལྷོ་ཕྱོགས་སུ་ཁ་བལྟས་ལ། བསྙེན་པའི་དུས་སུ་འབུམ་བཟླས་ཏེ་བསྙེན་པ་ལ། མདུན་དུ་ཞིང་ལྤགས་ལ་ཁྲག་ཆེན་གྱིས་དལ་ཟུར་གསུམ་པ་བྲིས་ཏེ། དབུས་སུ་ཐོད་པའི་ནང་དུ་མར་མེ་སྤར་ལ། མར་མེའི་དཀྱིལ་དུ་ཧྲཱིཿལས་བྱུང་བའི་ལྷ་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་པ་མཆེ་བ་གཙིགས་པ་ཐོད་པའི་དབུ་རྒྱན་ཅན། སྟག་གི་ལྤགས་པའི་ཤམ་ཐབས་བྱས་པ། ཕྱག་གཡས་ན་རལ་གྲི་གཡོན་ན་ཐོད་པ་དགྲ་བོའི་ཁྲག་འཐུང་བའོ། །མེའི་ཕྱོགས་སུ་ཀཾ་ལས་བྱ་རོག་གི་གདོང་པ་ཅན་སྐུ་མདོག་ནག་མོ། ཕྱག་གཉིས་ཀྱིས་རོ་བླངས་ནས་སྙིང་འདྲེན་པར་བྱེད་པའོ། །སྲིན་པོའི་མཚམས་སུ་སྤྱང་གདོང་མ་ཛཾ་ལས་སྐུ་མདོག་དཀར་དམར་ཕྱག་གཉིས་ཀྱིས་རོ་བླངས་ནས་མགྲིན་པའི་ཁྲག་འཐུང་བར་བྱེད་པའོ། །རླུང་གི་མཚམས་སུ་ཤཾ་ལས་ཁྱིའི་གདོང་ལྗང་ཀུ། ཕྱག་གཉིས་ཀྱིས་རོ་བླངས་ནས་ཟ་བར་བྱེད་པའོ། །དེ་དག་ནི་རྒྱན་དང་ཆ་ལུགས་དང་། གདན་ནི་གཙོ་མོ་དང་མཐུན་ནོ། །དེ་ནས་ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས་ལ་སྔར་བཤད་པའི་ཟུར་གསུམ་པའི་དལ་དུ་མཆོད་པར་བྱའོ། །དེ་ལྟར་མཆོད་ནས། ད་ནི་དྲག་པོའི་ལས་བྱ་སྟེ། བསྒྲུབ་བྱའི་རྫས་རྐང་རྗེས་ཀྱི་ས་དང་། བག་ཕྱེ་དང་། དུག་དང་། རྐེེ་ཚེ་དང་ལན་ཚྭ་རྣམས་ལ་ལིང་ག་བྱས་ཏེ། དེའི་འཁྲུལ་འཁོར་ནི། ཞིང་རས་ལ། ཁྲག་ཆེན་གྱིས་ཟུར་གསུམ་པ་བྲིས་པ། དབུས་སུ་མིང་བྲི། ཟུར་ལ་མཱ་ར་ཡ་བྲིས་ལ། ལིང་གར་གཤང་ལྕི་བཀུས་ལ་གདུག་པའི་སེམས་ཀྱིས་སྙིང་གར་ཚེར་མ་གཟུགས་སོ། །ཐོད་པའི་ནང་དུ་གན་རྐྱལ་དུ་མགོ་ལྷོར་བསྟན་ལ་བཞག་གོ། །དེ་ལ་ཁྲག་རྐམ་དང་། ཟི་ར་ནག་པོས་བྲབ་ཅིང་། སྔགས་བཟླས་ལ་རལ་གྲིའི་ཆར་དབབ་པའི་བྲོ་བརྡུངས་བྱའོ། །མདུན་དུ་ཐབ་ཁུང་ཟུར་གསུམ་པ་བརྐོས་ཏེ། དུར་ཁྲོད་ཀྱི་མགལ་དུ མ་མམ་ཤིང་ཚེར་མ་ཅན་ལ་མེ་སྤར་ཏེ། ལག་པ་གཡོན་དུ་ལིང་ག་བླངས་ལ། གཡས་སུ་རལ་གྲི་ཐོགས་ཏེ། རལ་གྲིས་ལིང་ག་གཏུབ་ཅིང་ཐབ་ཁུང་དུ་སྔགས་འདི་བཟླས་ཤིང་ལིང་གའི་དུམ་བུ་རེ་རེ་བསྲེག་གོ། །དེ་ལྟར་ཞག་གི་བར་དུ་བྱས་ན་དགྲ་བོ་དེ་ཉིད་དུ་འཆི་བར་འགྱུར་རོ། །འདི་ལ་ཐེ་ཚོམ་དུ་མི་བྱའོ། །རིམས་ཀྱིས་ཐེབས་པར་འདོད་ན། ལིང་ག་བྲུབ་ཁུང་དུ་བསྲོ་བར་བྱའོ། །བཟོད་པར་གསོལ་ཞིང་ཞུ་ན། ཆུ་མེད་པའི་འོ་མས་བཀྲུའོ། །རང་གི་དཔྲལ་བར་ཁྲག་གིས་ཐིག་ལེ་བྱས་ཏེ། བདག་དང་དལ་ལ་མཆོད་པ་ལྔས་གཙོ་ལ། མཆོད་པར་བྱའོ། །དེ་ནས་སྔགས་ལ་འདིས་ཡེ་ཤེས་ལྷ་མོ་སྤྱན་དྲངས་པར་བྱས་ཏེ། ༀ་ཛཾ་མ་མུ་ཧཾ་ཛཿ སི་ཤྲཱི་ཧེ་རུ་ཀ་མ་ག་ཏ་དྷ་ཛེ་རི་ནི་ཤ་ས་ན་བ་ག་རོ་ནཾ་གྲཾ་ཨེ་ཧེ་ཨ་གད་ཛཿཛཿསྭཱ་ཧཱ། ༀ་ཛམ་བྷེ། ཀཾ་ཛཾ། ཡ་མུ་ཁི་པཱུ་ཛ་གྷྲྀཧྞ་སྭཱཧཱ། ༀ་ཀ་བྱ་རོག་ཀ་མུ་ཁི་ཀཾ་པཱུ་ཛ་གྷྲྀཧྞ་སྭཱ་ཧཱ། ༀ་ཛཾ་སུ་ཁི་སྤྱང་ཀི་མུ་ཁེ་ཛཾ་པཱུ་ཛ་གྲིཧྞ་སྭཱ་ཧཱ། ༀ་ཤྭ་ན་ཁྱི་གདོང་། མུ་ཁི་ཤཾ་པཱུ་ཛ་གྷྲྀཧྞ་སྭཱ་དེེ་གསུམ་མཆོད་པའི་སྔགས་སོ། །ཧཱ། ༀ་ཙཎྜ་ཀཾ་ཛཾ་མ་མུ་ཁི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སྙིང་ཁ་ལ་རཀྵ་ཡཀྵ་སེ་ན་ཛཱ་ཛཱ་ཛཱ་ཕཊ་ཕཊ་ཕཊ། ཧྲཱིཿ རྦད་པ། ཛ་བི་མུ་ཏཾ་བྷི་ཨན་དྷ་་མུ་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཧ་ཧ། ན་མོ་བྷ་ག་ཝ་ཏེ་རོ་ཤ་ན་ཡ་ཤ་ཏྲཱུཾ་མཱ་ར་ཡ་ག ད་ཛཱ་ཛཱ་ཡ་སྭཱ་ཧཱ། ༀ་ཛ་མ་བསད་པ། མུ་ཁི་ཆེ་གེ་མོ་ཤ་ཏྲཱུཾ་མཱ་ར་ཡ། ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ། མཱ་ར་ཡ་ཧཱུཾ་ཕཊ། ཨ་མྲྀ་ཏེ། ཧྲཱིཿཀཾ་ཛཾ་ཤཾ་ཛེ་ཏེ་པུ་ཏ་མེ་ནི་ཏྲེ་ཡ་ཡ་སྭཱ་ཧཱ། ཧཱུཾ། སྲིན་མོའི་ཤ་ཆེན་བསྲེག །ཚུལ་གྱིས་རལ་གྲི་བྷན་དྷ་འཛིན། །འཇིག་རྟེན་སྒྲོལ་ཕྱིར་རཀྵའི་སྤྱན་གྱིས་གཟིགས། །སྐུ་མདོག་དམར་མོ་བསྐལ་བའི་མེ་ལྟ་བུ། །འབར་བ་སྟོང་གསུམ་བསྲེག་མཛད་ཙཎྜི་ཀ །གཏུམ་མོ་མི་བཟད་མ་ལ་ཕྱག་འཚལ་བསྟོད། །མཁའ་ལ་སྤྱོད་པའི་ཌཱ་ཀི་བྱ་རོག་དང་། །ཞེས་པ་ལ་སོགས་པ་གཡོག་མོ་གསུམ་ལ་བསྟོད་པ་བཏང་ངོ་། །ཁ་ཆེའི་མཁན་པོ་ཛྙཱ་ན་ཙནྡྲ་དང་། བོད་ཀྱི་ལོ་ཙྭ་བ་ལྷ་བྱང་ཆུབ་དམ་པས་བསྒྱུར་བའོ། །གཏུམ་མོ་མི་བཟད་མ་སྒྲོལ་མའི་སྒྲུབ་ཐབས་དཔལ་མི་མོ་ཞབས་ཀྱི་རིམ་པ་ལས་བྱུང་བ་རྫོགས་སོ།། །། ༅། །རྡོ་རྗེ་ཟམ་པའི་ཌཱ་ཀི་མ་སྡེ་གསུམ་གྱི་སྒྲུབ་པ་བཞུགས། རྒྱ་གར་སྐད་དུ། ཛ་ལན་དྷ་ར། ས་ཐ་བི་ར་ནི་ར་གྷ་ཏ་ཤྭ་ག་ན། སྣ་ས་ར་སྭཱ་ཨྃ། ན་ཡ་ཡད་ཤྲཱི་ན་པ་ཏ། སི་ཏི་ཡན། ཤ་ཏྲུཾ་ནི། གྲ་ཧ་སརྦ་ཡོ་ག་སིདྡྷི་པྲ་དོ་མུ་ཁ། ལ་ཨ་མ་ན་ཡ། བོད་སྐད་དུ། ཛ་ལན་དྷ་རའི་གནས་བསྒྱུར་བ། དཔལ་གནས་པའི་གཞུང་ལུགས་ལས། འདི་ནི་དཔལ་གྱི་མི་མོ་ཞབས་ཀྱི་དངོས་གྲུབ་བླངས་པ་དང་། དགྲ་ཚར་བཅད་པའི་གདམས་ངག །རྣལ་འབྱོར་པ་ཐམས་ཅད་ལ་དངོས་གྲུབ་སྟེར་བའི་གཞུང་ལུགས་སོ། །དཔལ་ཁྲག་འཐུང་རྡོ་རྗེ་ལ་ཕྱག་འཚལ་ལོ། །མན་ངག་འདི་ལ་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། དེ་ལ་དང་པོ་དལ་གྱི་འདོད་ལུགས་བཅའ་བ་དང་གཅིག །དམ་རྫས་དགྲམ་པ་དང་གཉིས། བཀའ་སྐྱོང་ཞི་བ་དང་ཁྲོ་མོ་དཔོན་གཡོག་ཏུ་བསྐྱེད་པ་དང་གསུམ། ཡེ་ཤེས་པ་སྤྱན་དྲངས་པ་དང་བཞི། དེ་ལ་མཆོད་པ་བྱ་བ་དང་ལྔ། གཏོར་མ་བཏང་བ་དང་དྲུག །བཟླས་པ་བྱ་བ་དང་བདུན། བཟླས་པ་ཐེམས་ནས་ལས་ལ་སྦྱོར་བ་དང་བརྒྱད་དོ། །དེ་ལ་དང་པོ་སྒྲུབ་པའི་དལ་བཅའ་ཐབས་ནི། སྟེགས་བུ་མདའ་ཚད་གྲུ་བཞི་ལ། །ཟླུམ་པོའི་ཨེ་ནི་སུམ་འགྱུར་བརྩིགས། །དང་པོ་དབུས་ཀྱི་ཕོ་བྲང་ནི། །ཞི་བར་བྱེད་ན་ཟླུམ་པོ་ལ། །རྒྱས་པར་བྱེད་ན་རིན་པོ་ཆེ། །དབང་དུ་བྱེད་ན་ཟླ་གམ་ལ། །དྲག་པོར་བྱེད་ན་གྲུ་གསུམ་བྱ། །དང་པོ་ཞི་བ་བྱེད་ན་ནི། །དབུས་སུ་ཟླུམ་པོར་བྱས་པས་སུ། །ཕྲིན་ལས་རྣམ་བཞི་ཚང་བ་ཡིན། །ཆང་དང་ཤ་ཆེན་ཁྲག་ཆེན་གྱིས། །མཎྜལ་ཀུན་ལ་བྱུག་པར་བྱ། །ཁྲག་དང་རོ་སོལ་བསྲེས་པ་ཡིས། །གྲུ་གསུམ་ལོགས་ལ་བྱུག་པར་བྱ། །དབུས་ཀྱི་ཟླུམ་པོ་དེ་ལ་ཡང་། །རིན་པོ་ཆེ་དང་རུས་པ་ཡི། །ཕྱེ་མ་ཁྲག་དང་སྦྱར་བ་བྱུག །ཨེ་བསྣོལ་ཟུར་དྲུག་ནང་དུ་ནི། །མི་རུས་རྟ་རུས་ལ་སོགས་པས། །དུར་ཁྲོད་ཚུལ་དུ་འགེངས་པར་བྱ། །ཞི་བ་སྒྲུབ་པའི་དུས་སུ་ནི། །དབུས་ཀྱི་ཟླུམ་པོའི་སྟེང་དུ་ནི། །དཔལ་གྱི་འཛིན་གཏོར་ཆེན་པོ་བཞག །གྲུ་གསུམ་གོང་མའི་ཟུར་གསུམ་ལ། །ཞི་བ་དམར་པོའི་འབག་གསུམ་གཟུག །འོག་མའི་ཟུར་ནི་གསུམ་པོ་ལ། །ཤ་ཆེན་ཁྲག་ཆེན་གཏོར་མ་དང་། །ཞུན་ཆེན་སྨན་ཆེན་གཏོར་མ་དང་། །དཀར་གསུམ་མངར་གསུམ་གཏོར་མ་དང་། །མཁའ་འགྲོ་གསུམ་ལ་མཆོད་པར་བཤམས། །དང་པོ་རང་ཉིད་བསྒོམ་པ་ནི། །རྒྱུ་ནི་མ་ནོར་རྩ་བའི་སྔགས། །ལུས་ངག་ཡིད་གསུམ་སྨིན་པར་བྱེད། །རང་ཉིད་མངོན་རྫོགས་རྒྱལ་པོར་བསྒོམ། །སྤྱི་བོར་གསེར་གྱི་འཁོར་ལོའི་སྟེང་། །ༀ་ནི་སེར་པོ་རྡོག་གིས་བསྐྱེད། །ལྗགས་ཐོག་པདྨའི་གདན་སྟེང་དུ། །ཨཱཿནི་དམར་པོ་རྡོག་གིས་བསྐྱེད། །ཐུགས་ཀར་རྡོ་རྗེ་རྒྱ་གྲམ་སྟེང་། །ཧཱུཾ་ནི་མཐིང་ག་རྡོག་གིས་བསྐྱེད། །ཡི་གེ་གསུམ་པོ་གསལ་བ་ལས། །ༀ་ཨཱཿཧཱུཾ་གསུམ་དྲག་ཏུ་བརྗོད། །འོད་ཀྱིས་མཆོད་ཅིང་སྡིག་པ་སྦྱངས། །ཚུར་འདུས་རང་གི་ལུས་ངག་ཡིད། །སྡིག་སྒྲིབ་མ་ལུས་དག་པར་བྱས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །བཅོམ་ལྡན་དཔལ་དང་མཉམ་པར་བསམ། །གང་སྣང་རང་རིག་ཡེ་ཤེས་ཉིད། །དག་པར་བྱེད་ཅིང་སྡིག་སེལ་བ། །མ་ནོར་རྩ་བའི་སྔགས་ཡིན་ནོ། །བསྐྱེད་པ་རྐྱེན་གྱི་སྔགས་ལ་ནི། །ཐབས་དང་ཤེས་རབ་བསྐྱེད་པ་ཡི། །ཨ་ཧཾ་མི་ཡི་ས་བོན་ནི། །རང་ཉིད་ཡི་དམ་ལྷར་བསྐྱེད་པའི། །ལྟེ་བར་ཨ་དམར་སྤྱི་བོར་ཧཾ། །ཨ་ཧཾ་གཉིས་ལ་བློ་གཏད་ནས། །མ་ཡེངས་གསལ་བར་བགྲངས་པ་ཡིས། །འོག་མ་འབར་ཞིང་གོང་མ་ཞུ། །ཐིག་ལེ་དཀར་དམར་མེར་གྱིས་ཁེངས། །བདེ་བ་ཕྲིལ་ཕྲིལ་ཤིག་ཤིག་བསྒོམ། །གཉིས་སུ་མེད་པར་ཉམས་སུ་མྱོང་། །འདི་འདྲ་ཞེས་ནི་བརྗོད་དུ་མེད། །བདེ་བ་ཆེན་པོས་ལུས་གང་བ། །གཉིས་མེད་གཉིས་སུ་མེད་པར་སྟོན། །བསྐྱེད་པ་རྐྱེན་གྱི་སྔགས་ཡིན་ནོ། །བཟླས་བརྗོད་ལས་ཀྱི་སྔགས་ལ་ནི། །རང་ཉིད་ཡི་དམ་ལྷར་གསལ་བའི། །སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས། །འགྲོ་བ་སེམས་ཅན་དོན་སླད་དུ། །འོད་ཟེར་དམར་པོ་གསུམ་འཕྲོས་པས། །བཀའ་སྐྱོང་མཁའ་འགྲོ་སྡེ་གསུམ་གྱི། །ཙ་ཀ་ལི་ནི་གསུམ་ལ་ཕོག །ལྷ་མོ་གསུམ་དུ་གྱུར་པ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཌཱ་མ་རུ་དང་ཁ་ཊྭཱཾ་བསྣམས། །རུས་རྒྱན་དབུ་སྐྲ་སིལ་བུར་གྲོལ། །ནམ་མཁའ་ཁྱབ་པ་གར་བྱེད་ཅིང་། །དབུ་སྐྲ་བསིག་ཅིང་རུས་རྒྱན་དཀྲུག །ཁམས་གསུམ་སྲིད་གསུམ་ཟིལ་གྱིས་གནོན། །ལྷ་འདྲེ་མི་གསུམ་དབང་དུ་སྡུད། །ལྷག་མ་མ་ལུས་མཁའ་འགྲོར་གྱུར། །མེར་མེར་ཤིག་ཤིག་ཡུན་དུ་བསྒོམ། །བརྗོད་པའི་སྙིང་པོ་འདི་ཡིན་ཏེ། །ཨཱོྂ་བཛྲ་སུ་ལཾ་མ་ལཾ་མ་མ་རུ་རུ་ཙིཏྟ་ཨ་བི་པྲ་ས་ལ། དེ་ལྟར་བརྗོད་པའི་རང་སྒྲ་ཡིས། །འཇིག་རྟེན་ཁམས་ཀུན་གང་བར་བསམ། །དེ་ནས་བདག་ལ་ཚུར་འདུས་པས། །འགྲོ་བ་མ་ལུས་དོན་མཛད་ནས། །ལྷག་མེད་བདག་ལ་ཐིམ་པར་བསམ། །བདག་ཀྱང་ཐུགས་ཀྱི་ༀ་ལ་ཐིམ། །ཨཱོྂ་ནི་སྐུ་ལྔ་ཡེ་ཤེས་ལྔ། །འོད་ཀྱི་རང་བཞིན་དབྱིངས་སུ་ཡལ། །བསམ་མེད་དྲན་མེད་མི་གཡོ་བ། །དམིགས་སུ་མེད་པའི་ངང་ལ་གནས། །ལས་བཞི་བྲལ་བའི་དངོས་གྲུབ་ཐོབ། །འདའ་བ་མེད་པའི་དམ་ཚིག་བསྲུང་། །རྟོག་འཛིན་སྤངས་པའི་སངས་རྒྱས་ཡིན། །ཡང་དག་མཐའ་ལ་རྣམ་པར་གནས། །བཟླས་བརྗོད་ལས་ཀྱི་སྔགས་ཡིན་ནོ། །སྔགས་ཞེས་བྱ་བ་སྐྱོབ་པའི་ཕྱིར། །བསམ་པའི་ཡུལ་དང་བྲལ་བས་ཏེ། །གཟུང་འཛིན་འཁོར་བའི་དགྲ་ལས་སྐྱོབ། །བླ་ན་མེད་པའི་གསུངས་པ་ཡིན། །ཆོས་ཉིད་མཁའ་ལ་ཡེ་ཤེས་ཤར། །རིག་པ་ཟང་ཐལ་འཛིན་མེད་འགྲོ། །ཀུན་ལ་ཐུགས་རྗེས་མ་བཞིན་སྐྱོབ། །ཞི་བ་བསྒྲུབ་པའི་མན་ངག་ཡིན། །གཏོར་མ་བདག་གཞན་དོན་དུ་ནི། །དུས་སུ་བྱིན་རླབས་བྱས་ནས་དབུལ། །མཁའ་འགྲོ་མ་ཞི་བ་ཡེ་ཤེས་སུ་སྒྲུབ་པ། དེ་ནི་མཆོག་གི་དངོས་གྲུབ་སྒྲུབ་པའོ། །ཨཐྎ། བཀའ་སྐྱོང་མཁའ་འགྲོ་སྡེ་གསུམ་ལ། །ཐུན་མོང་དངོས་གྲུབ་ཞུ་བ་ནི། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །པདྨ་ཟེའུ་འབྲུའི་གདན་སྟེང་དུ། །དེ་སྟེང་བཞུགས་པའི་དམ་རྫས་ནི། །རྫའམ་ཤིང་ངམ་རིན་པོ་ཆེ། །གང་ཡང་རུང་བའི་རྒྱུ་དེ་ལ། །རིན་ཆེན་འབར་བའི་གཟུགས་བཅོས་ལ། །དེ་ཡི་ནང་དུ་གཞུག་པ་ནི། །གཏེར་ཆེན་གདུང་གི་གཟུགས་སམ་དངོས། །གཡས་སུ་འཁྱིལ་བའི་ངོ་བོ་ལ། །རིན་ཆེན་ལྔ་དང་འབྲུ་སྣ་བདུན། །བསྒྲུབ་བྱའི་སྙིང་པོ་འདི་དག་ནི། །ༀ་ཛྭ་ཧ་ན། དྷ་ཧ་ན། ད་ཧ་ན། སིདྡྷི་ཧཱུྃ་བྲིས་ལ་གཏེར་ཆེན་དུ་གཞུག །དེ་ནས་རང་དོན་སྐྱབས་འགྲོ་དང་། །གཞན་གྱི་དོན་དུ་སེམས་བསྐྱེད་བྱ། །རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །དབུས་ཀྱི་ཟླུམ་པོའི་ནང་དུ་ནི། །ཐོད་པ་མཚན་དང་ལྡན་པ་རུ། །བཞུགས་ནས་འབྲུ་དང་རཏྣས་འགེངས། །ཟླུམ་པོའི་དཀྱིལ་དུ་བཞུགས་སུ་གསོལ། །འདོད་པའི་དོན་ལ་གསོལ་བ་གདབ། །ཅི་འདོད་དེ་ལས་འབྱུང་བར་བསམ། །དབུལ་འཕོངས་ཀུན་དང་བྲལ་བར་ངེས། །བཅའ་གཞིའི་ཁོག་དབུབ་བསྟན་པ་ནི། །གྲུ་བཞི་མཐིང་ཀ་ཟླུམ་པོ་དཀར། །གྲུ་ཆད་རྣམས་ནི་ལྗང་ཁུ་ལ ། །འོག་མ་ནག་པོ་གོང་མ་དམར། །དབུས་ཀྱི་ཟླུམ་པོར་བཞུགས་པ་ནི། །རང་ཉིད་ཡི་དམ་ལྷར་བསྐྱེད་པའི། །ཐུགས་ཀའི་འོད་ཟེར་འཕྲོས་པ་ལས། །ཆོས་འབྱུང་དེ་ཡི་ནང་དུ་ནི། །ཡིག་འབྲུ་ཀཾ་གསུམ་ཆད་པ་ལས། །ཆོས་འབྱུང་དུར་ཁྲོད་ཆེན་པོའི་སྟེང་། །ཀེཾ་རུས་སྒྱིལ་པོ་གསུམ་དུ་བསྐྱེད། །དེ་ཡི་ནང་དུ་འོད་ཟེར་ལས། །ཡི་གེ་ཛྭ་དྷ་ད་དང་གསུམ། །བསྐྱེད་པའི་འོད་ཟེར་འཕྲོ་འདུ་ལས། །ཞུ་ནས་མཁའ་འགྲོ་གསུམ་དུ་གྱུར། །བཀའ་སྐྱོང་མཁའ་འགྲོ་སྡེ་གསུམ་ནི། །སྐུ་མདོག་དམར་མོ་ཞལ་གཅིག་མ། །ཕྱག་གཉིས་ཅང་ཏེའུ་ཁ་ཊྭཱཾ་ཀ །ཐོད་པ་འདོད་ཡོན་བདུད་རྩིས་བཀང་། །གར་མཛད་ཁམས་གསུམ་དབང་དུ་སྡུད། །དངོས་གྲུབ་ཅི་འདོད་བདག་ལ་སྟེར། །དེ་ལྟར་བསྐྱེད་ལ་སྔགས་འདི་བཟླས། །ༀ་བཛྲ་སུ་ལཾ་མ་ལཾ་མ་མ་རུ་རུ་ཙིཏྟ་ཨ་བི་པྲ་ས་ལ། དེ་སྐད་བརྗོད་ཅིང་མཁའ་འགྲོ་མའི། །སྤོས་སྦྱོར་དུད་པ་བཏང་བ་ནི། །ནལ་བུའི་ཤ་ཁྲག་ཚིལ་ཆེན་དང་། །གྷི་ཝང་སྤོས་དཀར་ཨ་མྲྀ་ཏ། །སོལ་བའི་མེ་ལ་བསྲེག་པར་བྱ། །དེ་ལྟར་བྱས་པའི་བྱིན་རླབས་ཀྱིས། །ཡི་དམ་ལྷ་ཡི་འོད་ཟེར་དེ། །བཀའ་སྐྱོང་མཁའ་འགྲོ་གསུམ་ལ་ཕོག །མཁའ་འགྲོ་གསུམ་གྱི་འོད་ཟེར་གྱིས། །ཕྱོགས་བཅུའི་སངས་རྒྱས་མཉེས་པར་བྱས། །སྐུ་གསུང་ཐུགས་ཀྱི་བཅུད་བསྡུས་ནས། །པདྨའི་གདན་ལ་བཞུགས་པ་ཡི། །དུར་ཁྲོད་གཞལ་ཡས་ཁང་གི་ནང་། །གཏེར་ནི་ཆེན་པོའི་ངོ་བོ་སྟེ། །ཡི་གེ་ཏྲཱྃ་གྱི་དངོས་པོར་བསྐྱེད། །དེ་ཉིད་གྱུར་པའི་རིན་པོ་ཆེ། །འབར་བ་ཆེན་པོ་གཅིག་ཏུ་བསམ། །དེ་ཡི་ནང་དུ་ཡི་གེ་ནི། །བཾ་དང་བྷྲཱུཾ་མ་གཅིག་ཏུ་བསམ། །དེ་ཉིད་འོད་དུ་འཕྲོས་ནས་སུ། །སྟོང་གསུམ་འཇིག་རྟེན་མ་ལུས་པའི། །རྩི་དང་བཅུད་ཀྱི་དངོས་པོ་ཀུན། །ལྷག་མ་མེད་པར་ཚུར་བསྡུས་ནས། །དུང་ནི་གཡས་སུ་འཁྱིལ་བ་སྟེ། །ཡིད་བཞིན་ནོར་བུ་གཅིག་ཏུ་གྱུར། །དེ་ནས་སྙིང་པོ་འདི་བརྗོད་དོ། །ༀ་ཛྭ་ཧ་ན། དྷ་ཧ་ན། ད་ཧ་ན། སིདྡྷི་ཧཱུཾ། ལ་ན་ལ་ནི་ཧྲཱིཿཧཱུཾ་ཕཊ། ཞེས་བརྒྱའམ་སྟོང་དུ་བརྗོད་པ་ན། །ཡིད་བཞིན་ནོར་བུ་རིན་ཆེན་ལས། །འདོད་ཡོན་ལྔ་ལ་སོགས་པ་ཡི། །གསོལ་བ་ཅི་བཏབ་འབྱུང་བར་བསམ། །མཆོད་པ་བྱས་ཤིང་དགོས་འདོད་ཞུ། །ཅི་འདོད་རེ་བ་བསྐོང་བར་འགྱུར། །དབུལ་དང་བྲལ་བར་ཐེ་ཚོམ་མེད། །སྒྲུབ་པ་པོའི་དགོས་འདོད་ཡོ་བྱད་འབྱོར་བ་དང་། འཇིག་རྟེན་ཟས་ནོར་གྱི་དངོས་གྲུབ་འབྱུང་བ། བླ་མ་དུ་སྟོན་བཛྲ་ཤྭ་ར། རིན་པོ་ཆེའི་ཕྱག་བཞེས་སོ། །དེ་ནི་ཐུན་མོང་གི་དངོས་གྲུབ་སྒྲུབ་པའོ། །འཇིག་རྟེན་མ་རུངས་པ་འདུལ་བ། ལོག་པར་ལྟ་བའི་དགྲ་ཚར་བཅད་པ། ཁྲོ་མོ་དཔོན་གཡོག་ཏུ་བྱས་པའི་མན་ངག་ནི། དེ་ལ་དང་པོ་དྲག་པོའི་དལ་ཨེ་གྲུ་གསུམ་བསྣོལ་མ་ལ། གོང་མའི་རྩེ་མོ་དགྲ་ཕྱོགས་སུ་བསྟན་པ་ལ། ཕྱི་དུར་ཁྲོད་ཀྱི་རང་བཞིན་བྱས་པ་ལ། ནང་དུག་དང་རོ་སོལ་གྱིས་བྱུག་པར་བྱའོ། །དམ་རྫས་ནི། མི་གྲིར་ཤི་བའི་སྙིང་གི་ནང་དུ་མཁའ་འགྲོ་མ་གཙོ་མོ་གསུམ་གྱི་རྩ་བའི་སྲོག་སྙིང་གི་སྔགས་གྲོག་ལ་བྲིས་ལ་གཞུག །མཎྜལ་གྱི་ཁའམ་ཨེ་གྲུ་གསུམ་གོང་མའི་ཟུར་ལ་རྟེན་དུ་གཟུགས་སོ། །བྱ་རོག་གམ་ཁྲའི་སྙིང་། སྤྱང་ཀིའམ་ཝའི་སྙིང་། ཁྱིའམ་འཕར་བའི་སྙིང་གི་ནང་དུ། གཡོག་མོའི་སྲོག་གི་སྙིང་པོ་བཅུག་ལ། དེ་རྟེན་དུ་བཅའ། མཎྜལ་གྱི་སྟེང་ངམ་ཨེ་གྲུ་གསུམ་འོག་མའི་སྟ་ཟུར་གསུམ་དུ་གཟུགས་སོ། །གཙོ་མོ་གསུམ་ལ་ཤ་ཆེན་ཁྲག་ཆེན་གྱི་གཏོར་མ་ཞུན་ཆེན་སྨན་ཆེན་གྱི་གཏོར་མ། དཀར་གསུམ་མངར་གསུམ་གྱི་གཏོར་མ་བྱས་ལ། གོང་མའི་ཟུར་གསུམ་ལ་བཞག་གོ། །གཡོག་མོ་གསུམ་ལ་ཞག་གི་གཏོར་མ། ཤའི་གཏོར་མ། ཁྲག་གི་གཏོར་མ། དེ་ཡང་མིའི་ཞུན། རྟའི་ཤ །གླང་གི་ཁྲག་དང་གསུམ་ལ་བྱའོ། །གཙོ་མོ་གསུམ་ལ་གྲི་བོའི་སྙིང་ལ་སོགས་པ་སྙིང་སྣ་ཚོགས་པས་གཏོར་མ་བརྒྱན་པར་བྱའོ། །གཡོག་མོ་གསུམ་ལ། ཁྲ་སྤྱང་ཀི་ཁྱི་དང་གསུམ་གྱི་སྙིང་གིས་གཏོར་རྒྱན་བྱའོ། །གཡོག་མོའི་གཏོར་མ་དེ་གསུམ་ཀྱང་ཨེ་གྲུ་གསུམ་འོག་མའི་ཟུར་གསུམ་ལ་བཞག་གོ། །ཡང་ན་གཏོར་མ་དེ་ཚོ་མཎྜལ་གྱི་ཁ་ན་ཕར་དགྲམ། ཡི་དམ་ལ་འཛིན་གཏོར་དབལ་དང་བཅས་པ་ཅན་གཅིག །གཏོར་མ་བདུན་པོ་དེ་གཏའ་གཏོར་དུ་གཟུང་ངོ་། །དེ་ནི་དམ་རྫས་དགྲམ་པའོ། །མཁའ་འགྲོ་མ་ཞི་ཁྲོ་དང་། ཁྲོ་མོ་དཔོན་གཡོག་བསྐྱེད་པ་ནི། དང་པོ་མཁའ་འགྲོ་མ་ཞི་བ་གསུམ་ནི། རང་ཉིད་དཔལ་གྱི་ཐུགས་ཀ་ནས། །ཡི་གེ་ཛྭ་དྷ་ད་དང་གསུམ་འཕྲོས་པས། །གྲུ་གསུམ་ཕྱི་ཡི་ཟུར་གསུམ་ལ། །མཁའ་འགྲོ་ཞི་བ་གསུམ་པོ་ནི། །ཞལ་གཅིག་ཕྱག་བཞི་མ། ཕྱག་གཡས་པ་རྡོ་རྗེ་སྡིགས་མཛུབ་དང་། འོག་མ་ཌཱ་མ་རུ་བསྣམས་པ། གཡོན་པ་ཁ་ཊྭཱཾ་ཀ་བརྐྱང་ཚུལ་དུ་འཛིན་པ། འོག་མ་ཀ་པཱ་ལ་བདུད་རྩིས་བཀང་བ་ཞལ་དུ་གསོལ་བ། སྐུ་མདོག་དམར་མོ་གཅེར་བུ་ལ། དབུ་སྐྲ་སིལ་བུར་གྲོལ་བ། ཐོད་པ་དུམ་བུའི་སྐེ་རགས་བྱས་པ། རུས་པའི་རྒྱན་གྱིས་བརྒྱན་པ། མི་རོ་དམར་པོའི་གདན་སྟེངས་སུ། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། རང་གིས་དེ་ལྟར་བསྒོམ་པར་བྱ། ཙ་ཀ་ལི་ཡང་གཟུགས་པར་བྱའོ། །བར་གྱི་བྲུབ་ཁུང་ཟུར་གསུམ་པོ་ལ། འབར་བའི་གདོང་ཅན་ལ་སོགས་པ། མཁའ་འགྲོ་མ་གསུམ་པོ་བསྐྱེད་པ་ནི། རང་ཉིད་དཔལ་གྱི་ཐུགས་ཀ་ནས། །ཡི་གེ་ཛྭ་དྷ་ད་གསུམ་ལས། །ཞལ་གཅིག་སྤྱན་གསུམ་ཤིན་ཏུ་དམར། །སྐུ་མདོག་དམར་མོ་ཕྱག་བཞི་མ། །ཞབས་གཉིས་གཡོན་བསྐུམ་གཡས་བརྐྱང་མ། །རྩ་བའི་ཕྱག་གཉིས་མདའ་གཞུ་འཛིན། །བརྣག་པའི་དགྲ་ལ་མདའ་བསྣུན་ནས། །སྙིང་ཁ་ནས་ཚུར་ཟ་བར་བསམ། །དེ་འོག་གཉིས་ཀྱིས་གྲི་གུག་དང་། །ཐོད་པ་ཀླད་ཁྲག་བཀང་བ་འཛིན། །བརྣག་པར་བྱེད་པའི་དགྲ་དེ་ནི། །གཡས་པས་གྲི་གུག་བསྣུན་ནས་སུ། །གཡོན་པའི་ཐོད་པའི་ནང་དུ་ནི། །རྒྱུ་མ་ཀླད་ཁྲག་བཅས་པས་བཀང་། །དཀྲུགས་ཤིང་ཞལ་དུ་གསོལ་བར་བསམ། །ཡན་ལག་ལྷུ་ཚིགས་སྤྲུལ་གྱིས་བརྒྱན། །སྟག་གི་ལྤགས་པས་སྨད་གཡོགས་དཀྲིས། །མི་རོ་དམར་པོའི་གདན་ལ་གནས། །མི་མགོ་རློན་པའི་དོ་ཤལ་ཅན། །ཁ་ནས་མེ་འབར་ཁྲག་ལ་ལྡག །གྲུ་གསུམ་འབར་བའི་ཟུར་གསུམ་ལ། །རང་གི་དེ་ལྟར་བསྐྱེད་པ་དང་། །ཙ་ཀ་ལི་ཡང་གཟུགས་པར་བྱ། །དབུས་ཀྱི་བྲུབ་ཁུང་ཟུར་གསུམ་དུ། །གཡོག་མོ་ལས་མཁན་གསུམ་བསྐྱེད་པ། །ཤར་དུ་ཡི་གེ་ཀེཾ་ལས་ནི། །བྱ་རོག་གདོང་ཅན་ཙན་ཏི་ཀ །ནག་པོ་ཞལ་གཅིག་ཕྱག་གཉིས་མ། །རོ་སྟེང་ཞབས་གཡས་བརྐྱང་བས་མནན། །ཕྱག་གཉིས་དག་གིས་བཟུང་ནས་སུ། །བརྣག་པའི་དགྲ་བོ་དེ་ཡི་ནི། །མགོ་ནས་འཐོག་ཅིང་ཟ་བར་བསམ། །ལྷོ་ནས་ཡི་གེ་ཛཾ་ལས་ནི། །ལྕེ་སྤྱང་མདོག་ཅན་ཤྭ་ན་མ། །སེར་མོ་ཞལ་གཅིག་ཕྱག་གཉིས་མ། །རོ་སྟེང་ཞབས་གཉིས་བརྐྱང་བའི་མནན། །ཕྱག་གཉིས་ཀྱིས་ནི་བཟུང་ནས་སུ། །བརྣག་པའི་དགྲ་བོ་དེ་ཡིས་ནི། །རྩེ་ཆུང་ཁྲག་ནི་འཇིབས་པར་བསམ། །ནུབ་བྱང་ཡི་གེ་དྷ་ལས་ནི། །ཁྱི་གདོང་ཨུ་མ་དེ་ཝ་ནི། །ཞལ་གཅིག་ཕྱག་གཉིས་དུད་པའི་མདོག །ཞབས་ནི་གཡས་བརྐྱང་རོ་མནན་ནས། །ཕྱག་གཉིས་ཀྱི་ནི་དགྲ་བཟུང་ནས། །བརྣག་པའི་དགྲ་བོ་དེ་ཡི་ནི། །མཚན་མ་ནས་བཟུང་འདྲད་པར་བསམ། །དེ་ནས་མཁའ་འགྲོ་གཙོ་མོ་དང་། །གཡོག་མོ་སྤྱང་གདོང་གཟུགས་ལ་བསྟིམ། །གཙོ་མོ་གསུམ་གྱི་སྤྱན་འདྲེན་དང་། །འབོད་པའི་སྔགས་ནི་འདི་ཡིན་ནོ། །སྔོན་དུ་རང་ཉིད་ཡི་དམ་བསྐྱེད། །སྐུ་གསུང་ཐུགས་ཀྱི་བསྙེན་པ་བསྐྱལ། །དེ་ཡང་རང་ཉིད་ཧེ་རུ་ཀ །མངོན་རྫོགས་རྒྱལ་པོ་ཚུལ་བཞིན་བསྒོམ། །རུ་ལུའི་བསྙེན་པ་འབུམ་དུ་བསྐྱལ། །དེ་ནས་གཙོ་མོ་འབོད་པའི་སྔགས། །རེ་རེ་ལ་ནི་གསུམ་གསུམ་སྟེ། །ཞག་དགུའི་བར་དུ་འབོད་པར་བྱ། །ༀ་ཛྭ་འབར་བའི་གདོང་ཅན། ལ་ན་ཧེ་ཛཾ་སི། ཤྲཱི་ཧེ་རུ་ཀ་ཛཿ དྷ་ར་ས་ན་བ་ཀེ་རོ་ན་གྷྲྀཧྞ། ཨ་གད་ཙ། ཨ་གད་ཙ། ཨ་གད་ཙ་སྭཱ་ཧཱ། ༀ་དྷ་ཧ་ན། མཁའ་ལ་གཤེགས་མའི། ཧེ་ཛཾ་སི་ཤྲཱི་ཧེ་རུ་ཀ་ཛཿ དྷ་ར་ས་ན་བ་ཀེ་རོ་ན་གྷྲྀཧྞ། ཨ་གད་ཙ། ཨ་གད་ཚ། ཨ་གད་ཙ་སྭཱཧཱ། ༀ་དྷ་མཁའ་ལ་སྤྱོད་མའི། ཧ་ན། ཧེ་ཛཾ་སི་ཤྲཱི་ཧེ་རུ་ཀ་ཛཿ དྷ་ར་ས་ན་བཀེ་རོ་ན་གྷྲྀཧྞ། ཨ་གད་ཙ། ཨ་གད་ཚ། ཨ་གད་ཙ་སྭཱ་ཧཱ། གཡོག་མོ་གསུམ་གྱི་འབོད་པ་ནི། ༀ་ཀ་བྱ་རོག་མགོ་ཅན། ཀ་མུ་ཁི་ཀཾ་སྭཱ་ཧཱ། ༀ་ཛཾ་སུ་ལྕེ་སྤྱང་མགོ་ཅན། ཁི་མུ་ཁེ་ཛཾ་སྭཱ་ཧཱ། ༀ་ཤྭ་ན་ཁྱིའི་མགོ་ཅན། མུ་ཁི་ཤཾ་ཧཱུཾ་ཛ་སྭཱ་ཧཱ། ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས། ཨོ་རྒྱན་གྱི་ཡུལ་སྤྲིན་ནག་པོ་འདུས་པའི་དུར་ཁྲོད་ནས། མཁའ་འགྲོ་མ་གཙོ་མོ་དང་གཡོག་མོར་བཅས་པ་བསྐུལ་ནས། རང་དཔལ་ཆེན་པོར་བསྐྱེད་པའི་མདུན་དུ་སྤྱན་དྲངས་ནས་བསྐྱེད་པའམ། ཙ་ཀ་ལི་བྲུབ་ཁུང་ལ་བཙུགས་པ་དེ་ལ་བསྟིམ་པར་བྱས་ནས། མཁའ་འགྲོ་མ་དངོས་སུ་བཞུགས་པར་བསམ་མོ། །དེ་ནས་གཙོ་མོ་གསུམ་ལ་མཆོད་པ་དང་གཏོར་མ་འབུལ་བ་ནི། མདུན་གྱི་མཎྜལ་གྱི་ཁ་རུ་མེ་ཏོག་དང་མཆོད་པ་དང་གཏོར་མ་བཀྲམ་པ་དེ་ཚོ་ལ། རང་ཡི་དམ་དུ་བསྒོམས་པས་བྱིན་རླབས་བྱས་པ་སྔགས་འདིས་འབུལ་ལོ། །ༀ་ཛྭ་ལ་ན་ཧེ་མུ་ཁ་ཧེ་པཱུ་ཛ་བ་ལིངྟ་གྷྲྀ་ཧྞ་ཛཾ་སྭཱ་ཧཱ། ༀ་དྷ་ཧ་ན་མུ་ཁ་ཧེ་པཱུ་ཛ་བ་ལིངྟ་གྷྲྀཧྞ་ཛཾ་སྭཱ་ཧཱ། ༀ་ད་ཧ་ན་མུ་ཁ་ཧེ་པཱུ་ཛ་བ་ལིངྟ་གྷྲྀ་ཧྞ་ཛཾ་སྭཱ་ཧཱ། དེ་ནས་གཡོག་མོ་གསུམ་ལ་གཏོར་མ་འབུལ་བ་ནི། ༀ་ཨུ་ན་ཏ་བེ་ༀ་ཨུ་ཏི་མེ་ར་བྷ་ལ། འདྲ་མིན་སྣང་། ར་ཡ། བ་ལིཾ་ཏ་གྷུ་ཧེན་མ་མ་ཀ་ར་རཾ་པ་ཧ་ཡ་སྭཱ་ཧཱ། ཞེས་གཏོར་མ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ་འབུལ་ལོ། །དེ་ནས་སྔོན་དུ་ཧེ་རུ་ཀས་རང་བསྲུང་བ་ནི། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཙིཏྟི་བྷྱ་དྷུ་མ་ནེ་ཕྲེ་ཡ་ཡཱ་སྭཱ་ཧཱ། དེ་ནས་རང་གི་ཡི་དམ་གྱི་ལྷ་ལ་མཆོད་པ་ནི། ༀ་ཤྲཱི་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། མ་ཧཱ་བ་ལིངྟ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཞེས་ཅི་ཟ་བས་མཆོད་པ་བྱའོ། །དེ་ནས་གཙོ་མོ་གསུམ་གྱི་བསྙེན་པ་ནི། ༀ་ཛྭ་ལ་ཧ་ན་མུ་ཁེ་ཛྭ་ལ་ན་ལ་ནེ་ཧྲཱིཿཧཱུཾ་ཕཊ། ༀ་དྷ་ཧ་ན་མུ་ཁེ་ཛྭ་ལ་ན་ལ་ནེ་ཧྲཱིཿཧཱུཾ་ཕཊ། ༀ་ད་ཧ་ན་མུ་ཁེ་ཛྭ་ལ་ན་ལ་ནེ་ཧྲཱིཿཧཱུཾ་ཕཊ། དེ་ལ་གཙོ་མོ་རེ་རེ་ལ་ཞག་གསུམ་གསུམ་དགུའམ། བསྙེན་པ་འབུམ་བསྐྱལ་ན་ཞལ་མངོན་སུམ་དུ་སྟོན་དུ་འོང་སྟེ། ཅི་བསམ་པ་འགྲུབ་བོ། །གཡོག་མོ་གསུམ་གྱི་བསྙེན་པ་ནི། ༀ་ཀ་ཀ་མུ་ཁི་ཀཾ། ༀ་ཛཾ་སུ་ཁི་མུ་ཁི་མུ་ཀི་ཛཾ། ༀ་ཤྭ་ན་མུ་ཁི་ཤཾ་ཧཱུཾ་ཛཿ གཡོག་མོ་གསུམ་གྱི་བསྙེན་པ་ནི་ཁྲི་བཟླས་ན། མཁའ་འགྲོ་མ་མངོན་སུམ་དུ་ལས་བྱེད་དུ་འོང་སྟེ་ཅི་བཅོལ་བ་ཉན་ནོ། །དང་པོ་གཙོ་མོ་ནས་ལས་ཀྱི་བྱ་བ་མ་ཟིན་གྱི་བར་དུ། བཀའ་ཐོད་པ་རྒྱས་ཀྱི་ཕྱག་རྒྱ་བཅས་ལ། གཏོར་མ་བྱིན་ལ་ལས་བཅོལ་ལོ། །བརྒྱད་པ་བཟླས་པ་ཐེམས་ནས་ལས་ལ་སྦྱར་བ་ལ་བདུན་ཏེ། དེ་ལ་དང་པོ་ལིང་ག་བཅའ་བ་ནི། རང་གི་ལག་པ་དྲི་ཆུས་དག་པར་བཀྲུས་ལ། ཆུས་བཤལ་ལ་ལིངྒ་ལ་དྲི་མ་མི་འགོ་བར་བྱས། དེ་ནས་རང་ཧེ་རུ་ཀ་རུ་བསྐྱེད་ལ། ལིངྒ་འཆོས་པའི་རྒྱུ་ནི། སའི་རོ་གསུམ་ལ། ཕུང་ཤུལ་གྱི་ས། གད་པ་ཆད་པའི་ས། དུར་ཁྲོད་དམ་རོ་བསྲེགས་པའི་ས་དང་གསུམ་མོ། །ཤིང་གི་རོ་གསུམ་ལ། སྐས་ཀ་རྙིང་པ་ཆགས་པའི་ཤིང་། གྲུ་རྙིང་པ་ཞིག་པའི་ཤིང་། ཟམ་པ་ཆག་པའི་ཤིང་དང་གསུམ་མོ། །ཆུའི་རོ་གསུམ་ལ། བཙོད་ཆུ་ནི། ཆུ་མིག་ལྐུག་པའི་ཆུ་ལ་བྱའོ། །ཡུག་ཆུ་ནི། འོད་པ་འཁྱིལ་བའི་ཆུའོ། །དམེ་ཆུ་ནི། སེར་བ་བབ་པའི་ཆུ་ལ་བྱའོ། །དེ་ཚོ་དང་དགྲ་བོ་དེའི་དྲི་ཆེན་དྲི་ཆུ་དང་། རྐང་རྗེས་ཀྱི་སའམ། མཚོན་གྲི་རུ་ཤི་བ་དང་། མཛོའམ། དྲེའུ་འམ། རབས་ཆད་ཀྱི་ཁྲག་དང་། བག་ཟན་ནམ་ས་སྤྱིན་པོ་དང་བསྲེས་ལ། དགྲའི་གཟུགས་བརྙན་བྱས་ཏེ་དུར་ཁྲོད་ཀྱི་རས་ལ་འཆད་པར་འགྱུར་བའི་འཁྲུལ་འཁོར་བྲིས་ལ་གཟུགས་དེའི་སྙིང་ཁར་གཞུག་པར་བྱའོ། །དྲི་ཆེན་དང་དྲི་ཆུ་དང་ཁྲག་བྱུག་པར་བྱ་ཞིང་སྙིང་ཁར་ཚེར་མ་བཙུག་ལ། མཛོའམ། དྲེའུའམ། རྔ་མོང་ངམ། རབས་ཆད་ཤི་བའི་སྐྲ་ཡིས། རོ་གཉའ་ལག་འཁྱིག་པའི་ཚུལ་དུ་བྱས་ལ། བྲུབ་ཁུང་གི་ནང་དུ་གན་རྐྱལ་དུ་བསྒྱེལ་ལོ། །ཀློའམ་མོན་གྱི་ཐོད་པའི་ནང་དུ་གཞུག་གོ། །ལིངྒའི་སྙིང་ཁར་འཇུག་པའི་འཁྲུལ་འཁོར་ནི། དུར་ཁྲོད་ཀྱི་ཞིང་རས་རས་ལ་ནི། ལ་དུག་ཆུ་དང་གྲི་རུ་ཤི་བའི་ཁྲག་གིས། ཙཀྲ་རྩིབས་བརྒྱད་པའི་རྩེ་མོ་ནང་དུ་བསྟན་པར་བྲིས་ལ་ལིངྒ་ལ་གཅོད་འཁོར་ལོའི་དབལ་གྱིས། པ་བྲིའོ། །དབུས་ཀྱི་ལྟེ་བ་ལ་ལིང་ག་བྲིས་ལ། སྙིང་ཁ་རུ་མི་དུ་ཡོད་ཀྱི་མིང་དང་རུས་བྲིས་ལ་དྲི་ཆུ་དང་ཤ་ཁྲག་སྔར་གྱི་ཐུན་ཀྱང་བྱུག་གོ། །འཁོར་ལོའི་རྩིབས་ཀྱི་བར་ཀུན་ཏུ་དགྲ་དུ་ཡོད་པའི་མིང་རུས་བྲིའོ། །རྩིབས་ཀྱི་ནང་དུ་སྔགས་འདི་དགོད་དོ། །ཛྙཱ་ཡ་རི་མ་ཨ། ཛྙཱ་ཧྞ་གྲི། རུ་གུ་ཕཊ་ཕཊ་ཕཊ། ཧཱུཾ་སྱ་མ་ས་ཡ་ད་ཧྲི། དྷ་བྷིན། དྷ་བྷི ན། དྷ་ཚིན། དྷ་ཚིན། ཡ་ར་མཱ། ཡ་ར་མཱ། ཏྲུཾ་ཤ་ཁི་མུ། ལ་ད་ལ་དྷ་ལ་ཛྭ་ༀ། གཡོག་མོ་གསུམ་གྱི་སྲོག་སྔགས་དང་བསད་སྔགས་བྲིའོ། །དེ་ནས་འཁོར་ལོ་དེ་སྔར་གྱི་ལིང་ག་དེའི་སྙིང་ཁར་གཞུག །དེ་ནས་རང་ཉིད་ཡི་དམ་མཁའ་འགྲོ་མ་ཁྲོས་པའི་གཟུགས་ཀྱིས་དྲག་པོའི་ཏིང་ངེ་འཛིན་དུ་བྱས་ལ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨངྐུ་ཤ་ཛཿ ས་གང་ན་འདུག་པ་དེ་དབང་དུ་བསྡུས། ཛཿས་དགུག །ཧཱུཾ་གིས་ལིང་ག་ལ་དགྲ་བོ་དེ་ཚོ་བསྟིམ། བཾ་གྱིས་ལྕགས་སྒྲོག་གིས་བསྡམས། །ཧོཿནི་མཁའ་འགྲོ་མ་རྣམས་སོ། །དེ་གསོད་པ་ལ་དགའ་བར་བསམ་མོ། །སྡང་བའི་དགྲ་བོ་ལ་གནོད་པ་སྐྱེལ་ཏེ་ཌཱ་ཀི་མ་རྣམས་ཀྱིས་གསོད་པས་སྡང་བའོ། །རྨུག་པར་བྱ་བ་ནི། ལིངྒའི་མགོ་ལ་དུག་ཆུ་བྱུག །རེངས་པར་བྱ་བ་ནི་ལྟེ་བ་ལ་སྐྱེར་པའི་ཚེར་མ་གཟེར། ཕུར་བུས་གདབ་པ་ནི། སྙིང་ལ་སེང་ལྡེང་གི་ཕུར་པ་གདབ། གླ་བའི་ཚེར་མ་གཟེར། ངག་ཕྲོག་པ་ནི་ལྕེ་ལ་བཙན་དུག་དང་དུག་སྣ་བྱུག །རྨོངས་པར་བྱ་བ་ནི། སྙིང་ལ་ཁྱི་དང་བ་གླང་གི་ཁྲག་བྱུག །ཞ་བར་བྱ་བ་ནི། ཡན་ལག་ལ་མཛེ་ཕོའི་ཁྲག་བྱུག །འོན་པར་བྱ་བ་ནི། རྣ་བ་ལ་ལྐུག་པའི་ཀླད་པ་བྱུག །ལོངས་སྤྱོད་ཉམས་པར་བྱ་བ་ནི། ཕུང་སྲི་ཕག་པ་དང་། གཏོར་བྱེད་བྱའི་ཁྲག་ལིང་ག་ལ་བྱུག །དེ་ཚོ་ཐུན་ཡང་བརྡེག་གོ། །དེ་ནས་ལིངྒ་དེ་ལྷ་དང་བྲལ་བའི་ཐབས་འདི་ཚོ་བྱེད་པ་གལ་ཆེའོ། །གུ་གུལ་ནག་པོ། ཁྱི་ལུད་དེ་གཉིས་ཀྱི་དུ་བ་ལིངྒ་ལ་བདུག་ལ་ཁོ་རང་གི་འགོ་བའི་ལྷ་ལྔ་སྔོན་དུ་ཕྲལ་ལོ། །དེ་ནས་རང་ཉིད་སྐྲ་བཤིག་ལ་ཧེ་རུ་ཀས་རང་བསྲུང་བ་བྱའོ། །དེ་ནས་མཁའ་འགྲོ་མ་གཙོ་མོ་དང་གཡོག་མོ་འབོད་པས་སྤྱན་དྲངས། སྲོག་སྙིང་གིས་བསད་པའི་དུས་ལ་བབ་པར་དགྲ་བསད་པའི་རྟགས་ཐོན་པར་བགྲངས། ཞུན་ཆེན་གྱི་མར་མེ་ནུབ་གསུམ། འབྲུའི་མར་མེ་ནུབ་གསུམ། རྩིའི་མར་མེ་ནུབ་གསུམ་བཏང་ངོ་། །ནུབ་དགུ་པོ་དེས་འགྲུབ་པར་བཤད་དོ། །གཏོར་མ་དྲག་ཏུ་བཏང་ལ་དམོད་བཅོལ་བྱའོ། །ནང་རྟགས་བྱུང་ནས་དགྲ་ལ་འགྲོར་མ་བཏུབ་ན། གཏོར་མ་འཕྲལ་ལ་མི་བཏང་བར། དགྲ་ཤི་བ་དང་། གཏོར་མ་བྱིན་གྱི་བྱས་ལ་གཏང་རག་ཏུ་ཁས་བླངས། ཐུན་མཚམས་སུ་ལས་བཅོལ་ཞིང་བསྟབ་པ་བྱ་བ་ནི། ཨ་ཕྱི་ཆེན་མོ་མཐུ་མོ་ཆེ། །ནད་དང་རིམས་ཀྱི་བདག་མོ་སྟེ། །དམ་ཚིག་གསང་བའི་ཚུལ་བསྟན་པ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་གཙོ་མོ་སྟེ། །བདུད་དང་སྲིན་པོ་གཡོག་མོ་སྲོག་བདག་ད་ཁོལ་ལ། །དགྲ་བོ་བདག་ལ་བརྣག་པ་འདི་ལ་རྟགས་ཕྱུངས་ཤིག །དམ་ཚིག་ཚུལ་བཞིན་སྐྱོངས་ལ་ནི། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཌཱ་མ་རུ་དཀྲོལ། མི་རྐང་གླིང་བུ་འབུད། ཐོད་རྔ་བརྡུངས། ཧསྟའི་གཡབ་མོ་བརྡབ། མིའི་ལག་པ། སྙན་བརྒྱུད་ཀྱི་སྲུང་མར་ཁས་བླངས་ནས། རང་དམ་རང་གིས་བཅས་པ་ཡིན་པས། དམ་ཚིག་ཉམས་ན་ཁྱེད་རང་ཚིག་པར་འགྱུར་རོ། །བདག་ཆོས་ལ་གནས་སུ་མི་སྟེར་བ། བསྟན་པ་སྐྱོང་དུ་མི་སྟེར་བ། འདི་ཚར་ཆོད་ཅིག་བྱས་ལ། ཐུན་མཚམས་སུ་བསྟབ་པ་དྲག་ཏུ་བྱའོ། །དེ་རུ་མཁའ་འགྲོ་མ་རྣམས་ཀྱིས། བརྣག་པའི་དགྲ་བོ་གང་ན་འདུག་པ་བཀུག་ནས། མགོ་དང་རྐང་ལག་ལ་སོགས་པ་ནས་ཚུར་ལ། སྔར་བསྐྱེད་པ་བཞིན་དུ་ཤ་ཟོས་ཁྲག་འཐུང་བར་བསམ་མོ། །དེ་ནས་རང་ཉིད་མཁའ་འགྲོ་འབར་བའི་གདོང་ཅན་ལ་སོགས་པ་གོང་བཞིན་དུ་ཁྲོ་མོ་རུ་བསྐྱེད་ལ། མདའ་དང་ཕུར་བུས་བརྡེག་ཅིང་ཐང་ཕྲོམ་གྱི་ཐུན་གྱི་བྲབ་པ་ནི། རང་ཉིད་མདའ་གཞུ་བཟུང་བ་ནི། འོད་མའི་གཞུ་དང་སྐྱེར་པའི་མདའ་ལ། དྷ་དུ་རའི་ཁུ་བ་བྱུག་ལ། སྔགས་འདིས་བསྣུན་ནོ། །མདའ་རྒྱག་གོ། །ༀ་ཛྭ་ལ། དྷ་ལ། ད་ལ། མུ་ཁི། ཤ་ཏྲུཾ། མཱ་ར་ཡ། མཱ་ར་ཡ། ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། ཧྲི་ད་ཡས་མ་སྱ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། གུ་རུ་གྷྲྀཧྞ་ཛྙཱ། ཨ་མ་རི་ཡ་ཛྙཱ། སྔགས་འདི་ཚོ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་ལ། ལིང་གའི་སྙིང་ཁ་རུ་མདའ་རེ་རྒྱག་གོ། །སྲོག་རྦད་རྦད་བཅད་པར་བསམ་མོ། །སྙིང་ཁ་རུ་སེང་ལྡེང་གི་ཕུར་པ་ལན་ཉི་ཤུ་རྩ་གཅིག་ཏུ་སྔར་བཞིན་དུ་བརྡེག་གོ། །དུག་ཐུན་དང་། ཁྲག་ཐུན། ལྕགས་ཕྱེ། ཟངས་ཕྱེའི་ཐུན་གྱིས་བྲབ། གྲི་ཐུན་གྱིས་དུམ་བུར་གཏུབ་བོ། །ཁྲོས་པའི་སེམས་ཀྱིས་བསད་སྔགས་དང་བཅས་པར་བསྲེག་པར་བྱའོ། །མྱོས་པ་དང་། རྨུགས་པ་དང་། རེངས་པ་དང་། གསོད་པ་དང་། ཤི་བ་ལ་སོགས་པ་སྔར་བཞིན་དུ་གསལ་བར་བསྒོམ་པར་བྱའོ། །དེ་ནས་ཕྱི་རྟགས་སུ་ལུང་བ་འཇའ་དང་འོད་ཀྱིས་ཁེངས་པའམ། སྒྲ་ཆེན་པོ་འབྲུག་དང་ཐོག་རྒྱབ་པ་འདྲ་བ་འོང་ངོ་། །ནང་རྟགས་མེ་མཆེད་པ་དགྲའི་ཕྱོགས་སུ་སོང་ནས་དགྲའི་གྲོང་ཁྱེར་མེས་ཚིག་པའམ། རིའམ་གྲོང་མེས་སྟོང་པའམ། ནང་དུ་མར་མེའི་འོད་དམ་མེ་འབར་བའམ། དགྲ་བོའི་བླ་ཚེ་བཀུག་ནས་སྲོག་ཆགས་བསད་ནས། ཤ་ཁྲག་ཟ་བ་འོང་བ་ཡིན་ནོ། །རྟགས་རྫོགས་ནས་བསད་ལས་ཟིན་པ་དང་། ལས་གཞུག་སྦྱིན་སྲེག་བྱ་བ་ནི། སྦྱིན་སྲེག་བྱེད་པའི་དུས་སུ། ཉ་དང་དུས་བཞིའི་དུས་སུ། ཞག་གསུམ་གསུམ་ན་ལན་རེ་བྱེད་པ་དེ། ཐེབས་ཟློག་རྩིས་ལ་དུས་བཟང་པོ་ལ་གཏད་ལ་ལན་གསུམ་དུ་བྱའོ། །སྦྱིན་སྲེག་བྱེད་པའི་འདུག་ས་དེ་ནས་སྤོས་ལ་དུར་ཁྲོད་དུ་བསྲེག་ཁུང་བྱས་ལ་སྦྱིན་སྲེག་བྱའོ། །ཡང་ནང་རྟགས་བཟང་ན་གནས་དེ་ཉིད་དུ་སྦྱིན་སྲེག་བྱ་བ་ནི། དང་པོར་དལ་གྲུ་གསུམ་དུ། ཐོད་པ་འོ་མས་བཀང་བའམ། ཤིང་ཚེར་མ་ཅན་ནམ། ཏིལ་མར་རམ། མར་ཁུས་མེ་སྦར་ལ། མཁའ་འགྲོ་མ་གཙོ་མོ་གསུམ་ཛྭ་དྷ་ད་གསུམ་ལས། བྲུབ་ཁུང་ནང་དུ་མེ་ལྷ་བསྐྱེད་པ་ནི། ཞལ་གཅིག་སྤྱན་གསུམ་སྐུ་མདོག་དམར། ཕྱག་བཞི་ཞབས་གཉིས་བརྐྱང་བསྐུམ་ལ། ཕྱག་བཞི་མདའ་གཞུ་དང་། གྲི་གུག་ཐོད་པ་མིའི་རྒྱུ་མ་དང་ཀླད་ཁྲག་གིས་བཀང་བ། སྦྲུལ་དང་སྟག་གི་པགས་པས་བརྒྱན་པ། མི་རོའི་སྟེང་ན་གནས་པ། མི་མགོའི་དོ་ཤལ། ཁ་ནས་མེ་འབར་བས་དགྲ་བསྲེག་ཅིང་ཁྲག་དང་ཞག་གི་ཁུ་བ་ཞལ་དུ་གསོལ་བ། གྲོ་སྙིང་རྒྱུ་མར་བཅས་པ་ཐོད་པར་དཀྲུག་ཅིང་ཞལ་དུ་གསོལ་བ་གསུམ་བསྐྱེད་དོ། །གཡོག་མོ་གསུམ་ནི། ཤར་ཟུར་དུ་བྱ་རོག་གདོང་ཅན། ལྷོ་ནུབ་ཏུ་ལྕེ་སྤྱང་གདོང་ཅན། ནུབ་བྱང་དུ་ཁྱིའི་གདོང་ཅན། ཡི་གེ་ཀེཾ་ཛཾ་དྷ་གསུམ་ལས་སྐུ་མདོག་ནག་མོ། སེར་མོ། དུད་ཁ་གསུམ། བྲུབ་ཁུང་གི་ཟུར་གསུམ་ནས་དགྲ་བོའི་མགོ་དང་རྩེའུ་ཆུང་མཚན་མ་གསུམ་ལས་ཟ་འདྲད་བྱེད་ཅིང་ཀླད་ཁྲག་འཐུང་ཞིང་ཁུ་བ་འཇིབས་པར་བསམ་མོ། །ལྷ་མོ་དཔོན་གཡོག་ཚོ་སྔགས་ཀྱི་འབོད། བསྟིམ། མཆོད། བསད་ལས་བྱས་ནས་དགྲའམ་གཟུགས་བརྙན་དེ་ལ་མདའ་རྒྱག །ཕུར་པས་བརྡུང་། ཐུན་གྱི་བྲབ་པའི་ལྷག་མ་དེ་གྲི་གུག་གམ། མི་བསད་པའི་གྲིས་དུམ་བུར་གཏུབས་ལ། རང་ཉིད་ཧེ་རུ་ཀར་བསྐྱེད་ལ། རང་བསྲུང་བའི་སྔགས་འདི་བགྲང་ངོ་། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཙིཏྟི་བྷྱ་དྷུ་མ་ནེ་ཕྲེ་ཡ་ཡ་སྭཱ་ཧཱ། དེ་ནས་དཔལ་ཆེན་བསྒོམས་ལ་ཐལ་ཆེན་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་བྱས་ཏེ་རང་ལ་བསྲུང་བར་བྱའོ། །པོའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བཏོན་ལ། གཏོར་མ་བྱིན་གྱིས་བརླབས་ལ། འདོད་ཡོན་གྱིས་དཔལ་ཆེན་པོ་ཉིད་ལ་མཆོད་པར་བྱའོ། །བསྒྲལ་བའི་ཞིང་བཅུ་ཡང་གསོལ་བར་བསམ། དེ་ནས་གདུག་པ་ཅན་ཚར་བཅད་པའི་ཕྱིར། །རང་ཉིད་ཞེ་སྡང་རྡོ་རྗེར་བསྐྱེད་ལ། ལྷ་མོ་དཔོན་གཡོག་ཚོ་ཡི་དམ་དཔལ་གྱི་ཐུགས་ཀ་ནས་འོད་ལྕགས་ཀྱུ་ལྟ་བུས་སྤྲིན་ནག་པོ་འདུས་པའི་གསེབ་ནས་སྤྱན་དྲངས་ལ། མེ་ལྷ་ཐབ་ཏུ་བསྐྱེད་པའི་ཚོ་ལ་བསྟིམ་པ་ནི། ༀ་ཛྭ་ལ་ཧ་ན། དྷ་ཧ་ན། ད་ཧ་ན། ཧེ་ཛཾ་སི་ཤྲཱི་ཧེ་རུ་ཀ་ཛཿདྷ་ར་ས་ན་པ་ཀེ་རོ་ན། གྷྲྀ་ཧྞ་ཨ་གད་ཙ། ཨ་གད་ཙ་སྭཱ་ཧཱ། གཙོ་མོ་གསུམ་སྤྱན་དྲངས་ནས་བསྟིམ་པའོ། །ༀ་ཀ་ཀ་མུ་ཁི་ཀཾ། ༀ་ཛཾ་སུ་ཁི་མུ་ཁི་མུ་ཀི་ཛཾ། ༀ་ཤྭ་ན་མུ་ཁི་ཤཾ་ཧཱུཾ་ཛཾ་སྭཱ་ཧཱ། དེས་སུ་གཡོག་མོ་གསུམ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་སྲོག་སྙིང་བགྲང་ལ། དེའི་རྟིང་ལ་གཏོར་མ་འབུལ་བའི་སྔགས་ཀྱིས་མཆོད། དེའི་གཤམ་དུ་བསད་པའི་སྔགས་ཀྱིས་ལིང་ག་གཏུབས་ལ་སྣོད་བཀང་ལ། ཁྲོས་པའི་སེམས་ཀྱིས་ཡི་དམ་དུ་བསྐྱེད་ལ་མཆོད་རྫས་དང་། གཏའ་གཏོར་ཆ་གཅིག་དང་། ཀེ་ཚེ། ཤངས་ཚེ། ཏིལ། ཡུངས་དཀར། ཡུངས་ནག །ཤ་ཁྲག་སྣ་ཚོགས་དང་། རང་ཅི་ཟ་བའི་ཕུད་དང་། ལིང་གར་བཅས་པ་རྣམས་། མེ་ལྷ་ཌཱ་ཀི་མ་དཔོན་གཡོག་གི་ཞལ་དུ་དབུལ་ཞིང་། དགྲའི་རྐང་མཐིལ་དམར་ལྷག་གེ་ཞལ་དུ་སོང་བར་བསམ་ཞིང་། སྦྱིན་སྲེག་གི་སྔགས་འདིས་དབུལ་ཞིང་བསྲེག་གོ། །ༀ་ཛྭ་ལ་ཧ་ན། དྷ་ཧ་ན། ད་ཧ་ན། མུ་ཁེ་ཤཱིནྟཾང་མཱ་ར་ཡ་ཀུ་རུ་སྭཱ་ཧཱ་ཕཊ། ༀ་ཀ་ཀ་མུ་ཁི་ཀཾ། ཛཾ་སུ་ཁི་མུ་ཀི་ཛཾ། ཤྭ་ན་མུ་ཁི་ཤཾ་ཧཱུཾ་ཛ། མུ་ཁི་ཤཱནྟིང་མཱ་ར་ཡ་ཀུ་རུ་སྭཱ་ཧཱ། དེ་འདྲ་མ་ལན་གསུམ་དུ་བྱས་ན་དགྲ་བོ་དུ་ཡོད་ཀྱང་འཆི་བ་ལ་ཐེ་ཚོམ་མེད་དོ། །བརྒྱའམ་སྟོང་དུ་བྱས་ན་ཚངས་པའི་ལྷ་བུའི་ཚེ་ཡང་འཇོམས། དེ་ནས་གཏའ་གཏོར་ཆ་གསུམ་བྱས་ལ། ཆ་གཅིག་བསྲེག་ནས་ཆ་གཅིག་འཕྲལ་གཏོར་དུ་བཏང་ལ། ཆ་གཅིག་ལས་གཞུག་མནན་པ་བྱ་བ་ནི། སྤྱིན་སྲེག་གི་ཐལ་བ་ལ་བརྣག་པའི་དགྲ་བོའི་གཟུགས་བྱས་ལ། སྙིང་ཁར་སྔར་བཞིན་དུ་འཁོར་ལོ་བཅུག་ལ། མནན་པའི་སྔགས་ཚོ་བྲིས་ལ་འཁོར་ལོ་དེ་ངན་ཐོད་དུ་བཅུག་ལ། རོ་རས་སམ་རེ་བས་དྲིལ། རོ་ཁུང་ངམ། ལུང་གསུམ་མདོའམ། ལྷ་ཁང་གི་ཐེམ་པའི་འོག་ཏུ་མནན་ནོ། །གནོན་པའི་དུས་སུ་རང་བསྲུང་བ་ཧེ་རུ་ཀའི་སྔགས་མང་དུ་བཟླས་སོ། །གོང་དུ་མཆོད་པ་ཉིད་ལན་གསུམ་དུ་བྱའོ། །སྔགས་ཀྱང་ཐུན་གསུམ་བྱའོ། །སྦྱིན་སྲེག་དང་མནན་པ་ཡང་ལན་གསུམ་དུ་བྱའོ། །ཧེ་ཛཾ་ཡན་ཆད་གསུམ་ཁ་དྲིལ་ནས། ཤིང་བུ་ལ་ནི་ཤྲཱི་ཧེ་རུ་ཀ་འདོགས་པ་ལུགས་གཅིག་ཡིན་ནོ། །མནན་པའི་སྔགས་ནི། བཾ་ནན། མུ་ཏི་ནན། ༀ་ཨ་ཀ་ནན། ཞེས་དྲག་ཏུ་བཟླས་ལ་མནན་ནོ། །མཚམས་ཁོངས་སུ་དགྲ་ཤི་ན་བྲུབ་ཁུང་དེ་རང་གི་ནང་དུ་མནན་ནོ། །དེས་ནི་ལས་གཞུག་འདུས་པ་ཡིན་པས་ཤིན་ཏུ་ཟབ་བོ། །རྫོགས་ཆེན་བརྒྱུད་པ་ཐ་མའི་གདམས་ངག་རྣ་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་བཀའ་སྐྱོང་ཌཱ་ཀི་མ་སྡེ་གསུམ་ལ་མཆོག་གི་དངོས་གྲུབ་འཚང་རྒྱ་བའི་སྒྲུབ་པ། ཐུན་མོང་གི་དངོས་གྲུབ་ཟས་ནོར་འདུ་བའི་སྒྲུབ་པ། མཐུའི་དངོས་གྲུབ་ཌཱ་ཀི་མ་ངན་སྔགས་སུ་བསྒྲུབས་ནས་དགྲ་ཚར་བཅད་པ། ཆོས་འདི་སྐྱོང་ངེས་པའི་དམ་ཚིག་ཅན་ལས་གཞན་ལ་མ་བྱིན་གསུངས་ནས་བདག་ལ་གནང་བ་ཡིན་ནོ། །ཌཱ་ཀིའི་ཆོས་མ་འཁྲུགས་པ་འདི། ཞག་དགུས་འགྲུབ་པ་སྟོན་པར་ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་སིདྷ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་བཻ་རོ་ཙ་ན། གྲགས་ཀྱིས་བསྒྱུར་བའོ། །ཌཱ་ཀིའི་སྒྲུབ་པ་རྫོགས་སོ།། །།སྤུ་གྲིའི་སོ་དང་འདྲ་བ་འདི། བླ་མ་འཛེང་དྷརྨ་བོ་དྷིས། འཛེང་དཀར་སློབ་དཔོན་ཇོ་སྲས། སློབ་དཔོན་ཀུན་བཟང་རྡོ་རྗེ། རྗེ་བཙུན་སངས་རྒྱས་རྡོ་རྗེ། སྐྱེ་ཚེ་ཡེ་ཤེས་དབང་ཕྱུག །བླ་མ་གཟིགས། བླ་མ་དུ་སྟོན་ཆེན་པོ། དུ་སྟོན་བཛྲ་ཤྭ་ར། བླ་མ་བྱང་ཆུབ་འབུམ། དེས་སྟོན་གཞོན་ལའོ། །མཐུ་དང་སྲིའུ་གསོ་བ་དང་། ནོར་ཐམས་ཅད་འདི་ལས་འབྱུང་བ་ཡིན་གསུང་ངོ་། །ཌཱ་ཀི་ཡེ་ཤེས་ལྔ་རུ་བསྒྲུབས་པས་ཉམས་དང་རྟོགས་པ་འཕེལ་བ། ཌཱ་ཀི་གནོད་སྦྱིན་ནོར་ལྷར་བསྒྲུབས་པས་ཟས་ནོར་ལོངས་སྤྱོད་འཕེལ་བ། ཌཱ་ཀི་ལས་ཀྱི་སྲིན་མོར་བསྒྲུབས་པས་དགྲ་བགེགས་ཚང་གཅོད་པའོ། །ཨཐྎ།། །། ཌཱ་ཀི་གསང་སྤྱོད་ཀྱི་སྒྲུབ་ཐབས་བཞུགས་སོ། །དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མའི་གསང་སྤྱོད་སྒྲུབ་པ་འདི་ལ་དོན་རྣམ་པ་གསུམ་སྟེ། ཉམས་སྐྱོང་བའི་དུས། ཉམས་དང་གཟི་མདངས་བསྐྱེད་པའི་དུས། བར་ཆད་སེལ་བའི་དུས་དང་གསུམ། དེ་ལ་དང་པོ་ཉམས་སྐྱོང་བའི་དུས་ནི། བདག་རང་རྡོ་རྗེ་རྣལ་འབྱོར་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ན་ཐོད་པའི་ཌཱ་མ་རུ་བཀྲོལ་བ། གཡོན་ན་ཁ་ཊྭཱཾ་ཀ་དང་ཀ་པཱ་ལ་བདུད་རྩིས་བཀང་བ་བསྣམས་པ། དེའི་སྤྱི་བོ་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་སྟེང་ན་ཨཱོྂ་གསེར་བཙོ་མ་ལྟ་བུ་ཡོད་པ། ལྕེ་པདྨ་འདབ་མ་བརྒྱད་པའི་སྟེང་ན་ཨཱཿདམར་པོ་མཆོང་བཅག་པ་ལྟ་བུ་ཡོད་པ། སྙིང་གར་རྡོ་རྗེ་རྒྱ་གྲམ་སྟེང་ན་ཧཱུཾ་མཐིང་ག་བཻ་ཌཱུཪྻ་ལྟ་བུ་ཡོད་པ། ཡི་གེ་དེ་གསུམ་འདར་ཕྲི་ལི་ལི་འདུག་པར་བསམ། སྣང་བ་ཐམས་ཅད་རྣལ་འབྱོར་མ་དཀར་མོ་ལམ་གྱིས་བསམ། སྒྲར་གྲགས་པ་དང་། དྲན་རྟོག་ཀྱང་ཐུགས་དང་གསུང་དུ་བསམ་ཞིང་ཨཱོྂ་ཨཱཿ ཧཱུྃ་ཞེས་པའི་ཡེ་གེ་གསུམ་སྦྲེལ་ལ་བཟླས་སོ། །དེ་ཉམས་སྐྱོང་བའི་དུས་སོ། །དོན་གཉིས་པ་ནི། ཉམས་དང་གཟི་མདངས་བསྐྱེད་པར་བྱེད་པའི་དུས་ནི། །བདག་རང་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་པ་སྔ་མ་དང་འདྲའོ། །ཡི་གེ་གསུམ་དགོད་པ་དང་ཁྱེར་སོ་ཙམ་སྔ་མ་དང་འདྲ་བ་ལ་དང་། ལྟ་སྟངས་སྟེང་དུ་མཐོར་བཏང་བའི་ཆོག་གོ། །བར་ཆད་སེལ་བའི་དུས་ནི། བདག་རང་རྣལ་འབྱོར་མ་ནག་མོར་བསྒོམ་པའོ། །གཞན་ཡོ་འདྲའོ། །ཟླ་བ་གསུམ་དུ་རི་ཁྲོད་བརྟེན། མི་དང་མི་འཕྲད། གྲུབ་ན་འདག་འབྱར་བྱ། དེའི་བར་དུ་མཁའ་འགྲོ་མའི་སྤོས་སྦྱོར་བྱ། མི་ཟས་འདི་བསྒྲུབ་ཀྱི་སར། མི་ཟ། མི་དང་མ་ཕྲད་ན་བར་དོར་མཁའ་སྤྱོད་ལ་གཤེགས་ངེས་ཐེ་ཚོམ་མེད་གསུངས་སོ། །སོ། །འདི་མཁའ་འགྲོ་སྡེ་གསུམ་ལ་བརྟེན་པ་ཡིན་གསུངས། ཐུན་བར་དུ་བརྡའ་བཞི་ལུས་ཀྱི་འདུག་ཚུལ་གཏུམ་མོ་བཞིན་དུ་བྱས་ལ། གསལ་བའི་བརྡའ་མིག་སྣ་རྩེར་བལྟ། བདེ་བའི་བརྡའ་འོག་རླུང་ཡིད་ཙམ་འཐེན། མི་རྟོག་པའི་བརྡའ་ལུས་མི་འགུལ་བར་བཞག །དབྱེར་མི་ཕྱེད་པའི་བརྡས་ལྕེ་ཡར་རྐན་མར་རྐན་ལ་མ་རེག་པའོ། །ཁྱད་པར་དུ་སྣ་བུག་གཡོན་ནས་འགྱུ་དུས་སུ་བསྒོམ་མོ། །དེ་གནད་དང་དུས་ཀྱི་བརྡའ་ཡིན་ནོ་གསུངས་སོ། །ལ་བལྟ་བ་གལ་ཆེ་གསུངས་སོ། །ཨཐྎ།། །། ༅། །ཌཱ་ཀི་མཁའ་སྤྱོད་སྒྲུབ་པ་བཞུགས་སོ། །དཔལ་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་མཁའ་སྤྱོད་སྒྲུབ་པའི་ཐབས། གནས་ཡིད་དང་མཐུན་པར། མཁོ་བའི་ཡོ་རི་ཁྲོད་དུ་བསྒྲུབ་པ་ཡིན། བྱད་བསགས་ལ། སྟན་བདེ་བ་ལ་འདུག་སྟེ། དང་པོ་སེམས་བསྐྱེད། དེ་ནས་ཡིད་དམ་ལྷར་བསྒོམ་པ་ནི། ཉི་མ་ཟླ་བ་ཁ་སྦྱོར་བའི་གཞལ་ཡས་ཁང་གི་ནང་དུ། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་གསེར་གྱི་རྡོ་རྗེ་རྩེ་དགུ་པ། གཡོན་ན་ཤེལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ། སྐུ་མདོག་གསེར་བཙོ་མ་ལྟ་བུ། ཡུམ་དང་འཁྲིལ་སྦྱོར་དུ་བཞུགས་པ་བསྒོམ། རང་དེ་ལྟར་བསྒོམ་པའི་མདུན་ན་མཁའ་འགྲོ་མ་གསུམ་གར་ཁྱུག་ཁྱུག་མཛད་པར་བསྒོམ་ཞིང་། སྔགས་འདི་རྒྱུན་ཆད་མེད་པར་བཟླས་སོ། །ༀ་བཛྲ་སུ་ལཾ་མ་ལཾ་མ་མ་རུ་རུ་ཙིཏྟ་ཨ་བི་པྲ་ས་ལ་ༀ་ཨཱཿཧཱུཾ་ཞེས་མཁའ་འགྲོ་མའི་ཞུན་ཆེན་གྱི་མར་མེ་མ་ཆད་པར་བྱ་གསུངས། སྤོས་བསྲེག་ཅིང་ཟླ་བ་དྲུག་བསྒྲུབ་ན། དེ་ཉིད་དུ་མཁའ་སྤྱོད་ལ་གཤེགས་པར་འགྱུར་རོ། །དམ་ཚིག་ཏུ་མི་དང་གདོང་མི་འཕྲད། གཏམ་མི་བསྲེལ་ལོ། །མཁའ་སྤྱོད་བསྒྲུབ་པའི་ཐབས་སོ། །མཁའ་འགྲོ་མ་གསུམ་ནི། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་ཐོད་པའི་ཌཱ་མ་རུ། གཡོན་ན་ཀ་པཱ་ལི་དང་ཁ་ཊྭཱཾ་ཀ་བསྣམས་པ། ཞབས་གཡོན་བརྐྱང་གཡས་བསྐུམ་པ་རུས་པའི་རྒྱན་བཏགས་པ། དེ་ལྟ་བུ་གསུམ་གསལ་བ་གལ་ཆེའོ། །གཏོར་མ་མ་ཆག་པར་བྱའོ། །དེ་ཡང་ཤ་ཆེན་གཏོར་མ་དང་། ཚིལ་ཆེན་མར་མེ་དང་། མཁའ་འགྲོ་མའི་སྤོས་བསྲེག་གོ། །རྟགས་ནི་བུད་མེད་བཟང་མོས་གླུ་ལེན་པ་དང་། གར་བྱེད་པ་བྱུང་ན་བཟང་། སྤྲང་མོ་དང་མཛེ་མོར་བྱུང་ན་ངན་ནོ། །མཁའ་འགྲོ་མའི་སྤོས་སྦྱོར་ནི། བའམ་མཛོ་མོ་སྤྲི། །བྱ་ནག་མོའི་སྒོང་ང་། མི་གྲིར་ཤི་བའི་ཀླད་པ། ཤུག་ཚིལ། བྱ་ཤ་ཟན་གྱི་སྒོ་ང་། མི་གཙང་མའི་ཉཱ་ཤ །ཏང་ཀུན། གུ་གུལ་དཀར་པོ་རྣམས་སྤོས་ཧྲིང་བཟང་པོ་དང་སྦྱོར་རོ། །དེ་ཆང་གིས་སྦྲུས། དེ་ཤུག་པའི་མེ་ལ་བསྲེག་གོ། །མཁའ་སྤྱོད་མའི་སྒྲུབ་ཐབས་རྫོགས་སོ།། །། ༈ གསུམ་པ་ཆ་ལག་གི་སྐོར་ལ། ༅། །བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་གཏོར་ཆོག་བཞུགས་སོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་མཁའ་འགྲོ་ལ་གཏོར་མ་འབུལ་བ་ནི། གཏོར་མའི་སྣོད་ཅི་འབྱོར་བའི་ནང་དུ། ཟས་ཅི་འབྱོར་པས་གཏོར་མ་བཤམས་ལ། བླ་མ་ཡི་དམ་ལ་དབུལ་ལོ། །མཁའ་འགྲོ་མ་ལ་དབུལ་བ་ནི། ཞིང་ལས་སྐྱེས་ལ་ཤ་ལྔ་བདུད་རྩི་ལྔས་བརྒྱན། ལས་ལས་སྐྱེས་ལ་དཀར་གསུམ་གྱིས་བརྒྱན། སྔགས་ལས་སྐྱེས་ལ་ཨ་མྲྀ་ཏས་བརྒྱན་པ་བྱས་ལ། དེ་ལ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་ནི། བདག་གི་སྙིང་ཁར་ཨཱོྂ་ཁ་དོག་ལྔ་དང་ལྡན་པ་གཅིག་བསམ། དེ་ལས་མ་དམར་སེར་གཅིག་ལག་པ་གཡོན་པའི་མཐིལ་དུ་རྒྱངས་ཀྱིས་བྱུང་བར་བསམ་སྟེ་གཏོར་མ་ལ་དེང་བྱ། ཡང་ཨཱོྂ་དེ་ལས་ཨ་དཀར་པོ་གཅིག་ལག་པ་གཡས་པའི་མཐིལ་དུ་རྒྱངས་ཀྱིས་བྱུང་བར་བསམ། དེ་ཡང་གཏོར་མ་ལ་དེང་བྱ། ཡང་ཨཱོྂ་དེ་ལས་ཧཱུཾ་སྔོན་པོ་གཅིག་ལག་པ་གཉིས་ཀྱི་མཐེབ་ཆེན་སྦྲེལ་བའི་བར་དུ་མགོ་མཐུར་ལ་འཕྱང་བ་གཅིག་རྒྱངས་ཀྱིས་བྱུང་བར་བསམ། དེ་ནས་ཧཱུཾ་དེས་གཏོར་མ་དེ་དཀྲུགས་ཤིང་ༀ་ཨཱཿཧཱུཾ་ལན་གསུམ་བརྗོད་པས་ལག་པ་གཡོན་པའི་མ་ལས་ཉི་མའི་དཀྱིལ་འཁོར། དེ་ལས་བདུད་རྩི་དཀར་མེ་རེ་རེ་བྱུང་བར་བསམ། དེ་ༀ་ཨཱཿཧཱུཾ་ལན་གསུམ་བརྗོད་ཅིང་ཆོས་འཁོར་དུ་དཀྲུགས་པས། གཡས་པའི་ཨཱཿལས་ཟླ་བའི་དཀྱིལ་འཁོར་དེ་ལས་བདུད་རྩི་དཀར་མེ་རེ་རེ་བྱུང་བར་བསམ། དེ་ལས་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་དེ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྤྱན་དྲངས་ལ་མཆོད་པ་ཕུལ་བས་མཉེས་པར་བསམ། དེ་ལ་སྔགས་ཀྱི་བྱིན་གྱིས་བརླབ་པ་ནི། ༀ་མ་ཧཱ་བ་ལིངྟ་ཏེ་ཛོ་བ་ལིངྟ་བ་ལ་བ་ཏི་གུ་ཧྱ་ས་མ་ཡེ་སཏྭ་ཧཱུཾ། ཞེས་ལན་བདུན་ནམ་གསུམ་བརྗོད་དོ། །ཕྱག་རྒྱ་མཐེབ་ཆེན་སྦྲེལ་ཏེ་བསྐོར། དེ་ནས་བླ་མ་ཡི་དམ་མཁའ་འགྲོ་སྤྱན་དྲང་བ་ནི། ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ༀ་གུ་རུ་ཌཱ་ཀི་ནི་ཧཱུཾ་ཧཱུཾ་ས་མཱ་ཛཿ དེ་ཝ་ཌཱ་ཀི་ནི་ཧཱུཾ་ཧཱུཾ་ས་མཱ་ཛཿ ༀ་ཛྭོ་ཀི་ཌཱ་ཀི་ནི་ཧཱུཾ་ཧཱུཾ་ས་མཱ་ཛཿ གདན་དབུལ་བ། ༀ་གུ་རུ་མཎྜ་ལ། ༀ་དྷེ་ཝ་མཎྜ་ལ། ༀ་ཛོ་ཀི་མཎྜ་ལ། དེ་ནས་གཏོར་མ་དབུལ་བ་ནི། ༀ་གུ་རུ་ཌཱ་ཀི་ནི་ཡེ་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་དྷེ་ཝ་ཌཱ་ཀི་ནི་ཡེ་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛྭོ་ཀི་ཌཱ་ཀི་ནི་ཡེ་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་རེ་རེ་ལ་ལན་གསུམ་གསུམ་བརྗོད་དོ། །དེ་ནས་ཚིགས་བཅད་ཀྱིས་དབུལ་བ་ནི། བྱིན་གྱིས་རློབས་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། རིམ་པ་དབང་གི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། ཤེས་རྒྱུད་གྲོལ་བའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། ངེས་པ་སྟོན་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། བུདྡྷ་ཧེ་རུ་ཀའི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། བཛྲ་ཧེ་རུ་ཀའི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། རཏྣ་ཧེ་རུ་ཀའི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། པདྨ་ཧེ་རུ་ཀའི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། ཀརྨ་ཧེ་རུ་ཀའི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། ཞིང་ལས་སྐྱེས་པའི་མཁའ་འགྲོ་མ། ཧེ་རུ་ཀའི་གནས་བཅུ། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་མཁའ་འགྲོ་མ་དང་། མཁའ་འགྲོ་མ་འབར་བའི་གདོང་ཅན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། ལས་ལས་སྐྱེས་པའི་མཁའ་འགྲོ་མ། བུདྡྷ་རིགས་ཀྱི་མཁའ་འགྲོ་མ་དང་། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དང་། རིན་པོ་ཆེའི་རིགས་ཀྱི་མཁའ་འགྲོ་མ་དང་། པདྨའི་རིགས་ཀྱི་མཁའ་འགྲོ་མ་དང་། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་དང་། མཁའ་ལ་གཤེགས་མ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། སྔགས་ལས་སྐྱེས་ཀྱི་མཁའ་འགྲོ་མ། དབྱིངས་ཀྱི་ཡུམ་དྲུག །རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད། དབང་མོ་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས། ཤུགས་འགྲོ་བདུན་ཅུ་རྩ་བདུན། མ་བདུན་སྲིང་བཞི། འབར་མ་ལང་ཀ་རྒྱ་མཚོ། མཁའ་འགྲོ་མ་མཁའ་ལ་སྤྱོད་མ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ། དམ་རྫས་བདུད་རྩི་འབར་བའི་གཏོར་མ་བཞེས་ཤིག་ཁ་རཾ་ཁཱ་ཧི། གཞན་ཡང་བཀའ་དང་བསྟན་པ་བསྲུང་ཞིང་འཁོར་དང་གང་ཟག་སྐྱོང་བའི་མགོན་པོ་དམ་ཚིག་ཅན་ཐམས་ཅད་ལ། དམ་རྫས་བདུད་རྩིའི་རྒྱན་གྱིས་བརྒྱན་པའི་འབར་བའི་གཏོར་མ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ། །གཏོར་མའི་ཆོ་ག་ཡོངས་སུ་རྫོགས་སོ།། །།ཨཐྎ།། གུ་རུ་ན་མོ། སྙན་བརྒྱུད་རྡོ་རྗེ་ཟམ་པའི་མཁའ་འགྲོའི་སྤོས་སྦྱོར་ནི། ནལ་བུའི་ཤ །མི་ཀླད། བྱ་ཤ་ཟན་གྱི་ཀླད་པ། བུ་རམ། ཤུག་ཚིལ། སྤོས་དཀར་དང་སྦྱར། མར་ནག་དང་ཆང་དུ་བླུགས། སོལ་བའི་མེ་ལ་བསྲེག །སྤོས་སྦྱོར་བ་དེ་ནི་མོ་ཐོད་མཚན་ལྡན་དུ་བླུགས། ཕོ་ཐོད་མཚན་ལྡན་གྱི་ཁ་བཀབ། དར་དཀར་དམར་གྱིས་དྲིལ། རང་ཡི་དམ་གྱི་ལྷར་བསྒོམ་ལ་སྔགས་གསུམ་གྱིས་མཁའ་འགྲོ་མ་གསུམ་མདུན་གྱི་ནམ་མཁའ་ལ་སྤྲིན་གཏིབས་པ་བཞིན་བྱོན་ནས་བྱིན་གྱིས་བརླབས་པར་བསམ། དེས་ནི་དངོས་སུ་གྲུབ་པའོ། །ཨཐྎ། གཡོ་རོང་གི་སློབ་དཔོན་རྡོ་རྗེ་དབང་ཕྱུག་ལ། གཉགས་ཧ་ལོ་གདོང་པའི་དགེ་བཤེས་ཀྱིས་ཞུས་པའོ། །འདི་ལ་འདྲ་མིན་སྣང་ངོ་། ༈ །འདི་སྐབས་ལྔ་པའི་གསན་ཡིག་ཏུ་མཁའ་འགྲོའི་མཆོད་གཏོར་ཞེས་པ་སྣང་རུང་དཔེ་རྒྱུན་ལ་མི་གསལ། བདུད་རྩི་བྱིན་གྱིས་བརླབས་ནས། ཨེ་ཨ་རལླི་ཧོཿ ཞེས་རང་ཉིད་རོལ་ལོ། །སྤྱི་བོར་བླ་མ། ཐུགས་ཀར་ཡི་དམ། ལྟེ་བར་མཁའ་འགྲོ་མ་རྣམས་ལ་མཆོད་པའོ། །དེ་ནས་ཟབ་པ་ཆོས་ཉིད་ཀྱི་རྣལ་འབྱོར་རོ། །ཀུན་བཟང་བདེ་བ་ཆེ་ལ་འདུད། ནོ་པི་ཀ་རྒྱུད་ཨ་ཏི་གསང་བ་འདུད་པས་གསུང་། ཀ་ན་ཨེ་ཨ་ག་ཏ་རྣམས་གཅིག་ཏུ་སྤྱན་འདྲེན། ཧི་ཧི། བཾ་བྷནྡྷ་ག་ཏ་རྣམས་གཅིག་ཏུ་འདུས་པ། མ་མ་ག་ཏ་རྣམས་གཅིག་ཏུ་དགྱེས་པ། ཏྲ་ཏི་ཡ་ཡ་ཧི་མ་ག་ཏ་རྣམས་ཕྲིན་ལས་བརྗོད། ཨ་དམ་ཚིག་མུ་དྲ་ཆགས་པ་མེད་པའི་དམ་ཚིག་རྗེས་སུ་འཛིན་པ། པཾཿ ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་དམ་ཚིག་རྗེས་སུ་འཛིན་པ། མཾ་ལས་ཀྱི་མུ་དྲ་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་དམ་ཚིག་རྗེས་སུ་འཛིན་པ། ཡ་ཆོས་ཀྱི་མུ་དྲ་ཐབས་དང་ཤེས་རབ་གཉིས་སུ་དབྱེར་མེད་པའི་དམ་ཚིག་རྗེས་སུ་འཛིན་པ། ས་མ་ཏི་ཏིང་ངེ་འཛིན་རང་གི་སེམས་ཉིད་ལ་བརྡའ་བཞི་བརྟན་པར་བྱའོ། །ཀ་པ་སྐུ་གསུང་ཐུགས་ཀྱི་ཆོས་ཐམས་ཅད་ངོ་བོར་གནས་པ་དེ་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་། ཧཱུཾ། ༀ་ག་ཏ་རྣམས་ཀྱི་སྐུ། ཨཱཿ གསུང་ཉེ་བའི་སྙིང་པོ་རྟག་ཏུ་བརྗོད་པ། ཧཱུཾ་བྱང་ཆུབ་སེམས་དཔའ་གསུང་གི་དབང་ཕྱུག་ཆོས་ཀྱིས་གསུངས་པའོ། ༈ །འདི་སྐབས་བྱང་སེམས་དཀར་དམར་སྦྱོར་ཐབས་སྣང་རུང་བྱིན་རླབས་རྒྱས་པའི་མཇུག་ན་ཡོད་དོ། ༈ །ཡང་ལྔ་པའི་གསན་ཡིག་ཏུ་ཆོས་དམ་ཚིག་ལས་ཀྱི་མུ་དྲ་གསུམ་གྱི་སྔགས་འགྲེལ་ཞེས་པ་དེ་གཞུང་འདིར་དངོས་བསྟན་མ་བྱུང་བས་གཞན་ནས་བྱུང་ཚེ་བསབ་དགོས། འཕགས་པ་འཇམ་དཔལ་གྱི་ཡི་གེ་འབྲུ་གཅིག་པའི་ཆོ་ག །ཏདྱ་ཐཱ་ༀ་ཀྵྞིཾ་གསང་སྔགས་ཡི་གེ་འབྲུ་གཅིག་པ་འདི་རབ་ཏུ་གསང་བའི་དོན་ཏེ། དོན་ཐམས་ཅད་གྲུབ་པར་བྱེད་པ། ལས་ཐམས་ཅད་བྱེད་པ། འདིས་རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་བྱེད་པ་སྟེ། ཀྵྞིཾ་ཁྲཾ་ནི། གཟུངས་བསྡུས་ནས་ཕྱུངས་པ་ཡིན་ནོ།། །། བཅུད་ལེན་གྱི་སྐོར་བཞུགས། དྲང་སྲོང་རྫོགས་བྱེད་ལ་ཕྱག་འཚལ་ལོ། །བཅུད་ལེན་བདུད་རྩིའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། བདུད་རྩི་ཕུལ་གང་འོ་མ་དང་ཕྱེ་མར་བསྐོལ་ཏེ་འོ་མ་ཉི་ཚེ་ལུས་པ་དང་། འོ་མ་དེ་ལ་ཉིན་རེར་འཇུ་ཚོད་ཀྱིས་འཐུང་ན། ཞག་ཉི་ཤུ་རྩ་བདུན་གསུམ་གྱིས་རྒས་པ་མེད་ཅིང་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་སུ་འགྱུར་ཞིང་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །ཡང་ན་བདུད་རྩིའི་ཆུ་ཕུལ་གང་། རྒྱ་སྲན་ཚོས་པའི་ཁུ་བ་ཕུལ་བརྒྱད་དང་། མར་ཕུལ་གང་ཕུལ་བརྒྱད་གསུམ་བཀོལ་བས་བརྒྱད་དུ་བཏང་། མཆན། རྣམས་བཀོལ་ཏེ་མར་ཉི་ཚེ་ལུས་པ་དང་། གྲང་དུ་བཅུག་པ་སྦྲང་རྩི་བྲེ་ཕྱེད་ཙམ་དང་སྦྱར་ཏེ། ཟླ་བ་གཅིག་བར་དུ་རན་ཚོད་དུ་ཟོས་ན་ཡིད་གཞུངས་ལ། ལོ་བཅུ་དྲུག་པ་འདྲ་བར་འགྱུར་ཏེ། ལོ་སྟོང་ཐུབ་པར་འགྱུར་རོ། །ཡང་ན་བདུད་རྩིའི་ཆུ་བསྐོལ་ཏེ། བཅུ་དྲུག་ཆ་ལུས་པ་དང་། མར་བྲེ་བཞི་ཏིལ་ཕུལ་གང་རྣམས་བསྐོལ་ཏེ། མར་ཉི་ཚེ་ལུས་པ་དང་། ལུས་ཀུན་ལ་བཀུས་ན། རྒས་པ་མེད་ཅིང་ཐོས་པ་མི་བརྗེད་པར་འགྱུར་རོ། །ཡང་ན་ཟླ་བ་གཅིག་གི་བར་དུ་ནང་རེ་བདུད་རྩིའི་ཆུ་ཁྱོར་བ་རེ་རེ་འཐུང་ན། རྒས་པ་མེད་ཅིང་ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །བདུད་རྩིས་ཟླ་བ་གཅིག་ཏུ་ཁྲུས་བྱས་ན་ཡང་རྒས་པ་མེད་པར་འགྱུར་རོ། །ཡང་ན་ཟླ་བ་གཅིག་གི་བར་དུ་ཉིན་རེ་བཞིན་སྣར་བླུགས་ན་ཡང་གོང་དང་འདྲའོ། །བདུད་རྩི་དངུལ་ཆུ་བྲག་ཞུན་སྣར་བླུགས་ན་ཡང་གོང་དང་འདྲའོ། །བདུད་རྩི་དངུལ་ཆུ་བྲག་ཞུན་གསུམ་གཅིག་ཏུ་མར་དང་སྦྲང་རྩི་དང་སྦྱར་ནས། ལྡེ་གུར་བྱས་ནས་ཟོས་ན་ད་ཕྱིན་ཆད་འཆི་བར་མི་འགྱུར་རོ། །དེ་ནི་བདུད་རྩིའི་མཆོག་ཡིན་ནོ། །མདོར་ན་མང་དུ་སྨོས་མི་འཚལ་ཏེ། ཇི་ལྟར་བསྒྲུབ་ཀྱང་སྨན་བཅུད་ལེན་ཡིན་ཏེ། ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་དང་འདྲ་བར་འགྱུར་རོ། །ཐོས་པ་འཛིན་ཅིང་ཡིད་གཞུངས་པར་འགྱུར་རོ། །བདུད་རྩི་དངུལ་ཆུ་རྣམ་གཉིས་དང་། ལག་མཐིལ་ན་ར་ལ་བཞལ་བའི་རྣམ་གཉིས། དུ་བརྙེས་ན་དངུལ་ཆུར་འགྱུར་ཏེ། གསེར་ཞོ་གཉིས་ཙམ་ལ་བྱས་པའི་སྣོད་དུ་བཞག་སྟེ་ཁར་བཅུག་ན་ལུས་མི་སྣང་བར་འགྱུར་ལ། གཞན་གྱི་ལོངས་སྤྱོད་ཀུན་ལ་དབང་ཞིང་སྤྱོད། ཉི་ཟླའི་ཚེ་དང་མཉམ་པར་འགྱུར་རོ། །དེ་ལྟར་སྨན་བཅུད་ལེན་སྦྱར་བའི་ཐབས་ནི་འདི་ལས་སླ་བ་མེད་དོ། །ཞེས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསུངས་སོ། །དྲང་སྲོང་ཞི་སྲེད་ཀྱིས་ཀྱང་བཤད་དོ། །བཅུད་ལེན་བདུད་རྩིའི་སྒྲུབ་ཐབས་རྫོགས་སོ། །བདུད་རྩིའི་ཁུ་བ་འདོན་པ་ནི་ཞལ་ལས་ཤེས་སོ། །ཨཐྎ།། །།བདུད་རྩིའི་ཁུ་བ་འདོན་པ་ཞལ་གྱི་གདམས་པ་ནི། དང་པོ་རྒྱུན་སྤོངས་པ་ནི། ནས་བཟང་པོ་སྦྲུས་ཞག་བར། ལ། དེ་ནས་སེར་ཙམ་བརྔོས། དེ་ནས་ཞིབ་པར་བཏགས་ལ། ནས་ཕུལ་རེའི་ཚད་མར་ཨེན་རེ་བཏང་། ཙམ་ཉིན་མོ་སུམ་ཡར་བཟའ། ནམ་གུང་ལ་རེ་རེ་མར་ཨེན་རེ་བར། བཟའ། དེ་ནས་བདུད་རྩི་དེ་རྫ་ཕོར་ས་ལ་མི་བཏང་ངོ་། །གྱི་ནང་དུ་བཏང་ལ། བྲག་མཁྲེགས་ལ་བཅར། གན་སོ། དེའི་བར་དུ་སྐོམ་དུ་ཆང་བཟང་པོ་གསུམ་ཡར་དུ་བཏང་། དེའི་བར་དུ་དྲི་ཆུ་ཡང་རྫ་གཅིག་ཏུ་བསགས། དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ཏུ་བསགས། དེ་ནས་དྲི་ཆེན་སྐམ་པོ་གར་ཆང་ཕུལ་ཚད་རེ་རེ་ནུབ་མོ་དང་ནམ་གུང་ལ་ཡང་བཏང་། དེ་ནས་ཙམ་སྲན་མ་ཙམ་དུ་བརྡུང་ལ། དེ་ནས་ཆང་ཞིམ་པོས་ཁ་ཕྲུ་བཏབ་ལ། ཡིབས་རུས་དང་མི་ཤ་ཚོན་པོའི་རྡོར་བཏབ། བདུད་རྩི་ཨ་མྲྀ་ཏའི་ཁ་ཚར་བཏབ་པས་བར་ཆད་བསྲུང་། དེ་ནས་རྫ་མ་ཞབས་སུ་བུག་པ་སེང་ཙམ་ཕུག་པ་གཅིག་ཏུ་བརྫང་། དེ་ཡང་སོར་གཅིག་ཙམ་དུ་མ་ཁེངས་པར་བྱས་ལ། དེ་ནས་བདུད་རྩི་ཨ་མྲྀ་ཏའི་སོར་གསུམ་གྱི་ཕོ་ཚོམ་གཅིག་ཙམ་གྱི་བག་ཟན་བཟང་པོས་ཉེས་བརྩེགས་སུ་བྱས་ལ་ཤིན་ཏུ་དམ་པར་བྱས་ལ་རླངས་པ་མི་བཏང་། ཁ་ལམ་གྱིས་བཅད། དེ་ནས་ཁ་ཤིན་ཏུ་དམ་པར་བཅད། དེ་རྫ་མ་གློ་མཆུ་ཅན་གཅིག་གི་ཁར་བཞག །དེ་ཆུས་བཀང་ལ་འོག་ཏུ་མེ་བཏང་། དེ་ནས་ཡང་སྐབས་སུ་བཞུགས་ལ་མནན། ཆུ་ཡང་བཅད། དེ་ནས་ཅི་རན་ཚེས་པ་དང་ཉིན་ཞག་ཕྲུག་གཅིག་ཏུ་བཙོ། ན་གྲང་དུ་བཅུག་ལ། དེ་ནས་ཁ་ཞག་དེ་སྣོད་དུ་བསགས། ཕྱེ་ལ་མུར་ཁུ་དབྱེ། དེ་ནས་ཆུ་ཞག་གི་དུལ་ནས་ཆུ། ལོགས་སུ་ཚགས་བྱས་ལ། དཀར་པོ་གཅིག་འོང་བ་དེ་ལ་བྱའོ། །དེ་གཉིས་ཆ་མཉམ་ལ། དྲི་ཆུ་དང་མཉམ་ལ་གདུ། དེ་ནས་དྲི་ཆུ་ཙམ་དུ་བཙོས་ལ། སོང་བ་དང་། དེ་ཡང་ལོགས་སུ་ཚགས་བྱ། དེ་ནས་ཅོང་བདུད་རྩིའི་ཆུ་ཕུལ་གང་ཡོད་ན། ཅོང་ཞི་དང་བྲག་ཞུན་ནི་ཕུལ་གསུམ་དང་། ཞི་ནས་ཙམ་སྲན་ཙམ་དུ་བརྡུངས་ལ་བཙོས། དེ་བྲག་ཞུན་ནས་ཙམ་སྲན་ཙམ་བརྡུངས་པ་དང་བཙོ། དེ་ནས་གཉིས་མཉམ་ལ་ཡང་བཙོ། དེ་ནས་གང་རུང་ཅོང་ཞི་ཙམ་དུ་སོང་བ་དང་། གཅིག་ཙམ་དུ་སོང་བ་དང་དེ་གསུམ་བསྲེས་ལ་བཙོ། དེ་ནས་མར་ཁུ་ཙམ་དུ་སོང་བ་དང་། འོ་མ་དང་། སྦྲང་རྩི་དང་། མར་ཁུ་དང་། རྒྱ་སྲན་དང་། གང་ལ་བྱེད་ཀྱང་བདུད་རྩིའི་ཆུ་ལ་སུམ་ལྡབ་ཏུ་བཏང་ངོ་། །བདུད་རྩིའི་ཕུལ་དོ། ཁུ་བ། རམ་ཉག་ཕུལ་དོ། པའི་ཁུ་བ། ཨ་ཤོ་ཕུལ་དོ། ཨ་འདར་གྱི་ཁུ་བ། ཅོང་ཞིའི་ཕུལ་དོ། ཁུ་བ། བྲག་ཞུན། རྒྱ་སྲན་དཀར་པོའི་ཁུ་བ། སྦྲང་རྩི་ཕུལ་དོ། དཀར་པོ་གཅིག་ཐུབ་དབང་པོ་ལག་པའི་ཁུ་བ་ཕུལ་དོ། དེ་རྣམས་འདུལ་བ་ནི་ལོགས་སུ་གདུའོ། །དེ་རྣམས་སོ་སོ་རང་རང་དུ་བཀྲུས་ནས་སྐམ་པོའམ། རློན་པའམ། དེ་གང་ལ་བྱེད་ཀྱང་ཆོམ་ཆོམ་དུ་བརྡུངས། བསྐོལ་གྱིན་ཁུ་བ་ཕུལ་དོ་བ་སྣོད་གཙང་མ་གཅིག་ཏུ་བསྲེས་ལ་སྨན་མར་བྱའོ། །ཙམ་པ་བཅད་དོ། །འོ་མར་བཀོལ་ནས་ངར་ཆག་ནས་བཏུང་ངོ་། །ཆང་གསར་ཡོད་ན་ལེགས་གསུང་ངོ་། །འཇམ་ཡང་བཏང་དུ་བཏུབ་གསུངས། ཚྭ་ལ་སོགས་པའི་སྐྱོན་སྤང་ངོ་། །ཉི་ཤུ་རྩ་ན་ཐོན་ནོ། །བཅུད་ལེན་ལེགས་རྫོགས་ཞེས་བྱ་བ་རྫོགས་སོ།། །།ལྟོག་ཀྱང་ཨ་ཁ་ང་མི་ཟ། ཕག་པ་ཁྲ་ལུག་མིག་པའི་མེ་ཏོག་ཀྱང་བཏང་། བོའི་སྙིང་ཁྲག །བུ་ཆུང་ཀླད་པ། གསེར་སྦྲུལ། གཡུ་སྦྲུལ། ཉ་བྲིག་མའི་བར་ཤུན། དོམ་མཁྲིས་དེ་ཚོ་ཆུའི་ནང་དུ་བླུགས་ལ་ལྟོ་སྟོང་ལ་བཏང་ངོ་། །ཀ་རས་ནང་རེ་བྱིའུའི་སྒོང་རེ་རེ་བཏང་ངོ་། །ཁ་བསྒྱུར་རོ། །བཅུད་ལེན་གྱི་ལག་ལེན་ཡིན་ནོ། །དེས་ནི་སྐྱེ་བ་རྒྱུན་བཅད་དོ། །དེས་ངེས་པར་ཕྱག་རྒྱའི་ཐིག་ལེ་འཛིན་པར་འགྱུར་རོ། །བཛྲ་ཤྭ་ར་ལ་བྱང་ཆུབ་འབུམ་གྱིས། དེ་ལ་བདག་གིས་སོ། །བྱ་བ་དག་གོ། ༈ །ན་མོ་གུ་རུ། རླུང་གི་མན་ངག་ནི། ཆད་པའི་སྟོང་པ་ཉི་ཚེ་བ། རྟག་པ་དེ་ཉིད་དེ་ཞེས་བྱ་བ་ནི། ཤེས་པ་སྨིན་མཚམས་ཀྱི་བར་སྣང་ཉེ་བ་ནམ་མཁར་གཏད་ལ་ཡུན་རིང་དུ་བསྒོམ། མིག་ལུག་པ་སྙམ་པའམ་སྨིན་ཕྲག་ཏུ་སྐམ་པས་འབྱིན་པ་སྙམ་བྱེད་པ་དང་། ལུས་ཟིང་ཟིང་བྱེད་ན་རླུང་ནང་དུ་ཞུགས་པའོ། །མིག་གིས་མི་བཟོད་ན། མིག་བཙུམ་ལ་ཤེས་པ་སྨིན་ཕྲག་ཏུ་གཏད། དྲན་རྟོག་རླུང་གིས་དྲན་བསྐྱོད་ཅིང་། །འཛིན་མེད་ངང་ལ་མི་གནས་ལ། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །ཞེས་སོ། །བཛྲ་སིདྷ་ཀིརྟིས་ཞུས་སོ། །ཨཐྎ། ཕྱི་ནང་གསང་བ་གསུམ་གྱི་བཅུད་ལེན། བླ་མ་དམ་པ་རྣམས་ལ་ན་མོ། ཕྱིའི་བཅུད་བླངས་པ་སྨན་གྱི་མཱུ་ལ་དང་། ནང་གི་བཅུད་བླངས་པ་སྨན་གྱི་མཱུ་ལ་དང་། གསང་བའི་བཅུད་བླངས་པ་སྨན་གྱི་མཱུ་ལའོ། །དང་པོ་རྩིའི་བཅུད་བླངས་པ་སྟེ། དེ་ལ་རྩི་ནི་དཀར་པོ་ཆིག་ཐུབ་ཕུལ་གང་། དབང་པོ་ལག་པ་ཕུལ་གང་། ར་མོ་ཤག་དཀར་པོ་ཕུལ་གང་། བ་སྤྲུ་བ་དཀར་པོ་ཕུལ་གང་། བཞི་པོ་དེ་གྲིབ་སྐམ་བྱས་ལ། སྐམ་པོ་ཕུལ་རེ་རེ་སྟེ་ཕུལ་བཞི་ཆུ་བྲེ་དོའི་ནང་བཙོས་ལ། ཕུལ་གསུམ་དུ་སོང་བ་དང་བཙག་གོ། །དེ་འདྲ་བ་ལན་གསུམ་དུ་བྱས་ལ། དེ་ནས་མར་དཀར་གྱི་ཁུ་བ་བྲེ་ཕྱེད་ཀྱི་སྦུ་བ་དང་། སྙིགས་མ་སྤང་བ་དང་། སྦྲང་རྩི་སྙིགས་མ་དང་། སྤྲ་ཚིལ་བཙགས་པ་དང་། རྒྱ་སྲན་བཙོས་པའི་ཁུ་བ་དེ་དང་མཉམ་པ། དེ་འདྲེས་པར་དཀྲུགས་ལ་རྫ་མ་གཅིག་ཏུ་ཚགས་བྱའོ། །དེ་ནས་ལྟོ་གཙང་བར་སྙོམས་པར་བཟའོ། །གཅིག་ཏུ་བྱས་ཏེ་སྦྱངས་ཏེ་ཟོས་ན་ལོ་བཅུ་དྲུག་ལོན་པ་ལྟར་འགྱུར་རོ། །རྩི་བཞི་དང་རྒྱ་སྲན་བཙོས་པའི་ཚད་ནི། ཆུ་བྲེ་དོ་དོ་ལ་བཙོས་པས་ཆུ་ཕུལ་གསུམ་གསུམ་དུ་སོང་བ་དང་བཙག །དེ་ནས་དུལ་བའི་ཚད་ནི་བུ་རམ་བསྒོར་བ་དང་འདྲ་བས་ཤེས་གསུངས། དེའི་བར་དུ་ལྟོ་གཙང་བ་གལ་ཆེ་གསུངས། སྨན་དང་ལྟོ་གཉིས་ཀ་ཆེ་ཆུང་མ་ཤོར་བ་གལ་ཆེ་གསུངས། ཆག་ཚད་བར་པ་གཅིག་ལ་བརྟག་པ་གལ་ཆེ་གསུངས། དེ་ནི་རྩིའི་མཱུ་ལའོ། ༈ །དེ་ལ་རྡོའི་མཱུ་ལ་ནི། ཅོང་ཞི་བྲེ་གང་། བྲག་ཞུན་ཕུལ་གང་གངས་ཆུར་བསིང་ངོ་། །དེ་ནས་དེ་གདུས་ལ་ལོགས་སུ་ཚགས་བྱ། དེ་ནས་མར་ཁུ་དྭངས་མ་དེ་དང་མཉམ་སྦྲང་རྩི་དྭངས་མ་དེ་དང་མཉམ། རྒྱ་སྲན་བཙོས་པའི་ཁུ་བ་དང་མཉམ་པ་དེ་ཚོ་འདྲེས་པར་དཀྲུགས་ལ་རྫ་མ་གཅིག་ཏུ་ཚགས་བྱའོ། །དེ་ནས་ལྟོ་གཙང་བར་སྙོམས་པར་བཟའོ། །དམ་ཚིག་ཏུ་བུ་རམ་འབྲུ་མར་ཙམ་བསྲུང་ངོ་། །ཚོས་པའི་ཚད་ནི་བུ་རམ་བསྒོར་བ་དང་འདྲའོ། །མར་དང་སྦྲང་རྩི་བཙོ་མི་དགོས་གསུང་ངོ་། །དེ་ནི་རྡོ་བཅུད་བླང་བའོ། ༈ །ཆུ་ལ་བཅུད་བླངས་པ་ནི། རྡོ་ཆུ་དང་། རང་གི་གྲིབ་མ་མི་བཏང་། དངུལ་ཆུ་དང་། མཁའ་འགྲོ་མའི་དུས་ཆུའོ། །རྡོ་ཆུ་ནི་ཕྱག་ཚང་ཁུ་བཅད་པ་ནི་ཆུ་ཤིང་གིས་བཅད། བ་བླངས། འདུལ་བ་ནི་བ་གླང་དམར་སྐྱའི་ཁྲག་གིས་འདུལ་ལོ། །གསང་བའི་མཱུ་ལའོ། །ཨཐྎ། ༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་འཛེང་གི་ཞལ་གདམས་དམ་པ་ཇོ་སྲས་ཀྱིས། སློབ་དཔོན་ཀུན་བཟང་ལ་གནང་། དེས་བདག་ལའོ། །རྡོ་རྗེ་ཟམ་པའི་བཅུད་ལེན་འདི་ལ་དོན་གསུམ་སྟེ། ཕྱིའི་བཅུད་བླང་བ་སྨན་གྱི་རྩ་བ་དང་། ནང་གི་བཅུད་བླང་བ་སྨན་གྱི་རྩ་བ། གསང་བའི་བཅུད་བླང་བ་སྨན་གྱི་རྩ་བའོ། །དང་པོ་རྩིའི་བཅུད་བླང་བ་སྟེ། དེ་ལ་རྩི་ནི་དཀར་པོ་གཅིག་ཐུབ་ཕུལ་གང་། དབང་ལག་ཕུལ་གང་། ར་མོ་ཤག་ཕུལ་གང་། བ་སྤྲུ་བ་དཀར་པོ་ཕུལ་གང་། བཞི་པོ་གྲིབ་སྐམ་བྱས་ལ། སྐམ་པོ་ཕུལ་རེ་རེ་ཕུལ་བཞི་པོ་ཆུ་བྲེ་དོའི་ནང་དུ་བཙོས་ལ་ཕུལ་གསུམ་དུ་སོང་བ་དང་བཙག །དེ་འདྲ་བ་ལན་གསུམ་བྱས་ལ་དེ་ནས་མར་དཀར་གྱི་ཁུ་བ་བྲེ་ཕྱེད་ཀྱི་ཝུ་བ་དང་། སྙིགས་མ་སངས་པ་དང་། སྦྲང་རྩི་དང་། སྤྲ་ཚིལ་བཙགས་པ་དང་། རྒྱ་སྲན་བཙོས་པའི་ཁུ་བ་དང་། བཞི་པོ་ཆ་མཉམ་པ་གཅིག་ཏུ་བྱས་ཏེ་སྦྱངས་ནས་ཟོས་ན་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟ་བུར་འགྱུར་རོ། །རྩི་བཞི་དང་རྒྱ་སྲན་བཙོས་པའི་ཚད་ནི་ཆུ་བྲེ་དོ་ལ་བཙོས་པས་ཕུལ་གསུམ་དུ་སོང་དུས་བཙགས། དེ་ནས་དུལ་བའི་ཚད་ནི་བུ་རམ་བསྒོར་བ་དང་འདྲ་བར་ཤེས་གསུངས་སོ། །དེའི་བར་དུ་ལྟོ་གཙང་བ་གལ་ཆེའོ། །སྨན་དང་ལྟོ་གཉིས་ཆེ་ཆུང་མ་ཤོར་བ་གལ་ཆེའོ། །ཆག་ཚད་བར་པ་གཅིག་ལ་བྱའོ་གསུངས་སོ། །འོ་མ་བསྐོལ་བ་ངར་ཆག་ནས་བཏུང་ངོ་། །ཆང་གསར་འཇམ་ཡང་བཏུང་དུ་བཏུབ། ཚྭ་ལ་སོགས་པ་སྐྱོན་སྤང་ངོ་། །དེ་ནི་བདུད་རྩིའི་བཅུད་བླང་བའོ། ༈ །ནང་གི་བཅུད་བླང་བ་རྡོའི་རྩི་ནི། ཅོང་ཞིའི་ཆུ་བྲེ་གང་། བྲག་ཞུན་ཕུལ་གང་གངས་ཆུར་བསིང་ངོ་། །དེ་ནས་དེ་གདུ་ལ་ལོགས་སུ་ཚག་བྱས་ལ། དེ་ནས་མར་ཁུ་དྭངས་མ་དེ་དང་མཉམ། སྦྲང་རྩིའི་དྭངས་མ་དེ་དང་མཉམ། རྒྱ་སྲན་བཙོས་པའི་ཁུ་བ་དང་མཉམ་པོ་དེ་ཚོ་འདྲེས་པར་དཀྲུགས་ལ་རྫ་མ་གཅིག་ཏུ་ཚག་བྱའོ། །དེ་ནས་ལྟོ་གཙང་མ་ལ་སྙོམས་པར་བཟའོ། །དམ་ཚིག་ཏུ་བུ་རམ་འབྲུ་མར་སྣང་། ཙམ་བསྲུང་ངོ་། །ཚོས་པའི་ཚད་ནི་བུ་རམ་བསྒོར་བ་བཞིན་ནོ། །མར་དང་སྦྲང་རྩི་བཙོ་མི་དགོས་གསུངས་སོ། །དེ་ནི་རྡོ་ལ་བཅུད་བླང་བའི་རྩིའོ། ༈ །གསང་བའི་བཅུད་བླང་བའི་རྩི་ནི་ཆུ་ལ་བཅུད་བླང་བའོ། །རྡོ་ཆུ་དང་། དངུལ་ཆུ་དང་། མཁའ་འགྲོ་མའི་དུས་ཆུའོ། །རྡོ་ཆུ་ནི་ཕྱག་ཚང་ཁུ་བ་བླང་། འདུལ་བ་ནི་བ་དམར་སྐྱའི་ཁྲག་གིས་འདུལ་བའོ། །དེ་ནི་གསང་བའི་བཅུད་བླང་བའོ། །མུ་ཟི་དང་ཁོང་ཟིའི་བཅུད་བླང་བ་འདིར་མ་གསུང་ངོ་། །སློབ་དཔོན་བཻ་རོ་ཙ་ནས་སྤང་མི་ཕམ་མགོན་པོ་བསྒྲེས་ནས་དེ་ཡི་དོན་དུ་གསུངས་སོ། །བཅུད་ལེན་ལམ་གྱི་གདམས་ངག་ལ་ཕྱི་ནང་གསང་བ་གསུམ་དུ་བྱུང་བ་ཡིན་ཏེ། འདི་ལམ་དུ་འཁྱེར་བ་ལ་དེ་ཁོ་ན་ཉིད་བསྡུས་པའོ། །གསང་བ་དེ་ཁོ་ན་ཉིད་ཉམས་སུ་བླང་བ་ནི་དེ་ལ་དང་པོ་རྩ་བ་རྣམས་ཆ་མཉམ་པར་བྱས་ལ་ཞིབ་པར་བཏགས། ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ཟས་ཀྱི་རྒྱུན་སྤང་བའོ། །དེ་ནས་ཞག་ཉི་ཤུ་རྩ་གཅིག་ཏུ་རྩ་བ་ལྔ་པོ་མར་དང་བཅས་ཏེ་བཟའོ། །དེ་ནས་སྨན་ནང་གི་བཅུད་བླང་བ་སྨན་གྱི་རྩི་ནི་ཤ་ལྔ། བདུད་རྩི་ལྔ། ངང་ངུར་བྱ་རོག་ཤུག་གུ་གུལ་གྲུ་རྣམས་དང་ལྔའོ། །མར་དང་བཅས་པས་ཞག་ཉི་ཤུ་རྩ་གཅིག་ཕྱིའི་རྒྱུན་སྤོང་། ཞག་ཉི་ཤུ་རྩ་གཅིག་ཏུ་འོ་མ་དང་བཅས་པ་བཟའོ། །བའི་འོ་མ་ཕུལ་རེའི་ནང་དུ་བདུན་ཕུལ་ཕྱེད་ཕྱེད་བཏང་ངོ་། །དེ་རྣམས་མཐར་ཕྱིན་པར་བྱ་བ་ནི་དེ་རྣམས་སྦྲང་རྩི་དང་སྦྱར་ཏེ་མར་གྱི་ཉིང་ཁུ་དང་སྤྱད་ནས་ཞག་ཉི་ཤུ་རྩ་གཅིག་གིས་མཐར་ཕྱིན་པར་འགྱུར་རོ། །དེ་གང་ཟག་གི་རྒྱུད་ལ་ཉམས་སུ་བླང་བ་ནི་ཟས་གང་འཕྲོད་ལ། དྲི་མ་འབགས་སྒོ་མེད་པར་ཟ་སྟེ། བུད་མེད་སྤངས་ཏེ་རྒྱུན་ངན་པ་བོར་ཏེ། དང་པོ་རྒྱུན་སྤོས་པའི་རྒྱུན་དེ་རྡོ་ལེབ་སྟེང་དུ་གྲིབ་སྐམས་བྱས་ཏེ། དེ་དང་རྩ་བ་ལ་རྒྱུན་གོང་བཞིན་དུ་སྒོམ་སྟེ། ཤ་ལྔ། བདུད་རྩི་ལྔ་དང་སྦྱར་ལ་འོ་མ་དང་བཅས་པ་ཟོས་ན་ཕྱིའི་བཅུད་བླང་བའོ། །དེ་ཡང་རྣམ་སྣང་གོང་བཞིན་སྐམས་ཏེ་སྦྲང་རྩི་དང་མར་དང་བཅས་ནས་ཟོས་ན་མཐར་ཕྱིན་པར་འགྱུར་རོ། །ཤ་ལྔ་བདུད་རྩི་ལྔ་གུ་གུལ་ངང་ངུར་བྱ་རོག་རྣམ་སྣང་མར་དང་བཅས་པ་ཞག་ཉི་ཤུ་རྩ་གཅིག་གིས་ཕྱིའི་རྒྱུན་སྤོས། ཞག་ཉི་ཤུ་རྩ་གཅིག་ཏུ་འོ་མ་དང་བཅས་པ་ཟའོ། །དེ་ལྟར་ཟོས་པས་མཐར་ཕྱིན་པར་འགྱུར་རོ། །བཅུད་ལེན་གསང་བའི་བདུད་རྩི་སྒྲུབ་པ་ནི། མི་ཐོད་མཚན་ལྡན་གཅིག་ཏུ་འོ་མ་དང་བཅས་པ་ཟའོ། །དེ་ལྟར་ཟོས་པས་མཐར་ཕྱིན་པར་འགྱུར་རོ། །བཅུད་ལེན་གསང་བའི་བདུད་རྩི་སྒྲུབ་པ་ནི། མི་ཐོད་མཚན་ལྡན་གཅིག་ཏུ་ཚིག་མ་ཕྱུང་ལ་ཁུ་བ་སུས་ཤ་ལྔ་བདུད་རྩི་ལྔ་དང་སྦྱར་ཏེ་མོ་ཐོད་ནང་དུ་བླུགས་ནས་ཕོ་ཐོད་མཚན་ལྡན་གཅིག་གིས་ཁ་བཅད་དེ་དར་དཀར་པོས་དྲིལ། དེ་ནས་དམར་པོས་དྲིལ་ཏེ་མཉྫིའི་ཁར་བཞག་ནས་འོག་ཏུ་མེ་བཏང་། རང་ཧེ་རུ་ཀར་བསྒོམ། བདུད་རྩིར་བྱིན་གྱིས་བརླབས། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་བསྒྲུབ་བོ། །བདུད་རྩིའི་དྲི་ཚོར་བའི་རྟགས་བྱུང་ནས་འོ་མ་དང་བཅས་ལ་བཟའོ། །དེ་ལྟར་བྱས་པས་མཐར་ཕྱིན་པར་འགྱུར་ནས་རྡོ་རྗེ་ལྟ་བུའི་ལུས་ཐོབ་སྟེ་ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ། །དེས་ཚེ་ལ་དབང་བའི་རིག་འཛིན་ཐོབ། །དེ་ནས་སེམས་ཉིད་རྣམ་པར་དག་ནས། རྣམ་པར་སྨིན་པའི་རིག་འཛིན་ཐོབ། དེ་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། དེ་ལ་འཕོ་འགྱུར་མེད་པས་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པའོ། །དེ་ནས་རིག་འཛིན་གྱིས་ཐོབ་སྟེ་རིག་འཛིན་གྱི་ས་ལ་གནས་པ་སྟེ་འཁོར་བ་རྒྱུན་བཅད་པའོ། །ཨཐྎ། ལུས་འགག་པ་ནི་བཅུད་ལེན་གྱི་དུས་སུ་བྱེད་དེ། བུ་ཆུང་གི་ཀླད་པ་དང་། གསེར་སྦྲུལ་ཟེར་ཏེ། སྤྲུལ་པའི་ཨ་ཤོ་ཨ་དྷར་གྱི་སྲོན་དེ་བཟའོ། །སྔོན་པོ་བྱུང་ན་སྦྲུལ་ཟེར་རོ། །ཕག་སྒུར་པོ་གླང་དཀར་གྱི་ཁྲག་དང་། ཀར་ར་བི་ར་ཟེར་ཏེ་ཉ་བྲིད་མའི་མེ་ཏོག་དང་། དོམ་མཁྲིས་རྣམས་མཉམ་པར་བྱས་ཏེ། ལུག་མིག་པའི་མེ་ཏོག་ཀྱང་གཏོང་། ནང་མ་གསུམ་ལ་ཚད་བྱི་སྒོང་རེ་རེ་འཕྲད་དུ་ར་དཀར་མོའི་འོ་མའམ་འོ་མ་གང་ཡང་རུང་བས་ཕུལ་ལ་བཏང་། སྨན་གོང་མ་ཚོའི་ཀ་ར་གཉིས་འགྱུར་བཏང་ལ་ཁ་བསྒྱུར་རོ། །དེ་ཡིས་ཕྱག་རྒྱའི་ཐིག་ལེ་འཛིན་པར་འགྱུར་རོ། །བཅུད་ལེན་གྱི་ལག་ལེན་ཡིན་ནོ། །དེས་སྐྱེ་བ་བཅད་དོ། །ཨཐྎ། དེ་ནས་མཛོའམ་དྲེའུའི་ཀླད་པའམ་ད་ལི་ན་མུང་དཀར་པོའི་མེ་ཏོག་ཀྱང་གཏོང་། འདིས་ནི་སྐྱེ་བའི་རྒྱུན་རྫས་ཀྱིས་གཅོད་པའོ། ། ༅། །ན་མོ་གུ་རུ། དང་པོ་ཕྱག་རྒྱ་མའི་མཚན་ཉིད་བརྟགས། མཚན་ལྡན་དང་པོ་ཉི་ཤུ་རྩ་གཅིག་ལོན་པ་རྙེད་ནས་ཚོགས་ཀྱིས་མཆོད། རབ་དང་འབྲིང་དང་ཐ་མ་གསུམ། །ལྟས་དང་རེག་དང་སྦྱོར་བས་ཚིམ། །ཐ་མ་སྦྱོར་བ་བྱ་བ་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །ཡབ་ཀྱིས་ཡུམ་གྱི་གཡོན་ནས་འཁྱུད། །དང་པོ་ཡབ་ཡུམ་ལྷ་རུ་སྒོམ། །གཉིས་པ་མཁའ་གསང་བྱིན་གྱིས་བརླབ། །གསུམ་པ་འབེབས་ལ་མཁས་པར་བྱ། །བཞི་པ་བཀྲམ་ལ་མཁས་པར་བྱ། །ལྔ་པ་ལྡོག་ལ་མཁས་པར་བྱ། །དྲུག་པ་འདྲེན་ལ་མཁས་པར་བྱ། །དེ་དུས་ཟག་བཅས་བདེ་བ་སྟེ། །རྒྱུད་ལ་སྐྱེས་ན་བདེ་བ་ཡང་། །རྩོལ་བ་དང་བཅས་པ་ལུས་ལ་གནས་པའི་རླུང་དང་ཟག་བཅས་ལུས་ལ་གནས་པའི་བདེ་བ་གཉིས་རྩོལ་མེད་ཀྱི་རླུང་དང་། ཟག་མེད་ཀྱི་བདེ་བ་གཉིས། བརྡ་ཡིས་འཛིན་པའི་དུས་སུ་རྩོལ་བཅས་དང་ཟག་བཅས་གཉིས་འཛིན་པར་མི་འདོད་ཀྱང་ངོ་ཤེས་པ་གལ་ཆེའོ་གསུངས་སོ། །དང་པོ་བེམ་པོའི་ངོ་བོ་སྦྱར་བ་དང་། ལུས་ལྷ་རུ་འདོང་། གཉིས་པ་ལུས་ཀྱི་གནད་རྣམས་བཅོས། གསུམ་པ་རྩ་ཆེན་གཉིས་ཞུགས་སྲོག་རྩ་དབུ་མར་བསྒོམ། བཞི་པ་མདོག་རྣམས་བྱུང་ན་བསིལ་བའི་བདུད་རྩི་འབབ། ལུས་ལ་དྲོད་འབར་བའི་རྩོལ་བཅས་རླུང་གི་གདམས་པ་རྫོགས་སོ། །བདག་ཉིད་ཡེ་ཤེས་སེང་གེ་ཡིས། །ཡི་གེར་བྲིས་པ་བཟོད་པར་གསོལ། །གདམས་ངག་ཟབ་མོ་དག་ལ་ཡང་། །ལག་ལེན་དག་ཏུ་མ་བྱས་ན། །བསླབ་པ་དག་གིས་མི་ཕན་ནོ། ། ༅། །ན་མོ་གུ་རུ། མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་འདི་ལ་གཉིས། ཕྱི་རྒྱ་མཚོ་ཁྲུས་ལུང་དང་། ནང་རྒྱ་མཚོ་ཁྲུས་ལུང་གཉིས། དེ་ལ་ཕྱི་རྒྱ་མཚོའི་ཁྲུས་ལ་བརྟེན་པ་རྒྱ་མཚོ་དང་། བརྟེན་པའི་རི་བོའོ། །ནང་རྒྱ་མཚོའི་ཁྲུས་ལ། གནས་རྒྱ་མཚོ་དང་། གནས་པའི་རི་བོའོ། །རླན་ཙམ་གཤེར་ཙམ་ལས་བརྟེན་པས་རྒྱ་མཚོ་འབྱུང་བས་ན་བརྟེན་རྒྱ་མཚོའོ། །རྡུལ་ཕྲ་རབ་ལ་བརྟེན་པ་རི་བོའོ། །མཆོག་རབ་འབྱུང་བ་ནི་ཕྱི་བརྟེན་པའི་རི་བོའོ། །འདི་ནི་རྒྱ་མཚོ་ཁྲུས་ལུང་ཡིན་པས་བུམ་པ་བརྟེན་པའི་ཕྱིར་རོ། །བུམ་ཆུ་བརྟེན་རྒྱ་མཚོ་ཡིན་པས། དེ་ལ་སྦྱོར་བ་དང་། དངོས་གཞི་གཉིས། དང་པོ་སྦྱོར་བ་ནི། སྣོད་ལྡོམ་པ་ལ་མི་ལྡོམ་པ། ཐོད་པ་ལ་མི་བྱ། སྨན་ལྡོམ་ལ་མི་ལྡོམ་པ། ཨ་མྲྀ་ཏ་མི་བཏང་། སྤོས་ལྡོམ་ལ་མི་ལྡོམ་པ་ཡང་གླ་རྩི་མི་བཏང་། ཡོད་དོ། །དང་པོ་ནི་སྣོད་ཀྱི་མཚན་ཉིད་ནིི་བུམ་པ་བྲེ་གང་འགྲོ་བ་ཞབས་སྟེགས་ཡོད་པ། གདན་རིམ་པ་གསུམ་ཡོད་པ། མགྲིན་པ་རིང་བ་། ལྟོ་བ་ལྡིར་བ། མཆུ་འཕྱང་བ། སྐེ་ལ་མུ་ཏིག་གི་ཕྲེང་བ་ཡོད་པ། དེའི་ནང་དུ་བཅུད་ནི། ཆུ་སྲོག་ཆགས་མེད་པ་དང་། སྤོས་སྣ་ཚོགས་དང་། སྨན་སྣ་ཚོགས། འབྲུ་ལྔ། སྙིང་པོ་ལྔ་ལ་སོགས་བསྩལ་ནས། རས་སམ་བལ་གྱི་མགུལ་ཆིངས་དང་ཤིང་འབྲས་བུ་ཅན་གྱི་ཁ་རྒྱན་ཡོད་པ་དང་། མཎྜལ་མེ་ཏོག་ཚོམ་བུ་ལྔ་ལ་སོགས་པར་བཞུགས་སུ་གསོལ་ནས་དེ་ནི་སྦྱོར་བའོ། །དངོས་གཞི་ནི་བདག་སྟན་བདེ་བ་ལ་འདུག་སྟེ། བདག་གི་ཐུགས་ཀར་ཨཱོྂ་ཁ་དོག་ལྔ་པ་གཅིག་གསལ་བ་ལས། ༀ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་བུམ་པ་མི་དམིགས་པར་བསྒོམ་མོ། །བདག་གི་ཐུགས་ཀའི་ཨཱོྂ་ལས་འོད་འཕྲོས། ཡི་གེ་ལྃ་སེར་པོ་གཅིག་ཏུ་གྱུར་ཏེ། ལྃ་ལས་གསེར་གྱི་བུམ་པ་མཚན་ཉིད་དང་ལྡན་པ་གཅིག་ཏུ་བསམ། པྃ་ལས་པདྨའི་སྡོང་པོར་གྱུར་པར་བསམ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། པདྨའི་ཟེའུ་འབྲུ་ལ་ཧཱུཾ་ལྗང་ཁུ་སྒྲིལ་མ་གཅིག་ཏུ་བསམ། དེ་ཀྱུར་གྱིས་འགྱུར་བ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་སྔོན་ཕྱག་གཡས་ན་གསེར་གྱི་རྡོ་རྗེ་བསྣམས་པ། ཕྱག་གཡོན་ན་ཤེལ་གྱི་དྲིལ་བུ་བསྣམས་པ། ཕྱག་གཉིས་དཀུ་ལ་བརྟེན་པ། དེ་ལྟ་བུ་གཅིག་བུམ་པའི་ནང་དུ་ལམ་གྱིས་བསྒོམ་མོ། །ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའ་ལ་ཧཱུཾ་སྒྲིལ་མ་གཅིག་ཏུ་གྱུར། དེ་གྱུར་པས་བདུད་རྩི་འཁྱིལ་བ་སྔ་མ་ལྟ་བུ་གཅིག་ཏུ་གྱུར། ཡང་བདག་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བཅུད་བསྡུས། ཚུར་འདུས་མདུན་གྱི་བདུད་རྩི་འཁྱིལ་པ་ལ་ཕོག་པས། དམ་ཚིག་སེམས་དཔའ་ཞུ་སྟེ་བུམ་པའི་ནང་དུ་བདུད་རྩི་དཀར་མེར་གྱིས་སོང་བར་བསམ། དེ་ནས་སྔགས་འདི་བརྗོད་པས། གཟུངས་ཐག་ལ་སྔགས་ཀྱི་ཡིག་འབྲུ་དང་། རྡོ་རྗེ་ལུ་གུ་བརྒྱུད་དུ་བཅས་ནས་བུམ་པའི་ནང་དུ་དཀར་ཆུར་གྱིས་སོང་བར་བསམ། སྔགས་ནི་འདིའོ། །ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་བི་ཧོ་ཤུདྡྷེ་ཤུདྡྷེ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཡྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་བི་རྃ་ན་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨཱཿ ཞེས་བརྒྱ་རྩ་བརྒྱད་དགོང་མོ་བརྗོད་ནས། ༀ་ཨཱཿཧཱུྃ་ཞེས་པས་བདག་གི་ཐུགས་ཀ་ནས་ལག་པ་གཡས་པའི་གུང་མོ་ལ་ༀ། མཛུབ་མོ་ལ་ཨཱཿ སྲིན་ལག་ལ་ཧཱུཾ། དེ་ཚོ་གསལ་བ་ལ། ༀ་ཨཱཿཧཱུྃ་ཞེས་བརྗོད་ནས་བུམ་པའི་ཁ་ལ་རེག་རེག་བྱས་པས། བུམ་པའི་བདུད་རྩིའི་སྟེང་དུ་བར་ཆད་བསྲུང་བ་ལ་ཡི་གེ་གསུམ་སྤྲིས་མའི་ཚུལ་དུ་བྱུང་བར་བསམ། གཟུངས་ཐག་བཟེད་ལ་ཉལ། དེ་ནས་ནངས་པར་ལང་ཙ་ན་མ་བུ་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་བདག་ཡར་ལ་ལངས་ནས་ཞྭ་གྱོན་པས་བླ་མ་སྤྱི་བོར་འཁུར་བར་བསམ། གནམ་འདུད་གྱོན་པས་ཁྲེལ་དང་དམ་ཚིག་ངོ་ཚ་ཤེས་པར་བསམ། ལྷྭམ་གྱོན་པས་འགྲོ་བའི་དོན་ལ་བརྩོན་པར་བསམ། རལ་གུ་གྱོན་པས་རྡོ་རྗེའི་གོ་ཆས་བར་ཆད་ཀྱིས་མི་ཚུགས་པར་བསམ། སྐེ་རགས་བཅིངས་པས་རྡོ་རྗེའི་བཀའ་ནན་བཅིངས་པར་བསམ་མོ། །དེ་ནས་མཛུབ་མོ་དང་གུང་མོས་བུམ་པའི་སྐེ་ནས་བཟུང་སྟེ། ༀ་ཨཱཿཧཱུྃ། ཞེས་བརྗོད་པས་ཡི་གེ་ལས་འོད་ལྔ་ཕར་ལ་འཕྲོས་པས། ཕྱོགས་བཅུའི་ཏ་ཐཱ་ག་ཏ་ཐམས་ཅད་ཀྱི་བཅུད་བསྡུས་ནས་ཤར་ཕྱོགས་ནས་ལྷ་མོ་དཀར་མོ་བུམ་པ་དཀར་པོ་ཕྱག་ན་བསྣམས་པ། ལྷོ་ནས་སེར་མོ། ནུབ་ནས་དམར་མོ། བྱང་ནས་ལྗང་མོ། སྐུ་མདོག་དང་མཐུན་པའི་བུམ་པ་བསྣམས་ནས་སྤྱི་བོར་བྱོན་པར་བསམ་ལ་བདག་ལ་དབང་བསྐུར་བར་བསམ་ལ། ཁྲུས་བྱ་བ་ནི། ཨེ་ཧོའི་སྔགས་ལ་ཨ་ཨཱ་དང་སྭཱ་ཧཱ་བཏགས་ལ་ཆུ་དེ་ལ་ཁྱོར་བ་གང་གནམ་ལ་གཏོར་བས་བླ་མ་ཡི་དམ་མཁའ་འགྲོ་དང་། ཏ་ཐཱ་ག་ཏ་ཐམས་ཅད་ལ་བདུད་རྩི་ཕུལ་བས་དགྱེས་ནས་ཐུགས་རྣམ་པར་དག་སྟེ་དམ་ཚིག་ཉམས་པ་ཐམས་ཅད་བསྐང་བ་དང་བཤགས་པར་གྱུར་པར་བསམ་མོ། །དེ་ནས་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་རང་གི་གདོང་པ་བཀྲུས་པས། ལུས་ཀྱི་སྒྲིབ་པ་དག་པར་བསམ། ཁ་བཤལ་བས་ངག་གི་སྒྲིབ་པ་དག་པར་བསམ། བཏུང་བས་ཡིད་ཀྱི་སྒྲིབ་པ་དག་པར་བསམ། ལྷག་མ་ཁྱོར་བ་གསུམ་གཏོར་བས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་ནམ་མཁའ་ལྟ་བུར་གྱུར་པར་བསམ་མོ། །དེ་ནི་ཕྱིའི་རྒྱ་མཚོའི་ཁྲུས་ལུང་ངོ་། ༈ །ནང་རྒྱ་མཚོ་ཁྲུས་ལུང་ལ་གནས་པའི་རི་བོ་དང་། གནས་རྒྱ་མཚོ་ནི་ལུས་ལ་རྩ་གནས། རྩ་ལ་ཁྲག་དང་ཆུ་སེར་གནས་པའི་རྒྱ་མཚོའོ། །ཤ་དང་རུས་པ་དང་ཆུ་རྒྱུས་ལས་ལུས་སུ་གནས་པ་ནི་གནས་པའི་རི་བོའོ། །འདི་ནི་རྒྱ་མཚོ་ཁྲུས་ཀྱི་ལུང་ཡིན་པས་ལུས་གནས་པའི་རི་བོའོ། །དྲི་ཆུ་ནི་གནས་པའི་རྒྱ་མཚོའོ། །རི་བོ་གང་ན་གནས་པ་རྒྱ་མཚོ་གནས། རྒྱ་མཚོ་གང་ན་གནས་པ་ན་ནི་རི་བོ་གནས་སོ། །དེ་ལ་སྦྱོར་བ་དང་། དངོས་གཞི་གཉིས། དེ་ལ་སྦྱོར་བ་ནི། ཉ་ཕྱིས་སམ་ཏིང་ངམ། ཁམ་ཕོར་དུ་བླུགས་པས་ཆུ་གཡོན་ནས་གཡས་སུ་འཁོར་བ་དང་རླུང་གཡོན་ནས་འགྱུ་བ་འཛོམ་ན་བཟང་ངོ་། །དེ་བརྟག་གོ། །དེ་ནས་ཆུ་ཁ་གཏིང་འཁྲུགས་ན་ངན་ནོ། །ནག་པོར་བྱུང་ན་ངན། དམར་པོ་བྱུང་ན་ངན། སྐྱ་བོར་བྱུང་ན་ངན། དེ་ཡང་ཕོ་དགོས་པ་ཡིན་ནོ། །པི་ཝང་ལ་རི་མོ་དང་མ་ནུའི་གཟུགས་དང་དུམ་བུར་ཆད་ན་དེ་ཡང་ཕོར་དགོས་པ་ཡིན་ནོ། །ཁ་སངས་ཕྱེད་པ་དང་སངས་སེ་བ་ལ་སྤྲིས་མ་སེར་པོས་ཁ་བད་ཀྱིས་ཆོད་པ་གཅིག་བྱུང་ན་དེ་ནི་བདུད་རྩི་འཁྱིལ་བ་དར་ཡ་ཀན་བྱ་བ་ཡིན་པས་དེ་ནི་དབུ་མ་དང་མི་སྤངས་བྱ་བའི་སྒྲོས་ཆགས་པས་མི་འབོའོ། །དེ་ནས་བདུད་རྩི་བརྟེན་པའོ། །དངོས་གཞི་ནི། སྣོད་ཀྱི་ནང་དུ་ཡི་གེ་མྃ་སེར་པོ་ཅིག་བསམ་སྟེ། དེ་འོད་དུ་ཞུ་བ་ལས་གསེར་སྣོད་སེར་པོ་ཆེ་བ་གཅིག་ཏུ་བསམ། དེའི་ནང་དུ་ཡི་གེ་བྃ་དམར་པོ་གཅིག་བསམ། དེ་འོད་དུ་ཞུ་བ་ལས་སྣ་ཚོགས་པདྨའི་སྡོང་པོ་གཅིག་བསམ། དེའི་གེ་སར་ལ་ཧཱུཾ་ལྗང་གུ་གཅིག་བསམ། དེ་ལ་ཧཱུཾ་ཞེས་ལྕེ་རྩེ་བཀུག་ཙམ་བརྗོད་པས་ཧཱུཾ་ལས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཕྱག་གཉིས་དཀུར་བརྟེན་པ་གཅིག་ཏུ་བསམ། དེ་ནས་དེ་ལས་འོད་ཟེར་འཕྲོས། མ་བུའི་དོན་བྱས་ཚུར་འདུས་པ་ལས་ཡེ་ཤེས་ཀྱི་འོད་དེ་དམ་ཚིག་གི་བདུད་རྩི་འཁྱིལ་བ་ལ་ཕོག་པས་འོད་དུ་ཞུ་ནས་དཀར་མེར་གྱིས་གྱུར་པར་བསམ་མོ། །དེ་ནས་སྔགས་འདི་བཟླས་སོ། །ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཡ་ཤུདྡྷེ་ཤུདྡྷེ། ཨ་བི་རྃ་ཤུདྡྷེ་ཤུདྡྷེ། བི་རྃ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཞེས་ལན་ཉི་ཤུ་རྩ་གཅིག་བརྗོད། སྲིན་ལག་གིས་ཆུ་དཀྲུགས། དེ་ནས་ཨཱ་ཨ་ཨཱ་ཨ་ཞེས་བརྗོད་པས་ལྷ་མོ་བཞིས་བདུད་རྩིའི་བུམ་པ་སྐུ་མདོག་དང་མཐུན་པ་བསྣམས་ནས་བདག་གི་སྤྱི་བོར་དབང་བསྐུར་བར་བསམ་མོ། །ལུས་ཤེལ་སྒོང་ཕྱིས་པ་ལྟར་དག་པར་བསམ། ཕུད་གཏོར། གདུང་བཀྲུ། ཁ་བཤལ། ཁོང་དུ་བཏུང་། ཆུ་ལྷག་མ་གཏོར་བས་ཁམས་གསུམ་སེམས་ཅན་གྱི་སྡིག་སྒྲིབ་དག་པར་བསམ། བདག་དང་སེམས་ཅན་ཐམས་ཅད་དབྱེར་མི་ཕྱེད་པ་བདེ་གསལ་གཉིས་མེད་ཀྱི་ངང་ལ་ཐུབ་ཚད་གཅིག་བཞག་གོ། །དེ་ཡང་རྒྱ་མཚོ་ཁྲུས་ལུང་ལས། ཕུང་པོ་ལྔ་ནི་དག་བྱེད་ཅིང་། །ཉོན་མོངས་ལྔ་ནི་སྦྱོང་བྱེད་པ། །ཡེ་ཤེས་ལྔ་ནི་ངོ་བོར་གནས། །ཞེས་གསུངས་སོ། །མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་རྫོགས་སོ། །ཨཐྎ། བཀྲ་ཤིས།། །། བརྒྱུད་ལས་བཏུས་པའི་རྡོ་རྗེ་ཟམ་པའི་དམ་ཚིག་ཉི་ཤུ་པ་བཞུགས་སོ། །གསན་ཡིག་ལ་ལར་ཉི་ཤུ་རྩ་བཞི་ཟེར་བའང་སྣང་གསུངས། བླ་མ་རྒྱུད་ལས་བཏུས་པ། དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། རིམ་པ་དབང་གིས་བསྒྲོད་དོ། །དོན་མན་ངག་གིས་བསྒྲུབ་པའོ། །བསླབ་པའི་མཐའ་དྲུག་གོ། །དེ་ཡང་གཞུང་རྩ་བའི་ལས་གསང་དབང་རིམ་པས་ནོད། དམ་ཚིག་མི་སྐུ་གསུང་ཐུགས། འདའ་དབང་སེམས་ལྡན། །ཞེས་གང་ཟག་གསུངས་པས། གསང་སྔགས་མ་ཧཱ་ཡོ་གའི་གཞུང་གིས། གཞི་བསྐྱེད་རྫོགས། དམ་ཚིག་གིས་བཟུང་ལ་བརྟུལ་ཞུགས་ཀྱི། སྤྱོད་པས་དོར། ཐག་ཚུལ་འཆོས་སྤངས། ལྟ་བས་བཅད། ཅེས་གསུངས། དམ་ཚིག་ལ་གཉིས་ཏེ། མདོར་བསྟན་པ་གསུམ་དང་། རྒྱས་པར་བཤད་པའོ། །ཉི་ཤུ་དང་པོ་ལ་གསུམ་སྟེ། སྐུ་ཡི་དམ་ཚིག་དང་། གསུང་གི་དམ་ཚིག་དང་། ཐུགས་ཀྱི་དམ་ཚིག་གོ། །རྒྱས་པར་བཤད་པ་ལ་ཉི་ཤུ་ལས། དང་པོ་གཅན་གཟན་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་བསྡོ། ངན་སེམས་དང་ལོག་པར་མི་ལྟ། སྤྱི་བོར་བཀུར་ཞིང་མཉེས་པའི་ཡོན་དབུལ། གྱི་རྒྱལ་པོ་སེང་གེ་མི་བསད་པ། ཟ་མ་ཏོག་གི་སློབ་དཔོན་གྱི་ཡུམ་ལ་མི་སྤྱད་པ་དང་། མི་སྨད་པ་དང་། ལོག་པར་མི་ལྟ་བ་དང་། མཉམ་པར་ཤེས་པར་བྱའོ། །ནང་དུ་དུག་མི་སྤྱོད་པ། རིན་དད་པ་ཅན་གྱི་ཚོགས་མི་བཅག་པ་དང་། པོ་ཆེའི་ལྕུགས་ཕྲན་མི་བྲེག་པ་བ་ལིང་མཆོད་པ་དང་དུས་མཆོད་མི་བཅག་པ་དང་། དང་། གངས་དཀོན་མཆོག་གི་དངོས་པོའི་དཀོར་ལ་མི་འབག་པ་དང་། བླ་མའི་ནོར་ལ་ལོངས་མི་སྤྱད་པ་དང་། ཀྱི་ཞུན་ཆུ་ཁོལ་མ་མི་བཏུང་བ་དང་། པདྨའི་ཟེའུ་འབྲུ་ཁ་དམ་ཚིག་གཅིག་པའི་ཡུམ་ལ་མི་འབག་པ་དང་། འོག་འབྲུ་བ་དང་། མཛའ་བ་དང་། སྤྱད་པར་མི་བྱའོ། །མི་དབྱེ་བ་དང་། སྣོད་བུག་དམ་ཚིག་ལ་མི་གནས་པ་ལ་གསང་སྔགས་བཤད་པར་མི་བྱའོ། །རྡོལ་ཅན་དུ་བཅུད་མི་བླུགས་པ་དང་། མ་བརྟགས་པའི་རྫས་བྱིན་གྱིས་མ་བརླབས་པ་དང་། བཀྲ་མི་ཤིས་པའི་ཐོད་པ་དང་། རལ་པ་དང་། ཐང་སྐུ་དང་། དཔེ་ཆ་དང་། གཞན་གྱི་དཔེ་འཁྱམས་མི་བསྲེའོ། །མ་སྲེལ་བ་དང་། ཤེལ་ཤེས་པ་ཅན་གྱི་མི་ལ་ཞོར་ཟློས་དང་། བག་མེད་དང་། ཡོན་ཏན་སྨོད་པ་དང་། སྙིང་ནས་ཡོན་ཏན་ལ་མི་སྨད་དོ། །གོང་དཀར་པོ་འདམ་བུ་མི་བསྣུབ་པ་དང་། སེང་གེའི་ལྷ་དབང་དང་། བུམ་དབང་དང་། ལས་ཀྱི་ཉན་དུ་གཞུག་པའི་དབང་དང་། གསང་དབང་དང་། དེ་ཉམས་པ་ལ་མི་བསྐུར་རོ། །འོ་མ་སྣོད་ངན་དུ་མི་བླུགས་པ་དང་། ཡིད་བཞིན་དེ་ཡང་གཞུང་དང་མཐུན་པའི་བླ་མས་དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། སྒྲུབ་ཐབ་སློབ་པ་དང་། ལྷའི་ལུང་འབོགས་པ་ལ་སོགས་པ་རྣམས་སྣོད་ངན་པ་དང་། དབང་མ་ཐོབ་པ་དང་། ཉམས་པ་ལ་མི་བསྟན་པའོ། །གྱི་ནོར་བུ་མི་བསྲེག་པ་དང་། བྱ་རྒྱལ་ཐབས་དང་ཤེས་རབ་བྲལ་བར་མི་བྱ། ཐབས་བསྐྱེད་རིམ་ཤེས་རབ་རྫོགས་རིམ་གཉིས་དང་བྲལ་བར་མི་བྱའོ། །ཁུ་བྱུག་གི་གཤོག་པ་མི་བཅག་པ་དང་། གནམ་རྣལ་འབྱོར་པ་ནང་མི་འཐབ་པ་དང་། ཕུར་བཟློག་དང་། ཟློག་ཟོར་མི་བཏང་། གཞན་གྱི་ཟློག་པ་མི་བྱའོ། །ལྕགས་ངུར་མོ་ས་ལ་མི་གདབ་པ་དང་། སྟག་གཟིག་རོལ་པའི་ཟས་ལྷག་མི་ཟ་བ་གཞན་གྱི་ཉམས་པའི་རྫས་ལ་མི་འཇུག་པ་དང་། ཡུག་ས་མོ་དང་དཀོར་ལ་འབགས་པའི་ཟས་མི་བཟའ་བའོ། །དང་། རྡོ་རྗེས་རྡོ་རྗེ་སློབ་དཔོན་གྱི་སྐུ་མི་བསླུ། དམ་པའི་ཆོས་མི་བསླུ། བསྐྱེད་རྫོགས་བསྒོམ་པ་མི་བཅག །གཏམས་པའི་བྲག་མི་བཤིགས་པ་དང་། རྡོ་རྗེ་དམ་བཅས་པའི་མཚམས་མི་དབྱེ་བ་དང་། ཕྱིའི་མཚམས་མི་འདའ་བ་དང་། ཡི་དམ་མི་བཅག་པ་དང་། དམ་ལས་མི་འདའ་བའོ། །འབར་བའི་གོང་མི་དགར་བ་དང་། མུན་པ་སེལ་བའི་སྒྲོན་མེ་མི་བསད་བསྐྱེད་རྫོགས་བསྒོམ་པའི་ཏིང་ངེ་འཛིན་ལ་སྐྱོན་མི་བགྲང་། པ་དང་། རྡོ་རྗེ་ཆུ་ཡི་འོལ་ཁ་འཛབ་དང་ཆོ་ག་རྒྱུན་མི་བཅད། སྔགས་དང་ཕྱག་རྒྱ་མ་ནོར་བར་བྱའོ། །མི་བཅད་པ་དང་། རྒྱལ་པོ་སྐུ་དབང་རྟགས་ཀྱི་རྡོ་རྗེ་དང་དྲིལ་བུ་ཐོད་པ་བུམ་པ་རྔ་དང་ཐང་ཀ་མི་ལ་མི་སྦྱིན་ནོ། །རྟགས་ཀྱི་ཕྱག་རྒྱ་མི་སྦྱིན་པ་དང་། རྡོ་རྗེ་མཁར་རྫོང་གི་རྨང་མི་རྩ་བ་དང་ཡན་ལག་ལས་མ་འདས་པར་བྱ་དགོས་སོ། །བཟློག་པ་དང་། ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལས་མི་འབོག་སྤྱིར་རྡོ་རྗེ་སློབ་དཔོན་ལ་སྐྱོན་མི་བགྲང་། ཡོན་ཏན་བརྗོད་ལ་གུས་པས། ལུས་ངག་ཡིད་གསུམ་གུས་པར་བྱས་ལ་གསོལ་བ་གདབ་བོ། །པ་དང་། རྩ་བའི་ཁུངས་དུམ་བུ་དྲུག །རྒྱུད་ལས་མདོར་བསྡུས་དམ་ཚིག་པའོ། །དམ་ཚིག་ཉི་ཤུ་པོ་ནི། དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ནས་རིམ་པར་བརྒྱུད། མན་ངག་ལས་ཡིད་ཆེས་པར་རྣ་བརྒྱུད་རྡོ་རྗེ་ཟམ་པའི་དམ་ཚིག་ལ། བྱ་བའམ། བླ་མ་བརྒྱུད་པའི་རིམ་པ་བསྟན་པ་རྫོགས་སོ།། །། ༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་རོ་ཧཾ་གྱི་གདམས་པ་འདི་ལ་དོན་གཉིས་ཏེ། བརྒྱུད་པ་དང་། གདམས་ངག་གོ། །དེ་ལ་དང་པོ་ནི། སིངྒ་ལའི་རྒྱལ་པོ་གཞོན་ནུ་དཔལ་གྱི་སྲས། རྒྱལ་པོ་ཉི་མའི་སེང་གེའི་འོད་ཀྱིས། ཡང་དག་གསང་བ་ཐུགས་ཀྱི་སྒྲུབ་པ་འདི། སིངྒ་ལའི་དུར་ཁྲོད་དུ་བསྒྲུབས་པས། ཞག་བདུན་ན་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་རྟེན་གཞལ་ཡས་ཁང་དང་བཅས་པ་གཟིགས་ནས། མཁའ་འགྲོའི་ཕྱག་ནས། ཧེ་རུ་ཀ་གལྤོ་ལ་སོགས་པའི་རྒྱུད་སྡེ་མང་པོ་སྤྱན་དྲངས་ཏེ། གཤིན་པོ་ལ་ཕན་པའི་ཆོ་ག་འདི་མཛད་དོ། །ཤི་བ་པོ་དགའ་ལྡན་དུ་བསྐྱལ་ཐབས་བྱུང་ངོ་། །ཧ་ཤང་མ་ཧཱ་སུ་དྲ་སྤྱན་དྲངས་གཏོ་དང་དཔྱད་ལ་བརྟེན་ནས་གྲི་ཅན་གྲི་རྒབ་བཅད་པའི་གདམས་པ་འདི་བྱུང་ངོ་། །རྒྱུད་ཧེ་རུ་ཀ་རོལ་པ་ལ་བརྟེན་ནས་གྲི་མཚུན་ཆོས་སྐྱོང་དུ་བསྒྲུབ་པ་འདི་བྱུང་ངོ་། །ཁྲོ་བོ་ཧཱུཾ་བཞི་པའི་རྒྱུད་ལ་བརྟེན་ནས་གྲི་ཅན་རྡུལ་དུ་བརླག་པའི་གདམས་པ་བྱུང་ངོ་། །དེ་ནས་རྒྱལ་པོར་མ་ཕལ་ཞེས་བྱ་བར་མཚན་བསྒྱུར་ཏེ། དགའ་རབ་རྡོ་རྗེ་ལ་ཡང་བརྒྱུད་པར་འདོད་དོ། །ཡང་ལུགས་གཅིག་ལ་ཨ་ཝ་དྷུ་ཏི་པ་ཞེས་བྱ་བར་མཚན་བསྒྱུར་བའང་ཡོད། དེས་མཚན་རི་བྲག་རབ་ཏུ་གསང་བ་ལ་གནང་། དེས་རབ་ཞི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ལ་གནང་། དེས་ཀ་ན་བློ་གྲོས་དབང་ཕྱུག་ལ་གནང་། དེས་སྦ་སྒོམ་ཡེ་ཤེས་དབང་ཕྱུག་ལ། དེས་རྗེ་དྷརྨ་བོ་དྷི་ཡ། དེས་ཇོོ་སྲས་རྡོ་རྗེ་དྲྭ་བ་ལ། དེས་ཇོ་སྲས་འོ་ལ་ཡབ་སྲས་ལ། དེས་འཛེང་བསོད་ནམས་རྒྱལ་པོ་ལ། དེས་དུར་ཇོ་དྷོར། དེས་གོ་རི་བ། དེས་བདག་ལའོ། །གཉིས་པ་གདམས་ངག་ལ་བཞི་སྟེ། གྲི་ཅན་རྡུལ་དུ་བརླག་པ་དང་། གྲི་ཅན་གྲི་རྒབ་བཅད་པ་དང་། གྲི་མཚུན་ཆོས་སྐྱོང་དུ་བསྒྲུབ་པ་དང་། ཤི་བ་པོ་དགའ་ལྡན་དུ་བསྐྱལ་བའོ། །དེ་ལ་དང་པོ་ནི། གཏོར་མ་གསུམ་བཤམས་ལ་དཀོན་མཆོག་ལ་མཆོད་པ་འབུལ་ཞིང་བྱིན་གྱིས་རློབས་ཤིག་པར་གསོལ་བ་གདབ། གཅིག་གཤིན་དེའི་སྲོག་གཅོད་པར་བྱེད་པའི་བདུད་དང་གྲི་བོ་ལ་སོགས་པའི་ཡི་དྭགས་ལ་བྱིན་ལ། བདུད་དང་གྲི་བོ་ལ་སོགས་པ་ཁྱོད་ཀྱིས་གཤིན་ཚེ་ལས་འདས་པ་ཆྒཻ་མོ་ཞེས་བྱ་བའི་གསོན་གྱི་བདུད་གཅོད་ཀྱང་གཤིན་གྱི་ལྕགས་མ་བྱེད་འགྲོ་ས་དང་། གནས་ས་རུ་ཁྱེར་ཅིག །དེངས་ཤིག །གལ་ཏེ་འདི་རུ་འདུག་ན་ནི། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས་ལུས་ངག་རྡུལ་དུ་བརླག་པར་འགྱུར་རོ། །ཞེས་བརྗོད་དོ། །དེ་ནས་གཞི་འདི་ན་གནས་པའི་ས་བདག་ལ་སོགས་པ་རྣམས་ལ་ཡང་གཏོར་མ་བཏང་ཞིང་བདེན་པ་བརྡར་རོ། །བདག་རང་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་ཞུགས་ལ། སྐྲ་སྤྱི་བོར་བཅིངས་པ་ལ་གོས་བརྫེས་ལ། ཁྲོ་བོའི་ལྟ་སྟངས་ཀྱིས་ཞི་དམིགས་བཟློག་ལ་ཆུ་ཤིང་དབྱུག་པས་རོ་ལ་ལ་དྲག་ཏུ་བརྡུངས་ཞིང་གྲི་ཅན་བདུད་པྲ་མ་ན་ར་ན་ད་དུ་ཛཿ ཞེས་མང་དུ་བརྗོད་དོ། །ཁྲོ་བོ་ཧཱུཾ་བཞི་པའི་སྔགས་དང་། གཞན་ཡང་བགེགས་བསྐྲད་པའི་སྔགས་ཅི་མང་བཟླས་སོ། །གཉིས་པ་གྲི་ཅན་གྲི་རྒབ་བཅད་པ་ནི། གཡམ་པ་སྐྱ་བོ་ཚལ་པ་གཅིག་གི་མུ་ཁྱུད་ལ། སྤར་ཁ་གང་ལ་ཤི་བ་དེའི་སྤར་ཁའི་ཕྱག་རྒྱ་གདབ་ལ་བྲིས། ལྟེ་བ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་རོལ་ཏུ་གཞུག་གོ། །གསུམ་པ་གྲི་མཚུན་ཆོས་སྐྱོང་དུ་བསྒྲུབ་པ་ནི། གཤིན་པོ་དེའི་མིང་ཆོས་མིང་དུ་བསྒྱུར་བ་ལ་གོས་དྲེགས་པ་ཅན་ནམ་ཚོར་ལ་རྟེན་བྱས་ལ། མིང་ནས་འབོད་ཅིང་ཟ་བས་མཆོད་དོ། །སྐབས་སུ་ཁོ་ལ་ཕོ་ཉ་ཡང་བཅོལ་ལོ། །བཞི་པ་ཤི་བ་དགའ་ལྡན་དུ་བསྐྱལ་བའི་འཁོར་ལོ་ནི། དབུའི་གཙུག་ཏོར་དུ་གཙུག་ཏོར་དྲི་མ་མེད་པའི་འཁོར་ལོ་གདགས་སོ། །སྙིང་ཁར་སྒྲིབ་པ་རྒྱུན་གཅོད་ཀྱི་འཁོར་ལོ་གདགས་སོ། །ལྟེ་བར་ཡེ་ཤེས་ཀྱི་འཁོར་ལོ་གདགས་སོ། །དམིགས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་ཤེས་ཀུན་གཞིའི་ཉོན་མོངས་པ་ལ་སོགས་པའི་སྣོད་ཞེ་སྡང་གི་ཆ་དེ། གྲི་ཅན་གྲི་རུ་ཟ་བ་དེ་ཡིན་ཏེ། འོད་ལྗང་ནག་གཅིག་ཏུ་རྫུས་ཏེ་ལྟེ་བ་ནས་ལུས་སྲིད་པར་བྱེད་པའི་འབྱུང་བ་བཞི་ཡི་གེ་བཞི་བསྟིམས་ལ། བདག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཐུགས་ཡེ་ཤེས་ཀྱི་མེས་བསྲེག་གོ། །ཏིལ་ལམ་ཡུངས་ཀར་ལ་བསྔགས་ལ་སྦྱིན་སྲེག་བྱའོ། །ༀ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། བསྲེག་རྫས་བརྒྱ་རྩ་བརྒྱད་དུ་འབུལ་ལོ། །གཞི་དོན་སྙིང་པོ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་དེ་ལྗང་རྒྱང་ལམ་ལ་བྱས་ནས་བདག་དགའ་ལྡན་དུ་གཤེགས་པར་བསམ་མོ། །དེའི་ལུང་ནི་མྱ་ངན་ལས་འདས་པའི་མདོ་ལས། ཕྱི་མའི་ཕྱི་མ་དྲི་མ་མེད་པ་ནས། ཐུགས་དཔལ་གྱི་བེའུ་དང་། དབུའི་གཙུག་ཏོར་དུ་གཙུག་ཏོར་དྲི་མ་མེད་པའི་གཟུངས་འདི་གཞུག་ན་ཚེ་ལས་འདས་པ་འདི་དགའ་ལྡན་གནས་སུ་སྨིན་པར་འགྱུར། ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐུ་མྱ་ངན་ལས་འདས་པའི་དུས་སུ། འཁོར་བཞི་མདོ་འདོན་པ་དང་། སྔགས་འཆང་གི་རྒྱལ་པོ་བཞི་སངས་རྒྱས་པའི་ཚེ། དེའི་དུས་སུ་བཀའ་བགྲོས་ནས་གསུངས་སོ། །གྲོ་གའམ་ཤོག་གུ་ལ་འཁོར་ལོ་རིམ་པ་གཉིས་བྱས་ནས་ལྟེ་བར་འབྱུང་བའི་ཡི་གེ་བཞི་བྲིས། ཕྱི་བསྐོར་ལ། ཨཱོྂ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལྟེ་བར་བརླན་ནོ། །ཏིལ་ལམ་ཡུངས་ཀར་ལ་བསྔགས་ཏེ་སྦྱིན་བསྲེག་བྱའོ། །ཨཐྎ།། །།འདི་མཚམས་སྐུ་གསུང་ཐུགས་ཀྱི་གདམས་པ་དོན་གྱིས་བསྟན་པ་ཞེས་བཞུགས་ཀྱང་དཔེ་རྒྱུན་ལ་མ་རྙེད་པས་བྱུང་ཚེ་བཙུད་དགོས། ཞལ་གདམས་བཞུགས་སོ། །རྩ་བ་འདི་ཁོ་ན། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདེ་བ་སྟོབས་དང་ལྡན་པ་ལ་བརྟེན་ནས། ཉིན་མོ་སྣང་བ་ཚོགས་དྲུག་ལམ་དུ་ཁྱེར་བའི་གདམས་ངག་ནི། སེམས་བསྐྱེད་སྔོན་དུ་སོང་ནས་ནི། ཨེ་བྃ་མ་ཡ་ཞེས་ཡི་གེ་བཞི་རུ་ཚིག་བརྗོད་དོ། །དེ་ནས་བླ་མ་བཀུར་བའི་དོན་དུ་ཞྭ་གྱོན། དེ་ནས་གོས་བགོས་ལ་ལུས་རྡོ་རྗེའི་ཞུ་ལུགས་སུ་གྱུར་པར་བསམ། དེ་ནས་སྐེ་རགས་བཅིངས་ཏེ། རྡོ་རྗེའི་བཀའ་ནན་བཅིངས་པར་བསམ། དེ་ནས་ཁྲུས་དང་ཕྱག་བྱ། དེ་ནི་ཁྲུས་ཀྱི་རྣལ་འབྱོར་རོ། །དེ་ནས་དང་པོར་སརྦ་ཀ་ཏེ། ཞེས་ཟས་བྱིན་གྱིས་བརླབ། དེ་ནས་སརྦ་པ་ཏེ་ཞེས་པས་དང་པོར་དཀོན་མཆོག་མཆོད། དེ་ནས་བླ་མ་ལ། དེ་ནས་ཡི་དམ། དེ་ནས་མཁའ་འགྲོ་ལ། དེ་ནས་ཆོས་སྐྱོང་ལ། དེ་ནས་འབྱུང་པོ་ལ། དེ་ནས་ཡི་དྭགས་ལ། ཁ་འབར་མར་བཏང་ངོ་། །དེ་ནི་ཟས་ཀྱི་རྣལ་འབྱོར་རོ། །དེ་ནས་སྣང་བ་ཚོགས་དྲུག་ལམ་ཁྱེར་ནི། མིག་གིས་གཟུགས་མཐོང་བ་གཟུགས་ཀྱི་མཆོད་པ། དེ་བཞིན་དུ་སྒྲའི་མཆོད་པ། དྲིའི་མཆོད་པ། རོའི་མཆོད་པ། རེག་བྱའི་མཆོད་པ། སེམས་ཀྱི་དྲན་རྟོག་ཐམས་ཅད་ཀྱང་དབྱིངས་ཀྱི་མཆོད་པར་དབུལ་ལོ། །དེ་ནས་ཉལ་ཙ་ན་གོས་ཕུད་ནས་དེ་ནས་བདག་གིས་སྦྱིན་སོགས་འདི་དག་གི་སེམས་ཅན་ཐམས་ཅད་མྱུར་དུ་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནི་སྣང་བ་ཚོགས་དྲུག་ལམ་དུ་ཁྱེར་བའོ། །མཚན་མོ་ཤེས་བྱ་བུམ་པར་གཞུག་པ་ནི། ཡི་གེ་བཞི་སྙིང་གི་དཀྱིལ་དུ་ཨཱོྂ་ཁ་དོག་ལྔ་པ་ལ་བསྐོར་བར་བསམ་མོ། །དེ་ནས་དགེ་སྦྱོར་གཉིད་མི་ཆོག་གི་བར་དུ་བྱའོ། །དེ་ནས་ཡི་གེ་སྒོམ་པའི་ངང་དུ་གཉིད་ཉལ། དེ་ལ་མ་ཡེངས་པར་རྨི་ལམ་ན་ཡང་དྲན་པར་བྱ་སྙམ་དུ་དུང་ངེ་བྱའོ། །དེའི་ངང་དུ་གཉིད་ཉལ་ལོ། །དེས་ནི་ཤེས་བྱ་བུམ་པར་ཚུད་ནས་བག་ཆགས་མི་སྡང་ངོ་། །ཨཱོྂ་ཤེས་བྱ་བུམ་དུ་གཞུགས་པའི་གདམས་ངག་གོ། །བླ་མ་པ་རི་ཛྙཱ་ཏི་ལ་བཛྲ་ལ་གནང་། དེས་ཤངས་པ། དེས་ཁུ་བ། དེས་ཁངས་པ་བསྒོམ་པ་ལ། དེས་ཟམ་སྟོན་ལ། དེས་དུ་སྟོན། དེས་འཛེང་ཆུང་པ་ལ། དེས་འོ་ལ་རྡོ་རྗེ་ཀུན་གྲགས་ལའོ།། །། ༅། །ན་མོ་གུ་རུ། སློབ་དཔོན་རམ་ཕ་ལའི་བཅིང་པ་གསུམ་གྱི་གདམས་ངག །རྒས་པ་བཅིང་བ། ན་བ་བཅིང་བ། འཆི་བ་བཅིང་བའོ། །དེ་ལ་རྒས་པ་བཅིང་བ་ནི། མོན་མོན་བྱི་ཞེས་འདུག །གྱི་བྱ་དཀར་འོ་མར་མ་བཅུག་པར་ཤི་བའི་རོ་ནི་དུག་ཡིན་ནོ། །མ་ཤི་བ་འོ་མའི་ནང་དུ་བཅུག་ལ་ཁོ་ཤི་བའི་རོ་དང་། བླུག་པོ་ཆེ་དཀར་པོ་མཛུབ་མོ་ཙམ་པ་ཤིང་གི་རྩ་བའི་གསེབ་ནས་འོང་བ། གཉེར་མ་ཅན་དེ་དང་གཉིས་འོ་མའི་ནང་༼བྃ་ནི་ཉོན་མོངས་པ་མི་གནས་པ། རི་མཉམ་ཉིད་ཡེ་ཤེས་ལས་མི་འདའ་ཧ་ཆགས་པ་དང་བྲལ་བ་ས་རྒྱུ་མི་དམིགས་པ་༽རེའུ་མིག་྅྅྅མཚན་མོ་ཤེས་བྱ་བུམ་པར་གཞུག་པའོ། །ལན་ཉི་ཤུ་རྩ་གཅིག་བཟླས་པ་ནི་འབྲུ་ལྔ་དམར་བའོ། །སྔགས་ཀྱི་ཆོས་ཉིད་ལ་གནས་པའོ། །ཧ་རི་ནི་སའོ། །དུ་བཅུག་ནས་བཙོས་པས་དེ་གཉིས་ཀ་ཞུ་ནས་ཞག་ཏུ་མེར་གྱིས་འགྲོ། དེ་ནས་ན་མལ་གཅིག་ཏུ་འཐུངས་པས་ལུས་གཞོན་ཤ་ཆགས་ལ་རྒས་པ་མེད་པར་འགྱུར་རོ། །ན་བ་དང་འཆི་བ་བཅིང་བ་ནི། བ་སེར་སྐྱའི་འོ་མ་སྤོས་བྲོར་འོང་བས་དེའི་འོ་མ་བྲེ་དོའི་ནང་དུ། ཨ་རུ་ར་གསེར་མདོག་ཕྱིན་པ་ཉི་ཤུ་རྩ་ལྔ་ཙམ་བླུགས་ལ། ཞག་གསུམ་ཙམ་བཞི་ཙམ་སྦང་དུ་གཞུག །འོ་མ་དེ་ཞོ་སྐད་ཀྱིས་ཆགས་ནས་འོང་། ཞོར་སོང་བ་དང་། ཨ་རུ་ར་ཕྱུང་ལ་གྲིབ་མ་ལ་བཞག །ཞོ་དེ་དཀྲུགས་ལ་མར་དེ་སྲང་ལ་གཞལ་ལ། མར་ཙམ་བྱུང་བ་དང་། ༈ ཉིན་མོ་སྣང་བ་སྣ་ཚོགས་ལམ་དུ་ཁྱེར་བའོ། །ཨེ་བྃ་མ་ཡ། ཞེས་ཉི་ཤུ་རྩ་གཅིག་བཟླས། ཨཱོྂ་ཁ་དོག་ལྔ་པ་ཨེ་བྃ་མ་ཡ་བཞི་པོ་ཁ་དོག་དཀར་པོ་༼ཨཱོྂ་ཡ་ཕྱག་རྒྱ་ཆེན་པོ། ཨེ་ཆོས་ཀྱི་ཕྱག་རྒྱ། བྃ་ལས་ཀྱི་ཕྱག་རྒྱ། མ་དམ་ཚིག་གི་ཕྱག་རྒྱ།༽ རེའུ་མིག །྅྅྅དེ་ཙམ་པ་གཉིས་ཤུག་པའི་ཁནྜ་དང་། ཕོ་རོག་སྒོ་ང་གཉིས་པ། སྒོ་ང་གཉིས། ངུར་པའི་མར་སྲང་གཉིས་བྱུང་བ་དང་ཁནྜ་དང་བཞི། སྒོ་ང་སྲང་བཞི། དོན་ལ་མར་དང་ལོག་པོ་ལོག་པོའོ། །ར་ཙམ་གྱིས་ཀྱང་གཏུབ་གསུངས། སྒོ་ང་། མར་དང་དེ་བཞིན་བསྲེས་ལ། ད་ཅིའི་ཨ་རུ་རའི་རུས་པ་བོ་ལ་ལྐོག་པ་བརྡུངས་པ་དང་ཡང་བསྲེས་ལ། ཐུར་མ་རེ་ལྟོ་སྟོང་ལ་བཟའ། ཞག་འགའ་གོང་ནས་ལྟོ་གཙང་ཆུ་གཙང་། སྔོན་འགྲོ་དང་རྗེས་ལེགས་པར་བསྲུང་ངོ་། །དེས་ནད་མེད་པ་དང་། ན་བ་བཅིང་བ། དུག་གིས་མི་ཚུགས་པ་དང་། ཚེ་འཆི་བ་བཅིང་ས། རིང་བའི་མཆོག་ཏུ་འགྱུར་རོ། །སློབ་དཔོན་ར་མ་ཕ་ལའི་གདམས་བཅིང་བ་གསུམ་བླ་མ་འཛེང་བའི་ཚེ་བསྲིང་བའི་བཅུད་ལེན་ངོ་མཚར་ཅན་ཡིན་ནོ། །པ། ཨཐྎ། ༅། །ན་མོ་གུ་རུ། མ་ནོར་མ་བཅོས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །རྣ་བརྒྱུད་རྡོ་རྗེ་ཟམ་པའི་གདམས་ངག་འདི་ལ། བཅིང་བ་རྣམ་པ་གསུམ་སྟེ། ན་བ་བཅིང་བ་རྡོ་རྗེ་ཁུ་ཚུར་གྱི་གདམས་ངག་དང་གཅིག །རྒ་བ་བཅིང་བ་དྲང་སྲོང་རྫོགས་བྱེད་ཀྱི་གདམས་ངག་དང་གཉིས། འཆི་བ་བཅིང་བ་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཡེ་ཤེས་ཀྱི་གདམས་ངག་དང་གསུམ་མོ། །དེ་ལན་བ་བཅིང་བ་རྡོ་རྗེ་ཁུ་ཚུར་གྱི་གདམས་ངག་ནི། དགེ་བའི་བཤེས་གཉེན་དགའ་ལྡན་དུ་གཤེགས་ངེས་པ་གཅིག་གི་རིང་བ སྲེལ། མ་རྙེད་ན་རུས་པ་དང་གཅིག །གི་ཝང་དང་གཉིས། གླ་རྩི་དང་གསུམ། ཛཱ་ཏི་དང་བཞི། ག་བུར་དང་ལྔའོ། །དེ་རྣམས་དར་དཀར་པོས་དྲིལ། དེ་ནས་དམར་པོས་དྲིལ། དེ་རིན་པོ་ཆེའི་སྣོད་དུ་བཅུག །བལ་ཚོན་སྣ་ལྔའི་སྐུད་པས་ཁབ་མིག་གཅིག་ཏུ་བཅུག་ལ། དེ་ཚོ་སྦྲེལ་ཏེ་རང་གི་སྤྱི་གཙུག་ཏུ་བཏགས་སོ། །སྔགས་ནི་རྟེན་འབྲེལ་གྱི་སྙིང་པོ་ལ་བྱའོ། །དེ་རྡོ་རྗེ་སེམས་དཔའི་ཁུ་ཚུར་གྱི་གདམས་ངག་ཞེས་བྱ་སྟེ་ལས་དང་རྐྱེན་བཅིང་བའི་གདངས་ངག་ཡིན་ནོ། །རྒས་པ་བཅིང་བ་དྲང་སྲོང་རྫོགས་བྱེད་ཀྱི་གདམས་ངག་ལ། བཅུད་ལེན་བདུད་རྩིའི་ཁག་ལེན་ནི། བདུད་རྩིའི་ཁུ་བ་འདོན་པ་ཞལ་གྱི་གདམས་པ་ནི། དང་པོ་རྒྱུན་སྤོ་བ་ལ་ནས་བཟང་པོ་སྦྲུས་ལ། དེ་ནས་སེར་ཙམ་བརྔོས། དེ་ཞིབ་པར་བཏགས་ལ། ནས་ཕུལ་རེའི་ཚད་ཙམ་ཉིན་མོ་གསུམ་ཡར་དུ་བཟའ། ནམ་གུང་ལ་རེ་རེ་བཟའོ། །དེ་ནས་བདུད་རྩི་དེ་རྫ་ཕོར་གྱི་ནང་དུ་བཏང་ལ། བྲག་སྲ་མོ་ལ་བཅར། གྲིབ་སྐམས་བྱ། དེའི་བར་དུ་ཆང་ཞིམ་པོ་ལ་སུམ་ཡར་དུ་བཏུང་། དྲི་ཆུ་ཡང་་ཡང་རྫ་མའི་ནང་དུ་བསག །དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ཏུ་བསག །དེ་ནས་དྲི་ཆེན་སྐམ་པོ་དེ་ནས་ཙམ་སྲན་ཙམ་དུ་བརྡུང་ལ་དེ་ལ་ཆང་ཞིམ་པོའི་ཁ་ཕྲུ་བཏབ། ཡིབས་རུས་དང་མི་ཤ་ཚོན་པོའི་རྡོར་བཏབ། བདུད་རྩི་ཨ་མྲྀ་ཏའི་ཁ་ཚར་བཏབ་པས་བར་ཆད་བསྲུང་། དེ་ནས་རྫ་མ་སྟོང་པ་གཅིག་ཏུ་ཆང་ཞིམ་པོ་ཁྱད་པར་གང་ཙམ་བླུག་པ་དེ་ས་འོག་སྦས་ལ་ཁ་དེང་ངེ་བྱ། རྫ་མ་གསར་པ་གཅིག་ཏུ་བདུད་རྩི་དེ་རྣམས་རྫོངས་ལ་ཁ་གྱོ་མོག་གི་གཡམ་དུ་བུ་ག་ལྔ་ཙམ་དོད་པ་གཅིག་གིས་བཅད་ལ། རྫ་དེའི་སྐེད་ནས་ཕར་ལ་བུག་པ་ཕུག་ལ་ལྕགས་གཟེར་གྱིས་བཅད་ཁ་ཆོད་དེ་མི་བྲུལ་བར་བྱ། དེ་ནས་ས་འོག་གི་དེའི་ཐོག་ཏུ་ཁ་སྦུབ་ལ་ཐོག་ཏུ་ཁ་དང་ལ་མེ་དང་རིལ་མའི་མེའི་ལུམས་བྱ། བདུད་རྩི་དེ་ཚོ་བཞུའོ། །དེ་ནས་བཞུ་བའི་ཁུ་བ་ཚོ་དང་དྲི་ཆུ་གཉིས་ཆ་མཉམ་ལ་གདུའོ། །དེ་ནས་དྲི་ཆུ་ཙམ་གཅིག་སྐམ་པ་དང་ལོགས་སུ་ཚགས་བྱས་ལ། དེ་ནས་ཅོང་ཞི་ནས་རྩམ་བརྡུངས་པའི་བྲེ་གང་ཙམ་ཞིག་ལ་ཆུ་བྲེ་གང་ཙམ་ཞིག་ལ་གདུས་ལ་ཁུ་བ་ཕུལ་ཕྱེད་ཙམ་དུ་སོང་ཙ་ན་ཡང་བདུད་རྩི་དང་བསྲེས་ལ་ཆ་མཉམ་ལ་གདུའོ། །དེ་ནས་གང་རུང་ཙམ་གཅིག་ཏུ་སོང་ཙ་ན་འོ་མ་དང་། སྦྲང་རྩི་དང་། ཞུན་མར་དང་། རྒྱ་སྲན་རྣམས་གང་ལ་བྱེད་ཀྱང་བདུད་རྩིའི་ཆུ་ལ་གསུམ་ལྡབ་ཏུ་བྱའོ། །དེ་ནས་བདུད་རྩིའི་ཆུ་ཙམ་གཅིག་སྐམ་ནས་འདོམ་ཙམ་པ་གཅིག་ལུས་པ་དང་ཞུ་བ་དེ་ལ་ཉིན་རེ་འཇུ་ཚད་ཙམ་རེ་འཐུང་བ་དང་། ཞག་ཉི་ཤུ་རྩ་གཅིག་གིས་རྒས་པ་མེད་ཅིང་བུ་མོ་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་སུ་གཞོན་ཤ་ཅན་གཅིག་ཏུ་འགྱུར། དེ་ཚེ་ལོ་སྟོང་ཐུབ་བོ། །ཡང་ན་བདུད་རྩིའི་ཆུ་ཕུལ་གང་། རྒྱ་སྲན་བཙོས་པའི་ཁུ་བ་ཕུལ་བརྒྱད། མར་ཁུ་ཕུལ་གང་རྣམས་བཀོལ་ཏེ། མར་ཁུ་ཙམ་གཅིག་ལུས་པ་དང་གྲངས་སུ་བཅུག །སྦྲང་རྩི་བྲེ་ཕྱེད་ཙམ་དང་སྦྱར་ཏེ་ཟླ་བ་གཅིག་གི་བར་དུ་རན་ཚོད་འཐུང་ན་བློ་རྣོ་ལ་ཡིད་གཞུངས་པ་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་སམ་མདངས་དང་ལྡན་པར་འགྱུར་རོ། །ཚེ་ལོ་སྟོང་ཐུབ་བོ། །ཡང་ན་བདུད་རྩིའི་ཆུའི་ནང་དུ་མར་བྲེ་བཞི། ཏིལ་ཕུལ་གང་བུགས་ནས་བཀོལ་ཏེ། ལུས་ཀུན་ལ་བྱུག་ན་རྒས་པ་མེད་ཅིང་ཐོས་པ་མི་བརྗེད་པར་འགྱུར་རོ། །ཡང་ན་ཟླ་བ་གཅིག་གི་བར་དུ་ནང་རེ་བདུད་རྩིའི་ཆུ་ཁྱོར་རེ་འཐུང་རྒས་པ་མེད་ཅིང་ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །བདུད་རྩིས་ཟླ་བ་གཅིག་ཏུ་ཁྲུས་བྱས་ན་རྒས་པ་མེད་ཅིང་གཞོན་ཤ་ཆགས་པར་འགྱུར་རོ། །ཡང་ན་ཟླ་བ་གཅིག་གི་བར་དུ་ཉིན་རེ་བཞིན་འཐུང་བ་དང་། སྣ་བུག་ཏུ་བླུགས་ན་ཡང་རྒས་པ་མེད་ཅིང་འགོ་བའི་ནད་ཀྱིས་མི་ཚུགས་པར་འགྱུར། བདུད་རྩི། དངུལ་ཆུ། བྲག་ཞུན་གསུམ། སྦྲང་རྩི་དང་མར་དང་ལྷན་ཅིག་ཏུ་སྦྱར་ལ། ལྡེ་གུ་བྱས་ཟོས་ན། དེ་ལ་འཆི་བ་མི་ཡོང་བར་འགྱུར་རོ། །དེ་ནི་བདུད་རྩིའི་མཆོག་ཡིན། མདོར་ན་མང་དུ་སྨོས་མི་འཚལ་ཏེ། ཇི་ལྟར་སྒྲུབ་པ་ཡང་སྨན་བཅུད་ལེན་གྱི་བྱ་བ་ཡིན་ནོ། །བདུད་རྩིའི་ཆུ་དང་དངུལ་ཆུ་ན་ར་ལ་བཅལ་བའི་རྣམ་གཉིས་དང་། ལག་མཐིལ་དུ་མཉེད་ན་དངུལ་ཆུར་འགྱུར་ཏེ། གསེར་ཞོ་གཉིས་ཙམ་ལ་བྱས་པའི་སྣོད་དུ་བསྟུམ་སྟེ་ཁར་བཅུག་ན་རང་རེའི་ལུས་མི་མཐོང་བར་འགྱུར་ལ། གཞན་གྱི་ལོངས་སྤྱོད་ཀུན་ལ་དབང་ཞིང་ལོངས་སྤྱོད་པར་འགྱུར་རོ། །ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ། །དེ་ལྟ་བུའི་བཅུད་ལེན་བདུད་རྩིའི་སྒྲུབ་ཐབས་རྫོགས་སོ། །ཡང་ལུགས་གཅིག་ལ་མོན་གྱི་བྱི་བ་དཀར་པོ་དང་སྦྲུལ་བླག་པ་ཟེར་ཏེ་སྤྲངས་པའམ་ཤུགས་པའི་སྡོང་པོའི་བར་ནས་འབུ་དཀར་པོ་གཅིག་འོང་བ་དེ། སྦྲུལ་སེར་ཁྲ་ཟེར་ཏེ་སྦྲུལ་པའམ་ཨ་ཤོ་གྷནྡྷ་ར་ལ་སོགས་པའི་འབྲུ་གུ་སེར་ཁྲའམ་སྔོ་ཁྲ་ཐིག་ལེ་ཅན་འོང་བ་དེ་ལ་བྱའོ། །དེ་གསུམ་འོ་མར་བཙོས་པས་ཞུ་ནས་དེའི་ཁུ་བ་ཕྱེད་བཏུང་། ལྷག་མ་ཕྱེད་པོ་དེ་དང་། ཨ་རུ་ར་ཕྱེད་མ་གཉིས་མང་དུ་བསྲེས་ལ་འོ་མ་མང་དུ་བླུགས་ཞོར་མནན། སྐྲོག་ལ་མར་དང་། ཁྭ་ཏ་དང་། ངང་ངུར་གྱི་སྒོ་ང་དང་སྦྱར་ལ་ཟའོ། །སྐྱོབས་སུ་སྦྲང་རྩི་ལ་རྟ་བྱས་ན་རབ་བོ། །དེས་ནི་ཚེ་ལོ་སྟོང་ཐུབ་སྟེ་རྒས་པ་མེད་པ་བུ་མོ་ལོ་བཅུ་དྲུག་ལོན་པའི་གཞོན་ཤ་ཆགས་པར་འགྱུར་རོ། །དེ་ནི་རྒས་པ་བཅིང་བ་དྲང་སྲོང་རྫོགས་བྱེད་ཀྱི་བཅུད་ལེན་ནོ། །འཆི་བ་འཆིང་བ་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཡེ་ཤེས་ཀྱི་གདམས་ངག་ནི། དེ་ལ་ཡང་ས་རྣམ་པ་བཞི་སྟེ། ལྟ་བའི་ས་དང་གཅིག །སྒོམ་པའི་ས་དང་གཉིས། སྤྱོད་པའི་ས་དང་གསུམ། འབྲས་བུའི་ས་དང་བཞིའོ། །དེ་ལ་ལྟ་བ་ཚིག་ཐོག་ཏུ་འབྱམས་སུ་མི་འཇུག་སྟེ། དོན་དང་རང་དུ་རིག་ཅིང་རང་དུ་གསལ་བ་དེ་ལ་ལྟ་བའི་ས། སྒོམ་པ་བློ་ཐོག་ཏུ་དམིགས་སུ་མི་འཇུག་སྟེ། བློའི་རྟོག་པ་གང་ཡང་མི་གནས་ཏེ་སྒོམ་པའི་ས། སྤྱོད་པ་འབྲས་བུ་ཡིན་ཐོག་ཏུ་གོལ་མི་འཇུག་པ་དེ་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་འབྲས་བུའི་ས། དེ་ཙ་ན་གསལ་བས་མ་རིག་པ་དག །མི་རྟོག་པས་འཁྲུལ་པ་ཆོད། བདེ་བས་སྡུག་བསྔལ་དང་བྲལ། དབྱེར་མི་ཕྱེད་པ་ལ་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་བློ་ཚིག་ལས་འདས་པས་ཆོས་ཀྱི་དབྱིངས། ཆོས་ཀྱི་དབྱིངས་དེ་ནི་བྱས་པ་དང་བཅོས་པ་མེད་དེ། དུས་གསུམ་དུ་འགྱུར་བ་མེད་པའི་གནས་ལུགས་དེ་ལ་ནི་སྐྱེ་བ་དང་འཆི་བ་བྱ་བའི་འདུ་འབྲལ་མེད་པས་ན་འཆི་བ་བཅིངས་པའོ། །བཅིང་བ་གསུམ་གྱི་གདམས་པ་རྫོགས་སོ།། །། ཐིག་ལེ་གོར་བ་དང་རྩ་ཁ་སྡོམ་པའི་མན་ངག་བཞུགས། དྲེའུ་དང་། མཛོ་དང་། ནལ་བུའི་ཀླད་པ་གསུམ། ཉ་བྲིད་མ་དང་། ལུག་མིག་མཁན་པས་རི་ལ་སྐྱེ་བའི་མི་ཆེ་བ་ཡིན་ནོ། །པ་དང་། ད་ལིས་བ་ལུ་དཀར་པོ་ཡིན་ནམ་སྙམ། དཀར་པོའི་མེ་ཏོག་གང་རུང་རེའི་ཕྱེ་མ་དང་། མཉམ་གསུང་སྟེ་རེ་རེ་བག་ཙམ་ཚམ་དུ་དགོས་སྙམ་གསུངས། གསུམ། གསེར་སྦྲུལ། གཡུ་སྦྲུལ་ཐིག་ལེ་དཀར་དམར། ཕག་ཁམ་པའི་ཁྲག །གསེར་སྦྲུལ། གཡུ་སྦྲུལ་གཉིས་ཀྱི་ཕྱེ་མ་དང་། ཀླད་པ་གསུམ། མེ་ཏོག་གསུམ། ཐིག་ལེ་དཀར་པོ། ཕག་ཁྲག་དང་བརྒྱད་པོ་བུང་མཉམ་ལ་ཕྱེ་མར་སྦྱར་ལ། ཀ་ར་ཡང་དེ་ཚོའི་སུམ་ཆ་ཙམ་དུ་སྦྱར་ལ། ར་དཀར་མོའི་འོ་ཡོ་ཨོག་པ། མ་ཕུལ་གང་། གཞན་ཕུལ་ཕྱེད་འགའ་ཙམ་བཀོལ་ལ་དང་པོ་ལ་བའི་དུས་སུ་ཅོ་ཀའི་སྒོ་ང་བཏབ་ལ་ཞོག་པར་དཀྲུགས་ལ་བཏུང་ངོ་། །དེ་ཡང་སྔོན་དུ་རྩ་བཤལ་གཅིག་བཏང་ན་ཡང་ལེགས་སོ། །དེ་མིན་རླུང་བག་རེ་མནན་ནོ། །ཞག་འགའི་གོང་དུ་ལྟོ་གཙང་དུ་བྱའོ། །དོ་མོད་དགོང་ནས་བསྙུང་བར་བྱས་ལ། ནངས་པ་བྱ་ཙམ་ན་བཏང་ལ། ནམ་ལངས་ནས་ཞོག་པར་དོམ་མཁྲིས་ཐུན་གཅིག །པདྨ་རཱ་ག་ཐུན་གཅིག་སྦྱར་ལ་བཏང་ངོ་། །དེ་ནས་གྲོ་གུང་ཙམ་ན་མར་ཁུ་ཕུལ་ཕྱེད་ཞན་ཙམ་ཟན་མེད་པར་ཧུབ་འཐུངས་སུ་བཏང་ངོ་། །དེ་ནས་ཉི་མ་ཕྱེད་ཡོལ་བ་དང་ལྟོ་གཙང་བ་ཞག་གཅིག་བཏང་ངོ་། །རྗེས་ལེགས་པར་བསྲུང་ངོ་། །སྨན་དགུ་པོས་ཐིག་ལེ་བསྒོམ་པ་ཡིན། གཉིས་པོས་རྩ་ཁ་སྡོམ་པ་ཡིན། དེ་ལྟ་བུའི་གདམས་པ་འདི་ནི། སློབ་དཔོན་འཛེང་ཆེན་པོས་ཇོ་སྲས་འཛེང་ཞག་གསུམ་དུ་ལྟོ་གཅོད་དགོས་པ་ཡིན་ནོ། །བཀའོ། །ཆུང་བ་ལ་གནང་བའོ། ༈ །དགེ་བའི་བཤེས་གཉེན་དགའ་ལྡན་དུ་གཤེགས་ངེས་པའི་རིང་བསྲེལ་རྙེད་ན་རབ། དེ་མ་རྙེད་ན་རུས་པ་དང་གཅིག །གི་ཝང་དང་གཉིས། གླ་རྩི་དང་གསུམ། ཛྭ་ཏི་དང་བཞི། ག་བུར་དང་ལྔའོ། །དེ་ལྔ་དར་དཀར་པོས་དྲིལ། དེ་ནས་དམར་པོས་དྲིལ། དེ་ནས་རིན་པོ་ཆེའི་སྣོད་དུ་བཅུག་ལ་སྤྱི་བོར་གདགས་སོ། །སྔགས་ནི་རྟེན་འབྲེལ་སྙིང་པོ་ལ་བྱའོ། །དེ་ནི་རྡོ་རྗེ་སེམས་དཔའ་ཁུ་ཚུར་གྱི་གདམས་ངག་ལས་རྐྱེན་བཅིངས་པ་ཡིན་ཏེ། ན་བ་བཅིང་བའི་གདམས་ངག་གོ། །ཨཐྎ།། ༈ །།འདིའི་མཚམས་མཁའ་འགྲོ་སྡེ་གསུམ་གྱི་བསྙེན་པ་དང་སྒྲུབ་པ་ལས་སྦྱོར་གཉིས་ཀྱི་ཞལ་གདམས་དང་། མཁའ་འགྲོའི་ལས་ཀྱི་མགོ་མཇུག་ཏུ་ལས་བཅུ་གཉིས་པ། སྟེགས་བུའི་ཞལ་གདམས་རྣམས་གོང་དུ་སྒྲུབ་པའི་སྐོར་ན་ཡོད་དོ། །ཌཱ་ཀི་སྡེ་གསུམ་གྱི་སྔགས་འབུམ་ལོགས་སུ་བཀོལ་བ་བཞུགས། ཤྲཱི་ཧེ་རུ་ཀ་ན་མོ། མཁའ་འགྲོ་སྡེ་གསུམ་གྱི་སྤྱན་དྲངས་པ། ༀ་མཁའ་ལ་སྤྱོད་མ། ད་ཧ་ན་ཧེ་ཛཾ་སི་ཤྲཱི་ཧེ་རུ་ཀ་ཛཿ དྷ་ར་ས་ན་པ་ཀེ་རོ་ན་གྷྲིཧྞ་ཨ་གད་ཛཿ ཨ་གད་ཛཿ ཨ་གད་ཛཿསྭཱ་ཧཱ། དེ་བཞིན་དུ། ༀ་དྷ་མཁའ་ལ་གཤེགས་མ། ཧ་ན་ཧེ་ཛཾ་འགྲེའོ། །ༀ་ཛྭ་འབར་བའི་གདོང་ཅན་མ། ལ་ཧ་ན་ཧེ་ཛཾ་འགྲེའོ། །སྡེ་གསུམ་གྱི་མཆོད་པ་འབུལ་བ། ༀ་ད་ཧ་ན་མུ་ཁ་ཧེ་པཱུ་ཛ་བ་ལིངྟ་གྷྲིཧྞ་ཛཾ་སྭཱ་ཧཱ། དེ་བཞིན་དུ། ༀ་དྷ་ན་མུ་ཁའི་འགྲེའོ། །ༀ་ཛྭ་ལ་མ་ཧེ་མུ་ཁའི་འགྲེའོ། ༈ །ༀ་ཀ་ཀ་མུ་ཁི་ཀཾ་ཀཾ་དམར་ནག་ལས་ཝའི་མགོ་ཅན་མ། སྭཱ་ཧཱ། ༀ་ཛཾ་ཛཾ་སེར་ལས་ལྕེ་སྤྱང་གདོང་ཅན་མ། སུ་ཁི་མུ་ཁི་མུ་ཁི་ཛཾ་སྭཱ་ཧཱ། ༀ་ཤྭ་ཤྭ་དམར་པོ་ལས་ཤྭ་ནའི་མགོ་ཅན་མ། ན་མུ་ཁི་ཤཾ་དེས་གཡོག་གསུམ་མཆེད། ཧཱུཾ་ཛཿསྭཱ་ཧཱ། དེ་ནས་གཏོར་མ་འབུལ་བ། ༀ་ཨུ་ཏི་ༀ་ཨུན་ཏ་བེ་ཏ་ཡ་བྷ་ལིངྟ། མེ་ར་བྷ་ཡ་བྷ་ལིངྟ་གྲྀཧྞ་མ་མ་ཀ་རཾ་པ་ཧ་ཡ་ཁྱིའི་རོས་བཅུན། སྭཱཧཱ། ༀ་ཨ་རུ་ལུ་རུ་ལུ་ཧེ་རུ་ཀའི་བསྲུང་། ཧཱུཾ་སྭཱ་ཧཱ། ཙི་ཏི་བྷུ་དྷུ་མ་ནེ་ཕྲེ་ཡ་ཡཱ་སྭཱཧཱ། ༀ་ཛྭ་ལ་དྷ་ལ་ད་ལ་མུ་ཁི་ཤཱ་ཏྲཱུཾ། མཱ་ར་ཡ་མཱ་ར་ཡ། ཚིན་དྷ་ཚིན་དྷ། བིན་དྷ་བིན་དྷ། ཧྲི་ད་ཡ་ས་མ་སྱ་ཧཱུཾ་ཕཊ་ཕཊ་ཕཊ་གུ་རུ་གྷྲྀཧྞ་ཛྙཱ་ཨ་མ་རི་ཡ་ཛྙཱ། མཁའ་འགྲོ་མ་སྡེ་གསུམ་གྱི་བསྙེན་པའི་སྔགས་ལ། ༀ་འབར་བའི་གདོར་ཅན་མ། ཛྭ་ལ་ཧ་ན་མུ་ཁ་ཛྭ་ལ་ཞག་གསུམ། ན་ལ་ནེ་ཧྲཱི་ཧཱུཾ་ཕཊ། ༀ་དྷ་མཁའ་ལ་གཤེགས་མ་ཧ་ན་མུ་ཀེ་ཛྭ་ལ་ཞག་གསུམ་ན་ལ་ནེ་ཧྲཱིཿཧཱུཾ་ཕཊ། ༀ་ད་མཁའ་སྤྱོད་མ། ཧ་ན་མུ་ཁེ་ཛྭ་ལ་ཞག་གསུམ། ན་ལ་ནེ་ཧྲཱིཿཧཱུཾ་ཕཊ། ཞག་གསུམ་ན་ལས་རེ་རེ་ནུབ་དགུ་ལ་ཞུན་མར་གྱི་མར་མེ་གསུམ། རྩིའི་མར་མེ་གསུམ། འབྲུའི་མར་མེ་གསུམ། རྫོགས་པར་བྱ་སྟེ། ཞག་དགུས་འགྲུབ་པ་ཡིན་ནོ། །ༀ་ཛྭ་ལ་ཧ་ན་དྷ་ཧ་ན་ད་ཧ་གཙོ་མོ་གསུམ་གྱི་བསྙེན་སྔགས་ཡིན། ན་མུ་ཁེ་ཛྭ་ལ་ན་ལ་ནེ་ཧྲཱིཿཧཱུཾ་ཕཊ། ༀ་ཀ་ཀ་གཡོག་མོ་གསུམ་གྱི་བསྙེན་སྔགས། མུ་ཁི་ཀཾ་ཛཾ་སུ་ཁི་མུ་ཁི་ཛཾ་ཤོ་ན་མུ་ཁི་ཤཾ་ཧཱུཾ་ཛ་ཕཊ། ༀ་དྷ་ཧ་ན་སྦྱིན་སྲེག་གི་སྔགས་ཡིན། མུ་ཁེ་སྭཱ་ཧཱ་ཕཊ། ༀ་ད་ཧ་ན་མུ་ཁེ་སྭཱ་ཧཱ་ཕཊ། ༀ་ཛྭ་ལ་ཧ་ན་མུ་ཁེ་སྭཱ་ཧཱ་ཕཊ། འདི་ནི་འཁྲུལ་འཁོར་ལ་དགོད་པ་ཡིན་ནོ། །ཛྙཱ་ཡ་རིམ་ཨ། ཛྙཱ་ཧྞ་གྲི་རུ་གུ་ཕཊ་ཕཊ་ཕཊ་ཧཱུཾ་སྱ་མ་ས་ཡ་ད་ཧྲི། དྷ་བྷིན་དྷ་བྷིན། དྷ་ཚིན་དྷ་ཚིན། ཡ་ར་མཱ་ཡ་ར་མཱ། ཏྲུཾ་ཌཱ་ཀི་སྡེ་གསུམ་གྱི་སྔགས་འབུམ་མོ། །ཙཀྲ་རྩིབས་བརྒྱད་པའི་རྩེ་མོ་ནང་དུ་བསྟན་པའི་ལྟེ་བ་ལ་ལིངྒ་བྲི། རྩིབས་ལ་སྔགས་བྲི། ཤ་ཁི་མུ་ལ་ད་ལ་དྷ་ལ་ཛྭ་ༀ། གཙོ་མོ་གསུམ་ལ་དེའི་ནང་དུ་གྲི་སྙིང་སྲོག་དང་སྲོག་སྙིང་གཞུག་ལ་གདམས། སྙིང་སྣ་ཚོགས་པའི་གཏོར་མ། གཡོག་ཀླད་ཁྲག་ཞག་གཏོར་ཤ་གཏོར་ཁྲག་གཏོར་མོ་གསུམ་ལ་གཏོར་མི་ཞུན་རྟ་ཤ་མ་གསུམ། སྙིང་སྣ་གསུམ་ཁྭ་ཏའི་སྙིང་། ཝའི་སྙིང་། སྤྱང་ཀིའི་སྙིང་སྲོག་ནང་དུ་གཞུག །མོ། སའི་རོ་གསུམ་རྫས་ཞལ་གཉིས། ལ་ཕུང་ཤུལ་གྱི་ས། གད་པ་ཆད་པའི་ས། དུར་ཁྲོད་ཀྱི་ས། ཤིང་རོ་གསུམ་ལ། སྐས་ཁ་རྙིང་པའི་ཤིང་དང་། གྲུའི་ཤིང་དང་། ཟམ་པའི་ཤིང་དང་གསུམ་བསྲེགས་པའི་སོལ་བ་དང་། ཆུའི་རོ་གསུམ་ལ་བརྩོད་ཆུ་ཆུ་མིག་ལྐུགས་པ། ཡུག་འོད་པ་འཁྱིལ་བ་ཆུ། ད་མེ་སེར་བའི་ཆུ་ཆུ་དང་གསུམ་མོ། །དེ་ཚོ་ནི་ལིངྒའི་རྒྱུའོ། །ལིང་ག་དེ་རོ་གཉའ་ལག་བསྐྱིག་པའི་ཚུལ་དུ་བྱས་ལ། དེའི་སྙིང་ཁར་ལིངྒ་བསྩལ་ཏེ། དྲེའུའམ། མཛོའམ། བོང་བུའི་རྔམས་བསྐྱིགས་ཏེ་གཏོར་ཚུགས་ནང་གི་ཆོས་འབྱུང་དུ་བསྩལ་ལོ། །དགྲ་ལ་རྟགས་བྱུང་ནས་གྲི་དོང་གྲི་ཁུག་ཟེར། གིས་གཏུབས་བོ། །དེ་ལུང་གསུམ་གྱི་མདོ་གཏོར་ཚུགས་འོག་ཏུ་རུ་མནན་ནོ། །མཚམས་ཁོངས་སུ་ཤི་ན་དེ་རངས་སུ་མནན་ནོ། །ཌཱ་ཀི་སྡེ་གསུམ་གྱི་སྔགས་འབུམ། ཞལ་གདམས་ལོགས་སུ་བཀོད་པའོ། །ཨཐྎ།། །། ༅། །ན་མོ་གུ་རུ། ཤིན་ཐེན་ཝ་ལ་ཤའི་མདོ་ལས་རྐྱེན་གྱིས་ཐར་པའི་ལུང་། འཛམ་གླིང་སྐྱེ་གནས་དག་པ་ལས། །གྲོལ་བ་དང་ནི་རང་གྲོལ་འབྱུང་། །ཞེས་བཤད་པས། དེ་ལ་རང་གྲོལ་བ་ལ་བཞི་སྟེ། དབང་པོ་ནམ་ལངས་འདྲ། ཡང་རབ་སྐྱེ་བ་ཆིག་ཆོད། ཉི་མ་ཤར་བ་དང་འདྲ། སྦྱངས་གཉིད་སད་པ་དང་འདྲ། པའི་འཕྲོ་ཅན། རྐྱེན་གྱིས་ཐར་པ་དང་བཞིའོ། །དེ་ལ་བཞི་སྟེ། བུད་མེད་རྩ་པདྨ་ཅན་ཁྲག་ཏུ་འོ་མ་ཅན་དང་འཕྲད་ན་རྐྱེན་གྱིས་ཐར་པ་ཡིན། ཐོད་པ་དུམ་བུ་གཅིག་པ་རྡོ་རྗེའི་གཙུག་ཕུད་ཅན་དང་འཕྲད་ན་རྐྱེན་གྱིས་ཐར་པ་ཡིན། བྱང་ཆུབ་སེམས་དཔའ་མཚན་རབ་ཞི་ཟླ་འོད་ཀྱིས་གློག་ལ་ཕྱིན་པའི་ལམ་རི་ལོགས་གཅིག་ལ། ས་གཡུལ་ཐང་ཙམ་ལ་གཅིག་གི་ཐོག་ན་བར་ན་ནམ་མཁའ་ན་འཕར་འགྲོ་བར་བྱུང་ནས་དེ་ནས་བལྟས་པས་ཐོད་པ་དུམ་བུ་གཅིག་པ་རྡོ་རྗེའི་གཙུག་ཕུད་ཅན་རྙེད་ནས་དེ་ཚག་བྱས་པས་ལུས་ནམ་མཁའ་ལ་འགྲོ་བར་གྱུར་ཏེ་དགའ་ལྡན་དུ་གཤེགས་སོ། །སྐྱེ་བ་བདུན་པའི་ཤ་ཟོས་ན་རྐྱེན་གྱིས་ཁུ་བྱུག་སྒོ་ང་ནས་ཐོན་པ་འདྲ་བ་གྲིབ་མ་མདུན་དུ་འོང་བ། སྐད་སྙན་པ་མིག་གསང་འགེབས་པ་དཀྱུས་རིང་བ་དྲི་ཞིམ་པ་ལུས་ལ་འོད་འདོམ་གང་ཡོད་པ། འགྲོས་ནི་གཡས་སུ་ལྡོག་པ། འགྲོ་ན་བྱ་ངང་པའི་འགྲོས་སུ་འགྲོ་བའོ། །དེ་རྙེད་ན་སེང་གེ་བཞིན་ནོ། །ཐར་པ་ཡིན། མཁའ་སྤྱོད་དུ་གཤེགས་ངེས་པའི་རིང་བསྲེལ་མིད་ཤེས་ན་ནོར་བུ་ཆུ་དྭངས་འདྲ་བ་ལྟ་བུ། རྐྱེན་གྱིས་ཐར་བ་ཡིན། རིང་བསྲེལ་མིད་ཐབས་གདམས་པ་འདི། འཕོ་བའི་གདམས་ངག་ན་ཡོད། འདི་བཞི་རྙེད་ནས་བརྟེན་ཤེས་ན་དོན་འགྲུབ་བོ། །དེ་རྣམས་ཆོས་ལ་མི་བརྟེན་པ་ཡིན། གྲོལ་བ་ནི་བརྡའ་དང་ངག་སྟེ། དེ་ལ་ལུས་ཀྱི་བརྡའ་ལ་བརྟེན་ནས་ནི། །གནད་ཀྱི་བརྡའ་ཡིས་གནས་བསྒྱུར་བས། །གནས་འགྱུར་བ་ལ་གཉིས་འཛིན་མེད། །ཅེས་བཤད་པས། གནད་དང་དུས་ཀྱི་བརྡ་ལ་གཉིས་སོ། །དེ་ལ་དུས་ཀྱི་བརྡའ་ནི། རླུང་སྣ་བུག་གཡོན་ནས་རྒྱུ་བའི་དུས་སུ། །བླ་མའི་བྱིན་རླབས་འཇུག་པའི་དུས་སུ། གནད་ཀྱི་བརྡའ་བཞི་ནི། རྒྱལ་ཆེན་ནཱ་རོའི་ཆོས་བཞིའམ་རྣམ་སྣང་གི་ཆོས་བདུན་ལ་སོགས་པ། རོལ་པའི་འདུག་སྟངས་བྱས་ལ། མིག་སྣ་རྩེར་དབབ། འོག་རླུང་ཡིད་ཙམ་དེ་གསུམ་བདེ་བའི་བརྡའ། འཐེན། ལྕེ་ཡར་རྐན་མར་རྐན་ལ་མི་རེག །དབྱེར་མི་ཕྱེད་པའི་བརྡའ། མིག་མི་འགུལ་བར་བཞག་པས། བདེ་བ། གསལ་བ། མི་རྟོག་པ། དབྱེར་མི་ཕྱེད་པ་གཅིག་རང་ཤུགས་ལ་མི་སྐྱེ་མི་སྲིད་དོ། །དེ་ལྟར་བསྒོམས་པས་དང་པོ་རྩེ་གཅིག་སྒྱུ་མ་ལྟ་བུ། གཉིས་པ་དུ་མ་རོ་གཅིག་སྟོང་པའི་ཉམས། གསུམ་པ་སྤྲོས་བྲལ་རྣམ་དག་གི། རྟགས་རྣམས་ཀྱང་དེའི་ངང་ལ་འཆར་རོ། །དེ་ནི་ཆོས་ལ་ཉམས་ལེན་དགོས། བརྟེན་པ་དེ་སྒོམ་པ་ལ་འབད་པར་བྱའོ། །རྣ་བརྒྱུད་རྡོ་རྗེ་ཟམ་པའི་གདམས་ངག་འདིར་འདུས་པས་སྣོད་དང་མི་ལྡན་པ་ལ་ཤིན་ཏུ་གསང་བར་བྱ་གསུང་ངོ་།། །།རྫས་ལ་བརྟེན་ནས་ཚེ་ལ་དབང་བའི་རིག་འཛིན་སྒྲུབ་པ་བཞུགས། ན་མོ་གུ་རུ། ཨ་རུ་ར་བཅོ་ལྔ། བ་དམར་གྱི་ཆུར་ཞག་བདུན་སྦང་། དེ་ནས་བཏོན་ལ་འོ་མ་བྲེ་གསུམ་དུ་ཞག་བདུན་སྦང་། དེ་ཞོ་རུ་བཙོས་ལ་མར་དབྱུང་། ཨ་རུ་ར་དེ་ཅོང་ཞི་ཆུ་བྲེ་གསུམ་གྱི་ནང་དུ་བཙོས་ལ་ཆུ་བྲེ་ཕྱེད་དུ་བཏང་། མཛོ་མོའི་འོ་མ་བྲེ་གང་གདུས་ལ་བྲེ་ཕྱེད་དུ་བཏང་། བྲེ་གང་པོ་བསྲེས་ལ། ད་ཅིའི་མར་དང་བཅས་ལ་བསྐོལ། ཁོལ་བ་དང་། ངང་པའི་སྒོ་ང་གཅིག །ཕོ་རོག་གི་སྒོ་ང་གཉིས་དཀར་པོ་དབྱུང་ལ་སེར་པོ་བླུགས། ཤུག་པའི་ནོར་བུ་ཕུལ་གང་བླུགས། དེ་ལ་ཡི་དམ་གྱི་སྔགས་ཞག་བདུན་བཟླས་ལ། ཞག་ཉི་ཤུ་རྩ་གཅིག་ཏུ་རོལ། དེ་འདྲ་བ་ཟླ་བ་གསུམ་བྱས་ན། ཚེ་ལ་དབང་བའི་རིག་འཛིན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དགའ་རབ་རྡོ་རྗེའི་ཡེ་ཤེས་ཀྱི་ལྷའི་དབང་དབབ་པའི་གདམས་པའོ། །ཨཐྎ།། །། ༅། །རྡོ་རྗེ་ཟམ་པའི་ཚེ་ཆོག་ཉུང་དུ་བཞུགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཚེ་ཆོག་ལས་ཀྱི་རིམ་པ། བུམ་པ་དར་དམར་པོའི་མགུལ་ཆིངས་ཅན་དང་བཅས་པ། ནང་དུ་སྙིང་པོ་ལྔ་བླུགས། ཚེ་ཟན་བྱ། མདའ་བྱ་རྒོད་མ་ལ། མེ་ལོང་དང་དར་དམར་པོ་བཏགས་པ་ཐོགས་ལ། འབྲུ་བརྒྱད་བགྲང་ཞིང་བུམ་པའི་ཚེ་ཟན་ལ་བསྟིམ། དེ་ནས་ཚེ་འགུགས་པ་ནི། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །གསུང་མཆོག་རྣམ་པར་དག་པའི་གསུང་། །མཁའ་དང་འདྲ་བའི་གསུང་མངའ་བ། །མཉམ་ཉིད་གསུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཐུགས་མཆོག་མི་རྟོག་པ་ཡི་ཐུགས། །མཁའ་དང་མཉམ་པའི་ཐུགས་མངའ་བ། །མཉམ་ཉིད་ཐུགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཚེ་ཡི་རྒྱུན་སྔགས་ལ། ༀ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ། ཨ་ཡུརྫྙཱ་ན། སརྦ་རོ་པ་སིདྡྷི་སྭཱ་ཧཱ། ཞེས་བརྒྱའམ་སྟོང་བཟླས། ནམ་མཁའ་དབྱིངས་ཕྱུག་མ་ནི་ཡེ་ནས་རྣམ་རྟོག་བྲལ། །རྡོ་རྗེ་དབྱིངས་ཕྱུག་མ་ནི་ཡེ་ནས་སྐྱེ་ཤི་མེད། །རིན་ཆེན་དབྱིངས་ཕྱུག་མ་ནི་དགོས་འདོད་རེ་བ་སྐོང་། །པདྨ་དབྱིངས་ཕྱུག་མ་ནི་འཛིན་མེད་ཆགས་དང་བྲལ། །ལས་ཀྱི་དབྱིངས་ཕྱུག་མ་ནི་མངོན་སྤྱོད་ཕྲིན་ལས་མཛད། །དབྱིངས་ཕྱུག་ཆེན་མོ་ལྔ་རྣམས་ཀྱིས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །སྔགས་འགྲེའོ། །ཤར་ཕྱོགས་ཀེ་ཀེ་རུ་ཡི་གཞལ་ཡས་ནས། །དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །གསང་བའི་ལྷ་མོ་བདེ་བ་རྒྱས་འདེབས་མ། །རིགས་ཀྱི་ལྷ་མོ་ཡུམ་ཆེན་སངས་རྒྱས་སྤྱན། །ཕྱག་རྒྱའི་ལྷ་མོ་བཛྲ་ལཱ་སྱ་མ། །པཱུ་ཛའི་ལྷ་མོ་བཛྲ་དྷཱུ་པེ་མ། །འགུགས་པའི་ལྷ་མོ་རྡོ་རྗེ་ལྕགས་ཀྱུ་མ། །ཤར་ཕྱོགས་ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ། །ཤར་ལྷོ་མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །མི་འགྱུར་ཚེ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །ཨ་ཡུརྫྙཱ་ན་བིནྦྷུ་བྷྲཱུྃ། གསུམ་པོ་དེས་འགྲེ། ལྷོ་ཕྱོགས་བཻ་ཌཱུཪྻ་ཡི་ཞིང་ཁམས་ནས། །སྔོན་མོ་དྲག་ཤུལ་འོད་ཟེར་འཕྲོ་བའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །གསང་བའི་ལྷ་མོ་བདེ་བ་ཟ་བྱེད་མ། །རིགས་ཀྱི་ལྷ་མོ་ཡུམ་ཆེན་མཱ་མ་ཀཱི། ཕྱག་རྒྱའི་ལྷ་མོ་བཛྲ་མཱ་ལྱེ་མ། །མཆོད་པའི་ལྷ་མོ་བཛྲ་པུཥྤེ་མ། །འཆིང་བའི་ལྷ་མོ་རྡོ་རྗེ་ཞགས་པ་མ། །ལྷོ་ཕྱོགས་ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ལ། །ལྷོ་ནུབ་སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག །གོང་གིས་འགྲེས། ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ནས། །དམར་མོ་དབང་སྡུད་ཞི་བྱེད་འོད་འཕྲོས་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །གསང་བའི་ལྷ་མོ་བདེ་བ་རྨོངས་བྱེད་མ། །རིགས་ཀྱི་ལྷ་མོ་ཡུམ་ཆེན་ན་བཟའ་དཀར། །ཕྱག་རྒྱའི་ལྷ་མོ་བཛྲ་གིརྟི་མ། །པཱུ་ཛའི་ལྷ་མོ་བཛྲ་ཨཱ་ལོ་ཀེ། །བསྡོམ་པའི་ལྷ་མོ་རྡོ་རྗེ་ལྕགས་སྒྲོགས་མ། །ནུབ་ཕྱོགས་ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ནུབ་ཕྱོགས་ཀླུ་ཡི་ལག་ནས་ཚེ་ཁུག་ལ། །ནུབ་བྱང་རླུང་ལྷའི་ལག་ནས་དཔལ་སྐྱོབས་ཤིག །གོང་གིས་འགྲེས། བྱང་ཕྱོགས་ཨིནྡྲ་ནི་ལའི་ཞིང་ཁམས་ནས། །ལྗང་གུ་ཕྲིན་ལས་འོད་ཟེར་འཕྲོ་བའི་ཚོགས། །ཚེ་དང་གཟི་བརྗིད་འགུགས་པའི་ལས་མཛད་མ། །གསང་བའི་ལྷ་མོ་བདེ་བ་ཚེ་འཕེལ་མ། །རིགས་ཀྱི་ལྷ་མོ་ཡུམ་ཆེན་དམ་ཚིག་སྒྲོལ། །ཕྱག་རྒྱའི་ལྷ་མོ་བཛྲ་ནི་རྟི་མ། །མཆོད་པའི་ལྷ་མོ་བཛྲ་གནྡྷེ་མ། །འབེབས་པའི་ལྷ་མོ་རྡོ་རྗེ་དྲིལ་བུ་མ། །བྱང་ཕྱོགས་ཚེ་བདག་ཆེན་མོ་ཁྱེད་ཀྱི་རྣམས་ཀྱིས། །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ལ། །བྱང་ཤར་འབྱུང་པོའི་ལག་ནས་དཔལ་སྐྱོབས་ཤིག །གོང་གིས་འགྲེས། ཚེ་འཛབ་བཟླས། དེ་ནས་ཚེ་ཡར་བ་དང་། འཐོར་བ་དང་། ལྡེག་པ་རྣམས་བཀུག་ལ་བུམ་པར་བསྟིམ། ཨ་ཡུ་ཛྙཱ་ན་ཚེ་ཡི་མཆོག །ས་ལ་ཉམས་ན་གསེར་ལ་བསྡུ། །ཆུ་ལ་ཉམས་ན་ཆང་ལ་བསྡུ། །རྩི་ལ་ཉམས་ན་མར་ལ་བསྡུ། །འབྲུ་ལ་ཉམས་ན་ཏིལ་ལ་བསྡུ། །འབྲུ་ལྔ་ཡི་ནི་སྙིང་པོ་ལྔ། །གནས་ལྔ་དག་ཏུ་བྱིན་གྱིས་བརླབས། །རྣལ་འབྱོར་ཚེ་ལ་བར་ཆད་མེད། །རྣལ་འབྱོར་ཚེ་ལ་དབང་བསྐུར་སྩོལ། །དེ་ནས་ཚེ་དབང་བསྐུར་བ་ནི། བུམ་པ་ཐོགས་ལ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །ནམ་མཁའ་གསང་བའི་ཡུམ་ལས་བྱུང་། །ནམ་མཁའ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་ཡིན། །ༀ་བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ༀ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་བའི་ཡུམ་ལས་བྱུང་། །རྡོ་རྗེ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་ཡིན། །ཧཱུྃ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་གསང་བའི་ཡུམ་ལས་བྱུང་། །རིན་ཆེན་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །སྭཱ་རཏྣ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་སྭཱ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །པདྨ་གསང་བའི་ཡུམ་ལས་བྱུང་། །པདྨ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །ཨཱྃ་པདྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱྃཿ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །ལས་རབ་གསང་བའི་ཡུམ་ལས་བྱུང་། །ལས་ཀྱི་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །ཧཱ་ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། མགོ་བོའི་གནས་ལྔར་བུམ་པས་དབང་བསྐུར་རོ། །ༀ་བུདྡྷ་ལོ་ཙ་ན་ཨ་ཡུ་ཥེ་ༀ། བཛྲ་ཧཱུཾ། རཏྣ་ཏྲཱཾ། པདྨ་ཧྲཱིཿ ཀརྨ་ཧཱ། དེ་ནས་སྨོན་ལམ་གདབ་པ་ནི། བདེན་པ་བརྡར་བའི་རྗེས་ལ། རིགས་ཀྱི་བུ་འདི་ལ་རྡོ་རྗེེ་ཚེ་ཡི་དབང་བསྐུར་བས་ཚེ་དབང་དུ་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །འཆི་མེད་ཀྱི་བདུད་རྩིར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །ཚེའི་ཆོ་ག་ཆུང་བ་རྫོགས་སོ།། །། ༅། །ཞར་བྱུང་མངོན་རྟོགས་ནི། ཚེ་དཔག་མེད་དམར་པོ། གཡས་ཚེའི་བུམ་པ་གཡོན་གྱི་རྡོ་རྗེ་རྒྱ་གྲམ་ཡབ་ཡུམ་གྱི་སྐུ་ལ་འཁྲིལ་སྦྱོར་དུ་ཡོད་པར་བཤད་འདུག །གྱིས་ཁ་བཀབ་པ། ཡུམ་ན་བཟའ་དཀར་མོ་སྐུ་མདོག་དམར་མོ། གཡས་ཚེའི་མདའ་དར་དང་། གཡོན་བདུད་རྩིའི་བུམ་པ། ཤར་འཁོར་ལོའི་རྩིབས་བཞི་ལ། དུ་རྒྱས་འདེབས། གསང་བའི་ཡུམ་དེ་བི། མ་དང་། སངས་རྒྱས་རིགས་ཀྱི་སྤྱན་དཀར་གཡས་རྡོ་རྗེ། གཡོན་ཤེལ་གྱི་བུམ་པ། ལྷོ་རུ་ཟ་བྱེད་མ་གསང་བའི་ཡུམ་དེ་བི། དང་། མཱ་མ་རིགས་ཀྱི་ཀཱི་སྔོན་གཡས་རིན་ཆེན། གཡོན་མཐིང་གི་བུམ་པ། ནུབ་ཏུ་རྨོངས་གསང་བའི་ཡུམ་དེ་བི་བྱེད་མ་དང་། གོས་རིགས་ཀྱི་དཀར་མོ་དམར་མོ་གཡས་པདྨ། གཡོན་བྱུ་རུའི་བུམ་པ། བྱང་དུ་ཚེ་གསང་བའི་ཡུམ་དེ་བི། འཕེལ་མ་དང་། དམ་རིགས་ཚིག་སྒྲོལ་མ་ལྗང་གུ། གཡས་རྡོ་རྗེ་གཡོན་རྒྱ་གྲམ། དེ་ནས་རྩིབས་ཤར་ལྷོའི་མཆན་དུ། ལཱ་ཕྱག་རྒྱའི་ལྷ་མོ། སྱ་མ་དཀར་མོ། གཡས་མེ་ལོང་། གཡོན་ཤེལ་བུམ། ལྷོ་ནུབ་ཏུ་མཱ་ལྱེ་མ་སྔོན་མོ་གཡས་ཕྲེང་བ། གཡོན་བུམ་པ། གིརྟི་ནུབ་བྱང་དུ། མ་དམར་མོ། གཡས་པི་ཝཾ། གཡོན་བྱུ་རུའི་བུམ་པ། གར་མ་བྱང་ཤར། ལྗང་མོ། གཡས་དྲིལ་བུ། གཡོན་གཡུའི་བུམ་པ། བདུག་སྤོས་མ་གྲུ་ཆད་ལ་མཆོད་པའི་ལྷ་མོ་ཤར་ལྷོ། དཀར་མོ། གཡས་སྤོས་ཁང་། གཡོན་ཤེལ་གྱི་བུམ་པ། མེ་ཏོག་ལྷོ་ནུབ་ཏུ། མ་སྔོན་མོ། གཡས་མེ་ཏོག །གཡོན་མཐིང་གི་བུམ་པ། མར་ནུབ་བྱང་གྲུ་ཆད་ལ། མེ་མ་དམར་མོ། །གཡས་མར་མེ། གཡོན་བྱུ་རུའི་བུམ་པ། དྲི་ཆབ་བྱང་ཤར་གྲུ་ཆད་ལ། མ་ལྗང་མོ། གཡས་དྲིའི་དུང་ཕོར། གཡོན་གཡུ་ཡི་བུམ་པ། ལྕགས་སྒོ་མ་བཞི་ལས་ཤར་དུ། ཀྱུ་མ། ཞགས་པ་ལྷོ་སྒོ་མ། ལྕགས་ནུབ་སྒོ། སྒྲོགས་མ། དྲིལ་བྱང་སྒོ། སྐུ་མདོག་དཀར་མཐིང་དམར་ལྗང་རིམ་པ། བུ་མའོ། །གཡས་མིང་གིས་མཚོན་པ་དང་། གཡོན་ཤེལ་མཐིང་བྱུ་རུ་གཡུའི་བུམ་པ་ཐོགས་པའོ། །ཚེ་ཆུང་གི་དལ་དུ་བསྒོམ་རུང་། མངོན་རྟོགས་སུ་བྱེད་ཀྱང་དེ་བཞིན་དུ་བསྒོམ་མོ། །ཨཐྎ།། །། ༅། །སངས་རྒྱས་ཚུལ་བཞིའི་ཞལ་གདམས། ༈ །མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །རྣ་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པ་འདི་ལ་གཉིས་ཏེ། ནག་ཁྲིད་དང་། དམར་ཁྲིད་གཉིས་སོ། །ནག་ཁྲིད་ལ་དོན་རྣམ་པ་གསུམ་གྱི་སྐྱ་བར་ནས་བརྡའ་བཞིའི་ངོ་སྤྲོད་ལ་བརྟེན་ནས་བདེ་གསལ་ངོ་སྤྲད་པ་མུན་ཁུང་གི་སྒྲོན་མེ་ལྟ་བུ། བློ་ཆུང་བ་ལ་ལམ་དུ་བསྟན་ནོ། །དམར་ཁྲིད་ལ་བཞི་སྐོར་བསྡོམས་ཀྱི་སྐྱ་བར་ནས། དུས་གསུམ་གཅིག་ཆོད་ལ་བརྟེན་ནས། གང་ཤར་ཐོགས་མེད་དུ་ངོ་སྤྲད་པས། དཔེར་ན་སེམས་ཅན་ཚིམ་པ་ལྟ་བུ། དེ་ལ་རྡོ་རྗེ་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་འདི་ལ། རྡོ་རྗེ་ཆོས་ཉིད་ཀྱི་གཤིས་བརྟན་སྤྲོས་པ་དང་བྲལ་བ་ལམ་གྱི་གདམས་ངག་བསྟན། རང་ལ་གནས་པ་ལྡེ་མིག་གིས་ཉམས་སུ་མྱོང་བར་ངོ་སྤྲད་པས་སྐྱེ་བ་མེད་པའོ། །སེམས་དག་ལྷའི་བུས། སློབ་དཔོན་དགའ་རབ་རྡོ་རྗེ་ལ་སྐར་མ་རྒྱལ་གྱི་ཉིན་པར་ཕྱག་སྤྱི་བོར་བཞག་ནས་བྱིན་གྱིས་བརླབས་པས། ཨ་ཧ་ཧོའི་སྒྲ་བྱུང་བས་ཡི་གེ་འབྲུ་བཞི་ལ་ལམ་བྱས་ཏེ་བསྟན། དེའི་དོན་གསུངས་པ། ཨ་སྐྱེ་བ་མེད་པའི་དོན་བཞིས་བསྟན། ཧ་འགྱུར་བ་མེད་པ་དོན་གཟེར་བཞིས་བསྟན། ཧོ་འགགས་པ་མེད་པའི་དོན་བརྡའ་བཞིས་བསྟན། འི་དབྱེར་མི་ཕྱེད་པའི་དོན་བཞིས་བསྟན་ཏེ། ཨ་དབྱིངས་ཀྱི་ཚུལ། ཡེ་ཤེས་ཀྱི་ཚུལ། ཆོས་ཉིད་ཀྱི་ཚུལ། བདེ་བའི་ཚུལ། ཧ་ལྟ་བའི་གཟེར། སྒོམ་པའི་གཟེར། སྤྱོད་པའི་གཟེར། འབྲས་བུའི་གཟེར་བཞིའོ། །ཧོ་དབང་པོ་མ་བཀག་པ། མ་གཡོས་པ། འོག་རླུང་འཐེན་པ། ལྕེའི་རྩེ་མོ་གར་ཡང་མི་བརྟེན། འི་ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ། ལྷུག་པ་དང་བཞིའོ། །སེམས་ཉིད་དེ་དང་པོ་གང་ནས་ཀྱང་མ་བྱུང་བས། སྐྱེ་མ་མྱོང་བས་ཆོས་ཉིད་ཀྱི་ཚུལ་ལོ། །ཐ་མ་གང་དུ་ཡང་མི་འགྲོ་བས། ད་ལྟ་སྐྱེ་མི་སྲིད་པས་དབྱིངས་ཀྱི་ཚུལ། ད་ལྟ་གང་ན་ཡང་མི་གནས་པས་བདེ་བའི་ཚུལ། དེ་ཡེ་ནས་རང་ལ་ཡོད་པར་ཤེས་པས་ཡེ་ཤེས་ཀྱི་ཚུལ་ལོ། །སེམས་ཉིད་སྐྱེ་མ་མྱོང་བས་རྣམ་རྟོག་གློ་བུར་དུ་བྱུང་ཡང་། དཔེར་ན་བྱ་འཕུར་བ་ལ། རྗེས་མེད་པ་ལྟར་སྐྱོན་གྱིས་མ་གོས་པའོ། །དེ་མི་སྐྱེ་བས་ཉོན་མོངས་དག །བག་ཆགས་དག །སྐྱོན་ཡུལ་ཐོན་ནོ། །དེ་ལྟར་ངོས་བཟུང་མེད་པས། ཅིར་ཡང་ལྟ་བར་འཆར། ཤར་བ་ཡང་ལྟ་བ། མ་འགགས་པས་མ་ཤར་བ་ཡང་ལྟ་བ། གཞི་ངེས་པ་མེད་པས། དཔེར་ན་ནམ་མཁའ་ལ་སྤྲིན་བྱུང་ཡང་། ནམ་མཁའ་ལ་ཕན་གནོད་མེད་པའི་ཕྱིར་མ་བྱུང་ཡང་ནམ་མཁའ་ལ་དངོས་པོ་དང་མཚན་མར་མ་གྲུབ་པས། ཅི་དགུ་ལྟར། ལྟ་བར་གཏན་ལ་འབེབས་པས་རྩོལ་བསྒྲུབ་དང་བྲལ་བའོ། །ཨ་སྐྱེ་བ་མེད་པའི་དོན་ནོ། །ལྟ་བ་བལྟས་པས་འཁྲུལ། མ་ལྟས་ཕྱོགས་རིས་ཀུན་དང་བྲལ། མི་བཅོས་མི་བསླད་མ་བཅོས་པ་རུ་བཞག །དེའི་ངང་ལས་བློ་མི་གནས། དྲན་པ་མ་འགགས། འཛིན་པའི་སེམས་ཀྱང་མེད། དེའི་ངང་ལ་ཡིན་མིན་ལ་སོགས་སྙེམས་བྱེད་ཀུན་དང་བྲལ། དེ་ལྟ་བུ་གཅིག་ཏུ་རྟོགས་ཙ་ན་སྣང་སྟོང་གཉིས་མེད་ཆོས་ཀྱི་དབྱིངས། དཔེར་ན་ཐང་ལ་ཉི་མ་ཤར་བ་འདྲ། མུན་པ་བཙལ་བས་མི་རྙེད། སེམས་ཉིད་རྣམ་པར་དག་པ་དེ་ལ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པས་གོལ་ས་བཙལ་ཡང་མི་རྙེད། ཐམས་ཅད་ལྟ་བར་གྱུར་པས་ཅིར་སྣང་ལྟ་བར་གཏན་ལ་ཕེབས། དེ་ལ་མིང་དུ་བཏགས་པས། ལྟ་བ་བློ་བྲལ་སྙེམས་ཆོད་ཟེར་ཏེ། ལྟ་བ་མི་འགྱུར་བའི་གཟེར་ཐེབས་སོ། །དེ་ཙམ་ན་དམིགས་པ་ལ་གཏད་ས་མེད་དེ། ཅི་ཤར་སྒོམ་པའི་ཀློང་དུ་གྱུར་པས། ཡེངས་སུ་མེད་དེ་སྒོམ་པའི་གཟེར་ཐེབས་སོ། །དེ་ལ་མིང་དུ་བཏགས་པས། སྒོམ་པ་གཏད་མེད་ཡེངས་མེད་ཡིན། དེ་ཙམ་ན་སྣང་བ་ཅི་ཤར་ཅིར་སྣང་ཡང་ཤར་བ་མ་འགགས་འཛིན་པ་མེད། ཅི་ཤར་རང་སར་དག་པས། དཔེར་ན་བྱ་འཕུར་བ་ལ་རྗེས་མེད་པ་དང་འདྲ་བས། སྤྱོད་པ་ཀློང་དུ་གྱུར་པས། སྤྱོད་པའི་གཟེར་ཐེབས་སོ། །དེ་ལ་མིང་དུ་བཏགས་པས། སྤྱོད་པ་སྣང་ཡང་མི་འཛིན་ཡིན། དེ་ཆོས་ཉིད་ཡེ་ནས་རྣམ་པར་དག་པ། དེ་གང་ཟག་གི་རྒྱུད་ལ་ཉམས་སུ་མྱོང་བས། དྲི་མ་ཅན་གྱི་རླུང་དག །ཉོན་མོངས་ཅན་གྱི་གཞི་དག །བག་ཆགས་སོགས་བྱེད་ཀྱི་སྣོད་དག །ས་བོན་ཆའི་ཀུན་གཞི་དག །མཚན་མ་དབྱིངས་སུ་གྲོལ། དེས་འབྲས་བུའི་གཟེར་ཐེབས་སོ། །དེ་ལ་མིང་དུ་བཏགས་ན། འབྲས་བུ་ཀ་དག་དབྱིངས་གྲོལ་ཟེར། དེས་ཧ་འགྱུར་བ་མེད་པའི་དོན་ཡིན་ནོ། །ཧོ་བརྡའ་བཞི་ལ་དབང་པོ་མ་བཀག་པ་གསལ་བ་ཡིན། མ་གཡོས་པ་མི་རྟོག་པ་ཡིན། འོག་རླུང་འཐེན་པས་ལུས་ཡོད་དུ་མི་ཚོར་བ་བདེ་བ་ཡིན། ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པས་དབྱེར་མི་ཕྱེད་པ་ཡིན། གསལ་མེད་རང་བཞིན་གྱིས་འོད་གསལ་བ་ཡིན། མི་རྟོག་པ་དེ་མི་རྟོག་པའི་ཆོས་ཉིད། ལུས་ཡོད་དུ་མི་ཚོར་བ་དེ་ཟག་མེད་ཀྱི་བདེ་བ། དབྱེར་མི་ཕྱེད་པ་ཆོས་ཉིད་ཀྱིས་རྣམ་པར་དག་པའོ། །དེས་ཧོ་འགགས་པ་མེད་པའི་དོན་ནོ། །འི་དབྱེར་མི་ཕྱེད་པའི་དོན། བརྡའ་དོན་བསྲེ་བའི་མན་ངག་ཡིན་ཏེ། ཐ་མལ་གྱི་ཤེས་པ་བློ་ལས་མ་བྱུང་བ། མ་བསམ་པ། མ་གཡོས་པ། ངག་གིས་མ་བསླད་པ། གཉུག་མ་དེ་ནི་དེའི་ངང་ལས་མ་གཡོས་པའོ། །མི་གཡོ་བའོ། །སོ་མ་ནི་རང་ལུས་ཡོད་དུ་མི་ཚོར་བའོ། །ལྷུག་པ་ནི་དེའི་ངང་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །དེ་ལྟར་ཤར་བ་གཏན་ལ་ཕེབས་པའི་སེམས་ཀྱིས་སེམས་ངོ་ཤེས། སེམས་ཉིད་རང་ངོ་ཤེས་པས་རྟེན་མེད་ཀྱི་རིག་པ་རང་གྲོལ། འཛིན་མེད་ཀྱི་ཤེས་པ་རང་གསལ་བས་ཐོགས་མེད་ཀྱི་ཤེས་རབ་རང་ཤར། མར་མེའི་རྩེ་མོ་དང་འདྲ། རྣ་བརྒྱུད་རྡོ་རྗེ་ཟམ་པ་འདིར། ནག་ཁྲིད་དམར་ཁྲིད་གཉིས། བདག་འདྲ་འཛིང་གི་བནྡེ་ཡིས། །སེམས་ཅན་དོན་དུ་ཀུན་ལ་བཤད། །དམར་ཁྲིད་སེམས་ཀྱི་དཀྱིལ་དུ་སྦས། །འཕེལ་ན་མཁའ་འགྲོ་གསུམ་གྱི་བཀའ་ཆད་འོང་ངོ་། །ཨཐྎ།། །། ཞལ་གདམས་འཕྲུལ་གྱི་མེ་ལོང་དགུ་སྐོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་དགོངས་པ་ལ་དོན་རྣམ་པ་གཉིས་ཏེ། ཆོས་སྤྱིའི་རྣམ་པ་གཏན་ལ་འབེབས་པ་དང་། དོན་རང་གི་མཚན་ཉིད་དུ་གཏན་ལ་འབེབས་པའོ། །དང་པོ་དེ་གཏན་ལ་འབེབས་པ་ལ། དོན་རྣམ་པ་གསུམ་སྟེ། ནམ་མཁའ། སེམས་ཉིད། ཡེ་ཤེས་དང་གསུམ་མོ། །ནམ་མཁའ་ལ་རྣམ་པ་གསུམ། དཔེའི་ནམ་མཁའ། དོན་གྱི་ནམ་མཁའ། རྟགས་ཀྱི་ནམ་མཁའོ། །དཔེའི་ནམ་མཁའ་ནི་ཡར་གྱི་ནམ་མཁའ་ཁ་དོག་དང་བཅས་པ་དེ་མ་ཡིན། མར་ས་ལ་ཉེ་བ་དེ་ཡང་མ་ཡིན་ཏེ། བར་གྱི་ནམ་མཁའ་སྟོང་པ་འདི་ལ། སྟོན་ཟླ་གསུམ་ལ་སའི་རྡུལ་ནི་ནོན། སྤྲིན་དང་ཁུ་རླངས་ནི་ཡལ་བ་དེའི་དུས་སུ་ཤིན་ཏུ་དག་པ་རྫས་སུ་མ་གྲུབ་པ་དེ་ལ་ངོས་བཟུང་དང་བྲལ་བ། དེ་ལ་སངས་རྒྱས་ཀྱི་དགོངས་པ་ཡིན་ཟེར་ནས་གཏན་ལ་འབེབས་ཏེ། དེ་ལ་སངས་རྒྱས་དགོངས་པ་དེ་ངོས་བཟུང་དུ་མི་བཏུབ་སྟེ་རང་རྒྱུད་ལ་མ་རེག་གོ། །དེའི་དཔེ་ནི་ནམ་མཁའོ། །དོན་གྱི་ནམ་མཁའ་ནི་ཤེས་པ་ལ་མ་བྱས་པ། མ་བཅོས་པ། ལྷུག་པ། རང་ལུགས་སུ་བཞག་པས་རྣམ་པར་རྟོག་པ་ཕྲ་ཞིང་ཕྲ་བ་ཡང་མ་སྐྱེས་པར། ཉམས་བདེ་བ། གསལ་བ། མི་རྟོག་པ། མི་ཕྱེད་པ་གཅིག་རྒྱུད་ལ་ལྷག་གིས་འཆར། རྟོགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་དབྱེ་བསྲི་མེད་པ་ཡིན། ཡོ་ཡིན་ལ། མིན་ན་ཡོ་མིན་པ་གཅིག་རྒྱུད་པ་འཆར་བའོ། །དེ་ནི་དོན་གྱི་ནམ་མཁའ་འོ། །རྟགས་ཀྱི་ནམ་མཁའ་ནི། ཆོས་ཐམས་ཅད་ལ་དོན་དུ་སྣང་ཡང་དོན་དུ་མི་འཛིན། ཅིར་ཡང་ཆགས་འཛིན་མེད་པས། ནམ་མཁའ་བཞིན་དུ་ཡིད་ལ་མི་བྱེད་པ། རྐྱེན་ཅི་ཤར་ཡང་མི་བདེ་བ་མེད་པ། སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་བྱམས་པ། སྙིང་རྗེ་ཆེ་བ་ལ་ཆེད་དུ་འཛིན་པའི་བློ་མེད་པ་གཅིག་འབྱུང་། དེ་ནི་རྟགས་ཀྱི་ནམ་མཁའ་འོ། །སེམས་ཉིད་ལ་གསུམ་སྟེ། དཔེའི་སེམས་ཉིད་ནི། སེམས་ཉིད་དངོས་པོའི་གནས་ལུགས་ལྷུན་གྲུབ་ཆེན་པོ་ཅི་ཡིན་ཟེར་ནས་ཆོས་ཀྱི་གཏན་ལ་ཕེབས་པས། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་ཟེར་ནས། རོལ་པ་ཡིན། རྒྱན་ཡིན། རྩལ་ཡིན་ཟེར། དེ་ལྟར་ངོ་མ་ཤེས་པས་འཁྲུལ་པའི་སེམས་ཡིན། དེ་ལྟར་དུ་ངོ་ཤེས་ཙམ་ན་སེམས་ཉིད་དངོས་པོའི་གནས་ལུགས་ཡིན་ཟེར་བ་དེས་ནི། རང་རྒྱུད་བཟློག་ཏུ་མ་བཏུབ་སྟེ། འགྱུར་བྱེད་དང་བཅས་པའོ། །དེ་ནི་དཔེའི་སེམས་ཉིད་དོ། །དོན་གྱི་སེམས་ཉིད་ནི། བླ་མས་གདམས་ངག་བསྟན་པའི་དུས་སུ། བརྡའ་ངོས་ཟིན་ནས་དོན་རང་གི་རྒྱུད་ལ་ངོས་མེད་དུ་ཡེར་གྱིས་ཉམས་སུ་མྱོང་ནས། ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་སྟེང་དུ་བདེན་པར་ཟད་ནས། ཡར་སངས་རྒྱ་ལ་འདོད་པའི་མཐའ་ཆོད། མར་འཁོར་བ་ལ་དོགས་པའི་སྙེམས་ཞིག་ནས། ད་ལྟའི་ཤེས་པ་འདི་འཁོར་འདས་གཉིས་མེད་དུ་ཉམས་སུ་མྱོང་བའོ། །དེ་ལ་དོན་གྱི་སེམས་ཉིད་ཅེས་བྱའོ། །རྟགས་ཀྱི་སེམས་ཉིད་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་ཤིང་། སྟོང་པ་ཉིད་དུ་གྱུར་ནས། ཚོགས་དྲུག་སྟོང་པར་ཉམས་སུ་མྱོང་བས། སྤྱོད་པ་བབ་ཅོལ་དུ་སྤྱོད། སྣང་བ་གཞན་གྱིས་ཁོལ་མི་གནོད། ཆེད་དུ་འཛིན་པ་ཁོ་ལ་མེད་པས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ནས། སྤྱོད་ཅི་ལ་ཡང་སྤྱོད། ཞེན་གང་ལ་ཡང་མ་ཞེན་པ་གཅིག་ཁོ་ལ་ཡོད། དེ་ནི་རྟགས་ཀྱི་སེམས་ཉིད་དོ། །ཡེ་ཤེས་ལ་གསུམ་སྟེ། དཔེའི་ཡེ་ཤེས་ནི། སེམས་ཉིད་དངོས་པོའི་གནས་ལུགས་དེ་རང་དུ་རིག་ཅིང་རང་གསལ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཡོད་པ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་བླ་མའི་གདམས་ངག་གིས་བསྟན་དུ་ཡོད་པས་སོ་སོར་རྟོག་པའི་ཡེ་ཤེས། དེ་རང་གིས་གོ་བར་བྱུང་བས་བྱ་བ་གྲུབ་པའི་ཡེ་ཤེས། དེ་ལ་རང་བཞིན་མེད་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཟེར་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ན་ཡོད་པ་དེ་ཡིན་ཟེར། དེ་ནི་དཔེའི་ཡེ་ཤེས་ཡིན། དོན་གྱི་ཡེ་ཤེས་ནི། བླ་མའི་གདམས་ངག་གིས་རྒྱུད་ལ་སྦྱར་བས། འཁོར་འདས་གཉིས་མེད་དུ་ཉམས་སུ་མྱོང་ནས། རེ་དོགས་ཀྱི་མདུད་པ་ཞིག་ནས། བདག་ཏུ་འཛིན་པའི་བློ་ཟད། བྱ་བྱེད་ཀྱི་སྒྲོག་གྲོལ། སྣང་སྟོང་རྟག་ཆད་ཀྱི་མཐའ་ཆོད། རྟོག་མི་རྟོག་གཉིས་སུ་མེད་པའི་དཔེའི་རྒྱུན་ཆད་མེད་པའོ། །དེ་ནི་དོན་གྱི་ཡེ་ཤེས་སོ། །རྟགས་ཀྱི་ཡེ་ཤེས་ནི། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ། རང་བཞིན་གྱིས་རྣམ་པར་དག་པ་རྒྱུད་ལ་ཤར་ནས། འདི་ཡིན་འདི་མིན་མེད་པར་གཉིས་མེད་དུ་ཐུག་ཕྲད་དུ་གྱུར་ནས། རྣམ་པར་རྟོག་པ་བྱ་བ་མིང་ཡང་མེད་དོ། །དཔེ་ནི་ཉི་མ་ཤར་བ་དང་འདྲའོ། །འཕྲུལ་གྱི་མེ་ལོང་དགུ་སྐོར་ཞེས་བྱའོ། །དོན་ལ་རྟོགས་པའི་གདམས་ངག་ཡིན་ནོ། །ཨཐྎ།། །། ༈ རྡོ་རྗེ་སེམས་དཔའི་རྡོ་རྗེའི་ཚིག་རྡོ་རྗེ་ཟམ་པར་གྲགས་པ་བརྡས་དོན་སྤྲོད་པ་ཞེས་པ་དེ་གོང་དུ་སོང་ངོ་། །བླ་མ་ཡི་དམ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཉང་བྱང་ཆུབ་གྲགས་ཀྱི་ལྟ་བ་སྒོམ་གྱི་རྡེའུ་བཅུ་དྲུག་ལས་དང་པོ་འདི་ཡིན་ནོ། །ལྟ་སྒོམ་ངོས་འཛིན་གྱི་རྡེའུ་བཞི་ནི། མི་སྐྱེ་མི་འགགས་པའི་ལྟ་བ་ངོས་བཟུང་བ་དང་གཅིག །ལྟ་སྟངས་ཀྱི་སྒོམ་པ་ངོས་བཟུང་བ་དང་གཉིས། ཤུགས་འབྱུང་གི་སྤྱོད་པ་ངོས་བཟུང་བ་དང་གསུམ། འགྱུར་མེད་མཐའ་དབུས་ཀྱི་འབྲས་བུ་ངོས་བཟུང་བ་དང་བཞི། མཚོན་པ་དཔེའི་རྡེའུ་བཞི་ནི། འགགས་མེད་ནམ་མཁའ་ལྟ་བུའི་དཔེ་མཚོན། རི་བོ་འཇུག་ཉལ་སྒོམ་པའི་དཔེ་མཚོན། སྤྲེའུ་རྟོད་ལ་མནན་པས་སྤྱོད་པའི་དཔེ་མཚོན། དགོས་པ་འབྱུང་བ་ནོར་བུས་འབྲས་བུ་དཔེ་མཚོན་པ་དང་བཞིའོ། །རྗེས་འཇུག་གི་རྡེའུ་བཞི་ལ། ཤར་བ་སྐྱོན་མེད་ལྟ་བུའི་རྗེས་འཇུག །གསལ་བ་སྒོམ་མེད་སྒོམ་པའི་རྗེས་འཇུག །དྲན་པ་བརྗེད་བསྐུལ་སྤྱོད་པའི་རྗེས་འཇུག །འཁོར་འདས་ཀ་དག་འབྲས་བུའི་རྗེས་འཇུག་གོ། །ལྡང་ཚད་ཀྱི་རྡེའུ་བཞི་ནི། བློ་བྲལ་གྱི་སྙེམས་ཆོད་ལྟ་བའི་ལྡང་ཚད། མ་གཏད་མ་ཡེངས་སྒོམ་པའི་ལྡང་ཚད། སྣང་ཡང་མ་སྤྱོད་པ་སྤྱོད་པའི་ལྡང་ཚད། ཀ་དག་དབྱིངས་གྲོལ་འབྲས་བུའི་ལྡང་ཚད་དོ། ། ༅། །སེམས་ཀྱི་གདར་ཤ་བཅད་པ། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱི། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་གདར་ཤ་བཅད་པ་ནི། ལུང་དང་མན་ངག་གཉིས་ཀྱིས་གཏན་ལ་དབབ་སྟེ། དེ་ཡང་ལུང་ནི། གསང་སྔགས་ཀྱི་ཐེག་བསྡུས་ནི། ཡེ་ཤེས་རང་རིག་པའི་རང་བཞིན་ནི་དབྱིངས་ནས་འབྱུང་སྟེ། དེ་སེམས་པ་དང་བརྗོད་པར་བྱས་ན་འཇིག་རྟེན་གྱི་ཁམས་གཡོ་བར་འགྱུར། ཁ་ནས་ཁྲག་དྲོན་མོ་སྐྱུག་པར་འགྱུར། ཞེས་གསུངས་སོ། །དགེ་བའི་བཤེས་གཉེན་པ་རྣམས་ཀྱང་། སངས་རྒྱས་དང་སེམས་ཅན་གྱི་ཐོག་མཐའ་བཙལ་དུ་མི་རུང་། ཞེས་གསུངས། དེ་ལ་ཤེས་ནས་རུང་བར་བསྟན་པའི་ལུང་ནི། རྟེན་འབྲེལ་གྱི་ཆོ་ག་ཞིབ་མོ་ནས། མི་རུང་སྤངས་ནས་རུང་འཚོལ་ན། །དེ་ལ་རུང་བ་གང་ཡང་མེད། །མི་རུང་བ་ཉིད་དུ་ཤེས་ན། །དེ་ལ་མི་རུང་གང་ཡང་མེད། །ཅེས་གསུངས་སོ། །དེ་ལ་རྣ་བརྒྱུད་རྡོ་རྗེ་ཟམ་པའི་གདམས་ངག་གིས་གཏན་ལ་དབབ་པ་ནི། དག་དང་མ་དག་རླུང་ཉིད་ལས། །འཁོར་བ་དང་ནི་མྱ་ངན་འདས། །སེམས་ཀྱི་རང་བཞིན་རླུང་ཉིད་དེ། །ཟབ་ཅིང་ཀུན་ཁྱབ་རྐྱེན་ལས་འཆར། །གྲོལ་བ་དང་ནི་རང་གྲོལ་འབྱུང་། །ཞེས་གསུངས་སོ། །དེ་ནས་གཏན་ལ་དབབ་པ་ནི། རང་བཞིན་གྱི་དབྱིངས་དང་ཆོས་ཀྱི་དབྱིངས་སོ། །དེ་ལ་དང་པོ་རང་བཞིན་གྱི་དབྱིངས་འདི་ལས། རླུང་རྣམ་པ་བཞི་གཡོས་ཏེ། དེ་ཡང་རིན་པོ་ཆེ་རྒྱས་པའི་རྒྱུད་ལས། གཡོ་མི་གཡོས་ལ་ཡིད་ཙམ་གཡོས། །སྔར་རྟོག་མ་སྐྱེས་རྟོག་པའི་རྣམ་པ་སྐྱེས། །ཞེས་གསུངས་སོ། །དེ་ལ་བུདྡྷ་ལ་མཁྱེན་པའི་ཡེ་ཤེས་མངའ། སེམས་ཅན་ལ་རིག་པའི་ཡེ་ཤེས་བྱ་བ་ཡོད་དོ། དེ་ཡང་བུ དྡྷའི་མཁྱེན་པའི་ཡེ་ཤེས་སུའང་མ་གྱུར། སེམས་ཅན་གྱི་རིག་པ་ཡེ་ཤེས་མ་གྱུར་པའི་དུས་སུ་མིང་དུ་གདགས་སུ་མ་བཏུབ་སྟེ། དེ་ཡང་དཔེར་ན། ལུགས་མཁན་ལྟ་བུའོ། །སྐུ་གཟུགས་ལྟ་བུར་ཡང་མ་གྱུར་བའོ། །དེ་ཡང་རང་བཞིན་ལུང་མ་བསྟན་གྱི་དབྱིངས་སོ། །དེའི་དུས་སུ་དཔེར་ན་རྒྱ་ཞོ་མནན་པ་ལྟ་བུའམ། བྲེ་ཁ་བཅད་པ་ལྟ་བུའོ། །རང་བཞིན་གྱི་དབྱིངས་འདི་ལ་དང་པོ་ཀུན་ཏུ་འཚོལ་བའི་རླུང་བྱུང་། དེ་ལས་ཨེན་གཅིག་ཇེ་རགས་སུ་སོང་བ་ལས། དྲན་པ་བརྟན་པར་བྱེད་པའི་རླུང་བྱུང་། དེ་ལས་ཨེན་གཅིག་ཇེ་རགས་སུ་སོང་བ་ལས། བསྟན་པ་ཉེ་བར་འཇོག་པའི་རླུང་བྱུང་། ཉེར་འཇོག་གི་རླུང་དེ་ལས། དག་གསལ་བ་དག་པ་ཉེ་བར་འཇོག་པ། མི་རྟོག་པ་དག་པ་ཉེ་བར་འཇོག་པ། བདེ་བ་དག་པ་ཉེ་བར་འཇོག་པ། དབྱེར་མི་ཕྱེད་པ་ཉེ་བར་འཇོག་པ། པ་དང་མ་དག་པ་ཕྱེད་དེ། དག་པ་ནི་རང་གི་ངོ་བོ་རང་གསལ། གསལ་བ་དེ་རང་དུ་རིག །དེ་ཙ་ན་བློ་མི་གནས་ཏེ། རང་བཞིན་གྱིས་སྟོང་། དེ་ཙ་ན་ལུས་སུ་མི་གནས་ཏེ་སྙེམས་བྱེད་མེད་དེ་རང་བཞིན་དབྱེར་མི་ཕྱེད། དབྱེར་དབྱེར་མི་ཕྱེད་པ་དེ་ངོ་ཤེས་ཙམ་ན། རྟོགས་པ་མངོན་འགྱུར་གྱི་སངས་རྒྱས་སོ། །དེ་ནས་ཡོད་པ་དེ་ངོ་ཤེས་པ་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་སོ། །དེ་ངོ་བོ་ཉིད་ཀྱི་སྐུའོ། །དེ་ཐ་དད་དང་བྲལ་བས་གསང་བའི་སྐུའོ། །མི་ཕྱེད་པ་དེ་ཉིད་རང་བཞིན་གྱིས་མཐའ་ལས་འདས་སོ། །དེ་ལ་དཔལ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་ཐོག་མ་མེད་པ་ནས་ཐ་མ་མེད་པར་རང་བཞིན་ཆོས་ཀྱི་དབྱིངས་སུ་དབྱར་དགུན་གཉིས་མེད། སྟོན་དཔྱིད་གཉིས་མེད། ཉིད་མཚན་གཉིས་སུ་མེད་དེ་ན་བུན་དེངས་པ་ཙམ་དུ་རང་གཤེགས་ཏེ། དེ་བརྗོད་ཅིང་ཤེས་པར་མི་ནུས། བགྲང་ཞིང་གཞལ་བར་མི་ནུས་སོ། །དེ་ཡང་རྒྱུད་ཆེན་ནས། སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་གསུངས་སོ། །སངས་རྒྱས་ཀྱི་ཐོག་མཐའ་བཙལ་དུ་མི་རུང་བ་ཡང་དེ་ཉིད་དོ། །དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱའོ། །དེ་ནི་དག་པའི་ལུང་ངོ་། །མ་དག་པ་ནི་རྒྱུ་རང་ལས་བྱུང་བའི་མ་དག་པ་དང་། རྐྱེན་གཞན་དུ་སྣང་བའི་མ་དག་པ་དང་། གཉིས་ནས་བྱུང་བའི་ལོག་པའི་མ་དག་པའོ། །རྒྱུ་རང་ལས་བྱུང་བའི་མ་དག་པ་ནི། རང་གི་ངོ་བོ་རང་གིས་མ་ཤེས་པས་འདོད་ཆགས་ཏེ། མཚན་ཉིད་སྡུག་བསྔལ་ལོ། །དེ་ནི་རྒྱུ་རང་ལས་བྱུང་བའི་མ་དག་པའོ། །རྐྱེན་གཞན་དུ་སྣང་བའི་མ་དག་པ་ནི། རང་གིས་འཚལ་དུ་མ་ཤེས་པས་ཡུལ་དང་ཡུལ་ཅན་དུ་བཅད་དེ་རང་བཞིན་འཁྲུལ་པས། རྐྱེན་གཞན་དུ་སྣང་བའི་མ་དག་པའོ། །གཉིས་ལས་བྱུང་བའི་ལོག་པའི་མ་དག་པ་ནི། རང་ངོ་རང་གིས་མ་ཤེས་པས་ཡུལ་དུ་ཕར་སྣང་བའི་ཤེས་པ་ཤར། དེ་གཉིས་སུ་མེད་པ་མ་ཤེས་པས་ངོ་བོ་མ་རིག་པར་གྱུར་ཏེ། གཉིས་ལས་བྱུང་བའི་ལོག་པའི་མ་དག་པའོ། །དེ་གསུམ་དབྱེར་མེད་པ་ནི་མ་རིག་པའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ། །འདུ་བྱེད་ལ་ཆ་བཞི་སྟེ། བསོད་ནམས་ཀྱི་འདུ་བྱེད་དང་། བསོད་ནམས་མ་ཡིན་པའི་འདུ་བྱེད་དང་། མི་གཡོ་བའི་འདུ་བྱེད་དང་། མི་གཡོ་བ་མ་ཡིན་པའི་འདུ་བྱེད་དོ། །བསོད་ནམས་ཀྱི་འདུ་བྱེད་ཆ་ཕྲ་མོའི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེ་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེས་སྐྱེ་བ་བཞི་ལས་རྫུས་ཏེ་སྐྱེས། འགྲོ་བ་དྲུག་ལས་ལྷར་རྫུས་ཏེ་སྐྱེས། གླིང་བཞི་ལས་ཤར་ལུས་འཕགས་པོ་རྫུས་ཏེ་སྐྱེས། འདུ་བྱེད་ཆ་ཕྲ་མོ་བཞི་ལས་བསོད་ནམས་ཀྱི་འདུ་བྱེད། པས་རྒས། རྒས་པས་ན། ན་ནས་ཤི། ཤི་ནས་མ་རིག་པའི་ཐོག་ཏུ་ལྡོག་སྟེ། འདུ་བྱེད་གང་ལ་ཡང་འཇུག་ཅིང་རྩིས་གདབ་མི་བཏུབ་སྟེ། འོ་ན་ཡང་བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱི་ཆ་ཕྲ་མོའི་རྐྱེན་གྱིས་རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། སྐྱེ་བ་བཞི་ལས་དྲོད་གཤེར་ལས་སྐྱེས་པ། འགྲོ་བ་དྲུག་ལས་བྱོལ་སོང་། གླིང་བཞི་ལས་བྱང་སྒྲ་མི་སྙན་དྲོད་གཤེར་ལས་སྐྱེས། འདུ་བྱེད་བཞི་ལས་བསོད་ནམས་མ་ཡིན་པའི་འདུ་བྱེད་དོ། །རྒས་པ། ན་བ། ཤི་བའོ། །ཤི་ནས་མ་རིག་པའི་ཐོག་ཏུ་ལྡོག་སྟེ། འདུ་བྱེད་གང་ལ་འཇུག་ཅིང་རྩིས་གདབ་མི་བཏུབ་སྟེ། འོ་ན་ཡང་མི་གཡོ་བའི་འདུ་བྱེད་ཕྲ་མོའི་རྐྱེན་གྱིས་རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་འདུ་བྱེད་བཞི་ལས་མི་གཡོ་བའི་འདུ་བྱེད། སྐྱེ་བ་བཞི་ལས་མངལ་སྐྱེས། རིགས་དྲུག་ལས་མི་རུ་སྐྱེས། གླིང་བཞི་ལས་ལྷོ་འཛམ་བུ་གླིང་པ་མངལ་ལས་སྐྱེས། བ། རྒས་པ། ན་བ། ཤི་བའོ། །ཤི་ནས་མ་རིག་པའི་ཐོག་ཏུ་ལྡོག་སྟེ། འདུ་བྱེད་གང་ལ་ཡང་འཇུག་ཅིང་རྩིས་གདབ་མི་བཏུབ་སྟེ། འོ་ན་ཡང་མི་གཡོ་བ་མ་ཡིན་པའི་འདུ་བྱེད་ཕྲ་མོའི་རྐྱེན་གྱིས། རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་སྐྱེ་བ་བཞི་ལས་སྒོ་ང་ལས་སྐྱེས། རིགས་དྲུག་ལས་ཡི་དྭགས་ལས་སྐྱེས། གླིང་བཞི་ལས་ནུབ་བ་གླང་སྤྱོད་པ་སྒོང་ང་ལས་སྐྱེས། འདུ་བྱེད་བཞི་ལས་མི་གཡོ་བ་མ་ཡིན་པའི་འདུ་བྱེད། དམྱལ་བ་ནི་ཞེ་སྡང་རགས་པས་དམྱལ་བར་སྐྱེ་སྟེ། དེ་ལས་འདུ་བྱེད་ཡིན་གསུང་། བ། སྐྱེས་ནས་རྒས། རྒས་ནས་ན། ན་ནས་ཤི་སྟེ། ཡང་མ་རིག་པའི་ཐོག་ཏུ་ལྡོག་སྟེ། འདུ་བྱེད་གང་ལ་འཇུག་ཅིང་རྩིས་གདབ་མི་བཏུབ་བོ། །དེ་ནི་འཁོར་བ་ལུགས་སུ་འབྱུང་ནས་ཤར་བའོ། །ལྡོག་པ་ནི། བླ་མ་དམ་པའི་གདམས་ངག་གིས་གཏན་ལ་དབབ་སྟེ། རྒྱུ་རང་ལས་བྱུང་བའི་མ་དག་པ་དེ། རང་རིག་རང་གསལ་བའི་ངོ་བོ་བསྟན། རྐྱེན་གཞན་དུ་སྣང་བའི་མ་དག་པ་དེ། ཆོས་ཆོས་སྐུར་ངོ་སྤྲད། ཉིད་མི་རྟོག་བླ་མ་དམ་པའི་གདམས་ངག་གིས་ངོ་སྤྲད་པ་དེ་ནི་ཐར་པ་མྱ་ངན་ལས་འདའ་བ་ཡིན་ཏེ། ལས་མ་ཡིན་པའི་འདུ་བྱེད་ཡིན་པས་ལས་ལ་མི་ལྟོས་གསུངས་སོ། །དེ་ཡང་དང་པོ་སངས་རྒྱས་རྒྱུ་མེད་པ་ཟེར་རོ། །པའི་ངོ་བོ་བསྟན། གཉིས་ལས་བྱུང་བའི་ལོག་པའི་མ་དག་པ་དེ། དོན་སྐུ་ནི་ཆོས་སྐུའི་ངོ་བོར་བསྟན། ཆོས་ཉིད་བདེ་བའི་ངོ་བོ་བསྟན། དེ་གསུམ་དབྱེར་མི་ཕྱེད་པ་དེ་མ་རིག་པ་ཡིན་ཏེ་དེ་དོན་སྐུ་ནི་ངོ་བོ་ཉིད་ཀྱི་སྐུར་ངོ་སྤྲད། ཆོས་ཉིད་དབྱེར་མི་ཕྱེད་པའི་ངོ་བོ་བསྟན། དབྱེར་མེད་པའི་དུས་ན་དབྱེར་མེད་བྱ་བ་ཙམ་གྱི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་དོན་སྐུ་ནི་གསང་བའི་སྐུ་ཞེས་ངོ་བསྟན་དངོས་པོ་གཤིས་ཀྱི་གནས་ལུགས། ཆོས་ཉིད་ཞེས་ངོ་བོ་བསྟན་ནོ། །དེ་ཙ་ན་མ་རིག་པ་གདར་ཤ་བཅད། འཁྲུལ་གཟུང་འཛིན་རང་སར་དག་པས། པ་དེས་སུ་བརྡས་མ་རིག་པ་དྭངས་པའི་རང་གི་ངོ་བོ་རང་དུ་གསལ་བ། སོ་ལ་བཞག་པར་བྱའོ། །དེས་མ་རིག་པ་གདར་ཤ་བཅད་དེ། རྒྱུ་རང་ལས་བྱུང་བའི་མ་དག་པ་དེ་འདོད་ཆགས་ཀྱི་ཆ། རྐྱེན་གཞན་དུ་སྣང་བའི་མ་དག་པ་དེ་ཞེ་སྡང་གི་ཆ། གཉིས་ལས་བྱུང་བའི་ལོག་ངོ་བོ་མ་རིག་པ། པའི་མ་དག །རང་བཞིན་འཁྲུལ་པ། པ་དེ་གཏི་མུག་གི་ཆ་ཡིན་ཏེ། དུས་གསུམ་རང་སར་དག་པས་མ་རིག་པ་གདར་ཤ་ཆོད། ཅེས་བྱའོ། །རྟེན་ཅིང་འབྲེལ་བ་བཅུ་གཉིས་དེས་སུ་བརྡས་པས་སྐྱེ་བ་མེད་དེ། འཁྲུལ་པ་དེས་སུ་བརྡས་ཞེས་བྱའོ། །སེམས་ཉིད་རང་སར་བརྡའ་དང་ངག་གི་ངོ་སྤྲད་པས། རང་རིག་དྭངས་པའི་སོ་ལ་བཞག་ཅེས་བྱའོ། །དེས་སངས་རྒྱས་དང་སེམས་ཅན་གྱི་ཐོག་མཐའ་བཅད་པ་ཞེས་བྱའོ། །སེམས་ཉིད་གདར་ཤ་བཅད་པའོ། །ལུང་དང་མན་ངག་གིས་གཏན་ལ་ཕབ་པའོ། །ཨཐྎ།། །།མི་མཉམ་པའི་མྱ་ངན་ལས་འདའ་བ་སྟེ། ཆོས་དེ་ནི་མ་སྤྲུལ་པའོ། །ངོ་བོ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མྱ་ངན་ལས་འདའ་བའོ། །ཞེས་ཐ་དུ་མ་ནས་གསུངས་སོ།། །། ཞལ་གདམས་ཀུན་ཏུ་བཟང་པོ་ཐུགས་ཡེ་ཤེས་ཀྱི་མེ་ལོང་གི་ཡེ་ཤེས་འདི་ལ་ལྔ་སྟེ། བརྡའི་ས་དང་། ལྟ་བའི་ས་དང་། སྒོམ་པའི་ས་དང་། སྤྱོད་པའི་ས་དང་། འབྲས་བུའི་ས་དང་ལྔའོ །དེ་ལ་གདམས་ངག་གི་ས་ནི། ཡེ་ཤེས་ཀྱི་མེ་ལོང་དངོས་སུ་བསྟན་ཏེ། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་བྱའོ། །སྨིན་ཕྲག་ཐད་ཀར་རྟག་ལྟ་ཡིན། སྒོ་བཀག་སྣང་སེལ་ཆད་ལྟ་ཡིན། །སྟེང་ལྟ་མུ་སྟེགས་ཚངས་པའི་ལམ། །འོག་ལྟ་མུ་སྟེགས་ཞི་བའི་ལམ། དུས་ཀྱི་བརྡའ་ལ་བརྟེན་ནས་ནི། །འོག་རླུང་ཡིད་ཙམ་འཐེན་པར་བྱ། །སྣང་བའི་དབང་པོ་མ་བཀག་མ་གཡོས་སྣ་རྩེར་བཞག །རོ་ཡི་དབང་པོ་གང་ལ་ཡང་ནི་མ་བརྟེན་བཞག །དཔེ་ནི་རླུང་གིས་མར་མེ་མ་བསྐྱོད་པ་ལྟ་བུའོ། །དེ་ཡང་ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་སོ། །དེ་ཡང་སྨིན་པ་རྣམས་ལ་སངས་རྒྱས། མ་སྨིན་པ་ལ་སེམས་ཅན། དེ་ཡང་འདོད་ཆགས་ཀྱི་ངད་ཡལ་ཏེ་བརྡའི་ངོ་བོ་ཉིད་དེ། དེ་ཡང་། སྲིད་པའི་འདོད་ཆགས་སྤངས་པ་སྟེ། །དེ་ཡང་། བསམ་གཏན་བཞི་པའི་རྩེ་མོ་ཅན། །ཞེས་སོ། །དེ་ཡང་། དངོས་པོ་ཀུན་གྱི་རང་བཞིན་འཛིན། །དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་བྱའོ། །དེ་ཀུན་ཏུ་བཟང་པོ་ཀུན་གྱི་ཐུགས་ཕྲད་ཀྱི་གདམས་པ་ལགས་སོ། །ལྟ་བའི་ས་ནི་གདམས་ངག་གི་སྟོབས་ཀྱིས་ཆོས་ཐམས་ཅད་རོ་གཅིག་པར། སྐད་ཅིག་གཅིག་ལ་ཆོས་ཀུན་རོ་གཅིག་པར་ཁོང་དུ་ཆུད་པའོ། །དེ་ཡང་། ཆོས་ཀུན་མ་ནོར་བར་རྟོགས་པར་དེ། དེ་ལྟར་རྟོགས་ཙམ་ན། རྐྱེན་གྱིས་ཇི་ལྟར་སྣང་ཡང་ངོ་བོ་རང་སར་དག་པ་དེ་ལ། ཤེས་པ་འབའ་ཞིག་ངེས་གསལ་བ། །ཞེས་སོ། །སྒོམ་པའི་ས་ནི་གདམས་ངག་གི་སྟོབས་ཀྱིས་མུན་པའི་བར་ཆད་མེད་དེ། ཡེ་ཤེས་རང་གསལ་བས། ཉིན་མཚན་མེད་པར་གསལ་བས། འོད་བཟང་སྟོན་ཁའི་ཟླ་བ་བཞིན། །ཉི་མ་འཆར་ཀའི་དལ་ལྟར་མཛེས། །ཞེས་སོ། །སྤྱོད་པའི་ས་ནི་གདམས་ངག་གི་སྟོབས་ཀྱིས་མཉམ་པར་བཞག་པ་ལས་སད་པའི་དུས་སུ། ཡེ་ཤེས་སེམས་དཔའི་དལ་ཡིད་ལ་འཆར་ཏེ། དེ་ཡང་། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །ཞེས་བྱའོ། །འབྲས་བུའི་ས་ནི་གདམས་ངག་གི་སྟོབས་ཀྱིས་ཕྱི་རོལ་གྱི་སྣང་བ་མེད་དེ། སྣང་བ་བདེ་བ་ཆེན་པོར་མྱོང་ངོ་། །དེ་ཡང་སྲིད་གསུམ་དགའ་བ་ཆེན་པོ་ལ། དེ་ཡང་འབྲས་བུ་དག་པ་སྟེ། གློ་བུར་བྱུང་བ་མ་ཡིན་ཏེ། རང་བཞིན་གྱིས་བྱུང་བ་ཡིན་ཏེ། དེ་ཡང་། སངས་རྒྱས་ཐོག་མ་མཐའ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་བྱའོ། །ཡེ་ཤེས་དེ་ཉིད་གཡས་གཡོན་ཏེ། མགོ་ཐ་དད་ལ་བལྟས་པས་གར་བལྟས་ཀྱང་སྐུའི་ཐུག་ཕྲད་དོ། །དེ་ཡང་། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་བྱའོ། །ཆོས་སྐུ་དེ་ཉིད་ལས་སེམས་ཅན་གྱི་དོན་དུ་གཟུགས་སྐུ་རྣམ་གཉིས་འཆར་ཏེ། དེ་ཡང་། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་སོ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཞེས་སོ། །ཨཐྎ།། །། ཆོས་ལ་མི་བརྟེན་རྐྱེན་གྱིས་གྲོལ་བའི་དཔེ་བཞུགས། ན་མོ་གུ་རུ། མདུན་རྒྱབ་མེད་གཡས་གཡོན་མེད་པར་འགྲོ་ཤེས་པ་རི་དྭགས་དབང་པོ་ཡང་རབ་ཀྱི་དཔེ། ཆོམ་པ་ལྟ་བུ། མའི་མངལ་ནས་འཕུར་ཤེས་པ་བྱ་དྲི་སྐྱེ་བ་གཅིག་གི་རྫོགས་པའི་དཔེ། ཀ་ལྟ་བུ། གཉིད་སད་སྦྱངས་པའི་ལས་འཕྲོ་ཅན་གྱི་དཔེ། པ་དང་རྨི་ལམ་དྲན་པ་སྐྱེས་བུ་གཉིད་སད་པ་ལྟ་བུ། དཔེ་རྐྱེན་གྱི་ཐར་པའི་དཔེ། དང་དོན་དུ་མཐུན་པ་དུང་གཡས་སུ་འཁྱིལ་བ་ལྟ་བུ། འདི་རྣམས་ཆོས་ལ་མི་བརྟེན་ནོ། །རྐྱེན་གྱིས་གྲོལ་བའི་དཔེའོ།། །།རྣ་བརྒྱུད་ལུང་གི་ཕྲེང་བ་ལས། དུས་ཀྱི་བརྡའ་ལ་བརྟེན་ནས་ཀྱང་། །སྡུག་བསྔལ་ཆུ་བོ་ཆེ་ལས་གྲོལ། །ཨཐྎ།། །། དགེའོ། །དགེའོ། །དགེའོ། །བཀྲ་ཤིས།༈ །ཆོས་འདི་གཉིས་ནི་སློབ་དཔོན་ཇོ་སྲས་འཛིང་གི་བླ་མ་ཕཊ་པོ་ལ་ཟིན་བྲིས་བྱས་ནས་གནང་འདུག་པ་ལ། འོ་ལས་ཞུས། དཔེ་བཤུས་ཏེ་བྲིས་པ་ཡིན་ནོ། །འཛིན་མེད་ངང་ལ་མི་གནས་ལ། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །རླུང་ལ་གཉིས་ཏེ། རྩོལ་བ་དང་བཅས་པ་ལ་ལྔ་སྟེ། སྲོག་འཛིན་པའི་རླུང་། མེ་དང་མཉམ་པའི་རླུང་། ཁྱབ་བྱེད་ཀྱི་རླུང་། གྱེན་དུ་རྒྱུ་བའི་རླུང་། ཐུར་དུ་སེལ་བའི་རླུང་། དེ་ལྟར་ལྔ་ནི་མི་འཛིན་ཏེ་ཤེས་དགོས་སོ། །འཛིན་པ་ནི་ཡིད་ལ་གནས་པའི་རླུང་འཛིན་ཏེ། འོ་ན་ཡིད་དངོས་མེད་གཅིག་ལ་རླུང་དངོས་མེད་གཅིག་འཛིན་དུ་བཏུབ་བམ་བྱས་པ་ལ་བཟུང་དུ་བཏུབ་སྟེ། འོ་ན་ཁྱོད་གདམས་ངག་རེ་ཆེ་ཟེར་བ་ལ། ང་གདམས་ངག་ཆེ་བ་རང་ཡིན་བྱའོ། །འོ་ན་དེ་ཅིས་འཛིན་ན་བརྡས་འཛིན་ནོ། །ཡིད་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་ཡིད་དང་། རྣམ་པར་བྱང་བའི་ཡིད་དོ། །ཀུན་ནས་ཉོན་མོངས་ལ་གསུམ། ཉོན་མོངས་གཏི་མུག་པ་ཀུན་གྱི་གཞི། བག་ཆགས་སོགས་བྱེད་ཀྱི་སྣོད། ཞེ་སྡང་ས་འདོད་ཆགས་བོན་ཆའི་ཀུན་གཞིའོ། །རྣམ་པར་བྱང་བ་ནི་བརྡས་འཛིན་ཏེ། གནད་བཞིས་དོན་རྒྱུད་ལ་སྐྱེས་པ་དང་སྙིང་པོ་ཡེ་ཤེས་ཀྱི་དུས་ཀྱི་བརྡའ་དང་། གནད་ཀྱི་བརྡའ་བཞིས་གཏན་གཏན་ལ་མ་ཕེབས་པ་དེ་ནི་བག་ཆགས་སོགས་བྱེད་དོ། །ལ་ཕེབས་པ་དེ་ནི་རྣམ་པར་བྱང་བའོ། །སེམས་རླུང་ནི་ཚོགས་དྲུག་ཏུ་འགྱུར་ཏེ། དེ་ནི་རྩ་བའི་འགྱུར་ལུགས་སོ། །དེ་ལ་རྩ་ནི་གཡས་ཀྱི་རྩ་རོ་མ་ལས་འབྲེལ་བའི་ལྕེ་དང་སྣ་གཉིས་སོ། །གཡོན་གྱི་རྩ་རྐྱང་མ་ལས་རྣ་བ་དང་འབྲེལ་ལོ་དབུས་ཀྱི་རྩ་ལ་ལྦ་དྷུ་ཏི་ལས་མིག་དང་འབྲེལ་ལོ། །ཚོགས་དྲུག་གི་རེག་བྱ་ཚོར་བ་ནི་རྩ་གསུམ་པོ་དེ་ལས་རྩ་ཕྲན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་གྱེས་སོ། །དུས་ལ་ལྔ་སྟེ་ཙཀྲ་ལྔའོ། །ཀྱི་བརྡའ་ལ་བརྟེན་ནས་ནི། །གནད་ཀྱི་བརྡ་ཡིས་གནས་བསྒྱུར་བ། །གནས་བསྒྱུར་བ་ལ་གཉིས་འཛིན་མེད། །ཅེས་གསུངས་སོ། །སྤུན་པོ་སྤྲུལ་སྐུ་བསྒྱུར་བ་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །བདུན་བརྒྱ་བདུན་ཅུ་རྩ་ལྔ་ནི། །ཡེ་ཤེས་རླུང་དུ་གྲགས་པ་ཡིན། །ཉི་ཁྲི་བརྒྱད་བརྒྱ་ཉི་ཤུ་རྩ་ལྔ་ནི། །སྤུན་པོ་རྩ་བྱིང་པོ་ཡིན་སེམས། སྤྲུལ་སྐུར་འགྱུར་པའོ། །གསང་བའི་སྙིང་པོ་དང་། དུས་ཀྱི་འཁོར་ལོ་ནས་གསུངས་སོ།། །།རྡོ་རྗེ་ཟམ་པའི་གདམས་ངག་ལས་སྐུ་རྣམ་པ་ལྔ། རྩ་འཁོར་ལོ་རྣམ་པ་ལྔ། རིགས་རྣམ་པ་ལྔ། ཡེ་ཤེས་རྣམ་པ་ལྔ། ཁ་དོག་རྣམ་པ་ལྔ། འབྱུང་བ་རྣམ་པ་ལྔ། ལུང་ལས་ཀྱང་། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་གསུངས་སོ། །བརྡས་བསྟན་པའི་དོན་ཉམས་སུ་མྱོང་བའི་དུས་སུ། དགག་བྱ་ནི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགག །ནོན་བྱ་ནི་ས་བཅུ་གཉིས་ནོན། ལུས་ཀྱི་བཀོད་པ་མི་འདྲ་བ་བྱེ་བ་ཕྲག་བརྒྱ་འགྱེད་པ། དེ་ཙ་ན་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་འགྱེད་ནུས་ལ། ཟད་པར་གྱི་སྐྱེ་མཆེད་བཅུ་འབྱོངས་པ་ཡིན་ཏེ། ས་ལ་འཛུལ་བ་དང་། ཆུར་མི་བྱིངས་པ་དང་། མེས་མི་འཚིག་པ་དང་། ནམ་མཁའ་ལ་འགྲོ་བ་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་། དེ་ཚོ་འབྱུང་ངེས་སོ། །ཨཐྎ།། །། ༈ འདི་འཚམས་རླུང་གི་མན་ངག་སཾ་བཛྲ་ཀཱིརྟི་ས་ཞུས་པ་ཞིག་གསན་ཡིག་ན་བཞུགས་ཀྱང་དཔེ་མ་བྱུང་། དུས་བཞིའི་རྣལ་འབྱོར་གྱི་ལུང་བཞུགས་སོ། །ན་མོ་གུ་རུ། དུས་བཞིའི་རྣལ་འབྱོར་གྱི་ལུང་འབོགས་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ལོ་བྱུང་ངོ་ཅོག་གི་ཟླ་བ་ར་བ་བཞིའི་ཉ་གསུམ་ལ། མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་ལ་མངོན་པར་ཕྱོགས་པར་བགྱིད་ལགས་སོ། །མ་སྨིན་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ་ལ་མངོན་པར་སྤྱོད་པ་བགྱིད་ལགས་སོ། །མ་གྲོལ་བ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་རླབས་ལ་མངོན་པར་ཕྱོགས་པར་བགྱིད་ལགས་སོ། །གྲོལ་བ་མཐར་ཕྱིན་པར་བྱེད་པ་སྙིང་པོ་ཡེ་ཤེས་ཀྱི་རླུང་རྡོ་རྗེ་ལ། དུས་བཞིའི་རྣལ་འབྱོར་གྱི་རྗེས་སུ་འཇུག་རྗེས་སུ་བགྱིད། རྗེས་སུ་སློབ། རྗེས་སུ་བསྒྲུབ་པར་བགྱིད། མངོན་པ་ཕྱོགས་པར་བགྱིད་ལགས་སོ། །ཐབས་ཡིན་ནོ། །མཆོག་ཏུ་གྱུར་པ་ལགས་སོ། །ལན་གསུམ་བྱའོ།། །། ༈ བཞི་པ་ཞལ་གདམས་གདམས་པའི་སྐོར་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ཕྱིའི་ཞལ་གདམས་ཀྱི་སྐོར་ལ། ཟམ་ཆུང་བསྡུས་པ་ཐུན་ཅིག་མ་བཞུགས་སོ། །མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །མཆོད་བརྗོད། གདོད་བསྟན་པར་དམ་བཅའ། ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱི། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། །གཞི་ལ་སྐྱབས་སུ་འགྲོ་བ། ལམ་ལ་སེམས་བསྐྱེད་པ། མ་སྨིན་པ་སྨིན་པར་བྱེད་པ། སྨིན་པ་གྲོལ་བར་བྱེད་པ་སྙིང་པོ་ཡེ་ཤེས་ཀྱི་རླུང་། དབང་པོའི་སྒོ་ཇི་ལྟར་མ་བཀག་པ། མ་ཡིད་མི་གཡོ། གཡོས་པ། འོག་རླུང་ཡིད་ཙམ་འཐེན་པ། ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པའོ། །གསལ་བ། མི་རྟོག་པ། བདེ་བ། དབྱེར་མི་ཕྱེད་པའོ། །ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ། ལྷུག་པ་དེ་ལ་ཡང་ཡང་བལྟ་བས་ལྟ་བ། དེ་ལ་མ་སྦ་སྒོམ་གྱིས་གསུངས་སྐད། ཡེངས་པ་སྒོམ་པ། དེ་གྲོགས་སུ་གྱུར་པ་སྤྱོད་པ། དེ་མངོན་དུ་གྱུར་པ་འབྲས་བུ། གསལ་བས་སེམས་ཙམ་དང་མཐུན། མི་རྟོག་པས་དབུ་མ་དང་མཐུན། བདེ་བས་གསང་སྔགས་དང་མཐུན། དབྱེར་མི་ཕྱེད་པས་ཕྱག་རྒྱ་ཆེན་པོ་དང་མཐུན་ནོ། །དེ་ལ་འབྲས་བུ་མེད་དམ་ཞེ་ན་ཡོད་དེ། གསལ་བས་སྤྲུལ་པའི་སྐུ། རང་ཆས། མི་རྟོག་པས་ཆོས་སྐུ། རང་ཆས། བདེ་དེ་ལ་གྲུབ་མཐའ་དང་སྒོ་མཐུན་པ་མེད་དམ་ཞེ་ན་ཡོད་དེ། བས་ལོངས་སྐུ། རང་ཆས། དབྱེར་མི་ཕྱེད་པས་ངོ་བོ་རང་ཆས་སུ་རང་གི་རྒྱུད་ལ་འདུག་པའོ། །ཉིད་ཀྱི་སྐུའོ། །དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་ཅེས་བྱ་བ་ཙམ་གྱི་བློའི་མཐའ་ཟབ་ཅིང་ཕྲ་བའམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་རྫོགས་པ་ཆེན་པོ་དངོས་པོ་གཤིས་ཀྱི་གནས་ལུགས་ཏེ་གསང་བའི་སྐུ་རང་ཆས་སོ། །ཞལ་གྱི་གདམས་པ་ཟམ་ཆུང་ཐུན་གཅིག་མ་ཨཐྎ།། །། ༅། །ཟམ་ཆུང་ཡིག་སྣ་ཐུན་མོང་དང་ཁྱད་པར་བ་གཉིས་བཞུགས། ཐུན་མོང་དང་ཁྱད་པར་གཉིས་སོ། །ཐུན་མོང་གི་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་རཏྣ་གསུམ་ལ་སྐྱབས་སུ་འགྲོ་བ་གདམས་ངག་དང་བཅས་པའོ། །ཁྱད་པར་ནི་བླ་མའི་བརྡའ་དང་ངག་གིས་བསྟན་པས་བདེ་གསལ་དུ་རང་གི་རྒྱུད་ལ་སྦྱོར་བ་བུདྡྷ། བརྡའ་དང་ངག་དེ་གཉིས་ཆོས། དེ་ལྟར་རྒྱུད་ལ་ཤར་བ་དེ་དགེ་འདུན། དེ་ལྟར་ན་རཏྣ་གསུམ་རང་གི་རྒྱུད་ལ་ཚང་ངོ་། །ཐུན་མོང་དང་ཁྱད་པར་གཉིས། ཐུན་མོང་ནི་མི་འབྲལ་ཁས་ལེན་གྱིས་སེམས་བསྐྱེད་སེམས་ཅན་གྱི་དོན་དུ་བརྡའ་ཐོབ་པ་འདོད་པའི་བསམ་པས་ཆོ་ག་དང་བཅས་ཏེ་སེམས་བསྐྱེད་པའོ། །ཁྱད་པར་བ་བླ་མས་བརྡའ་དང་ངག་གིས་བསྟན་པས་བདེ་གསལ་མི་རྟོག་པ་རང་གི་རྒྱུད་ལ་ཤར་བ་དེ་དོན་དམ་སེམས་བསྐྱེད་དམ་ཁྱད་པར་བ་ཡིན་ཏེ། དེས་རང་དོན་དུ་ཆོས་སྐུ་ཐོབ་ནས་གཞན་དོན་དུ་གཟུགས་སྐུ་གཉིས་ངང་ངམ་ཤུགས་ཀྱིས་འབྱུང་བའོ། །ཕྱིའི་དབང་བསྐུར་བས་རང་རིག་རང་གསལ་དུ་འཆར། གསང་བའི་དབང་བསྐུར་བས་མི་རྟོག་པར་འཆར། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་བདེ་བར་འཆར། ཚིག་དབང་རིན་པོ་ཆེས་དབྱེར་མི་ཕྱེད་པ་རྒྱུད་ལ་འཆར་ཏེ་ཤར་ན་དབང་གི་ཆོ་ག་མ་རྫོགས་ཀྱང་དོན་རྫོགས་སོ། །དེ་རྒྱུད་ལ་མ་སྐྱེས་ན་དབང་གི་ཆོ་ག་རྫོགས་ཀྱང་དོན་མ་རྫོགས་སོ། །འདི་མཚམས་ཚིག་ཆད་སོང་ངམ་སྙམ། དེ་གཏན་ལ་ཅང་ཕེབས་སམ། ཡིད་དངོས་མེད་དང་རླུང་དངོས་མེད་གཅིག་གནས་པ་གཅིག་བཟུང་དུ་ཅང་བཏུབ་བམ་ཞེ་ན། དེ་བཏུབ་སྟེ་བླ་མ་དམ་པའི་བརྡའ་དང་ངག་གིས་མཚོན་ནས་བསྟན་པས་རྟོགས་སོ། །བརྡའ་ཉིད་གཞུང་ཉིད་ལས་གསལ། གསལ་བརྒྱུད་ལ་ཇི་ལྟ་བུ་ཞིག་འཆར་ན། རང་རིག་རང་གསལ་འཆར་རོ། །མི་རྟོག་པ་ཆོས་ཉིད་ཀྱི་དོན་བློ་ལ་རྟོག་པ་ཅི་ཡང་མི་གནས་པ་ཞིག་འཆར་རོ། །ཟག་པ་མེད་པའི་བདེ་བ་ལུས་ཡོད་དུ་མི་བོར་བ་ཞིག་འབར་རོ། །དེ་རྣམས་ངོ་བོ་ཐ་དད་ཀྱང་དོན་གཅིག་ཏུ་དབྱེར་མེད་པ་དང་། ཚིག་ལ་ཐ་དད་ཀྱང་དོན་དབྱེར་མི་བྱེད་པ་ཞིག་རྒྱུད་ལ་འཆར་རོ། །ཉམས་དང་རྟོགས་པ་མིང་འདོགས་ཀྱི་བྱེ་བྲག་ཐ་མལ་གྱི་ཤེས་པ་གསལ་བ་ལ་ལྟ་སྒོམ་དུ་མིང་བཏགས་པ་ལྟ་བ་སྙེམས་ཆོད་དེ་འཛེང་དྷརྨ་བོ་དྷིའོ། །མི་རྟོག་པ་ལ་གཉུག་མར་འདོགས་ཏེ་སྒོམ་པ་མ་གཏད་མ་ཡེངས། བདེ་བ་ལ་སོ་མར་བཏགས་ཏེ་སྤྱོད་པ་སྣང་ཡང་མི་འཛིན་པ་དབྱེར་མི་ཕྱེད་པ་ལ་ལྷུག་པ་ཞེས་མིང་དུ་བཏགས་སོ། །རྟག་ཆད་གཉིས་མེད་ཀྱི་ཤེས་རབ་ལ། །ཕྱོགས་ལྷུང་མེད་ན་ལྟ་བ་ཡིན། །ཞེས་འཛེང་དྷརྨ་བོ་དྷིས་གསུངས་སོ། །སྟོང་གསལ་བདེ་ཆེན་གྱི་ཉམས་མྱོང་ལ། །བྱིང་རྒོད་མེད་ན་སྒོམ་པ་ཡིན། །ཐ་མལ་རང་སྤྱོད་ལྷུག་པ་ལ། །བཅས་བཅོས་མེད་ན་སྤྱོད་པ་ཡིན། །འཁོར་འདས་གཉིས་མེད་ཀྱི་དགོངས་པ་ལ། །རེ་དོགས་མེད་ན་འབྲས་བུ་ཡིན། །དེ་ལ་འབྲས་བུ་ཀ་དག་དབྱིངས་གྲོལ་ཞེས་བྱའོ། ༈ །དང་པོ་ཆོས་ཞུ་བ་ལ་མ་ནོར་བ་གལ་ཆེ། དེ་ནས་མོས་གུས་ཀྱིས་བླ་མའི་ཐུགས་ཟིན་པ་གལ་ཆེ། དེ་ནས་མ་ཤེས་བར་དུ་ཐེ་ཚོམ་འདྲི་བ་གལ་ཆེ། དེ་ནས་གདམས་པ་ལ་ཡིད་ཆེས་པ་གལ་ཆེ། དེ་ནས་རྗེས་སུ་དམ་ཚིག་བསྲུང་བ་གལ་ཆེ། དེ་ནས་དེ་རྣམས་བསྡུས་པས་སྙིང་རུས་བསྐྱེད་ནས་བསྒོམ་པ་གལ་ཆེའོ། །དེ་ནས་ཆོས་ནོར་ཕྱིར་མི་འཚོང་བ་གལ་ཆེའོ། །ཞེས་འཛེང་དྷརྨ་བོ་དྷིས་གལ་ཆེན་གྱི་གདམས་པ་གསུངས་སོ། །ཨཐྎ། །ངོ་བོ་བསྒོམ་པའི་གང་ཟག་གིས་ཆགས་སྡང་གི། གཏམ་དང་བཟླས་བརྗོད་སྤང་ངོ་།། །། ཟམ་ཆུང་གི་བསྡུས་དོན་བཞུགས། བསམ་འདས་བརྗོད་མེད་ངང་ལ་འདུད། རྣ་བརྒྱུད་རྡོ་རྗེ་ཟམ་པའི་ཁྱད་པར་གྱི་གདམས་པ་ཐུན་གཅིག་མ་འདི་ལ་དོན་གསུམ་སྟེ། ཀླད་དང་། གཞུང་དང་། མཇུག་གོ། །ཀླད་ལ་གཉིས། མཆོད་མ་ནོར་པར་བརྗོད་པ་དང་། བསྟན་པར་གདོད་ནས། དམ་བཅའ་བའོ། །གཞུང་ལ་གསུམ། དོན་གཏན་ལ་འབེབས་པ་དང་། དོན་གཏན་ལ་ཕེབས་པ་དང་། དོན་ཉམས་སུ་ཤར་བའི་དུས་དང་གསུམ་མོ། །དང་པོ་ལ་གསུམ། གཞི་སྐྱབས་ལམ་སེམས་སྨིན་དབང་གྲོལ་དུ་གཏན་ལ་འབེབས་པ་དང་། བརྡའ་དབང་པོའི་སྒོ་སོ་སོ་བཞི། བཞིས་ཡེ་ཤེས་ཀྱི་རླུང་གཏན་ལ་འབེབས་པ་དང་། རྒྱུད་ལ་གསལ་བ་ཞེས་པ་ལ་སོགས་བཞི། འཆར་ཚུལ་བསྟན་པའོ། །གཏན་ལ་ཕེབ་པ་ལ་གསུམ། ཉམས་ཐ་མལ་ཞེས་པ་བཞི། རྟོགས་གཏན་ལ་ཕེབས་པ་དང་། ལྟ་དེ་ལྟར་ཡང་ཡང་ལྟ། བསྒོམ་གཏན་ལ་ཕེབས་པ་དང་། གྲུབ་གསལ་བས་སེམས་ཙམ་སོགས། མཐའ་གཏན་ལ་ཕེབས་པར་བསྟན་པའོ། །དོན་ཉམས་སུ་ཤར་བ་ལ་གསུམ། ཐུན་གསལ་བ་སྤྲུལ་སྐུ་ཞེས་གསུམ། མོང་གི་འབྲས་བུ་སྐུ་གསུམ་རང་ཆས་སུ་ཤར་བ་དང་། ཁྱད་པར་དབྱེར་མི་བྱེད་པས། གྱི་འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རང་ཆས་སུ་ཤར་བ་དང་། ཡང་བློ་མཐའ་ཟབ་ཅིང་ཕྲ་བ། དག་གི་འབྲས་བུ་ཨ་ཏི་གསང་བའི་སྐུ་རང་ཆས་སུ་ཤར་བར་བསྟན་པའོ། །མཇུག་གི་དོན། དོན་གྱིས་རྫོགས་ཞལ་གྱི་གདམས་པ། པར་བསྟན་པའོ། །ཟམ་ཆུང་ཐུན་གཅིག་མའི་བསྡུས་དོན་རྫོགས་ཟམ་ཆུང་འདི་ལ་དོན་རྐང་གྲངས་སུམ་ཅུ་རྩ་གཉིས་ཡོད་པས། ཆོས་སྡེ་སུམ་ཅུ་རྩ་གཉིས་བྱ་བར་ཡང་བྱས་འདུག་གོ། །དཀྱུས་མ་འདི་དགོང་མོ་ཡི་གེ་མི་མཐོང་ལ་ཁད་པའི་དུས་སུ་བྲིས་པར་གདའོ། །སོ།། །། སྙན་བརྒྱུད་རིན་པོ་ཆེའི་ཉམས་ཀྱི་ཕྲེང་བཀའ་བརྒྱུད་ཉམས་ཀྱི་ཕྲེང་བའོ། །བ་བཞུགས། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །རྫོགས་པ་ཆེན་པོ་བཀའ་བབས་ཕྱི་མའི་བཀའ་བབས་སྔ་མ་ནི་སེམས་སྡེ་དང་། ཕྱི་མ་ནི་ཀློང་སྡེའོ། །མཆན། གདམས་པ་འདི་ལ། སློབ་དཔོན་དགའ་རབ་རྡོ་རྗེ་ལ། རྡོ་རྗེ་སེམས་དཔས་དེ་ཁོ་ན་ཉིད་ཀྱི་དོན། དོན་སྐོར་ལྔར་གསུངས་པ། ཡེ་ཤེས་སྤྱི་བླུགས་སུ་ཤར་བ་ཉི་མ་ཤར་བ་ལྟ་བུ། ཆོས་ཉིད་ཐུག་ཕྲད་དུ་ཤར་བ་རྒྱལ་པོ་ལྟ་བུ། རྣམ་རྟོག་ཡེ་ཤེས་སུ་ལྡང་བ་ནགས་ཀྱི་མེ་ལྟ་བུ། མཚན་མར་རང་སར་གྲོལ་བ་ནམ་མཁའ་ལྟ་བུ། ཏིང་ངེ་འཛིན་འབྱུང་འཇུག་དང་བྲལ་བ་རིན་པོ་ཆེ་གསེར་གླིང་ལྟ་བུ། དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་ལ་གོལ་འགྲིབ་མེད་པར་ཐག་ཆོད། སྤང་ལེན་མེད་པར་ཐག་ཆོད། མཚན་སྒོམ་མེད་པར་ཐག་ཆོད། རྩོལ་བ་བྱ་མི་དགོས་པར་ཐག་ཆོད། ཅེས་དགའ་རབ་རྡོ་རྗེ་ལ་གདམས་པའོ། །དགའ་རབ་རྡོ་རྗེས། འཇམ་དཔལ་བཤེས་གཉེན་ལ་གདམས་པ། ཐག་ཆོད་རྡོ་རྗེའི་ཚིག་ནི། སྣང་སྲིད་ནམ་མཁའི་ངང་དུ་གཅིག་པས། དངོས་པོ་ལ་རང་བཞིན་མེད་པར་ཐག་ཆོད། སྙིང་པོ་སེམས་སུ་གྱུར་པས། སངས་རྒྱས་གཞན་ན་མེད་པར་ཐག་ཆོད། བདེ་བ་སྒྱུ་མར་སྣང་བས། སྡུག་བསྔལ་རང་བཞིན་མེད་པར་ཐག་ཆོད། སྟོང་པ་འོད་གསལ་དུ་ཡོད་པས། ཡེ་ཤེས་རང་རྒྱུད་དུ་ཤར་བར་ཐག་ཆོད། ཡེ་ཤེས་ལ་སྐྱེ་འགག་མེད་པས། འཆི་འཕོ་བས་འཇིགས་པ་མེད་པར་ཐག་ཆོད། རྒྱུ་དང་རྐྱེན་ཟད་པས། སེམས་ཅན་གྱི་ལས་ཟད་པས་ཐག་ཆོད། ཅེས་སོ། །འཇམ་དཔལ་བཤེས་གཉེན་གྱིས། ཤྲཱི་སིང་ཧ་ལ་གདམས་པ། དེ་ཁོ་ན་ཉིད་ལ་ལ་བཟླ་བར་གསུངས་པ། ལྟ་བའི་ལ་ཟློ་ན་མུན་པའི་སྨག་ལ་འདུག །སྒོམ་པའི་ལ་ཟློ་ན་རང་སྲོག་ཆོད་ལ་ལྟོས། སྤྱོད་པའི་ལ་ཟློ་ན་མཉམ་ཉིད་ཡེངས་ལ་བོར། སྐྱེ་ཤིའི་ལ་ཟློ་ན་སེམས་ཅན་གྱི་སྲོག་ཆོད། འབྲས་བུའི་ལ་ཟློ་ན་རེ་དོགས་ཀྱི་མཐའ་ཆོད། ཡེ་ཤེས་ལ་ཟློ་ན་རྒྱུ་རྐྱེན་ཕྱགས་མས་ཐོབ། ཅེས་སོ། །ཤྲཱི་སིང་ཧས། བཻ་རོ་ཙ་ན་ལ་གདམས་པ། འགྱུ་བ་རླུང་གི་གདམས་ངག་གསུངས་པ། འགྱུ་བ་དང་། འགྱུས་པ་དང་། བལྟས་པ་དང་། དྭངས་པ་དང་། སངས་པ་དང་། གྲོལ་བའོ། །དུས་མཉམ་པའི་དུས་ཇི་ལྟར་མཉམ་ན་འགྱུ་བའི་རིག་པ་གློ་བུར་བཏོལ་ཅེར་ཤར་བའི་དུས་སུ། འགྱུས་པ་ནི་རིག་པ་རང་ཤར་ཁྱུགས་གྱིས་ཡུལ་ཤར་་བའི་དུས་སུ། བལྟས་པ་ནི་ཡུལ་ལ་བལྟས་པས། ཡུལ་སྔོན་མེད་ཟང་ཐལ་དུ་སོང་བའོ། །དྭངས་པ་ནི་རིག་པ་ཟང་ཐལ་དངོས་མེད་དུ་ཤར་བའི་དུས་སུའོ། །སངས་པ་ནི་སྣང་བ་ཡུལ་མེད་པར་རིག་པ་དངོས་མེད་དབྱེར་མེད་པའོ། །གྲོལ་བ་ནི་ཟང་ཐལ་ཡུལ་མེད་དབྱེར་མེད་ངོ་བོ་ཉིད་དུ་རང་གྲོལ་བས། བློའི་ཡུལ་དུ་མ་གྲུབ་པ་སྟེ། བློ་འདས་ཆེན་པོར་སངས་ཀྱིས་གྲོལ་བའོ། །བཻ་རོ་ཙ་ནས། མི་ཕམ་མགོན་པོ་ལ་གདམས་པ། རླུང་གསུམ་རང་སར་དྭངས་པའི་གདམས་ངག་ནི། ཕྱི་འཚུབ་བྱེད་ཀྱི་རླུང་སྣང་རྒྱུ་འཛིན་པ་བ་རང་སར་དྭངས་པའོ། །ནང་འཚུབ་བྱེད་ཀྱི་རླུང་གསལ་འགྱུ་འཛིན་མཁན་རང་སར་དྭངས་པའོ། །གསང་བ་འཚུབ་བྱེད་ཀྱི་རླུང་སྟོང་རྒྱུ་འཛིན་མཁན་རང་སར་དྭངས་པའོ། ༈ །ཡང་སློབ་དཔོན་བཻ་རོ་ཙ་ནས་སྤང་མི་ཕམ་མགོན་པོ་ལ་དོན་དམ་ཆོས་ཉིད་ཀྱི་ངང་ཚུལ་ལས་མི་འདའ་བར་ཡིད་ཆེས་པར་བྱ་བའི་ཆེད་དུ་གདམས་ངག་མདོར་བསྡུས་ཏེ་བསྟན་པ་ནི། ཡེ་ཤེས་འཁྱིལ་བ་རྡོ་རྗེའི་བུམ། །ཡེ་ཤེས་ཆེན་པོའི་རོས་གང་བ། །ཡེ་ཤེས་ལྔ་ཡི་བདེ་བ་རྒྱས། །རང་ལུས་ཡེ་ཤེས་རིན་པོ་ཆེ། །རིག་པའི་ཡེ་ཤེས་སྐུར་གསལ་བ། །དག་སྣང་རང་རིག་ཡེ་ཤེས་ཉིད། །རང་རིག་ཡེ་ཤེས་རྒྱུན་ཆད་མེད། །རང་བྱུང་ཡེ་ཤེས་འོད་གསལ་བ། །ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། །ཚུལ་ཆེན་འདི་ལ་གནས་པར་གྱིས། །འདི་ལ་ཡང་དག་ངོས་བཟུང་མེད། །ཏིང་འཛིན་སེམས་ཀྱི་རིག་རྩལ་མེད། །ལུས་དང་ངག་གི་བྱ་བཙལ་མེད། །འདི་ལ་དམིགས་དང་བྱ་བཙལ་མེད། །སྐྱེ་འཇིག་བྱུང་ཡང་འགག་འབྲལ་མེད། །གནས་དང་ལྡན་ཡང་རྟེན་པ་མེད། །ཡུལ་དུ་སྣང་ཡང་འགག་པ་མེད། །ལོངས་སྤྱོད་ལྡན་ཡང་ཆགས་པ་མེད། །ཚུལ་ཆེན་འདི་ལ་གནས་པར་གྱིས། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ན། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵ། དྷརྨ་དྷཱ་ཏུ། སྟོང་ཉིད་བདེ་བའི་མན་ངག་སྦྱིན། །དམ་པའི་བདེ་བ་མངོན་དུ་བསྟན། །རིག་པའི་རེག་བྱའི་བདེ་བ་ཡིན། །བདེ་བ་རིག་པ་ཆེན་པོ་སྟེ། །བདེ་བ་ཆེན་པོའི་རོས་གང་བ། །གཅིག་ཏུ་འདུས་པའི་བདེ་ཆེན་ཡིན། །བདེ་བ་ཆེན་པོ་མི་འབྲལ་བཟུང་། །བདེ་བ་རྒྱས་པའི་དབང་ཐོབ་སྟེ། །ཞིང་ཁམས་གཉིས་ཀར་བདེ་ལོངས་སྤྱོད། །ཚུལ་ཆེན་འདི་ལ་གནས་པར་གྱིས། །རྩོལ་དང་བྲལ་བའི་དངོས་གྲུབ་ཡིན། །རྒྱུ་འབྲས་མེད་པའི་མཐར་ཐུག་ཡིན། །སྔགས་ཚིག་བྲལ་བའི་ནུས་མཐུ་ཡིན། །ཐ་སྙད་བྲལ་བའི་དོན་མཚོན་ཡིན། །ལས་བཞི་བྲལ་བའི་དངོས་གྲུབ་ཡིན། །འཆིང་བྲལ་སྟོན་པས་ལྟ་བ་ཡིན། །འདའ་བ་མེད་པའི་དམ་ཚིག་ཡིན། །རྟོག་འཛིན་སྤངས་པ་སངས་རྒྱས་ཡིན། །ཚུལ་ཆེན་འདི་ལ་གནས་པར་གྱིས། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨ། ཨཾ་ཨཱཿ དྷརྨ་དྷཱ་ཏུ་ཨཱཿ ཨཐྎ། ཞེས་ཚུལ་ཤིང་ལ་བྲིས་ནས་གནང་ངོ་། །གོང་གསལ་སྤྲུལ་ཤད་མཚམས། ཡང་སློབ་དཔོན་བཻ་རོ་ཙ་ནས་སྤང་མི་ཕམ་མགོན་པོ་ལ་དོན་དམ་ཆོས་ཉིད་ཀྱི་སོགས་ནས། འདིའི་བར་མ་དཔེ་ཁམས་སྤར་ལ་མི་འདུག་ཀྱང་དཔེ་གཞན་དང་གོ་བསྡུར་གྱིས་གསལ་བསྣན་གྱིས། མཆན། མི་ཕམ་མགོན་པོས། ངན་ལམ་བྱང་ཆུབ་རྒྱལ་མཚན་ལ་གདམས་པ། རིག་པ་ཅོག་བཞག །ཟིན་པ་ཐུག་ཕྲད། རིག་པ་རང་གྲོལ། རིག་པ་གཅིག་ཆོད་དེ་མན་ངག་བཞི་དང་ལྡན་པར་བྱ། གཅིག་བཞག་བྱ་ལྟ་བུའི་རྣམ་པར་རྟོག་པ་ངོས་བཟུང་། ངོས་བཟུང་མི་རྙེད་ཀྱིས། ཐུག་ཕྲད་རྒྱལ་པོ་ལྟ་བུ་ལ། དྲན་རྟོག་ཐམས་ཅད་ཡེ་ཤེས་སུ་ངོས་བཟུང་། ངོས་བཟུང་ཐམས་ཅད་དང་བྲལ་བར་འོང་གིས། རང་བརྡོལ་བཀོལ་མའི་ཆུ་ལྟ་བུར་ཆོས་ཐམས་ཅད་མཉམ་ཉིད་དུ་ཤེས་པར་གྱིས། རང་གྲོལ་དུ་སངས་ཀྱིས་འགྲོ་ཡིས། ཚིག་ཆོད་ཉི་མ་ལྟ་བུས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པར་གྱིས། ཐམས་ཅད་ངོ་བོ་ཉིད་དུ་ལ་བཟླའོ། །ཞེས་སོ། །ངན་ལམ་གྱིས། ཟ་ངམ་རིན་ཆེན་དབྱིག་ལ་གདམས་པ། སྣང་ལུགས། ཤར་ལུགས། ཡིན་ལུགས་སོ། །སྣང་བ་རང་སྣང་དུ་ཤེས་པས་ཕྱིའི་འཇུག་སྒོ་གཏན་ལ་ཕེབས་ཏེ་ལུས་སུ་མ་སོང་། འཆར་བ་རང་གི་མཁྱེན་ཚད་དུ་ཤེས་པས་ནང་གི་འཇུག་སྒོ་གཏན་ལ་ཕེབས་ཏེ་སེམས་སུ་མ་སོང་། ཡིན་ལུགས་ཡིན་པར་ཤེས་པས་གསང་བའི་འཇུག་སྒོ་གཏན་ལ་ཕེབས་ཏེ། རླུང་རང་གི་རྩལ་དུ་ནོར་པས་ལུས་སེམས་གཉིས་ཀྱི་འབྲེལ་ཐག་ཆད་དེ་འགྲོ་ས་སངས་རྒྱས་ལས་མེད་པ་ཡིན་ནོ། །དེ་སྒྲིབ་པ་གསུམ་ལས་གྲོལ་ཏེ། སྣང་བ་རང་སྣང་དུ་ཤེས་པས། རྐྱེན་གཞན་ལས་བྱུང་བའི་མ་རིག་པ་སངས། ཤར་བ་མཁྱེན་ཚད་དུ་ཤེས་པས། རླུང་ལས་བྱུང་བའི་མ་རིག་པ། སངས། རླུང་རྩལ་དུ་བྱུང་བས་གཉིས་ཀ་ལས་བྱུང་བའི་མ་རིག་པ་སངས་པས་འགྲོ་ས་སངས་རྒྱས་ལས་གཞན་མེད་དོ། །ཞེས་གདམས་སོ། །ཟ་ངམ་གྱིས། ཁུ་འགྱུར་གསལ་བ་མཆོག་ལ་གདམས་པ། འགགས་པ་མེད་པ་སྟག་མགོ་དགུ་པ་ལྟ་བུ། དེའི་ཕྱི་རོལ་ཏུ་ལྟོས་དང་། སྐྱེ་མེད་དུ་འདུག་པ། དེ་གཉིས་ཀྱི་བར་དུ་ལྟོས་དང་། གཉིས་མེད་ཡིན་པས། དེ་ལ་བརྗོད་དུ་མེད་དོ། །བློ་ལས་འདས་པ་ཡིན་ནོ། །སྣང་བ་འཛིན་མེད། རང་བཞིན་འགགས་མེད། རོལ་པ་ཁུངས་མེད། གཉིས་མེད་བརྗོད་འདས། བརྗོད་མེད་བློ་འདས། དཔེ་རང་བྱུང་མཆོད་རྟེན་ལྟ་བུའོ། །ཞེས་སོ། །ཁུ་འགྱུར་གྱིས། ཉང་བྱང་ཆུབ་གྲགས་པ་ལ་གདམས་པ། དེ་ཁོ་ན་ཉིད་ཀྱི་མན་ངག་གསུངས་པ། དེ་ཁོ་ན་ཉིད་ལ་མཐོང་བ་མེད་པས། ལྟ་བ་ཡིན་པ་ལ་ཡིན་པར་ཐག་ཆོད། དེ་ལ་སྒོམ་དུ་ཅི་ཞིག་ཡོད་དེ། སྒོམ་དུ་མེད་པར་ཐག་ཆོད། དེ་ལ་སྤྱོད་པ་སྤྱོད་དུ་མེད་ཀྱིས། སྤང་ལེན་བྱར་མེད་པར་ཐག་ཆོད། འབྲས་བུ་རེ་དོགས་མེད་ཀྱིས། རེ་དོགས་མེད་པར་ཐག་ཆོད། ཅེས་གསུངས་སོ། །ཉང་བྱང་ཆུབ་གྲགས་པ་དེས། ཉང་ཤེས་རབ་འབྱུང་གནས་ལ་གདམས་པ། སངས་རྒྱས་པར་འདོད་ན་རྩོལ་བ་མི་བྱ། སེམས་ལ་ལྟ་བར་འདོད་ན་རང་གི་དབུགས་ལ་ལྟོས། བདེ་བ་ཐོབ་པར་འདོད་ན་རང་གི་སྡུག་བསྔལ་ལ་ལྟོས། དྲན་པ་འགགས་ན་ཡེ་ཤེས་སུ་མི་འཆར་བས། དྲན་པ་ཡེ་ཤེས་སུ་བལྟའོ། །ཕུགས་ཞེ་འདོད་དང་བྲལ་བར་གྱིས། ཞེས་གདམས་སོ། །ཉང་ཤེས་རབ་འབྱུང་གནས་ཀྱིས། རྦ་སྒོམ་ཡེ་ཤེས་བྱང་ཆུབ་ལ་གདམས་པ། གནས་ལུགས་ཤེས་པ། སྣང་ཚུལ་ཤེས་པ། མ་འདྲེས་པ་ཤེས་པ། ཡན་ཤེས་པ། མ་བྱུང་བ་ཤེས་པ། མ་སྐྱེས་པ་ཤེས་པ། དམིགས་མེད་ཤེས་པ། དངོས་མེད་ཤེས་པ། མ་གཡོས་པ་ཤེས་པ། རང་དག་པ་ཤེས་པ། ཤེས་བཅུ་ལྡན་ན་གྲོལ་བར་འགྱུར། །ཞེས་གདམས་སོ། །རྦ་སྒོམ་གྱིས། འཛེང་དྷརྨ་བྷོ་དྷི་ལ་གདམས་པ། དགེ་སྡིག་གཉིས་ཀ་ཐ་སྙད་ཙམ། །བདུད་དང་འཁོར་བ་གདོད་ནས་མེད། །སྐྱེ་མེད་ཆོས་ལ་རྩོལ་མེད་དེ། །རྣམ་གྲོལ་རྣམ་པར་བཅིངས་པ་ཡི། །སྙིང་པོ་དེ་ཡང་གདོད་ནས་མེད། །རང་གིས་དེ་ལྟར་མ་རིག་སྟེ། །དོན་མེད་སྒྲ་ཕྱིར་འབྲངས་པ་རྣམས། །དགེ་བའི་ཆོས་ནི་རྣམ་སྤངས་ཏེ། །དེ་ནི་འཐོམས་ཏེ་ངན་འགྲོར་འཁྱམས། །ཞེས་སོ། །དྷརྨ་བོ་དྷིས། སློབ་དཔོན་འཛེང་ཇོ་སྲས་ལ་གདམས་པ། ཕྱི་སྟོང་ནང་སྟོང་སྟོང་པ་རྒྱ་བོ་ཆེ། །ཕྱི་གསལ་ནང་གསལ་གསལ་བ་འོད་པོ་ཆེ། །ཕྱི་བདེ་ནང་བདེ་བདེ་བ་ལྷུན་གྲུབ་བོ། །ཞེས་གདམས་སོ། །འཛེང་ཇོ་སྲས་ཀྱིས། འོ་ལ་བན་དེ་ལ་གདམས་པ། ཕྱི་ཡི་སྣང་བ་སྣ་ཚོགས་འདི། །འཁྲུལ་པ་ཡིན་པར་བློ་ཐག་ཆོད། །ནང་གི་འགྱུ་བྱེད་རྟོག་པ་འདི། །སེམས་རླུང་ཡིན་པར་བློ་ཐག་ཆོད། །སྐྱེ་འཇིག་མེད་པའི་སེམས་ཉིད་འདི། །འོད་གསལ་ཡིན་པར་བློ་ཐག་ཆོད། །ནམ་མཁའ་ལྟ་བུའི་དགོངས་པ་ལ། །ཕྱོགས་རིས་མེད་པར་བློ་ཐག་ཆོད། །ཅེས་གདམས་པའོ། །བཀའ་བརྒྱུད་རིན་པོ་ཆེ་ཉམས་ཀྱི་ཕྲེང་བའོ། །ཨཐྎ། འོ་ལ་བན་དེས། འོ་ལ་དགེ་སློང་ལ་གདམས་པ། བླ་མ་ལ་སངས་རྒྱས་སུ་ལྟོས་དང་། །བྱིན་རླབས་ཐམས་ཅད་ངེས་པར་འབྱུང་གིས། །དཀའ་ཐུབ་དེ་སྒྲུབ་པ་ལ་གྱིས་དང་། །དངོས་གྲུབ་ཐམས་ཅད་ངེས་པར་འབྱུང་གིས། །རྣམ་རྟོག་དེ་ཆོས་སྐུའི་ངང་དུ་བོར་དང་། །བློས་བྱས་ཀྱི་མཚན་མ་ཐམས་ཅད་ངེས་པར་འཇིག་གིས། །ཆོས་ཀྱི་རྩ་བ་དེ་དམ་ཚིག་ལ་གྱིས་དང་། །མཁའ་འགྲོ་དང་ཆོས་སྐྱོང་ངེས་པར་འདུ་ཡིས། །ཟོག་པོའི་ཚུལ་འཆོས་དེ་ཤིག་ལ་ཐོང་དང་། །ཅི་བྱས་ཐམས་ཅད་ཆོས་སུ་འགྲོ་ཡིས། །ཞེས་གདམས་སོ།། །། འཛེང་གི་རྒྱབ་ཤ་ཚད་མ་བཞིའི་གདམས་པ་བཞུགས། ན་མོ་གུ་རུ་སྭསྟི། ཐེག་རྩོད་བཟློག་ལུང་གི་ཚད་མས། པ་ཆེན་པོའི་སྒྲུབ་ཐབས་དང་། །གསང་སྔགས་ཀུན་གྱི་ལྟ་བ་དང་། །རྣ་བཤད་ཀུན་གྱི་དགོངས་པ་མཆོག །བདག་གིས་བསྟན་པར་མི་ནུས་ཏེ། །རྫོགས་ཆེན་བརྒྱུད་པ་ཐ་མ་ཡི། །རྒྱབ་ཤ་ཚད་མ་བཞི་པོ་ནི། །བླ་མ་སངས་རྒྱས་གསུངས་པས་ན། །དེ་དོན་བདག་གིས་བསྟན་པར་བྱ། །བདག་གིས་ཐོས་པའི་དུས་གཅིག་ན། །མ་དག་དག་བྱེད་རྒྱ་མཚོ་ཁྲུས་ལུང་བསྟན། །མ་སྨིན་སྨིན་བྱེད་སྒོ་གསུམ་ལས་སྤྱོད་བསྟན། །སྨིན་པ་གྲོལ་བྱེད་བླ་མའི་བྱིན་རླབས་བསྟན། །གྲོལ་མཐར་ཕྱིན་བྱེད་སྙིང་པོ་ཡེ་ཤེས་རླུང་། །དུས་བརྡའ་ལ་བརྟེན་གནད་བརྡས་ཉམས་སུ་ལེན། །ཉམས་ལེན་དེ་དུས་དེ་ཚེ་ན། །དོན་གཅིག་ཉམས་ཤར་སྐད་ཅིག་སྟེ། །དྷུ་ཏིར་ཚུད་པའི་རླུང་ཞེས་བྱ། །ཤེས་པའང་དྷུ་ཏིར་ཚུད་ཅེས་བྱ། །ཕ་རོལ་ཕྱིན་པའི་ཐེག་པ་ལས། །རྣམ་ཐར་སྒོ་མཚན་མེད་པ་དང་། །སྨོན་མེད་སྟོང་པ་ཉིད་ཅེས་བྱ། །དུས་བཞིའི་རྣལ་འབྱོར་ཉམས་སུ་བླང་། །དེ་ལྟར་ཉམས་སུ་ལེན་པ་ལ། །རྟོག་གེ་ཅན་དག་སྨྲ་གྱུར་ན། །རིག་པས་འཐད་པ་རང་རིག་ཚད་མས་བཟློག །གཏན་ཚིག་རྒྱས་པ་ལུང་གི་ཚད་མས་བཟློག །དོན་དང་མི་འགལ་མན་ངག་ཚད་མས་བཟློག །ཉམས་མྱོང་དྲན་བསམ་བློ་ཡི་ཚད་མས་བཟློག །དེ་ལ་རང་རིག་ཚད་མ་ནི། །རྡོ་རྗེ་གཟེགས་མས་རྒྱུ་ལ་རྣམ་དཔྱད་ནས། །རྒྱུ་ནི་མ་ངེས་གཏན་ལ་འབེབས། །གཅིག་དང་དུ་བྲལ་ངོ་བོ་རྣམ་དཔྱད་ནས། །ངོ་བོ་མ་གྲུབ་མ་ངེས་གཏན་ལ་འབེབས། །ཡོད་མེད་སྐྱེ་འགགས་འབྲས་བུ་རྣམ་དཔྱད་ནས། །འབྲས་བུ་མ་གྲུབ་མ་ངེས་གཏན་ལ་འབེབས། །མུ་བཞི་སྐྱེ་འགོག་རྒྱུ་འབྲས་གཉིས་ཀ་དཔྱད། །རྒྱུ་འབྲས་མ་ངེས་མ་གྲུབ་གཏན་ལ་འབེབས། །རྟེན་འབྲེལ་ཆེན་པོས་སྣང་སྲིད་འཁོར་འདས་ཀྱི། །སྣང་བ་ཐམས་ཅད་མ་ངེས་གཏན་ལ་འབེབས། །མ་ངེས་ངེས་གྲུབ་ཀྱིས་ནི་སྟོང་པ་ཡང་། །མ་ངེས་པར་ནི་གཏན་ལ་འབེབས་པ་ཡིན། །སྒྲ་མཐུན་དོན་དཔགས་རིགས་པ་ཡིས། །གཉིས་ཀ་ཡང་ནི་མ་ངེས་གཏན་ལ་འབེབས། །མ་ངེས་ངེས་གྲུབ་སྟོང་པ་ངེས་པར་གཏན་ལ་འབེབས། །མན་ངག་གིས་ནི་ཚད་མ་ནི། །བརྗོད་བྱ་རྗོད་བྱེད་སྒྲ་ཡི་ཚད་མ་ཡིན། །དྲན་བསམ་བློ་ཡི་ཚད་མ་ཡིན། །དབྱིངས་དག་འདས་པ་མན་ངག་ཚད་མ་ཡིན། །སློབ་དཔོན་འཛེང་ཆེན་དེ་སྐད་གསུངས། །ཨཐྎ།། །། ༈ གཉིས་པ་ནང་གི་ཞལ་གདམས་ལ། སློབ་དཔོན་ཤྲཱི་སིང་ཧའི་གདམས་པ་རྣ་བརྒྱུད་ཚིག་དོན་གསུམ་པ་བཞུགས་སོ། །སློབ་དཔོན་ཤྲི་སིང་ཧའི་གདམས་པ། རྣ་བརྒྱུད་ཚིག་དོན་གསུམ་པ། ཡེ་ཤེས་རང་སྣང་གི་ནམ་མཁའ་ལ། །རང་སྣང་བློ་ཡི་ནམ་མཁའ་བཞག །དེ་ཚེ་སངས་རྒྱས་ནམ་མཁའ་ཉིད། །སློབ་དཔོན་ཤྲཱི་སིང་ཧ་ནས་རིམ་པར་བརྒྱུད་པའོ། །མཚན་མ་དབྱིབས་ཀྱི་རྣལ་འབྱོར་ནི་སྐུ། འཕྲོ་བ་སྔགས་ཀྱི་རྣལ་འབྱོར་ནི་གསུང་། ཟབ་པ་ཆོས་ཉིད་ཀྱི་རྣལ་འབྱོར་ནི་ཐུགས། སྐུ་གསུང་ཐུགས་གསུམ་དུ་འདུས་པར་གོ། ། རྣ་བརྒྱུད་ཚིག་དོན་གསུམ་པ། རང་སྣང་ཡེ་ཤེས་ཀྱི་ནམ་མཁའ་ལ། རང་རིག་བློ་ཡི་ནམ་མཁའ་བཞག །དེ་ཚེ་སངས་རྒྱས་ནམ་མཁའ་ཉིད། །ཅེས་སོ། །རྣ་བརྒྱུད་ཚིག་དོན་གསུམ་པ་འདི། །ཤྲཱི་སིང་ཧས་གདམས་པ་ཡིན། །སེམས་ཉིད་དང་ཆོས་ཉིད་འདྲེས་པ་ན། །སངས་རྒྱས་ལོགས་ནས་བཙལ་དུ་མེད། །ཐ་སྙད་དོན་དུ་འདྲིལ་བ་འདི། །ངམ་ཤོད་མཐའ་བཞིའི་ཁྱད་ཆོས་ཡིན། ༅། །བླ་རིན་པོ་ཆེའི་གདུང་སྒྲུབ། མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་གདམས་པར་གྱུར་པའི། རིན་པོ་ཆེའི་གདུང་སྒྲུབ་བཤད་པར་བྱ། གནས་རང་ནི་གར་འཐད་དགའ་བར་པའི་ཕྱོགས་སུ། བདེ་བའི་ནང་ཚངས་ཅན། སྟན་ལ་འདུག་ནས་ནི། །རང་ཉིད་ཡི་དམ་ལྷ་རུ་བསྒོམ། །གང་བྱེད་དུ། སྐྱིལ་ཀྲུང་བཅའ་ཞིང་སྒལ་ཚིགས་རྣམས་དྲང་པོར་དུ། བསྲང་། །སྒལ་ཚིག་རྣམས་ཀྱང་རིན་པོ་ཆེ། །དུང་ཁང་ནང་སྟོང་པར་མདོག་དཀར། བརྩེགས་པ་བསམ་པར་བྱ། །དེ་འི་ནང་རིང་བསྲེལ་གྱི་མདོག་དཀར་འོད་དང་འོད་ཟེར་དང་བཅས་པ། པོ། །ཆེ་ཆུང་ཡུངས་ཀར་འབྲིང་པོའི་ཚད། ཙམ་པ་ཡིས། །ཚིགས་པས་ནང་ཡོ་རིང་བསྲེལ་གྱིས། གང་བར་བསམ། །དེ་ལ་སྙིང་པོ་བརྒྱ་སྐོར་བཟླས། །བརྒྱ་ཚོ་རེ་རེ་ནས། ཚིགས་སྒལ་ཚིག་པ་འོག་དག་པའི་རིང་བསྲེལ་གྱི། མ་ཁེངས་ནས་ནི། །ཁ་བཅད་གོང་རྣམས་དེ་ནས་སྒལ་ཚིགས་གོང་མ། དེ་བཞིན་ནོ། །ཡ་གི་ལྟག་གོར་མན་ཆད་ནས། །གཞུག་གུ་ཐུགས་ནི་ཡན་ཆོད་དུ། །རིང་བསྲེལ་གོང་མ་བཞིན་དུ། བསམ་གྱིས་མི་ཁྱབ་བསམ། །ལུས་སྒལ་ཚིགས་ནི་དྲང་པོར་བསྲང་བར་བྱ། །ངག་ནི་རྟེན་ཡེ་དྷརྨ་འབྲེལ་སྙིང་པོ་བཟླས། །ཡིད་སྒལ་ཚིགས་རིང་བསྲེལ་དང་བཅས། ནི་ལྷ་ཡི་སྐུ་ལ་གཏད། དེ་བཞིན་རྒྱུན་ཆད་མེད་པར་བཟླས། །དུས་རྟག་ཏུ། ཐེ་ཚོམ་ཡིད་གཉིས་མི་བྱ་བར། །གུས་པའི་སེམས་ཀྱིས་བསྒྲུབ་པར་བྱ། །དེ་ལྟར་བསྒོམ་པའི་རྣལ་མི་གང་ན་གང་ཞིག་འབྱོར་དེ། །ལན་གཅིག་ཤི་ནས་རོ་བསྲེག་ན་སྒལ་ཚིགས་ཁྲོད་ནས་གདུང་། པུར་སྦྱངས་ན། །ཤ་རི་རཾ་ནི་མར་པོ་འབྱུང་། །བར་ཐེ་ཚོམ་མེད། དཔལ་ལྡན་ཞེ་སྡང་རྡོ་རྗེ་ཞེས་བྱ་བས་ཚིགས་བཅད་དུ་བསྒྲིགས་པ་ཡིན་ནོ། །བཛྲ་ཤྭ་ར་ནས་གནང་བའི་སྔགས་སོ། །གསང་སྔགས་རིན་པོ་ཆེའི་གདུང་སྒྲུབ་བྱ་བ་ཨཐྎ། ༀ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ།། །། བསྲེ་བ་རྣམ་བཞིའི་ཞལ་གདམས་བཞུགས་སོ། །ན་མོ་གུ་རུ། བརྡས་སུ་རྒྱུད་ལ་སྦྱོར་བའི་དུས་སུ། ངོ་སྤྲད་ནས་ཉམས་སུ་མྱོང་བ་ལ། ཕྱོགས་སུ་མགོལ་བ། དོན་ལ་མ་ཞེན་པ། འདྲེས་མ་འདྲེས་ཀྱི་དྲོད་ཚད་ཤེས་པ། བསྲེ་བ་རྣམ་པ་བཞིའི་གདམས་ངག་ལ། གསལ་བ་དང་སྣང་བ་བསྲེ། མི་རྟོག་པ་དང་རྟོག་པ་བསྲེ། བདེ་བ་དང་སྡུག་བསྔལ་བསྲེ། དབྱེར་མི་ཕྱེད་པ་དང་སྣ་ཚོགས་བསྲེའོ། །གསལ་བ་དང་སྣང་བ་བསྲེ་བ་ནི། དབང་པོའི་སྒོ་མ་བཀག་པར་བཞག་པས། སྣང་བ་མ་འགགས་པར་གསལ་བ་ལ། ཆེད་དུ་འཛིན་པ་མེད་པར་དོན་གཉིས་སུ་མེད་པར་གཅིག་ཏུ་རྒྱུད་ལ་ལྷང་གིས་འཆར། དེ་ལ་ཡིན་མིན་གྱི་བློས་མ་རེག་པར་གནས་ན། གསལ་བ་དང་སྣང་བ་འདྲེས་པའོ། །ད་རུང་གཉིས་འཛིན་གྱི་བྱེ་བྲག་བྱུང་ན་མ་འདྲེས་པ་ཡིན་ནོ། །མི་རྟོག་པ་དང་རྟོག་པ་བསྲེ་བ་ནི། དབང་པོའི་སྒོ་མ་གཡོས་པར་བཞག་པས་ཡིད་ཀྱི་འགྱུ་བ་ཆད་ནས་རྟོག་པ་མ་བསུབས་པར་དྲན་པ་འགགས་ནས་དོན་དམིགས་པ་མེད་པར་རྒྱུད་ལ་ལྷང་གིས་འཆར། དེ་ལ་ཡིན་མིན་གྱི་ངོས་མི་བཟུང་བ་ནི། མི་རྟོག་པ་དང་རྟོག་པ་འདྲེས་པའོ། །ད་རུང་ཡིན་མིན་གྱི་སྔོ་བགྲང་བྱུང་ན་མ་འདྲེས་པ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་བསྲེ་བ་ནི། རྩོལ་བ་ཆེན་པོ་མེད་པར་འོག་རླུང་ཡིད་ཙམ་འཐེན་ནས་ཤེས་པ་བདེ་བ་ལ་ལུས་སེམས་ཡོད་དུ་མི་ཚོར་བ་ཡང་བ་གཅིག་ལུས་ཀྱི་ངོ་བོ་མི་དམིགས་པར་རྒྱུད་ལ་ལྷང་གིས་འཆར། དེ་ལ་ཚོར་མི་ཚོར་གྱི་སྙེམས་བྱེད་མེད་པར་གནས་ན། བདེ་བ་དང་སྡུག་བསྔལ་འདྲེས་པའོ། །ད་རུང་མྱོང་ཚོར་གྱི་རོ་ལ་ཞེན་ན་མ་འདྲེས་པ་ཡིན་ནོ། །སྣ་ཚོགས་དང་དབྱེར་མེད་བསྲེ་བ་ནི། ལྕེའི་རྩེ་མོ་གང་ལ་ཡང་མ་རེག་པར་བཞག་པས། ཆོས་ཐམས་ཅད་ཀྱི་མཚོན་པ་མ་འདྲེས་པར་ཐ་དད་དུ་གསལ་བ་ལ། དེ་ཐམས་ཅད་ཀྱི་དོན་གསལ་བར་ཉམས་སུ་མྱོང་བ་ལ་འདི་འདྲ་བའི་མཚོན་པ་མེད་པར་རྒྱུད་ལ་ལྷང་གིས་འཆར། དེ་ལ་བསྒྲུབ་བྱའི་ཁྱེར་སོ་མེད་པ་ཡིན། སྣ་ཚོགས་དང་དབྱེར་མེད་དུ་འདྲེས་པ་ཡིན་ནོ། །གྲུབ་མཐའི་བཞེད་གཞུང་གཅིག་བྱུང་ན་ད་རུང་མ་འདྲེས་པའོ། །དང་པོ་བརྡའ་བཞིའི་ངོ་སྤྲོད་མེད་ན། ཚིག་ལ་མཁས་ཀྱང་ཐ་མལ་གྱི་བློ་ལྡོག་ཏུ་མི་བཏུབ། བར་དུ་དབྱེར་མེད་དུ་བསྲེ་མ་ཤེས་ན་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ཤེས་ཀྱང་ཆོས་ཉིད་དང་འདྲེས་སུ་མི་བཏུབ། ཐ་མར་ཆོས་ཉིད་ཀྱི་ཉམ་མྱོང་རྗེས་ལ་ངོས་ཟིན་ནས། སྣང་བ་ལ་བདེན་པ་མེད་པར་མ་སོང་ན། ལྟ་བ་རྒྱུད་ལ་མ་སྐྱེས་པའི་སྙིང་ཁམས་ལ་ལྟོས་པ་དང་། སྒོམ་པ་རང་བཞིན་མེད་པར་མ་ཤེས་པའི་ཞི་གནས་ཚན་པོ་ཆེ་ཡིས་སངས་ཚེ་འདི་ཉིད་ལ་མི་རྒྱ། ཆོས་འདི་སློབ་དཔོན་འཛེང་གི་སློབ་མ་དགས་ཆུང་མ་བྱ་བས་དཔེའི་གདར་ཤ་བཅད་པའི་དཔེའི་གཤམ་ན་བྲིས་ནས་འདུག །སྟོན་པ་རྡོར་ལྷའི་དཔེ་ལ་དམ་བུས་ཞུས། བསྲེ་བ་རྣམ་བཞི་བྱ་བ་འདི་ངས་བྲིས། སྒོམ་པ་ལ་ཕན་པ་དང་། སློབ་དཔོན་འཛེང་ཆུང་བ་ལ་དྲིས་པས། ལྷ་རྗེ་སྒམ་པོ་ལ་བསྲེ་བ་སྐོར་གསུམ་བྱ་བ་ཡོད་ཟེར། ངའི་འདི་བསྲེ་བ་རྣམ་པ་བཞི་བྱ་བ་ཡིན་གསུངས་སོ། །ལེགས་ཉེས་རྒྱུད་ལ་སྦྱོར་ལ་ལྟོས། ཐ་སྙད་ཚིག་གིས་ཤེས་པ་མིན་ནོ། །ཨཐྎ།། །། སེམས་ཉིད་གདར་ཤ་གཅོད་པ་འཆི་ཁ་བར་དོའི་གདམས་པ་བཞུགས། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱི། །ངོ་བོ་ཉིད་ཀྱི་དབྱིངས་སུ་དག་པ་ནི། །ལུང་དང་མན་ངག་གིས་གཏན་ལ་དབབ་སྟེ། དེ་ལ་ལུང་གིས་གསང་སྔགས་ཀྱི་མདོར་བསྡུས་ནས། མཆེད་པ་དང་ནི་ཉམས་སུ་མྱོང་། །རང་བཞིན་བར་དོ་གཉིས་ལ་འཆར། །ཞེས་གསུངས་སོ། །མན་ངག་གིས་རྣ་བརྒྱུད་ཟམ་པ་ལས། སྨིག་རྒྱུ་དུ་བ་སྲིན་བུའི་མེ། །འཆི་ཁ་ལ་ནི་མཆེད་པར་འཆར། །གཏི་མུག་སྟོང་པ་འོད་གསལ་ནི། །སྲིད་པ་ལ་ནི་ཉམས་སུ་མྱོང་། །ཆུ་ཚོད་བདུན་བདུན་རིམ་གྱིས་འཕོ། །འཁོར་བ་མྱང་འདས་སྲོད་ཀྱི་བསལ། །ཞེས་གསུངས་སོ། །རང་བཞིན་འཆི་ཁའི་བར་དོ་ལ། མཆེད་པ་རྣམ་པ་གསུམ་འབྱུང་སྟེ། ས་ཆུ་ལ་འདུས་པའི་དུས་སུ། སྨིག་སྣང་བ་ཐམས་ཅད། སྒྱུ་ལྟ་བུའི་མེར་མེར་བའི། མཆེད་པར་འཆར་ཏེ། ལུས་ཀྱི་རྐང་ལག་ལ་སོགས་པ་སྡུད་མི་ཤེས། བག་བཞི་ས་ལ་ལྷུང་། ཆུ་མེ་ལ་འདུས་པའི་དུས་སུ། དུ་སྣང་བ་ཐམས་ཅད། བ་ལྟ་བུའི་ཐུ་ལུ་ཐུ་ལུ་བ་འབྱུང་། བྱད་འཕྲལ་དུ་འཛུམ། མཆེད་པ་འཆར་ཏེ། ཁ་སྣ་སྐམ་པོར་འགྲོ། མེ་རླུང་ལ་འདུས་པའི་དུས་སུ་མིག་རེས་ནར་ནར་སྲིན་བུ་མེ་ཁྱེར་ལྟ་བུའི་མཆེད་པར་འཆར། འཐེན་དབུགས་ནར་ནར་བའི་དུས་ཡིན། རླུང་རྣམ་པར་ཤེས་པ་ལ་འདུས་པའི་དུས། ཕྱི་དབུགས་ཆད། སེམས་རླུང་ཕྱིར་དོན་ནས། རིག་པའི་རླུང་རྩ་རོ་མའི་ནང་དུ་སིབ་ཀྱིས་འགྲོ་སྟེ། དེའི་དུས་ན་གཏི་མུག་ཉམས་སུ་མྱོང་བ་ཡོང་ངོ་། །རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཤེས་པ་ལ་འདུས་པའི་དུས་སུ། རིག་པའི་རླུང་རྩ་རྐྱང་མའི་ནང་དུ་འགྲོ་སྟེ། སྟོང་པའི་ཉམས་སུ་མྱོང་བ་འོང་ངོ་། །ཉེ་བར་ཤེས་པ་འོད་གསལ་ལ་ཐིམ་པའི་དུས་སུ། རིག་པའི་རླུང་དེ་རྩ་ཀུན་དར་མའི་ནང་དུ་འགྲོ་སྟེ། དོན་ཆོས་ཉིད་ཉམས་སུ་མྱོང་བ་གཅིག་འཆར་ཏེ། ཆོས་ཉིད་དེ་ད་ལྟ་བླ་མའི་བྱིན་རླབས་དང་གདམས་ངག་གིས་ངོ་སྤྲད་ནས། མའི་པང་དུ་བུ་འཇུག་པ་བཞིན་དུ་རྩ་ཀུན་དར་མའི་ནང་དུ། རིག་པའི་རླུང་ཚུད་དེ། སྤྱི་བོའི་གཙུག་ཨ་ཝ་དྷུ་ཏིའི་ནང་ན་ཡར་ལ་དོན་ཏེ། དྲོད་ཀྱང་དེར་འཆད་དོ། །ད་ལྟ་བླ་མའི་བྱིན་རླབས་དང་བརྡའ་དང་ངག་གིས་ངོ་མ་སྤྲད་ན། དོན་ཆོས་ཉིད་མི་ཤེས་ཏེ། རང་བཞིན་གྱི་གཉིས་འཛིན་གྱི་སྒྲོག་མ་ཆོད་པས། འོད་ལ་ཆགས་ཏེ། འཁོར་བར་འཁྱམ་མོ། །འོད་དཀར་དབུགས་ཆད་ནས་དར་ཅིག་ལོན་ནས་མིག་ནང་ལ་མེ་ཆུ་ལྷུག་པ་གཅིག་འོང་ངོ་། །པོ་ལ་ཆགས་ན་རིག་པའི་རླུང་དེ་མིག་ལ་འབྱུང་སྟེ། ལྷའི་ང་རྒྱལ་ཤས་ཆེ་ན། གནས་སུ་སྐྱེའོ། །དྲོད་ཀྱང་དེར་འཆད་དོ། །འོད་ལྗང་གུ་ལ་ཆགས་ན་ལྷ་མ་ཕྲག་དོག་ཤས་ཆེ་ན། ཡིན་དུ་སྐྱེའོ། །རིག་པའི་རླུང་དེ་རྣ་བ་ལས་འབྱུང་ངོ་། །དྲོད་ཀྱང་དེར་འཆད་དོ། །འོད་སེར་པོ་ལ་ཆགས་ན་མི་འདོད་ཆགས་ཤས་ཆེ་ན། རུ་སྐྱེ་སྟེ། རིག་ཁ་ཆུའམ་སྣ་ཆུ་ལྷུག་པ་གཅིག་འོང་། པའི་རླུང་དེ་ཁ་དང་སྣ་ལས་འབྱུང་སྟེ། དྲོད་ཀྱང་དེར་འཆད་དོ། །འོད་སྨུག་པོ་ལ་ཆགས་ན་བྱོལ་གཏི་མུག་ཤས་ཆེ་ན། སོང་གི་གནས་སུ་སྐྱེ། རིག་པའི་རླུང་དེ་ལྟེ་བ་ལྟེ་བ་ཕྱིར་འབུར་ལ་རྡུལ་ཆེ་བའམ་རླངས་ཆུང་བུན་པ་གཅིག་འོང་ངོ་། །ལས་འབྱུང་སྟེ། དྲོད་ཀྱང་དེར་འཆད་དོ། །འོད་དམར་པོ་ལ་ཆགས་ན་ཡི་སེར་སྣ་ཤས་ཆེ་ན། དྭགས་ཀྱི་གནས་སུ་སྐྱེ་སྟེ། རིག་ཐིག་ལེ་དཀར་དམར་ལྷུག་པ་རླངས་ཆུང་བུན་པ་གཅིག་འོང་། པའི་རླུང་དེ་གསང་བ་ལས་འབྱུང་སྟེ། དྲོད་ཀྱང་དེར་འཆད་དོ། །འོད་མཐིང་ཀ་ལ་ཆགས་ན་དམྱལ་ཞེ་སྡང་ཤས་ཆེ་ན། བའི་གནས་སུ་སྐྱེ་སྟེ། རིག་སྡིག་པ་ཆེ་བ་མཚམས་མེད་ལྔ་བྱས་པ་གཅིག་ལ་བར་དོ་མི་འོང་སྟེ། དམྱལ་བར་རྡོ་འཕངས་པ་བཞིན་དུ་འགྲོ་གསུངས། པའི་རླུང་དེ་གཤང་ལམ་ནས་འབྱུང་སྟེ། དྲོད་ཀྱང་དེར་འཆད་དོ། །གང་ཟག་དབང་པོ་རབ་ལ་བར་དོ་མི་འབྱུང་སྟེ། འདི་རང་ལ་འཚང་རྒྱའོ། །གང་ཟག་དབང་པོ་འབྲིང་ནི་འདིར་བཞག་ཕྱིས་མི་ལེན་ཏེ། ཤི་ཁར་འཚང་རྒྱའོ། །གང་ཟག་དབང་པོ་ཐ་མ་གཅིག་ནི་བར་དོ་ལ་འཚང་རྒྱའོ། །སོ་སོའི་སྐྱེ་བོ་རྣམས་ནི་བར་དོ་ལ་ཆགས་ཏེ་འཁོར་བར་འཁྱམ་མོ། །གང་ཟག་དད་པ་དང་ལྡན་པ་རྣམས་ནི་དགེ་བའི་ལས་ལ་སྤྱོད་དེ་ཐད་ཀར་འབྲས་བུ་མི་བསླུའོ། །སེམས་སུ་དག་པ་རྫོགས་སོ།། །། ཟླ་བ་བཞི་པའི་འཆི་ལྟས་བརྟག་པ་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིའི་འཆི་ལྟས་བརྟག་པར་བྱ་སྟེ། དང་པོ་རྣལ་འབྱོར་པ་བདག་ཉིད་ཀྱིས་ཚེའི་ཕྱག་རྒྱ་བཅིངས་ཏེ། ཞེས་རྒྱུད་ལས་གསུངས་པ། དུས་ནི་རྣམ་པ་བཞི་དག་ཏུ། །ཚེ་ཡི་གྲིབ་མ་རིང་འགྱུར་ཚེ། །སྲོག་གི་བླ་ནས་རབ་ལྟ་ཞིང་། །ས་ཡི་མིག་གི་རྒྱུན་མི་འཆད། །ཚེ་ཡི་མགོ་བོ་ཆད་གྱུར་ན། །དེ་ཚེ་ཟླ་བ་བཞི་ན་འཆི། །ཚེ་གཟུགས་ཟླུམ་པོར་གྱུར་པ་ནི། །དེ་ཚེ་ཟླ་བ་གཉིས་ན་འཆི། །ཚེ་གཟུགས་སྤྱི་ཚུགས་གྱུར་པ་ན། །དེ་ཚེ་ཟླ་བ་གཅིག་ན་འཆི། །ཚེ་གཟུགས་ཡན་ལག་མ་ཚང་ན། །གཏོར་མ་བཞི་ཡིས་ཕྱོགས་བཅུར་མཆོད། །ཚེ་གཟུགས་དམར་བར་གྱུར་པའི་ཚེ། །ནད་དང་རྨ་ངོ་ཡོང་པས་ན། །ཆོ་ག་གཏོར་མས་བཟློག་པར་གསུངས། །ཞེས་རྒྱུད་ལས་བསྟན་པས་ན། དེའི་དོན་མ ན་ངག་གིས་བསྟན་པར་བྱ་སྟེ། ནམ་མཁའ་ལ་སྤྲིན་ལ་སོགས་མེད་པའི་དུས་དང་། སེར་བུའི་ཉག་མེད་པའི་དུས་སུ། གྲོང་ཡུལ་ལས་ས་ཕྱོགས་མི་མེད་པའི་དགོན་པར་ཕྱིན་ལ་དེར་མཎྜལ་བྱ། དེའི་སྟེང་དུ་ཧཱུྃ་གཅིག་བྲི། ཡི་དམ་ལ་མཆོད་བསྟོད་བྱས་ལ། དེ་ནས་ཚེ་ཡི་ཕྱག་རྒྱ་བཞི་ཞེས་བྱ་བ་ནི། ཉི་མ་ཤར་མ་ཐག་དང་། ཉི་མ་ནུབ་ལ་ཁད་པའི་དུས་སུ། དེ་བཞིན་དུ་ཟླ་བ་ཤར་ནུབ་གཉིས་ཀྱི་དུས་སུ། དེ་བཞིན་དུ་གང་ཡང་རུང་བ་གཅིག་ལ་བལྟ་བ་ནི། སྐྲ་ཡོད་ན་སྤྱི་བོར་བཅིངས་ལ། ལུས་གཅེར་བུ་ཕྱུང་ལ། ལག་པ་རང་བརྐྱང་། རྐང་པ་གཉིས་གཤིབས་ནས་ལངས་ཏེ། རང་གི་གྲིབ་མའི་སྙིང་ཁའི་ཧཱུྃ་ལ་བལྟ། དེ་ལ་ཡུན་རིང་བར་བལྟས་ལ། དེ་ནས་ཕྱོགས་བཞིར་བསྐོར་བར་བལྟས་ཏེ། དེ་ལྟར་བྱས་པས་མིག་འགྲིབ་ཅིང་འཐིབས་པར་བྱུང་ན། མིག་ཡར་ཡར་ནམ་མཁའ་ལ་བལྟས་པས། ནམ་མཁའ་ལ་ཚེ་གཟུགས་དཀར་པོ་གཅིག་འོང་སྟེ་དེ་ལ་བརྟག་གོ། །དེ་ལ་ཡང་མ་མཐོང་ན། ལུས་རྡོ་རྗེ་སྐྱིལ་མོ་ཀྲུང་བྱས་ལ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱས་ལ་བརྟག་གོ། །དེ་ལ་གཟུགས་ཅི་ཡང་མ་བྱུང་ན་སྐྱོན་མི་བལྟ་སྟེ། ནམ་མཁའ་སྤྲིན་སེར་པོའི་ཞག་ཆགས་པ་ཡིན་ཏེ་མི་འགལ་ལོ། །དེ་ལ་གོང་དུ་བསྟན་པ་བཞིན་དུ་ཟླ་བ་བཞི་ལྟ་བུའི་འཆི་ལྟས་བྱུང་ན། འཆི་བསླུ་ཟླ་བ་གཅིག་བྱ་སྟེ། ཡང་སྔར་བཞིན་བརྟགས་པས་ཡན་ལག་ཐམས་ཅད་རྫོགས་ན། འཆི་ལྟས་བསླུས་སོ། །དེའི་དུས་སུ་མ་བསླུས་ཏེ་གཟུགས་ཟླུམ་པོར་གྱུར་ནས་བྱུང་ན། ཟླ་བ་གཉིས་ན་འཆི་བས། ཡང་འཆི་བ་བསླུ་བ་ཟླ་བ་གཅིག་ཏུ་བྱས་ཏེ། དགེ་སྦྱོར་ལ་སོགས་པ་ཐམས་ཅད་ལྡབ་ཏུ་བལྟའོ། །དེ་ནས་ཟླ་བ་གཅིག་ལོན་ནས་བལྟས་པས་མ་བསླུས་ཏེ། སྤྱི་ཚུགས་སུ་གྱུར་པ་མཐོང་ན། ཟླ་བ་གཅིག་ན་འཆི། ཡང་དགེ་སྦྱོར་ལ་སོགས་པ་བྱས་པས་མ་བསླུས་ན། དེའི་རྣམ་སྨིན་ཟད་པ་ཡིན་པས། དགེ་སྦྱོར་ལ་ཞུགས་ཏེ། མི་དགའ་པ་མེད་པར་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་སྙམ་པའི་འདུན་པ་དྲག་པོ་བྱའོ། །བླ་མའི་གསུང་ངོ་། །ཟླ་བ་བཞི་པའི་འཆི་ལྟས་བརྟགས་པ་ཞེས་བྱ་བའི་ཞལ་གདམས་རྫོགས་སོ།། །། འཆི་བ་བརྟགས་པ་བསླུ་བ་འཕོ་བ་གསུམ་བཞུགས། ན་མོ་གུ་རུ། རྣ་བརྒྱུད་རྡོ་རྗེ་ཟམ་པའི་འཕོ་བའི་གདམས་ངག་ལ། དང་པོ་འཆི་མི་འཆི་བརྟག་པ། བར་དུ་འཆི་བར་འདུག་ན་འཆི་བ་བསླུ་བ། ཐ་མ་བསླུས་པས་མ་བསླུས་ན་སྐུ་གསུམ་ལ་འཕོ་བའོ། །དང་པོ་འཆི་མི་འཆི་བརྟག་པ་ནི། ཚེ་ལུང་ཆེན་པོ་བྱ་བ་ནས། །མིག་གི་ཨ་འབྲས་སྟོར་གྱུར་ན། །ལུས་ཅན་ཉི་མ་གཅིག་ལ་འཕོ། །ཞེས་པའོ། །སྙིང་པོ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་དུས་སུ། སྲིན་ལག་གཡོན་པས་ཨ་འབྲས་ལ་བལྟས་པས་འདུག་ན་མི་འཆི། མི་འདུག་ན་ནམ་དང་ཉི་མ་ཆ་མཉམ་པའི་ཉིན་གཅིག་གམ་ནུབ་གཅིག་ན་འཆིའོ། །བར་དུ་འཆི་བ་བསླུ་བ་ནི། ཤེས་རབ་སྙིང་པོ་ལས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་སྨྲས་པ། ཞེས་པའོ། །དེ་ཡང་སྡུག་བསྔལ་གྱི་ནང་ནས་འཆི་བའི་སྡུག་བསྔལ་ཆེ་སྟེ། དེ་ལྟ་བུ་ཡང་འདིས་ཞི་བར་བྱེད་པ་ཡིན་ཏེ། ཡེ་ཤེས་ཀྱི་རླུང་འགྱུ་བའི་དུས་སུ་ཨ་འབྲས་ཆད་ན་དུས་དེ་རིང་ཉིད་དུ། ལག་པ་གཡོན་པའི་མཐིལ་དུ་མཆིལ་མ་བཏབ་ལ་དེ་ཕྱིས་ལ། དེ་ནས་ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱཧཱ། ཞེས་དབུགས་གཅིག་ལ་ལན་བདུན་བགྲངས་ལ་ལག་པ་གཡོན་པའི་མཐིལ་དུ་མཆིལ་མ་ཐུད་ཐུད་བྱས་ལ། དེ་ནས་དེ་རང་གིས་འདག་གོ། །དེ་ལ་ཨ་འབྲས་བལྟེམས་པས་འདུག་ན་འཆི་བ་བསླུས་པ་ཡིན། མི་འདུག་ན་ལྡབས་ལ་དབུགས་རེ་ལ་དེ་འདྲ་ལན་བདུན་བདུན་བྱས་ལ། ཉི་ཤུ་རྩ་གཅིག་བྱས་ལ་མཆིལ་མ་གདབ། དེས་འཆི་བ་བསླུས་སམ་མ་བསླུས་བལྟ། དེས་ཀྱང་མ་བསླུས་ན་ལན་ཉི་ཤུ་རྩ་གཅིག་བསྐྱར། དེས་མི་བསླུ་མི་སྲིད་དོ། །དེས་ཀྱང་ཨ་འབྲས་མ་ལོག་པར་འདུག་ན། ད་ཅིས་ཀྱང་ཚེ་ཟད་པ་ཡིན་པས། འཆི་ངེས་པའི་རྟགས་སོ། །ཐ་མ་འཆི་བ་བསླུས་པས་མ་བསླུས་ན་སྐུ་གསུམ་ལ་འཕོ་བ་ནི། ཉལ་སྟབས་ཀྱིས་སྤྲུལ་པའི་སྐུ་ལ་འཕོ་བ་དང་། རྟེན་འབྲེལ་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་ལ་འཕོ་བ་དང་། ལྟ་སྟངས་ཀྱིས་ཆོས་ཀྱི་སྐུ་ལ་འཕོ་བ་དང་གསུམ་མོ། །ཉལ་སྟབས་ཀྱིས་སྤྲུལ་པའི་སྐུ་ལ་འཕོ་བ་ནི། གཞོག་གཡས་པ་འོག་ཏུ་གཞུག །མགོ་བྱང་དུ་བསྟན། ཁ་ནུབ་ཏུ་བསྟན། རྐང་པ་ལྷོ་རུ་བརྐྱང་ངོ་། །ཤིང་འོ་མ་ཅན་བསྟབ་མར་སྐྱེས་པ་དེ་སོར་གཉིས་ཙམ་དུ་བཅད་དེ། གདོང་པ་ལ་ཡི་གེ་ཀྵྞིཾ་འདི་བྲིས་ལ་ཡེ་ཤེས་ཀྱི་རླུང་འགྱུ་བའི་དུས་སུ། སྣ་བུག་གཡས་སུ་ཤིང་གི་ཧྲིལ་མོ་དེ་བཙུག་ལ་ཉལ་ལོ། །དེས་ངན་སོང་གི་སྒོ་ཁེགས་ཏེ་ངན་སོང་གི་རྒྱུན་བཅད་ནས་སྤྲུལ་པའི་སྐུ་རུ་འགྱུར་རོ། །རྟེན་འབྲེལ་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་ལ་འཕོ་བ་ནི། རིང་བསྲེལ་མ་ནོར་བ་གཅིག །སྲིན་བལ་ཨེན་གཅིག་གིས་དྲིལ། མར་བྱུགས་ནས་མཐེབ་མོས་དྲིལ་ལ། ཡེ་ཤེས་ཀྱི་རླུང་རྒྱུ་བའི་དུས་སུ་སྣ་བུག་གཡོན་དུ་བཅུག་ལ་དབུགས་ནང་དུ་རྡུབས་པས་ཚ་སིང་ངེ་བྱུང་ན་རྩ་ཀུན་ཏུ་རྒྱལ་བའི་ནང་དུ་ཚུད་པའི་རྟགས་ཡིན། དེའི་རྗེས་ལ་འབྲས་ཀྱི་ཕྱེའམ། ཡང་ན་སྲན་དཀར་གྱི་ཕྱེ་ཞིབ་མོའི་རིལ་བུ་སྲན་མ་ཙམ་པ་གཅིག་བྱས་ལ། རང་གཞན་གང་རུང་བས། རིལ་བུ་རེ་རེ་ལ་སྔགས་འདི་བཅུ་གཅིག་བརྗོད་ལ། རང་གི་ལྟོར་མིད་དོ། །སྔགས་ནི། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། དེས་རིང་བསྲེལ་ཕྱིར་མི་འབྱུང་ངོ་། །རིང་བསྲེལ་ཕལ་ཆེར་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་བའི་རྟགས་ཡིན་པས་འོ་སྐོལ་ཀྱང་དེ་བཞིན་དུ་གནས་འགྱུར་ནུས་སོ། །མ་རིག་པ་དང་སྡིག་སྒྲིབ་དྭངས་ཏེ། དཔེར་ན། ནོར་བུ་མཆིལ་མ་ལྟ་བུའོ། །ལྟ་སྟངས་ཀྱིས་ཆོས་ཀྱི་སྐུ་ལ་འཕོ་བ་ནི། འཆི་ལྟས་བྱུང་བའི་དུས་སུ། ལུས་ཅི་བདེར་འདུག་གམ། ཡང་ན་སྐྱིལ་ཀྲུང་དུ་བཅས་ལ། དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡའི་རྒྱུད་ལ་སྦྱར་བས་བདེ་གསལ་གཉིས་མེད་རྒྱུད་ལ་ཕྲིལ་གྱིས་བྱུང་ན། ལྟ་སྟངས་ཡར་ལ་བལྟས་པས་ལྟག་པ་བསྐྱེད་ལ། ལྟ་སྟངས་ནམ་མཁའི་དཀྱིལ་དུ་དཀྲུག་གིས་སོང་བ་དང་ཁྲོགས་ཀྱིས་འཆིའོ། །སེམས་ཉིད་དང་ནམ་མཁའ་གཉིས་ངོ་བོ་གཅིག་ཏུ་དབྱེར་མེད་པར་དཀྲུག་གིས་འགྲོ་སྟེ། དེ་ནས་མི་འཆུག་མི་འགྱུར་ཏེ་དེས་ཆོས་ཀྱི་སྐུ་ལ་འཕོ་བའོ། །གནད་གཅོད་ཀྱི་སྡུག་བསྔལ་མི་འོང་བས། འཆི་ཁ་མ་ལས་ཀྱི་རིལ་པོ་ཆེ། རྩོལ་བ་མེད་པ་ལས་འཕོ་བ་ལགས་སོ། །སློབ་དཔོན་འཛེང་གི་འཕོ་བའི་གདམས་ངག་གོ། །ཨཐྎ།། །། ༈ འདི་སྐབས་ལྔ་པའི་གསན་ཡིག་ཏུ་ཤིང་པཱ་ལ་ཤ་ལ་བརྟེན་ནས་གསང་བའི་དགྲ་གསུམ་བསད་པ་ཞེས་པ་འདུག་ཀྱང་དཔེ་ལ་མ་བྱུང་ངོ་། ། ཡོངས་སུ་མ་སྨིན་པའི་སེམས་ཅན་ངན་སོང་གི་གནས་ལས་སྲུང་བའི་སྦྱོར་བ་བཞུགས། ཡོངས་སུ་མ་སྨིན་སེམས་ཅན་ལ། ངན་སོང་གསུམ་གྱི་གནས་བསྲུང་བའི་སྦྱོར་བ་བྱ། སྔགས་ཀྱིས་སྲུང་བ་དང་། ཏིང་ངེ་འཛིན་གྱིས་སྲུང་བ་དང་། སྦྱོར་བ་རྫས་ཀྱིས་སྲུང་བའོ། །དེ་ལ་རྫས་ནི་དུག་གསུམ་ཡིན། ཞེ་སྡང་སྦྲུལ་གྱི་ཀླད་པ། འདོད་ཆགས་བྱའི་ཀླད་པ། གཏི་མུག་ཕག་གི་ཀླད་པ་གསུམ་རབ་ཆད་མཛོའི་མར་གྱིས་སྦྱར་ལ་རིལ་བུ་གཅིག་ལ་རྒྱུ་མ་ནོར་བ་རྩ་བའི་སྔགས་ལ། ༀ་ཨཱཿཧཱུཾ་བརྒྱ་ཚོ་གཅིག་བཏབ་ལ། དེ་དུམ་བུ་གསུམ་དུ་བྱ། གཅིག་ལ་ༀ་བརྒྱ་བཟླས་ལ། གཅིག་ལ་ཨཱཿབརྒྱ་བཟླས་ལ། གཅིག་ལ་ཧཱུཾ་བརྒྱ་བཟླས་ལ། ༀ་ཅན་གཤང་ལམ་ལ་བྱུག །ཨཱཿཅན་གསང་གནས་ལ་བྱུག །ཧཱུཾ་ཅན་ལྟེ་བ་ལ་བྱུག །དེའི་ཕྱི་ཕྱོགས་འདོམ་གང་བ་རུ་བསྡད་ནས། དམིགས་པ་གཤང་ལམ་ལ་གཏད་ལ། ༀ་ལས་རཾ་བསྐྱེད། རཾ་ལས་མེ་སྦར་བས། སེམས་ཀྱི་ངོ་བོ་སྦྲུལ་དུ་བྱུང་བ་བསྲེགས་ནས། དྭངས་མ་ཁ་ལ་ཐོན་ནས། ལྷ་མ་ཡིན་གྱི་གནས་སུ་སོང་བར་བསམ། དེ་ནས་དམིགས་པ་གསང་གནས་སུ་གཏད། ཨཱཿལས་རཾ་བསྐྱེད། རཾ་ལས་མེ་སྦར་བས། འདོད་ཆགས་བྱའི་ངོ་བོ་བྱུང་བ་བསྲེགས་ནས། དྭངས་མ་མིག་ལ་ཐོན་ནས་ལྷའི་གནས་སུ་སོང་བར་བསམ། དེ་ནས་དམིགས་པ་ལྟེ་བར་གཏད། ཧཱུཾ་ལས་རཾ་བསྐྱེད། རཾ་ལས་མེ་སྦར་བས། གཏི་མུག་ཕག་བྱུང་བ་བསྲེགས་ནས། སེམས་ཀྱི་དྭངས་མ་སྤྱི་བོ་ཚངས་པའི་བུ་ག་ནས་དོན་ནས་མཁའ་སྤྱོད་གནས་སུ་སོང་བར་བསམ། དུས་གསུམ་ངོས་ཟིན་ན་གང་རུང་གཅིག་བསྒོམ་པས་ཆོག་གོ། །ངོས་མ་ཟིན་ན་འདི་ལྟར་བསྒོམ་དགོས་སོ། །ངན་སོང་སྒོ་ཁེག །མཐོ་རིས་ཀྱི་ལམ་སྟོན། ལས་དང་སྐལ་བར་ལྡན་པ་ལ་སྟོན་པ། ཀུན་ལ་བྱིན་ན་དམ་ཚིག་ཉམས། དེས་ན་ཐུགས་ལ་འཆོངས། །ཨཐྎ།། །། ༈ གསུམ་པ་གསང་བའི་ཞལ་གདམས་ལ། གསང་བའི་རྫས་ཁྱད་པར་ཅན་གྱིས་འོད་གསལ་རྒྱུད་ལ་སྐྱེ་བའི་གདམས་པ་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྫས་ཁྱད་པར་ཅན་གྱིས་འོད་གསལ་རྒྱུད་ལ་སྐྱེས་པའི་ཐབས་ལ། ཤིང་རྐང་གསུམ་ལ་གཅིག་ཕྱི་འཕྱིངས་པས་བསྟུམ་ཟེར། ལ་མིའི་ཀླད་རྒྱས་གཡོགས་ལ་དེའི་ནང་ནས་མར་ལ་འོད་ཤིང་ལ་གསལ་ལེ་མངལ། གུ་གུལ་ཤུག་ཚིལ་དང་། ནག་པོ་བཏགས་ལ། འོག་ཏུ་ཅོང་ཞི འམ་ཐོད་ལེ་ཀོར་གྱི་ནང་དུ་ཞུན་གྱི་མེ་བཏང་ལ་གུ་གུལ་མ་ཞུ་ཙམ་བྱ། མེ་མར་གྱི་མཚན་ཐུབ་པར་བྱ། ཀླད་རྒྱས་མར་མེའི་འོད་ཕྱིར་མ་ཤོར་བར་བྱ། དེའི་ནུབ་མོ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་བ་དྲག་ཏུ་གདབ། གཏོར་མ་བཏང་ངོ་། །དེ་ཡང་དུས་བཟང་དེ་ཡང་ཉ་རང་ལ་བྱ། ལ་བྱའོ། །དེ་ནས་གུ་གུལ་དེ་རིལ་བུ་སྲན་རྡོག་ཙམ་བྱས་ལ། རིལ་བུ་རེ་རེ་ཙམ་རྒྱ་སོལ་གྱི་མེ་ལ་བསྲེག་ལ། སྣ་བུག་གཡོན་དུ་བདུག་པས་འོད་གསལ་བརྡའ་དང་སྦྱར་ན་ལེགས་གསུངས། རྒྱུད་ལ་སྐྱེ་བ་ཡིན་གསུངས། འདི་ལ་ཐེ་ཚོམ་བླ་མ་རིན་པོ་ཆེ་འཛེང་གི་གདམས་པ་ཡིན། མེད་དོ།། །། སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཞལ་འཛེང་དྷརྨ་བོ་དྷིའི་གལ་ཆེན་གྱི་གདམས་པ་ཞེས་པ་དེ་འདི་ཡིན་ནམ། གཞན་མ་བྱུང་བས་བརྟག་དགོས། མཆན། གདམས་བཞུགས། རྡོ་རྗེ་ཟམ་པའི་བརྒྱུད་པ་འཛིན་པའི་མི་རྣམས་ལ། ཀུན་ལ་མེད་པའི་བདག་འོ་ལ་ལ། གདམས་ངག་ཡོད་དེ་བླ་མའི་བཀའ་རྒྱ་ཡོད་པས། གཞན་ལ་བསྟན་པར་དཀའ། གྲགས་པ་ནམ་མཁའི་མཐའ་དང་མཉམ་པའི་གསང་སྔགས་རྒྱུད། །བདག་ལ་རྒྱུད་རྡོ་རྗེ་ཟམ་པའི་བརྒྱུད་པའི་བཀའ་བབས་བྱུང་བའི་ཚིགས་བཅད། སྡེ་བཅུ་གསུམ་སྒྲུབ་སྡེ་བཅུ་གསུམ་སྙིང་པོ་བབས། །གསེར་གདམས་ངག་ཞུས་པའི་ཚིགས་བཅད། ལ་སོགས་པའི་ཞབས་ཏོག་མེད་ཀྱང་གདམས་ངག་མང་དུ་མཉན། །ལུང་དང་བཀའ་ལ་བརྟེན་པའི་དམ་ཆོས་མང་པོ་བདག་ལ་བརྒྱུད། །དགོན་པ་འཛིན་ནམ་སྙམ་ནས་གདམས་ངག་སྣ་ཁ་མང་པོར་ཞུས། །སྦར་འཛིན་གདམས་ངག་ཞུས་པའི་ཚིགས་བཅད། བླ་མའི་ཆོས་ལ་བྱས་པའི་གདམས་པ་ཚང་བའོ། །གདམས་གདམས་ངག་ཁྱད་པར་འཕགས་པའི་ཚིགས་བཅད། ངག་འདི་ནི་བརྡ་ཡིས་བླ་མའི། སྟོོན་པས་གནད་ཀྱི་བརྡའ་དང་། དང་དུས་ཀྱི་བརྡའ་གཉིས་ཀྱི་ཁྱད། །དཔལ་སེམས་ཞིང་དུལ་བར་བྱས་པས་བླ་མའི་བཀའ་བཞིན་དུ། །ཆོས་གཞན་དང་མི་འདྲ་བ་འདི་བརྡའ་རྣ་བརྒྱུད་ཀྱི་གདམས་པ་ཐམས་ཅད། བཞིས་རང་གི་རྒྱུད་ལ་སྦྱོར་བས་ཁྱད་དུ་འཕགས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དཀྱིལ་ནས་འོངས། །པའོ། །གྲུབ་པར་བྱ་བའི་ཧེ་བསྒྲུབ་ན་གྲུབ་ཐོབ་འབྱུང་བའི་ཚིགས་བཅད། རུ་ཀ་མངོན་འབྱུང་མཁའ་འགྲོ་མ། །སྡེ་གསུམ། ཐོབ་བྱ་འབྲས་བུ་སྐུ་གསུམ་ཡིན་པས་ལམ་ཁྱེར་ཟམ་འབྲས་བུ་དང་བཅས་པ། མ་ཆད། །རྒྱུད་སྡེ་བཅུ་གསུམ་དང་། དང་ལུང་སྒྲུབ་སྡེ་བཅུ་གསུམ། ལ་བརྟེན་པ་ཡིན་པས་བཅོས་རང་བཟོ་སྤངས་པ། མའི་ཆོས་མིན་པས། །དཔལ་སེམས་བརྟན་ཞིང་དཀའ་ཐུབ་བྱས་ན་དངོས་གྲུབ་རྣམ་གཉིས་མཆོག་དང་ཐུན་མོང་འོང་བ་ཡིན། །སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཞལ་གདམས་དང་བཅས་པ་རྫོགས་སོ།། །། ༈ སློབ་དཔོན་དགའ་རབ་རྡོ་རྗེའི་ཉམས་ཀྱི་སྐྱུག་པ་ཞེས་པ་གསན་ཡིག་ལ་སྣང་རུང་དཔེ་ལ་མ་བྱུང་བས་རྙེད་ཚེ་འཛུད་དགོས། མེ་ལོང་ངོ་སྤྲད་ཀྱི་གདམས་པ་བཞུགས། མ་ནོར་མ་བཅོས་པའི་དོན་དེ་ངོ་སྤྲད་པ་ལ། རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན་པ། འཕྲུལ་གྱི་མེ་ལོང་ལ་མིག་གིས་མ་མཐོང་བའི་ཡུལ་མཐོང་། དེ་བཞིན་དུ་རིག་པ་དྭངས་པས་ནི། ཕ་རོལ་ཅི་བྱེད་མཐོང་བར་ནུས། ངོ་སྤྲོད་ནི། མེ་ལོང་གཡའ་དག་པ་སྟེ། མཛོད་མུན་ཁུང་ཤར་ཕྱོགས་ན་སྐར་ཁུང་ཡོད་པ་རུ་ཁྱེར་ཏེ། ཉི་མ་ཤར་བའི་དུས་སུ། རྐྱེན་མེད་པར་བག་ལ་ཉལ་ཏེ། གཞི་ལ་ཡོད་ཀྱང་གསལ་བར་མ་ནུས། ཉི་ཟེར་ཤར་བའི་དུས་སུ་གསལ་བ་གཞི་ལ་ཡོད་པ་དེ། རྐྱེན་ཉི་མས་བྱས་པས་རང་གི་ངོ་བོ་རང་གསལ་ལ་ཕྱི་ནང་མདུན་རྒྱབ་མེད་པར་གསལ། མེ་ལོང་གཡོས་པའི་དུས་སུ་མུན་ཁུང་འཇའ་དང་འོད་ཀྱིས་ཁེངས། དེ་ནི་རྒྱུ་རྐྱེན་འཛོམ་པའི་རྩ་ལ་དཔེ་དེ་བཞིན་དུ། སེམས་ཅན་ལ་སེམས་ཉིད་གཞི་ལ་གནས་ཀྱང་གྲོལ་མ་ནུས། རྐྱེན་བླ་མའི་གདམས་ངག་གིས་བྱས་པས། དོན་རང་ལ་ཡོད་པ་དེ་ངོ་སྤྲད། དོན་སེམས་ཉིད། རྐྱེན་གདམས་ངག །རྒྱུ་རྐྱེན་འཛོམ་པའི་སྐལ་ལྡན་དེས། །རིག་པ་དྭངས་པའི་རྩལ་གྱིས་ནི། །མཆོག་ཐུན་མོང་གི་ཡོན་ཏན་བསམ་མི་ཁྱབ། །རི་བོའི་རྩེར་ཤིང་འཁྲུངས་པ་འདྲ། །བདེ་ཆེན་ལམ་དུ་འཇུག་པ་ཡིས། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །མེ་ལོང་ངོ་སྤྲད་ཀྱི་གདམས་ངག་ཡིན། །ལས་ཅན་སེམས་ཉིད་མཐོང་བ་གཅེས།། །། ༈ འདི་སྐབས་རྫས་ལ་བརྟེན་ནས་རླུང་གི་གནས་འགྱུར་བ་ཞེས་པ་དེ་གོང་ན་གཞུང་དང་ཡིག་སྣའི་སྐོར་གྱི་རླུང་གནས་འགྱུར་གྱི་མཐའ་ན་ཡོད་དོ།། །། རྡོ་རྗེ་ཟམ་པའི་མན་ངག་ཉིང་ཁུ་བཞུགས། མ་ཁྲིད་ཡིག་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །དོན་གཉིས་སུ་མེད་པའི་གདམས་པ་མདོར་བསྡུས་པ། དང་པོ་ལུས་དང་སེམས་ཀྱི་གནད་བསམ་པ་དང་། བར་དུ་བརྡའ་བཞིས་ལུས་ཚུགས་བཅོས་པ་དང་། ཐ་མ་བྱིང་བ་གསེང་བའོ། །དང་པོ་ལུས་ཀྱི་བདེ་བ་གསལ་བ་ལ། སྟན་འབོལ་བར་བྱ་བ་དང་། ཉི་མ་ལ་གདོང་པ་མི་གཏད་པ་དང་། ཟས་ཆེ་ཆུང་རན་པར་ཟ་བ་དེ་རྣམས་སོ། །བར་དུ་བརྡའ་བཞིས་ལུས་ཀྱི་འདུག་ཚུགས་བཅོས་པ་ནི། མིག་སྣའི་རྩེ་མོ་མཐོ་གང་ཙམ་དུ་དབབ་པ་དང་། ལྕེའི་རྩེ་མོ་གང་ལ་ཡང་མི་རེག་པ་དང་། ཁར་སྨྱུག་མ་འབྲིང་པོ་ཤོང་བ་ཙམ་དུ་ཅུང་ཟད་དེང་ངེ་བ་དང་། འོག་སྒོ་ཡིད་ཙམ་འཐེན་པ་དང་། དབུགས་སྣ་བུག་གཡོན་པར་རྒྱུ་ཙམ་ན་བསྒོམ་པ་དང་། དབང་པོ་དང་ལུས་མི་གཡོ་བར་བསྒོམ་པ་རྣམས་སོ། །ཐ་མ་བྱིང་བ་གསེང་བ་ནི། བསྒོམས་ཙ་ན་འོང་། མི་བསྒོམ་ཙ་ན་མི་འོང་བར་བྱིང་ནས་འདུག་པའམ། ཡང་ན་ཏིང་ངེ་འཛིན་ལས་འབྲལ་མི་ཕོད་པ་འོང་བས། དེའི་དུས་སུ་འདུག་ས་ཡང་ཡང་སྤོས་ལ་བསྒོམ་མོ། །འདུག་ས་གར་སྤོས་སུ་ཏིང་ངེ་འཛིན་སྐྱེའམ་མི་སྐྱེ་བལྟའོ། །ཏིང་ངེ་འཛིན་ཇི་ལྟ་བུ་ཞིག་ཉམས་སུ་མྱོང་ན། ཤེས་པ་དྭངས་སེ་བ་ལ་བློའི་རྟོག་པ་ཅི་ཡང་མེད་པ་གཅིག་འདོད་པའོ། །དེ་ལ་ཡུན་རིང་དུ་བསྒོམས་པས་བསྒོམ་གྱི་ཡུན་ཇེ་རིང་ལ་འགྲོ། སྒོམ་ཉམས་རྩེ་གཅིག་སྟོང་པ་སྤྲོས་བྲལ་གསུམ་པོ་རིམ་གྱིས་སྐྱེའོ། །སྒོམ་ཐག་དང་། སྒོམ་རྟེན་ཚུལ་ཤིང་རྣམས་དང་མི་འབྲལ་ཏེ། དགེ་སྦྱོར་གྱི་བརྗེད་ཐོ་ཡིན་པའི་ཕྱིར་དང་། གོང་མའི་བྱིན་རླབས་འཇུག་པའི་ཕྱིར་རོ། །དེ་ཡང་དང་པོར་བསྒོམ་ཁར་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་བྱ། བླ་མ་ལ་གསོལ་བ་དྲག་པོ་གདབ་བོ། །དེ་ནས་བསྒོམས་ལ། ཐ་མར་བསྒོམ་ལས་འབྱུང་ཁར་རྗེས་ལ་སེམས་ཅན་གྱི་དོན་དུ་བསྔོ་ཞིང་། ཐུན་བར་དུ་མཁའ་འགྲོ་མ་གསུམ་ལ་གཏོར་མ་བཏང་ལ། གང་དང་གང་འདོད་པའི་དོན་ལ་གསོལ་བ་གདབ། མཇུག་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ལ། དམིགས་མེད་ཀྱིས་རྒྱས་གདབ་བོ། །དེ་ནས་སྤྱོད་ལམ་གྱི་དུས་སུ་ཡང་། འགྲོ་བའི་དོན་དུ་བརྡའ་བཞིའི་དོན་དུ་མི་འབྲལ་བར་བྱའོ། །འདི་འདྲའི་མན་ངག་ཟབ་མོ་མདོར་བསྡུས་པ། །སེམས་ཀྱི་དོན་འཚོལ་མུན་སེལ་སྒྲོན་མེ་ཡིན། །སྙན་བརྒྱུད་རྡོ་རྗེ་ཟམ་པའི་མན་ངག་ཉིང་ཁུ་མ། འཛེང་དྷརྨ་བོ་དྷིས་གསུངས་སོ། །ཨུས་ཆིས་ནས་བརྒྱུད། ༅། །ཌཱ་ཀི་མའི་མཁའ་འགྲོ་མའི་ཞལ་གདམས། གད་མོ་བཞི་ལ། ཞེན་ཆགས་ཀྱི་གཡང་ལུགས་བཤུ་བ་དང་གཅིག །གཟུང་འཛིན་གྱི་མདུད་པ་དགྲོལ་བ་དང་གཉིས། དྭངས་སྙིགས་ཀྱི་དབྱེ་བསལ་ཕྱེ་བ་དང་གསུམ། བྱམས་སྡང་གི་གནད་གསོ་བ་དང་བཞིའོ། །རང་གི་ཉམས་མྱོང་རང་གིས་རིག་པ། བྱི་དོར་བྱས་ན་རྒྱུད་དར་བས་འཇམ། སེམས་མཉམ་པ་ཉིད་དུ་བཞག་པའི་ངང་ལ་བདེ་ཆེན་གྱི་གླང་པོ་ཉལ་བ་ནི་གྱད་སྟོབས་ཆེན་གྱིས་མི་ལྷོངས། ཀུན་གཞི་ནམ་མཁའ་ལྟ་བུའི་ངང་ལ། རིག་པ་ཡེ་ཤེས་ཤར་ནུབ་མེད། སེམས་དང་ཆོས་སུ་ཐུག་གིས་འཕྲད་པ་ནི་རྟེན་ས་མེད། ལུས་དང་གྲིབ་མ་བཞིན་དུ་ཕྲལ་ཀྱང་མི་ཕྲོལ། ཧེ་ཧེ་ཧེ་ཧེ། མཁའ་གཤེགས་དཀར་མོའི་གདམས་པའོ། །ཆོས་མཛད་ཀུན་རྒྱུད་སྨིན་པའི་ཆས་སུ་བཅུག་ན། འཇིག་རྟེན་གྱི་དྲེགས་པ་འཇོམས། རྒྱུད་ཐོས་བསམ་གྱི་ཆས་སུ་བཅུག་ལ་ལྟ་སྤྱོད་ཀྱི་དྲེགས་པ་བཅད། རྒྱུད་དང་པོའི་ཆས་སུ་བཅུག་ལ་འཆི་བ་རྗེས་སུ་དྲན་པར་བྱའོ། །རྒྱུད་བརྩོན་འགྲུས་ཀྱི་ཆས་སུ་བཅུག་ལ། བླ་མའི་གདམས་ངག་ཉམས་སུ་བླངས། ཚོགས་གསོག་པའི་ཡུལ་ལ་དམིགས་པ་མེད་པ་དང་གཅིག །བསགས་མཁན་རྟེན་ལ་སེར་སྣ་མེད་པ་དང་གཉིས། གཞི་དད་པ་ལ་འགྱུར་ལྡོག་མེད་པ་དང་གསུམ། ཐ་མར་འགྱོད་སེམས་མེད་པ་དང་བཞི། སྣང་བ་ལ་དངོས་པོ་མེད། སེམས་ལ་གཞི་མེད། རིག་པ་ལ་རྟེན་མེད། ཉོན་མོངས་པ་ལ་སྐྱེ་བའི་ཡུལ་མེད། ཧེ་ཧེ་ཧེ་ཧེ། མཁའ་སྤྱོད་མ་དམར་མོའི་གདམས་པ་ཡིན་ནོ། །ཉི་མའི་སྙིང་པོ་མུན་པ་མེད་པ། ཆོས་ཀྱི་སྐུ་ལ་དྲི་མ་མེད་པ། གནས་པའི་སེམས་ལ་དུས་མེད་པ། དུས་གསུམ་ལ་འགྱུར་བ་མེད་པ། བླ་མ་ལ་བཀུར་སྟི་བྱེད་པ་གལ་ཆེ། ལྷ་དཀོན་མཆོག་གསུམ་ལ་མོས་གུས་བྱེད་པ་གལ་ཆེ། ཆེ་ཆུང་མེད་པའི་སྡིག་པ་ལ་འཛེམ་པ་གལ་ཆེ། ཡང་དག་པའི་ཆོས་ལ་བརྩོན་འགྲུས་བསྐྱེད་པ་གལ་ཆེ། ལྟ་བ་ལ་རང་བྱན་ཚུད་པ། ཚུལ་ཁྲིམས་ལ་ངོ་ལྐོག་མེད་པ། སྦྱིན་པ་ལ་ཕྱོགས་རིས་མེད་པ། སྒོམ་པ་ལ་བྱིང་རྒོད་མེད་པ། ཧེ་ཧེ་ཧེ་ཧེ། འབར་བའི་གདོང་ཅན་ནག་མོའི་གད་མོའོ། ༈ །སྒོམ་རྟེན་ལ་བྲིས་པ། རྟེན་མེད་ཀྱི་རིག་པ་རང་གྲོལ་བ་ལ། ཐོགས་མེད་ཀྱི་ཤེས་རབ་རང་ཤར། རྟག་ཆད་གཉིས་མེད་ཀྱི་ཤེས་རབ་ལ། ཕྱོགས་རིས་མེད་ན་ལྟ་བ་ཡིན། །གཏད་མེད་ཀྱི་རིག་པ་རང་གྲོལ་ལ། ཞེན་མེད་ཀྱི་ཉམས་མྱོང་རང་ཤར། སྟོང་གསལ་བདེ་ཆེན་གྱི་ཉམས་མྱོང་ལ། བྱིང་རྒོད་མེད་ན་སྒོམ་པ་ཡིན། འཛིན་མེད་ཀྱི་རིག་པ་རང་གྲོལ་ལ། ཆགས་མེད་ཀྱི་སྤྱོད་པ་རང་ཤར། ཐ་མལ་རང་སྤྱོད་ཀྱི་ལྷུག་པ་ལ། བླང་དོར་མེད་ན་སྤྱོད་པ་ཡིན། གཉིས་མེད་ཀྱི་རིག་པ་རང་གྲོལ་བ་ལ། བཙལ་མེད་ཀྱི་འབྲས་བུ་རང་ཤར། འཁོར་འདས་གཉིས་མེད་ཀྱི་དགོངས་པ་ལ། རེ་དོགས་མེད་ན་འབྲས་བུ་ཡིན། ཨཐྎ། གུ་རུའི་ཉམས་སྐྱེས་པའི་ཚིག་དོན་ནི་སྨྱོན་པ་འཛེང་དཀར་གྱིའོ། །སྒོམ་རྟེན་ལ་བྲིས་སྐད་དོ།། །། ༅། །ཡེ་འདི་རྣམས་ཚུལ་ཤིང་ལོགས་ལ་བྲིའོ། །ཤེས་འཁྱིལ་བ་རྡོ་རྗེའི་བུམ། །ཡེ་ཤེས་ཀྱི་ཚུལ་གཏད་པ། ཡེ་ཤེས་ཆེན་པོའི་རོས་གང་བ། །ཡེ་ཤེས་ལྔ་ཡི་བདེ་བ་རྒྱས། །རང་ལུས་ཡེ་ཤེས་རིན་པོ་ཆེ། །རིག་པའི་ཡེ་ཤེས་སྐུར་གསལ་བ། །གང་སྣང་རང་རིག་ཡེ་ཤེས་ཉིད། །རང་རིག་ཡེ་ཤེས་རྒྱུན་ཆད་མེད། །རང་བྱུང་ཡེ་ཤེས་འོད་གསལ་བ། །ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། །ཚུལ་ཆེན་འདི་ལ་གནས་པར་གྱིས། །འདི་ལ་དབྱིངས་ཀྱི་ཚུལ་གཏད་པ། ཡང་དག་ངོས་བཟུང་མེད། །ཏིང་འཛིན་སེམས་ཀྱི་རིག་རྩལ་མེད། །ལུས་དང་ངག་གི་བྱ་བཙལ་མེད། །འདི་ལ་དམིགས་དང་བྱ་བཙལ་མེད། །སྐྱེེ་འཇིག་བྱུང་ཡང་འགགས་བྲལ་མེད། །གནས་དང་ལྡན་ཡང་བརྟེན་པ་མེད། །ཡུལ་དུ་སྣང་ཡང་འགགས་པ་མེད། །ལོངས་སྤྱོད་ལྡན་ཡང་ཆགས་པ་མེད། །ཚུལ་ཆེན་འདི་ལ་གནས་པར་གྱིས། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། དྷརྨ་དྷ་ཏུ། ལོགས་ཆུང་ལ་བྲི། སྟོང་བདེ་བའི་ཚུལ་གཏད་པ། ཉིད་བདེ་བའི་མན་ངག་སྦྱིན། །དམ་པའི་བདེ་བ་མངོན་དུ་བསྟན། །རིག་པའི་རེག་བྱའི་བདེ་བ་ཡིན། །བདེ་བ་རིག་པ་ཆེན་པོ་སྟེ། །བདེ་བ་ཆེན་པོའི་རོས་གང་བ། །གཅིག་ཏུ་འདུས་པའི་བདེ་ཆེན་ཡིན། །བདེ་བ་ཆེན་པོ་མི་འབྲལ་བཟུང་། །བདེ་བ་རྒྱས་པའི་དབང་ཐོབ་སྟེ། །ཞིང་ཁམས་གཉིས་ཀར་བདེ་ལོངས་སྤྱོད། །ཚུལ་ཆེན་འདི་ལ་གནས་པར་གྱིས། །རྩོལ་ཆོས་ཉིད་ཀྱི་ཚུལ་གཏད་པ། དང་བྲལ་བའི་དངོས་གྲུབ་ཡིན། །རྒྱུ་འབྲས་མེད་པའི་མཐར་ཐུག་ཡིན། །སྔགས་ཚིག་བྲལ་བའི་ནུས་མཐུ་ཡིན། །ཐ་སྙད་བྲལ་བའི་དོན་མཚོན་ཡིན། །ལས་བཞི་བྲལ་བའི་དངོས་གྲུབ་ཡིན། །འཆིང་བྲལ་སྟོན་པས་ལྟ་བ་ཡིན། །འདའ་བ་མེད་པས་དམ་ཚིག་ཡིན། །རྟོག་འཛིན་སྤངས་པས་སངས་རྒྱས་ཡིན། །ཚུལ་ཆེན་འདི་ལ་གནས་པར་གྱིས། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨ། ཨཾ་ཨཱཿ དྷརྨ་དྷཱ་ཏུ་ཨཱཿ ཨཐྎ།། །། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་བཞུགས་སོ། །བླ་མ་དང་དཀོན་མཆོག་རྣམས་ལ་ཕྱག་འཚལ་ལོ། །སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ། ཕྱི་པ་མུ་སྟེགས་པ་ལས་ཁྱད་པར་འཕགས་པ་ལ། སྐྱབས་སུ་འགྲོ་བ་བྱ་བ་ནི། དེ་ཡང་དང་པོ་གང་ལ་སྐྱབས་སུ་འགྲོ་བ། གང་གིས་སྐྱབས་སུ་འགྲོ་བ། ཚུལ་ལམ་ཐབས་ཇི་ལྟར་དུ་སྐྱབས་སུ་འགྲོ་བ། སྐྱབས་སུ་ཕྱིན་པ་ལ་དགོས་པ་ཅི་ཡོད་པ་དང་བཞིའོ། །དེ་ཡང་དང་པོ་ཡུལ་གང་ལ་སྐྱབས་སུ་འགྲོ་ན། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོའོ། །གང་གིས་སྐྱབས་སུ་འགྲོ་ན། རྟེན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྐྱབས་སུ་འགྲོའོ། །ཚུལ་ལམ་ཐབས་ཇི་ལྟར་དུ་སྐྱབས་སུ་འགྲོ་ན། ལུས་གུས་ངག་དག་སེམས་ཉིད་མོས་པའི་སྒོ་ནས་སྐྱབས་སུ་འགྲོའོ། །སྐྱབས་སུ་ཕྱིན་པ་ལ་དགོས་པ་ཅི་ཡོད་ན། ཚེ་འདིའི་ལས་དང་སྡིག་སྒྲིབ་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་དགོས་པ་ཡོད་པའོ། །སྐྱབས་སུ་འགྲོ་བ་ལ་དོན་བཅུ་གཅིག་སྟེ། སྐྱབས་སུ་འགྲོ་བའི་ངོ་བོ་དང་༡། ངེས་ཚིག་དང་༢། དབྱེ་བ་དང་༣། རྒྱུ་དང་༤། ཐོབ་པའི་དུས་དང་༥། མི་ཐོབ་པའི་གེགས་དང་༦། སྐྱབས་སུ་འགྲོ་བའི་ཆོ་ག༧། བསླབ་བྱ་དང་༨། ཕན་ཡོན་དང་༩། མ་སོང་བའི་ཉེས་དམིགས་དང་༡༠། ཁྱད་པར་དང་མི་ཡོང་བའི་ཚད་བསྟན་པ་དང་༡༡དང་བཅུ་གཅིག་གོ། །དེ་ལ་དང་པོ་ངོ་བོ་ནི། ཐབས་ཤེས་རབ་གཉིས་སུ་མེད་པར་འཛོམ་པའོ། །གཉིས་པ་ངེས་ཚིག་ནི། དཀོན་མཆོག་གསུམ་རང་བཞིན་གྱིས་དཀོན་པའོ། །དེ་གང་དུ་དཀོན་ན། ཁམས་གསུམ་གྱི་སེམས་ཅན་ལ་དཀོན་ནོ། །དཔེ་ཅི་དང་འདྲ་བར་དཀོན་ན་སངས་རྒྱས་ནོར་བུ་རིན་པོ་ཆེ་ལྟ་བུར་དཀོན་ནོ། །ཆོས་ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུར་དཀོན་ནོ། །དགེ་འདུན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུར་དཀོན་ནོ། །དེ་ཅིའི་ཕྱིར་དཀོན་ན། སངས་རྒྱས་འཇིག་རྟེན་དུ་འབྱོན་དཀའི་ཕྱིར་རམ། བྱོན་ཡང་བཞུགས་ཡུན་ཐུན་པའི་ཕྱིར་རམ། སེམས་ཅན་གདུལ་བྱ་མ་དག་པའི་ཕྱིར་དཀོན་ནོ། །དེ་ལྟར་དུ་སྟོན་པ་འབྱུང་དཀའ་བས་ན། དེས་གསུངས་པའི་ཆོས་དཀོན། དེ་བཞིན་དུ་ཆོས་དེ་སྒྲུབ་པའི་དགེ་འདུན་ཀྱང་དཀོན་ནོ། །སངས་རྒྱས་ཀྱི་ངོ་བོ་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སངས་པའོ། །ངེས་ཚིག་ནི་ཟག་མེད་ཀྱི་ཆོས་ཐམས་ཅད་རྒྱས་པའོ། །དབྱེ་ན་སངས་རྒྱས་ལ་དྲུག་སྟེ། ཆོས་སྐུ་སངས་རྒྱས། ལོངས་སྐུ་སངས་རྒྱས། སྤྲུལ་སྐུ་སངས་རྒྱས། ཚུལ་གཅིག་པའི་སངས་རྒྱས། ཚུལ་ཐ་དད་པའི་སངས་རྒྱས། རྟེན་དུ་བཙུག་པའི་སངས་རྒྱས་དང་དྲུག་གོ། །མཆོག་ཅེས་པ་ནི། སངས་རྒྱས་དེ་སྤངས་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པ། ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ། ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བ་མཁྱེན་པའོ། །ཆོས་ཀྱི་ངོ་བོ་ནི་གཞིའི་འདུག་ཚུལ་ལོ། །ངེས་ཚིག་ནི་བྱ་བ་དང་བྱེད་པ་མེད་པའོ། །ཆོས་ཀྱི་དབྱེ་བ་ལ་དྲུག་སྟེ། དོན་དམ་པ་ཞི་བ་མྱ་ངན་ལས་འདས་པའི་ཆོས་དང་། སྒྲུབ་པ་ལམ་གྱི་ཆོས་དང་། ལུང་དུ་བསྟན་པའི་ཆོས་དང་། ཚུལ་གཅིག་པའི་ཆོས་དང་། ཚུལ་ཐ་དད་པའི་ཆོས་དང་། རྟེན་དུ་བཙུག་པའི་ཆོས་དང་དྲུག་གོ། །ཆོས་ཀྱི་མཆོག་ནི། ཐོག་མར་དགེ་བ་ནི་དོན་བཟང་པོ། བར་དུ་དགེ་བ་ནི་ཚིག་འབྲུ་བཟང་པོ། ཐ་མར་དགེ་བ་ནི་མ་འདྲེས་པའོ། །དགེ་འདུན་གྱི་ངོ་བོ་ནི་དགེ་བ་དང་མི་ཕྱེད་པའོ། །ངེས་ཚིག་ནི་སྡིག་པས་མ་གོས་པའོ། །དགེ་འདུན་གྱི་དབྱེ་བ་ལ་དྲུག་སྟེ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། རང་སངས་རྒྱས་ཀྱི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་དང་། ཚུལ་གཅིག་པའི་དགེ་འདུན་དང་། ཚུལ་ཐ་དད་པའི་དགེ་འདུན་དང་། རྟེན་དུ་བཙུག་པའི་དགེ་འདུན་དང་དྲུག་གོ། །དགེ་འདུན་གྱི་མཆོག་དང་པོ་ལྟ་བར་མཐུན། བར་དུ་བསམ་པར་མཐུན། ཐ་མ་འབྲས་བུར་མཐུན་པས་ན་མཆོག་གོ། །ཡང་ན་དཀོན་པ་ལ་བཞི་སྟེ། དཔེ་གང་དང་འདྲ་བ་དཀོན་པ་དང་གཅིག །ཡུལ་གང་དུ་དཀོན་པ་དང་གཉིས། གང་ཟག་གང་ལ་དཀོན་པ་དང་གསུམ། ཚུལ་ཇི་ལྟར་དུ་དཀོན་པ་དང་བཞིའོ། །མཆོག་གི་ཡོན་ཏན་བསྟན། གསུམ་གྱི་གྲངས་བསྟན། ཕྱག་བཙལ་བས་དམིགས་པའི་ཡུལ་བསྟན། དགོས་པ་ནི་ཕྱི་ནང་གི་བར་ཆད་མི་འབྱུང་བའི་དགོས་པ་ཡོད། བཀྲ་ཤིས་པའི་དགོས་པ་ཡོད། དོན་དུ་འགྱུར་བའི་དགོས་པ་ཡོད་པའོ། །གསུམ་པ་དབྱེ་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་གསུམ་མོ། །སངས་རྒྱས་ལ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མོ། །ཆོས་ལ་དོན་དམ་པའི་ཆོས་ཞི་བ་མྱ་ངན་ལས་འདས་པ། སྒྲུབ་པའི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་པ། སྟོན་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་སོ། །དགེ་འདུན་ལ་བྱང་ཆུབ་སེམས་དཔའ་རང་རྒྱལ་ཉན་ཐོས་དང་གསུམ་མོ། །དཀོན་མཆོག་གསུམ་ལ་ཅིའི་ཕྱིར་ཕྱག་འཚལ་ཞིང་སྐྱབས་སུ་མཆི་ན། སངས་རྒྱས་ནི་སྒྲུབ་པའི་ཡུལ་ལམ་འདྲེན་པའི་སློབ་དཔོན་ཡིན་ཏེ་ཕྱི་རུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཆོས་ནི་སྒྲུབ་པའི་ཐབས་སམ་ལམ་ཡིན་པས་ན་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ། དགེ་འདུན་ནི་སྒྲུབ་པའི་རྟེན་ནམ་གྲོགས་ཡིན་པའི་ཕྱིར་ན་ཕྱག་འཚལ་ཞིང་སྐྱབས་སུ་འགྲོའོ། །བཞི་པ་སྐྱབས་འགྲོ་གསུམ་ཐོབ་པའི་རྒྱུ་ནི། ཡུལ་དཀོན་མཆོག་གསུམ་ལ་དད་པའོ། །ལྔ་པ་ཐོབ་པའི་དུས་ནི། སློབ་དཔོན་གྱིས་ལན་གསུམ་བརྗོད་པའི་ཆ་ཐ་མ་དེ་ལ་ཐོབ་པའོ། །དྲུག་པ་སྐྱབས་འགྲོ་མི་ཐོབ་པའི་གེགས་ནི། ཁེ་དང་གྲགས་པས་སྐྱབས་འགྲོའི་སྡོམ་པ་བླང་ན་མི་ཐོབ། འཇིག་རྟེན་འདིའི་དོན་དུ་བླང་ན་མི་ཐོབ་པའོ། །བདུན་པ་སྐྱབས་སུ་འགྲོ་བའི་ཆོ་ག་བྱ་བ་ལ་ལྔ་སྟེ། སྐྱབས་སུ་འགྲོ་བའི་སྔོན་འགྲོ་བར་ཆད་དྲི་བ་དང་གཅིག །སྐྱབས་སུ་འགྲོ་བའི་བར་ཆད་དྲི་བ་དང་གཉིས། སྐྱབས་སུ་འགྲོ་ཞིང་བཤགས་པ་བྱ་བ་དང་གསུམ། སྐྱབས་སུ་འགྲོ་བའི་ཆོ་ག་དངོས་གཞི་དང་བཞི། སྐྱབས་སུ་འགྲོ་བའི་སྡོམ་པ་དཔོག་པ་དང་ལྔའོ། །དེ་ལ་དང་པོ་སྐྱབས་སུ་འགྲོ་བའི་སྔོན་འགྲོ་བར་ཆད་དྲི་བ་ནི། བསླབ་པ་ཐམས་ཅད་ཀྱི་གཞི། སྡོམ་པ་ཐམས་ཅད་ཀྱི་རྟེན། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་འདྲེན་སྐས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ང་ལ་བླ་མར་ཞུ་བ་དད་ལགས་སམ། མོས་ལགས་སམ། གུས་ལགས་སམ། སྤྲོ་ལགས་སམ། གཉིས་པ་སྐྱབས་སུ་འགྲོ་བའི་བར་ཆད་དྲི་བ་ནི། རིགས་ཀྱི་བུ་ཁྱོད་ང་ལ་བླ་མར་ཞུ་ཞིང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན། རྒྱལ་པོས་གནང་བ་ལགས་སམ། ལུས་བདག་གིས་གནང་བ་ལགས་སམ། ཁྱིམ་བདག་གིས་གནང་བ་ལགས་སམ། ཕས་གནང་བ་ལགས་སམ། མས་གནང་བ་ལགས་སམ། སྤུན་ཟླས་གནང་བ་ལགས་སམ། གྲོགས་ཀྱི་གནང་བ་ལགས་སམ། མ་ནིང་མ་ཡིན་ནམ། དམུས་ལོང་མ་ཡིན་ནམ། ཐེག་པ་ལས་མ་འདས་པ་མ་ཡིན་ནམ། ཡེ་ཤེས་ལས་ཐལ་བ་མ་ཡིན་ནམ། ཐབས་ཡིན་ནོ། །ལེགས་སོ་ཞེས་ལན་གདབ་བོ། །གསུམ་པ་ལ་གཉིས་ཀྱི། དང་པོ་སྐྱབས་སུ་འགྲོ་བ་ནི། བླ་མ་རྡོ་རྗེ་སློབ་དཔོན་དང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཀྱིལ་འཁོར་གྱི་ལྷའི་ཁྱད་པར་དང་། གསང་སྔགས་ཡང་དག་གི་ལྷ་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་བསགས་པ་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་བདག་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མཆིའོ། །མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྐྱབས་སུ་མཆིའོ། །ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྐྱབས་སུ་མཆིའོ། །མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆིའོ། །བསྐུལ་བའི་ས་ལས་བཞེངས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མ་གྲོལ་བ་ནི་རྣམ་དགྲོལ་ཕྱིར། །སེམས་ཅན་མྱ་ངན་འདས་ལ་དགོད། །བདག་ལ་གནས་པའི་ལུས་འདི་ནི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །ཚེ་རབས་བསགས་པའི་དགེ་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་མཆོག་ཏུ་བསྔོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་རྣམས། །ཐོབ་ནས་ཉེས་པའི་དགྲ་རྣམས་བཅོམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་དབའ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །གཉིས་པ་བཤགས་པ་བྱ་བ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དགྲ་བཅོམ་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བས། སྐྱེ་བ་ཐོགས་མ་མེད་པ་ནས་ཐ་མ་ད་ལྟ་ལ་མཆིས་ཀྱི་བར་དུ། དུག་གསུམ་གྱི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་ཅི་བགྱིས་པ་དེ་དག་ཐམས་ཅད་དང་། སངས་རྒྱས་ལ་མི་དད་ཅིང་མ་གུས་པ་དང་། ཆོས་ལ་མི་དད་ཅིང་མ་གུས་པ་དང་། དགེ་འདུན་ལ་མི་དད་ཅིང་མ་གུས་པ་དང་། ཉན་ཐོས་ཀྱི་བསླབ་པ་ཉམས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་པ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་པ་དང་། གྲོགས་ཚངས་པར་མཚུངས་པ་ལ་མ་དད་ཅིང་མ་གུས་པ་དང་། བླ་མ་དང་སློབ་དཔོན་ལ་མ་དད་ཅིང་མ་གུས་པ་དང་། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་པ། ངན་སོང་དང་འཁོར་བའི་རྒྱུར་གྱུར་པ་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་དང་སློབ་དཔོན་དང་མཁན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །གནོང་ངོ་། །འགྱོད་དོ། །མི་འཆབ་མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །བཞི་པ་སྐྱབས་སུ་འགྲོ་བའི་ཆོ་ག་དངོས་གཞི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྤངས་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་བདག་སྐྱབས་སུ་མཆིའོ། །མྱ་ངན་ལས་འདས་པའི་ཆོས། གསུང་རབ་ཡན་ལག་བཅུ་གཉིས། འཕགས་པ འི་ལམ་ཡན་ལག་བརྒྱད་པ། ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པའི་ཆོས་རྣམས་ལ་བདག་དང་སེམས་ཅན་ཐམས་ཅད་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡོན་ཏན་ཐམས་ཅད་རྒྱུད་ལ་སྦྱོར་མཛད་པའི། དུས་གསུམ་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །རྒྱལ་བ་ཐམས་ཅད་དབྱེར་མེད་དབྱིངས་མཉམ་ཡང་། ཡི་དམ་ཧེ་རུ་ཀ་ལ་བདག་སྐྱབས་སུ་མཆིའོ། །མ་སྲིང་བྱམས་པའི་ཚོགས་ཀྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །ལྔ་པ་སྐྱབས་སུ་འགྲོ་བའི་སྡོམ་པ་དབོག་པ་ནི། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་དགྲ་བཅོམ་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། ངག་གི་སྒོ་ནས་རྫུན་སྨྲས་པ་དང་། ཡིད་ཀྱི་སྒོ་ནས་གནོད་སེམས་བགྱིས་པ་དེ་དག་ལས་སླར་ལྡོག་པར་བགྱིད་ལགས་སོ། །ལུས་ཀྱི་སྒོ་ནས་སྲོག་གཅོད་པའི་ཡན་ལག་ཏུ། མ་བྱིན་པ་ལེན་པར་བགྱིས་པ་དང་། མི་ཚངས་པ་སྤྱོད་པར་བགྱིས་པ་དང་། རྫུན་དུ་སྨྲ་བའི་ཡན་ལག་ཏུ་ངག་འཁྱལ་བ་དང་། ཚིག་རྩུབ་མོ་དང་། ཕྲ་མ་དང་། གནོད་སེམས་ཀྱི་ཡན་ལག་ཏུ། བརྣབ་སེམས་དང་ལོག་པར་ལྟ་བ་བགྱིས་པ་དེ་དག་ལས་སླར་ལྡོག་པར་བགྱིད་ལགས་སོ། །བརྒྱད་པ་བསླབ་བྱ་དཔོག་པ་ལ་རྣམ་པ་བརྒྱད་དེ། ཐད་ཀར་གྲངས་བགྲང་མི་ཤེས་པར་སྣང་། མཆན། ཐུན་མོང་གི་བསླབ་བྱ་གསུམ་ལ། སངས་རྒྱས་ལ་སྐྱབས་སུ་མཆི་ནས་ལྷ་གཞན་ལ་ཕྱག་མི་འཚལ། ལུགས་སུ་བླུག་པའམ་འབུར་དུ་གཏོད་པའམ། རིས་སུ་བྲིས་པ་རྣམས་ལ་ཡང་། བྱིན་གྱིས་བརླབས་པའི་བཀོད་པ་ཡིན་པས་བཅོམ་ལྡན་འདས་དངོས་ཡིན་པར་བསམ་ལ་ཕྱག་འཚལ་ལོ། །ཆོས་ལ་སྐྱབས་སུ་མཆིས་ནས་སེམས་ཅན་ལ་རྣམ་པར་འཚེ་བ་མི་བྱ། དེ་ཡང་མི་དགེ་བ་བཅུ་མི་བྱ་སྟེ། ལུས་ཀྱི་སྒོ་ནས་གསུམ། ངག་གི་སྒོ་ནས་བཞི། ཡིད་ཀྱི་སྒོ་ནས་གསུམ་སྟེ་བཅུ་ཐམ་པའོ། །དེ་ལ་སོགས་ཏེ་མི་ཤེས་པ་ལ་བཟོ་བཅོལ་བ་ཡང་སེམས་ཅན་ལ་རྣམ་པར་འཚེ་བ། མི་ཐེག་པ་ལ་ཁུར་བསྐུར་བ་ཡང་རྣམ་པར་འཚེ་བ། མི་ཡོང་བའི་ལས་ཀ་བཅོལ་བ་ཡང་རྣམ་པར་འཚེ་བའོ། །ཕྱིན་ཅི་ལོག་གི་པོ་ཏི་དང་གླེག་བམ་ལ་མི་མོས་སོ་ཞེ་ན། དེ་ལྟར་མ་ཡིན་ཏེ། སངས་རྒྱས་ཀྱི་བཀའ་དངོས་ཡིན་པར་བསམ་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་སྐྱབས་སུ་སོང་ནས། མི་མུ་སྟེགས་ཅན་དང་མི་འགྲོགས། དེ་དང་སླ་སྟེ་སེར་གོས་གྱོན་པ་རྣམས་ལ་མི་མོས་པའི་སྐྱོན་སྤོང་སྟེ། སེར་གོས་གྱོན་པ་མུ་སྟེགས་ཡིན་ནམ་སོ་སོའི་སྐྱེ་བོ་ཡིན་ངོ་མི་ཤེས་ཏེ། དེ་ཡང་མ་འོངས་པའི་དུས་ན་བ་དམར་གླང་དམར་གྱི་གོས་གྱོན་པ་ཡང་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཡིན་པས་སེར་གོས་གྱོན་པ་གཅིག་ཙམ་ལ་ཡང་བཅོམ་ལྡན་འདས་ཀྱི་ཆོས་གོས་དངོས་ཡིན་པར་བསམ་ལ་ཕྱག་འཚལ་ལོ། །ཐུན་མོང་མ་ཡིན་པའི་བསླབ་བྱ་གསུམ་ལ། སངས་རྒྱས་ལ་སྐྱབས་སུ་མཆིས་ནས་སངས་རྒྱས་ཀྱི་གཟུགས་བརྙན་ཆུའི་ནང་དུ་ཤར་བ་ཙམ་ལ་ཡང་འཛེམ། ཆོས་ལ་སྐྱབས་སུ་མཆིས་ནས་པོ་ཏི་དང་གླེགས་བམ་དང་དེ་བཞིན་གཤེགས་པའི་བཀའ་དྲི་མ་མེད་པ་ཙམ་ལ་ཡང་འཛེམ། དགེ་འདུན་ལ་སྐྱབས་སུ་མཆིས་ནས་བླ་མ་དང་མཁན་པོ་དང་སློབ་དཔོན་གྱི་དྲི་མ་ཙམ་ལ་ཡང་འཛེམ་ནས་མི་འགོང་ངོ་། །སྐུ་དང་མཆོད་རྟེན་དང་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གྲིབ་མ་ཙམ་ལ་ཡང་མི་འགོང་ངོ་། །སྲོག་དང་བྱ་དགའི་ཆེད་དུ་ཡང་དཀོན་མཆོག་གསུམ་མི་སྤོང་བ་དང་། ཕ་དང་མའི་ངོར་ཡང་སྡིག་པའི་ལས་མི་བྱེད་པ་དང་། ལུས་དང་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོང་བ་དང་། མདོ་ལས་བྱུང་བའི་བསླབ་པ་གསུམ་ལས་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པར་བྱ་བ་དང་། སྐྱབས་སུ་འགྲོ་བའི་ཕན་ཡོན་དྲན་པར་བྱ། སྐྱབས་སུ་འགྲོ་བ་ཡང་མང་དུ་བརྗོད་པར་བྱའོ། །གདམས་ངག་ལས་བྱུང་བའི་བསླབ་བྱ་རྣམ་པ་གསུམ་ལ། ལྷ་དཀོན་མཆོག་གསུམ་ལས་སྐྱབས་གནས་གཞན་དུ་མི་འཚོལ་བ་དང་། ཟས་ཅི་ཟ་བའི་ཕུད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་དང་། ཕྱོགས་དང་མཚམས་གང་དུ་འགྲོ་ཡང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། དོན་གྱི་དམིགས་པ་གལ་ཆེ་བ་ལ་ལྷ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པའོ། །དེ་ལས་གཞན་པའི་བསླབ་བྱ་གསུམ་ལ། སངས་རྒྱས་ལ་ཆེ་ཆུང་དང་བཟང་ངན་དུ་མི་བྱེད། ཆོས་ལ་ཟབ་མི་ཟབ་དང་ལེགས་མི་ལེགས་སུ་མི་དབྱེ། དགེ་འདུན་ལ་དགའ་མི་དགའ་ངང་ཡིན་མིན་དུ་མི་དབྱེའོ། །དགུ་པ་སྐྱབས་སུ་འགྲོ་བ་བྱས་པའི་ཕན་ཡོན་ལ་བརྒྱད་དེ། ཕྱི་པ་མུ་སྟེགས་པ་ལས་ལོག་ནས་ནང་པ་སངས་རྒྱས་སུ་ཚུད་པའི་ཕན་ཡོན་དང་གཅིག །སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའི་ཕན་ཡོན་དང་གཉིས། དཀར་པོའི་ལྷ་རྣམས་ཀྱིས་འགོ་ཞིང་སྟོང་གྲོགས་བྱེད་པའི་ཕན་ཡོན་དང་གསུམ། མི་དང་མི་མ་ཡིན་པ་རྣམས་ཀྱི་གནོད་པས་མི་ཚུགས་པའི་ཕན་ཡོན་དང་བཞི། སྡིག་པ་ཐམས་ཅད་ཟད་ཅིང་སྲབ་བར་བྱེད་པའི་ཕན་ཡོན་དང་ལྔ། དགེ་བ་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱེད་པའི་ཕན་ཡོན་དང་དྲུག །བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པའི་ཕན་ཡོན་དང་བདུན། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕན་ཡོན་དང་བརྒྱད་དོ། །བཅུ་པ་སྐྱབས་སུ་མི་འགྲོ་བའི་ཉེས་དམིགས་ལའང་བརྒྱད་དེ། ཕྱི་པ་མུ་སྟེགས་པ་ལས་ནང་ལ་སངས་རྒྱས་པ་རུ་མི་ཚུད་པའི་ཉེས་དམིགས་དང་གཅིག ། སྡོམ་པ་ཐམས་ཅད་ཀྱི་རྟེན་མེད་པའི་ཉེས་དམིགས་དང་གཉིས། ཇི་ལྟར་དུ་བསམ་པ་ལ་ཡིད་མི་ཆེས་ཤིང་། བསམ་པ་མི་འགྲུབ་པའི་ཉེས་དམིགས་དང་གསུམ། ངན་སོང་རྣམ་པ་གསུམ་དུ་ལྷུང་བའི་ཉེས་དམིས་དང་བཞི། །དཀར་པོའི་ཆོས་ཀྱི་སྣང་བ་མི་འཆར་བའི་ཉེས་དམིགས་དང་ལྔ། མི་དང་མི་མ་ཡིན་པའི་གནོད་པས་ཚུགས་པའི་ཉེས་དམིགས་དང་དྲུག །རྒྱུ་བསོད་ནམས་ཀྱི་ཚོགས་མི་འཕེལ་ཞིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མི་འགྲོ་བའི་ཉེས་དམིགས་དང་བདུན། བདག་གཞན་གཉིས་ལ་ཕན་མི་ཐོགས་པའི་ཉེས་དམིགས་དང་བརྒྱད་དོ། །དེ་བས་སྐྱབས་སུ་འགྲོ་བ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན་ནོ། །སྐྱབས་འགྲོ་ཐོན་ནས་གཏོར་མ་གཅིག་བཏང་ངོ་། །ཁྱད་པར་དང་། མི་ཡོང་བའི་ཚད་བསྟན་པ་དེ་ཆད་སྣང་། མཆན། སྐྱབས་སུ་འགྲོ་བའི་ཆོ་ག་ཁྱད་པར་ཅན་རྫོགས་སོ།། །། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ། ཐེག་པ་ཆུང་ངུ་ལས་ཁྱད་པར་དུ་བྱས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའོ། །དང་པོ་ཀུན་རྫོབ་ལ་སྨོན་པ་དང་འཇུག་པའོ། །དེ་ལ་དང་པོ་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ནི། དེ་ལ་དང་པོ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ན་ཅི་མ་རུང་ཞེས་དགའ་བ་དྲག་པོ་བསྐྱེད་པ་དང་། འདོད་པ་དྲག་པོ་བསྐྱེད་པ་དང་། སྨོན་པ་དྲག་པོ་བསྐྱེད་པའོ། །གཉིས་པ་འཇུག་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ནི། ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། བྱམས་པའི་སེམས་ཀྱིས་དོན་བྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ངེས་པར་འཇུག་པའོ། །དེ་གཉིས་ནི་ཀུན་རྫོབ་བོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་སྐྱེས་ནས། དེ་གཉིས་ཀ་ལ་ཚད་མེད་པ་བཞི་ལ་གནས་པར་བྱའོ། །ཚད་མེད་པ་བཞི་ལ་གཉིས་ཏེ། རྟག་ཏུ་དངོས་སུ་སྤྱོད་པ་དང་། ཐུན་གྱི་དུས་སུ་སེམས་ངོ་ལ་བསྒོམ་པའོ། །དང་པོ་ནི། སེམས་ཅན་རྣམས་རྟག་ཏུ་སྡུག་བསྔལ་བ་ལ་སྙིང་རྗེ་བསྐྱེད། དེ་ལ་རྟག་ཏུ་བྱམས་པས་ཕན་གདགས། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་པ་ལ་དགའ་བ་བསྐྱེད། རྟག་ཏུ་སེམས་ཅན་རྣམས་ལ་ཉེ་རིང་མེད་པའི་བཏང་སྙོམས་ལ་བསླབ་པར་བྱའོ། །གཉིས་པ་ཐུན་གྱི་དུས་སུ་སེམས་ངོ་ལ་སྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་ནི་མི་རྟག་པས་འགྱུར་ཞིང་གསར་རྙིང་བརྗེ་བ་རུ་འདུག །སེམས་ནི་སྟོང་པ་མ་རིག་ཅིང་མི་འཛད་པས། འཁྲུལ་འཕྲོ་མི་ཆད་པར་རྟག་ཏུ་མྱོང་བར་འདུག་པས། སེམས་ཅན་ལྷག་མ་མ་ལུས་པར་འཁོར་བ་ལས་ཐར་བར་བྱ་བའི་དོན་དུ་ལུས་ངག་ཡིད་གསུམ་གསང་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་དོན་དུ་སྨིན་པར་བྱ་བའི་དབང་ཞུས་ལ། གྲོལ་བར་བྱ་བའི་གསང་སྔགས་ཀྱི་དོན་མ་ནོར་བར་བསྒོམ་པ། སེམས་ཅན་མ་ལུས་པ་འཁོར་བ་ལས་ཐར་བར་བྱའོ་སྙམ་དུ་བསམ་མོ། །དེས་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བསྟན་ནས། གཉིས་པ་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་ཆོས་ཉིད་དོན་དམ་པ་ཇི་ལྟ་བུར་གནས་པ་བཞིན་དུ་རྟོགས་པའོ། །ཆོས་ཉིད་དོན་དམ་པ་ཇི་ལྟ་བར་གནས་སུ་ཤེ་ན། དོན་དམ་པ་སྐྱེ་འགག་མེད་པར་གནས་པའོ། །སྐྱེ་བ་མེད་པ་ཇི་ལྟ་བུ་ཞེ་ན། ཆོས་ཐམས་ཅད་སེམས་སུ་འདུས་ལ། སེམས་ཉིད་དངོས་པོ་དང་མཚན་མར་མ་གྲུབ་པས་སྐྱེ་བ་མེད་པའོ། །སེམས་སྟོང་པ་དེ་ལ་དྲན་པའི་ཆོ་འཕྲུལ་མི་འགགས་ཏེ། ཅིར་ཡང་སྣང་དུ་རུང་བའོ། །ཆོས་ཉིད་དངོས་པོའི་གནས་ལུགས་དེ་ཉིད་སྐྱེ་བ་མེད་ཀྱང་ཆོ་འཕྲུལ་སྣ་ཚོགས་སྣང་ཞིང་འགགས་པ་མེད་དོ། །ཆོ་འཕྲུལ་དེ་ཉིད་ཀྱང་རང་བཞིན་མེད་པས་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྣང་ལ་རང་བཞིན་མེད་དེ། དོན་དམ་པར་ཅིའི་ངོ་བོར་ཡང་མ་གྲུབ་པ། གང་དུ་ཡང་མི་གནས་པ། ཅི་ལ་ཡང་དམིགས་པ་མེད་པའོ། །དོན་དངོས་པོའི་གནས་ལུགས་དེ་རྟོགས་པར་བྱེད་པའི་རྒྱུ་དང་། རྒྱུ་ལས་སྐྱེ་བའི་ཐབས་དང་། དམིགས་སུ་མེད་པའི་འབྲས་བུ་སྟེ་དེའང་དོན་དམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ནས་བདག་གཞན་གཉིས་ཀའི་དོན་ལ་བརྩོན་པར་ཞུགས་ཏེ། ལྷག་པའི་བསམ་པ་ཁྱད་པར་ཅན་འདའ་བཞུད་མེད་པར་གྱུར་ན། དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་སྐྱེས་ནས་ཞལ་འཛུམ་པ་མཛད་དོ། །དེ་ཅེའི་ཕྱིར་ཞལ་འཛུམ་པ་མཛད་ཅེས་འཁོར་རྣམས་ཀྱིས་དྲི་བར་གྱུར་ཏོ། །དེའི་ཚེ་བུདྡྷ་རྣམས་ཀྱིས་བཀའ་སྩལ་པ། འཇིག་རྟེན་གྱི་ཁམས་འདི་སྐད་ཅེས་བྱ་བ་ན། གང་ཟག་འདི་སྐད་ཅེས་བྱ་བ་ཞིག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བདག་གཞན་གཉིས་ཀའི་དོན་ལ་བརྩོན་པར་ཞུགས་ཏེ། བསམ་པ་བཟང་པོ་གསེར་ལྟ་བུ་དང་ལྡན་པ་ཡོད་ཀྱི། ཁྱེད་རྣམས་ཀྱིས་ཀྱང་བསྲུང་བ་དང་བསྐྱབ་པ་དང་བྱིན་གྱིས་རློབས་པར་གྱིས་ཤིག །ཅེས་གསུངས་སོ། །དེ་བས་ན་སེམས་བསྐྱེད་པ་འདི་གལ་ཆེའོ། །དེ་ནས་སེམས་བསྐྱེད་པའི་དུས་སུ། སེམས་བསྐྱེད་ཀྱི་ཐུན་མོང་གི་བར་ཆད་དྲི་བ་ནི། རིགས་ཀྱི་བུ་ཁྱོད་ང་ལ་བླ་མར་ཞུ་ཞིང་། བླ་ན་མེད་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྒྱལ་པོས་གནང་བ་ལགས་སམ། ཡུལ་བདག་གིས་གནང་བ་ལགས་སམ། ཁྱིམ་བདག་གིས་གནང་བ་ལགས་སམ། ཕས་གནང་བ་ལགས་སམ། མས་གནང་བ་ལགས་སམ། སྤུན་ཟླས་གནང་བ་ལགས་སམ། གྲོགས་པོས་གནང་བ་ལགས་སམ། མ་ནིང་མ་ཡིན་ནམ། དམུས་ལོང་མ་ཡིན་ནམ། ཐེག་པ་ལས་འདས་པ་མ་ཡིན་ནམ། ཡེ་ཤེས་ལས་ཐལ་བ་མ་ཡིན་ནམ། ཐབས་ཡིན་ནོ། །ལེགས་སོ། །དེ་ནས་ཐུན་མོང་མ་ཡིན་པའི་སྤྲོ་བ་དྲི་བ་ནི། རིགས་ཀྱི་བུ་སྐལ་བ་དང་ལྡན་པ་ཁྱོད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་འདོད་ཅིང་། ང་ལ་བླ་མར་ཞུ་བ་ལ་དད་ལགས་སམ། མོས་ལགས་སམ། གུས་ལགས་སམ། སྤྲོ་ལགས་སམ། རྗེས་སུ་འཇུག་པར་བགྱིད་ལགས་སམ། ཞེས་ལན་འདེབས་སུ་གཞུག་གོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང་གཞན་གྱི་ཆོས་ལ་སྐུར་བ་བཏབ་པ་ལས་ལྡོག་ནས། རང་གི་མོས་པ་བླ་ན་མེད་པ་བྱ་བ་ནི། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་དེ་དག་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །ཞེས་བརྗོད་དོ། །དམ་པ་རྣམས་དང་རྒྱང་རིང་བ་སྤང་ཞིང་ཉེ་བར་མི་འབྲལ་བར་བྱ་བའི་དོན་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འགྲོ་བ་སེམས་ཅན་འཁོར་བ་ལས་མ་གྲོལ་གྱི་བར་དུ། སེམས་ཅན་མྱ་ངན་ལས་འདའ་བར་བྱ་བའི་དོན་དུ། བདེ་བར་གཤེགས་པ་རྣམས་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། གཞན་གྱིས་དགེ་བའི་རྩ་བ་བྱེད་པ་ལ་ཕྲག་དོག་པ་ལས་ལྡོག་པར་བྱ་བའི་དོན་དུ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་ཐ་མ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་དགེ་བའི་རྩ་བ་གང་ལགས་པ་དང་། བགྱིད་དུ་སྩལ་བ་དང་། འགྲོ་བ་གཞན་གྱིས་དགེ་བའི་རྩ་བ་བགྱིས་པ་ལ་རྗེས་སུ་ཡི་རང་བར་བགྱིད་ལགས་སོ། །བདག་གིས་སྔར་བྱས་པའི་དགེ་བའི་རྩ་བ་རྣམས་བྱང་ཆུབ་མཆོག་ཏུ་བསྔོ་བ་ནི། བདག་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། བསྡུ་བའི་དངོས་པོ་བཞི་དང་། དགེ་བ་བཅུ་དང་། སྐྱབས་སུ་འགྲོ་བ་བྱས་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། རིགས་དྲུག་གི་གནས་སུ་ཁམ་ཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་རྣམས་བསྡུས་ཤིང་བསྡོམས་ནས་བཟླུམས་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་མཆོག་ཆེན་པོར་བསྔོ་བར་བགྱིའོ། །ད་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ནི། བདག་གི་ལུས་དང་ལོངས་སྤྱོད་ཇི་སྲིད་ཡོད་པར་གྱུར་པའི་མཆོད་རྫས་ཐམས་ཅད། རྡོ་རྗེ་སློབ་དཔོན་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དལ་གྱི་ལྷའི་ཁྱད་པར་དང་། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་འབུལ་ལོ། །དེ་ནས་ཁྲུས་བྱས་ལ་ཕྱག་བཙལ་ལོ། །མེ་ཏོག་འབུལ་དུ་བཅུག་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དལ་གྱི་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། བདག་གི་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་གྱིས་བགྱིད་པ་ལ་རྗེས་སུ་ཡི་རང་བ་བགྱིས་བའི་དགེ་བའི་རྩ་བ་དེས། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས། ཉིད་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེབཞིན་དུ། དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བདག་མིང་འདི་ཞེས་བགྱི་བས། སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བྱ་བ་དང་། སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བར་བྱ་བ་དང་། སེམས་ཅན་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ་བ་དང་། སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་དོན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིད་པ་ལགས་སོ། །ཞེས་ལན་གསུམ་བརྗོད་ལ། ཕྱག་བཙལ་མེ་ཏོག་གཏོར་རོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་དལ་གྱི་ལྷ་ཚོགས་རྣམས་དང་། འཕགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། དུག་གསུམ་གྱི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་ཅི་བགྱིས་པ་ཐམས་ཅད་བཤགས་པར་འཚལ་ལགས་ན། འདོད་ཆགས་ཆེན་པོའི་དབང་གིས་དཀོན་མཆོག་གི་དཀོར་ལ་འབགས་པ་དང་། ཞེ་སྡང་ཆེན་པོའི་དབང་གིས་སྲོག་གཅོད་ཡེ་རྔམས་བགྱིས་པ་དང་། གཏི་མུག་ཆེན་པོའི་དབང་གིས་དགེ་སྡིག་དོན་མ་རྟོགས་པ་དང་། ལུས་ཀྱིས་སྲོག་གཅོད་སྡིག་པ་དངོས་སུ་བྱས་པ་དང་། ངག་གིས་རྫུན་སྨྲས་པ་དང་གཞན་ལ་ངན་དུ་བརྗོད་པ་དང་། སེམས་ཀྱིས་བློ་ནོར་ལོག་པར་བསམ་པ་ལ་སོགས། འདི་འདྲ་འཁོར་བའི་དམྱལ་སོགས་ཅི་བསགས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །གནོང་ངོ་། །འགྱོད་དོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །བདག་ལ་དགོངས་སུ་གསོལ། བདག་ཉིད་གཅིག་པུ་སྡུག་བསྔལ་ལས་གྲོལ་བ་དང་། བདེ་བ་ལ་གནས་པར་བྱ་བའི་ཕྱིར་ཞུས་པ་མ་ལགས་ཀྱི། འཇིག་རྟེན་གྱི་ཁམས་ནམ་མཁའི་མཐར་ཐུག་པའི་སེམས་ཅན་ཐམས་ཅད་ལ་ནོངས་པར་གྱུར་པ་ཅི་མཆིས་པ་དང་། འགལ་བར་གྱུར་པ་ཅི་མཆིས་པ་དང་། ལྟུང་བར་གྱུར་པ་ཅི་མཆིས་པ་དེ་དག་ཐམས་ཅད་བཟོད་པར་གསོལ་ལགས་ན། བཟོད་པ་དང་དུ་བཞེས་སུ་གསོལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདེན་པའི་ཚིག་གྲུབ་པར་གྱུར་ཅིག །ཅེས་བརྗོད་ལ། དྲི་ཆབ་ཀྱི་ཆུ་ལན་གསུམ་འཐུང་དུ་གཞུག་གོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་དལ་གྱི་ལྷ་ཚོགས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། འདས་པའི་དགེ་བའི་རྩ་བ་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དང་། ད་ལྟའི་དགེ་བའི་རྩ་བ་མངོན་སུམ་དུ་སྦྱར་བ་འདི་ན་ཅི་མཆིས་པ་དང་། མ་འོངས་པའི་དགེ་བའི་རྩ་བ་ད་རུང་དུ་ཡིད་ལས་བྱུང་བ་དང་དགེ་བའི་རྩ་བ་ཅི་བགྱིས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བསྡོམས་ནས། དགེ་བའི་རྩ་བ་རྒྱ་ཆེ་བར་བསྔོ་བར་བགྱིའོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། འདས་པའི་དགེ་བའི་རྩ་བ་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དང་། ད་ལྟའི་དགེ་བའི་རྩ་བ་མངོན་སུམ་དུ་སྦྱར་བ་འདི་ན་ཅི་མཆིས་པ་དང་། མ་འོངས་པའི་དགེ་བའི་རྩ་བ་ད་རུང་ཡིད་ལས་འབྱུང་བ་དང་། གཞན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དང་། དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ནས། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་དགེ་བའི་རྩ་བ་འདི་མི་མཛད་པར་གྱུར་ཅིག །ཡོངས་སུ་མི་འཛད་པར་གྱུར་ཅིག །ཤིན་ཏུ་མི་འཛད་པར་གྱུར་ཅིག །དཔག་ཏུ་མི་འཛད་པར་གྱུར་ཅིག །ཅེས་བརྗོད་ལ། མེ་ཏོག་གཏོར་ལ་ཕྱག་ལན་གསུམ་དུ་བྱའོ། །དེ་ཡན་ཆད་ནི་སེམས་བསྐྱེད་ཀྱི་ཆོ་གའོ། །དེ་ལྟར་དུ་སེམས་བསྐྱེད་པ་ལ་དགོས་པའི་ཡན་ལག་བཞི་ནི། སེམས་བསྐྱེད་པའི་སློབ་དཔོན་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་འདུ་ཤེས་བསྐྱེད་པ་དང་གཅིག །སེམས་བསྐྱེད་པའི་གང་ཟག་ལ་བྱང་ཆུབ་སེམས་དཔར་ལྟ་བ་དང་གཉིས། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་མི་བསླུ་བ་དང་གསུམ། གང་ཟག་གཞན་གྱི་རྒྱུད་ལ་འགྱོད་པ་མི་བསྐྱེད་པ་དང་བཞིའོ། །བྱང་ཆུབ་སེམས་པའི་སྡོམ་པ་ཉི་ཤུ་པ་ནི། སྲོག་གཅོད་པ་སྤོང་བ་དང་གཅིག །མ་བྱིན་པར་ལེན་པ་སྤོང་བ་དང་གཉིས། མི་ཚངས་པ་སྤྱོད་པ་སྤོང་བ་དང་གསུམ། རྫུན་སྨྲ་བ་སྤོང་བ་དང་བཞི། སྐྱབས་སུ་ཁེབ་ཆེ་ན་མི་སྤོང་སྟེ་བརྒྱ་ཐར་ན་གཅིག་གསོད། སེར་སྣ་ཁྲོལ་ན་མ་བྱིན་པར་ལེན། སྲོག་ཐོན་ན་རྫུན་དུ་སྨྲ། ཐེག་པ་ཆེན་པོའི་ལྟ་བ་ཐོན་ན་ཁབ་ཏུ་བཞེས། དེ་ནི་རྩ་བའི་སྡོམ་པ་བརྒྱད་དོ། །ཡན་ལག་གི་སྡོམ་པ་བཅུ་གཉིས་ལ། ནད་པ་ལ་ནད་དྲི་བ་བྱ་བ་དང་གཅིག །ཤི་བ་ལ་མྱ་ངན་བསང་བ་དང་གཉིས། མགྲོན་གྱི་བོད་ཁ་ཡངས་པ་དང་གསུམ། དཀོན་མཆོག་གསུམ་གྱི་སྐུ་དགྲ་ཚར་གཅོད་པ་དང་བཞི། ཀུ་རེ་དང་བྲེ་མོའི་གཏམ་མི་བྱ་བ་དང་ལྔ། སྒོམ་པ་ལ་བརྩོན་པར་བྱེད་པ་དང་དྲུག །ཉན་ཐོས་ཀྱི་ལྟ་བ་སྤང་བ་དང་བདུན། ཏིང་ངེ་འཛིན་གྱི་རོ་ལ་མི་ཆགས་པ་དང་བརྒྱད། སྦྱིན་པ་བཏང་བ་དང་དགུ། ངག་སྙན་པོར་སྨྲ་བ་དང་བཅུ། ཆོས་ཀྱི་དོན་དང་མཐུན་པ་དང་བཅུ་གཅིག །སེམས་ཅན་ཐམས་ཅད་དང་ལྟ་སྤྱོད་སྡིག་མི་གསོག་པར་མཐུན་པར་བྱ་བ་དང་བཅུ་གཉིས་སོ། །བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་ལས་ལྡོག་པར་བྱ་སྟེ། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང་། གཞན་འགྱོད་པ་མེད་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིག་ཏུ་བཅད་པ་བརྗོད་པ་དང་། སེམས་ཅན་ཐམས་ཅད་གཡོ་སྒྱུས་སུ་སྤྱོད་པ་ལས་ལྡོག་པར་བྱེད་པའོ། །བྱང་ཆུབ་ཀྱི་སེམས་དེ་མི་ཉམས་པར་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་སྟེ། སྲོག་གི་ཕྱིར་ཡང་བསམ་བཞིན་དུ་རྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་ཆོས་ལ་གནས་པར་བྱ་བ་ལས། གཡོ་དང་སྒྱུས་སུ་གནས་པ་མ་ཡིན་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་། ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བ་དང་། སེམས་ཅན་ཕན་ཐོགས་པ་རྣམས་དགེ་བ་ལ་དགོད་པར་བྱ་སྟེ། དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ལ་དགོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ལ་མ་ཡིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །སེམས་བསྐྱེད་ཀྱི་ཆོ་ག་དང་བསླབ་བྱ་རྫོགས་སོ།། །།
དབང་ཆོག་ཆེ་བའི་དཀྱིལ་འཁོར་གྱི་ཚོན་ཐོ་ནི། དབུས་མཐིང་། མུ་ཁྱུད་ནང་མ་ལྗང་། དེའི་ཕྱི་མ་སེར། དེའི་ཕྱི་མ་དམར། དེའི་ཕྱི་མ་དཀར། ཆོས་འབྱུང་སྟེང་མ་དམར། འོག་མ་མཐིང་། གཞི་སེར། ཆོས་འབྱུང་རྩེ་ལ། རྡོ་རྗེ་བྲི་བ་ཡང་ཡོད། དེའི་ཕྱི་ཉི་མ་དམར། ཟླ་བ་དཀར། པདྨ་སྣ་ཚོགས། གྲུ་ཆད་བཞི་ཕྱོགས་མདོག །ལྕགས་རི་ཤར་དམར། ལྷོ་ལྗང་། ནུབ་དཀར། བྱང་སེར་པོ་མཐིང་ཁ་ཡིན་ནོ། ༈ །དབང་ཆོག་འབྲིང་པོའི་དཀྱིལ་འཁོར་ནི། ཆོས་འབྱུང་གི་ནང་ཁོང་དམར་པོ། ཆོས་འབྱུང་སྟེང་མ་དམར། འོག་མ་མཐིང་། གཞི་སེར། ཆོས་འབྱུང་རྩེའི་རྡོ་རྗེ་སེར་པོ། གཞི་དམར་པོ། མུ་ཁྱུད་ནང་མ་དམར། བར་མ་དཀར། ཕྱི་མ་མཐིང་། གྲུ་ཆད་བཞི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་སྔོ། ལྕགས་རི་ཤར་དམར། ལྷོ་སྔོ། ལྗང་། ནུབ་དཀར། བྱང་སེར་མཐིང་ཁ་པོ་ཡིན་ནོ། །དཀྱིལ་འཁོར་གྱི་དབུས་སུ་བུམ་པའི་ནང་དུ་སྨན་བླུགས་ལ་བཞག །དེའི་ཁར་ཐོད་པའི་ནང་དུ་སིནྡྷུ་ར་བརྡལ་ལ་ཆང་བླུགས། དེའི་ཁར་མེ་ལོང་ནང་དུ་བུ་རམ་མར་སྦྲང་རྩི་བསྲེས་པའི་རིལ་བུ་བཞག་གོ། ༈ །དེ་ལྟར་ན་དེ་དག་གིས་ཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་པོད་ཡོངས་སུ་རྫོགས་པ་ཀུན་གཟིགས་ལྔ་པ་རིན་པོ་ཆེའི་གསན་ཡིག་ན་ཚན་པ་རེ་རེ་བཞིན་ཞལ་གསལ་བས་དེ་ལྟར་བཀོད་པ་ཡིན་པས་ཡིད་ཆེས་སུ་རུང་བ་ཡོད་དོ། །སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གསན་ཡིག་ན་བསྡུས་ཆེ་བས་དོན་གྱི་འགགས་འདྲ་བས་དེ་ལྟར་བཀོད་པ་ཡིན་ནོ། །ད་རུང་གསན་ཡིག་སྔ་ཕྱི་ཐམས་ཅད་ན་མི་བཞུགས་པའི་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་ཞེས་པ་དང་། དཔེའུ་རིས་ལྡེབ་གཉིས། དབང་ཆོག་ཆེ་ཆུང་གི་དཀྱིལ་འཁོར་གྱི་ཚོན་ཐོ་ལྡེབ་གཅིག་བཅས་ཡོད་དོ།། །། ༈ དེ་ཡང་སྤྱིར་ལོ་ཆེན་བཻ་རོ་ཙ་ནའི་སྐུ་ཚེའི་སྟོད་ལ་རྗེ་མངའ་བདག་རྒྱལ་པོ་ལ་གདམས་པ་ཕོག་ཀྱང་རྒྱལ་པོ་སྙན་སྲབ་ཅིང་བཙུན་མོ་དང་བླུན་པོ་གདུག་པ་ཆེས་པས་ཆོས་མཐར་མ་ཕྱིན། སྐུ་ཚེའི་སྨད་ལ་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་རྫོགས་པར་གནང་། དེས་གཉགས་ཛྙཱན་ཀུ་མཱ་ར་སོགས་ལ་ཐ་སྙད་སྐོར་བསྟན་ཀྱང་གཏད་རྒྱ་མཐར་མ་ཕྱིན། གཡུ་སྒྲ་ཁམས་སུ་ལོག་ནས་སྤང་མི་ཕམ་མགོན་པོ་ལ་རྒྱས་གཏད་རྒྱ་གསུམ་པའི་ལུགས་ཚང་བ་ཞིག་བཞག་ཟེར་བ་ལུགས་གཞན་ཡིན། དེ་ནས་མར་བྱོན་ཏེ་རྒྱ་བློ་གྲོས་གཞོན་ནུ་ལ་རྒྱུད་ཉི་ཤུ་རྩ་ལྔ་ཕྲ་མོ་དང་བཅས་པ་གཏད། དེ་ནས་ཞིང་གཞན་དུ་འཕོ་ཁར་དབས་རྡོ་རྗེ་རྒྱལ་མཚན་ལ་རྫོགས་པར་གནང་། དེས་མདོ་སྨད་དན་ཏིག་དགོན་པར་བསྐྱངས་ཞེས་ལོ་རྒྱུས་སུ་གནས་པ་རྣམས་བརྒྱུད་པ་བར་མའི་སྐོར་ཡིན་ཀྱང་དེང་སང་རྒྱུན་མི་བཞུགས་སོ། །འདི་ནི་སྤང་མི་ཕམ་མགོན་པོ་ལ་གནང་བ་ལས་བྱུང་བའི་བརྒྱུད་པ་ཐ་མའི་གཞུང་གདམས་ངག་ཡོངས་སུ་རྫོགས་པ་ཡིན་ནོ།། །།སརྦ་དཱ་མངྒ་ལཾ།། །།
རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས། འགྱུར་མེད་རྡོ་རྗེ།
རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས་ནི། ཐོག་མའི་སངས་རྒྱས་ཀུན་བཟང་རྡོ་རྗེ་སེམས། །སེམས་དག་ནོར་བུ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་ཤྲཱི་སིདྷ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཻ་རོ་ཙ་ན་སྤང་སྟོན་མི་ཕམ་མགོན། །ངན་ལམ་བྱང་རྒྱལ་ཟ་ངམ་རིན་ཆེན་དབྱིག །ཁུ་འགྱུར་གསལ་མཆོག་ཉང་སྟོན་བྱང་ཆུབ་གྲགས། །གསོལ་བ༴ ཤེས་རབ་འབྱུང་གནས་རྦ་སྒོམ་ཡེ་ཤེས་མཚན། །དྷརྨ་བོ་དྷི་འཛེང་དཀར་ཇོ་སྲས་དང་། །ཀུན་བཟང་རྡོ་རྗེ་སངས་རྒྱས་སྡོང་པོ་ལ། །གསོལ་བ༴ ཡེ་ཤེས་བྱང་ཆུབ་ཡེ་ཤེས་དབང་པོ་དང་། །ངུར་སྟོན་བསོད་འོད་རྡོ་རྗེ་དབང་ཕྱུག་ཞབས། །བསོད་ནམས་རྒྱལ་མཚན་ཤེས་རབ་རྒྱལ་མཚན་ལ། །གསོལ་བ༴ གཞོན་ནུ་ཤེས་རབ་གཞོན་ནུ་གྲགས་པ་དང་། །སངས་རྒྱས་བཟང་པོ་བརྩོན་འགྲུས་དབང་ཕྱུག་ཞབས། །མཐའ་བཞི་གྲགས་རིན་ཤཱཀྱ་རྒྱལ་པོ་ལ། །གསོལ་བ༴ འགོས་ལོ་གཞོན་དཔལ་སྤྱན་སྔ་ཆོས་ཀྱི་གྲགས། །ཆོས་ཀྱི་བློ་གྲོས་ཁྱུང་ཚང་བློ་གྲོས་དཔལ། །ཀརྨ་གུ་རུ་ཆོས་དབང་ལྷུན་གྲུབ་ལ། །གསོལ་བ༴ ཆོས་དབང་ཀུན་བཟང་ཀུན་བཟང་ཆོས་ཀྱི་རྒྱལ། །འགྱུར་མེད་རྡོ་རྗེ་རིན་ཆེན་རྣམ་རྒྱལ་དང་། །པདྨ་བསྟན་འཛིན་ཨོ་ཌཱི་ཡ་ན་ལ། །གསོལ་བ༴ རིག་འཛིན་བཟང་པོ་པདྨ་མངྒ་ལ། །རིག་པའི་རྡོ་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་། །ངེས་དོན་དབང་པོ་རྩ་བརྒྱད་བླ་མ་ལ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རང་སེམས་གསལ་སྟོང་འཛིན་མེད་རྟོགས་པ་དང་། །ཡུལ་ཀུན་སྣང་སྟོང་བདེན་མེད་འཆར་བ་དང་། །སྤངས་བླངས་ཡོངས་བྲལ་འཁོར་འདས་འཁྲུལ་པ་ཞིག །གཉུག་མའི་གཏན་ས་ཟིན་པར་བྱིན་གྱིས་རློབས། །ཞེས་སྙན་བརྒྱུད་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ལ་གཏེར་ཆེན་མན་གྱི་ཁ་སྐོང་ཛྙཱ་ནས་སོ།། །།
ཀློང་སྡེ་རྡོ་རྗེ་ཟམ་པའི་བྱིན་རླབས་ཀྱི་ཆོ་ག་རྒྱས་པ་ཁྲིགས་སུ་བཀོད་པ། འགྱུར་མེད་ཚེ་དབང་མཆོག་གྲུབ།
ཀློང་སྡེ་རྡོ་རྗེ་ཟམ་པའི་བྱིན་རླབས་ཀྱི་ཆོ་ག་རྒྱས་པ་ཁྲིགས་སུ་བཀོད་པ་བཞུགས། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ། སྒོམ་མ་སྨིན་པ་སྨིན་པར་བྱེད་པའི། ཚུལ་བླ་མའི་བྱིན་རླབས་ལ། སྦྱོར་དངོས་འདི་ལ་དོན་གསུམ་སྟེ། རྣམ་གཉིས་རྗེས་ཀྱི་ཆོ་ག་དང་གསུམ་མོ། །དང་པོ་དེ་ལ། སྦྱོར་བ་བསྟན་པ་ནི། སྒྲིབ་པ་སྦྱང་བའི་སྦྱིན་ཞི་བའི་སྲེག་བྱའོ། །མཎྜལ་དེ་ནས་གནས་ཁང་ཤིན་ཏུ་ལེགས་པར་བཅོས་ལ། ཤིན་ཏུ་ལེགས་པར་བྱ། །བདུད་རྩི་ལྔ་སོགས་བའི་ཆག་ཆག་བཏབ། །པར་བྱའོ། །དེ་ནས་ཚོན་སྣ་ལྔས། མཎྜལ་བྲི་བ་ནི། །གུ་ལང་ད་ལའི་དབུས་སེར་པོ། རིན་ཆེན་བརྡལ་བའི་སྟེང་། །ཉི་མ་དམར་པོ། ཟླ་བ་དཀར་པོ། པདྨ་བརྩེགས་པའི་ཁང་། །པ་དང་། དེ་འི་ནང་དུ་རྡོ་རྗེའི་གདན་ཟུར་དྲུག་པ། བཏིང་སྟེ། །བུདྡྷ་ཧེ་རུ་ཀ་མངོན་རྫོགས་ཡབ་ཡུམ་བསྐྱེད། །ཤར་མཎྜལ་དེའི་ཕྱོགས་ཀྱི་ཞིང་ཁམས། དཀར་པོ་ཀེ་ཀེ་རུ། །ལྟ་བུ། ལྷོ་ཕྱོགས་ཀྱི་ཞིང་ཁམས། བཻ་ཌཱུཪྻ་མཐིང་ཁ་ལ། །ནུབ་ནུབ་ཕྱོགས་ཀྱི་ཞིང་ཁམས། ཏུ་པདྨ་རཱ་ག་ལ། །བྱང་ཕྱོགས་ཀྱི་ཞིང་ཁམས་ལྗང་གུའོ། །དུ་ཨིནྡྲ་ནཱི་ལའོ། །མཎྜལ་དེའི་མུ་རན་གྱི་ཁ་དོག་དེ་དག་ནི། །ཕྱོགས་ཤར་དམར་ལྷོ་ལྗང་ནུབ་དཀར་བྱང་མཐིང་ཁའོ། །ལས་ལྡོག་ལ་བྲི་བར་བྱ། །དེ་ནས་བུམ་པ་མཎྜལ་གྱི་དབུས་སུ། བཞེངས་པ་ནི། །རིན་ཟངས་གསེར་མེད་ན་རྫ་ལ་བྱ། པོ་ཆེ་སོགས་བུམ་པ་ལ། །ནག་ཤིན་ཏུ་དག་པར་བཀྲུས་ལ། པོ་ར་རི་མེད་པར་བྱ། །གུ་གུལ་བུམ་པ་དེ་ལ། ནག་པོའི་དུ་བས་བདུག །སུམ་བདུད་རྩི་འཁྱིལ་བའི་སྔགས་རིང་གིས། བྷ་ནི་སོགས་བགེགས་ཀྱང་བསྐྲད། །སྲོག་ཆགས་མེད་པའི་ཆུ་ཡིས་གཙང་མ། དགང་། །རིན་ཆེན་ལྔ་དང་འབྲུ་སྣ་ལྔ། །འབྲས་སོ་བ་སྲན་མ་ནས་གྲོ། བཟང་པོ་དྲུག་དང་སྙིང་པོ་མར་བུ་རམ་སྦྲང་རྩི། ལྔ། །ཙནྡན་ལ་སོགས་པའི་ཡང་དྲི་བཟང་བསྩལ། །ཁ་ཚར་མ་ཉམས་པའི། དར་རམ་རས་གྱིས་བཅིངས། མགུལ་པ། གདན་ནས་ཀྱི། བཅས་ཕོ་བྲང་ནས་སྟེང་དུ་ལྟེ་བར་གཞུག །དེ་ནས་བུམ་པའི་སྟེང་དུ། ཀ་པཱ་དུམ་བུ་གཅིག་པ། ལ་བཞེངས་པ་ནི། སིནྡྷུ་ར་སོགས་ཆོས་འབྱུང་བསྣོལ་མའི་དབུས་སུ་ༀ། མཎྜལ་རྩིབས་དྲུག་ལ་ཨཱཿༀ་ཧཱུཾ་ཧྲཱིཿབྷྲཱུྃཿཧཾ་ཞེས་བྲི། བཞེངས། །ཆང་ཀ་པཱ་ལའི་ནང་དུ་བླུགས་ལ་ཨ་མྲྀ་ཏ་ཡིས་བྲན། །ཤར་ཀ་པཱ་ལའི་མདུན་ངོས། ཕྱོགས་སུ་བསྟན་ལ་བུམ་སྟེང་བཞུགས། །པར་བྱའོ། །དེ་ནས་ཀ་པཱ་ལའི་སྟེང་དུ། མེ་ལོང་ལ་བཞེངས་པ་ནི། སིནྡྷ་ར་ཡི་མཎྜལ་ཆོས་འབྱུང་བསྣོལ་མར་བྲིས་ལ་དབུས་སུ་ༀ། རྩིབས་དྲུག་ལ་ཨཱཿཨཾ་ཧཾ་ཧཱུཾ་ཧྲཱིཿབྷྲཱུཾ་བྲིས། ལ། །ཡི་གེ་བདུན་པའི་སྔགས་ཀྱིས་བརྒྱན། །ཐིག་ལེ་དཀར་ཅོང་ཞི། གངས་ཐིག །ཅུ་གང་། ད་བྱིད་དཀར་པོ་གཅིག་ཐུབ། དུ་མ་དཀར་པོ། ཀ་ར་དཀར་པོ་རྣམས་མར་ལ་རྟ་བྱས་ལ་སྦྱར། དམར་སིནྡྷུ་ར། མེ་ཏོག་རཱ་ག །པདྨ་རིན་ཆེན་རཱ་ག །འབྲུ་རཱ་ག །རུ་མ་རཱ་ག །དམར་ཆ། བུ་རམ་དང་སྦྱར་བ་བཅས་ཐིག་ལ་དཀར་དམར་གྱི་སྐྱོབས་ཡིན། མཆན། སྐྱོབས་དང་བཅས། །བདུད་རྩི་བྱས་ལ་མེ་ལོང་སྟེང་དུ། རིལ་བུ་ཟུང་དུ་བཞུགས། །པར་བྱ། དཀར་དམར་དར་བདུད་རྩི་རིལ་བུ་དེ། གྱིས་ཁ་བཅད་དེ། །ཀ་པཱ་ལ་ཡི་སྟེང་དུ་བཞུགས། །པར་བྱ། གཞན་ཡང་མཁོ་དང་པོར་བའི་ཡོ་བྱད་ནི། །བསགས་པ། ཚོགས་དང་ཤ་ལ་སོགས་པའི་ཁྱད་པར་གཏོར་མཁའ་འགྲོ་མ་གསུམ་ལ། མ་གསུམ། །བྱ་སྟེ། ཤ་ཆེན་ཁྲག་དང་ཞག་ཆེན་གྱི་གཏོར་མ། སྨན། །དཀར་གསུམ་མངར་གསུམ་གཏོར་མའོ། །ཁྱད་པར་མར་མེ་མཚན་ཐུབ་གསུམ། །བྱ་སྟེ། འབྲུ་དང་ཞུན་ཆེན་གྱི་རྩི་མར་རོ། །མར་དཀར་གྱི། མཆོད་པ་ལྔ་དང་མེ་ཏོག་སྤོས་མར་མེ་དྲི་ཆབ་ཞལ་ཟས། ལྡན་པ་སྟེ། །དར་གྱི་ཅོད་པན་སྲུང་སྐུད་དང་མདའ་ཆུང་གཞུ་རྣམས་སོགས། །ཚུལ་ཤིང་དང་སྒོམ་ཐག་དང་སྒོམ་རྟེན་དང་ཀུན། །མཁོ་བའི་ཡོ་བྱད་ཚང་བར་བཤམས། ༈ །སྐབས་འདིར་རང་གཞན་གྱི་དོན་དུ་ཕྱི་ནང་གི་རྒྱ་མཚོ་ཁྲུས་ལུང་། སྔོན་དུ་འགྲོ་བ་འཐད་པར་སེམས་པས་ཟུར་དུ་བཀོལ་བ་ལྟར་རོ། །དེ་ནས་དངོས་ཆོ་གའི། །གཞི་ལ་གཉིས་དོན་ཏེ། བྱིན་གྱིས་བརླབ་དང་གཅིག །ཆོ་ག་དང་གཉིས། འོ། །བྱིན་རླབས་དང་པོ་རྣམ་པ་གཉིས་ཀྱིས་ཡིན་ཏེ། །མཎྜལ་དང་ནི་བྱིན་གྱིས་བརླབ་པ་དང་། རྫས་བྱིན་རླབས། །པའོ། །དང་པོ་དེ་ལ་མཎྜལ་བྱིན་གྱིས་རླབས་པར་བྱ། ནི། །དབུས་མཎྜལ་ཀྱི་གུ་ལང་སེར་པོའི་སྟེང་། །གུ་ནི་སེར་པོ་གཅིག་ཏུ་བསམ། །གུ་ལང་མཎྜལ་ཧཱུཾ་ཞེས་བརྗོད། །པས། གསེར་གྱི་ས་གཞིར་གྱུར་པར་བསམ། །ཕྱི་ཡི་མཎྜལ་དེའི་སྣ་ཚོགས་པདྨ་ལ། །པཾ་ནི་དམར་པོ་གཅིག་ཏུ་བསམ། །པཾ་པདྨ་མཎྜལ་ཞེས་བརྗོད་དོ། །སྣ་ཁ་དོག་ཚོགས་པདྨར་གྱུར་པར་བསམ། །དེ་འི་ནང་དུ་མུ་ཁྱུད་དཀར་པོ་ལ། །ཨ་ནི་དཀར་པོ་གཅིག་ཏུ་བསམ། །ཨ་ཙནྡྲ་མཎྜལ་ཞེས་བརྗོད་པས། །ཟླ་བའི་དཀར་པོ། དཀྱིལ་འཁོར་གྱུར་པར་བསམ། །དེ་ཡི་མུ་ཁྱུད་དམར་པོའི་སྟེང་། །མ་ནི་དམར་པོ་གཅིག་ཏུ་བསམ། །མ་སཱུརྱ་མཎྜལ་ཞེས་བརྗོད་པས། །ཉི་མའི་དམར་པོ། དཀྱིལ་འཁོར་གྱུར་པར་བསམ། །དེ་དབུས་ཆོས་འབྱུང་ནག་པོའི་བ་ནི་དམར་པོ་གཅིག་ཏུ་བསམ། སྟེང་། །གྲུ་གསུམ། བ་ནི་མཐིང་ཁ་གཅིག་ཏུ་བསམ། །གྱུར་པར། བ་ཏི་ཏིཥྛ་ཞེས་བརྗོད་པས། །བ་ཏི་སྔོན་པོའི་གདན་གཅིག་བསམ། །དེ་འི་སྟེང་བ་ཏི་དམར་པོའི་སྟེང་། །དུ་བ་ཏི་ཏིཥྛ་ཞེས་བརྗོད་པས། །བ་ཏི་དམར་པོ་གཅིག་ཏུ་བསམ། །དེའི་དབུས་ཀྱི་པདྨ་གེ་སར་སྟེང་། །ཡི་གེ་བྷྲཱུྃ་གཅིག་བསམ་པར་བྱ། །བྷྲཱུྃ་ཏིཥྛ་ཞེས་བརྗོད་པས། །སྣ་ཚོགས་པདྨའི་གེ་སར་དུ་བསམ། །པར་བྱའོ། །ཤར་གྱི་ཕྱོགས་མཎྜལ་དཀར་པོའི་སྟེང་། །ཀེ་ནི་དཀར་པོ་གཅིག་བསམ་སྟེ། །ཀེ་རུ་མཎྜལ་ཞེས་ཞིང་ཁམས་བརྗོད་པས། །ཀཻ་རུ་དཀར་པོའི་ཞིང་ཁམས་བསམ། །ལྷོ་ཞིང་ཁམས་ཡི་མཎྜལ་སྔོན་པོའི་སྟེང་། །བཻ་ནི་མཐིང་ཁ་གཅིག་ཏུ་བསམ། །བཻ་ཌཱུཪྻ་མཎྜལ་ཞེས་བརྗོད་པས། །བཻ་ཌཱུཪྻ་ཡི་ཞིང་ཁམས་བསམ། །ནུབ་ཕྱོགས་ཞིང་ཁམས་མཎྜལ་དམར་པོའི་སྟེང་། །པཾ་ནི་དམར་པོ་གཅིག་བསམ་སྟེ། །པཾ་པདྨ་མཎྜལ་ཞེས་བརྗོད་པས། །པདྨ་རཱ་གའི་ཞིང་ཁམས་བསམ། །བྱང་ཕྱོགས་ཞིང་ཁམས་མཎྜལ་ལྗང་ཁུའི་སྟེང་། །ཨེ་ནི་ལྗང་ཁུ་གཅིག་བསམ་སྟེ། །ཨིནྡྲ་ནཱི་ལ་མཎྜལ་ཞེས་བརྗོད་པས། །ཨིནྡྲ་ནཱི་ལའི་ཞིང་ཁམས་བསམ། །དེ་ནས་རྫས་གསུམ་བུམ་པ་ཐོད་པ་མེ་ལོང་གསུམ། བྱིན་བརླབས་ཏེ། །དབུས་ཀྱི་པདྨའི་སྣ་ཚོགས་གེ་སར་གྱི་སྟེང་། །དུ་བུམ་པ་བཞུགས་པའི་ནང་དུ་ནི། །ཁ་དོག་ལྔ་ཐིག་ལེ་མཐིང་ཁ། ཟླ་ཚེས་དཀར་པོ། ན་རོ་སེར་པོ། ཨ་དམར་པོ། འ་ལྗང་ཁུའོ། །མཆན། ཡི་ཨཱོྂ་བསྒོམ་སྟེ། །དེ་ལས་འོད་ཟེར་ལྔ་འཕྲོས་ཏེ། །ཕྱོགས་བཅུའི་བདེ་བར་གཤེགས་པ་ཡི། །ཐུགས་དམ་རྒྱུད་ནི་བསྐུལ་ནས་སུ། །སྐུ་ཡི་འོད་ཟེར་རྣམ་པ་ལྔ། །དབུ་ཡི་གཙུག་ཏོར་ལས་ཐོན་ནས། །བུམ་པའི་ནང་དུ་བྱོན་པར་བསམ། །དེ་ལ་ཤེས་པ་མ་ཡེངས་པར། །སྙིང་པོ་འདི་ནི་བརྗོད་པར་བྱ། །ༀ་ཤྲཱི་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ལ་སྟོང་ཙམ་ཐེམ་པ་དང་། །དེ་སྟེང་ཀ་པཱ་ལ་ཡི་ནང་། །ཨ་ནི་དམར་སེར་གཅིག་བསྒོམ་སྟེ། །དེ་ལས་འོད་ཟེར་ལྔ་འཕྲོས་པས། །ཕྱོགས་བཅུའི་བདེ་བར་གཤེགས་པ་ཡི། །ཐུགས་དམ་རྒྱུད་ནི་བསྐུལ་ནས་སུ། །ལྗགས་ཀྱི་དབང་པོ་ལས་ཐོན་ནས། །ཀ་པཱ་ལ་རུ་བབས་པར་བསྒོམ། །དེ་ལ་ཤེས་པ་མ་ཡེངས་པར། །གསུང་གི་སྙིང་པོ་འདི་བརྗོད་དོ། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐཱ། དེ་ལ་སྟོང་ཙམ་ཐེམ་པ་དང་། །དེ་སྟེང་མེ་ལོང་ནང་དུ་ནི། །ཧཾ་ནི་དཀར་པོ་གཅིག་བསྒོམ་སྟེ། །དེ་ལས་འོད་ཟེར་ལྔ་འཕྲོས་པས། །བདེ་གཤེགས་ཐུགས་དམ་རྒྱུད་བསྐུལ་ནས། །འོད་ཟེར་ཐུགས་ཀ་ནས་ཐོན་ནས། །མེ་ལོང་ཐོག་ཏུ་བབས་པར་བསྒོམ། །དེ་ལ་ཤེས་པ་མ་ཡེངས་པར། །ཐུགས་ཀྱི་སྙིང་པོ་འདི་བརྗོད་དོ། །ༀ་ཨཱཿཨཾ་ཧཾ་ཧཱུཾ་ཧྲཱིཿབྷྲཱུྃ། སྐུ་གསུང་ཐུགས་ཀྱི་སྔགས་དེ་དག །བར་ཆད་མེད་པར་བཟླས་པ་ན། །ཡེ་ཤེས་སྤྱན་དྲངས་དམ་ཚིག་ནི། །གཉིས་སུ་མེད་པར་གྱུར་པར་བསྒོམ །གཉིས་པ་ཆོ་གའི་རིམ་པ་ནི། །སྦྱོར་བ་དངོས་གཞི་རྣམ་པ་གཉིས། །དང་པོ་སྦྱོར་བ་བསྟན་པ་ནི། །བཀའ་བསྒོ་བདེན་པ་བརྡར་བར་བྱ། །དེ་ནས་བགེགས་ནི་མཐར་བྱེད་དང་། །ཁྲོ་བོ་ལས་ནི་ཐམས་ཅད་པས། །བགེགས་དང་བར་ཆད་བསལ་བར་བྱ། །ༀ་བཛྲ་ཡཀྵ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུྃ། སུམ་བྷ་ནི་བེ་ག་བ་ཏི་རཀྵ་རཀྵ་ཧཱུཾ། ལྔའམ་བདུན་གྱིས་བགེགས་བསྐྲད་དོ། །དེ་ནས་མཚམས་ནི་བཅད་པར་བྱ། །ཡི་དམ་གཞུང་ཡང་བསྲང་བར་བྱ། །ཚོགས་ཀྱི་མཆོད་པ་བཟང་པོ་བྱ། །སྐྱབས་འགྲོ་སེམས་བསྐྱེད་ཆོ་ག་བྱ། །རྗེས་ལ་འབྱུང་པོའི་གཏོར་མ་གཏོང་། །ཞེས་པ་དེ་ཡན་ཆད་ཀྱིས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་སྦྱོར་བའི་རིམ་པ་རྫོགས་སོ།། །། ༈ ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་བཞུགས། ༈ བཅོམ་ལྡན་འདས་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ལ་བསྒྲུབ་པའི་རྣལ་འབྱོར་པས། གནས་དབེན་པར་དཀྱིལ་འཁོར་གྱི་སྟེང་དུ། མཆོད་པ་རྣམ་པ་ལྔ་བདུད་རྩི་བ་ལིང་རཀྟ་བཤམས་ལ། སྟན་བདེ་བ་ལ་འདུག་སྟེ་སྐྱབས་འགྲོ་དང་བྱམས་དང་སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བླ་མ་རྡོ་རྗེ་སློབ་དཔོན་དང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཀྱིལ་འཁོར་གྱི་ལྷའི་ཁྱད་པར་དང་། གསང་སྔགས་ཡང་དག་གི་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མཆིའོ། །མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྐྱབས་སུ་མཆིའོ། །ཐུགས་རྗེའི་བདག་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་སྐྱབས་སུ་མཆིའོ། །མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆིའོ། །བསྐུལ་བའི་ས་ལས་བཞེངས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མ་གྲོལ་བ་ནི་རྣམ་གྲོལ་ཕྱིར། །སེམས་ཅན་མྱ་ངན་འདས་ལ་འགོད། །བདག་ལ་གནས་པའི་ལུས་འདི་ནི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །ཚེ་རབས་བསགས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་མཆོག་ཏུ་བསྔོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་བཅོམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ལན་གསུམ། དེ་ནས་ལུང་རྣམ་པ་བདུན་གྱིས་ནུབ་གཅིག་གིས་ཕྲིན་ལས་གཞུང་བསྲང་བ་ལ། དང་པོ་བགེགས་བསྲུང་བ་འབར་བ་མཚམས་ཀྱི་ལུང་དུ་མཚམས་བཅད་པ་ནི། བདག་ཉིད་དཔལ་ཆེན་དུ་གསལ་བར་བསྐྱེད་དེ། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཡང་དག་དོན་ལ་མི་བརྩོན་ཞིང་། །འབྱུང་པོ་དམ་མེད་ཐམས་ཅད་ཀུན། །རང་རང་གནས་སུ་བདེ་བར་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བཅོམ་ལྡན་དཔལ་ཆེན་ཁྲོས་ནས་ནི། །བར་ཆད་སྦྱོར་བ་ཐལ་བར་རློག །མཚོན་ཆ་འབར་བའི་གུར་གྱིས་གཏམས། །ༀ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བཛྲ་ཧཱུཾ་ཕཊ། ཙཀྲ་ཧཱུཾ་ཕཊ། ཁངྒ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། རང་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འོད་འཕྲོས། མཚོན་ཆ་ལྔས་བགེགས་བསྐྲད། ཕྱོགས་མཚམས་ཐམས་ཅད་ར་བ་དང་གུར་གྱི་གཏམས་པར་གྱུར་པའི་ཕྱི་ལ་མེ་རིའོ། །ཨ་ཀོ་ཊ་ཡ་མུངྒ་ར་ཧཱུྃ་ཕཊ། ཛྭ་ལ་རཾ་ཧཱུྃ་ཕཊ། ཅེས་མཚོན་ཆ་ལྔས་མཚམས་བཅད། དེ་ལས་རྒྱས་པར་འདོད་ན། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །རྡོ་རྗེའི་ཐོག་དང་སེར་ཆེན་འབེབས། །འོག་ཀྱང་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་ས་གཞི་གཅལ་དུ་བཀྲམ། །བར་སྣང་རྡོ་རྗེའི་སྤྲིན་ཕུང་འཁྲིགས། །རྡོ་རྗེའི་འདུ་འཕྲོ་མེ་ལྟར་འབར། །རྡོ་རྗེའི་གློག་འཁྱུག་ཁྱུགས་སེ་ཁྱུག །རྡོ་རྗེའི་ཐོག་འབེབས་ལམས་སེ་ལམ། །རྡོ་རྗེའི་མེ་འབར་ཡ་ལ་ལ། །རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན། །ཐམས་ཅད་རྡོ་རྗེ་འབར་བས་གཏམས། །རྡོ་རྗེས་གཏམས་པའི་གཞལ་ཡས་འདིར། །འབྱུང་བ་རླུང་ཡང་མི་འགྱུ་ཞིང་། །ཆུ་ལ་ཟག་པའི་གསེང་མེད་ཅིང་། །འབྱུང་པོ་ལོག་འདྲེན་སྨོས་ཅི་དགོས། །ཉོན་ཅིང་བགེགས་དང་ལོག་འདྲེན་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བཅོམ་ལྡན་དཔལ་ཆེན་ཁྲོས་ནས་ནི། །བར་ཆད་སྦྱོར་བ་ཐལ་བར་རློག །རྡོ་རྗེ་འབར་བའི་གུར་གྱིས་གཏམས། །བཛྲ་ཧཱུཾ་ཕཊ། སྟེང་ཡང་འཁོར་ལོའི་བླ་བྲེ་ལ། །འཁོར་ལོའི་ཐོག་དང་སེར་ཆེན་འབེབས། །སོགས་གོང་ལྟར་འགྲེའོ། །སྟེང་ཡང་རལ་གྲིའི་བླ་བྲེ་ལ། །རལ་གྲིའི་ཐོག་དང་སེར་ཆེན་འབེབས། །འགྲེའོ། །སྟེང་ཡང་ཕུར་པའི་བླ་བྲེ་ལ། །ཕུར་པའི་ཐོག་དང་སེར་ཆེན་འབེབས། །འགྲེའོ། །སྟེང་ཡང་ཐོ་བའི་བླ་བྲེ་ལ། །ཐོ་བའི་ཐོག་དང་སེར་ཆེན་འབེབས། །འོག་ཀྱང་ཐོ་བའི་ས་གཞི་ལ། །ཐོ་བའི་ས་གཞི་གཅལ་དུ་བཀྲམ། །བར་སྣང་ཐོ་བའི་སྤྲིན་ཕུང་འཁྲིགས། །ཐོ་བའི་འདུ་འཕྲོ་མེ་ལྟར་འབར། །ཐོ་བའི་གློག་འཁྱུག་ཁྱུགས་སེ་ཁྱུག །ཐོ་བའི་ཐོག་འབེབས་ལམས་སེ་ལམ། །ཐོ་བའི་མེ་འབར་ཡ་ལ་ལ། །ཐོ་བའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན། །ཐམས་ཅད་ཐོ་བ་འབར་བས་གཏམས། །ཐོ་བས་གཏམས་པའི་གཞལ་ཡས་འདིར། །འབྱུང་བ་རླུང་ཡང་མི་འགྱུ་ཞིང་། །ཆུ་ལ་ཟག་པའི་གསེང་མེད་ཅིང་། །འབྱུང་པོ་ལོག་འདྲེན་སྨོས་ཅི་དགོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བཅོམ་ལྡན་དཔལ་ཆེན་ཁྲོས་ནས་ནི། །བར་ཆད་སྦྱོར་བ་ཐལ་བར་རློག །ཐོ་བ་འབར་བའི་གུར་གྱིས་གཏམས། །བཛྲ་ཧཱུཾ་ཕཊ། མེ་ཡི་མཚམས་ཀྱང་དེ་བཞིན་ནོ། །ཨེ་རཾ་ཕཊ་རཾ་ཛྭ་ལ་རཾ། ཞེས་པས་འབར་བ་མེའི་དབུས་སུ་བསྒོམ། དེ་ནས་ཁྲོ་བོའི་མཚམས་བཅད་བྱ་སྟེ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་བུདྡྷ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་བུདྡྷ་ཁྲག་འཐུང་ཚོགས། །བུདྡྷའི་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བུདྡྷ་རཀྵ་རཀྵ་ཧཱུཾ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོའི་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་བཛྲ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་བཛྲ་ཁྲག་འཐུང་ཚོགས། །བཛྲ་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཛྲ་རཀྵ་རཀྵ་ཧཱུཾ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་རཏྣ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་རཏྣ་ཁྲག་འཐུང་ཚོགས། །རཏྣའི་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རཏྣ་རཀྵ་རཀྵ་ཧཱུཾ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་པདྨ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་པདྨ་ཁྲག་འཐུང་ཚོགས། །པདྨའི་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། པདྨ་རཀྵ་རཀྵ་ཧཱུཾ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་ཀརྨ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་ཀརྨ་ཁྲག་འཐུང་ཚོགས། །ཀརྨའི་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཀརྨ་རཀྵ་རཀྵ་ཧཱུཾ། སྟེང་འོག་མཚོན་ཆ་དང་ཁྲོ་བོས་བར་མཚམས་མེད་པར་གཏམས་པར་བསམ། ཧཱུཾ། ང་ནི་དཔལ་ཆེན་ཧེ་རུ་ཀ །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཆོས་རྣམས་རང་བཞིན་ཡེ་ནས་སྟོང་པ་ལས། །རྣམ་རྟོག་འཁྲུལ་པ་འབྱུང་བའི་གཞི་མེད་དེ། །བགེགས་ཀྱང་རང་གི་སེམས་ལས་བྱུང་། །སྟོང་པ་ཉིད་ཀྱིས་མཚམས་བཅད་དོ། །བགེགས་ཞེས་བྱ་བའི་མིང་ཡང་མེད། །ཆོས་ཀྱི་དབྱིངས་ཀྱིས་མཚམས་བཅད་དོ། །སྟོང་པ་ཉིད་ཀྱི་རྒྱས་གདབ། མཚམས་བཅད་པའོ། །གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་གི་ལུང་དུ་བཤགས་ཐ་མལ་པ་དབྱངས་དང་བཅས་པས། པ་བྱ་བ་ནི། མདུན་གྱི་ནམ་མཁའ་ལ་ཡི་དམ་ལྷ་ཚོགས་བསྐྱེད། སྤྱི་བོར་བླ་མ། གཡས་སུ་དཔའ་བོ། གཡོན་དུ་མཁའ་འགྲོ། མདུན་དུ་ཆོས་སྐྱོང་བསམ་ལ་བཤགས་པ་བྱ་སྟེ། ཧཱུཾ། དུས་གསུམ་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ། །མཚན་ཉིད་དོན་མ་རྟོགས་པ་མཐོལ་ལོ་བཤགས། །བརྒྱུད་པའི་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །དམ་ཚིག་མོས་གུས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་སྔ་རུ། །བསྙེན་སྒྲུབ་ཚད་དུ་མ་བསྐྱལ་མཐོལ་ལོ་བཤགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྤྱན་སྔ་རུ། །མཆོད་བསྟོད་གཞུང་མ་བསྐྱོང་བ་མཐོལ་ལོ་བཤགས། །མ་སྲིང་མཁའ་འགྲོ་རྣམས་ཀྱི་སྤྱན་སྔ་རུ། །གཏོར་མ་དུས་སུ་མ་ཐེང་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་སྔ་རུ། །དམ་རྫས་ཚང་བར་མ་བསགས་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་སྔ་རུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་སྔ་རུ། །དྲིན་ལན་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་རྣམས་ཀྱི་སྤྱན་སྔ་རུ། །ཐེག་ཆེན་བྱང་སེམས་ཆུང་བ་མཐོལ་ལོ་བཤགས། །ཞེས་བཤགས་པ་དང་བཟོད་གསོལ་བྱའོ། །གསུམ་པ་མཆོད་རྫས་བྱིན་གྱིས་བརླབས་པའི་ལུང་དུ་བྱིན་གྱིས་བརླབ་པ་ནི། སྨན་རཀ་གཏོར་གསུམ་བྱིན་གྱིས་བརླབ་བོ། །ༀ་ཨཱཿཧཱུྃསརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ༀ་ཨཱཿཧཱུཾ་མ་ཧཱ་བ་ལིངྟ་ཧཱུཾ་ཧྲཱིཿཋཱ། ༀ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋཱ། ལན་ལྔའམ་བདུན་སོགས་བཟླའོ། །བཞི་པ་བདག་ཉིད་རྩ་བའི་ལུང་དུ་ཡང་དག་མངོན་རྫོགས་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་པ་ནི། དང་པོ་ཏིང་ངེ་འཛིན་རྣམ་གསུམ་བསྒོམ་པ་ནི། ཧཱུྃ། འདི་ཚེ་དེ་བཞིན་ཉིད། སངས་རྒྱས་བསྒྲུབ་བྱའི་ཕྱིར། སྐུ་གསུམ་ས་ལ་གོམས་པར་བྱ། །དང་པོ་ཆོས་ཀྱི་དབྱིངས་ཉིད་ལས། །དམིགས་པ་མེད་པའི་དོན་གཅིག་སྒོམ། །ཞེས་པ་དང་། ཆོས་ཀྱི་དབྱིངས་ཀུན་ཏུ་སྣང་། ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དུ་ནི་ཁྱབ་པར་བསམ། །ཞེས་པ་དང་། བསྐལ་པའི་མེ་རྒྱུའི་ཏིང་ངེ་འཛིན། དཔུང་འཁྲུགས་པ་བཞིན། །འབར་ཨཱོྂ་ཁ་དོག་ལྔ། བའི་ཚོགས་ནི་བསམ་པར་བྱ། །ཞེས་བརྗོད། ཨེ་ཆོས་འབྱུང་གྲུ་གསུམ། ཡཾ་རླུང་གི་དལ། བཾ་ཆུ། ལཾ་གསེར། སུཾ་རི་རབ། རཾ་མེ། བྷྲཱུཾ་གཞལ་ཡས་ཁང་། ཧཱུཾ་བསྐྱེད། འབྱུང་བའི་དཀྱིལ་འཁོར་ཡུམ་ལྔའི་མཁའ་དབྱིངས་སུ། །མངོན་པར་དགའ་བའི་རིན་ཆེན་གཞལ་ཡས་ཁང་། །ཉི་ཟླ་པདྨ་འོད་ཀྱི་ཁ་སྦྱོར་ནང་། ཨེ་བསྣོལ་ཟུར་དྲུག་ཟེའུ་འབྲུ་བརྡལ་བ་ཡི། །དྲེགས་ཕག་མོ། ཡ་མ་ནི། རྨོངས་བྱེད་མ། བསྐྱོད་བྱེད་མ། བཀྲག་བྱེད་མ། ཙཎྜི་ཀ །པ་ཁྱོ་ཤུགས་ཉི་ཟླ་པདྨའི་སྟེང་། །གདན། མངོན་རྫོགས་རྒྱལ་པོ་བུདྡྷ་ཧེ་སྐུ་མདོག་ཕྱག་མཚན་ཡུམ་དང་མཐུན། རུ་ཀ །ཞལ་གཅིག་ཕྱག་གཉིས་མཆན་ཁུང་ན་ཁ་ཊྭཱཾ་ཀ་བསྣམ་པའོ། །སྐུ་སྔོན་སེར། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །བ་ཏི་སྐུ་ལ། སྔོན་པོའི་ཤམ་ཐབས་ཅན། །དབུ་སྐྲ་ཅུང་ཟད་མཐུར་དུ་འཕྱངས། །ཞི་བའི་མདངས་ལ་ཅུང་ཞལ་ཟད་ཁྲོ། །གཡས་ཕྱག་ན་གསེར་གྱི། རྡོ་རྗེ་རྩེ་དགུ་པ། བསྣམས། །པ། གཡོན་ཕྱག །ན་དངུལ་དཀར་གྱི། དྲིལ་བུ་བསྣམས། །པ། ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པ། །ཕྱག་དེ་གཉིས་ཀྱིས་ཡུམ། སྭཏི་བཛྲ། ལ་འཁྱུད། །པ། ཡུམ་བདེ་སྟོབས་དང་བྱང་སེམས་མ་རྡོ་རྗེ་ཞེས་བྱ། ལྡན་པ་ནི། །ཡབ་དང་འཁྲིལ་ཡབ་ཀྱི་གཉའ་གོང་དུ། སྦྱོར་ཕྱག་གཉིས་འཁྱུད། །སྐུ་མདོག་སེར་པོ་ཡབ་དང་འདྲ་དབུ་སྐྲ་གྲོལ། །བདག་དེ་ལྟར་ཡབ་ཡུམ། ཉིད་གསལ་བའི་ཨེ་བསྣོལ་ཐུགས་ཀ་ནས། །ཡི་གེ་ཨཱོྂ་ཐིག་ལེ་མཐིང་། ཟླ་ཚེས་དཀར། ན་རོ་སེར། ཨ་དམར། འ་ལྗང་གུ། དེའི་མཐའ་མ་རྒྱ་ཡིག་གིས་བསྐོར་བའོ། །ནི་ཁ་དོག་ལྔ། ཤིན་ཏུ་གསལ་བར་བསྒོམ་པར་བྱ། །རྡོ་རྗེའི་གདན་དང་ལྟེ་བ་ལ ། །ༀ་རྟེན་གཞལ་ཡས་ཁང་། གུ་ལཾ་མཎྜ་ལ་ཧཱུཾ། གདན་ཉི་ཟླ་པདྨའོ། །ཨ་ཙནྡྲ་ཟླ་བའི་དཀྱིལ་འཁོར། མཎྜལ་ཧཱུཾ། མ་སཱུརྱ་ཉི་མའི་དཀྱིལ་འཁོར་འོད་དང་བཅས། མཎྜལ་ཧཱུཾ། བ་ཏི། ཆོས་འབྱུང་དམར་པོ། ཏིཥྛ་མཎྜ་ལ་ཧཱུཾ། བྷྲཱུཾ་ཏིཥྛ་པདྨ་པདྨའི་གེ་སར་འོད་ལྔ་པ། མཎྜ་ལ་ཧཱུཾ། ཨཱོྂ་ཁ་དོག་ལྔ་པ། ཀེ་ཀེ་རུ་ཤར་ཀེ་ཀེ་རུ་དཀར་པོ། མཎྜ་ལ་ཧཱུཾ་། བཻ་ཌཱུརྱ་ལྷོ་བཻ་ཌཱུརྱ་སྔོན་པོ། མཎྜ་ལ་ཧཱུཾ། པདྨ་རཱ་ག་ནུབ་པདྨ་རཱ་ག་དམར་མཎྜ་ལ་ཧཱུཾ། ཨིནྡྲ་ནཱི་ལ་བྱང་ཨིནྡྲ་ནཱི་ལ་ལྗང་། མཎྜ་ལ་ཧཱུཾ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཡབ་དཔལ་ཆེན། ༀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་བཛྲ་ཤྲཱི་ཤར་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་རཏྣ་ལྷོ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་པདྨ་ནུབ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་ཀརྨ་བྱང་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་རིགས་ལྔ་ཡབ་ཡུམ་ཀོའུ་སེང་སྒོ་མ་དབང་ཕྱུག་གོ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དཔལ་ཆེན་ཧེ་རུ་ལ་དེ་ཡང་ཕྱོགས་བཞི་དབུས་དང་ལྔ་དུར་ཁྲོད་ཆས་བརྒྱད་དཔལ་ལྡན་པ་ནས་བལྟས་པས། རིགས་ལྔ་རུ་མངོན་སངས་རྒྱས་རིགས་ལྔས་དབུ་རྒྱན་བ་དབུས་རྣམ་སྣང་། པ་ལ་དོན་ཧེ་རུ་ཀ་གཅིག་ཏུ་རྫོགས་པས་ན་མངོན་རྫོགས། ཆེ་ཞིང་གོང་ན་མེད་པས་ན་རྒྱལ་པོ་ཞེས་བྱའོ། །དེ་ནས་འོག་མིན་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི། ཧཱུཾ། འོག་མིན་ཨེ་བསྣོལ་ཟུར་དྲུག་ལ་ཨཱཿཨཾ་ཧཱུྃ་ཧྲཱིཿབྷྲཱུྃ་ཧཾ་ཕག་མོ་དྲུག་གི་ངོ་བོར་བསམ་མོ། །བདེ་གཤེགས་ཕོ་བྲང་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧི་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པས་སྤྱན་དྲངས། དེ་ནས་བདག་དམ་ཚིག་སེམས་དཔས་ལྷ་ཡེ་ཤེས་སེམས་དཔའ་ལ་ཕྱག་བྱ་བ་ནི། མདུན་གྱི་ནམ་མཁར་བཞུགས་པ་ལ་གཙོ་བོ་ལ་གཙོ་བོས། འཁོར་ལ་འཁོར་གྱིས། ཧཱུཾ། མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་ཚོགས་དག་པའི་སྐུ་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་འཁོར་དང་བཅས་པ་ལ། །གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཡ་མི་ན་མོ། ཞེས་ཕྱག་བྱ། ལྷ་ཡེ་ཤེས་སེམས་དཔའ་དགྱེས་ནས་སྐུ་གསུང་ཐུགས་ཀྱིས་བདག་དམ་ཚིག་སེམས་དཔའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ་མོ། །བདག་དམ་ཚིག་སེམས་དཔའི་སྤྱི་བོར་ཡེ་ཤེས་སེམས་དཔའ་བསྟིམ་མོ། །དེ་ནས་བཞུགས་སུ་གསོལ་བ་ནི། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །བཅོམ་ལྡན་དཔལ་ཆེན་ཧེ་རུ་འཁོར་དང་བཅས། །དངོས་གྲུབ་སྩོལ་ཕྱིར་བརྟན་པར་བཞུགས་སུ་གསོལ། །གཙོ་བོ་ལ་གཙོ་བོ་ཐིམ། འཁོར་ལ་འཁོར་ཐིམ་པས་གཟི་བརྗིད་ནུས་པ་དང་ལྡན་པར་བསམ་མོ། །མཆན། ཏིཥྛ་བཛྲ་ཧཱུཾ། ཞེས་པའོ། །དེ་ནས་ཕྱག་རྒྱ་གར་གྱི་མཆོད་པ་འབུལ་བ་ནི། ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །བཅོམ་ལྡན་དཔལ་གྱི་ཕྱག་རྒྱར་གསལ། །སྐུ་གསུམ་གཉིས་མེད་བདེ་ཆེན་རྒྱ། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །ཨ་ལ་ལ་ཧོཿ ཞེས་སོ། །དེ་ནས་རིགས་ལྔའི་ཧེ་རུ་ཀ་ལ་བཤགས་པ་བྱ་བ་ནི། ཧཱུཾ། དབུས་ཕྱོགས་གུ་ལང་གསེར་གྱི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །བུདྡྷ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཤར་ཕྱོགས་ཀེ་ཀེ་རུ་དཀར་པོའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །བཛྲ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ཏུ་གསོལ། །ལྷོ་ཕྱོགས་རིན་ཆེན་བཻ་ཌཱུརྱ་སྔོན་པོའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །རཏྣ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ནུབ་ཕྱོགས་པདྨ་རཱ་ག་དམར་པོའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །པདྨ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་ངང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ཏུ་གསོལ། །བྱང་ཕྱོགས་ཨིནྡྲ་ནཱི་ལ་ལྗང་གུའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །ཀརྨ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོར་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོར་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་ཕྱིའི་མཆོད་པ་རྣམ་པ་ལྔ་འབུལ་བ་ནི། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ༀ་བཛྲ་པུཥྤེ་མེ་ཏོག་དབུལ། ཨཱཿཧཱུཾ། ཨརྒྷཾ་མཆོད་ཡོན་མདུན་དུ། པྲ་ཏཱིཙྪ་ཧཱུཾ། བཛྲ་དྷཱུ་པེ་བདུག་སྤོས་ཤངས་ལ། པྲ་ཏཱིཙྪ་ཧཱུཾ། ཨཱ་ལོ་ཀེ་མར་མེ་སྤྱན་ལ། པྲ་ཏཱིཙྪ་ཧཱུཾ། བཛྲ་གནྡྷེ་དྲི་ཆབ་ཐུགས་ཀར། པྲ་ཏཱིཙྪ་ཧཱུཾ། བཛྲ་ནཻ་ཝིདྱ་ཞལ་ཟས་ཞལ་ལ། པྲ་ཏཱིཙྪ་ཧཱུཾ། བཛྲ་ཤཔྡ་རོལ་མོ་སྙན་ལ། ཨཱཿཧཱུཾ། མངོན་རྫོགས་ཡབ་ཡུམ་འཁོར་བཅས་ལ། །མཆོད་པ་འབུལ་ལོ་ཞེས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཛྲ༴ རཏྣ༴ པདྨ༴ ཀརྨ༴ དེ་རྣམས་རིམ་པས་འགྲེའོ། །རང་ཧེ་རུ་ཀའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་འཕྲོས། མཆོད་པས་མཉེས་པར་བསམ། རང་ལ་རང་གིས་མཆོད། དེ་ནས་བདུད་རྩི་བྱིན་གྱིས་བརླབས་པའི་སྨན་མཆོད་འབུལ་བ་ནི། བདུད་རྩིའི་འཛབ་བགྲང་། སྨན་ཕུད་རེ་སྦྲེང་ལ་མཆོད་པ་ནི། ཧཱུཾ། ངོ་མཚར་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །འབྱུང་བའི་བཅུད་བསྡུས་འབྲས་བུ་བདུད་རྩིའི་བཅུད། །ཡུམ་ཆེན་མཱ་མ་ཀི་རུ་བྱིན་རླབས་ནས། །རྒྱ་མཚོ་ཆུ་ཀླུང་མཚོ་བྲན་མན་ཆད་ནས། །ཟིལ་པའི་ཐིག་པའི་བརླན་གྱི་བཅུད་བསྡུས་ཏེ། །འབྲུ་བཅུད་སྟོང་ལ་སྦྱར་་བའི་ཛ་གད་དཔའ་བོས་བཀང་། །དུས་གསུམ་རྒྱལ་བ་ཡབ་ཡུམ་མཆོད་པ་དང་། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་བ་དང་། །འགྲོ་བ་མ་ལུས་ཐུགས་རྗེས་བཟུང་བའི་ཕྱིར། །ཉོན་མོངས་དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ་ཁ་རཾ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་དང་། ལྷ་མོ་བརྒྱད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཕྲ་མེན་སེདྷ་བརྒྱད། ཡེ་ཤེས་སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད། བཀའ་སྐྱོང་མཁའ་འགྲོ་སྡེ་གསུམ། ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩི་ཕུལ་ལོ། །ཧཱུཾ། འཕྲུལ་ཞལ་བྷནྡཱའི་སྣོད་མཆོག་ཏུ། །དཔའ་བོ་འབྲུ་གསུམ་ཚུལ་དུ་ནི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདི། །སྒྲུབ་མཆོག་བདག་ལ་སྩལ་ཏུ་གསོལ། །སྐུ་གསུང་ཐུགས་མཉེས་ནས་ཐོད་པའི་ནང་དུ་དངོས་གྲུབ་ༀ་ཨཱ་ཧཱུཾ་བྱུང་། རང་གི་མཐེབ་སྲིན་གྱིས་བླངས་ལ་ལྕེ་ཐོག་ཏུ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །ༀ་ཨཱཿཧཱུཾ་ཀཱ་ཡ་སྤྱི་བོར། སིདྡྷི་ༀ། ཝཱཀ་སིདྡྷི་ཨཱཿ མགྲིན་པར། ཙིཏྟ་སིདྡྷི་ཧཱུཾ། སྙིང་གར། ཞེས་གནས་གསུམ་དུ་ཐིག་ལེ་བྱའོ། །དེ་ནས་གཏོར་མའི་པཱུ་ཛ་འབུལ་བ་ནི། དབང་བཞིའི་དུས་སུ་རྣལ་འབྱོར་པའི་ཆས། གཏོར་མའི་ཆས། དཀྱིལ་འཁོར་གྱི་ཆས། དམ་རྫས་ཀྱི་ཆས་རྣམས་བྱའོ། །གཏོར་མའི་དུས་སུ། ཧཱུཾ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདིར། །དཔལ་ཆེན་ཡབ་ཡུམ་མཆོད་པ་དང་། །མ་སྲིང་རྒྱ་མཚོ་མ་ལུས་བརྟེན་པ་དང་། །རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་ཀིང་ཀ་ར། །མཆེད་ལྕམ་འདུ་པའི་གཡར་དམ་བསྐང་བའི་ཕྱིར། །རིན་ཆེན་ཚང་བའི་གཏོར་གཞོང་ཆེན་པོ་རུ། །ཞལ་ཟས་བདུད་རྩི་ཤ་ཆེན་དང་། །རཀྟ་དམར་དང་དཀར་གྱིས་བརྒྱན། །འབྱོར་ཚོགས་བཤམས་པའི་ལོངས་སྤྱོད་འདི། །ཞིང་ཁམས་རྒྱས་པར་བཀང་ནས་འབུལ་ལགས་ན། །སྔགས་བདག་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གཏོར་མར་སྨན་རཀ་སྦྲེང་ངོ་། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། ཀ་རཱི་མ་བརྒྱད། སེདྷ་མ་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སྡེ་གསུམ། ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། དེ་ཡང་མ་ཧཱ་ནི་ཆེན་པོ། བ་ལིངྟ་ནི་གཏོར་མ། ཁ་རཾ་སྔ་མས་སྟོང་གསུམ་བདུད་རྩིར་བསྒྱུར། ཁ་རཾ་ཕྱི་མས་བདུད་རྩི་བཅུད་ཀྱི་དངོས་པོ་ཐམས་ཅད་ཚུར་ལ་བསྡུས། ཁཱ་ཧི་ཞེས་པས་གང་ལ་འབུལ་བ་རྣམས་ཀྱིས་ཞལ་དུ་སྟོབ་པར་བསམ་མོ། །དེ་རྣམས་གཏོར་མའི་མཆོད་པའོ། །དེ་ནས་རཀྟས་མཆོད་པ་ནི། སྔར་བྱིན་གྱིས་བརླབས་པ་དེ་ཉིད་ཆང་ཕུད་དང་སྦྱར་ཏེ་འབུལ་བ་ནི། ཧཱུྃ། རྣལ་འབྱོར་དབང་ཕྱུག་དགོངས་པ་བསྒྲུབ་པ་དང་། །མ་སྲིང་རྒྱ་མཚོ་མ་ལུས་བརྟེན་པ་དང་། །དཔལ་ཆེན་མ་མོའི་ཐུགས་དམ་བསྐང་བའི་ཕྱིར། །པདྨ་ཟིལ་ཐིག་དྲི་དང་སྦྱར་བ་ཡིས། །དུང་ཆེན་དམར་གྱིས་བཀང་བའི་རཀྟ་འདི། །མངའ་བདག་ཆེན་པོས་བཞེས་ལ་བྱིན་གྱིས་རློབས། །ཞེས་པས་གཏོར་མར་སྦྲེང་ངོ་། །དེ་ནས། ཧཱུཾ། ཐུགས་རྗེ་ཆགས་པའི་རང་བཞིན་གྱིས། །འགྲོ་བའི་དོན་ལ་དམིགས་པ་ཡི། །རཀྟ་དམར་གྱི་ཨརྒྷཾ་འདི། །བླ་མ་བདེ་གཤེགས་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་མ་ལུས་ལ། །བརྩེ་བའི་སེམས་ཀྱིས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་དབུལ་ལོ། །བདུད་རྩིའི་རྒྱ་མཚོ་ཆེན་པོ་ཕུལ་བས་མཉེས་པར་བསམ་མོ། །འཇིག་རྟེན་པ་ལའང་དབུལ་ལོ། །དེ་ནས་ཕྱག་རྒྱ་གར་གྱི་མཆོད་པ་ནི། ཧཱུཾ། མི་གནས་དཔལ་ཆེན་ཡབ་ཡུམ་གསལ་གདབ་བོ། །དཔལ་ཆེན་མངོན་རྫོགས་ཧེ་རུ་ཀ །ལྷ་མོ་བརྒྱད་ཀྱིས་བསྐོར་པའི་དཀྱིལ་འཁོར་འདིར། །རྣམ་དག་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །སྒྱུ་མའི་ཕྱག་རྒྱར་གསལ་ལ་ཕྱག་འཚལ་བསྟོད། ཅེས་ཡི་གེ་བརྒྱ་པ་ཚར་གཅིག་བརྗོད། དེ་ནས་ཁ་བསྐང་བའི་ཕྱིར་བཤགས་པ་བྱ་བ་ནི། ཧཱུཾ། ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་ཁྲོ་རྒྱལ་གཙོ། །དཔལ་ཆེན་ཧེ་རུ་ཀ་ནི་མཐའ་དང་མཉམ། །དུས་དྲུག་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །ཐུགས་དང་འགལ་བ་མཆིས་ན་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །གནོང་ཞིང་འགལ་འཁྲུལ་མཆིས་པ་མཐོལ་ལོ་བཤགས། །རིག་འཛིན་སྒྲུབ་པ་པོ་ནི་ཆོས་ཉིད་ཐུགས་སུ་ཆུད། །མ་རིག་དབང་གིས་དེ་ལྟར་མ་རྟོགས་ཀྱང་། །མི་དགེ་ལོག་པའི་ལས་རྣམས་ཅི་བགྱིས་པ། །བསྟན་པ་སྲུང་བ་རྣམས་ལ་བཟོད་པར་གསོལ། །འདའ་དཀའ་ཁས་བླང་དམ་ལས་གཡེལ་གྱུར་ཏེ། །རྡོ་རྗེ་སེམས་དཔའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སྤྱོར་སྒྲོལ་མཆོད་པ་ཏིང་འཛིན་མ་བཤམས་ཏེ། །ཀྲོ་དྷི་ཤྭ་རིའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྫས་དང་ཕྱག་རྒྱ་མངོན་དུ་མ་གྱུར་ཏེ། །ཀ་རཱི་མ་བརྒྱད་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཤ་ཁྲག་མཆོད་པ་གཞུང་བཞིན་མ་བཤམས་པས། །སེདྷ་མ་བརྒྱད་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཤར་ལྷོ་ནུབ་བྱང་སྒོ་བཞི་མ་གསལ་ཏེ། །རྟ་གདོང་སྒོ་མ་བཞི་ཡི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཡོ་བྱད་ཚོགས་ནས་ཚོགས་ཀྱི་ཕུད་ཉམས་པས། །མཁའ་འགྲོ་དབང་ཕྱུག་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཚོགས་ལ་རོལ་ནས་ལྷག་མ་མ་ལུས་པས། །མ་མོ་བརྟན་མའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སྐུ་བསྐྱེད་ཁྲོ་བོའི་ལུས་སུ་མ་གྱུར་པས། །སྔགས་འཇུག་ཕོ་ཉའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །མེ་ཏོག་དོར། འགྱོད་ཚངས་བཤགས། བཟོད་གསོལ་བྱའོ། །དོན་ལྔ་པ་ཡང་དག་ཐུགས་ཀྱི་མངོན་རྫོགས་རྒྱལ་པོ་ལ་འཛབ་དབུལ་བ་ནི། བཟླས་བརྗོད་བསྙེན་པའི་ལུང་དུ་རུ་ལུའི་འཛབ་བགྲང་བ་ནི། ཚེ་འདི་ཉིད་ལ་སངས་རྒྱས་པར་བྱ་བའི་ཕྱིར་དུ། རུ་ལུ་དབྱངས་དྲུག་བྱ་སྟེ། དེ་ཡང་ཚངས་པའི་དབྱངས་ཀྱི་འདྲེན་ཚུལ། ཟ་ཧོར་རྒྱལ་པོའི་དབྱངས་ཀྱི་སྐད། འཁུར་བ་དབུགས་ཀྱི་རླུང་འབྱིན། རྡོ་རྗེ་སྲིན་པོའི་ངུར་སྒྲ། འབྲུག་ལྟར་ཟབ་པའི་སྒྲ་སྒྲོགས། འཁུན་ཅིང་གདུང་བའི་དབྱངས་དང་དྲུག་གོ། །འཛབ་དངོས་ནི། ཕྲེང་བ་སྔགས་ཀྱི་རྣལ་འབྱོར་བསྒོམ་པ་ནི། བདག་གི་ཐུགས་ཁར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ན། ཨཱོྂ་ཁ་དོག་ལྔ་པ། ཐིག་ལེ་མཐིང་ག །ཟླ་ཚེས་དཀར་པོ། ཨ་དམར་པོ། ན་རོ་སེར་པོ། འ་ལྗང་གུ་དེའི་མཐར་གཡས་བསྐོར་དུ་བཟླ་བྱའི་སྔགས་ཀྱིས་བསྐོར་བའོ། །ༀ་བུདྡྷ་སྐུའི་བསྙེན་པ། ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་པདྨ་གསུང་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་བཛྲ་ཐུགས་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་རཏྣ་ཡོན་ཏན། ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ༀ་ཀརྨ་ཕྲིན་ལས། ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཟླས་པ་བྱེད་པའི་དུས་སུ་གསལ་ལ་དོད་པར་བཟླས་པ་ཡིན་ཏེ། དུས་བཞིར་བསྙེན་བསྒྲུབ་རྣམ་བཞིའི་ཚུལ་དུ་ཏིང་ངེ་འཛིན་དང་མ་བྲལ་བར་བྱེད་པ་ཡིན་པས། དང་པོ་བསྙེན་པ་ལ་བསྙེན་པ། ཉེ་བའི་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །དེ་ནས་ཐུན་གཉིས་པ་ལ་ཉེ་བའི་བསྙེན་པ། ཐུན་གསུམ་པ་ལ་སྒྲུབ་པ། དེ་ནས་སྒྲུབ་པ་ཆེན་པོའོ། །དབང་བཞིའི་སྒོམ་ཚུལ་བླ་མའི་བྱིན་རླབས་ལ། བླ་མའི་མན་ངག་བཞིན་སྐུ་གསུང་ཐུགས་ཀྱི་བསྙེན་པ་བྱ། ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། དེ་ལ་འདི་བཏགས་ལ་བརྒྱའམ་སྟོང་བཟླས་ལ། ༀ་ༀ་ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཡ་ཧཱུཾ། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། ཞེས་བརྗོད། དེ་ནས་མེ་ལོང་གི་ནང་དུའང་སྟེང་དུ་ཡི་གེ་ཨ་ཧཾ་དཀར་དམར་གཉིས་བསམ་པར་བྱའོ། །དེ་ཡན་ཆད་སྒྲུབ་ཐབས་ཀྱི་དངོས་གཞིའོ། །སྐབས་འདིར་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་གཏོར་ཆོག་ཟུར་དུ་བཀོལ་བ་ལྟར་བྱའོ། །དྲུག་པ་བཟའ་བ་ཚོགས་ཀྱི་ལུང་དུ་ཚོགས་འབུལ་བ་ལ་དོན་བདུན་ཏེ། ཚོགས་རྣམ་པ་གསུམ་གྱིས་སྟ་གོན་བྱ་བ། བསང་ཐབས་རྣམ་པ་གསུམ་གྱིས་དྲི་མ་དག་པར་བྱ་བ། སྦྱངས་ཐབས་རྣམ་པ་གསུམ་གྱི་དངོས་པོ་དང་མཚན་མ་མེད་པར་སྦྱངས་པ། བྱིན་ནོར་བུ་འདོད་ཡོན་བདུད་རྩི་གསུམ། རླབས་རྣམ་པ་གསུམ་གྱིས་ཁྱད་པར་གྱི་རྫས་སུ་བརླབ་པ། སྤྲོ་ཐབས་རྣམ་པ་གསུམ་གྱིས་དམིགས་པ་སོ་སོར་བཟུང་བ། དབུལ་ཐབས་རྣམ་པ་གསུམ་གྱི་བདག་གི་དོན་སྒྲུབ་པ། སྦྱངས་ཐབས་རྣམ་པ་གསུམ་གྱིས་བདག་གི་ཕྲིན་ལས་བཅོལ་བ་དང་བདུན་ནོ། །བྱིན་རླབས་ཀྱི་ཁྱད་པར་ནོར་བུ་འདོད་ཡོན་བདུད་རྩི་གསུམ་དུ་བྱིན་གྱིས་བརླབས་ནས། ལྷ་ཚོགས་སྤྱན་དྲངས་པ་ནི། མི་དམིགས་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཧཱུཾ། དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །ཁྲོ་བོའི་རྒྱལ་པོ་མཐའ་དག་དང་། །མ་མོ་མཁའ་འགྲོའི་ཚོགས་དང་བཅས། །ལྷ་དང་ལྷ་མིན་རྣལ་འབྱོར་པ། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ཨ་རལླི་ཧྲིཾ་ཧྲིཾ། ཞེས་སྤྱན་དྲངས། སྦྱངས་ཐབས་གསུམ་ནི། ཧཱུཾ། རཾ་རཾ་རཾ་ནི་ཡེ་ཤེས་མེ་ཡིན་ཏེ། །མེ་ཡི་སྙིང་པོ་རཾ་ཞེས་བྱ། །རཾ་ལས་ཡེ་ཤེས་མེ་བྱུང་བས། །བག་ཆགས་མ་ལུས་བསྲེག་པར་བྱ། །རཾ། ཡཾ་ཡཾ་ཡཾ་ནི་ཡེ་ཤེས་རླུང་ཡིན་ཏེ། །རླུང་གི་སྙིང་པོ་ཡཾ་ཞེས་བྱ། །ཡཾ་ལས་ཡེ་ཤེས་རླུང་བྱུང་བས། །བག་ཆགས་མ་ལུས་གཏོར་བར་བྱ། །ཡཾ། ཁཾ་ཁཾ་ཁཾ་ནི་ཡེ་ཤེས་ཆུ་ཡིན་ཏེ། །ཆུ་ཡི་སྙིང་པོ་ཁཾ་ཞེས་བྱ། །ཁཾ་ལས་ཡེ་ཤེས་ཆུ་བྱུང་བས། །བག་ཆགས་མ་ལུས་བཀྲུ་བར་བྱ། །ཁཾ། ལྷག་མཐོང་གི་མེ་ཡིས་བསྲེགས། །ཡེ་ཤེས་ཀྱི་རླུང་གིས་གཏོར། །ཞི་གནས་ཀྱི་ཆུ་ཡིས་བཀྲུས་སོ། །བྱིན་གྱི་བརླབ་ཐབས་གསུམ་ནི། ཡིད་བཞིན་གྱི་ནོར་བུའམ། འདོད་ཡིན་གྱི་མཆོད་བའམ། བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པར་བྱིན་གྱིས་བརླབ་བོ། །བསྒྲལ་བ་ནི། ལག་ཏུ་གྲི་ཐོགས་ལ། ཧཱུཾ། འདི་ནི་ཤེས་རབ་རལ་གྲི་སྟེ། །རིན་ཆེན་གཏེར་ཁ་འབྱེད་པ་དང་། །འདོད་ཡོན་རྣམ་ལྔ་འབྱུང་བ་སྟེ། །དྲི་མེད་བདུད་རྩི་འབྱུང་བ་དང་། །དགྲ་བགེགས་སྲོག་རྩ་གཅོད་པ་དང་། །དུག་ལྔ་རྩད་ནས་གཅོད་པའི་ཕྱིར། །སྲོག་ཅན་རྒྱུ་དང་སྲོག་མེད་རྒྱུ། །འདི་ནི་སྲོག་མེད་རྒྱུ་ཡིན་ཏེ། །སྙིང་རྗེ་མེད་པས་བསྒྲལ་བར་བྱ། །ཞེས་བརྗོད། ཚོགས་ཕུད་ཚོ་གསུམ་དུ་བཅད་དེ། དང་པོ་གཡས་ཞལ་དཀར་བ་ལ་དམིགས་ལ་ཞི་བའི་ལྷ་ཚོགས་ལ་མཆོད། གཉིས་པ་གཡོན་དམར་བ་ལ་དམིགས་ལ་ཐུགས་རྗེ་གཤེ་བའི་ལྷ་ལ་བཤགས། གསུམ་པ་དབུས་མཐིང་བ་ལ་དམིགས་ལ་ཁྲོ་བོ་རྔམས་པའི་ལྷ་ཚོགས་ལ་སྟོབ་པར་བྱ་བའི་དང་པོ་མཆོད་པ་ནི། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཞེས་མཆོད། གཉིས་པ་ཐུགས་རྗེ་ལ་དམིགས་ནས་བཤགས་པ་བྱས་ནས་དབུལ་བ་ནི། ཧཱུཾ། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ལུས་ཀྱིས་སྲོག་བཅད་སྡིག་པ་དངོས་སུ་བགྱིས། །ངག་གིས་རྫུན་སྨྲས་གཞན་ལ་ངན་དུ་བརྗོད། །སེམས་ཀྱིས་བློ་ནོར་ལོག་པར་བསམ་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་སྡིག་པ་ཅི་བགྱིས་པ། །བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་བཀའ་འཁོར་གནས་པའི་ལྷ་སྲིན་རྣམས། །འདི་འདྲ་དམྱལ་སོགས་ཤིན་ཏུ་མི་བཟོད་པས། །གནོང་ཞིང་འགལ་འཁྲུལ་མཆིས་པ་བཟོད་པར་གསོལ། །ཞེས་བཤགས་པ་འབུལ། གསུམ་པ་ཞལ་དབུས་མཐིང་བ་ལ་དམིགས་ཏེ་ཁྲོ་བོ་ཁྲག་འཐུང་གི་ཚོགས་ལ་སྟོབ་པ་བྱ་བ་ནི། ཧཱུཾ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་ཟ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཧཱུཾ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བར་ཆགས་པ་དང་། །དམར་ཆེན་པོ་ལ་རྒྱ་མཚོར་བསྐྱིལ། །འཁོར་གྱི་མ་ཚོགས་རྣམས་དང་རོལ། །དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ །ཁྲོ་རྒྱལ་ཁྲག་འཐུང་རྔམས་པའི་ཚོགས། །གཡོ་འགུལ་ཐམས་ཅད་བསྒྲལ་བའི་ཕྱིར། །གཟུགས་རྣམས་ཐམས་ཅད་ཧེ་རུ་ཀ །ཀ་རཱི་ལ་སོགས་ཟ་བྱེད་རྣམས། །སེདྷ་ལ་སོགས་གསོད་བྱེད་ཚོགས། །རྟ་གདོང་ལ་སོགས་འཆིང་སྡོམ་ཚོགས། །དབང་ཕྱུག་ལ་སོགས་བཀའ་ཉན་ཚོགས། །ཕོ་ཉ་ལ་སོགས་འཇོམས་བྱེད་ཚོགས། །ཆོམས་ཤིག་འཁོར་བ་རྩད་ནས་ཆོམ། །ཧ་ཧ་རུ་ལུ་མཆོད་པ་བཞེས། །ཞེས་ཞལ་དུ་བསྟབ་པར་བྱའོ། །དེ་ནས་ཚོགས་ཟན་ཐ་མ་དེས་དགྲ་བགེགས་ཀྱི་ལིངྒ་བྱས་ལ་བསྒྲལ་བ་ནི། སྡང་དགྲ་གདོན་བགེགས་སུ་དམིགས་ཏེ། གནོད་བྱེད་ཀྱི་དུག་ཞི་བར་བྱེད་པའམ། ཉོན་མོངས་པ་དུག་ལྔ་རུ་དམིགས་ལ། སྙིང་དཀར་ནག་འཚམས་སམ། འཁོར་བ་རྩད་ནས་གཅོད་པར་བསམ་ལ་བསྒྲལ་ཏེ། ཧཱུཾ། འཁོར་གྱི་དམག་ཚོགས་དམ་ཚིག་ཅན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །སློབ་དཔོན་ལ་ནི་བརྙས་བྱེད་ཅིང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་དང་། །སྙིང་ནས་སློབ་དཔོན་སྨོད་བྱེད་རྣམས། །མ་ཐོགས་མྱུར་དུ་དྲག་ཏུ་ཁུག །ཁྲོ་རྔམས་འབར་བའི་དཀྱིལ་འཁོར་དུ། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་པ། །མཚོན་ཆའི་རྒྱལ་པོ་ལྕགས་ཀྱུ་ཡིས། །འོག་མིན་དགའ་ལྡན་ལྷ་ཡུལ་ནས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ཞེས་བརྗོད་པས་ཁྲོ་ཆུང་མང་པོ་འཕྲོས་ནས་དགྲ་བགེགས་གང་ན་ཡོད་པ་དེ་ལྕགས་ཀྱུས་བཟུང་ནས་གཟུགས་དེ་ལ་ཐིམ་པར་བསམ་མོ། །དེ་ནས་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་བར་ཆད་བསལ་བའི་ཕྱིར་མཚོན་ཆ་སྣ་ཚོགས་ཀྱིས་ལིངྒ་དེ་གཏུབས་ལ། ཁྲོ་བོའི་ལྷ་ཚོགས་ལ་བསྟབ་པར་བྱ་སྟེ། ཧཱུཾ། ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཆེན་པོའི་ཚུལ་སྟོན་པ། །དཔལ་ཆེན་དགུ་དང་ཡུམ་ཆེན་དགུ། །གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །ཀ་རཱིའི་ཚོགས་དང་སེངྷའི་ཚོགས། །སྒོ་མའི་ཚོགས་དང་སྤོར་མའི་ཚོགས། །མཁའ་འགྲོ་དབང་ཕྱུག་ཆེན་མོའི་ཚོགས། །ཕུང་པོ་དཔལ་གྱི་ཞལ་དུ་བསྟབས། །འབྱུང་བ་ཡུམ་གྱི་ཞལ་དུ་བསྟབས། །རྣམ་ཤེས་ཀ་རཱིའི་ཞལ་དུ་བསྟབས། །ཡུལ་ནི་ཕྲ་མེན་ཞལ་དུ་བསྟབས། །ཡན་ལག་སྒོ་མའི་ཞལ་དུ་བསྟབས། །རུས་པ་མཁའ་འགྲོའི་ཞལ་དུ་བསྟབས། །ཁྲག་ནི་མ་མོའི་ཞལ་དུ་བསྟབས། །ཤ་ནི་ཕོ་ཉའི་ཞལ་དུ་བསྟབས། །སྲོག་ནི་གིང་ཆེན་ཞལ་དུ་བསྟབས། །ལྷག་མ་འཁོར་གྱི་ཞལ་དུ་བསྟབས། །ཡས་ཀྱི་བདུད་གཡོས་མཆོད་པར་བཞེས། །མས་ཀྱི་སྲི་ལང་མཆོད་པར་བཞེས། །ཕ་ཁུའི་རྒན་སྲི་མཆོད་པར་བཞེས། །མ་བུའི་བྱུར་འདྲེ་མཆོད་པར་བཞེས། །བུ་ཚའི་ཕུང་སྲི་མཆོད་པར་བཞེས། །རྣལ་འབྱོར་དམ་སྲི་མཆོད་པར་བཞེས། །སྡང་བའི་དགྲ་རྣམས་མཆོད་པར་བཞེས། །གནོད་པའི་བགེགས་རྣམས་མཆོད་པར་བཞེས། །སྔགས་ཀྱི་སྔགས་ཟོར་མཆོད་པར་བཞེས། །ཆོས་ཀྱི་ཆོས་ཟོར་མཆོད་པར་བཞེས། །བོན་གྱི་བོན་ཟོར་མཆོད་པར་བཞེས། །རྒྱ་འདྲེ་སྟོང་མཚམས་མཆོད་པར་བཞེས། །རྨི་ལམ་ངན་པ་མཆོད་པར་བཞེས། །མཚན་མ་ངན་པ་མཆོད་པར་བཞེས། །སྦྱོར་བ་རྩུབ་པ་མཆོད་པར་བཞེས། །ལོ་སྐག་ཟླ་ཟུར་མཆོད་པར་བཞེས། །ཟ་སྐག་བདུན་ཞག་མཆོད་པར་བཞེས། །མི་མཐུན་ཕྱོགས་རྣམས་མཆོད་པར་བཞེས། །མཆོད་བཞེས་དམ་སྐོངས་མཐུ་རྩལ་དངོས་གྲུབ་སྩོལ། །ཞེས་ལིངྒ་གཏུབ་པ་དེ་གཏོར་མར་དབུལ་ལོ། །བདུན་པ་ལྷག་མ་མཇུག་སྡུད་ཀྱི་ལུང་དུ་ལྷག་མ་སྡུད་ཅིང་གཏོར་མའི་མཇུག་བསྐྱང་བའོ། །དེ་ལ་ཕུད་དང་ལྷག་མའི་མཚམས་སྦྱོར་བ་ནི། ཧཱུཾ། བཅོམ་ལྡན་དཔལ་ཆེན་འཁོར་དང་བཅས་པ་རྣམས། །ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་ཤིགས་སྐུ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །ཆགས་མེད་པདྨ་འདྲ་བའི་སྤྱན་མངའ་བ། །མ་ཆགས་གསུང་གི་དངོས་གྲུབ་སྩལ་ཏུ་གསོལ། །འགྲོ་དྲུག་ཐུགས་རྗེས་སྒྲོལ་བའི་ཐུགས་མངའ་བ། །སྐྱེ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །འགྲོ་དྲུག་སྨིན་མཛད་བདེ་བའི་དོན་གྲུབ་པ། །ཕྲིན་ལས་རྩལ་གྱི་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་བརྗོད་ལ་མིག་བཙུམ་ནས། དམོད་བོར་ལ་གཏོར་མའི་ནང་ནས་གཅིག་ཏོག་གིས་བླངས་ལ་དངོས་གྲུབ་བླངས་པས་ཤ་ལ་བབས་ན་མཐུ་ཆེ། ཟན་ཚེ་རིང་། འཁུར་བ་ལོངས་སྤྱོད་ཆེ། མར་ལ་རྟོགས་པ་ཆེ། བཟའོ། །དེ་ནས་རིགས་དབྱེ་བ་ནི། མར་ཀིང་དབང་ཕྱུག་ཕོ་ཉ། འབར་མ། མ་བདུན། སྲིང་བཞི། བརྟན་མའོ། །གྱི་གནས་བདུན་ལ་མཆོད། གནས་མ་དག་གི་ཤོད་དུའོ། །མགྲོན་དམའ་བ་མར་གྱི་གནས་བདུན་ལོངས་སྤྱོད་དམན་པ་ལྷག །ཕུད་ལྷག་བར་གསུམ་བསྲེ། མ་བྱིན་ལ། བྱན་མོའི་ཚུལ་དུ་བརྟེན་པའོ། །བྲན་མོ་དང་གཡོག་མོའི་ཚུལ་དུ་བརྟེན་པའོ། །དེ་ནས་རང་ཡི་དམ་དུ་བསྒོམ། ཡ་རྐན་མ་རྐན་གཉིས་རྟ་མགྲིན་ཡབ་ཡུམ་གཉིས་སུ་བསྒོམ། སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདུད་རྩིར་ཕབ་སྟེ་གཏོར་མ་བདུད་རྩིར་བྱིན་གྱིས་བརླབས། མཆོད་པ་ནི། ཧཱུཾ། ནམ་མཁའ་སྟོང་ལ་དབང་བསྒྱུར་བའི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བྷྱོ། འཇིག་རྟེན་བྱ་བ་ལས་གྲུབ་པའི། །འབར་མ་ལངྐའི་རྒྱ་མཚོ་ཡང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཕྱོགས་བཅུར་མགྱོགས་པའི་ལས་བྱེད་པའི། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཏ་ཀྲྀཏ་ལྕམ་མོར་ཞལ་བཞེས་པའི། །འབར་མ་ཆེན་མོ་བརྒྱད་རྣམས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཤ་ཁྲག་ཞལ་དུ་གསོལ་བྱེད་པའི། །དུར་ཁྲོད་དྲེགས་པའི་མ་བདུན་ཡང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །རྒྱལ་ཆེན་སྲིང་མོར་ཞལ་བཞེས་པའི། །སྲིང་མོ་ཆེན་མོ་བཞི་རྣམས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །རི་རབ་རྨངས་ནས་འདེགས་བྱེད་པའི། །དབང་གི་གྲུ་འདེགས་ཆེན་མོ་བཞི། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཕ་རོལ་དམར་དཔུང་འཇོམས་མཛད་པའི། །དམག་གི་རྒྱལ་པོ་མཆེད་བཞི་ཡང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཆོས་སྐྱོང་སྲུང་མར་དམ་བཅས་པའི། །བོད་ཁམས་བརྟན་མ་བཅུ་གཉིས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ༀ་བཛྲ་ཀ་ལ་ས་པ་སི་བྷྱོ། །ཞེས་དབུལ་ལོ། །དེ་ཡན་ཆད་ཀྱིས་ལས་གཞུང་བསྲང་བ་གྲུབ་བོ། ༈ །དེ་ནས་སྒོམ་ཚུལ་བླ་མའི་བྱིན་རླབས་ལས། གཉིས་པ་དངོས་གཞིའི་ཆོ་ག་ལ། །སྤྱི་ཡི་དོན་ནི་བཅོ་ལྔ་ལས། །དང་པོ་སྐབས་འདིར་ཁྲུས་བུམ་པ་ཁྲུས་ལུང་ལྟར་བསྒྲུབས་པས། བྱ། གཉིས་པ་གདན་སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱས་ནས་རྡོ་རྗེ་ལ་འཇུག་ནས་ནང་དུ་འདྲེན་ཙ་ན་བགེགས་བསྐྲད། སྲུང་འཁོར་བསྒོམ། ལས་བྱང་ལྟར་སྐྱབས་འགྲོ་སེམས་བསྐྱེད་འབོགས། རྡོ་རྗེ་ལ་འཇུས་ནས་གདན་ལ་བཞག །ལ་བཞུགས་པ་ནི། སྣམ་བུ་དཀར་པོའི་སྟེང་དུ་ནི། །ཚོམ་བུ་ལྔ་པའི་མེ་ཏོག་བཀོད། །སློབ་མས་རྡོ་རྗེ་ལ་བཟུང་སྟེ། །ཚིག་ནི་འདི་དག་བརྗོད་པར་བྱ། །འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །སྐལ་ལྡན་འབད་པ་མེད་པར་གྲོལ། །བདེ་བའི་སྟན་ལ་འདུག་ནས་ནི། །ཆོས་དང་ཆོས་ཉིད་བསྒོམ་པར་གྱིས། །ཞེས་པས་གདན་ལ་བཞག་གོ། །གསུམ་པ་གནའ་ཆུ་བླུད་པ་ནི། ཧཱུཾ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །ཁྱོད་ཀྱིས་དམ་ཚིག་ཆུ་འདི་འཐུང་། །ༀ་བཛྲ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུཾ། ཞེས་པས་དམ་ཚིག་གི་མནའ་ཆུ་བླུད་དོ། །བཞི་པ་ཡེ་ཤེས་བསྐྱེད་པ་ནི། །ཡེ་ཤེས་འདི་ནི་ཡེ་ཤེས་ཆེ། །ཡེ་ཤེས་དམ་པ་ཡོད་མེད་ཤེས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཤེས། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་ཅོད་པན་དོར་རོ། །ལྔ་པ་གསོལ་བ་གདབ་པ་ནི། །སློབ་དཔོན་དག་ནི་དཔལ་ཆེན་པོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །བདག་ལ་བྱིན་གྱི་བརླབ་ཏུ་གསོལ། །བདག་ནི་ཚུལ་ཆེན་སྣོད་ཡིན་ཏེ། །ཞེས་གསོལ་བ་ལན་གསུམ་དུ་གདབ་བོ། །དྲུག་པ་གནང་བ་འབོག་པ་ནི། རིགས་ཀྱི་བུ་ཁྱོད་གང་ལ་དགའ། །ཞེས་དྲིའོ། །བདག་ནི་བདེ་བ་ཆེན་པོའི་སྐལ་བཟང་ལ་དགའ། ཞེས་ལན་གདབ་བོ། །བདུན་པ་དཀྱིལ་འཁོར་དུ་གཞུག་པ་ནི། སློབ་མས་རྡོ་རྗེ་ལ་བཟུང་སྟེ། བུ་འདིར་ཤོག་ཅིག་ཐེག་ཆེན་དོན། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དཀྱིལ་འཁོར་ཆེན་པོ་ལ་གནས་པའི། །ཕོ་བྲང་གཞལ་ཡས་དམ་པ་འདིར། །ཕྱི་ནང་གསང་བའི་དབང་བསྐུར་གྱིས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ཅེས་དལ་དུ་གཞུག་གོ། །བརྒྱད་པ་དམ་ཚིག་འབོག་པ་ནི། རྣམ་པ་གཉིས་སུ་ཤེས་པར་བྱ། །བསྒོམ་བྱ་ལྷ་དང་སྒོམ་བྱེད་མི། །རྣམ་པ་གཉིས་སུ་ཤེས་པར་བྱ། །དང་པོ་རྣམ་པ་གསུམ་ཡིན་ཏེ། །ལུས་ཀྱི་ལྷ་དང་ངག་གི་སྔགས། །ཡིད་ཀྱི་བརྡ་ལ་བལྟ་བའོ། །གཉིས་པ་ལ་ནི་རྣམ་པ་གསུམ། །སེང་གེ་དཀར་མོའི་ཤ་མི་ཟ། །ཟ་མ་ཏོག་ཏུ་དུག་མི་བཙོ། །གནམ་ལྕགས་ངུར་མོའི་ཁ་མི་བརྡབ། །དགུ་པ་སྔགས་ཀྱིས་བྱིན་གྱི་བརླབ་པ་ནི། ལུས་ནི་བག་ཕེབས་མ་ཡེངས་པར། །སྤྱི་བོའི་སྟེང་དུ་འཁོར་ལོ་ནི། །གསེར་ལས་གྲུབ་པའི་རྩིབས་བརྒྱད་པ། །ཡི་གེ་ༀ་གྱིས་མཚན་པར་བསྒོམ། །ལྕེ་ཡི་སྟེང་དུ་པདྨ་ནི། །པདྨ་འདབ་མ་བརྒྱད་པ་ལ། །ཟེའུ་འབྲུ་ཨཱཿཡིས་མཚན་པར་བསྒོམ། །སྙིང་གར་རྡོ་རྗེ་རྒྱ་གྲམ་ནི། །མཐིང་གའི་ལྟེ་བ་ཧཱུཾ་གིས་བརྒྱན། །དེ་ལ་སེམས་ནི་ཟིན་པ་དང་། །ངག་ཏུ་ༀ་ཨཱཿཧཱུཾ་ནི་བརྗོད། །རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །བསྐྱེད་པ་རྐྱེན་གྱི་སྔགས་བསྟན་པ། །སྤྱི་གཙུག་དྷུ་ཏིའི་ནང་ན་མར། །ཡི་གེ་ཧཾ་ནི་མགོ་མཐུར་འཕྱང་། །དཀར་ལ་འཚེར་བ་བསྒོམ་པར་བྱ། །ལྟེ་བའི་ནང་དུ་ཨ་དམར་པོ། །དུས་མཐའི་མེ་བཞིན་དམར་བ་ལ། །མེ་མར་བཞིན་དུ་འབར་བ་ལས། །སྤྱི་བོའི་ཧ་ལས་བདུད་རྩི་བབ། །རང་ལུས་བདེ་བས་ཁེངས་པར་བསམ། །དེ་ལ་ཤེས་པ་ཟིན་པ་དང་། །ཨ་ཧཾ་སློབ་དཔོན་གྱིས། བརྗོད་མང་དུ། ཅིང་སྒྲ་རོལ་མོའི། ཡང་བསྒྲགས། །བཟླས་བརྗོད་ལས་ཀྱི་སྔགས་བསྟན་པ། །གནས་གསུམ་ༀ་ཨཱཿཧཱུཾ་གསུམ་ལས། །འོད་ཟེར་མདུན་དུ་འཕྲོས་པ་ལས། །ཌཱ་ཀི་མ་ནི་གསུམ་དུ་གྱུར། །བུད་མེད་དམར་མོ་གཞོན་ཤ་ཅན། །གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན། །སྐྲ་འགྲོལ་བ་ཏིའི་ཤམ་ཐབས་ཅན། །ཌཱ་མ་རུ་དང་ཁ་ཊྭཱཾ་ཀ །རལ་གྲིའི་ཚུལ་དུ་འཛིན་པའོ། །ལོ་བརྒྱད་པ་ཡི་ན་ཚོད་ལ། །གར་ནི་ཁྱུག་ཁྱུག་མཛད་པར་བསྒོམ། །དེ་ལ་སེམས་ནི་ཟིན་པ་དང་། །སྙིང་པོ་སློབ་དཔོན་གྱིས། བརྗོད་ཅིང་སྒྲ་རོལ་མོའི། ཡང་བསྒྲགས། །ༀ་བཛྲ་སུ་ལཾ་མ་ལཾ་མ་མ་རུ་རུ་ཙིཏྟ་ཨ་བི་པྲ་ས་ལ། ཞེས་བརྗོད་དོ། །ལུས་དང་ངག་དང་ཡིད་གསུམ་ལ། །ལུས་འཕར་གཡོ་ངག་སྨྲ་རྒོད་ཡིད་བདེ་གསལ་མི་རྟོག་གང་རུང་ཞིག་འབྱུང་ངོ་། །བྱིན་གྱིས་བརླབས་པའི་རྟགས་གསུམ་འབྱུང་། །བླ་མའི་ཞལ་ལས་ཤེས་པར་བྱ། །བཅུ་པ་བྱིན་རླབས་རྣམ་གསུམ་ནི། །དང་པོ་བུམ་དབང་བསྐུར་བ་ལ། །སློབ་མའི་སྤྱི་བོའི་གཙུག་ཏུ་ནི། །རྡོ་རྗེ་རྒྱ་གྲམ་བཞག་བྱས་ཏེ། །ༀ་ནི་བཙོ་མ་གསེར་ལྟ་བུ། །དེ་ལས་འོད་འཕྲོས་གྱུར་པ་ལས། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །ལྟེ་བ་དེ་ལ་ཡི་གེ་ༀ་གྱི་མཚན་པར་བསྒོམ། །ༀ་བཛྲ་ཨ་ཏི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཾ། ལྕེ་ཡི་སྟེང་དུ་རྒྱ་གྲམ་བཞག །ཨཱཿནི་དུས་མཐའི་མེ་ལྟ་བུ། །དེ་ལས་འོད་འཕྲོས་གྱུར་པ་ལས། །པདྨ་འདབ་བརྒྱད་ཨཱཿས་མཚན་པ། །ལྕེ་ནི་རབ་ཏུ་བསྒོམ་པར་བྱ། །ༀ་བཛྲ་ཨ་བྷི་ཥིཉྩ་མཾ་སྟྭཾ། སྙིང་ཁར་རྡོ་རྗེ་རྒྱ་གྲམ་བཞག །ཧཱུཾ་སྔོན་རྒྱ་གྲམ་གཅིག་བསམ་སྟེ། །དེ་ལས་འོད་འཕྲོས་གྱུར་པ་ལས། །ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་ལ། །ལྟེ་བ་ཧཱུཾ་གིས་མཚན་པར་བསྒོམ། །ༀ་བཛྲ་ཨ་བྷི་ཥིཉྩ་མཾ་སྟྭཾ། དེ་ནས་མེ་ཏོག་དོར་ལ་བྲ་བརྟག་གོ། །དཀྱིལ་འཁོར་ཤར་ཕྱོགས་སུ་ཕྱག་རྒྱ་ལྔའི་མཎྜལ་གྱི་སྟེང་དུ་སློབ་མ་བཞག་ལ། བུམ་པ་སྤྱི་བོར་བཞག་བྱས་ཏེ། །ངག་ཏུ་ཚིགས་འདི་དབྱངས་སུ་བརྗོད། །ཧཱུཾ། དབང་བསྐུར་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བུམ་པའི་དབང་། །སངས་རྒྱས་ཀུན་གྱི་ཕྱག་རྒྱའི་དབང་། །སངས་རྒྱས་ཀུན་ཏུ་དབང་བསྒྲུབ་ཕྱིར། །བུ་ཁྱོད་ལ་ནི་དབང་བསྐུར་གྱིས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ༀ་བུམ་པ་མགོ་བོའི་གནས་ལྔར་བཞག་ལ། མཆན། བུདྡྷ་ཨ་བྷི་ཥིཉྩ་ༀ། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཱཿ རིགས་རྣམ་པ་ལྔའི་དབང་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །རིན་པོ་ཆེའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །པདྨའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ལས་ཀྱི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ༀ་སྔོན་བཞིན། བུདྡྷ་ཀཱ་ལ་ཤ་ༀ། བཛྲ་ཀཱ་ལ་ཤ་ཧཱུཾ། རཏྣ་ཀཱ་ལ་ཤྭ་ཏྲཱཾ། པདྨ་ཀཱ་ལ་ཤ་ཧྲཱིཿ ཀརྨ་ཀཱ་ལ་ཤ་ཨཱཿ སྐུ་རྣམ་པ་ལྔའི་དབང་དང་ལྡན་པར་གྱུར་ཅིག །སྤྲུལ་པ་སྐུའི་དབང་དང་ལྡན་པར་གྱུར་ཅིག །ལོངས་སྤྱོད་རྫོགས་པ་སྐུའི་དབང་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་སྐུའི་དབང་དང་ལྡན་པར་གྱུར་ཅིག །ངོ་བོ་ཉིད་ཀྱི་སྐུའི་དབང་དང་ལྡན་པར་གྱུར་ཅིག །གསང་བའི་སྐུའི་དབང་དང་ལྡན་པར་གྱུར་ཅིག །ༀ་སྔོན་བཞིན། བུདྡྷ་ལོ་ཙ་ན་ༀ། བཛྲ་ལོ་ཙ་ནི་ཧཱུཾ། རཏྣ་ལོ་ཙ་ནི་ཏྲཱཾ། པདྨ་ལོ་ཙ་ནི་ཧྲཱིཿ ཀརྨ་ལོ་ཙ་ནི་ཨཱཿ ཡེ་ཤེས་རྣམ་པ་ལྔའི་དབང་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །སོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །བྱ་བ་གྲུབ་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །གཟུང་བ་རང་བཞིན་མེད་པ་སྐུའི་དབང་ཐོབ་པར་གྱུར་ཅིག །འཛིན་པ་རང་བཞིན་མེད་པ་གསུང་གི་དབང་ཐོབ་པར་གྱུར་ཅིག །དེ་ཉིད་གང་དུ་ཡང་མ་གྲུབ་པ་ཐུགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ཅེས་བུམ་དབང་བསྐུར་ལ་བུམ་པས་ཁྲུས་གསོལ་བ་ནི། ཧཱུཾ། སངས་རྒྱས་ཀུན་གྱིས་ཁྲུས་གསོལ་བ། །ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་། །བཀྲ་ཤིས་བུམ་པ་སྤྱི་བླུགས་བཟང་། །དབང་བསྐུར་ཐམས་ཅད་འདིར་གསོལ་ཅིག །དབང་བསྐུར་འདི་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཕུང་པོ་ལྔ་ནི་རྣམ་དག་ཅིང་། །ཉོན་མོངས་ལྔ་ནི་སྦྱོང་བར་བྱེད། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ༀ་བཛྲ་ཨ་དྷི་སྟྭཾ་སཏྭ་ཨ་བྷི་ཥིཉྩ་མཾ། ༀ་བཛྲ་ཨ་དྷི་ཨ་བྷི་ཥིཉྩ་མཾ་སྟྭཾ། ༀ་བཛྲ་ཨ་བྷི་ཥིཉྩ་མཾ་སྟྭཾ། ཁྲུས་བྱ་ཞིང་བུམ་ཆུ་བླུད། མཆན། ཞེས་དབང་བསྐུར་རོ། །དེ་ནས་གསང་དབང་བསྐུར་བ་ནི། ལྷོ་སྒོར་ཤ་ལྔ་བདུད་རྩི་ལྔའི་ཐིག་ལེའི་མཎྜལ་གྱི་སྟེང་དུ་སློབ་མ་བཞག་ལ། མཆན། ཀ་པཱ་ལ་སྤྱི་བོར་བཞག་སྟེ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་གསོལ་ཅིག །ཧཱུཾ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུ་དྲུག་སེམས་ཅན་ཀུན་བསྒྲལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་སྟེ། །བདུད་རྩི་དམ་པའི་དབང་བསྐུར་གྱིས། །ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ༀ་བསྒོམ་སྟེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཀཱ་ཡ་སིདྡྷི་ༀ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཨཱཿབསྒོམ་སྟེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཝཱ་ཀ་སིདྡྷི་ཨཱཿ ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཧཱུཾ་བསྒོམ་སྟེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཙིཏྟ་སིདྡྷི་ཧཱུཾ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །ཐུགས་མི་ཟད་པའི་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །དེ་ནས་ཡེ་ཤེས་ཀྱི་བདུད་རྩི་བླུད་པ་ནི། རྡོ་རྗེ་ཀ་པཱ་ལའི་ཁར་བཞག་སྟེ། ཧཱུཾ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །རྡོ་རྗེ་རྒྱལ་པོ་རབ་ཏུ་བཟང་། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །དག་པའི་བདུད་རྩིར་བྱིན་བརླབས་ནས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །བུ་ཡི་བློ་གྲོས་འདི་འཐུང་ལ། །གཞན་ལ་སྨྲ་བར་མ་བྱེད་ཅིག །ཨ་ལ་ལ་ཧོཿ བདུད་རྩི་ལན་གསུམ་སྦྱིན། མཆན། རྟ་མ་རྟ་འཇོལ། རྟ་མ་ཡང་འཇོལ། གསུམ་བསྟིམ་མོ། །དེ་ནས་ཐིག་ལེའི་དབང་ནུབ་སྒོར་བྱང་སེམས་དཀར་དམར་གྱི་ཐིག་ལེའི་མཎྜལ་གྱི་སྟེང་དུ་སློབ་མ་བཞག་ལ། མཆན། བསྐུར་ཏེ། །ཧཱུཾ། ཐབས་དང་ཤེས་རབ་གཉིས་མེད་པ། །བྱང་སེམས་ཐིག་ལེར་རབ་སྦྱར་ནས། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །འདི་ལ་ཡང་དག་ངོས་བཟུང་མེད། །བུ་ཁྱོད་ལ་ནི་དབང་བསྐུར་བས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་ག་ཡ་མི། རཱ་ག་ཡ་ཧཾ། སརྦ་ཨཱཏྨ་ཀོ྅་ཧཾ། ཛཿདྷཱུ་པེ་པྲ་བེ་ཤ །ཧཱུཾ་པུཥྤེ་ཨ་བེ་ཤ །བྃ་དཱི་པ་སུ་ཁི་ནི། ཧོཿགནྡྷེ་ཙིཏྟ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱཏྨ་ཀོ྅་ཧཾ། བྱང་སེམས་ཐིག་ལེ་དཀར་པོ་རྣམ་པར་དག་པ་ནི་ཟླ་བ་ཤར་བ་ལྟ་བུའི་དབང་ཐོབ་པར་གྱུར་ཅིག །བྱང་སེམས་ཐིག་ལེ་དམར་པོ་རྣམ་པར་དག་པ་ནི་ཉི་མ་ཤར་བ་ལྟ་བུའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད། རིལ་བུ་དཀར་དམར་ལྕེ་ཐོག་ཏུ་བཞག མཆན། སྐུ་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ གསུང་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཐུགས་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཞེས་བྱང་སེམས་ཐིག་ལེའི་དབང་བསྐུར་རོ། །བཅུ་གཅིག་པ་ཚེ་དབང་བསྐུར་བ་ནི། དེ་ནས་ཚེ་འཛབ་མང་པོ་བགྲང་། ཚེ་བུམ་སྤྱི་བོར་བཞག་ལ། ཧཱུཾ། སྐལ་ལྡན་དབང་མཆོག་ལྷ་ཡི་ལུང་། །བདུད་རྩི་གང་རྒྱ་སྨན་གྱི་ལུང་། །རིན་ཆེན་ཟླ་གམ་དབང་གི་ལུང་། །རཏྣ་ཀརྨ་ཚེ་ཡི་ལུང་། །རིན་ཆེན་སྣ་ལྔའི་བུམ་པ་རུ། །རྡོ་རྗེ་ཚེ་ཡིས་བཀང་ནས་ཀྱང་། །རིན་ཆེན་རྒྱན་གྱིས་ཀླུབས་ནས་ཀྱང་། །བུ་ཡི་སྤྱི་བོར་དབང་བསྐུར་བས། །བུ་ཁྱོད་ཚེ་དབང་གནས་པར་ཤོག །ༀ་བྷྲཱུཾ་ཧཱུཾ་བྷྲཱུཾ་ཏྲཱཾ་བྷྲཱུཾ་ཧྲཱིཿབྷྲཱུཾ་ཨཱཿབྷྲཱུཾ། དེ་ནས་བཀྲ་ཤིས་བརྗོད་ཅིང་ཚེ་བསྟིམ། བཅུ་གཉིས་པ་ཞིང་ཁམས་བསྟན་པ་ནི། ཧཱུཾ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །བཛྲ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །རྡོ་རྗེ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ལྷོ་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །རཏྣ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །རིན་ཆེན་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ནུབ་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །པདྨ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །པདྨ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །བྱང་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །ཀརྨ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །ལས་ཀྱི་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །དབུས་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །བུདྡྷ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །སངས་རྒྱས་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ཞེས་ཞིང་ཁམས་བསྟན་པའོ། །བཅུ་གསུམ་པ་ཚུལ་ཤིང་གཏད་པ་ནི། ཧཱུཾ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟེན། །དེ་བཞིན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །སྒྲ་དང་ཚིག་ཀུན་རྫོབ་ཡིན། ནི་བདེན་པའོ། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཚུལ་ཆེན་འདི་ལ་གནས་པར་གྱིས། །དྷརྨཱ་དྷརྟུ་ཨ། དེ་ནས་ཚིག་དབང་བྱང་སྒོར་གུར་གུམ་གྱི་ཆུས་རྡོ་རྗེ་རྒྱ་གྲམ་བྲིས་པའི་སྟེང་དུ་སློབ་མ་བཞག་ལ་ཚིག་དབང་རིན་པོ་ཆེ་འདི་བརྗོད་པར་བྱའོ། །མཆན། བསྐུར་བ་ནི། ཨེ་མ་སྐྱེ་བ་མེད་པ། ངོ་མཚར་རྨད་ཀྱི་ཆོས། །འགགས་པ་མེད་པ། རྫོགས་པའི་གཉིས་སུ་མེད་པ། སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགགས་པ་མེད་ལས་ཐམས་ཅད་འགགས། །སྐྱེ་འགགས་མེད་པ་ཆོས་ཀྱི་དབྱིངས། །སྐྱེ་མེད་ཀྱི་ངང་དུ་སྤྱོད་པའོ། །ཚུལ་ཆེན་འདི་ལ་གནས་པར་གྱིས། །ཨ་སྐྱེ་མེད། ཧ་འགགས་མེད། ཧོ་གནས་མེད། ཞེས་པས་དབང་བསྐུར། བཅུ་བཞི་པ་སྒོམ་ཐག་གཏད་པ་ནི། ཧཱུཾ། བྱམས་དང་སྙིང་རྗེའི་ཐུགས་མངའ་ཞིང་། །སངས་རྒྱས་ཕྲིན་ལས་བསྒྲུབ་བྱའི་ཕྱིར། །བདེ་བའི་བཀའ་ནན་བདེ་བཅིངས་ནས། །ཆོས་དང་ཆོས་ཉིད་བསྒོམ་པར་གྱིས། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དྷརྨ་དྷརྟུ་ཨ། བཅོ་ལྔ་པ་སྒོམ་རྟེན་གཏད་པ་ནི། ཧཱུཾ། རྒྱལ་བའི་གདུང་འཚོབ་རིག་འཛིན་ཆོས་སྐུའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་བསྒྲུབ་བྱའི་ཕྱིར། །བདེ་བའི་ལུས་ལ་རབ་བརྟེན་ནས། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དྷརྨ་དྷརྟུ་ཨ། སྐབས་འདིར་བྱིན་གྱིས་བླ་མའི་ཞལ་ཤེས། འཇུག་པར་བྱ། ཞེས་པས། དེ་ནས་ཨ་ཧ་ཧོའི་བཞེངས་ཕྱག་སྤྱི་བོར་བཞག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཀྱི་གོང་བུ་གཅིག་ཐོན། སློབ་མའི་སྙིང་ཁར་ཐིམ་པར་བསམ། བདུད་རྩི་རིལ་བུ་སྦྱིན། དེས་སེམས་བསྲེའོ། །བཅུ་དྲུག་པ་མཁའ་འགྲོ་མ་ལ་ལས་གཉེར་གཏད་པ་ནི། འབར་བའི་གདོང་ཅན་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཞིང་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡིས་བཀའ་ཆད་དབབ་པར་འགྱུར་རོ། །མཁའ་ལ་གཤེགས་མ་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ལས་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱི་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡིན་བཀའ་ཆད་དབབ་པར་འགྱུར་རོ། །མཁའ་ལ་སྤྱོད་མའི་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །མངའ་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡིས་བཀའ་ཆད་དབབ་པར་འགྱུར་རོ། །དེ་ལྟར་གཉེར་གཏད་ནས། དེ་ནས་རྗེས་ཀྱི་ཆོ་ག་ལ། གཏོར་མ་གཏོང་། རྟེན་ལ་བཤགས་པ་བྱ། མཆོད་པ་གཤེགས། རྡུལ་ཚོན་ཆུར་གཤེགས་སོ། །སློབ་དཔོན་དགའ་རབ་རྡོ་རྗེ་ལ། །ཡེ་ཤེས་ལྷ་ཡི་དབང་བབས་པས། །བཀའ་བརྒྱུད་མ་ཆད་པ་ཡི་བབས། །འདི་ལ་འགལ་འཁྲུལ་ཅི་མཆིས་པ། །བླ་མ་ལྷ་ལ་བཟོད་པར་གསོལ། །བྱིན་གྱི་རླབས་ཀྱི་ཆོག་ཁྲིགས་འདི། །གང་གིས་བསྐུལ་ནས་སུ་ཡིས་བཀོད། །སྒོམ་ཚུལ་བླ་མའི་བྱིན་རླབས། འཛིང་རྡོ་རྗེ་པྲ་བྷས་ཚིགས་བཅད་དུ་སྡེབས་པ་རྫོགས་སོ།། །།དེ་ནས་གཏོར་མ་ཚོ་གསུམ་དུ་བགོས་ཏེ། ཆོས་དབྱིངས་ཀྱི་གཏོར་མ་གཏེར་དུ་སྦེད་པ་ནི། ཧཱུཾ། ཐུགས་རྗེ་རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ། །སྣང་སྲིད་མཚན་མའི་བྱེ་བྲག་ཀུན། །སྣོད་ཀྱི་འཇིག་རྟེན་དབྱིངས་སུ་སྦ། །སྣོད་ཀྱང་བཅུད་ཀྱི་དབྱིངས་སུ་སྦ། །སྣོད་བཅུད་སྐྱེ་བ་མེད་པར་སྦ། །སྲིད་པ་ཟ་བྱེད་གཞལ་ཡས་ཁང་། །རྩི་ཤིང་བདུད་རྩི་རང་བྱུང་སྟེ། །འབྱུང་བ་ལྔ་དང་རིགས་ལྔ་ཡང་། །ཆོས་ཉིད་སྟོང་པའི་དབྱིངས་སུ་སྦ། །ཉོན་མོངས་དུག་ལྔའི་ངོ་བོ་ཡང་། །ཡེ་ཤེས་ལྔ་ཡི་དབྱིངས་སུ་སྦ། །མ་རིག་འཁྲུལ་པའི་ལོག་རྟོག་ཀྱང་། །མཉམ་སྣང་ཆེན་པོའི་དབྱིངས་སུ་སྦ། །རྫས་རྣམས་བྱང་ཆུབ་སེམས་སུ་བསྒོམ། །སྔགས་མཁན་ཐེག་མཆོག་རྒྱལ་པོར་བསྒོམ། །གཉིས་མེད་གཏེར་དུ་སྦ་བར་བྱ། །ཕྱག་རྒྱ་ལྔ་ཡི་རྒྱ་ཡིས་གདབ། །དེ་ལྟར་སྦས་པའི་དཀྱིལ་འཁོར་དུ། །ཡབ་ཡུམ་ལྔ་ཡི་ཕྱག་སྦྲེལ་ལ། །ལུ་གུ་རྒྱུད་ཀྱི་བྲོ་བརྡུང་ངོ་། །གཏོར་མ་ཆ་གཅིག་པོ་དེ་དཀྱིལ་འཁོར་གྱི་འོག་ཏུ་གཏེར་དུ་སྦའོ། །དེས་བཀྲ་ཤིས། ནོར་ལ་མི་གཟན། དངོས་གྲུབ་འབྱུང་བའི་དགོས་པ་རྣམས་ཡོད་པ་ཡིན་ནོ། །དགོས་འདོད་འབྱུང་བའི་མི་ཟད་པའི་གཏེར་དུ་སྦའོ། །དེ་ནས་ཡེ་ཤེས་རོལ་པའི་གཏོར་མ་སྦྱིན་སྲེག་ཏུ་འབུལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་རྣམས་མེ་ཐབ་ཀྱི་གཞལ་ཡས་ཁང་དུ་བསྐྱེད་ལ་མེ་མཆོད་དམ་སྦྱིན་སྲེག་ཏུ་བྱས་ལ། བླ་མ་ཡི་དམ་མཁའ་འགྲོའི་ཞལ་དུ་ཚོགས་དང་མཆོད་པ་འབུལ་ལོ། །ཐུགས་རྗེ་སྤྲུལ་པའི་གཏོར་མས་ཕྱོགས་ལེགས་པར་དྲི་སྤོས་དང་དྲི་མཆོག་བཟང་པོ་རུ་མཎྜལ་ལེགས་པ་གཅིག་བྱས་ལ། དེའི་སྟེང་དུ་གཏོར་མ་བཞག་ལ། འགྲོ་བ་རྣམས་ཀྱི་དོན་དུ་བདག་གིས་ཕན་ཐོགས་པར་བྱ་བའི་ཕྱིར་རམ་ཕྲིན་ལས་རྣམ་བཞིའི་དོན་གྲུབ་པར་བྱ་བའི་ཕྱིར་གཏོར་མ་བསྐྱང་བ་ནི། བྷྱོ། ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །དཀར་མོ་དུང་གི་མཆེ་བ་ཅན། །ཕྱག་ན་དུང་གི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་ཞི་བའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན། །རིན་ཆེན་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །སེར་མོ་གསེར་གྱི་མཆེ་བ་ཅན། །ཕྱག་ན་གསེར་གྱི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་རྒྱས་པའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན། །པདྨ་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །དམར་མོ་བསྭེ་ཡི་མཆེ་བ་ཅན། །ཕྱག་ན་བསྭེ་ཡི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་དབང་གི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། བྱང་ནས་གཤེགས་པའི་རྣལ་འབྱོར་བདུན། །ལས་ཀྱི་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །སྔོན་མོ་གཡུ་ཡི་མཆེ་བ་ཅན། །ཕྱག་ན་གཡུ་ཡི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་དྲག་པོའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །ཅེས་གཏོར་མ་ས་གཙང་སར་སྤུངས། དྲི་མ་ཡལ་བར་དུ་སྡུད་དུ་མི་གཞུག་གོ། །གཏོར་སྣོད་དེ་རྣམས་ཆ་གསུམ་དུ་ཕྱེ་ལ། ཆ་གཅིག་མ་བཤལ་བར་ཁ་ཡར་བསྟན་ལ་བཞག །ནང་དུ་ནས་སམ་མེ་ཏོག་གིས་བཀང་ལ། དཀོན་མཆོག་ལ་དབུལ། དེས་བཀྲ་ཤིས་པའི་དགོས་པ་ཡོད། ཆ་གཅིག་བཤལ་ཆུ་ཕྱིར་དོར། བཤལ་ཆུ་ལ་རེ་བའི་ཡི་དྭགས་ཚིམ་ཞིང་ཁོ་ཐག་ཆོད་པའི་དགོས་པ་ཡོད། ཆ་གཅིག་མི་བཤལ་བ་ཁ་སྦུབས་ལ། དགྲ་བགེགས་ཏིང་ངེ་འཛིན་གྱི་བཀུག་ལ་འོག་ཏུ་བཅུག་སྟེ། བྲོ་བརྡུངས་ལ་མནན་པ་བྱའོ། །བར་ཆད་ཞི་ནས་དགྲ་བགེགས་མི་ལྡང་བའི་དགོས་པ་ཡོད། ལས་ཀྱི་མཇུག་བསྡུ་བྲོ་བརྡུང་། མནན་པ་བྱེད་པའི་དུས་སུ་བྱིན་དབབ་ཅིང་། བྲོ་བརྡུང་བ་ཡིན་པས། དང་པོ་བྱིན་དབབ་པ་ནི། ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཧཱུཾ། འཕགས་མཆོག་ཐུགས་རྗེ་ཅན་གྱི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལས་བབ། །དགྲ་བགེགས་འདུལ་བའི་དུས་ལ་བབ། །བྱིན་ཆེན་དབབ་པའི་དུས་ལ་བབ། །མཐུ་ཆེན་མཐུ་རྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་བྱིན་དབབ་བོ། །དེ་ནས་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་བཀུག་ལ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་བུདྡྷ་ཧེ་རུ་ཀ །བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །ཁྲོ་ཆུང་སྤྲུལ་པས་བར་སྣང་གང་། །མ་མོ་མཁའ་འགྲོ་དབྱིངས་ན་རོལ། །ལྟ་བའི་ངང་ལ་གནས་པའི་ཕྱིར། །བྲོ་ནི་བར་ཆད་མེད་པའི་བྲོ། །ཚངས་པའི་དབྱངས་སུ་འདྲེན་པའི་ཕྱིར། །གླུ་ནི་བར་ཆད་མེད་པར་བླངས། །དཀྱིལ་འཁོར་རང་ལ་གནས་པའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བགྲང་། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཉོན་མོངས་ལྔ་ལ་བྲོ་བརྡུངས་པས། །དུག་ལྔའི་སྟེང་དུ་སྨན་ལྔ་ཤར། །ང་རྒྱལ་ས་ལ་བྲོ་བརྡུངས་པས། །ང་རྒྱལ་སྤངས་ནས་མཉམ་ཉིད་ཤར། །འདོད་ཆགས་ཆུ་ལ་བྲོ་བརྡུངས་པས། །འདོད་ཆགས་སྤངས་ནས་བདེ་ཆེན་ཤར། །ཞེ་སྡང་མེ་ལ་བྲོ་བརྡུངས་པས། །ཞེ་སྡང་སྤངས་ནས་སྟོང་ཉིད་ཤར། །ཕྲག་དོག་རླུང་ལ་བྲོ་བརྡུངས་པ། །ཕྲག་དོག་སྤངས་ནས་མཉམ་ཉིད་ཤར། །གཏི་མུག་ནམ་མཁར་བྲོ་བརྡུངས་པས། །གཏི་མུག་སྤངས་ནས་ཡེ་ཤེས་ཤར། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཁྲི་གདུགས་བརྒྱ་ཤར་སྟོང་ཤར་བས། །ཡེ་ཤེས་ཉི་མ་གཅིག་ཤར་དྲོ། །ཤར་ཙམ་ཉིད་ནས་ནུབ་པ་མེད། །ང་ནི་དཔལ་ཆེན་ཧེ་རུ་ཀ །རྐང་པ་གཡས་པས་བྲོ་བརྡུངས་པས། །རྣལ་འབྱོར་ཕོ་སྲི་མནན་པའི་བྲོ། །རྐང་པ་གཡོན་པས་བྲོ་བརྡུངས་པས། །རྣལ་འབྱོར་མོ་སྲི་མནན་པའི་བྲོ། །རྐང་པ་གཉིས་ཀས་བྲོ་བརྡུངས་པས། །རྒྱབ་ཉན་རྐུན་བུ་མནན་པའི་བྲོ། །རྨིག་པ་ལྕགས་ཀྱིས་བྲོ་བརྡུངས་པས། །ས་བདག་ས་སྲིན་མནན་པའི་བྲོ། །སྦའ་མ་དེ་ནི་མི་སྦ་རུ། །རྒྱ་མཚོ་ཆེན་པོའི་གཏིང་དུ་སྦ། །མནན་ནམ་དེ་ནི་མི་མནན་ན། །རི་རབ་ཆེན་པོའི་རྨངས་སུ་མནན། །བསྐལ་པ་བརྒྱར་ཡང་མ་ལྡང་ཞིག །རྣལ་འབྱོར་དམ་ལས་མ་འདའ་ཞིག །རྒྱ་ལ་འདའ་ན་རྡུལ་དུ་རློག །སུམ་བྷ་ནི་དང་། སྟྭཾ་བྷ་རཀྵ་མཱ་ར་ཡ་ནན། ཞེས་མནན་པ་བྱའོ། །དེ་ནས་བཀྲ་ཤིས་བརྗོད། གླུ་གར་བྲོ་ལ་སོགས་པས་བཀྲ་ཤིས་པའི་རོམ་མོ་བྱའོ། །རང་དོན་ལ་ཡེ་ཤེས་པ་མི་གཤེགས། །གཞན་དོན་ལ་ཡེ་ཤེས་པ་གཤེགས་སོ། །དམ་ཚིག་གི་ལྷ་གཞལ་ཡས་ཁང་དང་བཅས་པ་ཐུགས་ཀར་བསྡུ། ༀ་སེར་པོའམ། ཧཱུཾ་མཐིང་གར་བསྡུ། ཨ་ཧཱུཾ་ལ། ཧཱུཾ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་འོད་གསལ་ལ། དེ་ནས་རྫོགས་རིམ་བརྡ་བཞི་ལ་གསལ་གདབ། དེ་ནས་བསྐྱེད་རིམ་བསྒོམ། ལུས་བསྲུང་། དྲག་སྔགས་བཟླས་སོ། །མངོན་རྫོགས་རྒྱལ་པོ་ཡང་དག་གི་གཞུང་གི་ཕྲིན་ལས་རྫོགས་སོ།། །།དེ་ལྟར་ན་ཟམ་པའི་བྱིན་རླབས་བྱ་ཚུལ་རང་འདྲའི་བློ་དམན་རྣམས་ཀྱིས་གོ་དཀའ་བར་མཐོང་ནས་ཁྲིགས་ཆགས་སུ་བྱས་པ་ཞིག་བྱུང་ན་སྙམ་པ་དང་། ཉེ་ཆར་སྤྲུལ་པའི་སྐུ་མཆོག་གཉིས་ནས་ཀྱང་དོན་གཉེར་ཆེན་པོས་བསྐུལ་མ་གནང་དོན་ལྟར། གཞུང་གི་དགོངས་པ་བཞིན་མངོན་རྟོགས་སྒྲུབ་ཐབས་ལྟར་སྦྱར་ཞིང་ཅུང་ཟད་གསལ་པོར་བཏབ་ནས་ནག་འགྲོས་སུ། སྙོམས་ལས་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་བྲིས་པ་ཉེས་འགལ་མཆིས་ན་ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་དུ་གསོལ། དགེ་བས་ལམ་མཆོག་འདི་ཉིད་མི་ནུབ་པར་དར་ཞིང་རྒྱས་ནས་འགྲོ་བ་མཐའ་དག་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །།
ཀློང་སྡེ་རྡོ་རྗེ་ཟམ་པ་ལས་ཉམས་ལེན་བཞིའི་རྣལ་འབྱོར་དང་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་གསལ་བར་བཀོད་པ་ཡེ་ཤེས་རྒྱ་མཚོ། བློ་གྲོས་མཐའ་ཡས།
ཀློང་སྡེ་རྡོ་རྗེ་ཟམ་པ་ལས། ཉམས་ལེན་བཞིའི་རྣལ་འབྱོར་དང་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་གསལ་བར་བཀོད་པ་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཡ། ཆོས་ཀུན་ཡེ་ནས་དག་པའི་ཀློང་ཆེན་པོར། །མ་སྐྱེས་རང་བཞིན་རྫོགས་པའི་དཔལ་ཆེན་པོ། །བདེ་ཆེན་མདངས་ཤར་དབྱིངས་ཀྱི་ཡུམ་དང་བཅས། །རྩ་བརྒྱུད་བླ་མའི་ཚུལ་དུ་བསྟན་ལ་འདུད། །གསང་ཆེན་ཡང་རྩེ་གྲུབ་མཆོག་གི། །ཐུགས་ཀྱི་ཐིག་ལེ་མཚན་ཙམ་ཡང་། །རྙེད་དཀའ་ཤིན་ཏུ་རྣལ་འབྱོར་གྱི། །དཀྱིལ་འཁོར་ལས་རིམ་བལྟས་ཆོག་དགོད། །རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་ཚན་ཀློང་སྡེ་ཟམ་པའི་རྣལ་འབྱོར་ཉམས་སུ་ལེན་པ་ལ་བཞིར་གསུངས་ཏེ། མ་དག་པ་དག་པར་བྱེད་པ་རྒྱམ་ཚོ་ཁྲུས་ཀྱི་ལུང་། མ་སྨིན་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ། མ་གྲོལ་བ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་རླབས། གྲོལ་བ་མཐར་ཕྱིན་པར་བྱེད་པ་སྙིང་པོ་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་རོ། །དེ་ལ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཁྲུས་ལུང་ལ་གཉིས། ཕྱི་དང་། ནང་ངོ་། །དང་པོ་ནི། སྟེགས་ལ་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་རིན་པོ་ཆེའི་བུམ་པར་ཨ་མྲྀ་ཏ་དང་གླ་རྩི་མིན་པའི་སྤོས་སྨན་ཉེར་ལྔའི་རྫས་དག་ཆུ་གསང་གིས་བལྟམས་པ་མགུལ་ཆིངས་ཁ་རྒྱན་གཟུངས་ཐག་བཅས་བཞག །བདག་གི་ཐུགས་ཀར་ཨཱོྂ་ཡིག་ཁ་དོག་ལྔ་ལྡན་དུ་གསལ། ཨཱོྂ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་བི་ཤུདྡྷོ་྅ཧཾ། བུམ་པ་མི་དམིགས་ཏེ་སྟོང་པར་གྱུར། ཐུགས་ཀའི་ༀ་ལས་འོད་འཕྲོས་ལཾ་སེར་པོ་ཞིག་ཏུ་གྱུར། དེ་ལས་གསེར་གྱི་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པྃ་ལས་པདྨའི་སྡོང་པོར་གྱུར། དེའི་ཟེའུ་འབྲུའི་སྟེང་དུ་རང་གི་ཐུགས་ཀ་ནས་ཧཱུཾ་ལྗང་གུ་ཞིག་སྤྲོས་ཏེ་ཡོངས་སུ་གྱུར་པ་ལས། ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སྔོན་ཕྱག་གཉིས་དཀུ་ལ་བརྟེན་པའི་གཡས་གསེར་གྱི་རྡོ་རྗེ་དང་གཡོན་ཤེལ་གྱི་དྲིལ་བུ་བསྣམས་པ། བ་ཏི་སྨུག་པོ་གསོལ་བ་ཞིག་ཏུ་གྱུར། ཡང་རང་གི་ཐུགས་ཀའི་ཨཱོྂ་ལས་ཧཱུཾ་ལྗང་གུ་འཕྲོས། མདུན་གྱི་ནམ་མཁར་གོང་དང་མཚུངས་པའི་བདུད་རྩི་འཁྱིལ་བར་གྱུར། གཟུངས་ཐག་བླངས་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ལྷ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས་མཉེས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱོན་ཏེ་ནམ་མཁའ་བདུད་རྩི་འཁྱིལ་བ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་ནང་གི་བདུད་རྩི་འཁྱིལ་བ་ལ་ཕོག །དེའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དམིགས་ལ། ཨཱོྂ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་བི་རཾ་ཤུདྡྷེ་ཤུདྡྷེ། བི་རྃ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། སྔགས་འདི་མ་དཔེ་རྣམས་སུ་འདྲ་མིན་མང་བས་ཡིད་བརྟན་དཀའ་འདུག །གྲངས་ཅི་ནུས་བཟླས་པའི་མཐར། བདུད་རྩི་འཁྱིལ་བ་དཀར་མེར་གྱི་ཞུ་ནས་རིམ་པར་ཐིམ་སྟེ་བུམ་ཆུ་དང་དབྱེར་མེད་དུ་འདྲེས་པའི་སྟེང་དུ་ཡི་གེ་གསུམ་བྱུང་བས་བར་ཆད་ལས་བསྲུང་བར་བསམ་ལ། ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་མནན་པའི་སོར་མོ་གསུམ་བུམ་པའི་ཁ་ལ་རེག་སྟེ། གུང་མོ་ལ་ཨཱོྂ། མཛུབ་མོ་ལ་ཨཱཿ སྲིན་ལག་ལ་ཧཱུཾ། ཨཱོྂ་ཨཱཿཧཱུཾ་ཨ་ཨ། ཞེས་པས་རྒྱས་གདབ། དེ་ལྟར་བསྒྲུབ་པ་ཚར་ནས་ལས་ལ་སྦྱར་བ་ནི། ནངས་པར་འབྲུ་གསུམ་བརྗོད་པས་ཡིག་འབྲུ་ལས་འོད་འཕྲོས། ཤར་ནས་ན་བཟའ་དཀར་མོ་ཀེ་ཀེ་རུའི་བུམ་པ་དཀར་པོ། ལྷོ་ནས་སྤྱན་མ་སྔོན་མོ་བཻ་ཌཱུརྱའི་བུམ་པ་སྔོན་པོ། ནུབ་ནས་མཱ་མ་ཀཱི་དམར་མོ་པདྨ་རཱ་གའི་བུམ་པ་དམར་པོ། བྱང་ནས་སྒྲོལ་མ་ལྗང་གུ་མརྒད་ཀྱི་བུམ་པ་ལྗང་གུ་ཐོགས་པ་བྱོན་པར་མོས། གུང་མཛུབ་ཀྱིས་བུམ་པའི་མགྲིན་པ་ནས་བཟུང་། ཁྲུས་སྔགས་བརྗོད་ཅིང་ལག་མཐིལ་དུ་བླུགས། ཕུད་ནམ་མཁའ་ལ་གཏོར་བས། བླ་མ་ཡི་དམ་མཁའ་འགྲོ་དང་སངས་རྒྱས་བྱང་སེམས་ཐམས་ཅད་ལ་བདུད་རྩི་ཕུལ་བས་ཐུགས་དགྱེས་ནས་དམ་ཚིག་ཉམས་ཆག་ཐམས་ཅད་དག་ཅིང་རང་ལ་བྱིན་གྱིས་བརླབས་པར་བསམ། ལྷ་མོ་ལྔས་བདུད་རྩིའི་ཆུ་རྒྱུན་རང་གི་སྤྱི་བོ་ནས་མར་བླུགས་ཏེ་ཁྲུས་བྱས་པས་མོས་ལ། གདོང་བཀྲུས་པས་ལུས་ཀྱི་སྒྲིབ་པ་དག་པར་བསམ། ཁ་བཤལ་བས་ངག་གི་སྒྲིབ་པ་དག་པར་བསམ། ཁོང་དུ་བཏུང་བས་ཡིད་ཀྱི་སྒྲིབ་པ་དག་པར་བསམ། དེ་ནས་ཁྱོར་བ་གསུམ་རིམ་བཞིན་གཏོར་ལ། འདོད་ཁམས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག །གཟུགས་ཁམས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག །གཟུགས་མེད་ཁམས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག །བྱས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་སྒྲིབ་པ་དག་ནས་ནམ་མཁའ་ལྟ་བུར་གྱུར་པར་བསམ། གཉིས་པ་ནང་ཁྲུས་ནི། ནངས་མོ་ཐོག་མར་སྟོང་པའི་ངང་ལས། རང་གི་ལུས་འདི་གསེར་གྱི་བུམ་པ། དེ་ནང་པྃ་ལས་པད་སྡོང་། ཧཱུཾ་ལས་རང་སེམས་བདུད་རྩི་འཁྱིལ་བ། སྤྱི་བོར་ཡང་བདུད་རྩི་འཁྱིལ་བ་བསྒོམ་པའི་ཁྱད་པར་ཙམ་ལས་གཞན་དམིགས་བཟླས་ཡོངས་རྫོགས་གོང་དང་འདྲ་བར་བྱས། ལྷ་འོད་དུ་ཞུ་རྗེས་འབྲུ་གསུམ་གྱི་རྒྱས་གདབ། དེ་ནས་སྣོད་གཙང་མར་ཆབ་བཏང་ལ་མདོག་ནག་དམར་ལྗང་གུ་རྣམས་ངན་པས་གཙར་སར་ཕོས་ལ་ཕྱི་ཁྲུས་བྱ། དཀར་སེར་དང་གཡས་འཁོར་བཟང་བས། ཨ་ཨ་ཨ་ཨ། ཞེས་བརྗོད་ལ་སྲིན་ལག་གིས་དཀྲུགས་ལ་མཆོད་པ་དང་ཁྲུས་སོགས་སྔ་མ་ལྟར་བྱའོ། །གཉིས་པ་སྒོ་གསུམ་ལས་ཀྱི་སྤྱོད་པ་ལ་གསུམ། ལུས་དྭངས་པའི་སྒོ་ནས་ཕྱག་འཚལ། ངག་དྭངས་པའི་སྒོ་ནས་སྔགས་བཟླས། ཡིད་དྭངས་པའི་སྒོ་ནས་བསམ་གཏན་བསྒོམ་པའོ། །དང་པོ་ནི། ལག་པ་ཐལ་མོ་སྦྱར་ལ། རང་གི་སྙིང་ནང་ན་ཨཱོྂ་ཁ་དོག་ལྔ་དང་ལྡན་པ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་པར་བསམ། བཛྲ་ས་མ་ཡ་ཛཿཧཱུཾ། ཞེས་སེ་གོལ་བསྣོལ་ལ་བརྡབ་པ་དང་སྔགས་བརྗོད་པ་ལན་གསུམ་བྱ། མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་བསམ། ཡང་ཨཱོྂ་ལས་འོད་ཟེར་བྱུང་ཐལ་མོའི་ནང་དུ་རིན་པོ་ཆེ་ལ་སོགས་པ་མཆོད་པའི་རྫས་དཔག་ཏུ་མེད་པས་གང་། ཕྱག་རེ་རེ་བཞིན་རྫས་རྣམས་ལན་རེ་ཕུལ་བར་བསམ། བླ་མ་ལ་སོགས་པའི་ཞབས་ལ་མགོ་བོས་གཏུགས་པས་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མཐའ་དག་སངས་སངས་དག་པར་བསམ་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྤང་བ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞི་བ་མྱ་ངན་ལས་འདས་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། འཕགས་པའི་ལམ་ཡན་ལག་བརྒྱད། ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་ནས་བླ་མ་ཡི་དམ་མཁའ་འགྲོ་དང་བསྟན་པའི་བདག་པོ་ལ་ཕྱག་འཚལ་བ། མ་རིག་ལས་ཀྱིས་འཁོར་བའི་སེམས་ཅན་རྣམས། །ཉོན་མོངས་ནད་ཀྱིས་གདུང་བ་ལ། །ཆོས་ཀྱི་བདུད་རྩིས་གསོ་མཛད་པ། །དུས་གསུམ་བླ་མ་རྣམས་ལ་གུས་པར་ཕྱག་འཚལ་ལོ། །རྒྱལ་བ་ཐམས་ཅད་དབྱེར་མེད་དབྱིངས་མཉམ་ཡང་། །བསྙེན་བཀུར་དག་གིས་མཆོད་ཅིང་དབུ་ལ་བཀོད། །དངོས་གྲུབ་རྣམ་གཉིས་མྱུར་དུ་སྟེར་མཛད་པའི། །རིགས་ལྔ་ཧེ་རུ་ཀ་ལ་གུས་པར་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་པར་རྒྱུག་པའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དུས་གསུམ་ལས་ཀྱི་ནང་ནས་འཁོར་བའི་རུ་བཟློག་པ། །ཉོན་མོངས་ཐལ་བའི་གནས་ནས་བྱང་ཆུབ་མྱུ་གུ་བསྐྱེད། །སྲིད་དང་འདས་ཕྱིར་འགྲོ་བའི་དོན་མཛད་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་ལོ། །གཉིས་པ་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བཅུད་བསྡུས་པའི་སྙིང་པོ། ཨཱོྂ་མ་ཎི་པདྨེ་ཧཱུཾ། ཞེས་ལན་ཉེར་གཅིག་སོགས་བརྗོད་པའི་རང་སྒྲས་བདེ་བར་གཤེགས་པ་རྣམས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་དགྱེས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ཅིང་གྲོལ་བར་བསམ། གསུམ་པ་ནི། ནམ་མཁར་བཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་མཁའ་འགྲོའི་ཚོགས་ལ་བསྡུ། དེ་རྣམས་བླ་མ་ལ། བླ་མ་ཡི་དམ་ལ། ཡི་དམ་ཧཱུྃ་ཡིག་ལ། དེ་ཉིད་ཞབས་ཀྱུ། འ་ཆུ། ཧ་ཡིག །ཟླ་ཚེས། ཐིག་ལེའི་བར་དུ་རིམ་པར་བསྡུ། ཐིག་ལེ་སྨིན་མཚམས་ཀྱི་ནམ་མཁར་ཡོད་པ་ལ་སེམས་བཟུང་། མཐར། ཨཱོྂ་ཨཱཿཧཱུྃ་བརྗོོད་པས་སྤྱི་གཙུག་ནས་རྩ་ཨ་ཝ་དྷཱུ་ཏིར་ཐིམ་པར་བསམ་ལ་བརྡ་བཞིའི་ཚུལ་གྱིས་མཉམ་པར་བཞག་གོ། །གསུམ་པ་སྒོམ་ཚུལ་བླ་མའི་བྱིན་རླབས་ནི་ལོགས་སུ་བཀོད་པ་ལྟར་ངོ་། །བཞི་པ་སྙིང་པོ་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ལ་བསྐྱེད་རྫོགས་གཉིས་ལས་འདིར་བསྐྱེད་པའི་ཕྲིན་ལས་བསྟན་ཏེ། དེ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ནི། གནས་དབེན་པར་རྟེན་དང་དཀྱིལ་འཁོར་སྐབས་དང་མཐུན་པར་བཀྲམ། ཕྱི་མཆོད་རྣམ་པ་ལྔ། མཆོད་ཡོན། བདུད་རྩི། གཏོར་མ། རཀྟ་རྣམས་བཤམ། ཁྱད་པར་གཏོར་ཆོག་ལ། བླ་མ་དང་ཡི་དམ་ལ་རེ་རེ། མཁའ་འགྲོ་ཞིང་སྐྱེས་ལ་ཤ་ལྔ་བདུད་རྩི་ལྔ། ལས་སྐྱེས་ལ་དཀར་གསུམ། སྔགས་སྐྱེས་ལ་ཨ་མྲྀ་ཏས་བརྒྱན་པ་བཅས་གསུམ་བཤམ། སྒྲུབ་པ་པོ་སྟན་བདེ་བར་འདུག་སྟེ་བརྒྱུད་པའི་གསོལ་འདེབས་བྱ། སྒྲུབ་པའི་དབུ་བརྩམ་པ་སོགས་དགོས་པ་ཡོད་ན་ཕྱི་རྒྱུད་ལ་དཀར་གཏོར་བཏང་ཞིང་ཕྲིན་ལས་བཅོལ། བགེགས་ལ་གཏོར་མ་བསྔོས་ཏེ་བདེན་པ་བརྡར་ལ་བཀའ་བསྒོ། ཨཱོྂ་བཛྲ་ཡཀྴ་ཀྲོ་དྷ་ཧ་ལ་ཧ་ལ་ཧཱུྃ། ཨཱོྂ་སུམྦྷ་ནི་བེ་ག་བ་ཏི་རཀྵ་རཀྵ་ཧཱུྃ། ཞེས་པའི་དྲག་སྔགས་ལྔའམ་བདུན་བརྗོད་ལ་བགེགས་བསྐྲད། དེ་ནས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བླ་མ་རྡོ་རྗེ་སློབ་དཔོན་དང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཀྱིལ་འཁོར་གྱི་ལྷའི་ཁྱད་པར་དང་། གསང་སྔགས་ཡང་དག་གི་ལྷ་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མཆིའོ། །མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྐྱབས་སུ་མཆིའོ། །ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྐྱབས་སུ་མཆིའོ། །མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆིའོ། །བསྐུལ་བའི་ས་ལས་བཞེངས་ནས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མ་གྲོལ་བ་ནི་རྣམ་གྲོལ་ཕྱིར། །སེམས་ཅན་མྱ་ངན་འདས་ལ་འགོད། །བདག་ལ་གནས་པའི་ལུས་འདི་ནི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །ཚེ་རབས་བསགས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་མཆོག་ཏུ་བསྔོ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་བཅོམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་ལན་གསུམ་བྱ། གཉིས་པ་དགོས་གཞི་ལུང་རྣམ་པ་བདུན་གྱིས་ནུབ་གཅིག་གིས་ཕྲིན་ལས་གཞུང་བསྲང་བ་ལ། དང་པོ་བགེགས་བསྲུང་བ་འབར་བ་མཚམས་ཀྱི་ལུང་དུ་མཚམས་བཅད་པ་ལ། གསུམ། མཚོན་ཆ། ཁྲོ་བོ། སྟོང་ཉིད་དོ། །དང་པོ་ནི། བདག་ཉིད་སྐད་ཅིག་གིས་དཔལ་ཆེན་ཧེ་རུ་ཀ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར་པར་བསམ་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཡང་དག་དོན་ལ་མི་བརྩོན་ཞིང་། །འབྱུང་པོ་དམ་མེད་ཐམས་ཅད་ཀུན། །རང་རང་གནས་སུ་བདེ་བར་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བཅོམ་ལྡན་དཔལ་ཆེན་ཁྲོས་ནས་ནི། །བར་ཆད་སྦྱོར་བ་ཐལ་བར་རློག །མཚོན་ཆ་འབར་བའི་གུར་གྱིས་གཏམས། །ཨཱོྂ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བཛྲ་ཧཱུྃ་ཕཊ། ཙཀྲ་ཧཱུྃ་ཕཊ། ཁདྒ ཧཱུྃ་ཕཊ། ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། རང་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འོད་འཕྲོས། མཚོན་ཆ་ལྔས་བགེགས་བསྐྲད། ཕྱོགས་མཚམས་ཐམས་ཅད་ར་བ་དང་གུར་གྱིས་གཏམས་པར་གྱུར་པའི་ཕྱི་ལ་མེ་རིའོ། །ཨཱ་ཀོ་ཊ་ཡ་མུངྒ་ར་ཧཱུྃ་ཕཊ། ཛྭ་ལ་རཾ་ཧཱུྃ་ཕཊ། རང་གི་ཐུགས་ཀའི་འོད་ཟེར་ལས་མཚོན་ཆ་ལྔའི་ཚོགས་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་ཕྱོགས་མཚམས་ཐམས་ཅད་ར་བ་དང་གུར་གྱིས་གཏམས་པའི་ཕྱི་རོལ་དུ་བསྐལ་པའི་མེ་ཕུང་རབ་ཏུ་འབར་བར་གྱུར། བསྡུ་ན་དེ་ཙམ་གྱི་འཐུས་པས། འོག་གི་ཁྲོ་བོའི་མཚམས་ལ་འཇུག །རྒྱས་པར་འདོད་ན། ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །རྡོ་རྗེའི་ཐོག་དང་སེར་ཆེན་འབེབས། །འོག་ཀྱང་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་ས་གཞི་གཅལ་དུ་བཀྲམ། །བར་སྣང་རྡོ་རྗེའི་སྤྲིན་ཕུང་འཁྲིགས། །རྡོ་རྗེའི་འདུ་འཕྲོ་མེ་ལྟར་འབར། །རྡོ་རྗེའི་གློག་འཁྱུག་ཁྱུགས་སེ་ཁྱུག །རྡོ་རྗེའི་ཐོག་འབེབས་ལམས་སེ་ལམ། །རྡོ་རྗེའི་མེ་འབར་ཡ་ལ་ལ། །རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན། །ཐམས་ཅད་རྡོ་རྗེ་འབར་བས་གཏམས། །རྡོ་རྗེས་གཏམས་པའི་གཞལ་ཡས་འདིར། །འབྱུང་བ་རླུང་ཡང་མི་འགྱུ་ཞིང་། །ཆུ་ལ་ཟག་པའི་གསེང་མེད་ཅིང་། །འབྱུང་པོ་ལོག་འདྲེན་སྨོས་ཅི་དགོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །བཅོམ་ལྡན་དཔལ་ཆེན་ཁྲོས་ནས་ནི། །བར་ཆད་སྦྱོར་བ་ཐལ་བར་རློག །རྡོ་རྗེ་འབར་བའི་གུར་གྱིས་གཏམས། །བཛྲ་ཧཱུྃ་ཕཊ། སྟེང་ཡང་ཕུར་པའི་བླ་བྲེ་ལ། །འགྲེ། སྟེང་ཡང་དབྱུག་ཏོའི་བླ་བྲེ་ལ། །འགྲེ། སྟེང་ཡང་མེ་ཡི་བླ་བྲེ་ལ། །མེ་ཡི་ཐོག༴ འོག་ཀྱང་མེ་ཡི༴ མེ་ཡིས༴ བར་སྣང་མེ་ཡི༴ མེ་ཡི་འདུ་འཕྲོ་རབ་ཏུ་འབར། །མེ་ཡི་གློག༴ མེ་ཡི་ཐོག༴ བསྐལ་པའི་མེ་འབར༴ མེ་ཡི་ཚྭ༴ ཕྱོགས་མཚམས༴ ཐམས་ཅད་མེ་ཕུང་འབར༴ མེ་རིས་གཏམས་པའི་སོགས་འགྲེ། ཨེ་རཾ་ཕཊ་རཾ་ཛྭ་ལ་རཾ། གཉིས་པ་ལ་བསྡུ་ན། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་རིགས་ལྔ་ཁྲག་འཐུང་ཚོགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །མ་ཚོགས་དབང་ཕྱུག་བར་སྣང་གང་། །ཀུན་ཀྱང་རིགས་ལྔ་ཁྲག་འཐུང་ཚོགས། །རིགས་ལྔའི་མཚམས་ལས་བགེགས་མ་འདའ། །རྒྱ་ལ་འདའ་ན་རྡུལ་དུ་རློག །ཅེས་པ་ཙམ་གྱི་མཐར་སྔགས་རྣམས་བརྗོད། རྒྱས་པར་སྤྲོ་ན་རེ་རེ་བཞིན་སྦྱར་ཏེ། ཧཱུྃ། སྟོང་གསུམ་སྟོང་༴ །དབུས་ཕྱོགས་སྟོང་༴ སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་བུདྡྷ༴ ཁྲོ་བོའི༴ ཁྲོ་མོའི༴ མ་ཚོགས༴ ཀུན་ཀྱང་བུདྡྷ༴ བུདྡྷའི་མཚམས་ལས༴ རྒྱ་ལ་འདའ་ན་རྡུལ་དུ་རློག །ཨཱོྂ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བུདྡྷ་རཀྵ་རཀྵ་ཧཱུྃ། དེས་འགྲེས་ཏེ། ཤར་ཕྱོགས་སྟོང་གི༴ ཀུན་ཀྱང་བཛྲ༴ ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ༴ བཛྲ་རཀྵ་རཀྵ་ཧཱུྃ། ལྷོ་ཕྱོགས་སྟོང་གི༴ ཀུན་ཀྱང་རཏྣ༴ ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ༴ རཏྣ་རཀྵ་རཀྵ་ཧཱུྃ། ནུབ་ཕྱོགས་སྟོང་གི༴ ཀུན་ཀྱང་པདྨ༴ ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ༴ པདྨ་རཀྵ་རཀྵ་ཧཱུྃ། བྱང་ཕྱོགས་སྟོང་གི༴ ཀུན་ཀྱང་ཀརྨ༴ ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ༴ ཀརྨ་རཀྵ་རཀྵ་ཧཱུྃ། སྟེང་འོག་མཚོན་ཆ་དང་ཁྲོ་བོས་བར་མཚམས་མེད་པར་གཏམས་པར་བསམ་ལ། གསུམ་པ་ནི། ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཆོས་རྣམས་རང་བཞིན་ཡེ་ནས་སྟོང་པ་ལས། །རྣམ་རྟོག་འཁྲུལ་པ་འབྱུང་བའི་གཞི་མེད་དེ། །བགེགས་ཀྱང་རང་གི་སེམས་ལས་བྱུང་། །སྟོང་པ་ཉིད་ཀྱིས་མཚམས་བཅད་དོ། །བགེགས་ཞེས་བྱ་བའི་མིང་ཡང་མེད། །ཆོས་ཀྱི་དབྱིངས་ཀྱིས་མཚམས་བཅད་དོ། །ཞེས་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། །གཉིས་པ་ཚོགས་བསགས་སྒྲིབ་སྦྱང་གི་ལུང་དུ་ཐ་མལ་པས་དབྱངས་དང་བཅས་པས། བཤགས་པ་བྱ་བ་ནི། མདུན་གྱི་ནམ་མཁར་ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས། སྟེང་ཕྱོགས་སུ་བླ་མ། གཡས་སུ་དཔའ་བོ། གཡོན་དུ་མཁའ་འགྲོ། མདུན་དུ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་གསལ་བར་གྱུར། གདུང་ཤུགས་དབྱངས་དང་བཅས་པས། ཧཱུྃ། དུས་གསུམ་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ། །མཚན་ཉིད་དོན་མ་རྟོགས་པ་མཐོལ་ལོ་བཤགས། །བརྒྱུད་པའི་བླ་མ་རྣམས་ཀྱི་སྤྱན་སྔ་རུ། །དམ་ཚིག་མོས་གུས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་སྔ་རུ། །བསྙེན་སྒྲུབ་ཚད་དུ་མ་བསྐྱལ་མཐོལ་ལོ་བཤགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྤྱན་སྔ་རུ། །མཆོད་བསྟོད་གཞུང་མ་སྐྱོང་བ་མཐོལ་ལོ་བཤགས། །མ་སྲིང་མཁའ་འགྲོ་རྣམས་ཀྱི་སྤྱན་སྔ་རུ། །གཏོར་མ་དུས་སུ་མ་ཐེང་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་སྔ་རུ། །དམ་རྫས་ཚང་བར་མ་བསགས་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་སྔ་རུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་སྔ་རུ། །དྲིན་ལན་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་རྣམས་ཀྱི་སྤྱན་སྔ་རུ། །ཐེག་ཆེན་བྱང་སེམས་ཆུང་བ་མཐོལ་ལོ་བཤགས། །ཞེས་བཤགས་པ་དང་བཟོད་གསོལ་བྱའོ། །གསུམ་པ་མཆོད་རྫས་བྱིན་གྱིས་བརླབ་པའི་ལུང་དུ་སྨན་བརླབ་པ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཡྃ་རྃ་ཀཾ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ས་བོན་འབྲུ་བཅུ་ལས་ཤ་ལྔ་བདུད་རྩི་ལྔར་གྱུར་པ། རླུང་གིས་མེ་སྦར། རྫས་རྣམས་ཞུ་ཞིང་འདྲེས་པའི་རླངས་པ་ལས་ༀ་ཨཱཿཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ལན་ལྔའམ་བདུན་བཟླ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཨ་ལས་བྷཉྫའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་བཟའ་བཅའ་བཏུང་བ་འདོད་པའི་ཡོན་ཏན་ཡེ་ཤེས་ལྔའི་རང་བཞིན་ཟད་མི་ཤེས་པའི་གཏེར་དུ་གྱུར། ཨཱོྂ་ཨཱཿཧཱུྃ་མ་ཧཱ་བ་ལིདྷ་ཧཱུྃ་ཧྲཱིཿཋཱ། ལྔའམ་བདུན། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཨ་ལས་པདྨའི་བྷཉྫའི་ནང་དུ་ར་ལས་རྒྱུ་དྲུག་བསྒྲལ་བའི་རཀྟའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུཾ་ཧྲཱི་ཋ་ལྔའམ་བདུན། ཕྱི་མཆོད་བརླབ་པ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས། རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་མཆོད་པའི་ལྷ་མོ་མཆོད་རྫས་སོ་སོ་ཐོགས་པས་ནམ་མཁའི་ཁམས་ཁེངས་པར་གྱུར། ཨཱོྂ་བཛྲ་ཨརྒྷཾ་ཨཱཿཧཱུཾ། དེས་འགྲེས་ཏེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྡའི་བར་སྦྱར། དེ་དག་སྤྱིར་བརླབ་པ་ནི། ཨཱོྂ་ཨཱཿཧཱུྃ་བཛྲ་མ་ཧཱ་ཀ་པཱ་ལ་ཁ་ཁ། ད་ན་ད་ན། ཛྭ་ལ་སི་ཏ། ཤྲཱི་ཧེ་རུ་ཀ །ཨ་མེ་དུ་མེ། སི་ཏོད་པ། བྷ་བ་བེ་ད། ས་ར་ཧ་ན། ཧཱུྃ་ཧཱུྃ་ཧཱུྃ། མ་ཧཱ་སཱ་དྷ་ལ་ཧཱུྃ་ཕཊ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨཱོྂ་ཨཱཿཧཱུྃ། མ་ཧཱ་ཡོ་ག་ཨད་དྷ་མ་ཧཱ་ས་མ་ཡ། ཨ་སུ་རོ་ཧོཿ ཀ་མ་ལ་ཤྲཱི་ཧེ་རུ། མ་ཧཱ་སུ་མ་ལེ། ཨ་ནུ་ས་མ། ཛ་ལི་ནི་ར་ན། ཨ་བ་ལོ་ཀ །མ་ཧཱ་ས་མ་ཡ་ཧཱུྃ་ཕཊ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ལ་རོལ་མོ་བྱ། སྤྲོས་པ་ལ་དགའ་ན་འདིའི་གོང་དུ་བབ་དྲུག་གིས་བྱིན་དབབ་ཀྱང་ཆོག་གོ། །བཞི་པ་བདག་ཉིད་རྩ་བའི་ལུང་དུ་ཡང་དག་མངོན་རྫོགས་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་པ་ནི། དང་པོ་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་ལས། དེ་བཞིན་ཉིད་ནི། ཧཱུཾ། འདི་ཚེ་སངས་རྒྱས་བསྒྲུབ་བྱའི་ཕྱིར། །སྐུ་གསུམ་ས་ལ་གོམས་པར་བྱ། །དང་པོ་ཆོས་ཀྱི་དབྱིངས་ཉིད་ལས། །དམིགས་པ་མེད་པའི་དོན་གཅིག་བསྒོམ། །ཞེས་དབྱིངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་བཞག །ཀུན་སྣང་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དུ་ནི་ཁྱབ་པར་བསམ། །ཡེ་ཤེས་ཀྱི་རྩལ་སྣང་སྙིང་རྗེ་ཆེན་པོས་སེམས་ཅན་ཀུན་ལ་ཁྱབ་པར་བསྒོམ། རྒྱུའི་ཏིང་ངེ་འཛིན་ནི། བསྐལ་པའི་མེ་དཔུང་འཁྲུགས་པ་བཞིན། །འབར་བའི་ཚོགས་ནི་བསམ་པར་བྱ། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ལས་རང་གི་སེམས་ཉིད་ཨཱོྂ་ཡིག་ཁ་དོག་ལྔ་ལྡན་ཞིག་ཏུ་གསལ། དེའང་ཐིག་ལེ་མཐིང་། ཟླ་ཚེས་དཀར། ན་རོ་སེར། ཨ་ཡིག་དམར། འ་ལྗང་གུའོ། །དེ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུའི་ཨཱོྂ་ལས་ཨེ་ཡྃ་བྃ་ལྃ་སུྃ་རྃ་རྣམས་རིམ་པར་འཕྲོས། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་འབྱམས་ཀླས་པའི་དབྱིངས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་ཟླ་གམ། བྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། ལྃ་ལས་གསེར་གྱི་ས་གཞི་གྲུ་བཞི་སེར་པོ། སུྃ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ། རྃ་ལས་མེ་དཔུང་གི་སྲུང་འཁོར་དང་བཅས་པ་སྟེ་འབྱུང་བ་ལྔའི་དཀྱིལ་འཁོར་ཡུམ་ལྔའི་མཁའ་ཀློང་གི་རང་བཞིན་དུ་གྱུར། རི་རབ་ཀྱི་སྟེང་དུ་བྷྲཱུྃ་སྤྲོས་པ་ལས་གཞལ་ཡས་ཁང་གདན་དང་བཅས་པ། དེའི་དབུས་སུ་ཧཱུཾ་སྤྲོས་པ་ལས་དཔལ་ཧེ་རུ་ཀའི་སྐུར་གྱུར། དེའང་དོན་དམ་པའི་དབྱིངས་གཅིག་ལ་གདུལ་བྱའི་སྣང་བར་སྐུ་དང་ཞིང་ཁམས་རྣམ་པ་ལྔར་ཤར་བ་སྟེ། ཨཱོྂ་གུ་ལྃ་མཎྜ་ལ་ཧཱུྃ། དབུས་ཀྱི་ཞིང་ཁམས་སེར་པོ་གསེར་གྱི་རང་བཞིན། ཨཱོྂ་ཀེ་རུ་མཎྜ་ལ་ཧཱུྃ། ཤར་ཕྱོགས་ཞིང་ཁམས་དཀར་པོ་ཀེ་ཀེ་རུའི་རང་བཞིན། ཨཱོྂ་བཻ་ཌཱུཪྻ་མཎྜ་ལ་ཧཱུྃ། ལྷོ་ཕྱོགས་ཞིང་ཁམས་སྔོན་པོ་བཻ་ཌཱུཪྻའི་རང་བཞིན། ཨཱོྂ་པདྨ་རཱ་ག་མཎྜ་ལ་ཧཱུྃ། ནུབ་ཕྱོགས་ཞིང་ཁམས་དམར་པོ་པདྨ་རཱ་གའི་རང་བཞིན། ཨཱོྂ་ཨིནྡྲ་ནཱི་ལ་མཎྜ་ལ་ཧཱུྃ། བྱང་ཕྱོགས་ཞིང་ཁམས་ལྗང་གུ་ཨིནྡྲ་ནཱི་ལའི་རང་བཞིན། དེ་ལྔ་ལ་པདྨ་རབ་ཏུ་རྒྱས་པའི་གདན་ལྔའི་སྟེང་དུ་ཨ་ཙནྡྲ་མཎྜ་ལ་ཧཱུྃ། སྟེང་ཟླ་བའི་དཀྱིལ་འཁོར། མ་སཱུརྱ་མཎྜ་ལ་ཧཱུྃ། འོག་ཉི་མའི་དཀྱིལ་འཁོར་ཏེ་དེ་དག་འོད་ཟེར་འབར་བའི་གཞལ་ཡས་ཁང་རེ་རེར་གྱུར། དེ་དག་གི་ནང་དུ། བ་ཏི་ཏིཥྛ་མཎྜ་ལ་ཧཱུྃ། ཆོས་འབྱུང་བསྣོལ་མ་ཟུར་དྲུག་པ། དེ་དག་གི་དབུས་སུ། བྷྲཱུྃ་ཏིཥྛ་པདྨ་མཎྜལ་ཧཱུྃ། པདྨའི་གདན་གེ་སར་དང་བཅས་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལ་ཉི་ཟླ་དང་དྲེགས་པ་ཁྱོ་ཤུགས་བསྣོལ་བའི་གདན་རྣམས་སུ་གྱུར། ཨཱོྂ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། དབུས་སུ་ལྷ་ཆེན་ཕོ་མོའི་གདན་ལ་དཔལ་མངོན་རྫོགས་རྒྱལ་པོ་བུདྡྷ་ཧེ་རུ་ཀ་སེར་པོ་གུ་ལང་གསེར་བཙོ་མའི་མདོག་ལྟ་བུ། ཡུམ་སྭསྟི་བཛྲ་བདེ་བ་སྟོབས་ལྡན་མས་འཁྱུད་པ། ཨཱོྂ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། ཤར་དུ་དྲི་ཟ་ཕོ་མོའི་གདན་ལ་བཛྲ་ཧེ་རུ་ཀ་ཡབ་ཡུམ་དཀར་པོ་ཀེ་ཀེ་རུའི་མདོག་ཅན། ཨཱོྂ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ། ལྷོར་གཤིན་རྗེའི་གདན་ལ་རཏྣ་ཧེ་རུ་ཀ་ཡབ་ཡུམ་སྔོན་པོ་བཻ་ཌཱུརྱའི་མདོག་ཅན། ཨཱོྂ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། ནུབ་ཏུ་ཀླུ་བདུད་ཀྱི་གདན་ལ་པདྨ་ཧེ་རུ་ཀ་ཡབ་ཡུམ་དམར་པོ་པདྨ་རཱ་གའི་མདོག་ཅན། ཨཱོྂ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ། བྱང་དུ་གནོད་སྦྱིན་གྱི་གདན་ལ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལྗང་གུ་ཨིནྡྲ་ནཱི་ལའི་མདོག་ལྟ་བུ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས། ཅུང་ཟད་ཁྲོས་ཤིང་ཞི་བའི་མདངས་དང་ལྡན་པ། ཡབ་རྣམས་ཀྱི་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འདི་སྒྲུབ་ཐབས་ལྟར་ཡིན་ལ། ལྷན་ཐབས་ལྟར་ན། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པས་གཡོན་ཀ་པཱ་ལ་ཀླད་ཁྲག་གི་གང་བ་དཀྲུགས་པའི་ཚུལ་ཅན། ཞེས་འབྱུང་། དར་བ་ཏི་སྔོན་པོའི་ཤམ་ཐབས་ཅན། རིན་པོ་ཆེ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡབ་རྣམས་ཀྱི་དབུ་སྐྲ་ཕྱེད་མཐུར་དུ་གྲོལ་ཞིང་ཞབས་བརྐྱང་བསྐུམ་གྱི་ཚུལ་ཅན། ཡུམ་རྣམས་སྐྲ་གྲོལ་ཞིང་ཕྱག་མཚན་ཡབ་དང་འདྲ་བས་མགུལ་ནས་འཁྱུད་པ། ཡེ་ཤེས་ཀྱི་རང་འོད་འབར་བའི་དབུས་ན་བཞུགས་པ། སངས་རྒྱས་རིགས་ལྔས་དབུ་བརྒྱན་པའོ། །དེ་རྣམས་ཀྱང་ཆོས་དབྱིངས་མངོན་རྫོགས་རྒྱལ་པོ་གཅིག་ལས་མ་གཡོས་ཀྱང་མོས་བློས་མཐོང་ཚུལ་དུ་ཕྱོགས་གང་ནས་བལྟས་པ་དེ་དང་མཐུན་པའི་རིགས་ཀྱི་སྐུ་དང་ཞིང་ཁམས་སུ་སྣང་བའོ། །ཆོས་འབྱུང་གི་ཟུར་དྲུག་ལ། ཕག་མོ། གཤིན་རྗེ་མ། རྨོངས་བྱེད་མ། སྐྱོད་བྱེད་མ། སྐྲག་བྱེད་མ། ཙཎྜི་ཀ་རྣམས་ཁ་དོག་སྣ་ཚོགས་པ། ཌཱ་མ་རུ་དང་བདུད་རྩིའི་ཐོད་པ་བསྣམས་ཤིང་ཁ་ཊྭཱྃ་ཀ་དཀུ་ལ་བརྟེན་པ། ཞབས་གཡས་བརྐྱངས་པའི་གར་སྟབས་ཀྱིས་བཞུགས་པའོ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དེའི་ཕྱི་རོལ་དུ་གནས་ཀྱི་མ་མོ། ཡུལ་གྱི་ཕྲ་མེན། སྒོ་སྐྱོང་གདོང་མོ་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་སོགས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོར་གསལ་བར་གྱུར། གཞུང་ཚིག་གིས་གསལ་གདབ་པ་ནི། འབྱུང་བའི་དཀྱིལ་འཁོར་ཡུམ་ལྔའི་མཁའ་དབྱིངས་སུ། །མངོན་པར་དགའ་བ་རིན་ཆེན་གཞལ་ཡས་ཁང་། །ཉི་ཟླ་པདྨ་འོད་ཀྱི་ཁ་སྦྱོར་ནང་། །ཨེ་བསྣོལ་ཟུར་དྲུག་ཟེའུ་འབྲུ་བརྡལ་བ་ཡི། །དྲེགས་པ་ཁྱོ་ཤུགས་ཉི་ཟླ་པདྨའི་སྟེང་། །མངོན་རྫོགས་རྒྱལ་པོ་བུདྡྷ་ཧེ་རུ་ཀ །ཞལ་གཅིག་ཕྱག་གཉིས་སྐུ་སྔོན་སེར། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །བ་ཏི་སྔོན་པོའི་ཤམ་ཐབས་ཅན། །དབུ་སྐྲ་ཅུང་ཟད་མཐུར་དུ་འཕྱངས། །ཞི་བའི་མདངས་ལ་ཅུང་ཟད་ཁྲོ། །གཡས་ན་རྡོ་རྗེ་རྩེ་དགུ་བསྣམས། །གཡོན་ན་དངུལ་དཀར་དྲིལ་བུ་བསྣམས། །ཕྱག་དེ་གཉིས་ཀྱིས་ཡུམ་ལ་འཁྱུད། །ཡུམ་བདེ་སྟོབས་དང་ལྡན་པ་ནི། །ཡབ་དང་འཁྲིལ་སྦྱོར་ཕྱག་གཉིས་འཁྱུད། །སྐུ་མདོག་ཡབ་འདྲ་དབུ་སྐྲ་གྲོལ། །བདག་ཉིད་གསལ་བའི་ཐུགས་ཀ་ནས། །ཡི་གེ་ཨཱོྂ་ནི་ཁ་དོག་ལྔ། །ཤིན་ཏུ་གསལ་བར་བསྒོམ་པར་བྱ། །ཤར་ཕྱོགས་ཞིང་ཁམས་དཀར་པོ་ལ། །བཛྲ་ཧེ་རུ་ཡབ་ཡུམ་དཀར། །ལྷོ་ཕྱོགས་ཞིང་ཁམས་མཐིང་ག་ལ། །རཏྣ་ཧེ་རུ་ཡབ་ཡུམ་མཐིང་། །ནུབ་ཕྱོགས་ཞིང་ཁམས་དམར་པོ་ལ། །པདྨ་ཧེ་རུ་ཡབ་ཡུམ་དམར། །བྱང་ཕྱོགས་ཞིང་ཁམས་ལྗང་གུ་ལ། །ཀརྨ་ཧེ་རུ་ཡབ་ཡུམ་ལྗང་། །འབར་བའི་གར་དགུ་ཁྲོ་ཚུལ་རྫོགས། །སྐད་ཅིག་དྲན་རྫོགས་ཙམ་གྱིས་ནི། །རྣམ་པ་ལྷ་ལ་རང་བཞིན་མེད། །མཚན་ཉིད་སྤྲོས་པ་ཐམས་ཅད་བྲལ། །བདེ་གསལ་མི་རྟོག་དབྱིངས་ཀྱི་ངང་། །གང་ནས་བལྟས་པ་དེ་ལྟར་སྣང་། །དོན་ལ་དཔལ་ཆེན་གཅིག་ཉིད་དུ། །མངོན་རྫོགས་རྒྱལ་པོ་ཆེ་བའི་མཆོག །སྤྱི་དཔལ་བླ་ན་མེད་པའོ། །དེ་དག་གིས་བསྐྱེད་པའི་རྣལ་འབྱོར་སོང་ནས། དེ་ཉིད་རྫོགས་བྱེད་ཀྱི་ཡན་ལག་དྲག་བསྟིམ་མཆོད་བཤགས་རྣམས་བྱ་དགོས་པས་ཐོག་མར་ཡེ་ཤེས་པ་སྤྱན་དྲང་བ་ནི། དེ་ལྟར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་ནས་ཡེ་ཤེས་པ་སྤྱན་དྲང་པར་གྱུར། ཧཱུྃ། འོག་མིན་བདེ་གཤེགས་ཕོ་བྲང་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ཨཱོྂ་ཨེ་ཧྱེ་ཧི་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ཨཱོྂ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པས་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་དམ་ཚིག་པས་ཕྱག་བྱས་པར་བསམ་ལ། ཧཱུྃ། མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་ཚོགས་དག་པའི་སྐུ་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་འཁོར་དང་བཅས་པ་ལ། །གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཡ་མི་ན་མོ། ཕྱག་བྱས་པས་ལྷ་ཡེ་ཤེས་སེམས་དཔའ་དགྱེས་ནས་སྐུ་གསུང་ཐུགས་ཀྱིས་བདག་དམ་ཚིག་སེམས་དཔའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་བཞུགས་སུ་གསོལ་བ་ནི། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །བཅོམ་ལྡན་དཔལ་ཆེན་ཧེ་རུ་འཁོར་དང་བཅས། །དངོས་གྲུབ་སྩོལ་ཕྱིར་བརྟན་པར་བཞུགས་སུ་གསོལ། །ཏིཥྛ་བཛྲ་ཧཱུྃ། ཡེ་ཤེས་པ་རྣམས་དམ་ཚིག་པ་གཙོ་འཁོར་སོ་སོ་ལ་ཐིམ་པས་གཟི་བརྗིད་ནུས་པ་དང་ལྡན་པར་བསམ། དེ་ནས་ཕྱག་རྒྱ་གར་གྱི་མཆོད་པ་འབུལ་བ་ནི། ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །བཅོམ་ལྡན་དཔལ་གྱི་ཕྱག་རྒྱར་གསལ། །སྐུ་གསུམ་གཉིས་མེད་བདེ་ཆེན་རྒྱ། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །ཨ་ལ་ལ་ཧོཿ ཞེས་སྣང་སྲིད་ཐམས་ཅད་དཔལ་ཆེན་པོའི་སྐུར་གསལ་བར་བལྟའོ། །དེ་ནས་རིགས་ལྔའི་ཧེ་རུ་ཀ་ལ་བསྟོད་ཅིང་བཤགས་པ་བྱ་བ་ནི། ཧཱུྃ། དབུས་ཕྱོགས་གུ་ལང་གསེར་གྱི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །བུདྡྷ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ཏུ་གསོལ། །ཤར་ཕྱོགས་ཀེ་ཀེ་རུ་དཀར་པོའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །བཛྲ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ལྷོ་ཕྱོགས་རིན་ཆེན་བཻ་ཌཱུ་རྱ་སྔོན་པོའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །རཏྣ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ཏུ་གསོལ། །ནུབ་ཕྱོགས་པདྨ་རཱ་ག་དམར་པོའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །པདྨ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ཏུ་གསོལ། །བྱང་ཕྱོགས་ཨིནྡྲ་ནཱི་ལ་ལྗང་གུའི་ཞིང་ཁམས་ན། །ཉི་མ་སྟོང་གི་འོད་ཟེར་ཤར་བ་བཞིན། །ཀརྨ་ཧེ་རུ་ཀ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་ལྡན་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས། །སེམས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་སུ། །རང་སེམས་བྱང་ཆུབ་སེམས་སུ་མ་འབྱོངས་པས། །བདུད་རྩི་ཆེན་པོ་ལགས་པར་ངོ་མ་ཤེས། །དངོས་གྲུབ་ཆེན་པོ་ལགས་པར་ཞལ་མ་འཛོམ། །དེ་ཡང་མི་འཆབ་གནོང་བའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་ཡར་བཞེས་ལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་ཕྱིའི་མཆོད་པ་རྣམ་པ་ལྔ་འབུལ་བ་ནི། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་རྣམས་རིམ་པར་སྤྲོས་ཏེ་མཆོད་པ་གནས་སོ་སོར་ཕུལ་བས་མཉེས་པར་བསམ་ལ། ཨཱོྂ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ཨཱོྂ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། མཆོད་ཡོན་མདུན་དུ། ཨཱོྂ་བུདྡྷ་སོགས་ལྷ་སྔགས་རེ་རེ་བཞིན་མཆོད་སྔགས་ཀྱི་འགོར་སྦྱར་ལ། ཨཱོྂ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧཱུྃ། མེ་ཏོག་དབུ་ལ། ཨཱོྂ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ། བདུག་སྤོས་ཤངས་ལ། ཨཱོྂ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ། མར་མེ་སྤྱན་ལ། ཨཱོྂ་བཛྲ་གནྡྷེ་པྲ་ཏཱིཙྪ་ཧཱུྃ། དྲི་ཆབ་ཐུགས་ལ། ཨཱོྂ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཧཱུཾ། ཞལ་ཟས་ཞལ་ལ། ཨཱོྂ་བཛྲ་ཤཔྡ་པྲ་ཏཱིཙྪ་ཨཱཿཧཱུྃ། རོལ་མོ་སྙན་ལ། མངོན་རྫོགས་ཡབ་ཡུམ་འཁོར་བཅས་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨཱོྂ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཞེས་པས་གཙོ་བོ་ལ་འབུལ། རིགས་བཞི་ལ་དེས་འགྲེས་ཏེ། ཨཱོྂ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། ཞེས་པ་ལ། ཨརྒྷཾ་ནས། ཤཔྡའི་བར་སོ་སོར་སྦྱར་བའི་མཐར། བཛྲ་ཁྲག་འཐུང་ཡབ་ཡུམ་སོགས་ཚིག་རྐང་གཉིས་སྔགས་བཅས། ཨཱོྂ་རཏྣ་ཤྲཱི་སོགས་མཆོད་སྔགས་དང་། རཏྣ་ཁྲག་འཐུང་ཡབ་ཡུམ་སོགས། ཨཱོྂ་པདྨ་ཤྲཱི་སོགས་མཆོད་སྔགས་དང་། པདྨ་ཁྲག་འཐུང་ཡབ་ཡུམ་སོགས། ཨཱོྂ་ཀརྨ་ཤྲཱི་སོགས་མཆོད་སྔགས་དང་། ཀརྨ་ཁྲག་འཐུང་ཡབ་ཡུམ་སོགས་སོ་སོར་སྦྱར། དེ་ནས་གོང་གི་མཆོད་པ་བྱིན་རླབས་སྔགས། ཨཱོྂ་ཨཱཿཧཱུྃ་བཛྲ་མ་ཧཱ་ཀ་པཱ་ལ་སོགས་ཀྱི་མཐར། ག་ཎ་ཏ་ན། བྷ་སྨིན་ས་ལ། ཨ་སྨིན་པ་ལ་ཡ་པ་ཏོ་ཧོཿ ཨ་ལ་ལ་ཧོཿ ཞེས་བཏགས་པས་ཀྱང་མཆོད། དེ་ནས་སྨན་མཆོད་འབུལ་བ་ནི། བྱིན་གྱིས་བརླབས་པའི་སྨན་ཕུད་སྦྲེང་ལ། ཧཱུྃ། ངོ་མཚར་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །འབྱུང་བའི་བཅུད་བསྡུས་འབྲས་བུ་བདུད་རྩིའི་བཅུད། །ཡུམ་ཆེན་མཱ་མ་ཀཱི་རུ་བྱིན་བརླབས་ནས། །རྒྱ་མཚོ་ཆུ་ཀླུང་མཚོ་བྲན་མན་ཆད་ནས། །ཟིལ་པའི་ཐིག་པའི་བརླན་གྱི་བཅུད་བསྡུས་ཏེ། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དཔའ་བོས་བཀང་། །དུས་གསུམ་རྒྱལ་བ་ཡབ་ཡུམ་མཆོད་པ་དང་། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་བ་དང་། །འགྲོ་བ་མ་ལུས་ཐུགས་རྗེས་བཟུང་བའི་ཕྱིར། །ཉོན་མོངས་དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨཱོྂ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་དང་། ལྷ་མོ་བརྒྱད་ཀྱི་ཞལ་དུ་ཨཱོྂ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕྲ་མེན་སེངྷ་བརྒྱད། ཡེ་ཤེས་སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད། བཀའ་སྐྱོང་མཁའ་འགྲོ་སྡེ་གསུམ། ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨཱོྂ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩི་ཕུལ་བས། སྐུ་གསུང་ཐུགས་མཉེས་ནས་ཐོད་པའི་ནང་དུ་དངོས་གྲུབ་ཨཱོྂ་ཨཱཿཧཱུྃ་བྱུང་། རང་གི་མཐེབ་སྲིན་གྱིས་བླངས་ལ་ལྕེ་ཐོག་ཏུ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཧཱུྃ། འཕྲུལ་ཞལ་བྷནྡྷའི་སྣོད་མཆོག་ཏུ། །དཔའ་བོ་འབྲུ་གསུམ་ཚུལ་དུ་ནི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདི། །སྒྲུབ་མཆོག་བདག་ལ་སྩལ་ཏུ་གསོལ། །ཨཱོྂ་ཨཱཿཧཱུྃ་ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་གནས་གསུམ་དུ་ཐིག་ལེ་བྱའོ། །དེ་ནས་གཏོར་མ་ལ་དུས་བཞིར་གསུངས་པ་ལས་འདིར་མཆོད་གཏོར་གྱི་དུས་ལྟར་དམིགས་ལ། ཧཱུྃ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདིར། །དཔལ་ཆེན་ཡབ་ཡུམ་མཆོད་པ་དང་། །མ་སྲིང་རྒྱ་མཚོ་མ་ལུས་བརྟེན་པ་དང་། །རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་ཀིང་ཀ་ར། །མཆེད་ལྕམ་འདུས་པའི་གཡར་དམ་བསྐང་བའི་ཕྱིར། །རིན་ཆེན་ཚང་བའི་གཏོར་གཞོང་ཆེན་པོ་རུ། །ཞལ་ཟས་བདུད་རྩི་ཤ་ཆེན་དང་། །རཀྟ་དམར་དང་དཀར་གྱིས་བརྒྱན། །འབྱོར་ཚོགས་བཤམས་པའི་ལོངས་སྤྱོད་འདི། །ཞིང་ཁམས་རྒྱས་པར་བཀང་ནས་འབུལ་ལགས་ན། །སྔགས་བདག་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གཏོར་མར་སྨན་རཀ་སྦྲེང་ངོ་། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཀ་རཱི་མ་བརྒྱད། སིདྷ་མ་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉི་ཤུ་བརྩ་བརྒྱད། མཁའ་འགྲོ་སྡེ་གསུམ། ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་སྟོང་གསུམ་བདུད་རྩིར་བསྒྱུར་བའི་བཅུད་ཐམས་ཅད་བསྡུས་ནས་སོ་སོའི་ཞལ་དུ་སྟོབ་པར་བསམ། དེ་ནས་རཀྟ་འབུལ་བ་ནི། ཆང་ཕུད་དང་སྦྱར་ཏེ་འབུལ་ལ། ཧཱུྃ། རྣལ་འབྱོར་དབང་ཕྱུག་དགོངས་པ་བསྒྲུབ་པ་དང་། །མ་སྲིང་རྒྱ་མཚོ་མ་ལུས་བརྟེན་པ་དང་། །དཔལ་ཆེན་མ་མོའི་ཐུགས་དམ་བསྐང་བའི་ཕྱིར། །པདྨ་ཟིལ་ཐིག་དྲི་དང་སྦྱར་བ་ཡིས། །དུང་ཆེན་དམར་གྱིས་བཀང་བའི་རཀྟ་འདི། །མངའ་བདག་ཆེན་པོས་བཞེས་ལ་བྱིན་གྱིས་རློབས། །ཞེས་པས་གཏོར་མར་སྒྲེང་ངོ་། །དེ་ནས། ཧཱུྃ། ཐུགས་རྗེ་ཆགས་པའི་རང་བཞིན་གྱིས། །འགྲོ་བའི་དོན་ལ་དམིགས་པ་ཡི། །རཀྟ་དམར་གྱི་ཨརྒྷཾ་འདི། །བླ་མ་བདེ་གཤེགས་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་མ་ལུས་ལ། །བརྩེ་བའི་སེམས་ཀྱིས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་དབུལ་ལོ། །བདུད་རྩིའི་རྒྱ་མཚོ་ཆེན་པོ་ཕུལ་བས་མཉེས་པར་བསམ། འཇིག་རྟེན་པ་ལའང་དབུལ་ལོ། །དེ་ནས་ཕྱག་རྒྱ་གར་གྱི་མཆོད་པ་ནི། དཔལ་ཆེན་ཡབ་ཡུམ་རྣམས་ཀྱི་སྐུ་ཤིན་ཏུ་གསལ་བར་བལྟས་ལ། ཧཱུཾ། མི་གནས་དཔལ་ཆེན་མངོན་རྫོགས་ཧེ་རུ་ཀ །ལྷ་མོ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་འདིར། །རྣམ་དག་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །སྒྱུ་མའི་ཕྱག་རྒྱ་གསལ་ལ་ཕྱག་འཚལ་བསྟོད། །ཅེས་ཡི་གེ་བརྒྱ་པ་ཚར་གཅིག་བརྗོད། དེ་ནས་ཁ་བསྐང་བའི་ཕྱིར་བཤགས་པ་བྱ་བ་ནི། ཧཱུཾ། ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་ཁྲོ་རྒྱལ་གཙོ། །དཔལ་ཆེན་ཧེ་རུ་ཀ་ནི་མཐའ་དང་མཉམ། །དུས་དྲུག་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །ཐུགས་དང་འགལ་བ་མཆིས་ན་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས། །གནོང་ཞིང་འགལ་འཁྲུལ་མཆིས་པ་མཐོལ་ལོ་བཤགས། །རིག་འཛིན་སྒྲུབ་པ་པོ་ནི་ཆོས་ཉིད་ཐུགས་སུ་ཆུད། །མ་རིག་དབང་གིས་དེ་ལྟར་མ་རྟོགས་ཀྱང་། །མི་དགེ་ལོག་པའི་ལས་རྣམས་ཅི་བགྱིས་པ། །བསྟན་པ་སྲུང་བ་རྣམས་ལ་བཟོད་པར་གསོལ། །འདའ་ཀ་ཁས་བླང་དམ་ལས་གཡེལ་གྱུར་ཏེ། །རྡོ་རྗེ་སེམས་དཔའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སྦྱོར་སྒྲོལ་མཆོད་པ་ཏིང་འཛིན་མ་བཤམས་ཏེ། །ཀྲོ་དྷི་ཤྭ་རིའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྫས་དང་ཕྱག་རྒྱ་མངོན་དུ་མ་གྱུར་ཏེ། །ཀ་རཱི་མ་བརྒྱད་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཤ་ཁྲག་མཆོད་པ་གཞུང་བཞིན་མ་བཤམས་པས། །སིངྷ་མ་བརྒྱད་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཤར་ལྷོ་ནུབ་བྱང་སྒོ་བཞི་མ་གསལ་ཏེ། །ལྟ་གདོང་སྒོ་མ་བཞི་ཡི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཡོ་བྱད་ཚོགས་ནས་ཚོགས་ཀྱི་ཕུད་ཉམས་པས། །མཁའ་འགྲོ་དབང་ཕྱུག་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཚོགས་ལ་རོལ་ནས་ལྷག་མ་མ་ལུས་པས། །མ་མོ་བརྟན་མའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །སྐུ་བསྐྱེད་ཁྲོ་བོའི་ལུས་སུ་མ་གྱུར་པས། །སྔགས་འཇུག་ཕོ་ཉའི་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ཞེས་མེ་ཏོག་དོར་ལ་བཟོད་གསོལ་བྱའོ། །དོན་ལྔ་པ་ཡང་དག་ཐུགས་ཀྱི་མངོན་རྫོགས་རྒྱལ་པོ་ལ་འཛབ་དབུལ་བ་ནི། བཟླས་བརྗོད་བསྙེན་པའི་ལུང་དུ་རུ་ལུའི་འཛབ་བགྲང་བར་བྱ་སྟེ་རུ་ལུ་དབྱངས་ཀྱི་འདྲེན་སྟངས་དྲུག་སོགས་གཞན་དང་འདྲ། འདིར་ཕྲེང་བ་སྔགས་ཀྱི་རྣལ་འབྱོར་བསྒོམ་པ་ནི། བདག་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ན། ཨཱོྂ་ཁ་དོག་ལྔ་པ། ཐིག་ལེ་མཐིང་ཁ། ཟླ་ཚེས་དཀར་པོ། ཨ་དམར་པོ། ན་རོ་སེར་པོ། འ་ལྗང་གུ་དེའི་མཐར་གཡས་བསྐོར་དུ་བཟླ་བྱའི་སྔགས་ཀྱིས་བསྐོར་བར་དམིགས་ལ། སྐུའི་བསྙེན་པ་ནི། ཨཱོྂ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། གསུང་གི་བསྙེན་པ། ཨཱོྂ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཐུགས་ཀྱི་བསྙེན་པ། ཨཱོྂ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཡོན་ཏན་གྱི་བསྙེན་པ། ཨཱོྂ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཕྲིན་ལས་ཀྱི་བསྙེན་པ། ཨཱོྂ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཞེས་སྔགས་ཚན་ལྔ་པོ་ཆ་སྙོམས་སུ་གསལ་བ་དོད་པར་བཟླ། དེའང་དུས་བཞིར་ཏིང་ངེ་འཛིན་དང་མ་བྲལ་བར་བཟླ་བའི་ཐུན་དང་པོ་ལ་བསྙེན་པ། གཉིས་པར་ཉེ་བསྙེན། གསུམ་པར་སྒྲུབ་པ། བཞི་པར་སྒྲུབ་པ་ཆེན་པོའི་ཚུལ་དུ་བྱེད་པ་ལས། དང་པོ་གསུམ་རང་དོན། བཞི་པ་ནི་སྒོམ་ཚུལ་བླ་མའི་བྱིན་རླབས་དང་འབྲེལ་བ་སྟེ་དེའི་ཚུལ་གཞན་དུ་བཀོད་པ་ལྟར་རོ། །དེ་དག་གི་དུས་སུ་རྣམ་པ་ལྷའི་ཕྱག་རྒྱ། རང་བཞིན་སྐྱེ་བ་མེད་པ། ཉམས་མྱོང་བདེ་བ་ཆེན་པོར་ཤར་བ་ལ་རྣལ་འབྱོར་རྩེ་གཅིག་ཏུ་བྱའོ། །བཟླས་པ་གྲུབ་ནས་ཁ་སྐོར་དང་བཅས་མཆོད་བསྟོད་མདོར་བསྡུས་སྤྱི་ལྟར་སྤྲོས་ཀྱང་འགལ་བ་མེད། འདིར་ངེས་པར་གཏོར་ཆོག་བྱ་བར་གསུངས་པས། བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀར་ཨཱོྂ་ཁ་དོག་ལྔ་དང་ལྡན་པ་ལས་མ་དམར་སེར་གཅིག་ལག་པ་གཡོན་པའི་མཐིལ་དུ་བྱུང་། ཉི་མའི་དཀྱིལ་འཁོར་དུ་གྱུར། ལག་གཡོན་བསྟན། ཡང་ཨ་དཀར་པོ་ལག་པ་གཡས་པའི་མཐིལ་དུ་བྱུང་། ཟླ་བའི་དཀྱིལ་འཁོར་དུ་གྱུར། གཡས་པ་བསྟན། མཐེབ་ཆེན་གཉིས་སྦྲེལ་ལ། ཡང་ཧཱུྃ་སྔོན་པོ་ཞིག་འཕྲོས་མཐེབ་ཆེན་སྦྲེལ་བའི་བར་དུ་མགོ་མཐུར་ལ་བསྟན་པས་གཏོར་མ་ལན་གསུམ་དུ་དཀྲུགས་པས་དམ་ཚིག་གི་བདུད་རྩིར་གྱུར། ཨཱོྂ་ཨཱཿཧཱུྃ། ལན་གསུམ། གཡོན་པའི་ཉི་དཀྱིལ་ལས་བདུད་རྩི་བབས། ཨཱོྂ་ཨཱཿཧཱུྃ། གསུམ། གཡས་ཀྱི་ཟླ་དཀྱིལ་ལས་བདུད་རྩི་བབས། ཨཱོྂ་ཨཱཿཧཱུཾ། གསུམ། གཡས་བསྐོར་དུ་དཀྲུགས་ཚུལ་བྱ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་བསུང་ཕུན་སུམ་ཚོགས་པ་རོ་མཆོག་བརྒྱ་དང་ལྡན་པར་གྱུར། ཨཱོྂ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སཏྭ་ཧཱུྃ་སྭཱ་ཧཱ། ལན་བདུན་ནམ་གསུམ་བརྗོད། གཏོར་མགྲོན་བླ་མ་ཡི་དམ་མཁའ་འགྲོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ། འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ལ། ཨཱོྂ་གུ་རུ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ས་མཱ་ཛཿ ཨཱོྂ་དྷེ་བ་ཌཱ་ཀི་ནཱི་ཧཱུྃ་ཧཱུྃ་ས་མཱ་ཛཿ ཨཱོྂ་ཛོ་ཀི་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ས་མཱ་ཛཿ གདན་འབུལ། ཨཱོྂ་གུ་རུ་མ་དྷ་ལ། ཨཱོྂ་དྷེ་ཝ་མ་དྷ་ལ། ཨཱོྂ་ཛོ་ཀི་མ་དྷ་ལ། དེ་ནས་གཏོར་མ་འབུལ་བ་ནི། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བདུད་རྩི་དྲངས་ཏེ་གསོལ་བས་མཉེས་པར་གྱུར་པར་བསམ་ལ། ཨཱོྂ་གུ་རུ་ཌཱ་ཀི་ནི་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱོྂ་དྷེ་ཝ་ཌཱ་ཀི་ནི་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱོྂ་ཛོ་ཀི་ཌཱ་ནཱི་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རེ་རེ་ལ་ལན་གསུམ་གསུམ་བརྗོད་དོ། །དེ་ནས་ཚིགས་བཅད་ཀྱིས་དབུལ་བ་ནི། བྱིན་གྱིས་རློབ་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། རིམ་པ་དབང་གི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། ཤེས་རྒྱུད་གྲོལ་བའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ་སོགས་གོང་ལྟར་འགྲེའོ། །ངེས་པར་སྟོན་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ༴ བུདྡྷེ་ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ༴ བཛྲ་ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ༴ རཏྣ་ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ༴ པདྨ་ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ༴ ཀརྨ་ཧེ་རུ་ཀའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ༴ ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ༴ ཞིང་ལས་སྐྱེས་པའི་མཁའ་འགྲོ་མ། ཧེ་རུ་ཀའི་གནས་བཅུ། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་མཁའ་འགྲོ་མ་དང་། མཁའ་འགྲོ་མ་འབར་བའི་གདོང་ཅན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ༴ ལས་ལས་སྐྱེས་པའི་མཁའ་འགྲོ་མ། བུདྡྷ་རིགས་ཀྱི་མཁའ་འགྲོ་མ་དང་། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དང་། རིན་པོ་ཆེའི་རིགས་ཀྱི་མཁའ་འགྲོ་མ་དང་། པདྨའི་རིགས་ཀྱི་མཁའ་འགྲོ་མ་དང་། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་དང་། མཁའ་ལ་གཤེགས་མ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་མཆོད་པ༴ སྔགས་ལས་སྐྱེས་པའི་མཁའ་འགྲོ་མ། དབྱིངས་ཀྱི་ཡུམ་དྲུག །རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད། དབང་མོ་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས། ཤུགས་འགྲོ་བདུན་ཅུ་རྩ་བདུན། མ་བདུན་སྲིང་བཞི། འབར་མ་ལང་ཀ་རྒྱ་མཚོ། མཁའ་འགྲོ་མ་མཁའ་ལ་སྤྱོད་མ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩི་འབར་བའི་གཏོར་མ་བཞེས་ཤིག་ཁ་རཾ་ཁཱ་ཧི། གཞན་ཡང་བཀའ་དང་བསྟན་པ་སྲུང་ཞིང་འཁོར་དང་གང་ཟག་སྐྱོང་བའི་མགོན་པོ་དམ་ཚིག་ཅན་ཐམས་ཅད་ལ། དམ་རྫས་བདུད་རྩིའི་རྒྱན་གྱིས་བརྒྱན་པའི་འབར་བའི་གཏོར་མ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཞེས་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་སྤྱི་ལྟར་བཅོལ་ལོ། །དེ་ཡན་ཆད་སྒྲུབ་ཐབས་ཀྱི་དངོས་གཞིའོ། །དྲུག་པ་བཟའ་བ་ཚོགས་ཀྱི་ལུང་དུ་ཚོགས་འབུལ་བ་ལ་དོན་བདུན་གྱིས་བསྟན་ཏེ། དང་པོ་ཚོགས་རྣམ་པ་གསུམ་གྱི་སྟ་གོན་དུ་བྱ་བ་ལ། དགྱེས་ལྡན་ལྷའི་ཚོགས་སྤྱན་དྲངས་པ་ནི་འོག་ཏུ་བསྟན། སྐལ་ལྡན་མིའི་ཚོགས་དམ་ལྡན་གྱི་རྣལ་འབྱོར་ཚོགས་པས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཅི་འབྱོར་པ་བཤམ་མོ། །གཉིས་པ་བསང་ཐབས་རྣམ་པ་གསུམ་གྱིས་དྲི་མ་དག་པར་བྱ་བ་ནི། ཧཱུཾ། རཾ་རཾ་རཾ་ནི་ཡེ་ཤེས་མེ་ཡིན་ཏེ། །མེ་ཡི་སྙིང་པོ་རཾ་ཞེས་བྱ། །རཾ་ལས་ཡེ་ཤེས་མེ་བྱུང་བས། །བག་ཆགས་མ་ལུས་བསྲེག་པར་བྱ། །རཾ། ཡཾ་ཡཾ་ཡཾ་ནི་ཡེ་ཤེས་རླུང་ཡིན་ཏེ། །རླུང་གི་སྙིང་པོ་ཡཾ་ཞེས་བྱ། །ཡཾ་ལས་ཡེ་ཤེས་རླུང་བྱུང་བས། །བག་ཆགས་མ་ལུས་གཏོར་བར་བྱ། །ཡཾ། ཁཾ་ཁཾ་ཁཾ་ནི་ཡེ་ཤེས་ཆུ་ཡིན་ཏེ། །ཆུ་ཡི་སྙིང་པོ་ཁཾ་ཞེས་བྱ། །ཁཾ་ལས་ཡེ་ཤེས་ཆུ་བྱུང་བས། །བག་ཆགས་མ་ལུས་བཀྲུ་བར་བྱ། །ཁཾ། གསུམ་པ་སྦྱོང་ཐབས་རྣམ་པ་གསུམ་གྱིས་དངོས་པོ་དང་མཚན་མ་མེད་པར་སྦྱང་བ་ནི། རཾ་ཡཾ་ཁཾ། ལྷག་མཐོང་གི་མེ་ཡིས་བསྲེགས། ཡེ་ཤེས་ཀྱི་རླུང་གིས་གཏོར། །ཞི་གནས་ཀྱི་ཆུ་ཡིས་བཀྲུས་པས་དངོས་འཛིན་གྱི་དྲི་མ་མཐའ་དག་སྟོང་པར་གྱུར། བཞི་པ་བྱིན་རླབས་རྣམ་པ་གསུམ་གྱིས་ཁྱད་པར་གྱི་རྫས་སུ་བརླབ་པ་ནི། སྟོང་པའི་ངང་ལས། ཚོགས་གཏོར་རིན་པོ་ཆེའི་མཆོད་སྡོང་ནོར་བུའི་རྒྱལ་པོ་དགོས་འདོད་ཆར་བཞིན་དུ་འབེབས་པ་དང་། གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོ་མཆོད་རྫས་ཐོགས་པས་ནམ་མཁའི་ཁམས་གང་བ་དང་། བདུད་རྩིའི་རྒྱ་མཚོ་མུ་ཏིག་དྲི་མ་མེད་པའི་ཁ་དོག་ལྟ་བུ་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་སུ་ར་ཏོ་མ་ཧཱ་པཉྩ་ཤྲཱི་ཧེ་རུ་ཀ །མནྟྲ་ཛྭ་ལ་མ་དྷ་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ། ༀ་ༀ་ༀ། ཨཱཿཨཱཿཨཱཿ ཧཱུྃ་ཧཱུྃ་ཧཱུྃ། སྭཱ་སྭཱ་སྭཱ། ཧཱ་ཧཱ་ཧཱ། མ་ཧཱ་ས་མ་ཡ་ཕཊ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཚོགས་ཞིང་སྤྱན་འདྲེན་པ་ནི། མི་དམིགས་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཧཱུཾ། དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །ཁྲོ་བོའི་རྒྱལ་པོ་མཐའ་དག་དང་། །མ་མོ་མཁའ་འགྲོའི་ཚོགས་དང་བཅས། །ལྷ་དང་ལྷ་མིན་རྣལ་འབྱོར་པ། །རྣལ་འབྱོར་ལོངས་སྤྱོད་ཆེ་ལ་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བཛྲ་ཨ་རལླི་ཧྲཱིཾ་ཧྲཱིཾ། ཞེས་སྤྱན་དྲངས། ལྔ་པ་སྤྲོ་ཐབས་རྣམ་པ་གསུམ་གྱིས་དམིགས་པ་སོ་སོར་བཟུང་བ་ནི། རལ་གྲིས་ཚོགས་རྫས་རྣམས་ཚོ་གསུམ་དུ་བགོས་ལ། ཧཱུཾ། འདི་ནི་ཤེས་རབ་རལ་གྲི་སྟེ། །རིན་ཆེན་གཏེར་ཁ་འབྱེད་པ་དང་། །འདོད་ཡོན་རྣམ་ལྔ་འབྱུང་བ་སྟེ། །དྲི་མེད་བདུད་རྩི་འབྱུང་བ་དང་། །དགྲ་བགེགས་སྲོག་རྩ་གཅོད་པ་དང་། །དུག་ལྔ་རྩད་ནས་བཅད་པའི་ཕྱིར། །སྲོག་ཅན་རྒྱུ་དང་སྲོག་མེད་རྒྱུ། །འདི་ནི་སྲོག་མེད་རྒྱུ་ཡིན་ཏེ། །སྙིང་རྗེ་མེད་པས་བསྒྲལ་བར་བྱ། །ཞེས་ཞལ་གསུམ་དུ་འབུལ་བའི་རྫས་འདོད་ཡོན་བདུད་རྩི་ཤ་ཁྲག་ཏུ་དམིགས། དྲུག་པ་དབུལ་ཐབས་རྣམ་པ་གསུམ་གྱིས་བདག་གི་དོན་སྒྲུབ་པ་ནི། དང་པོ་གཡས་ཞལ་དཀར་བ་ལ་དམིགས་ཏེ་ཞི་བའི་ལྷ་ཚོགས་ལ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཞེས་མཆོད། གཉིས་པ་གཡོན་ཞལ་དམར་པོ་ཐུགས་རྗེ་གཤེ་བའི་ལྷ་ཚོགས་ལ་དམིགས་ནས་བཤགས་པ་འབུལ་བ་ནི། ཧཱུྃ། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ལུས་ཀྱིས་སྲོག་བཅད་སྡིག་པ་དངོས་སུ་བགྱིས། །ངག་གིས་རྫུན་སྨྲས་གཞན་ལ་ངན་དུ་བརྗོད། །སེམས་ཀྱིས་བློ་ནོར་ལོག་པར་བསམ་ལ་སོགས། །འདོད་ཁྲོ་གཏི་མུག་དབང་གིས་སྡིག་པ་ཅི་བགྱིས་པ། །བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་ཡི་བཀའ་འཁོར་གནས་པའི་ལྷ་སྲིན་རྣམས། །འདི་འདྲ་དམྱལ་སོགས་ཤིན་ཏུ་མི་བཟོད་པས། །གནོང་ཞིང་འགལ་འཁྲུལ་མཆིས་པ་བཟོད་པར་གསོལ། །ཞེས་དང་ཡིག་བརྒྱ་བརྗོད། གསུམ་པ་ཞལ་དབུས་མཐིང་བ་ལ་དམིགས་ཏེ་ཁྲོ་བོ་ཁྲག་འཐུང་གི་ཚོགས་ལ་སྟོབ་པ་བྱ་བ་ནི། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བཟའ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཧཱུཾ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲྭ་བར་ཆགས་པ་དང་། །དམར་ཆེན་པོ་ལ་རྒྱ་མཚོར་བསྐྱིལ། །འཁོར་གྱི་མ་ཚོགས་རྣམས་དང་རོལ། །དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ །ཁྲོ་རྒྱལ་ཁྲག་འཐུང་རྔམ་པའི་ཚོགས། །གཡོ་འགུལ་ཐམས་ཅད་བསྒྲལ་བའི་ཕྱིར། །གཟུགས་རྣམས་ཐམས་ཅད་ཧེ་རུ་ཀ །ཀ་རཱི་ལ་སོགས་ཟ་བྱེད་རྣམས། །སིངྷ་ལ་སོགས་གསོད་བྱེད་ཚོགས། །རྟ་གདོང་ལ་སོགས་འཆིང་སྡོམ་ཚོགས། །དབང་ཕྱུག་ལ་སོགས་བཀའ་ཉན་ཚོགས། །ཕོ་ཉ་ལ་སོགས་འཇོམས་བྱེད་ཚོགས། །ཆོམས་ཤིག་འཁོར་བ་རྩད་ནས་ཆོམ། །ཧ་ཧ་རུ་ལུ་མཆོད་པ་བཞེས། །ཞེས་ཞལ་དུ་བསྟབ་པར་བྱའོ། །བདུན་པ་སྦྱོང་ཐབས་རྣམ་པ་གསུམ་གྱིས་ཕྲིན་ལས་བཅོལ་བ་ནི། ཚོགས་ཟན་ལིང་གར་བཅོས་པ་ལ་རྟེན་བྱས་ཏེ། སྡང་དགྲ་གདོན་བགེགས་སུ་དམིགས་པ་དང་། གནོད་སེམས་ཀྱི་དུག་ཞི་བར་བྱེད་པ་དང་། ཉོན་མོངས་པ་ལྔ་ཡེ་ཤེས་སུ་སྦྱོང་བར་བྱེད་པའི་སེམས་ཀྱིས་ང་རྒྱལ་བསྐྱེད་པ་དང་། བདེན་སྟོབས་འགུགས་གཞུག་སྤྱི་མཐུན་དང་། ཧཱུྃ། འཁོར་གྱི་དམག་ཚོགས་དམ་ཚིག་ཅན། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །སློབ་དཔོན་ལ་ནི་བརྙས་བྱེད་ཅིང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་དང་། །སྙིང་ནས་སློབ་དཔོན་སྨོད་བྱེད་རྣམས། །མ་ཐོགས་མྱུར་དུ་དྲག་ཏུ་ཁུག །ཁྲོ་རྔམ་འབར་བའི་དཀྱིལ་འཁོར་དུ། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་པ། །མཚོན་ཆའི་རྒྱལ་པོ་ལྕགས་ཀྱུ་ཡིས། །འོག་མིན་དགའ་ལྡན་ལྷ་ཡུལ་ནས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ཞེས་བརྗོད་པས་ཁྲོ་ཆུང་མང་པོ་འཕྲོས་ནས་དགྲ་བགེགས་གང་ན་ཡོད་པ་དེ་ལྕགས་ཀྱུས་བཟུང་ནས་གཟུགས་དེ་ལ་ཐིམ་པར་བསམ་ལ། དེ་ནས་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་དྲག་སྔགས་སོ་ལྔ་པ་བརྗོད་ཅིང་ཕུར་པ་སྙིང་དཀར་ནག་མཚམས་སུ་བཏབ། འཁོར་བ་རྩད་ནས་བཅད་པར་བསམ། མཚོན་ཆ་སྣ་ཚོགས་ཀྱི་ས་ལིང་ག་དེ་གཏུབས་ལ། ཁྲོ་བོའི་ལྷ་ཚོགས་རྣམས་ལ་བསྟབ་པར་བྱ་སྟེ། ཧཱུཾ། ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཆེན་པོའི་ཚུལ་བསྟན་པ། །དཔལ་ཆེན་དགུ་དང་ཡུམ་ཆེན་དགུ། །གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །ཀ་རཱིའི་ཚོགས་དང་སེངྷའི་ཚོགས། །སྒོ་མའི་ཚོགས་དང་སྤོར་མའི་ཚོགས། །མཁའ་འགྲོ་དབང་ཕྱུག་ཆེན་མོའི་ཚོགས། །ཕུང་པོ་དཔལ་གྱི་ཞལ་དུ་བསྟབས། །འབྱུང་བ་ཡུམ་གྱི་ཞལ་དུ་བསྟབས། །རྣམ་ཤེས་ཀ་རཱིའི་ཞལ་དུ་བསྟབས། །ཡུལ་ནི་ཕྲ་མེན་ཞལ་དུ་བསྟབས། །ཡན་ལག་སྒོ་མའི་ཞལ་དུ་བསྟབས། །རུས་པ་མཁའ་འགྲོའི་ཞལ་དུ་བསྟབས། །ཁྲག་ནི་མ་མོའི་ཞལ་དུ་བསྟབས། །ཤ་ནི་ཕོ་ཉའི་ཞལ་དུ་བསྟབས། །སྲོག་ནི་གིང་ཆེན་ཞལ་དུ་བསྟབས། །ལྷག་མ་འཁོར་གྱི་ཞལ་དུ་བསྟབས། །ཡས་ཀྱི་བདུད་གཡོས་མཆོད་པར་བཞེས། །མས་ཀྱི་སྲི་ལངས་མཆོད་པར་བཞེས། །ཕ་ཁུའི་རྒན་སྲི་མཆོད་པར་བཞེས། །མ་བུའི་བྱུར་འདྲེ་མཆོད་པར་བཞེས། །བུ་ཚའི་ཕུང་སྲི་མཆོད་པར་བཞེས། །རྣལ་འབྱོར་དམ་སྲི་མཆོད་པར་བཞེས། །སྡང་བའི་དགྲ་རྣམས་མཆོད་པར་བཞེས། །གནོད་པའི་བགེགས་རྣམས་མཆོད་པར་བཞེས། །སྔགས་ཀྱི་སྔགས་ཟོར་མཆོད་པར་བཞེས། །ཆོས་ཀྱི་ཆོས་ཟོར་མཆོད་པར་བཞེས། །བོན་གྱི་བོན་ཟོར་མཆོད་པར་བཞེས། །རྒྱ་འདྲེ་སྟོང་མཚམས་མཆོད་པར་བཞེས། །རྨི་ལམ་ངན་པ་མཆོད་པར་བཞེས། །མཚན་མ་ངན་པ་མཆོད་པར་བཞེས། །སྦྱོར་བ་རྩུབ་པ་མཆོད་པར་བཞེས། །ལོ་སྐག་ཟླ་ཟུར་མཆོད་པར་བཞེས། །ཟ་སྐག་བདུད་ཞག་མཆོད་པར་བཞེས། །མི་མཐུན་ཕྱོགས་རྣམས་མཆོད་པར་བཞེས། །མཆོད་བཞེས་དམ་སྐོངས་མཐུ་རྩལ་དངོས་གྲུབ་སྩོལ། །ཞེས་ལིང་ག་གཏུབ་པ་དེ་གཏོར་མར་དབུལ་ལོ། །བདུན་པ་ལྷག་མ་མཇུག་སྡུད་ཀྱི་ལུང་དུ་ལྷག་མ་སྡུད་ཅིང་གཏོར་མའི་མཇུག་བསྐྱང་བ་ལ་ཕུད་དང་ལྷག་མའི་མཚམས་སྦྱོར་བ་ནི། ཧཱུྃ། བཅོམ་ལྡན་དཔལ་ཆེན་འཁོར་དང་བཅས་པ་རྣམས། །ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་འཇིགས་སྐུ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །ཆགས་མེད་པདྨ་འདྲ་བའི་སྤྱན་མངའ་བ། །མ་ཆགས་གསུང་གི་དངོས་གྲུབ་སྩལ་ཏུ་གསོལ། །འགྲོ་དྲུག་ཐུགས་རྗེས་སྒྲོལ་བའི་ཐུགས་མངའ་བ། །སྐྱེ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །འགྲོ་དྲུག་སྨིན་མཛད་བདེ་བའི་དོན་སྒྲུབ་པ། །ཕྲིན་ལས་རྩལ་གྱི་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་བརྗོད་ལ་མིག་བཙུམ་ནས་དམོད་བོར་ལ་ཚོགས་གཏོར་གྱི་ནང་ནས་གཅིག་དངོས་གྲུབ་ཏུ་བླངས་ལ་བཟའ། དེའང་ཤ་ལ་བབས་ན་མཐུ་ཆེ། ཟན་ཚེ་རིང་། འཁུར་བ་ལོངས་སྤྱོད་ཆེ། མར་ལ་རྟོགས་པ་ཆེ་བར་བཤད་དོ། །དེ་ནས་ཚོགས་རྫས་རྣམས་ནང་གི་སྦྱིན་སྲེག་ཏུ་ལོངས་སྤྱད་པའི་ལྷག་མ་ལ་ཚོགས་ཕུད་དང་པོ་དང་བར་པའི་ཆ་ཤས་བསྲེ། བདུད་རྩིའི་ཁ་ཕྲུ་བཏབ་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཡ་རྐན་དང་མ་རྐན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས། ལྷག་གཏོར་གྱི་མི་གཙང་བའི་དྲི་མ་སྦྱངས། བདུད་རྩི་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔའི་སྤྲིན་འཕྲོ་བར་གྱུར། ཨཱོྂ་ཨཱཿཧཱུཾ། ལན་གསུམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷག་མགྲོན་མར་གྱི་གནས་བདུན་གཡོག་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ཏེ་མདུན་དུ་འཁོད་པར་གྱུར། ཧཱུྃ། ནམ་མཁའ་སྟོང་ལ་དབང་བསྒྱུར་བའི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བྷྱོ། འཇིག་རྟེན་བྱ་བ་ལས་གྲུབ་པའི། །འབར་མ་ལང་ཀའི་རྒྱ་མཚོ་ཡང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཕྱོགས་བཅུར་མགྱོགས་པའི་ལས་བྱེད་པའི། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཏ་ཀྲྀ་ཏ་ལྕམ་མོར་ཞལ་བཞེས་པའི། །འབར་མ་ཆེན་མོ་བརྒྱད་རྣམས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཤ་ཁྲག་ཞལ་དུ་གསོལ་བྱེད་པའི། །དུར་ཁྲོད་དྲེགས་པའི་མ་བདུན་ཡང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །རྒྱལ་ཆེན་སྲིང་མོར་ཞལ་བཞེས་པའི། །སྲིང་མོ་ཆེན་མོ་བཞི་རྣམས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །རི་རབ་རྨངས་ནས་འདེགས་བྱེད་པའི། །དབང་གི་གྲུ་འདེགས་ཆེན་མོ་བཞི། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཕ་རོལ་དམག་དཔུང་འཇོམས་མཛད་པའི། །དམག་གི་རྒྱལ་མོ་མཆེད་བཞི་ཡང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཆོས་སྐྱོང་སྲུང་མར་དམ་བཅས་པའི། །བོད་ཁམས་བརྟན་མ་བཅུ་གཉིས་ཀྱང་། །ད་དུང་འཇིག་རྟེན་མ་འདས་ཀྱི། །རྣམ་ལྔའི་ལོངས་སྤྱོད་འདི་བཞེས་ལ། །འཇིག་རྟེན་ལས་ཀུན་ཁྱོད་ལ་བཅོལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཨཱོྂ་བཛྲ་ཀ་ལ་ས་པ་སི་བྷྱོ། ཞེས་ལྷག་མ་ཕྱི་རོལ་ཏུ་འབུལ་ལོ། །དེ་ནས་གཏོར་མ་ཚོ་གསུམ་དུ་བགོས་ཏེ། ཆོས་དབྱིངས་ཀྱི་གཏོར་མ་གཏེར་དུ་སྦེད་པ་ནི། ཧཱུྃ། ཐུགས་རྗེ་རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ། །སྣང་སྲིད་མཚན་མའི་བྱེ་བྲག་ཀུན། །སྣོད་ཀྱི་འཇིག་རྟེན་དབྱིངས་སུ་སྦ། །སྣོད་ཀྱང་བཅུད་ཀྱི་དབྱིངས་སུ་སྦ། །སྣོད་བཅུད་སྐྱེ་བ་མེད་པར་སྦ། །སྲིད་པ་ཟ་བྱེད་གཞལ་ཡས་ཁང་། །རྩི་ཤིང་བདུད་རྩི་རང་བྱུང་སྟེ། །འབྱུང་བ་ལྔ་དང་རིགས་ལྔ་ཡང་། །ཆོས་ཉིད་སྟོང་པའི་དབྱིངས་སུ་སྦ། །ཉོན་མོངས་དུག་ལྔའི་ངོ་བོ་ཡང་། །ཡེ་ཤེས་ལྔ་ཡི་དབྱིངས་སུ་སྦ། །མ་རིག་འཁྲུལ་པའི་ལོག་རྟོག་ཀྱང་། །མཉམ་སྣང་ཆེན་པོའི་དབྱིངས་སུ་སྦ། །རྫས་རྣམས་བྱང་ཆུབ་སེམས་སུ་བསྒོམ། །སྔགས་མཁན་ཐེག་མཆོག་རྒྱལ་པོར་བསྒོམས་ལ་གཏོར་མ་ཆ་གཅིག་པོ་དཀྱིལ་འཁོར་གྱི་གཞི་ལ་གཏེར་དུ་སྦ། ཕྱག་རྒྱ་ལྔས་རྒྱས་གདབ་ལ་བྲོ་བརྡུང་། དེས་བཀྲ་ཤིས། ནོར་ལ་མི་གཟན། དངོས་གྲུབ་འབྱུང་བའི་དགོས་པ་ཡོད་པར་གསུངས། དེ་ནས་ཡེ་ཤེས་རོལ་པའི་གཏོར་མ་སྦྱིན་སྲེག་ཏུ་འབུལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་རྣམས་མེ་ཐབ་ཀྱི་གཞལ་ཡས་ཁང་དུ་བསྐྱེད་ལ། ཚོགས་གཏོར་ཆ་གཅིག་མེ་མཆོད་དམ་སྦྱིན་སྲེག་གི་ཚུལ་དུ་འབུལ་ལོ། །ཐུགས་རྗེ་སྤྲུལ་པའི་གཏོར་མ་འགྲོ་བ་རྣམས་ལ་ཕན་གདགས་ཤིང་ཕྲིན་ལས་རྣམ་བཞིའི་དོན་འགྲུབ་པར་བྱ་བའི་ཕྱིར་སྲུང་མ་ལ་བསྐྱངས་ཏེ། དྲི་བཟང་གིས་བྱུགས་པའི་མཎྜལ་ལ་ཚོགས་གཏོར་ཆ་གཅིག་བཞག་ནས། བྷྱོ། ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །དཀར་མོ་དུང་གི་མཆེ་བ་ཅན། །ཕྱག་ན་དུང་གི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱེད་ཀྱིས་ཞི་བའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་བ་རྐྱེན་རྣམས་བཟློག །བྷྱོ། ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན། །རིན་ཆེན་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །སེར་མོ་གསེར་གྱི་མཆེ་བ་ཅན། །ཕྱག་ན་གསེར་གྱི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་རྒྱས་པའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན། །པདྨ་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །དམར་མོ་བསྭེ་ཡི་མཆེ་བ་ཅན། །ཕྱག་ན་བསྭེ་ཡི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱེད་ཀྱིས་དབང་གི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །བྷྱོ། བྱང་ནས་གཤེགས་པའི་རྣལ་འབྱོར་བདུན། །ལས་ཀྱི་རིགས་ཀྱི་བཀའ་ཉན་ཚོགས། །དྲུག་ནི་རྣལ་འབྱོར་གྲལ་ན་བཞུགས། །གཅིག་ནི་ཐབས་ཀྱི་སྒོ་མ་མཛད། །སྔོན་མོ་གཡུ་ཡི་མཆེ་བ་ཅན། །ཕྱག་ན་གཡུ་ཡི་གཞོང་པ་བསྣམས། །རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྱོད་ཀྱིས་དྲག་པོའི་ལས་མཛོད་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་ཕོ་མོ་ཡི། །བགེགས་རྣམས་བསྲུང་ལ་རྐྱེན་རྣམས་བཟློག །ཅེས་གཏོར་མ་ས་གཙང་སར་སྤུངས། དྲི་མ་ཡལ་བར་དུ་སྡུད་དུ་མི་གཞུག་གོ། །གཏོར་སྣོད་དེ་རྣམས་ཆ་གསུམ་དུ་ཕྱེ་ལ་ཆ་གཅིག་མ་བཤལ་བར་ཁ་ཡར་བསྟན་ལ་བཞག །ནང་དུ་ནས་སམ་མེ་ཏོག་གིས་བཀང་ལ་དཀོན་མཆོག་ལ་དབུལ། དེས་བཀྲ་ཤིས་པའི་དགོས་པ་ཡོད། ཆ་གཅིག་བཤལ་ཆུ་ཕྱིར་དོར། བཤལ་ཆུ་རེ་བའི་ཡི་དྭགས་ཚིམ་ཞིང་ཁོ་ཐག་ཆོད་པའི་དགོས་པ་ཡོད། ཆ་གཅིག་མི་བཤལ་བར་ཁ་སྦུབས་ལ། དགྲ་བགེགས་ཏིང་ངེ་འཛིན་གྱིས་བཀུག་ལ་འོག་ཏུ་བཅུག་སྟེ། བྲོ་བརྡུང་ལ་མནན་པ་བྱའོ། །བར་ཆད་ཞི་ནས་དགྲ་བགེགས་མི་ལྡང་བའི་དགོས་པ་ཡོད། ལས་ཀྱི་མཇུག་བསྡུ་བྲོ་བརྡུང་། མནན་པ་བྱེད་པའི་དུས་སུ་བྱིན་དབབ་ཅིང་། བྲོ་བརྡུང་བ་ཡིན་པས། དང་པོ་བྱིན་དབབ་པ་ནི། ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཧཱུྃ། འཕགས་མཆོག་ཐུགས་རྗེ་ཅན་གྱི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །དགྲ་བགེགས་འདུལ་བའི་དུས་ལ་བབ། །བྱིན་ཆེན་དབབ་པའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་བཅོལ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་བྱིན་དབབ་བོ། །དེ་ནས་བྲོ་བརྡུང་བ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་བཀུག་ལ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་བུདྡྷ་ཧེ་རུ་ཀ །བུདྡྷ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །ཁྲོ་ཆུང་སྤྲུལ་པས་བར་སྣང་གང་། །མ་མོ་མཁའ་འགྲོ་དབྱིངས་ན་རོལ། །ལྟ་བའི་ངང་ལ་གནས་པའི་ཕྱིར། །བྲོ་ནི་བར་ཆད་མེད་པའི་བྲོ། །ཚངས་པའི་དབྱངས་སུ་འདྲེན་པའི་ཕྱིར། །གླུ་ནི་བར་ཆད་མེད་པར་བླངས། །དཀྱིལ་འཁོར་རང་ལ་གནས་པའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བགྲངས། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཉོན་མོངས་ལྔ་ལ་བྲོ་བརྡུངས་པས། །དུག་ལྔའི་སྟེང་དུ་སྨན་ལྔ་ཤར། །ང་རྒྱལ་ས་ལ་བྲོ་བརྡུངས་པས། །ང་རྒྱལ་སྤངས་ནས་མཉམ་ཉིད་ཤར། །འདོད་ཆགས་ཆུ་ལ་བྲོ་བརྡུངས་པས། །འདོད་ཆགས་སྤངས་ནས་བདེ་ཆེན་ཤར། །ཞེ་སྡང་མེ་ལ་བྲོ་བརྡུངས་པས། །ཞེ་སྡང་སྤངས་ནས་སྟོང་ཉིད་ཤར། །ཕྲག་དོག་རླུང་ལ་བྲོ་བརྡུངས་པས། །ཕྲག་དོག་སྤངས་ནས་མཉམ་ཉིད་ཤར། །གཏི་མུག་ནམ་མཁར་བྲོ་བརྡུངས་པས། །གཏི་མུག་སྤངས་ནས་ཡེ་ཤེས་ཤར། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཁྲི་གདུགས་བརྒྱ་ཤར་སྟོང་ཤར་བས། །ཡེ་ཤེས་ཉི་མ་གཅིག་ཤར་དྲོ། །ཤར་ཙམ་ཉིད་ནས་ནུབ་པ་མེད། །ང་ནི་དཔལ་ཆེན་ཧེ་རུ་ཀ །རྐང་པ་གཡས་པས་བྲོ་བརྡུངས་པས། །རྣལ་འབྱོར་ཕོ་སྲི་མནན་པའི་བྲོ། །རྐང་པ་གཡོན་པས་བྲོ་བརྡུངས་པས། །རྣལ་འབྱོར་མོ་སྲི་མནན་པའི་བྲོ། །རྐང་པ་གཉིས་ཀས་བྲོ་བརྡུངས་པས། །རྒྱབ་ཉན་རྐུན་བུ་མནན་པའི་བྲོ། །རྨིག་པ་ལྕགས་ཀྱིས་བྲོ་བརྡུངས་པས། །ས་བདག་ས་སྲི་མནན་པའི་བྲོ། །སྦའ་མ་དེ་ནི་མི་སྦ་རུ། །རྒྱ་མཚོ་ཆེན་པོའི་གཏིང་དུ་སྦ། །མནན་ནམ་དེ་ནི་མི་མནན་ན། །རི་རབ་ཆེན་པོའི་རྨངས་སུ་མནན། །བསྐལ་པ་བརྒྱར་ཡང་མ་ལྡང་ཞིག །རྣལ་འབྱོར་དམ་ལས་མ་འདའ་ཞིག །རྒྱ་ལ་འདའ་ན་རྡུལ་དུ་རློག །སུམ་བྷ་ནི་སོགས། སྟྭཾ་བྷ་རཀྵ་མཱ་ར་ཡ་ནན། ཞེས་མནན་པ་བྱའོ། །འདི་ལ་རྗེས་ཆོག་མཆོད་བསྟོད་མ་བཤད་པས་དགོས་པར་མ་མངོན་ཀྱང་རྟོགས་བསམ་འཆུན་ན་སྤྱི་ལྟར་མདོར་བསྡུས་དང་། ནོངས་བཤགས་བཟོད་གསོལ་བྱ། བཀྲ་ཤིས་རྒྱས་པར་བརྗོད་ཅིང་རོལ་མོ་བསྒྲག །རང་དོན་ལ་ཡེ་ཤེས་པ་མི་གཤེགས། གཞན་དོན་ལ་གཤེགས་པར་བཤད། ཚོགས་མགྲོན་སོགས་རྟེན་དང་རས་བྲིས་ཡོད་ན་བརྟན་བཞུགས་གསོལ། དམ་ཚིག་གི་དཀྱིལ་འཁོར་གཞལ་ཡས་ཁང་དང་བཅས་པ་གཙོ་བོ་ལ་ཐིམ། གཙོ་བོ་ཐུགས་སྲོག་ཨཱོྂ་ལ་བསྡུ། དེ་ཉིད་གྱེན་རྫོགས་སུ་རིམ་པར་བསྡུས་ནས་ཐིག་ལེ་ལ་ཐིམ། དེའང་འོད་གསལ་གྱི་དབྱིངས་སུ་ཡལ་བར་གྱུར། ཅེས་བསྒོམ་ལ་བརྡ་བཞི་ཚུལ་བཞི་དང་ལྡན་པས་རྫོགས་རིམ་གྱི་རྟོགས་པ་ཡུན་རིང་བསྐྱང་། སླར་སྐད་ཅིག་གིས་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་སྐུར་གྱུར་པའི་དཔྲལ་བར་ཨཱོྂ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལུས་ཐམས་ཅད་རྡོ་རྗེའི་གོ་ཆས་གཏམས་པར་གྱུར་པར་བསམ་ལ་རྩ་སྔགས་རུ་ལུ་བཅས་བརྗོད། བསྔོ་སྨོན་ཁྱད་པར་ཅན་གྱིས་མཐའ་བརྒྱན་པར་བྱའོ། །འདིའི་ཐོག་མའི་རྒྱ་མཚོ་ཁྲུས་ལུང་ནི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས་རྣམ་པ་ཀུན་ཏུ་གྲུབ་ན་ལེགས་ཤིང་། སྒོ་གསུམ་ལས་ཀྱི་སྤྱོད་པ་ནི་ཕྲིན་ཆོག་དཀྱུས་ཙམ་ལ་མ་གྲུབ་ཀྱང་ཆོག་གོ། །དེང་དུས་ཕལ་ཆེར་ཆོས་ལ་དབང་ཟ་ཞིང་། །རྟོག་གེས་སྙེམས་རྣམས་འདི་འདྲར་བརྙས་ཐབས་རྩོམ། །གཞན་དག་གལ་ཆུང་སྙོམས་ལས་ཁོ་ནས་གཡེངས། །ཚུལ་འདིར་བྱི་དོར་བགྱིད་པ་ཤིན་ཏུ་དཀོན། །དེ་ཕྱིར་ལྷག་པའི་བསམ་པས་ཀུན་བསླངས་ཤིང་། །རང་བློན་གང་དབོགས་གསལ་བར་བཀོད་ན་ཡང་། །ནོངས་པ་གང་མཆིས་རྩ་གསུམ་ཆོས་སྲུང་ལ། །སྙིང་ནས་བཤགས་སོ་དག་ཚངས་བྱིན་རླབས་སྩོལ། །དགེ་བས་སྐྱེ་བ་འདི་དང་སྐྱེ་བ་གཞན། །འོད་གསལ་རྡོ་རྗེའི་སྙིང་པོའི་སྐལ་ལྡན་དུ། །གྱུར་ནས་གཞོན་ནུ་བུམ་སྐུར་མངོན་བྱང་ཆུབ། །ཁམས་གསུམ་འགྲོ་རྣམས་དབྱིངས་སུ་སྒྲོལ་བྱེད་ཤོག །འདིའི་གཞུང་གི་ཡིག་རྙིང་ལ་མངོན་རྟོགས་མི་གསལ་ཞིང་ཡིག་ནོར་རྒྱུན་འབྱམས་སུ་མངོན་པའང་མང་ཞིག་སྣང་བ་སོགས་ཀྱིས། ཁྱབ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། ཆོག་བསྒྲིགས་ཁ་གསལ་ཞིག་ཅིས་ཀྱང་འོས་པའི་བཀའི་གནང་བ་སྩལ་བ་དང་། རང་འདྲའི་བློ་དམན་ལ་ཕན་དུ་རེ་བས། ཕྲིན་ལས་སྒྲུབ་ཐབས་ལྷན་ཐབས་མཆན་རྙིང་རྣམས་ཀྱི་དགོངས་པ་བསྟུན་ཏེ་བཀླག་ཆོག་གི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཀློང་སྡེ་རྡོ་རྗེ་ཟམ་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་ཆོག་ཁྲིགས་སུ་བཀོད་པ་ཡེ་ཤེས་ཆུ་རྒྱུན། བློ་གྲོས་མཐའ་ཡས།
ཀློང་སྡེ་རྡོ་རྗེ་ཟམ་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་ཆོག་ཁྲིགས་སུ་བཀོད་པ་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཡ། བརྡའ་དང་ཚུལ་བཞིའི་གནད་ཀྱིས་དུས་ཐུང་ངུར། །འོད་སྐུར་གྲོལ་བྱེད་མཆོག་གསང་ཨ་ཏིའི་ལམ། །སྟོན་མཛད་རིག་འཛིན་རྩ་བརྒྱུད་བླ་མ་དང་། །དཔལ་ཆེན་མཁའ་འགྲོའི་ཚོགས་ལ་གུས་ཕྱག་འཚལ། །སྨིན་བྱེད་ཐབས་ཚུལ་རྒྱས་བསྡུས་ཇི་སྙེད་པས། །ནམ་ཡང་མི་བསྐྲུན་བརྡ་ཐབས་བྱིན་རླབས་ཀྱིས། །དབང་རྣོན་སྐད་ཅིག་གྲོལ་བྱེད་རྫོགས་པ་ཆེའི། །བཀའ་སྲོལ་བདུད་རྩིའི་ཡང་ཞུན་བཏུང་བར་བྱོས། །ཀློང་སྡེ་སྣ་བརྒྱུད་རྡོ་རྗེ་ཟམ་པའི་རྣལ་འབྱོར་དུ་བྱ་བའི་རིམ་པ་གསུམ་པ་སྨིན་པ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་ཆོ་ག་རྒྱས་པར་བྱ་བ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་དཀྱིལ་འཁོར་དང་རྫས་བཤམས་པ་ནི། སྟེགས་གཙང་མའི་སྟེང་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། ལྟེ་བ་ཟླུམ་སྐོར་རིམ་པ་ལྔ་བསྐོར་བའི་དབུས་མཐིང་ག །དེ་རྒྱབ་ལྗང་གུ། དེ་རྒྱབ་སེར་པོ། དེ་རྒྱབ་དམར་པོ། དེ་རྒྱབ་དཀར་པོ། དེའི་ཕྱི་ལ་ཆོས་འབྱུང་བསྣོལ་མའི་སྟེང་དམར་པོ། འོག་མཐིང་ག །གཞི་སེར་པོ་བྱ། ཆོས་འབྱུང་ཟུར་དྲུག་གི་རྩེ་མོར་རྡོ་རྗེ་སེར་པོ་བྲི་བའང་ཡོད་པས་དེ་ལྟར་ན་ཆོས་འབྱུང་གི་ཕྱི་ལ་ཟླུམ་སྐོར་ཡངས་པ་བྱ། དེ་རྒྱབ་ཟླུམ་སྐོར་རིམ་པར་གསུམ་གྱི་དང་པོ་ཉི་དཀྱིལ་དམར། གཉིས་པ་ཟླ་བ་དཀར། གསུམ་པ་སྣ་ཚོགས་པདྨ་བྲི། དེ་རྒྱབ་གྲུ་བཞི་རིམ་པ་གཉིས་བཅད་པའི་ནང་མ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་། དེ་རྒྱབ་མུ་རན་ཤར་དམར། ལྷོ་ལྗང་། ནུབ་དཀར། བྱང་མཐིང་ག་ཅན་གྱི་དཀྱིལ་འཁོར་བཞེངས་། དེའི་དབུས་སུ་ཁྲིའུ་ལ་འབྲུ་ཡིས་བཀང་བའི་སྣོད་དུ་རིན་པོ་ཆེའི་བུམ་པ་དྲི་བཟང་ཆུ་དང་ཉེར་ལྔའི་རྫས་ཀྱིས་བཀང་བ་ལ་མགུལ་ཆིངས་ཁ་དོག་ལྔ་ལྡན་གུ་གུལ་གྱིས་བདུག །སུམྦྷ་ནིའི་སྔགས་ཀྱིས་བགེགས་བསྐྲད་ལ་བཞག །དེའི་སྟེང་ཀ་པཱ་ལ་དུམ་བུ་གཅིག་པའི་ནང་སིནྡྷུ་རས་བྱུགས་པ་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཨཱོཾ། རྩིབས་དྲུག་ལ། ཨཱཿཨྃ་ཧཱུྃ་ཧྲཱིཿབྷྲཱུྃ་ཧཾ་ཞེས་པའི་འབྲུ་དྲུག་མགོ་ནང་བསྟན་དུ་བྲིས་པའི་ནང་ཆང་དང་ཆོས་སྨན་སྦྱར་བས་བཀང་་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ། ཆོས་འབྱུང་སྔགས་བཅད་སྔ་མ་ལྟར་བྲིས་པས་བཀབ་པའི་སྟེང་བྱང་སེམས་དཀར་དམར་གྱི་རིལ་བུ་བཞག་ལ་དར་དཀར་དམར་གྱིས་དགབ། དེ་ལ་རིལ་བུ་ནི། བྱང་སེམས་དཀར་པོ། ཅོང་ཞི། གངས་ཏིག །ཅུ་གང་། དཀར་པོ་ད་བྱིད་མཆན། གཅིག་ཐུབ། ཀ་ར་རྣམས་ཆ་མཉམ་སྦྱར་བ་དཀར་པོ་དང་། བྱང་སེམས་དམར་པོ། སིནྡྷུ་ར། མེ་ཏོག་དམར་པོ། པད་རག་སོགས་རིན་པོ་ཆེ་དམར་པོ། འབྲུ་དམར་པོ། བུ་རམ་རྣམས་སྦྱར་བ་དམར་པོ་སྟེ་གཉིས་ཀ་མར་གྱིས་རིལ་བུར་བསྒྲིལ་བ་སློབ་མའི་གྲངས་མཉམ་བྱས་ལ། དཀར་པོ་དར་དཀར་དང་དེ་རྒྱབ་དར་དམར་གྱིས་དྲིལ། དམར་པོ་དར་དམར་དང་དེ་རྒྱབ་དཀར་པོས་དྲིལ་ལ་བཞག །རྒྱབ་མདུན་གང་བདེར། བླ་མ་དང་ཡི་དམ་གྱི་གཏོར་མ། མཁའ་འགྲོ་ལ་གཏོར་མ་གསུམ་ཤ་ཁྲག །རྩི་སྨན། དཀར་མངར་གྱིས་བརྒྱན་པའམ་ལས་བྱང་དུ་བཤད་པ་ལྟར་དང་། འབྲུ་མར། རྩི་མར། ཞུན་ཆེན་གྱི་མར་མེ་མཚན་ཐུབ་གསུམ། ཉེ་སྤྱོད་ལྔ་རྣམས་ཀྱིས་མཐའ་བསྐོར། གཞན་ཡང་དམ་རྫས། ཚེ་བུམ། རྡོ་རྗེའི་ཚིག་རྐང་བྲིས་པའི་ཚུལ་ཤིང་། སྒོམ་ཐག །སྒོམ་རྟེན། ལས་བུམ། ཅོད་པན་རྣམས་དང་། ཚོགས་ཀྱི་ཡོ་བྱད། མཆོད་གཏོར་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །བྱིན་འབེབས་ཀྱི་དུས་སུ་མཁའ་འགྲོ་མ་གསང་བའི་སྤོས་སྦྱོར་གལ་ཆེ་བས་གཞུང་དུ་འབྱུང་བ་ལྟར་འགྲུབ་ན་ལེགས་སོ། །གཉིས་པ་དངོས་གཞི་ལ་གཉིས། བྱིན་གྱིས་བརླབ་པ་དང་། ཆོ་གའི་རིམ་པའོ། །དང་པོ་ནི། ལས་བྱང་གི་དབུར་བཀོད་པ་ལྟར་ཕྱི་ནང་གི་རྒྱ་མཚོ་ཁྲུས་ལུང་དང་། སྒོ་གསུམ་ལས་ཀྱི་སྤྱོད་པ་སྔོན་དུ་བཏང་ལ། མཎྜལ་གྱི་དབུས་སུ་གུ་སེར་པོ། གུ་ལང་མཎྜ་ལ་ཧཱུྃ། གསེར་གྱི་ས་གཞིར་གྱུར། དེའི་སྟེང་དུ་པྃ་ཡིག་ཁ་དོག་ལྔ་པ། པྃ་པདྨ་མཎྜ་ལ། སྣ་ཚོགས་པདྨ། ཨ་དཀར་པོ། ཨ་ཙནྡྲ་མཎྜ་ལ། ཟླ་བའི་དཀྱིལ་འཁོར། མ་དམར་པོ། མ་སཱུཪྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར། དེ་དག་གི་དབུས་སུ་ཆོས་འབྱུང་བསྣོལ་མ་དམར་པོ། དེའི་ནང་དུ་བ་མཐིང་ག །བ་ཏི་ཏིཥྛ། བ་ཏི་སྔོན་པོའི་གདན། དེའི་སྟེང་བ་ཏི་དམར་པོ། བ་ཏི་ཏིཥྛ། བ་ཏི་དམར་པོའི་གདན། དེའི་སྟེང་དུ་བྷྲཱུཾ་ཡིག །བྷྲཱུྃ་ཏིཥྛ། སྣ་ཚོགས་པདྨའི་གདན་གེ་སར་དང་བཅས་པ་དེ་དག་གི་ཤར་ཕྱོགས་སུ་ཀེ་དཀར་པོ། ཀེ་ཀེ་རུ་མཎྜ་ལ། ཀེ་རུ་དཀར་པོའི་ཞིང་ཁམས། ལྷོ་ཕྱོགས་སུ་བཻ་མཐིང་ག །བཻ་ཌཱུཪྻ་མཎྜལ་སྔོན་པོའི་ཞིང་ཁམས་ནུབ་ཕྱོགས་སུ་པྃ་དམར་པོ། པདྨ་རཱ་ག་མཎྜ་ལ། པད་རག་དམར་པོའི་ཞིང་ཁམས། བྱང་ཕྱོགས་སུ་ཨིནྡྲ་ནཱི་ལྗང་གུ། ཨིནྡྲ་ནཱི་ལ་མཎྜ་ལ། ཨིནྡྲ་ནཱི་ལ་ལྗང་གུའི་ཞིང་ཁམས་སུ་གྱུར། གཉིས་པ་རྫས་བྱིན་གྱིས་བརླབ་པ་ལ་གསུམ་ལས་བུམ་པ་བྱིན་རླབས་ནི། དཀྱིལ་འཁོར་དབུས་ཀྱི་པདྨ་གེ་སར་གྱི་སྟེང་དུ་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཨཱོྂ་ཡིག་ཁ་དོག་ལྔ་ལྡན། ཐིག་ལེ་མཐིང་ག །ཟླ་ཚེས་དཀར་པོ། ན་རོ་སེར་པོ། ཨ་དམར་པོ། འ་ལྗང་གུར་ཡོད་པ་དེ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་དབུའི་གཙུག་ཏོར་ལས་ཐོན་ནས་བུམ་པའི་ནང་དུ་ཐིམ་པར་བསམ། ཨཱོྂ་ཤྲཱི་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཞེས་སྟོང་ཕྲག་བཟླ། ཐོད་པ་བྱིན་རླབས་ནི། ཀ་པཱ་ལ་ཡི་ནང་དུ་ཨཱཿདམར་སེར་གཅིག་གསལ། དེ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། གསུང་གི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ལྗགས་ཀྱི་དབང་པོ་ལས་ཐོན་ནས་ཀ་པཱ་ལའི་ནང་དུ་ཐིམ་པ་བསམ། ཨཱོྂ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་སྟོང་ཕྲག་བཟླ། མེ་ལོང་བྱིན་རླབས་ནི། མེ་ལོང་གི་ནང་དུ་ཧཾ་དཀར་པོ་ཞིག་གསལ། དེ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པ་ཐུགས་ཀ་ནས་ཐོན་ཏེ་མེ་ལོང་གི་སྟེང་དུ་ཐིམ་པར་བསམ། ཨཱོྂ་ཨཱཿཨཾ་ཧཾ་ཧཱུྃ་ཧྲཱིཿབྷྲཱུྃ། ཞེས་སྟོང་ཕྲག་བཟླའོ། །གཉིས་པ་ལའང་གཉིས། ཕྲིན་ལས་དང་། བྱིན་རླབས་ཀྱི་ཆོ་གའོ། །དང་པོ་ནི་ལས་བྱང་གི་བགེགས་བསལ་བ་དང་། བརྒྱུད་འདེབས་ནས་བརྩམ་མཐར་ཆགས་སུ་བཏང་། དཀྱིལ་འཁོར་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་སུ་བསྐྱེད། གཞུང་གི་བཟླས་པ་གྲུབ་ནས། སྐུ་གསུང་ཐུགས་ཀྱི་ཧེ་རུ་ཀ་གསུམ་གྱི་སྙིང་པོ་གོང་གསལ་སོ་སོར། ཨཱོྂ་ཨཱོྂ་ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཡ་ཧཱུྃ། ཨཱོྂ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བཏགས་པ་ཅི་ནུས་བཟླ་ཞིང་བྱིན་རླབས་བསྡུ་བའི་དམིགས་པ་བྱ། ཚེ་བུམ་ཚེ་དཔག་མེད་དུ་གསལ་བ་ལས་སྤྲོ་བསྡུ་སྤྱི་ལྟར་བྱས་ལ། ཨཱོྂ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ། ཨ་ཡུརྫྙཱ་ན། སརྦ་རོ་པ་སིདྡྷི་སྭཱཧཱ། ཞེས་བརྒྱ་སྟོང་ཅི་འགྲུབ་བཟླ། དེ་ནས་གཏོར་ཆོག་དང་། ཚོགས་མཆོད་ལྷག་མ་ཡན་ཆད་གྲུབ་པར་བྱ། གདོད་ནས་འཁོར་འདས་ཐམས་ཅད་ཀུན་ཏུ་བཟང་མོའི་ཀློང་ཆེན་གཅིག་ཏུ་རྫོགས་པའི་ལྟ་བའི་གདེང་བསྐྱེད་པ་ལས་སྤྲོས་བཅས་ཀྱི་བདག་འཇུག་མི་དགོས་སོ། །གཉིས་པ་བྱིན་རླབས་ཀྱི་ཆོ་ག་ལ་སྤྱི་དོན་བཅོ་ལྔར་བཤད་པའི་དང་པོ་རྒྱུད་སྦྱོང་བ་ནི། ཁྲུས་ཀྱི་བུམ་པས་སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱ། བགེགས་བསྐྲད་ཅིང་ནང་དུ་ཞུགས་ནས་སྲུང་འཁོར་བསྒོམ། སྐྱབས་འགྲོ་དང་ཁྱད་པར་སེམས་བསྐྱེད་ཀྱི་སྡོམ་པ་སྔོན་དུ་མ་ཐོབ་པ་ཡིན་ན་སྐྱབས་སེམས་སྡོམ་ཆོག་ལུགས་འདིར་ཟུར་དུ་འབྱུང་བ་ཉིད་གལ་ཆེ་བས་ངེས་པར་ཕོག །དེ་དག་ཐོབ་ཟིན་པ་ལ་སྐབས་འདིར་མདོར་བསྡུས་ཙམ་བྱ་སྟེ། དེ་ལ་ཁྱེད་རང་རྣམས་ཐེག་པ་ཆེན་པོའི་ཡང་རྩེ་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པ་ལ་དང་པོ་ཐུན་མོང་གི་ལམ་དུ་རྒྱུད་སྦྱོང་བ་གལ་ཆེ་བས། མདུན་གྱི་ནམ་མཁར་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པ་དང་། རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་རྣམས་རེ་རེ་བཞིན་གསལ་འདེབས་ཤིང་། སྨོན་པ་དང་འཇུག་པའི་བསམ་སྦྱོར་ཕུན་སུམ་ཚོགས་པ་དང་ལྡན་པས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ལས་བྱང་ལྟར། རྡོ་རྗེ་སློབ་དཔོན་སོགས་ནས། འགྲོ་བ་སྒྲོལ་བར་ཤོག །བར་ལན་གསུམ་བརྗོད་དུ་གཞུག །གཉིས་པ་གདན་ལ་བཞུགས་པ་ནི། རས་སམ་སྣམ་དཀར་གྱི་གདན་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། ལག་ཏུ་རྡོ་རྗེ་འཇུར་བཅུག་ལ། དེ་ལྟར་རྒྱུད་རྣམ་པར་དག་པར་བྱས་པའི་སློབ་མ་ཉིད་གཉིས་པ་དབང་སྟེགས་ཀྱི་གདན་ལ་བཞག་པར་མོས་ཤིག །འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། སྐལ་ལྡན་འབད་པ་མེད་པར་གྲོལ། །བདེ་བའི་སྟན་ལ་འདུག་ནས་ནི། །ཆོས་དང་ཆོས་ཉིད་བསྒོམ་པར་གྱིས། །ཞེས་པས་གདན་ལ་བཞག་གོ། །གསུམ་པ་རྡོ་རྗེ་རྩེ་མོའི་དཀྱིལ་འཁོར་གཉན་པོར་ཞུགས་ཕྱིན་ཆད་དམ་ཚིག་གི་གནས་ལས་འདས་ན་ཕུང་བར་འགྱུར་ཅིང་སྲུང་ན་དངོས་གྲུབ་མཐའ་དག་འཐོབ་པར་འགྱུར་བས་དཔང་པོའི་ཚུལ་དུ་མནའ་ཆུ་སྦྱིན་པའི་དོན་ངེས་པར་གྱིས་ཤིག །ནང་མཆོད་སྦྱིན་ལ། ཧཱུྃ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེགས་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །ཁྱོད་ཀྱིས་དམ་ཚིག་ཆུ་འདི་འཐུང་། །ཨཱོྂ་བཛྲ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུྃ། ཞེས་དམ་ཆུ་བླུད། བཞི་པ་རྒྱུད་ལ་ཡེ་ཤེས་བསྐྱེད་པར་བྱ་བ་ལགས་ཏེ། ཡེ་ཤེས་འདི་ནི་ཡེ་ཤེས་ཆེ། །ཡེ་ཤེས་དམ་པ་ཡོད་མེད་ཤེས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཤེས། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་ཅོད་པན་མགོར་བཞག །དེ་ནས་སེམས་བསྐྱེད་གསལ་གདབ་ཅིང་ལོ་རྒྱུས་མདོར་བསྡུས་སྤྲོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིགས་ཀུན་ཁྱབ་བདག་ཀུན་བཟང་གདོད་མའི་མགོན་པོའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དཔལ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་གསན་པར་ཞུ། དེ་ལ་གསན་བྱ་དམ་པའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་མཆིས་པ་ལས་སྐབས་སུ་བབས་པ་འདི་ནི་སྔ་འགྱུར་རྙིང་མའི་བཀའ་སྲོལ་ལ་ཐེག་པ་རིམ་པ་དགུར་གྲགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནང་དབང་བསྒྱུར་ཐབས་ཀྱི་ཐེག་པ། དེ་ལའང་ཐབས་དང་ཤེས་རབ་དང་ཟུང་འཇུག་གི་རྣལ་འབྱོར་གཙོར་བཏོན་པའི་དབང་ལས་མ་ཧཱ་ཨ་ནུ་ཨ་ཏི་སྟེ་ཡོ་ག་རྣམ་པ་གསུམ་ལས་འདིར་ཐམས་ཅད་ཀྱི་ཡང་རྩེ་ཨ་ཏི་ཡོ་ག །དེ་ལའང་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་དང་གསུམ་དུ་བཞུགས་པ་ལས་འདིར་ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་ནམ་ཡང་འདར་མེད་པ་སྟོན་པས་ཀློང་གི་སྡེ་ཡིན། འདི་ལ་རྒྱུད་ལུང་མན་ངག་གི་རིམ་པ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་། དེ་དག་ལས་ཕལ་མོ་ཆེ་ཞིག་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་རིག་འཛིན་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་སློབ་དཔོན་ཆེན་པོ་ཤྲཱི་སེདྷ་ལས། རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་དཀའ་བ་མང་དུ་སྤྱད་ནས་གསན་ཏེ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལ་སོགས་པ་བོད་དུའང་བསྒྱུར། ལོ་ཙཱ་བ་ཉིད་ཀྱང་འཇའ་ལུས་ཀྱི་གྲུབ་མཐར་གཤེགས་ཤིང་གདམས་ངག་སྤང་མི་ཕམ་མགོན་པོ་ལ་ཆིག་བརྒྱུད་དུ་གནང་བས་དེས་མཚོན་རྒྱུད་པ་ལྔའི་བར་དུ་འཇའ་ལུས་སུ་གཤེགས་པ་ཤ་སྟག་བྱུང་། དེ་ལས་ཀྱང་གདོད་མའི་བཙན་ས་ཟིན་པའི་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་རྣ་བརྒྱུད་རྡོ་རྗེ་ཟམ་པ་ལས་དབང་གི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་སུ་གྲགས་པའི་ཆོ་ག་རྒྱས་པ་བགྱི་བ་ལ་བདག་ཉིད་ཀྱི་བགྱི་བར་འོས་པ་རྣམས་མ་ཚང་བ་མེད་པ་གྲུབ་ཟིན། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ལྔ་པ་གསོལ་བ་གདབ་པ་ནི། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མ་མཆིས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་འདིའི་རྗེས་ཟློས། སློབ་དཔོན་དག་ནི་དཔལ་ཆེན་པོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ནི་ཚུལ་ཆེན་སྣོད་ཡིན་ཏེ། །ཞེས་གསོལ་བ་ལན་གསུམ་དུ་གདབ་བོ། །དྲུག་པ་གནང་བ་སྩལ་ཞིང་སྐལ་པ་འདྲི་བ་ལགས་ཏེ། རིགས་ཀྱི་བུ་ཁྱོད་གང་ལ་དགའ། །ཞེས་པའི་ལན་གདབ་པ་འདིའི་རྗེས་ཟློས། བདག་ནི་བདེ་བ་ཆེན་པོའི་སྐལ་བཟང་ལ་དགའ། ཞེས་ལན་གདབ་བོ། །བདུན་པ་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་བཟུང་སྟེ་དཀྱིལ་འཁོར་གྱི་ནང་དུ་གཞུག་པར་མོས་ཤིག །རྡོ་རྗེེ་ལག་ཏུ་འཇུར་བཅུག་ལ། བུ་འདིར་ཤོག་ཅིག་ཐེག་ཆེན་དོན། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དཀྱིལ་འཁོར་ཆེན་པོ་ལ་གནས་པའི། །ཕོ་བྲང་གཞལ་ཡས་དམ་པ་འདིར། །ཕྱི་ནང་གསང་བའི་དབང་བསྐུར་གྱིས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ཅེས་དལ་དུ་གཞུག་གོ། །བརྒྱད་པ་རྡོ་རྗེའི་དམ་ཚིག་འབོག་པ་ལགས་པས་འདི་ལགས་གསན་འཚལ། རྣམ་པ་གཉིས་སུ་ཤེས་པར་བྱ། །བསྒོམ་བྱ་ལྷ་དང་སྒོམ་བྱེད་མི། །རྣམ་པ་གཉིས་སུ་ཤེས་པར་བྱ། །དང་པོ་རྣམ་པ་གསུམ་ཡིན་ཏེ། །ལུས་ཀྱི་ལྷ་དང་ངག་གི་སྔགས། །ཡིད་ཀྱི་བརྡ་ལ་བལྟ་བའོ། །གཉིས་པ་ལ་ནི་རྣམ་པ་གསུམ། །སེང་གེ་དཀར་མོའི་ཤ་མི་ཟ། །ཟ་མ་ཏོག་ཏུ་དུག་མི་བཙོ། །གནམ་ལྕགས་དུར་མོའི་ཁ་མི་བརྡབ། །ཅེས་གསུངས་ཏེ། དེའང་སྤྱིར་ཐེག་པའི་རྩེ་རྒྱལ་འདིར་འཇུག་ལ་བསླབ་པའི་མཐའ་དྲུག་དང་ལྡན་པར་དགོས་ཏེ། གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། རིམ་པ་དབང་གིས་བགྲོད། དོན་མན་ངག་གིས་བསྒྲུབ་པ་རྣམས་ཚང་དགོས་པ་ལགས། །དེ་ལ་ཐོག་མར་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པ་དམ་ཚིག་ལའང་སྤྲོས་ན་རྒྱ་ཆེའང་། འདིར་མན་ངག་གི་རིམ་པས་མདོར་བསྡུས་ཏེ། བསྒོམ་བྱ་ལྷའི་ངོས་ནས་བཞག་པ་དང་། སྒོམ་བྱེད་མིའི་ངོས་ནས་བཞག་པ་གཉིས་སུ་བསྟན། དང་པོ་ལ་ལུས་ཀྱིས་ལྷ་བར་མ་ཆད་པར་བསྒོམ་པ་མཚན་མ་དབྱིབས་ཀྱི་རྣལ་འབྱོར། ངག་གིས་སྔགས་རྒྱུན་ཆད་མེད་པར་བཟླ་བ་འཕྲོ་བ་སྔགས་ཀྱི་རྣལ་འབྱོར། ཡིད་ཀྱིས་བརྡ་བཞིའི་གནད་ཡེངས་མེད་དུ་སྒོམ་པ་ཟབ་པ་ཆོས་ཉིད་ཀྱི་རྣལ་འབྱོར་ཏེ་སྐུ་གསུམ་གྱི་རྣལ་འབྱོར་ལ་ཡོད་པ་སྙིང་རྗེའི་དམ་ཚིག་དང་མེད་པ་ཆོས་ཉིད་ཀྱི་དམ་ཚིག་གཉིས་ཀྱང་འདུ་བ་ཡིན། གཉིས་པ་ལ་རྩ་བའི་རྒྱུད་ལས་མདོར་བསྡུས་པའི་དམ་ཚིག་ཉི་ཤུ་ཐམ་པ་ཉིད་གཙོ་བོ་གསུམ་དུ་བསྡུ་བ་སྟེ། རྡོ་རྗེ་སློབ་དཔོན་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མ་གུས་པ་སྐད་ཅིག་མི་བྱ་ཞིང་སྒོ་གསུམ་གྱི་མཉེས་པས་སྒྲུབ་པ་དང་། སློབ་དཔོན་གྱི་ཡུམ་ལ་མི་སྤྱད་པ་དང་། རྣལ་འབྱོར་པ་མཆེད་ལྕམ་ནང་འཐབ་མི་བྱེད་པ་སྟེ་རྩ་བ་གསུམ་ལ་ཡན་ལག་བཅུ་བདུན་པ་རྣམས་ཀྱང་བླང་དོར་ཕྱེད་པར་བྱས་ནས་བསྲུང་མཚམས་ཚུལ་བཞིན་དུ་བྱ་དགོས་སོ། །དགུ་པ་སྔགས་ཀྱི་བྱིན་གྱིས་བརླབ་པ་ཡིན་པས་ལུས་བདེ་ལུགས་སུ་བག་ཕེབས་པ་དང་། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྣམས་རྩེ་གཅིག་བསྒོམ་པར་ཞུ། སྤྱི་བོའི་སྟེང་དུ་འཁོར་ལོ་ནི། །གསེར་ལས་གྲུབ་པའི་རྩིབས་བརྒྱད་པ། །ཡི་གེ་ཨཱོྂ་གྱིས་མཚན་པར་བསྒོམ། །ལྕེ་ཡི་སྟེང་དུ་པདྨ་ནི། །པདྨ་འདབ་མ་བརྒྱད་པ་ལ། །ཟེའུ་འབྲུ་ཨཱཿཡིས་མཚན་པར་བསྒོམ། །སྙིང་གར་རྡོ་རྗེ་རྒྱ་གྲམ་ནི། །མཐིང་གའི་ལྟེ་བ་ཧཱུྃ་གིས་བརྒྱན། །ཅེས་པ་རྣམས་ཤིན་ཏུ་གསལ་བ་ལ་སེམས་གཏོད་ལ་འབྲུ་གསུམ་བརྗོད་པར་བྱ། ཨཱོྂ་ཨཱ༔ཧཱུཾ། ཞེས་བརྗོད་དུ་གཞུག །དེ་ལ་སེམས་ཟིན་པ་དང་། དེ་ནི་རྒྱུ་མ་མ་ནོར་བ་རྩ་བའི་སྔགས་སོ། །བསྐྱེད་པ་རྐྱེན་གྱི་སྔགས་བསྟན་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། སྤྱི་གཙུག་དྷཱུ་ཏིའི་ནང་ན་མར། །ཡི་གེ་ཧཾ་ནི་མགོ་མཐུར་འཕྱང་། །དཀར་ལ་འཚེར་བ་བསྒོམ་པར་བྱ། །ལྟེ་བའི་ནང་དུ་ཨ་དམར་པོ། །དུས་མཐའི་མེ་བཞིན་དམར་བ་ལ། །མེ་མར་བཞིན་དུ་འབར་བ་ལས། །སྤྱི་བོའི་ཧཾ་ལས་བདུད་རྩི་བབ། །རང་ལུས་བདུད་རྩིས་ཁེངས་པར་བསམ་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་ཅིག །ཌཱ་དྲིལ་སོགས་རོལ་མོ་བསྒྲག །ཨ་ཧཾ་ཞེས་མང་དུ་བརྗོད། བཟླས་བརྗོད་ལས་ཀྱི་སྔགས་བསྟན་པ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །གནས་གསུམ་ཨཱོྂ་ཨཱཿཧཱུྃ་གསུམ་ལས། །འོད་ཟེར་མདུན་དུ་འཕྲོས་པ་ལས། །ཌཱ་ཀི་མ་ནི་གསུམ་དུ་གྱུར། །བུད་མེད་དམར་མོ་གཞོན་ཤ་ཅན། །གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན། །སྐྲ་གྲོལ་བ་ཏིའི་ཤམ་ཐབས་ཅན། །ཌཱ་མ་རུ་དང་ཁ་ཊྭཱྃ་ག །རལ་གྲིའི་ཚུལ་དུ་འཛིན་པའོ། །ལོ་བརྒྱད་པ་ཡིན་ཚོད་ལ། །གར་ནི་ཁྱུག་ཁྱུག་མཛད་པར་སྒོམས་ལ་མ་ཡེངས་ཤིག །ཅེས་བྱས་ལ། བྱིན་རླབས་འབེབས་པའི་རྫས་བདུག །རོལ་མོའི་སྒྲ་དྲག་ཏུ་བྱས་ལ། ༀ་བཛྲ་སུ་ལཾ་མ་ལཾ་མ་མ་རུ་རུ་ཙིཏྟ་ཨ་བི་པྲ་ས་ལ། ཞེས་སྔགས་མང་དུ་བརྗོད་པས། ལུས་ལ་འཕར་གཡོ། ངག་ལ་སྨྲ་བརྗོད། སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བ་སྟེ་བྱིན་གྱིས་བརླབས་པའི་རྟགས་གསུམ་འབྱུང་བར་གསུངས་སོ། །བཅུ་པ་ཡེ་ཤེས་དབབ་པའི་རྒྱུན་སྒོ་གསུམ་ལ་བརྟན་པར་བྱ་བའི་ཕྱིར་བྱིན་རླབས་རྣམ་གསུམ་བྱ་བ་ལ་དམིགས་པ་འདི་ལྟར་མཛོད་ཅིག །ཁྱོད་ཀྱི་སྤྱི་བོའི་གཙུག་ཏུ་ནི། །ཨཱོྂ་ནི་བཙོ་མ་གསེར་ལྟ་བུ། །དེ་ལས་འོད་འཕྲོས་གྱུར་པ་ལས། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །ལྟེ་བ་ཨཱོྂ་གྱིས་མཚན་པར་བསྒོམ། །རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་ལ། ཨཱོྂ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཾ། ཁྱོད་ཀྱི་ལྕེ་ཡི་སྟེང་དུ་ནི། །ཨཱཿནི་དུས་མཐའི་མེ་ལྟ་བུ། །དེ་ལས་འོད་འཕྲོས་གྱུར་པ་ལས། །པདྨ་འདབ་བརྒྱད་ཨཱཿས་མཚན་བསྒོམ། །རྒྱ་གྲམ་མགྲིན་པར་བཞག་ལ། ཨཱོྂ་བཛྲ་ཨ་བྷི་ཥིཉྩ་མཾ་སྟྭཾ། ཁྱོད་ཀྱི་སྙིང་གའི་གནས་སུ་ནི། །ཧཱུྃ་སྔོན་རྒྱ་གྲམ་གཅིག་བསམ་སྟེ། །དེ་ལས་འོད་འཕྲོས་གྱུར་པ་ལས། །ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་ལ། །ལྟེ་བ་ཧཱུྃ་གིས་མཚན་པར་བསྒོམ། །རྒྱ་གྲམ་སྙིང་གར་བཞག་ལ་སྔགས་གོང་བཞིན་བརྗོད། མེ་ཏོག་ལག་ཏུ་གཏད་ལ། མེ་ཏོག་འདི་ཉིད་ཁྱོད་རང་གི་ཚེ་རབས་སྔོན་ནས་འབྲེལ་པའི་རིགས་གང་ཡིན་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པའི་མོས་འདུན་རྩེ་གཅིག་པས་འདོར་བར་ཞུ། ཞེས་དཀྱིལ་འཁོར་རམ་ཚོམ་བུ་ལ་འདོར་དུ་གཞུག །དེ་ལྟར་དོར་བའི་མེ་ཏོག་དབུས་སུ་ཕོག་ན་སངས་རྒྱས་རིགས། ཤར་དུ་རྡོ་རྗེ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་རིགས་སུ་ངེས་པ་ཡིན་པས་སོ་སོའི་རིགས་ཀྱི་ཧེ་རུ་ཀ་ཉིད་གཙོ་བོར་ལྷག་པའི་ལྷར་ཟུང་ཞིག །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་རྩ་བ་དབང་བཞི། སོ་སོའི་རྗེས་འབྲེལ་བཅས་འབྱུང་བ་ལས། དང་པོ་བུམ་པའི་དབང་གི་སླད་དུ་ཁྱེད་རང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཕྱག་རྒྱ་ལྔ་ཡི་མཎྜལ་གྱི་སྟེང་དུ་འཁོད་པ་ལ། འདི་རྣམས་འགྲུབ་ན་དངོས་སུ་དེ་ལྟར་བཤམས། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་བཀང་བས་དབང་བསྐུར་བས་རིགས་ལྔ་ཡེ་ཤེས་ལྔའི་དབང་ཆེན་ཡོངས་སུ་རྫོགས་པ་ཐོབ་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ། དབང་བསྐུར་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བུམ་པའི་དབང་། །སངས་རྒྱས་ཀུན་གྱི་ཕྱག་རྒྱའི་དབང་། །སངས་རྒྱས་ཀུན་ཏུ་དབང་བསྒྲུབ་ཕྱིར། །བུ་ཁྱོད་ལ་ནི་དབང་བསྐུར་གྱིས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །བུམ་པ་མགོ་བོའི་གནས་ལྔར་བཞག་ལ། ཨཱོྂ་བུདྡྷ་ཨ་བྷི་ཥིཉྩ་ཨཱོྂ། ཨཱོྂ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཱཿ རིགས་རྣམ་པ་ལྔའི་དབང་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །རིན་པོ་ཆེའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །པདྨའི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ལས་ཀྱི་རིགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །སླར་ཡང་གནས་ལྔར་བཞག་ལ། ཨཱོྂ་བུདྡྷ་ཀཱ་ལ་ཤ་ཨཱོྂ། བཛྲ་ཀཱ་ལ་ཤ་ཧཱུཾ། རཏྣ་ཀཱ་ལ་ཤ་ཏྲཱྃ། པདྨ་ཀཱ་ལ་ཤ་ཧྲཱིཿ ཀརྨ་ཀ་ལ་ཤ་ཨཱཿ སྐུ་རྣམ་པ་ལྔའི་དབང་དང་ལྡན་པར་གྱུར་ཅིག །སྤྲུལ་པ་སྐུའི་དབང་དང་ལྡན་པར་གྱུར་ཅིག །ལོངས་སྤྱོད་རྫོགས་པ་སྐུའི་དབང་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་སྐུའི་དབང་དང་ལྡན་པར་གྱུར་ཅིག །ངོ་བོ་ཉིད་ཀྱི་སྐུའི་དབང་དང་ལྡན་པར་གྱུར་ཅིག །གསང་བའི་སྐུའི་དབང་དང་ལྡན་པར་གྱུར་ཅིག །ཡང་གནས་ལྔར་བཞག་ལ། ཨཱོྂ་བུདྡྷ་ལོ་ཙ་ནི་ཨཱོྂ། བཛྲ་ལོ་ཙ་ནི་ཧཱུྃ། རཏྣ་ལོ་ཙ་ནི་ཏྲཱྃ། པདྨ་ལོ་ཙ་ནི་ཧྲཱིཿ ཀརྨ་ལོ་ཙ་ནི་ཨཱཿ ཡེ་ཤེས་རྣམ་པ་ལྔའི་དབང་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །སོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །བྱ་བ་གྲུབ་པའི་ཡེ་ཤེས་དང་ལྡན་པར་གྱུར་ཅིག །གཟུང་བ་རང་བཞིན་མེད་པ་སྐུའི་དབང་ཐོབ་པར་གྱུར་ཅིག །འཛིན་པ་རང་བཞིན་མེད་པ་གསུང་གི་དབང་ཐོབ་པར་གྱུར་ཅིག །དེ་ཉིད་གང་དུ་ཡང་མ་གྲུབ་པ་ཐུགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །ཅེས་བུམ་དབང་བསྐུར་ལ་བུམ་པས་ཁྲུས་གསོལ་བ་ནི། ཧཱུྃ། སངས་རྒྱས་ཀུན་གྱིས་ཁྲུས་གསོལ་བ། །ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་། །བཀྲ་ཤིས་བུམ་པ་སྤྱི་བླུགས་བཟང་། །དབང་བསྐུར་ཐམས་ཅད་འདིར་གསོལ་ཅིག །དབང་བསྐུར་འདི་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་བྱིན་པར་བྱ། །ཕུང་པོ་ལྔ་ནི་རྣམ་དག་ཅིང་། །ཉོན་མོངས་ལྔ་ནི་སྦྱོང་བར་བྱེད། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨཱོྂ་བཛྲ་ཨ་དྷི་སྟྭཾ་སཏྭ་ཨ་བྷི་ཥིཉྩ་མཾ། ཨཱོྂ་བཛྲ་ཨ་དྷི་ཨ་བྷི་ཥིཉྩ་མཾ་སྟྭཾ། ཨཱོྂ་བཛྲ་ཨ་བྷི་ཥིཉྩ་མཾ་སྟྭཾ། ཞེས་ཁྲུས་བྱས་ཞིང་བུམ་ཆུ་བླུད། གཉིས་པ་གསང་དབང་གི་དོན་དུ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཤ་ལྔ་བདུད་རྩི་ལྔའི་ཐིག་ལེ་བཀོད་པའི་སྟེང་དུ་འཁོད་པ་ལ། ཀ་པཱ་ལ་བདུད་རྩིས་བཀང་བས་དབང་བསྐུར་བས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་དབང་ཆེན་ཡོངས་སུ་རྫོགས་པ་ཐོབ་པར་མོས་ཤིག །ཀ་པཱ་ལའི་བདུད་རྩི་སྤྱི་བོ་སོགས་གནས་གསུམ་དུ་རིམ་པར་བཞག་ལ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་གསོལ་ཅིག །ཧཱུྃ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་བསྒྲལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་སྟེ། །བདུད་རྩི་དམ་པའི་དབང་བསྐུར་གྱིས། །ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཨཱོྂ་བསྒོམ་སྟེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཀཱ་ཡ་སིདྡྷི་ཨཱོྂ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཨཱཿབསྒོམ་སྟེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཝཱ་ཀ་སིདྡྷི་ཨཱཿ ལྕེ་ཡི་དམ་ཚིག་རྡོ་རྗེ་ལས། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམ་སྟེ། །བདུད་རྩི་འབྲུ་ལྔས་བྱིན་བརླབས་ནས། །ཟོས་པས་བྱང་ཆུབ་མཆོག་ཐོབ་ཤོག །ཙིཏྟ་སིདྡྷི་ཧཱུྃ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པར་གྱུར་ཅིག །དེ་ནས་ཡེ་ཤེས་ཀྱིབདུད་རྩི་བླུད་པ་ནི། རྡོ་རྗེ་ཀ་པཱ་ལའི་ཁར་བཞག་སྟེ། ཧཱུྃ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །རྡོ་རྗེ་རྒྱལ་པོ་རབ་ཏུ་བཟང་། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །དག་པའི་བདུད་རྩིར་བྱིན་བརླབས་ནས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །བུ་ཡི་བློ་གྲོས་འདི་འཐུང་ལ། །གཞན་ལ་སྨྲ་བར་མ་བྱེད་ཅིག །ཨ་ལ་ལ་ཧོཿ ཞེས་བདུད་རྩི་ལན་གསུམ་དུ་སྦྱིན། གསུམ་པ་ཤེར་དབང་བསྐུར་བའི་སླད་དུ་ཁྱེད་རང་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བྱང་སེམས་དཀར་དམར་གྱི་ཐིག་ལེའི་མཎྜལ་སྟེང་དུ་འཁོད་པ་ལ་ཐབས་དང་ཤེས་རབ་ཐིག་ལེ་དཀར་དམར་གྱིས་དབང་བསྐུར་བས་སྐུ་གསུང་ཐུགས་བདེ་བ་མཆོག་ཏུ་མི་འགྱུར་བའི་དབང་ཆེན་ཐོབ་པར་མོས་ཤིག །མེ་ལོང་རིལ་བུ་བཅས་སྤྱི་བོར་བཞག་ལ། ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་པ། །བྱང་སེམས་ཐིག་ལེར་རབ་སྦྱར་ནས། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །འདི་ལ་ཡང་དག་ངོས་བཟུང་མེད། །བུ་ཁྱོད་ལ་ནི་དབང་བསྐུར་བས། །བུ་ཡིས་དབང་མཆོག་ཐོབ་པར་ཤོག །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་ག་ཡ་མི། རཱ་ག་ཡ་ཧཾ། སརྦ་ཨཱཏྨ་ཀོ྅་ཧཾ། ཛཿདྷུ་པེ་པྲ་བེ་ཤ །ཧཱུྃ་པུཥྤེ་ཨཱ་བེ་ཤ །བཾ་དཱི་པ་སུ་ཁི་ནི། ཧོཿ གནྡྷེ་ཙིཏྟ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱཏྨ་ཀོ྅་ཧཾ། བྱང་སེམས་ཐིག་ལེ་དཀར་པོ་རྣམ་པར་དག་པ་ནི་ཟླ་བ་ཤར་བ་ལྟ་བུའི་དབང་ཐོབ་པར་གྱུར་ཅིག །བྱང་སེམས་ཐིག་ལེ་དམར་པོ་རྣམ་པར་དག་པ་ནི་ཉི་མ་ཤར་བ་ལྟ་བུའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་རིལ་བུ་དཀར་དམར་ལྕེ་ཐོག་ཏུ་བཞག །སྐུ་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ གསུང་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཐུགས་བདེ་བའི་མཆོག་དང་ལྡན་པར་གྱུར་ཅིག །ཨ་ལ་ལ་ཧོཿ ཞེས་བྱང་སེམས་ཐིག་ལེའི་དབང་བསྐུར་རོ། །དེ་དག་གི་མཐའ་བརྟེན་དུ་བཅུ་གཅིག་པ་བཀྲ་ཤིས་ཚེའི་དབང་བསྐུར་བ་ནི། འཁོར་འདས་བརྟན་གཡོའི་ཚེ་བཅུད་འདུས་པའི་བུམ་པ་ཁྱེད་རང་གི་སྤྱི་བོར་བཞག་ཅིང་དབང་བསྐུར་བས། བུམ་པ་ལས་བདུད་རྩིའི་རྒྱུན་བབས། ལུས་ཐམས་ཅད་གང་། །འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་སྒོམས་ཤིག །ཚེ་བུམ་མགོར་བཞག་ལ། ཧཱུྃ། སྐལ་ལྡན་དབང་མཆོག་ལྷ་ཡི་ལུང་། །བདུད་རྩི་གང་རྒྱ་སྨན་གྱི་ལུང་། །རིན་ཆེན་ཟླ་གམ་དབང་གི་ལུང་། །རཏྣ་ཀརྨ་ཚེ་ཡི་ལུང་། །རིན་ཆེན་སྣ་ལྔའི་བུམ་པ་རུ། །རྡོ་རྗེ་ཚེ་ཡིས་བཀང་ནས་ཀྱང་། །རིན་ཆེན་རྒྱན་གྱིས་བཀླུབས་ནས་ཀྱང་། །བུ་ཡི་སྤྱི་བོར་དབང་བསྐུར་བས། །བུ་ཁྱོད་ཚེ་དབང་གནས་པར་ཤོག །ཨཱོྂ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱྃ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཨཱཿབྷྲཱུྃ། ན་མོ་དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་འདི་ལ་རྡོ་རྗེ་ཚེའི་དབང་བསྐུར་བས། ཚེ་དབང་དུ་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །འཆི་མེད་ཀྱི་བདུད་རྩིར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །ཅེས་སོགས་ཤིས་པ་བརྗོད། བཅུ་གཉིས་པ་ཞིང་ཁམས་བསྟན་པ་འདི་བཞིན་དུ་ངེས་འཚལ། ཧཱུྃ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །བཛྲ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །རྡོ་རྗེ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ལྷོ་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །རཏྣ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །རིན་ཆེན་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ནུབ་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །པདྨ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །པདྨ་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །བྱང་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །ཀརྨ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །ལས་ཀྱི་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །དབུས་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །ཉི་ཟླ་པདྨ་བརྩེགས་པའི་ཁང་། །དེའི་ནང་རྡོ་རྗེའི་གདན་བཏིང་སྟེ། །བུདྡྷ་ཧེ་རུ་ཀ་ཡི་དབང་བསྐུར་ཞིང་། །སངས་རྒྱས་མཁའ་འགྲོ་བདེ་བ་ཆེ། །བདེ་བ་ཆེན་པོས་བྱིན་གྱིས་བརླབས། །བདེ་ཆེན་གྱི་ངང་ལ་སྤྱོད་པའོ། །ཞེས་ཞིང་ཁམས་བསྟན་པའོ། །བཅུ་གསུམ་པ་ལམ་འདིའི་ཉམས་ལེན་གྱི་རྩ་བ་རྡོ་རྗེའི་ཚིག་རྐང་ཚུལ་བཞིའི་སྒོམ་ཤིང་གཏད་པ་ཡིན་པས་འདིའི་དོན་ངེས་པར་མཛོད་ཅིག །ཚུལ་ཤིང་ལག་ཏུ་གཏད་ལ། ཧཱུྃ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟེན། །དེ་བཞིན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །སྒྲ་དང་ཚིག་ཀུན་རྫོབ་ཡིན། ནི་བདེན་པའོ། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཚུལ་ཆེན་འདི་ལ་གནས་པར་གྱིས། །དྷརྨ་དྷཱ་ཏུ་ཨ། ཡེ་ཤེས་འཁྱིལ་བ་རྡོ་རྗེའི་བུམ། །སོགས་ཚུལ་ཤིང་གི་ཡི་གེ་ཉིད་ཚར་གཅིག་བཀླག །དེ་ལྟར་ཡེ་ཤེས་ཀྱི་ཚུལ། ཆོས་ཉིད་ཀྱི་ཚུལ། བདེ་བའི་ཚུལ། དབྱིངས་ཀྱི་ཚུལ་ཏེ་རྣམ་པ་བཞིའི་ཏིང་ངེ་འཛིན་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །དེ་ནས་དབང་བཞི་པ་ཚིག་དབང་བསྐུར་བའི་སླད་དུ་ཁྱེད་རང་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་གུར་གུམ་གྱི་ཆུས་རྡོ་རྗེ་རྒྱ་གྲམ་བྲིས་པའི་སྟེང་དུ་འཁོད་པར་མོས་ལ་སྙན་གཏོད་པར་ཞུ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགགས་པ་མེད་ལས་ཐམས་ཅད་འགགས། །སྐྱེ་འགགས་མེད་པ་ཆོས་ཀྱི་དབྱིངས། །སྐྱེ་མེད་ཀྱི་ངང་དུ་སྤྱོད་པའོ། །ཚུལ་ཆེན་འདི་ལ་གནས་པར་གྱིས། །ཨ་ཧ་ཧོཿ འདི་ལྟར་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་གང་ནས་ཀྱང་མ་སྐྱེས། གང་དུའང་མི་འགག །གང་ལའང་གནས་པ་མེད་པ་སྟེ་གདོད་མ་ཉིད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཤེས་པར་མཛོད་ལ་མཉམ་པར་ཞོག་ཅིག །ཅེས་དར་ཅིག་བཞག །དེའི་མཐའ་བརྟེན་དུ་བཅུ་བཞི་པ་སྒོམ་ཐག་གཏད་པ་ཡིན་པས་འདི་དང་མི་འབྲལ་བར་མཛོད་ཅིག །སྒོམ་ཐག་སྦྱིན་ལ། ཧཱུྃ། བྱམས་དང་སྙིང་རྗེའི་ཐུགས་མངའ་ཞིང་། །སངས་རྒྱས་ཕྲིན་ལས་བསྒྲུབ་བྱའི་ཕྱིར། །བདེ་བའི་བཀའ་ནན་འདི་བཅིངས་ནས། །ཆོས་དང་ཆོས་ཉིད་བསྒོམ་པར་གྱིས། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དྷརྨ་དྷཱ་ཏུ་ཨ། བཅོ་ལྔ་པ་སྒོམ་རྟེན་འདི་ལ་བརྟེན་ནས་ལུས་ཀྱི་གནད་དང་ལྡན་པས་ཆོས་ཉིད་ཀྱི་དོན་བསྒོམ་པར་གྱིས་ཤིག །སྒོམ་རྟེན་ལག་གཡོན་དུ་གཏད་ལ། ཧཱུྃ། རྒྱལ་བའི་གདུང་འཚོབ་རིག་འཛིན་ཆོས་སྐུའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་བསྒྲུབ་བྱའི་ཕྱིར། །བདེ་བའི་ལུས་ལ་རབ་བརྟེན་ནས། །ཆོས་ཀྱི་དབྱིངས་ནས་མ་གཡོས་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །དྷརྨ་དྷཱ་ཏུ་ཨ། དེ་ནས་དབང་བསྐུར་ཐམས་ཅད་ཀྱི་སྙིང་པོ་བརྒྱུད་པའི་བླ་མ་རྣམས་ཀྱི་བྱིན་རླབས་རིམ་པར་འཇུག་པའི་ཡེ་ཤེས་འཕོ་བའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བ་བརྒྱུད་པར་བཅས་པའི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་ཡེ་ཤེས་ཀྱི་རང་བཞིན་འོད་ཀྱི་གོང་བུ་ཞིག་འཕྲོས་ནས་ཁྱེད་རང་གི་སྙིང་གར་ཐིམ་པར་བསམ་ལ་ཐུགས་ཡིད་དབྱེར་མེད་དུ་བསྲེས་ལ་རང་བཞིན་གྱི་འོད་གསལ་བའི་ངང་དུ་ཞོག་ཅིག །སློབ་དཔོན་བཞེངས་ཏེ་ཕྱག་སྤྱི་བོར་བཞག་ལ། ཨ་ཧ་ཧོ་འི། ཞེས་བརྗོད། བརྡ་དེའི་དོན་ནི། ཨ་ནི་སྐྱེ་མེད་མི་རྟོག་བརྡ། །ཧ་ནི་འགག་མེད་གསལ་བའི་བརྡ། །ཧོ་ནི་གཉིས་སུ་མེད་པའི་བརྡ། །འི་ནི་དབྱེར་མི་ཕྱེད་པའི་བརྡ། །སྤྲོས་བྲལ་དོན་གྱི་རྣལ་འབྱོར་ཏེ། །དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བའོ། །ཞེས་བརྡ་སྤྲད། འདི་དག་གི་དོན་གསལ་བ་བྱིན་རླབས་འབྲིང་བསྡུས་ལས་འབྱུང་བའོ། །བཅུ་དྲུག་པ་བཀའ་སྲུང་མཁའ་འགྲོ་མ་ལ་ལས་ཀྱི་གཉེར་གཏད་པ་སྟེ། འབར་བ་མེའི་གདོང་ཅན་འཁོར་དང་བཅས་པ་རྣམས་ཀྱིས་ཇི་ལྟར་བསྒོས་པའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །གཏོར་མ་ལག་ཏུ་གཏད་ལ། འབར་བའི་གདོང་ཅན་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཞིང་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ནི། །མཁའ་འགྲོ་མ་ཡིས་བཀའ་ཆད་དབབ་པར་འགྱུར་རོ། །མཁའ་ལ་གཤེགས་མ་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ལས་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡིས་བཀའ་ཆད་དབབ་པར་འགྱུར་རོ། །མཁའ་ལ་སྤྱོད་མའི་མཁའ་འགྲོའི་ཚོགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །མངལ་ལས་སྐྱེས་ཀྱི་མཁའ་འགྲོའི་ཚོགས། །མིང་པོ་རྡོ་རྗེ་མཆེད་ལྕམ་ལ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བྱིན་རླབས་ཆུ་བོའི་རྒྱུན་མ་བཅད། །སྒྲུབ་ལ་བར་དུ་གཅོད་པའི་བདུད་དགྲ་རྣམས། །ཕ་རོལ་འཇིགས་པའི་སྟོབས་ཀྱིས་མེད་པར་མཛོད། །གང་སྒྲུབ་པ་ལ་མི་གནས་གྱུར་པ་ན། །མཁའ་འགྲོ་མ་ཡིས་བཀའ་ཆད་དབབ་པར་འགྱུར་རོ། །ཞེས་བརྗོོད། སློབ་དཔོན་དང་དཀྱིལ་འཁོར་བའི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དབྱངས་སུ་ལེན། མེ་ཏོག་མནྡཱ་ར་བའི་ཆར་སིལ་མར་བསྙིལ་བས་དབང་གི་ཡེ་ཤེས་མ་སྐྱེས་པ་སྐྱེས། སྐྱེས་པ་གོང་ནས་གོང་དུ་འཕེལ་བ་སོགས་དགེ་ལེགས་རྟག་པ་དམ་པའི་སྣང་བ་རབ་ཏུ་སྤེལ་བར་མོས་ཤིག །ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་སྤེལ་ཞིང་མེ་ཏོག་འཐོར། གསུམ་པ་རྗེས་ཀྱི་བྱ་བ་ལ། དབང་གི་རྗེས་ནི། དེ་དག་རྣམས་ཀྱིས་ཐེག་པ་རིམ་པ་དགུའི་མཐར་ཐུག་བླ་ན་མེད་པ་ཨ་ཏི་རྫོགས་པ་ཆེན་པོ་སྡེ་གསུམ་ལས་ནང་སྐོར་ཀློང་སྡེའི་སྨིན་བྱེད་རྣ་བརྒྱུད་རྡོ་རྗེ་ཟམ་པའི་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་ཆོ་ག་རྒྱས་པའི་རིམ་པ་ཚུལ་བཞིན་གྲུབ་པ་ལགས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། གཏང་རག་མཎྜ་ལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱི་དཀྱིལ་འཁོར་གྱི་རྗེས་ཆོག་གཏོར་མ་བཏང་བ་ནས། བསྡུ་ལྡང་བསྔོ་སྨོན་གྱི་བར་ཕྲིན་ལས་སུ་ཇི་སྐད་བཤད་པ་ལྟར་བྱའོ། །གདོས་བཅས་འོད་ཀྱི་སྐུ་རུ་གྲོལ་བྱེད་པ། །དཔལ་སེང་ཐུགས་བཅུད་རྣམ་སྣང་ལོ་ཙཱ་བས། །དཀའ་དགུས་བཙལ་བའི་ཟབ་ཆོས་འཇིག་རྟེན་ན། །ཨུ་དུམ་རའི་དཔེར་མཚུངས་དཀོན་པའི་ཕུལ། །གང་འདིའི་ཉམས་ལེན་ཚུལ་བཞིན་བགྱིད་ནུས་པའི། །སྐལ་བཟང་སྐྱེ་བོ་རྒྱུན་མི་ཆད་འབྱོན་ནས། །ལུས་ཅན་བྱེ་བ་རྡུལ་སྙེད་གཞི་དབྱིངས་སུ། །རྣམ་གྲོལ་ཕྲིན་ལས་དབྱར་མཚོ་ལྟར་རྒྱས་ཤོག །འདི་ལ་འཛིང་བཛྲ་པྲ་བྷས་ཚིགས་བཅད་དུ་བསྡེབས་པ་ཉིད་ལས་གསལ་བྱེད་ཀྱི་ཡིག་ཆ་གཞན་མ་བཞུགས། ཡིག་རྙིང་དེའང་རྩ་ཐོ་ལྟ་བུར་བསྡུས་ཤིང་མཆན་བུའི་དཔེ་རྒྱུན་མ་དག་པ་མང་བ་དང་དེང་དུས་ཚུལ་འདི་འདྲ་གོ་དོན་ཕྱག་ལེན་ཞུན་ཐར་གཅོད་མཁན་མེད་པའི་དཔེ་མཐོང་བོན་གྱེར་མང་བས། ཟབ་ཆོས་ཀྱི་རྒྱུད་ལ་ཕན་པར་རེ་བའི་ལྷག་པའི་བསམ་པས་ཨ་ཏིའི་རྣལ་འབྱོར་ཙམ་པོ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་གསལ་བར་བཀོད་པ་དགེ་ལེགས་འཕེལ།། །།
འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུད་སངས་རྒྱས་ཀྱི་འདས་རྗེས་གསུམ།
འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་གནད་ཀྱི་བཅུད་ཕུད་སངས་རྒྱས་ཀྱི་འདས་རྗེས་གསུམ་བཞུགས་སོ། །རྒྱ་གར་སྐད་དུ། བུདྡྷ་དྷེ་ཀ་ར་ཡེ་དྷུ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཀྱེ་མ་ཀྱེ་མ། རིགས་ཀྱི་བུ་རྣམས་གསང་སྔགས་ཀྱི་གནད་ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་སུ་ལོངས་ཤིག །ལུས་ངག་ཡིད་ཀྱི་སྔོན་འགྲོ་ནི། ༈ །མི་རྟག་སྙིང་རྗེ་བྱང་སེམས་སྦྱངས། ༈ །ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེའི་རྩལ་སྦྱང་རུ་ཤན་དབྱེ། །དེ་ནས་རྣལ་དུ་དབབ་པའི་ཕྱིར། །ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་ལྟངས་ཉིད་ཀྱིས་སོར་ཡང་གཞུག །གནས་བརྟན་གྲོལ་བའི་གདིང་ཐོབ་ནས། ༈ །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །གླང་སེང་དྲང་སྲོང་འདུག་སྟངས་བཅའ། །ངག་ནི་སྨྲ་བ་རྒྱུན་བཅད་ལ། །སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྒོ་ཡུལ་རླུང་གི་གནད་བསྟུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་སྣང་། །མངོན་སུམ་གནད་ལས་འབྲལ་མི་བྱ། ༈ །མི་འགུལ་གསུམ་ལ་གཞི་བཅས་པས། །སྣང་བ་བཞི་ཡི་དྲོད་རྙེད་ནས། །སྡོད་པ་གསུམ་གྱི་ཚད་ཟིན་ཏེ། །ཐོབ་པ་གསུམ་གྱི་གཟེར་ཐེབས་ན། །ཁམས་གསུམ་དག་ཏུ་ལྡོག་རེ་ཀན། །མྱ་ངན་འདའ་བར་ཐེ་ཚོམ་མེད། ༈ །ཅེས་སུམ་ཅུ་རྩ་གསུམ་གྱི་ལྷོ་ཕྱོགས་སྨན་འཚོ་བྱེད་གཞོན་ནུའི་ལྡུམ་རར། རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཞིང་གདུང་བའི་སྨྲེ་སྔགས་ཕྱུངས་པ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་བརྗོད་དེ་བརྒྱལ་སངས་པ་དང་། །འོད་ཕུང་གི་ནང་ནས་ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ནས། རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་ཞིག །ཕྱག་གཡས་པའི་མཐིལ་དུ་བབས་ཏེ། །དེ་ཞལ་ཕྱེ་བས་རིན་པོ་ཆེ་མཐིང་ཁ་ལ་བཻཌཱུཪྻ་བཞུ་བའི་ཁུ་བས་བྲིས་པ་བབས་པས་དགའ་རབ་རྡོ་རྗེ་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ། །ས་མ་ཡ། ༈ རྒྱ་གར་སྐད་དུ། བུདྡྷ་དྷེ་ཀ་ར་མ་དུ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་འདས་རྗེས་གཉིས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་སྟོབས་ཀྱིས་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ། ༈ །ངེས་པར་སངས་རྒྱས་ཐོབ་འདོད་ན། །སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱང་། །ལུས་དང་ངག་དང་ཡིད་གསུམ་པོ། །རུ་ཤན་ལེགས་པར་མ་ཕྱེད་ན། །ཁམས་གསུམ་ཉིད་ལས་མི་གྲོལ་བས། །སྔོན་དུ་འགྲོ་བ་དག་ལ་བསླབ། །སྔོན་འགྲོའི་གནད་ལ་མཁས་གྱུར་ན། །མཆོག་ཐུན་དགོངས་པ་ལ་མཁས་འགྱུར། ༈ །དབེན་པའི་གནས་སུ་གཅིག་པུར་འདུག །ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་བྱ། །སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང་། །སྤྱི་བོར་ཐལ་མོ་སྦྱར་བར་བྱ། །དེ་ལྟར་ལུས་ཀྱིས་སུས་བྱས་པ། །ལུས་དེ་མི་ལྡོག་བར་ཆད་ཞི། །ཞེན་པ་བཟློག་ཅིང་སྒྲིབ་པ་འདག །ལུས་དེ་སྤྲུལ་པའི་སྐུར་གྲོལ་ནས། །སངས་རྒྱས་སྐུ་དང་གཉིས་སུ་མེད། །ལྷག་མེད་ཉིད་དུ་འགྱུར་བའོ། ༈ །ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་ཉིད་ལ་སྤྱད། །རྒྱས་གདབ་གནད་ལ་ཞག་གསུམ་བྱ། །རྩལ་སྦྱང་མཉེན་བཙལ་ལམ་དུ་གཞུག །དེ་ལྟར་ངག་གིས་སུས་བྱས་པ། །ཞེན་ལོག་ངག་གི་སྒྲིབ་པ་འདག །མི་ལྡོག་གཉིས་མེད་ལོངས་སྐུར་གྲོལ། ༈ །ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །དེ་ནས་སེམས་ཀྱི་བྱུང་བ་བཙལ། །མ་རྙེད་ཆོས་ཀྱི་སྐུ་དང་འཕྲད། །དེ་ནས་སེམས་ཀྱི་གནས་པ་བཙལ། །མ་རྙེད་ལོངས་སྤྱོད་སྐུ་དང་འཕྲད། །དེ་ནས་སེམས་ཀྱི་འགྲོ་བ་བཙལ། །མ་རྙེད་སྤྲུལ་པའི་སྐུ་དང་འཕྲད། །དེ་ལྟར་སེམས་ཀྱིས་སུས་བྱས་པ། །ཞེན་ལོག་བར་ཆད་ཞི་བ་དང་། །སྒྲིབ་དག་ཁམས་གསུམ་ལྡོག་པ་མེད། །ཆོས་ཀྱི་སྐུར་གྲོལ་གཉིས་མེད་འདའ། ༈ །དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་འབེབས་ལ་མཁས་པར་བྱ། །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས། །དེ་དག་བློ་ཡིས་བོར་ནས་ཀྱང་། །མངོན་སུམ་གནད་ལ་དབབ་པའི་ཕྱིར། །ལུས་ངག་ཡིད་གསུམ་བྱ་བ་སྤང་། ༈ །འདི་ནི་དུར་ཁྲོད་ཆེན་པོ་མེ་རི་འབར་བའི་ཤར་ཕྱོགས་ཌཱ་ཀི་མ་སྣ་ཚོགས་འདུ་བའི་གནས་སུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཏེ་གདུང་བའི་སྨྲེ་སྔགས་ཕྱུངས་པ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་བརྗོད་དེ་བརྒྱལ་སངས་པ་དང་། མདུན་གྱི་ནམ་མཁར་འོད་ཕུང་གི་དཀྱིལ་དུ། ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུང་ནས། བཻ་ཌཱུཪྻའི་ཞུན་མ་ཉིད་ལ་རིན་པོ་ཆེ་ལྔའི་ཡི་གེ་རང་བྱུང་དུ་བཀོད་པ། རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་དང་བཅས་པ་བབས་པ། བྱིན་རླབས་ཆེན་པོ་མཆོག་གི་ཡི་གེ། སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པ། སྤྲུལ་པ་པོ་དགའ་རབ་རྡོ་རྗེ་གཟུང་བའི་དོན་དུ་སྣང་བར་བྱས་པས། མྱ་ངན་ལས་འདས་བ་ཐམས་ཅད་ཀྱི་སྣ་ཁྲིད་དང་འདྲ་བ། བསྟན་པ་ཐམས་ཅད་ཀྱི་བཅུད་བསྡུས་ཤིང་བུ་གཅིག་པར་བསྟན་པའོ། །ས་མ་ཡ། ༈ རྒྱ་གར་སྐད་དུ། བུདྡྷ་དྷེ་ཀ་ར་ཡ་ཏྲི་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་འདས་རྗེས་གསུམ་པ། རང་གྲོལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། ༈ །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་རྣམས་གསོན་ཅིག །ལུས་ནི་མྱ་ངན་འདས་འདོད་ན། །སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབ། །འདི་ལྟར་སུ་ཡིས་བྱས་པ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཀློང་དུ་མྱ་ངན་འདའ། ༈ །ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཞིང་ལ་ཡང་བཟླ། །དེ་ལས་མི་འདའ་སུས་བྱས་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་ཀློང་དུ་མྱ་ངན་འདའ། ༈ །སེམས་གནད་གཟིགས་སྟངས་གསུམ་གཅུན་ཏེ། །ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ། །སྒོ་གནད་ཟློག་ཕབ་ཟུར་གྱིས་ལྟ། །རླུང་གནད་ཤིན་ཏུ་དལ་ལ་བརླབ། །དེ་ལྟར་གནད་གསུམ་གཟིར་བ་ཡིས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ལུག་རྒྱུ་རིག་པ་བཙོན་དུ་བཟུང་། །མངོན་སུམ་གནད་མཐོང་བཟློག་པ་མེད། ༈ །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ། །གོང་དུ་འཕེལ་བའི་ཉམས་སྣང་གིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་བཞི་ལ་མཐར་ཕྱིན་ན། །མྱང་འདས་གཞན་དུ་བཙལ་མི་དགོས། །མི་འགུལ་གསུམ་ལ་གཞི་བཅས་པས། །སྡོད་པ་གསུམ་ལ་ཚད་ཟིན་ཏེ། །རྟགས་ནི་ལུས་ངག་ཡིད་ལ་འབྱུང་། །ཐོབ་པ་གསུམ་གྱི་གཟེར་ཐེབས་སོ། །དེ་ལས་བསྟན་དུ་མེད་དོ་ས་མ་ཡ། ༈ །བསྟན་པ་གང་བབས་རིན་ཆེན་གྱིས། །ལེགས་བྲིས་མཆན་ཁུང་དག་ཏུ་བཅང་། །བཀུར་སྟི་སུས་བྱས་གྲོལ་བར་ངེས། །འཇའ་འོད་སྒྲ་དང་ས་གཡོ་དང་། །སད་སེར་མུ་གེ་གཟས་ཟིན་དུས། །ཕྱོགས་བསྟུན་ལྕེ་ཡིས་འདི་བཀླག་ན། །སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ། །ཡོན་ཕུལ་བ་བས་འདི་དོན་ཆེ། ༈ །བསྟན་པ་ཐམས་ཅད་ཀྱི་རང་བབས་རང་བྱུང་བྱིན་རླབས་ཀྱི་ཡི་གེ་འདི། རྒྱལ་པོ་ཛ་རི་ཞེས་བྱ་བའི་ཁབ་ཀྱི་ལྷོ། བྱ་རྒོད་སྤུངས་པའི་རི་ལ་སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། དགའ་རབ་རྡོ་རྗེས་གདུང་བའི་སྨྲེ་སྔགས་ཕྱུངས་པས། རིན་པོ་ཆེ་ལྔ་ཡི་ཡི་གེ་རང་བྱུང་བ་དགའ་རབ་རྡོ་རྗེའི་ཕྱག་གཡས་པའི་མཐིལ་དུ་བབས་པ། སངས་རྒྱས་ཀྱི་འདའ་རྗེས་ཐ་མ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པར་བཀོད་པའོ། །ས་མ་ཡ། རྒྱ་རྒྱ་རྒྱ། ལམ་བདེན་པ་ཐམས་ཅད་ཀྱི་མཐར་ཐུག་པ་འོད་གསལ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཡང་རྩེ་མན་ངག་སྡེ་ལའང་། ཕྱི་ནང་གསང་བ་ཡང་གསང་གི་སྐོར་མཐའ་ཡས་པར་བཞུགས་པ་ལས། ཡང་གསང་མན་ངག་སྙིང་ཏིག་གི་རྒྱུད་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་གྲགས་པའི་སྙིང་པོ་ནི་འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། ཅེས་གསུངས་པ་ལྟར་རྒྱུད་བཅུ་བདུན་ཡིན་ལ། དེ་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་རིན་པོ་ཆེ་འབྱུང་བའི་ས་བོན་ལྟ་བུ་ནི། སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ཉིད་དུ་རྣམ་པར་བཞག་ཅིང་དེ་རྣམས་མཐའ་དག་གི་གནད་ཀྱི་སྙིང་པོ་སངས་རྒྱས་ཀྱི་འདས་རྗེས་གསུམ་དུ་གྲགས་པའི་རྒྱུད་སྡེ་ཁྱད་པར་ཅན་དང་། རིག་འཛིན་བཞིའི་འདས་རྗེས་ཞར་བྱུང་དང་བཅས་པའི་རྡོ་རྗེའི་ཚིག་རྐང་རྣམས་སུ་འདུ་བ་ལས། དང་པོ་འདས་རྗེས་རྣམ་པ་གསུམ་གྱིས་དོན་གྱི་དགོངས་པ་ཇི་ལྟ་བུ་ཞིག་སྟོན་ན། འདས་རྗེས་དང་པོར་རྫོགས་པ་ཆེན་པོ་མན་ངག་སྡེའི་གསང་བ་ཐུན་མོང་མ་ཡིན་པ་འོད་གསལ་ཐིག་ལེ་ཆེན་པོ་ཐོད་རྒལ་གྱི་གདམས་པ་གཙོ་བོར་གྱུར་པའི་མན་ངག་གི་ལུས་ཡོངས་སུ་རྫོགས་པ་མདོར་བསྟན། གཉིས་པས་དེའི་སྔོན་འགྲོ་དང་། གསུམ་པས་དངོས་གཞི་སྣང་བ་བཞིའི་ས་མཚམས་དང་བཅས་རྒྱས་པར་བཤད་པ་སྟེ། འདི་རྣམས་ཀྱི་དོན་རྒྱས་པར་ཀུན་མཁྱེན་ཆེན་པོའི་གཞུང་ཐེག་མཆོག་རིན་པོ་ཆེའི་མཛོད་དང་། མན་ངག་གི་ཡི་གེ་ཡང་ཏིག་ཡིད་བཞིན་ནོར་བུ་སོགས་ཀྱིས་མཚོན་ཁྲིད་ཡིག་རྣམས་ལས་རྟོགས་པར་བྱའོ། ། ༈ རིག་འཛིན་བཞིའི་ཞལ་ཆེམས་གསེར་ཡིག་ཅན། འདས་རྗེས་ཀྱི་ཡི་གེ་ལས། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པ་བཞུགས་སོ། །ན་མཿཤྲཱི་གུ་རུ་ཡེ། རང་རིག་རྟོགས་པའི་གདིང་ལ་ཕྱག་འཚལ་ལོ། །ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །དེ་དོན་བདེ་གཤེགས་ཀུན་གྱི་དགོངས་འདུས་པ། །བརྒྱལ་བ་བསླང་ཕྱིར་ཚིག་གསུམ་མན་ངག་འདི། །འཁོར་འདས་གཉིས་ཀྱི་གདོས་ཐག་བཅད་པའི་ཕྱིར། །འཆི་ཁའི་ཞལ་ཆེམས་སྙིང་གི་དཀྱིལ་དུ་སྦོས། །ཨ་ཨཱི། རིག་པ་སྤྱི་བརྟོལ་དུ་བསྟན་པའི་མན་ངག་ནི། ངོ་༡རང་ཐོག་ཏུ་སྤྲད་པ་དང་། །༢ཐག་གཅིག་ཐོག་ཏུ་བཅད་པ་དང་། །༣གདིང་གྲོལ་ཐོག་ཏུ་བཅའ་བའོ། །རང་ངོ་ཡིན་པ། གཞན་ངོ་སྣང་བ། ཚུལ་གཉིས་འདྲེས་པ་འཕྲད་པའོ། །ཨཐྎ། ཅིར་སྣང་རང་ཡིན། སྟོབས་རང་གིས་རང་ཆེ། རང་དང་འཕྲད་པའོ། །མ་ཐོག་ཏུ་མ་རང་འཕྲད། བུ་ཐོག་ཏུ་བུ་རང་འཕྲད། གཅིག་ཐོག་ཏུ་གཅིག་རང་འཕྲད་པའོ། །རིག་པ་གཅིག་པུ་རང་དང་འབྲེལ་བ། རང་གཅིག་པུ་རང་དང་འབྲེལ་བ། གྲོལ་བ་གཅིག་པུ་རང་དང་འབྲེལ་བའོ། །རང་ཐོག་ཏུ་མཐར་སྣང་གི་ཐག་ཆོད། གཅིག་ཐོག་ཏུ་རང་སྣང་གི་ཐག་ཆོད། གྲོལ་ཐོག་ཏུ་ཐེ་ཚོམ་གྱི་ཐག་ཆོད་པའོ། །ཨཐྎ། རང་ལ་བྱན་ཚུད་པ་ཕྱུག་པོའི་བང་མཛོད་ལྟ་བུའི་གདིང་། གཞན་ལ་བྱན་ཚུད་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུའི་གདིང་། གྲོལ་ས་ལ་བྱན་ཚུད་པ་མཁའ་ལ་མཁའ་ཐིམ་པ་ལྟ་བུའི་གདིང་ངོ་། །ཨཐྎ། རང་ཐོག་ཏུ་རང་གྲོལ། གཅིག་ཐོག་ཏུ་གཅིག་གྲོལ། མ་བུ་གཉིས་སྦྱོར་བའོ། །ཨཐྎ། རང་ངོ་ཤེས་པས་གཞི་དང་ངོ་འཕྲད་པའོ། །དེའི་ཕྱིར་ན་མ་དང་བུ་འཕྲད་པ་ལྟ་བུ་སྟེ་གྲོལ་ས་གཅིག་པུ་ཡིན་པར་ངོ་ཤེས་པའོ། །རང་གིས་རང་གྲོལ་བར་ཤེས་པས་ཐོག་མ་རིག་པ་ཉིད་ལ་ཐག་བཅད་པའོ། །དེའི་ཕྱིར་དྲི་མས་དྲི་མ་འཁྲུ་བ་དང་། རྣམ་རྟོག་ཉིད་ལ་རྣམ་རྟོག་སྟེ་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་བཅད་དོ། །གཞི་ཉིད་ལས་གྲོལ་བས་གདིང་གང་ཡིན་དུ་བཅའ་བའོ། །དེའི་ཕྱིར་སྦྲུལ་གྱི་མདུད་པ་ཉིད་སྦྲུལ་རང་གིས་གྲོལ་བ་ལྟ་བུ་སྟེ། གཞན་ལྟོས་ཀྱི་རིག་པ་ཚི་ཆད་པས། དངོས་གཞི་རང་ཐོག་ཏུ་གཞི་བཅའ་བའོ། །ཨཐྎ། དགའ་རབ་རྡོ་རྗེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ། འཇམ་དཔལ་བཤེས་གཉེན་བརྒྱལ་ཞིང་ས་ལ་འགྱེལ་ནས་ཀྱེ་མ་ཀྱི་ཧུད་ཅེས་སྒྲ་ཆེན་པོ་ཕྱུངས་པས། རོ་ལངས་བདེ་བ་འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ། བརྒྱལ་བ་སློང་བའི་དོན་དུ་གསང་བའི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པ། ཕྱག་གཡས་པའི་མཐིལ་དུ་བཻ་ཌཱུརྱ་མཐིང་ཁ་ཞུན་མས་རང་ནན་དུ་བྲིས་པ་བབས་ཏེ། རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་གཅིག་སྣོད་དུ་བབས་པས། འཇམ་དཔལ་བཤེས་གཉེན་བརྒྱལ་བ་ལས་གྲོལ་བར་གྱུར་ཅིང་། རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ། །དེའི་ཕྱིར་ན་ཐུགས་ཀྱི་དཀྱིལ་འཁོར་དུ་སྦ་བར་བྱའོ། །འཆི་ཁ་མའི་ཞལ་གདམས་ཚིག་གསུམ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུངས་པ། ལྟ་བའི་དོན་གསེར་ལྟ་བུར་བསྟན་པ། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་བབས་པ། ཆུ་བོ་དན་ཏིག་གི་མགོར་སྣང་བར་བྱས་པའི་གདམས་ངག་དམ་པ། སེམས་ཅན་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ལམ། སངས་རྒྱས་ཀྱི་ཞིང་དུ་སྐད་ཅིག་ལ་གྲོལ་བར་བྱེད་པའི་མན་ངག་རྫོགས་སོ། ༈ །འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་པ་བཞུགས་སོ། །ན་མཿཤྲཱི་གུ་རུ་ཡེ། རང་རིག་རྟོགས་པའི་གདིང་ལ་ཕྱག་འཚལ་ལོ། །ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་ངེས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་འཆར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །དེ་དོན་བདེ་གཤེགས་ཀུན་གྱི་དགོངས་པ་ནི། །བརྒྱལ་བ་བསླང་ཕྱིར་ཚིག་དྲུག་མན་ངག་ནི། །འཁོར་འདས་གཉིས་ཀྱི་གདོས་ཐག་བཅད་པའི་ཕྱིར། །འཆི་ཀའི་ཞལ་ཆེམས་སྙིང་གི་དཀྱིལ་དུ་སྦོས། །ས་མ་ཡ་མ་ཏི་ཀྲ་མ་ཐཱ། དགོངས་པ་རང་གནས་གདིང་ལ་ཕྱག་འཚལ་ལོ། །དོན་གྱི་དགོངས་པ་ཡེ་ཤེས་ཆེན་པོའི་ལུང་། །འདི་ནི་༡སྣང་བའི་ཡེ་ཤེས་ཆེན་པོ་དེ། །རི་དྭགས་རྒྱ་ལ་ཇི་ལྟར་༢ཚུད་པ་བཞིན། །བྱ་བྱེད་༣བྲལ་བའི་མཁའ་ལ་བརྟག་པར་བྱོས། །ཇི་ལྟར་བདག་གི་བློ་ལ་དགོངས་ཤར་བའི། །བརྒྱལ་བ་བསླང་ཕྱིར་དོན་གྱི་དགོངས་པ་འདི། །རིག་པའི་གཏད་ས་ལུས་ཀྱི་གནད་དང་བསྟུན། །དགོངས་དོན་མན་ངག་དྲུག་གིས་ཕྱེད་ནས་བསྟན། །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་ཆེན་པོ། །དོན་གྱི་རིག་པ་གཅེར་བུ་མངོན་སུམ་དུ་ལྟ་བར་འདོད་ན། རིག་པའི་ཡུལ་དབྱིངས། བཙལ་༡ བ་དང་། ལུས་ཀྱི་གནད་༢གཟིར། ལྟ་སྟངས། བ་དང་། འགྲོ་འོང་གི་ལམ་༣ བཅད་རླུང་། པ་དང་། གཏད་པའི་འབེན་ལ་དབྱིངས་༤གཟུད་པ་དང་། མི་འགུལ་བ་ལ་གཞི་༥ བཅའ་བ་དང་། །རྒྱ་ཆེ་བ་ནམ་༦མཁའ་སྤར་གྱིས་བཟུང་དབྱིངས་རིག་འདྲེས་པ། བའོ། །ཐོག་མ་ཀ་དག་བབས་ཀྱི་ཡུལ་དང་། འཁྲུལ་པ་སྣང་བ་ལྷུན་གྲུབ་ཀྱི་ཡུལ་དང་། གནད་བརྟེན་པ་ཡུལ་གྱི་ཡུལ་དང་། ཉམས་སུ་བླང་བྱ་ནམ་མཁའ་སྤྲིན་དང་བྲལ་བའི་ཡུལ་དང་། གསལ་བ་དངོས་སྣང་ཁ་དོག་འོད་ཀྱི་ཡུལ་དང་། ཐ་མ་འགྲོ་ས་རང་སྣང་བར་དོའི་ཡུལ་ལོ། ། ༡༽ སེང་གེའི་འདུག་སྟངས་ཀྱིས་རིག་པ་གཅུན་པ་དང་། གླང་པོ་ཆེའི་འདུག་སྟངས་ཀྱིས་ལྟ་བ་དང་། འདབ་ཆགས་ཀྱི་ལྡིང་ཐབས་ཀྱིས་ལྟ་བ་སྤྱི་རྒྱ་རླབས་ཀྱིས་གཅོད་པ་དང་། ཝ་མོའི་ཟུར་འགྲོས་ཀྱིས་ས་མནན་པ་དང་། སྐྱེས་བུའི་རྒྱང་ཐབས་ཀྱིས་བར་སྣང་དུ་ཡིད་ཙམ་བཟུང་བ་དང་། རྒྱ་མདུད་ཀྱི་དྲིལ་ལུགས་ཀྱིས་ལུ་གུ་རྒྱུད་ཀྱི་ཁུངས་བཅད་པའོ། ། ༢༽ ཁ་སྣའི་དབུགས་ཡིད་ཙམ་ནང་དུ་འཐེན་པས་མ་རིག་པ་ལས་ཀྱི་རླུང་ལྡོག །ཤེས་པ་ནམ་མཁའ་ལ་གཏད་པས་རྣམ་རྟོག་གི་འགྲུལ་ཆོད། རིག་པ་མིག་ཏུ་བཅུག་པས་ངོ་བོ་ལ་འཁྲུལ་པ་མེད། དབྱིངས་ཕྱི་ནང་འདྲེས་པས་རིག་པ་ལ་འགྲོ་ས་མེད། དེ་ཉིད་དབྱིངས་དང་མ་བྲལ་བས་ཡིད་ཀྱི་རྣམ་རྟོག་ཆོད། རིག་པ་དབྱིངས་དང་འདྲེས་པས་འཁྲུལ་པ་གཞི་ལས་སངས་པའོ། ། ༣༽ ནམ་མཁའ་སྤྲིན་དང་བྲལ་བ་དང་། དབྱིངས་རྣམ་པར་དག་པ་དྲི་མ་དང་བྲལ་བ་དང་། སྣང་བ་སྒྲིབ་གཡོགས་དང་བྲལ་བ་དང་། ཐིག་ལེ་སྤྲོ་བསྡུ་དང་བྲལ་བ་དང་། འོད་སྣང་གསལ་འགྲིབ་དང་བྲལ་བ་དང་། ལུ་གུ་རྒྱུད་འགྲོ་འོང་དང་བྲལ་བ་ལ་རང་གི་དེ་བཞིན་ཉིད་ལ་གཏད་པའོ། ། ༤༽ ལུས་མི་འགུལ་བས་སྣང་བ་བཞི་ལ་བཞག་པ་དང་། མིག་མི་འགུལ་བས་ལུ་གུ་རྒྱུད་ལ་གཟེར་ཐེབས་པ་དང་། རིག་པ་མ་འགུལ་བས་སྣང་སྲིད་ཆོས་སྐུར་གྲོལ་བ་དང་། དེ་ཉིད་མ་འགུལ་བས་འཁྲུལ་བའི་སྣང་བ་རྒྱུན་ཆད་པ་དང་། དེ་ལྟར་ཆོས་སྐུ་འགུལ་བ་མེད་པས་ཡེ་ཤེས་ངོས་ཟིན་པ་དང་། སྟོང་པ་ལས་འགུལ་བ་མེད་པས་འགྱུ་བྱེད་རང་སར་དྭངས་པའོ། ། ༥༽ སྣང་སྲིད་རིག་སྟོང་གསལ་བར་ཤར་བས་བེམ་པོ་ལས་གྲོལ་པ་དང་། ནམ་མཁའི་ཁམས་སུ་ལུ་གུ་རྒྱུད་ཀྱིས་ཁྱབ་པས་ཆོས་ཉིད་མ་ཐོག་ཏུ་གྲོལ་བ་དང་། ཅིར་སྣང་འོད་སྣང་ལས་མ་འདས་པས་འབྱུང་བ་ལྔའི་བདུད་ལས་གྲོལ་བ་དང་། འཁོར་འདས་རང་ངོ་ཤེས་པས་ལྟོས་པའི་ཆོས་ལས་གྲོལ་བ་དང་། སྟོང་པ་གསལ་བ་རིག་པ་འདྲེས་པས་རྒྱུད་ལུང་གི་ཚིག་ལས་གྲོལ་བ་དང་། དག་པའི་དབྱིངས་རྒྱ་བསྐྱེད་པའི་རིག་པ་རང་ཐོག་ཏུ་སྤར་གྱིས་ཟིན་པ་ཞེས་བྱའོ། ། ༦༽ ཨཐྎ། འཇམ་དཔལ་བཤེས་གཉེན་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པ་ཤྲཱི་སིཾ་ཧ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱི་ཧུད་ཀྱི་སྒྲ་ཆེན་པོ་ཕྱོགས་བཅུར་འབོད་ཅིང་གནས་པ་ལས། ནམ་མཁར་སྒྲ་ཆེན་པོ་ཞིག་གྲགས་པར་གྱུར་ཏེ། དེ་ཉིད་ཀྱིས་བརྒྱལ་སངས་ནས་བལྟས་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས། མཉྫུ་ཤྲཱིས་ཕྱག་གཡས་པ་ཕྱུངས་ཏེ་བརྒྱལ་བ་བསླང་བའི་དོན་དུ། ཤྲཱི་སིཾ་ཧའི་ཕྱག་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཻ་ཌཱུརྱ་མཐིང་ཁ་ཞུན་མས་རང་ནན་དུ་བྲིས་པ་གཅིག་དུར་ཁྲོད་ཆེན་པོ་སོ་ས་གླིང་དེ་ཉིད་དུ་བབས་སོ། །དེ་ཉིད་བབས་པ་ཙམ་གྱིས་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ། །འདི་ནི་འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་གིས་སྐྱེ་མེད་སྟོང་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱེད་པའི་མན་ངག་གསང་བ་བས་ཀྱང་ཆེས་གསང་བར་གྱུར་པ། ཉམས་སུ་བླང་བའི་ཕྱོགས་སུ་བསྟན་པ་རྫོགས་སོ། ༈ །ཤྲཱི་སིཾ་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་བཞུགས་སོ། །སརྦ་སནྟི་ཀ །སྟོང་གསལ་ཤེས་རབ་རྫོགས་ལ་ཕྱག་འཚལ་ལོ། །ཀུན་ཏུ་ཁྱབ་༡ཅིང་སྣ་ཚོགས་༢སྣང་བ་ཡིས། །རིག་༣པའི་ཡེ་ཤེས་༤རྒྱ་ཡན་༥ ཕྱོགས་༦མེད་དེ། །མི་༧འགྱུར་བ་ལ་གཟེར་ཆེན་བཏབ་པའི་ཕྱིར། །འཁོར་འདས་འཕྲང་ལ་གཟེར་ཆེན་བདུན་བཏབ་པས། །མི་འགྱུར་བདེ་ཆེན་བདག་གི་བློ་ལ་ཤར། །དེ་དོན་མན་ངག་ཉི་མའི་ཟེར་འདྲ་བ། །བརྒྱལ་བ་བསླང་ཕྱིར་དགོངས་དོན་གསང་བ་འདི། །གསལ་བའི་ཤེས་རབ་མཛོད་ཀྱི་སྒོ་ཕྱེ་ལ། །ཡིད་བཞིན་ནོར་འདྲའི་དོན་འདི་རྟོགས་པར་གྱིས། །གསལ་བའི་ཡེ་ཤེས་ཟང་ཐལ་གྱི་༡གཟེར་གྱིས་འཁོར་འདས་གཉིས་ཀྱི་མཚམས་སུ་ཐོབ་ཅིག །སྒྲོན་མ་རང་སྣང་གི་༢གཟེར་གྱིས་ཡུལ་སེམས་གཉིས་ཀྱི་བར་དུ་ཐོབ་ཅིག །ངོ་བོ་རང་དག་གི་༣གཟེར་བློ་དངོས་གཉིས་ཀྱི་བར་དུ་ཐོབ་ཅིག །ལྟ་བ་གྲོལ་ཡན་གྱི་༤ གཟེར་རྟག་ཆད་གཉིས་ཀྱི་བར་དུ་ཐོབ་ཅིག །རིག་པ་ཆོས་ཉིད་ཀྱི་༥གཟེར་ཆོས་ཅན་ཆོས་ཉིད་ཀྱི་བར་དུ་ཐོབ་ཅིག །སྒོ་ལྔ་རྒྱ་ཡན་གྱི་༦ གཟེར་བྱིང་རྒོད་གཉིས་ཀྱི་བར་ལ་ཐོབ་ཅིག །ཆོས་སྐུ་ཡེ་རྫོགས་ཀྱི་༧གཟེར་སྣང་སྟོང་གཉིས་ཀྱི་བར་ལ་ཐོབ་ཅིག །ཨཐྎ། གསལ་བ་རང་ངོས་མ་སྒྲིབ་པ་ཤེས་རབ་རང་གྲོལ་གཞན་ངོ་ལ་བཞག་པ་ནི་རྩྭ་དང་མེ་འཕྲད་པ་ལྟ་བུའོ། །སྣང་བ་གཅེར་གྲོལ་དུ་ཤེས་པས་དྲན་བསམ་ལ་བྱན་ཚུད་པ་ནི་མུན་ཁང་དང་སྣང་བ་འཕྲད་པ་ལྟ་བུའོ། །རིག་པ་ཡེ་དག་གི་དགོངས་པ་གཞི་མངོན་དུ་ཤེས་པ་ནི་ཡིད་མཐུན་པའི་ཕོ་མོ་འཕྲད་པ་ལྟ་བུའོ། །རང་ངོ་ཕྱོགས་བྲལ་གྱི་ཡེ་ཤེས་རང་རྐྱེན་དུ་ཤར་བས་ཡིན་མིན་གྱི་རྩིས་ལས་འདས་པ་བཞིན་དང་མེ་ལོང་འཕྲད་པ་ལྟ་བུའོ། །ལྟ་སྒོམ་ལས་གྲོལ་བའི་རྟོག་པ་སྣ་ཚོགས་རོལ་པར་ཤར་བས་བ་མོ་དང་ཉི་མ་རེག་པ་ལྟ་བུའོ། །སྣང་སྲིད་སོར་བཞག་གི་དགོངས་པ་ཡེ་རྒྱས་བཏབ་པས་ཡུལ་ཅན་མཉམ་པ་ཉིད་དུ་ཤེས་པ་ནི་བུ་གཅིག་པོ་དང་འཕྲད་པ་ལྟ་བུའོ། །ཆོས་སྐུ་འབད་རྩོལ་མེད་པར་ཡེ་ནས་རང་དང་འདུ་འབྲལ་མེད་པ་ཡིན་པས་སྣོད་བཅུད་རང་སར་གྲོལ་བ་ནི་དབུལ་པོ་གཏེར་མཛོད་དང་འཕྲད་པ་ལྟ་བུའོ། །ཨཐྎ། ཤྲཱི་སིཾ་ཧ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པས། ཡེ་ཤེས་མདོ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་བསྒྲགས་པས། ནམ་མཁའ་ལ་སྒྲ་ཆེན་པོ་གྲགས་ཏེ། དེ་ཉིད་ཀྱིས་བརྒྱལ་སངས་ནས་བལྟས་པས། འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ། ཡེ་ཤེས་མདོ་བརྒྱལ་བ་ལས་བསླང་བའི་དོན་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་མཐིལ་དུ་བབས་སོ། །དེ་ཉིད་བབས་པ་ཙམ་གྱིས་རྟོགས་པ་དང་ལྡན་པར་གྱུར་ཏོ། །བཀྲ་ཤིས་ཁྲི་སྒོར་བབས་པ། ཤྲཱི་སིཾ་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་ལོང་བའི་སྣ་ཁྲིད་དང་འདྲ་བ་རྫོགས་སོ། ༈ །ཡེ་ཤེས་མདོའི་ཞལ་ཆེམས་བཞག་ཐབས་བཞི་པ་བཞུགས་སོ། །སརྦ་ཨེ་ཀ་ར། སྟོང་པ་ཡེ་དག་ངང་ལ་ཕྱག་འཚལ་ལོ། །གསང་སྔགས་གསང་བའི་མདོ་དོན་འདིར་སྣང་བ། །དུས་གསུམ་བཞུགས་པའི་ཐུགས་ཀྱི་དགོངས་ཤར་བ། །བློ་ཡི་མུན་སེལ་སྒྲོན་མ་འོད་པོ་ཆེ། །འཇིག་རྟེན་རབ་རིབ་རྣམས་ནི་བསལ་བྱའི་ཕྱིར། །རང་རིག་ཡེ་ཤེས་རྟོགས་དཀའ་ཀུན་སྤངས་བ། །འགྱུར་མེད་ཐབས་ཀྱི་རྒྱ་ཡིས་གཟུང་བྱས་ཏེ། །རྒྱ་ཆེ་རབ་ཟབ་དབྱིངས་སུ་བཅུག་ནས་ཀྱང་། །མཐའ་བྲལ་ཉག་གཅིག་ངང་དུ་བཞག་པར་བྱོས། །བརྒྱལ་བ་རྣམས་ནི་འདི་ཡིས་དབུགས་ཕྱུངས་ཏེ། །སངས་རྒྱས་རྣམས་དང་མཉམ་པ་ཉིད་དུ་གྲགས། །གང་ཞིག་བཟུང་བས་མ་ཟིན་རིག་པ་དེ། །དེ་ཉིད་འཛིན་འདོད་སྐལ་ལྡན་བློ་ཆེ་བ། ཡི་གེ་འདི་ལ་རྟག་ཏུ་གོམས་པར་གྱིས། །ཨེ་མ་ཧོཿ འདི་ལ་རྟག་ཏུ་གོམས་པར་བྱས་ན་བདེ་བ་ཤུགས་ལ་འབྱུང་ངོ་། །ཀྱེ་མ་མཉམ་པ་ཆེན་པོའི་ས་ཐོབ་པར་འདོད་འདི་ཉིད་ལ་རྟག་ཏུ་གོམས་པར་གྱིས་ཤིག །སྤྱོད་པ་ཐམས་ཅད་ལ་རྩལ་སྦྱོང་བར་འདོད་ན། སྣང་བ་ཅོག་༡བཞག་གིས་སྣང་བ་ཐམས་ཅད་ཅེར་བཞག་ཏུ་ཞོག་ཅིག །སྒོམ་པ་ཐམས་ཅད་ལ་སྟོབས་རྙེད་པར་འདོད་ན། རྒྱ་མཚོ་ཅོག་༢བཞག་གི་དགོངས་པས་བློ་དངོས་གཉིས་གཅིག་ཏུ་དྲིལ་ལ་ཞོག་ཅིག །ལྟ་བ་ཐམས་ཅད་ལས་རང་གྲོལ་བར་འདོད་ན། རི་བོ་ཅོག་༣བཞག་གི་ལྟ་བས་ཆོས་ཐམས་ཅད་ཟད་སར་སྐྱོལ་ཞིག །འབྲས་བུ་ཐམས་ཅད་རང་སར་གནས་པར་འདོད་ན། རིག་པ་ཅོག་༤བཞག་གི་ལྟ་བས་མན་ངག་ལ་འཁྲུལ་པ་ཐམས་ཅད་རང་སར་གྲོལ་བར་ཞོག་ཅིག །སྣང་བ་རང་བཞག་ཡིན་པས་ཡེ་ནས་སྟོང་པ་དང་འབྲེལ་བ་དང་། བློ་རང་སར་བཞག་པས་ཡེ་ནས་དངོས་པོ་དང་འབྲེལ་བ་དང་། ཆོས་རྣམས་རང་སར་བཞག་པས་དབྱིངས་རིག་དང་འབྲེལ་བ་དང་། འཁྲུལ་པ་ཐམས་ཅད་ཅོག་བཞག་ཡིན་པས་ཡེ་ནས་རང་གྲོལ་དང་འབྲེལ་པའོ། །ཝལ་པོ་རྗེས་མེད་ཆུ་ཡི་རི་མོ་ལྟ་བུས་སྣང་བ་གཅིག་ཐོག་ཏུ་གཅིག་བཞག་པ་དང་། དྲན་པ་རྗེས་མེད་མཁའ་ལ་བྱ་འཕུར་བ་ལྟ་བུས་བསམ་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང་། འཁྲུལ་པ་རང་དག་མཁའ་འགྲོ་རྙི་ལས་བཏོན་པ་ལྟ་བུས་སྟོང་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང་། དག་པ་ལྡོག་མེད་རིམས་ནད་བྱང་བ་ལྟ་བུས་རིག་པ་གཅིག་ཐོག་ཏུ་གཅིག་གྲོལ་པའོ། །ཨཐྎ། སྣང་བ་སྤྱོད་ཅིང་བསྒྱུར་ནུས་པ་ཆང་དང་ར་རོ་བ་ལྟ་བུས་འབྱུང་བ་ལྔ་རང་སར་བཞག་པ་དང་། སེམས་གནས་ཤིང་ཚད་ཟིན་པ་རྔོན་པས་རི་དྭགས་རྒྱ་ལ་ཟིན་པ་བཟུང་བ་ལྟ་བུས་སེམས་རང་སར་བཞག་པ་དང་། ཆོས་ལ་མི་གནས་པའི་ཤེས་པས་རིག་པ་མཐོང་བ་བཞིན་དང་མེ་ལོང་ལྟ་བུས་ཆོས་ཐམས་ཅད་རང་སར་བཞག་པ་དང་། འཁྲུལ་པ་མ་ཐོག་ཏུ་གྲོལ་བ་སྦྲུལ་དང་མདུད་པ་ལྟ་བུས་འཁྲུལ་དང་མ་འཁྲུལ་མེད་པ་རང་སར་བཞག་པའོ། །སྣང་བ་རང་གྲོལ་བ་གཟུ་བོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུའོ། །བསམ་པ་ཐམས་ཅད་གཞི་ལ་ཐིམ་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུའོ། །དབྱིངས་དང་རིག་པ་རང་འཕྲད་པ་རི་རྒྱལ་གྱི་རྩེ་མོར་ཕྱིན་པ་ལྟ་བུའོ། །སྐུ་གསུམ་ཕྱིར་མི་ལྡོག་པ་རང་ས་ལ་སླེབ་པ་བསེ་ཤིང་གི་འབྲས་བུ་ལྟ་བུའོ། །ལྟ་སྒོམ་སྤྱོད་པའི་སྲོག་ཤིང་ཡིན། །རེངས་པ་རྣམས་ཀྱི་གཉའ་གཅོག་ཡིན། །སྟོར་བ་རྣམས་ཀྱི་རྗེས་གཅོད་ཡིན། །ལྟེབས་པ་རྣམས་ཀྱི་རྒྱངས་ཤིང་ཡིན། །རྒྱ་ཆེ་སྤར་གྱིས་བཟུང་བའི་མན་ངག །ད་རྨུ་རྒོད་འཐུར་སྲབ་འཇུག་པའི་མན་ངག །རྣོ་ལ་ངར་གྱིས་འདོགས་པའི་མན་ངག །བྱས་པ་ཐམས་ཅད་རང་སར་བཞག་པའི་མན་ངག་གོ། །ཨཐྎ། སྣ་ཚོགས་ལམ་དུ་ཁྱེར་བའི་རྐང་། །དྲན་པ་རྒྱུན་ཐག་གཅོད་པའི་ལག །རིག་པ་དངོས་ལ་ལྟ་བའི་མིག །འཁྲུལ་པ་གཞི་ལ་དག་པའི་ཁྲུས་སོ། །སྣང་བ་ཐུག་ཕྲད་ཀྱི་ལམ། རིག་པ་ཐུག་ཕྲད་ཀྱི་གཞི། མཐོང་བ་ཐུག་ཕྲད་ཀྱི་ཡུལ། གྲོལ་བ་ཐུག་ཕྲད་ཀྱི་འབྲས་བུའོ། །ཛྙཱ་ན་སཱུ་ཏྲ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་བའི་ཚེ། བི་མ་ལ་མི་ཏྲ་བརྒྱལ་ཞིང་ས་ལ་འགྱེལ་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་ཆེན་པོ་འདོན་ཞིང་གནས་པ་ལས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སྒྲ་ཆེན་པོ་གྲགས་ཏེ་བརྒྱལ་སངས་ནས་བལྟས་པས། ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུངས་ཏེ། བི་མ་ལ་མི་ཏྲའི་ཕྱག་གཡས་པའི་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་བབས་སོ། །དེ་ཞལ་ཕྱེས་ནས་གཟིགས་པས་བཻ་ཌཱུརྱ་མཐིང་ཀས་རང་ནན་དུ་རིན་པོ་ཆེ་ལྔའི་ཤོག་བུ་ལ་བྲིས་པ་གཅིག་བཞུགས་འདུག་སྟེ། བི་མ་ལས་བལྟས་པ་ཙམ་གྱིས་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ། །དུར་ཁྲོད་ཆེན་པོ་བྷ་སེང་དུ་སྣང་བར་བྱས་པ། ཡེ་ཤེས་མདོའི་ཞལ་ཆེམས་བཞག་ཐབས་བཞིས་རྟེན་གཅིག་ལ་འཚང་རྒྱ་བར་བྱེད་པ། མུན་ཁུང་གི་སྒྲོན་མེ་དང་འདྲ་བ་རྫོགས་སོ། །སྤྱོད་པ་རང་བཞག །སྒོམ་པ་རང་བཞག །ལྟ་བ་རང་བཞག །འབྲས་བུ་རང་བཞག་གི་གདམས་ངག་གོ། །ས་མ་ཡ། ཨཐྎ། རིག་འཛིན་བཞིའི་ཞལ་ཆེམས་དང་པོས་ཁྲེགས་ཆོད་ཐོད་རྒལ་གཉིས་ཀའི་ངོ་སྤྲོད་རྩ་བ་སྟོན། གཉིས་པས་ཐོད་རྒལ་གྱི་སྒོམ་པ་གཙོ་བོར་སྟོན། གསུམ་པས་བོགས་འབྱིན་དང་གེགས་སེལ་སྟོན། །བཞི་པས་ཁྲེགས་ཆོད་ཀྱི་བཞག་ཐབས་གཙོ་བོར་སྟོན། བཞི་ཀས་ཀྱང་བཞི་ཀ་སྟོན་པས་ན་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་རྫོགས་པར་སྟོན་པ་ཡིན་ནོ། །མངྒལཾ་བྷ་བ་ཏུ།། །།
རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་དབང་ཆོག་རྫོགས་པ་རང་བྱུང་གི་རྒྱུད་ཀྱི་དགོངས་དོན་ཇི་བཞིན་ཆོག་བསྒྲིགས་ཟིན་བྲིས་སུ་བཀོད་པ། རྫོགས་ཆེན་པ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ།
རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་དབང་ཆོག་རྫོགས་པ་རང་བྱུང་གི་རྒྱུད་ཀྱི་དགོངས་དོན་ཇི་བཞིན་ཆོག་བསྒྲིགས་ཟིན་བྲིས་སུ་བཀོད་པ་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ཱརཱ་ཡ། བླ་མ་མཆོག་དང་ཀུན་བཟང་ཆོས་ཀྱི་སྐུ། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ཀུན་གྱི་གཙོ། །སྐུ་གསུམ་ངོ་བོ་གཅིག་ཏུ་འདུས་ཕྱག་འཚལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །འདིར་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་དབང་བསྐུར་བའི་རིམ་པ་ལ་གསུམ་སྟེ། ཆོ་ག་ལ་འཇུག་པ་གང་ཟག་གི་མཚན་ཉིད། སྔོན་འགྲོ་ལེགས་པར་བཤམས་པ་དང་། དངོས་གཞི་དབང་བསྐུར་བའོ། །དེ་ལ་སྟོན་བྱེད་སློབ་དཔོན་ནི་མཚན་ཉིད་གསུམ་དང་ལྡན་དགོས་ཏེ། མདོ་རྒྱུད་ཀྱི་དོན་ལ་མཁས་པ ། མངོན་སུམ་གྱི་གནད་བསྒོམ་པ། རང་སྨིན་ནས་གཞན་རྒྱུད་དགྲོལ་ནུས་པའོ། །སློབ་མའི་མཚན་ཉིད་ནི། མངོན་སུམ་སྙིང་པོའི་དོན་སྟོན་པའི་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་བ། དད་པའི་ཞིང་ས་བཟང་བ། མི་དགེ་བ་དུག་ལྟར་སྤོང་བ། འཁྲུལ་པའི་དོན་རིག་པས་ཡང་དག་པའི་གདམས་པ་ཞུ་བ་ལ་འཇིག་རྟེན་གྱི་ནོར་རྫས་ལ་གཏོང་ཕོད་ཆེ་བ། ལུས་དང་སྲོག་ལ་མི་འཕོངས་པར་ཆོས་ཕྱིར་ལུས་སྲོག་གཏོང་ནུས་ཤིང་སྲི་ཞུ་དང་མོས་གུས་ཆེ་བའོ། །གཉིས་པ་རྫས་བཤམ་པ་ནི། དཀྱིལ་འཁོར་གྲུ་བཞི་ཚད་ལྡན་མེ་ལོང་གི་ངོས་ལྟར་སྙོམས་པ་ལ། བ་བྱུང་ལྔ་དང་དྲིས་བྱུགས་པའི་སྟེང་དུ་ཐིག་ཚོན་ཡེ་ཤེས་ལྔ་བྱིན་གྱིས་བརླབས་ལ། ཚངས་ཟུར་ནས་སྒོ་རྐྱང་གི་ཐིག་རྫོགས་པར་གདབ་ཅིང་། དབུས་ཟླུམ་པོ་མཐིང་ག་པདྨ་འདབ་བརྒྱད། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞིར་མཛེས་ཚོན་དུ་སྤེལ་ཞིང་། །ལྷ་སྣམ་གྲུ་ཆད་དང་། སྒོ་རྟ་བབ། ཞིང་ཁམས་དང་བཅས་པའི་མཐར་ཉི་ཟླ་པདྨ་རྡོ་རྗེའི་ར་བ་འོད་ཟེར་ལྔའི་ཕྲེང་བས་བསྐོར་བར་བྲིས་པའི་དབུས་དང་ཕྱོགས་བཞིར་རིན་པོ་ཆེའི་བུམ་པ་རིགས་ལྔའི་ཁ་དོག་ཅན་སོ་སོའི་ས་བོན་ༀ་ཨཱཿཧཱུཾ་སྭཱ་ཧཱས་མཚན་པ་ཁ་བརྒྱན་མགུལ་ཆིངས་དང་བཅས་པ་བཀོད། བུམ་པའི་ནང་དུ་རིན་པོ་ཆེ་ལྔ། འབྲུ་སྣ་ལྔ། སྨན་སྣ་ལྔ། སྤོས་ལྔ། སྙིང་པོ་ལྔ་རྣམས་གངས་ཀྱི་ཆུ་གཙང་འོ་མ་དང་སྦྱར་བ་དཀར་གསུམ། མངར་གསུམ་གྱིས་བྲན་པས་བཀང་ཞིང་། ཁ་རྒྱན་གྱི་གསེབ་ཏུ་མེ་ལོང་ལྔ། ཤེལ་ལྔ། དར་སྣ་ལྔ། རྨ་བྱའི་མདོངས་ལྔ། རིགས་ལྔའི་ཙཀ་ལི་དང་བཅས་པ་བཀོད། གསང་དབང་གི་རྫས་ཐོད་པ་བདུད་རྩིས་གང་བ་ཁ་མེ་ལོང་གིས་བཅད། སིནྡྷུ་རས་བྱུགས་པའི་ཁ་དར་དམར་པོས་བཀབ་ལ་བཞག །སྒོ་བཞིར་ཕུར་པ་བཞི་དང་། མདའ་བཞི་བཀོད། མཚམས་བཞིར་རལ་གྲི་བཞི། ཕྱི་ནང་གསང་གསུམ་གྱི་མཆོད་པ་སྨན་རཀ་གཏོར་གསུམ་དང་། ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བཤམ། བླ་བྲེ་དང་ཡོལ་བ་ལ་སོགས་བཀོད་པས་བརྒྱན་པ་དང་། བྱང་ཤར་དུ་པདྨ་འདབ་བཞི་དབུས་ལྗང་གུའི་སྟེང་དུ་ལས་ཀྱི་བུམ་པ་དྲི་བཟང་གི་ཆུས་བཀང་ཞིང་། ཁ་རྒྱན་མགུལ་ཆིངས་སོགས་བཀོད་པས་བརྒྱན་པ་བཤམ་པར་བྱའོ། །དངོས་གཞི་དབང་བསྐུར་བ་ལ། བདག་དང་དཀྱིལ་འཁོར་བྱིན་གྱིས་བརླབ་པ། སློབ་མ་འཇུག་པ། དབང་བསྐུར་དངོས་སོ། །དེ་ཡང་གསང་སྔགས་ཕྱི་པ་ལྟར་བསྐྱེད་རྫོགས་དུ་མའི་སྤྲོས་པ་མེད་ནའང་ཡེ་ནས་དཀྱིལ་འཁོར་སངས་རྒྱས་ཡིན་མོད་ཀྱི། གནས་སྐབས་སུ་གཟུང་འཛིན་གྱི་སྤྲོས་པ་སྦྱོང་བའི་ཕྱིར། སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་ཞིག་བྱས་ལ། རང་ཉིད་སྐད་ཅིག་གིས་གཞིའི་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག་མཉམ་སྦྱོར། ཕྱག་གཉིས་མཉམ་བཞག་ཞབས་སྐྱིལ་ཀྲུང་། །རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འོད་ཟེར་དུ་མ་འཕྲོ་བར་བསམ་ལ། ཨཿབརྒྱ་རྩ་བརྒྱད་བཟླས། མདུན་དུ་རིགས་ལྔའི་དཀྱིལ་འཁོར་སྐད་ཅིག་གིས་བསྐྱེད་ལ། ༀ་ཨཱཿཧཱུཾ་སྭཱ་ཧཱས་རྒྱས་བཏབ་ནས། སྣང་སྲིད་སྣོད་བཅུད་ཐམས་ཅད་རིགས་ལྔའི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་ལྷ་མོས་གང་བ་འདོད་ཡོན་གྱི་རྒྱན་དུ། ༀ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབ། ལས་བུམ་དུ་རྡོ་རྗེ་རྣམ་པར་འཇོམས་པ་བསྐྱེད། བཟླས་པ་ཅི་འགྲུབ་བྱ། དེ་ནས་སློབ་མས་མཎྜལ་ཕུལ་བའི་རྗེས་སུ་ཐལ་མོ་སྦྱར་ལ། ཨེ་མ་ཧོཿ སྐྱེས་མཆོག་འགྲོ་མགོན་བླ་མ་རྗེ། །བདག་ནི་ལས་ཅན་རིགས་ཀྱི་བུ། །གསང་ཆེན་ངེས་པའི་ལུང་འདི་ལ། །རྟོགས་པས་བདག་ཉིད་བཟུང་དུ་གསོལ། །ཞེས་ལན་གསུམ་ཞུའོ། །དེ་ནས་བླ་མས་གནང་བ་བྱིན་པ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཤིན་ཏུ་གསང་བའི་ཐེག་པ་འདིར། །རྡོ་རྗེ་འཛིན་པ་བདག་གི་ལུང་། །ཞུ་ན་འབྲས་བུ་དེས་ཐོབ་འགྱུར། །བདག་ཉིད་ཆེན་པོ་ཁྱེད་ཅག་ནི། །བློ་ཡི་ཐེ་ཚོམ་རབ་བསལ་ནས། །ནོར་བུའི་ཡོན་ཏན་མཐོང་བ་བཞིན། །བདག་ཅག་བླ་མར་སྤྲོ་ལགས་སམ། །ཞེས་དྲིས་པའི་ལན་དུ། སློབ་བུས་སྤྲོ་ལགས་ཞེས་ཞུ། དེ་ནས་སྐྱབས་འགྲོ་བྱ་བ་ནི། རྗེས་ཟློས་བུས་བྱས་ལ། ཧཱུཾ། རླུང་ལྔ་རྣམ་པར་དག་པའི་སྐུ། །ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །སྐུ་གསུམ་མཛད་པ་མཐར་ཕྱིན་པའི། །དཀོན་མཆོག་གསུམ་ལ་རྟོགས་པས་འདུད། །ཅེས་ལན་གསུམ་བྱ། དེ་ནས་བླ་མས་འདི་སྐད་བརྗོད། སྐལ་ལྡན་རང་གི་ལུས་ཀྱི་འཁོར་ལོ་བཞི་དམ་ཆོས། །རྩ་འདབ་དགེ་འདུན། ཐིག་ལེ་ལྔའི་དྭངས་མ་ཡེ་ཤེས་ནི་ཉོན་མོངས་པ་ཡེ་ནས་དག་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་ངོ་ཤེས་ནས་བསྒོམ་སྙམ་དུ་དོན་དམ་པའི་སྐྱབས་སུ་འགྲོ་བ་གྱིས་ཤིག །ཅེས་བརྗོད། དེ་ནས་སྨོན་པ་སེམས་བསྐྱེད་ནི། ཨེ་མ་ཧོཿ མ་རིག་འཇིག་རྟེན་མུན་པའི་ཀློང་། །རང་གི་ཐབས་ཤེས་སྒྲོན་མེ་ཡིས། །རང་ལ་གནས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་རྟོགས་པར་བྱ། །ཞེས་ལན་གསུམ་བྱ། དེ་ནས་རང་རིག་མངོན་སུམ་གྱི་ཡེ་ཤེས་སྣང་བ་བཞི་ཉམས་སུ་བླང་སྙམ་དུ་སེམས་བླ་ན་མེད་པར་བསྐྱེད་པར་བྱའོ། །ཞེས་བཤད་ལ། འཇུག་པ་སེམས་བསྐྱེད་ནི། ཨེ་མ་ཧོཿ སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས། །སྐུ་གསུམ་ངོ་བོ་མཐའ་བྲལ་གཞི། །ཚིག་ལས་འདས་པའི་རང་བྱུང་དེ། །ད་ལྟ་ཉིད་དུ་རྟོགས་བར་བྱ། །ཞེས་ལན་གསུམ་བྱ། དེ་ནི་དབྱིངས་ཀ་དག་ཆོས་སྐུ་ནམ་མཁའ་ལྟ་བུ་དང་། ཡེ་ཤེས་ལྷུན་གྲུབ་རང་རིག་ཆོས་སྐུ་སྐུ་གསུམ་གྱི་ངོ་བོ་སྤྲོས་པའི་མཐའ་བཞི་ལས་འདས་པ། དེ་ཉིད་ཚིག་དང་ཡི་གེ་མེད་པའི་དོན་སྨྲ་བསམ་བརྗོད་མེད་ཆེན་པོ་ཉིད་རང་ངོ་ཤེས་པར་བྱ་སྙམ་དུ་སེམས་བསྐྱེད་ཅིག །ཅེས་བཤད། དེ་ནས་སྲུང་སྐུད་གདགས་པ་ནི། ཚོན་སྣ་ལྔའི་སྐུད་པ་ལ། ༀ་ཨཱཿཧཱུཾ་སྭ་བྷཱ་བ་བི་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་བི་ཤུདྡྷོ་྅ཧཾ། ཞེས་པའི་སྔགས་ཀྱིས་མདུད་པ་བྱས་ལ། ཕོའི་དཔུང་པ་གཡས་དང་། མོའི་དཔུང་པ་གཡོན་ལ་གདགས་སོ། །དེ་ནས་དམ་བསྒྲག་པ་ནི། ལས་བུམ་གྱི་ཆུ་ཕོར་དུ་བླུགས་ལ། ཧཱུཾ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ། །ཉམས་ན་དམྱལ་མེ་བཟོད་དཀས་བསྲེག །བསྐལ་པ་གྲངས་མེད་སྡུག་བསྔལ་འགྱུར། །བསྲུང་ན་དངོས་གྲུབ་རྨད་པོ་ཆེ། །མ་ལུས་ལྷུན་གྱིས་གྲུབ་པར་འགྱུར། །དེ་བས་དམ་ཚིག་སྲོག་གི་ཆུ། །སྙིང་ལ་ཞོག་ལ་ཐུབ་པར་གྱིས། །ཞེས་བརྗོད་ཅིང་། ཀྱེ་སྐལ་ལྡན་ཀུན། དམ་ཚིག་ཉམས་ན་དམྱལ་བ་ལས་ཐར་པའི་དུས་མེད་ཅིང་། སྡུག་བསྔལ་བཟོད་བླག་མེད་པ་མྱོང་དགོས་པས། དམ་ཚིག་སྲུངས་ཤིག །ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་རྡོ་རྗེ་སྤྱི་བོར་བཞག །དེ་ནས་སློབ་མའི་རྒྱུད་དག་པའི་ཕྱིར། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་དབང་བསྐུར་བ་ནི། ལས་བུམ་གྱིས་སློབ་མ་བསངས་ལ། པད་ཟླའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། རྒྱུད་རང་ནས་རྣམ་འཇོམས་སྔོན་པོ། །གཡས་བུམ་པ་དཀར་པོ་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད་པ། གཡོན་སྡིགས་མཛུབ་ཕུར་པ་འདྲིལ་བ། ཀླུ་རིགས་བཞིས་སྐུ་ལ་བརྒྱན་པ་གཅིག་གསུངས་འདུག །དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་བས། རང་བཞིན་གྱི་གནས་དང་བྱང་ཤར་ལྕང་ལོ་ཅན་གྱི་གནས་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། གཉིས་སུ་མེད་པར་ཐིམ་པར་བསམ་ལ། གུ་གུལ་གྱི་དུད་པས་བདུག་ཅིང་རོལ་མོའི་སྒྲ་བསྒྲག་ལ། ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། སྔགས་འདི་ཉི་ཤུ་རྩ་གཅིག་བཟླས་ལ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱས། ལས་ཀྱི་བུམ་པ་དེ་ཉིད། བྷྲཱུཾ་ལས་བུམ་པ་མཚན་ཉིད་དང་ལྡན་པ། ཕྱི་བུམ་པའི་རྣམ་པ་ལ་ནང་བཅུད་གཞལ་ཡས་ཁང་དུ་བསམས་པའི་པད་ཟླའི་སྟེང་དུ་རྡོ་རྗེ་རྣམ་འཇོམས་ལ་ཁྲུས་ཀྱི་ལྷ་མོས་བསྐོར་བར་བསམ་ལ། ཡེ་ཤེས་པ་དགུག་ཅིང་བསྟིམ། མཆོད་པ་ལྔས་མཆོད། ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་སོགས་བསྟོད་པ་ཅི་རིགས་པས་བསྟོད། ལྷ་ཚོགས་འོད་དང་ལྡན་པས་བདུད་རྩིའི་བུམ་པ་དེ་ཉིད་བདུད་རྩིས་གང་བར་བསམ། བཟླས་པ་ནི། ༀ་བཛྲ་ཙཎྜ་སརྦ་ཨ་བུདྡྷ་རམ། ཡཾ་སརྦ་བུདྡྷ་ཧོ་རཾ་རཾ་བཾ་རཾ་རཾ་བཛྲ་ཙཎྜ་རཾ་རཾ། ཞེས་པས་བརྒྱ་སྟོང་བཟླས། དེ་ནས་བུམ་པ་སྤྱི་བོར་བཞག་ལ་དབང་བསྐུར་བ་ནི། ཧཱུྃ། བདུད་རྩི་དག་པའི་ཡེ་ཤེས་སྐུ། །ཆོས་ཉིད་མཁའ་མཉམ་ཡེ་ཤེས་བུམ། །རྣམ་དག་ཀུན་སྤྱོད་ཡེ་ཤེས་ཆུ། །རིག་པའི་ཡེ་ཤེས་སྙིང་པོར་བཅས། །མཁའ་གསང་མཉམ་སྦྱོར་ལན་ཚྭའི་རོ། །རྣམ་དག་དྲི་མེད་བཅུད་ལེན་སྨན། །འདོད་ཡོན་ལས་གྲུབ་རིན་པོ་ཆེ། །རིན་ཆེན་འོད་འབར་དྲི་ཞིམ་སྤོས། །གསོ་བྱེད་རྡོ་རྗེའོ་མའི་ཆུ། །འདོད་པ་ཚིམ་བྱེད་འབྲས་བུ་དང་། །མཉེན་འགྲོལ་ཐུགས་རྗེ་དར་དཔྱངས་དང་། །འབྲས་བུ་བཅུད་ཀྱིས་གཏམས་པ་ཡིས། །ཆོས་ཉིད་མཉམ་པའི་བུམ་པ་མཆོག །སྐལ་ལྡན་འདི་ལ་དབང་བསྐུར་བས། །ཆོས་ཉིད་རང་སྟོབས་རྙེད་ནས་ཀྱང་། །དབང་ཆེན་སྐུ་དང་ལྡན་གྱུར་ཅིག །ༀ་མ་ཧཱ་ཀ་ལ་ཤ་སིདྡྷི་བཛྲ་ཧཱུཾ། ཞེས་དབང་བསྐུར། དེ་ནས་ཁྲུས་ཀྱི་བུམ་པས་ཁྲུས་བྱ་ཞིང་། སྤྱི་བོར་བཞག་ལ། ཧཱུཾ། རྣམ་དག་དྲི་མེད་ཡེ་ཤེས་ཆུ། །བཀྲུས་པས་རྣམ་རྟོག་དྲི་མ་ཀུན་སྦྱོང་ཞིང་། །སངས་རྒྱས་ཞིང་ཁམས་རབ་འབྱམས་ཀྱི། །ཡེ་ཤེས་ཆུ་རྒྱུན་བབས་ནས་ནི། །ཁྱོད་ཀྱི་རྣམ་རྟོག་བྱང་གྱུར་ནས། །ཕྱི་དང་ནང་གི་སྡུག་བསྔལ་རྣམས། །ཐམས་ཅད་ཞི་བར་གྱུར་ནས་ཀྱང་། །ཡེ་ཤེས་སྣང་བ་གསལ་བར་སྟོན། །དག་པ་ཡེ་ཤེས་བདུད་རྩི་འདིས། །དྲི་མའི་སྐྱོན་རྣམས་བྱང་བ་དང་། །མི་གཙང་ལ་སོགས་ཉམས་པ་ཀུན། །ཤེལ་གོང་ལྟ་བུར་གྱུར་ནས་ནི། །རྣམ་འཇོམས་ཉིད་ཀྱི་སྐུ་གསུང་ཐུགས། །རིགས་ཀྱི་བུ་ལ་སྣང་བར་ཤོག །ༀ་བཛྲ་ཙཎྜ་ཀྲོ་དྷ་ཀཱ་ཡ་ཧཱུཾ་ཕཊ། དེ་ནས་གཏོར་མ་སྤྱི་བོར་བཞག་ལ། ༀ་བཛྲ་ཙཎྜ་མ་ཧཱ་ཀྲོ་དྷ་ཧུ་ལུ་ཧུ་ལུ། བྷན་དྷ་བྷན་དྷ་ཧུ་ལུ་ཧུ་ལུ་ཧཱུཾ། བ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་རྣམ་འཇོམས་ཁྲུས་དབང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་བརྗོད་པར་བྱའོ།། ༈ །།དེ་ནས་དངོས་གཞིའི་དབང་བསྐུར་བ་ནི། སློབ་མ་རྣམས་གདོང་དར་དམར་པོས་དཀྲིས་ལ། ལག་ཏུ་མེ་ཏོག་བཟུང་ལ་གསོལ་བ་གདབ་པ་ནི། ཧཱུཾ། རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་བཟུང་ནས། །ཡི་དམ་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །ཐམས་ཅད་མ་ལུས་བདག་ལ་དགོངས་སུ་གསོལ། །དཀྱིལ་འཁོར་འདིར་འཇུག་བདག་ལ་དབང་བསྐུར་སྩོལ། །གསང་བ་ཆེན་པོས་བདག་ལ་གནང་བར་མཛོད། །ཅེས་གསོལ་བ་བཏབ་ལ། སླར་དམ་ཚིག་བསྐྱར་ཞིང་ནན་ཏན་དུ་བྱ་བ་ནི་དམ་ཆུ་བླུད་ལ། དམ་ཚིག་ཁྲོ་ཆུ་ཁོལ་མ་འདི། །ཁྱོད་ལ་གཏད་ཀྱི་ཐུབ་པར་གྱིས། །ཉམས་ན་དམྱལ་བའི་རྒྱུ་ཡིན་ཏེ། །ཐུབ་ན་ཡོན་ཏན་རྩ་བརྒྱད་ཐོབ། །དེ་བས་ཁྱོད་ཀྱིས་གུས་པས་ལོངས། །ས་མ་ཡ་སྟྭཾ། བག་ཤ་ནི་ཧོ་ཧོཿ དེ་ནས་ཡེ་ཤེས་དབབ་པ་ནི། སློབ་མ་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་ལ། རྩ་གནས་འཁོར་ལོ་བཞི་ཡི་རྩ་དང་ཡི་གེ་དང་ཐིག་ལེ་སྐུ་དང་འོད་ཟེར་འཕྲོ་བ། སྙིང་ནང་དང་དུང་ཁང་དུ་ཞི་ཁྲོའི་ལྷ་ཚོགས་གསལ་གདབ་ལ། སློབ་དཔོན་གྱིས་ཌཱ་དྲིལ་དཀྲོལ་ཞིང་། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟེ་བ་སྤྲུལ་སྐུའི་བཞུགས་གནས་ཡིན། །རླུང་ལྔ་གཡོ་རྩོལ་ལས་འདས་པས། །ཐིག་ལེ་འོད་སྐུར་ཤིགས་སེ་ཤིག །སྙིང་ག་ཆོས་སྐུའི་བཞུགས་གནས་སུ། །སངས་རྒྱ་རིགས་ལྔ་ཡབ་ཡུམ་བཞུགས། །འོད་ཟེར་ལྔ་རུ་ཤིགས་སེ་ཤིག །མགྲིན་པ་ལོངས་སྤྱོད་ཕོ་བྲང་དུ། །སེམས་དཔའ་རྒྱལ་བ་རྒྱ་མཚོ་བཞུགས། །ཐིག་ལེ་འོད་སྐུར་ཡ་ལ་ལ། །སྤྱི་བོར་བདེ་ཆེན་འཁོར་ལོ་ན། །སྐུ་གསུམ་འབྲས་འདུས་རྩེ་མོ་ན། །ཁྲོ་རྒྱལ་གད་རྒྱངས་ཡ་ལ་ལ། །ༀ་བོ་དྷི་ཙིཏྟ་ཤཱནྟིཾ་ཀྲོ་དྷ་ས་པ་རི་ཝཱ་ར་ཨ་བེ་ཤ་ཡ་ཨ་ཨ། ཞེས་རོལ་མོའི་སྒྲས་བྱིན་ཕབ། གུ་གུལ་ཤ་ཆེན་སོགས་ཀྱི་དུད་པས་བདུག །རྡོ་རྗེ་སྤྱི་བོར་བཞག་ལ། སུ་པྲ་ཏིཥྛས་བརྟན་པར་བྱས། དེ་ནས་མེ་ཏོག་དོར་བ་ནི། ཨེ་མ་ཧོཿ ཐོག་མ་མེད་པའི་དུས་དག་ནས། །ད་ལྟའི་དུས་འདི་ཡན་ཆོད་དུ། །སྔོན་ནས་ལས་འབྲེལ་ཡོད་པའི་ལྷ། །རིགས་མཆོག་དེ་ལ་འབབ་པར་ཤོག །ཅེས་བརྗོད་དེ། མེ་ཏོག་དལ་གྱི་དབུས་སུ་བབ་ན། སྣ་ཚོགས་རང་གྲོལ། ཤར་དུ་རྡོ་རྗེ་སྙིང་པོ། ལྷོར་འདོད་ཡོན་རང་ཤར། ནུབ་ཏུ་བདེ་ཆེན་རྒྱལ་པོ། བྱང་དུ་སྒོ་ལྔ་བྱ་བྲལ་ཞེས་བཏགས་སོ། །དེ་ནས་མིག་དབྱེ་བ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཁྱོད་ཀྱི་མ་རིག་རྨོངས་པའི་མིག །ཡེ་ཤེས་སྤྱན་དུ་ངས་ཕྱེའོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་དལ་བསྟན་ལ། མཐོང་བ་བསྟན་པ་ནི། མིག་ཟིམ་བུས་དཀྱིལ་འཁོར་གྱི་ནང་དུ་བལྟས་ལ། མདོག་དཀར་སེར་དམར་ལྗང་མཐིང་སོགས། རིགས་སོ་སོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ནས་གསེར་གྱི་ཐུར་མས་དཀྱིལ་འཁོར་བསྟན་ལ། དེ་ཡང་དབུས་ཟླུམ་པོ་མཐིང་གར་བྱུང་བ་ནི། གཞི་ཆོས་ཉིད་ཀྱི་དོན་ལ་གཉེན་པོ་དང་བྲལ་བའི་བརྡའོ། །པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱུང་བ་ནི། གཞི་ལ་རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡའོ། །གྲུ་ཆད་བཞིར་བྱུང་བ་ནི། འབྱུང་བཞིའི་འོད་དང་ལྡན་པའོ། །ཁྱམས་བཞི་སྒོ་དང་བཅས་པ་ནི། ཕྲིན་ལས་བཞི་པོ་རང་ལ་ཚང་བའི་བརྡའོ། །པཉྩ་རེ་ཁཱའི་རྩིག་པ་ལྔར་བྱུང་བ་ནི། ཡེ་ཤེས་ལྔའི་ར་བ་དང་ལྡན་པའི་བརྡའོ། །རྟ་བབ་བཞི་ནི། གཞི་ལ་ཚད་མེད་བཞི་ལྷུན་གྱིས་གྲུབ་པའི་བརྡའོ། །གདུགས་བཞི་ནི། རྟག་པ་བརྟན་པ་འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་པའི་གཞིའི་དབྱིངས་གདོད་མ་ནས་གནས་པའི་བརྡའོ། །སྣ་ཚོགས་རྡོ་རྗེ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་རྫོགས་པ་ཆེན་པོའི་ངང་ན་གནས་པའི་བརྡའོ། །འདོད་ཡོན་གྱི་སྣམ་བུ་ནི། འདོད་ཡོན་མ་སྤང་རྒྱན་དུ་ཤར་བའི་བརྡའོ། །ཕ་གུ་ནི། འདོད་ཡོན་མ་སྤངས་རང་ལས་བྱུང་བའི་བརྡའོ། །དྲྭ་ཕྱེད་ནི། གཞིའི་ཡོན་ཏན་རྫོགས་པའི་བརྡའོ། །མདའ་ཡབ་ནི། ཐུགས་རྗེ་ལ་ཕྱོགས་རིས་མེད་པའི་བརྡའོ། །པུ་ཤུད་ནི། འོད་གསལ་སྙིང་པོར་གྱུར་པའི་བརྡའོ། །ཞིང་ཁམས་ནི། རང་སྣང་ལྷུན་གྱིས་གྲུབ་པའི་བརྡའོ། །ཉི་གདན་ནི། ཤེས་རབ་དབྱིངས་སུ་འཁྱིལ་བའི་བརྡའོ། །པདྨ་ནི། ཡེ་ཤེས་དྲི་མས་མ་གོས་པའི་བརྡའོ། །རྡོ་རྗེའི་ར་བ་ནི། དབྱིངས་ལ་འཕོ་འགྱུར་མེད་པའི་བརྡའོ། །འོད་ཟེར་གྱི་ཕྲེང་བས་བསྐོར་བ་ནི། དབྱིངས་ན་སྐུ་དང་ཡེ་ཤེས་ལྔའི་རོལ་པ་ལྷུན་གྱིས་གྲུབ་པའི་བརྡའོ། །ཞེས་བཤད་དོ། །དེ་ནས་རྫས་ཀྱི་མཐོང་བ་བསྟན་པ་ནི། ཨེ་མ་བརྡ་ཤེས་སྐལ་ལྡན་བུ། །བརྡ་དང་དམ་རྫས་བཀོད་པའི་ཚོགས། །གནས་ལུགས་མཚོན་པའི་རྫས་འདི་ལྟོས། །མཐོང་བའི་དོན་ནི་བདག་ལ་སྨོས། །ཞེས་བརྗོད་དུས། སློབ་མས། ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་མཐོང་ལགས། ཞེས་ལན་གདབ་ལ། བླ་མས་རྫས་ཀྱི་དེ་ཉིད་བསྟན་པ་ནི། །ཐུར་མས་མཚོན་ལ། ཀྱེ་སྐལ་ལྡན། བུམ་པ་ལྔར་བྱུང་བ་ནི། རིགས་ལྔ་རང་ལ་རྫོགས་པའི་བརྡའོ། །མགུལ་ཆིངས་ལྔ་ནི། ཡུམ་ལྔ་ཡབ་ལྔ་དབྱེར་མེད་པའི་བརྡའོ། །ཁ་རྒྱན་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡེ་ནས་རྫོགས་པའི་བརྡའོ། །ཤེལ་ནི། ངོ་བོ་ཀ་དག་ཆོས་སྐུའི་གཞི་མཚོན་པའི་བརྡའོ། །རྨ་བྱའི་མདོངས་ལྔ་ནི། རང་བཞིན་འོད་མདངས་སྒྲོན་མ་ལྔ་རང་ལ་འཆར་བས་ལྷུན་གྲུབ་ལོངས་སྐུའི་ཞིང་མཚོན་པའི་བརྡའོ། །མེ་ལོང་ལྔ་ནི། ཐུགས་རྗེའི་རིག་པའི་སྙིང་པོ་ཡེ་ཤེས་ལྔ་ལྡན་སྤྲུལ་པ་འཕྲོ་བའི་གཞི་མཚོན་པའི༴ མདའ་ལྔ་ནི། ཤེས་རབ་གཞི་ལ་མཚོན་པའི༴ དར་སྣ་ལྔ་ནི། རླུང་ལྔ་དབྱིངས་ན་མཚོན་པའི་བརྡའོ། །ཕུར་པ་བཞི་ནི། རིག་པ་ཆོས་དབྱིངས་འཕོ་འགྱུར་མེད་པ་མཐའ་བཞི་ལས་གྲོལ་བའི་བརྡའོ། །གྲི་བཞི་ནི། རིག་པའི་ངོ་བོར་རྟོགས་པས་སྐྱེས་བཞིའི་མངལ་སྒོ་ཆོད་པའི་བརྡའོ། །ཕྱི་ནང་གི་མཆོད་པ་གཏོར་ཚོགས་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པ་ནི། སྣང་སྲིད་སྣོད་བཅུད་ཀྱི་འཇིག་རྟེན་འདོད་ཡོན་སྒོ་ལྔའི་སྣང་ཡུལ་ཐམས་ཅད་རང་རིག་པའི་ངང་ནས་རྨི་ལམ་སྒྱུ་མ་ལྟར་འགགས་པ་མེད་པ་ཡེ་ནས་ཤར་བའི་བརྡའོ། །ཞེས་བཤད་དོ། །དེ་ནས་བླ་མས་མཐོང་བ་བསྟན་པ་ནི། སྐལ་ལྡན་གྱི་སློབ་བུ་ཁྱོད་ཀྱིས་བླ་མ་ཅིར་མཐོང་། སློབ་མས། བླ་མ་ཁྱོད་ཉིད་སངས་རྒྱས་ཀྱི་ལམ་སྟོན་པའི་གནས་སུ་མཐོང་ལགས། དེ་ནས་མཆེད་ལྕམ་མཐོང་བ་བསྟན་པ་ནི། ཨེ་མ་ངོ་མཚར་རིགས་ཀྱི་བུ། །གྲོགས་ཀྱི་དམ་པ་གང་ཡིན་པ། །འཇུག་སྒོ་གཅིག་པའི་མཆེད་ལྕམ་ལ། །དག་པའི་སྣང་བ་མཐོང་རིང་ན། །ཁྱོད་ཀྱི་མཐོང་བ་བདག་ལ་སྨྲོས། །ཞེས་པའི་ལན་དུ། ཐར་པ་བསྒྲུབ་པའི་གྲོགས་རྣམས་ལྷ་དང་ལྷ་མོའི་རང་བཞིན་དུ་མཐོང་ལགས། ཞེས་བརྗོད་ནས། དེ་ནས་དབང་བསྐུར་བར་གསོལ་བ་གདབ་པ་ནི། ཨེ་མ་རིན་ཆེན་བླ་མ་དང་། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །བདག་ཅག་སྐལ་ལྡན་བུ་དག་ལ། །སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས། །དུས་འདིར་བདག་ལ་གནང་བར་མཛོད། །ཅེས་ཞུ་ཞིང་། སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་སློབ་མའི་ལག་ཏུ་གཏད་ལ། ཧཱུཾ། ཆོས་ཉིད་དབྱིངས་ཀྱི་རྡོ་རྗེ་དང་། །ཤེས་རབ་རང་བཞིན་དྲིལ་བུ་ཟུངས། །སྒྲ་ཡིས་ཐམས་ཅད་ཟིལ་གྱིས་མནན། །དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར། །ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག །ༀ་བཛྲ་ཙིཏྟ་གཎྜེ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་དབུས་ཀྱི་བུམ་པ་སྤྱི་བོར་བཞག་ལ། ཧཱུཾ། ཆོས་ཉིད་སྟོང་པ་ཡེ་ཤེས་དག་པ་ཡི། །རྣམ་དག་དོན་ལྡན་ཡེ་ཤེས་བུམ་པ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྟོང་རིག་གསལ་བའི་དོན་ལྡན་ཤོག །ༀ་བཛྲ་ཙིཏྟ་ཡེ་ཏི་ཏ་བཛྲ་ཨ་ནི་སྟྭཾ། ལྷོའི་བུམ་པ་རྣ་ལྟག་གཉིས་སུ་བཞག་ལ། ཧཱུཾ། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི། །ཆོས་སྐུ་དག་པའི་རང་བཞིན་ལས། །ཡེ་ཤེས་དག་པའི་ཕོ་བྲང་འདིར། །བཀྲ་ཤིས་དག་པའི་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ༀ་རཏྣ་ཨེ་བཾ་ཏི་ཏ་ཛ་ཧཱུཾ། ནུབ་བུམ་མགྲིན་པར་བཞག་ལ། ཧཱུཾ། རྟོག་པའི་དྲ་བ་སེལ་བའི་བུམ་པ་འདིས། །དག་པའི་ཡེ་ཤེས་གཉིས་དང་སྦྱོར། །ཡེ་ཤེས་སྟོན་པའི་བུམ་པ་རབ་མཛེས་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ༀ་པདྨ་དུ་དི་ཤ་རི་ཧི་བག་སྟྭཾ། བྱང་གི་བུམ་པ་ལྟེ་བ་དང་ཡན་ལག་བཞི་ལ་བཞག་ལ། ཧཱུཾ། བྱང་ཆུབ་ལས་བྱུང་བདུད་རྩིའི་སྣོད། །ཉོན་མོངས་སེལ་བའི་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ༀ་ཀརྨ་ཛྙཱ་ན་ཏཾ་བག་ཤཾ་ཧཱུཾ། དབང་རྫས་ཀྱི་མདའ་བཞི་སྤྱི་བོ་དང་ལག་པར་གཏད་ལ། ཧཱུཾ། ཡེ་ཤེས་གསལ་བའི་སྒོ་བཞིར་ལྡན། །ཤེས་རབ་སྐྱེད་པའི་མདའ་བཞི་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྣང་བ་བཞི་དང་འཕྲད་པར་ཤོག །ༀ་ཛཿཧཱུཾ་བཾ་ཧོཿ ཁ་ག་ཛཿཡ། རལ་གྲི་བཞི་ལག་པར་གཏད་ལ། ཧཱུཾ། ཤེས་རབ་དོན་ལྡན་རལ་གྲི་བཞིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག །ༀ་བཛྲ་པྲཛྙཱ་མ་ཧཱ་བག་ཤ་ཧཱུཾ། མེ་ལོང་བཞི་སྙིང་གར་བཞག །ཧཱུཾ། ཆོས་ཉིད་རྣམ་དག་སྟོང་པའི་རྒྱུ། །ཡེ་ཤེས་ཧཱུཾ་ལས་འོད་ཟེར་འཕྲོ། །ཐམས་ཅད་དེ་ཡི་དོན་ལ་གནས། །ཆོས་ཉིད་ཡེ་ཤེས་མཚོན་པའི་དཔེ། །མེ་ལོང་འདི་ལ་བརྟེན་པ་ཡིན། །སྐལ་ལྡན་འདི༴ ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ཤོག །ༀ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སརྦ་ཨཱཏྨ་ཀོ྅་ཧཾ། མེ་ལོང་བཞི་སྙིང་གར་བཞག །ཧཱུཾ། ཉོན་མོངས་དག་པའི་ཡེ་ཤེས་རྒྱུ། །གསལ་འགྲིབ་མེད་པའི་དོན་རྟོགས་པ། །རྫས་ཀྱི་མེ་ལོང་དམ་པ་འདིས། །སྐལ་ལྡན༴ མེ་ལོང་ཡེ་ཤེས་དོན་རྟོགས་ཤོག །ༀ་ཨ་དཪྴ་ཛྙཱ་ན་བཛྲ་སརྦ་ཨཱཏྨ་ཀོ྅་ཧཾ། མེ་ལོང་བཞི་སྙིང་གར་བཞག །ཧཱུཾ། ཡབ་ཡུམ་གཉིས་མེད་དཀྱིལ་འཁོར་ལྡན། །ཡེ་ཤེས་སྟོང་གསལ་མཉམ་པའི་མེ་ལོང་འདིས། །སྐལ་ལྡན༴ མཉམ་ཉིད་ཡེ་ཤེས་དོན་རྟོགས་ཤོག །ༀ་རཏྣ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མེ་ལོང་བཞི་སྙིང་གར་བཞག །ཧཱུཾ། ཐམས་ཅད་འབྱུང་བའི་ཡེ་ཤེས་དག་པའི་རྫས། །དེང་གི་སྐལ་ལྡན་འདི་ལ་དབང་བསྐུར་བས། །སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག །ༀ་པདྨ་ཨ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མེ་ལོང་བཞི་སྙིང་གར་བཞག ཧཱུཾ། ཐམས་ཅད་གཉིས་མེད་གཅིག་ཏུ་བསྡུས་པའི་ཡེ་ཤེས་དེ། །ཆོས་རྣམས་བྱ་བ་རྫོགས་པར་སྟོན་མཛད་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །བྱ་གྲུབ་ཡེ་ཤེས་དོན་རྟོགས་ཤོག །ༀ་ཀརྨ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྨ་བྱའི་སྒྲོ་ཆུན་གནས་ལྔར་བཞག་ལ། ཧཱུཾ། ཁ་དོག་ཐམས་ཅད་སྟོན་མཛད་པའི། །ལྷུན་གྲུབ་དཀྱིལ་འཁོར་ཐམས་ཅད་ཀྱིས། །མུ་ཁྱུད་ར་བར་སྟོན་མཛད་པའི། །འོད་ཆེན་སྣ་ལྔའི་རྨ་བྱ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །རིན་ཆེན་སྤུབས་སུ་སངས་རྒྱས་ཤོག །ༀ་པྲ་བེ་ཤ་ཡ་འདུ་ཤ་ཧཱུཾ། གཏོར་མ་སྤྱི་བོ་དང་ལག་པར་བཞག་ལ། ཧཱུཾ། སྣ་ཚོགས་པ་ཡི་རྫས་ཆེན་འདིས། །འདི་དང་ཕྱི་མ་གཉིས་ཀ་རུ། །ལོངས་སྤྱོད་ཆེན་པོ་འཕེལ་བར་འགྱུར། །བྱིན་རླབས་དྲག་པོའི་གཏོར་མ་འདིས། །སྐལ་ལྡན༴ བར་ཆད་ཐམས་ཅད་བསལ་བ་དང་། །སངས་རྒྱས་བྱིན་རླབས་གནང་བར་མཛོད། །ༀ་བ་ལིདྟ་དུ་ཤ་ཡ་ན་ཧཱུཾ། མིག་ལ་ཐིག་ལེ་བྱས་ལ་དཀྱིལ་འཁོར་བལྟར་བཅུག་ལ། ཧཱུཾ། རྣམ་དག་དྲི་མེད་ཆོས་ཀྱི་སྤྱན། །དོ་ནུབ་ཁྱོད་ལ་མངོན་གྱུར་ཤོག །སྤྱི་དང་རང་གི་དོན་ཤེས་པའི། །གང་ཡང་མ་འགགས་ཤེས་རབ་སྤྱན། །དོ་ནུབ་ཁྱོད་ལ་གསལ་བར་གྱིས། །ཧཱུཾ། ཕྱི་དང་ནང་མེད་ཀུན་གསལ་བའི། །རང་བཞིན་མ་གཡོས་རིག་པའི་སྤྱན། །དོ་ནུབ་ཁྱོད་ལ་གསལ་གྱུར་ནས། །རིག་པའི་དཀྱིལ་འཁོར་གསལ་བར་ལྟོས། །ཧཱུཾ། དངོས་དང་དངོས་མེད་སྣང་བ་དང་། །བདག་གཞན་ཐམས་ཅད་དོན་གསལ་བའི། །ཐམས་ཅད་མཁྱེན་ཉིད་བཞི་ཡི་སྤྱན། །དོ་ནུབ་ཁྱོད་ལ་གསལ་གྱུར་ནས། །རིག་པའི་དཀྱིལ་འཁོར་གསལ་བར་ལྟོས། །ཧཱུཾ། ཐོགས་པ་མེད་པའི་སྤྱན་མངའ་ཡིས། །དཀྱིལ་འཁོར་ཕྱོགས་མཚམས་ཀུན་ནས་ལྟོས། །གནས་བཞིར་དྲིའི་ཐིག་ལེ་བྱས་ཏེ་དཀྱིལ་འཁོར་སྒོ་བཞིར་བལྟར་བཅུག་ལ། ཧཱུཾ། ཤར་གྱི་སྒོ་ན་རིག་པ་གསལ། །རིག་པ་ཡེ་ཤེས་མཚོན་པའི་ཕྱིར། །ཡེ་ཤེས་དག་པའི་སྣང་བ་འཆར། །དེ་ཕྱིར་ཤར་གྱི་སྒོ་ཞེས་བྱ། །དེ་ཡང་ཁྱོད་ལ་བསྟན་པའི་ཕྱིར། །མ་བྲེད་མ་དངངས་མྱུར་དུ་ལྟོས། །ཆགས་མེད་སྤྱན་གྱིས་བལྟས་པ་ན། །འགྱུར་མེད་ཡེ་ཤེས་དག་པ་མཐོང་། །ཧཱུཾ། ལྷོ་སྒོ་ཡེ་ཤེས་བསྐྱེད་པའི་རྟགས། །སྣང་བ་ལྷུག་པར་འཆར་བའི་བརྡ། །ཡེ་ཤེས་མིག་གིས་མ་ཆགས་ལྟོས། །ཧཱུཾ། ནུབ་སྒོ་བག་ཆགས་ནུབ་པའི་སྒོ། །དུག་ལྔ་ཡེ་ཤེས་ལྔ་ལྡན་འོད། །འོད་ལྔ་མ་འདྲེས་རྫོགས་པའི་ས། །ཤེས་རབ་མིག་གིས་བལྟས་བྱས་ནས། །ཁྱོད་ཀྱི་དཀྱིལ་འཁོར་ལྷ་ཚོགས་མཐོང་། །ཧཱུཾ། བྱང་སྒོ་ས་ལམ་སྦྱོང་བའི་སྒོ། །སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྒོ། །ལས་རབ་རྫོགས་པའི་སྒོ་ཆེན་འདི། །མཁྱེན་གསལ་མིག་གིས་མྱུར་དུ་ལྟོས། །རྡོ་རྗེ་རང་རྟགས་ཆེན་པོ་འདི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །དཀྱིལ་འཁོར་དེ་བཞིན་གནས་པ་ཡིན། །རྡུལ་ཚོན་དཀྱིལ་འཁོར་དེ་བཞིན་དུ། །རང་གི་ལུས་ལ་ཡོད་པ་ཡིན། །དེ་བཞིན་དཀྱིལ་འཁོར་ཕོ་བྲང་ལྟོས། །རང་ལུས་གཞལ་ཡས་ཁང་གི་ཚུལ། །ལྷ་རྣམས་མ་བསྐྱེད་ལྷུན་གྱིས་རྫོགས། །དེ་ཕྱིར་དབང་གི་དཀྱིལ་འཁོར་ལྟོས། །མྱུར་དུ་བལྟས་ན་དངོས་གྲུབ་ཐོབ། །ༀ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་ཨ་སྟྭཾ་ཧཱུཾ། ཞེས་དབང་བསྐུར། ༀ་ཨཱཿཧཱུཾ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། བོ་དྷི་སཏྭ་མུ་ན་ཡ་སྭཱ་ཧཱ། ཨ་ལི་ཀ་ལི་དང་ཡེ་དྷརྨཱ་བརྗོད་ལ། བཀྲ་ཤིས་རྒྱས་པར་བརྗོད། ཚོགས་ཀྱི་འཁོར་ལོ་ལ་རོལ་པར་བྱའོ། །དེ་ལྟ་བུའི་དབང་གི་དངོས་གྲུབ་ཐོབ་པ་ལ། ཕྱི་དབང་རྫོགས་ནས་ལོངས་སྤྱོད་ཐམས་ཅད་འཕེལ་བར་འགྱུར་རོ། །ཆོས་ཉིད་རྟགས་མཐོང་ཕུང་པོ་ཡེ་ཤེས་ལྔར་རྫོགས་པའོ། །དེ་ཡན་ཞི་བ་བྱང་ཆུབ་སེམས་སུ་དབང་བསྐུར་བའོ།། ༈ །།ད་ནི་ཁྲོ་བོའི་དབང་བསྐུར་བ་ནི། དཀྱིལ་འཁོར་མཐིང་ནག་གྲུ་གསུམ། མུ་ཁྱུད་ལྗང་གུ། ཟླ་གམ་དམར་པོ། དེའི་ཕྱི་རིམ་མུ་ཁྱུད་ཟླུམ་པོ། དེའི་ནང་དུ་འཁོར་རྩིབས་བརྒྱད། ཁ་དོག་སེར་པོ། རྩིབས་མཆན་རྣམས་མཛེས་ཚོན། གྲུ་བཞི་སྒོ་བཞི། གྲུ་ཆད་ལྗང་གུ། ཕྱི་རིམ་ཟླུམ་པོ། རྡོ་རྗེའི་ར་བ་སྒོ་རྒྱན་སོགས་མཛེས་པར་བྲིས་པའི་དབུས་སུ་བཀོད་པ་ནི། དབུས་ཀྱི་འཁོར་ལོའི་གྲུ་གསུམ་གྱི་སྟེང་དུ། སྐྱེས་པ་བུད་མེད་བནྡྷ་ཕོ་ཐོད་ལ་ཡི་གེ་བྲུྃ། མོ་ཐོད་ལ་མ་བྲིས་ལ། དེའི་མདུན་དུ་བུད་མེད་ཕྲུ་གུ་མ་སྐྱེས་པའི་ཚིལ་བུ། བྱང་སེམས་དཀར་དམར། ཐོད་པ་གཅིག་གི་ནང་དུ་ཤ་ཁྲག་སྣ་ཚོགས་ཀྱི་གཏོར་མ་བཤམ། ཟླ་གམ་གསུམ་གྱི་སྟེང་དུ། བུམ་པའི་ནང་དུ་རིན་པོ་ཆེ་དང་སྨན་སྣ་ཚོགས། བུམ་པའི་ཁ་དོག་དམར་པོ་བྱ། དར་དམར་གྱི་མགུལ་ཆིངས་བྱས་པ་རྣམས་བཞག །འཁོར་ལོའི་སྟེང་དུ། ཁྲོ་བོའི་སྐུ་བརྒྱད། གྲུ་ཆད་རེ་རེ་ལ་མེ་ལོང་རེ་དང་། རྨ་བྱའི་སྒྲོ་རེ། ཟླ་གམ་སྟེང་དུ་བྷནྦྷ་གླིང་བཞི་མཚན་ལྡན་དུ། གཏོར་མ་བདུད་རྩིས་བྲན་པ་དར་མཐིང་གས་ཁ་བཅད། ལྷོ་ཕྱོགས་སུ་ཚིལ་ཆེན་གྱི་མར་མེ། ནུབ་ཏུ་སེང་ལྡེང་གི་ཕུར་པ་དར་གྱིས་བརྒྱན་པ། དཔྲལ་བར་ཐལ་ཆེན་གྱིས་མཚན་མ་བྲིས། ལྕེ་ལ་རཀྟའི་ཐིག་ལེ། སྙིང་ལ་ཞག་གི་ཟོ་རིས། མགོ་ལ་དབང་ཞུས་ལེགས་པར་བརྒྱན་ལ། བགེགས་བསྐྲད། དུར་ཁྲོད་ཆས་ཀྱིས་མཚན་མ་བཏབ་ལ། འདི་སྐད་ཅེས་བརྗོད་དོ། །ཧཱུཾ། ཁྲོ་རྒྱལ་ཡབ་དང་ཡུམ་དང་བཅས། །ཐམས་ཅད་གནས་འདིར་གཤེགས་སུ་གསོལ། །བགེགས་དང་ལོག་འདྲེན་ཐམས་ཅད་ཀུན། །ཁྲོ་བོའི་མཚན་ཐོས་ཙམ་གྱིས་ཀྱང་། །ཐམས་ཅད་བརྒྱལ་ཞིང་འོ་དོད་འབོད། །སྡུག་བསྔལ་ཆེན་པོས་ཟིན་པས་ན། །གནས་འདིར་མ་འདུག་གཞན་དུ་དེངས། །ཧོཿ དགོངས་ཤིག་རོལ་ཅིག་ཁྲོ་རྒྱལ་རྣམས། །སློབ་མ་འཇུག་ཅིང་གནང་བར་མཛད་དུ་གསོལ། །དུག་གསུམ་རྩད་གཅོད་འཁོར་བའི་དབྱིངས་ནས་ཐོན། །ང་ནི་ཁྲོ་རྒྱལ་པདྨ་སྟེ། །ང་ནི་དཀྱིལ་འཁོར་རྫས་སྟོན་གྱིས། །འབྱུང་པོའི་ཚོགས་རྣམས་རབ་ཏུ་དེངས། །ཁྱོད་ལ་དབང་གི་སྐལ་བ་མེད། །དབང་མཆོག་ཐོབ་པར་མི་འགྱུར་གྱི། །ཕྱི་མའི་དུས་ཀྱི་ཐ་མ་ལ། །སྟོན་པ་རྡོ་རྗེ་སློབ་དཔོན་གྱིས། །ཁྱོད་ལ་དབང་གི་བརྡ་སྟོན་གྱི། །འདི་ལ་སྐལ་མེད་ཕྱིར་དེངས་ཤིག །ཧོཿ དབང་གི་སྐལ་བ་མི་ལྡན་པ་རྣམས། །དབང་གི་དཀྱིལ་འཁོར་འདིར་ཡང་ས་ཚོན་གྱི་དཀྱིལ་འཁོར་འཇིག་པ་དང་བཅས་པར་མཐོང་བ་ཡིན་ནོ། །རྫས་རྣམས་མང་པོ་དབང་པོ་རྟུལ་བ་དང་མི་ལྡན་པའོ། །གསང་བ་དབང་གི་དཀྱིལ་འཁོར་འདི་ལ་ཡིད་མ་ཆེས་པ་དང་། དེ་ལྟ་བུའི་འདུ་ཤེས་དང་ལྡན་པ་རྣམས་ལ། དབང་ར ིན་པོ་ཆེ་འདིའི་སྐལ་བ་མེད་པས་དབང་བསྐུར་ཀྱང་བསྐལ་བར་ནུས་པ་མི་འབྱུང་བས། རིགས་ཀྱི་བུ་རྣམས་དེ་ལྟར་མ་བྱེད་ཅིག །ཅེས་བཤད་ཅིང་། དེ་ནས་སློབ་མ་སྐད་ཅིག་གིས། པདྨ་ཧེ་རུ་ཀར་བསྐྱེད་པ་གོང་འོག་ཏུ་ཡང་མང་དུ་གསུངས་ཀྱང་རྫོགས་པ་རང་བྱུང་གི་རྒྱུད་ལས། པདྨ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག །གཡས་ལྗང་གཡོན་སྔོ་དབུས་དམར། །ཕྱག་དྲུག་གཡས་གསུམ་དགྲ་སྟྭ་མདུང་ཐུང་རལ་གྲི། གཡོན་གསུམ་བམ་དབྱུག་ཐོད་པ་སྡིགས་མཛུབ་མཛད་པ། དབུ་ཡི་སྟེང་རྟ་མགོ་གསུམ་གྱིས་རྟ་སྐད་འཚེར་བ་མེ་དཔུང་གི་ཀློང་དུ་བཞུགས་པ་བསྐྱེད་པར་གསུངས་སོ། །པདྨ་ཧེ་རུ་ཀར་གསལ་བའི་ཐོད་པ་དུང་ཁང་དུ། འབར་བ་ཁྲོ་བོའི་དཀྱིལ་འཁོར་དུ་གསལ་བཏབ་ལ། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་འཕྲོས། སྟེང་ཕྱོགས་མེ་རི་འབར་བའི་ཕོ་བྲང་ནས། ཁྲོ་བོའི་ལྷ་ཚོགས་སློབ་མའི་ལུས་ལ་རྒྱ་མཚོ་ལ་ཆར་པ་བཞིན་ཐིམ་པར་བསམ་ལ། ༀ་བཛྲ་མ་ཧཱ་ཀྲོ་དྷ་ཀྲོ་དྷི་ཤྭ་རི་ས་པ་རི་ཝཱ་ར་བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་རོལ་མོའི་སྒྲ་དང་། ཚིལ་ཆེན་གུ་གུལ་གྱི་དུད་པས་བདུག །སྤྱི་བོར་རྡོ་རྗེ་བཞག་ལ། ཏིཥྛ་བཛྲ་གྱིས་བརྟན་པར་བྱས། །དེ་ནས་ཞུན་ཆེན་གྱི་མར་མེ་སློབ་བུའི་སྤྱི་བོར་བཞག །ཟངས་ཞུ་ཟླ་གམ་གཟུགས་ཅན་བཀོན་ལ། ཧཱུཾ། ཐུགས་རྗེའི་འོད་དང་ལྡན་པར་གྱུར་པ་ཡིས། །སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔ་ཡི་འོད། །འབྱུང་བ་ལྔ་ལྔ་ཡེ་ཤེས་ལྔ་ཡིས་ཁྱབ། །ཡེ་ཤེས་ལྔ་ལས་བྱུང་བའི་འོད་ལྔ་འདི། །གཉིས་མེད་ཆེན་པོར་གཞལ་ཡས་ཁང་། །ཡབ་ལྔའི་དངོས་གྲུབ་བླང་བའི་ཕྱིར། །འབྱུང་བ་དག་པའི་མར་མེ་འདིས། །སེམས་ཅན་འདི་ལ་དབང་བསྐུར་བས། །རྣམ་པར་དག་པའི་ཞིང་ཁམས་སུ། །རྒྱལ་བ་ཡབ་དང་གནས་པར་ཤོག །ༀ་ནུ་ཏི་ཤ་ཏི་ཤ་ནི་ཧཱུཾ། ཚིལ་ཆེན་གུ་གུལ་དུད་པས་བདུག་ལ། ཧཱུཾ། ཡེ་ཤེས་ལྔ་དང་འོད་ལྔ་དང་། །ཡབ་ལྔ་དང་ནི་ཡུམ་ལྔ་ཡིས། །དབང་བསྐུར་དབང་ས་ནོན་པའི་ཕྱིར། །ཡེ་ཤེས་རང་ལུས་དཀྱིལ་འཁོར་ལྡན། །རྡོ་རྗེ་ས་མེད་བརྗིད་པའི་འོད། །དབང་གི་ཡེ་ཤེས་འོད་མཆོག་དམ་པ་འདི། །རང་གི་ཙིཏྟའི་དཀྱིལ་ན་གནས་པའི་འོད། །ངས་བསྟན་ཁྱོད་ཀྱིས་ངེས་པར་ལོངས། །འདི་བསྟན་པ་ཡི་ཡོན་ཏན་གྱིས། །རང་གི་དག་པ་མཐོང་བར་ཤོག །ༀ་མ་ཧཱ་ས་ལ་ཤ་སྟྭཾ་བག་ཤ་ཧཱུཾ། མར་མེ། ཧཱུཾ། འབྱུང་ཆེན་སྣ་ལྔ་ཡེ་ཤེས་ལྔ་ལས་བྱུང་། །རིག་པ་ཉིད་མཚོན་ཡེ་ཤེས་ལྔ་ཡི་རྫས། །ཀུན་ཀྱང་མི་མཉམ་ཡེ་ཤེས་ལྔ་འོད་ཀྱིས། །འགྱུར་མེད་ཕོ་བྲང་བསྟན་གྱི་ཉེ་བར་ལོངས། །འབྱུང་བ་ཡེ་ཤེས་དག་པའི་རྫས་འདི་ནི། །སེམས་ཅན་ཁྱོད་ལ་དབང་བསྐུར་བས། །ཡེ་ཤེས་ཆིག་ཆོད་འབར་བར་ཤོག །ཨཱོྂ་དུ་ཀ་ཤ་ཏི་སྟྭཾ་བག་ཤ་ཧཱུཾ། མར་མེ། ཧཱུཾ། འབྱུང་བ་དང་བཅས་དབང་གི་དཀྱིལ་འཁོར་ཏེ། །དྲི་མེད་དབང་གི་ཡེ་ཤེས་རོལ་པ་ཡེ་ཤེས་དབང་བསྐུར་སངས་རྒྱས་ཀུན་དང་མཉམ་པའི་འོད། འོད་ལྔ་ཉིད་ལས་རིག་པའི་སྐུ་ལྔ་གསལ། །ཡེ་ཤེས་དུས་དམ་ལྡན་པའི་རྫས་ཆེན་འདིས། །སེམས་ཅན་འདི་ལ་དབང་བསྐུར་བས། །ངོ་བོའི་སྣང་བ་མཐོང་བར་ཤོག །ༀ་ཛྙཱ་ན་སྟྭཾ་བག་ཤ་ཧཱུྃ། མར་མེ། ཧཱུཾ། རྡོ་རྗེའི་རིགས་དང་བུདྡྷའི་རིགས། །རིན་ཆེན་རིགས་དང་པདྨའི་རིགས། །ལས་ཀྱི་རིགས་ལ་སོགས་པ་ཡི། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །བདག་ཅག་ཡང་དག་མཐའ་བྲལ་ཤོག །ༀ་ད་དུ་ཤ་སྟྭཾ་བག་ཤ་ཧཱུཾ། བྷནྡྷ། ཧཱུཾ། བྷནྡྷ་ཡེ་ཤེས་རྣམ་པར་དག །ལྕང་ལོ་དབྱིངས་དང་འདུ་འབྲལ་མེད། །རྣམ་པ་ཡེ་ཤེས་གཞལ་ཡས་ཁང་། །སེམས་ཅན་འདི་ལ་བསྐུར་བར་བྱ། །འདི་ལ་བསྐུར་བའི་ཡོན་ཏན་གྱིས། །འདི་ཡི་བར་ཆད་བསལ་བ་དང་། །ཕྱི་མར་གཞལ་ཡས་ཁང་ལྡན་ཤོག །ༀ་བནྡྷ་ཡ་ཏི་ཧཱུཾ། ཕུར་པ་གནས་ལྔར་བཞག་ལ། ཧཱུཾ། དགྲ་དང་བགེགས་བཟློག་ཕུར་བུ་འདིས། །གང་ལ་བཏབ་པ་བརླག་པར་བྱེད། །ཐལ་བ་བཞིན་དུ་བརླག་ནས་ཀྱང་། །བགེགས་ཞེས་བྱ་བའི་མིང་ཡང་མེད། །རིག་པ་འདི་དང་དབྱེར་མེད་ཚུལ། །རང་ལ་ཡོད་པའི་ཡེ་ཤེས་དེ། །བར་ཆད་བསལ་ནས་མཐོང་བར་གྱུར། །དེས་ན་ཕུར་པའི་དབང་བསྐུར་ལོངས། །ༀ་བརྗིད་ཏ་ཀཱི་ལི་ཀཱི་ལ་ཡ་ཀ་ས་པ་ནི་ཧཱུཾ། ཐོད་པ་མར་མེ་ཚིལ་ཆེན་གསུམ་གནས་ལྔར་བཞག་ལ། ཧཱུཾ། རྒྱལ་བ་ཀུན་གྱིས་བསྔགས་པ་ཡི། །ཐོད་པ་མར་མེ་ཚིལ་ཆེན་རྣམ་གསུམ་གྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །དབང་བསྐུར་ཁྱོད་ལ་རྫོགས་པར་ཤོག །ༀ་ན་ནེ་བུྃ། གོང་རྫས་གནས་ལྔར་བཞག་ལ། ཧཱུཾ། རིག་པ་དང་ནི་ཡེ་ཤེས་ཀྱི ། །སྣང་བ་དམ་པ་འདི་ཡིན་པས། །རིགས་ཀྱི་བུ་ཁྱོད་མྱུར་དུ་ལྟོས། །ཕྱི་ཡི་དབྱིངས་དང་རིག་པ་གཉིས། །འདུ་འབྲལ་མེད་པ་དེ་བཞིན་ནོ། །རྫས་ཀྱི་དབྱིངས་དང་རིག་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །རྣམ་དག་དབྱིངས་དང་ཡེ་ཤེས་ཀྱི། །དབང་བསྐུར་དམ་པ་ཐོབ་པར་ཤོག །མན་ཤེལ་གནས་ལྔར་བཞག་ལ། ༀ། ཡེ་ཤེས་རིག་པའི་ཀློང་དཀྱིལ་ནས། །ཐུགས་རྗེའི་སྟོབས་ཀྱིས་ཁྱོད་ལ་གནང་། །དྲི་མེད་འདུ་འབྲལ་མེད་པ་འདིས། །དོ་ནུབ་ཁྱོད་ལ་བསྐུར་བར་བྱ། །མན་ཤེལ། ༀ། གསང་བ་དག་པ་ཤེས་རབ་ཐབས་ལྟར་སྣང་། །དབྱིངས་དང་རིག་པ་གཉིས་མེད་ཤེས་རབ་ཐབས། །རྡོ་རྗེའི་དོན་ཉིད་རྣམ་པར་རིག་པར་ལྡན། །རྟོགས་པའི་དོན་ལྡན་ཤེས་རབ་དབྱིངས་དང་ལྡན། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །མན་ཤེལ། ༀ། ཐབས་འདི་ཀུན་ལ་བཀོད་པའི་ཐབས། །ཤེས་རབ་ཀུན་ལ་ཁྱབ་པའི་རྟགས། །ང་ཡིས་ཐབས་བསྟན་ཁྱོད་ཀྱིས་ལོངས། །གསང་སྔགས་རྒྱལ་པོའི་ཐབས་དག་ནི། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །མན་ཤེལ། ཨཱཿ དབྱིངས་དང་རིག་པ་གཅིག་གྱུར་ནས། །རིགས་ལྔ་རྒྱལ་བ་ཡབ་ཡུམ་བཅུ། །དབང་བསྐུར་རྡོ་རྗེའི་དཀྱིལ་འཁོར་རྫོགས། །དབང་ནི་རང་རང་ཙིཏྟའི་དཀྱིལ། །རྡོ་རྗེའི་དཀྱིལ་འཁོར་བསྟན་གྱིས་ཕྱག་འཚོལ་ཞིག །མན་ཤེལ། ཨཱཿ ཡང་དག་བདེ་བའི་ས་ལ་མི་འགྱུར་འཁོར་ལོ་བསྐོར། །དེ་ཡང་ཁྱོད་ཀྱི་རང་རྟགས་ཏེ། །དོ་ནུབ་ང་ཡིས་བསྟན་པར་བྱ། །ༀ་ཙཀྲ་སིདྡྷི་ཧཱུཾ། མཆོད་རྟེན་གནས་ལྔར་བཞག་ལ། ཐེག་པ་དགུ་དང་ཡེ་ཤེས་དགུ། །ས་དགུ་ལམ་དགུ་སྟོན་པའི་རྒྱུད། །མི་འཇིགས་པ་ལས་ཐར་པའི་ཡེ་ཤེས་ཏེ། །འགྲོ་བ་མཐུན་བྱེད་སྤྲུལ་པའི་སྐུ་ཐོབ་སྟེ། །ཀུན་གྱི་མཚོན་བྱེད་མཆོད་རྟེན་དམ་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །སྤྲུལ་པ་སྐུ་ཡི་ས་ཐོབ་ཤོག །ༀ་པྲ་ཏི་ཤ་ཛ་ཡ། ཁྲོ་བོའི་སྐུ་བཞག་ལ། སྤྲུལ་པའི་སྐུ་ལས་ཐུགས་རྗེ་འབྱུང་བའི་ཕྱིར། །སྤྲུལ་སྐུར་གྱུར་ནས་འགྲོ་དོན་འབྱུང་བ་དང་། །ཡེ་ཤེས་ཐབས་ཀྱིས་ཕ་རོལ་སྒྲོལ་གྱུར་ཅིག །ༀ་བཛྲ་མ་ཧཱ་ཙཎྜ་ཤ་ཡ་ན་ནེ་ཧཱུཾ། མེ་དཔུང་བཞག་ལ། ཧཱུཾ། ཡེ་ཤེས་བསྐྱེད་པའི་ཤེས་རབ་མེ་ཆེན་འདིས། །འགྲོ་བ་མ་རིག་སེལ་བའི་སྒྲོན་མར་གསལ། །སྐྱེ་མེད་དབྱིངས་སུ་སྒྲོལ་བྱེད་མེ་ཆེན་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །སྐྱེ་མེད་ཡེ་ཤེས་དོན་རྟོགས་ཤོག །ༀ་ཨགྣི་ཧ་ལ་ཤ་ཨཱཿ རིན་པོ་ཆེ་གནས་ལྔར་བཞག་ལ། ཧཱུཾ། རིག་པའི་ཡེ་ཤེས་དགོས་འདོད་སྐོང་མཛད་པའི། །ཡེ་ཤེས་འགགས་མེད་ཤེས་རབ་དོན་སྟོན་ཅིང་། །སྣ་ཚོགས་ཅི་ཡང་སྟོན་པའི་རིག་པའི་དབང་། །དགོས་འདོད་སྐོང་མཛད་རིན་ཆེན་དབང་བསྐུར་བས། །རིག་པའི་ངོ་བོ་ཉིད་དང་ལྡན་གྱུར་ཅིག །ༀ་རཏྣ་ཨེ་བཾ་ཧཱུྃ། གནས་ལྔར་པདྨ་བཞག་ལ། ཧཱུཾ། དྲི་མེད་སྐྱོན་བྲལ་ཡེ་ཤེས་དག་པའི་རྫས། །རིག་པ་ཆགས་མེད་སེམས་ལས་རྣམ་གྲོལ་ཏེ། །རྣམ་པར་མི་རྟོག་རིག་པ་ཆོས་ཀྱི་སྐུ། །དྲི་མེད་སྐྱོན་བྲལ་པདྨའི་སྡོང་པོ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །ༀ་པདྨེ་ཤྭ་དྷ་ནི་ཧཱུཾ། རལ་གྲི་གནས་ལྔ་དང་ལག་ཏུ་གཏད་ལ། ཧཱུཾ། ཤེས་རབ་དང་ནི་གཉིས་མེད་སྦྱོར་བར་མཛད། །དཀྱིལ་འཁོར་ཉིད་དང་ཡེ་ཤེས་སྒྱུ་མར་རོལ། །གཉིས་མེད་མཚོན་པ་ཤེས་རབ་རལ་གྲི་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཤེས་རབ་ཆེན་པོས་རང་རྒྱུད་གྲོལ་བར་གྱིས། །ༀ་པྲ་ཛྙཱ་ཀཱ་ཡ་སིདྡྷི་ཧཱུཾ། ཧཱུཾ། དཀྱིལ་འཁོར་དང་ནི་དབྱིངས་ཀྱི་ཡེ་ཤེས་དང་། །དབྱིངས་དང་ཡེ་ཤེས་དོན་སྦྱོར་བའི། །ཕྱི་ཡི་དབྱིངས་དང་ནང་གི་ཡེ་ཤེས་དང་། །གསང་བའི་རིག་པ་ཆོས་ཉིད་ངང་དུ་འདུས། །དབྱེར་མེད་ཚུལ་གྱིས་དེ་བཞིན་གནས་པ་རྣམས། །ང་ཡིས་བསྟན་གྱིས་ང་ལ་གུས་པས་ཉོན། །ཡེ་ཤེས་དག་པའི་རྫས་ཀྱི་སྤྲིན་ཆེན་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །དབྱིངས་དང་ཡེ་ཤེས་རྟོགས་ནས་ཀྱང་། །ཐུགས་རྗེ་ཕྱོགས་བཅུར་མཛད་པར་ཤོག །ༀ་དྷ་ཏུ་ཛྙཱ་ན་ཧྲཱིཿཏྲཾ། ཁྲོ་བོའི་སྐུ་གནས་ལྔར་བཞག་ལ། ཧཱུཾ། སྟོང་པ་ཉིད་ནི་ཡེ་ཤེས་སྐུ། །སྣ་ཚོགས་འབྱུང་བ་རོལ་པའི་སྐུ། །ཆོས་སྐུ་མཚོན་པའི་སྐུ་མཆོག་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །མཐར་ཕྱིན་འབྲས་བུ་ཐོབ་པར་ཤོག །ༀ་བཛྲ་ཀཱ་ཡ་ཧཱུཾ། མཆོད་པའི་ལྷ་མོ་ལྔ་གནས་ལྔར་བཞག་ལ། ཧཱུཾ། སྐྱེ་དང་འཆི་མེད་རྡོ་རྗེའི་སྐུ། །སྟོང་ཉིད་རྡོ་རྗེའི་སྙིང་པོ་ཅན། །དག་པའི་ཡེ་ཤེས་མཚོན་པའི་ཕྱིར། །དྲི་མ་དག་པས་གཟུགས་སྐུར་སྟོན། །ཆོས་དབྱིངས་དག་པའི་ཡེ་ཤེས་མཚོན། །སྐྱེ་མེད་མཆོད་པའི་སྐུ་མཆོག་གིས། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ༀ་ཨཱཿཀཱ་ཡ་ནི་ཧཱུཾ། ཧཱུཾ། རྡོ་རྗེ་འགྱུར་མེད་རིག་པའི་དུས། །རང་རྟགས་མཚོན་པ་དབང་གི་དུས། །འགྱུར་མེད་ཀུན་རྫོགས་སངས་རྒྱས་ཀྱི། །ས་ལམ་མཐར་ཕྱིན་གྲོལ་བར་ཤོག །ༀ་བཛྲ་ཀ་པ་ཡ་ཧཱུཾ། རྡོ་རྗེ་སྙིང་གར་བཞག་ལ། ཧཱུཾ། སྙིང་པོ་དོན་ཉིད་རྣམ་སྦྱར་ཕྱིར། །ཡེ་ཤེས་དག་པའི་ལམ་ཆེན་དང་། །སྙིང་པོ་རང་བཅས་རྡོ་རྗེའི་དོན། །སངས་རྒྱས་གཞི་ཡི་སྙིང་པོར་བཅས། །དེ་བཞིན་ཀུན་ལ་གནས་པ་ཡིན། །སྙིང་པོའི་དོན་ཉིད་ང་ཡིས་བསྟན། །རྟོགས་པ་རྒྱུད་ལ་སྐྱེ་འགྱུར་ཤོག །ༀ་བཛྲ་ཙིཏྟ་ཀཱ་ཡ་ཧཱུཾ། བུམ་པ་སྤྱི་བོར་བཞག་ལ། ཧཱུཾ། སངས་རྒྱས་རྣམས་ཀྱི་དབང་བསྐུར་ནི། །བུམ་པ་འདི་ལ་མཛད་པ་ཡིན། །དབང་བསྐུར་འདི་ལ་བྱིན་གྱིས་བརླབས། །ཆོ་འཕྲུལ་རྒྱས་པར་སྟོན་པ་ཡི། །བུམ་པ་འདི་ལ་ཕྲིན་ལས་རྫོགས། །ཡེ་ཤེས་དག་པའི་དབང་བསྐུར་འདིས། །མ་རིག་འཁོར་བ་རྒྱུན་བཅད་ཕྱིར། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ༀ་བཛྲ་དུ་ཤ་ཧཱུཾ། ཐིག་ལེ་ལྔ་ཚོན་གྱི་ཚོམ་བུ་སྤྱི་བོ་དང་སྙིང་གར་བཞག་ལ། ཧཱུཾ། ཐབས་དང་ཤེས་རབ་གཉིས་མེད་པའི། །རྒྱལ་བ་རིགས་ལྔ་ཡུམ་ལྔར་གསལ། །ཐབས་ཤེས་རྡོ་རྗེའི་དོན་ལྡན་པའི། །ལོངས་སྤྱོད་རྫོགས་སྐུ་སྣང་བར་གསལ། །རྣམ་དག་སངས་རྒྱས་མཛད་སྤྱོད་དེ། །ད་ནས་བརྟན་པ་ཐོབ་བྱས་ཏེ། །སངས་རྒྱས་ཀུན་དང་མཉམ་པ་ཡི། །ཡེ་ཤེས་དག་པའི་ཚོམ་བུ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །རང་སྣང་བར་དོ་བརྟན་པར་ཤོག །ༀ་བཛྲ་སི་ཏ་ཀཱ་ཡ་ཧཱུཾ། སྤྱི་བོ་དང་སྙིང་གར་བཞག་ལ། ཧཱུཾ། ཡེ་ཤེས་རང་རྟགས་རྡོ་རྗེའི་དོན་ཉིད་བརྟན། །སྐྱེ་འཇིགས་བྲལ་བས་སྐུ་ཡི་འོད་ལ་བཞུགས། །འཆི་དང་བྲལ་བས་གསུང་གི་ཟེར་ལ་རོལ། །སྐྱེ་དང་འཆི་མེད་རྡོ་རྗེའི་དོན་མཚོན་སྐུ། །སྐྱེ་བ་མེད་པའི་ཡེ་ཤེས་ཨ་དཀར་འདི། །སེམས་ཅན་ཀུན་ལ་རྟག་པར་ཡོད་པ་སྟེ། །དེ་ཡི་དོན་ནི་མཚོན་པའི་འོད་ལྔར་གསལ། །ཡང་དག་པ་དང་དབྱེར་མེད་མཉམ་པ་ཉིད། །དོན་མཚོན་ཡེ་ཤེས་རང་རྟོགས་མཉམ་སྦྱར་བའི། །སངས་རྒྱས་ཀུན་དང་དགོངས་པ་མཉམ་པ་ཡི། །རྡོ་རྗེ་སྐྱེ་མེད་རང་རྟགས་དབང་ཆེན་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །སྐྱེ་མེད་ཡེ་ཤེས་དོན་རྟོགས་སངས་རྒྱས་ཤོག །ༀ་བཛྲ་ཏ་ན་ཀཱ་ཡ་ཀ་ར་ཧཱུཾ། བུམ་པ་གནས་ལྔར་བཞག་ལ། ཧཱུཾ། ཆོས་ཉིད་རྟོག་མེད་ཡེ་ཤེས་དག་པའི་རྒྱུ། །གསང་སྔགས་ལས་ལ་སྦྱོར་བ་སྟེ། །སྟོང་ཉིད་བུམ་པ་སྨན་གྱིས་གཏམས། །བདུད་རྩི་དབང་རྫོགས་དཀྱིལ་འཁོར་རྫོགས་པ་སྟེ། །འཇིག་རྟེན་འདི་ན་མེད་པ་འཚོལ་བ་དང་། །ཕྱི་མ་ཡེ་ཤེས་རྟོགས་ནས་གྲོལ་གྱུར་ཅིག །བདུད་རྩི་དག་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །རྣམ་དག་བདུ་རྩི་ཡེ་ཤེས་དོན་རྟོགས་ཤོག །ༀ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ། བུམ་པ་གནས་ལྔར་བཞག་ལ། ཧཱུཾ། སྟོང་པ་ཉིད་དང་ཡེ་ཤེས་ཀྱི། །དབང་བསྐུར་བདག་གིས་བླངས་པའི་ཕྱིར། །རྫས་མཆོག་དམ་པ་བདུད་རྩིའི་བུམ་པ་འདིས། །སྐྱེ་མེད་དབྱིངས་དང་ཡེ་ཤེས་མཚོན་པའི་ཕྱིར། །སངས་རྒྱས་ལམ་དང་ཡེ་ཤེས་དག་པའི་ལམ། །ལམ་སྦྱངས་ནས་ནི་ཡེ་ཤེས་ལྔ་དང་སྦྱར། །འདུ་འབྲལ་མེད་པའི་རིག་པ་རྟོག་མེད་ངང་། །དབང་བསྐུར་འཁོར་ལོའི་ས་ལ་མཐར་ཕྱིན་ཤོག །ཡེ་ཤེས་རྟོགས་པའི་དོན་ཆེན་དེ་ཐོབ་ནས། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་ས་ཆེན་དེར། །སྤྲུལ་པ་འགགས་མེད་ཕྱོགས་བཅུར་གསལ་བར་མཛོད། །དེ་ལ་གནས་ན་སེམས་ཅན་དོན་ལ་སྦྱོར། །དེ་ལྟར་ཡོན་ཏན་ཀུན་ལྡན་བུམ་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །སྟོང་ཉིད་སྙིང་པོ་མཐར་ཕྱིན་ཤོག །ༀ་བཛྲ་བྱིར་ལ་ཧཱུཾ། བུམ་པ། ཧཱུཾ། ཡེ་ཤེས་རྒྱུ་མཚན་དག་པའི་རིག་པ་དང་། །གསང་སྔགས་ཀུན་གྱི་ཡེ་ཤེས་མཚོན་པའི་ཕྱིར། །རྫས་ཀྱི་བུམ་པ་སྟོང་ཉིད་དག་པ་འདིས། །གཞོན་ནུ་བུམ་པའི་སྐུ་ལ་མཐར་ཕྱིན་པའི། །རང་བཞིན་མ་འགགས་ཉི་མའི་འོད་ལྟར་གསལ། །ཐུགས་རྗེས་ཀུན་ནས་འགྲོ་བ་ཡོངས་ལ་ཁྱབ། །སྟོང་གསུམ་ལྡན་པའི་ཆོས་ཉིད་དག་པའི་དོན། །རང་གི་དེ་བཞིན་ཉིད་ཀྱི་བུམ་པ་འདིས། །དག་པའི་ལམ་མཚན་བཀྲ་ཤིས་བུམ་པ་དང་། །དག་པའི་དོན་ཉིད་ཡེ་ཤེས་སྤྱན་སྦྱར་ཕྱིར། །རྒྱུ་མཚན་དག་པའི་བཀྲ་ཤིས་བུམ་པ་འདིས། །ཀུན་གྱི་དོན་ཉིད་ཡེ་ཤེས་མཚོན་པའི་ཕྱིར། །དག་པའི་ལམ་དང་ཡེ་ཤེས་གསང་ལམ་དང་། །ལམ་ཆེན་འབྲས་བུ་དུས་འདིར་མཚོན་པའི་ཕྱིར། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །ༀ་ཨཱཿཧཱུཾ་ཧྲཱིཿཏྲཱཾ། ཐོད་པ་དཔྲལ་བར་བཞག་ལ། ཧཱུཾ། རྣམ་དག་ཡེ་ཤེས་ཐོད་པའི་གཞལ་ཡས་ཁང་། །རིགས་ལྔ་ལྷུན་གྱི་གྲུབ་པའི་ཐོད་པ་འདིས། །གང་ཟག་དག་པའི་ཞིང་དུ་ཡཾ་གིས་བགྲོད། །ཡི་གེ་ཡཾ་ལྡན་རྡོ་རྗེ་ཐོད་པ་སྟེ། །ཡི་གེ་དེ་བཞིན་མཁའ་ལ་རབ་བསྐྱོད་ནས། །འགྲོ་བ་དབྱིངས་སུ་འདྲེན་མཛད་ཡེ་ཤེས་ཐོད། །དག་པའི་དོན་ལྡན་གཞལ་ཡས་ཁང་གི་ཚུལ། །རྣམ་དག་དོན་སྤྱོད་རིན་ཆེན་ཐོད་པ་འདིས། །དགོས་འདོད་རེ་བ་ཐམས་ཅད་སྐོང་མཛད་པའི། །རིན་ཆེན་ཟུར་བརྒྱད་བཀྲ་བའི་ཐོད་པ་འདིས། །སེམས་དང་ཡེ་ཤེས་སོ་སོར་འབྱེད་པ་ཡི། །རབ་ཏུ་གསང་བྱེད་བཀྲ་ཤིས་ཐོད་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །གཞལ་ཡས་ཁང་དུ་ཡཾ་གིས་སྐྱོད་འགྱུར་ཤོག །ༀ་བཛྲ་བྷནྡྷ་ཧཱུཾ། ཐོད་པ། ཧཱུཾ། སྐྱེ་བའི་ཡེ་ཤེས་མ་ཡིན་ཏེ། །རྫོགས་པ་ཀུན་ལ་ཁྱབ་པའི་དོན། །སངས་རྒྱས་ཀུན་དང་མཉམ་སྦྱར་བའི། །ཡི་གེ་བྷྲཱུཾ་ལྡན་དབྱིངས་སུ་འཁྱིལ། །བྷྲཱུཾ་གྱིས་མ་སྐྱོད་ཉིད་ཀྱི་མཁའ། །ཡེ་ཤེས་དག་པའི་ཐོད་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །དབྱིངས་ལས་ཕྱིར་མི་ལྡོག་པར་ཤོག །ༀ་བཛྲ་བྷནྡྷ་ཛྙཱ་ན་དུ་ཡ་ནི་ཧཱུཾ། ཐོད་པ། ཧཱུཾ། ཤེས་རབ་དང་ནི་སྐུ་གསུང་ཐུགས། །ངོ་བོ་འགྱུར་མེད་ཆོས་ཀྱི་དོན། །རང་བཞིན་འགག་མེད་ལོངས་སྐུའི་དོན། །ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འཕྲོས། །སྐུ་གསུམ་དོན་ལྡན་ཡི་གེ་ཨེ། །སྣ་ཚོགས་ཨེ་ཡི་གཞལ་ཡས་ཁང་། །ཨེ་དང་ལྡན་པའི་ཐོད་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །སྐུ་གསུམ་འབྲས་བུ་ཐོབ་པར་ཤོག །ༀ་ཨེ་ཀྲ་ཧྲཱིཿབྷྲུཾ་ཧཱུཾ། སྤྱི་བོར་བྱང་སེམས་དཀར་པོ་བཞག་ལ། ཧཱུཾ། ཤེས་རབ་དོན་བྱེད་ཡེ་ཤེས་ལྡན། །རང་རིག་སྒྲོན་མའི་འོད་ཅན་ལྡན། །ཤེས་རབ་བསྐྱེེད་པའི་བོ་དྷི་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཤེས་རབ་རྟོགས་པའི་དོན་ལྡན་ཤོག །ༀ་པྲ་ཛྙཱ་ཤ་ཡ་ཧཱུཾ། བྱང་སེམས་དམར་པོ་མགྲིན་པར་བཞག་ལ། ཧཱུཾ། སྣང་སྲིད་སྲིད་པའི་ཆོས་རྣམས་ལ། །མ་རྨོངས་ཇི་ལྟར་ཤེས་འགྱུར་ཞིང་། །ཕྱི་ནང་གསང་བའི་ཆོས་རྣམས་ལ། །གང་ལ་ཐོགས་མེད་ཤེས་གྱུར་ནས། །བསོད་ནམས་ལྡན་ཞིང་སྐུ་འབར་དང་། །འགྲོ་བ་ཕ་རོལ་སྒྲོལ་བར་ཤོག །ༀ་ཛ་ག་ཡ་ཧཱུཾ། མིག་ལ་དྲིའི་ཐིག་ལེ་བྱས་ཏེ་དཀྱིལ་འཁོར་བལྟར་བཅུག་ལ། ཧཱུཾ། ཤར་སྒོ་རྡོ་རྗེ་དབྱིངས་ཀྱི་སྒོ། །ཚོམ་བུར་བལྟ་ན་འདིར་ལྟོས་ཤིག །ལྷོ་སྒོ་ལོངས་སྤྱོད་རྫོགས་པའི་སྒོ། །ཡེ་ཤེས་བལྟ་ན་འདིར་ལྟོས་ཤིག །ནུབ་སྒོ་སྐུ་ལྔ་མཐར་ཕྱིན་སྒོ། །རིགས་ཉིད་བལྟ་ན་འདིར་ལྟོས་ཤིག །བྱང་སྒོ་རྡོ་རྗེ་སྙིང་པོའི་སྒོ། །རིགས་ལྔ་བལྟ་ན་འདིར་ལྟོས་ཤིག །ཕོ་བྲང་པདྨ་རྣམ་དག་སྐུ། །རང་ལུས་བལྟ་ན་འདིར་ལྟོས་ཤིག །ༀ་མཎྜ་ལ་ཨཱཾ་ཧཱུཾ། རྡོ་རྗེ་སྤྱི་བོར་བཞག་ཅོད་པན་བཏགས། ཧཱུཾ། རང་རྟགས་རྡོ་རྗེ་དོན་ཉིད་དོ། །དར་དང་འབྲུ་ཡི་རང་རྟགས་ཀྱི། །འཇིག་རྟེན་འདི་ཡི་བར་ཆད་བསལ་བའི་ཕྱིར། །རང་རྟགས་རྡོ་རྗེ་ཉིད་དུ་འདུ་འབྲལ་མེད། །འཇིག་རྟེན་ལྷ་དང་མཁའ་འགྲོ་རྣམས། །འདི་ལ་སྲུང་ཞིང་སྐྱོབ་པ་དང་། །དབང་རྟགས་འདི་ནི་མཐོང་བ་ཙམ་གྱིས་ཀྱང་། །བགེགས་རྣམས་བརྒྱལ་ཞིང་གཞན་དུ་བྲོས། །ཡམས་དང་རིམས་ནད་ཀུན་ལས་ཐར་བ་དང་། །དབང་རྟགས་འདི་ཡིས་རབ་ཏུ་བསྐྱབས་པར་གྱིས། །གནོད་སྦྱིན་རྣམས་དང་གསང་བའི་རིགས་རྣམས་དང་། །དེ་བཞིན་མཁའ་འགྲོའི་རིགས་རྣམས་ནི། །པདྨ་དང་ནི་དེ་བཞིན་ལས་ཀྱི་རིགས། །ས་དང་བར་སྣང་གནས་པ་དང་། །རི་རབ་དང་ནི་མཚོན་ལ་གནས། །མཁའ་འགྲོ་འཁོར་དང་བཅས་པ་ཡིས། །འདི་ལ་སྐུ་ཡིས་བསྲུང་བར་གྱིས། །ནད་དང་ཡམས་ལས་གྲོལ་བ་དང་། །དབང་རྟགས་འདི་ཉིད་བཏགས་པ་ཡིས། །ལམ་ཆེན་ལྔ་པོ་བསྟེན་པར་གྱིས། །རྡོ་རྗེའི་དོན་དང་འབྲལ་བ་མེད་པ་དང་། །ཡང་དག་ས་ལ་དེ་བཞིན་གནས་པ་དང་། །གསང་སྔགས་ཀུན་གྱི་དགོངས་པ་ལོན་པར་ཤོག །ༀ་བཛྲ་ཙཎྜ་སརྦ་ཧ་ས་ན་ཧཱུཾ། སོ་སོའི་གསང་མཚན་ནས་བོས་ལ། ཧཱུཾ། ལས་ཀྱི་རིགས་ཀྱི་གསང་མཚན་གང་ཡིན་པ། །སེམས་དཔའ་ལས་ཀྱི་རིགས་རྣམས་ཀྱིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཧཱུཾ། རིན་ཆེན་རིགས་ཀྱི་གསང་མཚན་གང་ཡིན་པ། །སེམས་དཔའ་རིན་ཆེན་རིགས་རྣམས་ཀྱིས། །སྐལ་ལྡན་འདི་ལ༴ ཧཱུཾ། པདྨ་རིགས་ཀྱི༴ སེམས་དཔའ་པདྨ་རིགས༴ སྐལ་ལྡན་འདི་ལ༴ ཧཱུཾ། རྡོ་རྗེ་རིགས་ཀྱི་གསང་༴ སེམས་དཔའ་རྡོ་རྗེའི་རིགས༴ སྐལ་ལྡན༴ ཧཱུཾ། དེ་བཞིན་རིགས་ཀྱི་གསང་༴ སེམས་དཔའ་དེ་བཞིན་རིགས་རྣམས་༴ སྐལ་ལྡན༴ ཧཱུཾ། དེ་ལ་སོགས་ཏེ་བདེ་གཤེགས་ཐམས་ཅད་ཀྱི། །གསང་མཚན་དམ་པ་གང་ཡིན་པ། །སྐལ་ལྡན༴ ༀ་བཛྲ། རཏྣ། པདྨ། ཀརྨ། བུདྡྷ་སྟྭཾ། ཞེས་དབང་བསྐུར་རོ། །དེ་ལྟར་ཚིག་དང་མཐུན་པར་བསྒོམ་ཞིང་དབང་བསྐུར་བས། དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་རོ། །བཀྲ་ཤིས་ཀྱང་བརྗོད་པར་བྱའོ།། ༈ །།དེ་ནས་ཚེ་དབང་རིན་པོ་ཆེ་བསྐུར་བ་ནི། དཀྱིལ་འཁོར་སྤྱི་མཐུན་ལྟར་བྲིས་པའི་དབུས་སུ། བུམ་པ་མགུལ་ཆིངས་དམར་པོ་དཀར་གསུམ་གྱིས་བཀང་བ་འབྲུའི་གདན་ལ་བཞུགས་སུ་གསོལ་ཞིང་། འབྲས་ཆན་དང་ཤ་མར་བུ་རམ་སོགས་ཞིམ་པ་སྣ་ཚོགས་བཀོད། བུམ་པའི་སྟེང་དུ་ཚེའི་འབྲང་རྒྱས་ཟས་རོ་ཞིམ་པས་བརྒྱན་པ། མདའ་རྒོད་སྒྲོ་མ་ལ་དར་སྣ་མེ་ལོང་གིས་བརྒྱན་པ། གཟུངས་ཐག་དམར་པོ་སུམ་སྒྲིལ་བཏགས་ལ། སྲིན་ལག་ཏུ་བཟུང་ལ། དཀྱིལ་འཁོར་གྱི་ཕྱོགས་མཚམས་སུ་མདའ་བཞི་གྲི་བཞི་སོགས་རྒྱན་བཀོད་པས་བརྒྱན་པར་བྱས་ལ། དེ་ནས། བདག་དབང་ཆེན་གྱི་ཏིང་ངེ་འཛིན་བརྟན་པའི་ངང་ནས་ཡི་གེ་ནྲི་འོད་གསལ་བ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་གྲངས་མེད་པ་འོད་ཀྱི་གོང་བུར་དཀྱིལ་འཁོར་རྫས་དང་བཅས་པ་ལ་ཐིམ་པར་བསམ། ཡི་གེ་ཨཱཿཛབ་ཏུ་བགྲང་། དེ་ནས་དབང་བསྐུར་བ་ནི། བདག་ཉིད་དཔལ་ཆེན་དུ་གསལ་བ་དང་། སློབ་མ་ཚེ་དཔག་མེད་དུ་གསལ་བའི་བར་དུ་ཨཱཿདཀར་པོ་དགུ་ལས་འོད་ཟེར་འཕྲོས། ཨཱཿཨ་ཞེས་པས་འོད་ཟེར་དམར་པོ་གྲངས་མེད་པ་འཕྲོས་ཏེ། སློབ་མའི་ལུས་ལ་ཐིམ་པས་ཚེ་ཐོབ་པར་བསམ་ལ། རོལ་མོའི་སྒྲས་བྱིན་ཕབ། རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱས། ཨཱཿདེ་དག་ཀྱང་ཚེ་དཔག་མེད་སྐུ་མདོག་དམར་པོ་ཤ་སྟག་ཏུ་སྒོམ། ཡང་ན། ཚེ་དཔག་མེད་སྐུ་མདོག་སྐུ་སྟོད་སེར་པོ། །ལྟེ་བ་མན་ཆད་ལྗང་གུ། ཕྱག་མཚན་གཡས་ཚེའི་བུམ་པ། གཡོན་རིན་པ་ཆེ་འོད་འབར་བ་བསྣམས་པར་བསམ་ལ། མཆེད་ལྕམ་རྣམས་ཀྱིས། ༀ་ཨཱཿཧཱུཾ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བཛྲ་དྷྲི་ཀྲ་ཛཿཧཱུཾ། ཞེས་འཛབ་ཏུ་བཟླས་པས། ཨཱཿདང་དབྱེར་མེད་དུ་གནས་བར་སྒོམ། །དེ་ནས་ཚེ་འགུགས་པར་བྱ་བ་ནི། ཧཱུཾ། ཤར་ལྷོ་ནུབ་བྱང་དབུས་ལྔ་ནས། །ཚེ་བདག་རིགས་ལྔ་ལྷ་མོའི་ཚོགས། །སྐུ་མདོག་སྣ་ལྔ་འབར་བ་ལ། །ཆིབས་སུ་འབྱུང་བ་ལྔ་ལ་བཅིབས། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །ཕྱོགས་བཞི་དབུས་ལྔའི་སྒོ་ཕྱེས་ལ། །བདུད་རྩི་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་མཆོག་དཀྱིལ་འཁོར་དབབ་ཏུ་གསོལ། །ཞེས་ཚེ་བཀུག་ཅིང་དཀྱིལ་འཁོར་གྱི་ཚེ་རྫས་ལ་བསྟིམས་ནས། བུམ་པ་ཚེའི་འབྲང་རྒྱས་སོགས་སློབ་བུའི་སྤྱི་བོར་བཞག་ལ། ཧཱུཾ། བཅོམ་ལྡན་ཚེ་དཔག་མེད་པ་ནི། །སྐུ་ལ་ཚེ་ཡི་བེར་ཆེན་གསོལ། །ཕྱག་ན་ཚེ་ཡི་ལོངས་སྤྱོད་བསྣམས། །ཞལ་ནས་ཚེ་ཡི་ལོངས་སྤྱོད་འགྱེད། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །དབང་གི་དཀྱིལ་འཁོར་བསྟན་དུ་གསོལ། །ལོ་བརྒྱ་འཚོ་དང་སྟོན་བརྒྱ་བཙའ། །ཚེ་ལ་དབང་བའི་རིག་འཛིན་གྱི། །དངོས་གྲུབ་ཆེན་པོ་ཐོབ་པར་ཤོག །ༀ་བུདྡྷ་ཨཱ་ཡུརྫྙཱ་ན་ཧཱུཾ། བཛྲ་ཨཱ་ཡུ་རྫྙཱ་ན་ཏྲཱཾ། རཏྣ་ཨཱ་ཡུརྫྙཱ་ན་ༀ། པདྨ་ཨཱ་ཡུརྫྙཱ་ན་ཨཱཿ ཀརྨཿཨཱ་ཡུརྫྙཱ་ན་ཧཱུཾ་ཧྲཱིཿ ཞེས་དབང་བསྐུར་ཞིང་བཀྲ་ཤིས་བརྗོད་ལ། དེ་ལྟར་དབང་བསྐུར་བས། འགྱུར་མེད་ཚེའི་དབང་ཐོབ་པར་འགྱུར་རོ།། ༈ །།དེ་ནས་རིག་པ་རང་གི་དབང་བསྐུར་བ་ནི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་མཚན་ཉིད་དང་ལྡན་པའི་དབུས། འཁོར་ལོ་རྩིབས་བརྒྱད་ཤིན་ཏུ་མཛེས་པ་དང་། ཁ་བྱེ་བ་དང་མ་བྱེ་བ་སྤེལ་མའི་པདྨའི་དྲྭ་བ་དང་། དེའི་ཕྱི་རིམ་ཟླུམ་པོ་བུམ་པའི་དབྱིབས་ཅན། ཚོགས་གཏོར་ཡང་གོང་དང་མཐུན། དཀྱིལ་འཁོར་དབུས་སུ་རྨ་བྱའི་སྒྲོ་དང་། མེ་ལོང་། བྱང་སེམས་དཀར་པོ་བཤམ། ཕྱི་རོལ་དུ་པདྨའི་སྟེང་དུ་བྱང་སེམས་དམར་པོ་དང་། ཁྲོ་བོའི་སྐུ་བཤམས་ལ། རང་པདྨ་ཧེ་རུ་ཀ་གོང་ལྟར་གསལ་བའི་ངང་ནས་ཨཱཿབཟླས་ཤིང་། སློབ་བུ་ཡང་པདྨ་ཧེ་རུ་ཀར་བསྒོམ་ཞིང་ཡེ་ཤེས་པ། རྡོ་རྗེ་དང་བཅས་ཏིཥྛ་བཛྲས་བརྟན་པར་བྱས། དཀྱིལ་འཁོར་དབུས་ཀྱི་སྒྲུབ་རྫས་སློབ་བུའི་སྤྱི་བོར་བཞག་ལ། ཧཱུཾ། འོད་ལྡན་ཡེ་ཤེས་འོད་སྐུ་སྟེ། །དག་པས་དག་པའི་རྒྱུ་མཚན་དེ། །གསང་བས་གསང་བའི་འོད་ལྡན་པའི། །ཆོས་སྐུ་ལྷུན་རྫོགས་བདེ་བ་ཆེ། །སྟོང་ཉིད་རང་གསལ་བདེ་བར་བསྐུར། །ༀ་མ་ཧཱ་ཨ་ནུ་པྲ་ཏི་ཡ་ཨ་བྷི་ཥིཉྩ་ༀ། ཞེས་རྨ་བྱའི་སྒྲོ་ཆུན་གྱིས་དབང་བསྐུར་རོ། །ཧཱུཾ། ཆོས་ཉིད་གསལ་འཚེར་གཡོས་པ་མེད། །རྡོ་རྗེ་སྐྱོན་བྲལ་བྱང་ཆུབ་སེམས། །བདུད་རྩི་དག་པས་ཆོས་ཉིད་སྐུ། །འཁོར་འདས་མི་རྟོག་དབང་བསྐུར་རོ། །ༀ་བོ་དྷི་ཙིཏྟ་ཨབྷི་ཥིཉྩ་ཨཿཨཿ ཞེས་བྱང་སེམས་དཀར་པོས་དབང་བསྐུར་རོ། །ཧཱུཾ། འཁོར་བའི་སྐྱོན་སྤངས་ཡེ་ཤེས་དམར། །འདོད་ཆགས་ཆོས་སྤངས་ཆོས་ཉིད་ཀྱིས། །ཆགས་མེད་ཡེ་ཤེས་པདྨ་གསལ། །ༀ་ལྡན་བྷ་ག་སྟོང་ཉིད་དེ། བདག་མེད་སྙིང་པོའི་དབང་བསྐུར་རོ། །ༀ་སུ་མན་རྩ་སུ་རཱ་ག་ཧཱུཾ། ཞེས་བྱང་སེམས་དམར་པོས་དབང་བསྐུར་རོ། །ཁྲོ་བོའི་སྐུ་དཔྲལ་བ་སོགས་གནས་བཞིར་བཞག་ལ། ཧཱུཾ། དཔའ་གཏུམ་རྡོ་རྗེའི་རང་བཞིན་ལས། །མཐར་འཛིན་རྒྱན་ཆ་འོད་ཟེར་འབར། །རང་གསལ་ཆོས་ཉིད་མེ་ལོང་སྐུ། །གཟུང་དང་འཛིན་པ་གཉིས་ལས་འདས། །འགྱུར་མེད་དབྱིངས་སུ་དབང་བསྐུར་རོ། །ཀྲོ་ཏ་ཨ་ནུ་ཡ་ཧཱུཾ ། ཁྲོ་སྐུས་དབང་བསྐུར་རོ། །ཞེས་དབང་གནས་བཞིར་བསྐུར་ཞིང་བཀྲ་ཤིས་བརྗོད། ༈ །དེ་ནས་བཀའ་རྟགས་ཕྱག་རྒྱའི་དབང་བསྐུར་ནི། དཀྱིལ་འཁོར་དབུས་ཟླུམ་པོ་རྡོ་རྗེའི་ར་བ་གྲུ་བཞི་སྒོ་བཞིའི་མཚམས་བཞིར་བུམ་པ་བཞི། ཕྱི་རིམ་ཟླུམ་པོལ་དཀྱིལ་འཁོར་སྤྱི་ལྟར་བྲིས། དེའི་དབུས་སུ་བུམ་པ་ཁ་བརྒྱན་དང་བཅས་ཏེ་བཞག །ཚོགས་གཏོར་ཡང་གོང་དང་འདྲ། དྲི་ཞིམ་གྱི་ཆུས་ཁ་གདོང་བཀྲུས་ལ། བདག་དང་སློབ་བུ་པདྨ་ཧེ་རུ་ཀར་བསྒོམས་ལ། ཨཱཿཅི་ནུས་བཟླས་ཞིང་། རོལ་མོ་དང་བཅས་ཡེ་ཤེས་པ་དབབ། རྡོ་རྗེ་དང་བཅས་པས་ཏིཥྛ་བཛྲ་གྱིས་བརྟན་པར་བྱས། བུམ་པ་སྤྱི་བོར། ཧཱུཾ། ཆགས་མེད་ཡེ་ཤེས་དྲི་མ་མེད། རྣམ་དག་འོད་གསལ་ཤེས་རབ་ཐབས། །སྐུ་གསུམ་ཤེས་རབ་འབྱུང་བའི་ཐབས། །བྱང་ཆུབ་སེམས་ལས་སྤྲུལ་སྐུ་འགྱེད། །ཆོས་ཉིད་རྟོག་མེད་རྫས་བཞི་སྟེ། །གཉིས་འདས་ཆོས་སྐུར་དབང་བསྐུར་རོ། །ༀ་སུ་ལ་བཛྲ་པྲ་ཏི་ཏི་ཧ་ཧ་ༀ་ཨཱཿ མན་ཤེལ། བྱང་ཆུབ་སྙིང་པོ་སྟོང་པའི་རྒྱུད། །སྐུ་གསུམ་ངོ་བོ་ཉིད་ལས་ནི། །ཡེ་ཤེས་མ་སྐྱེས་རབ་རྫོགས་པས། །གཞན་ནས་བཙལ་བར་མི་བྱ་སྟེ། །རང་ཉིད་ལྷ་ཡི་ལྷར་གྱུར་མཆོག །རྫོགས་ཆེན་འདུ་འབྲལ་མེད་པ་ཡི། །སྟོང་པ་ཆེན་པོར་དབང་བསྐུར་རོ། །ༀ་སྭ་བྷཱ་ཝ་ཨ་ཏ་རི་ཤྭ་ས་ལ་བྷི་ཧཱུཾ་ཨཱཿ ཐིག་ལེ་རྣམ་ལྔ། ཧཱུཾ། ཆོས་སྐུ་རྟོགས་ལས་འདས་པ་ནི། །བསམ་འདས་བརྗོད་མེད་ངོ་བོ་སྟོང་། །རང་ཉིད་རྫོགས་ཆེན་ལྷུན་གྲུབ་པས། །ཐིག་ལེ་གཅིག་པར་དབང་བསྐུར་རོ། །ཨཿབྷི་སྟྭཾ་བྷ་ཡ་ཨཱཿ མན་ཤེལ། ཧཱུཾ། ཨེ་མ་ངོ་མཚར་རྨད་བྱུང་བ། །སྟོང་པའི་སྙིང་པོ་འོད་གསལ་ངང་། །མ་ཆགས་གོས་མེད་བྱང་ཆུབ་སེམས། །དྲི་མེད་དག་པའི་རིག་སྣང་སྟེ། །རྫོགས་ཆེན་མཐའ་དང་དབུས་མེད་པས། །སྣང་བ་བཞི་རྫོགས་དབང་བསྐུར་རོ། །ༀ་བ་ལ་རཏྣ་ལ་མ་ཧཱུཾ། མན་ཤེལ་གྱི་འཇའ་ཚོན། ཧཱུཾ། ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་། །རང་བྱུང་ཡེ་ཤེས་རྟོག་མེད་དབྱིངས། །སྟོང་གསལ་རིག་པའི་སྙིང་པོར་ལྡན། །སྟོང་ཉིད་བདག་མེད་ཡེ་ཤེས་དང་། །ཆོས་རྣམས་ལྷུན་གྲུབ་རྫོགས་ཆེན་པ། །ཡང་དག་ཡེ་ཤེས་འོད་གསལ་བ། །སྟོང་པ་ཉིད་དུ་དབང་བསྐུར་རོ། །ཨ་ཨཱཿ ཨ་ཨཱིཿ ཨ་ཧཱུཾ། ཞེས་དབང་བསྐུར་རོ། །བཀྲ་ཤིས་ཀྱང་བརྗོད། ༈ །དེ་ནས་གསང་དབང་བསྐུར་བ་ནི། སློབ་མ་གསུམ་མམ་ལྔ་ལས་མི་མང་བར་བྱས། དབང་རྟེན་ཕྱག་རྒྱ་མཚན་ཉིད་ལྡན་པ། དུང་ཅན་རི་མོ་ཧ་རིའི་རིགས་བཞི་ཚང་ན་རབ། དེ་མ་བྱུང་ཡང་མཚན་ཉིད་དང་ལྡན་པ་ཞིག་བཙལ་ལ། དབང་ལ་འཇུག་པར་བྱ་སྟེ། དཀྱིལ་འཁོར་ཟླུམ་པོ་པདྨ་འདབ་བརྒྱད། མུ་ཁུད་འཁོར་ལོ་རྩིབས་བརྒྱད་རྣམས་ཕྱོགས་ཚོན་དང་མཛེས་ཚོན་དུ་བྱས། དབུས་ཀྱི་ལྟེ་བར་རྣམ་སྣང་མངོན་བྱང་གི་སྐུ་བཞག །དེའི་སྟེང་དུ་སྣང་བ་མཐའ་ཡས། །དེའི་གཙུག་ཏུ་པདྨ་དབང་ཆེན་གྱི་སྐུ་བཞག །དེའི་སྟེང་དུ་རྨ་བྱའི་གདུགས་དར་གྱིས་བརྒྱན་པ་ཕུབ། སློབ་དཔོན་ཁ་ཤར་ནས་ནུབ་ཏུ་བལྟས་ལ། དཀྱིལ་འཁོར་གྱི་ཤར་ལྷོར་བཀྲ་ཤིས་ཀྱི་བུམ་པ་ཁ་རྒྱན་དང་བཅས་པ་བཞག །ལྷའི་མདུན་དུ་མེ་ལོང་མཛེས་པ་བཀྲམ། ཤར་ཕྱོགས་ཀྱི་ཆ་ལ་ཐོད་པའི་ནང་དུ་བྱང་སེམས་དམར་པོ་བཤམ། བྱང་གི་ཆ་ལ་མེ་ལོང་ཡུ་བ་ཅན། དེའི་ནང་དུ་བྱངས་སེམས་དཀར་པོ། ལྷོའི་ཆ་ལ་བུ་མ་སྐྱེས་པའི་བུད་མེད་ཀྱི་ཚིལ་བུ་ཤ་དང་མར་མེ་རྣམས་བཀོད། དེ་ནས་གསང་ཡུམ་ཆས་སུ་ཞུགས་པ། བྱེ་རུ་སོགས་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཤར་དུ་བཞག །དེ་བཞིན་དུ་གཞན་རིག་མ་གསུམ་ཡང་ཕྱོགས་བཞིར་བཞག །སློབ་དཔོན་པདྨ་ཧེ་རུ་ཀའི་བསྐྱེད་རིམ་དུ་ཞུགས་ལ། ཨཱཿབརྒྱ་རྩ་བཟླས་ཤིང་། ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་། དབང་གི་བྲོ་བརྡུང་བྱ། དེ་ནས་སློབ་དཔོན་ལ་ཞལ་སྐྱེམས་དྲངས་ཤིང་གསོལ་བ་བཏབ་པ་ནི། གོང་ལྟར། ཀྱེ། མཁའ་གསང་གཉིས་སྤྲོད་དབང་བསྐུར་སྩོལ། །ཤེས་རབ་ཐབས་ལྡན་སྦྱོར་སྒྲོལ་དབང་། །དཔའ་བོ་ཆེན་པོས་བཀའ་སྩོལ་ཞིག །དབང་བདག་རྡོ་རྗེ་འཛིན་རྒྱལ་སྐུ། །མ་རིག་རྨུགས་པའི་མིག་ལྡན་པས། །ཤེས་རབ་མིག་གི་དབང་བསྐུར་སྩོལ། རྨུགས་ཤིང་མྱོས་པས་སྒྲ་མ་ཐོས། །གཉིས་མེད་སྙན་གྱི་དབང་སྩོལ་ཞིག །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །རྣམ་དག་འོད་གསལ་དྲི་མ་ཚོར། །ཡེ་ཤེས་ཤངས་ཀྱི་དབང་བསྐུར་སྩོལ། །ཕྱི་ནང་ཡུལ་ལ་ཆགས་གྱུར་པས། །འཁོར་བ་གཉིས་འཛིན་སྤྱོད་པ་ཡིས། །ཆོས་ཉིད་དག་པའི་རོ་མ་མྱོང་། །རང་རིག་བཅུད་ལྡན་དབང་བསྐུར་སྩོལ། །ཕྱི་ནང་ཡུལ་ལ་ཆགས་གྱུར་པས། །དབྱིངས་དང་རིགས་པའི་གཟུགས་མ་མཐོང་། །འོད་གསལ་ལུས་ཀྱི་དབང་བསྐུར་སྩོལ། །དྲན་པ་ཀུན་ཏུ་མཚོན་བྱེད་པ། །རང་སྣང་སྙིང་པོའི་དོན་མ་རྟོགས། །ལྟ་བ་རིག་པའི་དབང་བསྐུར་སྩོལ། །ཞེས་ཞུ་ཞིང་། སློབ་བུ་རྣམས་གྲལ་ལ་འཁོད། དེ་ནས་སློབ་བུ་པདྨ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བ་ལ། ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་ཆེན་གྱི་ཡུམ་སློབ་དཔོན་གྱི་གཡོན་ཕྱོགས་སུ་བཞག །སྦྱོར་བའི་བརྡས་བསྐུལ་ཞིང་། དང་པོ་རྫས་ཀྱི་དབང་བསྐུར་བ་ནི། རྣམ་སྣང་མངོན་བྱང་གི་སྐུ་སྤྱི་བོར་བཞག་ལ། ཧཱུཾ། ཡེ་ཤེས་རྣམ་དག་འོད་སྣང་ཆོས་སྐུའི་དབྱིངས། །སྐྱེ་མེད་རང་གསལ་ཐུགས་རྗེའི་དབྱིངས་ལས་བྱང་ཆུབ་སེམས། །དྲི་མེད་སྐྱོན་བྲལ་རིག་པ་ཞི་བའི་ཡབ། །སྟོང་པ་ཉིད་མཚོན་རྒྱུ་ལས་བྱང་ཆུབ་སེམས། །འཁོར་ལ་མི་གནས་རང་སྣང་སྣ་ཚོགས་འཕྲོ། །དག་པའི་རྒྱུ་མཚན་བདེ་བའི་ཐིག་ལེ་སྟེ། །ཆགས་ལ་ཆགས་དགའ་བདེ་བའི་དབང་བསྐུར་རོ། །ༀ་སརྦ་དྷརྨཱ་རཏྣ་ཙཀྲ་ཨཱཿ སྣང་བ་མཐའ་ཡས་ཀྱི་སྐུ། ཧཱུཾ། སྟོང་ཉིད་དམར་མདངས་ཤེས་རབ་དབང་གི་སྐུ། །ཆོས་ཉིད་མཁའ་མཉམ་སྣང་སྲིད་ཤེས་རབ་ཡུམ། །གསང་སྔགས་ལས་བྱུང་ཐིག་ལེ་འདྲེན་བྱེད་མ། །རཀྟའི་རང་བཞིན་ཆོས་ཉིད་འདྲེན་བྱེད་མ། །ཤེས་རབ་དྲིལ་ནས་སྐུ་ཡི་སྣང་བ་གསལ། །བྷ་གའི་དབྱིངས་ནས་སྤྲུལ་སྐུ་དུས་གསུམ་འབྱུང་། །འགག་མེད་ཆགས་ཉམས་བདེ་བ་སྐྱེད་པར་བྱེད། །ཡི་གེ་མུཾ་དང་ལྡན་པའི་རིགས་སུ་སྣང་། །དབང་རྟགས་འོད་ཟེར་རྡོ་རྗེ་ལེ་བརྒན་འཕྲོ། །རྟོག་མེད་ཤེས་རབ་དབྱིངས་ཀྱི་དབང་བསྐུར་རོ། །ༀ་མུ་ས་རཱ་ག་ལ་ཧཱུཾ། པདྨ་དབང་ཆེན་གྱི་སྐུ་བཞག་ལ། ཧཱུཾ། སྐྱེ་མེད་རོ་ལྡན་མཱཾ་ས་ཚིལ་ཆེན་བཅས། །རྒྱལ་བ་ཀུན་དང་སྐྱེ་མེད་སྙིང་པོ་མཉམ། །རིག་པའི་སྐུ་དང་སོ་སོར་ཐ་མི་དད། །དབྱིངས་དང་མི་འབྲལ་ཤེས་རབ་ཐབས་དང་ལྡན། །སྒོ་ལྔ་མ་འགགས་ཞི་གནས་ལྷག་མཐོང་སྟེ། །བསྐྱེད་པ་མ་ཡིན་རང་བྱུང་རྫོགས་པ་ཆེ། །སྣ་ཚོགས་འོད་འཕྲོ་ལོངས་སྐུ་ཉིད་ཀྱི་ལུས། །མ་སྒྲིབ་དྲི་མེད་ཤེས་རབ་ཡེ་ཤེས་ཅན། །གསང་བའི་མཛོད་འཛིན་ཐུགས་མཆོག་ཙིཏྟའི་ངང་། །མི་དམིགས་སྟོང་གསལ་གྲགས་སྟོང་གཉིས་ལས་འདས། །གཉིས་འཛིན་ཡུལ་འདས་ཆོས་ཉིད་དག་པའི་སྙན། །འཁོར་བའི་སྐྱོན་སྤངས་ཡེ་ཤེས་དྲི་ཞིམ་ཤངས། །ཐེ་ཚོམ་གཉིས་གསལ་པདྨ་དག་པའི་ལྗགས། །སྐྱེ་བ་རྒྱུན་བཅད་ཡེ་ཤེས་སྐུ་གསུམ་ཚུལ། །མ་སྐྱེས་ཐིག་ལེའི་ངང་དུ་དབང་བསྐུར་རོ། །ཨ་ཡང་པུ་ཏི་ཏ་ཨ་ཧཱུཾ་ཨཱཿ རྨ་བྱའི་སྒྲོ་ཆུན། ཧཱུཾ། སྟོང་པ་ཉིད་དང་ནམ་མཁའི་སྐུ་མཚོན་ཏེ། །སྟོང་ཉིད་འགགས་མེད་མཐའ་ཉིད་རྣམ་པར་གསལ། །རྒྱ་མ་ཆད་པའི་ཡེ་ཤེས་བུམ་པའི་སྐུ། །སྟོང་ཉིད་དབྱིངས་ཟླུམ་ཡེ་ཤེས་ཐིག་ལེའི་ངང་། །རྒྱུད་གསང་རྨད་བྱུང་སྐུ་ནི་དུ་མས་སྟོང་། །མཐའ་དང་དབུས་མེད་ཡངས་པ་སྙིང་པོའི་དོན། །རང་སྣང་ཆོས་ཉིད་ཡེ་ནས་གཟུང་འཛིན་བྲལ། །ཆོས་ཉིད་ལས་ནི་སྐུ་ཉིད་སོ་སོར་གསལ། །ཡང་གསང་དོན་སྟོན་ཁ་རྒྱན་སྙིང་པོར་བཅས། །དག་པ་ཉིད་ཀྱིས་དག་པ་ཉིད་སྟོན་སྐུ། །བུམ་པའི་གཟུགས་ལ་སྐུ་བཞིའི་ཡེ་ཤེས་གསལ། །སྐུ་གསུམ་སྟོང་པའི་མཐའ་གཉིས་རང་སྣང་སྟེ། །ཐབས་མཁས་ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཚིག་དང་བརྗོད་བྱ་གཉིས་ལས་རབ་ཏུ་འདས། །སངས་རྒྱས་དང་ནི་རིག་པ་སྟོང་ཉིད་གསལ། །ཡེ་ཤེས་དང་ནི་སྐུ་ཡང་མ་བསྒྲིབས་གསལ། །ཆོས་ཉིད་རང་བྱུང་རྟོག་མེད་པས། །མཁའ་ཀློང་དབྱིངས་སུ་དབང་བསྐུར་རོ། །ༀ་ལ་མ་དུ་ཡ་སྤྲི་ཏ་ཧཱུཾ། བཀྲ་ཤིས་བརྗོད། དེ་ལྟར་རྫས་ཀྱི་དབང་བསྐུར་ནས། །ཡང་དག་དབང་ལ་འཇུག་ཚེ་ན། །གཡོན་གྱི་ཡུམ་ལ་དམིགས་བྱས་ཏེ། །བྱང་ཆུབ་སེམས་གཉིས་འདྲེན་པའི་ཕྱིར། །བྷ་གའི་ནང་དུ་རིལ་བུ་གཞུག །ཕྱེད་བརྟེན་ན་ནི་ནས་གཅིག་སྟེ། །ལྷག་མ་མེད་པར་རྫོགས་བྱེད་ན། །ཆེ་ཆུང་སྲན་མའི་ཚད་དང་མཉམ། །དེས་ནི་གཉིས་ཀ་འདྲེན་པར་བྱེད། །ཐིག་ལེ་ཟློག་པར་བྱེད་པ་ན། །ཡི་གེ་བྷྲཱུཾ་བཞི་དྲན་པར་བྱ། །དམར་པོ་རང་ལ་བསྟིམ་བྱེད་ན། །འབྲུ་གཉིས་དགུ་དང་བཅས་པའོ། །དེ་ལྟར་དྲན་ཞིང་གསལ་བྱས་ན། །རྡོ་རྗེ་ཆུ་འཐུང་ཞེས་བྱར་འགྱུར། །རིལ་བུ་བཅུག་ལ་སྦྱར་བྱ་སྟེ། །དཀྱིལ་འཁོར་ནུབ་ཀྱི་ཕྱོགས་དག་ཏུ། །སྒྲུབ་པ་ཡབ་ཡུམ་སྐུལ་བྱེད་པའི། །སྦྱོར་བའི་བརྡ་ཡིས་འདི་སྐད་གསུངས། །ཧོཿ བདག་ཉིད་ལས་ནི་སྣ་ཚོགས་སྣང་། །རྒྱལ་བ་ཐམས་ཅད་མཉམ་སྦྱར་བས། །མཁའ་ལ་སེམས་དཔའ་འོད་དུ་ཞུ། །འོད་འཕྲོས་སྦྱོར་བའི་བརྡས་བསྐུལ་ལོ། །ས་མ་ཡ། མཉམ་པར་སྦྱོར་ཅིག་རྡོ་རྗེ་རྒྱལ། །མུཾ་ཨཱཿཧཱུཾ། བདེ་དགའ་ལོངས་སྤྱོད་ཆོས་ཀྱི་སྐུ། །གཉིས་མེད་དབྱིངས་སུ་བརྡ་སྦྱོར་འཁྱུད། །མཱུཾ་ཨཿ བདེ་ལྡན་ཕུན་སུམ་ཚོགས་པ་ཡི། །རྡོ་རྗེ་ལ་ནི་བསྟིམ་པ་སྟེ། །པདྨ་ལ་ནི་བཛྲ་ཧཱུཾ། སྡོམས་ཤིག་སྟོང་ཉིད་མུ་དྲ་སྟེ། །བསྟིམས་ཤིག་བྱང་ཆུབ་དབྱིངས་སུ་སྟིམས། །ལྔ་ཉ་པ་ཧཱུཾ་མཱཾ། དེ་ནས་སློབ་བུ་དད་ལྡན་གྱིས། །མེ་ལོང་མ་ཆག་མ་གས་པས། །བྱང་ཆུབ་སེམས་ནི་ལྕེ་ཡིས་བླང་། །བླངས་ཏེ་སློབ་དཔོན་ཉིད་ལ་ཕུལ། །དེ་ནས་སློབ་དཔོན་གསང་བ་ཉིད། །འགྱིང་པོའི་ཆས་སུ་ཞུགས་ནས་ནི། །བུ་ལ་གནང་བའི་སྐབས་ཕྱེ་སྟེ། །སྟ་གོན་ཆོ་ག་རྫོགས་བྱས་ཏེ། །དང་པོ་སྤྱི་གཙུག་དབང་བསྐུར་རོ། །ཏིང་འཛིན་རིག་པ་འདི་ལྟ་སྟེ། །བུ་ཡི་སྟེང་དུ་བཞག་པའི་ཚེ། །རྫས་དེ་ཡི་གེ་ཧཱུཾ་དུ་བསམ། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཡི་གེ་དེ་ལ་རབ་བསྣན་ཏེ། །འོད་ཟེར་ཕྱོགས་བཅུར་འཕྲོ་བར་བསམ། །དེ་ནས་ཚངས་པའི་བུ་གར་ཐིམ། །དུང་ཁང་འབར་བར་བབས་པར་བསམ། །ཧཱུཾ་དེའི་འོད་ཟེར་འཕྲོས་པ་ལས། །ཁྲོ་བོའི་དཀྱིལ་འཁོར་མགོ་ལ་བསམ། །དེ་ནས་ཆོས་ཉིད་རྩར་ཐིམ་པས། །ཧཱུཾ་དེ་འོད་ཀྱི་ཐིག་ལེར་བསམ། །དེ་ནས་ཙིཏྟར་ཐིམ་པར་བསམ། །ཧཱུཾ་དེ་སྣ་ཚོགས་འོད་དུ་ཞུ། །དེ་ཉིད་ལས་ནི་ཞི་སྐུར་བསམ། །ཐུགས་ལ་དཀྱིལ་འཁོར་རྫོགས་པར་བསྒོམ། །དེ་ནས་ཡི་གེ་ཧཱུཾ་དེ་ཡང་། །སྒལ་ཚིགས་ཉིད་ཀྱི་རྟར་བརྒྱུད་ནས། །ཕོ་མོ་གང་ཡིན་གསང་གནས་སུ། །ཡི་གེ་དེ་ཉིད་བབ་པར་བསམ། །བརྒྱུད་པའི་དབང་ཉིད་མ་རྫོགས་པར། །ཡིག་གེ་དེ་ཉིད་རྟག་པར་བསམ། །དེ་ལྟར་བབ་ལུགས་རྣམ་བཞི་བསྒོམ། །དེ་ལྟར་ཏིང་འཛིན་གསལ་བྱས་ལ། །བྱང་ཆུབ་སེམས་ཉིད་སྣོད་དེ་ཡང་། །བུ་མཆོག་དད་དང་ལྡན་པ་ཡི། །གསང་བའི་གནས་སུ་རྫས་བཞག་སྟེ། །བྱང་ཆུབ་སེམས་དེ་མཱུཾ་དང་ཨཱཿ དེ་ཉིད་འོད་དུ་འཕྲོས་པ་ལས། །བྱང་ཆུབ་སེམས་ནི་འོད་དུ་བསམ། །ཧཱུཾ་དང་ཨཱཿཡིས་འཕུལ་གྱུར་ནས། །གསང་བའི་མཁའ་ལ་ཐིམ་པར་བསམ། །ཧཱུཾ་དང་གཉིས་མེད་འབྲེལ་བར་བསམ། །གཉིས་མེད་ཡི་གེ་དེ་དག་ནི། །ཡཾ་གིས་སྒོ་ཡང་རྩར་བསྐྱོད་ནས། །ལྟེ་བའི་རྩ་ལ་ཐིམ་པར་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །གང་དག་སྐྱེ་མེད་འདོད་པ་རྣམས། །ཡི་གེ་དེ་ཡི་བྱིན་རླབས་ནས། །སྐྱེ་བའི་སྒོ་ཡང་ཆོད་པར་བསམ། །གང་དག་བུ་དང་ཚ་འདོད་པ། །དེ་ཡི་འོད་དང་ཟེར་ལྡན་པས། །དབང་པོའི་དྭངས་མ་མིག་ཏུ་བསམ། །དེ་ལས་ཤ་གཟུགས་དོད་པར་བསམ། །དེ་ལས་ཡན་ལག་རྒྱས་པར་བསམ། །སྲིད་པའི་ཤ་གཟུགས་དོད་པའོ། །དེ་ནས་ཙིཏྟར་བརྒྱུད་པར་བསམ། །ཞི་བའི་སྐུ་ལ་ཐིམ་གྱུར་ནས། །སྐུ་རྣམས་འོད་དང་ལྡན་གྱུར་ནས། །ཡབ་ཡུམ་སྦྱོར་བ་བྱས་པར་བསམ། །མཁའ་དང་སེམས་དང་འོད་འཕྲོས་པས། །ལྟེ་བའི་སྲས་ལ་དབང་བསྐུར་བསམ། །དེ་ནས་ཡཾ་གིས་བསྐྱོད་ནས་ནི། །ཆོས་ཉིད་སད་པའི་གཞི་རྩར་གྱུར། །ཐིག་ལེའི་སྐུ་ལས་འོད་འཕྲོས་པས། །དྭངས་མ་གཉིས་སུ་ཕྱེ་གྱུར་ནས། །དྭངས་མ་ལྔ་ཡི་འོད་ཟེར་འཕྲོས། །ཡཾ་གིས་དུང་ཁང་ནང་དུ་བསྐྱོད། ། དེ་ལས་འོད་ཟེར་ལྔ་བྱུང་བས། ཁྲོ་བོའི་སྐུ་རྣམས་འོད་ལྡན་བསམ། །ཧཱུཾ་དང་ཨཱཿ གཉིས་རྣམ་དག་པས། །ཁྲོ་བོ་ཡབ་ཡུམ་སྦྱོར་བར་བསམ། །དེ་ཉིད་ཐིག་ལེའི་སེམས་སྦྱར་བས། །བྱང་ཆུབ་སེམས་ནི་འོད་དུ་ཞུ། །དེ་ནས་ཧཱུཾ་གིས་མར་བརྡས་ནས། །སྲོག་པ་རྩ་ཡི་རྟར་བརྒྱུད་ནས། །ལྟེ་བའི་སྲས་ལ་དབང་བསྐུར་བསམ། །ཐིག་ལེ་དེ་ལ་བསྟིམ་ནས་ནི། །ཧཱུཾ་དེ་སླར་ལ་ལོག་པར་བསམ། །ཧཱུཾ་ལས་སྒྲ་དང་འོད་བྱུང་བས། །བུ་ཡི་ཚངས་པའི་བུ་ག་ན། །ཧཱུཾ་ཉིད་འོད་དང་བཅས་པར་བསམ། །ཨཱཿཉིད་མིག་དང་བཅས་ནས་གནས། །མཱུཾ་ཉིད་རྣ་བ་གཡས་གཡོན་ནོ། །དེ་ལྟར་ཡི་གེ་འབྲུ་གསལ་ཏེ། །སྤྱི་གཙུག་ཧཱུཾ་ཉིད་ཆོས་སྐུར་བསམ། །དེ་ལས་འོད་འཕྲོས་དབང་ཆེན་སྐུ། །ཡབ་ཡུམ་བཅས་པར་རབ་ཏུ་བསམ། །བྱང་ཆུབ་སེམས་ཉིད་བཅས་པ་ལས། །བུ་ཡི་ལུས་ལ་ཐིམ་གྱུར་ནས། །ལུས་ཉིད་འོད་དུ་ཞུ་བར་བསམ། །དེ་ནས་སྟོང་ཉིད་ཆོས་སྐུར་བསམ། །ཆོས་སྐུའི་སྲས་ཉིད་ཡང་དག་བསམ། །མིག་གི་ཨཱཿཉིད་ལོངས་སྤྱོད་སྐུ། །བཅོམ་ལྡན་སྣང་བ་མཐའ་ཡས་བསམ། །ཡབ་ཡུམ་གྲངས་མེད་འཕྲོ་བསམ་སྟེ། །ཛཿ ཧཱུཾ་བཾ་ཧོཿའི་བརྡས་བསྐུལ་ནས། །ལས་ཀྱི་ཕྱག་རྒྱ་ལེགས་བསྡམས་ཏེ། །ཡབ་ཡུམ་གཉིས་མེད་བདེ་བ་ལས། །མཁའ་ལ་བྱང་ཆུབ་སེམས་བཅས་པས། །ལུས་དང་དབང་པོ་ཚིམ་བྱས་ཏེ། །ལུས་རྣམས་འོད་དུ་ཞུ་གྱུར་ནས། །ལོངས་སྤྱོད་སྐུ་དང་དབྱེར་མེད་བསམ། །ལོངས་སྐུའི་སྲས་སུ་གྱུར་པར་བསམ། །དེ་ནས་མཱུཾ་ལས་དམིགས་བྱས་ཏེ། །མཱུཾ་ཉིད་འོད་དུ་ཞུ་བ་ལས། །སྤྲུལ་སྐུ་རྡོ་རྗེ་འཛིན་དུ་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །རྣམས་སྣང་མངོན་བྱང་ཡབ་ཡུམ་བསམ། །ཛཿཧཱུཾ་བཾ་ཧོཿའི་བརྡས་བསྐུལ་བས། །ལས་ཀྱི་ཕྱག་རྒྱས་བསྡམས་གྱུར་པས། །ཡབ་ཡུམ་གཉིས་མེད་སྦྱོར་བར་བསམ། །མཁའ་ལ་སེམས་བབས་འོད་འཕྲོས་པས། །བུ་ཡི་ལུས་ལ་ཐིམ་གྱུར་ནས། །ལུས་ནི་འོད་དུ་ཞུ་ནས་ནི། །དབང་རྫོགས་མངོན་ཤེས་དྲུག་ལྡན་པའི། །སྤྲུལ་སྐུ་ཉིད་ཀྱི་སྐུ་ཐོབ་སྟེ། །སྤྲུལ་སྐུ་རྡོ་རྗེའི་སྲས་དབང་ཐོབ། །རྫོགས་སངས་རྒྱས་དང་ཆོས་སྐུ་ཐོབ། །དེ་ལྟར་དབང་ཉིད་རབ་རྫོགས་ནས། །བརྒྱུད་པ་རྣམ་པ་དེ་བཞིན་ནོ། །དེ་ལ་སྐུ་གསུམ་རྫོགས་པའི་དབང་། །རང་བྱུང་དབང་ཉིད་རབ་ཏུ་རྫོགས། །སྐུ་གསུམ་དབྱེར་མེད་རྫོགས་པའོ། །དབང་བསྐུར་དཀྱིལ་འཁོར་རྫོགས་བྱེད་ནས། །དབང་པོ་སྦྱོར་བ་བྱེད་ཚེ་ན། །བདག་དང་སྒྲུབ་པའི་ཡུམ་ཉིད་ཀྱི། །སྤྱི་གཙུག་བདེ་བའི་གནས་སུ་ཡང་། །ཡི་གེ་འདི་ལྟར་བསྒོམ་པར་བྱ། །ཡུམ་ལ་མཱུཾ་ཉིད་དམར་པོ་སྟེ། །ཡབ་ལ་ཨཱཿདཀར་འོད་འཕྲོ་འོ། །དེ་གཉིས་འོད་འབར་འཕྲོ་འདུ་ལས། །ཚངས་པའི་བུ་གར་ཐིམ་པར་བསམ། །དེ་གཉིས་འོད་དུ་ཞུ་བ་ལས། །ས་མ་ཡ་ཞེས་སྒྲ་བྱུང་ནས། །དམ་ཚིག་ཕྱག་རྒྱ་འཁྱུད་ནས་ནི། །ཡབ་ཡུམ་གཉིས་མེད་སྦྱོར་བར་བསམ། །མཁའ་ལ་བྱང་ཆུབ་སེམས་བབ་པས། །རྩ་བཞིའི་ན ང་དུ་ཐིག་ལེ་སྟོང་། །དེ་ལས་གཞི་ལྡན་འོད་འཕྲོས་པས། །ཐིག་ལེ་དྭངས་སྙིགས་བྱེ་ནས་ནི། །དྭངས་མ་འོད་ཟེར་ལྔ་རྣམས་ཏེ། །སྙིགས་མ་དཀར་པོ་ཐིག་ལེའོ། །དྭངས་མ་ཙིཏྟའི་ནང་དུ་བབས། །དེ་ལས་འོད་ཟེར་རབ་འཕྲོས་པས། །དྭངས་མ་ཡི་ཏིའི་སྒྲ་བྱུང་བས། །ཞི་བ་ཡབ་ཡུམ་སྒྲས་བསྐུལ་ཏེ། །ཆོས་ཀྱི་ཕྱག་རྒྱས་འཁྱུད་ནས་ནི། །ཡབ་ཡུམ་གཉིས་མེད་སྦྱོར་བར་བསམ། །བྱང་ཆུབ་སེམས་ཉིད་བབས་པ་ལས། །འོད་ཟེར་སྣ་ཚོགས་འཕྲོས་པ་ཡིས། །ཆ་ཤས་འོད་ཟེར་ཐམས་ཅད་ཀྱང་། །སྒལ་ཚིགས་ཐིག་ལེ་དག་ལ་ཐིམ། །ལས་ཀྱི་རླུང་གིས་དེད་ནས་ནི། །སྒལ་ཚིགས་དག་པའི་རྟ་བརྒྱུད་ལ། །གསང་བའི་མཁའ་ལ་བབ་གྱུར་ཏེ། །བདག་ཉིད་སྦྱོར་བའི་བརྡས་བསྐུལ་ཏེ། །ལས་ཀྱི་ཕྱག་རྒྱས་འཁྱུད་བྱས་ནས། །ཡུམ་གྱིས་དྲངས་ཤིང་བདེ་བ་སྐྱེ། །ཡབ་ཡུམ་གཉིས་མེད་ལྷན་སྦྱར་ཏེ། །བདེ་གསང་ཆོས་ཀྱི་དབང་བསྐུར་རོ། །སྙིང་པོའི་སྐུ་ཡང་དེས་འཐོབ་བོ། །དང་པོའི་སྐབས་སུ་ཤེས་པར་བྱ། །དེ་ལྟར་དབང་བསྐུར་རྫོགས་ནས་ནི། །སྦྱོར་བའི་དབང་བསྐུར་འདི་ལྟར་བརྗོད། །རིགས་ངེས་བསྟན་པའི་ཚིག་འདི་བརྗོད། །ཧཱུཾ། འདི་ནི་རིགས་ངེས་རྒྱལ་བའི་སྲས། །ཧ་ཨེ་མ་ཧོཿ དེ་རིང་ཕན་ཆད་རྒྱལ་བའི་སྲས། །ད་ནི་སངས་རྒྱས་ངེས་པའི་ལམ། །སྐུ་གསུམ་འབྲས་བུ་རང་སྣང་སྟེ། །ཕྱིན་ཅི་མ་ལོག་དབང་ཐོབ་ནས། །སངས་རྒྱས་སྐུ་དང་དབྱེར་མེད་མཉམ། །རྫོགས་སངས་རྒྱས་པའི་སྐུ་ཐོབ་ནས། །ཕྱིར་མི་ལྡོག་པའི་ས་ཡང་ཐོབ། །གདོད་ནས་མ་ཆགས་སྙིང་པོའི་དོན། །སྔ་མ་ཁྱོད་ཀྱིས་མ་ཐོབ་སྟེ། །དུས་འདི་ཉིད་དུ་འཐོབ་པ་ན། །དེ་རིང་ཕན་ཆད་རྫོགས་སངས་རྒྱས། །ཡང་དག་ངེས་པའི་ས་ཐོབ་པས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཐིག་ལེ་ཉག་གཅིག་དབང་ཐོབ་བོ། །ལྔ་གསུམ་རྒྱུད་དང་རྫོགས་པའོ། །རྡོ་རྗེ་འཆང་གི་གྲལ་ཐོབ་པས། །དེ་ལ་ལྷུན་གྱིས་གནས་པར་བརྗོད། །བདག་ཉིད་སྲས་སུ་བྱུང་ནས་ནི། །སངས་རྒྱས་ཉིད་ཀྱང་མཉེས་པ་ཡིན། །རབ་ཏུ་དགྱེས་པའི་དབང་ཐོབ་བོ། །ཨཱཿཡིས་ལང་བསྟན་པ་ཤ་ཧཱུཾ། ཧཱུཾ། ཨཱཿལྡན་བྱང་ཆུབ་སེམས་ཀྱི་རང་བཞིན་དཀར། །མཱུཾ་ལྡན་བྱང་སེམས་དམར་དྭངས་འོད་ཟེར་འཕྲོས། །གཉིས་མེད་སྐུ་ཡང་རབ་ཏུ་གསལ་བའི་ཐིག་ལེ་སྟེ། །སྐུ་གསུམ་ཡོན་ཏན་བྱང་ཆུབ་སེམས་མཉམ་པས། །བྱང་ཆུབ་སྙིང་པོ་རྒྱུད་ལ་ལྷུན་གྲུབ་སྐུ། །ཐ་དད་མི་འབྱེད་ཆོས་སྐུ་སྟོང་བདག་མོ། །དཀར་དང་དམར་དང་ཤེས་རབ་ཐབས་མཁས་སྐུ། །སྟོང་ཉིད་སྟོང་པ་མཁའ་ཁྱབ་ཀུན་ལ་རོལ། །ཆགས་མེད་ཆགས་པའི་ཚུལ་བསྟན་བྱང་ཆུབ་ཉིད་ཀྱི་རྒྱུ། །མཚན་མ་སྤྲོས་བྲལ་གསང་བ་ཡུམ་གྱི་དབང་། །ཐབས་མཁས་ཐུགས་རྗེ་ཆེན་པོ་ཡིན་པས་ན། །དེང་ནས་བཟུང་སྡེ་རྒྱལ་བའི་སྲས་པོའོ། །ༀ་བོ་དྷི་ཙིཏྟ་ཨ་ནི་ག་ཡ་ཨཱཿ བདུད་རྩི་བྱིན་ལ། ཨེ་མ་ངོ་མཚར་ལྟ་བའི་དཀྱིལ་འཁོར་ཆེ། །དཀྱིལ་འཁོར་ཉིད་ལ་དཀྱིལ་འཁོར་ཉིད་བསྟན་པ། །སྔོན་ཆད་མ་འཚལ་དེང་འདིར་བདག་གིས་ཤེས། །རང་གི་རང་བཞིན་ཡིན་པར་ཤེས་པ་ན། །གཞན་ནས་མ་བཙལ་ཕྱི་ནང་དབང་ཐོབ་པས། །གསང་བའི་དབང་ནི་ཡོངས་རྫོགས་དུས་འདིར་འཐོབ། །དཔའ་བོས་གནང་བས་བཀའ་དྲིན་རབ་ཏུ་ཆེའོ། །ཧ་ཧ་ཧེ་ཧེ་རིགས་ངེས་སོ། །ཧོ་ཧོ་ཧ་ཧི། ཨ་ཨི། དབང་རྫོགས་ཡོན་ཀྱང་དབུལ་བར་བྱ། །དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་བརྗོད། ༈ །དེ་ནས་རྫོགས་ཆེན་རང་སྣང་གི་དབང་ནི། དཀྱིལ་འཁོར་ཟླུམ་པོ་ཕྱི་རིམ་འཁོར་ལོས་བསྐོར་བ། སྒོ་ཁོར་ཡུག་སོགས་སྤྱི་དང་མཐུན། དབུས་སུ་རིན་པོ་ཆེའི་བུམ་པ་ཁ་རྒྱན་མགུལ་ཆིངས། ནང་བུམ་རྫས་དང་ཆུས་གང་བ་བཞག །དེའི་སྟེང་དུ་རིགས་ལྔའི་སྐུ་རྟེན་ཙཀ་ལི་བཤམ། ཤར་གྱི་བུམ་པའི་སྟེང་དུ་རིགས་གསུམ་གྱི་སྐུ་དང་། གོས་དམར་མོའི་སྐུ་བཞག །ལྷོའི་བུམ་པའི་སྟེང་དུ་རིག་པ་གསེར་ཕྲེང་། ཚེ་དཔག་མེད། ཕ་རོལ་ཕྱིན། སྨན་བླའི་སྐུ་བཞག །ནུབ་ཀྱི་བུམ་པའི་ཁར་ཁྲོ་ཆེན་རིགས་ལྔའི་སྐུ་བཞག །བྱང་གི་བུམ་པའི་ཁར་སྒོ་བ་བཞིའི་སྐུ་བཞག །བྱང་ཤར་གྱི་བུམ་པའི་སྟེང་དུ་རིགས་གསུམ་ཁྲོ་བོའི་སྐུ་དང་། རྣམ་འཇོམས་ཀྱི་སྐུ་བཞག །ཤར་ལྷོའི་བུམ་པའི་སྟེང་དུ་རྣམ་འཛིན་དང་། སྟོན་སྒྲུབ་དང་། ཀུན་ཏུ་བཟང་པོའི་སྐུ་བཞག །ལྷོ་ནུབ་ཀྱི་བུམ་པའི་སྟེང་དུ་རིགས་ལྔ་ཡུམ་ལྔའི་སྐུ་བཞག །ནུབ་བྱང་གི་བུམ་པའི་སྟེང་དུ་ཀྲོ་ཏི་ཤྭ་རི་སོགས་ཁྲོ་མོ་ཡུམ་ལྔའི་སྐུ་བཞག །ཕྱོགས་བཞི་མཚམས་བརྒྱད་དུ་བཀྲ་ཤིས་རྫས་བརྒྱད་བཞག །བུམ་པ་རེ་རེའི་རྩར་ཕུད་དང་བཅས་པའི་གཏོར་མ་རེ་བཞག །བནྡྷ་མཚན་ལྡན་ནང་དུ་དམ་རྫས་བཤམ། བདག་ཉིད་པདྨ་ཧེ་རུ་ཀར་གསལ་བའི་ངང་ནས་ཨཱཿབརྒྱ་རྩ་བརྒྱད་བཟླས། སློབ་མ་པདྨ་ཧེ་རུ་ཀར་གསལ་བ་ལ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ། རོལ་མོ་དང་བཅས་རྡོ་རྗེ་སྤྱི་བོར་བཞག །ཏིཥྛ་བཛྲས་བརྟན་པར་བྱས། དེ་ནས་བུམ་པ་ཞི་ཁྲོའི་ལྷ་ཚོགས་སུ་གསལ་བ་སློབ་མའི་གནས་ལྔར་བཞག་ལ། གསལ་བ་གསུམ་དང་ལྡན་པའི་ངང་ནས། ཧཱུཾ། ལྔ་ལྡན་རྡོ་རྗེ་འབར་བའི་དཀྱིལ་འཁོར་ལ། །རྡོ་རྗེ་འདུ་འབྲལ་མེད་པའི་སྐུ་གསལ་བ། །གསང་ལྡན་རྡོ་རྗེ་རིགས་ཀྱིས་དབང་བསྐུར་ཞིང་། །རྡོ་རྗེ་འདུས་པའི་སྲས་སུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཤཱནྟིཾ་ཀྲོ་དྷ་ཤི་བི་ར་ས་པ་རི་ཝཱ་ར་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་དབང་བསྐུར་ལ། ཧཱུཾ། གསང་བ་བདེ་ལྡན་རྡོ་རྗེ་གར་གྱི་བདག །བདག་དང་གཞན་དང་སྐུ་ལྔ་མཐར་ཕྱིན་དང་། །མི་འགྱུར་གསལ་མཆོག་དགྱེས་པའི་གད་མོ་ཆེ། །རིག་དང་སྟོང་དང་བྱ་བ་བྱེད་པ་སྟོབས། །ཆོས་ལ་གནས་པའི་སེམས་དཔའ་ཡིད་ལ་བསྐུལ། །ཞེས་བུམ་ཆུས་ཁྲུས་བྱ་ཞིང་། དབང་རྟགས་སྤྱི་བོར་བཞག་ལ། གསང་མཚན་གདགས་པ་ནི། ཨ་ལ་ལ་ཧོཿ རྡོ་རྗེ་མོས་པ་རྩལ། རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་བཞད་པ་རྩལ། རྡོ་རྗེ་འོད་འབར་རྩལ། རྡོ་རྗེ་གཏེར་དབང་རྩལ། རྡོ་རྗེ་རབ་བསྔགས་རྩལ། རྡོ་རྗེ་གསང་ཐོབ་རྩལ། རྡོ་རྗེ་རིག་འཛིན་རྩལ། ཞེས་བཏགས། ཨེ་མ་ཧོཿ ཧ་ཧི་སྲིརྦ༴ ཧཱུཾ། རྡོ་རྗེ་གསང་མཆོག་ཁྱོད་དབང་ལྡན། །དབང་གི་རིགས་ལྡན་གསང་མཆོག་སྟེ། །འབར་བ་འོད་འཕྲོ་འཁོར་ལོའི་གཞལ་ཡས་སུ། །བདེ་ལྡན་དབྱིངས་མཆོག་འཁོར་ལོའི་དབང་བསྐུར་རོ། །ཞེས་སྐུ་རྣམས་ཀྱིས་དབང་བསྐུར་རོ། །ཕྱོགས་བཞིའི་བུམ་པས་རིམ་པ་བཞིན། ཧཱུཾ། ཆོས་ཉིད་དབྱིངས་ལས་རིག་པའི་དབྱིངས་ཤར་བ། །མཐོང་བ་ཉིད་དང་ཡེ་ཤེས་ཐབས་ཀྱི་སྐུ། །ཙིཏྟ་རིན་ཆེན་འཁོར་ལོའི་གཞལ་ཡས་སུ། །བདེ་མཆོག་ཐུགས་ཀྱི་འཁོར་ལོའི་དབང་བསྐུར་རོ། །ཨ་ཨ་བཛྲ་ཙིཏྟ་ཧཱུཾ། བུམ་པ། ཧཱུཾ། བདེ་ལྡན་དབྱིངས་ཤར་ཤེས་རབ་ཡུམ་གྱི་ངང་། །གསལ་འཚེར་ལྷུན་སྡུག་རྡོ་རྗེ་རབ་གསང་འབར། །གསང་བ་མཁའ་དབྱིངས་བྷ་གའི་གཞལ་ཡས་སུ། །ཆོས་ཉིད་སྤྲོས་བྲལ་བདེ་ཆེན་དབང་བསྐུར་རོ། །ཨ་ཨ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། རྡོ་རྗེ་གསང་བ་བདེ་མཆོག་དབྱིངས་སུ་སྒྲོལ། །ཤེས་རབ་མཐའ་ལྡན་ཀ་དག་ཡངས་པའི་ངང་། །སེམས་དཔའི་དཀྱིལ་འཁོར་སེམས་དཔའི་རང་བཞིན་མཆོག །ཆོས་རྣམས་མི་དམིགས་རྡོ་རྗེ་སེམས་དཔའི་སྐུ། །ནམ་མཁའ་མཐའ་ཀླས་ཆོས་དབྱིངས་རོ་གཅིག་ཏུ། །ལས་རྣམས་མཐར་ཕྱིན་སྟོང་ཉིད་བདེ་བའི་སྐུ། །སེམས་དང་སྟོང་ཉིད་ཆོས་ཀྱི་སྐུ་ལ་དབང་། །མཆོད་ལྡན་སྲིད་སྐྱེད་ལྟེ་བའི་གཞལ་ཡས་སུ། །རྡོ་རྗེ་ལས་གསང་ཐུགས་ཀྱི་དབང་བསྐུར་རོ། །ཨ་ཨ་བཛྲ་ཙིཏྟ་ཧཱུཾ། ཧཱུཾ། གསལ་བ་རབ་སྐྱེད་ཡེ་ཤེས་སེམས་དཔའི་ངང་། །ཤེས་རབ་འོད་འཕྲོ་ཉོན་མོངས་ཟིལ་གྱིས་གནོན། །རྡོ་རྗེ་མདའ་འཕེན་ཤེས་རབ་དབྱིངས་སུ་འཕེན། །དཀྱིལ་འཁོར་དབང་སྡུད་ཡེ་ཤེས་སྣང་བའི་བདག །སངས་རྒྱས་ལྔ་ལྡན་ཐུགས་ཀྱི་ཅོད་པན་ལྡན། །རིན་ཆེན་ཐུགས་བྱེད་རྩ་བའི་གཞལ་ཡས་སུ། །མཉམ་ཉིད་འོད་འཕྲོ་ཆོས་སྐུའི་དབང་བསྐུར་རོ། །ཨ་ཨ་བཛྲ་ཙིཏྟ་ཧཱུཾ། ཧཱུཾ། བདེ་ལྡན་ཐུགས་ཀྱི་གསང་བ་མཆོག །ཡང་གསང་ཡེ་ཤེས་འཁོར་ལོའི་བདག །གསང་ལྡན་དབྱིངས་ནས་ཡེ་ཤེས་འོད་འཕྲོ་ཞིང་། །ཕྱོགས་མེད་རང་སྣང་ཆོས་སྐུའི་དཀྱིལ་འཁོར་བདག །བདེ་ལྡན་ཆོས་དབྱིངས་གསང་བར་དབང་བསྐུར་རོ། །ཨ་ཨ་བཛྲ༴ ཧཱུཾ། གསང་སྔགས་སྐུ་དང་མཐའ་འདས་དང་། །ས་རྣམས་མཐར་ཕྱིན་ཡེ་ཤེས་རྣམ་པར་དག །ཆོས་སྐུ་རང་སྣང་སྟོང་པ་ཉིད་དུ་སྣང་། །བྷནྡྷ་གསལ་འཕེན་འཁོར་ལོའི་གཞལ་ཡས་དབྱིངས། །རྟོག་མེད་བསམ་ཡས་འཁོར་ལོ་ཆེ་བའི་ཆུ། །རྡོ་རྗེ་ཐུགས་ཀྱི་དབྱིངས་སུ་དབང་བསྐུར་རོ། །ཨ་ཨ་བཛྲ་ཙིཏྟ་ཧཱུཾ། དེ་ལྟར་ཚིག་དོན་རྫོགས་བྱས་ནས། སྔགས་དང་ཕྱག་རྒྱས་འདི་ལྟར་བསྟན། །མཁས་པ་ཏིང་འཛིན་ལྡན་པ་ཡིས། །ཏིང་འཛིན་སྒོ་ནས་དབང་བསྐུར་བ། །རྣམ་སྣང་མངོན་བྱང་ཕྱག་རྒྱ་ཡིས། །སྤྱི་གཙུག་གནས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བུདྡྷ་ཀྲ་པ་ཙ་ཧཱུཾ་ཧཱུཾ་བྷྱོ། འོད་ཟེར་འཕྲོ་འདུ་ལྡན་པ་ཡིས། །མངོན་བྱང་སྐུ་དང་དབྱེར་མེད་བསམ། །གཡས་ནི་རྡོ་རྗེ་གསོར་བའི་ཚུལ། །གཡོན་ནི་དྲིལ་བུ་དཀྲོལ་བའི་ཚུལ། །མགྲིན་པའི་གནས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་ཀྲ་བ་ཧཱུཾ་ཧཱུཾ། ལག་མཐིལ་མཉམ་པར་བཞག་པར་བྱ། །ལྟེ་བའི་གནས་སུ་བཞག་ནས་ནི། །དེ་ལ་ཡང་ནི་འདི་སྐད་དོ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། པདྨ་སརྦ་ཀུན་ལེན་ཧ་ཧ་ཧཱུཾ་ཨཱཿ ལག་གཉིས་མཉམ་པར་བཞག་པ་ཡིས། །དཔྲལ་བའི་གནས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཀརྨ་དུཥྚཱན་གྷ་ར་ཨཱཿཧཱུཾ། ཀྲབྷ་ཙབ་ཧྲཱིཿཧྲཱིཿཧྲཱིཿ གཡས་པས་རལ་གྲིའི་ཚུལ་བྱས་ལ། །གཡོན་པ་ཐུགས་ཀར་མཉམ་པར་བཞག །སྤྱི་བོའི་གཙུག་ཏུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། མཉྫུ་བཛྲ་སིདྡྷི་ཧཱ་ཧཱ་ཧཱ། ལག་གཉིས་འཁྲིག་མ་བསྣོལ་ནས་ནི། །སྣ་ཚོགས་རྡོ་རྗེའི་ཚུལ་དུ་བྱས། །སྙིང་ག་ཉིད་དུ་མཉམ་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ༀ་ན་ལམ་བཛྲ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ། གཡས་པ་བརྐྱངས་ཏེ་ཐུགས་ཀ་རུ། །ཐལ་མོ་སྐྱབས་སྦྱིན་གལ་དུ་བཟེད། །གཡོན་པ་བརྐྱངས་ཏེ་དེ་བཞིན་ནོ། །སྙིང་གར་དག་ཏུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ལག་གཡས་གུར་གྱི་ཚུལ་དུ་བྱས། །སྤྱི་གཙུག་ཉིད་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བྷི་ཤ་དེ་སྭཱ་ཧཱ། གཡས་བ་བརྡེག་པ་ལྟར་བྱས་ལ། །སྙིང་གའི་དབུས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ༀ་བཛྲ་གྷྲྀ་ཧྣ་རཏྣ་དྷྲྀཀ །པྱཱཾ་རཱ་ག་རཱ་ཏི། མཱཾ་མོ་ཧ་རཱ་ཏེ། ཨེ་ཨ་རཱ་ལཱི་གྷ་བཛྲ་སཏྭ་ཧཱུཾ་ཧཱུཾ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་བསྣོལ་བ་ལ། །སྙིང་གའི་གནས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། པྲ་ཛྙཱ་སརྦ་ཧཱུཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཨཱཿ རིན་ཆེན་སྒྲོམ་བུ་ལྟར་བྱས་ལ། གསང་བའི་གནས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་ཨཱ་ཡུཿསྭཱ་ཧཱ་ཧཱུཾ་ཨཾཿ ལག་གཉིས་པདྨ་ལྟར་བྱས་ལ། སྙིང་གའི་གནས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཨ་མྲྀ་ཏ་དུ་ས་ཧ་ལ་ཧཱུཾ་ཕཊ། གཡོན་པའི་སྡིགས་མཛུབ་ཕྱག་རྒྱ་ནི། །ལག་པའི་མཐིལ་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཨ་ཀྲོ་རཏྣ་ཨ་བྷི་ཥིཉྩ་ཨ་ཨཱཿ གཡས་པ་སེ་གོལ་ཕྱག་རྒྱ་ནི། །ལྟེ་བའི་གནས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཧྱ་གྲཱི་ཝ་སརྦ་ཀུ་ལེན་སརྦ་ཧཱུཾ། ལག་གཉིས་ཁྱུང་གཤོག་ལྟར་བྱས་ལ། །སྨིན་ཕྲག་ཉིད་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བུདྡྷ་ཀྲོ་དྷ་སརྦ་ཀྲ་ཙ་མ་ཨ་བྷི་ཥིཉྩ་ཧཱུཾ། ལག་གཉིས་བུམ་པ་ལྟར་བྱས་ལ། །དཔྲལ་བའི་གནས་སུ་བཞག་པར་བྱ། །ༀ་ཨཱཿ ཧཱུཾ་སྭཱ་ཧཱ། ཀུཎྜ་ལི་ཨ་མྲྀ་ཏ་ཀརྨ་ཧཱུཾ་ཨཱཿ ལག་གཉིས་སྲིན་ལག་མཛུབ་སྦྱར་ལ། །ལྕེ་ཡི་སྟེང་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་ཀྲི་ལ་ཏྱ་སཏྭ་ཨི་སེ་ནྱི་ཧཱུཾ་ཧཱུཾ་ཕཊ། གཡོན་པ་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །སྙིང་གའི་གནས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཛ་སཏྱེ་ཧཱུཾ་ཕཊ་སྭཱ་ཧཱ། ལག་གཉིས་ཞགས་པའི་ཕྱག་རྒྱ་ཡིས། །མིག་ནི་གཡས་སུ་རེག་བྱས་ལ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་སེང་ཧ་ཡ་ལ་ཡ་བྷི་ཏ་ཧོ་ཧོ་ཧོཿ ལག་གཉིས་འཁྱུད་བརྒྱད་སྒྲོགས་བསྡམས་ལ། །དཔུང་པ་གཡོན་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ༀ་མཾ་དུ་ས་ཡ་ཧཱུཾ་ཨ་ཧོཿ གཡས་སྟེང་གཡོན་བསྐུམ་ཁུ་ཚུར་གྱིས། །སྙིང་ག་ཉིད་དུ་བརྟེན་བྱས་ལ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བྷན་དྷ་བཛྲ་ཀ་པ་ཙ་ཧཱུཾ་ཧཱུཾ། ལག་གཉིས་དགྲ་སྟྭའི་ཕྱག་རྒྱ་ཡིས། །པུས་མོ་གཡོན་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཀ་ལ་ཧྲཱྀཿཏི་ཀུ་ལེན་ཧྱེ་ཕཊཿཕཊཿསྭཱ་ཧཱ། ལག་གཉིས་རྟ་མགོའི་ཕྱག་རྒྱ་ཡིས། །སྤྱི་བོའི་གཙུག་ཏུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། པདྨ་ཏ་ཀྲི་ཏ་ཧཱུཾ་ཁ་ལ་ཡ་ཧ་ཧ། གཡས་པ་རྩེ་གསུམ་ཕྱག་རྒྱ་ཡིས། །ལག་གཉིས་བུམ་པ་ལྟར་བྱས་ལ། །སྤྱི་གཙུག་དག་ཏུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཙཎྜ་བཛྲ་པཱ་ཎི་ཨེ་ཧྱེ་ཧཱུཾ་ཕཊཿསྭཱ་ཧཱ། ལག་གཉིས་གཞུ་འགེངས་ཚུལ་བྱས་ལ། །གཡོན་པའི་མཛུབ་མོ་སྣ་རྩེར་བཞག །ༀ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་ཀུ་ལེན་སེར་སེར་ཧཱུཾ་ཧཱུཾ་ཧ། ལག་གཡོན་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །སྙིང་ག་ཉིད་དུ་བཟུང་བྱས་ལ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་དུཥྚཱ་ནཱ་ག་ལཱ་ཡ་བཛྲ་ཧཱུཾ་ཧཱུཾ། ལག་གཉིས་ཐོད་ཕྲེང་ཕྱག་རྒྱ་ཡིས། །སྤྱི་བོའི་གཙུག་ཏུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱཿ བཛྲ་མཉྫུ་ཀརྨ་ཏ་སུ་དྷ་ཧཱུཾ་ཧཱུཾ། ལག་གཉིས་མཉམ་པར་བཞག་པ་ཡིས། །མགྲིན་པའི་གནས་སུ་བཞག་པ་ལ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ས་ལིང་སིང་ཧཱུཾ་ཨཱཿ ལག་གཉིས་སེ་གོལ་བསྣོལ་བ་ཡིས། །རྩིབས་ལོག་གཡས་སུ་བཞག་པ་ལ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། མ་བྱི་ས་རཥྚ་ཨ་བྷི་ཥིཉྩ་ༀ། གཡས་པའི་མཐེབ་མོས་གཡོན་མཛུབ་མནན། །རྩིབས་ལོག་གཡོན་དུ་བཞག་པ་ལ། །ༀ་ཨཱཿཧཱུཾ་སཱ་ཧཱ། ལམ་ཧྲཱིཿཨ་བྷི་ཥིཉྩ་ཨཱཿ གཡས་ནི་རལ་གྲི་ལྟ་བུ་ཡིས། །ལྕེ་ཡི་སྟེང་དུ་བཞག་པ་ལ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། མཱུཾ་བྷྲཱུཾ་ཏ་ཨ་བྷི་ཥིཉྩ་ཧཱུཾ། གཡས་གཡོན་དག་གི་སོར་མོ་ནི། །མཐེབ་དང་མཛུབ་དང་མཐེའུ་ཆུང་སྤྲད། །ལྷག་མ་གཉིས་ནི་བསྒྲེངས་བར་བྱ། །གཡས་པ་ཐལ་མོ་གདེངས་པ་ཡིས། །ལྟག་པའི་ཁུང་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཏི་མི་སྭཱ་ཧཱ། ཨ་བྷི་ན་ཛ་བ། ལག་གཡས་རྩེ་གསུམ་བསྒྲེངས་པ་ཡིས། །རྣ་ལྟག་གཉིས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་སུན་དྷ་ཨ་བྷི་ཥིཉྩ་ཨཱཿ ལག་པ་གཡས་བརྐྱངས་མཐེ་བོང་བསྒྲེངས་པ་ཡིས། །རྣ་ལྟག་གཡོན་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། མཱུཾ་ཥྚི་ཨ་བྷི་ཥིཉྩ་ཨཱཿ ལག་གཡོན་མཐེའུ་ཆུང་མཛུབ་བརྐྱངས་ཏེ། །ལྐོག་མའི་གནས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། མཱུཾ་ལཾ་ཧང་ཏི་ས་པ་རི་ཨ་བྷི་ཥིཉྩ་ཨཱཿ ལག་གཉིས་པདྨ་ལྟར་བྱས་ཏེ། །ནུ་མ་གཡས་སུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ས་ལང་ཀྲོ་ཏི་ཨ་བྷི་ཥིཉྩ་ཨཱཿ ལག་གཡོན་རྩེ་བཞི་ལྟར་བྱས་ལ། །འཚོག་མའི་སྟེང་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བཾ་ཤ་རི་ཨ་བི་ཏི་ནི་ཛཿཨཱཿ ལག་གཉིས་སོར་མོ་བསྣོལ་བྱས་ཏེ། །སྤྱི་གཙུག་སྟེང་དུ་བཞག་པར་བྱ། །ༀ་ཨཱཿཧཱུཾ་སྭཱ་ཧཱ། བིཥྚ་སྟན་དྷ་ཤ་རི་ཨ་བྷི་ཥིཉྩ་ཨཱཿ སྐྱོབ་པ་མཐར་ཕྱིན་སྔགས་ལྡན་པའི། །བདེ་གཤེགས་སྐུ་ཡི་དབང་བསྐུར་ནི། །བཀྲ་ཤིས་གདུགས་ལ་བརྟེན་ནས་ནི། །དེང་མཆོག་བུ་ལ་གནང་བར་བགྱི། །ༀ་ཨཱཿཧཱུཾ་སྭཱ་ཧཱ། སི་པ་ཀ་ག་ཡཱ་སིང་ཨ་བྷི་ཥིཉྩ་ཨཱཿ ལྟ་བྱེད་མ་འགགས་དོན་མཚོན་པའི། །བདེ་གཤེགས་སྐུ་ཡི་དབང་བསྐུར་ནི། །བཀྲ་ཤིས་ཉ་ལ་བརྟེན་ནས་ནི། །དེང་མཆོག་བུ་ལ་གནང་བར་བགྱི། །ༀ་ཨཱཿཧཱུཾ་སྭཱ་ཧཱ། སྭོ་ནི་ས་ཡ་སུ་གུ་ཨ་བྷི་ཥིཉྩ་ཨཱཿ སྨྲ་བྱེད་ཕ་རོལ་སྒྲ་ལ་མཁས། །སངས་རྒྱས་ལྗགས་ཀྱི་དབང་བསྐུར་ནི། །བཀྲ་ཤིས་པདྨ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཏི་ཀ་ཏ་ཡ་སིང་ཨ་བྷི་ཥིཉྩ་ཨཱཿ ཆོས་རྣམས་ལས་བྱུང་ཆོས་དབྱིངས་ཟླུམ། །སངས་རྒྱས་མགུལ་གྱི་དབང་བསྐུར་ནི། །བཀྲ་ཤིས་བུམ་པ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཏི་ཏ་ཀ་ཏ ག་ཤ་ཨ་བྷི་ཥིཉྩ་ཨཱཿ མི་ནུབ་རྒྱལ་མཚན་ཆོས་ཀྱི་དོན། །སངས་རྒྱས་རྣམས་ཀྱི་སྐུ་ཡི་དབང་། །བཀྲ་ཤིས་རྒྱལ་མཚན་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ༀ་ཨཱཿཧཱུཾ་སྭཱ་ཧཱ། པི་ཤད་དེ་ཨ་ཡང་ཨ་བྷི་ཥིཉྩ་ཨཱཿ སྒྲ་དབྱངས་རྟོག་མེད་དོན་མཚོན་པའི། །སངས་རྒྱས་རྣམས་ཀྱི་གསུང་གི་དབང་། །བཀྲ་ཤིས་དུང་ལ་བརྟེན་བྱས་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ས་ཏྲི་ཡང་ཏ་མང་ཨ་བྷི་ཥིཉྩ་ཨཱཿ གསལ་འདོད་ལྡན་པ་དཔལ་བེའུ་ཐུགས། །སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་དབང་། །བཀྲ་ཤིས་དཔལ་བེའུ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ༀ་ཨཱཿཧཱུཾ་སྭཱ་ཧཱ། ཙིཏྟ་ཡ་ཨ་བྷི་ཥིཉྩ་ཨཱཿ ཐོགས་མེད་མྱུར་མགྱོགས་འཁོར་ལོའི་ཞབས། །སངས་རྒྱས་རྣམས་ཀྱི་ཞབས་ཀྱི་དབང་། །བཀྲ་ཤིས་འཁོར་ལོ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ༀ་ཨཱཿསྭཱ་ཧཱ། ཙཀྲ་སུ་ལམ་བྷི་ན་ཀུ་ཨ་བྷི་ཥིཉྩ་ཨཱཿ དབང་དང་ལྡན་པའི་དཀྱིལ་འཁོར་ནི། །དབང་མཆོག་རྫོགས་པར་བྱིར་བྱས་ནས། །དཀྱིལ་འཁོར་ཐམས་ཅད་ལེགས་བྱས་ཏེ། །དཔལ་ལྡན་འཁོར་ལོ་རྫོགས་བྱས་ནས། །བདེ་ལྡན་གསང་མཆོག་གསང་བའི་དབྱིངས། །ཡང་གསང་ཐུགས་ཀྱི་རྡོ་རྗེ་མཆོག །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་དང་དབྱངས་ལྡན་ཐམས་ཅད་དུ། །བདག་གི་དབང་མཆོག་བསྐུར་བ་བཞིན། །དེང་ནས་བཟུང་སྟེ་ཐོབ་པར་ཤོག །ཐོབ་ནས་འགྱུར་མེད་བརྟན་པར་འགྱུར། །ཡང་དག་གསང་བའི་དོན་ལྡན་ཏེ། །འཇིག་རྟེན་བརྟེན་པའི་སྐུ་གསུང་ཐུགས། །དེང་ནས་བཟུང་ལ་མ་བཏང་ཞིག །ཨེ་མ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་འཆང་ཆེན་མ་སྤང་བར། །ཐུགས་ཀྱི་དཀྱིལ་དུ་ལེགས་པར་ཟུངས། །ཨ་ལ་ལ་ཧོ་རྫོགས་སངས་རྒྱས། །བདག་གིས་དེང་ནས་བཟུང་ནས་ནི། །བསྐལ་པ་བརྒྱ་སྟོང་བར་དུ་ཡང་། །བདག་གིས་སྟོང་པ་ཉིད་ཀྱི་སྐུ། །ནམ་དུ་ཡང་ནི་མི་བཏང་ངོ་། །དེ་ལྟར་དབང་རྫོགས་བྱས་ནས་ནི། །ཕྱག་རྒྱ་སྔགས་དང་བཅས་པས་ནི། །སྐུ་ཡི་རབ་ཏུ་བསྐུལ་ནས་ནི། །གསང་སྔགས་ལྡན་པ་རྫོགས་པར་བྱས། །ཡེ་གསང་ཆེན་པོ་འདི་བཤད་པས། །ཐམས་ཅད་རྫོགས་སངས་རྒྱས་སྐུ་ཐོབ། །དེ་ལྟ་དབང་རྣམས་བསྐུར་ནས། ཨཱ་ལི་ཀཱ་ལི་དང་། ཡེ་དྷ་རྨཱ་བཟླས་པ་སོགས་ཀྱིས་བཀྲ་ཤིས་རྒྱས་པར་བརྗོད། སུ་པྲ་ཏིཥྛས་བརྟན་པར་བྱས། དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར། དེ་ནས་རྗེས་ཀྱི་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་ལ་གཏང་རག་གི་མཆོད་པ་དང་། བསྟོད་པ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་སྐོང་བ་སོགས་རྗེས་སྤྱོད་སྤྱི་དང་མཐུན་པར་བྱའོ། །རྒྱུད་ཀྱི་དབང་འདི་ཉིད་ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་སྐུ་ཚེའི་སྟོད་ལ། དབང་རྒྱུན་མེད་འདུག་ཀྱང་། ཞིང་གཞན་དུ་གཟིགས་ཁར་དབུས་པ་དྷརྨཱ་བོ་བྷི་ཞེས་པ་ཞིག་ལ་དབང་རྒྱུན་རྣམ་དག་འདུག་པ་གཟིགས་ནས་གསན་ཏེ་ཞིང་ལ་གཤེགས་ཁར། མཁས་གྲུབ་བདེ་ལེགས་རྒྱ་མཚོ་རྐྱང་པ་ལ་ཤིན་ཏུ་གསང་བའི་ཚུལ་དུ་གནང་ནས། སླར་མདོ་ཁམས་ཕྱོགས་སུ་གཅིག་བརྒྱུད་དུ་བརྒྱུད། དེས་ཀཿཐོག་རྡོ་རྗེ་འབུམ་ལ་བརྒྱུད། ཀཿཐོག་རྡོ་རྗེ་འབུམ་གྱིས་དབུས་གཙང་དུ་བྱོན་ནས། བསམ་ཡས་འཇའ་སྟོད་དུ་ཆོས་རྗེ་རིན་ཆེན་གྲུབ་ལ་གནང་། དེ་ལ་བདག་གིས། དེའི་དུས་ཕྲེང་པོ་ནས་བླ་མ་པདྨ་བཟོད་པ་ལ་ཡང་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་འདུག །འདི་ཡིད་ཆེས་པར་ཡོད་པས། སློབ་མ་དམ་ལྡན་གསུམ་ལས་མང་ན། བཀའ་སྲུང་སྨུག་ནག་གིས་བཀའི་ཆད་པ་དྲག་ཏུ་འབྱུང་བས་ན། བཀའ་རྒྱ་འདི་ལ་ཤིན་ཏུ་དམ་པར་གྱིས་ཤིག །དབང་གི་ཡིག་ཆ་འདི་ཟངས་བྲག་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ནན་ཏན་དུ་བསྐུལ་བ་ལ་བརྟེན་ནས། རྫོགས་ཆེན་པ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི། མྱང་སྟོད་ཟངས་བྲག་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བགྱིས་པ་འདིས། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མཐའ་དབུས་ཀུན་ཏུ་རྒྱས་པར་ཤོག །མངྒ་ལཾ།། །། ༈ འདིའི་བཀའ་སྲུང་ཁྲོས་མའི་དབང་བཞུགས་སོ། ། ༈ འགྲོ་བའི་སྐྱབས་གནས་རེ་འདོད་སྐོང་། །རྩ་བ་གསུམ་ལ་གུས་བཏུད་ནས། །རྫོགས་པ་ཆེན་པོའི་བཀའ་སྲུང་ཆེ། །ཁྲོས་མའི་དབང་བསྐུར་བྲི་བར་བྱ། །དེ་ཡང་གནས་དབེན་པར་དཀྱིལ་འཁོར་གྲི་ཁྲག་གིས་ཆག་ཆག་གདབ། ཨེ་གྲུ་གསུམ་མཐའ་མེ་རིས་མཚན་པའི་དབུས་སུ། ས་བོན་བྷྱོ་ཡིག་མཐིང་ནག་གིས་མཚན་པ། དེའི་སྟེང་དུ་མཉྫིའི་ཁར་ལྕགས་སམ་ཐོད་པའི་ནང་དུ། འབྲུ་ནག་གི་ཕྱེ་ལ་དཔལ་གཏོར་བརྗིད་ལྡན་ཤ་ཁྲག་གིས་བརྒྱན་པ། དར་ནག་གི་ཅོད་པན་དང་། འདི་ཉིད་ཀྱི་སྐུ་རྟེན་ཙཀ་ལིས་བརྒྱན་པའི་མཐའ་བསྐོར་དུ། ཕྱི་ནང་གི་མཆོད་པ་སྤྱན་གཟིགས་བརྗིད་ལྡན་བཤམས་ལ། སྔོན་འགྲོ་སྤྱི་དང་མཐུན་པར་བྱས་ནས། བདག་ཉིད་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀར་གསལ་བའི་མདུན་གྱི་གཏོར་མ་ཁྲོས་མར་གསལ་བ་ལ། ཡེ་ཤེས་པ་དགུག་ཅིང་བསྟིམ། ཕྱི་ནང་གི་མཆོད་པས་མཆོད་ཅིང་བསྟོད་ལ། བཟླས་པ་བྱ་བ་ནི། མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ། ཧཱུཾ་བྷྱོ་བྷྱོ་ཧཱུཾ་རག་མོ་ཏེ་ཀེ་མ་ཙ་ཛ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཏི་བྷྱོ། ཞེས་ཅི་ནུས་བཟླས་ཤིང་། བདག་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས་པས། ཁྲོས་མའི་ཐུགས་ཀར་ཕོག །ཐམས་ཅད་ཐུགས་དམ་གྱི་རྒྱུད་བསྐུལ། །ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་བསམ། དེ་ནས་སློབ་མ་ཁྲུས་ནས་དབྱུང་། རྡོ་རྗེ་སློབ་དཔོན་གྱིས་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་བགེགས་བསྐྲད། སྲུང་འཁོར་བསྒོམ། སློབ་བུས་མཎྜལ་ཕུལ་ལ་གསོལ་བ་གདབ་བ་ནི། ཀྱེ་མ་རྡོ་རྗེ་འཛིན་པ་ཆེ། །སྐལ་ལྡན་བདག་ལ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བཀའ་སྲུང་ཁྲོས་མའི་དབང་བསྐུར་སྩོལ། །ཞེས་ཞུ། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་བདུད་རྩི་བྱིན་ལ། ཀུན་ཏུ་བཟང་མོའི་ཐུགས་སྤྲུལ་ཏེ། །ཁྲོས་མའི་དབང་བསྐུར་བུ་ལ་སྦྱིན། །དམ་ཚིག་མ་འདའ་ཡུན་དུ་སྲུངས། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཧཱུཾ། ཞེས་དམ་ཚིག་ཕོག་ལ། སློབ་མ་བསང་ཆུས་བསངས་ལ། སྐད་ཅིག་གིས་དུར་ཁྲོད་མེ་རི་འབར་བའི་དབུས་སུ། ཐོད་པ་འབར་བའི་གཞལ་ཡས་ཁང་། རཀྟའི་ཞམ་ཆུ་འབབ་པའི་དབུས་སུ། པད་ཉི་དགྲ་བགེགས་ཕོ་མོ་བསྣོལ་བའི་སྟེང་དུ་ཡི་གེ་བྷྱོ་ལས་འོད་ཟེར་འཕྲོ་འདུ་ཡོངས་སུ་གྱུར་པ་ལས། བཀའ་སྲུང་ཁྲོས་མ་སྐུ་མདོག་མཐིང་ནག་འཇིག་པའི་ཆ་བྱད་ཅན། ཞལ་གདངས་ཤིང་མཆེ་བ་གངས་རི་ལྟར་གཙིགས་པ། རལ་པས་ས་གཞི་ཁྱབ་པ། སྤྱི་བོའི་གཙུག་ཏུ་མཐིང་རལ་འོད་དུ་འབར་བ། ཕྱག་གཡས་བམ་གྱི་ཙིཏྟ་བསྣམས་ཤིང་། །གཡོན་སྤྱང་མོ་ཁྲ་ཐབས་སུ་ཐོགས་ཤིང་། ཞལ་དུ་ཉམས་པའི་སྙིང་ཁྲག་འདྲེན་པ། འཁོར་དུ་ལྕགས་ཀྱི་སྤྱང་མོ་འབུམ་གྱིས་བསྐོར་བ། མ་མོ་འབུམ་གྱི་དབུས་ན་ཧཱུཾ་ཕཊ་བྷྱོའི་སྒྲ་འབྲུག་ལྟར་དུ་སྒྲོགས་པ། དེའི་གནས་གསུམ་གྱི་ཡི་གེ་གསུམ་དང་། ཁྱད་པར་ཐུགས་སྲོག་བྷྱོ་ལས་འོད་ཟེར་འཕྲོས། རང་བཞིན་དང་ཆོས་སྐུ་ཀུན་ཏུ་བཟང་མོའི་ཀློང་ནས། རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱ་མཚོ་ལ་ཆར་བབས་པ་ལྟར་བྱོན་ནས་དབྱེར་དུ་ཐིམ་པར་བསམ་ལ། མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ་ཧཱུཾ་བྷྱོ་བྷྱོ་ཧཱུཾ། རག་མོ་ཏེ་ཀེ་མ་ཙ་ཛ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཏི་བྷྱོ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམས་ལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་གཏོར་མ་དེ་ཉིད་ཕྱི་གཏོར་མའི་རྣམ་པ་ལ། ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་བསྐྱེད་པའི་དབུས་སུ་ཁྲོས་མ་འཁོར་དང་བཅས་པ་བསྐྱེད་ལ། གཙོ་འཁོར་རྣམས་ཀྱི་དཔྲལ་བའི་ༀ་ལས་འོད་ཟེར་དཀར་པོ་དང་། སྐུའི་རྣམ་པ་དཔག་ཏུ་མེད་པ་སློབ་མར་ཐིམ་པར་བསམ། གཏོར་མ་སྤྱི་བོར་བཞག་ལ། ཧཱུཾ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་ཆེ། །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་ཞིང་བཅུའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་སྐུ་ཡི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །བསྟན་པའི་དགྲ་བོ་སྒྲོལ་བའི་དབང་ཐོབ་ཤོག །མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ་ཧཱུཾ་བྷྱོ་བྷྱོ་ཧཱུཾ། ཀཱ་ཡ་ཨ་བྷི་ཥིཉྩ་ༀ། དེ་ནས་གཏོར་མ་མགྲིན་པར་བཞག་ལ། གཙོ་འཁོར་རྣམས་ཀྱི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དང་། སྲོག་སྔགས་ལུ་གུ་རྒྱུད་ཀྱི་ཚུལ་དུ་སློབ་མའི་མགྲིན་པར་ཐིམ་པར་བསམ་ལ། ཧཱུཾ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་མཆོག །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་དགྲ་བོའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་གསུང་གི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །བསྟན་པའི་དགྲ་བོ་སྒྲོལ་བའི་དབང་ཐོབ་ཤོག །མ་མ་ཏྲཀ་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ་ཧཱུཾ་བྷྱོ་བྷྱོ་ཧཱུཾ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་གཏོར་མ་སྙིང་ཁར་བཞག་ལ། གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ག་དང་། ཐུགས་ཕྱག་མཚན་གྱི་རྣམ་པ་སློབ་མའི་སྙིང་གར་ཐིམ་པར་བསམ་ལ། ཧཱུཾ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་མཆོག །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་དགྲ་བོའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་ཐུགས་ཀྱི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །བསྟན་པའི་དགྲ་བོ་སྒྲོལ་བའི་དབང་ཐོབ་ཤོག །མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ་ཧཱུཾ་བྷྱོ་བྷྱོ་ཧཱུཾ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་གཏོར་མ་ལྟེ་བར་བཞག་ལ། གཙོ་འཁོར་རྣམས་ཀྱི་ལྟེ་བ་ནས་འོད་ཟེར་སེར་པོ་དང་། རིན་པོ་ཆེའི་རྣམ་པ་དཔག་ཏུ་མེད་པ་བྱུང་ནས། སློབ་བུའི་ལྟེ་བར་ཐིམ་པར་བསམ་ལ། ཧཱུཾ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་ཆེ། །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་དགྲ་བོའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་ཡོན་ཏན་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །བསྟན་པའི་དགྲ་བོ་སྒྲོལ་བའི་དབང་ཐོབ་ཤོག །བསྟན་སྲུང་ཁྲོས་མ་ནག་མོའི་ཡོན་ཏན་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དགོས་འདོད་ཡིད་བཞིན་འགྲུབ་པའི་དབང་ཐོབ་ཤོག །མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ་ཧཱུཾ་བྷྱོ་བྷྱོ་ཧཱུཾ། གུ་ཎ་ཨ་བྷི་ཥིཉྩ་སྭཱ། དེ་ནས་གཏོར་མ་གསང་གནས་སུ་བཞག་ལ། གཙོ་འཁོར་རྣམས་ཀྱི་གསང་གནས་ནས་འོད་ཟེར་ལྗང་གུ་དང་། ལས་བཞིའི་ཕྱག་མཚན་གྱི་རིགས་དཔག་ཏུ་མེད་པ་བྱུང་ནས། སློབ་མའི་གསང་གནས་སུ་ཐིམ་པར་བསམ་ལ། ཧཱུཾ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་ཆེ། །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་དགྲ་བོའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་ཕྲིན་ལས་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མངོན་སྤྱོད་དྲག་པོའི་དབང་རྣམས་ཐོབ་པར་ཤོག །མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ་ཧཱུྃ་བྷྱོ་བྷྱོ་ཧཱུྃ། ཀརྨ་ཨ་བྷི་ཥིཉྩ་ཧཱ། དེ་ནས་བཟླས་ལུང་བྱ་བ་ནི། སློབ་དཔོན་ཆེ་མཆོག་ཧེ་རུ་ཀར་གསལ་བ་དང་། སློབ་བུ་ཁྲོས་མར་གསལ་བའི་ཐུགས་ཀར་རང་རང་གི་སྲོག་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ། སློབ་དཔོན་གྱི་ཞལ་ནས་བྱུང་། སློབ་མའི་ངག་ལ་ཐིམ་ནས། ཐུགས་ཀའི་སྔགས་ཕྲེང་ལ་འཁོད་པའི་མོས་པ་མཛོད། ཅེས་བརྗོད། བཟླས་ལུང་ནི། ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ་ཧཱུཾ་བྷྱོ་བྷྱོ་ཧཱུཾ། རག་མོ་ཏེ་ཀེ་མ་ཙ་ཛ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཏིང་བྷྱོ། ཡིཾ་ལིཾ་ཤིཾ་ལིཾ་མ་ཤ་ཛཿམི་ཤ་དུན་ཛཿཕོབ་ཡ། ཏྲག་ཏཻ། མ་དུན་ཙེ་ཡ། ཀེཾ་ཀེཾ། སྲི་ལ་དུན་ཚེ་ཡ། ཀྱེངས་ཀྱེངས་ཕོབ་ཡ། འུར་འུར། ཏྲབ་ཏྲབ་ཐིབ་ཐིབ། ཀྱིང་ཀྱིང་། དུན་དུན་ཕོབ་ཡ། ཙི་བོའི་རུ་ཏྲ་ཡག་ཤི་དུ་རུ་རུ། ཏྲི་དུན་ཙི་ཕོབ་ཡ། རྒྱ་རྒྱ་ཡ་ཕོབ་ཡ། ཞེས་འདིའི་རྗེས་ཟློས་བྱེད་དུ་བཅུག །བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སོགས། ཏིཥྛ་བཛྲ་གྱིས་བརྟན་པར་བྱས། དེ་ནས་གཏོར་མ་སློབ་བུའི་སྤྱི་བོར་བཞག་ལ། བཀའ་བསྒོ་བ་ནི། ཀུན་བཟང་ཡབ་ཡུམ། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་རྡོར། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ༀ་རྒྱན་པདྨ་འབྱུང་གནས། ཉང་བན་ཏིང་འཛིན་བཟང་པོ། མངའ་བདག་ཆོས་རྒྱལ། ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེངྒེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུལ། གུ་རུ་ཇོ་འབེར། འཁྲུལ་ཞིག་སེངྒེ་རྒྱབ་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་དྲི་མེད་འོད་ཟེར། མཁས་གྲུབ་བདེ་ལེགས་རྒྱ་མཚོ། རྟ་མགོ་བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། རིན་ཆེན་གྲུབ་པ། འཁྲུལ་ཞིག་ཀུན་དགའ་རྒྱལ་མཚན། སྤྲུལ་སྐུ་ཞིག་པོ་གླིང་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སྲུང་སྐྱོབས་མཛོད་ཅིག །ལ་སོགས་པས་བཀའ་བསྒོ་དམ་བཞག་རྒྱས་པར་བྱས་ལ། བཀྲ་ཤིས་བརྗོད། དེ་ནས་གཏོར་མ་དཔག་ལ་དཔལ་འབར་བཙུག །སྨན་རཀ་བྲན་ལ་བསྐུལ་བ་བྱ་བ་ནི། བྷྱོ། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །གྲུ་གསུམ་མཐིང་ནག་ཀློང་དཀྱིལ་ན། །སྔགས་ཀྱི་སྲུང་མ་མཐུ་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །རལ་པའི་ཟར་བུས་ས་གཞི་ཁེབས། །གཡས་པས་ཞིང་ཆེན་ཙིཏྟ་བསྣམས། །གཡོན་པས་གཡུ་ཡི་སྤྱང་མོ་བསྣམས། །གཡུ་སྤྱང་དགུ་འབུམ་ཕོ་ཉར་འགྱེད། །འཛིན་བྱེད་འབར་བའི་ལྕགས་ཀྱུ་ཡིས། །མིག་གི་དབང་པོ་མངོན་དུ་ཕྱུངས། །ལྕགས་ཀྱི་སྡེར་ཆེན་འབར་བ་ཡིས། །ལུས་ཀྱི་ཁོང་ཁྲོལ་སྙིང་ཕྱུངས་ཤིག །སྤྱང་མོ་སྤྲུལ་པའི་འཕྲོ་འདུ་ཡིས། །སྲོག་རྩ་སྙིང་རྩ་ཆོད་ལ་ཤོག །མགོ་དང་ལུས་སུ་ཕྲོལ་ལ་ཤོག །ཤ་དང་རུས་པ་ཕྱེས་ལ་ཤོག །ནང་ཁྲོལ་དབང་པོ་ཉུལ་ལ་ཤོག །དགྲ་བོའི་ལྷ་ལྔ་དབང་དུ་བསྡུས། །མངོན་སྤྱོད་དྲག་པོས་རྡུལ་དུ་རློག །ཞེ་སྡང་བསྐྱེད་ལ་སྲིད་པ་དཀྲུགས། །མི་མངོན་མཁའ་དབྱིངས་བདེ་ཆེན་ནས། །ཨེ་ཛཱ་ཊི་རལ་གཅིག་མ། །དབུ་དགུ་ཐོར་གཙུག་གཅིག་ཏུ་བཅིངས། །ཁམས་གསུམ་སྲིད་གསུམ་དབང་དུ་སྡུད། །དེང་འདིར་ལས་རྣམས་ཐམས་ཅད་བྱེད། །མཁའ་ལ་དེ་བཞིན་གཤོག་གཅིག་མ། །དཔལ་གྱི་གཙུག་འབྱམས་ཨ་ལ་ལ། །ཟངས་ཀྱི་ཁ་ལ་ལྕགས་ཀྱི་སོ། །སྣ་ཚོགས་ཞལ་དུ་ཞིང་འགྲོན་མ། །མཐིང་ནག་གཅེར་བུ་དབུ་དགུ་མ། །སྙིང་ཡང་དགུ་སྟེ་རྐང་གཅིག་མ། །སྟོང་ཁམས་མཆོངས་ཞིང་མཁའ་ལ་འགྲོ། །བལྟས་པས་བདུད་རྣམས་སྒྲོལ་བར་བྱེད། །གདུག་བྱེད་རྣམས་ཀྱི་སྙིང་འབྱིན་མ། །རྡོ་རྗེ་བ་སྤུ་རེ་རེ་ལ། །རྡོ་རྗེ་ལྕགས་ཀྱུ་རེ་རེ་ལྡན། །སྣང་སྲིད་མ་ལུས་རྡུལ་དུ་རློག །བར་བར་མིག་ནས་ཁྲག་འཛག་མ། །རྐན་སྒྲ་རྡེབ་ཅིང བདུད་དཔུང་འཇོམས། །རྟག་ཏུ་དབང་ཕྱུག་སྐུ་ལ་འཁྲིལ། །དགའ་བའི་གདོང་གི་གྲོགས་བྱེད་མ། །འདོད་ཁམས་གཙོ་མོ་དབང་དུ་སྡུད། །ཁྱོད་ནི་མ་བརྒྱད་གཙོ་མོ་སྟེ། །ཁྲག་བཅུད་འཐུང་ཞིང་དགྲ་བོ་གསོད། །དམ་རྫས་བརྒྱན་གྱི་གཏོར་མ་ལོངས། །ཁྲག་ནད་འཕེན་ཞིང་ཕྲིན་ལས་མཛོད། །ཕྲིན་ལས་བདག་མོ་མཐུ་མ་ཆུང་། །ཞེས་བསྐུལ་ཞིང་། གཏོར་མ་དགྲ་ཕྱོགས་སུ་འཕེན་ཞིང་། དམོད་མོ་གདབ་ཅིང དམོད་བཅོལ་བྱའོ། །རྗེས་སུ་ལྷ་གཤེགས་ཤིང་དཀྱིལ་འཁོར་བསྡུ་བ་སོགས་རྗེས་སྤྱོད་སྤྱི་དང་མཐུན་ནོ། །ཞེས་པ་འདིའང་རྒྱལ་བ་ཞང་སྟོན་གྱིས་གཏེར་ནས་སྤྱན་དྲངས་པའི་ཁྲོས་མའི་རྒྱུད་ལས་བཏུས་ཏེ། རྫོགས་ཆེན་པ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས། །ཆུ་རྟ་ལོ་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བརྒྱད་ལ་བཀོད་པའི་ཡི་གེ་པ་ནི་ཟངས་བྲག་གི་བླ་མ་འོད་གསལ་ཚུལ་ཁྲིམས་ཀྱིས་བགྱིས་པའོ། ༈ །རྒྱུད་བཅུ་བདུན་གྱི་དབང་འདི་ལ། རྣམ་འཇོམས་ཁྲུས་དབང་དང་ཞི་བའི་དབང་གཅིག །ཁྲོ་བོའི་དབང་གཉིས། ཚེ་དབང་རིན་པོ་ཆེ་དང གསུམ། རིག་པ་རང་གི་དབང་བསྐུར་བ་དང་བཞི། བཀའ་རྟགས་ཕྱག་རྒྱའི་དབང་དང་ལྔ། གསང་དབང་དང་དྲུག །རྫོགས་ཆེན་རང་སྣང་གི་དབང་དང་། འཁོར་ལོ་རིན་པོ་ཆེ་སྐུ་ལྟར་འབར་བའི་དབང་གཅིག་སྟེ་བདུན་པོ་དེ་ལ་ཐོག་མ་ནས་ས་བཅད་མཛད་འདུག་པའི་སྟབས་ཀྱིས་བློ་ཆུང་དག་མགོ་རྨོངས་ཀྱིས་དོགས་ནས་འདིར་ཐོ་ཙམ་བཀོད་པ་སྟེ། རྒྱས་པར་གཞུང་དང་ས་བཅད་བསྒྲིགས་ནས་ཤེས་པར་བྱའོ། །མངྒ་ལཾ། །དགེའོ།། །།
རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ།
རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ས་མནྟ་བྷ་དྲཱ་ཡ། རང་བྱུང་ཡེ་ཤེས་ཀུན་ཁྱབ་གདོད་མའི་མགོན། །ཁྱད་པར་བདུན་ལྡན་དབྱིངས་སྣང་ལོངས་སྤྱོད་རྫོགས། །རང་བཞིན་འགྲོ་འདུལ་སྣ་ཚོགས་སྤྲུལ་པའི་སྐུ། །ཁྱབ་བདག་བླ་མའི་ཞབས་ལ་ཕྱག་བགྱིའོ། །ཟབ་ཅིང་བརྟག་དཀའ་ནམ་མཁའ་ལྟ་བུའི་གནས། །སྤང་བྱ་གཉེན་པོ་གཉིས་ཀའི་མཐའ་ལས་གྲོལ། །སུ་འཕྲད་འབྱུང་བཞི་འོད་དུ་དེངས་བྱེད་པ། །བསྟན་པ་འོད་གསལ་རྡོ་རྗེ་རྩེ་མོར་འདུད། །དགའ་རབ་ལ་སོགས་རྒྱ་བོད་རིག་པ་འཛིན། །ཁྱད་པར་དྲི་མེད་བཤེས་གཉེན་མཁས་པའི་རྗེ། །ཀློང་ཆེན་རབ་འབྱམས་ཡེ་ཤེས་སྒྱུ་མའི་འཕྲུལ། །རྡོ་རྗེ་གཟི་བརྗིད་བྱང་ཆུབ་བར་དུ་བསྙེན། །བཅུ་བདུན་རྒྱུད་ཀྱི་གཉེན་འཛིན་འཁོར་འདས་ཀྱི། །དབྱིངས་ཕྱུག་སྔགས་ཀྱི་བདག་མོ་རལ་གཅིག་མས། །གནང་བའི་སྐབས་སྩོལ་འཆད་དང་ཉམས་ལེན་ལ། །བར་ཆད་མེད་ཅིང་གྲུབ་པ་མཐར་ཕྱིན་མཛོད། །གདོད་མའི་དབྱིངས་སུ་འཁོར་བ་དོང་སྤྲུགས་ཆོས། །རྟོག་གེས་མ་བསླད་བྱིན་རླབས་གཟི་མ་ཉམས། །དྲི་མེད་བཤེས་གཉེན་ཐུགས་ཀྱི་ཐིག་ལེ་ནི། །ཀུན་མཁྱེན་ཆོས་རྗེས་བཅུད་དུ་དྲིལ་བ་གང་། །གཏེར་ཆེན་ཡབ་སྲས་ཞལ་ལུང་བུམ་བཟང་ལས། །ཁྱབ་བདག་བླ་མའི་དྲིན་གྱིས་ལེགས་ཐོབ་པ། །རང་བཟོས་མ་བསླད་གཞན་ལ་ཕན་འདོད་བློས། །འདུས་གསལ་ལག་ཁྲིད་རིམ་པ་བཤད་པར་བྱ། །འདིར་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་བསྟན་པ་ཐམས་ཅད་ཀྱི་རྩེ་མོ། ཆོས་ཀྱི་འཁོར་ལོ་མཐའ་དག་གི་ཡང་བཅུད། རྡོ་རྗེ་ཐེག་པའི་ཉམས་ལེན་ཐམས་ཅད་ཀྱི་མཐར་ཐུག །འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ། ཡང་གསང་མན་ངག་གི་སྡེ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཅིག་འདྲེས་ཀྱི་ཟབ་ཁྲིད་འཆད་པར་བྱེད་པ་ལ་གཉིས། མཐུན་རྐྱེན་ཚོགས་པས་གདམས་ངག་གི་སྒྲོམ་དུ་གཞུག་པ་དང་། འཆད་བྱ་ཁྲིད་ཚུལ་གདམས་ངག་དངོས་བཤད་པའོ། །དང་པོ་ལ་བཞི། ཁྲིད་འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད། འཆད་ཡུལ་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ། མཐུན་རྐྱེན་གྱི་གཞི་བཟུང་བའོ། །དང་པོ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་པས། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གི་དོན་ལ་མཁས་ཤིང་གྲུབ་མཐའི་དབྱེ་བ་ཕྱེད་པ། བྱེ་བྲག་ལམ་འདི་ཉིད་ཀྱི་ཉམས་མྱོང་དྲོད་ཚད་དང་ལྡན་པ། མན་ངག་གི་དོན་སྟོན་པ་ལ་མཁས་ཤིང་ཆགས་སྡང་སོགས་ཚེ་འདིའི་འདུ་འཛིའི་གཡེང་བ་དང་བྲལ་བ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རིམ་གཉིས་ཀྱི་ཉམས་ལེན་མཐར་ཕྱིན་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་ཉིད་མངོན་སུམ་གྱི་དོན་ཚད་ལ་ཕེབས་པ། དགོངས་པས་རང་རྒྱུད་གྲོལ་ཅིང་ཐུགས་རྗེས་གཞན་རྒྱུད་སྨིན་ནུས་པ། གནས་ལུགས་ཀྱི་དོན་ལ་ཤེས་རབ་ཟབ་མོས་སྒྲོ་འདོགས་ཆོད་པའི་ཡེ་ཤེས་ཀྱིས་སློབ་མས་དྲིས་པའི་ལན་ལ་མ་རྨོངས་པ་སྟེ། མཚན་ཉིད་དེ་དག་དང་ལྡན་པ་ནི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱའོ། །དེ་ལས་ལྡོག་པའི་སྐྱོན་ཅན་བསྟེན་དུ་མི་རུང་བ་ནི། རྒྱུད་རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བློ་རྨོངས་ཚིག་ཕྱིར་འབྲེང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་འཆལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་འདེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་པས་སྐྱོན་དེ་དག་དང་ལྡན་པ་ནི་ཐོག་མ་ནས་བསྟེན་པར་མི་བྱའོ། །གཉིས་པ་སློབ་མའི་མཚན་ཉིད་ནི། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་པ་མེད། །དམ་ཚིག་ལྡན་ཞིག་སྒྲུབ་ལ་བརྩོན། །སློབ་དཔོན་ཇི་སྐད་གསུང་བཞིན་བྱེད། །ཅེས་པས། བླ་མ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེན་བ་དང་བའི་དད་པ། བསྒྲུབ་བྱའི་འབྲས་བུ་ལ་ཆེད་དུ་གདུང་བ་འདོད་པའི་དད་པ། ཐེ་ཚོམ་མི་བྱེད་པ་ཡིད་ཆེས་ཀྱི་དད་པ། ཉི་ཚེ་བའི་རྐྱེན་གྱིས་མི་འཕྲོག་པ་མཐར་ཐུག་གི་དད་པ་སྟེ་བྱིན་རླབས་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཕྱི་བཤོལ་དང་ཐང་ལྷོད་མེད་པའི་སྙིང་སྟོབས་ཀྱི་དམ་བཅའ་བརྟན་པ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་གསལ་བས་ཉམས་རྟོགས་སྐྱེ་སླ་བ། ཟས་གོས་སོགས་སྲིད་པའི་བདེ་འབྱོར་ལ་འཛིན་ཆགས་ཆུང་བ། བླ་མ་དང་ལྷག་པའི་ལྷ་ལ་ཕུ་དུད་ཆེ་བས་བྱིན་རླབས་འཇུག་པའི་སྒོ་ཚང་བ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལ་འཇུག་ནུས་པ། ཆགས་སྡང་རྨོངས་གསུམ་སོགས་ཐ་མལ་གྱི་རྣམ་རྟོག་ལ་སེམས་མི་འཇུག་པས་གཡེང་བ་དང་བྲལ་བ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉེར་དུ་བླངས་པ་ལས་མི་འདའ་བའི་དམ་བཅའ་བརྟན་པ། ཟབ་མོའི་ལམ་སྒོམ་པ་ལ་སྐྱོ་ངལ་མེད་ཅིང་། བླ་མས་ཇི་ལྟར་གསུངས་པ་ལས་མི་འདའ་བ་སྟེ། མཚན་ཉིད་དེ་ལྡན་གྱི་སློབ་མ་ཉིད་འཆད་ཡུལ་དུ་བཟུང་བར་བྱ་དགོས་ཤིང་། དེ་ལས་ལྡོག་པའི་སྣོད་སྐྱོན་ཅན་ནི། རང་ཤར་ལས། བཀུར་བསྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །དོན་མེད་འཆལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཞེས་གསུངས་པ་ལྟ་བུའི་སྣོད་མིན་ལ་ཟབ་མོའི་ཆོས་བསྟན་ན་ཌཱ་ཀི་དམ་ཅན་གྱིས་བཀའ་ཆད་འབེབས་ཤིང་དངོས་གྲུབ་མི་ཐོབ་པ་དང་སྒྲོ་སྐུར་འབྱུང་བས་སྤང་བར་བྱའོ། །གསུམ་པ་བསྟེན་པའི་ཚུལ་ནི། མཚན་ཉིད་དང་ལྡན་པའི་སློབ་མ་དེས་ཀྱང་ནད་པས་སྨན་པ་བསྟེན་པ་ལྟར། འཁོར་བའི་ནད་ལས་ཐར་བའི་དོན་དུ། ལུས་ངག་ཡིད་གསུམ་གུས་པས་གཡོ་ཟོལ་མེད་པར་སྲི་ཞུ་དང་ཕུ་དུད་བྱ་ཞིང་། གྲུ་འདོད་པས་མཉན་པ་བསྟེན་པ་ལྟར་འཁོར་བས་འཇིགས་ནས་རྟག་ཏུ་ཅི་གསུང་ཉན་པ་དང་། ཚོང་པས་དེད་དཔོན་བསྟེན་པ་ལྟར་ཐར་པ་འདོད་པའི་རིམ་གྲོ་ཆེར་བྱ། ཁྱད་པར་དུ་རབ་སྒྲུབ་པའི་ཞབས་ཏོག་གིས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཟིན་པ། འབྲིང་ལུས་ངག་གི་ཞབས་ཏོག་གིས་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བ། ཐ་མ་ཟང་ཟིང་གི་ཡོ་བྱད་ཀྱིས་ཚོགས་གཉིས་ཀྱི་བྲེ་ཁ་ཁེངས་པ་གང་རུང་གིས་ཅིས་ཀྱང་མཉེས་པ་བསྒྲུབ་པར་བྱ་སྟེ། རང་ཤར་ལས། དེ་ལྟར་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཞེས་གསུངས་ཤིང་དེའི་ཡོན་ཏན་ཀྱང་། བདུད་རྩི་འབྱུང་བའི་རྒྱུད་ལས། ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡི། །སྟོང་གསུམ་གང་བ་ཕུལ་བས་ཀྱང་། །བླ་མའི་བ་སྤུ་ཉག་གཅིག་ལ། །མར་གྱི་ཐིག་པ་གཅིག་བྱུགས་ན། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་དང་། གཞན་ཡང་སྒོ་གསུམ་གྱི་སྒྲིབ་པ་འདག་ཅིང་ཀུན་གྱིས་མཐོང་ན་དགའ་བ་དང་། བསོད་ནམས་དང་འབྱོར་པ་འཕེལ་ཞིང་མཁའ་འགྲོས་སྟོང་གྲོགས་བྱེད་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པར་ཐོབ་པ་སྟེ། དམ་ཚིག་མཆོག་གི་རྒྱུད་ལས། དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་བླ་མ་མཉེས་ལས་འབྱུང་། །ཞེས་སོ། །བཞི་པ་མཐུན་རྐྱེན་གྱི་གཞི་བཟུང་བ་ལ་བཞི། །གནས། དུས། ཡོ་བྱད། གྲོགས་སོ། །དང་པོ་ནི། ཀློང་གསལ་ལས། ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་ཞིང་དྭངས་མཐོ་བསིལ་བའི་སར། །སྐལ་ལྡན་སྐྱེས་བུའི་ཉམས་ལེན་བྱེད་པའི་གནས། །བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ། །ཅེས་པས་སྒྲུབ་པའི་གནས་སྤྱིར་ཡིད་དང་མཐུན་པ། དགྲ་རྐུན་སོགས་ཀྱི་འཚེ་བ་མེད་ཅིང་སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་སོགས་ཀྱི་རྣམ་གཡེང་ཆུང་བ། ས་ཕྱོགས་བཀྲ་ཤིས་ཤིང་གཞི་བདག་ཆོས་ལ་དཀར་བ། བླ་མ་དང་མཁའ་འགྲོ་དང་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས། གངས་རི་ནགས་ཁྲོད་བྲག་རི་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་ས་ཕྱོགས་མཐོ་བ། ཤར་གྱི་མདངས་འཕྲོགས་ཤིང་ནུབ་ཀྱི་ཟེར་སྡུད་པ་ཞེས་ཉི་མ་སྔ་མོ་འཆར་ཞིང་ཕྱི་མོར་ནུབ་པས་ཉི་ཚེ་རིང་བ། ཆུ་འཇམ་ཞིང་ཉམས་དགའ་བ། མཐུན་རྐྱེན་ཐམས་ཅད་རྙེད་པར་སླ་བའི་གནས་སུ་བསྒྲུབ་པར་བྱའོ། །གཉིས་པ་དུས་ནི། དུས་དང་ཚེས་གྲངས་གཟའ་སྐར་སོགས་བཟང་བ་ལ་འཇུག་དགོས་ཤིང་། ཁྱད་པར་ཐོད་རྒལ་བསྒོམ་པའི་དུས་ནི། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གསུངས་པས། དུས་དེར་བསིལ་དྲོད་སྙོམས་པའི་དབང་གི་བྱིངས་རྨུགས་ཀྱི་རྐྱེན་ཉུང་ཞིང་། བྱེ་བྲག་འཆར་ནུབ་ཀྱི་ཟེར་གཉིས་ཏེ་ཡེ་ཤེས་འཆར་བའི་རྐྱེན་དུ་འགྱུར་བས་ངོ་སྤྲོད་ཀྱི་དུས་སུ་བཤད་པའི་ཕྱིར་དེ་དང་བསྟུན་པར་བྱའོ། །གསུམ་པ་ཡོ་བྱད་ནི། འཚོ་བའི་ཡོ་བྱད་ཟས་སྐོམ་དང་གོས་སྟན། བསྟེན་པའི་ཡོ་བྱད་དམ་རྫས། མཁོ་བའི་ཡོ་བྱད་རྡོ་རྗེ་དྲིལ་བུ་སོགས། མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་རྫས། ཁྱད་པར་གྱི་ཡོ་བྱད་དབང་ཡོན་དང་གཏོར་ཚོགས་ཀྱི་རྒྱུ་ལ་སོགས་པ་མདོར་ན་གང་གི་ཕྱིར་ཡང་གནས་སྐབས་དེ་དག་ཏུ་བྲེལ་མི་དགོས་པར་གོང་དུ་འཚོགས་པར་བྱ་སྟེ། ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་སོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་གསུངས་སོ། །བཞི་པ་གྲོགས་ནི། ཟབ་ལམ་སྒོམ་པའི་ཉམས་མྱོང་ཅན་ནམ། མིན་ཀྱང་རྒྱུད་ཞི་དུལ་དང་ལྡན་ཅིང་དམ་ཚིག་གཙང་བ། དག་སྣང་འབྱོངས་ཤིང་ཉོན་མོངས་ཤས་ཆུང་བ། བརྩེ་སེམས་ཆེ་བས་མཐུན་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་ཉིད་བསྟེན་པར་བྱ་བ་ཀློང་གསལ་ལས་གསུངས་སོ། །གཉིས་པ་ཁྲིད་ཚུལ་གདམས་ངག་དངོས་རྒྱས་པར་བཤད་པ་ལ་ལྔ། ངེས་ཤེས་སྐྱེད་པ་ལོ་རྒྱུས། སྨིན་པར་བྱེད་པ་དབང་། གྲོལ་བར་བྱེད་པ་ཁྲིད། བསྒོམས་པ་ལས་བྱུང་བའི་འབྲས་བུ། ཞར་བྱུང་ལག་ལེན་གྱི་ཁྱད་པར་བསྟན་པའོ། །དང་པོ་ནི། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་གསུངས་པས་འདི་ལ་གསུམ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དོ། །དང་པོ་ནི། གདོད་མའི་དབྱིངས་སུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་དག་གི་སྤྲོས་པའི་མཐའ་ཐམས་ཅད་བྲལ་བའི་ཀློང་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ནས་རང་སྣང་གི་འཁོར་རྒྱལ་ཚབ་རིགས་ལྔ་དང་། རྒྱལ་སྲས་སེམས་དཔའ་སོགས་ཉིད་ལས་མི་གཞན་པའི་ཚོགས་ལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་ཀུན་མཉམ་པ་ཉིད་དུ་བརྗོད་མེད་ཀྱི་སྒོ་ནས་གསུངས་སོ། །གཉིས་པ་ནི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་དུར་ཁྲོད་མེ་རི་འབར་བའི་གནས་སུ་སྤྲུལ་སྐུ་མཆོག་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་དོན་གྱི་གནས་ལུགས་ཉིད་ཆོས་ཅན་བྱ་རྩོལ་ལས་འདས་པ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད། དེས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་ཆོས་ཉིད་བྱ་རྩོལ་ལས་འདས་པར་གསུངས། དེས་སོ་ས་གླིང་གི་དུར་ཁྲོད་དུ་རིག་འཛིན་ཤྲཱི་སིཾ་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས། དེས་དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་སློབ་དཔོན་ཛྙཱ་ན་སཱུ་ཏྲ་ལ་མངོན་སུམ་ཡིད་དཔྱོད་བྲལ་བར་གསུངས། དེས་དུར་ཁྲོད་ཆེན་པོ་བྷ་སིང་དུ་པཎ་ཆེན་བི་མ་ལ་མི་ཏྲ་ལ་གནས་ལུགས་གོ་རྟོགས་དང་བྲལ་བར་ཡེ་ཤེས་གོང་འཕོའི་ཚུལ་དུ་བརྡའ་དང་བརྡའི་སྒོ་ནས་གསུངས་པ་ནི་རིག་འཛིན་བརྡ་བརྒྱུད་དོ། །གསུམ་པ་ནི། པཎ་ཆེན་བི་མ་ལ་ཉིད་ཀྱིས་མངའ་བདག་རྒྱལ་པོ་དང་། མྱང་བན་ཏིང་འཛིན་བཟང་པོ་སོགས་ལ་གསང་བ་བླ་ན་མེད་པའི་གདམས་པ་རྣམས་མནོག་ཆོས་སུ་གནང་ཞིང་། མྱང་བན་ཉིད་ཀྱིས་བརྒྱུད་པའི་བཀའ་སྲོལ་མི་ཉམས་པའི་ཆེད་དུ་སྙན་བརྒྱུད་རྣམས་འབྲོ་རིན་ཆེན་འབར་དང་སྤས་བློ་གྲོས་དབང་ཕྱུག་གཉིས་ལ་གཏད། དཔེ་བརྒྱུད་རྣམས་མ་འོངས་པའི་གདུལ་བྱར་དགོངས་ཏེ་དབུ་རུ་ཞྭའི་ལྷ་ཁང་དུ་སྤས་པ་ཕྱིས་གནས་བརྟན་ལྡང་མ་ལྷུན་རྒྱལ་གྱིས་གཏེར་ནས་བཏོན། སྙན་བརྒྱུད་ཀྱང་བཙལ་ནས་གསན་པས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར། དེས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གནང་། ལྕེ་བཙུན་ཆེན་པོས་ཀྱང་ཟབ་པ་པོད་བཞི་སོགས་གཏེར་ནས་བཞེས་ཤིང་ཁྱད་པར་བྱར་གྱི་ཕུ་བྲག་དཀར་ཐེམ་པ་འདྲ་བར་པཎ་ཆེན་བི་ལ་མི་ཏྲས་གདམས་ངག་རྣམས་རྫོགས་པར་ཟླ་བ་བདུན་དུ་སྩལ། འོ་ཡུག་ཕྱི་གོང་རྫས་ར་བར་འོད་ཀྱི་སྐུར་གཤེགས། དེས་ཞང་སྟོན་བཀྲ་ཤིས་རྡོ་རྗེ། དེས་ལྕེ་བཙུན་གྱི་སྲས་མཁས་པ་ཉི་མ་འབུམ། དེས་ཆོས་བདག་གུ་རུ་ཇོ་འབེར། དེར་འཁྲུལ་ཞིག་སེང་གེ་རྒྱབ་བ། དེས་གྲུབ་ཐོབ་ཟླ་བ་མུན་སེལ། དེས་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ། དེས་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཆེན་པོ་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་གདམས་པ་རྫོགས་པར་གནང་བ་ཡིན་ཏེ། དམ་པ་འདི་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་ལུང་བསྟན་པ་སྟེ། དེའང་ཁ་ཅིག་གིས། དེ་ནས་བློ་གྲོས་མཆོག་གིས་འཛིན། །ཅེས་མཚན་གྱི་རྣམ་གྲངས་ཚུལ་ཁྲིམས་བློ་གྲོས་ཞེས་མཚན་གྱི་འབྲེལ་དང་། ཤེས་བྱ་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་ཀྱི་རྩལ་ཁ་རྒྱས་པས་དོན་དུ་འབྲེལ་གསུངས། དམ་པ་འགའ་ཞིག་གིས། དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །ཞེས་པར་ཡང་ངོས་འཛིན་ཅིང་སྤྱིར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཆོས་འཁོར་གཞན་དྲིང་མི་འཇོག་པར་བསྐོར་བ་ཀུན་ཏུ་བཟང་པོ་བཤེས་གཉེན་གྱི་རྣམ་པར་སྣང་བ་ཡིན་ནོ། །ཡང་རྒྱུ་དེ་ཉིད་ལས། ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་སྤེལ་བར་བྱེད། །ཅེས་ལུང་བསྟན་པའི་རྒྱལ་བའི་དབང་པོ་གསུམ་པ་རང་བྱུང་རྡོ་རྗེས་ཐོག་མར་རིག་འཛིན་ཀུ་མཱ་རཱ་ཛ་ལས་གསང་བ་སྙིང་ཐིག་གི་གདམས་ཁྲིད་རྫོགས་པར་གསན། ཕྱིས་བི་མ་ལས་དངོས་སུ་རྗེས་སུ་བཟུང་བ་སྟེ། རྡོ་རྗེའི་གསུང་ལས། བདག་ནི་བི་མ་ལ་ཡིས་བྱིན་གྱིས་བརླབས། །ཀརྨའི་ཡང་དགོན་དབེན་པར་འདུག་པའི་ཚེ། །ནམ་ལངས་དུས་མཐར་ཤར་གྱི་ཕྱོགས་རོལ་ནས། །ལྟ་བས་མི་ངོམས་འོད་ཀྱིས་མཛེས་པ་ཞིག །མངོན་སུམ་ལྟར་སྣང་བདག་གི་མཛོད་སྤུར་ཐིམ། །དེ་ནས་འབད་མེད་གནད་འདི་ཐམས་ཅད་གོ། །ཞེས་གསུངས་པ་ལྟར་དེ་ལ་བརྟེན་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་པ་བདེ་བླག་ཏུ་མཁྱེན་པའི་ཚུལ་བསྟན། དགོངས་པའི་ཀློང་ནས་བརྡོལ་བའི་ཀརྨ་སྙིང་ཐིག་ཅེས་མཛད་ཅིང་། མཁས་གྲུབ་ཀྱི་ཞལ་སློབ་བཞི་ལ་བི་མ་ལ་དང་པདྨའི་སྙིང་ཐིག་གི་ཆོས་རྣམས་དབུས་གཙང་ཁམས་གསུམ་རྒྱ་ནག་ལ་སོགས་པ་རྣམས་སུ་སྤེལ་བར་བཀའ་བསྒོས་པས་ལུང་གི་དོན་མངོན་དུ་གྱུར། དེས་ན་སྐྱེས་བུ་ཆེན་པོ་འདི་གཉིས་ནི་རྫོགས་ཆེན་བསྟན་པའི་བདག་པོ་སྒོ་ཐམས་ཅད་ནས་འགྲན་ཟླ་དང་བྲལ་བ་ཡིན་ཅིང་། གཉིས་ཀའི་བླ་མ་རིག་འཛིན་ཀུ་མཱ་ར་ཡིན་པ་དང་། ཀརྨ་སྙིང་ཐིག་ཀྱང་ཚིག་གི་བརྗོད་པ་ཕྲན་བུའི་ཁྱད་པར་ལས་ཚིག་དོན་གཉིས་ཀའི་ཆར་བི་མ་སྙིང་ཐིག་དང་ཁྱད་པར་ཅིའང་མེད་པ་མ་ཟད་གོང་མ་རྣམས་ལ་བི་མ་སྙིང་ཐིག་མ་བུ་དང་ཀརྨ་སྙིང་ཐིག་གི་བརྒྱུད་སྲོལ་ཆུ་བོ་གཅིག་འདྲེས་སུ་གྱུར་པས་ཉམས་ལེན་དང་འཆད་སྤེལ་གང་བྱས་ཀྱང་གཅིག་གོ་གཅིག་ཆོད་ངེས་པར་ཡོང་བ་ཡིན་ཅེས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་ཀྱིས་ཡང་ཡང་གསུངས། འོན་ཀྱང་འདིར་གཙོ་བོར་འཆད་བྱ་སྙིང་ཐིག་མ་བུའི་བརྒྱུད་སྲོལ་ནི། ཀུན་མཁྱེན་ཀློང་ཆེན་པ་ལ། དོན་གཉིས་མཐའ་རུ་ཕྱིན་པའི་སློབ་མ་སྐྱེས་ཆེན་མང་དུ་བྱོན་པ་ལས། བརྒྱུད་པ་གཙོ་ཆེ་བའི་དབང་གིས་མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་འདིར་འདྲེན་ཅིང་། དེས་འཇམ་དབྱངས་གྲགས་པ་འོད་ཟེར། དེས་འཁྲུལ་ཞིག་སངས་རྒྱས་དབོན་པོ། །དེས་ཀུན་མཁྱེན་ཟླ་བ་གྲགས་པ། དེས་གྲུབ་ཆེན་ཀུན་བཟང་རྡོ་རྗེ། དེས་མཚུངས་མེད་རྒྱལ་མཚན་དཔལ་བཟང་། དེས་སྤྲུལ་སྐུ་སྣ་ཚོགས་རང་གྲོལ། དེས་གྲུབ་མཆོག་བསྟན་འཛིན་གྲགས་པ། དེས་མཁས་གྲུབ་མདོ་སྔགས་བསྟན་འཛིན། དེས་རིག་འཛིན་ཕྲིན་ལས་ལྷུན་གྲུབ། དེས་ཆོས་ཀྱི་རྒྱལ་པོ་ༀ་རྒྱན་གཏེར་བདག་གླིང་པ་ལ་གནང་། རྗེ་འདིའི་ཕྱག་བཞེས་སུ་བི་མ་ལའི་མན་ངག་སྙིང་ཐིག་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དང་། དེ་ཉིད་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱིས་སྙིང་ཐིག་རྩ་བའི་ཟབ་གནད་གསལ་བྱེད་དུ་མཛད་པའི་བླ་མ་ཡང་ཐིག་གཉིས་གདམས་ཁྲིད་སོ་སོར་རང་རྐང་དུ་འཆད་པའང་ཡོད་མོད། གཙོ་བོར་རྩ་བ་མ་བུ་གཉིས་གང་ལ་བརྟེན་ཀྱང་དམིགས་པའི་རྐང་གྲངས་སེམས་སྦྱོར་བདུན་སོགས་ངོ་བོ་མཐུན་པ་རྣམས་གཅིག་ཏུ་བྱས་ཤིང་། སྒོས་ཆོས་བྱེ་བྲག་པ་རྣམས་མན་ངག་གཉིས་བསྡེབས་ནས་མཛད་པའི་ལུགས་སྲོལ་འདི་གནས་སྐབས་སུ་འཇུག་པ་བདེ་ཞིང་། དོན་གྱི་ཉམས་ལེན་མ་ནོར་ཚང་ཕྲུགས་སུ་འདེབས་པའི་ཟབ་གནད་གཅིག་གྲོགས་གཅིག་འགྲོའི་གནད་ཀྱིས་གཉིས་ཀའི་གདམས་ཁྲིད་ཐོབ་པའི་ཀུན་གོ་གཅིག་ཆོད་དུ་འགྱུར་བར་མཛད་པའི་རྒྱུན་ནི་ད་ལྟའི་ཕྱག་བཞེས་འདི་ཉིད་ཡིན་ནོ། །གཏེར་ཆེན་བླ་མས། རང་སྲས་བི་མའི་སྤྲུལ་པ་འགྱུར་མེད་རིན་ཆེན་རྣམ་རྒྱལ་དང་། རྗེ་བཙུན་མ་མི་འགྱུར་དཔལ་གྱི་སྒྲོན་མ་སོགས་ལ་སྩལ་ཞིང་། ཕྱི་མ་ནི་ཐལ་འགྱུར་ལས། དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་སུ་དར། །དེ་ནས་མི་གནས་རང་ས་འོ། །ཞེས་པའི་ལུང་གིས་བསྟན་པ་ལྟར་མཁྱེན་རྟོགས་འགྲན་ཟླ་དང་བྲལ་ཞིང་བསྟན་པའི་རྒྱན་ལ་བཀའ་དྲིན་ལྷག་པར་ཆེ་བ་དང་། ཁྱད་པར་སྙིང་ཐིག་མ་བུའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་སོགས་སྙིང་ཐིག་གདམས་སྲོལ་གྱི་མིག་ཏུ་གྱུར་པའི་ཡིག་ཆའང་མང་དུ་མཛད་ཅིང་། ལྕམ་དྲལ་དམ་པ་དེ་གཉིས་ཀྱིས་གཡུ་སྒྲའི་སྤྲུལ་པ་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། དེས་གནུབས་ཆེན་ཡང་སྲིད་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། དེས་གཏེར་ཆེན་རྣམ་འཕྲུལ་ཁྲི་ཆེན་པདྨ་དབང་རྒྱལ། དེ་ལ་དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས་གསན་པ་ལས་བརྒྱུད་དེ་དབང་ལུང་ཚང་མ་སྐྱེས་ཆེན་དམ་པ་མགོན་སྤྲུལ་ཀརྨ་གཞན་ཕན་མཐའ་ཡས་ལས་ཐོག་མར་ནོས། ཡང་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་ནས་རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། དེ་ལས་པཎ་ཆེན་བི་མ་ལའི་རྣམ་འཕྲུལ་ཀློང་ཆེན་གཉིས་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་གསན། དེས་ཁོ་བོ་ཅག་ལ་ཐུགས་བརྩེ་བ་ཆེན་པོས་སྨིན་གྲོལ་རྒྱ་མཚོ་ལྟ་བུའི་བཅུད་དུ་སྩལ་བ་ནི་དབང་ལུང་ཁྲིད་དང་ཉམས་རྟོགས་བར་མ་ཆད་པའི་བརྒྱུད་ཚུལ་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་ལ། སྤྱིར་སྙིང་ཐིག་ཡ་བཞི་ཞེས་ཡོངས་སུ་གྲགས་པ་ལ་གཉིས་བི་མ་དང་། གཉིས་པདྨ་སྙིང་ཐིག་ཡིན་ལ། དེའི་ངོས་འཛིན་རྙིང་ཕྱོགས་ཕལ་མོ་ཆེས་བི་མའི་སྙིང་ཐིག་ཆེན་མོ། དེའི་བཅུད་འདྲིལ་བླ་མ་ཡང་ཏིག་གཉིས། ལས་འབྲེལ་རྩལ་གྱི་གཏེར་མ་མཁའ་འགྲོ་སྙིང་ཐིག །དེའི་ཟབ་གནད་མཁའ་འགྲོ་ཡང་ཏིག་སྟེ་བཞིར་བཞེད་ལ། ཡང་ཏིག་གཉིས་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་དགོངས་པའི་གཏེར་ལས་འཁྲུངས་པ་དང་། ཀོང་པོ་རྫོགས་ཆེན་པ་དང་རིག་འཛིན་ཚེ་དབང་ནོར་བུ་སོགས་ནི། བི་མ་སྙིང་ཏིག་མ་བུ་གཉིས་སོ་སོར་བགྲང་། མཁའ་འགྲོ་སྙིང་ཏིག་མ་བུ་གཅིག་ཏུ་བསྡམས། དེ་སྟེང་རྡོར་སེམས་སྙིང་ཏིག་བཅས་བཞིར་བཞེད་ཅིང་ཕྱི་མ་ལ་བཀའ་བབ་རིམ་པ་གསུམ་མཆིས་པ་འདི་ནི་བཻ་རོའི་སྙིང་ཏིག་གི་མཚན་གཞིའོ། །ཡང་ཁ་ཅིག་ནི་རྡོར་སེམས་སྙིང་ཐིག་མི་བགྲང་བར་ཀརྨ་སྙིང་ཐིག་བཅས་བཞིར་བྱེད་པའང་སྣང་ལ། རྗེ་རང་བྱུང་བས་ལས་འབྲེལ་རྩལ་ལ་མཁའ་འགྲོ་སྙིང་ཏིག་གསན་པའི་གཏེར་བརྒྱུད་ཀྱང་ད་ལྟའི་བར་ཟམ་མ་ཆད་པར་བཞུགས་པ་དང་། ཁོ་བོ་ཅག་གིས་ཀྱང་དེ་དག་ཐམས་ཅད་སྐལ་པ་བཟང་པོའི་དཔྱིད་དུ་ནོས་པས་སྒོ་ཐམས་ཅད་ནས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་མ་ཟད། ཀརྨ་སྙིང་ཐིག་སྒེར་གྱི་བརྒྱུད་པའང་རང་བྱུང་ཞབས་ནས་ཉམས་ཁྲིད་བར་མ་ཆད་པ་རིམ་པར་བརྒྱུད། དཔལ་ལྡན་དཔལ་བོ་རྡོ་རྗེ་གཙུག་ལག་དགའ་བ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། དཔའ་བོ་གཙུག་ལག་ཆོས་རྒྱལ། ཐམས་ཅད་མཁྱེན་པ་རྒྱལ་དབང་ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེས་ལུང་ཁྲིད་ཀྱི་ཚུལ་དུ་བཀའ་དྲིན་སྩལ་བའོ། །འདིར་མདོ་ཙམ་སྨོས་པ་ཡིན་ལ། རྒྱས་པར་ན་གསང་བ་སྙིང་ཐིག་གི་བབ་ལུགས་ཆེན་མོའམ། ཡང་ཏིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ། གཏེར་ཆེན་རིན་པོ་ཆེས་མཛད་པའི་སྙིང་ཐིག་མ་བུའི་བརྒྱུད་པའི་ཁ་སྐོང་ངེས་ཤེས་འདྲེན་པའི་ལྕགས་ཀྱུ་རྣམས་སྐབས་འདིར་འཆད་པར་བྱའོ། །གཉིས་པ་སྨིན་པར་བྱེད་པ་དབང་ལ་གཉིས། གཞི་དབང་བསྐུར། སྲོག་དམ་ཚིག་གོ། །དང་པོ་ནི། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །སྐལ་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་གསུངས་ཏེ། དེའི་སྤྱིར་ཡོ་ག་རྣམ་པ་གསུམ་གྱི་སྐབས་འདིར་ཐེག་པ་འོག་མ་ལྟར་དཀའ་སྤྱད་སོགས་ལ་མ་བརྟེན་པར། དུག་ལྔ་ལམ་ཁྱེར་གྱི་གདམས་པས་རྣམ་སྨིན་ཀུན་རྟོག་གི་བག་ཆགས་ཐབས་ཁྱད་པར་ཅན་གྱིས་སྦྱོང་ཞིང་། རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྟོན་པར་བྱེད་པ་སྟེ། ཨ་བྷི་ཥིཉྩའི་སྒྲ་ལས་གཏོར་བའམ་བླུགས་པ་ཞེས་འབྱུང་བས་མེད་སྣང་འཁོར་བའི་བག་ཆགས་མ་ལུས་པ་དག་པར་བྱེད་པའི་ཆ་ནས་གཏོར་བ་དང་། གཞིའི་ངོ་བོ་གདོད་ནས་སྐུ་གསུམ་རང་ཆས་སུ་བཞུགས་པ་ཉིད་མཐོང་གསལ་དུ་བྱེད་པས་བླུགས་པའང་ཡིན་ཅེས་གསུངས་ལ། ཁྱད་པར་འདིར་ནི་སྣང་སྲིད་ཡེ་དག་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་བཞིན་སྤྲོས་བྲལ་རྫོགས་པ་ཆེན་པོར་དབང་བསྐུར་ནས་གཅེར་མཐོང་དུ་ངོ་སྤྲོད་པའོ། །དེ་ཡང་གང་ཟག་དབང་རབ་རྣམས་ནི་དབང་དུས་སུ་གྲོལ་བ་ཐོབ་པ་དང་། འབྲིང་གིས་བརྡ་དོན་འཕྲོད་དེ་ཡེ་ཤེས་ཕེབས་པ་དང་། ཐ་མས་ཀྱང་རྒྱུད་ལ་ཐར་པའི་ས་བོན་འཇོག་པ་ཡིན་ཏེ། དབང་གི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ། སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པ། ཞེས་གསུངས་པས་སོ། །འདིར་མན་ངག་མ་བུ་གཉིས་བསྡེབས་ཀྱི་ཚུལ་དུ་གནང་ཡང་དབང་རྣམས་བླ་མ་ཡང་ཐིག་གི་ནང་ལྟར་དང་། བསྐུར་ལུགས་ཀྱང་དང་པོ་ཁྲིད་ཀྱི་སྔོན་དུ་སྤྲོས་བཅས་ཀྱི་དབང་། ཁྲེགས་ཆོད་ཀྱི་སྔོན་དུ་སྤྲོས་མེད། ཐོད་རྒལ་གྱི་སྔོན་དུ་ཤིན་ཏུ་སྤྲོས་མེད་དང་རབ་ཏུ་སྤྲོས་མེད་གཉིས་སྤྲེལ་མར་མཛད་པ་ཕྱག་བཞེས་ཡིན་ནོ། །གཉིས་པ་དམ་ཚིག་ནི། ཐལ་འགྱུར་ལས། དབང་རྟེན་པ་ཡི་དམ་ཚིག་ནི། །བྱེ་བྲག་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང་། །ཞེས་པས་བསྲུང་བྱའི་དོན་ལས་ནམ་ཡང་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། ཕྲ་རྒྱས་ལས། གང་ཞིག་ནན་ཏན་ལས་མི་འགོངས། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་སོ། །དབྱེ་ན་སྐུ་གསུང་ཐུགས་རེ་རེར་ཕྱིའི་ཕྱི། ཕྱིའི་ནང་། ཕྱིའི་གསང་བ་དང་། དེ་བཞིན་ནང་གསང་གཉིས་ལའང་སྦྱར་བས་རྣམ་གྲངས་ཉི་ཤུ་རྩ་བདུན། གཞན་ཡང་གསང་སྔགས་ཀྱི་དམ་རྫས་ཤ་ལྔ་དང་བདུད་རྩི་ལྔ་སོགས་གསང་བར་འོས་པ་དང་། བླ་མ་དང་མཆེད་རྣམས་ཀྱིས་སྤང་བླང་བསྟན་པ་རྣམས་གསང་བར་གཉེན་གཏད་པ་སྟེ། མདོར་ན་རང་གིས་ཇི་ལྟར་ཁས་བླངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་བག་ཡོད་དྲན་ཤེས་མ་བྲལ་བའི་སྒོ་ནས་བསྲུང་དགོས་ཏེ། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། དམ་ཚིག་ས་གཞི་ལྟ་བུ་ལ། །ཐམས་ཅད་འབྲས་བུ་ལོ་ཏོག་སྨིན། །ཞེས་དང་། དམ་ཚིག་མཆོག་གི་རྒྱུད་ལས། འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེས་སོགས་གསུངས་པས། ཉམས་ལེན་དངོས་གཞི་འབྲས་བུ་རྒྱུད་ལ་སྐྱེ་མིན་ཐམས་ཅད་འདི་ལ་རགས་ལས་སོ། །གསུམ་པ་གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་བསྟན་པ་ལ་གསུམ། བརྩོན་འགྲུས་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བ་བསྟན་པའོ། །དང་པོ་ནི། དམིགས་གཏད་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་ཉམས་སུ་ལེན་པའི་སྒོམ་ཁྲིགས་ཆེན་མོ་ལས། དང་པོ་རིགས་པ་གཅེར་མཐོང་ལ་ཡིད་མ་ཆེས་ན། གྲུབ་མཐའ་ངན་པར་ལོག་པར་འབྱུང་དོགས་སྲིད་པས། སྔོན་དུ་བྱང་ཆུབ་སེམས་སྦྱོང་གི་མན་ངག་ལ་བསླབ་པར་བྱའོ། །དེ་ནས་སེམས་འབྱོངས་པའི་དྲོད་རྟགས་གཏན་ལ་ཕེབས་པ་དང་། གསང་སྔགས་གཞན་དག་གི་མན་ངག་གིས་ལམ་དུ་དྲངས་ཏེ། གང་ཟག་ཆགས་པ་ཅན་དང་ཆགས་པ་མེད་པ་གཉིས་སུ་བྱས་ནས། རྩ་དང་རླུང་དང་ཐིག་ལེ་ལ་བསླབ་པར་བྱའོ། །དེ་ལྟ་རྩ་རླུང་གི་དྲོད་རྟགས་གཏན་ལ་ཕེབས་ནས། །དྲན་པ་རྒྱུན་གཅོད་ཀྱི་མན་ངག་གིས་རིག་པ་ཉིད་འབྱུང་བ་ལས་ལྡོག་པར་བྱའོ། །དེ་ལྟར་འབྱུང་བ་ལྔ་ལས་བཟློག་ནས། སྦས་པ་མིག་འབྱེད་ཀྱི་མན་ངག་གིས་སྤྱོད་པ་སྒོམ་པ་ལྟ་བ་འབྲས་བུའི་འདུག་ཚུལ་བལྟ། ཞེས་དང་། སྤྱོད་པ་སོགས་བཞི་སྐོར་གྱི་གདམས་པའི་ཁྲིད་ཚུལ་རྒྱས་པར་བསྟན་པ་དང་ཡང་ཏིག་ཡིད་ཞིན་ནོར་བུའི་རྩ་བའི་ས་བཅད་ཟུང་འབྲེལ་ལག་ཏུ་ལེན་པ་ལ་དོན་གསུམ་དུ་བསྡུས་ཏེ། ལམ་སྒོམ་པའི་སྣོད་རུང་དུ་བྱ་བ་སྔོན་འགྲོའི་ཁྲིད་བསྟན་པ། དངོས་གཞི་སེམས་རིག་གཏན་ལ་འབེབས་པ་འོད་གསལ་སྙིང་པོའི་དོན་ཁྲིད་བསྟན་པ། རྗེས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཚུལ་བསྟན་པའོ། །དང་པོ་ལ་ལྔ། ཟབ་ལམ་སྒོམ་པའི་མཚམས་སྦྱོར་མེད་དུ་མི་རུང་བ་ཐུན་གྱི་སྔོན་འགྲོ་བསྟན་པ། གསང་བ་སྙིང་ཏིག་གི་ཁྱད་ཆོས་སེམས་སྦྱོང་བདུན་གྱིས་ལམ་གྱི་གཞི་བཅའ་བ། ཐུན་མོང་སྔོན་འགྲོ་བཞི་སྦྱོར་གྱིས་རྒྱུད་དག་པར་བྱེད་པ། གསང་སྔགས་སྤྱི་མཐུན་གྱི་ཐབས་ལམ་རླུང་ཐིག་གིས་ལུས་སེམས་སྦྱོང་བ། དྲན་པ་རྒྱུན་གཅོད་ཀྱི་མན་ངག་གིས་འབྱུང་ལྔ་རང་སར་དེངས་པར་བྱེད་པའོ། །དང་པོ་ཐུན་གྱི་སྔོན་འགྲོ་ནི། གནས་དབེན་པར་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་དྲང་པོར་བསྲང་། དེའང་ཁྲིད་རིམ་སྒོམ་ཕྱིན་ཆད་སྤྱི་དང་བྱེ་བྲག་གི་ལུས་གནད་སྐབས་སུ་བབས་པར་འཆའ་བ་ལས། ལུས་ཉལ་བ་དང་བསྙེས་པ་སོགས་ཐ་མལ་དུ་ནམ་ཡང་སྡོད་མི་རུང་སྟེ། དེའི་རྒྱུ་མཚན་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་ཞ་བོ་དང་འདྲ་བས་བྱེད་པ་བཅིངས་ན་སྲང་སྒོ་ཁེགས་པས་མི་རྟ་ནང་དུ་ཚུད་དེ་འགྲོ་མི་ཐུབ་པ་དང་འདྲ་སྟེ། དཔེར་ན་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན། ལུས་མ་གཅུན་ན་སེམས་མི་གནས་པས་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བ་ཞེས་གོང་མ་རྣམས་ཀྱིས་ཟབ་མོའི་གདམས་ངག་གི་རྐང་དང་པོར་མཛད་དོ། །དེ་ནས་ཐུན་དང་པོར་རླུང་རོ་དགུ་ཕྲུགས་འོག་མ་རྣམས་ལ་སུམ་ཕྲུགས་སུ་བསལ་ཏེ། དེའང་དང་པོ་ནི། སྣ་བུག་གཡོན་ནས་ཆུང་འབྲིང་ཆེ་གསུམ། དེ་ནས་གཡས་ནས་གསུམ། གཉིས་ཀ་ཆབ་གཅིག་ཆུང་འབྲིང་ཆེ་གསུམ་བསལ་བའོ། །གཉིས་པ་ནི་གཡོན་གཡས་དབུས་ནས་ལན་རེ་བསལ། དེའི་ཚེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་གེགས་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་འུབ་ཀྱིས་འདུས་ནས་སྣ་སྒོའི་རླུང་དང་འགྲོགས་ཏེ་ཕྱིར་སང་སང་སོང་བས་ལུས་ཀྱི་ནང་བཤལ་བཏང་བ་ལྟར་དག་པར་གྱུར་སྙམ་དུ་བསམ་མོ། །འདི་ནི་དཔེར་ན་བཅུད་བཟང་པོ་ཞིག་བླུགས་པར་བྱེད་པ་ལ་སྔ་ལོགས་སུ་སྣོད་བཀྲུ་བཤལ་བྱེད་པ་ལྟ་བུའོ། །དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མན་ངག་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད་དུང་བ་ཞིག་སྔོན་དུ་བཏང་རྗེས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་པས་རང་གི་སྤྱི་བོར་པདྨ་དང་ཉི་ཟླའི་གདན་ལ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ཉིད་དཔལ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན། མཚན་དཔེ་རབ་ཏུ་རྫོགས་པའི་སྐུ་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཉིས་རྡོར་དྲིལ་འཛིན་ཅིང་ཞབས་སེམས་སྐྱིལ་གྱིས་བཞུགས་པ་ཞིག་གསལ་བཏབ་ནས་ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་ཙམ་མམ། དེ་མཐར། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་ཞེ་ཐག་པ་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པས། བླ་མའི་ཞབས་གཡས་པའི་མཐེ་བོང་ལས་བདུད་རྩི་དཀར་པོའི་རྒྱུན་བབས། རང་གི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་རིག་པ་འཛིན་མེད་དུ་འཇོག །འདི་ལ་རིག་འཛིན་ཚེ་དབང་ནོར་བུའི་གསུང་རྒྱུན་དུ་བླ་མ་གཞིའི་ཀུན་བཟང་གི་རྣམ་པར་མདུན་མཁར་ཐིག་ལེ་སྔོན་པོའི་དབུས་སུ་བསྒོམས་ནས་གསོལ་བ་བཏབ་རྗེས་ཧཱུྃ་མཐིང་གར་གྱུར་པ་འཆད་འགྱུར་རྡོ་རྗེའི་ལྟེ་བར་བྱོན་པར་མོས་གསུངས། འདི་ཉིད་ཀུན་མཁྱེན་གྱི་གཞུང་ཁྲིད་དུ་དངོས་སུ་མ་བསྟན་ཀྱང་རྡོ་རྗེ་ལམ་བསྟན་ནས་ཐུན་མཚམས་ཐམས་ཅད་དུ་བསྒོམ་པར་གསུངས་པ་ལྟར་འདིར་ཕྱག་བཞེས་སུ་མཛད་ཅིང་། དེར་བླ་མ་དངོས་སམ་རྡོར་སེམས་གང་རུང་དུ་བསྒོམ་པར་གསུངས་པ་ལྟར་རང་བྱུང་ཞབས་ཀྱིས་ཀྱང་དེ་ཉིད་དྲངས་པར་མཛད་དོ། །གང་ལྟར་དེའི་མཐར་རང་རྡོ་རྗེ་སྔོན་པོ་རྩེ་གསུམ་པར་བསྒོམས་ན་རྡོ་རྗེའི་འདུག་སྟངས་བྱས་པས་བར་ཆད་མེད་པའི་རྟེན་འབྲེལ་དང་། དོན་དམ་གྱི་སྲུང་འཁོར་མཆོག་ཏུ་འགྱུར་རོ། །གཉིས་པ་གསང་བ་སྙིང་ཏིག་གི་ཁྱད་ཆོས་སེམས་སྦྱོང་བདུན་གྱིས་ལམ་གྱི་གཞི་བཅའ་བ་ནི། ཟངས་ཡིག་ཅན་ལས། ཀྱེ་མ་ཀྱེ་མ། རིགས་ཀྱི་བུ་རྣམས་ཉོན་ཅིག །རིག་པ་མངོན་སུམ་གྱི་སྣང་བ་ལ་བློ་མི་ཕེབས་ཤིང་དབང་པོ་དམན་པ་སྐལ་བ་ཞན་པའི་མི་རྣམས་ཀྱིས་འདི་ལ་ཡིད་མི་ཆེས་པ་འགའ་འབྱུང་སྲིད་པས། དེ་དག་རྣམས་རིག་པ་མཐོང་བར་བྱ་བའི་ཆེད་དུ་འདི་རྣམས་ལ་བསླབ་པར་བྱ་བ་ཡིན་ནོ། །རྐྱེན་མེད་པའི་ཕྱོགས་སུ་ཕྱི་ནང་གི་བྱ་བ་བཏང་སྟེ། བསམ་གཏན་གྱི་འཇིག་པ་རྣམས་སྤངས་ལ་དང་པོ་སེམས་སྦྱང་བར་བྱའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་འདི་ལ་བདུན། མི་རྟག་པ། འཕྲལ་ཡུན་གྱི་བདེ་བ། རྐྱེན་དུ་མ། བྱས་པ་དོན་མེད། སངས་རྒྱས་ཀྱི་ཡོན་ཏན། བླ་མའི་མན་ངག །རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་རྣམས་སོ། །དང་པོ་མི་རྟག་པ་ལ་བསམས་ཏེ་སེམས་སྦྱོང་བ་ནི། ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག །ཉིན་མཚན་སྐད་ཅིག་ཐང་ཅིག་གིས་ཀྱང་མི་རྟག་པ་དང་། ནང་འབྱུང་བཞིའི་ཕུང་པོ་འགྱུར་ལྡོག་ཆུའི་ལྦུ་བ་སྤུངས་པ་དང་འདྲ་བ་མྱུར་དུ་འཇིག་ཅིང་སྙིང་པོ་མེད་པས་ཀྱང་མི་རྟག་པ་དང་། གསང་བ་ཕ་མ་གཉེན་འདུན་ཤི་བས་ཀྱང་མི་རྟག་པ་དང་། རང་ལའང་དེ་ལྟ་བུའི་གནས་སྐབས་ནམ་འབྱུང་ན་ཨང་། དེ་རིང་སང་ཙམ་ལའང་མི་འཆི་བའི་གདིངས་མེད་དེ། དོ་ནུབ་འཆིའམ་སང་འཆིའམ་སྙམ་དུ་སྙིང་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསམ་ཞིང་། སེམས་ཅན་གཞན་མཐོང་བ་ལའང་འདི་ཀུན་ཀྱང་འཆི་བ་ལས་མ་འདས་སོ། །ནམ་འཆིའམ་སྙམ་དུ་བསྒོམ་པའོ། །དེས་ན་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན། མི་རྟག་པའི་དཔེ་མཐོང་ནས་བློ་སྣ་ཐུང་དུ་སོང་བ་ནི་འབྱོངས་པའི་ཚད་དོ། །དེ་ལྟར་བསྒོམས་པས་འཁོར་བ་ལས་བློ་ལྡོག་པའི་དགོས་པ་ཡོད་དོ། །དེ་ཉིད་གསལ་གདབ་པའི་ཕྱིར། ཕྱི་རོལ་ཉིན་མཚན་དུས་བཞིའི་འགྱུར་ལྡོག་དང་། །ནང་གི་ཕུང་པོ་གསང་བ་གཉེན་འདུན་སོགས། །འདུས་བྱས་ཆོས་རྣམས་མི་རྟག་མྱུར་དུ་འཇིག །སྙིང་པོ་མེད་པ་ཆུ་ལྦུར་ལྟ་བུའོ། །ཞེས་འདོན་བསྒོམ་དུ་བྱའོ། །གཉིས་པ་འཕྲལ་གྱི་བདེ་བ་དང་ཡུན་གྱི་བདེ་བ་ལ་བསམ་སྟེ་སེམས་སྦྱོང་བ་ནི་ལས་མི་དགེ་བས་ངན་སོང་དང་སྡུག་བསྔལ་གྱི་རིགས་ཐམས་ཅད་བསྐྱེད་ལ། དགེ་བས་མཐོ་རིས་དང་བདེ་བའི་རིགས་ཐམས་ཅད་བསྐྱེད་ཅིང་། འཁོར་བ་མཐོ་དམན་གྱི་རང་བཞིན་ཟོ་ཆུའི་འཁྱུད་མོ་འདྲ་བ། འཕོ་ཞིང་རྟག་མི་ཐུབ་པ་འདི་མཚང་རེ་ཆེ། འཁོར་བར་མི་འཇུག་པའི་ཐབས་དམ་པ། ཐར་པའི་བྱང་ཆུབ་མ་གཏོགས་པར་ཡིད་བརྟན་མི་རུང་ཞིང་བསླུ་བ་འདི་ཡ་ཆ། ཐར་པའི་ལམ་དུ་ཞུགས་ན་འཕྲལ་གྱི་བདེ་བ་མཐོ་རིས་དང་ཡོན་ཏན་བཟང་པོ་རྒྱུད་ལ་འཐོབ་སྟེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་བཞིན་ནོ། །ཡུན་གྱི་བདེ་བ་བླ་ན་མེད་པའི་བྱང་ཆུབ་འགྲུབ་སྟེ་སངས་རྒྱས་རྣམས་བཞིན་ནོ། །དེ་བས་ན་གནས་སྐབས་དང མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་སྙམ་དུ་བསམ་མོ། །དེས་ན་ཐར་པའི་ལམ་དུ་མ་ཚུད་ན། དགེ་བ་བྱས་པས་མཐོ་རིས་སུ་སྐྱེས་ཀྱང་། སླར་ངན་སོང་དུ་འཁོར་བའི་ཕྱིར། བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་འདུག་ཨང་སྙམ་པ་སྙིང་ནས་བྱུང་བ་ནི་གོམས་པའི་ཚད་དོ། །དེས་ནི་འཁོར་བའི་སྡུག་བསྔལ་ལས་ཡིད་དབྱུང་ནས་སྐྱོ་ཤས་དྲག་པོ་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །དེ་གསལ་གདབ་པའི་ཕྱིར། དགེ་སྡིག་འབྲས་བུས་རིགས་དྲུག་གནས་སུ་འཁོར། །སྲིད་པའི་བདེ་འབྱོར་དུག་ཅན་ཁ་ཟས་བཞིན། །ལྟར་སྣང་བདེ་ཡང་ནམ་ཕུགས་སྡུག་བསྔལ་རྒྱུ། །ངེས་ལེགས་ཐར་པའི་ལམ་མཆོག་ཁོ་ནའོ། །གསུམ་པ་རྐྱེན་དུ་མ་ལ་བསམ་སྟེ་སེམས་སྦྱོང་བ་ནི། འཁོར་བར་སྐྱེས་དུས་ན་ཡིད་བརྟན་དང་བློ་གཏད་མི་འདུག་སྟེ། ཕན་བཏགས་ཀྱང་ཕན་ལན་དུ་གནོད་པ་བསྐྱལ་བ་དང་། ཟས་སྐོམ་ཟོས་ཀྱང་ནད་དང་འཆི་རྐྱེན་དུ་འགྲོ་བ་དང་། ཡོ་བྱད་བསགས་ཀྱང་དགྲ་རྐུན་གྱི་འདོད་པ་སྒྲུབ་པ་དང་། ཕན་དུ་རེ་ནས་གཉེན་བཤེས་སུ་བཏགས་པས་གནོད་པའི་དགྲར་འགྱུར་བ་དང་། གནོད་པ་མ་བྱས་ཀྱང་དོན་མེད་པའི་ངན་སྨྲས་དང་སྐུར་པར་འགྱུར་བ་དང་། གང་བྱས་ཀྱང་གཞན་གྱི་ཡིད་མི་མགུ་བ་དང་། ཟིན་པའི་དུས་མེད་པ་འདི་མཚང་རེ་ཆེ། སེམས་ཅན་གྱི་བསམ་སྤྱོད་ལ་སྙིང་ནས་བསམས་ན་གང་ལྟར་ཕན་བཏགས་ཀྱང་། ལ་ལ་མགུ་དུས་ལ་ལ་མི་མགུ། ཇི་ལྟར་བསམས་ཀྱང་མཐའ་གཅིག་ཏུ་ཕན་མེད། ཅིས་བྱས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན། ནད་རྐྱེན་དང་འཆི་རྐྱེན་གྲངས་མང་བ་འདི་དག་ལ་དངོས་སུ་ཕན་པ་མི་འགྲུབ་པས། བློ་ལྟོས་མི་བསླུ་བ་བླ་མ་དཀོན་མཆོག་ལས་གཞན་མེད་པའི་ཕྱིར་མོས་གུས་དང་མཆོད་པ་བྱས་ན་འདི་ཕྱིར་བདེ་བའི་རྒྱུ་ཡིན་པས། བློ་སྣ་དགེ་བ་འབའ་ཞིག་ལ་བསྒྱུར་དགོས་སྙམ་དུ་རྐྱེན་བཟང་ངན་སྔར་བྱུང་བ་དང་། ད་ལྟ་བྱེད་པ་དང་། ཕྱིས་བྱེད་འགྱུར་རྣམས་ལ་བསམ་ཞིང་། སྐྱོ་ཤས་དང་བློ་སྣ་བསྟུང་བར་བྱའོ། །དེས་ན་རིགས་དྲུག་གི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་ཞིང་། ལས་སུ་དཀོན་མཆོག་དང་། བླ་མ་མཆོད་ན་ཅི་མ་རུང་སྙམ་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་དད་པ་སྔོན་དུ་འགྲོ་བའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། རྐྱེན་སྣང་འཁྲུལ་པའི་བྱ་བ་ཟིན་དུས་མེད། །ཇི་ལྟར་བྱས་ཀྱང་འདོད་ཐོག་བབ་མི་འགྱུར། །སྨིག་རྒྱུའི་ཆུ་ལ་རི་དྭགས་སྙེགས་པ་བཞིན། །དེ་བས་བློ་སྣ་དགེ་ལ་བསྒྱུར་བར་བྱ། །བཞི་པ་བྱས་པ་ཐམས་ཅད་དོན་མེད་པར་སེམས་སྦྱོང་བ་ནི། བདག་གིས་ཚེ་འདིའི་བྱ་བཞག །གཉེན་སྐྱོང་བ། དགྲ་འདུལ་བ། སོ་ནམ་ཞིབ་ཏིག །ཚོང་ཁེ་སྤོགས། ཁེ་གྲགས་ལོ་འདོད། ཆགས་སྡང་། ཞེ་སྡང་། གཞན་གྱིས་ཤ་ཚ་གྲོས་འདེབས། ཆེ་ཐབས་དང་། གཏམ་སྙན་འདོད་པ་ལ་སོགས་པ་ནས། གཉེན་གྲོགས་དང་ལྷན་ཅིག་ལོངས་སྤྱོད་དང་བཤེས་འདྲིས། གནས་ཁྱིམ་མཁར་ལས་ལ་སོགས་པ་ཅི་དང་ཅི་བྱས་ཀྱང་ཤི་བའི་ནངས་པར་འགྲོགས་ནས་མི་འགྲོ་བས་ཕན་མེད་དོ། །ཁར་སང་ཕན་ཆད་ཀྱི་བྱ་བྱེད་ཅི་དང་ཅི་བྱས་དྲན་པའི་ཡུལ་ཙམ་ལས་ཕྱིར་མི་འོང་བས་མདང་གི་རྨི་ལམ་དང་འདྲ། དེ་རིང་གི་སྣང་བ་དོ་ནུབ་ཀྱི་རྨི་ལམ་དང་འདྲ། སང་ཕན་ཆད་བྱེད་པ་རྣམས་ཀྱང་སང་དགོང་གི་རྨི་ལམ་དང་འདྲ་བ་ཞིག་ཡིན་པར་འདུག་པ་ལ། དོན་མེད་པའི་ཆགས་སྡང་དང་། འཐབ་རྩོད། སྙན་མི་སྙན། བདེ་སྡུག་གསོག་འཇོག་བྱ་བྱེད་རྣམ་པ་སྣ་ཚོགས་པ་ཞིག་གིས་དུས་འདས་པ་འདི་མཚང་རེ་ཆེ། འཇིག་རྟེན་གྱི་སྣང་བ་སྒྱུ་མའི་བསླུ་བྲིད་དུ་འདུག་པ། དེ་རིང་ལས་མ་གཏོགས་པ་ལིངས་ཀྱིས་བློས་བཏང་ལ། བླ་མ་དམ་པའི་གདམས་ངག་གཅིག་རྒྱུད་ལ་ཉམས་སུ་བླངས་དགོས་སྙམ་དུ་བསམ་མོ། །དེ་ནས་སྣང་བ་གང་ལའང་བློ་གཏད་མེད་པས་བླ་མའི་གདམས་ངག་ཞིག་ཐོབ་པར་བྱ་དགོས་སྙམ་པ་དུང་གིས་བྱུང་བ་ནི་འབྱོངས་པའི་ཚད་དོ། །དེས་ནི་བླ་མའི་གདམས་ངག་ལ་འཇུག་པའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། འཇིག་རྟེན་བྱ་བཞག་དོན་མེད་ཆགས་སྡང་གཞི། །གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟར། །སྣང་བ་སྒྱུ་མས་བསླུས་པ་མཚང་རེ་ཆེ། །ལིངས་ཀྱིས་བོར་ཏེ་ཟབ་མོའི་གདམས་ངག་བསྒོམ། །ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་ལ་བརྟེན་ནས་སེམས་སྦྱོང་བ་ནི། འཁོར་བའི་ཉེས་པ་ཐམས་ཅད་ལས་འདས་པ་ནི་སངས་རྒྱས་ཏེ། སྐུ་མཚན་དང་དཔེ་བྱད་འབར་བ། གསུང་ཆོས་ཀྱི་འཁོར་ལོ་བསྐོར་བ། ཐུགས་ཡེ་ཤེས་ཀྱི་ངང་ལས་མི་གཡོ་བ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་འདྲེན་པ་དམ་པ་གཙོ་བོ་གཅིག་པུ་སྐྱབས་དང་དཔུང་གཉེན་དུ་གྱུར་པ་ཡིན་པས་ཐོབ་པར་བྱ་དགོས། སངས་མ་རྒྱས་ན་ཕན་མི་འདུག་སངས་རྒྱས་ཐོབ་པར་བྱེད་པ་ལའང་ལམ་མ་བསྒོམས་ན་མི་ཐོབ་པས། ཅིས་ཀྱང་བསྒོམ་དགོས། གྲུབ་ཐོབ་གོང་མ་ངོ་མཚར་ཅན་རྣམས་ཀྱི་རྗེས་བསྙགས་ལ་སྒྲུབ་པ་རྩེ་གཅིག་ཏུ་བྱ་དགོས། ཁོང་རྣམ་པས་དཀའ་བ་དུ་མ་སྤྱོད། གཅིག་པུར་དབེན་པར་བསྒོམས་པས་གྲོལ་བ་ལྟར་བདག་གིས་ཀྱང་ཚེ་འདིའི་བྱ་བ་བློས་བཏང་ལ་གཅིག་པུར་དབེན་པའི་གནས་སུ་བསྒྲུབ་དགོས་སྙམ་དུ་བསམ་མོ། །དེས་ན་མ་བསྒོམས་ན་སངས་མི་རྒྱ་བས། ཅིས་ཀྱང་བསྒོམ་དགོས་སྙམ་པ་རྒྱུད་ལ་སྐྱེས་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་བསྒོམ་པ་ལ་བསྲན་ཚུགས་པའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། སངས་རྒྱས་སྐུ་གསུམ་ཡོན་ཏན་ཚད་མེད་ལྡན། །རང་ལ་ཡོད་པ་དེ་ཉིད་བསྒོམས་ན་ཐོབ། །སྐྱེས་བུ་འབྲུམ་ནད་འབྱོངས་བཞིན་མི་ལྡོག་པས། །གཏན་བདེའི་གོ་འཕང་དཀའ་བ་སྤྱད་ལ་བསྒྲུབ། །དྲུག་པ་བླ་མའི་གདམས་ངག་ལ་བསམ་སྟེ་སེམས་སྦྱོང་བ་ནི། འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ལས་སྒྲོལ་བའི་དེད་དཔོན་ནི་བླ་མ་ཡིན་ལ། སྒྲོལ་བའི་ཐབས་ཀྱི་གྲུ་བོ་ཆེ་ནི་བླ་མའི་གདམས་ངག་ཡིན་པས། ཇི་སྐད་གསུངས་པ་བཞིན་དུ་ཉམས་སུ་བླང་དགོས་ཏེ། མ་བླངས་ན་སྡུག་བསྔལ་གྱི་ནད་ཀྱིས་གཏན་དུ་གདུང་བའི་ཕྱིར་ན་བླ་མ་སྨན་པའི་རྒྱལ་པོ་ནི་བརྩེ་བ་ཆེན་པོ་སྟེ། གདམས་ངག་སྨན་གྱི་བདུད་རྩིས་ཉིན་མཚན་བསྲན་ཚུགས་པར་བྱས། ཉམས་སུ་བླང་དགོས་སྙམ་ནས་རྒྱུ་མཚན་དུ་མ་ལ་བསམ་སྟེ་བསྒོམས་པས། ཚེ་འདིའི་བྱ་བས་ཅི་བྱ། བླ་མའི་གདམས་ངག་ཁོ་ན་ཉམས་སུ་བླང་དགོས་སྙམ་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་བྱ་བ་གཞན་ལ་བློ་མི་འཇུག་པར་གདམས་ངག་ལ་རྩེ་གཅིག་ཏུ་འཇུག་པའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། བླ་མ་སྨན་པ་གདམས་ངག་བདུད་རྩིའི་བཅུད། །འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ་བོ་ཆེ། །ཐར་པའི་ཁང་བཟང་བགྲོད་པའི་ཐེམ་སྐས་མཆོག །ཉིན་མཚན་བསྲན་བཙུགས་དེ་དོན་ཉམས་སུ་བླང་། །བདུན་པ་རྣམས་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། དེ་ཡང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཅེས་གསུངས་པས་སྔོན་ཆད་མ་རིག་པའི་རྣམ་པར་རྟོག་པས་ཁམས་གསུམ་འཁོར་བའི་གནས་སུ་ཡང་ནས་ཡང་དུ་འཁོར་ཞིང་འཁྱམས་པས་སྡུག་བསྔལ་བར་འགྱུར་ལ། ད་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཞིག་བྱ་སྙམ་པའི་སྒོ་ནས་སྦྱོང་བ་སྟེ། དེ་ལའང་གསུམ། བདེ་སྟོང་། གསལ་སྟོང་། ཆོས་ཉིད་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སྦྱོང་བའོ། །དང་པོ་ནི། ལུས་གནད་ཆོས་བདུན་བཅས་ལ་རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ་ཕྱི་དཀར་ལ་ནང་དམར་བ། དྭངས་གསལ་སྦུབས་སྟོང་གི་ཡར་སྣ་ཚངས་བུག་དང་། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་དྲང་ཐལ་ལེར་གནས་པར་བསམ། དེ་ལྟར་གསལ་བའི་ཡས་སྣར་ཐབས་ཀྱི་རང་བཞིན་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་ལྟ་བདེ་བའི་རང་བཞིན་འཛག་ལ་ཁད་པ། མས་སྣར་ཤེས་རབ་ཀྱི་རང་བཞིན་ཨ་ཡིག་དམར་པོ་མགོ་བོ་གྱེན་བསྟན་འབར་ལ་ཁད་པ་ཞིག་གསལ་བཏབ། དེ་ལྟར་གསལ་བར་གྱུར་པ་དང་རླུང་རོ་གསུམ་ཕྲུགས་སུ་གསལ། དེ་ནས་སྟེང་རླུང་ནར་གྱིས་རྔུབས་རྗེས་འོག་རླུང་བསྐུམས་པས་ཨ་ལས་གཏུམ་མོའི་མེ་ཆོས་བཞི་ལྡན་གྱེན་དུ་འབར་བ་དབུ་མའི་ཁོང་སེང་དུ་དམར་ཁྱུག་གིས་སོང་། སྤྱི་བོའི་ཧྃ་ལ་རེག་པས་བྱང་སེམས་བདེ་བའི་རྒྱུན་སྐྱ་ནར་གྱིས་བབས་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་ལྟེ་བའི་ཨ་ཡིག་ལས་མེ་ཆེར་འབར། ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་དབུ་མ་དང་། ལུས་ནང་འཁོར་ལོ་བཞི་སོགས་གང་བས་བདེ་དྲོད་ཀྱི་ཡེ་ཤེས་སྐྱེས་པར་བསམ་ཞིང་། ཨ་ཧཾ་ལ་ཤེས་པ་མི་གཏོད་པར་སྙིང་གར་ཨ་ཡིག་དཀར་པོ་གསལ་ཞིང་འཚེར་བ་ཞིག་ལ་སེམས་བཟུང་སྟེ་བུམ་ཅན་ཁ་སྦྱོར་དུ་འཆིང་། མི་ཐུབ་ན་རྔུབ་ཆུང་བྱས་ལ་གཞིལ་བ་བྱ། དེ་ནས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་འཕང་ངོ་། །དེ་ལྟར་བུམ་ཅན་ཆེ་འབྲིང་ཆུང་གསུམ་གང་རུང་མ་གྲུབ་ཀྱི་བར་དུ་འབད་ཅིང་། མ་གོམས་བར་རླུང་ཧ་ཅང་གི་དྲགས་པ་མ་ཡིན་པར་འཇམ་ཞིང་རན་པར་བཟུང་བར་བྱ། དེ་ལྟར་གོམས་པས་བདེ་བས་ཐབས་བྱས་པའི་ཤེས་རབ་སྟོང་ཉིད་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གཉིས་པ་ནི། སྣ་བུག་གཉིས་ནས་རླུང་ཕྲ་ལ་རིང་བ་ཕྱིར་སང་གིས་བསལ་ལ། ཚོགས་དྲུག་གི་ཡུལ་སྣང་ཐམས་ཅད་ནམ་མཁའི་རང་བཞིན་དུ་སྔོ་མེར་གྱིས་ཞུ་བར་བསམས་པ་ལ་སེམས་གཏད་དེ་རླུང་ཕྱིར་མནན། དེ་ནས་རླུང་ནར་གྱིས་རྔུབས་པས་སྣང་ཡུལ་ནམ་མཁའི་རང་བཞིན་དུ་གྱུར་པ་དེ་ཉིད་སྣ་བུག་ནས་ཞུགས། ལྟེ་བར་སྔོ་མེར་གྱིས་གནས་པར་བསམས་ལ་བུམ་ཅན་ཁ་སྦྱོར་དུ་འཆིང་། དེ་ཡང་ལུས་ཚ་བ་ཤས་ཆེ་ན་རླུང་བསིལ་བའི་རང་བཞིན་དང་། གྲངས་བཤས་ཆེ་ན་རེག་བྱ་ཚ་བའི་རང་བཞིན་ཅན་དུ་བསྒོམ། དེ་ལྟ་བུའི་བུམ་ཅན་སྦྱོར་བ་བཞི་ལྡན་ལ་འབད་རྩོལ་ཆེན་པོས་བསྒོམས་པས་རླུང་ཡུན་རིང་བཀག་ཀྱང་ངལ་བ་མ་བྱུང་ན་གོམ་པའི་རྟགས་སུ་གསུངས་ཤིང་། དེས་ནི་གསལ་བས་ཐབས་བྱས་པའི་སྟོང་ཉིད་རྣམ་པར་མི་རྟོག་པ་རྒྱུད་ལ་སྐྱེའོ། །གསུམ་པ་ནི། ལུས་གནད་སྔར་ལྟར་ལས། ངག་གནད་རླུང་རང་བབས་སུ་བཞག །སེམས་གནད་དུས་གསུམ་གྱི་རྣམ་པར་རྟོག་པ་གང་ཡང་མི་མནོ་མི་སེམས་བཅས་བཅོས་མི་བྱ་བ་རང་བབས་བཟོ་མེད་དུ་འབོལ་ལེ་ཡེངས་མེད་དུ་ཧྲིག་གེར་འཇོག་གོ། །དེ་ལྟར་བཞག་པས་སེམས་གར་གཏད་ལ་ཟིན་ཅིང་། རྟོག་མེད་རང་གསལ་ནམ་མཁའ་ལྟ་བུའི་ངང་དུ་གནས་པ་ནི་གོམས་པའི་ཚད་དོ། །དེས་ནི་བྱང་ཆུབ་ཀྱི་སེམས་གོང་འཕེལ་དུ་འགྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་དོ། །དེ་གསལ་གདབ་པ་ནི། བདེ་གསལ་རྣམ་པར་མི་རྟོག་མཁའ་ལྟ་བུ། །བསམ་གཏན་དམ་པའི་བདེ་བས་རྒྱུད་དུལ་བ། །ཞིང་ས་གཤིན་པོར་ལོ་ཏོག་ལེགས་པ་བཞིན། །ཏིང་འཛིན་ཀུན་གྱི་གཞི་རྟེན་བསྒྲུབ་པར་བྱ། །ཞེས་འདོན་བསྒོམ་དུ་བྱའོ། །འདིར་རིག་འཛིན་ཆེན་པོའི་ཁྲིད་རྒྱུན་ཏུ། །མི་རྟག་པ་ལ་སེམས་སྦྱངས་མཚམས་སྐྱབས་འགྲོ། །སེམས་སྦྱོང་གཉིས་པའི་རྗེས་སུ་སེམས་བསྐྱེད། གསུམ་པ་དང་བཞི་པ་གཉིས་ཀྱི་རྗེས་སུ་མཎྜལ། ལྔ་པའི་རྗེས་སུ་རྡོར་སེམས་སྒོམ་བཟླས། དྲུག་པའི་རྗེས་སུ་བླ་མའི་རྣལ་འབྱོར། དེ་ནས་སེམས་སྦྱོང་བདུན་པའི་རྗེས་སུ་རླུང་ཐིག་བསླབ་པ་ལ་འཇུག་པར་མཛད་དོ། །གསུམ་པ་ཐུན་མོང་སྔོན་འགྲོ་བཞི་སྦྱོར་གྱི་རྒྱུད་དག་པར་བྱེད་པ་ནི། ཟངས་ཡིག་ཅན་དང་། ཀུན་མཁྱེན་ཆེན་པོའི་དོན་ཁྲིད་དུ་གསལ་ཁ་མ་གསུངས་ཀྱང་། ཡི་གེ་དམར་རུའི་རྒྱབ་ཡིག་ལས། དབེན་པའི་གནས་སུ་བསོད་ནམས་ཀྱི་ཚོགས་སྔོན་དུ་འགྲོ་བས། ཞེས་གཞུང་གི་ཤུགས་བསྟན་ཙམ་གྱི་གསུངས་ཤིང་། གཏེར་ཆེན་ཡབ་སྲས་སོགས་བརྒྱུད་པའི་བླ་མ་རྣམས་ཀྱིས་ཕྱག་བཞེས་བར་མ་ཆད་པ་སྟེ། དེ་ལ་ལྔ། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་སྐྱབས་འགྲོའི་ཁྲིད། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད། སྡིག་སྒྲིབ་སྦྱོང་བའི་སྙིང་པོ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་སྐྱབས་འགྲོ་ལ་གཉིས། ཀུན་རྫོབ་དང་། དོན་དམ་མོ། །དང་པོ་ནི། དེ་ཡང་རང་ཅག་རྣམས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དགེ་བའི་ལས་ཀྱིས་རེ་ཞིག་བདེ་འགྲོའི་གནས་སུ་སྐྱེས་ཀྱང་སྡུག་བསྔལ་སྤངས་པའི་ཐར་པ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ན་སྔར་བྱས་ཀྱི་དགེ་བའི་འཕེན་པ་ཟད་ནས་སླར་ཡང་ངན་སོང་དུ་ལྷུང་སྟེ། ཡུན་རིང་ལ་དོས་དྲག་པའི་སྡུག་བསྔལ་མི་བཟོད་པ་སྣ་ཚོགས་མྱོང་དགོས་པ་འདུག །དེ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད། དེ་ཡང་རང་ལ་དངོས་སུ་སྣང་བའི་སངས་རྒྱས་ནི་བླ་མ་དམ་པ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང ཐུགས་དང་དབྱེར་མེད་པའི་ཕྱིར། སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམས་པ་གསུམ་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་དུ་ལུས་སེམས་རྣལ་དུ་ཕབ། རང་གར་གནས་ཀྱིས་ཕྱོགས་དེ་ཉིད་རིན་པོ་ཆེ། སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་རབ་ཏུ་རྒྱས་པས་ནམ་མཁའི་ཁམས་ཀུན་ཡོངས་སུ་ཁྱབ་པའི་དབུས་ཀྱི་ཡལ་གའི་སྙིང་པོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་མཐོ་ཞིང་ཡངས་པའི་སྟེང་དུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད་རྣམ་པ་དཔལ་ཀུན་ཏུ་བཟང་པོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། སྐུ་མདོག་མཐིང་ག་གསལ་ཞིང་འཚེར་བའི་འོད་ཟེར་འཕྲོ་བ། དར་དང་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་སྤྲས་པ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེའི་ལང་ཚོ་རབ་ཏུ་རྫོགས་པའི་སྐུ་ཅན་དུ་གསལ་བའི་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། ཕྱོགས་བཞིར་གྱེས་པའི་ཡལ་ག་རྣམས་ལ་གདན་གྱི་བཀོད་པ་མཐོ་ཞིང་ཡངས་པ་རེ་རེ་གསལ་བར་གྱུར་པའི་མདུན་མ་ལ་ཁྱད་པར་གྱི་སངས་རྒྱས་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་གདན་ལ་ཐུན་མོང་གི་སངས་རྒྱས་སྟོན་པ་ཐུབ་པའི་དབང་པོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས་ཀྱིས་བསྐོར་བ། རྒྱབ་ཀྱི་གདན་ལ་ལུང་རྟོགས་ཀྱི་དམ་ཆོས་དཀོན་མཆོག་རྣམས་གླེགས་བམ་བརྩེགས་པའི་ཚུལ་དུ་བཞུགས་པ། གཡོན་གྱི་གདན་ལ་སྤྱན་རས་གཟིགས་དང་འཇམ་དཔལ་ཕྱག་རྡོར་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། འཕགས་པ་ཤཱ་རིའི་བུ་དང་མོ་འགལ་གྱི་བུ་སོགས་ཉན་ཐོས་ཀྱི་དགེ་འདུན་རྣམས་བཞུགས་པ། དེ་དག་གི་བར་མཚམས་རྣམས་སུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་བསམ། དེའི་མདུན་དུ་རང་དང་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེགས་པ་བཞིན་འཁོད་ཅིང་། ཐམས་ཅད་ཀྱང་ལུས་ངག་ཡིད་གསུམ་གུས་པ་ཆེན་པོ་དང་ལྡན་པས་སྐྱབས་འགྲོ་ལྷན་ཅིག་ཏུ་བྱེད་པར་མོས་ལ། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་དང་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ད་ལྟ་ཉིད་དུ་དྲང་ཞིང་བསྐྱབ་ཏུ་གསོལ་སྙམ་པའི་ཡིད་གཞན་དུ་མ་ཡེངས་པར། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །ཞེས་བརྒྱ་སྟོང་སོགས་ཅི་ནུས་སུ་འདོན་ཅིང་། །ཐུན་བསྡུ་བའི་ཚེ་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། དག་པའི་ཞིང་དུ་འུར་གྱིས་སོང་། བརྒྱུད་པའི་བླ་མ་དཀོན་མཆོག་གསུམ་སོགས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་རྩ་བའི་བླ་མའི་སྐུ་ལ་བསྡུས། རྩ་བའི་བླ་མ་ཡང་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་སྙིང་གར་སིབ་ཀྱིས་ཐིམ་པར་བསམས་ལ་སྐྱབས་སུ་འགྲོ་བྱ་འགྲོ་བྱེད་མི་དམིགས་པའི་ངང་དུ་ཅི་ནུས་མཉམ་པར་བཞག །ནུབ་མོ་ཉལ་བའི་ཚེ་ཚོགས་ཞིང་མ་བསྡུས་པར་དེ་ལ་སྔས་ཕྱོགས་པས་མོས་གུས་དུང་ངེ་བའི་ངང་ལ་གཉིད་དུ་འགྲོ་བར་བྱ་ཞིང་། ཐུན་མཚམས་རྣམས་སུའང་ཚོགས་ཞིང་གསལ་བཏབ་ལ་ཕྱག་མཆོད་སོགས་ལ་འབད་པ་གལ་ཆེའོ། །འདིར་རིག་འཛིན་ཆེན་པོའི་ཁྲིད་རྒྱུན་ཏུ། རང་གི་མདུན་གྱི་ནམ་མཁའི་དབུས་སུ་རྩ་བའི་བླ་མ་དེ་ཉིད་སྐུ་དངོས་ཀྱི་རྣམ་པ་ཕྱོགས་མཚམས་རྣམས་སུ་སྐྱབས་ཡུལ་རྣམས་སྤྲིན་ཕུང་འཁྲིགས་པའམ་མེ་ཏོག་གི་ཚོམ་བུ་བཀྲམ་པའམ་ནམ་མཁའི་སྐར་མ་བཞིན་དུ་གོ་མཚམས་མེད་པར་ཁྱབ་པའི་ཚུལ་དུ་སྒོམ་ཞིང་སྐྱབས་ཡུལ་མཆོག་དམན་ལ་ལྟོས་པའི་སྟེང་འོག་མཐོ་དམན་དང་མཐའ་དབུས་ཀྱི་རྣམ་པ་ཙམ་མ་གཏོགས་ལྔ་ཚོམ་ལྟ་བུས་ཀ་དཔེ་མ་མི་དགོས་གསུངས། མཐར་སྐྱབས་ཡུལ་གཤེགས་བསྡུའི་སྤྲོས་པ་མེད་པ་དམིགས་མེད་དུ་འཇོག་པའི་ལུགས་སོ། །སྐྱབས་འགྲོའི་གོ་དོན་རྣམ་བཞག་ཕན་ཡོན་སོགས་སྤྲོ་ན་སྤྱི་ལྟར་འཆད་པར་བྱའོ། །གཉིས་པ་ནི། རང་གི་ལུས་ཀྱི་འཁོར་ལོ་བཞིའི་རྩ་འདབ་དགེ་འདུན། ཐིག་ལེ་ཆོས། རླུང་ལྔའི་དྭངས་མ་ཡེ་ཤེས་ལྔ་ནི། ཉོན་མོངས་པ་ཡེ་ནས་དག་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་རང་ངོ་ཤེས་ནས་བསྒོམ་སྙམ་དུ། རླུང་ལྔ་རྣམ་དག་དྭངས་མའི་སྐུ། །ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །སྐུ་གསུམ་མཛད་པ་མཐར་ཕྱིན་པའི། །དཀོན་མཆོག་གསུམ་ལ་རྟོགས་པས་འདུད། །ཅེས་ལན་ཅི་རིགས་བརྗོད་ལ་འོད་གསལ་གྱི་རང་ངོར་མཉམ་པར་བཞག་གོ། །གཉིས་པ་སེམས་བསྐྱེད་ལ་ལའང་གཉིས། ཀུན་རྫོབ་དང་། དོན་དམ་མོ། །དང་པོ་ནི། དོན་དམ་པར་གཟོད་མ་ནས་རྣམ་པར་དག་ཀྱང་། ཀུན་རྫོབ་འཁྲུལ་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འབྲས་བསམ་གྱིས་མི་ཁྱབ་པ་ལ་རྟག་པར་ལོངས་སྤྱོད་པའི་མ་རྒན་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པ་དང་། རང་གི་རིག་པ་མངོན་སུམ་གྱི་ཡེ་ཤེས་ལམ་སྣང་བ་རྣམ་པ་བཞི་ཉམས་སུ་བླང་སྙམ་པའི་སེམས་སྔ་ན་མེད་པ་བསྐྱེད་ལ། ཨེ་མ་ཧོཿ མ་རིག་འཇིག་རྟེན་མུན་པའི་ཀློང་། །རང་གི་ཐབས་ཤེས་སྒྲོན་མེ་ཡིས། །རང་ལ་གནས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་རྟོགས་པར་བྱའོ། །ཞེས་ལན་གྲངས་ཅི་ནུས་བརྗོད་ལ་སྨོན་པ་སེམས་བསྐྱེད། དབྱིངས་ཀ་དག་ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་དང་། ཡེ་ཤེས་ལྷུན་གྲུབ་རང་རིག་སྐུ་གསུམ་གྱི་ངོ་བོ་སྤྲོས་པའི་མཐའ་བཞི་ལས་འདས་པ་ཚིག་དང་ཡི་གེ་མེད་པའི་དོན། སྨྲ་བསམ་བརྗོད་མེད་ཆེན་པོ་ཉིད་རང་ངོ་ཤེས་པར་བྱ་སྙམ་དུ། ཨེ་མ་ཧོཿ སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས། །སྐུ་གསུམ་ངོ་བོ་མཐའ་བྲལ་གཞི། །ཚིག་ལས་འདས་པའི་རང་བྱུང་དེ། །ད་ལྟ་ཉིད་དུ་རྟོགས་པར་བྱའོ། །ཞེས་ལན་གྲངས་ཅི་ནུས་སུ་བརྗོད་ལ་འཇུག་པ་སེམས་བསྐྱེད་དོ། །གཉིས་པ་ནི། དོན་དམ་པར་ཆོས་ཐམས་ཅད་གདོད་མ་ནས་སྤང་བླང་བཅིང་གྲོལ་མེད་པ་མཉམ་རྫོགས་ཆེན་པོའི་རང་བཞིན་དུ་སངས་རྒྱས་པས་འཁོར་བ་དང་མྱང་འདས། སངས་རྒྱས་དང་སེམས་ཅན། བདག་གཞན་བཟང་ངན་ཐ་དད་དུ་གྲུབ་པ་མེད་པ་ཡིན་པ་ལ་ཡིན་པར་ཤེས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཡེ་གྲོལ་ཆོས་སྐུའི་དགོངས་པར་རང་ཆས་ལྷུན་འབྱམས་ཆེན་པོའི་ངང་དུ་ལ་ཟླ་བར་བྱའོ་སྙམ་པས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བརྗོད། གཞན་ཡང་སྤྲོ་ན་ཀུན་རྫོབ་བྱང་སེམས་ཀྱི་ཉམས་ལེན་གཙོ་བོར་དབུགས་འབྱུང་འཇུག་དང་སྦྱར་བའི་བདེ་སྡུག་གཏོང་ལེན་གྱི་དམིགས་པ་དང་། འཁོར་གསུམ་རང་བཞིན་མེད་པ་དོན་དམ་སེམས་བསྐྱེད་ཀྱི་རང་ངོ་ལ་མཉམ་པར་བཞག་གོ། །འདིར་སེམས་བསྐྱེད་ཀྱི་ངོ་བོ། །མཚན་ཉིད། བསྐྱེད་ཚུལ། བསླབ་བྱ་སོགས་འཆད་པར་སྤྲོ་ན་སྤྱི་ལྟར་བཤད་དོ། །གསུམ་པ་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ལ་གཉིས། སྤྱི་དང་། ཁྱད་པར་རོ། །དང་པོ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་ཨ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། ཞབས་སེམས་སྐྱིལ་གྱིས་བཞུགས་ཤིང་ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེའི་མཐའ་བསྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོ་འོད་ཟེར་ཕྲོམ་ཕྲོམ་འཕྲོ་བ་གཡས་སུ་འཁོར་བ་གསལ་གདབ། དེ་ལྟར་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་སྐྱབས་གནས་ཀུན་འདུས་སུ་མོས་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་གནོང་འགྱོད་དྲག་པོས་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྔོན་ཆད་སྡིག་པའི་ལས་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་པ་སུན་འབྱིན་པའི་སྟོབས། ད་ཕྱིན་ཆད་འཆི་བ་སྲོག་ལ་བབ་ཀྱང་སྡིག་པའི་ལས་དངོས་སུ་ལྟ་ཅི། རྨི་ལམ་དུའང་མི་བགྱིད་སྙམ་པ་ཉེས་པ་ལས་སོར་ཆུད་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སྤྱོད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞི་དྲན་བཞིན་པས་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བརྒྱ་སྟོང་སོགས་ཅི་ནུས་བཟླས་པས། སྔགས་ཕྲེང་རྣམས་ལས་བདུད་རྩིའི་རྒྱུན་སྐྱ་ཆིལ་གྱི་བབས་པ་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་ཐོན་རང་གི་ཚངས་བུག་ཏུ་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་ལྗན་ལྗིན་དང་སྲོག་ཆགས་ཕྲ་མོ་ལ་སོགས་པའི་རྣམ་པར་བ་སྤུའི་ཁུང་བུ་དང་། གཤང་ལམ་དང་ཆུ་ལམ་སོགས་ནས་ཕུ་ཆུ་དྲག་པོས་ཐལ་བ་དེད་པ་ལྟར་ཐོན་པར་བསམ་ལ་དེ་ཉིད་གསལ་གདབ་པའི་ཕྱིར། རང་ལུས་ཐ་མལ་སྤྱི་གཙུག་ཏུ། །པད་དཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཨ་ལས་རྡོ་རྗེ་སེམས་དཔའ་དཀར། །རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད། །རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །སྙིང་པོ་ཡི་གེ་བརྒྱ་པས་བསྐོར། །སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན། །དཀར་ནར་བབས་ཏེ་སྤྱི་བོར་ཞུགས། །བདག་གི་ལུས་ཀུན་གང་བ་ཡིས། །སྡིག་སྒྲིབ་དག་ནས་ཤེལ་གོང་ལྟར། །དྲི་མ་མེད་པའི་ལུས་སུ་གྱུར། །ཅེས་ངག་ཏུ་བརྗོད་ཅིང་དམིགས་པ་རྩེ་གཅིག་ཏུ་གཅུན་ལ་ཡིག་བརྒྱ་བཟླ། མཐར་ལུས་ཤེལ་གོང་དྲི་མ་མེད་པ་ལྟར་གྱུར་པའི་ནང་བདུད་རྩིའི་རྒྱུན་གྱིས་མེར་ཁྲིག་གིས་གང་བར་གྱུར་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། མཐར་མོས་གུས་གདུང་ཤུགས་དྲག་པོས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དུས་ད་ལྟ་ནས་དག་གོ་ཞེས་གནང་བ་སྩལ་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་སེམས་དང་དབྱེར་མེད་བཤགས་བྱ་བཤགས་བྱེད་མི་དམིགས་པའི་ངང་ལ་ཡུན་ཇི་སྲིད་གནས་ཀྱི་བར་མཉམ་པར་བཞག །ཚུལ་དེ་ལྟ་བུས་སྡིག་སྒྲིབ་དག་པའི་རྟགས་མ་མཐོང་གི་བར་དུ་འབད་པར་བྱ་ཞིང་། སྤྲོ་ན་ཉེས་ལྟུང་དང་གཉེན་པོའི་རྣམ་བཞག་བསྒོམ་བཟླས་ཀྱི་ཕན་ཡོན་སྤྱི་ལྟར་འཆད་དོ། །གཉིས་པ་ནི། སྐད་ཅིག་གིས་པད་ཟླའི་དབུས་སུ་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། །གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེའི་བརྒྱན་པའི་སྙིང་ནང་ཟླ་བའི་དབུས་སུ་རྡོ་རྗེ་དཀར་པོ་ཚོན་གང་བ་ལྟེ་བར་ཧཱུྃ་གིས་མཚན་པའི་མཐའ་སྐོར་དུ་ཡི་གེ་བརྒྱ་པ་དཀར་སེར་མར་མེ་འབར་བ་ལྟ་བུའི་འོད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ། སྣང་བ་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ། སྒྲ་སྐད་ཐམས་ཅད་ཡི་གེ་བརྒྱ་པར་བསམས་ལ། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། བཛྲ་མཱ་མེ་མུ་ཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱ། ཞེས་ཅི་འགྲུབ་བཟླས་པའི་རྗེས་ལ་སྣང་བ་ཐམས་ཅད་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་མི་དམིགས་པའི་ངང་ལ་བཞག་སྟེ། བསྔོ་བ་བྱས་པས་བསྐལ་པ་འབུམ་ཕྲག་དུ་མར་བསགས་པའི་སྡིག་སྒྲིབ་དག་ཅིང་ཉམས་ཆག་ཐམས་ཅད་བསྐངས་ནས། སེམས་ཉིད་ཀྱི་དོན་རྟོགས་པའི་དགོས་པ་ཡོད་དོ། །འདི་ནི་ཡང་ཏིག་ཡིད་བཞིན་ནོར་བུའི་རྩ་བའི་ཆོས་སྡེ་སྙན་བརྒྱུད་ཡེ་ཤེས་རང་སྣང་ལས་སྒྲིབ་པ་སྦྱོང་བ་རྡོ་རྗེ་སེམས་དཔའ་རྣལ་འབྱོར་གྱིས་བློ་སྦྱོང་བ་ཞེས་དངོས་སུ་བསྟན་པ་ལུགས་འདིའི་ཐུན་མོང་མ་ཡིན་པ་ཉིད་དོ། །འདིར་རིག་འཛིན་ཆེན་པོའི་ཁྲིད་རྒྱུན་དུ། ཕྱི་བྱ་རྒྱུད་ལྟར་བླ་མ་རྡོ་རྗེ་སེམས་དཔའི་སྤྱི་བོར་བསྒོམ་པ། ནང་སྤྱོད་རྒྱུད་ལྟར་སྙིང་གར་བསྒོམ་པ། གསང་བ་རྣལ་འབྱོར་རྒྱུད་ལྟར་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ། ཡང་གསང་བླ་མེད་ལྟར་ཁྱེར་སོ་གསུམ་ལྡན་དུ་བསྒོམ་པ། དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་སུ་ལ་བཟླ་བ་དང་ལྔ་ལས། དང་པོ་ནི། རང་གི་སྤྱི་བོར་པདྨ་དཀར་པོ་འདབ་བརྒྱད་དེ་ལས་འདབ་མ་གཅིག་ལ་གཅིག་མཐུད་ཀྱི་ཚུལ་དུ་ནམ་མཁའི་མཐས་གཏུགས་པའི་བར་དུ་ཁྱབ་པ། དེ་ལྟ་བུའི་འདབ་མ་རེ་རེའི་འོག་ཏུ་སེམས་ཅན་རེ་རེ་འཁོད་པ། དེ་རེ་རེའི་སྤྱི་གཙུག་གི་པད་འདབ་སྟེང་དུ་ཡང་རྡོ་རྗེ་སེམས་དཔའ་རེ་བཞུགས་པ། དེ་ཐམས་ཅད་ཀྱང་རྡོར་སེམས་སྤྱི་མཐུན་ཡབ་རྐྱང་སེམས་སྐྱིལ་ཅན། ཐུགས་ཀར་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་འཕྲོས་སངས་རྒྱས་སྲས་བཅས་བསྟིམ། བཟླས་པ་དང་བདུད་རྩི་འབེབས་སྦྱོང་མཐར། མགོན་པོ་བདག་ནི་སོགས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །སོགས་ཤྭ་ལོ་ཀས་བསྟོད། རྡོ་རྗེ་སེམས་དཔས་དབུགས་དབྱུང་སྟེ། གཉིས་པ་དང་སྦྲེལ་ན་རང་གི་སྤྱི་བོར་བཞུགས་པའི་མུ་ནས་སྐུའི་བྱིན་རླབས་བདུད་རྩི་བྱང་ཆུབ་སེམས་ཀྱི་རྣམ་པར་སླར་ཡང་བབས་མགྲིན་པ་ཡན་ཆད་གང་ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཐོབ་པར་བསམ། ཡང་རྡོར་སེམས་མགྲིན་པར་བྱོན་གསུང་གི་བྱིན་རླབས་བདུད་རྩིའི་རྣམ་པར་བབས་སྙིང་ག་ཡན་གང་ངག་གི་སྒྲིབ་པ་དག །ཡང་སྙིང་གར་བྱོན་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བབས་ལྟེ་བ་ཡན་ཆད་གང་འདི་ལ་ཡུན་རིང་དུ་འབད། ཐུགས་ཀྱི་བྱིན་རླབས་ཐོབ་པར་མོས། དེ་དག་གི་སྐབས་སུ་ཡིག་བརྒྱ་བཟླ། དེ་ནས་གསུམ་པ་དང་སྤྲེལ་ན། བདུད་རྩིས་ལུས་ཐམས་ཅད་གང་སྒྲིབ་པ་མཐའ་དག་དག །རྣམ་སྨིན་གྱི་ཕུང་པོ་གནས་འགྱུར་ནས་རང་ཉིད་རྡོ་རྗེ་སེམས་དཔར་གྱུར་པའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ། དེར་དམིགས་ནས་ཡིག་བརྒྱ་བཟླ། བཞི་པ་དང་སྦྲེལ་ན། དེའི་མཐར་སྣང་གྲགས་རིག་གསུམ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་སུ་མོས་ཏེ། ཡིག་དྲུག་བཟླ། ལྔ་པ་ནི། དམིགས་བྲལ་ཀ་དག་གི་ངང་དུ་མཉམ་པར་བཞག་པར་གསུངས་སོ། །བཞི་པ་ཚོགས་གཉིས་རྫོགས་བྱེད་མཎྜལ་གྱི་ཁྲིད་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་གདབ་པར་བཤད་པ་ནི་དམིགས་པའི་རྣམ་གྲངས་མང་པོ་མི་འཆུན་པ་དང་སྤྱི་མཐུན་གྱི་ཕྱག་ལེན་སྟབས་བདེ་བ་ལ་དགོངས་པས་དེས་ཀྱང་འཐུས་མོད། འདིར་རང་ལུགས་ཐུན་མོང་མ་ཡིན་པ་ནི་ཕྱི་ནས་རིམ་བཞིན་འཆད་པར་བྱའོ། །མཎྜལ་གྱི་རྒྱུ་རབ་རིན་པོ་ཆེ་གསེར་དངུལ། འབྲིང་ཟངས་སོགས། ཐ་མ་རྡོ་ཤིང་ལྟ་བུ་དངོས་པོ་དམན་ན་གྲུ་གང་ལས་མི་ཆུང་བ་དང་། ཚོམ་བུའི་རྒྱུའང་རབ་རིན་པོ་ཆེ། འབྲིང་དུང་དང་མགྲོན་བུ་སོགས། ཐ་མ་འབྲུ་གཙང་མ་དྲི་བཟང་གིས་ཁ་བསྒྱུར་བ་ལ་སྨན་ཁྲོལ་བུ་སོགས་གང་འཛོམ་བསྲེས་ཤིང་གཤེར་གྱིས་བརླན་པ་དང་དྲི་བཟང་བ་བྱུང་ཡང་འདུ་བྱ། རང་དང་སེམས་ཅན་ཐམས་ཅད་ལྷན་ཅིག་པ་ལུས་ཀྱི་ལས་སུ་ཚོམ་བུ་འགོད་པ། ངག་གི་ལས་སུ་འབུལ་ཚིག་རྣམ་འུར་དིར་གྱིས་འདོན་པ། ཡིད་ཀྱིས་ཚིག་ཕྱིར་སེམས་མ་ཡེངས་པར་བྱ་བ་རྣམས་སུམ་ཕྲུགས་སུ་བྱ་ཞིང་། མཎྜལ་གྱི་ཆོ་ག་དངོས་ལ་གསུམ། དང་པོ་སྤྲུལ་སྐུའི་མཎྜལ་ནི། ཚོགས་ཞིང་མདུན་དུ་རྡོ་རྗེའི་ཞིང་ཁམས་ཆེན་པོ་རྣམ་པར་དག་པའི་རིན་པོ་ཆེའི་རང་བཞིན་རི་རབ་གླིང་བཞི་དང་བཅས་པའི་རི་རྩེར་པད་ཟླའི་གདན་ལ་རྩ་བའི་བླ་མ་སྤྲུལ་པའི་སྐུའི་རྣམ་པ་ཅན་ལ་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། གླིང་དང་གླིང་བར་རྣམས་སུ་ཁྱད་པར་གྱི་དཀོན་མཆོག་སྐྱབས་ཡུལ་གྱི་སྐབས་ལྟར་བཞུགས་པར་མོས་ལ། ཐོག་མར་སེམས་ཀྱི་རང་བཞིན་རྣམ་པར་དག་པའི་བརྡར་མཎྜལ་ལན་གསུམ་ཕྱིས། བྱང་ཆུབ་སེམས་ཀྱི་རླན་མི་ཡལ་བའི་ཕྱིར་དྲི་བཟང་དང་བ་བྱུང་ཆུས་ཆག་ཆག་གདབ། ཚོམ་བུ་རབ་བཞི་བཅུ་རྩ་གཅིག །འབྲིང་ཉི་ཤུ་རྩ་གསུམ། བསྡུས་པ་ལ་དགུ་དགོད་པར་གསུངས་པ་ལས་འབྲིང་པོའི་ལུགས་བྱེད་ན་རི་རབ་གླིང་བཞི་གླིང་ཕྲན་བཅས་བཅུ་གསུམ། ཕྱོགས་མཚམས་བརྒྱད་དུ་བརྒྱད་བཀོད་པ་བཀྲ་ཤིས་རྫས་བརྒྱད་སོགས་མཆོད་རྫས་ཕྱོགས་བསྡུས། མདུན་རྒྱབ་གཉིས་སུ་གཉིས་བཀོད་པ་ཉི་ཟླ་མཚོན་པ་ཡིན་ལ། དེ་དག་ཀྱང་འཇིག་རྟེན་ཁམས་རབ་འབྱམས་རྒྱ་མཚོའི་ཕྱི་ནང་སྣོད་བཅུད་ཀྱི་དཔལ་འབྱོར་རིགས་ལྔ་གངས་ཆེན་མཚོའི་ཞིང་ཁམས་ཀྱི་བཀོད་པ་ལ་བརྟེན་པའི་ཚངས་ཆེན་གྱི་བསྐལ་པ་ཆེན་པོ་ནམ་མཁས་ཁྱབ་ཚད་དུ་སྤྲུལ་ནས་དུས་ཆད་པ་མེད་པར་འབུལ་བར་བསམ་ལ་ངག་འདོན་དང་དམིགས་པ་སྦྲགས་ཏེ། ༀ་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་ཀྱི་རྫས་བརྒྱད། གཏེར་གྱི་བུམ་པ། དཔག་བསམ་གྱི་ཤིང་། མ་རྨོས་པའི་ལོ་ཏོག །ཡིད་དུ་འོང་བའི་འདོད་ཡོན། ཤིན་ཏུ་མཛེས་པའི་ལྷ་མོ། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་འདོད་ཡོན་མ་ཚང་བ་མེད་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལེགས་པར་བཀོད་དེ་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ། རིགས་ལྔ་གངས་ཆེན་མཚོའི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཞིང་ཁམས་རབ་འབྱམས་མཐའ་ཀླས་པ་ཚངས་ཆེན་གྱི་བསྐལ་པ་ཆེན་པོས་ལེགས་པར་བརྒྱན་པ་འདི་ཉིད་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པར་དམིགས་ཏེ་འབུལ་ལོ། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་རི་རབ་གླིང་བཞིའི་འཇིག་རྟེན་ཁམས། ལྷ་དང་མི་ཡི་འདོད་ཡོན་ཕུན་ཚོགས་བདེ་གཤེགས་མཆོད་པའི་སྤྲིན་ཕུང་ཅན། ཚངས་ཆེན་བསྐལ་པས་ལེགས་པར་བརྒྱན་ཏེ་དགེ་ལེགས་རྒྱ་མཚོའི་བསོད་ནམས་ཞིང་། བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །རང་བཞིན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་ཚོམ་བུ་གསོ་ཞིང་ཤློ་ཀ་ཕྱི་མ་ལ་གྲངས་བཟུང་སྟེ་ཅི་ནུས་སུ་འབུལ་ལོ། །གཉིས་པ་ལོངས་སྐུའི་མཎྜལ་ནི། ཚོགས་ཞིང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱ་ཚད་རྒྱན་བཀོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པར་བླ་མ་ལོངས་སྐུ་རིགས་ལྔ་འཁོར་དཔག་ཏུ་མེད་པ་དང་བཅས་པ་བཞུགས་པར་མོས་ལ། ཚོམ་བུ་རྒྱས་པ་ཉེར་ལྔ། འབྲིང་ལ་བཅུ་གསུམ། བསྡུ་ན་བདུན་བཀོད་དེ། སྟུག་པོ་བཀོད་པའི་ཞིང་ཁམས་ཐར་པ་ཆེན་པོའི་གཞལ་མེད་ཁང་བསམ་ལས་འདས་པའི་བཀོད་པ་ཡིད་དུ་འོང་བའི་ལྷ་མོ་ངོ་མཚར་བའི་མཆོད་རྫས་ཐོགས་པས་གང་བ་ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ་ཡེ་ཤེས་རིན་པོ་ཆེའི་སྤྲིན་གྱི་དྲྭ་བས་ལེགས་པར་བརྒྱན་པས་འཁོར་བ་མ་སྟོང་གི་བར་དུ་རྟག་པ་རྒྱུན་གྱི་འཁོར་ལོར་མཆོད་པར་མོས་ལ། ༀ་ཨཱཿཧཱུྃ། འོག་མིན་གྱི་གནས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་། ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ཞིང་ཁམས་ན། ཤིན་ཏུ་ཡིད་འོང་བའི་གཞལ་མེད་ཁང་ཆེན་པོ། སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པ། རིན་པོ་ཆེའི་གདུགས། ཆོས་ཀྱི་འཁོར་ལོ་ཤིན་ཏུ་མཛེས་པའི་རི་དྭགས། ལྷའི་གོས་རྣམ་པར་རྒྱལ་བའི་རྒྱལ་མཚན། ཡིད་དུ་འོང་བའི་འཕན། ཟླ་བ་རླུང་གིས་བསྐྱོད་པ། རྔ་ཡབ་ནོར་བུའི་ཡུ་བ་ཅན། གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བ། རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག །རྩིག་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ། ནོར་བུ་སྣ་ཚོགས་ཀྱི་དྲྭ་ཕྱེད། རྡོ་ཀྲེ་མ་ཤཱི་ཎའི་མདའ་ཡབ། རིན་པོ་ཆེའི་དྲྭ་མིག །གསེང་མའི་པུ་ཤུ། རབ་ཏུ་མཐོ་བའི་ཕྱུར་བུ། འདོད་ཡོན་གྱི་སྣམ་བུ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཞལ་ཟས་མ། སིལ་སྙན་མ། མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པས་ཕྱི་ནང་ཀུན་ཏུ་ཡང་ལེགས་པར་བརྒྱན་ཏེ་བཀོད་པའི་གནས་ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ། ཡེ་ཤེས་རིན་པོ་ཆེ་སྤྲིན་གྱི་དྲྭ་བས་ལེགས་པར་བརྒྱན་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པར་རྒྱུན་གྱི་འཁོར་ལོར་འབུལ་ལོ། །བདེ་ཆེན་གནས་ནི་ཤིན་ཏུ་མཐའ་ཡས་བཀོད་པའི་སྤྲིན་གྱི་འོད་ཟེར་ཅན། །སྒོ་བཞི་གྲུ་བཞི་རྟ་བབས་བཞི་ལྡན་ཡེ་ཤེས་རྣམ་ལྔའི་རྩིག་པས་བརྒྱན། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མཆོད་པའི་སྤྲིན་གྱི་འོད་འཕྲོ་བ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་ཤློ་ཀ་ཕྱི་མ་ལ་གྲངས་བཟུང་ཞིང་འབུལ་ལོ། །གསུམ་པ་ཆོས་སྐུའི་མཎྜལ་ནི། ཚོགས་ཞིང་ཆོས་སྐུ་ཐིག་ལེ་ཉག་གཅིག་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་སུ་བླ་མ་ཆོས་སྐུ་གདོད་མའི་མགོན་པོ་འཁོར་རང་སྣང་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་རང་གསལ་ལྷུན་གྲུབ་ཏུ་བཞུགས་པར་མོས་ལ། ཚོམ་བུ་རྒྱས་པ་ཉེར་ལྔ། འབྲིང་ལ་ལྔ། བསྡུ་ན་གསུམ་བཀོད་དེ། ཆོས་དབྱིངས་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཚད་དཔག་ཏུ་མེད་ཅིང་ནམ་མཁའི་མཐའ་ཀླས་པར་རིག་གདངས་འོད་ལྔའི་ཐིག་ལེ་ཐིག་ཕྲན་འཇའ་འོད་ཟེར་ཐག་མེར་མེར་ཤིག་ཤིག་ཏུ་གཡོ་བའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པས་བརྒྱན་པ་ཉིད་མཆོད་བྱ་མཆོད་བྱེད་མེད་པར་རང་བྱུང་རང་ཤར་རང་ཐིམ་དུ་འབུལ་བར་མོས། ༀ་ཨཱཿཧཱུྃ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་གདོད་མ་ནས་ངོ་བོ་ཉིད་ཀྱི་རྣམ་པར་དག་ཅིང་། ནམ་མཁའ་ལྟར་སྟོང་ལ་མཐའ་དབུས་མེད་པ། ཉི་ཟླ་ལྟར་བཀྲ་ཞིང་ལྷུན་གྱིས་གྲུབ་པ། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མ་བྱེ་མི་འབྱེད་འབྱེད་པ་མེད་པའི་རང་བཞིན། སངས་རྒྱས་ཀྱི་ཞིང་དང་འགྲོ་བ་དྲུག་གི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པའི་འབྱུང་གནས་ཆེན་པོ། ལྷུན་གྲུབ་ཆེན་པོ་ཆེའི་སྦུབས། སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་། དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་ཁུའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་། ནམ་མཁའི་མཐའ་ཀླས་པར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལེགས་པར་བརྒྱན་པའི་བཀོད་པ་ཚད་མེད་པའི་མངའ་ཐང་ཆེན་པོ་ལ་དབང་འབྱོར་བ། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས། རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། དགོངས་ཀློང་རྣམ་པར་དག་པའི་ངང་དུ་ཡེ་ཤེས་ཀྱི་མཆོད་པ་དམ་པར་འབུལ་ལོ། །གདོད་ནས་རྣམ་དག་འོད་གསལ་ཞིང་ནི་མ་སྐྱེས་ལྷུན་རྫོགས་འདུས་མ་བྱས། སྣ་ཚོགས་མི་དམིགས་སྤོས་ཀུན་ཉེར་ཞི་ཡེ་ཤེས་རྣམ་ལྔའི་གཞལ་ཡས་ཁང་། སྐུ་གསུམ་མཛད་པའི་འོད་ཟེར་དང་བཅས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས། བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་ཤློ་ཀ་ཕྱི་མ་ལ་གྲངས་བཟུང་སྟེ་ཅི་ནུས་འབུལ། མཐར་མཎྜལ་འབུལ་ཡུལ་མཆོད་རྫས་དང་བཅས་པ་ཧཱུྃ་སྔོན་པོའི་རྣམ་པར་བསྡུས། དེ་ཡང་རང་ལ་ཐིམ་པར་བསམ་ཞིང་ཚོགས་ཆེན་ལྷུན་གྱིས་རྫོགས་པའི་འོད་གསལ་གྱི་ངང་དུ་མཉམ་པར་བཞག་གོ། །འདིར་ཡང་སྤྱི་དང་བྱེ་བྲག་གི་རྣམ་བཞག་དགོས་པ་ཕན་ཡོན་སོགས་འཆད་པར་སྤྲོ་ན་གཞན་ནས་བླང་ངོ་། །ལྔ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལའང་གཉིས། སྤྱི་དང་། ཁྱད་པར་རོ། །དང་པོ་ལ། གསོལ་བ་འདེབས་པའི་རྟེན་གསལ་འདེབས་པ་ནི། སྣོད་བཅུད་དག་པའི་ཞིང་ཁམས་འབྱམས་ཀླས་པའི་དབུས་སུ། རང་གི་སྤྱི་བོའི་ནམ་མཁར་ཡེ་ཤེས་ལྔའི་རང་མདངས་འཇའ་ཚོན་འོད་ལྔའི་གུར་ཁྱིམ་རབ་ཏུ་འཁྲུགས་པའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བྱིན་རབ་ཏུ་འབར་ཞིང་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་བརྒྱན་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཤིན་ཏུ་དྭངས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་ལྷམ་མེར་བཞུགས་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་མཉམ་པར་བཞག་པ། མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་། མཐའ་བསྐོར་དུ་ཐེག་པ་ཆེ་ཆུང་གི་ཡི་དམ་སངས་རྒྱས། དམ་ཆོས་དགེ་འདུན། མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པར་བསམ་ལ་དེ་ཉིད་གསལ་གདབ་པའི་སླད་དུ། སྣོད་བཅུད་དག་པའི་ཞིང་ཁམས་ཆེན་པོའི་དབུས། རང་མདུན་ནམ་མཁར་ཡེ་ཤེས་འོད་ལྔའི་ཀློང་། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེ་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །མཐིང་གསལ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཅན། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་། །མཐའ་བསྐོར་མཆོག་གསུམ་མཁའ་འགྲོ་ཆོས་སྲུང་ཚོགས། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའ་ིསྤྲིན། །གང་འདུལ་མོས་ངོར་ཅིར་ཡང་འཆར་བར་གྱུར། །ཅེས་བརྗོད། དེ་ནས་རང་དང་སེམས་ཅན་ཐམས་ཅད་ས་ཆེན་པོའི་རྡུལ་ལྟར་འཁོད་པར་གྱུར་པ་ལ། ཐམས་ཅད་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་འདེབས་ཀྱི་ཚིག་དིར་དིར་བརྗོད། ཡིད་གུས་པས་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཁྱེད་གྱིས་མཁྱེན་སྙམ་པའི་བློ་གཏད་ལིང་གིས་འགེལ། དེ་ཡང་བླ་མ་ནི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་རང་བཞིན་དུ་བཞུགས་པར་མ་ཟད། རང་ལ་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཞལ་མཇལ་ཞིང་གསུང་ཐོས་པའི་སྐལ་བ་མ་མཆིས་པའི་དུས་འདིར་དེ་རྣམས་ཀྱིས་མཛད་རྒྱུ་བླ་མ་དམ་པས་མཛད་པ་དང་། རང་རྒྱུད་ལ་སངས་རྒྱས་དངོས་སུ་སྟོན་པའི་དེད་དཔོན་བླ་ན་མེད་པ་ཡིན་པའི་ཕྱིར་དུས་གསུམ་གྱི་རྒྱལ་བ་ཀུན་ལས་ལྷག་ཅིག་བཀའ་དྲིན་ཆེ་སྙམ་པའི་བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ་ལ་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་སྤྲིན་ཚོགས་དང་། བསྡུ་ན་གཏེན་ཆེན་རིན་པོ་ཆེས་མཛད་པ་རྗེ་བླ་མའི་ཁ་སྐོང་དང་བཅས་པ་ཉིད་བརྗོད་ལ། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་བཞིན་པས་གསོལ་བ་གདབ་ཅིང་། སླར་ཡང་རྩ་བའི་བླ་མ་ལ་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི། ཀྱེ། བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་སྐྱབས་མེད་རྣམས་ཀྱི་སྐྱབས། །ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུངས་པ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་རེ་ལྟོས་ཁྱེད་མཁྱེན་པས། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །ནད་གདོན་བགེགས་དང་བར་ཆད་སོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་པས་མོས་གུས་ཀྱི་ཉམས་མ་སྐྱེས་བར་དུ་གསོལ་བ་བཏབ་པའི་མཐར་དབང་བླང་བ་ནི། འཁོར་གྱི་ལྷ་ཚོགས་རྣམས་རྩ་བའི་བླ་མའི་སྐུ་ལ་ཐིམ་པས་བླ་མ་སྔར་བས་ཀྱང་གཟི་བྱིན་ཆེར་འབར་བའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་འབར་བས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར། བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དབང་བཞིའི་ཆུ་བོས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། གུ་རུའི་སྤྱི་བོའི་ༀ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿ ལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། །འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། །ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །སླར་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ངོ་བོ་སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་བླ་མ་འོད་ལྔའི་གོང་བུར་གྱུར་པ་རང་གི་ཚངས་བུག་ནས་སིབ་ཀྱིས་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་གྱུར་པར་བསམ་ལ་བློ་འདས་གཉུག་མའི་རང་ངོ་ལ་མཉམ་པར་བཞག་གོ། །གཉིས་པ་བྱེ་བྲག་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ལྟར་ཉམས་སུ་ལེན་པ་ནི། ༀ་ཨཱཿཧཱུྃ། ངན་འགྲོའི་འཇིགས་པ་སྐྱོབ་མཛད་པ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ངེས་པའི་དོན་དུ་སེམས་བསྐྱེད་ནས། །འགྲོ་ལ་ཕན་ཕྱིར་བླ་མ་བསྒོམ། །ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ངང་ལས། །རང་གི་སྤྱི་བོར་པདྨ་དཀར་པོ་དང་ཉི་ཟླ་གའུ་ཁ་སྦྱོར་བསམ་པའི་ནང་ན། ཨ་དཀར་པོ་ལས་འོད་འཕྲོས་པས་རྩ་བའི་བླ་མ་སྤྱན་དྲངས་ནས། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ལ། བརྒྱུད་པའི་བླ་མ་དང་ཆོས་འབྲེལ་ཡོད་ཚད་ཐམས་ཅད་ཐིམ་པའི་མཐར། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བསམ། འདིར་ཡིད་ཀྱིས་མཆོད་ཅིང་བསྟོད་པར་གསུངས་པས་དེ་ཁོ་ནས་ཆོག་ཀྱང་ད་ལྟའི་གང་ཟག་ཕལ་ཆེར་ལ་ངག་འདོན་མེད་ན་རྣམ་པ་མི་གསལ་བས་དེ་ལྟར་ན། ༀ་ཨཱཿཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྐྱེ་མེད་བླ་མ་གཤེགས་སུ་གསོལ། །ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས། །གསལ་དག་བླ་མ་གཤེགས་སུ་གསོལ། །སྤྲུལ་པ་སྐུ་ཡི་ཕོ་བྲང་ནས། །ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །འཇའ་དང་འོད་དུ་ཀྱི་ལི་ལི། །སྐུ་དང་ཐིག་ལེ་ཤིགས་སེ་ཤིག །སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །བདག་དང་དབྱེར་མེད་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བཤགས། །སྨིན་གྲོལ་དབང་དང་གདམས་པ་ཞུ། །ༀ། སྐུ་སྐྱེ་བ་མེད་པ་གསལ་ལ་དྭངས། །རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་བར་བྱིན་གྱིས་རློབས། །ཨཱཿ གསུང་འགགས་པ་མེད་པ་ཆོས་ཀྱི་སྒྲ། ཨཱ་ལི་ཀཱ་ལིར་གསོལ་བ་འདེབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །ཧཱུྃ། ཐུགས་ཀ་དག་ཆེན་པོ་ཀུན་བཟང་ཀློང་། །ཅིར་མི་དགོངས་ལ་གསོལ་བ་འདེབས། །ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །ཞེས་ཆོས་སྤྱོད་ཆེན་མོ་ནས་འབྱུང་བ་ལྟར་བརྗོད། །དེ་ནས། བླ་མ་རྡོ་རྗེ་འཛིན་པ་ནི། །ཁམས་གསུམ་འཁོར་བའི་གཉེན་གཅིག་པོ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་དག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །དུག་གསུམ་མེ་ཡིས་གདུངས་པ་ལ། །རང་བྱུང་རླན་གྱིས་བསིལ་བར་མཛོད། །མ་རིག་འཁྲུལ་པས་བཅིངས་པ་ཡི། །གདོས་བཅས་ལུས་ངག་ཡིད་རྣམས་ཀུན། །རང་དེངས་འོད་ཀྱི་རང་བཞིན་དུ། །ལྷག་མེད་མྱ་ངན་འདས་ཐོབ་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཚེ་འདིར་ལེགས་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་མེད་པ་དང་། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །ལུས་དང་ངག་ཡད་བརྩམས་པ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང་། །རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་པ་དཀའ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་གྲུས། །མགོན་མེད་བདག་དང་འགྲོ་བ་ཀུན། །ཐར་པའི་གླིང་དུ་ཕྱིན་པར་མཛོད། །གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་པ་འདེབས་ཀྱང་རུང་། །དེ་དག་སྡིག་བྱང་ཉོན་མོངས་མེད། །སྲིད་པའི་ཆུ་བོ་སྤང་པར་ཤོག །ནམ་ཞིག་བདག་གི་མིང་ཙམ་གྱིས། །འགྲོ་བའི་འདོད་དགུ་རབ་སྒྲུབ་ཅིང་། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱིས་ཆར་འབེབས་ཤོག །དགེ་བ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་གསོལ་བ་དྲག་ཏུ་བཏབ་པས། །ཞབས་ཀྱི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ལུས་ཕྱི་ནང་ཐམས་ཅད་ལ་ཁྱབ་པས། ལུས་ཀྱི་སྒྲིབ་པ་དག །སྐུའི་དངོས་གྲུབ་ཐོབ། མགྲིན་པར་བབས། ངག་གི་སྒྲིབ་པ་དག །གསུང་གི་དངོས་གྲུབ་ཐོབ། སྙིང་ཁར་བབས། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དངོས་གྲུབ་ཐོབ། ལྟེ་བར་བབས། དྲི་མ་ཐམས་ཅད་དག །ཡོན་ཏན་གྱི་དངོས་གྲུབ་ཐོབ། གསང་བར་བབས། ཕྲིན་ལས་ཀྱི་དངོས་གྲུབ་ཐོབ། བདེ་བ་དང་སྟོང་པ་གཉིས་སུ་མེད་པར་གྱུར། མཐར་མོས་གུས་ཀྱི་ཤུགས་ཀྱིས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ལ་བཅོས་བསླད་བྲལ་བའི་རང་རིག་གི་ངོ་བོ་ཅི་ནུས་བསྐྱང་ངོ་། །ཐུན་ལས་ལྡང་བ་ན། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ཏེ། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་ཐམས་ཅད་དུའང་སྣང་གྲགས་རིགས་གསུམ་བླ་མའི་གསང་བ་གསུམ་གྱི་ཡེ་ཤེས་སུ་ལམ་དུ་ཁྱེར་ཞིང་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བརྩོན་པར་བྱའོ། །འདིར་རྣམས་བཞག་གོ་དོན་ཕན་ཡོན་སོགས་སྤྲོ་ན་སྤྱི་དང་མཚུངས་པར་འཆད། ཚོགས་བསགས་ཀྱི་རིམ་པ་འདི་དག་སོ་སོར་འབུམ་ཐེར་ལ་སོགས་པ་ཐུན་དུ་བཅད་དེ་བརྩོན་པའི་སྐབས་སོ་སོའི་རྗེས་སུ་བསྔོ་སྨོན་གྱི་རྒྱས་གདབ་པ་དང་། ཐུན་མཚམས་རྣམས་སུ་སྐབས་དེ་དང་དེར་འབྲེལ་བའི་ལམ་ཁྱེར་གྱི་གནད་སོགས་ཀྱང་སྤྱི་ལྟར་ཤེས་པར་བྱའོ། །སྔོན་འགྲོ་སྤྱིར་བཤད་པ་དེ་རྣམས་སྨིན་གླིང་ཁྲིད་རྒྱུན་དཀྱུས་སུ་འབྱུང་བ་ཡིན་ཅིང་། དེའང་ཁྲིད་ཚུལ་སྤྱི་དང་མཐུན་པའི་འདོན་སྒོམ་ཟོར་ཡང་གཙོ་བོར་བཏོན་པར་སྣང་ལ། བྱེ་བྲག་ཏུ་བསྟན་པ་རྣམས་ནི་ཡང་ཏིག་ཡིད་བཞིན་ནོར་བུ་ལས་དངོས་སུ་གསལ་བའི་ཐུན་མོང་མ་ཡིན་པར་སྣང་བས། རྗེ་བླ་མས་ཀྱང་འདི་ལྟར་ལེགས་ཞེས་དངོས་སུ་བཀས་གནང་བ་དང་། རིག་འཛིན་ཆེན་པོ་སོགས་ཀྱི་ཁྲིད་རྒྱུན་ལས་ཀྱང་འབྱུང་བར་སྣང་བས་འདོན་སྒོམ་མཛད་ན་དགོས་པ་ཆེ་སྙམ་ཡིག་ཚོགས་ལ་མ་འཛེམ་པར་དཀྱུས་སུ་བཀོད་པ་ཡིན་ནོ། །བཞི་པ་གསང་སྔགས་སྤྱི་མཐུན་གྱི་ཐབས་ལམ་རླུང་ཐིག་གིས་ལུས་སེམས་སྦྱོང་བ་ལ་གཉིས། ཆགས་བྲལ་རླུང་ལ་བསླབ་པ་དང་། ཆགས་ཅན་ཐིག་ལེ་ལ་སློབ་པའོ། །དང་པོ་ལ་ལྔ། རླུང་གི་ཁ་དོག་ལ་སློབ་པ། དབྱིབས་ལ་སློབ་པ། གྲངས་ལ་སློབ་པ། འགྲོ་འོང་ལ་སློབ་པ། བུམ་པ་ཅན་ལ་སློབ་པའོ། །དང་པོ་ནི། ལུས་གནད་ཆོས་བདུན་དྲང་པོར་བསྲངས་ལ་མིག་གནད་མཐོ་དམན་བྱིང་རྒོད་དང་མཐུན་པར་བལྟ། ངག་གནད་སྣ་བུག་གཉིས་ནས་རླུང་རོ་དལ་ལ་རིང་བ་གསུམ་བསལ། ཡིད་ཀྱི་གནད་སྨིན་མཚམས་སུ་རླུང་རྣམས་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་གསལ་ཞིང་འབར་བ་ཞིག་གསལ་བཏབ་ལ་རེ་དོགས་སྐྱོན་ཡོན་དགག་སྒྲུབ་སོགས་དུས་གསུམ་གྱི་རྣམ་པར་རྟོག་པ་ཀུན་སྤངས་ཏེ་ཐིག་ལེའི་རྣམ་པ་དེ་ཁ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་བསྒོམ། རྣམ་རྟོག་ཆེ་ཕྲ་ཇི་ལྟར་ཤར་ཡང་འཕྲོ་བཅད་ལ་ཐིག་ལེའི་སྟེང་དུ་ཧྲིལ་གྱིས་བསྒྲིམས་ལ་འཇོག །ཡང་རིག་པ་གཡེར་ཞིང་འཕྲོ་རྒོད་ཆེར་སོང་ན་ཐིག་ལེའི་རྣམ་པ་ཡིད་ཀྱི་ཡུལ་དུ་ལམ་མེར་གསལ་བ་ལ་ཧ་ཅང་གྲིམས་མ་དྲགས་ཙམ་གྱིས་དྲན་པའི་རྒྱང་སོ་བཙུགས་ལ་ལྷོད་ཀྱིས་འཇོག་སྟེ། རང་རིག་དང་ཐིག་ལེ་སོ་སོར་མི་བལྟ་བར་དབྱེར་མེད་རང་གསལ་ཞེན་འཛིན་མེད་པའི་ངང་དུ་སྐྱོང་ཞིང་། ཐིག་ལེའི་རྣམ་པ་ཁོ་ན་ལ་སེམས་ཟིན་ཅིང་བརྟན་པར་གྱུར་པ་དང་། ཐིག་ལེའི་མདངས་འོད་ཀྱིས་རང་གི་མགོ་བོ་དང་དེ་ནས་ལུས། དེ་ནས་ཐོ་ཕྱི་དང་ཡུལ་ཁམས་ཐམས་ཅད་ཁྱབ། མཐར་སྣང་བ་ཐམས་ཅད་རླུང་གི་རང་བཞིན་དཀར་མེ་རེ་བ་ལ་ཤེས་པ་གཏད། ཡང་རིམ་གྱིས་ཚུར་བསྡུས། སྨིན་མཚམས་རྩ་བའི་ཐིག་ལེ་ལ་ཤེས་པ་གཏད། དེ་ལྟར་སྤྲོ་བསྡུ་རེས་འཇོག་ལ་བསླབ་པས་ལུས་ཡང་། ངག་གསལ། སེམས་གནས་པ་སོགས་རྟགས་མ་ཐོན་གྱི་བར་དུ་བསྒོམ་པ་ནི་ཕྱི་མ་རྣམས་ལའང་འགྲེ། གཉིས་པ་ནི། སྣ་རྩེར་རླུང་གི་ཐིག་ལེ་དཀར་སྔོ་ཆེ་ཆུང་བོད་སྲན་ཙམ་པ་ཞིག་གསལ་བཏབ། དེ་གསལ་བ་དང་སྣ་བུག་གི་རླུང་འགྲོ་འོང་དལ་བ་ལ་བརྟེན་ནས་རླུང་ཕྱིར་དབྱུང་ཚེ་ཐིག་ལེ་དེ་རླུང་དང་འགྲོགས་ནས་སྐྱ་ཡེར་གྱིས་སོང་། ནང་དུ་འཇུག་ཚེ་རླུང་དང་ལྷན་ཅིག་བྱུང་བ་སྣ་རྩེར་གྲང་བསིལ་གྱིས་གནས་པར་བསམ། དེ་ཡང་ལུས་གྲང་ཤས་ཆེ་ན་ཐིག་ལེ་ཁ་དོག་དམར་པོ་རེག་བྱ་ཚ་བར་བསྒོམ། ཡང་ན་མཛོད་སྤུར་བསྒོམས་ཀྱང་ཆོག་གསུངས། གསུམ་པ་ནི། རླུང་དང་ཤེས་པ་འགྲོ་དོག་གཅིག་ཏུ་བྱས་ཏེ། རྒྱུན་གྱི་དབུགས་འབྱུང་འཇུག་གནས་གསུམ་པ་འདི་ག་རང་བབ་ཏུ་བགྲང་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ཁུག་པ་རེ་ལ་གཅིག་ཏུ་བརྩིས་པའི་གྲངས་མ་ཡེངས་པར་བཟུང་། རིམ་གྱིས་རྒྱུ་བ་ཇེ་དལ་ཇེ་རིང་ལ་བཏང་ནས་མཐར་ཡུན་རིང་གནས་པ་མ་བྱུང་གི་བར་དུ་སྦྱང་ངོ་། །བཞི་པ་ནི། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་མདུན་ཕྱོགས་སུ་བསྟན་པ་ཞིག་གསལ་གདབ། དེའི་ནང་དུ་རླུང་གི་རྡོ་རྗེ་སྔོན་པོ་གྱེན་ལངས་ནས་འབྲས་ཙམ་པ་ལ་སེམས་གཏད་ནས་ཅི་ནུས་བསྒོམ། དེ་ལ་གསལ་བརྟན་གྱི་ཉམས་སྐྱེས་པ་ན་སྣ་སྒོའི་རླུང་འགྲོ་འོང་དང་བསྟུན་ནས། རླུང་ཕྱིར་འགྲོ་བའི་ཚེ་རྡོ་རྗེ་སྣ་བུག་གཡས་ནས་སྔོ་རྒྱང་གིས་སོང་། ཚུར་འོང་བ་ན་གཡོན་ནས་ཞུགས་ཏེ་ཐོད་པར་གནས་པར་བསམ་ཞིང་། ལུས་སེམས་བདེ་ཕྲིལ་ཕྲིལ་བ་ལ་བློ་བཞག །གོམས་ནས་སེམས་གནས་ཇེ་བརྟན་དུ་སོང་རིམ་བཞིན་རྡོ་རྗེ་ཕྱིར་འགྲོ་བའི་ཚད་ཇེ་ཐུང་དུ་བཏང་། མཐར་སྣ་རྩེའི་སོར་བཅུ་དྲུག་གི་ཚད་ཙམ་དུ་འགྲོ་འོང་བྱེད་པར་བསམ། ལྔ་པ་ནི། སྔ་མ་གོམས་པ་དང་དམིགས་པའི་གཞི་སྔར་གྱིས་འགྲོ་འོང་དེ་ཀ་ལན་ཁ་ཤས་བྱས་རྗེས་རླུང ཕྲལ་རིང་བ་ཞིག་འཕངས་པས་རྡོ་རྗེ་སྣ་བུག་གཡས་ཀྱི་ལམ་ནས་རྒྱང་རིང་པོར་སོང་བར་བསམ་ལ་རླུང་ཕྱིར་མནན། དེ་ནས་རླུང་ནང་དུ་ཤར་གྱིས་དྲངས་པས་རྡོ་རྗེ་སྣ་བུག་གཡོན་ནས་ཞུགས། ལྟེ་བའི་ཐོད་པ་ལ་སིབ་ཀྱིས་ཐིམ་པར་བསམ་ལ་བུམ་ཅན་གཡོ་མེད་ཁ་སྦྱོར་དུ་འཆིང་། དེའི་ཚེ་ཐོད་པ་ཡང་ཞུ་ནས་ཧ་ཡིག་དམར་པོའི་རྣམ་པར་གྱུར་པ་ལ་བློ་བཞག་སྟེ་རླུང་དང་ལུས་ཐམས་ཅད་ན་བུན་ཡལ་བ་ལྟར་བུན་ལོང་དུ་གྱུར་པར་བསམ་ལ། བུམ་པ་ཅན་གྱི་རླུང་སྦྱོར་བ་བཞི་ལྡན་དྲག་ཏུ་དགང་། རླུང་གཏོང་བའི་ཚེ་རླུང་སེམས་ནམ་མཁའ་དང་བསྲེས་ནས་མི་རྟོག་པའི་ངང་དུ་བཞག །གོང་དུ་བུམ་ཅན་འབྱོངས་ཟིན་པ་ཡིན་ན་འདིར་ཅི་ནུས་རེ་བསྒོམས་པས་ཆོག་གོ། །དེ་མིན་རབ་འབྲིང་ཐ་མ་གང་རུང་མ་འགྲུབ་ཀྱི་བར་དུ་སྦྱང་ཞིང་དེའང་ཐོག་མར་ཧ་ཅང་མ་དྲགས་པའི་རན་པར་བཟུང་ན་གེགས་ཆུང་བ་ཡིན་ནོ། །ལུས་གནད་དང་རླུང་རོ་བསལ་བ་ནི་སྤྱི་གནད་ཡིན་པས་གོང་སྨོས་ལྟར་ཐམས་ཅད་ལ་སྦྱར་རོ། །གཉིས་པ་ཆགས་ཅན་ཐིག་ལེའི་རྣལ་འབྱོར་ལ་བསླབ་པ་ལ། དངོས་རིག་མ་ལ་བརྟེན་ནས་ཡུམ་གྱི་བདེ་བ་ལ་སློབ་པ་ནི་ལག་ཏུ་མི་ལོན་པས་ཁྲིད་རྒྱུན་དཀྱུས་ལ་མི་འབྱུང་ཞིང་། དེའི་ཚུལ་བདེ་སྟོང་བདུད་རྩིའི་སྤྲིན་ཕུང་སོགས་སུ་གསལ་བ་ལྟར་རོ། །རྗེས་མཐུན་རླུང་རིག་གི་བདེ་བ་ལ་སློབ་པ་ནི། ལུས་གནད་རྐང་པ་སྐྱིལ་ཀྲུང་། ལག་པ་ཁུ་ཚུར་ཁ་སྦུབ་པུས་མོའམ་བརླ་སྟེང་དུ་བཞག་ལ་ལག་ངར་བསྲང ། མིག་ཐད་ཀར་ཆེར་རེ་མིག་འབྲས་མི་བསྒྱུར་ཞིང་རྫི་མ་མི་བརྡེབ། སེམས་གནད་རང་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟར་གྱུར་པའི་དབུས་སུ། རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་པ། ཁ་དོག་དམར་སྐྱའམ་ཕྱི་དཀར་ལ་ནར་དམར་བ་ཡིད་ཡུལ་དུ་གསལ་གང་བདེ་བ་ཞིག་བསྒོམས་ལ། དེ་ཡང་ཡར་སྣ་ཚངས་བུག་དང་མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་ཞིང་ཏིལ་གྱི་མར་མེ་བཞིན་དུ་གསལ་ལ་རང་འོད་འཕྲོ་བ། པདྨའི་སྣལ་མ་ལྟ་ཤིན་ཏུ་སྲབ་པ། དེའི་གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་པོ་དབུ་མ་ལས་ལྡབས་འགྱུར་གྱིས་ཕྲ་བ། ཡར་སྣ་སྨིན་མཚམས་ཀྱི་ཐད་ནས་གུགས་ཏེ་སྣ་བུག་གཡས་གཡོན་དུ་ཟུག་ཅིང་མས་སྣ་གཉིས་དབུ་མའི་མས་སྣར་ཚུད་པ། དེ་ལྟར་རྩ་གསུམ་སུམ་གཤིབས་སུ་ཐལ་གྱིས་ཡོད་པ་ལས་འཁོར་ལོ་བཞིའི་མཚམས་རྣམས་སུ་རོ་རྐྱང་གཉིས་དབུ་མ་ལ་ཐིམ་པའི་ཚུལ་གྱིས་ནང་ཁོངས་འབྲེལ་བར་གནས་པ། དེ་ལས་གྱེས་པའི་འཁོར་ལོ་བཞི་བསྒོམ་སྟེ། དེ་ཡང་དབུ་མའི་ཡར་སྣེ་ལས་རྩེ་སོར་གཉིས་གཞལ་བའི་མཚམས་ན་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ། མགྲིན་པའི་ཕྲག་པ་སྐྱེ་མཚམས་ནས་རོ་རྣམས་འདུས་པའི་འཁོར་ལོ། སྙིང་གའི་ནུ་ཕྲག་གི་ཐད་ནས་དྲན་པ་འདུས་པའི་འཁོར་ལོ། ལྟེ་ཁུང་གི་ཐད་ནས་སྐྱེད་བྱེད་ཀྱི་འཁོར་ལོ་སྟེ། ཐམས་ཅད་ཀྱང་ཁ་དོག་དམར་སྐྱ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་གསལ་བར་བསྒོམ་མོ། །དེ་ནས་སྤྱི་བོར་རྩེ་མོ་རྣམ་བཀོད་ཀྱི་འཁོར་ལོའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་ཁ་དོག་དཀར་ལ་སྣུམ་ཞིང་འདྲིལ་བ་སྲན་མ་ཙམ་ཞིག་གསལ་བཏབ་ནས་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གཏད་ལ་བསྒོམ། དེ་ལ་སེམས་ཟིན་པ་ན་རླུང་རོ་ལན་གསུམ་བསལ་ལ་སྟེང་རླུང་ནར་གྱིས་རྔུབས། ལྟེ་བར་བསྐྱུར་ཐབས་སུ་མནན་ཅིང་འོག་རླུང་དྲག་ཏུ་བསྐུམས་པས་ཐིག་ལེ་དེ་ཉིད་འདར་ཕྲི་ལི་ལི་བྱེད་པ་དང་། དེ་ལས་བྱང་སེམས་བདེ་བའི་རྒྱུན་སྲན་ཆུང་ཙམ་གཅིག་རྗེས་གཅིག་ནོན་དུ་བདེ་ཕྲི་ལི་ལི་བབས་པའམ། ཡང་ན་བ་ཐག་ལྟ་བུ་ན་ར་ར་བབས་པ་གང་བདེ་བྱས་ལ་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་འཁོར་ལོ་བཞི་རིམ་པར་གང་བས་དགའ་བ་བཞིའི་ཡེ་ཤེས་སྐྱེས་པར་བསམ། ཐིག་ལེ་གསང་བར་བརྟན་པར་གྱུར་པས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ཞིང་། དེ་རེ་རེའི་ངང་མདངས་བསྐྱངས་ལ་བུམ་ཅན་ཅི་ནུས་བཟུང བས་བདེ་བ་ཇེ་རྒྱས་སུ་སོང་། ལུས་སེམས་བདེ་བས་ཁྱབ། སླར་ཡང་གྱེན་དུ་རིམ་གྱིས་དྲངས་པས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་། སྤྱི་བོའི་ཐིག་ལེ་ལ་སིབ་སིབ་ཐིམ་ཞིང་བརྟན་པར་གྱུར་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ་དེའི་ངང་མདངས་ཅི་ནུས་བསྐྱང་། མཐར་ཐིག་ལེ་དེ་ཇེ་ཕྲར་གྱུར་ཏེ་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་དུ་ཅི་ནུས་སུ་འཇོག །བདེ་སྟོང་ཟུང་འཇུག་རང་རིག་རང་གསལ་དེ་ཉིད་ཐུན་མཚམས་རྣམས་སུ་ཡང་བསྐྱང་ཅི་ཐུབ་བྱ། འདིར་ལྟེ་བར་ཨ་ཐུང་མི་བསྒོམས་པ་ནི་མན་ངག་གི་ཁྱད་པར་ཡིན་ཅིང་། བདེ་སྟོང་བདུད་རྩིའི་སྤྲིན་ཕུང་གི་རང་ལུས་སྦྱོང་སྐབས་ལྟེ་བའི་ཨ་ཐུང་བསྒོམ་པར་ཡང་གསུངས་པས་བདེ་དྲོད་སྐྱེ་དཀའ་བའི་རིགས་ལ་དེ་ལྟར་ཡང་ལེགས་པར་མངོན་ནོ། །དེ་ལྟར་འབད་པས་ལུས་སེམས་བདེ་སྟོང་དུ་འགྲོ་ཞིང་རླུང་ཐིག་ལས་སུ་རུང་བས་འབྱུང་བ་ལྔ་ལ་ཐོགས་པ་མེད། ཟས་སྐོམ་གྱི་སྲེད་པ་ལས་གྲོལ། སེམས་ལ་རང་དབང་ཐོབ། རང་བཞིན་རྫོགས་པ་ཆེན་པོའི་བསམ་གཏན་གྱི་རིམ་པ་དཔག་ཏུ་མེད་པའི་ཡོན་ཏན་མཐའ་ཡས་པ་དག་ཀྱང་ཐོབ་པར་འགྱུར་རོ། །དེ་ལྟར་ཆགས་བྲལ་རླུང་གི་རྣལ་འབྱོར་དང་། ཆགས་ཅན་ཐིག་ལེའི་རྣལ་འབྱོར་ནི་ལམ་གཞན་ལས་རླུང་འབྱོངས་པའི་གང་ཟག་ལ་མ་བཤད་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཞིང་། ཀུན་མཁྱེན་ཆེན་པོའི་དོན་ཁྲིད་དུའང་མ་གསུངས་པའི་རྩ་རླུང་མི་ཆུན་པའི་གང་ཟག་ལ་མ་བསྟན་ཀྱང་ཆོག་པར་མངོན་ནོ། །ལྔ་པ་དྲན་པ་རྒྱུན་གཅོད་ཀྱི་མན་ངག་གིས་འབྱུང་བར་རང་སར་དེངས་པར་བྱེད་པའི་གནད་བསྟན་པ་ལ་གཉིས། ཨ་ལྔ་སྐྱེ་མེད་ཀྱི་དོན་ཉམས་སུ་ལེན་པ། འབྱུང་འཁྲུངས་བྱིངས་རྒོད་ཀྱི་གེགས་སེལ་བའོ། །དང་པོ་ནི། འབྱུང་བཞི་ཟད་པའི་རྒྱུད་ཆེན་ནམ་མཁའ་ལ། །འཁྲུལ་གཞི་ཟད་པའི་རིག་པ་རྒོད་ཡན་དེ། །སྣ་ཚོགས་ཁྱབ་བརྡལ་ཆེན་པོའི་ཁང་བཟང་དུ། །འཛིན་བྱེད་དྲན་པ་ཟད་པའི་ལྕགས་ཀྱུ་ཡིས། །གསལ་བྱེད་སྟེང་འོག་མེད་པའི་སྙིང་ནང་ནི། །མ་ཡེངས་བསམ་པ་ཟད་པའི་ཚུལ་གྱིས་བཟུང་། །ཞེས་འབྱུང་བས། ཨ་ལྔའི་དོན་སྐྱེ་བ་མེད་པ་ཉམས་སུ་བླང་བར་བགྱིའོ་སྙམ་ནས་ལུས་གནད་རྣམ་སྣང་ཆོས་བདུན་བཅའ། རླུང་ཁ་ནས་དྲངས་ཏེ་དལ་བུས་ཕྱིར་བཏང་། དལ་བུས་ནང་དུ་རྔུབས་ལ་རྩོལ་བ་ལྷོད་པའི་ངང་ཅུང་ཟད་འཐེན་ལ་སྙིང་གར་ནམ་མཁའ་རྣམ་པར་དག་པའི་ངོ་བོ་ཨ་སྔོན་པོ་ཚོན་གང་བ་ཞིག་བསམ་ལ། དེར་ཤེས་པ་གཏད་དེ་རླུང་སེམས་ཀྱི་འདུ་བྱེད་ཐམས་ཅད་བསྟིམས་ནས་རྟོག་མེད་སྤྲོས་བྲལ་གྱི་ངང་ལ་བཞག་པས་ནམ་མཁའ་དག་པརབྱེད་དོ། །དེ་བཞིན་དུ་སྤྱི་བོའི་འཁོར་ལོའམ་སྣ་རྩེའི་ཐད་ཀྱི་མདུན་དུ་རླུང་རྣམ་པར་དག་པའི་ངོ་བོ་ཨྸ་ལྗང་གུ་ཉིས་བརྩེགས་ལ་ཤེས་པ་གཏད་དེ་རླུང་དང་རྣམ་རྟོག་གཡོ་བ་ཐམས་ཅད་བསྟིམས་ནས་སྔར་ལྟར་བསྒོམས་པས་རླུང་དག་པར་བྱེད་དོ། །ཡང་སྙིང་གའམ་སྣ་རྩེར་ཆུ་རྣམ་པར་དག་པའི་ངོ་བོ་ཨྸཨ྅྅྅་དཀར་པོ་སུམ་བརྩེགས་ལ་ཤེས་པ་གཏད་དེ་འདུ་ཤེས་དང་རླུང་ཐམས་ཅད་དྲན་པ་རང་ཡལ་དུ་བཏང་ནས་རླུང་ཕྱིར་འཛིན་ཅུང་ཟད་དང་དབུགས་ཀྱི་འགྱུ་བ་བཅད་དེ་བཞག་པས་ཆུ་དག་པར་བྱེད་དོ། །ཡང་མགྲིན་པའི་མདུན་མཁར་མེ་རྣམ་པར་དག་པའི་ངོ་བོ་ཨྸཨཨ྅྅྅་དམར་པོ་བཞི་བརྩེགས་ལ་ཤེས་པ་གཏད་དེ་འཛིན་ཡུལ་ཚོར་སོགས་སྡུད་བྱེད་ཀྱི་དྭངས་མ་མིག་གི་རྣམ་ཤེས་རང་དག་ལ་སེམས་བཟུང་བས་མེ་དག་པར་བྱེད་དོ། །ཡང་ལྟེ་བའི་བར་སྣང་ལ་ས་རྣམ་པར་དག་པའི་ངོ་བོ་ཡི་གེ་ཨྸ ཨཨཨ྅྅྅་སེར་པོ་ལྔ་བརྩེགས་ལ་ཤེས་པ་གཏད་དེ་བཟུང་ཡུལ་མཆེད་པ་ཐམས་ཅད་བསྟིམས་ནས་སྒོ་ལྔ་འཛིན་མེད་དུ་བཞག་པས་ས་རྣམ་པར་དག་པར་བྱེད་དོ། །རང་བྱུང་ཞབས་ཀྱི་མན་ངག་ཏུ་རླུང་རོ་བསལ་བ་དང་བཅས་བུམ་པ་ཅན་གྱི་རླུང་སྦྱོར་བྱས། རྩ་གསུམ་འཁོར་ལོ་བཞི་གསལ་བཏབ། འཁོར་ལོ་སོ་སོའི་ལྟེ་བར་གནས་ཀྱི་རང་མདོག་དང་མཚུངས་པའི་ཨ་ལྔ་བརྩེགས་རེ་རེ་བསྒོམ། རེ་རེ་བཞིན་རླུང་སེམས་བསྟིམས་ལ་རླུང་ཁུག་ཇི་ལྟར་རིགས་པ་བཟུང་། མཐར་དེ་རྣམས་རང་ཡལ་མི་རྟོག་པའི་ངང་དུ་བློ་འཇོག་པར་གསུང་སོ། །གཉིས་པ་ནི། དེ་ལྟར་སྒོམ་པའི་སྐབས་སུ་འབྱུང་བ་འཁྲུགས་པ་དང་བྱིང་རྒོད་ཤས་ཆེ་བར་གྱུར་ན་དེ་དག་སེལ་བའི་མན་ངག་ནི། སྙིང་ཐིག་ཆེན་མོ་ལྟར་ན། སའི་སྐྱོན་གྱིས་ལུས་ལྕི་ཞིང་སེམས་བྱིང་འཐིབས་སུ་གྱུར་པ་ལ་སྤྱི་བོའི་འཁོར་ལོར་ཡཾ་ལྗང་ནག་བསྒོམས་པ་ལ་རླུང་སེམས་གཏད་དེ་རླུང་བཟུང་། གཏོང་བ་ན་ནམ་མཁར་སྔོ་ཕྱུར་ཕྱུར་སོང་བར་བསམས་པས་སེལ་ལོ། །ཡང་ཆུའི་སྐྱོན་གྱིས་གྲང་ཞིང་འདར་ན་མགྲིན་པའི་འཁོར་ལོར་རཾ་དམར་པོ་འབར་བ་སྒོམ་ཞིང་རླུང་དྲག་གཅུན་པས་ལྟེ་འོག་རྩ་གསུམ་འདུས་མདོའི་ཧ་ཡིག་དམར་པོ་ལས་ཀྱང་མེ་འབར་བས་ལུས་ཀྱི་ནང་གང་བར་བསམ་ན་སེལ་ལོ། །ཡང་མེའི་སྐྱོན་གྱིས་ཚ་ཞིང་ལུས་གཙེ་བ་སོགས་བྱུང་ན་སྙིང་གའི་འཁོར་ལོའམ་ཕོ་བར་ཁཾ་དཀར་བསིལ་འཁྱག་པ་ལྟ་བུ་བསྒོམ་ལ་སོ་བར་ནས་སིད་ཀྱི་སྒྲས་རླུང་དབྱུང་བས་སེལ་ལོ། །ཡང་རླུང་གི་སྐྱོན་གྱིས་ཤེས་པ་འཕྱོ་ཞིང་སྟོད་འཚངས་པ་སོགས་བྱུང་ན་ལྟེ་བར་ལཾ་སེར་པོ་ལྕི་ཐིབས་ཞིག་བསྒོམས་ལ་རླུང་སེམས་མཐུར་དུ་གཏད་པས་སེལ་ལོ། །དེ་དག་ཐམས་ཅད་ལའང་བུམ་པ་ཅན་གྱི་རླུང་སྦྱོར་བྱའོ། །ཡང་ཏིག་ཡིད་བཞིན་ནོར་བུ་ལྟར་ན། བདེ་ཆེན་འཁོར་ལོའི་ཧཾ་ལས་ཐིག་ལེ་དཀར་བསིལ་བབས་པས་ནད་སོང་བར་བསྒོམས་ལ། རླུང་ཕྱིར་སངས་སངས་ཕུལ་ལ་ཕྱིར་གཟུང་། གྲང་བ་ལ་ལྟེ་བ་སྤྲུལ་པའི་འཁོར་ལོར་རཾ། དེ་ལས་མེ་འབར་བས་བསྲེག་པར་བསམ་ལ། རླུང་ཁ་སྦྱར་ལ་ནང་དུ་གཟུང་། བད་ཀན་ལའངདེ་དང་འདྲ་བ་ལས། ཁྱད་པར་དུ་ལོངས་སྤྱོད་འཁོར་ལོའི་ཏྲཱྃ་ལས་བདུད་རྩི་བབས་པས་ནད་སངས་བར་བསམས་ཏེ། རླུང་ཕྱིར་གསུམ་གསུམ་ཕུལ་ལ་ནང་དུ་རེ་རེ་གཟུང་། སེམས་རྒོད་ཅིང་པྲ་ཡས་ན་བདེ་སྐྱོང་འཁོར་ལོའི་ཧཾ་ལས། བདེ་དྲོད་འབར་བ་ལ་སེམས་བཟུང་ཞིང་རླུང་བཟུང་། སྒོམ་དུས་ཏིང་ངེ་འཛིན་ཇི་ལྟར་བྱས་ཀྱང་མ་སྐྱེས་ན་ཆོས་ཀྱི་འཁོར་ལོའི་ཧཱུྃ་ལས་སྤྱི་བོའི་དྭངས་མ་བབས་པར་བསམས་ཏེ་རླུང་ནང་དུ་བཟུང་བས། ནད་ཀུན་ཞི་ཞིང་ཏིང་ངེ་འཛིན་རང་ལུགས་སུ་སྐྱེ་བ་ཡིན་ནོ། །འདི་དག་ནི་གནད་དམ་པའོ། །འདིའི་དུས་སུ་ཡི་གེ་དེ་དག་ངག་ཏུ་ཡང་བརྗོད་ཅིང་། ཧ་དང་ཧཱུྃ་དང་ཨ་མང་པོ་འདོན་པ་ནི་ཐབས་སོ། །ཞེས་གསུངས་སོ། །གཉིས་པ་དངོས་གཞི་སེམས་རིག་གཏན་ལ་འབེབས་པ་འོད་གསལ་སྙིང་པོའི་དོན་ཁྲིད་བསྟན་པ་ལ་གཉིས། སེམས་གཏན་ལ་དབབ་པའི་མན་ངག་གཞི་ཁྲེགས་ཆོད། རིག་པ་གཏན་ལ་དབབ་པའི་མན་ངག་ལམ་ཐོད་རྒལ་གྱི་ཁྲིད་བསྟན་པའོ། །དང་པོ་ནི། ལྟ་སྒོམ་འབྱེད་པའི་ལྡེའི་མིག་སྦས་པ་མིག་འབྱེད་ལས། འཛིན་ཆགས་མེད་པའི་སྤྱོད་པའི་མན་ངག་གིས་སྣང་བ་ཟིལ་གྱིས་མནན་པ་དང་། དམིགས་གཏད་མེད་པ་སྒོམ་པའི་མན་ངག་གིས་དྲན་བྱེད་ཀྱི་ཡིད་ཟིལ་གྱིས་མནན་པ་དང་། གཟའ་གཏད་མེད་པ་ལྟ་བའི་མན་ངག་གིས་ཞེན་པའི་གཞི་ཉོན་མོངས་ཟིལ་གྱིས་མནན་པ་དང་། སྤངས་ཐོབ་མེད་པ་འབྲས་བུའི་མན་ངག་གིས་རིག་པ་ཕྱིར་མི་ལྡོག་པར་བསྟན་པའོ། །ཞེས་གསུངས་ཤིང་། དེ་དག་ལའང་ཆོས་ཅན་སྤྱི་སྟེ་རྫོགས་པ་ཆེན་པོ་སྤྱི་དང་། ཆོས་ཉིད་རང་གི་བྱེ་བྲག་ཅེས་ཡང་གསང་ཐིག་ལེའི་མན་ངག་འདི་ཉིད་ཀྱི་ལུགས་དང་སྦྱར་བའི་གཉིས་གཉིས། དེ་རེ་རེ་ལའང་གང་གིས། གང་ཞིག །གང་ལྟར། གང་ཐོབ་ཅེས་དོན་བཞི་བཞིའི་སྒོ་ནས་བསྟན་པ་རྣམས་སྤྱོད་པ་བསྡུས་པའི་སྒྲོན་མ་སོགས་སྒྲོན་མ་སྐོར་བཞི་ལས་རིམ་གྱིས་རྟོགས་པར་བྱ་དགོས་ཤིང་། འདིར་སྤྱི་ཙམ་དུ་བསྟན་པ་ལ་བཞི། སྤྱོད་པ། སྒོམ་པ། ལྟ་བ། འབྲས་བུའོ། །དང་པོ་འཛིན་ཆགས་མེད་པ་སྤྱོད་པའི་མན་ངག་ལ་གསུམ། ལས་དང་པོ་པའི་སྤྱོད་པ་ནི། མི་དགེ་བ་ཆ་དང་བཅས་པ་འདོར་ཞིང་། དགེ་བ་ཆ་དང་བཅས་པ་སྤེལ་བ་སྟེ། རྣལ་འབྱོར་པས་ཀྱང་སྤང་བླང་ཤེས་ནས། བླ་མ་དམ་པའི་དྲུང་དུ་སོང་ལ། ཐོས་པས་ཆོས་དང་ཆོས་མ་ཡིན་པ་ཤེས་ཤིང་། ཟབ་མོའི་གདམས་པ་ཁ་ཚང་བ་ཉན་ལ་ཚིག་གི་སྒྲོ་འདོགས་བཅད་ཅིང་། བསམ་པས་དེའི་དོན་ནོར་འཁྲུལ་མེད་པའི་གནད་མི་འཆུག་པར་བྱ་ཞིང་། འཁོར་བ་ལས་བློ་ལྡོག་པའི་ཐབས་ལ་བསླབ་བོ། །སྙིང་པོ་ལྷུར་བླང་བའི་སྤྱོད་པ་ནི། དེ་ནས་རྒྱུས་མེད་པའི་ས་ཕྱོགས་སུ་ཕྱིན་ལ། སྤྲང་པོའམ་རི་དྭགས་ལྟར་གཅིག་པུར་བླ་མའི་གདམས་ངག་ལ་སྤྱད་དེ་ཟས་གོས་ངན་ངོན་གྱིས་ཆོས་ཤེས་པར་བྱས་ལ། གདམས་པ་གཞན་ལ་དངོ་མཚར་དུ་མི་འཛིན་པར་རང་གི་མན་ངག་ལ་ཡིད་ཆེས་པར་བྱ་ཞིང་། བྱ་བྱེད་རྩོལ་སྒྲུབ་ཀྱི་ཆོས་ཚེ་འདིའི་འཁྲི་བ་དང་བཅས་པ་ཐམས་ཅད་ལིངས་ཀྱིས་བསྒྱུར་ནས་བསྲན་ཚུགས་པར་བྱས་ཏེ། སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པས་ལུས་ངག་ཡིད་གསུམ་གྱི་ཞེན་པ་ལོག་པར་བྱ་ཞིང་། དེ་ནས་སུ་དང་ཡང་འབྲེལ་འདྲིས་མེད་པར་ལྐུགས་པ་ལྟ་བུའི་སྤྱོད་པས་ངག་བཅད་ལ་བརྡ་ཙམ་ཡང་མི་བྱ་བར་བུ་ཆུང་ལྟ་བུའི་སྤྱོད་པ་ཚོགས་དྲུག་ལྷུག་པར་ཀློད་ནས་ཆོས་ཉིད་ཀྱི་དོན་ལ་བསྒོམ་པར་བྱའོ། །བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ནི། དེ་ནས་མི་ཕོད་པ་ལ་ཐོག་འགེལ་དུ་བྱེད་པས། སེམས་ཀྱི་འཁྲི་བ་བཙན་ཐབས་སུ་བཅད་ཅིང་། གཙང་བཙོག་མེད་པ་ཁྱི་ཕག་ལྟ་བུའི་སྤྱོད་པས་བླང་དོར་གྱི་ཞེན་པ་འདོར་བ་དང་། ཤུགས་འབྱུང་འགགས་མེད་སྨྱོན་པ་ལྟ་བུའི་སྤྱོད་པས་རིག་པའི་སྣ་མི་བསྐྱིལ་བར་ཟང་ཐལ་ལ་སྤྱོད་པས་སྣང་བ་ཐམས་ཅད་གྲོགས་སུ་འཆར་བ་ཡིན་ནོ། །དེ་ནས་གཞན་གྱི་མི་དད་པ་བསྒྱུར་ནུས་པ་དང་། བསད་པ་གསོ་ནུས་པ་དང་། འབྱུང་བཞི་དང་རླུང་སེམས་ལ་དབང་བསྒྱུར་ནུས་པའི་དུས་སུ། ཞེན་འཁྲིས་བག་ལ་ཉལ་བ་གཅད་པའི་ཕྱིར། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཚོང་དུས་ལ་སོགས་པར་ཡང་བྱས་པས། ནང་གི་ཉོན་མོངས་པ་ཆོད་པ་དང་། ཕྱིའི་སྣང་བ་དབང་དུ་འདུས་པ་དུས་མཉམ་དུ་འབྱུང་སྟེ་སྣང་བ་དབང་སྒྱུར་གྱི་སྤྱོད་པ་ཞེས་བྱའོ། །མདོར་ན་སྤྱོད་པ་དུས་ཚོད་དང་འགྲེལ་བ་ལ་བསླབ་བོ། །གཉིས་པ་དམིགས་གཏད་མེད་པ་སྒོམ་པའི་མན་ངག་ལ་གཉིས། སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་གྱི་སྔོན་འགྲོ་སེམས་རྣལ་དུ་དབབ་པའོ། །དང་པོ་ལ་གསུམ། ལུས། ངག །སེམས་ཀྱི་སྔོན་འགྲོའོ། །དང་པོ་ལུས་རྡོ་རྗེའི་འདུག་སྟངས་ལ་སློབ་པ་ནི། སྒྲུབ་པ་པོས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་ལིང་གིས་བཏང་ནས་གཅིག་པུར་དབེན་པར་གནས་ཏེ་རང་གི་མདུན་གྱི་ནམ་མཁར་ཐིག་ལེ་མཐིང་ཁའི་དཀྱིལ་ན་བཀའ་དྲིན་མཉམ་མེད་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་དངོས་ཀྱི་རྣམ་པ་ལ་གཅེར་བུ་ཨང་རག་གསོལ་བ། རྡོ་རྗེའི་འདུག་སྟངས་ཅན་ཞིག་བསྒོམས་ཏེ་དེ་ལ་དམིགས་ནས་གདུང་ཤུགས་ཀྱི་གསོལ་འདེབས་དྲག་ཏུ་བྱ། ལུས་བརྡབ་ཆག་མི་འབྱུང་བའི་གདན་འབོལ་བ་རྒྱ་ཆེར་བཏིང་བ་སོགས་ཉེར་བསྡོགས་ལེགས་པར་བྱས་ནས། གཅེར་བུར་ཨང་རག་དང་ལྡན་པས་ལུས་བསྲངས་ཏེ་རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བསྐྱེད། ལག་གཉིས་གྲུ་མོ་བརྒྱངས་ཏེ་ཐལ་མོ་མགོ་ལ་མ་རེག་པར་སྦྱར་བ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ་མིག་བར་སྣང་ལ་ཧ་རེ་གཏད། དམིགས་པ་རང་ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ། མདུན་གྱི་བླ་མ་ཧཱུྃ་མཐིང་ནག་ཏུ་གྱུར། རང་ལུས་རྡོ་རྗེའི་རྣམ་པའི་ལྟེ་བ་ཧྲིལ་པོའི་ནང་དུ་བཞུགས་པ་ལ་ཅུང་ཟད་སེམས་གཏད། དེ་ཡང་ཡལ་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེའི་དྭངས་མ་དང་དབྱེར་མེད་དུ་གྱུར་པར་མོས་ལ། འ་ཨ་ཤ་ས་མ་ཧ། ཞེས་རྫོགས་ཆེན་ཡིག་དྲུག་བརྗོད། དེ་ནས་སེམས་དུས་གསུམ་གྱི་སྤྲོས་པ་བཅད་ནས་སྤྲོས་བྲལ་རྣམ་པར་མི་རྟོག་པ་ཁོ་ན་མ་གཏོགས་འགྱུ་བའི་རྣམ་པ་ཕྲ་མོས་ཀྱང་མ་རིག་པར་རྟོག་མེད་དུ་བཞག་ནས་ལུས་རང་ཤུགས་ཀྱིས་ཧལ་ཏེ་མ་འགྱེལ་བར་དུ་བསྒོམ། འགྱེལ་རྗེས་ཀྱང་འགྱེལ་ལུགས་ཇི་ལྟར་བྱས་པའི་སྟེང་དེ་ན་ལུས་གཡོ་འགུལ་བཟོ་བཅོས་མི་བྱ་ཞིང་། སེམས་ཀྱང་རྟོག་མེད་དུ་འཇོག་པ་རྒྱང་ཙམ་བྱ། ཡང་བླ་མ་བསྒོམ་ནས་བརྩམས་སྔར་བཞིན་བྱ་བ་ཅི་ནུས་སུ་ཐུན་དུ་བཅད་ནས་ཉི་མ་གསུམ་དུ་འབད་པས་བསྒོམས། དེ་ལྟར་བྱས་པས། དང་པོ་ལུས་ན་ཞིང་ཤ་ཀོར་རྩེར་འཕར་བ་དང་། ཁང་རུལ་ཞིག་པའི་རྣམ་པ་ལྟར་ཤག་ཤག་ཚུགས་མི་ཐུབ་པ་འབྱུང་ཡང་སྲན་བསྐྱེད་ནས་བསྒོམས་པས་མཐར་ལུས་འབོལ་ལེ་ཤིག་གེ་བ་དང་བདེ་དྲོད་སྐྱེ་བ་བྱུང་ན་གནད་དུ་སོང་བའོ། །དེ་ལ་ཐུན་མོང་གི་དགོས་པ་ནི་ལུས་ཀྱི་མངོན་ཞེན་བཟློག་པ་དང་། བར་ཆད་ཞི་བ་དང་། སྡིག་པ་འདག་པའོ། །མཆོག་གི་དགོས་པ་ནི། ལུས་མངལ་གྱི་གྲོང་ཁྱེར་མི་འཇུག་པ་དང་། སྤྲུལ་སྐུར་གྲོལ་བ་དང་། མཐར་ཐུག་སངས་རྒྱས་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་ངག་གི་སྔོན་འགྲོ་ལ་བཞི། རྒྱས་གདབ་པ། རྩལ་སྦྱོང་བ། མཉེན་བཙལ་བ། ལམ་དུ་གཞུག་པའོ། །དང་པོ་ལ་གཉིས། ཕྱི་སྣང་བ་ལ་རྒྱས་གདབ་པ་དང་། ནང་ཕུང་པོ་ལ་རྒྱས་གདབ་པའོ། །དང་པོ་ནི། མདུན་མཁར་རམ་སྐུ་དངོས་ཀྱི་རྣམ་པ་ཐིག་ལེ་མཐིང་ཁའི་དཀྱིལ་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ་མོས་གུས་དྲག་པོས་གསོལ་བ་གདབ། རང་ཉིད་ལུས་གནད་རྣམ་སྣང་ཆོས་བདུན་ལྟ་སྟངས་སྣ་རྩེར་གཏོད་ནས། རང་གི་སྙིང་ག་ཡང་གཞིར་གནས་ཀྱི་ཧཱུྃ་སྔོན་པོ་གཅིག་བསམ། མཐར་མདུན་གྱི་བླ་མ་ཧཱུྃ་དུ་གྱུར། སྙིང་ཁའི་ཧཱུྃ་ལ་ཐིམ་པར་བསམ་ལ་དར་ཅིག་ཀློད་རྗེས་མཆུ་སོ་གཉིས་མ་རེག་ཙམ་བྱས་ལ་ཧཱུྃ་གི་གླུ་ཆེ་ཆུང་རན་པར་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནས་ཐོན། རང་གང་གནས་ཀྱི་ཁང་ཁྱིམ་སོགས་རིམ་གྱིས་གང་། མཐར་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་གང་བར་གྱུར་ཅིང་། ཐམས་ཅད་ཧཱུྃ་གི་སྒྲ་དིར་དིར་སྒྲོག་པ་དང་། ཡོམ་ཡོམ་ཤིག་ཤིག་གཡོ་བ་ལ་ཤེས་པ་གཏད་དེ་ཅུང་ཟད་ཀློད་ལ་བཞག་གོ། །གཉིས་པ་ནི། ཧཱུྃ་དེ་དག་སླར་སྣ་བུག་གཡོན་ནས་ཞུགས། རང་ལུས་ཀྱི་སྤྱི་བོ་ནས་རྐང་སེན་གྱི་བར་དུ་མེར་ཁྲིག་གཏེམ་ཙེར་གྱིས་གང་བ་ལ་དམིགས་པ་གཏད་ལ། བསྒོམ་མོ། །རིག་འཛིན་ཆེན་པོས་འདི་གཉིས་སོ་སོར་བྱ་བ་དང་། རྗེས་མའི་སྐབས་ཕྱི་རོལ་ནས་ཐོལ་བྱུང་གི་ཧཱུྃ་མང་པོ་སྣ་བུག་ནས་ཞུགས་པ་ལས་སྔ་མ་ཚུར་བསྡུ་བ་འདི་མཐའ་གཅིག་ཏུ་མི་དགོས་གསུངས། གཉིས་པ་རྩལ་སྦྱོང་བ་ལའང་གཉིས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། མདུན་དུ་བླ་མ་བསྒོམ་པ་དང་གསོལ་འདེབས་སྔར་ལྟར་ལ། རང་གི་སྙིང་ཁར་གཞིར་གནས་ཀྱི་ཧཱུྃ་མཐིང་ནག་མེ་འབར་བ་གཅིག་ཏུ་བསྒོམ། མཐར་བླ་མ་ཡང་དེ་ལྟ་བུའི་ཧཱུྃ་དུ་གྱུར་ནས་དེ་ལ་བསྟིམ་པ་ནི་ཁྱད་པར་རོ། །དེ་ནས་ངག་ཏུ་ཧཱུྃ་ཐུང་ལ་དྲག་པར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་ཚ་བ་མེ་ལྟ་བུ། མྱུར་བ་གློག་ལྟ་བུ། རྣོ་བ་སྤུ་གྲི་ལྟ་བུ། ཤུགས་ཐོག་ལྟ་བུ་ཐོལ་ཐོལ་འཕྲོས། ཐོག་མར་རང་གི་མདུན་གྱི་དངོས་པོ་གང་རུང་དེ་ཤོག་བུ་ལ་མེ་སྟག་ཕོག་པ་ལྟར་ཕར་ཐལ་ཚུར་ཐལ་དུ་ཕུག་པས་ཁྲལ་ཁྲོལ་ལ་སོང་། དེ་ནས་དངོས་པོ་རྣམས་རིམ་གྱིས་ཕུག་ཅིང་སྦྱངས་ནས་མཐར། དངོས་པོར་གྲུབ་པ་ཏིལ་འབྲུ་ཙམ་ཡང་མ་ལུས་པར་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་ཤིག་ཤིག་གང་བར་བསམ་ལ་ཅུང་ཟད་མཉམ་པར་འཇོག་གོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། བླ་མའི་རྣལ་འབྱོར་སྔར་ལྟར། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཁྱད་ཆོས་བཞི་ལྡན་མང་པོ་འཕྲོས། རང་ལུས་སྤྱི་བོ་ནས་རྐང་མཐིལ་གྱི་བར་རྟ་རྔ་གཤགས་པའི་ཆ་ཙམ་ཡང་མ་ལུས་པར་ཡར་ཐལ་མར་ཐལ། ཕར་ཐལ་ཚུར་ཐལ་དང་། ཕྱི་ནས་ཀྱང་ཐོལ་སྐྱེས་རང་ཤར་དུ་བྱུང་བའི་ཧཱུྃ་ཡིག་ཁྱད་ཆོས་བཞི་ལྡན་ནང་དུ་འོང་བས་ཀྱང་དེ་བཞིན་དུ་ཐོགས་པ་མེད་པར་ཕུག་ནས་སྟོང་སོང་སོང་འགྲོ་བར་བསྒོམ། ཧཱུྃ་དྲག་ལ་ཐུང་བ་ངར་བསྐྱེད་ནས་ངག་ཏུ་ཡང་བརྗོད་པས་ཤ་འཕར་བ་དང་ཁྲལ་ཁྲོལ་དུ་སོང་བ་སྙམ་འབྱུང་། འདིས་གདོན་གྱི་གནོད་པ་ལ་སོགས་པ་ཡོད་ཀྱང་འཇོམས་ཞིང་། གདོན་ཐོན་པའི་རྟགས་སུ་འདར་བ་དང་འཁྲིགས་པ་ལ་སོགས་པ་འབྱུང་། དེ་དུས་བར་བར་དུ་ངལ་གསོ་ཞིང་བསྒོམ་པས་གདོན་ལས་གྲོལ་བར་འགྱུར། མཐར་དམིགས་མེད་ནམ་མཁའ་ལྟ་བུར་བཞག །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་དབྱུག་པ་འདོམ་ཕྱེད་ཙམ་ཞིག་བཙུགས། བླ་མ་བསྒོམ་བསྟིམ་སྔར་དང་འདྲ། སྙིང་གའི་ཧཱུྃ་ལས་ཧཱུྃ་རང་འདྲ་བ་གཉིས་པ་ཞིག་སྤྲོས། སྙིང་ཁ་ནས་ཐོགས་མེད་དུ་ཐོན། དབྱུག་པའི་རྩེ་མོར་འཁོད་ཅིང་གསལ་བརྟན་འབར་བ་ལ་སེམས་བཞག །ཡང་གཞིར་གནས་ཀྱི་སྙིང་གའི་ཧཱུྃ་ལ་ཚུར་བསྡུ། ཡང་ཕར་སྤྲོ་བ་དེ་འདྲ་ལན་ཁ་ཤས་ཀྱིས་དམིགས་པའི་གཞི་བཙལ་ནས། མདུན་དུ་ཤིང་འདོམ་གང་ཙམ་བཙུགས་པ་ལ་སྙིང་ཁའི་ཧཱུྃ་ལས་ཧཱུྃ་མང་པོ་གཅིག་རྗེས་གཅིག་མཐུད་བྲེང་ཆགས་སུ་ཕྲེང་བ་བརྒྱུས་པ་ལྟར་འཕྲོས། མདུན་གྱི་དབྱུག་པའི་རྩ་བ་ནས་བཟུང་རིམ་པས་གཡས་བསྐོར་དུ་ཇེ་མཐོ་ཇེ་མཐོར་དཀྲིས་ནས། ཧཱུྃ་སྔོན་མ་དེ་དབྱུག་པའི་རྩེ་མོར་ཡེར་གྱིས་ཕྱིན་པ་ན་ཅུང་ཟད་དེ་ལ་སེམས་བཞག །ཡང་ཧཱུྃ་ཡིག་རྗེས་མ་སྤྲོ་གཞི་ལ་སྡུད་པ་ནས་བརྩམས་ཕྱི་རིམ་གཡོན་བསྐོར་དུ་ཤིག་ཤིག་འོང་ནས་སྙིང་ཁའི་ཧཱུྃ་ལ་ཐིམ་པར་བསམས་ཏེ་དཀྲོལ། ཡང་སྔ་མ་བཞིན་དུ་སྤྲོ་བ་སོགས་བྱ་ཞིང་། དེའི་སྐབས་སུ་ངག་ཏུ་ཡང་ཧཱུྃ་སྒྲ་འབོལ་ལ་རིང་བ་བརྗོད་ནས་ཧཱུྃ་གི་གླུ་ལེན། དེ་ལ་གོམས་ནས་དངོས་སུ་དབྱུག་པ་འདོམ་དོ་ཙམ་བཙུགས། དམིགས་པས་དེ་ཉིད་དཔག་བསམ་གྱི་ཤིང་དུ་གྱུར་པའི་རྩེ་མོ་སྲིད་རྩེར་སླེབས་པ་ཞིག་ཏུ་བསྒོམས་ནས། ཡང་ཧཱུྃ་གི་གླུ་ལེན་པ་དང་དམིགས་པའི་སྤྲོ་བསྡུ་བཤད་མ་ཐག་པ་ལྟར་ཡང་ཡང་བྱ། དེ་ནས་དངོས་པོ་ཐམས་ཅད་ལ་ཡང་དེ་ལྟར་དུ་སྦྱངས་པས་སེམས་གར་གཏད་དུ་ཟིན་པ་སྙམ་འབྱུང་བ་དང་། དམིགས་པ་སྔ་ཕྱི་ཐམས་ཅད་ལ་གསལ་སྣང་ཐོབ་ན་འབྱོངས་པའི་ཚད་ཡིན། འདི་དག་གི་སྐབས་སུ་ཧཱུྃ་གི་ཕྲེང་བ་དེའི་ཐོག་མཐའ་བར་གསུམ་གཅིག་བསྒོམ་དུས་གཅིག་མི་གསལ་བ་ལྟ་བུ་མ་ཡིན་པ་ཐམས་ཅད་ཀྱི་རྣམ་པ་སྤྱི་ལམ་པ་གཅིག་ཅར་དུ་གསལ་ཐེབས་ཤིང་རྟོག་པ་གཞན་གྱིས་བར་མ་ཆོད་པ་ཞིག་གལ་ཆེའོ། །བཞི་པ་ལམ་དུ་གཞུགས་པ་ནི། བླ་མ་བསྒོམ་བསྟིམ་སྔ་མ་བཞིན་ལ་དམིགས་པ་ཐུན་མོང་བ་ལྟར་ན། རང་གི་སྙིང་ཁར་ཧཱུྃ་དཀར་པོ་འོད་ལྔ་ལྡན་པ་ཞིག་བསམ། ཧཱུྃ་སྙན་ལ་རིང་བ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གཅིག་རྒྱང་གིས་ཆད་དེ་སྲིན་འགྲོས་ལྟ་བུའི་ལམ་ལས་ཞུགས། ཐོག་མར་གནས་ཁང་གི་ཕྱི་ཙམ། དེ་ནས་མཐོང་ཡུལ། རིམ་གྱིས་རི་བྲག་དང་ཡུལ་ལྗོངས་སོགས་བརྒལ་ནས་འཇིག་རྟེན་གྱི་ཁམས་བློས་མི་འཁྱུད་པའི་ཕ་མཐར་སོང་བར་བསམ་ཞིང་། འགའ་ཞིག་ཏུ་ཅུང་ཟད་འདུག་པར་བསམ་ལ་གསལ་སྣང་འདོན་བསྐྱོར་བྱ། རེས་འགའ་དལ་བུས་འགྲོ་བར་བསམ་ལ་ཧཱུྃ་རིང་པོར་བརྗོད། རེས་འགའ་མདའ་འཕང་བ་ལྟར་འགྲོ་བར་བསམ་ལ་ཧཱུྃ་ཐུང་ངུར་བརྗོད། ཡང་རིམ་གྱིས་ཚུར་ལྡོག་སྟེ་མདུན་ནམ་སྙིང་གར་གནས་པར་བསམ། ཧཱུྃ་བརྗོད་དུས་རླུང་རིག་གཅིག་ཏུ་དྲིལ་ཞིང་། ཕྱི་ནང་གང་དུ་འགྲོ་འོང་བྱེད་པ་དེ་ལ་སེམས་རྩེ་གཅིག་ཏུ་གཏོད་པ་གལ་ཆེའོ། །འདིར་ངལ་གསོ་བའང་སྲིན་འགྲོས་ཀྱི་འཁྱོག་མཚམས་རེ་དང་། ཧཱུྃ་ཡང་སྐབས་དེར་དྲག་ལ་ཐུང་བ་རེ་རེ་བརྗོད་གསུང་བའང་ཡོད་ཅིང་། ཁྱད་པར་ཐུན་མོང་མ་ཡིན་པ་བླ་མའི་མན་ངག་ཞལ་ཤེས་ཀྱི་དབང་དུ་བྱས་ན་ཐོག་མ་ནས་ངོ་བོ་རང་གི་ལུས་ངག་སེམས་གསུམ་རྣམ་པ་ཧཱུྃ་དཀར་པོ་འོད་ལྔ་ལྡན་པ་ཞིག་ཏུ་བསྒོམ་པ་དེ་ཉིད་འཁྱོགས་འགྲོས་སུ་སོང་ནས་ཤུལ་དུ་ལུས་དང་སྤྲོ་གཞིའི་ཧཱུྃ་ལུས་རྒྱུ་མེད་པར་བསྒོམ་པ་དེ་ཉིད་ཞིང་ཁམས་བགྲོད་པ་ལ་སོགས་པ་ལ་སྔ་མ་ལས་ཟབ་ཁྱད་ཐོན་པའི་དམིགས་པ་ཡིན་གསུངས། དེའང་འཇིག་རྟེན་གྱི་ཁམས་མང་པོ་བགྲོད་པའི་མཐར་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་ཕྱིན་ནས་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་མི་བསྐྱོད་པའི་ཐུགས་ཀློང་བདེ་བ་ཆེན་པོ་དང་ཧཱུྃ་ཡིག་དབྱེར་མེད་དུ་འདྲེས་པར་བསམ་ལ། ཚུར་མི་བསྡུ་བར་རྟོག་མེད་དུ་མཉམ་པར་བཞག །ཞིང་ཁམས་གཞན་ལའང་དེས་འགྲེས། དམྱལ་བ་སོགས་མ་དག་པའི་གནས་རྣམས་སུའང་བགྲོད་ནས། ཧཱུྃ་ཡིག་གང་དུ་སླེབས་པའི་གནས་དེ་ཉིད་སྣོད་བཅུད་དག་པ་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དུ་ལམ་ལམ་བསྒྱུར་ནས་མཐར་དེ་ཀུན་མི་དམིགས་པ་ཧཱུྃ་དང་བཅས་རང་ཡལ་དུ་བསམ་ནས་སྟོང་ཉིད་སྤྲོས་བྲལ་མི་རྟོག་པ་ལ་མཉམ་པར་བཞག །འདི་དག་ཐམས་ཅད་དལ་བུས་རྐང་ཐང་དུ་བགྲོད་པ་ལྟ་བུར་བྱས་ནས་སེམས་སྦྱོང་བ་ལས་ཡུད་ཀྱིས་བགྲོད་ཅིང་ཕྱིན་པ་བྱ་རྒྱུ་མིན། ཧཱུྃ་གང་དུ་སླེབས་པ་དེར་རང་ཉིད་དངོས་སུ་སླེབས་པ་ལྟ་བུར་བསྒོམས་པས་མཐར་དངོས་སུ་སོང་བ་དང་ཁྱད་མེད་པའི་གསལ་སྣང་ཐོབ་པ་དང་། རྨི་ལམ་འཛིན་སྤེལ་སྦྱང་བ་སོགས་ལའང་ཚེགས་མེད་ཅིང་། དེ་དག་ལ་བརྟེན་ནས་ཞིང་ཁམས་བགྲོད་པ་ལ་སོགས་པའང་འབྱུང་གསུངས། དེ་ལྟར་ངག་གི་སྔོན་འགྲོ་ལ་འབད་པས་གནས་སྐབས་སུ་ངག་གི་མངོན་ཞེན་བཟློག །བར་ཆད་ཞི། ངག་གི་སྒྲིབ་པ་འདག །མཆོག་གི་དགོས་པ་ནི། ངག་འཁོར་བར་མི་འཇུག་ལོངས་སྐུར་གྲོལ། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཐོབ་པར་འགྱུར་རོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ། དང་པོ་བྱུང་ས། བར་དུ་གནས་ས། མཐར་འགྲོ་ས་ལ་བརྟག་པའོ། །དེ་ཡང་ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་པས། །སེམས་སྦྱང་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས། དང་པོ་བྱུང་ས་དང་འབྱུང་མཁན་ལ་བརྟག་པ་ནི། མདུན་དུ་བླ་མ་སྔར་ལྟར་བསྒོམ། ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་འགྲེ་བཅས་ནས་གསོལ་བ་གདབ། བླ་མ་རང་ལ་བསྟིམས་ཏེ་སེམས་དང་དབྱེར་མེད་དུ་བསྲེས། རྣམ་པར་མི་རྟོག་པའི་རང་བབས་སུ་ཅི་གནས་ཀྱི་ཡུན་ལ་མཉམ་པར་བཞག །དེ་ནས་ཁ་ནང་དུ་ཕྱོགས་ཏེ་རང་གི་ལུས་ངག་ཡིད་གསུམ་གཙོ་གང་ཆེ། འཁོར་བར་སྐྱུར་མཁན་དང་མྱང་འདས་ཐོབ་མཁན་འདི་ལུས་ངག་ཡིད་གསུམ་གང་ཡིན་བརྟགས་ཤིང་དཔྱད་པས། སེམས་གཙོ་བོར་གཏན་ལ་ཕེབས་པ་ན། རང་གི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཕྲོ་བ་འདི་ཕྱི་འབྱུང་བའི་དངོས་པོ། ནང་རང་གི་སྒྱུ་ལུས། སྣང་བ་སྟོང་པ་ཕ་མའི་རྐྱེན་སོགས་དང་པོ་གང་ལས་བྱུང་། སེམས་ལས་སེམས་བྱུང་ངམ། ཇི་ལྟ་བུ་ཞིག་ལས་བྱུང་། ཕར་བལྟ། ཚུར་བལྟ། ཡར་བལྟ། མར་བལྟ་བྱའོ། །དེ་ལྟར་དཔྱད་པས་བྱུང་ས་བྱུང་མཁན་མེད་པར་ཤེས་ནས་ཤར་བ་འདྲ་ཡང་། ཤར་དུས་ནས་མ་གྲུབ་པ་དེ་ནི་ཐོག་མར་སྐྱེ་བ་མེད་པ་གདོད་མའི་གཤིས་ཆོས་སྐུའི་བཞུགས་ཚུལ་ཡིན་པས་རང་ངོ་འཕྲོད་པའི་དགོས་པ་ཡོད་དོ། །གཉིས་པ་བར་དུ་གནས་པ་ལ་བརྟག་པ་ནི། སེམས་འདི་འདྲ་ཞིག་ནས་བྱུང་སྙམ་པའམ། རྣམ་རྟོག་ཐོལ་གྱིས་ཤར་བའི་དུས་སུ་དེ་ལྟར་ཤར་བའི་སེམས་དེ་ཉིད་ཕྱི་སྣང་བ་ལ་གནས་སམ། ནང་ཕུང་པོ་ལ་གནས། གནས་མཁན་གྱི་ཤེས་པ་དེ་ཉིད་དངོས་པོ་དངོས་མེད་དབྱིབས་ཁ་དོག་ལ་སོགས་པ་ཇི་ལྟར་འདུག་བརྟག་པས་ཅིར་ཡང་མ་གྲུབ་པར་གསལ་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་ཤར་བ་ནི་བར་དུ་གནས་པ་མེད་པར་ངོ་འཕྲོད་པ་སྟེ་མཐར་ཐུག་ལོངས་སྐུ་འགྲུབ་པའི་དགོས་པ་ཡོད་དོ། །གསུམ་པ་ཐ་མར་འགྲོ་ས་ལ་བརྟག་པ་ནི། རྣམ་རྟོག་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ། འགྲོ་ས་འགྲོ་མཁན་ཇི་འདྲ་ཞིག་འདུག །རྣལ་རྟོག་ཡལ་ནས་སོང་སྙམ་ན་གང་དུ་ཡལ་བལྟས་པས་འགྲོ་བ་ལྟར་སྣང་ཡང་སོང་བ་མེད་པ། འགགས་པ་ལྟར་སྣང་ཡང་འགགས་པ་མེད་པར་ཤེས་པ་ནི་རིག་སྟོང་རྗེས་མེད་རང་ངོ་འཕྲོད་པ་སྟེ། མཐར་ཐུག་འབྲས་བུ་སྤྲུལ་སྐུ་དང་མཇལ་བའི་དགོས་པ་ཡོད་དོ། །གཞན་ཡང་སེམས་འདི་དངོས་པོ་དང་དངོས་མེད་གང་ཡིན། དངོས་པོའི་སྙམ་ན་དབྱིབས་དང་ཁ་དོག་ཆེ་ཆུང་བྱེད་ལས་ངོ་བོ་གང་གིས་མཚོན། རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟ། བལྟ་བྱའི་ཤེས་པ་ལ་ཕར་བལྟ། དེ་གཉིས་ཀྱང་གཅིག་ཡིན་ནམ་སོ་སོ་ཡིན་སོགས་རིག་པ་རྐྱང་དེད་ཀྱིས་སྐད་ཅིག་ཀྱང་མ་ཡེངས་པར་བལྟ། དེ་ལྟར་ཕུ་འདེད་མདའ་འདེད་དུ་བརྟགས་ཤིང་བཙལ་བའི་ངང་ནས་རྒན་པོ་ཉི་མ་འདེ་བའམ། བྱ་བ་ཟིན་པའི་སྐྱེས་བུ་ལྟར་ལྷོད་ཀྱིས་ཀློད་ལ་བཞག །ཡང་རྣམ་རྟོག་ཐོལ་ཐོལ་འཕྲོ་ན་དེ་བྱ་ཤོར་དུ་མ་སོང་བར་དྲན་པས་ཚིར་གྱིས་བཟུང་ནས་རྣམ་རྟོག་དེ་ག་གང་ལས་སྐྱེས་བལྟ། དེ་སེམས་ལས་སྐྱེས་སྙམ་ན་སེམས་དེ་ག་གང་ལས་བྱུང་། ཡོད་པ་ལས་བྱུང་ངམ། དེའི་ཚད་ཨེ་འདུག །མེད་པ་ལས་བྱུང་ངམ། དེའི་དམིགས་ཨེ་རྙེད་སྐད་ཅིག་ཀྱང་མ་ཡེངས་པར་བལྟས་པས་ཅིར་ཡང་མ་མཐོང་བའི་ངང་དུ་ལྷོད་དེ་བཞག་གོ། །ཡང་རྣམ་རྟོག་ཝལ་གྱིས་ཤར་ན་སྔར་ལྟར་སེམས་ཀྱི་ཕུ་ཐག་མ་ཆོད་ཀྱི་བར་དུ་བལྟ། དེ་ལྟར་བརྟགས་ཤིང་དཔྱད་པས་ཅི་ཡང་མ་རྙེད་པའི་ངང་དེར་ངོས་བཟུང་ལ་དཔྱད་ར་མེད་པར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་ལྟར་འབད་པས་གནས་སྐབས་སུ་སེམས་ཀྱི་མངོན་ཞེན་བཟློག །བར་ཆད་ཞི། སྡིག་པ་འདག །མཐར་ཐུག་མཆོག་གི་དགོས་པ་སེམས་འཁོར་བར་མི་འཇུག་ཆོས་སྐུ་ཉག་གཅིག་ཏུ་གྲོལ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་འགྱུར་པའི་དགོས་པ་ཡོད་དོ། །རྒྱུད་ལས་ཀྱང་། བསམ་དུ་རྡུགས་པར་གཞུག་པ་འདི་ཉིད་ཀྱིས། །དྲན་པ་རྣམས་ནི་ཟད་པའི་སར་བསྐྱལ་ལོ། །ཞེས་འབྱུང་བའང་འདིའི་དོན་ཡིན་ནོ། །སྐབས་འདིར་རྒྱས་པར་སྤྲོ་ན། ཁྲེགས་ཆོད་ཡེ་བབ་སོར་བཞག་གི་དོན་ཁྲིད་ལྟར་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པའི་གདམས་ངག །སྐྱེ་འགགས་གནས་གསུམ་ལ་བརྟགས་པས་སེམས་ཉིད་བརྗོད་དུ་མེད་པའི་ངོ་བོ་མཐོང་། གཅིག་ཐ་དད་ལ་བརྟགས་པས་སེམས་ཀྱི་གནས་ལུགས་རྟོགས། རང་ངོ་གཅེར་མཐོང་ལ་བརྟགས་པས་སེམས་ལས་འདས་པའི་ཡེ་ཤེས་ངོས་བཟུང་བ་རྣམས་རྒྱས་པར་གྲུབ་ན་ཤིན་ཏུ་ལེགས་སོ། །གཉིས་པ་སེམས་རྣལ་དུ་དབབ་པ་ནི། མདུན་གྱི་ནམ་མཁར་སྟོང་གཟུགས་ཀྱི་ཐིག་ལེ་སྔོ་དྭངས་ཀྱི་དཀྱིལ་དུ་དྲིན་ཅན་རྩ་བའི་བླ་མ་སྐུ་མི་གཡོ། སྤྱན་ཟིམ་བུ། གསུང་བརྗོད་བྲལ། ཐུགས་སྤྲོས་མེད་ཀྱི་རྣམ་པར་བཞུགས་པ་གསལ་བཏབ་པའི་ཐུགས་ཀར་ཨ་དཀར་པོ་གཅིག་བསྒོམ། གསོལ་བ་བཏབ་ནས་རང་ལ་བསྟིམ། དེ་ནས་ལུས་སོག་ཕོན་གྱི་ཐག་པ་ཀློད་པ་ལྟར་བདེ་ལུགས་སུ་བཞག །ངག་པི་ཝཾ་གི་རྒྱུན་ཐག་བཅད་པ་བཞིན་མ་བཅོས་པར་འཇོག །ཡིད་རང་འཐག་གི་ལྟག་ཆུ་བཅད་པ་བཞིན་རྟོག་དཔྱོད་ཀྱིས་འཚོལ་འཕྲོ་མི་བྱ་བར་རང་བབས་སུ་འཇོག་གོ། །དེ་ལྟར་བཞག་པས་དགེ་སྡིག་དགག་སྒྲུབ་སོགས་ཤེས་པའི་སྤྲོས་པ་ཉེ་བར་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟ་བུ། གསལ་སྟོང་ལྷན་ཅིག་སྐྱེས་པ་གདོད་མའི་ངང་དུ་མ་བཅོས་པར་འཇོག་སྟེ། དེ་ཡང་བློ་ལ་ཡུལ་སྣང་ངམ་ཡུལ་ལ་བློ་གང་སྣང་ཡང་ཕར་གང་སྣང་བ་མ་འགགས་ལ། ཚུར་གང་སྣང་ལ་དེར་འཛིན་བློའི་དྲི་མ་དང་བྲལ་བ། སྣང་སེམས་དབྱེར་མེད་ཡུལ་དང་ཡུལ་ཅན་འདི་ཞེས་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རིག་པ་གསལ་ཧྲིག་རྗེན་ནེ་བའི་ངང་དུ་འཇོག །དེས་སྔར་སེམས་ཚོལ་སོགས་དམིགས་པ་གཞུར་པོ་བྱས་པས་ཐང་ཆད་པ་ལྟ་བུ་དེ་འདིར་ངལ་སོས་པའི་ཚུལ་གྱིས་ཏིང་ངེ་འཛིན་སྐྱེ་བའི་དགོས་པ་ཡོད། དེའི་ངང་ནས་ལུས་བསྒུལ་བསྐྱོད་འདོད་པ་དང་། སེམས་ལ་རྟོག་པ་འགྱུ་ན་དེའི་ངོ་བོ་ལ་གཅེར་གྱིས་བལྟས་ནས་ལྷོད་ཀྱིས་གློད། ངག་བརྗོད་འདོད་བྱུང་ན་དམིགས་མེད་ཀྱི་ངང་ནས་ཨ་ཨ་ཨ་ཞེས་བརྗོད། འདིའི་སྐབས་སུ་འཕྲོ་རྒོད་ཀྱི་གེགས་བྱུང་ན། རང་གི་ལུས་སེམས་ཐམས་ཅད་རྡོ་རྗེ་ཕ་ལམ་གྱི་རང་བཞིན་ཕ་བོང་གྲུ་བཞི་པར་བསྒོམས་ནས་མཉམ་པར་བཞག །བྱིངས་ན་ལུས་སེམས་ཨ་དཀར་པོར་བསྒོམས་ནས་དེར་འཛིན། རྨུག་ན་ལུས་ཧྲིལ་པོའམ་ཡང་ན་ལུས་ནང་སྙིང་ཐད་དུ་མར་མེ་འོད་གསལ་བ་ཞིག་ཏ་ལེར་འབར་བ་ལ་སེམས་གཏད་པ་སྟེ་གེགས་སེལ་བོག་འདོན་གྱི་དམིགས་ཕྲན་གསུམ་མོ། །རྗེས་ཐོབ་ཀྱི་གནས་སྐབས་སུའང་གང་ཤར་དགག་སྒྲུབ་བླང་དོར་སོགས་རེ་དོགས་མེད་པར་བསྐྱངས་པས་གང་སྣང་སྒོམ་གྱི་གྲོགས་སུ་འཆར་བར་འགྱུར་ཞིང་། རྟོག་པ་ནན་གྱིས་བཀག་ན་མི་གནས་པའི་ཁར་གེགས་སུ་འགྲོ་ལ། ཡིད་ཤེས་ཚོགས་དྲུག་གི་ཡུལ་སྣང་དེར་འཛིན་མེད་ཅིང་གཉེན་པོས་མ་བསླད་པར་སྐྱོང་བ་ཉིད་གལ་ཆེ། ཀ་དག་གི་ངང་དུ་བཞག་དུས་སུ་འཆར་འཆར་འདྲ་ཡང་དོན་ལ་ཤར་བ་མེད་པས་རིག་པ་ཟང་ཐལ་རྗེན་པར་ངོས་བཟུང་ལ་ཀ་དག་རིག་སྟོང་སྤྲོས་བྲལ་གྱི་ངང་དུ་ལ་ཟློ་བར་བྱའོ། །གསུམ་པ་གཟའ་གཏད་མེད་པ་ལྟ་བའི་མན་ངག་བསྟན་པ་ལ་གཉིས། དོན་ཉམས་སུ་བླང་བ་དང་། ངོ་གཅེར་ཕོག་ཏུ་སྤྲད་པའོ། །དག་པོ་ལའང་གཉིས། གོ་བར་བྱ་བ་དང་། ཉམས་ལེན་དངོས་སོ། །དང་པོ་ནི། ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད་དང་། རྟོག་མེད་ནམ་མཁའ་སྤྲིན་ཕུང་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་སྤྲུལ་པ་སྐུའི་འདས་རྗེས་ཚིག་གསུམ་གནད་དུ་རྡེག་པའི་སྒོ་ནས་རང་གི་རིག་པ་ཆོས་སྐུ་དྲི་མ་མེད་པར་རྟོགས་པར་བྱེད་པ་ལ་གསུམ། ངོ་རང་ཐོག་ཏུ་སྤྲད་པ་ནི། ད་ལྟར་གྱི་ཤེས་པ་བཅོས་བསླད་གཉེན་པོ་དང་བྲལ་བ། ངོ་བོ་ངོས་གཟུང་ལས་འདས་པ། རིག་པ་མཚན་མར་མ་གྲུབ་པར། སྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆེན་པོ་ཝ་ལེ་སང་ངེ་ཕྱམ་མེར་གནས་པ་འདི་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཀ་དག་གི་དགོངས་པར་ངོ་ཤེས་པར་བྱའོ། །ཐག་གཅིག་ཐོག་ཏུ་བཅད་པ་ནི། ཆོས་སྐུ་བློ་འདས་ཀྱི་དགོངས་པ་བཞི་ཆ་གསུམ་བྲལ་གྱི་ངང་ལ་མི་གཡོ་བར་གནས་པ་སྟེ། དེའི་དྲན་བསམ་སྔ་མ་འགག །ཕྱི་མ་མ་སྐྱེས། ད་ལྟར་གྱི་ཤེས་པ་གང་དུའང་བཅོས་བསླད་བྲལ་བའི་ངང་ལ་རིག་པའི་གདངས་མ་འགགས་པར་ཆུ་རྙོགས་མ་དྭངས་པ་དང་འདྲ་བའི་ངང་ལ་ཆེད་དུ་རྩོལ་བས་མ་བསྒྲིབས། ཡེངས་པ་ཕྱལ་བར་མ་ཤོར་བར། ཐ་མལ་གྱི་རིག་པ་སོར་བཞག་གཅིག་པུ་རིག་གེ་སང་ངེ་ཡེ་རེ་ཝ་ལ་ལེར་བཞག་པར་བྱའོ། །གདིང་གྲོལ་ཐོག་ཏུ་བཅའ་བ་ནི། དེ་ལྟ་ངང་དྭངས་སྤྲོས་པ་དང་བྲལ་བ་རྒྱ་མཚོ་དྭངས་པ་ལྟ་བུའི་ངང་ལ་བཞག་དུས། ཐ་མལ་གྱི་ཤེས་པ་ཡུལ་ཐོག་ཏུ་འཕྲོ་ཡང་རང་ཤར་རང་གྲོལ་དུ་བསྟན་པ་རྦ་རླབས་ཆུར་ཐིམ་པ་ལྟ་བུ་སྟེ། ཤར་དུས་ཡེངས་མེད་བཅོས་བསླད་མེད་པའི་ངང་དུ་གློད་པས། དྲན་རྟོག་རྗེས་མེད་དུ་ཡལ་ནས་བྱུང་ཚོར་གཞི་ཐིམ་ལ་སོང་བ་ནི་རང་གྲོལ་ཞེས་བྱ་སྟེ། རང་ཤར་རིས་མེད་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པར་གདེངས་འཆོས་པའོ། །གཉིས་པ་ངོ་གཅེར་ཐོག་ཏུ་སྤྲད་པ་ལ་གཉིས། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ་དང་། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲོད་པའོ། །དང་པོ་ནི། དབེན་པའི་གནས་སུ་ཚོགས་གཏོར་རྒྱ་ཆེར་བཤམ་ཞིང་སློབ་མ་རྣམས་ཀྱིས་མཎྜལ་དབུལ་ལ་ལུས་གནད་དྲང་པོར་བསྲང་། ངོ་སྤྲོད་འདེབས་པ་པོ་བསྒོམ་གཞིར་བྱས་ནས་སྔར་བླ་མའི་རྣལ་འབྱོར་དུ་བཤད་པའི་དམིགས་པ་ཕོག་ལ་དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ཚང་། དགོས་འདོད་ཀུན་སྩོལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་ཁྱད་པར་ཅན་བསྐྱེད་ནས་ཅི་མཛད་ཁྱེར་ཤེས་ཀྱིས་བློ་གཏད་ལིངས་བསྐྱུར་ཏེ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་དུས་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་རློབས་ཤིག་སྙམ་དུ་མོས་གུས་གདུང་ཤུགས་དྲག་པོ་མཆི་མ་འཁྲུགས་པ་ཙམ་དུ་སྐྱེད་ཅིག་བྱས་ལ། སྤོས་དང་གུ་གུལ་སྲེག་ཅིག་བླ་མས་ཌཱ་དྲིལ་འཁྲོལ་བ་དང་བཅས་ནས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྒྱུད་པའི་གཤར་འདེབས་ཀྱི་བྱིན་ཕབ་བརྗེས་བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་པ་དང་བྲལ་བའི་ངང་ལ་ཤེས་པ་ཀློད་ལ་འཇོག་ཏུ་བཅུག་པས་བྱིན་རླབས་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ལྷང་ངེར་ཤར། གཤིས་འཛིན་མེད་དུ་ཁྲོ་ལེར་གྲོལ། དེའི་ངང་ལ་བཟོ་མེད་དུ་ལྷོད་ཀྱིས་གློད་ལ་བཞག་པས་རང་རིག་ཀ་དག་ཆོས་སྐུའི་དབྱིངས་སུ་གྲོལ་བ་ཞེས་བྱ་བ་ཡིན་ནོ། །འདི་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་ཉམས་མྱོང་བོགས་ཆོད་དུ་སྐྱེ་བའི་ཕྱིར་གཏེར་ཆེན་རིན་པོ་ཆེའི་ཕྱག་བཞེས་སུ་མཛད་པ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ་གསུངས་སོ། །གཉིས་པ་ལ་གསུམ། གནས་པ། འགྱུ་བ། ཟུང་འཇུག་གི་དགོངས་པ་ངོ་སྤྲོད་པའོ། །དང་པོ་དོན་སྐྱེ་མེད་དུ་རྩད་བཅད་ནས་གནས་ཐོག་ཏུ་གཞི་བཅིངས་གྲོལ་མེད་པའི་གནས་ལུགས་ཆོས་ཟད་ཀ་དག་གིདགོངས་པར་ངོ་སྤྲད་པ་ནི། སློབ་མ་རྣམས་སྔར་ལྟར་ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་རང་བབས་སུ་བཞག །སེམས་གནད་རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་རིག་པ་བཞི་ཆ་གསུམ་བྲལ་གཤིས་གང་དུ་ཡང་མ་གྲུབ་ཅིང་། མདངས་བདེ་ཆེན་དུ་མ་འགགས་ལ། རྩལ་སྣ་ཚོགས་སུ་སྣང་ཡང་ངོ་བོ་སྨྲ་བསམ་བརྗོད་མེད་བློའི་སྤྱོད་ཡུལ་ལས་འདས་པའི་རིག་པ་གསལ་ལེ། ཡེར་རེ། ཧྲིག་གེ། རྗེན་ནེ། སང་ངེ་བ་འདི་རང་བྱུང་གི་ཡེ་ཤེས་ཆོས་སྐུ་བློ་འདས་ཆེན་པོའི་དགོངས་པ་ཡིན་པས་དེ་བཅར་ཕོག་ཏུ་ངོས་བཟུང་ལ། མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་དུ་དར་ཅིག་མཉམ་པར་ཞོག་ཅིག །ཅེས་བརྡའ་སྤྲད། དེ་ལྟར་བཞག་པས་རྣམ་རྟོག་གི་སྤྲོས་པ་ཉེ་བར་ཞི་ནས་བྱ་བྱེད་དྲན་རྟོག་ཐམས་ཅད་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རོལ་པར་འཆར་ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། རྟག་ཆད་ཀྱི་འཕྲང་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པར་ལ་བཟླ་བའོ། །དེ་ལྟར་ཡང་གསང་བ་སྒྲ་རྒྱུད་ལས། སྔ་ཕྱི་དྲན་རྟོག་མེད་པ་ཡི། །རིག་གེ་སེང་ངེ་གསལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིད་ལ། །ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ་། །ཞེས་གསུངས་ཤིང་། དེའི་ཚེ་སེམས་སྤྲོས་བྲལ་དུ་གསན་པ་ཆོས་སྐུ། གསལ་ལ་དེར་འཛིན་མེད་པ་ལོངས་སྐུ། སྣ་ཚོགས་སྣང་བའི་འཆར་གཞིར་མ་འགག་པ་སྤྲུལ་སྐུ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་ནི། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་ངོ་། །ཞེས་གསུངས་པ་ལྟར་རོ། །འདིར་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ནི། །དཔེར་ན། ཀ་བ་ལྟ་བུའི་དངོས་པོ་གསུམ་མམ་འདས་མ་འོངས་ད་ལྟ་སྟེ་དུས་གསུམ་ལྟ་བུ་གང་ཡང་རུང་བའི་དངོས་པོ་གསུམ་ལ་དུས་གཅིག་ཅར་སྐད་ཅིག་མ་གཅིག་གི་སྟེང་ནས་རྣམ་སྤྱི་ལམ་པ་ཙམ་མ་ཡིན་པར། བྱེ་བྲག་ཕྲ་མོ་ལའང་དུས་གཅིག་ཏུ་སེམས་བསྒྲིམས་ནས་གཏད་པས་འཆར་ཚུལ་ཁྱད་པར་བཞིག་ཡོད་པ་ཡིན། དེ་ལ་བརྟེན་ནས་བླ་མས་ངོ་སྤྲོད་མཛད་པ་ནི་བཞི་ཆ་གསུམ་བྲལ་ཏེ། ཇི་སྐད་དུ། བཞི་མཚོན་དངོས་གཞི་རྣམས་དང་བྲལ། །ཅེས་གསུངས་པའི་དགོངས་དོན་ནོ། །གཉིས་པ་རྩལ་སྣང་འགག་མེད་དུ་གཏན་ལ་ཕབ་ནས་འགྱུ་ཐོག་ཏུ་སྤང་གཉེན་མེད་པ་རང་གྲོལ་དུ་ངོ་སྤྲད་པ་ནི། སེམས་ཉིད་བདེ་གསལ་མི་རྟོག་པའི་ངང་ལས་མ་འགགས་པའི་རྩལ་སྣང་དྲན་རིག་འཕྲོ་འདུ་གང་ཤར་དེ་ཀ་ཕྱིའི་སྣང་བ་མ་འགགས་ལ། ནང་འཛིན་ཞེན་གྱི་གཉེན་པོས་མ་བཅིངས་པའི་སྟེང་དུ་སྔ་ཕྱི་བསུ་སྐྱེལ་དང་། སྤང་བླང་དགག་སྒྲུབ་སོགས་གང་གིས་ཀྱང་བཅོས་བསླད་མེད་པའི་རིག་པ་གཅེར་བུ་ཧར་སང་རྗེན་པ། གསལ་རིག་དེ་ཀའི་ངང་མདངས་རང་བབས་སུ་བསྐྱངས་པས་རྒྱ་མཚོར་རླབས་ཇི་ལྟར་ཤར་ཡང་བརྒྱ་མཚོའི་ཆུ་ཉིད་ལས་མ་འདས་པ་ལྟར་གང་ཤར་གྱི་རྟོག་པ་ཐམས་ཅད་མ་སྤངས་མ་བསྒྱུར་བར་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་ཞིང་མི་འགྱུར་བའི་ཕྱིར། དེ་ཡང་ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བས་སེམས་མི་གཡོ་བ་སྒྱུ་མའི་སྐྱེས་བུ་ལྟར་ཆགས་ཞེན་གྱི་རྩིས་གདབ་མེད་པར་གནས་པ་དང་། ནང་སྣ་ཚོགས་སུ་སྣང་ཡང་ཞེན་འཛིན་མེད་པ་བུ་ཆུང་གི་ཤེས་པ་ལྟར་འདི་ཞེས་ངོས་བཟུང་མེད་པར་གནས་པས་བྱུང་ཚོར་གྱི་རྟོག་པ་ཐམས་ཅད་ལན་ཚྭ་ཆུར་ཐིམ་པ་ལྟར་རང་ཞི་རང་སངས་ལ་སོང་བས་ཅིར་སྣང་རང་གྲོལ་ཞེས་བྱ་ཡིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག །ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་གནས་འགྱུ་ངོ་བོ་དབྱེར་མེད་དུ་ཐག་བཅད་ནས་ཟུང་འཇུག་ཏུ་གང་ཤར་རིག་པ་རྗེན་པར་ངོ་སྤྲད་པ་ནི། སྒོ་གསུམ་རང་བཞིན་ལྷུག་པར་གནས་པའི་ངང་ལས་རྩལ་སྣང་མ་འགགས་པའི་རྣམ་རྟོག་ཇི་སྙེད་ཅིག་འཆར་ཡང་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས་ཆོས་ཉིད་ཀྱི་ངང་དུ་མི་གཡོ་བར་གནས་ཞིང་གནས་པའི་རང་རྩལ་འགག་པ་མེད་པར་གྲོལ་བའི་ཕྱིར། དེ་ལྟར་གནས་པ་དང་འཕྲོ་བའི་རང་བཞིན་གཉིས་སུ་མེད་ཅིང་དབྱེར་མེད་པ་སྟེ། དེ་ཡང་གནས་འགྱུ་ངོ་བོ་ལྟོས་བཞག་ཅན་མ་ཡིན་པའི་གནད་ཀྱིས་ཚོགས་དྲུག་གི་སྣང་བ་གང་གི་ཡང་ཕྱོགས་སུ་མ་ལྷུངས་པར་རིག་པ་རྗེན་པར་བཞག་པས། རྣམ་རྟོག་ཆེ་ཕྲ་ཐམས་ཅད་ཐོལ་སྐྱེས་ཐོལ་ནུབ་འཁྱགས་རོམ་ཆུར་ཞུ་བའམ། ན་བུན་ནམ་མཁར་ཡལ་བ་ལྟར་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་ཞིང་མི་གཡོ་བར་ཤེས་པར་བྱའོ། །དེ་ལྟར་ཡང་རྨད་བྱུང་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་བཞིན། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སེམས་གནས་ན་གདོད་མའི་ངང་དུ་གནས། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་ཤར། མཉམ་ན་གཉིས་མེད་ཀྱི་ངང་དུ་ཡན་པས་ཇི་ལྟར་ཤར་ཡང་ཆོས་ཉིད་ཀྱི་ངང་མདངས་ལས་མ་འདས་པ་ཡིན་ཏེ། མཉམ་པ་མི་སྒྲུབ། འཕྲོ་མི་དགག །གནས་པ་མི་སད་དེ། ཇི་ལྟར་ཤར་ཡང་རང་གི་རིག་པའི་ཆོ་འཕྲུལ་ལས་མ་འདས་ཏེ། དེ་ཡང་ལུང་ལས། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །སལ་ལེ་སང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་ནམ་མཁར་འཕུར་བ་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་གསུངས་པ་ལྟར་བཟོ་བཅོས་མེད་པར་རང་བབས་སུ་ཀློད་པས་དགག་སྒྲུབ་བླང་དོར་རེ་དོགས་མེད་པའི་ཞི་ཆལ་པ་ཞིག་འཆར་ཏེ། དེ་ནི་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པར་ཤེས་པར་གྱིས་ཤིག །འདི་ངོས་ཟིན་པ་ན་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གི་དུས་ཐམས་ཅད་དུ་རང་རིག་རང་གསལ་རང་བབས་ལ་ཅེ་རེ་བལྟས་པས་འཛིན་མེད་རང་གནས་ཀྱིས་བསམ་གཏན་རྗེན་སང་གིས་འཆར་ཏེ། དེ་རྩོལ་མེད་ཆུ་བོའི་རྒྱུན་བཞིན་དུ་འཇུག་པའི་དྲན་འདུན་གྱིས་བསྐྱང་བ་སྟེ། དེ་དག་གིས་ནི། ཇི་ལྟར་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་དགག་སྒྲུབ་བླང་དོར་རེ་དོགས་མཚན་འཛིན་ལས་འདས་པར་ངོ་སྤྲོད་པའོ། །ཡང་ན་ངོ་སྤྲོད་ཕྱི་མ་འདི་དག་གི་ཚབ་ཏུ་ཁྲེགས་ཆོད་ཡེ་བབས་སོར་བཞག་གི་དོན་ཁྲིད་ལྟར། དགོངས་པ་རང་གནས་དང་། དྲན་རིག་འཆར་ནུབ་མེད་པར་ངོ་སྤྲོད་པའི་ཚུལ་གཉིས་གདབ་ནའང་ཆེས་ལེགས་སོ། །དེའང་སྐལ་བ་དང་ལྡན་པའི་གང་ཟག་གིས་དོན་ཉམས་སུ་བླངས་པའི་རྒྱུད་ཐོག་ཏུ་བླ་མས་ངོ་སྤྲད་ཐེབས་པར་བཏབ་པས་གནས་ལུགས་ཟབ་མོའི་དོན་ལ་སྒྲོ་འདོགས་ཆོད་ཅིང་དེའི་རྒྱུན་མ་ཉམས་པར་བསྐྱངས་པས་བརྟན་པ་མྱུར་དུ་ཐོབ་པར་འགྱུར་ཞིང་། བསྒོམ་དོན་ལ་མྱོང་བ་མ་སྐྱེས་ཤིང་གོ་ཡུལ་དུ་སོང་བ་རྣམས་ལ་ངོ་སྤྲོད་བཏབ་ཀྱང་བྱ་ཤོར་དུ་འགྲོ་བས། སླར་ཡང་དམིགས་རིམ་རྣམས་ལ་མྱོང་བ་ཐོན་ཐོན་གྱི་བར་འབད་ནས་སྒོམ་ཞིང་། ཉམས་རྟོགས་སྐྱེས་རིམ་དང་བསྟུན་ནས་ངོ་སྤྲོད་བཏབ་པས་རིམ་གྱིས་ཉམས་མྱོང་གི་སྣེ་ཟིན་པར་འགྱུར་རོ། །བཞི་པ་སྤང་ཐོབ་མེད་པ་འབྲས་བུའི་མན་ངག་ནི། དེ་ལ་འབྲས་བུའི་ངོ་བོ་ནི་རིག་སྟོང་ཆོས་སྐུ་སྟེ། ཡེ་གྲོལ་དུ་འདུག་པས་ད་གདོད་བསྐྱར་ནས་གྲོལ་རྒྱུ་མེད་པར་ཡིད་ཆེས། རང་གྲོལ་དུ་འདུག་པས་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་ཆོད། ཡང་གྲོལ་དུ་འདུག་པས་གྲོལ་ཐོག་ཉིད་ལས་སྤང་བླང་མི་དགོས་པར་གདིང་འཆོས་ཏེ། སོར་བཞག་རིག་སྟོང་རྗེས་མེད་ཀྱི་ངང་ལ་ཡེ་ཡིན་རྫོགས་པ་ཆེན་པོར་ཐག་བཅད་ནས། བཟོ་མེད་རེ་དོགས་དང་བྲལ་བར་རང་བཞག་པས། བློ་བདེ་ཆོས་ཉིད་དུ་གྲོལ་བ་གཞི་གདོད་མའི་གནས་ལུགས་ལ། ད་ལྟར་གྱི་རིག་པ་རང་གནས་ཆེན་པོར་ངོ་འཕྲོད་ནས། རྩོལ་སྒྲུབ་བཅོས་བསླད་མེད་པར་ཐ་མལ་གྱིན་འདར་གློད་པས། ཆོས་སྐུ་རང་གནས་ཆེན་པོར་ལ་ཟློ་བ་ནི། གཉུག་མ་ལྷུན་གྲུབ་ཆེན་པོའི་འབྲས་བུའོ། །མདོར་ན་རང་སེམས་སངས་རྒྱས་སུ་ཐག་བཅད་ནས། རེ་དོགས་བཅོས་བསླད་དང་བྲལ་བ་རང་རིག་སྟེ། བྱ་བྱེད་རྩོལ་སྒྲུབ་ཞིག་པའི་ཤེས་པ་སོར་བཞག་ཡེ་གྲོལ་ཆེན་པོར་ཁོང་ལྷོད་པ་ནི་གཤིས་རྫོགས་པ་ཆེན་པོའི་གནས་ལུགས་ཏེ། བྱར་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པར་བྱའོ། །འདིར་གསུང་རྒྱུན་སྔ་མར་སྤྱོད་པ་དང་འབྲས་བུ་གཉིས་སྤྱིའི་ཚུལ་ཙམ་བཤད་ཀྱང་། ལྟ་སྒོམ་གཉིས་རང་གནད་ཐུན་མིན་དུ་སོང་བས་འདིར་སྤྱོད་འབྲས་གཉིས་ཀྱང་ཡང་གསང་གནད་ཀྱི་ངེས་པ་དང་སྦྱར་བ་ཁྲེགས་ཆོད་ཀྱི་རྒྱབ་ཡིག་དང་། རྟོག་མེད་ནམ་མཁའ་སྤྲིན་ཕུང་ལས་བྱུང་བ་ཡིན་ནོ། །དེ་རྣམས་ཀྱིས་སེམས་གཏན་ལ་དབབ་པའི་མན་ངག་ཁྲེགས་ཆོད་སྤྲོས་པ་ཀུན་ཞིའི་ཁྲིད་རིམ་དངོས་གཞི་བཤད་ཟིན་ཏོ། །གཉིས་པ་རིག་པ་གཏན་ལ་དབབ་པའི་མན་ངག་ལམ་ཐོད་རྒལ་གྱི་ཁྲིད་བསྟན་པ་ལ་བཞི། སྔོན་འགྲོ་ལུས་ངག་ཡིད་གསུམ་གྱི་གནད་སྦྱོང་བ། གནད་ལྔ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ། ཉམས་སུ་བླངས་པས་སྣང་བ་བཞིའི་འཆར་ཚུལ་བསྟན་པ། མཐའ་རྟེན་གྱི་མན་ངག་བཤད་པའོ། །དང་པོ་ལ་གཉིས། འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བའོ། །དང་པོ་ནི། ཐོག་མར་སྤྱོད་པ་བརྩམས་པ་ལ་བར་ཆད་མི་འཇུག་པའི་ཕྱིར་དུ་བསྲུང་བ་བྱ་སྟེ། གྲུབ་ན་ཚོགས་གཏོར་བཤམས་ལ་ཚོགས་མཆོད་ཡིད་བཞིན་རྒྱ་མཚོ་ལྟར་འབུལ། བླ་མ་ལ་གསེར་གྱི་མཎྜལ་ཕུལ་ལ་སློབ་མ་རྣམས་རིག་པ་སྒྲིབ་གཡོགས་མེད་པ་མཚོན་པའི་ཕྱིར་ལུས་གཅེར་བུའམ། མ་བདེ་ན་སྟོད་གཡོགས་ཙམ་ཕུད་ལ། བླ་མ་ཞལ་ཤར་དུ་ཕྱོགས་ལ་བཞེངས་པའི་མདུན་དུ་ལོང་བུ་གཤིབས་ལ་ལངས་ཏེ་ཐལ་མོ་སྙིང་གར་སྦྱར། མིག་བླ་མའི་ཐུགས་ཀར་གཏད། མངོན་དུ་སྤྱོད་པ་ལ་བར་ཆད་ཀྱི་བགེགས་མི་འཇུག་པ་དང་། རྣམ་ཤེས་ཚོགས་བརྒྱད་ཡུལ་དུ་མི་འཕྲོ་བར་བྱ་བའི་དོན་དུ། བླ་མ་སྐུ་སྔོ་ནག་རབ་ཏུ་འཇིགས་ཤིང་སྐྲ་བརྫེས་པ་མཆེ་བ་གཙིགས་ཤིང་ལྗགས་འགྱུར་བ་ཞིག་ཏུ་བསྒོམ་དུ་བཞུག །བླ་མས་ཕྱག་གཡོན་རྐེད་པར་བརྟེན། གཡས་པས་སྡིགས་མཛུབ་ཐོག་མར་ཤར་ནས་བརྩམས་ཕྱོགས་ཀུན་ཏུ་གཏོད་ཅིང་ལྟ་སྟངས་དང་བཅས་པས་བགེགས་བསྐྲད། བླ་མའི་ཐུགས་ཀ་ནས་སློབ་མའི་སྤྱི་བོར་ཧཱུྃ་སྔོན་པོ་འཕྲོས་དྲྭ་བ་ཅན་གྱི་རྩ་ལས་བརྒྱུད། ལུས་ཧཱུྃ་མཐིང་གར་གྱུར་པར་སྒོམ་དུ་བཅུག་ལ་དཔོན་སློབ་ཐམས་ཅད་ཀྱི་ཧཱུྃ་དི་རི་རི་བརྗོད། དེས་འགྲེས་ཏེ་ཐོག་མར་བླ་མའི་གནས་སོ་སོར་ཡི་གེ་གསལ། དེ་ལས་འཕྲོས་ཏེ་སློབ་མའི་གནས་རྣམས་སུ་ཐིམ་པར་མོས་ཏེ། རྐང་མཐིལ་གཡོན་དུ་ཡཾ་ལྗང་གུ། ལྟེ་བར་རཾ་དམར་ལྗང་། མགྲིན་པར་ཁཾ་དུད་ཁ། དཔྲལ་བར་ཨེ་མཐིང་ག །ལྐོག་མར་སུཾ་སེར་པོ། པུས་མོ་གཡས་ལ་ཧ་དཀར་པོ། རྐང་མཐིལ་གཡས་སུ་ཕཊ་སྔོ་ནག་སྟེ་ཡི་གེ་བརྒྱད་རེ་རེ་བཞིན་སྤྲོས་ལ། ངག་ཏུའང་ཡི་གེ་རེ་རེ་ནས་དབུགས་ཐེངས་རེ་ལ་ཉེར་གཅིག་རེ་བརྗོད་ལ་བསྲུང་བ་བྱའོ། །ཀརྨ་སྙིང་ཐིག་ལུགས་སུ་འདིར་སྲུང་བའི་དོན་དུ་ཕཊ་ཉེར་གཅིག་མཉམ་དུ་བརྗོད། རིག་འཛིན་ཆེན་པོའི་ཕྱག་སྲོལ་དུ། དེ་མཐར། བླ་མའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྤྲོས། སློབ་མའི་སྙིང་གར་ཞུགས་ཧཱུྃ་གིས་ལུས་གང་བར་བསམ་ལ་དཔོན་སློབ་མཉམ་དུ་ཧ་ངར་དང་ལྡན་པ་གསུམ་བརྗོད་པར་མཛད་དོ། །འདིར་སྤྲོས་པ་བསྡུ་ན་ཚོགས་མ་གྲུབ་ཀྱང་འགལ་བ་མེད་དོ། །དེ་ལྟར་ཡི་གེ་བརྒྱད་ཀྱིས་སྲུང་བ་བྱས་ནས། རུ་ཤན་དབྱེ་བ་དངོས་ནི། དེའང་ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱི་ཡང་། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་། གནས་སྐབས་འཁྲུལ་པའི་ཞེན་སྣང་གིས་བསྒྲིབས་པས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་རིགས་དྲུག་གི་གནས་སུ་བར་མེད་དུ་འཁོར་ཞིང་། རིགས་དྲུག་སོ་སོའི་རྣམ་འགྱུར། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད་སྡུག་བསྔལ་གྱི་མྱོང་ཚུལ་གྲངས་ཀྱིས་མི་ཆོད་པ་ཞིག་མྱོང་ཡང་དོན་མེད་ཁོ་ནའི་དབང་དུ་སོང་འདུག །ད་དུང་ཟིན་མེད་ཀྱི་ལས་ལ་ཆགས་པས་ཅི་ཞིག་བྱ། དེས་ན་ད་རེས་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེ་ཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་ལ། ཇི་ལྟར་དབྱེ་ན་འཁོར་བའི་ལས་སྣང་དང་མཐུན་པར་ལམ་དུ་བྱས་པས་ལས་ངན་གྱི་མཚང་རྟོགས་ནས་ཕྱིན་ཆད་ཞེན་འཛིན་ལས་གྲོལ་བར་འགྱུར་བའི་ཕྱིར་ཏེ། གསང་སྔགས་ཐུན་མོང་པ་ལས་ཀྱང་། རྣམ་རྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་རྟོག་ཉིད་ཀྱིས་སྦྱང་བར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དུར་ཁྲོད་དམ་ལུང་སྟོང་སོགས་དབེན་པའི་གནས་སུ་སོང་སྟེ། མཁའ་འགྲོ་དང་གཞི་བདག་ལ་གཏོར་མ་བྱིན་ནས་འཁོར་འདས་རུ་ཤན་དབྱེ་བར་བྱེད་པ་ལ་བར་ཆད་མི་བྱེད་པའི་བཀའ་བསྒོ། ད་ནི་སེམས་ཅན་གྱི་དོན་དུ་འཁོར་འདས་རུ་ཤན་ཕྱེ་སྟེ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་སོགས་རིགས་དྲུག་གི་སྤྱོད་ཚུལ་བདེ་སྡུག་སོགས་ལུས་ཀྱི་སོ་སོའི་རྣམ་འགྱུར། ངག་གིས་དེ་དག་གི་སྒྲ་སྐད་སྣ་ཚོགས། སེམས་ཀྱིས་དེ་རེ་རེའི་སྡུག་བསྔལ་རང་རྒྱུད་ལ་མྱོང་བར་བསམ་ལ། ལུས་ངལ་ཞིང་ཆད། ངག་འཛེར་ཞིང་འགགས། སེམས་འགྱུ་བ་སྤུན་ཐག་ཆད་པར་མ་གྱུར་གྱི་བར་དུ་འབད་པར་བྱ། དེ་དག་གི་སྐབས་སུ་བླ་མ་ཁྲོ་བོའི་རྣམ་པས་ཀྱང་སྒོ་གསུམ་གྱི་སྤྱོད་པ་རང་དང་མཉམ་དུ་མཛད་པར་མོས་གསུངས་པའང་ཡོད། དེ་དག་གིས་སུན་པ་དང་ལུས་གནད་དྲང་པོར་བསྲང་། ངག་རླུང རང་བབས་སུ་བཞག །སེམས་དེ་ལྟར་མྱོང་བྱེད་ཀྱི་ངོ་བོ་ལ་ཆེར་རེ་བལྟས་ལ་འཇོག་ཅིང་ངལ་གསོ། ཡང་ལུས་ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར། ངག་གིས་དེ་དག་གི་སྙིང་པོ་སྒྲ་སྐད། ཡིད་ཀྱིས་དེ་དག་གི་རྣམ་པ་ལམ་མེ་བ་ལ་སེམས་གཏད། སྐབས་སྐབས་སུ་ཨ་ཨ་ཞེས་བརྗོད། རྗེས་ཤེས་ཀྱི་རང་ངོ་བསྐྱང་། འཕྲོ་གཅོད་པ་ནའང་། ལུས་སངས་རྒྱས་ཀྱི་བཞུགས་སྟངས། ངག་ཨའི་སྒྲ། སེམས་རྟོག་མེད་དུ་མཉམ་པར་བཞག་པ་ལ་འཇོག་གོ། །དེ་ལྟར་བྱས་པས་ལུས་ལ་ཚ་གྲང་བཀྲེས་སྐོམ་ལ་ཆགས་སྡང་དང་དགག་སྒྲུབ་མེད་པ་དང་། ངག་བླ་མའི་གདམས་ངག་ལ་ཡིད་ཆེས་ཤིང་གོ་བ་རང་བརྡོལ་དུ་ཤར་བ་དང་། སེམས་གསལ་སྟོང་འགག་མེད་རང་བྱུང་གི་ཡེ་ཤེས་རྩོལ་མེད་དུ་འཆར་བ་མ་བྱུང་གི་བར་དུ་བསྐྱར་བ་ཤིན་ཏུ་ནས་གལ་ཆེ་བར་གསུངས་ལ། དེ་དག་གི་དགོས་པ་ནི། ཐུན་མོང་དུ་ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག་ཅིང་བར་ཆད་ཞི། མངོན་ཞེན་ལྡོག །མཐར་ཐུག་སྐུ་གསུང་ཐུགས་རྡོ་རྗེར་མངོན་པར་འཚང་རྒྱ་བའི་དགོས་པ་ཡོད་དོ། །དེ་ནས་ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་ཏེ། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་པས། གོང་དུ་རུ་ཤན་དབྱེ་བས་འབྱུང་བ་འཁྲུགས་ཤིང་ངལ་བར་གྱུར་པ་ཉིད་ངལ་བསོལ་ལ་རྣལ་དུ་དབབ་པའི་ཚུལ་ནི་ཁྲེགས་ཆོད་ཀྱི་སྐབས་སུ་བཤད་པ་ལྟར་བྱའོ། །འདི་དག་གི་སྐབས་སུ་རྟགས་ཚད་ཐུན་མོང་མ་ཡིན་པ་སོགས་ནི་སྙིང་ཏིག་ཆེན་མོ་དང་། ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། ཀློང གསལ་ལས། མངོན་སུམ་གནད་ལ་དབབ་བའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱི་དགུ་སྤྲུག་བཏང་། །ཞེས་གསུངས་པས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་བསྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་བསྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་སོགས། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་རྟོག་མེད་ཀྱི་ངང་དུ་གནས་པར་བྱས་པས་སྒོ་གསུམ་གནས་པ། བརྟན་པ། གྲོལ་བར་འགྱུར་རོ། །སྐབས་འདི་དག་ཏུ་བདུད་རྩི་ལྗོན་ཤིང་འོད་གསལ་གྱི་གནད་ཡིག་ལྟར་ཐུན་མོང་མ་ཡིན་པའི་བླ་སྒྲུབ་ཕྱི་ནང་གསང་བ་ཡང་གསང་རྣམས་ཇི་ལྟར་ནུས་པ་ཉམས་སུ་བླང་བར་བྱའོ། །གཉིས་པ་གནད་ལྔ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གཉིས། ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ། མངོན་སུམ་རང་གནད་དུ་ཕབ་པའི་དོན་ངོ་སྤྲད་པའོ། །དེའང་གདམས་པ་འདི་ནི་སྔར་ལས་ཁྱད་པར་བདུན་གྱིས་འཕགས་ཏེ། བདུན་གང་ཞེ་ན། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དུ་འདྲིལ་བའི་ཁྱད་པར། རང་གནད་མངོན་སུམ་དུ་གཟིར་བའི་ཁྱད་པར། ལུས་གནད་རྩའི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་རིག་ཡུལ་གྱི་ཁྱད་པར། ཉམས་མྱོང་གོང་འཕེལ་གྱི་ཁྱད་པར་བདུན་གྱིས་འཕགས་པའོ། །ཁྱད་པར་དེ་ལྡན་གྱི་གདམས་པ་ཉིད་གནད་ལྔ་ལ་བརྟེན་ནས་ཉམས་སུ་བླང་བར་བྱ་སྟེ། དེའང་། ལུས། ངག །སེམས། སྒོ། ཡུལ་ལོ། །དང་པོ་ནི། བཞུགས་སྟངས་གསུམ་སྟེ། ཐོག་མར་ཆོས་སྐུ་སེང་གེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བསྒྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་བཙུགས་ལ་ལག་ཡུ་དྲང་པོར་བསྲང་། རོ་སྟོད་གསེངས་ཏེ་དཔུང་པ་གྱེན་དུ་ཐེན། མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་གཉིས་མིག་འབྲས་མི་བསྒུལ་ཞིང་རྫི་མ་མི་བརྡེབས་པར་ལྟ་སྟངས་ཀློད་ལ་སྨིན་ཕྲག་གི་ནམ་མཁའ་ལ་བལྟ། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ་ལོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། སྒལ་ཚིགས་དྲང་པོ་བསྲངས་ནས་ཐད་ཀའི་ནམ་མཁའ་ལ་ཟུར་མིག་ཧྲིལ་གྱིས་མགོ་གྱེན་དུ་དགྱེ་ཙམ་བྱས་ནས་བལྟ་བའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོ་ལ་བསྐོར། སྒལ་ཚིག་དྲང་པོར་བསྲངས་ཏེ། མིག་ཟིམ་བུར་བར་སྣ་ལ་གཏོད་དོ། །དེ་ལྟར་བྱས་པས་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་སྐྱེད་ཅིང་འབྱུང་བསྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །དེའང་རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྤྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གཉིས་པ་ངག་གནད་ནི། སྨྲ་བརྗོད་ཅུང་ཟད་ཀྱང་མི་སྨྲ་བར་ལུང་དལ་བར་བརྟེན་ཏེ་མཆུ་སོ་མ་རེག་ཙམ་བྱས་ལ་ཁ་ནས་བཏང་བ་དང་ཅུང་ཟད་ཕྱིར་འཛིན་པ་ལ་བསླབ་བོ། །གསུམ་པ་སེམས་གནད་ནི། ཁྲེགས་ཆོད་ཀྱི་ལྟ་བ་གཞིར་བྱས་ཏེ། སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་སྟོང་སང་ངེ་བ་ལ་མིག་དང་ནམ་མཁའ་རིག་པ་གསུམ་སོ་སོར་མི་བལྟ་བར་དབྱེར་མེད་བྱས་པས་བལྟའོ། །བཞི་པ་སྒོའི་གནད་ལ་གསུམ། དང་པོ་ཆོས་སྐུའི་གཟིགས་སྟངས་ནི། མིག་གི་ཨ་འབྲས་གྱེན་ལ་ཟློག་པ་གཙུག་ཏོར་རྣམ་པར་ལྟ་བའི་ཚུལ་གྱིས་བལྟས་པས་དབྱིངས་རིག་གི་འཕེལ་ཆེ། གཉིས་པ་ལོངས་སྐུའི་གཟིགས་སྟངས་ཐད་ཀར་བལྟ་བ་མདའ་མཁན་སྨྱུག་མ་སྲོང་བ་ལྟ་བུས་ཡེ་ཤེས་ཀྱི་སྣང་བ་མཐོང་། གསུམ་པ་སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་མཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུས་འོད་ཁྱིམ་གྱི་སྒྲོན་མ་མཐོང་ངོ་། །སྤྱིར་ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་གཏད་དེ་བསྒོམས་པས་ཕྱིའི་དབྱིངས་མཐོང་། གཡས་གཡོན་ཟུར་མིག་དང་། ཡང་ན་ཟིམ་བུས་ཉི་མ་ལ་བལྟས་པས་ནང་གི་དབྱིངས་རིག་མཐོང་། དེ་ནས་དབང་པོ་བར་སྣང་ལ་འཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །དེ་ལྟར་ལྟ་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབས་པས། མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་པར་འགྱུར་རོ། །གཟིགས་སྟངས་གང་ལའང་ཧ་ཅང་རྩོལ་བས་བསྒྲིམས་ཤིང་བསྡམས་ན་རླུང་བཙན་ཐམས་སུ་གཅུན་པས་གེགས་སུ་འགྱུར་པའི་ཕྱིར་དལ་བུས་བྱ་བ་གནད་ཡིན་ནོ། །ལྔ་པ་ཡུལ་གྱི་གནད་ནི། སྤྲིན་མེད་པའི་ནམ་མཁའ་དྭངས་པ་ལ་སྔ་དྲོ་ཁ་ནུབ་དང་ཕྱི་དྲོ་ཁ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་དུ་བལྟས་པས་འོད་གསལ་འཆར་སླ་བའི་དགོས་པ་ཡོད་དོ། །དེའང་ཐག་རིང་པོ་ལས་ཇེ་ཐུང་དུ་འཁྲིད་པར་བསླབ་པ་ནི་གནད་དོ། །དེ་དག་ལས་ཐོག་མར་ལོངས་སྐུའི་བཞུགས་སྟངས་ཀྱིས་གཞི་བཅའ། སྤྲུལ་སྐུའི་བཞུགས་སྟངས་ཀྱིས་གནད་གཟིར་ལ་ལུས་གཅུན། དེ་ནས་ཆོས་སྐུའི་བཞུགས་སྟངས་ཀྱིས་རིག་པ་གཅུན་ལ་རྩལ་སྦྱང་བར་གསུངས། ཡང་ན་ཆོས་སྐུའི་བཞུགས་སྟངས་དང་གཟིགས་སྟངས་སྔ་དྲོ། ལོངས་སྐུ་ཉིན་གུང་། སྤྲུལ་སྐུ་ཕྱི་དྲོ་ལ་གཙོ་བོར་བྱ། དེའང་རྩ་བའི་འདུག་སྟངས་གསུམ་པོ་འབྱོངས་ནས་ཡན་ལག་གི་འདུག་སྟངས་བདུན་ལ་སློབ་པའང་གསུངས་ཏེ། སྟག་སྐྱུག་ཁྱུང་དང་སྐྱེས་བུ་དང་། ཝ་དང་བྱ་རྒོད་གྱད་དང་དྲུག །ཆུ་སྲིན་འདུག་སྟངས་ལུས་གནད་བདུན། །ཞེས་པ་རྣམས་དང་། ཡང་ཟབ་ཆོས་ཉིད་ཀྱི་འཁོར་ལོ་ལས་གསུངས་པའི་འདུག་སྟངས་དང་ལྟ་སྟངས་རྩ་བ་ཡན་ལག་གཞན་རྣམས་དགོས་ཤིང་སྐབས་སུ་བབས་ན་དེ་ཉིད་དུ་ཤེས་པར་བྱའོ། །དེའང་རེ་ཞིག་སྐུ་གསུམ་གྱི་བཞུགས་སྟངས་དང་གཟིགས་སྟངས་ལ་བསྒྲིལ་ན་ལེགས་པར་མ་ཟད། ལས་དང་པོ་པས་ཆོས་སྐུ་སེང་གེའི་འདུག་སྟངས་ཁོ་ན་ལ་གཙོར་འདོན་བྱས་པ་ཉིད་ལེགས་པར་འགྱུར་གསུངས། ཡང་ཏིག་གི་ཉམས་ལེན་གནད་སྒྲོན་དུ། བཞུགས་སྟངས་གསུམ་ལས་གཙོ་བོར་དྲང་སྲོང་ཙོག་པུ་བྱ་ཞིང་། གཟིགས་སྟངས་གསུམ་ལས་ཐུར་དུ་ཅུང་ཟད་ཕབ་ལ་བལྟའོ། །གཞན་རྣམས་གྲོགས་ཙམ་དུ་བསླབ་བོ། །ཞེས་གསུངས་པ་ཉིད་ད་ལྟ་ལག་ལེན་བདེ་བས་ཕལ་ཆེར་བྱེད་པར་སྣང་ངོ་། །གནད་དེ་དག་ལ་བརྟེན་ནས་མངོན་སུམ་གྱི་ཡེ་ཤེས་ཉམས་སུ་བླང་བའི་ཚེ་རིག་པ་མི་གནས་པ་གནས་པར་བྱེད་པ་ལ་སོགས་པ་ཉམས་སུ་ལེན་པའི་གནད་དྲུག་ནི་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོར་ཤེས་པར་བྱ་དགོས་ལ། མདོར་བསྡུ་ན་བཤད་མ་ཐག་པ་དེ་དག་ལ་དོན་ཚང་ངོ་། །སྐབས་འདིར་ཤེས་པར་བྱ་བ་ཉམས་ལེན་གནད་ཀྱི་སྒྲོན་མེ་ལས་འདི་ལྟར་གསུངས་ཏེ། ཉམས་སུ་ལེན་དུས་སུ་དཀར་ལང་ལང་ལས་ཐིག་ལེ་མ་མཐོང་ན་མིག་གཉིས་མཉམ་པར་ཐད་དྲང་དུ་བལྟའོ། །དབྱིངས་མ་མཐོང་ན་ཉི་མའི་དྲུང་ནས་ཟུར་ལ་བལྟས་ཏེ་ཁད་ཀྱི་དྲང་ལ་བལྟ་བ་གནད་དོ། །དེ་ནས་དཀར་ཤས་ཆེ་ན་གཡས་སུ་བཟློག་པ་དང་། སེར་ཤས་ཆེ་ན་གྱེན་ལ་བཟློག་པ་དང་། ལྗང་ཤས་ཆེ་ན་གཡོན་དུ་བཟློག་པ་དང་། དམར་ཤས་ཆེ་ན་ཐུར་དུ་དབབ་པ་དང་། མཐིང་ཤས་ཆེ་ན་དབུས་སུ་དྲིལ་བ་དང་། ལྔ་ལྡན་སྙོམས་པར་གསལ་ན་གཟིགས་སྟངས་གང་ཡིན་ལས་མི་འགྱུར་བ་གནད་ཡིན་ནོ། །འདིའི་དུས་སུ་ཆོས་སྐུའི་རྟེན་ཉི་མ་ལ་བསླབ་པ་ཡང་། ཉིན་མོ་ཉི་མ་ལས་གྲུ་གང་གི་འོག་གམ། གཡོན་དུ་ནམ་མཁའ་ལ་མིག་འབྲས་ཅུང་ཟད་བཟློག་ལ་བལྟས་པས། དབྱིངས་འོད་ལྔའི་དབུས་སུ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པ་མཐོང་དུས། ལོངས་སྐུའི་གཟིགས་སྟངས་ཀྱིས་ཉི་མ་ལས་ཇེ་རིང་དུ་ཟུར་ལ་ཁྲིད་ལ་ཡས་མན་ནམ་ཕན་ཚུན་གྱི་ཐད་དྲང་དུ་བཞག་པའམ། སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཐུར་དུ་ཁྲིད་ལ་སེམས་མ་ཡེངས། མིག་མི་འགུལ། ངག་མི་སྨྲ། བཞུགས་སྟངས་མི་གཡོ་བར་གནས་པས། དབྱིངས་འོད་ལྔ་དང་རིག་པ་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པའི་སྣང་བ་གོང་དུ་མཆེད་པར་འགྱུར་རོ། །མཚན་མོ་ལོངས་སྐུའི་རྟེན་ཟླ་བ་ལ་བསླབ་པ་ཡང་ཚུལ་དེ་དང་འདྲ་བ་ལས། ཁྱད་པར་དུ་མིག་ཟླ་བའི་དཀྱིལ་དུ་གཏད་ནས་སེམས་མ་ཡེངས་པར་བཟུང་བས་སྣང་བ་མཆེད་པ་དང་། ཉིན་མོ་མིག་གི་ཚ་བ་འཕེལ་ནས་ཅུང་ཟད་མི་གསལ་བ་གྲང་བས་སྙོམས་ཏེ་གསལ་བར་བྱེད་པས་རབ་ཏུ་ཟབ་བོ། །སྤྲུལ་སྐུའི་རྟེན་སྒྲོན་མེ་ལ་བསླབ་པ་ཡང་དེ་དང་མཚུངས་པ་ལས། མར་མེའི་དཀྱིལ་ནས་གཞན་དུ་ཁྲིད་ལ་བསྒོམ་པ་གནད་ཡིན་ནོ། །དེ་ཡང་ཉིན་མོ་མེ་ཤེལ་ལ་བསླབ་པས་འོད་སྣང་གོང་དུ་མཆེད་པ་དང་། ཉིན་དུས་ཀྱི་འཁྲུལ་སྣང་འགགས་པས་མྱ་ངན་ལས་འདས་པའི་རང་ས་ཟིན་པར་བྱེད་ལ། མཚན་མོ་ཟླ་བ་སྟེ་ཆུ་ཤེལ་དྲི་མ་མེད་པ་དང་འོད་གསལ་སྒྲོན་མེ་ལ་བསླབས་པས་ལྔ་ལྡན་འོད་དུ་སྣང་བས་མཚན་མོའི་འཁྲུལ་པ་འཁོར་བའི་ཆ་གཟུགས་སྐུ་གཉིས་སུ་དག་པ་གདོད་མར་གྲོལ་བའི་དགོས་པ་ཡོད་དོ། །དེ་ཡང་སྔ་དྲོ་ཕལ་ཆེར་ཤར་ཕྱོགས་སུ་འོད་དཀར་པོ་མ་བྱུང་གི་བར་དུ་གཏད་ལ། དེ་ནས་སྣང་བ་དེ་ལྷོར་ཁྲིད་ནས་དར་ཅིག་བཞག་ཅིང་ཕར་ཕར་ཁྲིད་ནས་ནུབ་ཏུ་འོད་ལྔའི་སྣང་བ་འཁྲིགས་པ་ལ་གཏད་ཅིང་། ཕྱི་དྲོ་ནུབ་ཏུ་གཏད་དུས་ཟ་འོག་རིས་སུ་སྣང་བ་དེ་བྱང་དུ་ཁྲིད་ལ་བསླབ་བོ། །ཅུང་ཟད་ཙམ་ལས་ཁྲིད་མི་ནུས་པར་ཡལ་ན་རྟེན་དང་མ་རེག་ཙམ་དུ་ཡུན་རིང་བར་བསླབ་ལ་ཇེ་རིང་དུ་ཁྲིད་ཅིང་། འོད་སྣང་གི་ནང་དུ་ལུ་གུ་རྒྱུད་གནས་པ་ལ་བལྟ་བ་གནད་དམ་པའོ། །ཞེས་གསུངས་ཏེ་ཤར་ལྷོ་སྤོ་བའི་ཚུལ་འདི་གཙོ་བོར་ཁྲ་ཁང་ལ་བརྟེན་དགོས་པ་ཡིན་ནོ། །གཉིས་པ་མངོན་སུམ་རང་གནད་དུ་ཕབ་པའི་དོན་ངོ་སྤྲད་པ་ནི། ཡུལ་རྐྱེན་དང་པྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ་རྒྱང་ཞགས་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དྲྭངས་ཤིང་མཐོ་ལ་དབེན་པར། སེམས་དབང་པོའི་ཡུལ་གཏད་ལ་རེ་དོགས་ཀྱིས་བཅོས་བསླད་མི་བྱ་བར་རང་བབས་སུ་ཀློད་ལ་བླ་མས་བརྡ་སྤྲད་པ་ནི། རང་རང་གི་མདུན་གྱི་ནམ་མཁར་ཐིག་ལེ་འོད་ལྔའི་གུར་ཁྱིམ་འཇའ་རིས་མུ་ཁྱུད་ཅན་ལྔ་ཚོམ་དུ་གནས་པའི་དབུས་མ་ལ་བླ་མ་ཀུན་བཟང་ཡབ་ཡུམ་རྣམ་པར་སྣང་མཛད་ཀྱི་ངོ་བོ། ཕྱོགས་བཞིའི་ཐིག་ལེར་རྒྱལ་བ་རིགས་བཞི་ཡབ་ཡུམ་ཁ་སྦྱོར་གྱི་སྐུར་གསལ་བར་མོས་ལ་གདུང་ཤུགས་དྲག་པོས་གསོལ་བ་ཐོབ་ཅིག །ཅེས་ཕུར་ཚུགས་གསོལ་འདེབས་གང་འོས་བྱ། མཐར་དེ་ཐམས་ཅད་རང་གི་སྙིང་གར་ཐིམ། མི་ཤིགས་དྭངས་མ་ཆེན་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་རང་རིག་འོད་གསལ་བ་དང་དབྱེར་མེད་དུ་བསྲེས་ལ་མཉམ་པར་བཞག་པའི་ངང་ནས་རྫོགས་ཆེན་ཡིག་དྲུག་ཅི་ནུས་སུ་བརྗོད། དེ་ནས་བཞུགས་སྟངས་གཟིགས་སྟངས་གང་རུང་དང་བསྟུན་སྣང་བའི་འཆར་ཆ་མཚོན་པར་བྱས་ལ། འོ་མདོ་སྔགས་ཀྱི་ཆོས་གཞན་ལས་བདེ་གཤེགས་སྙིང་པོ་དང་རྒྱུའི་རྒྱུད་སོགས་སུ་བཤད་ཅིང་ཡིད་བྱེད་ཀྱི་ཚུལ་དུ་སྒོམ་པ་དེ་ཉིད། འདིར་གཞི་གནས་ཀྱི་རིག་པ་ངོ་བོ་ཀ་དག་གི་ཡེ་ཤེས་གསུམ་ལྡན། ངོ་བོ་རང་བཞིན་ཐུགས་རྗེས་གསུམ་སྟོང་གསལ་མཐའ་བྲལ་འགག་མེད་ཚིག་དང་བློའི་སྤྱོད་ཡུལ་ལས་འདས་པའི་མན་ངག་ཟབ་མོས་མངོན་སུམ་དུ་ངོ་སྤྲོད་པའི་ཚུལ་སྐལ་ལྡན་དབང་པོ་ཡང་རབ་ལས་ཅན་རྣམས་ལ་ཚིག་གསུམ་གྱི་སྒོ་ནས་གདམས་པ་ནི། གནས་དབེན་པར་སོང་ལ་ལུས་གནད་འདི་ལྟར་གྱིས། ཡུལ་ནམ་མཁའ་སྤྲིན་འབྲལ་བ། རིག་པ་འདི་ལྟར་ལྟོས་ཤིག །ཅེས་པའི་དོན་ཏེ། དེ་ལྟར་ཉམས་སུ་བླངས་པའི་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་འབྱེད་བྱས་ནས། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་མཐིང་ཁ་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་ནམ་རྨ་བྱའི་མདོངས་ལྟར་བཀྲ་བར་འཆར་ཏེ། སྒྲོན་མ་འབར་བ་ལས། ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་བར་འགྱུར། །ཞེས་སོ། །དེའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་གི་ཆུ་ལ་རྡོ་བསྐྱུར་བའམ་ཕུབ་ཀྱི་སྦ་སྒོར་ལྟ་བུ་ཐོག་མར་འལ་འོལ་ཙམ་དང་། དེ་ནས་དམར་ཟླུམ་གསལ་དྭངས་ཅན་འཆར་ལ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུན་བདག་པོའི་སེམས་དང་འདྲ་བ་ཉིད་འཆར་ཏེ། ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་། གསེར་སྐུད་དང་མུ་ཏིག་གི་ཕྲེང་བ་དང་། ལྕགས་ཚགས་དང་། མེ་ཏོག་གི་ཆུན་པོ་དང་། མེ་ཏོག་གི་དྲྭ་བ་རང་སར་གནས་པ་ལྟ་བུ་ཐོག་མར་འལ་འོལ་མི་གསལ་བ་འགུལ་འཕྲིགས་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་སྟེ་ཆེར་རེ་གཏད་ནས་ཡིན་མིན་གྱི་རྟོག་དཔྱོད་ཀྱིས་མ་བསླད་པར་ལྟ་མཁན་གྱི་རིག་པ་དེ་དང་། རིག་པ་རང་གི་ངོ་བོ་ལ་ལྟ་ཤེས་ཙམ་ལས་མི་གཡོ་བར་བསྒོམས་པས་ཇེ་བརྟན་ཇེ་གསལ་དུ་འགྱུར་ཏེ། ཐལ་འགྱུར་ལས། རང་གི་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལ་འོ། །ཞེས་སོགས་གསུངས་པས་སོ། །དེའང་བློས་བྱས་ཀྱིས་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་རང་ངོ་ལ་བལྟས་པས། ཕྱིའི་སྣང་བ་མ་འགགས་ཤིང་ནང་གི་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་འདྲེས་ནས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལ་ཏེ་གསལ་འགྲིབ་མེད་པར་འཆར་ཞིང་། འོད་གསལ་གྱི་སྣང་བ་དེ་མི་གསལ་བའམ་གཡས་གཡོན་སྟེང་འོག་ཏུ་ཡལ་ཡོལ་བྱེད་ན་དེའི་སྟེང་དུ་མིག་དང་སེམས་ཅར་ཕོག་ཏུ་མི་འབྲང་བར་ལྟ་སྟངས་ཀྱི་ཁྲིད་ལ་སྔར་བཞིན་ཤར་བ་ལ་སེམས་ཧ་ཅང་མ་བསྒྲིམས་པར་གཏོད་ཅིག །དེ་ལྟར་ཉམས་སུ་བླངས་པས་ཉམས་མྱོང་རིག་ཐོག་ཏུ་ཕེབས་ཏེ་རིག་པའི་ངོ་བོ་ལུ་གུ་རྒྱུད་ཀྱི་རང་ཞལ་མངོན་སུམ་དུ་མཇལ་བས་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པར་གསུངས་པ་ཡིན་ནོ། །དེ་ལྟར་ཡང་འདས་རྗེས་ལས། མངོན་གསུམ་གནད་འདི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་། གསང་བ་སྤྱོད་རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །མཉམ་པར་བཞག་ཅིང་འབྲལ་མི་བྱ། །དེ་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་དག་ནི་མཉམ་པའོ། །ཞེས་གསུངས་པའི་དོན་ལགས་པས་ངེས་ཤེས་སྐྱེད་ཅིང་ཉམས་ལེན་ལ་བརྩོན་པས་སྣང་བ་བཞི་གོང་དུ་འཕེལ་བར་འགྱུར་རོ། །ཞེས་ངོ་སྤྲད། འདིར་སྒོམ་ཁྲིད་ཆེན་མོ་ལས། དེ་ལྟར་ཉམས་སུ་བླང་བར་བསྟན་ནས། དེའི་དོན་ལ་ཡིད་ཆེས་པར་བྱ་བའི་ཕྱིར་རིག་པའི་རྒྱབ་རྟེན་གྱི་མན་ངག་གིས་གཏན་ལ་ཕབ་ནས། ཞེས་སོགས་གསུངས་པ་ལྟར་ཟངས་ཡིག་ཅན་རང་གི་རིག་པའི་རྒྱབ་བརྟེན་ནས་བཤད་པ་དང་། གཞན་ཡང་དུང་ཡིག་ཅན་སོགས་ནས་ཇི་སྐད་གསུངས་པ་ལྟར། དབྱིངས་རིག་འཆར་བའི་རྒྱུ་རྐྱེན། འཁྲུལ་མ་འཁྲུལ་གྱི་དོན། དེ་ཉམས་ལེན་དུ་འགྲོ་བའི་རྒྱུ་མཚན། འབྲས་བུ་སྐུ་གསུམ་གྱི་རྣམ་བཞག་བསྟན་པ་རྣམས་ཀྱིས་དབྱིངས་རིག་ཇི་ལྟར་མཐོང་བ་དེའི་རྒྱུ་མཚན་གོ་དོན་རྣམས་ལེགས་པར་བཤད་དེ་ངེས་ཤེས་བསྐྱེད་པར་བྱའོ། །འདིར་སྤྲོ་ཞིང་ནུས་ན་ཡང་ཏིག་གི་དཔེ་དོན་གསལ་བྱེད་སྒྲོན་མེའི་ངོ་སྤྲོད་ཀྱི་རིམ་པ་བརྒྱད་པོ་བྱའོ། །གསུམ་པ་སྣང་བ་བཞིའི་འཆར་ཚུལ་བསྟན་པ་ལ་བཞི། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་བྱ་བ་བཏང་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་ཏེ། ཐོག་མར་རྡོ་རྗེ་ལུ་གུ་རྒྱུད་ལ་མི་འགྱུར་བར་བལྟས་པས་དབྱིངས་སྣང་རྣམ་དག་གི་སྒྲོན་མ་འཇའ་འོད་ཀྱི་ནང་དུ་ཐིག་ལེ་སྟོང་སྒྲོན་མུ་ཁྱུད་ཅན་གྱི་ཐིག་ལེ་དམར་སེར་མཐེབ་ལོང་ཙམ་པ་སོགས་ཉིས་སྦྲེལ་སུམ་སྦྲེལ་གྱི་བར་ཚུན་ཆད་མཐོང་བ་སྟེ། དེ་ཡང་རེས་སྣང་རེས་མི་སྣང་བའོ། །འདིར་རྡོ་རྗེ་ལུ་གུ་རྒྱུད་འཕར་གཡོ་བྱེད་པའི་རྣམ་པ་དེ་ཉིད་ཨར་ལ་གཏད་པའམ་བཙོན་དུ་འཛིན་པར་བྱས་ཏེ། དེའི་མན་ངག་ནི། སྨིན་མཚམས་དབྱིངས་རྣམ་དག་གི་སྒྲོན་མ་ཡི་གེ་ན་རོ་འདྲ་བ། ཁ་དོག་འཇའ་ཚོན་ལྟ་བུ་ལ་རིག་པ་མ་ཡེངས་པར་དེ་ལ་བཅུག་སྟེ་ལྟ་བ་ནི་འཛིན་པར་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་མཆོག་ཏུ་ཟབ་པའི་མན་ངག་ཡིན་གསུངས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། །འོད་ལྔ་ཐིག་ལེ་དང་བཅས་པ་རྟག་ཏུ་སྣང་ཞིང་འོད་ལྔའི་སྣང་བ་ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་རྩིབས་ཤར་གྱེན་འགྲེང་སོགས་སྨིན་མཚམས་ཀྱི་སོར་བཞི་ལས་བྲལ་ཏེ་ནམ་མཁར་འཐོན་ནས་མཐོང་བའི་ཡུལ་ཙམ་དུ་དབྱིངས་སྣང་ཟླུམ་ཁྲིགས་ཀྱི་ནང་དུ་པད་འདབ་བཞི་བཞིས་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་དོ། །གསུམ་པ་རིག་པ་ཚད་ཕེབས་ནི། འོད་ལྔའི་སྣང་བས་ཁེངས་པའི་དབུས་ན་མུ་ཁྱུད་ལྔ་ལྡན་གྱི་ཐིག་ལེའི་ནང་དུ་དང་པོར་ལྷའི་གཙུག་ཏོར་སོགས་ནས་རིམ་པར་ཕྱེད་སྐུ་དང་། སྐུ་རྐྱང་སྐུ་ལྔ་ཚོམ་སོགས་གྲངས་མེད་ཞིང་ཁམས་ཐམས་ཅད་གང་བའི་བར་འཆར་བའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་སྣང་བ། ནང་སྒྱུ་ལས། གསང་བ་རླུང་སེམས། ཉམས་སྣང་གི་འཕེལ་བ་དང་བཅས་པ་ཐམས་ཅད་ཟད་པ་སྟེ། ལུས་འོད་སྐུར། ངག་གཞོམ་མེད་རང་སྒྲར། གཟུང་འཛིན་གྱི་བློ་ཆོས་སྐུར་གྲོལ་བའོ། །འདི་དག་གི་དོན་རྒྱས་པ་ནི་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་ལས་ཤེས་པར་བྱའོ། །བཞི་པ་མཐའ་བརྟེན་གྱི་མན་ངག་བཤད་པ་ལ་བཞི། མི་འགལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི་ཉམས་སུ་ལེན་པའི་དུས་སུ། ལུས་མི་འགུལ་བ་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱས་པས། རྩ་རླུང་ཐད་སོར་གནས་པས་རྟོག་པ་རང་འགགས་པའོ། །མིག་མི་འགུལ་བར་གཟིགས་སྟངས་གསུམ་དང་མི་འབྲལ་བར་བྱས་པས། མངོན་སུམ་ཡུལ་ལ་གསལ་བས་ཡིད་དཔྱོད་ཚིག་གི་སྒྲོ་འདོགས་དང་བྲལ་བའོ། །རླུང་རིག་མི་འགུལ་བ་དལ་བར་བརྟེན་པས་ཆོས་ཉིད་རང་ངོར་གནས་ཏེ་མ་བུ་དབྱེར་མེད་དུ་འདྲེས་ནས། གདོད་མའི་དབྱིངས་སུ་གནས་པའི་དགོས་པ་ཡོད་དོ། །དེའི་ཚེ་སྒྲོན་མ་བཞིའི་དོན་ལ་སྤྱོད་པ་ནི། སྙིང་དབུས་འོད་རྩའི་ནང་ན་ཡེ་ཤེས་ཆེན་པོ་གནས་པ་ཡང་། ངོ་བོ་སྟོང་པ་དང་ཐུགས་རྗེ་རིགས་པ་གཉིས་སུ་མེད་པ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་ལ། རང་བཞིན་གསལ་བ་འཇའ་འོད་ཀྱི་ཁང་པ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། དེའི་དབུས་ན་ལྔ་ལྡན་འོད་ཀྱི་ཚོམ་བུ་རིགས་ལྔ་སྐུའི་ཆ་ཅན་ནི་ཐིག་ལེ་སྟོང་པའི་སྒྲོན་མ་སྟེ། རྨ་བྱའི་མདོངས་ལྟ་བུའོ། །ནང་གི་གདངས་ཕྱིར་ཤར་དུས་མིག་རྒྱང་ཞགས་ཆུའི་སྒྲོན་མའི་ཨ་འབྲས་ཀྱི་འོད་གདངས་དམར་སེར་ཕྱིར་སྣང་བ་ལ་ཐིག་ལེ་སྟོང་པའི་སྒྲོན་མར་བཏགས་པ་ནི་གདངས་ཀྱི་ཐིག་ལེ་སྟོང་སྒྲོན་ཡིན་ལ། ནམ་མཁར་སྣང་བའི་འོད་སྣང་ལ་དབྱིངས་རྣམ་དག་གི་སྒྲོན་མར་བཏགས་པ་ཡང་གདངས་ཀྱི་དབྱིངས་རྣམ་དག་གི་སྒྲོན་མའོ། །དེ་བཞིན་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བཏགས་ཀྱང་རིག་པའི་གདངས་རྡོ་རྗེ་ལུ་གུ་རྒྱུད་དོ། །དེ་ལྟར་འོད་ནང་དུ་ལུ་གུ་རྒྱུད་གནས་པ་ལ་གཏད་ནས་མ་ཡེངས་པར་ཕྱིར་བསྒོམས་པས། ནང་དུ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཤར་བ་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱའོ། །དེ་ལྟར་བཏགས་པ་ཡང་། གནད་དེས་ཡེ་ཐོག་ཏུ་དུས་དེར་ཕེབས་པ་ལ་བཏགས་ཀྱིས་སྔར་མེད་གསར་བྱུང་གི་ཤེས་རབ་རང་བྱུང་གི་སྒྲོན་མ་ནི་མ་ཡིན་ནོ། །གཉིས་པ་སྡོད་པ་གསུམ་ནི། དེ་ལྟར་བྱས་པས། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་བའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད་པའོ། །འདིའི་སྐབས་སུ་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་ལུས་ངག་ལ་འཆར་བ་གཉིས་ལས། དང་པོ་ནི། བརྩོན་འགྲུས་རབ་རྨི་ལམ་གཏན་ནས་འགགས། འབྲིང་གིས་རྨི་ལམ་ལ་རྨི་ལམ་དུ་ཤེས། ཐ་མས་རྨི་ལམ་ངན་པ་མེད་པར་བཟང་པོ་ཤ་སྟག་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་ལ་བཞི་ལས། ཆོས་ཉིད་མངོན་སུམ་གྱི་དུས་ན། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་འདུག་སྟངས་ལས་འབྲལ་མི་ཕོད་པ་དང་། ངག་ལྐུགས་པ་ལྟར་བརྗོད་དུ་མེད་པ་དང་། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་རྣམ་རྟོག་འཕྲོ་བ་ལྟར་སྣང་ཡང་གཞི་ལས་མ་གཡོས་པའོ། །ཉམས་གོང་འཕེལ་གྱི་དུས་ན། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་རྒྱན་དང་བྱི་དོར་མེད་པ། ངག་སྨྱོན་པ་ལྟར་ཟང་ཐལ་རྗེས་མེད་པ། སེམས་དུག་ནད་ཀྱིས་ཟིན་པ་ལྟར་རྟོག་པའི་འཕྲོ་འདུ་ཆད་པའོ། །རིག་པ་ཚད་ཕེབས་ཀྱི་དུས་ན། ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟར་སྐད་ཅིག་གིས་རི་བྲག་ལ་ཐོགས་མེད་དུ་འགྲོ་བ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་སྙན་ཞིང་ཡིད་དུ་འོང་བ། སེམས་སྙིང་ལ་མདས་ཟིན་པ་ལྟར་དྲན་བསམ་གྱི་འཕྲོ་འདུ་ཆད་པའོ། །ཆོས་ཉིད་ཟད་པའི་དུས་ན། ལུས་དུར་ཁྲོད་ཀྱི་རོ་ལྟར་དགག་སྒྲུབ་ཀྱི་འཁྲུལ་པ་མེད་པ། ངག་བྲག་ཆ་ལྟར་གཞན་གྱི་རྗེས་སུ་ཟློས་པ། སེམས་རིམས་ནད་བྱང་པའི་སྐྱེས་བུ་ལྟར་དྲན་བསམ་དབྱིངས་སུ་དག་ནས་རིག་པ་རང་གསལ་དུ་གནས་པའོ། །གསུམ་པ་ཐོབ་པ་གསུམ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་རྟོག་རང་འགགས་པའོ། །བཞི་པ་གདིང་བཞི་ནི། ཡར་སངས་རྒྱས་ལ་ཐོབ་ཏུ་རེ་བ་མེད་པ་དང་། མ་ཐོབ་ཀྱིས་དོགས་པ་མེད། མར་འཁོར་བར་མི་སྐྱེ་བའི་རེ་བ་དང་། སྐྱེས་ཀྱིས་དོགས་པ་མེད་པའོ། །དེ་དག་གིས་རིག་པ་གཏན་ལ་དབབ་པ་ལ་མཐོད་རྒལ་སྙིང་པོའི་དོན་མངོན་སུམ་ལམ་དུ་བྱེད་པའི་ཁྲིད་བསྟན་ཟིན་ཏོ། །གསུམ་པ་རྗེས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་ཚུལ་གཉིས། དངོས་དང་། འཕྲོས་དོན་ནོ། །དང་པོ་ལ་གཉིས། ཉིན་མོ་སྣང་བ་རྒྱས་གདབ་པ་དང་། མཚན་མོ་ཡེ་ཤེས་གནད་དུ་བསྣུན་པའོ། །དང་པོ་ནི། ཡང་ཟབ་ཡེ་ཤེས་འཁོར་ལོ་ལྟར་གཞི་ལམ་འབྲས་བུ་གསུམ་ལ་དམ་ཚིག་ཆེན་པོ་བཅུ་གསུམ་གྱིས་བསྲུང་བའི་ཚུལ་ཉིད་འདིར་ལེན་དགོས་ལ། མདོར་བསྡུས་པ་ནི། ཕྱི་སྣང་བ། ནང་རིག་པ། མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་གང་ལའང་འཛིན་ཞེན་གྱི་བློའི་དྲི་མས་མ་བསླད། ཉམས་ཀྱི་ཞེན་པས་མ་བཅིངས་པར་གང་ལྟར་སྣང་ཡང་རྨི་ལམ་སྒྱུ་མའི་རོལ་པ་ལྟ་བུའི་སྙམ་པའི་བློས་སྦྱང་། རྨི་ལམ་སྒྱུ་མ་ལྟ་བུར་ཤར་བའི་སྟོང་ཆའི་བློ་དེ་ཡང་ཡོད་མེད། ཡིན་མིན། ཕྱོགས་རིས། བཟང་ངན། བླང་དོར་ལས་འདས་པའི་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བསལ་བཞག་མེད་པར་འཇོག་གོ། །རྗེས་ཐོབ་ཀྱི་གནས་སྐབས་རྣམས་སུའང་ཤེས་པ་རྒྱ་ཡན་དུ་མ་ཤོར་བར་དྲན་འཛིན་གྱིས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ། མིག་ཡོར། ཆུ་ཟླ། སྤྲུལ་པ། དྲི་ཟའི་གྲོང་ཁྱེར་ཙམ་དུ་ངེས་པར་འདུག་ཨང་། སྐད་ཅིག་ཀྱང་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་དུ་རྩལ་སྦྱང་། དེ་བཞིན་དུ་ཆགས་སྡང་དགག་སྒྲུབ། རེ་དོགས་སོགས་གཉིས་འཛིན་ཐམས་ཅད་གཉིས་མེད་ཡེ་གྲོལ་གྱི་དགོངས་པ་ཟང་ཐལ་རྗེན་པར་སྐྱོང་བ་ལ་བསླབ་པར་བྱའོ། །གཉིས་པ་ལ་གསུམ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་གུང་ཤེས་པ་བུམ་པར་འཇུག་པ། ཐོ་རངས་རིག་པ་རང་གསལ་གཏོད་པའོ། །དང་པོ་ནི། མི་ཚེའི་ཕྱེད་གཉིད་ལོག་པ་ཡིན་པས་གཉིད་དགེ་བར་བསྒྱུར་བའི་ཕྱིར་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ། སྤྲུལ་སྐུ་དྲང་སྲོང་ཙོག་པུའི་ལུས་གནད་བཅས་ལ། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བའམ། ཡང་ན་ཁ་དོག་དམར་སྐྱ་དྭངས་གསལ་སྦུབས་སྟོང་མདའ་སྨྱུག་ཙམ་སྤྱི་བོ་ནས་གསང་གནས་ཀྱི་བར་དྲང་ཐལ་ལེར་གནས་པའི་ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་སོལ་མེ་ངར་མ་ལ་ཕུལ་བཏབ་པ་ལྟ་བུ། དབུ་མའི་ཡས་སྣར་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ་སྣུམ་ལ་འདྲིལ་བ་བདེ་བའི་རང་བཞིན་འཛག་ལ་ཁད་པ་བསྒོམ། བདེ་དྲོད་ཀྱི་གཞི་བཅའ་བའི་དམིགས་པ་ལ་སེམས་དུམ་གཅིག་གཟུང་ངོ་། །དེ་ནས་རླུང་རོ་ལན་གསུམ་སང་གིས་བསལ། སྟེང་རླུང་དལ་གྱིས་རྡུབས། འོག་རླུང་གྱེན་དུ་འཐེན་པས་ལྟེ་བའི་ཨ་ལས་མེ་དམར་ཁྱུག་གེ་འབར། སྤྱི་བོའི་ཧཾ་ལ་རེག །ཧཾ་ལས་བྱང་སེམས་བདེ་བའི་རྒྱུན་ནར་བབས་པས་མེའི་གསོས་བྱས། མེ་ཆེར་འབར་བས་ལས་དང་བག་ཆགས་བསྲེགས། ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་དབུ་མ་དང་ལུས་ཀྱི་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་བ་སྐྱེས་པ་ལ་སེམས་བཟུང་སྟེ་བུམ་ཅན་ཅི་ནུས་བཟུང་། བུམ་ཅན་གྱིས་ངལ་ན་སྔར་གྱི་དམིགས་པ་དེ་རླུང་རང་བབས་ཀྱི་ངང་ནས་ཅི་ནུས་སུ་བསྒོམ་མོ། །གཉིས་པ་ནི། ལོངས་སྐུའི་འདུག་སྟངས་སམ་གཞོགས་གཡས་ཕབ་པར་གསུངས་ཀྱང་། ཕྱག་ལེན་དུ། དྲང་སྲོང་ཙོག་པུའི་སྟབས་ཀྱིས་ཉལ་བར་བཞེད་ལ། གང་ལྟར་ལུས་ཀྱི་དབུས་སུ་དབུ་མ་སྔར་ལྟར་གསལ་བཏབ། ཁྱད་པར་དུ་སྙིང་གར་པདྨ་དམར་པོ་འདབ་མ་བཞི་པ་ཁ་ཅུང་ཟད་བྱེ་བའི་དབུས་སུ་ཨ་ཡིག་དཀར་པོ་འོད་འབར་བ་ཞིག་བསྒོམས་ལ་སེམས་དར་གཅིག་བཟུང་རྗེས་སྤྱི་བོར་ཡང་ཨ་དཀར་པོ་ཞིག་བསྒོམ། དེ་ནས་ཨ་གཉིས་ཀྱི་བར་དུ་ཨ་དཀར་པོ་ཤིན་ཏུ་ཕྲ་བ་ཉེར་གཅིག་ཕྲེང་བ་བརྒྱུས་པ་ལྟ་བུར་གནས་པར་བསམས་ལ་རླུང་བྱང་བར་ཡོད་ན་བུམ་ཅན་ཁ་སྦྱོར་དུ་བཟུང་ཞིང་། དེ་ལྟར་མིན་ན་འཇམ་རླུང་རང་བབས་ཀྱི་ངང་ནས་གསལ་སྟོང་གི་ཡེ་ཤེས་ས་ལེ་བའི་ངང་དུ་ཅི་ནུས་བསྒོམ། གཉིད་དུ་འགྲོ་ཁར་ཨ་རྣམས་རིམ་གྱིས་སྙིང་གའི་ཨ་ལ་ཐིམ། དེ་ནས་སྤྱི་བོའི་ཨ་དེ་ཡང་སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ། སྙིང་པདྨ་ཁ་ཟུམ་པའི་ནང་དུ་ཨ་དེ་བུམ་ནང་གི་མར་མེ་ལྟར་གནས་པར་བསམས་ལ། རྨི་ལམ་འཛིན་པའི་འདུན་པ་བཅས་ཏེ་སེམས་ཧ་ཅང་མ་གྲིམས་ཧ་ཀྱང་མ་གློད་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། གལ་ཏེ་གཉིད་མ་བྱུང་ན་སྔར་གྱི་དམིགས་པ་དེ་ག་ཡང་ཡང་བསྐྱར། རྨི་ལམ་དང་གཉིད་ཀྱི་བར་རྣམ་རྟོག་གཞན་གྱིས་མ་ཆོད་པར་སློབ་པ་གལ་ཆེ། རྣམ་རྟོག་ཤར་ཡང་སྤང་བླང་བསུ་སྐྱེལ་དགག་སྒྲུབ་མི་བྱ་བར་ཨ་ཡིག་གི་སྟེང་དུ་སེམས་བསླན་ཏེ་བཞག །གཉིད་མཐུག་པོ་མིན་པའི་གཉིད་དང་རྨི་ལམ་གྱི་བར་དེར་མི་དང་ཁང་ཁྱིམ་སོགས་རྣམ་རྟོག་གི་སྣང་བ་ར་རི་ཞིག་འབྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་ན་མིག་མི་འབྱེད་པར་དེ་རྨི་ལམ་ཡིན་སྙམ་པའི་འདུན་པ་བཏང་བ་ལ་ཨ་དེའི་སྟེང་དུ་སེམས་བཟུང་ལ་བཞག་ཅིང་ངོས་ཟིན་པར་བྱས་པས་དཔེ་ཁབ་མིག་ཏུ་སྐུད་པ་ཚུད་པ་ལྟར་མུ་འབྱོར་ཞིང་ཟིན་སླ་བ་ཡིན། དེ་ལས་ཇི་ཞིག་ན་གཉིད་མཐུག་པའི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པར་གསལ་སྟོང་ནམ་མཁའ་ལྟ་བུ་ལྷག་གེར་འཆར་ན་དེའི་ཉམས་མ་ཤོར་བའི་ངང་ལས་ལྷ་སྐུ་སྒྱུ་མ་ལྟ་བུའི་སྐུར་ལངས་ཤིང་འཛིན་མེད་སྤྲོས་བྲལ་གྱི་ངང་དུ་འཇོག་གོ། །རྨིས་ན་རྨི་ལམ་དང་རྣམ་རྟོག་ཐམས་ཅད་སྙིང་ནང་གི་ཨ་ལ་བསྡུས་ཤིང་གོང་ལྟར་བསྒོམས་པས་འོད་གསལ་རང་བྱུང་གི་ཡེ་ཤེས་འཆར་རོ། །ཉིན་མོའང་རྨི་ལམ་གྱི་འདུན་ཤུགས་དང་སྣང་བ་ཞི་ཁྲོ་སོ་སོའི་སྐུ་སྤེལ་བསྒྱུར་བྱེད་པ་དང་། རེས་འཁོར་བའི་ལས་སྣ་ཚོགས་ལ་སྤེལ་བསྒྱུར་བྱ་བ་དང་། དག་པ་དང་། མ་དག་པའི་ཞིང་ཁམས་རྣམས་སུ་འགྲོ་ཞིང་གནས་ལུགས་བརྟག་པ་དང་། མེ་ཆུ་གཡང་ས་དང་། གཅན་གཟན་སོགས་ཀྱིས་མཚོན་འཇིགས་སྐྲག་གི་སྣང་བ་དང་སྦྱར་ཏེ་འདུན་ཤུགས་དྲག་པོས་ཐོག་བརྫིས་ཀྱི་རྩལ་སྦྱངས་པས། རྨི་ལམ་གྱི་རྟེན་དེས་ཉིན་མོ་ཇི་ལྟར་སྦྱངས་པའི་དོན་རྣམས་མཚན་མོ་གང་འདོད་ཀྱི་སྤྲུལ་སྒྱུར་བྱེད་ནུས་ཤིང་། དེ་ཡང་ཐོག་མར་འོལ་སྤྱི་ཙམ་དང་། དེ་ནས་ཇེ་བརྟན་ཇེ་གསལ་དུ་འགྱུར་བ་ཡིན་གསུངས། དེ་ཡང་གཉིད་དུ་སོང་ལ་ཉེ་འཁོར་གྱི་གཟུགས་མཐོང་། སྒྲ་ཐོས། དྲི་ཚོར། རོ་མྱོང་། རེག་བྱ་ཚོར། གཏམ་གྱི་དོན་རིག་ལ་རྟོག་པ་མི་སྐྱེ། གཉིད་དུ་མ་སོང་བ་ཡང་མ་ཡིན་ཏེ། དེ་ལས་སད་རྒྱུ་འབྱུང་བ་ཡིན། དེ་ལྟར་བརྩོན་པ་ཆེན་པོས་ཡང་ཡང་བཟུང་ཀྱང་མ་ཟིན་ན་འབྱམས་པ་ཡིན་པས་འབྱམས་པ་བཞིའི་གཅོད་ཚུལ། འཛིན་པའི་དུས་གནད། སྲབ་མཐུག་འོད་གསལ་གྱི་དབྱེ་སྒོ་སོགས་ཁྲིད་རིམ་སྤྱི་དང་མཚུངས་པ་ཡིན་ནོ། །གསུམ་པ་ནི། ཐོ་རངས་ཀྱི་ཐུན་ལ་བབས་པ་ན། སེང་གེའི་འདུག་སྟངས་བཅས་ལ། སྙིང་ནང་གི་ཨ་དེར་གསལ་སྣང་འདོན་བསྐྱོར་ཞིག་བྱ། མིག་བར་སྣང་ལ་གཏད་དེ་ཧ་ཞེས་གསུམ་བུས་པས་སྙིང་གའི་པདྨ་ཁ་བྱེ་བའི་ནང་ནས་ཨ་དེ་ཚངས་བུག་ཏུ་རྒྱངས་ཀྱིས་ཐོན། གཞུ་གང་ཙམ་གྱི་ནམ་མཁའ་ལ་ལིང་ངེ་འདུག་པ་ལ་སེམས་གཏད་ལ་རླུང་ཅུང་ཞིག་ཕྱིར་འཛིན་པ་ལ་བསླབས་པས། གང་ལ་ཡང་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེ་བར་འགྱུར་རོ། །ཤེས་པ་ཡེར་ཞིང་རྒོད་ན་ཨ་དེ་ཇེ་དམར་གྱུར་ཏེ། སྙིང་ནང་དུ་འདུག་པ་ལ་སེམས་གཏད། མིག་ཕྱེད་བཙུམ་གྱི་ཅུང་ཟད་དམའ་བར་ལྟ་ཞིང་བསྒོམ། ཡང་བྱིང་ན་སྔར་ལྟར་བསྒོམས་པས་བྱིང་རྒོད་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཆུ་བོའི་རྒྱུན་བཞིན་འཆར་བ་ཡིན་ནོ། །དེ་ལྟར་མཚན་མོ་ཐུན་གསུམ་གྱི་རིམ་པས་ཉམས་སུ་བླངས་པས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེ་ཞིང་མངོན་པར་ཤེས་པ་ལ་སོགས་པ་མངོན་དུ་འགྲུབ། བྱ་རྩོལ་བྲལ་བ་ཀུན་བཟང་གི་ཀློང་དེར་མྱུར་དུ་གྲོལ་བར་འགྱུར་བ་ཡིན་ནོ། །འདི་ཀུན་མཁྱེན་ཆོས་རྗེའི་ཞལ་ནས། དེ་ལྟར་ཉིན་མཚན་དུ་སྒོམ་པ་ཐམས་ཅད་ཀྱི་སྐབས་སུའང་། དལ་འབྱོར་རྙེད་པར་དཀའ་བས་དལ་བ་ཆུད་མི་གསོན་པར་བརྩོན་པ་དང་། ཚེ་མི་རྟག་པར་ཤེས་པས་སྒྲུབ་པ་ལ་ལོང་ཡོད་མི་བྱེད་པ་དང་། འཁོར་བ་སྡུག་བསྔལ་དུ་ཤེས་པས་སྲིན་པ་ལ་མངོན་པར་སྐྱོ་བ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་གང་ལའང་བདེན་ཞེན་མེད་པ་དང་། མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བས་ཞི་བའི་བྱང་ཆུབ་བསྒྲུབ་པ་དང་། གསང་སྔགས་ཐབས་ཀྱིས་གྲུབ་པས་སྣ་ཚོགས་ལམ་ལ་བསླབ་པ་དང་། ཐེག་ཆེན་སྙིང་རྗེ་ལ་རགས་ལས་པས་གཞན་དོན་སེམས་བསྐྱེད་དང་ལྡན་པ་དང་། བྱིན་རླབས་མོས་གུས་ལ་རགས་ལས་པས་བླ་མ་སངས་རྒྱས་དངོས་སུ་མཐོང་བ་དང་། ཐམས་ཅད་རང་སེམས་ལ་ཐུག་པས་དག་སྣང་ཕྱོགས་མེད་ལ་སྦྱང་བ་དང་། འཁོར་བ་འཁྲུལ་རྟོག་ལས་བྱུང་བས་གཟུང་འཛིན་གྱི་རྩ་བ་གཅོད་པ་དང་། བདེ་སྡུག་སྔོན་ལས་ལས་བྱུང་བས་དགེ་སྡིག་བླང་དོར་དུ་བྱ་བ་དང་། འཁོར་འདས་རིག་པ་ལས་ཤར་བས་རིག་པ་རང་གནད་དུ་ངོ་ཤེས་པར་བྱ་བ་སྟེ། གནད་རྣམ་པ་བཅུ་གཉིས་ཀྱིས་རང་གི་རྒྱུད་འདུལ་བ་ནི་ཡང་གནད་གལ་པོ་ཆེའི་གདམས་པ་ཡིན་པས་སྙིང་ནས་བསམ་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་འཕྲོས་དོན་ནི། གོང་གསལ་དམིགས་པ་དེ་དང་སྒོམ་པའི་དགོས་ཆེད་དང་། གོ་དོན། ལུས་ཉམས་ཤེས་ཉམས་ལ་སོགས་པའི་རྟགས་ཚད་དང་གེགས་སེལ་བོག་འདོན། ཉམས་མྱོང་སྐྱེས་རིམ་ནས་ངོ་སྤྲོད་ཐབས་རྣམས་ཟངས་ཡིག་ཅན་སོགས་རྩ་བའི་མན་ངག་དང་། དེ་དག་གི་དགོངས་འགྲེལ་ཡང་ཏིག་ཡིད་བཞིན་ནོར་བུའི་གླེགས་བམ་ཉིད་འབྲལ་སྤང་གི་ཚུལ་དུ་འཆང་ནས་རྟོགས་པར་བྱ་དགོས་ཤིང་། ཁྱད་པར་ལུས་ཉམས་ལེན་གྱི་རྟེན་ཡིན་པས་ནད་གདོན་གྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་། མངོན་སུམ་གྱི་གནད་མིག་ཡིན་པས་དེ་ལ་གེགས་སེལ་སྒྲོན་མ་སྣང་བྱེད། རིག་པ་སེམས་ཉམས་ལེན་གྱི་རྩ་བ་ཡིན་པས་དེའི་གེགས་སེལ་ཡེ་ཤེས་དྲི་མེད་རྣམས་ཚིག་ཙམ་དུ་མ་ལུས་པར་བརྟེན་པར་བྱ། བོགས་འདོན་ཁྲེགས་ཐོད་གཉིས་ཀ་ལ་གལ་ཆེ་བ་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་པ་ནི། ཕྱིའི་ནམ་མཁའ་སྤྲིན་མེད་སྔོ་དྭངས་ནི་འདུས་མ་བྱས་རྡུལ་བྲལ་གྱི་ནམ་མཁའ། ནང་གི་ནམ་མཁའ་གསང་བའི་རྩ་དབུ་མ་སྟེ་རྒྱ་མཚོ་གསེར་གྱི་ཉི་མ་ལས་བྱུང་བའི་ཀ་ཏི་ཤེས་སྦུག་རྒྱང་ཞགས་ཆུའི་སྒྲོན་མ་དང་འབྲེལ་བ། དེ་གཉིས་ཀ་ལ་ཁྱབ་བྱེད་གསང་བའི་ནམ་མཁའ་སྙིང་གའི་མི་ཤིགས་པའི་ཐིག་ལེ། དེའང་མ་དག་པ་གསུམ་འདུས་པའི་ཆ་ཅན་མ་ཡིན་པར་དག་པའི་མི་ཤིགས་པ་འོད་གསལ་བའི་རང་བཞིན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་རྣམ་པ་ཐམས་ཅད་པ་སྟེ། དེ་ཡང་ནམ་མཁའ་དང་པོའི་དཔེ་རྡུལ་བྲལ་གྱི་མེ་ལོང་། གཉིས་པའི་དཔེ་མདའ་སྲོང གི་མིག །གསུམ་པའི་དཔེ་ནོར་བུ་ཀེ་ཏ་ཀ་ལྟ་བུའོ། །དེ་ཡང་སྤྱིར་རྩ་དབུ་མ་ཞེས་བྱ་བ་དངོས་སུ་མིག་ཤེས་ཀྱིས་བཟུང་རུང་དབུ་མའི་ཐ་སྙད་འདོགས་པ་དེ་ནི་ད་ལྟ་ལུས་ལ་གནས་ཚུལ་སྒལ་ཚིགས་དང་ཉེ་བའི་རྒྱབ་ངོས་སུ་ཡོད་པ་སྲོག་རྩ་ཞེས་གྲགས་པ་སྟེ་གཟུང་འཛིན་འཁོར་བ་སྐྱེད་བྱེད་ཡིན། འདིར་ནང་གི་ནམ་མཁར་བཞག་རྒྱུའི་དབུས་ནི་མིག་ཤེས་ཀྱི་སྤྱོད་ཡུལ་ལས་འདས་པ་དྭངས་མ་ལྔ་ལྡན་གྱི་རྩ་ལུས་ཅན་རྣམས་ཀྱི་སྙིང་གའི་དབུས་སུ་ཡོད་པ་དང་། དེ་ལས་གྱེས་པའི་ཡལ་ག་མིག་ལ་ཟུག་པ་གཉིས་ཏེ་སྔ་མའི་མིང་ལ་རྒྱ་མཚོ་གསེར་གྱི་ཉི་མ་ཞེས་བྱ། ཕྱི་མ་ལ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ། དེ་དག་ནི་རྟེན་ཁྱབ་བྱའི་ནམ་མཁའ་འམ་དབུ་མ་ཡིན། དེའི་རང་བཞིན་ཤིན་ཏུ་རྣམ་དག་དྭངས་མ་ཆེན་པོའི་དབུ་མ་དེ་གཉིས་ཀྱི་རང་བཞིན་དུ་བཞུགས་པ་ཡང་། དེ་དག་གི་ཁོངས་སུ་བསྡུ་ཞིང་། མིང་གི་བརྡ་ཆད་ཀྱང་མཉམ་པོར་འཇུག །གཉིས་ཀ་ཡང་ནང་གི་ནམ་མཁའ་ཡིན། གསང་བའི་ནམ་མཁའ་དྭངས་མ་ལྔ་ལྡན་གྱི་ཐིག་ལེ། དེའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་རྣམ་པ་ཐམས་ཅད་པ་དེ་ནི་བརྟེན་པའམ་ཁྱབ་བྱེད་དོ། །དེ་ལྟར་ཤེས་པར་བྱས་ནས་ཕྱིའི་ནམ་མཁའ་ཤིན་ཏུ་དྭངས་པ་ལ་བཞུགས་སྟངས་གང་རུང་དང་འབྲེལ་བས་ནང་གི་ནམ་མཁའ་གཏད། དེ་ལ་གསང་བའི་ནམ་མཁའ་གཏད་པས་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་ཚེགས་མེད་དུ་འཆར་བར་འགྱུར་རོ། །མུན་ཁང་བརྟེན་པའི་ལག་ལེན་སོགས་ནི་འོད་གསལ་ཡེ་ཤེས་འཁོར་ལོ་ལས་ཤེས་པར་བྱའོ། །གེགས་སེལ་བོགས་འདོན་ཉམས་ལེན་གྱི་རྗེས་སྤྱོད་མདོར་བསྡུས་པ་ཀུན་མཁྱེན་ཆོས་རྗེའི་ཞལ་ནས། གང་སྣང་སྒྱུ་མའི་དཔེ་བརྒྱན་དུ་ཤེས་པས་ཆགས་སྡང་དང་ཉོན་མོངས་ལས་གྲོལ་བར་བྱ་ཞིང་། དགག་སྒྲུབ་སེམས་ཀྱི་རོལ་པར་ཤར་ཚད་གཞི་མེད་རྩ་བ་དང་བྲལ་བར་ཐག་བཅད་ལ་འཛིན་ཞེན་དང་བླང་དོར་མི་བྱ། ཇི་སྲིད་བདག་འཛིན་དབྱིངས་སུ་མ་ནུབ་ཀྱི་བར་དུ་ཟབ་མོའི་གདམས་པ་བསྒོམ་ཞིང་རྒྱུ་འབྲས་ཀྱི་ལས་ལ་འཛེམ། དག་སྣང་དང་མོས་གུས་བྱ་ཞིང་རང་སེམས་ལ་སྐྱོན་མེད་པར། དམ་ཚིག་དང་སྡོམ་པ་བསྲུང་ཞིང་གཅིག་པུར་དབེན་པར་འདུག །རྣམ་གཡེང་དང་འདུ་འཛི་སྤངས་ཤིང་དགོས་མེད་རྒྱུད་ལ་བརྟེན། ཆགས་མེད་ཞེན་མེད་བྱ་ཞིང་འཛིན་མེད་ལམ་དུ་སློང་། རྟག་ཏུ་འཆི་བ་བསམ་ཞིང་བརྩོན་འགྲུས་མེད་བཞིན་སྦར། ཉིན་མཚན་དགེ་བས་འདའ་ཞིང་ཚེའི་འདིའི་བྱ་བ་བཏང་། རྟག་ཏུ་བླ་མ་བསྟེན་ཅིང་མོས་གུས་གསོལ་བ་གདབ། གཏད་མེད་ལམ་དུ་ཁྱེར་ཞིང་བྱར་མེད་ངང་ལ་བཞག །བདག་གཞན་གཉིས་འཛིན་སྤངས་ཤིང་རེ་དོགས་རྩ་བ་གཅད། རྐྱེན་ངན་ལམ་དུ་སློང་ཞིང་ཅིར་སྣང་བླ་མར་བལྟ། ཐམས་ཅད་རང་སྣང་ཤེས་པས་བདག་འཛིན་ཞེན་པ་དོར། གང་ཡང་སྙིང་པོ་མེད་པས་བདེན་མེད་ཡོ་ལང་བསྐྱང་། ཡེ་སྟོང་བབ་སྟོང་ཤེས་པས་རང་སྣང་ཞར་ལ་འཆར། དེ་ལྟ་བུའི་ཐབས་དང་སྤྱོད་པས་གནས་ཤིན་ཉིན་མཚན་འདའ་བར་བྱའོ། །བློ་རྐྱེན་ཁར་འཆོར་རིང་ལ་རིག་པའི་རྩལ་སྦྱོང་དབེན་པར་ཉམས་ལེན་ལ་འབུངས། དགག་སྒྲུབ་ཞེན་འཛིན་ཡོད་རིང་ལ་དགེ་སྡིག་བླང་དོར་བྱ་ཞིང་གཉིས་མེད་དོན་ལ་སྦྱང་། གང་ཡང་གྲོགས་སུ་མ་ཤར་བའི་རིང་ལ་གདམས་པའི་སྣ་ཁ་བསྒྱུར་ཞིང་རིག་པའི་དོན་ལ་བལྟ། སྐྱེ་ཤིའི་འཇིགས་དངངས་སྐྱེས་རིང་ལ་སྐྱེ་མེད་དོན་ལ་སྦྱངས་པས་ཕྱི་ནང་ཐམས་ཅད་ཆོས་ཉིད་དུ་འཆར་བའི་དུས་ན་སྒོམ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ཡིན་ནོ། །ཞེས་གདམས་པར་མཛད་པ་ཉིད་སྙིང་གི་བདུད་རྩིར་བཟུང་བར་བྱའོ། །གཞན་ཡང་ཁྲིད་ཚུལ་འདིིར་ཤིན་ཏུ་གལ་ཆེ་བ་སེམས་དང་རིག་པ་འབྱེད་པའི་མན་ངག་ཀྱང་ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད་སོགས་ལས་རྟོགས་པར་བྱ་བ་ཁོ་ནའོ། །དོན་གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་ཁྲིད་ལ་གསུམ། ངོ་བོ། དབྱེ་བ། སོ་སོའི་ལམ་ཁྱེར་རོ། །དང་པོ་ནི། གཞི་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་འཆར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་བའི་བར་དོ་ཡིན་ལ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང་། འཆར་གཞི་དབྱིངས་སུ་མ་རྫོགས་ཀྱི་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའོ། །གཉིས་པ་ལ་བཞི། སྐྱེ་ཤིའམ་རང་བཞིན་གྱི་བར་དོ། །འཆི་ཁའི་བར་དོ། །ཆོས་ཉིད་བར་དོ། །སྲིད་པ་བར་དོའོ། །དང་པོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ནི། ནང་དབུགས་ཆད་ནས་འོད་གསལ་གྱི་སྣང་བ་ཤར་ཏེ། ལྷུན་གྲུབ་ཀྱི་སྣང་བ་ཐིམ་པར་ཚུན་ཆད་དོ། །བཞི་པ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །གསུམ་པ་ནི། བར་དོ་བཞི་ལ་དཔེ་དོན་གཉིས་གཉིས་ཀྱིས་བསྟན་ཏེ། དང་པོ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུ་ནི། དོན་བླ་མ་དམ་པ་ལ་བརྟེན་ནས། དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་བསྒོམས་པས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཉམས་མྱོང་རིག་ཐོག་ཏུ་སྒྲོ་འདོགས་ཆོད་དེ་སློབ་པའི་ལམ་བཞི་དང་ས་བཅུའི་ཡོན་ཏན་རྣམས་རྫོགས་ནས་མི་སློབ་པའི་འབྲས་བུ་མངོན་དུ་བྱེད་པའོ། །གཉིས་པ་འཆི་ཀའི་བར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་ནི། སྔར་བསྒོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་འདེབས་པ་ཡིན་ཏེ། ཇི་ལྟར་འདེབས་ན་འཆི་བ་འོད་གསལ་དང་རྗེས་མཐུན་གྱི་ཐིམ་རིམ་རྣམས་ལ་གདམས་པའི་གནད་བློ་ངོར་གསལ་བཞིན་དུ་མིག་འོད་སྣང་ལ་བལྟ་ཞིང་རིག་པ་སྟོང་གསལ་དུ་བཞག་པས་ད་ལྟའི་འོད་གསལ་སྐྱེལ་མ་ལྟ་བུ་དང་བར་དོའི་འོད་གསལ་སུན་མ་ལྟ་བུ་གཉིས་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པ་ལྟར་གྲོལ་བ་ཡིན་ཏེ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་ཐིམ་པ་ན། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་དྲོད་རྣམས་མཐའ་ནས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་གཡོབ། །མིག་ཀྱང་གྱེན་ལ་བཟློག་པ་འབྱུང་། །རྟགས་ནི་སུ་ལ་བྱུང་བ་དེ། །ངེས་པར་ཕ་རོལ་འགྲོ་བས་ན། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་འདྲིལ་བར་བྱ། །ཞེས་གསུངས་པ་ལྟར། གདམས་པའི་དོན་རྣམས་ལ་སྐབས་འདིར་རིག་པ་དྲུང་བཏོན་ཏེ་སྐད་ཅིག་ཀྱང་མ་ཡེངས་པར་གསལ་བཏབ་པས། རླུང་རྣམ་ཤེས་ལ་ཐིམ་པའི་དུས་དེར་སྔ་ཕྱིའི་འོད་གསལ་གཉིས་མ་བུ་འཕྲོད་ནས་གདོད་མའི་དབྱིངས་སུ་གྲོལ་བའོ། །གསུམ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཤར་བ་རྣམས་ཐིམ་ཚུལ་ལྔའི་སྒོ་ནས་ངོས་ཟིན་པར་བྱ་སྟེ། དང་པོ་རྣམ་ཤེས་ནམ་མཁར་ཐིམ་པའི་ཚེ་རིག་པའི་འོད་རྩལ་ཞུགས་ནས་མིག་ཏུ་གནས་སྐབས་སྐད་ཅིག་དང་པོ་ལ་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་འོད་གསལ་མཐའ་དབུས་མེད་པ་འཆར། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ནས་འོད་ལྔའི་སྣང་བ་དང་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ནམ་མཁའ་ཁྱབ་པར་འཆར། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་རིགས་ལྔའི་ཚོམ་བུ་རྣམས་བསམ་གཏན་གྱི་ཞག་ལྔར་རིམ་གྱིས་འཆར། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ་རྣམས་འཆར་རོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་སུ་ཡར་ཀ་དག་ཆོས་སྐུ་དང་། ཐད་ཀར་ལོངས་སྐུ་རིགས་ལྔ། མར་འགྲོ་འདུལ་སྤྲུལ་སྐུ་ལ་སོགས་པའི་ཞིང་ཁམས་རྣམས་འཆར་ཞིང་། དེའི་ཚེ་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཐག་བཅད་དོ། །དེའང་ཐིམ་ལུགས་ལྔ་པོ་མཐར་ཆགས་སུ་བགྲོད་པའི་ངེས་པ་མེད་དེ། གང་ཟག་གི་དབང་པོའི་རིམ་པས། རབ་ཉི་ཟླ་ཁ་སྦྱོར་ལྟར་ལུས་བོར་བ་དང་འོད་གསལ་འཆར་བ་དུས་མཉམ་དུ་གྲོལ། འབྲིང་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ། ཐ་མ་ལྷུན་གྲུབ་ཀྱི་སྣང་བར་གྲོལ་ཞིང་། སྣང་བའི་འཆར་ཚུལ་ཀྱང་གང་དུ་གྲོལ་བ་ཡན་ཆད་དུ་འཆར་ཞིང་། དེ་མན་ཆད་དབྱིངས་སུ་ཐིམ་པས་མི་འཆར་ལ། དེ་དག་གང་དང་གང་དུ་གྲོལ་ཀྱང་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུ་གྲོལ། བཞི་པར་གྲོལ་ཐོག་ནས་སེམས་ཅན་གྱི་ཁམས་རྣམས་སུ་སྤྲུལ་པ་བཀྱེ། ལྔ་པར་ནང་གསལ་བུམ་སྐུར་བཞུགས་ཤིང་སྐད་ཅིག་དེ་དག་ཀྱང་ཕལ་ཆེར་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། བསམ་གཏན་གྱི་ཞག་ནི་སྔོན་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཕྱི་མའི་ཀུན་རྟོག་མ་སྐྱེས་པའི་བར་གྱི་གོམས་ཆ་ཡིན་ལ། དེ་རྣམས་ཀྱང་འདིར་ནི་རགས་བསྡུས་ཙམ་དུ་བསྟན་པ་ཡིན་ནོ། །གཞན་ཡང་ཆོས་ཉིད་བར་དོའི་སྣང་བ་ལ་འཇུག་པ་ཤེས་པའི་གནད། གྲོལ་བ་ལུས་ཀྱི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་གྱི་དོན་སོགས་ཉམས་ལེན་གནད་ཀྱི་སྒྲོན་མེ་ལས་ཤེས་པར་བྱའོ། །བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པས་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པའི་གདམས་པའི་གནད་ཀྱིས་དག་པའི་སྐྱེད་སྲིད་ཀྱི་ལམ་དུ་འཇུག་པའོ། །དེ་ཡང་དབང་པོའི་རིམ་པས་ངོ་སྤྲོད་ཀྱི་གནད་ཐོབ་ཀྱང་བསྒོམ་པ་འཕྲོ་ཅན་དུ་ལུས་ཏེ་སྐྱེ་བ་བརྒྱུད་ནས་གྲོལ་བ་དང་། གོམས་ཀྱང་ལྷུན་གྲུབ་ཀྱི་སྣང་བ་ཤར་ཚེ་ཏིང་ངེ་འཛིན་གྱི་རྩལ་ཞན་སྟོབས་ཀྱིས་སྔ་ཕྱིའི་འོད་གསལ་གཉིས་ཤར་ནུབ་དུས་མཉམ་པས་རང་སྣང་ངོས་མ་ཟིན་པར་སྣང་བ་རང་ཡལ་ལ་སོང་སྟེ་རྣམ་ཤེས་ལུས་རྒྱ་དང་བྲལ་སྟོབས་ཀྱིས་འབྱུང་བཞི་ཕྲ་བའི་ལས་རླུང་ལུགས་ལྡོག་ཏུ་ལངས་ཏེ། བར་དོའི་ཡིད་ལུས་གྲུབ་ནས་སྣང་བ་ཐམས་ཅད་བན་བུམ། ཟ་ཟི་ཆད་ཆོད། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་སྣ་ཚོགས་འཆར་ཞིང་། འབྱུང་བཞིའི་དངོས་པོ་གང་ལའང་ཐོགས་མེད་དུ་འཇུག་ནུས་ཤིང་ལས་ཀྱི་རྫུ་འཕྲུལ་གྱི་མཐུ་དང་ལྡན་པ། སྔར་མེད་ཀྱི་མངོན་ཤེས་ཕྲ་མོ་འཆར་ཞིང་དབང་པོ་རྣོ་ལ་དྲན་པ་གསལ་བ། རིགས་མཐུན་གྱི་འགྲོ་བ་གཞན་ལྷ་མིག་དག་པས་མཐོང་བ། སྔར་གོམས་བག་ཆགས་ཀྱིས་ཉེ་དུ་འབྲེལ་ཡོད་སོགས་ཀྱི་ཕྱོགས་སུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མ་མཐོང་ཞིང་མ་ཐོས་པས་ལན་མེད་པ་ན་རང་ཉིད་ཤི་བར་ཤེས་ཏེ། སྔར་གྱི་གདམས་པ་རྣམས་དྲན་པས་བར་དོའི་འཁྲུལ་སྣང་དང་འཇིགས་སྐྲག་ཐམས་ཅད་རང་ངོ་ཤེས་ནས། དེ་ཡང་དབང་པོའི་རིམ་པས་བློ་རབ་རྣམས་བླ་མའི་མོས་གུས་ཀྱི་ལམ་ཁྱེར་དང་། གཟུང་འཛིན་གཉིས་བསྡུས་ཀྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པས་གྲོལ་བ་དང་། བློ་འབྲིང་རྣམས་ཡིད་དམ་གྱི་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་བརྟེན་ནས་གྲོལ་བ་དང་། ཐ་མས་དག་པའི་ཞིང་ཡིད་ལ་བསམས་ནས་མདུན་མཁར་ཆོས་འབྱུང་དམར་པོ་གདེང་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ་ཅིང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཆོས་འབྱུང་ནམ་མཁའ་སྐར་མདའ་འཕངས་པ་ལྟར་དག་ཞིང་དུ་སོང་བར་བསམས་ཏེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་གྲོལ་ལོ། །དེར་མ་གྲོལ་ན་ཕྱི་མའི་མངལ་སྒོ་ངན་པ་སྤངས་ཏེ་བཟང་པོའི་འཕྲོ་མཐུད་པ་ནི། གང་དུ་སྐྱེ་འགྱུར་གྱི་ཕ་མ་དང་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམས་པའི་མངལ་དུ་པད་ཉི་ཟླ་སྟེང་ཧཱུྃ་ཡིག་དཀར་པོ་ཞིག་བསམས་ལ་དེར་རྣམ་ཤེས་འཇུག་དུས་སྐྱེ་བ་བླང་བའི་རྟེན་འདི་ལ་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་བྱེད་ནུས་པར་ཤོག་ཅིག་སྙམ་པའི་འདུན་པ་རྩེ་གཅིག་པས་རང་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ཏེ་དེ་ཉིད་མའི་མངལ་གྱི་ཧཱུྃ་ལ་ཐིམ་པར་བསམ་ཞིང་། སྤྲོས་བྲལ་སྟོང་ཉིད་ཀྱི་ངང་དུ་བཞག་པས་ཕ་མ་དད་པ་ཅན་གྱིས་བུར་སྐྱེས་ཏེ་ཆུང་ངུ་ནས་ཆོས་དང་འཕྲད་ཅིང་ཤེས་རབ་དང་བརྩོན་འགྲུས་ལྡན་པ། སྦྱངས་པའི་ལས་འཕྲོ་སད་པས་སྙིང་པོའི་བསྟན་པ་དང་མཇལ་ནས་ལམ་གྱི་འཕྲོ་མཐུད་པས་ཚེ་དེ་ཉིད་དམ་བར་དོར་ངེས་པར་འཚང་རྒྱ་བར་གསུངས་སོ། །དོན་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བའི་གདམས་པ་ལ་གསུམ། རང་བཞིན་གནས་པའི་དུས་སུ་སྦྱོང་བ། བར་དོའི་དུས་སུ་འཕོ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་བའོ། །དང་པོ་ནི། མངོན་སུམ་གྱི་སྣང་བ་ལ་ཉིན་མཚན་གོམས་པར་བྱས་པས་རྨི་ལམ་ངན་པ་ནུབ་ནས་བཟང་པོ་ཤ་སྟག་ཏུ་རྨི་ཞིང་། སེམས་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་དེས་སྐབས་སུ་ཉིན་དུས་རང་བཞིན་སྤྲུལ་པ་སྐུའི་ཞིང་བསམ་ལ་རིག་པ་འོད་ཀྱི་གོང་བུ་མིག་ནས་འཐོན་ཏེ། གཙོ་བོའི་ཐུགས་ཀར་འཕངས་པར་བྱ་ཞིང་། མཚན་དུས་ཉལ་ཚེའང་ཐོ་སྐོར་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་དང་། ལུས་གཞལ་ཡས་ཁང་དང་། སྙིང་པདྨ་དང་ཉི་ཟླའི་དབུས་ན། རིགས་ལྔའི་སངས་རྒྱས་བཞུགས་པ་ལ་སེམས་གཏད་ནས་མ་ཡེངས་པར་གཉིད་དུ་ཉལ་བས། དག་པའི་ཞིང་ཁམས་རྨི་ལམ་དུ་འབྱོངས་པར་འོང་ངེས་སོ། །གནད་འདི་ནི་ཉི་ཟླ་ཁ་སྦྱོར་གྱི་འགྲེལ་པར་གསུངས་པས་རབ་ཏུ་ཟབ་བོ། །གཉིས་པ་ལ་གཉིས། གཞུང་གི་དགོངས་པ་དངོས། ལེ་ལོ་ཅན་བཙན་ཐབས་འཕོ་བའི་མན་ངག་ལ་བརྟེན་ནས་མཚམས་སྦྱོར་བའོ། །དང་པོ་ནི། རང་སྣང་བར་དོའི་འོད་གསལ་ནུབ་དུས་རང་ཉིད་ཀྱིས་བར་དོར་ངོ་ཤེས་པ་འབྱུང་བས། དེའི་ཚེ་སྔར་གྱི་དམིགས་པ་དེས་འཕོས་པས་སྐྱེ་བའོ། །དེའང་ཆོས་ཉིད་བདེན་པའི་བྱིན་རླབས་དང ། རིག་འཛིན་གྱི་བླ་མ་རྣམས་ཀྱི་ཐུགས་རྗེ་ལས་དེ་ལྟར་འགྱུར་བ་ཡིན་ལ། བར་དུའང་གང་དུ་བསམ་སར་ཕྱིན་ནུས་པའི་རྫུ་འཕྲུལ་ཡོད་པའི་གནད་ཀྱིས་སོ། །ཁ་ཅིག་བེམས་རིག་བྲལ་མ་ཐག་སྐྱེ་བར་གསུངས་ལ། ཁ་ཅིག་འོད་གསལ་ནུབ་པ་དང་དུས་མཉམ་དུ་སྐྱེ་བར་གསུངས། ཁ་ཅིག་སྲིད་པའི་བར་དོ་ལ་ལམ་འཐོན་ནས་རྨི་ལམ་ལྟར་ཡད་ཡུད་ཞག་བདུན་ལ་སོགས་པར་གནས་པ་ལས། རྨི་ལམ་སད་པའི་ཚུལ་གྱིས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པར་རྫུས་ཏེ་སྐྱེ་བར་གསུངས་སོ། །དེ་དག་ནི་གོམས་ཤུགས་རབ་འབྲིང་ཐ་མའི་དབང་དུ་བྱས་པའོ། །གཉིས་པ་ནི། གསེར་ཕྲེང་གི་དགོངས་པ་འཕོ་བ་འོད་གསལ་སྙིང་པོ་ཉམས་སུ་ལེན་པར་བྱ་སྟེ། དེའང་རྩ་ཁྲིད་དང་སྤྲེལ་ན་ཟུར་དུ་མི་དགོས་ཀྱང་། མི་སྦྲེལ་བར་དམིགས་སུ་བསྒོམ་པ་སོགས་ལ་སྐྱབས་སེམས་བླ་མའི་རྣལ་འབྱོར་རྣམ་སྔོན་དུ་བཏང་། གང་ལྟར་བདེ་བའི་སྟན་ལ་ལུས་གནད་དང་ལྡན་པས་འཁོད་དེ། ཉམས་ལེན་དངོས་ལ། དམིགས་སྐོར་དང་པོ་སྟོང་ར་སྦྱང་བ། གཉིས་པ་རྩ་གསལ་གདབ་པ། གསུམ་པ་རླུང་སེམས་བསྡུ་བ། བཞི་པ་བསུ་སྐྱེལ་ལ་སློབ་པ། ལྔ་པ་གེགས་བསལ་བ། དྲུག་པ་ལས་ལ་སྦྱར་བའོ། །དང་པོ་ནི། རང་ལུས་ཕྱི་ལྤགས་པའི་སྐྱ་རི་ལ་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བར་བསྒོམ་མོ། །གཉིས་པ་ནི། ལུས་ཀྱིས་དབུས་སུ་དབུ་མ་དྭངས་གསལ་མདའ་སྨྱུག་ཙམ་པ། སྤྱི་བོ་ནས་གསང་གནས་ཀྱི་བར་དྲང་ཐ་ལེར་གནས་པར་བསྒོམ། གསུམ་པ་ནི། སྙིང་གར་འོད་ལྔའི་གོང་བུའི་དབུས་སུ་རང་གི་རླུང་སེམས་མི་འགྱུར་བའི་དྭངས་མ་ཨ་དཀར་པོ་སྲན་ཆུང་ཙམ་དཀར་ཞིང་འཚེར་བ་ཞིག་བསྒོམས་པས། ཐ་མལ་གྱི་རྟོག་པ་འགགས་ནས་ཨ་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ནི་གོམས་པའི་ཚད་དོ། འདི་ནི་ལོངས་སྐུའི་འཆར་གཞི་ཀུན་བཟང་ཡབ་ཡུམ་གྱི་དགོངས་པའོ། །བཞི་པ་ནི། རང་གི་སྤྱི་བོའི་ནམ་མཁར་འོག་མིན་ལྷུན་གྲུབ་རིན་པོ་ཆེའི་ཞིང་ཁམས་འཇའ་ཚོན་འོད་ལྔ་འཁྱིལ་བའི་དབུས་ན་པདྨ་དང་ཉི་ཟླའི་སྟེ ང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྣམ་པར་སྣང་མཛད་ཡབ་ཡུམ་ལོངས་སྤྱོད་རྫོགས་པ་སྐུའི་ཆ་བྱད་ཅན་གྱི་མཐའ་བསྐོར་དུ་མི་བསྐྱོད་པ་སོགས་རིགས་བཞིའི་སངས་རྒྱས་དང་། དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་བ་གསལ་བཏབ་ཅིར་མོས་གུས་དྲག་ཏུ་བྱ། དེ་ནས་ངག་ཏུ་ཨ་ཨཱ་ཞེས་བརྒྱ་རྩ་བརྒྱད་དབྱངས་བཅས་བརྗོད་པས་ཨ་དེ་ཇེ་མཐོ་ཇེ་མཐོར་གྱུར་ཏེ་རྣམ་སྣང་གི་ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམས་ལ་མཉམ་པར་བཞག །ཡང་ཨ་དེ་རྣམ་སྣང་གི་ཐུགས་ཀ་ནས་རང་གི་སྙིང་གར་བདེ་ཕྲིལ་ཏེ་བབས་པར་བསམ། གེགས་ཆུང་ཁྱད་སྐབས་སུ་ཚངས་བུག་ཏུ་ཧཾ་དཀར་པོ་ཞིག་གསལ་བཏབ་པ་དེ་ལས་བདུད་རྩིའི་རྒྱུན་རྣམ་ཤེས་ཀྱི་ཐིག་ལེ་ལ་སིབ་སིབ་བསྟིམས། དེ་ལྟར་ནའང་མཐར་ཧཾ་དང་རོ་གཅིག་ཏུ་གྱུར་པ་རྣམ་སྣང་གི་ཐུགས་ཀར་བསྟིམ་ཞིང་། དེ་ནས་རིགས་ལྔའི་ཚོམ་བུ་ཇེ་མཐོ་ཇེ་ཕྲར་གྱུར་ཏེ་ནམ་མཁའ་ལ་འཇའ་ལྟར་ཡལ་བར་བསམས་ལ་ཨ་གྲངས་ཇི་ལྟར་རིགས་པ་བརྗོད་ཅིང་གསལ་སྟོང་སྤྲོས་པ་དང་བྲལ་བའི་ངང་དུ་འཇོག་གོ། །སྔར་ནས་འཕོ་བ་འབྱོངས་ཟིན་པ་ཡིན་ན་ནམ་དགོས་དུས་ལས་ལ་སྦྱར་བས་ཆོག་གོ། །དེ་ལྟར་མིན་ན་ཞག་བདུན་ལ་སོགས་པའི་བར་རྟགས་ཐོན་ཐོན་དུ་བསྒོམ་དགོས་སོ། །ལྔ་པ་ནི། མཇུག་ཏུ་གེགས་སེལ་རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའི་རྡོར་བཟླས་ཅི་ནུས་བྱ་ཞིང་མཐར་དགེ་བ་བསྔོ། དྲུག་པ་ནི། བཟློག་ཏུ་མེད་པའི་འཆི་ལྟས་ཤར་བ་ན་འཕོ་བར་བྱ་སྟེ། དེའང་སྤྱི་བོའི་ཚངས་བུག་ཧ་རེ་ཡོད་པར་བསམས་ལ། སྙིང་གའི་ཐིག་ལེ་རྣམ་སྣང་གི་ཐུགས་ཀར་བསྟིམ་པའ་ིབར་སྔར་ལྟར་ལས་ཐིག་ལེ་མི་འབེབས་ཤིང་། ལན་གཅིག་གསུམ་སོགས་ཅི་རིགས་ཀྱི་མཐར་སྔར་ལྟར་རིགས་ལྔའི་ཚོམ་བུ་ཇེ་མཐོར་གཤེགས་རྗེས་འཕོ་བྱ་འཕོ་བྱེད་དང་བྲལ་བའི་ངང་དུ་རང་སེམས་བདེ་སིང་ངེར་བསྒྱུར་ལ་འཇོག་གོ། །དེས་ནི་བར་དོའི་འོད་གསལ་ངོས་ཟིན་ཅིང་སྲིད་པ་བར་དོའི་གཡང་ས་མི་མཐོང་། གཞོན་ནུ་བུམ་སྐུའི་ཞིང་ཁམས་ཀུན་ཏུ་བཟང་པོའི་ས་ལ་སངས་རྒྱས་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་འབྱོར་བ་ཡིན་ནོ། །གསུམ་པ་ནི། མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མ་ཐོབ་པར་སྒོམ་པ་འཕྲོ་ཅན་དུ་ལུས་པའམ། བསྒོམས་ཀྱང་ཏིང་ངེ་འཛིན་གྱི་རྩལ་ཞན་པས་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས། ཆོས་འདིའི་སྒོ་མཐོང་བའི་བྱིན་རླབས་ཀྱིས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་པར་དགའ་བ་ལ་སོགས་པ་དག་པའི་ཞིང་དུ་སྐྱེ་བ་བླངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས། དབང་བསྐུར། ལུང་ནོད། དབུགས་དབྱུང་། ལུང་བསྟན། གཟེངས་བསྟོད་རྣམས་ཐོབ་ནས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ནས་གདོད་མའི་ཞིང་དུ་སྐད་ཅིག་གིས་གྲོལ་བར་འགྱུར་བ་ཡིན་ནོ། །སྤྱི་དོན་བཞི་པ་བསྒོམས་པ་ལས་བྱུང་བའི་འབྲས་བུ་བསྟན་པ་ལ་གསུམ། ཇི་ལྟར་འཚང་རྒྱ་བ། དེའི་ཐུགས་རྗེ་མཛད་ཕྲིན། འབྲས་བུ་ཐོབ་པའི་དུས་བཤད་པའོ། །དང་པོ་ནི། འདི་ཉིད་དུ་གྲོལ་ལུགས་གསུམ་བཤད་པ་དེ་ལའང་ལྷག་མེད་དང་ལྷག་བཅས་སུ་སངས་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་འོད་ལྔ་འདུ་འབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྟེ། དེའང་ཚེ་འདིའི་རང་བཞིན་སྤྲུལ་སྐུའི་ཞིང་དུ་སངས་རྒྱས་པ་ལ་བཞེད་དོ། །གཉིས་པ་ལྷག་བཅས་མྱང་འདས་ནི། །ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་ལ་བརྟེན་པ་ལམ་གྱི་ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་པ་ལྟར་ས་ལམ་གྱི་ཡོན་ཏན་རིམ་གྱིས་བགྲོད་དེ་གདོས་བཅས་ཀྱི་ཕུང་པོ་ལྷག་བཅས་སུ་བཞག་ནས་འོད་དང་། སྒྲ་དང་། ས་གཡོ་བ་དང་། སྐུ་དང་། གདུང་སོགས་ཕྱི་ནང་གི་རྟགས་སྣང་དང་བཅས་བར་དོར་འཚང་རྒྱ་བ་ནི། མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་བཞེད་པ་ཡིན་ནོ། །གཉིས་པ་ནི། གྲོལ་ལུགས་གསུམ་པོ་གང་དུ་སངས་རྒྱས་ཀྱང་ཐུགས་རྗེ་མཛད་པ་ཕྲིན་ལས་ནི། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་སྐུ་གཉིས་ཀྱི་མཐུ་ལས་རྒྱལ་སྲས་སར་གནས་རྣམས་དང་། ཐུན་མོང་གི་གདུལ་བྱ་ལ་རྣམ་སྣང་ལོངས་སྤྱོད་རྫོགས་པ་དང་། གང་ལ་གང་འདུལ་གྱི་སྤྲུལ་པའི་རྣམ་རོལ་སོ་སོའི་མོས་ངོར་མཐའ་ཡས་པར་སྟོན་པ་སྟེ། དེའང་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་སྐུས་དོན་མཛད་པ་ནི་མཁའ་དབྱིངས་ཀྱི་ཟླ་བ་དྭངས་པའི་ཆུ་སྣོད་དུ་མར་འཆར་བ་ལྟ་བུ་དང་། འཁོར་བ་ཇི་སྲིད་བར་དུ་དོན་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་འཆད་པ་ཡིན་ནོ། །གསུམ་པ་ནི། འདས་རྗེས་དོན་ཁྲིད་ལས། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདིར། །གང་གིས་རེག་པས་མྱང་འདས་དངོས་ལ་སྦྱོར། །ཞེས་གསུངས་པ་ལྟར་གསང་བ་བླ་ན་མེད་པའི་གདམས་པ་འདི་རྩེ་གཅིག་ཏུ་ཉམས་སུ་བླངས་ན་དབང་པོ་ཡང་རབ་རྣམས་ཚེ་གཅིག་ལུས་གཅིག་གིས་གྲོལ་བ་དང་། ཡང་ན་རབ་ལོ་གསུམ། འབྲིང་ལོ་ལྔ། ཐ་མས་མི་ལོ་བདུན་ཚུན་ལ་གྲོལ་བ་རྒྱུད་དང་རིག་འཛིན་གྲུབ་པའི་ཚོགས་ཀྱིས་མགྲིན་གཅིག་ཏུ་གསུངས་སོ། །ལྔ་པ་ཞར་བྱུང་ལག་ལེན་གྱི་གནད་བསྟན་པ་ལ་གཉིས། གདམས་ངག་སྤྱིའི་རྣམ་པར་བཞག་པ། ལག་ལེན་གྱི་དབྱེ་བསྡུ་བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་འདིའི་ལུགས་ཀྱི་གདམས་ངག་གི་འདེབས་ལུགས་གསུམ་དུ་བཞེད་དེ། ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་བ། མགྲོན་པོ་ལ་རྒལ་ལ་ཚང་སྤྲུགས་སུ་གདབ་པའོ། །དང་པོ་ནི། སྔོན་འགྲོ་གསུམ་གང་རུང་སྔོན་དུ་སོང་ནས་དངོས་གཞི་ངོ་སྤྲོད་དེ་རྗེས་རྒྱབ་ཆོས་ཀྱིས་ཡིད་ཆེས་པར་བྱེད་པའོ། །དེའང་སྐྱེས་བུ་སྤྲོས་པ་ཅན་ཐུན་མོང་གི་དྲོད་རྟགས་ལ་དགའ་བས་སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་གཞིའི་སྒྲ་དོན་ལ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པའོ། །བརྩོན་འགྲུས་ཅན་བརྟུལ་ཞུགས་ལ་དགའ་བས་རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པའོ། །ལེ་ལོ་ཅན་རྟོག་དཔྱོད་ལ་དགའ་བས་སེམས་ཀྱི་སྣ་ཁྲིད་པ་ལུས་ངག་སེམས་ཀྱི་སྔོན་འགྲོ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པ་ཡིན་ནོ། །ངོ་སྤྲོད་ཀྱི་ལུགས་སུ་གདབ་པ་ནི་ལས་འཕྲོ་སད་པ་ཁ་ཅིག་ལ་སྙེ་མ་མགུལ་པ་ནས་འཆང་བ་ལྟར་དབང་གི་རྗེས་ལ་ངོ་སྤྲད་ནས་ཉམས་སུ་ལེན་པ་སྟེ། དེའང་ཁྲེགས་ཆོད་དང་ཐོད་རྒལ་དོན་ཁོ་ན་སྟོན་པར་བྱ་བ་དང་། དེའི་རྗེས་འབྲེལ་དུ་དབྱིངས་མཚོན་བྱེད་མེ་ལོང་། །ཡེ་ཤེས་མཚོན་བྱེད་རྨ་བྱའི་མདོངས། ཟུང་འཇུག་མཚོན་བྱེད་མན་ཤེལ་སོགས་ལ་བརྟེན་ནས་ངོ་སྤྲོད་ཉེར་གཅིག་དང་། ལྔ་ཚན་ལྔའི་སྒོ་ནས་གདབ་པའོ། །གསུམ་པ་ནི། དེའང་དུས་མཐའི་ཚེ་འཆི་ཁའི་མི་དེ་མགྲོན་པོ་ལམ་ཞུགས་ལྟ་བུ། འཆི་བའི་སྡུག་བསྔལ་ལ་ཆེན་པོ་ལྟ་བུ། དེའི་ལས་སྣང་སྣང་བའི་འཆར་ཚུལ་སྣ་ཚོགས་སྣང་བ་ངོ་མ་ཤེས་ན་དགྲར་ལྡང་བའི་ཚང་ཡོད་ཅིང་། ངོ་ཤེས་ན་གྲོགས་སུ་འཆར་བའི་ཚང་ཡོད་པས། འཆི་ཁའི་དུས་དེར་ངོ་སྤྲོད་ཚང་སྤྲུགས་སུ་འདེབས་པར་གསུངས་སོ། །དེའང་ཕྱི་མ་གཉིས་ས་བཅད་དང་པོར་འདུ་བ་ཡིན་ནོ། །གཉིས་པ་ལག་ལེན་གྱི་དབྱེ་བསྡུ་ནི། རྫོགས་རིམ་ཡོངས་རྫོགས་སྨིན་སློབ་ཏུ་ཁྲིད་པར་འདོད་ན། །ཐུན་གྱི་སྔོན་འགྲོ་ནས་བརྩམས་ཏེ་སྔོན་འགྲོ་སེམས་སྦྱང་བདུན་དང་། ཐུན་མོང་དང་ཁྱད་པར་གྱི་ཚོགས་བསགས་པ་དང་། དེ་ནས་ཆགས་བྲལ་རླུང་དང་ཆགས་ཅན་ཐིག་ལེའི་རྣལ་འབྱོར། ཐུན་མིན་སྔོན་འགྲོ། ཀ་དག་གི་ཁྲིད་དམིགས་རྣམས་དང་། འཁོར་འདས་རུ་ཤན་དབྱེ་བ་ནས་བཟུང་ཐོད་རྒལ་གྱི་མན་ངག །སྐུ་གསུམ་གྱི་འདུག་སྟངས་ལ་སློབ་ཚུལ། མཚན་མོའི་ཐུན་གསུམ་ལ་ཡེ་ཤེས་གནད་དུ་བསྣུན་པའི་མན་ངག །རྨི་ལམ་བཟུང་སྦྱང་སྤེལ་བསྒྱུར་ལ་འབད་པའི་རིམ་པ་རྣམས་རེ་རེ་ནས་རྒྱུད་ལ་མྱོང་བས་སྐྱེས་ཀྱི་བར་དུ་བསྒོམ་པ་ལ་སློབ་ཅིང་སྐབས་སུ་བབ་པའི་སྤྱོད་པ་ལ་གནས་པས་གདོད་མའི་གྲོལ་སར་རྙོགས་པ་གདོན་མི་ཟའོ། །ཡང་རྫོགས་རིམ་གཞན་གྱིས་རྒྱུད་སྦྱངས་ཟིན་པའི་གང་ཟག་ལམ་འདིའི་དངོས་གཞི་ལ་ཞུགས་པར་སྤྲོ་ན། སེམས་སྦྱོང་བདུན་པོ་ཇི་ལྟར་འོས་པ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དྲན་པ་རྒྱུན་གཅོད་འབྱུང་ལྔའི་རྣམ་འབྱོར་དང་། སྒོ་གསུམ་གྱི་སྔོན་འགྲོ་ནས་བརྩམས་ཁྲེགས་ཐོད་དངོས་ལ་འཇུག་པས་ཆོག་ཅིང་། ལོ་རྒན་པ་སོགས་རྩ་རླུང་མི་འཆུན་པའམ། །དེའི་འབྲས་བུ་མི་འབྱིན་པའི་རིགས་ལ་རླུང་ཐིག་གི་རྣལ་འབྱོར་བཞག་ཀྱང་ཆད་སྐྱོན་དུ་མི་འགྱུར་བ་དང་། དབང་པོའི་སྒོ་མི་གསལ་བ་ལྟ་བུ་ཐོད་རྒལ་གྱིས་ནོད་དུ་མི་རུང་བ་ལ་ཁྲེགས་ཆོད་ཁོ་ན་ནི་ཤིན་ཏུ་སྟོན་རུང་ལ། ཁྲེགས་ཆོད་ལེགས་པར་སྔོན་དུ་མ་སོང་བ་ལ་ཐོད་རྒལ་རྐྱང་པ་ནམ་ཡང་སྟོན་མི་རུང་། སྤྱིར་ཁྲེགས་ཆོད་ནི་ལམ་འབད་མེད་དུ་རང་གྲོལ་བ་འོད་གསལ་གྱི་སྣང་བ་ལ་མ་ལྟོས་པར་རིག་པ་རྗེན་པ་ཉམས་སུ་ལེན་པ་ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བ་དང་དབང་པོ་རྣོན་པོའི་གནད་ཡིན་ལ། ཐོད་རྒལ་ནི་འབད་བཅས་སུ་གྲོལ་བ་འོད་གསལ་གྱི་སྣང་བ་ལ་ལྟོས་ནས་བརྩོན་འགྲུས་ཅན་ཚེ་འདི་ཉིད་དུ་གདོས་བཅས་འོད་ལུས་སུ་དག་ནས་འཚང་རྒྱ་བར་བྱེད་པ་ཡིན་ནོ། །ཁྲིད་ཚུལ་རྒྱས་བསྡུས་གང་ལའང་ལུགས་འདིའི་དབང་བསྐུར་རྣམས་ནི་ཅིས་ཀྱང་སྔོན་དུ་འགྲོ་དགོས་ལ་བསགས་སྦྱོང་གཞན་ཉམས་སུ་ལེན་མ་ནུས་ཀྱང་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ཙམ་ནི་ཤིན་ཏུ་གལ་ཆེ་བར་མངོན་ལ། འདི་ཉིད་ཆེད་དུ་ཉམས་སུ་ལེན་པ་པོ་ལ་གནད་ཆེ་བ། བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་སྐོར་གསུམ་གྱི་བསྒོམ་བཟླས་དང་། བོགས་འདོན་སྤྱོད་པའི་གནད་ཡིག་བདུད་རྩིའི་རྒྱལ་པོ་སོགས་ཀྱང་གྲོགས་སུ་བསྟེན། མདོར་ན། རབ་ཚེ་གཅིག །འབྲིང་ཆོས་ཉིད། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་མི་གྲོལ་མི་སྲིད་པའི་ཟབ་ཆོས་གདོད་མའི་མགོན་པོའི་ཐུགས་ཏིག་འདི་ལྟ་བུ་དང་མཇལ་བའི་ཚེ་སྙོམས་ལས་སུ་མི་བཞག་པར་ཅི་ནུས་ཀྱིས་ཉམས་སུ་བླང་བ་ལ་རྩེ་གཅིག་ཏུ་བརྩོན་པར་བྱས་པས་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་བ་གདོན་མི་ཟའོ། །བླ་མེད་འོད་གསལ་རྡོ་རྗེ་སྙིང་པོའི་ལམ། །གྲོལ་བ་བཞི་ལྡན་ཐེག་དགུའི་མཐར་ཐུག་པ། །གང་དེའི་ཡང་སྙིང་ཞིང་ཁམས་རྒྱ་མཚོ་རུ། །མཚན་ཙམ་དཀོན་པའི་སྙིང་ཏིག་ཡིད་བཞིན་ནོར། །ལུགས་སྲོལ་བཞི་ཡི་མཆོག་གྱུར་བི་མ་ལའི། །སྙིང་ཏིག་མ་བུ་བཀའ་སྲོལ་ཆུ་བོ་གསུམ། །གཅིག་འདུས་མཁས་གྲུབ་ཀུན་གྱི་མནོག་ཆོས་ཏེ། །དེ་ཡི་ཁྲིད་ཚུལ་ཀུན་གྱི་ཡང་བཅུད་བསྡུས། །ཟབ་བརླིངས་རྡོ་རྗེའི་གནས་ནི་རྟོགས་པར་དཀའ། །ཆོས་སྲུང་མེལ་ཚེ་ནམ་ཡང་མི་གཡེལ་བས། །བདག་ལྟ་རྨོངས་པའི་ལམ་སུ་བབས་མིན་ཀྱང་། །ཁྱབ་བདག་བླ་མས་རྗེས་སུ་གནང་ཕྱིར་བྲིས། །གོང་མའི་གསུང་བཟང་དཔང་པོར་བཀོད་ན་ཡང་། །ཤེས་རབ་རྩལ་ཆུང་སྒོམ་པའི་སྟོབས་དམན་པས། །ནོངས་པར་གང་གྱུར་རྩ་གསུམ་ཆོས་སྲུང་གིས། །འཕྲལ་ཡུན་སྒྲིབ་པར་མི་འགྱུར་དག་ཚངས་སྩོལ། །དྲི་མེད་བཤེས་གཉེན་མཁས་པའི་གཙུག་རྒྱན་དངོས། །ཀློང་ཆེན་གཉིས་པ་རྡོ་རྗེ་གཟི་བརྗིད་ཀྱི། །ཞལ་ལུང་བདུད་རྩི་དམ་སེལ་རྙོགས་པ་ཡིས། །བསླད་མིན་སྐལ་ལྡན་གསོས་སུ་བསྟེན་པར་འོས། །རབ་དགེ་དྲི་མ་མེད་ལས་འོད་གསལ་གྱི། །སྣང་བའི་སྦུབས་སུ་འཁྲུལ་པ་ཀུན་སངས་ཏེ། །ནམ་མཁའ་ཁྱབ་པའི་ལུས་ཅན་ཇི་སྙེད་པ། །གདོད་མའི་གྲོལ་སར་མངོན་བྱང་ཆུབ་པར་ཤོག །ཆོས་ཚུལ་འདི་ཡང་ཉི་ཟླ་ལྟར་ཁྱབ་ཅིང་། །ནོར་བུ་བཞིན་དུ་སྐྱེ་དགུའི་འདོད་པ་འཇོ། །ཆུ་བོའི་རྒྱུན་བཞིན་ནམ་ཡང་ཆད་མེད་པས། །ཐོག་མའི་མགོན་པོའི་མཛད་པ་སྒྲུབ་གྱུར་ཅིག །དེ་ལྟར་སྙིང་ཐིག་མ་བུའི་ཁྲིད་སྲོལ་ཆུ་བོ་གཅིག་འདུས་ཀྱི་ཡིག་ཆ་འདིའང་། ཀུན་མཁྱེན་གདོད་མའི་མགོན་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས་སྨིན་གྲོལ་བཀའ་དྲིན་དུ་སྩལ་བའི་ཚེ། འདི་ལྟར་བགྱི་བར་འོས་ཞེས་བཀའ་ཡིས་རྗེས་སུ་གནང་བ་དང་། སླད་ཆར་སྒྲུབ་སྡེ་འདི་ཉིད་དུ་ཉམས་ལེན་མཁན་རྣམས་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་རྗེ་བླ་མ་ཉིད་ལ་གསོལ་བ་བཏབ་ཀྱང་། སླར་རྗེས་སུ་གནང་བ་དམིགས་བསལ་དུ་སྩལ་བ་ལས། བྱམས་མགོན་ཏཱའི་སི་ཏུའི་འབངས་ཐ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་སྨིན་གླིང་རྗེ་བཙུན་རིན་པོ་ཆེའི་ཁྲིད་ཡིག་རྩ་བར་བཟུང་། སྙིང་ཏིག་མ་བུ་དངོས་ཀྱི་རྡོ་རྗེའི་གསུང་སྟབས་བདེ་བ་རྣམས་ཉེ་བར་བསྡེབས། རྡོ་རྗེ་ཚེ་དབང་ནོར་བུའི་ཞལ་ལུང་དང་། ཀརྨ་སྙིང་ཏིག་གི་གནད་འགའ་ཞིག་གིས་ཀྱང་ཟུར་བརྒྱན་ཏེ། དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་རྒྱལ་བས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཚེས་དགེ་བར་བྲིས་པ་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།