ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།
དཔལ་རྡོ་རྗེ་གདན་བཞི་པའི་ཆོ་ག་ཟབ་པའི་མྱུ་གུ་དཀྱིལ་ཆོག་དང་བཅས་པ་བཀླགས་པས་གྲུབ་པར་བཀོད་པ།
དཔལ་རྡོ་རྗེ་གདན་བཞི་པའི་ཆོ་ག་ཟབ་པའི་མྱུ་གུ་དཀྱིལ་ཆོག་དང་བཅས་པ་བཀླགས་པས་གྲུབ་པར་བཀོད་པ་བཞུགས་སོ། །འཕྲོག་བྱེད་རལ་པའི་རི་སྟེང་བཅོམ་ལྡན་འདས། །ཡེ་ཤེས་མཁའ་འགྲོའི་སྤྲིན་གྱིས་རྟག་འཁྱུད་པས། །བདེ་བའི་རླན་གྱིས་རློན་པའི་ཤུགས་དྲག་པོ། །རྣལ་འབྱོར་ནམ་མཁར་བཏུད་དེ་སྒྲུབ་ཐབས་བྲི། །དམ་ཚིག་དང་ལྡན་པའི་སྒྲུབ་པོས་རྣལ་འབྱོར་གྱི་ཡོ་བྱད་ཚང་བས་མདུན་དུ་བདར། བདེ་བའི་སྟན་ལ་འདུག་ནས་གདན་བཞི་བསྒོམ་པར་བྱ་སྟེ། སྔོན་འགྲོ་དང་དངོས་གཞི་དང་རྗེས་སོ། །དང་པོ་ནི། རང་ཉིད་སྐད་ཅིག་གིས་རྣལ་འབྱོར་ནམ་མཁའི་སྐུར་གསལ་བར་གྱུར། ཞེས་བསམ། དེ་ནས། ལག་པ་གཡས་པའི་མཐིལ་དུ་ཨ་དམར་པོ་ལས་ཉི་མའི་དཀྱིལ་འཁོར། མཛུབ་མོ་ལ་སུཾ། གུང་མོ་ལ་ཀྵུཾ། སྲིན་ལག་ལ་ཡུཾ། མཐེའུ་ཆུང་ལ་ཧཱུྃ། མཐེ་བོང་ལ་ཨ་ལས་རྡོ་རྗེ་རྩེ་ལྔ་པ། གཡོན་པའི་མཐིལ་དུ་ས་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར། མཛུབ་མོ་ལ་སཾམརཡུ། གུང་མོ་ལ་ཧཾམརཡུ། སྲིན་ལག་ལ་ཡཾམརཡུ། མཐེའུ་ཆུང་ལ་ཀྵཾམརཡུ། མཐེ་བོང་ལ་པཾ་ལས་པདྨ་འདབ་མ་ལྔ་པ། མགྲིན་པར་སྲཱིཿལས་པདྨ་འདབ་མ་བརྒྱད་པ་དམར་པོ། ལྕེའི་འདབ་མ་ལ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ཨོཾ་ཨ་ཛིཿཧྭཱ་སཾ་བརྟ་ནི་ཧཱུྃ་ཕཊ྄། ལག་པ་གཡོན་པའི་མཐེ་བོང་གིས་མཐེའུ་ཆུང་མནན་ཏེ་ལྷག་མ་བརྐྱང་བ་བ་དན་གསུམ་པའི་ཕྱག་རྒྱས་གཏུག་ཅིང་། སྤྱི་བོར་ཀྵུཾ། མིག་གཉིས་ལ་ཧཱུྃ། རྣ་བ་གཉིས་དང་སྣ་ལ་ཡུཾ། ལྕེ་ལ་སུཾ། མགྲིན་པར་སཾམརཡུ། དཔུང་པ་གཉིས་ལ་ཧཾམརཡུ། སྙིང་གར་ཡཾམརཡུ། ལྟེ་བར་ཀྵཾམརཡུ། དགོད། ཡང་ཕྱག་རྒྱ་དེ་ཉིད་སྤྱི་བོར་གཏུག་ཅིང་། ཨོཾ་བཛྭ་ཀཱ་ཡ་ཧོཿམགྲིན་པར་གཏུག་ཅིང་། ཨོཾ་བཛྭ་ཝཱཀ་྄ཨཱཿ སྙིང་གར་གཏུག་ཅིང་། ཨོཾ་བཛྭ་ཙིཏྟ་ཧཱུྃ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅིངས་ནས་གུང་མོ་གཉིས་བསྒྲེང་བ་རྩེ་སྤྲད། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། ཞེས་མཆོད་ཡོན་གྱི་སྣོད་ལ་ལན་གསུམ་མམ་ཉི་ཤུ་རྩ་གཅིག་བཟླ། གཡས་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་མཐེ་བོང་དང་མཛུབ་མོ་སྦྱར་ནས་ལྷག་མ་གསུམ་མཐེའུ་ཆུང་ནས་རིམ་པས་བརྐྱང་ལ། ཨོཾ་པྲ་ཝ་ར་སཏྐྲ་རཱ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཞབས་བསིལ་གྱི་སྣོད་ལ་བཟླ། རྡོ་རྗེ་ཁུ་ཚུར་བཅིངས་ཏེ་མཛུབ་མོ་གཉིས་ལྕགས་སྒྲོག་ལྟར་སྦྲེལ་ལ། ཨོཾ་སཾམརཡུ་སྭཱ་ཧཱ། ཞེས་བསང་གཏོར་གྱི་སྣོད་ལ་བཟླ། དེ་ནས་རྡོ་རྗེ་རྩེ་མོས་བསང་གཏོར་གྱི་ཆུ་བླངས་ནས་མཆོད་པའི་ཡན་ལག་ཐམས་ཅད་ལ་གཏོར་ཞིང་། ཨོཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ྄། ཅེས་ལན་ཉི་ཤུ་རྩ་གཅིག་བརྗོད་དོ། །ལག་པ་གཉིས་ཀྱི་སོར་མོ་བརྐྱང་མཐེ་བོང་གཉིས་སྦྲེལ་ལ་ངང་པའི་གཤོག་པ་ལྟ་བུ་ཕྱིར་བཟློག་སྟེ་ཁ་ནང་དུ་བསྟན་ནས་སྙིང་གར་བཞག་ལ། ཨོཾ་ཧཱུྃ་ཕཊ྄། ལུས་ཐམས་ཅད་ལ་རྡོ་རྗེའི་གོ་ཆ་ལེགས་པར་བསམ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བརྐྱང་རྩེ་སྤྲད་དེ་དང་པོར་ས་ལ་བཙུགས་ལ་དེ་ནས་གྱེན་དུ་བསྐོར་ཞིང་། ཧཱུྃ་ཞེས་ང་རོ་དང་བཅས་པས། འོག་ཏུ་ཕུར་བུའི་ས་གཞི་དང་། སྟེང་དུ་རྡོ་རྗེའི་དྲྭ་བ་དང་བཅས་པའི་གུར་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ར་བ། རྡོ་རྗེ་བསྡམས་པ་ལ་གུང་མོ་གཉིས་བརྐྱང་སྟེ། རྩེ་གསུམ་པའི་ཚིགས་གསུམ་པར་མཛུབ་མོ་གཉིས་བཀུག་ནས་སྦྱར་བ་སྤྱི་བོ་ལ་སོགས་པའི་གནས་ལྔར་བཞག་སྟེ། ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ། ཞེས་པས་སྤྱི་བོར་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག །དཔྲལ་བར་མི་བསྐྱོད་པ་སྔོན་པོ་ས་གནོན། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན། ལྟག་པར་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན། རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་མཛེས་པ། དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ། རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་གཉིས་བསྒྲེང་བ་བཟློག་ནས་རྩེ་སྤྲད་དེ་སྙིང་ག་དང་ལྟག་པ་དང་དཔྲལ་བར་རེག་ཅིང་། ཨོཾ་ཊུཾ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པས་གནས་གསུམ་དུ་རྡོ་རྗེའི་མདུད་པ་བཅིང་། ཕྱག་རྒྱ་དེ་ཉིད་དང་། ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་པས་རྣ་ལྟག་གཉིས་སུ་དར་དཔྱངས་བཅིང་། སོར་མོའི་རྩེ་སྤྲད་ལ་མཐིལ་ལན་གསུམ་དུ་བརྡབ་ཅིང་། ཨོཾ་བཛྭ་ཏུཥྱ་ཧོཿ ཞེས་པས། དེ་བཞིན་གཤེགས་པ་ལྔ་མཉེས་པར་བྱ། ཚོམ་བུ་རྣམས་སྐད་ཅིག་གིས་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་ཤར་ཁྱམས་ན་རང་གི་བླ་མ་བཞུགས་པ་གསལ་བར་གྱུར། གོང་གི། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭ་ཧཱ། སྔགས་དང་ཕྱག་རྒྱས་མཆོད་ཡོན་དང་། ཨོཾ་པྲ་ཝ་ར་སཏྐྲ་རཱ་པྲ་ཏཱིཙྪ་སྭཱ་ཧཱ། ཞབས་བསིལ་ཕུལ་ལ། ལག་པ་གཡས་པ་བརྐྱང་ནས་དྲི་བྱུག་པའི་ཚུལ་བྱ་ཞིང་། ཨོཾ་ཧཱུྃ་སྭཱ་ཧཱས་དྲི་ཆབ། མཐེ་བོང་དང་མཛུབ་མོ་སྦྱར་ཏེ། ཨོཾ་ཤྲཱིཾ་སྭཱ་ཧཱས་མེ་ཏོག །སོར་མོ་གཞན་བསྐུམ་ལ་གུང་མོ་བསྒྲེང་སྟེ། ཨོཾ་ཨིཾ་སྭཱ་ཧཱས་སྤོས། ཁུ་ཚུར་བཅངས་ལ་མཐེ་བོང་བསྒྲེང་སྟེ། ཨོཾ་ཀྵུཾ་སྭཱ་ཧཱས་མར་མེ། ལག་པ་གཉིས་དབུས་ཀྱི་སོར་མོ་བསྒྲེང་། ཨོཾ་ཨི་སྭཱ་ཧཱས་ལྷ་བཤོས། ལག་པ་གཉིས་བརྐྱང་ནས་སེ་གོལ་གཏོག་ཅིང་། ཨོཾ་གུཾ་སྭཱ་ཧཱས་གཏོར་མ་དབུལ། དེ་ནས་པདྨའི་གར་སྔོན་དུ་འགྲོ་བས་རྡོ་རྗེ་ཐལ་མོ་སྙིང་གར་བཞག་སྟེ། ཨོཾ་ན་མསྟེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ཨོཾ་པཉྩྨ་ཌཱ་ཀི་ནཱི་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨ་ནཱཾ་ནིརྻུ་ཏ་ཡཱ་མི། ཨོཾ་ཨཱ་ཙཱརྻ་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། ཨོཾ་ས་ཀ་ལ་ས་ཏྭ་པ་རི་ཏྲ་ཎཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། ས་མ་ཡ་ཧྶཾ། ས་མ་ཡ་ཧོཿ ཞེས་པས་ལན་གསུམ་གྱིས་ཕྱག་བྱས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཐམས་ཅད་ཐེག་པ་གསུམ་ལ་ཡང་། །སྦྱོར་བ་གསང་བ་མཁའ་འགྲོ་དང་། །དཔའ་བོ་དཔའ་མོ་དཔལ་ལྷ་མོ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆིའོ། །བདག་ལ་དགོངས་ཤིག་ཐམས་ཅད་ཀྱི། །རྣམ་སྣང་མི་བསྐྱོད་རིན་ཆེན་མཆོག །སྣང་བ་མཐའ་ཡས་དོན་ཡོད་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཏུ་ནི་ངེས་བྱས་ཏེ། །ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ། །སོ་སོར་བདག་ཉིད་བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག །སྡོམ་པ་སངས་རྒྱས་སྦྱོར་སྐྱེས་པ། །དང་པོ་མཆོག་ཏུ་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །སོ་སོར་དེ་བཞིན་ཉིད་དུ་གཟུང་། །རྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །སློབ་དཔོན་ཉིད་དུ་གཟུང་བར་བགྱི། །དམ་ཚིག་ཉིད་དུ་དག་པ་ཡི། །རིན་ཆེན་འབྱུང་བའི་རིགས་མཆོག་ལ། །ཉིན་རེ་དུས་དྲུག་བྱས་ནས་སུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བྱ། །བྱང་ཆུབ་ཆེན་པོ་འབྱུང་བ་ཡི། །པདྨ་ཆེན་པོའི་རིགས་དག་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །སྡོམ་པ་ཐམས་ཅད་དང་ལྡན་པ། །ཇི་ལྟར་ནུས་པས་མཆོད་པའི་ལས། །ལས་ཀྱི་རིག་མཆོག་ཆེན་པོ་ལ། །དེ་བཞིན་ཉིད་དུ་སོ་སོར་གཟུང་། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བསྐྱེད་པར་བྱས་ནས་སུ། །སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་པ་གཟུང་ཞིང་། ཚོགས་རྟེན་རྣམས་མི་དམིགས་པར་གྱུར། གཉིས་པ་ལ། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་གསུམ་ལས། དང་པོ་ནི། ཏིང་འཛིན་ཕྱག་རྒྱ་དང་ལྡན་པས། རང་གི་སྙིང་གར་ཀྵུཾ་དམར་པོ་འོད་ཟེར་ལྔ་འཕྲོ་བ། དེ་ལས་བྱུང་བའི་འོད་ཟེར་གྱིས་རང་གི་ལུས་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་ནས་ཆོས་ཐམས་ཅད་རང་བཞིན་མེད་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུད་དྷཱོཧཾ། ཆོས་ཀྱི་སྐུ་དེ་ལས་ལོངས་སྐུར་བཞེངས་པའི་ཕྱིར། སྟོང་པའི་ངང་ལས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞིས་བྲག་ཆའི་རྣམ་པ་ལྟ་བུར། །ཛྫཿཛྫཿཛྫཿ རྡོ་རྗེ་སེམས་དཔའི་དངོས་གྲུབ་བཞུགས་པའི་བདག་པོ་ཁྱོད། །ཧ་ཧ་ཧ་ཧ། ཧཱུྃ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག་འཚལ། །བ་བ་བ་བ། རྡོ་རྗེ་སྒྲོག་གི་གསང་བ་ལས་བྱུང་སྐུ་འཛིན་པ། །ཨ་ཨ་ཨ་ཨ། ཨ་ཧོ་མགུ་བའི་རྡོ་རྗེ་ཨ་ལི་གཅིག་ཏུ་ཐིམ་པར་གྱུར། །ཞེས་གླུས་བསྐུལ་བས་ཟླ་བའི་དཀྱིལ་འཁོར། ཛྙྱཱ་ན་ཨ་ཧཾ་ཞེས་ང་རྒྱལ་གཟུང་། དེའི་སྟེང་དུ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿའི་ཡི་གེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེ་གཉིས་ཀྱི་བར་དུ་ཧཱུྃ་སོ་སོར་རྟོག་པའི་ཡེ་ཤེས་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་མཉམ་ཉིད་ཡེ་ཤེས། ཨོཾ་བཛྭ་ཤུདྡྷཿསརྦ་དྷརྨཱཿབཛྭ་ཤུདྡྷཱོཧཾ། ཞེས་ང་རྒྱལ་བྱའོ། །རྡོ་རྗེ་ལས་འོད་ཟེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ལྡན་པ་བྱུང་སྟེ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་སླར་དེ་ཉིད་ལ་ཞུགས་པ་བྱ་བ་གྲུབ་པའི་ཡེ་ཤེས། ཨོཾ་ཝརཏཱ་མཱ་ནོ་ཨ་ཧཾ་ཧོཿང་རྒྱལ་གཟུང་། ཟླ་བ་རྡོ་རྗེ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྣལ་འབྱོར་ནམ་མཁའ་སྐུ་མདོག་སྔོན་པོ་རྩ་བའི་ཞལ་ཁྲོ་བ། གཡས་ཞལ་དཀར་པོ་བཞད་པ། གཡོན་ཞལ་དམར་པོ་སྒེག་པ། ཧ་ཧའི་གད་རྒྱངས་སྒྲོག་ཅིང་སྤྱན་གསུམ་གསུམ་པ། དབུ་སྐྲ་ཟུར་ཕུད་ལྔ་བཅིངས་པ་ལ་ནོར་བུ་དང་ཟླ་ཚེས་དང་སྣ་ཚོགས་རྡོ་རྗེས་སྤྲས་ཤིང་ཐོད་པ་ལྔ་རྡོ་རྗེས་མཚན་པའི་རྩེ་ཕྲན་དང་སངས་རྒྱས་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་སྦྲུལ་ལ་སོགས་པའི་རྒྱན། ན་བཟའ་དམར་པོ་དང་སྟག་གི་པགས་པའི་ཤམ་ཐབས་རྒྱབ་ཏུ་ཅུང་ཟད་བསྙིལ་བ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་ལྷག་མའི་གཡས་གཉིས་ཤེས་རབ་ཀྱི་ནུ་མ་དང་མདའ། གཡོན་གཉིས་པདྨའི་སྣོད་དང་གཞུ་འཛིན་པ། དཔག་ཏུ་མེད་པའི་འོད་ཟེར་འཕྲོ་ཞིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་སེང་གེའི་སྟེང་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པ། དེའི་ཕང་དུ་ཡུམ་ཡེ་ཤེས་དབང་ཕྱུག་མ་དཀར་མོ་ཤིན་ཏུ་མཛེས་པ་ཁ་ཊྶཱཾ་ག་དང་། བདུད་རྩིས་གང་བའི་ཐོད་པ་བསྣམས་པའི་ཕྱག་གིས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་མ་མཆུ་ཚེམས་ཀྱིས་འདེབས་པ། ཞབས་གཉིས་ཀྱིས་སྐུ་བཅིངས་ཤིང་རྡོ་རྗེ་པདྨར་ཐིམ་པ། ལྷ་མོའི་རྒྱན་ཐམས་ཅད་དང་མཛེས་པའི་གོས་ཅན་བསྒོམས་ཏེ་དེའི་ང་རྒྱལ་འཛིན་པའི་ཕྱིར། ཨོཾ་ཨུདྦྷ་བ་ཨ་ཧཾ་ཨ་ཨཱ་ཨཱ་ཨཾ་ཧཱུྃ་སྭཱ་ཧཱ། དེ་ལྟར་ཕྱག་རྒྱ་ཆེན་པོ་གསལ་བར་བསམ་ནས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོཿཱཧཾ། རྡོ་རྗེ་ལན་གསུམ་གསོར་ལ། ཨོཾ་ཛྙྱ་ན་ཀཱ་ཡ་ཨ་ཧཾ། དེ་ནས་གནས་བརྒྱད་དུ་གོ་ཆ། སྤྱི་བོར་ཀྵུཾ། མིག་གཉིས་ལ་ཧཱུྃ། རྣ་བ་གཉིས་དང་སྣ་ལ་ཡུཾ། ལྕེ་ལ་སུཾ། མགྲིན་པར་སཾམརཡུ། དཔུང་པ་གཉིས་ལ་ཧཾམརཡུ། སྙིང་གར་ཡཾམརཡུ། ལྟེ་བར་ཀྵཾམརཡུ། དགོད། ཨོཾ་བཛྭ་ཀཱ་ཡ་ཧོཿཨོཾ་བཛྭ་ཝཱཀ་྄ཨཱཿཨོཾ་བཛྭ་ཙིཏྟ་ཧཱུྃ། གནས་གསུམ་བྱིན་བརླབས་བྱས་ནས་ལག་པ་གཉིས་ཀྱི་མཐེའུ་ཆུང་མནན་ལ་ཕན་ཚུན་ལྕགས་སྒྲོག་ལྟར་སྦྲེལ་ཏེགུང་མོ་གཉིས་རྩེ་སྤྲད། ལྷག་མ་བཞི་བརྐྱང་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྙིང་ག་དང་མཛོད་སྤུ་སྤྱི་མགྲིན་དུ་བཞག་ནས། ཨོཾ་ས་མ་ཡཱ་ཧཾ། ཧཱུྃ་ཧཱུྃ་ས་མ་ཡ་ཧྶཾ། ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བརྗོད་པས་བྱིན་གྱིས་བརླབ། དེ་ནས་སྔར་བཞིན། ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ། ཞེས། གནས་ལྔར་རིགས་ལྔས་དབང་བསྐུར་བ་བྱས། ཨོཾ་ཧཱུྃ་སྭཱ་ཧཱ་བཛྭ། ཞེས་པས་ལག་པ་གཡས་པས་རྡོ་རྗེ། ཨོཾ་ཧོཿསྭཱ་ཧཱ། ཞེས་ང་རྒྱལ་དང་བཅས་པས་དྲིལ་བུ་དཀྲོལ། འཕྲོག་བྱེད་ཅོད་པན་ནོར་བུའི་འོད་ཀྱིས་ཞབས་གཉིས་བརྒྱན། །ཡིད་འོང་ལྷ་མོ་ཐུགས་ཀར་དམ་པོར་བཙིར་བའི་སྐུ། །ཞབས་གཉིས་བསྐྱོད་པས་གསང་བ་ཕྱེ་ཞིང་པདྨར་སྦྱོར། །རྡོ་རྗེ་སེམས་མཛེས་དབང་ཕྱུག་དམ་པའི་གོ་འཕང་མཆོག །ཅེས་བརྗོད་ནས་ཕྱག་རྒྱ་སོགས་སྔར་བཞིན་གྱིས། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་པྲ་ཝ་རཱ་སཏྐྲ་ར་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་ཧཱུྃ་སྭཱ་ཧཱ། དྲི་ཆབ། ཨོཾ་ཤྲཱིཾ་སྭཱ་ཧཱ། མེ་ཏོག །ཨོཾ་ཨིཾ་སྭཱ་ཧཱ། བདུག་སྤོས། ཨོཾ་ཀྵུཾ་སྭཱ་ཧཱ། སྣང་གསལ། ཨོཾ་ཨི་སྭཱ་ཧཱ། ཞལ་ཟས་རྣམས་ཀྱི་མཆོད་པས་མཆོད་དོ། །གཉིས་པ་ལ་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་བསྐྱེད་པ་གཉིས་ལས། དང་པོ་ནི། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། དེའི་སྟེང་དུ་ཀྵུཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་སུཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ཧཱུྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་ཀྵུཾ་ལས་འོ་མའི་རྒྱ་མཚོ་དང་བཅས་པའི་དབུས་སུ་ཧཱུྃ་སུཾ་ཧཱུྃ་ལས་རིན་པོ་ཆེ་སྣ་བདུན་གྱི་རི་རབ། དེའི་སྟེང་དུ་ཨོཾ་ཧཱུྃ་སྭཱ་ཧཱ། ལག་པ་རྡོ་རྗེ་རྩེ་ལྔ་པར་བསམས་ནས་སའི་གནས་ལྔར་བརྡབས་པས། སྣ་ཚོགས་རྡོ་རྗེའི་ས་གཞི་ར་བ་དང་དྲྭ་བ་དང་བཅས་པའི་གུར། དེའི་ནང་དུ་ཨོཾ་ཧཱུྃ་སྭཱ་ཧཱ། གནས་ལྔར་ལག་པ་བརྡབས་པས། དུར་ཁྲོད་ཀྱིས་བསྐོར་བའི་རིན་པོ་ཆེ་སྣ་བདུན་གྱི་གཞལ་ཡས་ཁང་གྲུ་བཞིི་སྒོ་བཞིར་ཏྭ་ར་ཎ་བཞི་སེང་གེ་རྨ་བྱ་ངང་པ་ཆུ་སྲིན་རྣམས་ཀྱིས་བརྒྱན་པའི་རྒྱལ་མཚན། སྣམ་བུ་ཁ་ཁྱེར་དྲྭ་བ་དྲྭ་ཕྱེད་བ་ཀུ་ལཱ་དང་མདའ་ཡབ་གྲྭ་དང་མཚམས་ཟླ་བ་རྡོ་རྗེས་མཚན་པ། དབུས་སུ་རྟ་བབས་མེད་པའི་གཞལ་ཡས་ཁང་གྲུ་བཞི་ནང་རེའུ་མིག་དགུ་པ། དེའི་ཕྱི་རོལ་ན་རྡོ་རྗེའི་འཕྲེང་བས་དང་། ཕྱིར་རིམ་པ་ལྔས་བསྐོར་བའི་ཟླུམ་པོ། དབུས་སུ་ཟླ་བའི་དཀྱིལ་འཁོར་སེང་གེའི་གདན་པད་ཉིའི་སྟེང་གདུགས་དཀར་པོ་དང་ལྡན་པ། རེའུ་མིག་གི་ཤར་དུ་གླང་པོ། བྱང་དུ་རྨ་བྱ། ནུབ་ཏུ་ཁྱུང་། ལྷོར་ཀིངྐ་ར། དབང་ལྡན་དུ་སེང་གེ །མེར་རྡོ་རྗེའི་ཕག་མཆུ། །བདེན་བྲལ་དུ་མ་ཧེ། རླུང་དུ་སྤྱང་ཀི །སྒོ་བཞིར་རོ། གཞན་ལྷ་གནས་ཐམས་ཅད་དུ་པད་ཟླ། གཉིས་པ་ནི། བདག་ཉིད་ཧཱུྃ་ཡིག་ཏུ་གྱུར་ནས་དབུས་ཀྱི་སེང་གེའི་གདན་ལ་གནས་པ་དེ་ཡོངས་སུ་གྱུར་པའ་ིརྡོ་རྗེ་ཧཱུྃ་གིས་ཡིག་མཚན་པ། ཨོཾ་ཝརྟ་མཱ་ནོ་ཨ་ཧཾ་ཧོཿརྡོ་རྗེ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས། རྣལ་འབྱོར་ནམ་མཁའ་སྐུ་མདོག་སྔོན་པོ་རྩ་བའི་ཞལ་ཁྲོ་བ། གཡས་ཞལ་དཀར་པོ་བཞད་པ། གཡོན་ཞལ་དམར་པོ་སྒེག་པ། ཧ་ཧའི་གད་རྒྱངས་སྒྲོག་ཅིང་སྤྱན་གསུམ་གསུམ་པ། དབུ་སྐྲ་ཟུར་ཕུད་ལྔ་བཅིངས་པ་ལ་ནོར་བུ་དང་ཟླ་ཚེས་དང་སྣ་ཚོགས་རྡོ་རྗེས་སྤྲས་ཤིང་ཐོད་པ་ལྔ་རྡོ་རྗེས་མཚན་པའི་རྩེ་ཕྲན་དང་སངས་རྒྱས་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་སྦྲུལ་ལ་སོགས་པའི་རྒྱན། ན་བཟའ་དམར་པོ་དང་སྟག་གི་པགས་པའི་ཤམ་ཐབས་རྒྱབ་ཏུ་ཅུང་ཟད་བསྙིལ་བ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་ལྷག་མའི་གཡས་གཉིས་ཤེས་རབ་ཀྱི་ནུ་མ་དང་མདའ། གཡོན་གཉིས་པདྨའི་སྣོད་དང་གཞུ་འཛིན་པ། དཔག་ཏུ་མེད་པའི་འོད་ཟེར་འཕྲོ་ཞིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་སེང་གེའི་སྟེང་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པ། དེའི་ཕང་དུ་ཡུམ་ཡེ་ཤེས་དབང་ཕྱུག་མ་དཀར་མོ་ཤིན་ཏུ་མཛེས་པ་ཁ་ཊྶཱཾ་ག་དང་། བདུད་རྩིས་གང་བའི་ཐོད་པ་བསྣམས་པའི་ཕྱག་གིས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་མ་མཆུ་ཚེམས་ཀྱིས་འདེབས་པ། ཞབས་གཉིས་ཀྱིས་སྐུ་བཅིངས་ཤིང་རྡོ་རྗེ་པདྨར་ཐིམ་པ། ལྷ་མོའི་རྒྱན་ཐམས་ཅད་དང་མཛེས་པའི་གོས་ཅན་གྱི་བར། དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་དབུས་སུ་བཅོམ་ལྡན་འདས་གདན་བཞི་ཡབ་ཡུམ། ཤར་དུ་གླང་པོ་ཆེའི་རྒྱལ་པོ་ལ་རོལ་པས་གནས་པའི་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། བྱང་དུ་རྨ་བྱ་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པའི་དྲག་མོའི་མཁའ་འགྲོ་མ་སེར་མོ་སྦྲུལ་གྱིས་བརྒྱན་པ། ནུབ་ཏུ་བྱ་ཁྱུང་ལ་ཙོག་པུར་གནས་པའི་རོ་ལངས་མཁའ་འགྲོ་མ་དམར་མོ། ལྷོར་ཀིངྐ་རའི་གདན་ལ་པུས་མོའི་སྐྱིལ་ཀྲུང་གིས་གནས་པའི་གཏུམ་མོའི་མཁའ་འགྲོ་མ་སྔོན་མོ་དབུ་སྐྲ་བཀྲམ་པ་གྲོལ་ཞིང་སྤྱི་བོར་ཐལ་མོ་སྦྱར་བ། ལྷ་མོ་བཞི་ཀ་ཞལ་གཅིག་ཕྱག་གཉིས་ཁ་ཊྶཱཾ་ག་དང་ཐོད་པ་འཛིན་པ། གླང་པོ་ཆེའི་པགས་པས་སྨད། མིའི་ཞིང་གིས་སྟོད་གཡོགས་པ། དབང་ལྡན་དུ་སེང་གེ་ལ་རོལ་པའི་སྟབས་ཀྱིས་གནས་པའི་སེང་གེ་མ་གཡས་སེར་གཡོན་དཀར་བ། གཡས་ཁ་ཊྶཱཾ་ག་འཕྱར་བ། མེར་རྡོ་རྗེ་ཕག་མཆུ་ལ་ཟླུམ་པོའི་སྟབས་ཀྱིས་གནས་པའི་སྟག་མོ་གཡས་དཀར་གཡོན་ནག་པ། གཡས་ལྕགས་ཀྱུ་འཕྱར་བ། སྲིན་པོར་མ་ཧེ་ལ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་གནས་པའི་ཅེ་སྤྱང་མ་གཡས་ནག་གཡོན་དམར་བ། གཡས་དགྲ་ཧྶ་འཕྱར་བ། རླུང་དུ་ཅེ་སྤྱང་ལ་ཙོག་པུའི་སྟབས་ཀྱིས་གནས་པའི་འུག་པ་མ་གཡས་དམར་གཡོན་སེར་བ། གཡས་དབྱུག་པ་འཕྱར་བ། གཡོན་ཐམས་ཅད་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ། ཤར་གྱི་སྒོ་མ་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་ཀྱི་རྩེ་མོ་ཁར་བཅུག་པ། བྱང་གི་སྒོ་མ་མར་མེ་མ་སེར་མོ་སྤྱི་བོར་ཐལ་མོ་སྦྱར་བ། ནུབ་ཀྱི་སྒོ་མ་འཇིབ་བྱེད་མ་དམར་མོ་སྙིམས་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ལྷོའི་སྒོ་མ་སྐམ་བུ་འཛི་ནག་མོ་ཐུགས་ཀར་གཏུན་ཤིང་འཛིན་མ། ཕྱིའི་ཟླུམ་པོའི་ཤར་དུ་པུཀྐ་སཱི་དང་། ཁྲོ་གཉེར་མ་དང་། གཏུམ་མོ་རྣམས་དཀར་མོ་ཕྱག་ན་བདུད་རྩིའི་སྣོད། བྱང་དུ་དྲག་མོ་དང་། ཁྲག་འཐུང་མ་དང་། ཤ་ཟ་མ་རྣམས་སེར་མོ་ཕྱག་ན་ཤ་ལྔས་གང་བའི་པདྨའི་སྣོད། ནུབ་ཏུ་ཁྲོ་མོ་དང་། འབར་མ་དང་། འཇིགས་བྱེད་མ་རྣམས་དམར་མོ་ཕྱག་ན་གཏོར་སྣོད། ལྷོད་ཐོད་འཕྲེང་མ་དང་། རྡོ་རྗེ་མ་དང་། བུམ་པ་མ་རྣམས་ནག་མོ་ཕྱག་ན་དམ་ཚིག་གི་ཟས་དང་བཏུང་བའི་སྣོད་འཛིན་པ། གྲྭ་བཞིའི་དབང་ལྡན་དུ་སྒེག་མོ་སྙེམས་པའི་ཕྱག་རྒྱ་ཅན་དང་དྲི་ཆབ་མ་དྲིའི་སྣོད་སེར་མོ། མེར་པི་ཝཾ་མ་པི་ཝང་སྒྲེང་བ་དང་མེ་ཏོག་མ་མེ་ཏོག་འཐོར་བ་དཀར་མོ། བདེན་བྲལ་དུ་གླུ་མ་ཁའི་ཐད་ཀར་མཛུབ་མོ་གཡོ་བ་དང་བདུག་སྤོས་མ་སྤོས་ཕོར་ནག་མོ། རླུང་དུ་གར་མ་གར་གྱི་ཚུལ་དུ་སྟེང་དུ་ཐལ་མོ་སྦྱར་བ་དང་མར་མེ་མ་མར་མེ་སྒྲེང་བ་དམར་མོ། ལྷ་མོ་དེ་དག་ཐམས་ཅད་ཞལ་གཅིག་སྤྱན་གསུམ་དབུ་སྐྲ་གྲོལ་བ། ཐོད་པ་ལྔས་བརྒྱན་པའོ། །དེའི་ཕྱིའི་སྣམ་བུའི་ཤར་ལ་ཀེང་རུས་འཇིགས་བྱེད་དང་། ཁ་ཊྶཱཾ་གའི་སྲིན་པོ་དང་། ཚོགས་ཀྱི་དབང་ཕྱུག་དང་། དྲིལ་བུའི་རྣ་བ་ཅན་རྣམས་དཀར་པོ། བྱང་དུ་གཏུམ་པའི་དབང་ཕྱུག་དང་། འདུན་པའི་ལྷ་དང་། ཚ་བའི་དབང་ཕྱུག་དང་། སྒྲ་འཇིགས་བྱེད་རྣམས་སེར་པོ། ནུབ་ཏུ་འདོད་པའི་དྲག་པོ་དང་། ཥ་ཎ་ཌི་ལའི་དབང་ཕྱུག་དང་། ཌཱ་མ་རུས་འདུལ་བྱེད་དང་། རྔ་སྒྲས་འཇིགས་བྱེད་རྣམས་དམར་པོ། ལྷོར་ཏམ་བུ་རའི་དབང་ཕྱུག་དང་། ཧྶྭུ་ཌ་ཎ་དང་། མཆེ་བ་གཙིགས་པ་དང་། གཞུ་འཛིན་པ་རྣམས་ནག་པོ་ཆུང་མ་དང་བཅས་པ། ཤར་གྱི་སྒོ་བ་ཁྱབ་འཇུག་ནག་པོ། བྱང་གི་སྒོ་བ་ཚངས་པ་དམར་པོ། ནུབ་ཀྱི་སྒོ་བ་ལྷ་ཆེན་དཀར་པོ། ལྷོའི་སྒོ་བ་བརྒྱ་བྱིན་སེར་པོ། གྲྭའི་དབང་ལྡན་དུ་དབང་པོ་སེར་པོ། མེར་ནོར་ལྷ་ཀུ་བེ་ར་སེར་སྐྱ། སྲིན་པོར་འབྱུང་པོའི་བདག་པོ་གཤིན་རྗེ་ནག་པོ། རླུང་དུ་ཆུ་ལྷ་ཝ་རུ་ཎ་དཀར་པོ་རྣམས་ཆུང་མ་གཉིས་གཉིས་དང་བཅས་པ། དེ་ཐམས་ཅད་ཞལ་གཅིག་སྤྱན་གསུམ་པ་ཕྱག་བཞིའི་གཡས་པ་གཉིས་ཁ་ཊྶཱཾ་ག་དང་རྩེ་གསུམ། གཡོན་ཡུམ་ལ་འཁྱུད་པ་དང་ཐོད་པ་འཛིན་པ། རལ་པ་ནག་པོའི་ཐོར་ཅོག་ཅན་ཐོད་འཕྲེང་གིས་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པ་སྟག་གི་ཤམ་ཐབས་ཅན། རྫོགས་པ་ཆེན་པོས་སྐད་ཅིག་གིས་བསྐྱེད་པར་བྱའོ། །དེ་ནས་ཧཱུྃ་ཞེས་པས་ཟླ་ཉི་དབུགས་ལས་རྣལ་འབྱོར་ནམ་མཁའ་ཡབ་ཡུམ་ཕྱུང་བས་དཔག་ཏུ་མེད་པར་གྱུར་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཚུར་འདུས་གཅིག་ཏུ་གྱུར་པ་དབུས་སུ་བདག་ཉིད་ལ་ཐིམ། ཨོཾ་ཨུདྦྷ་བ་ཨ་ཧཾ་ཨ་ཨཱ་ཨཱ་ཨཾ་ཧཱུྃ་སྭཱ་ཧཱ། ང་རྒྱལ་གཟུང་། སུཾ་ཞེས་པས་ཆུའི་དབུགས་ལས་རྡོ་རྗེ་མཁའ་འགྲོ་མ་ཕྱུང་བ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱས། སླར་འདུས་གཅིག་ཏུ་གྱུར་པ་མདུན་གྱི་རེའུ་མིག་ལ་འཁོད། སུཾ་བཛྭ་ཌཱ་ཀི་ནཱི་ཨ་ཧཾ། ཞེས་བྱིན་གྱིས་བརླབ། ཀྵུཾ་མེ་ཡི་དབུགས་ལས་དྲག་མོ་ཕྱུང་བ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱས། སླར་འདུས་གཅིག་ཏུ་གྱུར་པ་ལྷོ་ཡི་རེའུ་མིག་ལ་འཁོད། ཀྵུཾ་གོ་ར་ཌཱ་ཀི་ཨ་ཧཾ། ཡུཾ་རླུང་གི་དབུགས་ལས་རོ་ལངས་མ་ཕྱུང་བ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱས། སླར་འདུས་གཅིག་ཏུ་གྱུར་པ་ནུབ་ཀྱི་རེའུ་མིག་ལ་འཁོད། ཡུཾ་བཻ་ཏཱ་ལཱི་ཨ་ཧཾ། ཧཱུྃ་ས་ཡི་དབུགས་ལས་གདོལ་པ་མོ་ཕྱུང་བ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱས། སླར་འདུས་གཅིག་ཏུ་གྱུར་པ་བྱང་གི་རེའུ་མིག་ལ་འཁོད། ཧཱུྃ་ཙཎྜྻཱ་ལཱི་ཌཱ་ཀི་ནི་ཨ་ཧཾཿ སཾམརཡུ་ཆུ་མེ་འདྲེས་པའི་དབུགས་ལས་སེང་གེ་མ་ཕྱུང་བ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱས། སླར་འདུས་གཅིག་ཏུ་གྱུར་པ་བྱང་ཤར་གྱི་རེའུ་མིག་ལ་འཁོད། ཧཾམརཡུ་ས་ཆུ་འདྲེས་པའི་དབུགས་ལས་སྟག་མོ་ཕྱུང་བ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱས། སླར་འདུས་གཅིག་ཏུ་གྱུར་པ་ཤར་ལྷོའི་རེའུ་མིག་ལ་འཁོད། ཡཾམརཡུས་རླུང་འདྲེས་པའི་དབུགས་ལས་ཅེ་སྤྱང་མ་ཕྱུང་བ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱས། སླར་འདུས་གཅིག་ཏུ་གྱུར་པ་ལྷོ་ནུབ་ཀྱི་རེའུ་མིག་ལ་འཁོད། ཀྵཾམརཡུ་རླུང་མེ་འདྲེས་པའི་དབུགས་ལས་འུག་པ་མ་ཕྱུང་བ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱས། སླར་འདུས་གཅིག་ཏུ་གྱུར་པ་ནུབ་བྱང་གི་རེའུ་མིག་ལ་འཁོད། ཕུཾ་ཆུའི་རླུང་ལས་རྡོ་རྗེ་མཁའ་འགྲོ་མ། ཕེཾ་མེའི་རླུང་ལས་མར་མེ་མ། ཕོཾ་རླུང་གི་རླུང་ལས་འཇིབ་བྱེད་མ། ཕྲིཾ་སའི་རླུང་ལས་སྐམ་བུ་འཛི་རྣམས་ཕྱུང་བ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱས། སླར་འདུས་གཅིག་ཏུ་གྱུར་པ་ཤར་བྱང་ལྷོ་ནུབ་ཀྱི་སྒོར་འཁོད། ཧ་ཧོཿསྲི་པུཀྐ་སཱི་དང་། ཁྲོ་གཉེར་མ་དང་། གཏུམ་མོ་རྣམས་ཟླུམ་པོའི་ཤར་དུ། ིཾ་གྷྲ། དྲག་མོ་དང་། ཁྲག་འཐུང་མ་དང་། ཤ་ཟ་མ་རྣམས་བྱང་། ཀུ་རུ་ཀུ་རུ། ཁྲོ་མོ་དང་། འབར་མ་དང་། འཇིགས་བྱེད་མ་རྣམས་ནུབ། ཨོཾ་བརྟ་ལི་བརྟ་ལི། ཐོད་འཕྲེང་མ་དང་། རྡོ་རྗེ་མ་དང་། བུམ་པ་རྣམས་ལྷོ། ཧཱུྃ་སུ་པྲི་ཡ་གནྡྷེ་ཧཱུྃ། སྒེག་མོ་དང་དྲི་ཆབ་མ་དབང་ལྡན། ཧཱུྃ་ཧོཿསྲིཾ། པི་ཝཾ་མ་དང་མེ་ཏོག་མ་མེར། ཧཱུྃ་ཧཱུྃ་ཧཱུྃ། གླུ་མ་དང་བདུག་སྤོས་མ་སྲིན་པོར། སུ་ནྲྀ་ཏི་ཧཱུྃ་ཀྵུཾ། གར་མ་དང་མར་མེ་མ་རླུང་། ཨོཾ་ཀུཾ་ཨ་སྭཱ་ཧཱ། ཀེང་རུས་འཇིགས་བྱེད། ཨོཾ་ཁུཾ་ཨཱ་སྭཱ་ཧཱ། ཁ་ཊྶཱཾ་སྲིན་པོ། ཨོཾ་གུཾ་ཨི་སྭཱ་ཧཱ། ཚོགས་ཀྱི་དབང་ཕྱུག ཨོཾ་གྷུ་ཨཱི་སྭཱ་ཧཱ། དྲིལ་རྣ་རྣམས་ལྷ་སྣམ་གྱི་ཤར་ལ། ཨོཾ་ཙུཾ་ཨུ་སྭཱ་ཧཱ། གཏུམ་མོའི་དབང་ཕྱུག །ཨོཾ་ཚུཾ་ཨུ་སྭཱ་ཧཱ། འདུན་པའི་ལྷ། ཨོཾ་ཛུཾ་རྀ་སྭཱ་ཧཱ། ཚ་བའི་དབང་ཕྱུག །ཨོཾ་ཛྷྱུཾ་རཱྀ་སྭཱ་ཧཱ། ཧཱུྃ་སྒྲ་འཇིགས་བྱེད་རྣམས་བྱང་། ཨོཾ་ཊུཾ་ལྀ་སྭཱ་ཧཱ། འདོད་པའི་དྲག་པོ། ཨོཾ་ཋུཾ་ལཱྀ་སྭཱ་ཧཱ། ཥ་ཎ་ཌི་ཀའི་དབང་ཕྱུག །ཨོཾ་ཌུཾ་ཨེ་སྭཱ་ཧཱ། ཌཱ་མ་རུའི་འདུལ་བྱེད། ཨོཾ་ཌྷྜྷུཾ་ཨེ་སྭཱ་ཧཱ། རྔ་སྒྲ་འཇིགས་བྱེད་རྣམས་ནུབ། ཨོཾ་ཏུཾ་ཨོཾ་སྭཱ་ཧཱ། ཏཾ་བུ་རའི་དབང་ཕྱུག །ཨོཾ་ཐུཾ་ཨཽ་སྭཱ་ཧཱ། ཧྶྭུ་ར་ཎ། ཨོཾ་དུཾ་ཨཾ་སྭཱ་ཧཱ། མཆེ་བ་གཙིགས་པ། ཨོཾ་དྷུཾ་ཨཿསྭཱ་ཧཱ། གཞུ་འཛིན་རྣམས་ལྷོར། ཁེཾ། ཁྱབ་འཇུག་ཤར་སྒོར། ཨོཾ་ཨོཾ། ཚངས་པ་བྱང་སྒོར། ཧཱུྃ། ལྷ་ཆེན་ནུབ་སྒོར། མུ་མུ། བརྒྱ་བྱིན་ལྷོ་སྒོར། མུ་མུ་ཧཱུྃ། དབང་པོ་བྱང་ཤར། ཨ་གྲ། ནོར་ལྷ་ཤར་ལྷོ། ཁ་ད་ནི། འབྱུང་པོའི་བདག་པོ་ལྷོ་ནུབ། བྷུར་བྷུཿབཿ ཆུ་ལྷ་རླུང་། སྔགས་རེ་རེ་རྫོགས་པའི་སྐད་ཅིག་གིས་དོན་གཉིས་བྱས་དམ་ཚིག་གི་དཀྱིལ་འཁོར་ལ་ཞུགས་པས་དེ་ལྷས་ཡོངས་སུ་གང་བར་བལྟའོ། །གསུམ་པ་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ། ཕྱག་རྒྱ་བཞིས་རྒྱས་བཏབ་པ། མཆོད་བསྟོད་བདུད་རྩི་མྱང་བ་ལས་དང་པོ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གཡས་པའི་མཛུབ་མོ་གཡོན་པའི་མཐེའུ་ཆུང་དང་སྦྲེལ་ནས་མཛུབ་མོ་ཅུང་ཟད་བཀུག་སྟེ། ཨོཾ་བཛྭ་ཨངྐུ་ཤ་ཛཿ ཞེས་པས་འཇིག་རྟེན་ལས་འདས་པའི་ལྷ། གཡོན་རྡོ་རྗེ་ཁུ་ཚུར་ལས་གུང་མོ་བསྒྲེང་བའི་ཚིགས་གསུམ་པར་མཛུབ་མོའི་རྩེ་སྦྱར་ཏེ། ཨོཾ་ཨཱ་ཀརྵ་ཎི་ཧཱུྃ་ཕཊ྄། ཞེས་པས་འཇིག་རྟེན་པ་སྤྱན་དྲངས། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱས་མཆོད་ཡོན་ཕུལ། རྡོ་རྗེ་ཁུ་ཚུར་བཅིངས་ཏེ་མཛུབ་མོ་གཉིས་ལྕགས་སྒྲོག་ལྟར་སྦྲེལ་ལ། ཨོཾ་སཾམརཡུ་ཞེས་པས་ལྷ་དང་ལྷན་ཅིག་འོངས་པའི་བགེགས་བསྐྲད། རྡོ་རྗེ་ཁུ་ཚུར་གཉིས་ཁ་ཕྱིར་བསྟན་ནས་མཛུབ་མོ་གཉིས་སྦྲེལ་ཏེ། ཨོཾ་བཛྭ་ཀྵྨྱོ་ཊ་བཾ་གྱིས་སྒོ་བཅིངས། དེ་ནས་ཐལ་མོ་སྦྱར་ནས་པདྨའི་ཚུལ་དུ་ཁ་བྱེ་བ་ཡེ་ཤེས་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱས། ཨོཾ་ཏིཥྛ་ཨཱ་ས་ན་ཧཱུྃ་སྭཱ་ཧཱ། ཞེས་པས་ལྷ་ཐམས་ཅད་གདན་ལ་བཞུགས་པར་བསམ། གཉིས་པ་ནི། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམ་སྟེ། ཕྱག་རྒྱ་ཐམས་ཅད་ཀྱི་ཐོག་མར་པདྨའི་གར་སྔོན་དུ་འགྲོ་བས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ཡོ་ག་ཨཾ་ཝ་ར་དྲྀཥྱ་ཛཿཧཱུྃ་བཾ་ཧོཿས་མ་ཡ་ཧྶཾ། ས་མ་ཡཱ་ཧོཿ རྣལ་འབྱོར་ནམ་མཁའི་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའོ། །དེ་བཞིན་དུ་ཕྱག་རྒྱ་དེ་ཉིད་དང་། ཨོཾ་ཧཱུྃ་ཧ་སྭཱ་ཧཱ། རྣལ་འབྱོར་ནམ་མཁའི་དམ་ཚིག་གོ། །ཐལ་མོ་གཉིས་པདྨའི་ཚུལ་དུ་ཁ་ཕྱེ་བ་དང་། ཨོཾ་ཨ་སྭཱ་ཧཱ། ཡེ་ཤེས་མཁའ་འགྲོ་མའི་འོ། །གཡོན་པའི་མཐེ་བོང་གིས་མཐེའུ་ཆུང་མནན་ནས་ལྷག་མ་གསུམ་བརྐྱང་བ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་དང་། ཨོཾ་སུཾ་སྭཱ་ཧཱ། རྡོ་རྗེ་མའི་འོ། །གཡས་པ་ཡང་དེ་ལྟར་བྱས་ནས་སྔ་མ་དང་རྒྱབ་སྦྱར་བ་དང་། ཨོཾ་ཀྵུཾ་སྭཱ་ཧཱ། དྲག་མོའི་འོ། །ཁུ་ཚུར་རྒྱབ་སྤྲད་ནས་ཁའི་ཕྱོགས་སུ་དགྲོལ་བ་དང་། ཨོཾ་ཡུཾ་སྭཱ་ཧཱ། རོ་ལངས་མའི་འོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བསྒྲེང་བ་རྩེ་སྤྲད་ནས་རིན་པོ་ཆེའི་ཚུལ་དུ་བྱས་པ་དང་། ཨོཾ་ཧཱུྃ་སྭཱ་ཧཱ། གདོལ་པ་མོའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་གཉིས་ལྕགས་སྒྲོག་ཏུ་སྦྲེལ་བ་དང་། ཨོཾ་སཾམརཡུ་སྭཱ་ཧཱ། སེང་གེ་མའི་འོ། །དེ་ཉིད་ལས་གུང་མོ་གཉིས་བསྒྲེང་བ་དང་། ཨོཾ་ཧཾམརཡུ་སྭཱ་ཧཱ། སྟག་མོའི་འོ། །དེ་ཉིད་ལས་མཐེའུ་ཆུང་གཉིས་ལྕགས་སྒྲོག་ཏུ་སྦྲེལ་བ་དང་། ཨོཾ་ཡཾམརཡུ་སྭཱ་ཧཱ། ཅེ་སྤྱང་མའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་ལན་གསུམ་བརྡབ་པ་དང་། ཨོཾ་ཀྵཾམརཡུ་སྭཱ་ཧཱ། འུག་པ་མའི་འོ། །ལག་པ་གཉིས་ཐལ་མོ་སྦྱར་བ་ཁར་བཅུག་ནས་རྒོད་པ་དང་། ཨོཾ་ཕུཾ་ཕུ་སྭཱ་ཧཱ། མཁའ་འགྲོ་མའི་འོ། །ཐལ་མོ་སྦྱར་བ་སྤྱི་བོར་བཞག་པ་དང་། ཨོཾ་ཕེཾ་ཕུ་སྭཱ་ཧཱ། འབར་བྱེད་མའི་འོ། །ཐལ་མོ་ཁ་ཕྱེ་བའི་མཐེ་བོང་ཁར་བཅུག་པ་དང་། ཨོཾ་ཕྲོཾ་ཕུ་སྭཱ་ཧཱ། འཇིབ་བྱེད་མའི་འོ། །ཁུ་ཚུར་གཡོན་པ་རྣ་བའི་རྩ་བར་སྦྱར་བ་དང་། ཨོཾ་ཕྲིཾ་ཕུ་སྭཱ་ཧཱ། འཕྲོག་བྱེད་མའི་འོ། །ལག་པ་གཡོན་པ་བརྐྱང་བའི་མཐེ་བོང་དང་སྲིན་ལག་སྦྱར་བ་གྱེན་དུ་བསྟན་པའི་སྟེང་དུ་གཡས་པའི་ཐལ་མོ་དགབ་པ་དང་། ཨོཾ་ཧ་ཧོཿསྲཱིཿསྭཱ་ཧཱ། ལན་གསུམ། པུཀྐ་སཱི་ལ་སོགས་པ་གསུམ་གྱིའོ། །ཐལ་མོ་གཡས་པ་བརྐྱང་བའི་སྟེང་དུ་གཡོན་པ་བརྐྱང་བ་ཁ་སྦུབ་ཏེ་བཞག་པ་དང་། ཨོཾ་ཀྵིཾ་གྷྲ་སྭཱ་ཧཱ། ལན་གསུམ། དྲག་མོ་ལ་སོགས་པ་གསུམ་གྱིའོ། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་དང་། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ལན་གསུམ། ཁྲོ་མོ་ལ་སོགས་པ་གསུམ་གྱི་འོ། །ཐལ་མོ་གཉིས་རྒྱབ་སྦྱར་ནས་སོར་མོ་རྣམས་ཀྱི་རྩེ་མོ་ཕན་ཚུན་གཉིས་བསྣོལ་བ་ཁ་སྤྲད་པ་དང་། ཨོཾ་བརྟ་ལི་བརྟ་ལི་སྭཱ་ཧཱ། ལན་གསུམ། ཐོད་འཕྲེང་མ་ལ་སོགས་པ་གསུམ་གྱིའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅིངས་ནས་སྟ་ཟུར་གཉིས་སུ་བཞག་པ་དང་། ཨོཾ་ཧཱུྃ་སྭཱ་ཧཱ། སྒེག་མོའི་འོ། །ལག་པ་གཡོན་པ་བརྐྱང་བའི་མཐེ་བོང་དང་སྲིན་ལག་སྦྱར་བ་སྟེང་དུ་བསྟན་པའི་མཁྲིག་མ་ནས་གཡས་པས་བཟུང་བ་དང་། ཨོཾ་སུ་པྲི་ཡ་གནྡྷེ་ཧཱུྃ་སྭཱ་ཧཱ། དྲི་ཆབ་མའི་འོ། །པི་ཝང་བསྒྲེང་བའི་ཚུལ་དང་། ཨོཾ་ཧཱུྃ་ཧོཿསྭཱ་ཧཱ། པི་ཝང་མའི་འོ། །ལག་པ་གཉིས་ཐལ་མོ་སྦྱར་ནས་མེ་ཏོག་བསྡུས་ཏེ་གྱེན་དུ་གཏོར་བའི་ཚུལ་དང་། ཨོཾ་ཤྲཱི་ཾསྭཱ་ཧཱ། མེ་ཏོག་མའི་འོ། །གཡས་རྡོ་རྗེ་ཁུ་ཚུར་བཅིངས་ནས་མཛུབ་མོ་བསྒྲེང་སྟེ་ཁའི་མདུན་དུ་བསྐུལ་བ་དང་། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། གླུ་མཁན་མའི་འོ། །གཡས་རྡོ་རྗེ་ཁུ་ཚུར་གྱི་མཁྲིག་མ་ནས་གཡོན་པས་བཟུང་བ་དང་། ཨོཾ་ཨིཾ་སྭཱ་ཧཱ། བདུག་སྤོས་མའི་འོ། །ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོ་སྦྱར་ནས་ལྷག་མ་བརྐྱང་བ་དཀུ་གཡས་པར་བཞག་ལ། གཡས་པ་དེ་ལྟར་བྱས་པ་སྤྱི་བོར་བཞག་པ་དང་། ཨོཾ་སུ་ནྲྀ་ཏྱ་ཧཱུྃ་སྭཱ་ཧཱ། གར་མའི་འོ། །གཡས་ཁུ་ཚུར་བཅིངས་མཐེ་བོང་བསྒྲེང་བ་དང་། ཨོཾ་ཀྵུཾ་སྭཱ་ཧཱ། མར་མེ་མའི་འོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་བ་རྩེ་སྤྲད་པ་ནི་ཀེང་རུས་འཇིགས་བྱེད་ལ་སོགས་པ་རྣམས་ཀྱི་ཐུན་མོང་གི་ཕྱག་རྒྱ་སྟེ་སོ་སོའི་སྔགས་ནི། ཨོཾ་ཀུཾ་ཨ་སྭཱ་ཧཱ། ཀེང་རུས་འཇིགས་བྱེད་དང་པདྨ་འབྱུང་མའི་འོ། །ཨོཾ་ཁུཾ་ཨཱ་སྭཱ་ཧཱ། ཁ་ཊྶཱཾ་སྲིན་པོ་དང་སེན་རྣོན་མའི་འོ། །ཨོཾ་གུཾ་ཨི་སྭཱ་ཧཱ། ཚོགས་ཀྱི་དབང་ཕྱུག་དང་སྒྲ་ཟབ་མའི་འོ། །ཨོཾ་གྷུཾ་ཨཱི་སྭཱ་ཧཱ། དྲིལ་རྣ་མ་དང་ནུ་མ་ཅན་གྱིའོ། །ཨོཾ་ཙུཾ་ཨུ་སྭཱ་ཧཱ། གཏུམ་པའི་དབང་ཕྱུག་དང་གཡོ་བའི་གདོང་ཅན་མའི་འོ། །ཨོཾ་ཚུཾ་ཨཱུ་སྭཱ་ཧཱ། འདུན་པའི་ལྷ་དང་སོ་ཡི་དྲལ་མའི་འོ། །ཨོཾ་ཛྭཾ་རྀ་སྭཱ་ཧཱ། ཚ་བའི་དབང་ཕྱུག་དང་བླ་མཐོན་མའི་འོ། །ཨོཾ་ཛྷྱུཾ་རཱྀ་སྭཱ་ཧཱ། སྒྲ་འཇིགས་བྱེད་དང་སྒྲ་བྱེད་དགའ་མའི་འོ། །ཨོཾ་ཊུཾ་ལྀ་སྭཱ་ཧཱ། འདོད་པའི་དྲག་པོ་དང་ཐོར་ཅོག་ཅན་མའི་འོ། །ཨོཾ་ཋུཾ་ལཱྀ་སྭཱ་ཧཱ། ཥ་ཎ་ཌི་ལའི་དབང་ཕྱུག་དང་དོར་ཐབས་ལ་དགའ་མའི་འོ། །ཨོཾ་ཌུཾ་ཨེ་སྭཱ་ཧཱ། ཅང་ཏེའུ་ཕྱི་བཞག་དང་ཌི་ཌི་རྔ་དགའ་མའི་འོ། །ཨོཾ་ཌྷྜྷུཾ་ཨཻ་སྭཱ་ཧཱ། རྔ་ཆེན་འཇིགས་བྱེད་དང་དྷ་ཀས་རོལ་མའི་འོ། །ཨོཾ་ཏུཾ་ཨོ་སྭཱ་ཧཱ། པི་ཝང་དབང་ཕྱུག་དང་བྱིན་ཕྲ་མའི་འོ། །ཨོཾ་ཐུཾ་ཨཽ་སྭཱ་ཧཱ། ང་རོ་ཆེན་པོ་དང་རྣམ་པར་གཡོ་མའི་འོ། །ཨོཾ་དུཾ་ཨཾ་སྭཱ་ཧཱ། མཆེ་བ་རྣམ་པར་གཙིགས་པ་དང་འོད་རྣོན་མའི་འོ། །ཨོཾ་དྷུཾ་ཨཿསྭཱ་ཧཱ། གཞུ་འཛིན་པ་དང་དལ་བུས་སྨྲ་མའི་འོ། །ཁུ་ཚུར་གཡས་པ་གྱེན་དུ་འཕང་སྟེ་དགྲོལ་བ་དང་། ཨོཾ་ཁེ་པཱ་སྭཱ་ཧཱ། ཁྱབ་འཇུག་གི་འོ། །ཁུ་ཚུར་གཉིས་ཀྱིས་སེ་གོལ་གཏོག་པ་དང་། ཨོཾ་ཨོཾ་སྭཱ་ཧཱ། ཚངས་པའི་འོ། །ལག་པ་གཡས་པ་བ་དན་གསུམ་པའི་ཕྱག་རྒྱ་གྱེན་དུ་བསྒྲེང་བ་དང་། ཨོཾ་ཧཱུྃ་སྭཱ་ཧཱ། དྲག་པོའི་འོ། །ཁུ་ཚུར་གཡོན་པའི་མཛུབ་མོ་བསྒྲེང་བའི་རྩེ་མོར་གཡས་པའི་ཐལ་མོ་དགབ་པ་དང་། ཨོཾ་མུ་མུ་སྭཱ་ཧཱ། བརྒྱ་བྱིན་གྱིའོ། །ཁུ་ཚུར་གཡས་པའི་གུང་མཛུབ་གཉིས་གཤིབས་ཏེ་བརྐྱང་བ་དཔྲལ་བར་བཞག་པ་དང་། ཨོཾ་མུ་མུ་ཧཱུྃ་སྭཱ་ཧཱ། དབང་པོའི་འོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བསྒྲེང་བ་རྩེ་སྤྲད་ནས་རིན་པོ་ཆེའི་ཚུལ་དུ་བྱས་པ་དང་། ཨོཾ་ད་ན་ཨ་གེ་ཧཱུྃ་སྭཱ་ཧཱ། ཀུ་བཻ་རའི་འོ། །ཁུ་ཚུར་གཡས་པའི་མཛུབ་མོ་བསྒྲེང་བ་དང་། ཨོཾ་ཁ་ད་ནི་ཧཱུྃ་ཕཊ྄། འབྱུང་པོའི་བདག་པོའི་འོ། །དེ་ཉིད་ལས་གུང་མོ་ཡང་གཤིབས་ཏེ་བསྒྲེང་བ་དང་། ཨོཾ་བྷུར་བྷུཿབཿསྭཱ་ཧཱ། ཝ་རུ་ཎའི་འོ། །དམ་རྒྱ་སྟེ་དེ་དག་བསྟན་པས། རང་གི་གཟུགས་རྣམས་ལ་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །ལྷ་རྣམས་ཀྱི་ལྗགས་ཀྱི་པདྨའི་འདབ་མ་ལ་རྡོ་རྗེ། དེའི་དབུས་སུ་རང་རང་གི་སྔགས་ཀྱི་འཕྲེང་བ་རབ་ཏུ་འབར་བ་བསམ་ཞིང་སྔགས་བརྗོད་པ་ཆོས་རྒྱ། གོང་བཞིན་དུ་སྔགས་དང་ཕྱག་རྒྱས་ཕྱག་མཚན་མེད་པར་འཆིང་ཞིང་། ལྷ་རྣམས་ཀྱི་ཐུགས་ཀར་ཨ་ལས་རྡོ་རྗེ་རྒྱ་གྲམ། དེ་ལས་སྤྲོ་བསྡུའི་སྦྱོར་བ་མཛད་པ་ལས་རྒྱ། ཕྱག་མཚན་དང་ལྡན་པར་འཆིང་སྟེ་རྣ་བར་མདའ་འགེངས་པའི་ཚུལ་དང་། ཨོཾ་ཀྵུཾ་སྭཱ་ཧཱ། འཁྱུད་ཅིང་ནུ་མ་འཛིན་པའི་ཚུལ་དང་། ཨོཾ་སུ་པྲི་ཡ་ཏེ་མེ་ཧཱུྃ། ལག་པ་གཡས་པ་བརྐྱང་ནས་མཐེ་བོང་དང་མཛུབ་མོ་སྦྱར་ཏེ་ལྷག་མ་བསྒྲེང་བ་རྡོ་རྗེའི་ཕྱག་རྒྱ་དང་། ཨོཾ་ཧཱུྃ་སྭཱ་ཧཱ། དེ་ཉིད་གཡོན་པ་ལ་སྦྱར་བ་དྲིལ་བུའི་ཕྱག་རྒྱ་དང་། ཨོཾ་ཨཾ་སྭཱ་ཧཱ། གཙོ་བོའི་ཕྱག་མཚན་ཕྱག་རྒྱས་གདབ་བོ། །ལག་པ་གཉིས་ཐལ་མོ་སྦྱར་བ་གསང་གནས་སུ་བཞག་ནས་མཐེའུ་ཆུང་གཉིས་བསྐྱེད་པ་ཨ་ལིའི་ཕྱག་རྒྱ་དང་། ཨོཾ་ཨ་སྭཱ་ཧཱ། ཡུམ་གྱི་རྒྱས་གདབ་བོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་འཁོར་རྣམས་ཀྱི་སྔགས་དང་ཕྱག་རྒྱ་ནི་དམ་རྒྱ་དང་འདྲ་བ་ལས་ཁྱད་པར་སྒོ་མ་བཞིའི་རྒྱས་གདབ་གྱི་རྗེས་སུ་ལག་པ་གཡས་པའི་མཐེ་བོང་གིས་མཐེའུ་ཆུང་མནན་ནས་ལྷག་མ་གསུམ་བསྒྲེང་བ་དང་། ཨོཾ་ཏི་ཧཱཾ་སྭཱ་ཧཱ། རྣལ་འབྱོར་མ་ཐམས་ཅད་ཀྱི་གཡས་ཀྱི་མཚོན་ཆའི་སྔགས་དང་ཕྱག་རྒྱའོ། །དེ་ཉིད་གཡོན་པ་ལ་སྦྱར་བ་དང་། ཨོཾ་གྷུརྞི་ཏཾ་ཧཱུྃ་ཕཊ྄། གཡོན་པའི་སྔགས་དང་ཕྱག་རྒྱ་སྟེ་དེ་དག་ནི་ཕྱག་རྒྱ་ཆེན་པོའོ། །ཐམས་ཅད་ཅོད་པན་ལ་རྣལ་འབྱོར་ནམ་མཁའ་བཞུགས་ནས་དབང་བསྐུར་བར་མཛད་པ་བསམ་པར་བྱའོ། །གསུམ་པ་ནི། དེ་ནས། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། ཨོཾ་པྲ་ཝ་ར་སཏྐྲ་རཱ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱིཾ་སྭཱ་ཧཱ། ཨོཾ་ཨིཾ་སྭཱ་ཧཱ། ཨོཾ་ཀྵུཾ་སྭཱ་ཧཱ། ཨོཾ་ཨི་སྭཱ་ཧཱ། མཆོད་ཡོན་སོགས་ཏེ་གཏོར་མ་མ་གཏོགས་པས་མཆོད། དེ་ནས་མཆོད་པ་ཉི་ཤུ་པ་ནི། རྡོ་རྗེ་ཁུ་ཚུར་གཉིས་དཀུ་གཉིས་སུ་བཞག་ལ་ཧཱུྃ་ཞེས་པའི་གླུ་ལེན་ཞིང་ལྟེ་བ་དང་། སྙིང་ག་དང་སྤྱི་བོར་པདྨའི་གར་བསྒྱུར་ནས་སླར་ཕབ་ལ་སྒེག་པའི་ཚུལ་བྱ་བ་ཕྱག་རྒྱ་ཉི་ཤུ་ཐམས་ཅད་འགྲེ་བས། གདན་བཞིའི་ཆོ་ག་གཞན་ལས་འབྱུང་བ་ལྟར་ཏེ།པི་ཝང་ཚུལ་གྱིས་བསྒྲེང་བ་དང་། །གླིང་བུའི་ཚུལ་གྱིས་འབུད་པ་དང་། །སིལ་ཁྲོལ་ཚུལ་གྱིས་དཀྲོལ་བ་དང་། །དུང་གི་ཚུལ་གྱིས་འབུད་པ་དང་། །གར་གྱི་ཚུལ་གྱིས་ཡན་ལག་བརྐྱང་། །རླུང་གཡབ་ཚུལ་གྱིས་གཡོབ་པ་དང་། །རྒྱལ་མཚན་ཚུལ་གྱིས་བསྒྲེང་བ་དང་། །བླ་བྲེ་ཚུལ་གྱིས་བྲེ་བ་དང་། །བ་དན་ཚུལ་གྱིས་ཕྱར་བ་དང་། །གདུགས་ཀྱི་ཚུལ་གྱིས་དགབ་པ་དང་། །ཕེག་རྡོབ་ཚུལ་གྱིས་བརྡེབ་པ་དང་། །རྔ་ཡི་ཚུལ་གྱིས་བརྡུང་བ་དང་། །བཞད་པའི་ཚུལ་གྱིས་འཛུམ་པ་དང་། །ཁྲོ་བའི་ཚུལ་གྱིས་ཁྲོ་བ་དང་། །སྒེག་པའི་ཚུལ་གྱིས་སྒེག་པ་དང་། །འགྱིང་བའི་ཚུལ་གྱིས་འགྱིང་བ་དང་། །མདའ་འདྲེན་ཚུལ་དང་འཁྱུད་པ་དང་། །རྡོ་རྗེ་གསོར་ཞིང་ཕྱག་འཚལ་བའི། །ཚུལ་གྱིས་འདུད་པར་བྱ་བ་སྟེ། །ཕྱག་རྒྱའི་མཆོད་པ་ཉི་ཤུ་ཉིད། །ཅེས་བརྗོད། དེ་བཞིན་དུ་རེ་རེ་བཞིན་གླུ་ལེན་བཞིན་གནས་གསུམ་དུ་གར་བསྒྱུར་ནས་སླར་སྙིང་གའི་ཐད་ཀར་ལ་པི་ཝཾ་གི་ཚུལ་དང་། གླིང་བུའི་ཚུལ་དང་། དུང་གི་ཚུལ་དང་། ཕྱག་འཚལ་བའི་ཚུལ་དང་། སྦྲང་གཡབ་གྱི་ཚུལ་དང་། རྒྱལ་མཚན་གྱི་ཚུལ་དང་། བླ་རེའི་ཚུལ་དང་། འཕན་གྱི་ཚུལ་དང་། གདུགས་ཀྱི་ཚུལ་དང་། རྫ་རྔ་བརྡུང་བའི་ཚུལ་དང་། རྔ་པ་ཊ་ཧ་བརྡུང་བའི་ཚུལ་དང་། གར་བྱེད་པའི་ཚུལ་དང་། རྒོད་པའི་ཚུལ་དང་། འགྱིང་བའི་ཚུལ་དང་། ཁྲོ་བའི་ཚུལ་དང་། མདའ་འཕང་བའི་ཚུལ་དང་། རྡོ་རྗེ་གསོར་བའི་ཚུལ་དང་། ནུ་མ་འཚིར་བའི་ཚུལ་དང་། ཐལ་མོ་སྦྱར་བའི་ཚུལ་རྣམས་ཀྱིས་མཆོད་པར་བྱའོ། །མཛེས་པའི་རྡོ་རྗེ་གསོར་བྱས་ནས། །ཐམས་ཅད་མྱ་ངན་འདས་པར་དགྲོལ། །ཆོས་ཀྱི་རྣམ་པར་དག་བྱེད་པ། །རྡོ་རྗེ་སྙིང་པོ་འཛིན་པར་བྱ། །ཞེས་པས་ལྷ་སུམ་ཅུའི་བདག་ཉིད་ཅན་གྱི་རྡོ་རྗེ་ཐབས་ཀྱི་རྟོགས་པ་དང་ལྡན་པས་ལག་པ་གཡས་པས་བཟུང་། ཧཱུྃ་ཞེས་ལྷ་ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ཅན་གྱི་དྲིལ་བུ་ཤེས་རབ་ཀྱི་རྟོགས་པ་དང་ལྡན་པས་གཡོན་པས་བཟུང་། ཁུ་ཚུར་རྒྱབ་སྤྲད་མཐེའུ་ཆུང་སྦྲེལ་ནས། ཨོཾ་བཛྭ་གྷཎྜྻ་ར་ནི་ཏ་པྲ་ར་ནི་ཏེ། སརྦ་བུདྡྷ་པྲ་ཙ་ལི་ཏེ་པྲཛྙྱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷ་བེ་ནན། སརྦ་བུད་དྷ་སྲི་ད་ཡ་ཨ་ཝ་ཏོ་ཥི་ཎི་ཧཱཾ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་བརྗོད། རྡོ་རྗེ་གསོར་ལ་དྲིལ་བུ་དཀྲོལ་ཞིང་། དཔལ་ལྡན་སྐལ་བཟང་ཀུན་ནས་ཀུན་ཏུ་བཟང་པོ་ཆེན་པོ་དང་། །མཉམ་མེད་ཡེ་ཤེས་ཀྱི་གནས་དེ་བཞིན་གཤེགས་པ་མགོན་པོའི་མགོན་པོའོ། །ཕྱག་མཚན་དྲུག་གིས་བརྒྱན་པའི་དྲི་མེད་སེམས་ཅན་དག །དཔལ་ལྡན་རྡོ་རྗེ་སེམས་དཔའང་ཁྱོད་ཀྱི་ཞབས་ཀྱི་པདྨར་འདུད། །དཔལ་ལྡན་སྐུ་གསུང་ཐུགས་ལས་གྲོལ་བའི་ཞལ་གསུམ་པ། །འགྱིང་བག་ཁྲོ་བ་རྒོད་པ་དེ་བཞིན་སྤྱན་ཡང་གསུམ། །ཀླུ་དབང་ནོར་བུའི་འོད་མདོག་ཤིན་ཏུ་མཛེས་པའི་སྐུ། །ཕྱག་མཚན་དྲུག་གིས་མཚན་པའི་ཕྱག་མཆོག་ཕྱག་དྲུག་པ། །ཁ་ཊྶཱཾ་ལྷུང་བཟེད་རལ་གྲི་དགྲ་ཧྶ་རྡོ་རྗེ་དྲིལ་བུ་འཛིན། །ཧ་ཧ་ལ་སོགས་གད་སྒྲོག་དམྱལ་བའི་ལང་ལིང་གཅོད་བྱེད་པ། །ཐར་པར་ཕྱིན་པའི་སྲིད་པའི་རང་བཞིན་སྐྱེ་བ་མཆོག །ཡེ་ཤེས་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ཕྱག་འཚལ་བསྟོད། །དཔལ་ལྡན་སངས་རྒྱས་སྤྱི་གཟུགས་མཛེས་པ་སྐུ་མདོག་དཀར་བའི་སྐུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བའི་སྣོད་འཛིན་ཅིང་། །མགོན་མེད་སེམས་ཅན་ཀུན་དོན་དཀོན་མཆོག་གསུམ་འཛིན་སྐྱབས་མཛད་པ། །རྡོ་རྗེ་མཁའ་འགྲོ་མ་ཁྱོད་ཞབས་ལ་བདག་ཕྱག་འཚལ། །དཔལ་ལྡན་རིན་ཆེན་སྤྱི་གཟུགས་ཤིན་ཏུ་གསེར་མདོག་སྐུ། །ཁ་ཊྶཱཾ་བདུད་རྩི་དམ་པས་གང་བའི་ལྷུང་བཟེད་འཛིན། །སྡུག་བསྔལ་སེམས་ཅན་མང་པོ་ཚིམ་པར་བྱེད་པའི་སྐུ། །དྲག་མོ་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ། །དཔལ་ལྡན་ཆོས་ཀྱི་སྤྱི་གཟུགས་པདྨ་རཱ་གའི་མདོག །ཁ་ཊྶཱཾ་ཡར་བསྒྲེང་དྲག་པོའི་རོ་ཆེན་པོ་འཛིན་པ། །འགྲོ་ཀུན་ལ་སོགས་སྲིད་པའི་འཆིང་བ་གཅོད་བྱེད་པ། །རོ་ལངས་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ། །དཔལ་ལྡན་ལས་ཀྱི་སྤྱི་གཟུགས་མདོག་ལྗང་དོན་ཡོད་གཟུགས། །ཁ་ཊྶཱཾ་དྲག་པོ་མི་ཡི་ཐོད་པ་གསར་པ་འཛིན། །འདོད་པའི་ཉོན་མོངས་སྲིད་པའི་འཆིང་བ་གཅོད་བྱེད་མ། །གདོལ་པའི་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ། །དཔལ་ལྡན་སེང་གེ་མ་དང་སྟག་མོ་ཅེ་སྤྱང་འུག་མགོ་མ། །སྡིགས་མཛུབ་ཞགས་པ་དགེ་བའི་ལྕགས་ཀྱུ་དགྲ་ཧྶ་ཅན། །དམྱལ་བའི་སྡུག་བསྔལ་མང་པོ་ཐམས་ཅད་གཅོད་བྱེད་མ། །སྤྲུལ་པའི་སྐུ་རྣམས་ཁྱོད་ཀྱི་ཞབས་གཉིས་ལ་ཕྱག་འཚལ། །མཁའ་འགྲོ་མེ་མར་འཇིབ་བྱེད་འཕྲོག་བྱེད་ཁྱེད་རྣམས་ནི། །མཆོག་ཏུ་ས་རྣམས་སྲུང་བར་བྱེད་པ་དྲག་མོ་རྣམས། །སྡང་བ་གདུལ་དཀའ་གཞན་གྱི་རིག་པ་གཅོད་བྱེད་པ། །ལྷ་ཡི་མཁའ་འགྲོ་མ་ཀུན་ཞབས་གཉིས་ལ་ཕྱག་འཚལ། །སྒེག་མོ་ཡིད་དགའ་ཡིད་འོང་འཕྲེང་བ་གླུ་ལེན་མ། །ཤིན་ཏུ་གར་སོགས་དབྱངས་སྒྲ་གར་གྱི་ཡན་ལག་དགུ། །སྣ་ཚོགས་རྣམ་བཀོད་མེ་ཏོག་མཆོག་གི་སྤོས་སྣོད་དང་། །ཡེ་ཤེས་སྣང་བའི་མར་མེ་དགེ་བའི་རང་བཞིན་དྲི་ཞིམ་ཞིང་། །དཔའ་བོ་དབང་མཆོག་གསལ་བར་རྣལ་འབྱོར་མ་ཡི་འཁོར་ལོ་ནི། །སྦྱོར་བ་ཤིན་ཏུ་སྦྱོར་བ་སྦྱོར་བ་ཆེན་པོ་ལ། །ལུས་ངག་ཡིད་ཀྱི་ཆགས་པས་ནན་ཏན་དྲག་ཏུ་ནི། །དཔལ་ལྡན་གསང་བའི་གདན་མཆོག་མཆོད་གནས་ཕྱག་འཚལ་ལོ། །དཔལ་ལྡན་དེ་ཉིད་རྒྱལ་པོ་དམ་པ་དབང་ཕྱུག་སྤྱི་གཟུགས་ཀྱི། །དཔལ་ལྡན་གསང་བའི་གདན་མཆོག་འོད་ཟེར་རབ་འབར་བ། །དཔལ་ལྡན་རྡོ་རྗེ་དྲིལ་བུ་དཀྲོལ་སྦྱོར་དེ་བཞིན་ཉིད། །དཔལ་ལྡན་ཡེ་ཤེས་བརྟན་པའི་དབང་ཕྱུག་ལོངས་སྤྱོད་འདུད། །ཅེས་བསྟོད། ཨོཾ་ཤུདྡྷཿདྷརྨ་ཧཱུྃ། ཨ་ཨཱ་ཨ། ཨོཾ་སྭཱ་ཧཱ། བཞི་པ་ནི། བཟའ་བ་དང་ལྕགས་ཀྱུ་ལྔ་ཚོགས་པའི་གཏོར་མ་ཁུ་ཚུར་གཉིས་བཅིངས་མཐེ་བོང་སྦྲེལ་ནས། ཨོཾ་ཨ་ཧཱུྃ་ཧཱུྃ་གྷཱུཾ་ཕྲུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ། ཨོཾ་ཧཱུྃ་ཧཿསྭཱ་ཧཱ། ཅེས་རྩ་སྔགས་ལ་སྔར་གྱི་སྔགས་བཏགས་པ་དང་ཕྱག་རྒྱས་ཕུལ། དེ་ནས། ལག་པ་གཡས་པ་པདྨར་བསམ་པའི་སྟེང་དུ་ཨཱ་ལིས་གང་བའི་པདྨའི་སྣོད་བཞག །གཡོན་རྩེ་གསུམ་གྱི་ཕྱག་རྒྱ་རྡོ་རྗེ་འཕྱར་བར་བསམ། ཨོཾ་ཨཱ་ཧོཿསྲིཿགྲྀཾ་ཧཱུྃ་ཨ་སྭཱ་ཧཱ། སྦྱངས། གཡོན་པའི་མཐིལ་དུ་ས་དབྱངས་དང་གསལ་བྱེད་ཀྱི་ཡི་གེས་བསྐོར་བ་ལས་བདུད་རྩི་འཛགས་པས་ཨཱ་ལི་བདུད་རྩིའི་རྒྱ་མཚོར་བསམ། གཡོན་པའི་མཐེ་བོང་ས་ལས་གསེར་གྱི་ས་གཞི། སྲིན་ལག་ཧཱུྃ་ལས་རི་རབ། དེས་རྒྱ་མཚོ་བསྲུབས་པས་བདུད་རྩི་ཐོན་པ་མགྲིན་པར་མཆོད་རྟེན་དཀར་པོ་བསྒོམས་ལ། འཐོར་འཐུང་གསུམ་ཕུལ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པར་དགོངས་ཏེ་གསོལ། །ཨོཾ་ཧ་ཧོཿསྲཱིཿཞེས་པས་ལྷ་ཐམས་ཅད་ལ་ལན་གསུམ་གསུམ་ཕུལ་བས་མཉེས་པར་བསམ་མོ། །དེ་ནས་ཐོད་པ་མདུན་དུ་གཞག་སྟེ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་རྒྱབ་སྤྲད་དེ་སྲིན་ལག་གཉིས་དང་མཛུབ་མོ་གཉིས་ལྕགས་སྒྲོག་ལྟར་སྦྲེལ། ཨོཾ་བྷཀྵ་བྷཀྵ་སརྦྦ་ཡོ་གཱི་ཤཱ་རི་ཧཱུྃ་ཧཱུྃ་ཧཱུྃ་ཛཾུ་སྭཱ་ཧཱ། ཨོཾ་སྭ་བྷཱ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཨོཾ་བཛྭ་ཤུདྡྷཱཿསརྦ་དྷརྨཱཿབཛྭ་ཤུདྡྷཱོཧཾ། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷཱརྨཱ་ཡོ་ག་ཤུདྡྷཱོཧཾ། དེ་ནས། གཙོ་བོའི་ཐུགས་ཀར་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་སྙིང་གར་ཡེ་ཤེས་ཀྱི་སེམས་དཔའ་ཧཱུྃ། དེའི་མཐར་སྔགས་བཀོད་ནས་འཁོར་རྣམས་ཀྱིས་ཟློས་གྲོགས་བྱེད་པར་བསམས་ལ། ཨོཾ་ཧཱུྃ་ཧཿསྭཱ་ཧཱ། ཡུམ་འཁོར་རྣམས་ལ་དེ་ཉིད་དང་གཙོ་བོ་གཉིས་ཀའི་ཐུགས་ཀར་སྔགས་བཀོད་གཙོ་བོས་ཟློས་དེས་ཟློས་གྲོགས་བྱེད་པར་བསམ། དེ་ནས་ཟབ་པའི་སྙེ་མ་བཞིན་དུ་རྫོགས་རིམ་བསྒོམ། གསུམ་པ་ནི། དུབ་ན་སྔར་བཞིན། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། སོགས་ནས། ཨོཾ་ཨི་སྭཱ་ཧཱ། བར་གྱིས་མཆོད་ནས། དུར་ཁྲོད་ཀྱི་ཞིང་སྐྱོང་ནག་པོ་དྲག་པོ་ལ་སོགས་པ་བཞི་བཅུ་འཁོར་བཅས་ཕྱོགས་མཚམས་ནས། ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་བྷ་ཏ་ལི་མ་ཧཱ་བྷ་ཏ་ལི་ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཞེས་པས་སྤྱན་དྲངས། མཆོད་ཆབ་ཞབས་བཀྲུ་དྲི་མེ་ཏོག་སྤོས་མར་མེ་སྔར་བཞིན་མཆོད། རྒྱས་པར་མཆོད་པ་ཉི་ཤུ་ཡང་བྱ། ཇི་ཙམ་རྙེད་པར་བཟའ་བཏུང་གི་གཏོར་མ་གཡོན་དུ་བཞག་པ་གཡས་པས་སྡིགས་མཛུབ་བསྒྲེང་། གཡོན་པ་བ་དན་གསུམ་པའི་ཕྱག་རྒྱས་གཏོར་མ་ལ་རེག་སྟེ། ཨོཾ་དུར་ཁྲོད་དང་ནི་ཤིང་གཅིག་དང་། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་གཞི་མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁྱིམ་སྟོང་དང་། །སེམས་ཅན་གནས་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་ཆེན་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བརྟེན་པ་དང་། །ནག་པོ་རྩིགས་དང་མི་སྡུག་དང་། །རྒ་ལས་འདས་དང་ལོག་འདྲེན་དང་། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མ་དང་། །རྒྱལ་དང་རྣམ་པར་རྒྱལ་མ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མོ། །ཐོད་ཕྲེང་འཕྲེང་དང་ཁ་ཊྶཱཾ་ག །སྦྲུལ་ཆེན་རལ་གྲི་དགྲ་ཧྶ་ཅན། །རྡོ་རྗེའི་དེ་ནི་གཞུ་ཅན་མ། །དེ་ཉིད་ཆེན་མོ་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །རྡུལ་མེད་རྣལ་འབྱོར་སྦྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ལན་གསུམ་བརྗོད་པས་དགུག །ཨོཾ་ཀ་ཀ་ཀཱ་དྷ་ན། བ་བ་བནྡྷ་ན། ཁ་ཁ་ཁཱ་དྷ་ན། སརྦ་དུཥྚན། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ། ཨ་མུ་ཀ་ཀྵྼ་ཨི་དཾ་ཀ་ར་ཡེ། ས་ད་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཛ་སྭཱ་ཧཱ། ལས་སོ་སོའི་ཤམ་བུ་ཁ་བསྒྱུར་བས་བསྐུལ། བདུད་རྩིས་ཁ་ཡོངས་སུ་བཀང་། འབར་བའི་ཕྱག་རྒྱ་སྤྱི་བོར་བཅིངས་ནས་མངོན་པར་འདོད་པའི་དངོས་པོ་ཡིད་ལ་བྱས་ནས། ཁྱེད་ཀྱི་ངེས་པའི་དོན་དུ་དགོས་པ་གྱིས་ཤིག ཅེས་སྦྱར་ཏེ་གཏོར་མ་ལ་ཁ་ཕྲུ་བཏབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨུ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏྟ་ཨོཾ་བྷྲུཾ་ཞེས་པས་བསྔོས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་འདོད་པ་གསོལ། ཨོཾ་བྷྱོ་བརྟ་ལི་མ་ཧཱ་བརྟ་ལི་ཚེ། ཞེས་པས་དུད་པའི་སོལ་བ་མ་འཁོར་བཅས་སྤྱན་དྲངས་ལ། ཨོཾ་ཀུ་རུ་ཀུ་རུ་བྷ་ཏ་ལི་བྷ་ཏ་ལི་མ་ཧཱ་བྷ་ཏ་ལི། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀཱི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་ནས། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་བཞིན་ཁྱོད་ཀྱིས་སྒྲུབ་པར་གྱིས། ཀུ་རུ་ཧཱུྃ། གྲྀ་གྲྀ་སརྦ་དུཥྚུན་བྷཀྵ་བྷཀྵ་ཕྲཾ་ཕྲིཾ་ཕྲེཾ་ཕྲཾ་སྭཱ་ཧཱ། འཁོར་དང་བཅས་པས་ཧབ་དིར་གྱིས་གསོལ་བར་བསམ། རྡོ་རྗེ་ཁུ་ཚུར་མཛུབ་མོ་གཉིས་མཆེ་བའི་ཚུལ་གྱིས་ཁའི་གྲྭར་བཞག །གཤེགས་སུ་གསོལ། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། ཨོཾ་པྲ་ཝ་ར་སཏྐྲ་རཱ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱིཾ་སྭཱ་ཧཱ། ཨོཾ་ཨིཾ་སྭཱ་ཧཱ། ཨོཾ་ཀྵུཾ་སྭཱ་ཧཱ། ཨོཾ་ཨི་སྭཱ་ཧཱ། བར་གྱིས་མཆོད་ནས། སེམས་དཔའ་ཆེན་པོ་དང་པོ་མཆོག །དགའ་བ་ཆེན་པོ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །ཐུགས་ཀྱི་སེམས་དཔའ་ཏིང་འཛིན་མཆོག །རྡོ་རྗེ་རྡོ་རྗེ་ཆེན་པོའི་སྟོབས། །ཀུན་ཏུ་བཟང་པོ་སྤྱོད་པའི་སྟོབས། །བདུད་དང་བདུད་ནི་རབ་འཇོམས་པ། །ཀུན་གྱི་ཁྲོ་བོ་ཁྲོ་ཆེན་པོ། །སངས་རྒྱས་སངས་རྒྱས་ཆོས་སྐྱེས་མཆོག །རྡོ་རྗེ་ཧཱུྃ་བྱེད་ཧཱུྃ་བྱེད་པ། །འཇིག་རྟེན་དབང་ཕྱུག་ནོར་བུ་སྦྱིན། །ཆགས་པ་ཆེན་པོ་བདེ་བ་ཆེ། །འདོད་པ་ཐར་པ་དོན་ཆེན་པོ། །སྲིད་གསུམ་འཇིག་རྟེན་ནོར་གྱི་མཆོག །འཇིག་རྟེན་གསུམ་མཆོག་ཁམས་གསུམ་ལ། །མི་གཡོ་རབ་མཆོག་མི་གསལ་བ། །ཤིན་ཏུ་ཕྲ་དང་རགས་འདུས་པ། །གཡོ་དང་རབ་མཆོག་ཐོབ་པ་ཡི། །སྲིད་དང་འཁོར་བ་དག་བྱེད་པ། །ཐོག་མ་མེད་པ་མཐའ་མེད་པ། །ཐོག་མ་མཐའ་དང་སྔོན་ཕྱི་དང་། །ཐམས་ཅད་དུ་ནི་ཡང་དག་གནས། །སྙིང་པོ་ཕྱག་རྒྱ་དམ་ཚིག་སྦྱོར། །དེ་བཞིན་ཉིད་སེམས་མཆོད་པ་ཆེ། །རྡོ་རྗེ་ཁྲོ་བོ་ཁྲོ་ཆེན་པོ། །འཇིགས་པའི་འབར་བ་འདུལ་བྱེད་པ། །སྡང་བ་ཆེན་པོ་མཆོག་ཏུ་འདུལ། །མི་བཟད་དྲག་པོའི་འཇིགས་བྱེད་པ། །དེ་བཞིན་གཤེགས་པ་གྲུབ་པ་ཆེ། །ཆོས་དང་ལས་དང་ཆེ་བའི་མཆོག །དམ་པའི་ཆོས་དང་ལས་གྱི་ལམ། །བྱང་ཆུབ་སེམས་ནི་རྒྱས་པར་བྱེད། །ཀུན་གྱི་དག་པ་པདྨ་ཆེ། །ཐབས་དང་ཤེས་རབ་ནོར་ཆེ་བ། །འདོད་ཆགས་དག་པ་ཏིང་འཛིན་མཆོག །སྣ་ཚོགས་འདོད་ཆགས་དབང་ཕྱུག་ཆེ། །ནམ་མཁའ་མཐའ་ཡས་རྟག་པའི་དོན། །འབྱུང་བ་ཆེན་པོ་ཀུན་གྱི་གཞི། །ལོངས་སྤྱོད་དཔལ་གྱི་རྒྱལ་པོ་གཙོ། །འདོད་པ་ཐམས་ཅད་རྫོགས་བྱེད་པ། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་བསྟོད། །གུས་པས་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་དེ་དག་འགྲུབ། །ཨོཾ་བདག་གི་ཆོ་ག་མ་ཚང་རྣམས། །བཅོམ་ལྡན་འདས་ལ་བཟོད་པར་གསོལ། །ཞེས་བརྗོད་ནས། རྡོ་རྗེ་ཐལ་མོ་སྙིང་གར་བཞག་སྟེ། སེམས་ཅན་ཐམས་ཅད་ནད་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཏེ། །གང་གི་ལམ་གནས་འགྲོ་བ་ཡིས། །སངས་རྒྱས་ཉིད་དུ་འགྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ད་ལྟར་རྗེས་སུ་བརྩེ་བའི་ཕྱིར། །རྣལ་འབྱོར་གཙུག་ལག་བདག་བགྱིས་སོ། །ཨོཾ་ཞེས་བརྗོད་ལ། ཨོཾ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་ཕན་པར་མཛད་པ་དང་། །སངས་རྒྱས་ཡུལ་དུ་བྱོན་ནས་ཀྱང་། །སླར་ཡང་འདིར་ནི་གཤེགས་སུ་གསོལ། །ཞེས་བརྗོད་ཅིང་གཡོན་པ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་སྙིང་གར་བཞག་ལ། གཡས་པའི་ལག་པ་བརྐྱང་ལ་ས་ལ་བཞག་སྟེ། ཨོཾ་ད་མ་ཏིསྟ་ཧཱུྃ་སྭཱ་ཧཱ། ཞེས་པས་གཤེགས་སུ་གསོལ། ཨོཾ་སརྦ་དུཥྚ་གྲྀ་གྲྀ་གཙྪ་གཙྪ་ཧཱུྃ་ཕཊ྄། ཅེས་སེ་གོལ་གྱིས་ཕྱིའི་ལྷ་གཤེགས་སུ་གསོལ་ལོ། །རང་གི་དབུགས་ཀྱིས་བསྡུས་ཏེ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་ནི་སྤྱི་བོ་མིག་རྣ་བ་སྣ་ལྕེར། སེང་གེ་མ་སོགས་མགྲིན་དཔུང་སྙིང་ལྟེ་བ། སྒོ་བསྲུང་བཞི་ནི་གཡས་དང་གཡོན་གྱི་བརླ་དང་རྗེ་ངར་གཉིས་སུ། པུཀྐ་སཱི་སོགས་ལྕེ། དྲག་མོ་སོགས་བྲང་། གཏུམ་མོ་སོགས་ཁ། ཐོད་འཕྲེང་མ་སོགས་ལྕེར། སྒེག་སོགས་བརྒྱད་སྙིང་ནུ་བར་མགྲིན་པ། མགོ་བོ་སོ་གསང་བ། དཔུང་པ། མིག་ལ་ཡི་གེའི་རྣམ་པར། ཀེང་རུས་འཇིགས་བྱེད་སོགས་སེམས་དཔའ་བཅུ་དྲུག་དབུགས་དང་འོད་ཟེར། འཇིག་རྟེན་པའི་ལྷ་ཆེན་བརྒྱད་བ་སྤུའི་ཁུང་དང་རྐང་སོགས་ལ་རིམ་པ་བཞིན་དུ་ཡི་གེའི་གཟུགས་སུ་འཁོད་པར་གྱུར། བ་དན་གསུམ་པའི་ཕྱག་རྒྱས་འགོད་པར་བྱའོ།། ༈ །།ད་ནི་དབང་བསྐུར་བའི་རིམ་པ་བཤད་པར་བྱ་སྟེ། སློབ་མ་བརྟག་པ་ལ་འཇུག་པ་དང་སྔོན་དུ་བསྙེན་པ་དང་ལྷ་དབབ་པའི་ཕྱིར། ཨོཾ་བཛྭ་ཨཱ་བེ་ཤ། འབུམ་ཕྲག་གསུམ་གྱིས་མཐོང་བས་འབེབས་པ་དང་། ཨོཾ་མ་ཏ་ལི་ཧཱུྃ་ཕཊ྄། འབུམ་ཕྲག་གསུམ་གྱིས་ཐོས་པས་དང་། ཨོཾ་མ་ཏ་ལི་ཙི་ཏ་ཙ་ལི་ཏེ་ཧུཾ་ཧཱུྃ་ཕཊ྄། འབུམ་ཕྲག་གཅིག་གིས་རིང་ནས་འབེབས་པ་དང་། ཨོཾ་བྷ་ཏཱ་ལི་བྷ་ཏ་ལི་ཧཱུྃ་ཕཊ྄། འབུམ་ཕྲག་གསུམ་བཟླས་པས་མིང་ནས་བརྗོད་པ་ཙམ་གྱིས་ལྷ་ཐམས་ཅད་འབེབས་པར་འགྱུར་བ་དང་། ཨོཾ་པ་ཏ་ལི་པ་ཏ་ལི་ཧཱུྃ་ཕཊ྄། འབུམ་ཕྲག་གཅིག་ཏུ་བསྙེན་ན་ཆུ་དང་གསེག་མ་རྡོ་ཤིང་རྣམས་ཀྱང་འབེབས་པར་འགྱུར་བར་གསུང་། བསྙེན་ནས་དམིགས་པ་གཞན་ཡེ་ཤེས་འབེབས་པ་ནས་འབྱུང་བ་ལྟར། སློབ་དཔོན་སེང་གེ་མའི་གཟུགས་སུ་གནས་པ་སྔགས་དེ་དག་གིས་བསྔགས་པའི་ཆུ་དང་བཅས་པའི་མེ་ཏོག་གཏོར། ཨོཾ་ར་མ་ར་མ་ཧོཿཧོཿཧོཿཨ་ཨ་ཨ་ཕཊ྄། ཅེས་བརྗོད། ར་རོག་པོའི་ཡན་ལག་ལྔ་ཉྭ་བཞི་ལྕེ་དང་བཅས་ལ་འབྱུང་བ་ལྔའི་ས་བོན་བཟླས། སྙིང་གར་ཡེ་ཤེས་ཀྱི་ས་བོན་སྦྱར། གུ་གུལ་ཆེན་པོ་མར་ནག་ཆེན་པོ་དང་སྔར་གྱི་ལྔ་ཆ་མཉམ་པར་བསྲེས་པ་བདུད་རྩིར་ཆུ་དང་གུ་གུལ་དང་སྦྱར་བ་ལ་རྡོ་རྗེ་ས་བོན་ཧཱུྃ་བཟླས་ལ་དེས་གདབ། བདུད་རྩི་ལྔ། ལྕགས་ཀྱུ་ལྔ། བཅུ་མར་ནག་ཆེན་པོ་དང་ཆ་མཉམ་ཆང་ལ་སྦྱར་བ་ཁར་སྦྱིན་པས་ཕབ་པས་བབས་པ་དག་དམ་ཚིག་ཅན། བཟློག་པ་སྐལ་མེད། དང་པོ་སོར་བྱང་གི་སྡོམ་པ་གཉིས་ལ་བཀོད་པ་རྗེས་སུ་འཛིན་པའི་ཕྱིར། སྙིང་རྗེའི་སེམས་ཀྱིས་སའི་ཕྱོགས་དག་པར་སོང་ནས་གནས་ཉེ་བར་བརྒྱན། མཆོད་གཏོར་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱས་ཏེ། རང་ཉིད་སྐད་ཅིག་གིས་རྣལ་འབྱོར་ནམ་མཁའི་སྐུར་གསལ་བར་གྱུར་པར་བསམ་ལ། ལག་པ་གཡས་པའི་མཐིལ་དུ་ཨ་དམར་པོ་ལས་སོགས་ནས། འཕྲོག་བྱེད་ཅོད་པན་སོགས་མཐར་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་པའི་བར་གྱིས་དང་པོའི་སྦྱོར་བ་རྫོགས་པར་བྱས་ལ། སྟེགས་བུའི་དབུས་སུ་མཎྜྻལ་ལ་དྲིའི་ཐིག་ལེ་དང་། ཚོམ་བུ་བཀོད་པའི་མཐར་མཆོད་ཡོན་དང་ཉེར་སྤྱོད་གཏོར་མ་བཅས་བཤམས་ལ། བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་ལཾ་ལས་སྐྱེས་པའི་ས་ཡི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པ། གཡས་ཁས་ལེན་པའི་ཕྱག་རྒྱ་དང་། གཡོན་རིན་པོ་ཆེའི་བུམ་པ་བསྣམས་ཞིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་གསེབ་ནས་ཐོན་ཏེ་འཁོད་པར་བསམ་ལ། དྲིལ་བུ་བསིལ་ཞིང་། ཨོཾ། ཚུར་བྱོན་ཚུར་བྱོན་ལྷ་མོ་ཆེ། །ས་ཡི་ལྷ་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །མཆོག་གི་རྒྱན་གྱིས་རབ་ཏུ་བརྒྱན། །མགུལ་དོ་ཞབས་གདུབ་སིལ་སིལ་ཅན། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་མཛོད་ལ། །དཀྱིལ་འཁོར་ལས་རྣམས་རྟག་ཏུ་སྒྲུབ། །སྲཱི་ཧི་ཧི་བཾ་སྭཱ་ཧཱ། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱིཾ་སྭཱ་ཧཱ། ཨོཾ་ཨིཾ་སྭཱ་ཧཱ། ཨོཾ་ཀྵུཾ་སྭཱ་ཧཱ། ཨོཾ་ཨི་སྭཱ་ཧཱ། བཅས་ཉེར་སྤྱོད་ལྔས་མཆོད། ཨོཾ་གུཾ་སྭཱ་ཧཱ། ལན་གསུམ་ཕྱག་རྒྱ་དང་བཅས་པས་གཏོར་མ་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེངྒེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་དང་། རྡོ་རྗེ་ཁུ་ཚུར་དཀུ་གཉིས་སུ་བཞག་ནས། མཛེས་མ་ཁྱོད་ལ་བདག་གསོལ་འདེབས། །བདག་ལ་བཀའ་དྲིན་མཛད་དུ་གསོལ། །ཨོཾ་ཧཱུྃ་ཛུཾ་ཛུཾ་ཛུཾ་ཛུཾ་སྭཱ་ཧཱ། དེ་ལྟར་གསོལ་བ་བཏབ་པས། ཕྱོགས་འདིར་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས། ཡེ་ཤེས་པ་གཤེགས། དམ་ཚིག་པ་དེ་ཉིད་དུ་ཐིམ་པར་བསམ་ལ། སའི་ལྷ་མོ་ལས་ས་བསླང་ངོ་། ཚོམ་བུ་དང་མཆོད་པ་བསྡུས་ཏེ་རྐྱང་ནུལ་བྱ། དེ་ནས། ཨོཾ་ཧཱུྃ་སྭཱ་ཧཱ་བཛྭ། ཞེས་པས་རྡོ་རྗེ་དང་། ཨོཾ་ཧོཿསྭཱ་ཧཱ། ཞེས་པས་དྲིལ་བུ་བཟུང་ནས་མཉམ་པར་བཞག །བུམ་པའི་ནང་དུ་སྐད་ཅིག་གིས་རྡོ་རྗེ་མཁའ་འགྲོ་མ་གཟུགས་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རྡོ་རྗེ་དང་དྲིལ་བུ་བསྣམས་པ། འོད་ཟེར་དཀར་པོ་འཕྲོ་བ། པདྨའི་གདན་ལ་བཞུགས་པ་གསལ་བར་གྱུར། རང་འདྲའི་ཡེ་ཤེས་པ་ཛཿཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཧཱུྃ་སྭཱ་ཧཱ། དེ་བཞིན་ཤྲཱིཾྎ ཨིཾྎ ཀྵུཾྎ ཨིྎ ལྔས་མཆོད། རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བསྒྲེང་རྩེ་མོ་བཀུག་པ་སྙིང་གར་བཅས་ཏེ། ཨོཾ་ཨཱཿསྭཱ་ཧཱ། ཞེས་དམ་ཚིག་ལ་བཞག རྡོ་རྗེ་རྩེ་མོས་བུམ་པར་རེག་ནས་སྔགས་དེ་བརྒྱ་རྩ་བརྒྱད་བཟླས། དེ་ནས་སློབ་མ་བཞི། མ་འབྱོར་ན་ཐ་ན་སློབ་དཔོན་རང་ཉིད་ཀྱིས་བདུད་ལ་སོགས་པ་བསྐྲད་པའི་ཕྱིར། སྤྲུལ་པའི་དཀྱིལ་འཁོར་པ་རྣམས་དབུགས་ཀྱིས་དྲངས་ཏེ་རང་གི་ལུས་ཀྱི་གནས་སོ་སོར་གཞུག་པར་གྱུར། རང་ཉིད་རྣལ་འབྱོར་ནམ་མཁར་གསལ་བའི་སྤྱི་བོར་ཀྵུཾ། མིག་གཉིས་ལ་ཧཱུྃ། རྣ་བ་གཉིས་དང་སྣ་ལ་ཡུཾ། ལྕེ་ལ་སུཾ། མགྲིན་པར་སཾམརཡུ། དཔུང་པ་གཉིས་ལ་ཧཾམརཡུ། སྙིང་གར་ཡཾམརཡུ། ལྟེ་བར་ཀྵཾམརཡུ་རྣམས་ཀྱིས་མཚན་པར་གྱུར། ཅེས་གོ་བགོ། ཨོཾ་བཛྭ་ཀཱ་ཡ་ཧོ། ཨོཾ་བཛྭ་ཝཱཀ྄་ཨཱཿ ཨོཾ་བཛྭ་ཙིཏྟ་ཧཱུྃ། ཞེས་རྒྱས་གདབ། ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ། ཞེས་དབང་བསྐུར། ཨོཾ་ཊུཾ་ཧཱུྃ་ཧཱུྃ་སྭཱ་ཧཱ། རྡོ་རྗེ་མདུད་པ་བཅིང་། ཨོཾ་ཧཱུྃ་སྭཱ་ཧཱ། དར་དཔྱང་བཅིང་། དེ་ནས་རྡོ་རྗེ་སློབ་དཔོན་རྡོ་རྗེ་དང་དྲིལ་བུ་ཐོགས་ལ་གཞི་དེར་སོང་སྟེ་བགེགས་ཐམས་ཅད་ཤེས་པར་བྱས་ལ་འགྲེང་ནས་གནས་ཏེ། ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངས་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །ཞེས་དང་། རྡོ་རྗེ་ཁུ་ཚུར་གཉིས་ནུ་སྟེང་དུ་བཅིང་ནས། ཨོཾ། གང་སུ་ཡང་རུང་བའི་གནས་ཀྱི་བདག་པོར་གྱུར་པ་རྣམས་གཞན་དུ་དེངས་ཤིག །སའི་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས། ཀླུ་དང་གནོད་སྦྱིན་ལ་སོགས་པ་དང་། དྲི་ཟ་དང་འབྱུང་པོ་དང་འབྱུང་མོ་དང་། མཁའ་འགྲོ་མ་རྣམས་མྱུར་བ་ཉིད་དུ་སོང་ཞིག །ཨོཾ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཞེས་དང་། སུཾ་བྷ་ནི་བརྗོད་ཅིང་བགེགས་བསྐྲད། རྡོ་རྗེ་བསྐོར་ཞིང་ཅོད་པན་འཕངས་ཞིང་དྲིལ་བུ་དཀྲོལ་བས་ཤར་སྒོར་སོང་། གཞི་བཅའ། ཧཱུྃ་ཞེས་བརྗོད། མཉམ་པ་དང་མི་མཉམ་པ་དང་། གཅིག་བསྐུམ་པ་དང་གཡོན་བརྐྱང་བའི་སྟངས་སྟབས་བྱ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོ་མོའི་སྐུར་གསལ་བའི་ང་རྒྱལ་གྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ཧཱུྃ་ཧ་ན་ཧ་ན་མཱ་ར་ཡ་དུཥྚུན་གྷཱ་ཏ་ཡ་གྷཱ་ཏ་ཡ། ཨཿཨཿ ཧཱུྃ་སྲཱིཿཕཊ྄། བྱང་སྒོར་སོང་སྟེ། རང་ཉིད་སྐད་ཅིག་གིས་དྲག་མོ་མཁའ་འགྲོ་མར་གསལ་བའི་ང་རྒྱལ་གྱིས་རྡོར་དྲིལ་དང་བཅས་ཐལ་མོ་སྙིང་གར་སྦྱར་ཏེ་གཡས་བརྐྱང་གཡོན་བརྐྱང་ས་ག་དང་ཟླུམ་པོའི་སྟབས། ཨོཾ་ཧཱུྃ་ཨཱཿཕཊ྄། དེ་ནས་ནུབ་སྒོར་སོང་སྟེ། རང་ཉིད་སྐད་ཅིག་གིས་རོ་ལངས་མཁའ་འགྲོ་མ་གསལ་བའི་ང་རྒྱལ་གྱིས་རྡོར་དྲིལ་དང་བཅས་པས་ལག་པ་རྐེད་པར་བཙུགས། པུས་མོ་སྦྱར་དང་གཡོན་སྙེམས་བཅས་གཡོན་བསྐོར་སེང་གེའི་སྟབས། ཨོཾ་ཧཱུྃ་ཨཾ་ཕཊ྄། དེ་ནས་ལྷོ་སྒོར་སོང་ལ། རང་ཉིད་སྐད་ཅིག་གིས་གཏུམ་མོ་མཁའ་འགྲོ་མ་གསལ་བའི་ང་རྒྱལ་གྱིས་རྡོ་རྗེ་དང་དྲིལ་བུ་དང་བཅས་པས་སྤྱི་བོར་ཐལ་མོ་སྦྱར། པུས་མོའི་རྐང་སྟབས་དང་། རུས་སྦལ་སྟབས་དང་། བསྐོར་བ་དང་། བཟློག་སྟབས་བྱ། ཨོཾ་ཧཱུྃ་ཨཿཕཊ྄། ཅེས་པས་ཕྱོགས་མཚམས་དང་། དེ་ནས་ཤར་དུ་ལོགས་པས་སླར་ཡང་འཕེན་པའི་སྟབས། གཡས་ཀྱིས་རྡོ་རྗེ་སྙིང་གར་བཟུང་། རང་ཉིད་སྐད་ཅིག་གིས་ཡེ་ཤེས་མཁའ་འགྲོ་མ་གསལ་བའི་ང་རྒྱལ་གྱིས་ཧཱུྃ་ཞེས་བརྗོད་ཅིང་གཞི་བཅའ། གཡས་བརྐྱང་གཡོན་བརྐྱང་། གཡས་བསྐུམ་གཡོན་བསྐུམ། དེས་དབུས་དང་འོག་གི་བགེགས་བཅོམ། ཡེ་ཤེས་མཁའ་འགྲོའི་ང་རྒྱལ་གྱིས་སེམས་དཔའི་དཀྱིལ་ཀྲུང་བཅས་ལག་གཉིས་ཁ་སྦྱར་བའི་སོར་མོ་རྣམས་བརྐྱང་བའི་རྩེ་མོ་སྤྲད། ཨོཾ་ཧཱུྃ་ཕུ་བུ་ཕཊ྄། དྲྭ་བ་དང་བཅས་པའི་རྡོ་རྗེའི་གུར་དུ་གྱུར། རྡོ་རྗེ་ཐལ་མོ་བཅིངས་ནས་མཐེ་བོང་གཉིས་བསྒྲེང་། མཐེའུ་ཆུང་གཉིས་སྦྱར་ཏེ་བརྒྱང་ནས་ཕྱོགས་བརྒྱད་དུ་བསྐོར། ཨོཾ་ཛམྦྷ་ན་ཧཱུྃ་ཕཊ྄། རྭ་བ་ཆེན་པོ་མི་ཤིགས་པས་ཀུན་ནས་བསྐོར་བར་གྱུར། ལག་པ་གཉིས་རྡོ་རྗེ་རྩེ་མོ་ལྔ་པ་ས་ལ་གནས་ལྔར་བསྣུན་པས། ཨོཾ་ཧཱུྃ་ཕུཾ་ཕཊ྄། ས་འོག་ཕུར་བུ་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་ས་གཞིར་བསམ་པས་དཀྱིལ་འཁོར་བསྲུང་ངོ་། །ནུབ་གཉིས་པའི་ཆོ་གའོ། །༼གདན་བཞིའི་ཆོ་ག་གཞན་དུ་སྐབས་འདིར་ལྷ་སྟ་གོན་མཛད་པའི་ལུགས་སུ་སྣང་ཡང་འདིར་དཀྱུས་སུ་མི་འབྱུང་།༽ །དེ་ནས་སློབ་དཔོན་དཔའ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་འབོལ་བའི་སྟན་ལ་འདུག་ནས་བུམ་པ་ཆུས་བཀྲུས་ཤིང་། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་ཧཱུྃ་སྭཱ་ཧཱ། ལན་གསུམ་གྱིས་ལྷའི་ཆུ་བོ་གདྒཱ་བཀུག་པར་བསམ། འོ་མ་དང་དྲི་ཞིམ་པོ་སྣ་ཚོགས་དང་མེ་ཏོག་དང་བདུད་རྩི་ལྔ་བསྲེས། ཤིང་ལོས་བརྒྱན། མགུལ་དཀྲིས། མེ་ཏོག་གི་འཕྲེང་བའི་གཟུངས་ཐག་བཏགས། གཡོན་བ་དན་གསུམ་པའི་ཕྱག་རྒྱས་དེ་རྣམས་ལ་རེག་ཅིང་། ཨོཾ་ཧཱུྃ་སུཾ་ཀྵུཾ་ཡུཾ་ཧཱུྃ་ཕཊ྄་སྭཱ་ཧཱ། སྔར་བཞིན་བཞག་གོ། །དེ་ནས། ལག་པ་གཡས་པའི་མཐིལ་དུ་ཨ་དམར་པོ་ལས་ཉི་མའི་དཀྱིལ་འཁོར། མཛུབ་མོ་ལ་སུཾ། གུང་མོ་ལ་ཀྵུཾ། སྲིན་ལག་ལ་ཡུཾ། མཐེའུ་ཆུང་ལ་ཧཱུྃ། མཐེ་བོང་ལ་ཨ་ལས་རྡོ་རྗེ་རྩེ་ལྔ་པ། གཡོན་པའི་མཐིལ་དུ་ས་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར། མཛུབ་མོ་ལ་སཾམརཡུ། གུང་མོ་ལ་ཧཾམརཡུ། སྲིན་ལག་ལ་ཡཾམརཡུ། མཐེའུ་ཆུང་ལ་ཀྵཾམརཡུ། མཐེ་བོང་ལ་པཾ་ལས་པདྨ་འདབ་མ་ལྔ་པ། གཡོན་པ་བ་དན་གསུམ་པའི་ཕྱག་རྒྱས་རེག་ཅིང་། སྤྱི་བོར་ཀྵུཾ། མིག་གཉིས་ལ་ཧཱུྃ། རྣ་བ་གཉིས་དང་སྣ་ལ་ཡུཾ། ལྕེ་ལ་སུཾ། མགྲིན་པར་སཾམརཡུ། དཔུང་པ་གཉིས་ལ་ཧཾམརཡུ། སྙིང་གར་ཡཾམརཡུ། ལྟེ་བར་ཀྵཾམརཡུ། དགོད། ཡང་ལག་པ་གཉིས་ཀྱི་སོར་མོ་བརྐྱང་། མཐེ་བོང་བསྣོལ་བ་ངང་པའི་གཤོག་པ་ལྟ་བུ་ཕྱིར་བཟློག་སྟེ་ཁ་ནང་དུ་བསྟན་པས། ཨོཾ་ཧཱུྃ་ཕཊ྄། ལུས་ཐམས་ཅད་ལ་རྡོ་རྗེའི་གོ་ཆ་ལེགས་པར་བསམ། སོགས་ནས། བདག་བསྐྱེད་བཟླས་པའི་བར་བྱས། དེ་ནས། ཨོཾ་ཧཱུྃ་སྭཱ་ཧཱ། དེ་བཞིན་ཤྲཱིཾྎ ཨིཾྎ ཀྵུཾྎ ཨིྎ ཅེས་དྲི་ལ་སོགས་པ་ལྔས་མཆོད། བ་དན་གསུམ་པའི་ཕྱག་རྒྱས་གནས་གསུམ་དུ་གཏུག་ཅིང་། ཨོཾ་བཛྭ་ཀཱ་ཡ་ཧོཿཨོཾ་བཛྭ་ཝཱཀྐཱ་ཨཱཿཨོཾ་བཛྭ་སྲྀ་ད་ཡ་ཧཱུྃ། ཨོཾ་སྭ་བྷཱ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཨོཾ་བཛྭ་ཤུདྡྷཱཿསརྦ་དྷརྨཱཿབཛྭ་ཤུདྡྷཱོཧཾ། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷཱརྨཱ་ཡོ་ག་ཤུདྡྷཱོཧཾ། ཅེས་དག་པ་གསུམ་བརྗོད། དེ་ནི་བདག་ཉིད་མངོན་པར་བྱང་ཆུབ་པས་རོལ་པའི་ཆོ་གའོ། །དེ་ནས་བུམ་པ་ལྷ་གྲངས་ཡོད་ན་སོ་སོར་བསྐྱེད་དགོས་ཀྱང་རྣམ་བུམ་ཁོ་ནའི་ཚེ་རྩ་བའི་ལྷ་བཅུ་གསུམ་ཁོ་ན་བསྐྱེད་པ་གོང་མའི་ཕྱག་བཞེས་ཡིན་པས་དེ་ལྟར་ན། བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་སེང་ཁྲི་པད་དཀར་ཉི་མའི་དཀྱིལ་འཁོར། སྟེང་དུ་གདུགས་དཀར་པོས་མཛེས་པ། འདབ་མ་བརྒྱད་ལ་སོ་སོའི་ཁྲི་དང་པད་ཟླ། ཕྱོགས་བཞིར་པད་ཉི་རོ་གདན་དང་བཅས་པ་གསལ་བའི་གདན་དབུས་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་ཡིག་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའ་སྐུ་མདོག་སྔོན་པོ་རྩ་བའི་ཞལ་ཁྲོ་བ། གཡས་ཞལ་དཀར་པོ་བཞད་པ། གཡོན་ཞལ་དམར་པོ་སྒེག་པ། ཧ་ཧའི་གད་རྒྱངས་སྒྲོག་ཅིང་སྤྱན་གསུམ་གསུམ་པ། དབུ་སྐྲ་ཟུར་ཕུད་ལྔ་བཅིངས་པ་ལ་ནོར་བུ་དང་ཟླ་ཚེས་དང་སྣ་ཚོགས་རྡོ་རྗེས་སྤྲས་ཤིང་ཐོད་པ་ལྔ་རྡོ་རྗེས་མཚན་པའི་རྩེ་ཕྲན་དང་སངས་རྒྱས་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་སྦྲུལ་ལ་སོགས་པའི་རྒྱན། ན་བཟའ་དམར་པོ་དང་སྟག་གི་པགས་པའི་ཤམ་ཐབས་རྒྱབ་ཏུ་ཅུང་ཟད་བསྙིལ་བ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་ལྷག་མའི་གཡས་གཉིས་ཤེས་རབ་ཀྱི་ནུ་མ་དང་མདའ། གཡོན་གཉིས་པདྨའི་སྣོད་དང་གཞུ་འཛིན་པ། དཔག་ཏུ་མེད་པའི་འོད་ཟེར་འཕྲོ་ཞིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་སེང་གེའི་སྟེང་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པ། དེའི་ཕང་དུ་ཡུམ་ཡེ་ཤེས་དབང་ཕྱུག་མ་དཀར་མོ་ཤིན་ཏུ་མཛེས་པ་ཁ་ཊྶཱཾ་ག་དང་། བདུད་རྩིས་གང་བའི་ཐོད་པ་བསྣམས་པའི་ཕྱག་གིས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་མ་མཆུ་ཚེམས་ཀྱིས་འདེབས་པ། ཞབས་གཉིས་ཀྱིས་སྐུ་བཅིངས་ཤིང་རྡོ་རྗེ་པདྨར་ཐིམ་པ། ལྷ་མོའི་རྒྱན་ཐམས་ཅད་དང་མཛེས་པའི་གོས་ཅན། ཕྱོགས་བཞིར་སུཾ་ཀྵུཾ་ཡུཾ་ཧཱུྃ། མཚམས་བཞིར་སཾམརཡུ་ཧཾམརཡུ་ཡཾམརཡུ་ཀྵཾམརཡུ། སྒོར་ཕུཾ་ཕེཾ་ཕྲོཾ་ཕྲེཾ། རྣམས་རིམ་པ་བཞིན་ཡོངས་སུ་གྱུར་པ་ལས་ཤར་དུ་གླང་པོ་ཆེའི་རྒྱལ་པོ་ལ་རོལ་པས་གནས་པའི་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། བྱང་དུ་རྨ་བྱ་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པའི་དྲག་མོའི་མཁའ་འགྲོ་མ་སེར་མོ་སྦྲུལ་གྱིས་བརྒྱན་པ། ནུབ་ཏུ་བྱ་ཁྱུང་ལ་ཙོག་པུར་གནས་པའི་རོ་ལངས་མཁའ་འགྲོ་མ་དམར་མོ། ལྷོར་ཀིངྐ་རའི་གདན་ལ་པུས་མོའི་སྐྱིལ་ཀྲུང་གིས་གནས་པའི་གཏུམ་མོའི་མཁའ་འགྲོ་མ་སྔོན་མོ་དབུ་སྐྲ་བཀྲམ་པ་གྲོལ་ཞིང་སྤྱི་བོར་ཐལ་མོ་སྦྱར་བ། ལྷ་མོ་བཞི་ཀ་ཞལ་གཅིག་ཕྱག་གཉིས་ཁ་ཊྶཱཾ་ག་དང་ཐོད་པ་འཛིན་པ། གླང་པོ་ཆེའི་པགས་པས་སྨད། མིའི་ཞིང་གིས་སྟོད་གཡོགས་པ། དབང་ལྡན་དུ་སེང་གེ་ལ་རོལ་པའི་སྟབས་ཀྱིས་གནས་པའི་སེང་གེ་མ་གཡས་སེར་གཡོན་དཀར་བ། གཡས་ཁ་ཊྶཱཾ་ག་འཕྱར་བ། མེར་རྡོ་རྗེ་ཕག་མཆུ་ལ་ཟླུམ་པོའི་སྟབས་ཀྱིས་གནས་པའི་སྟག་མོ་གཡས་དཀར་གཡོན་ནག་པ། གཡས་ལྕགས་ཀྱུ་འཕྱར་བ། སྲིན་པོར་མ་ཧེ་ལ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་གནས་པའི་ཅེ་སྤྱང་མ་གཡས་ནག་གཡོན་དམར་བ། གཡས་དགྲ་ཧྶ་འཕྱར་བ། རླུང་དུ་ཅེ་སྤྱང་ལ་ཙོག་པུའི་སྟབས་ཀྱིས་གནས་པའི་འུག་པ་མ་གཡས་དམར་གཡོན་སེར་བ། གཡས་དབྱུག་པ་འཕྱར་བ། གཡོན་ཐམས་ཅད་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ། ཤར་དུ་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་ཀྱི་རྩེ་མོ་ཁར་བཅུག་པ། བྱང་དུ་མར་མེ་མ་སེར་མོ་སྤྱི་བོར་ཐལ་མོ་སྦྱར་བ། ནུབ་ཏུ་འཇིབ་བྱེད་མ་དམར་མོ་སྙིམས་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ལྷོ་རུ་སྐམ་བུ་འཛི་ནག་མོ་ཐུགས་ཀར་གཏུན་ཤིང་འཛིན་མ། ལྷ་མོ་དེ་དག་ཐམས་ཅད་ཞལ་གཅིག་སྤྱན་གསུམ་དབུ་སྐྲ་གྲོལ་བ། ཐོད་པ་ལྔས་བརྒྱན་པའོ། །ཞེས་པའི་བར་གྱིས་བསྐྱེད་ལ་སྔགས་དང་ཕྱག་རྒྱས་སྤྱན་འདྲེན་པར་བྱ་བ་སྟེ། ནམ་མཁའི་ཁམས་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱིས་སེམས་ཅན་གྱི་དོན་མཛད་པར་བརྩོན་པ་རྣམས། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་གཡས་པའི་མཛུབ་མོ་གཡོན་པའི་ཐེའུ་ཆུང་དང་སྦྲེལ་ནས་མཛུབ་མོ་ཅུང་ཟད་བཀུག་སྟེ། ཨོཾ་བཛྭ་ཨངྐུ་ཤ་ཛཿ ཞེས་པས་འཇིག་རྟེན་ལས་འདས་པའི་ལྷ། གཡོན་རྡོ་རྗེ་ཁུ་ཚུར་ལས་གུང་མོ་བསྒྲེང་བའི་ཚིགས་གསུམ་པར་མཛུབ་མོའི་རྩེ་སྦྱར་ཏེ། ཨོཾ་ཨ་ཀརྵ་ནི་ཧཱུྃ་ཛཿ ཞེས་པས་འཇིག་རྟེན་པ་སྤྱན་དྲངས། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་པྲ་ཝ་རཱ་སཏྐྲ་ར་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་ཧཱུྃ་སྭཱ་ཧཱ། དྲི་ཆབ། ཨོཾ་ཤྲཱིཾ་སྭཱ་ཧཱ། མེ་ཏོག །ཨོཾ་ཨིཾ་སྭཱ་ཧཱ། བདུག་སྤོས། ཨོཾ་ཀྵུཾ་སྭཱ་ཧཱ། སྣང་གསལ། ཨོཾ་ཨི་སྭཱ་ཧཱ། ཞལ་ཟས་རྣམས་ཀྱི་མཆོད་པས་མཆོད་དོ། །ཨོཾ་སཾམརཡུ་ཞེས་པའི་སྔགས་རྒྱས་ཕྱིར་འབྲང་གི་བགེགས་བསྐྲད། ཨོཾ་བཛྭ་ཀྵྨྱོ་ཊ་བཾ་གྱིས་སྒོ་བཅིངས། ཨོཾ་ཏིཥྛ་ཨཱ་ས་ན་ཧཱུྃ་སྭཱ་ཧཱ། ཞེས་པས་གཉིས་མེད་དུ་བརྟན་པར་བྱས། ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ། སྤྱི་བོར་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག །དཔྲལ་བར་མི་བསྐྱོད་པ་སྔོན་པོ་ས་གནོན། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན། ལྟག་པར་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན། རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་མཛེས་པ། དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པས་དབང་བསྐུར་བ་དང་ལྡན་པར་གྱུར། གཞན་ལྷ་ཐམས་ཅད་ཀྱི་ཅོད་པན་ལ་རྣལ་འབྱོར་ནམ་མཁའ་རིགས་ཀྱི་བདག་པོར་གནས་པས་རྒྱས་གདབ་པར་གྱུར། རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་གཉིས་བསྒྲེང་བ་བཟློག་ནས་རྩེ་སྤྲད་དེ་སྙིང་ག་དང་ལྟག་པ་དང་དཔྲལ་བར་རེག་ཅིང་། ཨོཾ་ཊུཾ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པས་གནས་གསུམ་དུ་རྡོ་རྗེའི་མདུད་པ་བཅིང་། ཕྱག་རྒྱ་དེ་ཉིད་དང་། ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་པས་རྣ་ལྟག་གཉིས་སུ་དར་དཔྱངས་བཅིང་། སོར་མོའི་རྩེ་སྤྲད་ལ་མཐིལ་ལན་གསུམ་དུ་བརྡབ་ཅིང་། ཨོཾ་བཛྭ་ཏུཥྱ་ཧོཿ ཞེས་པས། དེ་བཞིན་གཤེགས་པ་ལྔ་མཉེས་པར་བྱ། དེ་ནས་མཆོད་པ་རྣམས། ཨོཾ་སཾ་ཤོ་དྷ་ན་ཧཱུྃ་ཕཊ། ཅེས་པས་བསང་གཏོར་དང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་བྱིན་གྱིས་བརླབས། དེ་ནས་སྤྲོ་ན་མཆོད་པ་འབུལ་བའི་ཚིགས་བཅད་དང་བཅས་པའམ། བསྡུ་ན། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་པྲ་ཝ་རཱ་སཏྐྲ་ར་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་ཧཱུྃ་སྭཱ་ཧཱ། དྲི་ཆབ། ཨོཾ་ཤྲཱིཾ་སྭཱ་ཧཱ། མེ་ཏོག །ཨོཾ་ཨིཾ་སྭཱ་ཧཱ། བདུག་སྤོས། ཨོཾ་ཀྵུཾ་སྭཱ་ཧཱ། སྣང་གསལ། ཨོཾ་ཨི་སྭཱ་ཧཱ། ཞལ་ཟས་རྣམས་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། པི་ཝང་ཚུལ་གྱིས་བསྒྲེང་བ་དང་། །གླིང་བུའི་ཚུལ་གྱིས་འབུད་པ་དང་། །སིལ་ཁྲོལ་ཚུལ་གྱིས་དཀྲོལ་བ་དང་། །དུང་གི་ཚུལ་གྱིས་འབུད་པ་དང་། །གར་གྱི་ཚུལ་གྱིས་ཡན་ལག་བརྐྱང་། །རླུང་གཡབ་ཚུལ་གྱིས་གཡོབ་པ་དང་། །རྒྱལ་མཚན་ཚུལ་གྱིས་བསྒྲེང་བ་དང་། །བླ་བྲེ་ཚུལ་གྱིས་བྲེ་བ་དང་། །བ་དན་ཚུལ་གྱིས་ཕྱར་བ་དང་། །གདུགས་ཀྱི་ཚུལ་གྱིས་དགབ་པ་དང་། །ཕེག་རྡོབ་ཚུལ་གྱིས་བརྡེབ་པ་དང་། །རྔ་ཡི་ཚུལ་གྱིས་བརྡུང་བ་དང་། །བཞད་པའི་ཚུལ་གྱིས་འཛུམ་པ་དང་། །ཁྲོ་བའི་ཚུལ་གྱིས་ཁྲོ་བ་དང་། །སྒེག་པའི་ཚུལ་གྱིས་སྒེག་པ་དང་། །འགྱིང་བའི་ཚུལ་གྱིས་འགྱིང་བ་དང་། །མདའ་འདྲེན་ཚུལ་དང་འཁྱུད་པ་དང་། །རྡོ་རྗེ་གསོར་ཞིང་ཕྱག་འཚལ་བའི། །ཚུལ་གྱིས་འདུད་པར་བྱ་བ་སྟེ། །ཕྱག་རྒྱའི་མཆོད་པ་ཉི་ཤུ་ཉིད། །ཅེས་མཆོད་པ་ཉི་ཤུ་དང་བཅས་པས་མཆོད། དེ་ནས་བསྟོད་པ་བྱ་བ་སྟེ། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་ནས་སྒེག་ཅིང་རྒོད་པས་ཧཱུྃ་གླུར་ལེན་པ་དང་བཅས། རིན་ཐང་མེད་པའི་བདུད་རྩི་ཡིས། །སེམས་ཅན་རྣམས་ནི་ཁྱོད་ཀྱིས་བཀྲུས། །བདག་ནི་འཁོར་བ་ལས་སྒྲོལ་བ། །ཁྱོད་ལ་གུས་དང་བཅས་པས་འདུད། །ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། གླང་ཆེན་མཆོག་གི་སྟེང་བཞུགས་པ། །སྐུ་ནི་དུང་ལྟར་དཀར་བས་མཛེས། །མཐའ་ཡས་དུང་གིས་བརྒྱན་པའི་སྐུ། །ཤར་གཙོ་རྡོ་རྗེ་མ་ལ་འདུད། །གསེར་གྱི་མཆོག་ལྟར་མཛེས་པའི་སྐུ། །ཤིན་ཏུ་དྲག་པོ་སྦྲུལ་གྱིས་བརྒྱན། །མཛེས་པའི་ཟས་གང་ཐོད་པ་ཅན། །བྱང་གི་ལྷ་མོ་རྒྱལ་གྱུར་ཅིག །པདྨ་དམར་ལྟར་མཛེས་པའི་སྐུ། །ཧཱུྃ་གི་ང་རོ་འཇིགས་པར་མཛད། །དྲག་པོ་དབྱུག་པ་ཐོད་པ་བསྣམས། །ནུབ་ཀྱི་ལྷ་མོ་གཙོ་ལ་འདུད། །འོད་ཟེར་དྲ་བ་སྔོན་པོས་མཛེས། །སེང་གེ་འཕྲོག་བྱེད་ཚངས་དབང་གཙོ། །བདུད་འདུལ་ཕྱིར་ནི་ཁྲོ་གཟུགས་འཛིན། །ཧཱུྃ་མཛད་ལྷོ་ཡི་ལྷ་མོར་འདུད། །ཧཱུྃ་ཧཱུྃ་ཧཱུྃ། སངས་རྒྱས་ལྔ་ཡི་མཁའ་འགྲོ་མ། །ལྔ་ལྔ་རྣམ་པར་དག་པའོ། །རྣལ་འབྱོར་མ་ཀུན་དེ་ཉིད་སྤྲུལ། །སྟོང་དང་སྟོང་མིན་འཁོར་བའི་དངོས། །དངོས་དང་དངོས་མེད་གྲོལ་བ་ཉིད། །དེ་འདྲའི་སྐུ་ནི་དབུས་བཞུགས་ནས། །རྣལ་འབྱོར་མ་ཡི་ཚོགས་ཀྱིས་བསྐོར། །སངས་རྒྱས་མཁའ་འགྲོ་མ་ཡི་སྐུ། །དཀྱིལ་འཁོར་བྱེ་བ་དེ་ཡིས་མཉེས། །གླུ་སོགས་ཆགས་པའི་རང་བཞིན་ཉིད། །བཟའ་དང་བཟའ་མིན་སྔོན་ནས་སྤངས། །དང་པོ་ཡི་ནི་རྡོ་རྗེ་ཡིས། །པདྨ་ལ་ནི་བསྐྱོད་པར་མཛད། །བདུད་རྩི་ལྔ་ཡིས་བདག་ལ་བཀྲུས། །ལྕགས་ཀྱུ་གསོལ་བའི་སྦྱོར་བ་བསྟེན། །བཞེངས་ཤིག་ཁ་སྦྱར་སྦྱོར་བ་མཛོད། །དམ་ཆོས་སྙིང་པོ་རྒྱས་མཛད་པ། །དམ་ཆོས་ཐར་པ་གཙོ་བོའི་གཙོ། །ཡང་དག་རྒྱལ་བ་འཁོར་བ་སྤངས། །དཀྱིལ་འཁོར་སྤྲོ་བས་འགྲོ་བར་སྒྲོལ། །བདུད་གསོལ་སེང་གེ་མ་ཡི་སྐུ། །སྟག་མོས་ཤིན་ཏུ་སྐྲག་པར་མཛད། །འུག་པའི་སྒྲ་ཡིས་ཡིད་སྐྲག་ཅིང་། །ཕཻཾ་ཾཕཻཾ་ཾསྒྲོག་པས་སྡང་ལུས་གཟིགས། །དཔའ་བོ་རྡོ་རྗེ་ཁྱོད་ལ་འདུད། །འཁོར་བ་སྒྲོལ་བ་ཁྱོད་ལ་འདུད། །གསང་བས་བདུད་རྩི་གསོལ་ལ་འདུད། །གུས་དང་བཅས་པར་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་བསྟོད། ཨོཾ་ཤུདྡྷེ་དྷརྨེ་ཧཱུྃ། ཨ་ཨཱཿཨོཾ་སྭཱ་ཧཱ། ཅེས་བསྟོད་པར་རྒྱས་གདབ་བྱ། དེ་ནས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། ལྷ་རྣམས་ཀྱི་སྔགས་བརྒྱ་རྩ་སོགས་ཅི་རིགས་པར་བཟླས་པའི་མཐར་ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བས་བདུད་རྩིའི་རང་བཞིན་གྱི་ཆུར་གྱུར་པར་བསམ། ལས་ཐམས་ཅད་པའི་བུམ་པའི་དབུས་སུ་པད་ཉིའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་མཁའ་འགྲོ་མ་གཟུགས་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རྡོ་རྗེ་དང་དྲིལ་བུ་བསྣམས་པ་འོད་ཟེར་དཀར་པོ་འཕྲོ་བའི་སྐུར་གསལ་བར་གྱུར། རང་འདྲའི་ཡེ་ཤེས་པ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱིཾྎ ཨིཾྎ ཨིྎ གུཾྎ རྣམས་ཀྱིས་དྲི་མེ་ཏོག་བདུག་པ་ལྷ་བཤོས་གཏོར་མ་དང་བཅས་མཆོད། རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བསྒྲེང་རྩེ་མོ་བཀུག་པ་སྙིང་གར་བཅས་ཏེ། ཨོཾ་ཨཱཿསྭཱ་ཧཱ། ཞེས་དམ་ཚིག་ལ་བཞག །རྡོ་རྗེ་རྩེ་མོས་བུམ་པར་རེག་ནས། ཨོཾ་ཨཱཿསྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས། དཀྱིལ་འཁོར་གྱི་ལས་མ་གྲུབ་ཀྱི་བར་དུ་བགེགས་ཐམས་ཅད་བསྲུང་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་རྫས་ལྔ་ལ་སོགས་པ་སྟ་གོན་དུ་བྱ་བ་ནི། དྲིའི་ཆུས་གྲུ་བཞི་བྱུགས་པ་ལ་རྡུལ་ཚོན་གྱིས་པད་འདབ་བརྒྱད་བྲིས་པའི་དབུས་སུ་ལས་བུམ་དང་ཚོན་སྔོན་པོའི་སྣོད། ཐིག་སྐུད་ཁ་དོག་ལྔ་པ་ཤར། རྡོ་རྗེ་ལྷོ། དྲིལ་བུ་བྱང་། བདུད་རྩི་ལྔའི་དུང་ཆོས་ནུབ། ཚོན་སྣ་བཞིའི་སྣོད་མཚམས་སུ་བཞག །ཨོཾ་ཧཱུྃ་ཨཱཿསྭཱ་ཧཱས་ཐིག་ཚོན་བསང་གཏོར་བྱས་ཏེ། སྟོང་པའི་ངང་ལས་ཐིག་སྐུད་ལྔ་དང་། ཚོན་སྣ་ལྔ་ལྷ་མོ་ལྔ་ཡི་ངོ་བོར་གྱུར་པ་ནི། སྔོན་པོ་ཧཱུྃ་ལས་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། དཀར་པོ་སུཾ་ལས་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། སེར་པོ་ཀྵུཾ་ལས་དྲག་མོ་མཁའ་འགྲོ་མ་སེར་མོ། དམར་པོ་ཡུཾ་ལས་རོ་ལངས་མཁའ་འགྲོ་མ་དམར་མོ། ལྗང་ཁུ་ཧཱུྃ་ལས་གདོལ་པ་མཁའ་འགྲོ་མ་ལྗང་ཁུ། ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཁ་ཊྶཱཾ་དང་ཐོད་པ་འཛིན་པ། སྦྲུལ་ལ་སོགས་པའི་རྒྱན་དང་། གླང་པོ་ཆེ་དང་མི་ལྤགས་ཀྱི་ན་བཟའ་འཆང་བ་པད་ཉིའི་གདན་ལ་བཞུགས་པར་གྱུར། རང་འདྲའི་ཡེ་ཤེས་པ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཧཱུྃ་སྭཱ་ཧཱ། དྲི་ཆབ། ཨོཾ་ཤྲཱིཾ་སྭཱ་ཧཱ། མེ་ཏོག །ཨོཾ་ཨིཾ་སྭཱ་ཧཱ། བདུག་སྤོས། ཨོཾ་ཀྵུཾ་སྭཱ་ཧཱ། སྣང་གསལ། ཨོཾ་ཨི་སྭཱ་ཧཱ། ཞལ་ཟས་རྣམས་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། དཔལ་ལྡན་སྐུ་གསུང་ཐུགས་ལས་གྲོལ་བའི་ཞལ་གསུམ་པ། །འགྱིང་བག་ཁྲོ་བ་རྒོད་པ་དེ་བཞིན་སྤྱན་ཡང་གསུམ། །ཀླུ་དབང་ནོར་བུའི་འོད་མདོག་ཤིན་ཏུ་མཛེས་པའི་སྐུ། །ཕྱག་མཚན་དྲུག་གིས་མཚན་པའི་ཕྱག་མཆོག་ཕྱག་དྲུག་པ། །ཁ་ཊྶཱཾ་ལྷུང་བཟེད་རལ་གྲི་དགྲ་ཧྶ་རྡོ་རྗེ་དྲིལ་བུ་འཛིན། །ཧ་ཧ་ལ་སོགས་གད་སྒྲོག་དམྱལ་བའི་ལང་ལིང་གཅོད་བྱེད་པ། །ཐར་པར་ཕྱིན་པའི་སྲིད་པའི་རང་བཞིན་སྐྱེ་བ་མཆོག །ཡེ་ཤེས་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ཕྱག་འཚལ་བསྟོད། །དཔལ་ལྡན་སངས་རྒྱས་སྤྱི་གཟུགས་མཛེས་པ་སྐུ་མདོག་དཀར་བའི་སྐུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བའི་སྣོད་འཛིན་ཅིང་། །མགོན་མེད་སེམས་ཅན་ཀུན་དོན་དཀོན་མཆོག་གསུམ་འཛིན་སྐྱབས་མཛད་པ། །རྡོ་རྗེ་མཁའ་འགྲོ་མ་ཁྱོད་ཞབས་ལ་བདག་ཕྱག་འཚལ། །དཔལ་ལྡན་རིན་ཆེན་སྤྱི་གཟུགས་ཤིན་ཏུ་གསེར་མདོག་སྐུ། །ཁ་ཊྶཱཾ་བདུད་རྩི་དམ་པས་གང་བའི་ལྷུང་བཟེད་འཛིན། །སྡུག་བསྔལ་སེམས་ཅན་མང་པོ་ཚིམ་པར་བྱེད་པའི་སྐུ། །དྲག་མོ་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ། །དཔལ་ལྡན་ཆོས་ཀྱི་སྤྱི་གཟུགས་པདྨ་རཱ་གའི་མདོག །ཁ་ཊྶཱཾ་ཡར་བསྒྲེང་དྲག་པོའི་རོ་ཆེན་པོ་འཛིན་པ། །འགྲོ་ཀུན་ལ་སོགས་སྲིད་པའི་འཆིང་བ་གཅོད་བྱེད་པ། །རོ་ལངས་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ། །དཔལ་ལྡན་ལས་ཀྱི་སྤྱི་གཟུགས་མདོག་ལྗང་དོན་ཡོད་གཟུགས། །ཁ་ཊྶཱཾ་དྲག་པོ་མི་ཡི་ཐོད་པ་གསར་པ་འཛིན། །འདོད་པའི་ཉོན་མོངས་སྲིད་པའི་འཆིང་བ་གཅོད་བྱེད་མ། །གདོལ་པའི་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ། །ཞེས་པས་བསྟོད། ཧཱུྃ་སུྃ་ཀྵུྃ་ཡུྃ་ཧཱུྃ། གང་འགྲུབ་བཟླས། རིགས་ལྔའི་ལྷ་མོ་ཞུ་བ་ལས་ཐིག་ཚོན་སོ་སོའི་རྣམ་པར་གྱུར། ནུབ་ཀྱི་དུང་ཆོས་ནི་དམ་ཆུ་དང་ཡེ་ཤེས་དབབ་པ་ལ་དགོས་པས་དེ་དག་གི་སྔགས་ཙམ་བརྗོད་པས་བྱིན་གྱིས་བརླབས། དེ་ནས་ཕྱོགས་བརྒྱད་ཀྱི་ཞིང་སྐྱོང་ལ་གཏོར་མ་སྦྱིན་པར་བྱ་སྟེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་དུར་ཁྲོད་ཀྱི་ཞིང་སྐྱོང་ནག་པོ་དྲག་པོ་ལ་སོགས་པ་འཁོར་བཅས་ཕྱོགས་མཚམས་ནས་ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་བྷ་ཏ་ལི་བྷ་ཏ་ལི་མ་ཧཱ་བྷ་ཏ་ལི་ཧཱུྃ་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཞེས་པས་བཀུག་པ་ནས་བཟུང་སྒྲུབ་ཐབས་ཀྱི་གཏོར་ཆོག་བཞིན། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་འདོད་དོན་གསོལ། ཨོཾ་སརྦ་དུཥྚ་གྲྀ་གྲྀ་གཙྪ་གཙྪ་ཧཱུྃ་ཕཊ྄། ཅེས་གཤེགས་སུ་གསོལ་ལོ། །དེ་ནས་རྫས་ཐམས་ཅད་བསྡུས་ཏེ་ལྷོ་ཡི་ཕྱོགས་འགོལ་སར་བཞག །ས་གཞི་དེ་དྲིས་བྱུག་གོ། །དེ་ལྟར་དཀྱིལ་འཁོར་གྱི་ཤར་རམ་བྱང་དུ་ཆོ་ག་རྫོགས་པར་བྱས་ནས། དེ་ནས་སློབ་མ་སྟ་གོན་ནི། སློབ་མ་མདུན་དུ་བོས། སོ་ཤིང་སོར་བཅུ་གཉིས་པ་འོ་མ་ཅན་གྱི་ཤིང་ལས་བྱས་པ་རྩེར་མེ་ཏོག་བཅིངས། མཎྜྻལ་ཚོམ་བུ་ལྔ་རིགས་ལྔར་བཏགས་པར། ཨོཾ་ཨ་ཛི་ཧོ་སཾ་ཝརྟ་ནི་ཧཱུྃ་ཕཊ྄། ལན་བདུན་བཟླས་པས་ཐལ་མོ་གཉིས་ཀྱི་བར་དུ་བཟུང་། རྩ་བ་སོ་ལ་དྲུད་དེ་དོར་བ་རྩེ་མོ་བསྟན་པའི་ཕྱོགས་ཀྱི་དངོས་གྲུབ་ཀྱི་པྲ་བརྟག །བདུད་རྩི་ལྕགས་ཀྱུ་དྲི་དང་འོ་མར་བཅས་པའི་ཆུ། ཨོཾ་ཨཱཿཧཱུྃ་ཨཱཿསྭཱ་ཧཱ། ལན་བདུན་བཟླས་པ་དམ་ཚིག་གི་ཆུ་འོག་ནས་འབྱུང་བའི་སྔགས་ཚིག་གིས་བླུད་པས་ཁ་བཀྲུ། རྣམ་སྣང་མི་བསྐྱོད་རིན་ཆེན་མཆོག །སྣང་བ་མཐའ་ཡས་དོན་ཡོད་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཏུ་ནི་ངེས་བྱས་ཏེ། །ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ། །སོ་སོར་བདག་ཉིད་བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག །སྡོམ་པ་སངས་རྒྱས་སྦྱོར་སྐྱེས་པ། །དང་པོ་མཆོག་ཏུ་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །སོ་སོར་དེ་བཞིན་ཉིད་དུ་གཟུང་། །རྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །སློབ་དཔོན་ཉིད་དུ་གཟུང་བར་བགྱི། །དམ་ཚིག་ཉིད་དུ་དག་པ་ཡི། །རིན་ཆེན་འབྱུང་བའི་རིགས་མཆོག་ལ། །ཉིན་རེ་དུས་དྲུག་བྱས་ནས་སུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བྱ། །བྱང་ཆུབ་ཆེན་པོ་འབྱུང་བ་ཡི། །པདྨ་ཆེན་པོའི་རིགས་དག་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །སྡོམ་པ་ཐམས་ཅད་དང་ལྡན་པ། །ཇི་ལྟར་ནུས་པས་མཆོད་པའི་ལས། །ལས་ཀྱི་རིག་མཆོག་ཆེན་པོ་ལ། །དེ་བཞིན་ཉིད་དུ་སོ་སོར་གཟུང་། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བསྐྱེད་པར་བྱས་ནས་སུ། །སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་སྡོམ་པ་བྱིན། ཐེག་པ་ཆེན་པོ་འབྲས་འབྱུང་བ། །དཔལ་ལྡན་མཆོག་གི་ལམ་འདི་ཡིན། །གང་གིས་ཁྱེད་རྣམས་དགྲོལ་འགྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་བྱ་ཞིང་ལྷག་པར་གནས་པ་འོག་ནས་འབྱུང་བ་བཞིན་བྱ། མཆོད་པ་ལྔ་ཕུལ། རྩ་རྒྱུད་ལས། ཚེ་རབས་སྔ་མ་རྟོགས་ཆུབ་པ། །རྣལ་འབྱོར་པ་ནི་སྟོང་ལ་འགའ། །ཞེས་གསུངས། འདིར་ཞུགས་པའི་ཕན་ཡོན་ནི། །དེ་ཉིད་ལས། ཉོན་ཅིག་རྡོ་རྗེ་ཇི་ལྟར་ལམ། །མཉམ་གཞག་པ་ཡི་གཙུག་ལག་གི། །ཡི་གེ་དང་ནི་ཚིག་རྐང་ཙམ། །གང་དག་ཉན་བྱེད་དེ་དག་ནི། །མཐོ་རིས་ལོངས་སྤྱོད་ཐོབ་པར་འགྱུར། །ཡང་ན་འཁོར་ལོ་བསྐོར་བར་རོ། །འདྲིར་བཅུག་འདྲི་བ་ཀློག་པ་དང་། །སྔགས་ཟློས་པ་དང་དད་པ་ཅན། །ལུས་ཅན་འཆི་འཕོ་དུས་སུ་དེ། །གཟུགས་མེད་སྲིད་པའི་སེམས་གྲུབ་བོ། །སྦྱོར་དང་བསམ་གཏན་བྱེད་པ་ནི། །རྫོགས་པའི་བྱང་ཆུབ་མྱུར་ཐོབ་བོ། །ཞེས་གསུངས་སོ། །དེ་ནས་སེམས་མགུ་བའི་སློབ་མ་ལ་དཀྱིལ་འཁོར་འོག་ནས་འབྱུང་བ་བཞིན་བསྟན། སློབ་མ་གྱེས། བླ་མས་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས། འཕྲོག་བྱེད་ཅོད་པན་ཞེས་པའི་ཤློ་ཀ་གཅིག་གིས་གླུ་བླང་ངོ་། སློབ་མ་ལྷག་གནས་སོ།། ༈ །དེ་ནས་དཀྱིལ་འཁོར་གྱི་ལས་རིམ་ལ། དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་ནས་ཁ་དོག་ལྔའི་སྐུད་པ་དགུ་ཡི་བདག་ཉིད་ཅན་ལེགས་པར་བསྒྲིལ་བ་ཧཱུྃ་ཞེས་བརྗོད་པས་བཟུང་ཞིང་། བདག་ཉིད་རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར་པར་མོས། ཐལ་མོ་སྦྱར་བའི་དབུས་སུ་བཞག ཨོཾ་ཨ་ཨཱཿཨ་ཨ་སྭཱ་ཧཱ། སྣ་གཅིག་སློབ་མ་ལ་གཏད་དེ་ཐིག་བརྒྱད་དབང་ལྡན་ནས་བརྩམས་ཏེ་ཟུར་གཉིས་དང་ཤར་ནུབ་ལྷོ་བྱང་དེ་ནས་གྲུ་བཞིར་གདབ་བོ། །དེ་ནས་ལས་ཐིག མཉམ་གསུམ་ཕྱི་གཤགས་དེ་རེ་ཆ། །ནང་མའི་དབུས་དོར་ཕྱི་ཕྱེད་དུ། །འཁོར་ལོ་ལྔ་ཆ་སྒོ་དེའི་ཕྱེད། །རྟ་བབས་བཞི་དང་བཞི་ལྔ་ཕྲན། །ནང་ཕྱི་ཡང་བརྒྱད་སྣམ་ཚོན་ས། །མཉམ་པ་ནང་མ་ཡང་མཉམ་གསུམ། །ཕྱི་ལྔ་ནང་ནས་ལྔ་གཅིག་གསུམ། །བསྐོར་དབུས་རེ་མིག་ཧར་མིག་དང་། །རྭ་དང་གདུགས་པད་འཁོར་གཞན་འདྲ། །ལེགས་པར་གདབ། ཚོན་བཀྱེ། རྡུལ་ཚོན་མ་བྱས་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། སྒོ་ཡིི་ཟུར་བརྒྱད་དུ་རྒྱལ་དང་བཀྲ་ཤིས་ཤར། དངོས་གྲུབ་རྫུ་འཕྲུལ་བྱང་། རྒྱལ་བ་ཞི་བ་ནུབ། གྲུབ་པ་འཇིགས་པ་ལྷོ། གཞན་གྲྭར། རྣམ་རྒྱལ་དབུས། ལས་ཐམས་ཅད་པ་སྒོ་ཡི་གཡོན་དུའོ། །བུམ་པ་གཉིས་ལས་མེད་ན་རྣམ་རྒྱལ་གཡོན་དང་ལས་ཐམས་ཅད་པ་བྱང་ཤར་དུ་བཞག །དཀྱིལ་འཁོར་གྱི་མཐར་བསྲུང་བའི་ཡན་ལག་གི་རལ་གྲི། མདའ་དར། མེ་ལོང་། ཚོན་སྐུད་ཀྱི་དྲྭ་བ་སོགས་ཀྱང་འཛོམས་ན་བཀྲམ། མེད་ཀྱང་རུང་། དབུ་རྒྱན་སོགས་དབང་གི་རྫས་དང་། ཤ་ལྔ་བདུད་རྩི་ལྔས་བཀང་བའི་ཐོད་པ་བརྒྱད། མེ་ཏོག་དཀར་པོ། བདུག་སྤོས། ས་ལུའི་ཟན། ཞོ། བུ་རམ། སྦྲང་རྩིར་བཅས་པའི་གཏོར་མ་དབང་ལྡན་ནས་དང་། ཆང་གི་སྣོད། ལྷ་བཤོས། ཉ། ཤ་སྣ་ཚོགས། སྲན་མ། ཟན། ཏིལ། འཁུར་བ་ལ་སོགས་པའི་བཟའ་བ་བདེན་བྲལ། ཞོ་དང་མར། སྦྲང་རྩི། མར་ཁུ། བཟའ་བ་ཞིམ་པོར་བཅས་པ་མེའི་མཚམས། དྲི། མེ་ཏོག །བདུག་པ། མར་མེ་སོགས་མཆོད་པ་རྒྱས་པར་བཤམས། ཚོགས་ཀྱི་ཡོ་བྱད་དང་། ཕྱོགས་བཞིའི་གཏོར་མ་གཏོང་བའི་ཆས། ཁྱད་པར་དུ་ཐུན་མོང་མ་ཡིན་པའི་བཀའ་སྲུང་དུད་སོལ་མའི་གཏོར་མ་གཙང་ཞིང་ལེགས་པ་བཅས་བཤམས། བསང་གཏོར་གྱི་དུང་ཆོས། ཌཱ་དྲིལ་ནང་མཆོད་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། དེ་ནས་སྒྲུབ་ཅིང་མཆོད་པ་དངོས་ལ། རང་ཉིད་སྐད་ཅིག་གིས་རྣལ་འབྱོར་ནམ་མཁའི་སྐུར་གསལ་བཏབ་ལ། ལག་པ་གཡས་པའི་མཐིལ་དུ་སོགས་ནས་མཆོད་པས་མཆོད་དོ། །ཞེས་པའི་བར་གྱིས་དང་པོའི་སྦྱོར་བ་སྒྲུབ་ཐབས་ལྟར་རྫོགས་པར་བྱས། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་སོགས་ནས་རྟེན་དང་བརྟེན་པ་བསྐྱེད། དྲངས། ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་། མཆོད་ཅིང་བསྟོད་པ་དང་། བཟླས་པ་རྫོགས་པའི་བར་སྒྲུབ་ཐབས་བཞིན་བྱས། དེ་ནས་ཨོཾ་ཧཱུྃ་སྭཱ་ཧཱ། ཤྲཱིཾྎ ཨིཾྎ ཀྵུཾྎ ཨིྎ དྲི་ལ་སོགས་པ་ལྔས་མཆོད། བ་དན་གསུམ་པའི་ཕྱག་རྒྱས་གནས་གསུམ་དུ་གཏུག་ཅིང་། ཨོཾ་བཛྭ་ཀཱ་ཡ་ཧོཿཨོཾ་བཛྭ་ཝ྄ཀྐཱ་ཨཱཿཨོཾ་བཛྭ་སྲྀ་ད་ཡ་ཧཱུྃ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཨོཾ་བཛྭ་ཤུདྡྷཱཿསརྦ་དྷརྨཱཿབཛྭ་ཤུདྡྷཱོཧཾ། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷཱརྨཱ་ཡོ་ག་ཤུདྡྷཱོཧཾ། ཅེས་དག་པ་གསུམ་བརྗོད། དེ་ནི་བདག་ཉིད་མངོན་པར་བྱང་ཆུབ་པས་རོལ་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་དང་བུམ་པ་རྣམས་བསང་སྦྱངས། དཀྱིལ་འཁོར་དང་བུམ་པ་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། དེའི་སྟེང་དུ་ཀྵུཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་སུཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ཧཱུྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་ཀྵུཾ་ལས་འོ་མའི་རྒྱ་མཚོ་དང་བཅས་པའི་དབུས་སུ་ཧཱུྃ་སུཾ་ཧཱུྃ་ལས་རིན་པོ་ཆེ་སྣ་བདུན་གྱི་རི་རབ། དེའི་སྟེང་དུ་ཨོཾ་ཧཱུྃ་སྭཱ་ཧཱ། ལག་པ་རྡོ་རྗེ་རྩེ་ལྔ་པར་བསམས་ནས་སའི་གནས་ལྔར་བརྡབས་པས། སྣ་ཚོགས་རྡོ་རྗེའི་ས་གཞི་ར་བ་དང་དྲྭ་བ་དང་བཅས་པའི་གུར། དེའི་ནང་དུ་ཨོཾ་ཧཱུྃ་སྭཱ་ཧཱ། གནས་ལྔར་ལག་པ་བརྡབས་པས། དུར་ཁྲོད་ཀྱིས་བསྐོར་བའི་རིན་པོ་ཆེ་སྣ་བདུན་གྱི་གཞལ་ཡས་ཁང་གྲུ་བཞིི་སྒོ་བཞིར་ཏྭ་ར་ཎ་བཞི་སེང་གེ་རྨ་བྱ་ངང་པ་ཆུ་སྲིན་རྣམས་ཀྱིས་བརྒྱན་པའི་རྒྱལ་མཚན། སྣམ་བུ་ཁ་ཁྱེར་དྲྭ་བ་དྲྭ་ཕྱེད་བ་ཀུ་ལཱ་དང་མདའ་ཡབ་གྲྭ་དང་མཚམས་ཟླ་བ་རྡོ་རྗེས་མཚན་པ། དབུས་སུ་རྟ་བབས་མེད་པའི་གཞལ་ཡས་ཁང་གྲུ་བཞི་ནང་རེའུ་མིག་དགུ་པ། དེའི་ཕྱི་རོལ་ན་རྡོ་རྗེའི་འཕྲེང་བས་དང་། ཕྱིར་རིམ་པ་ལྔས་བསྐོར་བའི་ཟླུམ་པོ། དབུས་སུ་ཟླ་བའི་དཀྱིལ་འཁོར་སེང་གེའི་གདན་པད་ཉིའི་སྟེང་གདུགས་དཀར་པོ་དང་ལྡན་པ། རེའུ་མིག་གི་ཤར་དུ་གླང་པོ། བྱང་དུ་རྨ་བྱ། ནུབ་ཏུ་ཁྱུང་། ལྷོར་ཀིངྐ་ར། དབང་ལྡན་དུ་སེང་གེ །མེར་རྡོ་རྗེའི་ཕག་མཆུ། བདེན་བྲལ་དུ་མ་ཧེ། རླུང་དུ་སྤྱང་ཀི །སྒོ་བཞིར་རོ། གཞན་ལྷ་གནས་ཐམས་ཅད་དུ་པད་ཟླ། དབུས་སུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿའི་ཡི་གེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེ་གཉིས་ཀྱི་བར་དུ་ཧཱུྃ་སོ་སོར་རྟོག་པའི་ཡེ་ཤེས་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་མཉམ་ཉིད་ཡེ་ཤེས། རྡོ་རྗེ་ལས་འོད་ཟེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ལྡན་པ་བྱུང་སྟེ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་སླར་དེ་ཉིད་ལ་ཞུགས་པ་བྱ་བ་གྲུབ་པའི་ཡེ་ཤེས། ཟླ་བ་རྡོ་རྗེ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྣལ་འབྱོར་ནམ་མཁའ་སྐུ་མདོག་སྔོན་པོ་རྩ་བའི་ཞལ་ཁྲོ་བ། གཡས་ཞལ་དཀར་པོ་བཞད་པ། གཡོན་ཞལ་དམར་པོ་སྒེག་པ། ཧ་ཧའི་གད་རྒྱངས་སྒྲོག་ཅིང་སྤྱན་གསུམ་གསུམ་པ། དབུ་སྐྲ་ཟུར་ཕུད་ལྔ་བཅིངས་པ་ལ་ནོར་བུ་དང་ཟླ་ཚེས་དང་སྣ་ཚོགས་རྡོ་རྗེས་སྤྲས་ཤིང་ཐོད་པ་ལྔ་རྡོ་རྗེས་མཚན་པའི་རྩེ་ཕྲན་དང་སངས་རྒྱས་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་སྦྲུལ་ལ་སོགས་པའི་རྒྱན། ན་བཟའ་དམར་པོ་དང་སྟག་གི་པགས་པའི་ཤམ་ཐབས་རྒྱབ་ཏུ་ཅུང་ཟད་བསྙིལ་བ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང་ལྷག་མའི་གཡས་གཉིས་ཤེས་རབ་ཀྱི་ནུ་མ་དང་མདའ། གཡོན་གཉིས་པདྨའི་སྣོད་དང་གཞུ་འཛིན་པ། དཔག་ཏུ་མེད་པའི་འོད་ཟེར་འཕྲོ་ཞིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་སེང་གེའི་སྟེང་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པ། དེའི་ཕང་དུ་ཡུམ་ཡེ་ཤེས་དབང་ཕྱུག་མ་དཀར་མོ་ཤིན་ཏུ་མཛེས་པ་ཁ་ཊྶཱཾ་ག་དང་། བདུད་རྩིས་གང་བའི་ཐོད་པ་བསྣམས་པའི་ཕྱག་གིས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་མ་མཆུ་ཚེམས་ཀྱིས་འདེབས་པ། ཞབས་གཉིས་ཀྱིས་སྐུ་བཅིངས་ཤིང་རྡོ་རྗེ་པདྨར་ཐིམ་པ། ལྷ་མོའི་རྒྱན་ཐམས་ཅད་དང་མཛེས་པའི་གོས་ཅན། ཕྱོགས་བཞིར་སུཾ་ཀྵུཾ་ཡུཾ་ཧཱུྃ། མཚམས་བཞིར་སཾམརཡུ་ཧཾམརཡུ་ཡཾམརཡུ་ཀྵཾམརཡུ། སྒོར་ཕུཾ་ཕེཾ་ཕྲོཾ་ཕྲེཾ། ཟླུམ་པའི་ཕྱོགས་སུ་ཨོཾ་ཧོ་སྲི་སྲི་སྲི། ི་གྷ་གྷ་གྷ། ཀུ་རུ་ཀུ་རུ་ཀུ་རུ། བྷཏྟུ་ལི་ཧཱུྃ་ཧཱུྃ་ཧཱུྃ། མཚམས་སུ་ཧཱུྃ་ཧཱུྃ་པྲིཾ། ཧཱུྃ་ཧོཿཔྲི་ཧཱུྃ་ཧཱུྃ། ཨོཾ་ཧཱུྃ་ཧཱུྃ། ཀཾ་ཀཾ། ཁ་ཾཁཾ། གཾ་གཾ། གྷཾ་གྷཾ། ཙཾ་ཙཾ། ཚཾ་ཚཾ། ཛཾ་ཛཾ། ཏཾ་ཏིཾ། ཐིཾ་ཐཾ། ཛྙྱཾ་དྷི། དཾ་དཾ། དིཾ་དིཾ། པིཾ་པེཾ། ཕེཾ་ཕེཾ། བཾ་བཾ། བིཾ་བཾ། ཕྱིའི་སྒོ་བཞིར། ཁེ་ལཾ་བཾ། ཨོཾ་བཾ་སཾ། པཾ་མཾ་གཾ། མཾ་ཨོཾ་ཏིཾ། གྲྭར། ཨིཾ་སཾ་རྀ། ཀུཾ་བ་ཧཾ། བྲུཾ་ལཾ་རཾ། བྷུར་བྷུཿབཿབཾ་ཨུཾ་རྣམས་རིམ་པ་བཞིན་ཡོངས་སུ་གྱུར་པ་ལས། རེའུ་མིག་གི་ཤར་དུ་གླང་པོ་ཆེའི་རྒྱལ་པོ་ལ་རོལ་པས་གནས་པའི་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། བྱང་དུ་རྨ་བྱ་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པའི་དྲག་མོའི་མཁའ་འགྲོ་མ་སེར་མོ་སྦྲུལ་གྱིས་བརྒྱན་པ། ནུབ་ཏུ་བྱ་ཁྱུང་ལ་ཙོག་པུར་གནས་པའི་རོ་ལངས་མཁའ་འགྲོ་མ་དམར་མོ། ལྷོར་ཀིངྐ་རའི་གདན་ལ་པུས་མོའི་སྐྱིལ་ཀྲུང་གིས་གནས་པའི་གཏུམ་མོའི་མཁའ་འགྲོ་མ་སྔོན་མོ་དབུ་སྐྲ་བཀྲམ་པ་གྲོལ་ཞིང་སྤྱི་བོར་ཐལ་མོ་སྦྱར་བ། ལྷ་མོ་བཞི་ཀ་ཞལ་གཅིག་ཕྱག་གཉིས་ཁ་ཊྶཱཾ་ག་དང་ཐོད་པ་འཛིན་པ། གླང་པོ་ཆེའི་པགས་པས་སྨད། མིའི་ཞིང་གིས་སྟོད་གཡོགས་པ། དབང་ལྡན་དུ་སེང་གེ་ལ་རོལ་པའི་སྟབས་ཀྱིས་གནས་པའི་སེང་གེ་མ་གཡས་སེར་གཡོན་དཀར་བ། གཡས་ཁ་ཊྶཱཾ་ག་འཕྱར་བ། མེར་རྡོ་རྗེ་ཕག་མཆུ་ལ་ཟླུམ་པོའི་སྟབས་ཀྱིས་གནས་པའི་སྟག་མོ་གཡས་དཀར་གཡོན་ནག་པ། གཡས་ལྕགས་ཀྱུ་འཕྱར་བ། སྲིན་པོར་མ་ཧེ་ལ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་གནས་པའི་ཅེ་སྤྱང་མ་གཡས་ནག་གཡོན་དམར་བ། གཡས་དགྲ་ཧྶ་འཕྱར་བ། རླུང་དུ་ཅེ་སྤྱང་ལ་ཙོག་པུའི་སྟབས་ཀྱིས་གནས་པའི་འུག་པ་མ་གཡས་དམར་གཡོན་སེར་བ། གཡས་དབྱུག་པ་འཕྱར་བ། གཡོན་ཐམས་ཅད་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ། ཤར་གྱི་སྒོ་མ་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་ཀྱི་རྩེ་མོ་ཁར་བཅུག་པ། བྱང་གི་སྒོ་མ་མར་མེ་མ་སེར་མོ་སྤྱི་བོར་ཐལ་མོ་སྦྱར་བ། ནུབ་ཀྱི་སྒོ་མ་འཇིབ་བྱེད་མ་དམར་མོ་སྙིམས་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ལྷོའི་སྒོ་མ་སྐམ་བུ་འཛི་ནག་མོ་ཐུགས་ཀར་གཏུན་ཤིང་འཛིན་མ། ཕྱིའི་ཟླུམ་པོའི་ཤར་དུ་པུཀྐ་སཱི་དང་། ཁྲོ་གཉེར་མ་དང་། གཏུམ་མོ་རྣམས་དཀར་མོ་ཕྱག་ན་བདུད་རྩིའི་སྣོད། བྱང་དུ་དྲག་མོ་དང་། ཁྲག་འཐུང་མ་དང་། ཤ་ཟ་མ་རྣམས་སེར་མོ་ཕྱག་ན་ཤ་ལྔས་གང་བའི་པདྨའི་སྣོད། ནུབ་ཏུ་ཁྲོ་མོ་དང་། འབར་མ་དང་། འཇིགས་བྱེད་མ་རྣམས་དམར་མོ་ཕྱག་ན་གཏོར་སྣོད། ལྷོད་ཐོད་འཕྲེང་མ་དང་། རྡོ་རྗེ་མ་དང་། བུམ་པ་མ་རྣམས་ནག་མོ་ཕྱག་ན་དམ་ཚིག་གི་ཟས་དང་བཏུང་བའི་སྣོད་འཛིན་པ། གྲྭ་བཞིའི་དབང་ལྡན་དུ་སྒེག་མོ་སྙེམས་པའི་ཕྱག་རྒྱ་ཅན་དང་དྲི་ཆབ་མ་དྲིའི་སྣོད་སེར་མོ། མེར་པི་ཝཾ་མ་པི་ཝང་སྒྲེང་བ་དང་མེ་ཏོག་མ་མེ་ཏོག་འཐོར་བ་དཀར་མོ། བདེན་བྲལ་དུ་གླུ་མ་ཁའི་ཐད་ཀར་མཛུབ་མོ་གཡོ་བ་དང་བདུག་སྤོས་མ་སྤོས་ཕོར་ནག་མོ། རླུང་དུ་གར་མ་གར་གྱི་ཚུལ་དུ་སྟེང་དུ་ཐལ་མོ་སྦྱར་བ་དང་མར་མེ་མ་མར་མེ་སྒྲེང་བ་དམར་མོ། ལྷ་མོ་དེ་དག་ཐམས་ཅད་ཞལ་གཅིག་སྤྱན་གསུམ་དབུ་སྐྲ་གྲོལ་བ། ཐོད་པ་ལྔས་བརྒྱན་པའོ། །དེའི་ཕྱིའི་སྣམ་བུའི་ཤར་ལ་ཀེང་རུས་འཇིགས་བྱེད་དང་། ཁ་ཊྶཱཾ་གའི་སྲིན་པོ་དང་། ཚོགས་ཀྱི་དབང་ཕྱུག་དང་། དྲིལ་བུའི་རྣ་བ་ཅན་རྣམས་དཀར་པོ། བྱང་དུ་གཏུམ་པའི་དབང་ཕྱུག་དང་། འདུན་པའི་ལྷ་དང་། ཚ་བའི་དབང་ཕྱུག་དང་། སྒྲ་འཇིགས་བྱེད་རྣམས་སེར་པོ། ནུབ་ཏུ་འདོད་པའི་དྲག་པོ་དང་། ཥ་ཎ་ཌི་ལའི་དབང་ཕྱུག་དང་། ཌཱ་མ་རུས་འདུལ་བྱེད་དང་། རྔ་སྒྲས་འཇིགས་བྱེད་རྣམས་དམར་པོ། ལྷོར་ཏམ་བུ་རའི་དབང་ཕྱུག་དང་། ཧྶྭུ་ཌ་ཎ་དང་། མཆེ་བ་གཙིགས་པ་དང་། གཞུ་འཛིན་པ་རྣམས་ནག་པོ་ཆུང་མ་དང་བཅས་པ། ཤར་གྱི་སྒོ་བ་ཁྱབ་འཇུག་ནག་པོ། བྱང་གི་སྒོ་བ་ཚངས་པ་དམར་པོ། ནུབ་ཀྱི་སྒོ་བ་ལྷ་ཆེན་དཀར་པོ། ལྷོའི་སྒོ་བ་བརྒྱ་བྱིན་སེར་པོ། གྲྭའི་དབང་ལྡན་དུ་དབང་པོ་སེར་པོ། མེར་ནོར་ལྷ་ཀུ་བེ་ར་སེར་སྐྱ། སྲིན་པོར་འབྱུང་པོའི་བདག་པོ་གཤིན་རྗེ་ནག་པོ། རླུང་དུ་ཆུ་ལྷ་ཝ་རུ་ཎ་དཀར་པོ་རྣམས་ཆུང་མ་གཉིས་གཉིས་དང་བཅས་པ། དེ་ཐམས་ཅད་ཞལ་གཅིག་སྤྱན་གསུམ་པ་ཕྱག་བཞིའི་གཡས་པ་གཉིས་ཁ་ཊྶཱཾ་ག་དང་རྩེ་གསུམ། གཡོན་ཡུམ་ལ་འཁྱུད་པ་དང་ཐོད་པ་འཛིན་པ། རལ་པ་ནག་པོའི་ཐོར་ཅོག་ཅན་ཐོད་འཕྲེང་གིས་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པ་སྟག་གི་ཤམ་ཐབས་ཅན། རྫོགས་པ་ཆེན་པོས་སྐད་ཅིག་གིས་བསྐྱེད་པར་བྱའོ། །དེ་ནས་མདུན་དུ་མེ་ཏོག་དཀར་པོ་འོ་མ་དང་བཅས་པའི་དྲི་ཆུ་གསེར་ལ་སོགས་པའི་སྣོད་དུ་བླུག་པའི་ཁར་མེ་ལོང་དྲི་མ་མེད་པ་བཞག་སྟེ། ནམ་མཁའི་ཁམས་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱིས་སེམས་ཅན་གྱི་དོན་མཛད་པར་བརྩོན་པ་རྣམས། ཨོཾ་བཛྭ་ཨངྐུ་ཤ་ཛཿསྔགས་རྒྱས་ཡེ་ཤེས་པ་དང་། ཨོཾ་ཨ་ཀརྵ་ནི་ཧཱུྃ་ཛཿས་འཇིག་རྟེན་པ་སྤྱན་དྲངས། ཨོཾ་ཏིཥྛ་ཨཱ་ས་ན་ཧཱུྃ་སྭཱ་ཧཱས་གདན་བསྟབས། ཨོཾ་པྲ་ཝ་ར་སཏྐྲ་རཱ་པྲ་ཏཱིཙྪ་སྭཱ་ཧཱས་ཞབས་བཀྲུ་ཕུལ། ཨོཾ་ཧཱུྃ་སྭཱ་ཧཱ། ཤྲཱིཾྎ ཨིཾྎ ཀྵུཾྎ ཨིྎ ཉེར་སྤྱོད་ལྔས་མཆོད་ནས། ཧཱུྃ་ཧཱུྃ་ཧཱུྃ། དགའ་བའི་ལུས་འདི་ཤིན་ཏུ་སྤྲུལ། །རྣལ་འབྱོར་མ་ནི་ཐམས་ཅད་ཁྱོད། །གསང་བ་བདག་གི་བཅིང་དོན་དུ། །གསང་བའི་རྡོ་རྗེ་ཤིན་ཏུ་བསྐྱོད། །ཚངས་པས་བསིལ་གཡབ་གཡོབ་པ་དང་། །སེང་གེ་དག་ནི་སྒོ་དཔོན་ཏེ། །བརྒྱ་བྱིན་གདུགས་ནི་ཐོགས་པ་ཡིན། །འཕྲོག་བྱེད་ཡོན་ཏན་སྒྲོག་པར་བྱེད། །མིའམ་ཅི་དང་དྲང་སྲོང་ཚོགས། །བཀྲ་ཤིས་གླུ་ནི་ལེན་པའོ། །ཞེས་བསྟོད། དེ་ནས་བུམ་པའི་དུང་ཆོས་ཀྱི་ནང་དུ། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་ཧཱུྃ་སྭཱ་ཧཱ། བཟླས། གདྒཱའི་ཆུ་བཀུག །གཡོན་བ་དན་གསུམ་རྒྱས་དེ་ལ་རེག་ནས། ཨོཾ་སུཾ་ཀྵུཾ་ཡུཾ་ཧཱུྃ་ཕཊ྄་སྭཱ་ཧཱ། དེ་ནས་རོལ་མོ་དང་བཅས་པས། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ཀྱི་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེཀྐ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་བཞིན་དུ། རྒྱལ་བའི་གསུངྎ །སེམས་ཅན་ངགྎ སོགས་གོང་ལྟར། རྒྱལ་བའི་ཐུགསྎ །སེམས་ཅན་ཡིདྎ །སོགས་གོང་ལྟར། འདག་ཆལ་གྱིས་བཀྲུ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཆུ་དེས་བཀྲུ། དེ་དག་སྐུ་ལ་སོགས། ཨོཾ་ཧཱུྃ་ཏྲྃ་སྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། སོགས་ཀྱིས་དར་གྱིས་ཕྱི། དེ་ནས་སྟེང་དུ་རོལ་པས་བཞུགས་པ་ལ། ཨོཾ་ཧཱུྃ་སྭཱ་ཧཱ། ན་བཟའ་ཕུལ། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། ཨོཾ་པྲ་ཝ་ར་སཏྐྲ་ར་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཤྲཱིཾྎ ཨིཾྎ ཀྵུཾྎ ཨིྎ ཡོན་ཆབ་སོགས་མཆོད་པ་ཕུལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་གཉིས་ལྕགས་སྒྲོག་ལྟར་སྦྲེལ་ལ། ཨོཾ་བཛྭ་པཱ་ཤ་ཧཱུྃ། ཞེས་པས་དཀྱིལ་འཁོར་གྱི་ནང་དུ་ལྷ་སོ་སོའི་གདན་ལ་བཀུག ཨོཾ་སཾམརཡུ། སེང་གེ་མའི་སྔགས་རྒྱས་བགེགས་བསྐྲད་ལ། ཨོཾ་བཛྭ་ཀྵྨྱོ་ཊ་བཾ། སྒོ་བཅིང་། དེ་ནས་ཐལ་མོ་སྦྱར་ནས་པདྨའི་ཚུལ་དུ་ཁ་བྱེ་བ་ཡེ་ཤེས་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱས། ཨོཾ་ཏིཥྛ་ཨཱ་ས་ན་ཧཱུྃ་སྭཱ་ཧཱ། ཞེས་པས་ལྷ་ཐམས་ཅད་གདན་ལ་བཞུགས་པར་བསམ། གཉིས་པ་ནི། ལྷ་རྣམས་ཀྱི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་ཞེས་སོགས་ནས། ཨོཾ་གྷུརྞི་ཏཾ་ཧཱུྃ་ཕཊ྄། གཡོན་པའི་སྔགས་དང་ཕྱག་རྒྱ་སྟེ་དེ་དག་ནི་ཕྱག་རྒྱ་ཆེན་པོའོ། །ཞེས་པའི་བར་དམ་རྒྱ། ཆོས་རྒྱ། ལས་རྒྱ། ཕྱག་ཆེན་སྟེ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་སྒྲུབ་ཐབས་བཞིན་བྱ། དེ་ནས་དཀྱིལ་འཁོར་བསྲུང་བ་བཞིན། རྐང་སྟབས་བརྒྱད་བསྲུང་བ་བརྒྱད་དེ་བ་དན་གསུམ་པའི་ཕྱག་རྒྱས་གཏུག་ཅིང་། སྤྱི་བོར་ཀྵུཾ། མིག་གཉིས་ལ་ཧཱུྃ། རྣ་བ་གཉིས་དང་སྣ་ལ་ཡུཾ། ལྕེ་ལ་སུཾ། མགྲིན་པར་སཾམརཡུ། དཔུང་པ་གཉིས་ལ་ཧཾམརཡུ། སྙིང་གར་ཡཾམརཡུ། ལྟེ་བར་ཀྵཾམརཡུ་རྣམས་ཀྱིས་བསྲུང་བར་གྱུར། ཡང་ཕྱག་རྒྱ་དེ་ཉིད་སྤྱི་བོ་སོགས་སུ་གཏུག་ཅིང་། ཨོཾ་བཛྭ་ཀཱ་ཡ་ཧོཿ ཨོཾ་བཛྭ་ཝཱཀྐཱ་ཨཱཿ ཨོཾ་བཛྭ་ཙིཏྟ་ཧཱུྃ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། རྡོ་རྗེ་བསྡམས་པ་ལ་གུང་མོ་གཉིས་བརྐྱང་སྟེ། རྩེ་གསུམ་པའི་ཚིགས་གསུམ་པར་མཛུབ་མོ་གཉིས་བཀུག་ནས་སྦྱར་བ་སྤྱི་བོ་ལ་སོགས་པའི་གནས་ལྔར་བཞག་སྟེ། ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ། ཞེས་པས་སྤྱི་བོར་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག །དཔྲལ་བར་མི་བསྐྱོད་པ་སྔོན་པོ་ས་གནོན། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན། ལྟག་པར་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན། རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་མཛེས་པ། དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པས་དབང་བསྐུར་བ་དང་ལྡན་པར་གྱུར། གཞན་ལྷ་ཐམས་ཅད་ཀྱི་ཅོད་པན་ལ་རྣལ་འབྱོར་ནམ་མཁའ་རིགས་ཀྱི་བདག་པོར་གནས་པས་རྒྱས་གདབ་པར་གྱུར། རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་གཉིས་བསྒྲེང་བ་བཟློག་ནས་རྩེ་སྤྲད་དེ་སྙིང་ག་དང་ལྟག་པ་དང་དཔྲལ་བར་རེག་ཅིང་། ཨོཾ་ཊུཾ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པས་གནས་གསུམ་དུ་རྡོ་རྗེ་མདུད་པ་བཅིང་། ཕྱག་རྒྱ་དེ་ཉིད་དང་། ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་པ་རྣ་ལྟག་གཉིས་སུ་དར་དཔྱངས་བཅིང་། སོར་མོའི་རྩེ་སྤྲད་ལ་མཐིལ་ལན་གསུམ་དུ་བརྡབ་ཅིང་། ཨོཾ་བཛྭ་ཏུཥྱ་ཧོཿ ཞེས་པས། དེ་བཞིན་གཤེགས་པ་ལྔ་མཉེས་པར་བྱ། དེ་ནས་མཆོད་རྫས་རྣམས། ཨོཾ་སཾ་ཤྭ་དྷོ་ན་ཧཱུྃ་ཕཊ། ཉེར་གཅིག་དང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལན་བདུན་གྱིས་བསང་གཏོར་བྱས་ལ། རྒྱུད་ལས་འབྱུང་བ་བཞིན་གྱི་ཆུ་གསུམ་འབུལ་བ་ནི། དྲི་མེད་ཡན་ལག་བརྒྱད་དང་ལྡན་པའི་ཆུ། །བདུད་རྩི་ལྔ་དང་འོ་མ་ལེགས་སྦྱར་ཞིང་། །ཙནྡན་ལ་སོགས་དྲི་ཞིམ་གྱིས་བགོས་པའི། །བསང་གཏོར་དམ་པ་གུས་པའི་བློ་ཡིས་འབུལ། །མཐེབ་མཛུབ་ཀྱིས་འཐོར་གཡབ་བཟུང་སྟེ་འཐོར་བའི་ཚུལ་གྱིས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལྷ་ཡི་ཆུ་བོ་ག་པུར་རྒྱུན་ལྟ་བུ། །སྦྲང་རྩི་ལྟར་དངར་རོ་བཅུད་ཕུན་ཚོགས་ལྡན། །ཡིད་འོང་དྲི་བསུང་རྨད་དུ་བྱུང་བ་ཡི། །མཆོད་ཡོན་དམ་པ་སོགས། དེ་ཉིད་ཀྱི་ཕྱག་རྒྱ་དང་། རྡོ་རྗེ་ཐལ་མོས་དུང་གི་ཆུ་བཟེད་ཞལ་དུ་སྦྲེང་ལ། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་སྐུ། །གཙང་བྱེད་རྐྱེན་ལ་ནམ་ཡང་ལྟོས་མིན་ཀྱང་། །རང་གཞན་རྒྱུད་ཀྱི་དྲི་མ་སྦྱང་བའི་ཕྱིར། །ཞབས་བསིལ་དམ་པྎ །དེ་ཉིད་ཀྱི་ཕྱག་རྒྱས། ཨོཾ་པྲ་ཝ་ར་སཏྐྲཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཉེར་སྤྱོད་དང་པོ་ནང་གི་ཉེར་སྤྱོད་ལྔ་ནི། ལུས་ལ་རྗེས་སུ་ཆགས་དང་ཁོང་ཁྲོ་བ། །མཉམ་ཉིད་སེམས་ཀྱི་བྱུག་པ་ཐོབ་སླད་དུ། །མཆོག་ཏུ་ཚིམས་བྱེད་དྲི་ཆབ་བཟང་པོ་ཡིས། །དཀྱིལ་འཁོར་ལྷ་རྣམས་མ་ལུས་མཆོད་པར་བྱ། ཨོཾ་པྲ་ཏཱིཙྪ་སུ་གནྡྷེ་ཧཱུྃ་སྭཱ་ཧཱ། མཚན་དང་དཔེ་བྱད་རྒྱན་གྱིས་མཛེས་གྱུར་པ། །བཟོད་པའི་ས་བོན་ལས་བྱུང་མེ་ཏོག་གིས། །རྣམ་པ་ཀུན་ཏུ་སྤྲས་པའི་སྐུ་འགྲུབ་ཕྱིར། །ཁ་དོག་དྲི་ལྡན་ཕུལ་བྱུང་མེ་ཏོག་གིས། །དཀྱིལ་འཁོརྎ ཨོཾ་པུཥྤེ་མཱ་ལེ་ཧཱུྃ་སྭཱ་ཧཱ། ཆོས་རྣམས་མཉམ་པ་ཉིད་དུ་སྒོམ་པ་ལས། །རང་བཞིན་དག་པའི་བདུག་པས་ཚིམས་བྱེད་སླད། །ལྷ་རྫས་སྤོས་མཆོག་ཇི་སྙེད་མཆིས་པ་ཡིས། །དཀྱིལ་འཁོརྎ །ཨོཾ་དྷུ་པེ་ཤྭ་རི་ཧཱུྃ་སྭཱ་ཧཱ། ཤེས་རབ་མར་མེའི་སྣང་བ་བཟང་པོ་ཡིས། །ཁམས་གསུམ་ཀུན་གྱི་མུན་པ་རབ་བཅོམ་ནས། །ཇི་ལྟར་འདོད་པ་བཞིན་དུ་སྣང་བྱའི་ཕྱིར། །རིན་ཆེན་སྒྲོན་མེའི་ཕྲེང་བ་བསྟར་བྱས་ནས། །དཀྱིལ་འཁོརྎ །ཨོཾ་ཏཱི་དཱི་པེ་ཧཱུྃ་སྭཱ་ཧཱ། འགྲོ་ལ་མི་འཇིགས་སྦྱིན་པ་ལ་སོགས་ཀྱིས། །དབུགས་མ་ཕྱིན་པ་དག་ནི་དབུགས་དབྱུང་ཞིང་། །བསམ་གཏན་ཟས་ཀྱི་དགའ་སྟོན་སྤེལ་སླད་དུ། །ཞལ་ཟས་བཟའ་བཏུང་རོ་བརྒྱ་ལྡན་པ་ཡིས། །དཀྱིལ་འཁོརྎ །ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་བ་ལིཾ་ཧཱུྃ་སྭཱ་ཧཱ། ཞེས་རྒྱུད་ལས་གསུངས་པའི་དག་པ་དང་སྦྱར་བ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། ཚངས་པའི་དབྱངས་ཀྱིས་དམ་ཆོས་སྟོན་པ་དང་། །མི་ཤིགས་གཞོམ་དུ་མེད་པའི་སྒྲ་སྒྲོག་ཕྱིར། །སིལ་སྙན་རྣམ་པ་སྣ་ཚོགས་སྒྲ་འབྱིན་པས། །དཀྱིལ་འཁོརྎ །ཨོཾ་བཛྭ་གྷཱཎྜྻཱ་ར་ཎི་ཏ་སོགས་ཀྱི་སྔགས་བརྗོད་ཅིང་རོལ་མོ་བྱའོ། །ཉེར་སྤྱོད་གཉིས་པ་ཕྱིའི་ཉེར་སྤྱོད་ནི། ལེགས་པར་སྦྱར་དང་ཡོངས་གྱུར་པའི། །དྲི་བཟང་རྣམ་པ་སྣ་ཚོགས་ཀྱི། །ཕྱེ་མ་རྣམས་དང་དྲི་ཆབ་དག །ཏིང་ངེ་འཛིན་གྱིས་སྤེལ་བྱས་ཏེ། །བདག་གཞན་སྦྱོར་དང་གསང་བ་ཡི། །གདན་བཞི་པ་ཡི་དཀྱིལ་འཁོར་ཆེ། །གུས་པའི་བློ་ཡིས་རྟག་ཏུ་མཆོད། །བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ། །ཨོཾ་པྲ་ཏཱིཙྪ་སུ་གནྡྷེ་ཧཱུྃ་སྭཱ་ཧཱ། ཤླཽ་ཀ་ཕྱི་མ་དང་རང་རང་གི་སྔགས་རྒྱ་སོ་སོའི་མཐར་སྦྱར་ལ། ཁ་དོག་ལྔ་ལྡན་པདྨ་ནི། །འདབ་མ་སྟོང་ཕྲག་རྒྱས་པ་དང་། །ཨུཏྤལ་ལ་དང་ཀུ་མུ་དང་། །པུཎྜྻ་རི་ཀ་ལ་སོགས་པས། བདག་གཞནྎ ཨོཾ་པུཥྤེ་མཱ་ལེ་ཧཱུྃ་སྭཱ་ཧཱ། །ལྷན་ཅིག་སྐྱེས་དང་དེ་བཞིན་དུ། །སྦྱར་བ་ལས་བྱུང་བྱེ་བྲག་གི །བདུག་སྤོས་དྲི་མཆོག་དང་ལྡན་པ། །འཇིག་རྟེན་འདི་ན་མཆིས་པ་ཀུན། །བདག་གཞནྎ །ཨོཾ་དྷུ་པེ་ཤྭ་རི་ཧཱུྃ་སྭཱ་ཧཱ། །ཉི་ཟླ་ནོར་བུའི་འོད་རྣམས་དང་། །སྒྲོན་ཤིང་འབྲུ་མར་མར་མེ་སོགས། །སྣང་བྱེད་རྣམ་པ་མ་ལུས་པ། །སངས་རྒྱས་ཞིང་རྣམས་གསལ་བྱས་ཏེ། །བདག་གཞནྎ །ཨོཾ་ཏཱི་དཱི་པེ་ཧཱུྃ་སྭཱ་ཧཱ། །བསོད་ནམས་སྟོབས་ལས་གྲུབ་པ་ཡི། །བདུད་རྩི་ཁ་དོག་ལྔ་དང་ལྡན། །བཟའ་བཅའ་ལྡག་དང་གཞིབས་པ་དང་། །ལྷ་དང་མི་ཡི་བཏུང་བའི་ཚོགས། །བདག་གཞནྎ །ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་བ་ལིཾ་ཧཱུྃ་སྭཱ་ཧཱ། །འདོད་གཟུགས་ལྷ་མིའི་གླུ་དབྱངས་དང་། །རོལ་མོའི་རྣམ་པ་ཐམས་ཅད་པ། །བསྟོད་དབྱངས་ཡན་ལག་ཀུན་འབྱུང་བའི། །བསམ་གཏན་ལས་བྱུང་སྒྲ་སྙན་རྣམས། །བདག་གཞན་སྦྱོར་དང་གསང་བྎ །ཨོཾ་བཛྭ་གྷཱཎྜྻཱ་སོགས་བྱའོ། །ཕྱག་རྒྱ་ཉི་ཤུ་སྒྲུབ་ཐབས་ལྟར་རམ་རྒྱས་པར་སྤྲོ་ན། གདངས་སྙན་སྐད་ཀྱི་འགྱུར་བ་བརྒྱ་ཕྲག་གིས། །སྐྱེ་བོའི་རྣ་བའི་དབང་པོ་ཚིམ་བྱེད་པ། །ལྷ་རྫས་པི་ཝཾ་བརྡུང་བའི་ཚུལ་གྱིས་ནི། །བཅོམ་ལྡན་རྣལ་འབྱོར་ནམ་མཁའ་འཁོར་བཅས་མཆོད། །ལྟེ་སྙིང་སྤྱི་བོའི་ཐད་དུ་པད་ཀོར་བྱས་ནས། རྡོ་རྗེའི་ཁུ་ཚུར་དཀུ་གཉིས་སུ་བཞག་པ་ཐམས་ཅད་ཀྱི་སྔོན་དུ་བྱ་བ་ཡིན་ལ། བྱེ་བྲག་གི་ཕྱག་རྒྱ་སོ་སོ་སྒྲུབ་ཐབས་ལྟར་བྱས་ལ། ཨོཾ་ཨཱཿབཛྭ་བཱི་ཎི་ཧཱུྃ། ཞེས་པའི་མཐར་གཡོན་ཏུ་བསྡུ་བ་ཐམས་ཅད་ལ་མཚུངས་སོ།། མཛེས་པའི་སོར་གདུབ་དང་བཅས་ལག་པ་ཡིས། །རྣམ་མང་འགྱུར་ཁུག་དུ་མའི་སྒྲ་དབྱངས་ཅན། །ལྷ་རྫས་གླིང་བུ་ཀུན་ཏུ་བསྒྱུར་བྱས་ནས། །བཅོམ་ལྡན་རྣལ་འབྱོར་སོགས་རྐང་པ་ཐ་མ་ཀུན་ལ་སྦྱར་རོ། །ཨོཾ་ཨཱཿབཛྭ་ཝཾ་ཤེ་ཧཱུྃ། མཐའ་ཡས་ཞིང་ཀུན་ཁྱབ་པའི་སྒྲ་དང་ལྡན། །ཟབ་ཡངས་སྦུབ་ཅན་ཀུནྡའི་མདངས་འཕྲོག་ཤིང་། །ལྷ་རྫས་ཡིད་དུ་འོང་བའི་ང་རོ་ཡིས། །བཅོམ་ལྡནྎ ཨོཾ་ཨཿབཛྭ་ཤངྑ་ཧཱུྃ། མཆོག་ཏུ་ཟླུམ་ཞིང་དབྱིབས་ལེགས་ཁ་ཁྱེར་ཅན། །རྨད་བྱུང་སྐད་གསང་མཐོན་པོར་སྒྲོགས་པ་ཡི། །ལྷ་རྫས་འཁར་རྔ་སྐུལ་བྱེད་ཀྱིས་བརྡུངས་ཏེ། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་པ་ཎཱ་བ་ཧཱུྃ། སོས་ཀའི་ཚ་བའི་གདུང་བ་རབ་སེལ་ཞིང་། །རྣམ་པར་བཀྲ་ཞིང་ནོར་བུའི་ཡུ་བ་ཅན། །ལྷ་རྫས་རླུང་གཡབ་མཛེས་པར་གཡོབ་པ་ཡིས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་བི་དྷ་མཱ་ནཾ་ཧཱུྃ། །རིན་ཆེན་འབར་བའི་ཏོག་གིས་རྩེ་མོར་སྤུད། ཁ་དོག་སྣ་ཚོགས་དར་གྱི་ཆུན་འཕྱང་ལྡན། །ལྷ་རྫས་རྒྱལ་མཚན་མངོན་པར་བསྒྲེང་བ་ཡིས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་དྷྭ་ཛ་ཧཱུྃ། འཁོར་ཡུག་ཀུན་ཏུ་ཁྱབ་པའི་སྒྲ་སྒྲོགས་པ། །རོལ་མོའི་ཚོགས་ཀྱི་སྣ་འདྲེན་པ་ཊ་ཧ། །ལྷ་རྫས་རྔ་ཆེན་ལེགས་པར་བསྒྲགས་པ་ཡིས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་པ་ཊ་ཧ་ཧཱུྃ། རྡོ་རྗེ་ཐལ་མོས་བསྐུལ་བ་ལས་བྱུང་བའི། །སྙན་ཞིང་འཇམ་པའི་སྒྲ་ཆེན་ཅི་ཡང་འབྱུང་། །ལྷ་རྫས་རྔ་ཟླུམ་རབ་ཏུ་བརྡུངས་བྱས་ཏེ། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་མྲྀ་དཾ་ག་ཧཱུྃ། དྲི་མེད་རབ་གཙང་ལས་གྲུབ་ལ་ཕུབས་དང་། །སྟོང་ཕྲག་རྩིབས་བཅས་གསེར་གྱི་ཡུ་བ་ཅན། །ལྷ་རྫས་གདུགས་མཛེས་མངོན་པར་ཕུབ་པ་ཡིས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་ཙྪ་ཏྲཾ་ཀ་ཧཱུྃ། དབང་པོའི་གཞུ་ལྟར་སྤེལ་ལེགས་ཤམ་བུ་མཛེས། །རབ་ཡངས་ནམ་མཁའི་རྒྱན་དུ་གྱུར་པ་ཡི། །ལྷ་རྫས་བླ་བྲེ་ཡོངས་སུ་བྲེས་བྱས་ནས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་བི་ཏཱ་ན་ཧཱུྃ། གོས་བཟང་ཁ་དོག་གསལ་བ་ལས་གྲུབ་ཅིང་། །ཕྱོགས་སུ་རྣམ་པར་བསྐྱོད་པའི་ཡན་ལག་ཅན། །ལྷ་རྫས་བ་དན་ཀུན་ཏུ་བརྐྱངས་བྱས་ནས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་པཱ་ཏཾ་ཀ་ཧཱུྃ། སྒེག་པ་ལ་སོགས་ལུས་ཀྱི་རྣམ་འགྱུར་དང་། །དྲུག་ལས་སྐྱེས་སོགས་གླུ་ཡི་ཀྱོ་བར་ལྡན། །མིག་གི་དགའ་སྟོན་བསྐྱེད་པའི་གར་རྣམས་ཀྱིས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་དཎྜྻ་པ་ཧཱུྃ། རིག་མའི་མཁའ་དང་སྦྱོར་བའི་ཁྱད་པར་ལས། །དགའ་བ་རྣམ་བཞིའི་རོལ་པར་ཤར་བའི་མཐུས། །རྒོད་པའི་རྩེད་འཇོ་མཆོག་ལ་གནས་པའི་ཕྱིར། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་ཧཱ་ཀྵྼ་ཧཱུྃ། ཟག་མེད་ལུས་ཀྱི་སྐྱེ་མཆེད་མ་བསྒྲིབས་པར། །ལྷན་སྐྱེས་བདེ་བས་རྟག་ཏུ་གང་བ་ལས། །རྣམ་པར་སྒེག་པའི་ཉམས་དང་ལྡན་པ་ཡིས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་ཤྲིངྒ་ལ་ཧཱུྃ། ཀུན་ཏུ་འཕྱན་པའི་ཉོན་མོངས་རྟོག་པ་ནི། །ཡུལ་ལ་རྗེས་ཆགས་འབེན་རྣམས་འབིགས་བྱེད་པ། །ཁྲོ་བོའི་དབང་ཕྱུག་རྩེ་བའི་མདའ་འཕེན་པས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་བཱི་བྷཏྶ་ཧཱུྃ། མ་རུངས་གདུག་པའི་ཚོགས་རྣམས་གཞོམ་སླད་དུ། །དྲག་ཤུལ་ཆེན་པོའི་རྣལ་འབྱོར་ལ་གནས་ནས། །བདུད་སྡེའི་དཔུང་རྣམས་མ་ལུས་དངངས་བྱས་ཏེ། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་རཽ་དྲཾ་ཧཱུྃ། མི་བཟད་སྡང་བའི་སེམས་ཀྱིས་ཀུན་འཁྲུགས་པའི། །ནག་པོའི་རྩ་ལག་མཐའ་དག་འཇིགས་མཛད་པ། །འཇིགས་རུང་དཔའ་བོའི་མཚན་མ་བསྟན་ནས་ཀྱང་། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་བྷ་ཡ་ན་ཀ་ཧཱུྃ། ལྷ་མོའི་ཏ་ན་ཡིད་འོང་རྒྱས་ཤིང་འཁྲང་། །དམ་དུ་འཚིར་བ་ལས་བྱུང་སྙིང་རྗེའི་ཉམས། །བདེ་སྟོང་རོ་མཉམ་ཤིན་ཏུ་འཕེལ་བྱའི་ཕྱིར། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་ཀཱ་རུ་ཎ་ཧཱུྃ། ལུས་རྒྱན་ཀུན་གྱི་དྲི་མ་མེད་པའི་ཁམས། །སེམས་དཔའ་མཆོག་གིས་མངོན་པར་རྟོགས་པའི་གནས། །རྒྱུན་མི་འཆད་པའི་དེ་ཉིད་མཚོན་བྱེད་པས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་སཏྭ་ཤྭ་ཏ་ཧཱུྃ། རྨད་བྱུང་འཁོར་ལོའི་བདག་པོ་འཁོར་བཅས་ལ། །མི་འཕྲོག་དང་བས་སྤྱི་བོས་ཕྱག་འཚལ་ཞིང་། །གུས་པས་ཐལ་མོ་སྦྱར་བའི་འདུད་ཚུལ་གྱིས། །བཅོམ་ལྡནྎ །ཨོཾ་ཨཱཿབཛྭ་ཨཱཏབྷུ་ཏཾ་ཧཱུྃ། །ཞེས་པ་རྣམས་སོ། །སྒེག་སོགས་ལྷ་མོ་ནམ་མཁའ་གང་བ་རྣམས་ཀྱིས་མཆོད་པར་བལྟས་ལ། ལྟ་བས་མི་ངོམས་མཛེས་པའི་གཟུགས། །ཟླ་བའི་འོད་ལྟར་གསལ་བའི་མདོག །སྙེམས་ཚུལ་ཁུ་ཚུར་དཀུར་འཛིན་མ། །རྡོ་རྗེ་སྒེག་མོས་ལྷ་རྣམས་མཆོད། །ཕྱག་རྒྱ་བརྒྱད་སོ་སོ་དམ་རྒྱ་ལྟར་བྱས་ལ། ཨོཾ་ཧཱུྃ་སྭཱ་ཧཱ། དྲི་ཟའི་གླུ་དབྱངས་ཟིལ་གནོན་མ། །རྒྱུད་མངས་སྒྲེང་མཁན་འཇོ་སྒེག་མ། །དུང་ལྟར་དཀར་ཞིང་རྒྱན་གྱིས་བཀླུབས། །པི་ཝཾ་འཛིན་མས་ལྷ་རྣམས་མཆོད། ཨོཾ་ཧཱུྃ་ཧོཿསྭཱ་ཧཱ། ལྷ་མོ་སྟོང་ཟིལ་ཁ་དོག་ཅན། །དྲུག་ལྡན་ལ་སོགས་གླུ་ལེན་ཞིང་། །གདངས་སྙན་མཛུབ་མོ་བསྐུལ་ལ་བརྩོན། །གླུ་ལེན་མ་ཡིས་ལྷ་རྣམས་མཆོད། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། མཛེས་པའི་ཕྱག་གཉིས་གར་བྱེད་ཅིང་། །རོལ་པའི་ལུས་ཀྱི་རྣམ་འགྱུར་ཅན། །ལྷ་མོ་ཐུན་མཚམས་སྤྲིན་གྱི་མདོག །གར་སྒྱུར་མ་ཡིས་ལྷ་རྣམས་མཆོད། །ཨོཾ་སུ་ནྲྀ་ཏི་ཧཱུྃ་སྭཱ་ཧཱ། སྣ་ཚོགས་དྲི་ཡི་སྣོད་འཛིན་ཅིང་། །རྡོ་རྗེའི་ཐལ་མོས་བྱུག་པའི་ཚུལ། །བཙོ་མའི་གསེར་གྱི་མདངས་ཆགས་པའི། །དྲི་ཆབ་མ་ཡིས་ལྷ་རྣམས་མཆོད། །ཨོཾ་སུ་གནྡྷེ་ཧཱུྃ་སྭཱ་ཧཱ། སྐུ་མདོག་མིག་སྨན་ལྟར་གནག་ཅིང་། །རིན་ཆེན་པདྨ་འདབ་བརྒྱད་པ། །ཆར་བཞིན་རབ་ཏུ་འབེབས་མཛད་མ། །མེ་ཏོག་མ་ཡིས་ལྷ་རྣམས་མཆོད། །ཨོཾ་ཤྲཱིཾ་སྭཱ་ཧཱ། ཉི་མ་འཆར་ཁ་བཞིན་དུ་དམར། །ཕྱག་གཉིས་ལྷ་རྫས་སྤོས་སྣོད་ནས། །དྲི་བཟང་ཞིང་ཀུན་ཁྱབ་པར་སྤྲོ། །བདུག་སྤོས་འཛིན་མས་ལྷ་རྣམས་མཆོད། །ཨོཾ་ཨཱཿསྭཱ་ཧཱ། ཀརྐེ་ཏ་ལྟར་སྐུ་མདོག་སེར། །ནོར་བུའི་སྒྲོན་མེ་འབར་བ་འཛིན། །སྟོང་གསུམ་མཐའ་དག་སྣང་བར་བྱེད། །མར་མེ་མ་ཡིས་ལྷ་རྣམས་མཆོད། །ཨོཾ་ཀྵུཾ་སྭཱ་ཧཱ། །ཞེས་སོ། གོས་ཟུང་ཁུ་ཚུར་གཉིས་བརྐྱང་སྟེ་བཟུང་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཤིགས་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་ལྷ་རྣམས་ལ་ཕུལ་བའི་མོས་པ་བྱའོ། །དཔལ་གྱི་འབྲས་བུའམ་གཞན་ཡང་རུང་། །འབྲས་བུ་སྣ་ཚོགས་དབུལ་བར་བྱ། །ཉི་མ་ཟླ་བ་ཁ་སྦྱར་ཏེ། །འབྲས་བུའི་ཚུལ་དུ་བྱས་ལ་དབུལ། །སྙིམ་པ་སྦྱར་ཏེ། ཨོཾ་ཛྭུཾ་སྭཱ་ཧཱས་འབྲས་བུ་ཕུལ། །དེ་ནས་ལྕགས་ཀྱུ་ལྔའི་བཟའ་བ། ཨོཾ་པྲིཾ་གྷྲུཾ་ཛྭཾ་ཨ་སྭཱ་ཧཱས་བྱིན་གྱིས་བརླབ། ལྕགས་ཀྱུ་ལྔ་ལ་སོགས་པ་དག །དེ་བཞིན་དེ་ཉིད་རིག་པས་དབུལ། །བཟའ་དང་བཅའ་བ་སྣ་ཚོགས་པ། །ཀུན་ནས་ཐམས་ཅད་དབུལ་བར་བྱ། །ལྕགས་ཀྱུ་གཞན་ནི་ཐམས་ཅད་ཀྱང་། །ལྕགས་ཀྱུ་ལྔ་ཡི་དེ་ཉིད་བྱ། །ཐམས་ཅད་རིག་པས་ཕྱི་ནང་གི། །རྣལ་འབྱོར་མ་ཀུན་དབུལ་བར་བྱ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ། གྷུཾ་གྷུཾ། ཨོཾ་ཕེཾ་གྷུཾ་ཕུཾ་གྷུཾ་ཧཱུྃ་སྭཱ་ཧཱ། གཏོར་མ་བཞིན་གྱི་ཕྱག་རྒྱ་བཅས་ཏེ་ཕུལ། དེ་ནས་མེ་ཏོག་དཀར་པོ། བདུག་སྤོས། ས་ལུའི་ཟན། ཞོ། བུ་རམ། སྦྲང་རྩིར་བསྲེས་པའི་གཏོར་མས་དབང་ལྡན་ནས་དང་། ཆང་གི་སྣོད། ལྷ་བཤོས། ཉ་དང་། ཤ་སྣ་ཚོགས་དང་། སྲན། ཟན། ཏིལ། འཁུར་བ་ལ་སོགས་པ་བཟའ་བ་བདེན་བྲལ། ཞོ་དང་། མར། སྦྲང་རྩི། མར་ཁུ་བཟའ་བ་ཞིམ་པོར་བཅས་པས་མེ་མཚམས། དྲི་མེ་ཏོག་བདུག་པ་མར་མེ་སྣ་ཚོགས་ཀྱི་མཆོད་པ། མེ་ཏོག་དཀར་སོགས་བདུག་པ་དང་། །འོ་མའི་སྣོད་ནི་རྒྱ་ཆེར་བཅས། །ལྷ་བཤོས་སྣ་ཚོགས་མཆོད་པ་ནི། །རླུང་གི་མཚམས་སུ་དབུལ་བར་བྱ། །ཉ་དང་ཤ་སོགས་སྲན་ཆན་ཁྲག །སྣོད་ནི་ཡོངས་སུ་བཀང་ནས་སུ། །ཏིལ་ཁུར་ལ་སོགས་བཟའ་དང་བཅའ། །བདེན་བྲལ་དུ་ནི་དབུལ་བར་བྱ། །ཞོ་དང་སྦྲང་རྩི་མར་དུ་བསྲེ། །བཟའ་བ་ཞིམ་པོར་བཅས་པ་དག །བློ་དང་ལྡན་པས་མེ་མཚམས་སུ། །ཁྱད་པར་དུ་ནི་དབུལ་བར་བྱ། །དྲི་དང་མེ་ཏོག་རྒྱ་ཆེན་དང་། །བདུག་སྤོས་མར་མེ་རྒྱ་ཆེན་དང་། །གཏོར་མའི་མཆོད་པ་རྒྱ་ཆེན་རྣམས། །དད་དང་ལྡན་པ་གནས་ནས་དབུལ། །ཕྱག་རྒྱ་དང་བཤད་མ་ཐག་པའི་སྔགས། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ། གྷུཾ་གྷུཾ། ཨོཾ་ཕེཾ་གྷུཾ་ཕུཾ་གྷུཾ་ཧཱུྃ་སྭཱ་ཧཱ། ཞེས་ཕུལ། ཨོཾ་ཧཱུྃ་སྭཱ་ཧཱ། ཤྲཱིཾྎ ཨིཾྎ ཀྵུཾྎ ཨིྎ དྲི་ལ་སོགས་པའི་སྔགས་རྒྱས་འབུལ་ལོ། །མཛེས་པའི་རྡོ་རྗེ་གསོར་བྱས་ནས། །ཐམས་ཅད་མྱ་ངན་འདས་པར་དགྲོལ། །ཆོས་ཀྱི་རྣམ་པར་དག་བྱེད་པ། །རྡོ་རྗེ་སྙིང་པོ་འཛིན་པར་བྱ། །ཞེས་པས་ལྷ་སུམ་ཅུའི་བདག་ཉིད་ཅན་གྱི་རྡོ་རྗེ་ཐབས་ཀྱི་རྟོགས་པ་དང་ལྡན་པས་ལག་པ་གཡས་པས་བཟུང་། ཧཱུྃ་ཞེས་ལྷ་ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ཅན་གྱི་དྲིལ་བུ་ཤེས་རབ་ཀྱི་རྟོགས་པ་དང་ལྡན་པས་གཡོན་པས་བཟུང་། ཁུ་ཚུར་རྒྱབ་སྤྲད་མཐེའུ་ཆུང་སྦྲེལ་ནས། ཨོཾ་བཛྭ་གྷཎྜྻ་ར་ནི་ཏ་པྲ་ར་ནི་ཏེ། སརྦ་བུདྡྷ་པྲ་ཙ་ལི་ཏེ་པྲཛྙྱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷ་བེ་ནན། སརྦ་བུད་དྷ་སྲི་ད་ཡ་ཨ་ཝ་ཏོ་ཥི་ཎི་ཧཱཾ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱ་ཧཱ། དེ་ནས་རྡོ་རྗེ་གསོར་དྲིལ་བུ་འཁྲོལ་ཞིང་སྒེག་ཅིང་རྒོད་པས་ཧཱུྃ་གླུར་ལེན་མདའ་གཞུ་ལ་སོགས་པའི་ཕྱག་རྒྱ་བཅིངས་ཏེ། སེམས་དཔའ་ཆེན་པོ་དང་པོ་མཆོག །དགའ་བ་ཆེན་པོ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །ཐུགས་ཀྱི་སེམས་དཔའ་ཏིང་འཛིན་མཆོག །རྡོ་རྗེ་རྡོ་རྗེ་ཆེན་པོའི་སྟོབས། །ཀུན་ཏུ་བཟང་པོ་སྤྱོད་པའི་སྟོབས། །བདུད་དང་བདུད་ནི་རབ་འཇོམས་པ། །ཀུན་གྱི་ཁྲོ་བོ་ཁྲོ་ཆེན་པོ། །སངས་རྒྱས་སངས་རྒྱས་ཆོས་སྐྱེས་མཆོག །རྡོ་རྗེ་ཧཱུྃ་བྱེད་ཧཱུྃ་བྱེད་པ། །འཇིག་རྟེན་དབང་ཕྱུག་ནོར་བུ་སྦྱིན། །ཆགས་པ་ཆེན་པོ་བདེ་བ་ཆེ། །འདོད་པ་ཐར་པ་དོན་ཆེན་པོ། །སྲིད་གསུམ་འཇིག་རྟེན་ནོར་གྱི་མཆོག །འཇིག་རྟེན་གསུམ་མཆོག་ཁམས་གསུམ་ལ། །མི་གཡོ་རབ་མཆོག་མི་གསལ་བ། །ཤིན་ཏུ་ཕྲ་དང་རགས་འདུས་པ། །གཡོ་དང་རབ་མཆོག་ཐོབ་པ་ཡི། །སྲིད་དང་འཁོར་བ་དག་བྱེད་པ། །ཐོག་མ་མེད་པ་མཐའ་མེད་པ། །ཐོག་མ་མཐའ་དང་སྔོན་ཕྱི་དང་། །ཐམས་ཅད་དུ་ནི་ཡང་དག་གནས། །སྙིང་པོ་ཕྱག་རྒྱ་དམ་ཚིག་སྦྱོར། །དེ་བཞིན་ཉིད་སེམས་མཆོད་པ་ཆེ། །རྡོ་རྗེ་ཁྲོ་བོ་ཁྲོ་ཆེན་པོ། །འཇིགས་པའི་འབར་བ་འདུལ་བྱེད་པ། །སྡང་བ་ཆེན་པོ་མཆོག་ཏུ་འདུལ། །མི་བཟད་དྲག་པོའི་འཇིགས་བྱེད་པ། །དེ་བཞིན་གཤེགས་པ་གྲུབ་པ་ཆེ། །ཆོས་དང་ལས་དང་ཆེ་བའི་མཆོག །དམ་པའི་ཆོས་དང་ལས་གྱི་ལམ། །བྱང་ཆུབ་སེམས་ནི་རྒྱས་པར་བྱེད། །ཀུན་གྱི་དག་པ་པདྨ་ཆེ། །ཐབས་དང་ཤེས་རབ་ནོར་ཆེ་བ། །འདོད་ཆགས་དག་པ་ཏིང་འཛིན་མཆོག །སྣ་ཚོགས་འདོད་ཆགས་དབང་ཕྱུག་ཆེ། །ནམ་མཁའ་མཐའ་ཡས་རྟག་པའི་དོན། །འབྱུང་བ་ཆེན་པོ་ཀུན་གྱི་གཞི། །ལོངས་སྤྱོད་དཔལ་གྱི་རྒྱལ་པོ་གཙོ། །འདོད་པ་ཐམས་ཅད་རྫོགས་བྱེད་པ། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་བསྟོད། །གུས་པས་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་དེ་དག་འགྲུབ། ཧཱུྃ་ཧཱུྃ་ཧཱུྃ། འཁོར་བ་མཆོག་གི་སྐུ་འཛིན་པ། །ཕན་ཚུན་འཁྱུད་པའི་སྦྱོར་བ་འཆང་། །རྡོ་རྗེ་འཛིན་པ་ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། ཞབས་མཆོག་ལྷ་མཆོག་གིས་བཏུད་པ། །མེ་ཏོག་ལས་སྤྲུལ་འཕྲོ་དང་བཅས། །ཀྱཻ། རྡོ་རྗེ་ཁྱོད་ནི་ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། དངོས་ལས་གྲོལ་བའི་དོན་གྱི་ཕྱིར། །གསང་བ་ངེས་པར་འཆིང་མཛད་པ། །རོལ་ཅིག་རོལ་ཅིག་རྡོ་རྗེ་ཁྱོད། །གསང་བ་གཟིགས་པའི་དགོངས་པ་མཛད། ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། རིན་ཐང་མེད་པའི་བདུད་རྩི་ཡིས། །སེམས་ཅན་རྣམས་ནི་ཁྱོད་ཀྱིས་བཀྲུས། །བདག་ནི་འཁོར་བ་ལས་སྒྲོལ་བ། །ཁྱོད་ལ་གུས་དང་བཅས་པས་འདུད། །ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། གླང་ཆེན་མཆོག་གི་སྟེང་བཞུགས་པ། །སྐུ་ནི་དུང་ལྟར་དཀར་བས་མཛེས། །མཐའ་ཡས་དུང་གིས་བརྒྱན་པའི་སྐུ། །ཤར་གཙོ་རྡོ་རྗེ་མ་ལ་འདུད། །གསེར་གྱི་མཆོག་ལྟར་མཛེས་པའི་སྐུ། །ཤིན་ཏུ་དྲག་པོ་སྦྲུལ་གྱིས་བརྒྱན། །མཛེས་པའི་ཟས་གང་ཐོད་པ་ཅན། །བྱང་གི་ལྷ་མོ་རྒྱལ་གྱུར་ཅིག །པདྨ་དམར་ལྟར་མཛེས་པའི་སྐུ། །ཧཱུྃ་གི་ང་རོ་འཇིགས་པར་མཛད། །དྲག་པོ་དབྱུག་པ་ཐོད་པ་བསྣམས། །ནུབ་ཀྱི་ལྷ་མོ་གཙོ་ལ་འདུད། །འོད་ཟེར་དྲ་བ་སྔོན་པོས་མཛེས། །སེང་གེ་འཕྲོག་བྱེད་ཚངས་དབང་གཙོ། །བདུད་འདུལ་ཕྱིར་ནི་ཁྲོ་གཟུགས་འཛིན། །ཧཱུྃ་མཛད་ལྷོ་ཡི་ལྷ་མོར་འདུད། །ཧཱུྃ་ཧཱུྃ་ཧཱུྃ། སངས་རྒྱས་ལྔ་ཡི་མཁའ་འགྲོ་མ། །ལྔ་ལྔ་རྣམ་པར་དག་པའོ། །རྣལ་འབྱོར་མ་ཀུན་དེ་ཉིད་སྤྲུལ། །སྟོང་དང་སྟོང་མིན་འཁོར་བའི་དངོས། །དངོས་དང་དངོས་མེད་གྲོལ་བ་ཉིད། །དེ་འདྲའི་སྐུ་ནི་དབུས་བཞུགས་ནས། །རྣལ་འབྱོར་མ་ཡི་ཚོགས་ཀྱིས་བསྐོར། །སངས་རྒྱས་མཁའ་འགྲོ་མ་ཡི་སྐུ། །དཀྱིལ་འཁོར་བྱེ་བ་དེ་ཡིས་མཉེས། །གླུ་སོགས་ཆགས་པའི་རང་བཞིན་ཉིད། །བཟའ་དང་བཟའ་མིན་སྔོན་ནས་སྤངས། །དང་པོ་ཡི་ནི་རྡོ་རྗེ་ཡིས། །པདྨ་ལ་ནི་བསྐྱོད་པར་མཛད། །བདུད་རྩི་ལྔ་ཡིས་བདག་ལ་བཀྲུས། །ལྕགས་ཀྱུ་གསོལ་བའི་སྦྱོར་བ་བསྟེན། །བཞེངས་ཤིག་ཁ་སྦྱོར་སྦྱོར་བ་མཛོད། །དམ་ཆོས་སྙིང་པོ་རྒྱས་མཛད་པ། །དམ་ཆོས་ཐར་པ་གཙོ་བོའི་གཙོ། །ཡང་དག་རྒྱལ་བ་འཁོར་བ་སྤངས། །དཀྱིལ་འཁོར་སྤྲོ་བས་འགྲོ་བར་སྒྲོལ། །བདུད་གསོལ་སེང་གེ་མ་ཡི་སྐུ། །སྟག་མོས་ཤིན་ཏུ་སྐྲག་པར་མཛད། །འུག་པའི་སྒྲ་ཡིས་ཡིད་སྐྲག་ཅིང་། །ཕཻ་ཕཻཾ་སྒྲོག་པས་སྡང་ལུས་གཟིགས། །དཔའ་བོ་རྡོ་རྗེ་ཁྱོད་ལ་འདུད། །འཁོར་བ་སྒྲོལ་བ་ཁྱོད་ལ་འདུད། །གསང་བས་བདུད་རྩི་གསོལ་ལ་འདུད། །གུས་དང་བཅས་པར་ཕྱག་འཚལ་ལོ། །དཔལ་ལྡན་དེ་ཉིད་རྒྱལ་པོ་དམ་པ་དབང་ཕྱུག་སྤྱི་གཟུགས་ཀྱི། །དཔལ་ལྡན་གསང་བའི་གདན་མཆོག་འོད་ཟེར་རབ་འབར་བ། །དཔལ་ལྡན་རྡོ་རྗེ་དྲིལ་བུ་དཀྲོལ་སྦྱོར་དེ་བཞིན་ཉིད། །དཔལ་ལྡན་ཡེ་ཤེས་བརྟན་པའི་དབང་ཕྱུག་ལོངས་སྤྱོད་འདུད། །ཅེས་སྣ་ཚོགས་པའི་གླུས་བསྟོད། ཨོཾ་ཤུདྡྷེ་དྷརྨེ་ཧཱུྃ། ཨ་ཨཱཿཨ། ཨོཾ་སྭཱ་ཧཱ། ཞེས་བསྟོད་པའི་རྒྱས་གདབ་པར་བྱའོ། །གསུམ་པ་ལ་བཟླས་པ། ཨོཾ་ཧཱུྃ་ཧཿསྭཱ་ཧཱ། གཙོ་བོ་ཡབ་ཡུམ་ལ་བརྒྱ་རྩ་བརྒྱད། གཞན་རྣམས་བདུན་རེས་བསྙེན། ལྷ་འོད་དུ་ཞུ་བའི་བདུད་རྩིའི་རང་བཞིན་གྱི་ཆུར་གྱུར། རང་ཉིད་རྒྱན་གོས་གསར་པས་དཀྱིལ་འཁོར་ཀྱི་ཤར་སྒོར་རོལ་པའི་སྟབས་ཀྱིས་རོལ་མོར་བཅས་པ་ཙན་དན་དཀར་པོས་གྲུ་བཞིར་བྱུགས་པ་ཙན་དན་དཀར་པོ་གཅལ་དུ་བཀྲམ། དྲི་དང་མེ་ཏོག་བདུག་པ་མར་མེ་སཱ་ལུའི་འབྲས། ཟན་ཞོ་བུ་རམ་འོ་ཐུག་གི་སྣོད་བཞག བརྒྱ་བྱིན་གདུགས་ནི་ཐོགས་པ་དང་། །ཚངས་པས་བསིལ་ཡབ་གཡོབ་པ་དང་། །སེང་གེ་མདུན་ནས་གསོལ་ཀ་བ། །འཕྲོག་བྱེད་ཡོན་ཏན་སྒྲོག་པར་བྱེད། །ཅེས་བསམ་ཞིང་། ཨོཾ་སཾ་ཤོ་དྷ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་ཧ་ཧོ་སྲཱིཿས་བྱིན་གྱིས་བརླབས། རྡོ་རྗེ་དྲིལ་བུ་བཟུང་རྡོ་རྗེ་ཁུ་ཚུར་བཅིངས་ནས་རྒྱབ་སྦྱར་མཐེའུ་ཆུང་སྦྲེལ། མཛུབ་མོ་གཉིས་སྦྲེལ། གཡས་པ་ཅུང་ཟད་བཀུག་པའི་ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་བྷ་ཏ་ལི་མ་ཧཱ་བྷ་ཏ་ལི་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། །དེ་ནས་གཡོན་སྣོད་ལ་རེག །གཡས་པ་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་བསྒྲེང་ནས། ཨོཾ། རྒྱུ་བ་དང་ནི་ཆེར་རྒྱུ་བ། །ཡི་དྭགས་རྒྱུ་བ་ཉི་མ་ཟླ། །དངོས་གྲུབ་གདོང་དང་རྒྱལ་བ་དང་། །རྟའི་རྒྱལ་དང་ཟླ་བའི་རྒྱལ། །ལྷ་མོ་ཨུ་མ་གཾ་གཱ་དང་། །གཟུགས་མཛེས་སྐར་མ་བསྡུས་པ་དང་། །གཟའ་རྣམས་ཀུན་དང་ཚོགས་ཀྱི་གཙོ། །ཀཱརྟི་ཀ་དང་དཔལ་ལྡན་མ། །ལྷ་མོ་རི་བོང་འཛིན་མ་ཉིད། །ལྷག་པ་དང་ནི་ལྷག་པ་ཆེ། །ལྷ་ཡི་རྒྱལ་པོ་ལྷ་མིན་རྒྱལ། །པུཀྐ་སཱི་དང་སྤོས་ཆེན་མོ། །ཧཱུྃ་ཧོཿཧོཿ ཨཱ་ཀརྵ་ཡ་ས་མ་ཡ་མཱ་ཏི་བྷེ་ཧཱུྃ་ཕཊ྄་ཛཿསྭཱ་ཧཱ། སྤྱན་དྲངས་ནས། ཨོཾ་ཧཱུྃ་སྭཱ་ཧཱ། ཤྲཱིཾྎ ཨིཾྎ ཀྵུཾྎ ཨིྎ མཆོད་པ་ལྔས་མཆོད། ལྕགས་ཀྱུའི་རྒྱ་ལས་མཛུབ་མོ་གཉིས་དཀྲིས་ནས། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་མ་ཨ་དྷི་པ་ཏི་ཛྭུཾ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་ལྷ་དང་ལྷ་མིན་གྲུབ་པ་མཉེས་པར་བྱས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། །ཡིད་ལ་འདོད་ཀུན་འགྲུབ་མཛོད། །ཅེས་འདོད་དོན་གསོལ། སེ་གོལ་གསུམ་གཏོག་ཅིང་། ཨོཾ་སརྦ་དུཥྚ་གྲྀ་གྲྀ་གཙྪ་གཙྪ་ཧཱུྃ་ཕཊ། གཤེགས་སུ་གསོལ། དེ་ནས་བྱང་སྒོར་མཉམ་པའི་སྟབས་ཀྱིས། དཀར་པོས་བྱུགས་པའི་མཎྜྻལ་ཟླུམ་པོ། འོ་མ་མེ་ཏོག་དཀར་པོ་སོགས། འོ་མར་བཅས་པའི་ལྷ་བཤོས། ཨོཾ་སཾ་ཤོདྷ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་ཧ་ཧོ་སྲཱིཿས་བྱིན་གྱིས་བརླབས། སྔར་བཞིན་གྱིས། ཨོཾ་བྷ་ཏ་ལི་མ་ཧཱ་བྷ་ཏ་ལི་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། སྔགས་རྒྱ་དང་གཡོན་པས་ཁུ་ཚུར་ལས་མཐེ་བོང་མཐེའུ་ཆུང་བརྐྱང་། གཡས་པ་བརྐྱང་སྟེ་གདེངས་ཀར་བྱས་ནས་སྣོད་ལ་རེག་པས། ཨོཾ། མཐའ་ཡས་དང་ནི་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་རྣམས། ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །བེ་ཅོན་འཛིན་དང་བེ་ཅོན་ཆེ། །སྙིང་པོ་མེད་དང་འགུ་ལི་ཏ། །དགའ་བོ་དང་ནི་ཉེ་དགའ་དང་། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །གདུང་བ་དང་ནི་གདུང་ཆེན་པོ། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་བཟང་དང་། །གཟུགས་ཆེན་གཟུགས་བཟང་ལྟོ་འཕྱེ་ཆེ། །སྨིག་རྒྱུ་དང་ནི་སྨིག་རྒྱུ་ཆེ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུཿབཿཕྲུཾ་ཕཊ྄་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ་སོགས་མཆོད་པ་ལྔ་དང་། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་མ་ཨ་དྷི་པ་ཏི་ཛྭུཾ་ཧཱུྃ་ཕཊ྄་སྭཱ་ཧཱ། ཀླུ་རྣམས་མཉེས་པར་བྱས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། སེ་གོལ་གསུམ་གཏོག་ཅིང་། ཨོཾ་སརྦ་དུཥྚ་གྲྀ་གྲྀ་གཙྪ་གཙྪ་ཧཱུྃ་ཕཊ། གཤེགས་སུ་གསོལ། ནུབ་ཏུ་ཟླུམ་པོའི་སྟབས་ཀྱིས་ཙན་དན་དམར་པོས། མཎྜྻལ་མེ་ཏོག་དམར་པོ་བཀྲམ་པ་མེ་ཏོག་སོགས་དང་གཏོར་མ་བདུད་རྩི་ལྔ་དང་ལྡན་པ། ཨོཾ་སཾ་ཤོ་དྷ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་ཧ་ཧོ་སྲཱིཿས་བྱིན་གྱིས་བརླབས། ཨོཾ་བྷ་ཏ་ལི་མ་ཧཱ་བྷ་ཏ་ལི་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། སྔགས་རྒྱས་དང་། མཉམ་པའི་རྐང་སྟབས་བསྐྱོད་ཅིང་། ཨོཾ་ནོར་བུ་བཟང་དང་གང་བ་བཟང་། །རྒྱལ་བ་བཟང་པོ་དགའ་བྱེད་ཕུར། །ཕུར་བུ་ཆེ་དང་པདྨའི་གཙུག །དུང་གི་གཙུག་ཕུད་གར་དང་ནི། །གར་ཆེན་འབིགས་པར་བྱེད་པ་དང་། །གཅོད་པར་བྱེད་དང་གང་བར་བྱེད། །ནོར་དང་ནོར་མིན་ཤིན་ཏུ་ནོར། །གཟུགས་བཟང་རོལ་པ་རོལ་ཆེན་པོ། །རྒོད་དང་རྩེད་དང་རྣམ་པར་བསྐྱོད། །དཔལ་བཟང་དང་ནི་གཟུགས་མཛེས་རྣམས། །བདེ་བ་ཆེན་པོའི་བཀའ་འདི་ཡིས། །གནོད་སྦྱིན་གནོད་སྦྱིན་མོ་འདིར་ཤོག །ཨོཾ་ཨ་བ་ད་ར་ཨ་བ་ད་ར། པ་ཏ་ལི་པ་ཏ་ལི་བྷཀྵ་པྲི་ཡ། ཡོ་ག་ནི་མ་དྷེ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ་སོགས་མཆོད་པ་ལྔ་དང་། ཁུ་ཚུར་སྦྱར་བ་སྙིང་གར་བཙིར་ནས། ཨོཾ་དཱ་ན་ཨ་དྷི་པ་ཏ་ཡེ་པ་ཏ་ལི་ཕྲུཾ་སྭཱ་ཧཱ། ཞེས་གནོད་སྦྱིན་རྣམས་མཉེས་པར་བྱས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། སེ་གོལ་གསུམ་གཏོག་ཅིང་། ཨོཾ་སརྦ་དུཥྚ་གྲྀ་གྲྀ་གཙྪ་གཙྪ་ཧཱུྃ་ཕཊ། གཤེགས་སུ་གསོལ། རྡོ་རྗེའི་སྟབས་ཀྱིས། ཁྲག་གིས་བྱུགས་པའི་མཎྜྻལ་གྲུ་གསུམ་མེ་ཏོག་དམར་པོ་བརྡལ་བ་གདུག་པའི་དྲི་སོགས་དང་། གཏོར་མ་ཤ་ཉ་བཙོང་ཁྲག་གིས་གང་བ་སྲན་ཆན་ཏིལ་འཁུར་བདུད་རྩི་ལྔ་ལ་སོགས་པ་བཟའ་བ་སྣ་ཚོགས། ཨོཾ་སཾ་ཤོ་དྷ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་ཧ་ཧོ་སྲཱིཿས་བྱིན་གྱིས་བརླབས། ཨོཾ་བྷ་ཏ་ལི་མ་ཧཱ་བྷ་ཏ་ལི་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། སྔགས་རྒྱ་ཌཱ་མ་རུ་དང་བཅས། ཨོཾ། དུར་ཁྲོད་དང་ནི་ཤིང་གཅིག་དང་། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་གཞི་མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁྱིམ་སྟོང་དང་། །སེམས་ཅན་གནས་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་ཆེན་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བརྟེན་པ་དང་། །ནག་པོ་རྩིགས་དང་མི་སྡུག་དང་། །རྒ་ལས་འདས་དང་ལོག་འདྲེན་དང་། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མ་དང་། །རྒྱལ་དང་རྣམ་པར་རྒྱལ་མ་དང་། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མོ། །ཐོད་ཕྲེང་འཕྲེང་དང་ཁ་ཊྶཱཾ་ག །སྦྲུལ་ཆེན་རལ་གྲི་དགྲ་ཧྶ་ཅན། །རྡོ་རྗེའི་དེ་ནི་གཞུ་ཅན་མ། །དེ་ཉིད་ཆེན་མོ་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །རྡུལ་མེད་རྣལ་འབྱོར་སྦྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་དྷི་པ་ཏི་ཧཱུྃ་ཛཿསྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཤྲཱིཾྎ ཨིཾྎ ཀྵུཾྎ ཨིྎ མཆོད་པ་ལྔས་མཆོད། ཨོཾ་བྷཀྵ་བྷཀྵ་སརྦ་ཡོ་ག་ཡོ་གི་ཤྭ་རི་ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། སེ་གོལ་གསུམ་གཏོག་ཅིང་། ཨོཾ་སརྦ་དུཥྚ་གྲྀ་གྲྀ་གཙྪ་གཙྪ་ཧཱུྃ་ཕཊ། གཤེགས་སུ་གསོལ། དཀྱིལ་འཁོར་གྱི་ཤར་རམ་བྱང་དུ་ཆོ་ག་རྫོགས་པར་བྱས་ནས། དེ་ནས་ལྷ་རྣམས་ཚིམ་པར་བྱེད་པའི་ཕྱིར། དཀྱིལ་འཁོར་གྱི་ཤར་རམ་བྱང་ནུབ་ཏུ་ཞི་རྒྱས་ཀྱི་ཐབ་རྒྱར་སོར་བཅུ་བཞི་པ། ཕྱི་རོལ་གྲུ་བཞི། དེའི་ཆ་གཉིས་བརྐོས་སམ་འབུར་དུ་དོད་པ་བརྩིགས་པ། ཁ་ཁྱེར་དེའི་བཞི་ཆ། མུ་རན་པདྨ་འདབ་བརྒྱད་ཁ་ཁྱེར་གྱི་ཕྱེད་ཚད། ཕྱི་རོལ་གྱི་ར་བ་སོར་གཅིག་པ་ཞི་བ་ཟླུམ་པོ། རྒྱས་པ་གྲུ་བཞི། ནང་གི་དབུས་སུ་པདྨའི་ལྟེ་བར་རྡོ་རྗེ་སངས་རྒྱས་བཞིའི་མཚན་མ་འདབ་མར། གྲྭ་དབང་པོའི་རྡོ་རྗེས་བརྒྱན་པ། དགང་གཟར་སོགས་ཡོ་བྱད་ཚང་བར་བསག །མཆོད་པ་དང་སྲེག་རྫས། ཨོཾ་སཾ་ཤྭ་དྷ་ནི་ཧཱུྃ་ཕཊ྄། ཀྱིས་བསངས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལན་བདུན་གྱིས། མཆོད་རྫས་རྣམས་ཧཱུྃ་ཡིག་ལས་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར། ཞེས་མཆོད་རྫས་བྱིས་གྱིས་བརླབས། ཨོཾ་སྭཱ་ཧཱས་རྫས་བཀྲུ། ཨོཾ་ཨཱཿསྭཱ་ཧཱ། ཡམ་ཤིང་། ཨོཾ་ཤྲཱིཿསྭཱ་ཧཱ། ཞུན་མར། ཨོཾ་ཛིཾ྄་སྭཱ་ཧཱ། འབྲུ་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་གཞན་རྣམས། སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ལས་མཐུན་གྱི་ནུས་པ་དང་ལྡན་པའི་ལྷ་རྫས་ཀྱི་ཡོ་བྱད་སོ་སོར་བསམ་ནས་བྱིན་གྱིས་བརླབས། དེ་ནས་ཀུ་ཤ་བསངས། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལ་སྐྱེས་པ་འདབ་མའི་སྙིང་། །དཀོན་མཆོག་གསུམ་པོ་མཉེས་བྱེད་ཅིང་། །ཚངས་པ་ལྷ་ཡི་དག་བྱེད་ཡིན། །བགེགས་རྣམས་ཞི་བར་མཛད་དུ་གསོལ། །ཞེས་དང་། རྒྱས་པ་ཡིན་ན། ཕུན་ཚོགས་རྒྱས་པར་མཛད་དུ་གསོལ། །ཨོཾ་བཛྭ་སཏྭ་ཨཱཿ ཞེས་བརྗོད་ཅིང་གཡས་བསྐོར་དུ་བཀྲམ། ཐབ་བསངས། སྟོང་པའི་ངང་ལས་བྷྲཱུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོའམ། རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ། ཡངས་ཤིང་རྒྱ་ཆེ་བ། རྒྱའི་ཕྱེད་ཀྱི་ཟབ་དང་ལྡན་པ། མཆུ་དང་ཁ་ཁྱེར་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཅེས་ཐབ་བསྐྱེད། ཞི་བ་ལ་བྲམ་ཟེའམ། དགེ་འདུན་གྱི་ཚང་མང་ངམ། རྩུབ་ཤིང་ལས་བྱུང་བ་དང་། རྒྱས་པ་ལ་རྒྱལ་པོའམ། ཕྱུག་པོའི་ཁྱིམ་མམ། མེ་ཤེལ་ལས་བྱུང་བའི་མེ་སྦར་ཏེ། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ། ཞེས་བརྗོད། ཨོཾ་ཧཱུཾ་སྭཱ་ཧཱའམ། ཨོཾ་ཏྲཱཾ་སྭཱ་ཧཱ། བརྗོད་པས་རླུང་གཡོབ། ཞི་བ་ལ་ཧཱུྃ་དང་། རྒྱས་པ་ལ་བྷྲཱུཾ་བརྗོད་པ་བདུན་གྱིས་དགང་བླུག་གིས་མར་ཁུ་བླུགས། དེ་ནས། ཐབ་ཀྱི་མེ་ཡི་དབུས་སུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་གདན་ལ་རཾ་ཡིག་ཡོངས་སུ་གྱུར་པ་ལས། དྲང་སྲོང་མེ་ལྷ་སྐུ་མདོག་དཀར་པོའམ། སེར་པོ། ཤིན་ཏུ་ཞི་ཞིང་མཛེས་པའམ། སྒེག་ཅིང་བཞད་པ། ཞལ་གཅིག་ཕྱག་གཉིས་པ། ཐོར་ཚུགས་དང་སྨར་སྨིན་སོགས་དྲང་སྲོང་གི་ཉམ་དང་ལྡན་པ། དར་དཀར་པོའི་འམ། སེར་པོའི་ན་བཟའ་དང་། ཆུ་ཤེལ་སོགས་སམ། ནོར་བུ་སོགས་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་བགྲང་ཕྲེང་དང་སྤྱིལ་བླུག་འཛིན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་མི་བསྐྱོད་པས་སམ། རིན་འབྱུང་གིས་དབུ་བརྒྱན་པ། མེའི་ཁམས་ཀྱི་རང་བཞིན་ཅན་དུ་གསལ་བར་གྱུར། ཅེས་འཇིག་རྟེན་པ་བསྐྱེད། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་རཾ་ཡིག་གིས་མཚན་པས་བྱིན་གྱིས་བརླབས། བདག་གི་ཐུགས་ཀའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཤར་ལྷོའི་ཕྱོགས་ནས་མེ་ལྷ་ཡེ་ཤེས་པ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །ལས་ཀྱི་དོན་ཀུན་འགྲུབ་པ་པོ། །སྙིང་རྗེས་སེམས་ཅན་དོན་མཛད་ནས། །འདི་ཉིད་དུ་ནི་ཉེ་བར་མཛོད། །ཨོཾ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཨགྣེ་ཛཿསྭཱ་ཧཱ། ཞེས་པས་སྤྱན་དྲངས། ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད། མཆོད་ཡོན་སྦྲེང་ལ། ཨོཾ་པྲ་ཏིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། ཞབས་བསིལ་འབུལ་ལ། ཨོཾ་པྲ་ཝ་ར་སཏྐྲཱ་ར་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། དེ་ནས་བྱོན་སྐྱེམས་འབུལ་བ་ལ། མེ་ལྷ་ཅུང་ཟད་ཞལ་གདང་བའི་ལྗགས་དང་དགང་གཟར་གྱི་ཁར་ཧཱུྃ་གིས་མཚན་པར་བསམ། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ཨགྣཱ་ཡེ་སྭཱ་ཧཱ། ཞེས་བྱང་ཆུབ་མཆོག་གི་ཁུ་ཚུར་གྱིས་ལན་བདུན་དང་། ན་མཿས་མནྟ་བུདྡྷ་ནཱཾ་ཨོཾ་ཨགྣཱ་ཡེ་ས་དྷ་ཀ་ཀྵྼ་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སམ། རྒྱས་པར་སྔགས་གོང་ལྟར་ལ། སརྦ་པུཥྚིཾ་ཀུ་རུ་ཨོཾ། ཞེས་བརྗོད་པ་ལན་གསུམ་དུ་འབུལ། དེ་ནས། ཨོཾ་ཧཱུྃ་སྭཱ་ཧཱ། ཤྲཱིཾྎ ཨིཾྎ ཧཱུྃྎ ཨིྎ ཞེས་ཉེར་སྤྱོད་ཀྱིས་མཆོད། དེ་ནས་པད་དཀོར་དང་བཅས་པས། ཨོཾ་ཛུ་ཧུ་ཛུ་ཧུ་ཨགྣཱ་ཡེ་སྭཱ་ཧཱ། ཞེས་པས་ཡམ་ཤིང་། མར་སྦྲང་འོ་མར་བཅས་པ། འབྲུ་སྣ། འོ་ཐུག སཱ་ལུའི་འབྲས། ཟན་མར་འོ་མར་བཅས་པ། སླར་མར་དང་འོ་མར་བཅས་པ། མར་དང་བདུད་རྩི་ལྔ་སྟེ་སྲེག་རྫས་རྣམས་སོ་སོར་གྲངས་ཇི་ལྟར་རིགས་པ་སྔགས་དེས་ཕུལ་ལ། སྤེལ་ཚིག བདག་དང་སྦྱིན་པའི་བདག་པོའི་ཚེ་འདི་དང་ཕྱི་མའི་ལེགས་པའི་ཚོགས་ལ་བར་དུ་གཅོད་པ་ཐམས་ཅད་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། རྒྱས་པ་ལ། བདག་དང་སྦྱིན་པའི་བདག་པོའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་བརྗོད། ཨོཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱབས་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་བསྟོད། དེ་ནས། ཨོཾ་ཨགྣཱ་ཡེ་སྭཱ་ཧཱ། ཞེས་དགང་བླུག་ལན་གསུམ་ཕུལ་ལ། མེ་ལྷ་མེ་ཕུང་འབར་བའི་གཟུགས་ཀྱི་རྣམ་པར་རོ་གཅིག་ཏུ་གྱུར་པའི་དབུས་སུ་དཀྱིལ་འཁོར་ཆེན་པོའི་ལྷ་ཡི་གྲངས་དང་མཉམ་པའི་པདྨའི་གདན་ལ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ནས་ལྷ་རྣམས་གསལ་ཞིང་རྫོགས་པར་སྤྱན་དྲངས། ཨོཾ་བཛྭ་ཨངྐུ་ཤ་ཛཿ ཞེས་པའི་སྔགས་རྒྱས་སྤྱན་དྲངས་པ་རྣམས་ལ། ཨོཾ་ཏིཥྛ་ཨ་ས་ན་ཧཱུྃ་སྭཱ་ཧཱ། ཞེས་པས་ཕུལ་བའི་གདན་ལ། དཀྱིལ་འཁོར་གྱི་གོ་རིམ་ཇི་ལྟ་བར་འཁོད་པར་བསམ། མཆོད་ཡོན་སྦྲེང་ལ། ཨོཾ་པྲ་ཏིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། ཞབས་བསིལ་ཕུལ་ལ། ཨོཾ་པྲ་ཝ་ར་སཏྐྲཱ་ར་པྲ་ཏིཙྪ་སྭཱ་ཧཱ། གཙོ་འཁོར་རྣམས་ཅུང་ཟད་ཞལ་གདང་ལ་ལྗགས་དང་དགང་གཟར་གྱི་ཁར་ཧཱུྃ་ཡིག་གིས་མཚན་པར་བསམ་ལ། ཨོཾ་ཧཱུྃ་སྭཱ་ཧཱ། བདུན་གྱིས་དགང་བའི་མར་ཁུ། ཨོཾ་ཋཿཋཿཋཿསྭཱ་ཧཱས་འབུལ། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ས་དྷ་ཀ་ཀྵྼ་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཅེས་སམ། སྔགས་དེ་ལ། སརྦ་པུཥྚིཾ་ཀུ་རུ་ཨོཾ། ཞེས་ལན་གསུམ་གྱི་བྱོན་སྐྱེམས་ཕུལ། དེ་ནས། ཨོཾ་པྲ་ཏིཙྪ་སུ་གནྡྷེ་ཧཱུྃ་སྭཱ་ཧཱ། ཨོཾ་པུཥྤེ་མཱ་ལེ་ཧཱུྃ་སྭཱ་ཧཱ། ཨོཾ་དྷཱུ་པེ་ཤྭ་རི་ཧཱུྃ་སྭཱ་ཧཱ། ཨོཾ་ཏཱི་དཱི་པེ་ཧཱུྃ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་བ་ལིཾ་ཧཱུྃ་སྭཱ་ཧཱ། ཞེས་ཉེར་སྤྱོད་ལྔ་དང་། ཨོཾ་བཛྭ་ལཱ་ཀྵྼ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་གནྡྷེ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་ཝི་ཎི་ཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་པུཥྤེྎ ཨོཾ་བཛྭ་གིརྟིྎ ཨོཾ་བཛྭ་དྷཱུ་པེྎ ཨོཾ་བཛྭ་ནྲྀ་ཏྱྎ ཨོཾ་བཛྭ་དཱི་པེ་ཧཱུྃ་སྭཱ་ཧཱ། ཅེས་སྒེགས་སོགས་བརྒྱད་དང་། སྤྲོ་ན། པི་ཝང་ཚུལ་གྱིས་བསྒྲེང་བ་དང་། །སོགས་མཆོད་པ་ཉི་ཤུས་ཀྱང་མཆོད། དེ་ནས་བ་དན་གསུམ་པའི་ཕྱག་རྒྱས་ཡཾ་ཤིང་མར་སྦྲང་འོ་མར་བཅས་པ། འབྲུ་རྣམས། འོ་ཐུག སཱ་ལུའི་འབྲས། ཟན་མར་འོ་མར་བཅས་པ་རྣམས། ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་འབུལ་ཞིང་། ཋཿཋཿའི་སྔགས་གསུམ་དང་། འདོད་གསོལ་གོང་ལྟར་སྦྱར། དེ་ལྟར་རྫས་རྣམས་སོ་སོ་བཞིན་ཕུལ། སླར་མར་དང་འོ་མར་བཅས་པ། མར་དང་བདུད་རྩི་ལྔ་རྣམས་ཀྱང་དེ་ལྟར་ཕུལ། རྒྱས་པ་ལའང་འདོད་གསོལ་གྱི་ཁྱད་པར་ཙམ་མོ། དེ་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བས། ཧཱུྃ་ཧཱུྃ་ཧཱུྃ། ཡང་དག་སྤྲོ་དང་སྡུད་པ་པོ། །བདག་མེད་རྣལ་འབྱོར་སྟོན་མཛད་པ། ཐུན་མོང་རྣལ་འབྱོར་བདག་ཉིད་དེ། །རྣམ་པར་སྣང་མཛད་ཕྱག་འཚལ་བསྟོད། །ཧཱུྃ་ཧཱུྃ་ཧཱུྃ། སྟོང་པའི་དེ་ཉིད་ལ་སོགས་པའི། །དེ་ཉིད་རྒྱུ་ལས་གཟུགས་སུ་བསྟན། །གང་དག་འདོད་བཞིན་གྱུར་པའི་དངོས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས། ཨོཾ་ཧཱུྃ་སྭཱ་ཧཱ། ཤྲཱིཾྎ ཨིཾྎ ཧཱུྃྎ ཨིྎ ཞེས་ཉེར་སྤྱོད་དང་། སྒེགས་སོགས་བརྒྱད་ཀྱི་སྔགས་བཅས་ཕྱི་ནང་གི་མཆོད་པ་ཕུལ། གཏོར་མ། ཨོཾ་ཧ་ཧོ་སྲཱིཿསྭཱ་ཧཱས་བྱིན་གྱིས་རླབས། ཨོཾ་ཀུ་རུ་ཀུ་རུ་མཧཱ་བཏྟ་ལི་ཧཱུྃ་སྭཱ་ཧཱ། རང་རྒྱ་བཅས་ལན་གསུམ་གྱིས་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འཕྲིན་ལས་བཅོལ། བདུད་རྩི་ལྔ་དང་བཅས་པས་མར་ཁུའི་དགང་བླུག་བྱོན་སྐྱེམས་སྐབས་ལྟར་ཕུལ། སླར་ལྷ་རྣམས་དཀྱིལ་འཁོར་དུ་གཤེགས་ནས་དེ་ཉིད་དུ་སོ་སོའི་གདན་ལ་བཞུགས་པར་བསམ་ལ། ཨོཾ་ཧཱུྃ་སྭཱ་ཧཱ། ཤྲཱིཾྎ ཨིཾྎ ཧཱུྃྎ ཨིྎ རྣམས་ཀྱི་སྔགས་རྒྱས་མཆོད། དེ་ནས་སླར་མེ་ཁ་གསོ་ཞིང་། ཨོཾ་སཾ་ཤྭ་དྷ་ནཱི་ཧཱུྃ་ཕཊ། ཅེས་བསང་གཏོར་བྱས་ལ། དེ་ཉིད་དུ། སླར་ཡང་མེ་ལྷ་འབར་བའི་རྣམ་པ་ལས་སྔར་བཞིན་བཞེངས་པར་བསམ་པའི་འཇིག་རྟེན་པ་ལ། ཨོཾ་ཛུ་ཧུ་ཛུ་ཧུ་ཨགྣཱ་ཡེ་སྭཱ་ཧཱ། ཞེས་ཡཾ་ཤིང་སོགས་རྫས་ལྷག་མ་རྣམས་སྔར་བཞིན་ཕུལ། གོང་གི་དཀྱིལ་འཁོར་སྐབས་ལྟར་གཏོར་མ་འབུལ་ཞིང་འདོད་གསོལ་བྱ། ཉེར་སྤྱོད་ཀྱིས་མཆོད། དགང་བླུག་ལན་གསུམ་བྱོན་སྐྱེམས་སྐབས་ལྟར་ཕུལ། ཨོཾ་བཛྭ་གཎྜྻ་ར་ནི་ཏ་ནས། ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཨཾ་སྭཱ་ཧཱའི་བར་རྡོ་རྗེ་དྲིལ་བུ་དེ་ཉིད་ཀྱི་སྔགས་རྒྱ་བྱའོ། །དེ་ནས་ལྕགས་ཀྱུ་ལྔའི་བཟའ་བ། ཨོཾ་པྲིཾ་གྷྲཱུཾ་ཛཾ་ཨ་སྭཱ་ཧཱ། ཞེས་གཏོར་མའི་ཕྱག་རྒྱ་དང་བཅས་པས་ཕུལ། བདུད་རྩི་ལྔའི་བཏུང་བ། ཨོཾ་ཧཱུྃ་ཧཿསྭཱ་ཧཱ། ཞེས་ཕུལ། གཏོར་མ། ཨོཾ་ཀུ་རུ་ཀུ་རུ་མཧཱ་བ་ལིཾ་ཧཱུྃ་སྭཱ་ཧཱ། ཞེས་དང་། ཐལ་མོ་སྦྱར་བ་གསང་བའི་ཐད་དུ་བཞག་ནས། མཐེའུ་ཆུང་བསྐྱོད་པ་ཨཱ་ལིའི་ཕྱག་རྒྱ་བཞིན་གྱིས། ཨོཾ་ཨཱཿསྭཱ་ཧཱ། ཞེས་ཕུལ། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་སེམས་དཔའ་བསམ་པས་རོལ། །ཐར་པ་ལ་དགྱེས་ལྟ་ན་ཡང་། །ཤིན་ཏུ་དབྱེར་མེད་རྟག་པ་སྟེ། །ཤ་དང་སྦྲང་རྩི་བསྲུབས་མཐུ་ཡིས། །རྡོ་རྗེ་མ་གཅིག་ངལ་བ་འཇོམས། །དྲག་མོ་རོ་ལངས་གཏུམ་མོ་ཡིས། །བྱ་བ་སྣ་ཚོགས་བྱེད་འགྱུར་གཙོ། །ཡོངས་སུ་གྲོལ་བའི་མཆོད་ཉིད་དེ། །ཐར་དང་འགལ་ལ་སྙིང་རྗེ་ཁྲོ། །སྙིང་པོ་ཡི་ནི་སྙིང་པོར་བཅས། །བཞི་པས་བཀབ་ཅིང་ཁྲོ་བས་འཇོམས། །དྲན་པ་ལྔ་བྲལ་སྲིད་ལས་གྲོལ། །ཆགས་དང་རྨོངས་དབང་དེ་ཉིད་མཁྱེན། །དེ་ཉིད་སྦྱོར་བ་གཟིར་བའི་གཙོ། །ཞབས་མཆོག་ལྷ་ཡིས་ཕྱག་བགྱིས་པ། །པདྨའི་གདན་བཞུགས་གཙོ་བོ་ནི། །ཡོངས་སུ་མཉེས་ཤིང་ཚིམ་བྱའི་ཕྱིར། །བརྒྱ་བྱིན་གྱིས་ནི་གདུགས་ཀྱང་ཐོགས། །གདོང་བཞི་པ་ཡིས་རྔ་ཡབ་གཡོབ། །སེང་གེ་དག་ནི་གསོལ་ཀས་གནས། །འཕྲོག་བྱེད་རྗེ་བོའི་མཚན་ནས་སྒྲོག །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པའི། །རྡོ་རྗེ་སེམས་དཔའ་རྒྱལ་གྱུར་ཅིག །ཡིག་བརྒྱ་དང་བཟོད་གསོལ་བྱ། ཨོཾ། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་སྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །ཞི་དང་བཀྲ་ཤིས་ཕུན་ཚོགས་མཛོད། །ཨགྣཱ་ཡེ་བཛྭ་མུཿ ཞེས་པས་གཤེགས། དེ་ནས་ཚོགས་ཀྱི་དཀྱིལ་འཁོར་དཔའ་བོ་དཔའ་མོ་གྲངས་མཉམ་ལྷ་གནས་སུ་ལྷན་ཅིག་བཀོད། རྣལ་འབྱོར་ནམ་མཁའ་ལ་སོགས་པའི་ལྷར་བསྐྱེད། མཆོད་ཡོན་ཞབས་བཀྲུ་ཉེར་མཆོད་ལྔས་མཆོད་ཚོགས་བྱིན་བརླབས་སྤྱན་དྲངས་ཕུད་འབུལ་སོགས་བྱས། ཆང་གི་ཐོད་པ། གཟིགས་ཤིག་མཛེས་པ་འདི་ཡི་ཆོས། །སོགས་ཀྱིས་ཐམས་ཅད་ལ་འབུལ། བདེ་གཤེགས་ཆོས་ལ་སྡིག་མེད་ཅིང་། །ཞེས་སོགས་ཀྱིས་བླང་། ཨཱ་ལི་མཆོད་པའི་སྔགས་རྒྱ་གནས་གསུམ་དུ་ཐིག་གཏོར་བྱས་ནས་མྱང་། དེ་ནས་ལྕགས་ཀྱུ་ལྔ་སོགས་བཟའ་བ་ལ་ལོངས་སྤྱོད། བུད་མེད་ཀྱི་འདོད་པ་ལྔ་ཡུལ་དང་རྩེས་པའི་མཐར། རྡོ་རྗེ་གསོར་དྲིལ་བུ་འཁྲོལ་བས། ཧཱུྃ་ཧཱུྃ་ཧཱུྃ། ཐར་པའི་བདེ་བ་དམ་པའི་མཆོག །སྙིང་རྗེས་བརྒྱན་པའི་བདེ་ལ་རོལ། །ཆགས་པའི་དགའ་བས་བརྒྱན་པ་ཡི། །དྲག་པོས་དགའ་བ་འཇོམས་པར་མཛད། །སྟོང་པ་ཉིད་དུ་གཟིམས་པ་ཡིས། །བཟའ་དང་བཟའ་མིན་རྣམ་པར་སྤངས། །འགྲོ་བ་ཡོངས་སུ་བསྒྲལ་བ་ཡིས། །འཇིགས་པའི་གཟུགས་ཀྱིས་རྣམ་པར་རོལ། །ཞེས་གླུསཉེ་བར་བསྡུ། ལྷག་མ་ལྷག་མའི་གཏོར་མ་བཞིན་དུ་བཏང་ངོ་། །དེ་ནས་དམ་ཚིག་གསོ་བའི་ཡན་ལག་ཏུ་བདག་འཇུག་ལེན་པ་ནི། ཨོཾ་ཨཱཿཧཱུྃ་ཨཱཿསྭཱ་ཧཱ། ལན་བདུན་བཟླས་པའི་དམ་ཚིག་གི་ཆུས་བསངས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཐམས་ཅད་ཐེག་པ་གསུམ་ལ་ཡང་། །སྦྱོར་བ་གསང་བ་མཁའ་འགྲོ་དང་། །དཔའ་བོ་དཔའ་མོ་དཔལ་ལྷ་མོ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆིའོ། །བདག་ལ་དགོངས་ཤིག་ཐམས་ཅད་ཀྱི། །རྣམ་སྣང་མི་བསྐྱོད་རིན་ཆེན་མཆོག །སྣང་བ་མཐའ་ཡས་དོན་ཡོད་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་སྡོམ་པ་བྱིན། མིག་གོས་ཀྱིས་བཀབ། ཨོཾ་ཨཱཿཁཾ་བཱི་ར་ཧཱུྃ། གིས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱོར་དུ་བཅུག་ནས་མཎྜྻལ་ཕུལ། དེ་རིང་འཁོར་བ་ལས་བསྒྲལ་ནས། །བྱང་ཆུབ་སེམས་སུ་སྨོན་པར་བྱ། །ཞེས་བརྗོད། དེ་ནས་སློབ་མས་རང་བཞིན་གྱི་དག་པ་སོགས་བསྒོམ་པར་བྱ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཨོཾ་བཛྭ་ཤུདྡྷཱཿསརྦ་དྷརྨཱཿབཛྭ་ཤུདྡྷཱོཧཾ། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷཱརྨཱ་ཡོ་ག་ཤུདྡྷཱོཧཾ། ཞེས་པ་གསུམ་གྱིས་སོ། །དེ་ནས་བླ་མས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །གཞན་གྱི་ནོར་ལ་རེག་བྱ་མིན། །འཇིགས་པ་ཀུན་གྱིས་འཇིགས་མི་བྱ། །སེམས་ཅན་བྱམས་དང་སྙིང་རྗེ་སོགས། །བསྒོམ་པ་དང་ནི་ཚུལ་ཁྲིམས་བསྲུངས། །ཞེས་བརྗོད། ཨོཾ་པཉྩྨ་ཌཱ་ཀི་ནཱི་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨ་ནཱཾ་ནིརྻུ་ཏ་ཡཱ་མི། ཨོཾ་ཨཱ་ཙཱརྻ་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། ཨོཾ་ས་ཀ་ལ་ས་ཏྭ་པ་རི་ཏྲ་ཎཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། ཅེས་པས་ལྷ་རྣམས་ལ་དམིགས་ཏེ་ཕྱག་བྱ། གནས་གསུམ་དུ་དྲིས་ཐིག་ལེ་བྱ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །གསུང་གི་རྡོ་རྗེར་བྱིན་གྱིས་བརླབ། །ཨཱུ་ནི་འདོད་པ་འགྲུབ་བྱེད་པ། །སྐུ་ཡི་རྡོ་རྗེར་བྱིན་གྱིས་བརླབ། །ཧཾ་ནི་ཉོན་མོངས་སྲེག་བྱེད་པ། །ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་བརླབ། །ཨོཾ་དྷི་ལི་དྷི་ལི་མ་ན་གུར་ནི་ད་བཛྭ་ཨ་ཙ་ལེ་ཡུཾ་ཡུཾ་ཧཱུྃ་སྭཱ་ཧཱ། ཞེས་པས་ལྷག་པར་གནས་པར་བྱ། དམ་ལ་བཞག་པ་བཞི་སྟེ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་འདི་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། རྡོ་རྗེ་སྙིང་གར་བཟུང་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དྲི་ཡི་དུང་ཆོས་སྦྱིན་ལ། དེ་རིང་ཡེ་ཤེས་ཅན་ཡེ་ཤེས། །བདུད་རྩི་དག་ནི་མྱོང་བར་གྱིས། །ཨོཾ་དུརྒ་ཏི་ཨ་པ་ཧཱ་ར་ཡ་སྭཱ་ཧཱ། བདུད་རྩི་མྱང་། དེང་ནས་བརྩམས་ཏེ་ཁྱོད་ཀྱི་རྣལ་འབྱོར་ནམ་མཁའ་ང་ཡིན་གྱིས། ངས་གང་བྱོས་ཤིག་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་བཀའ་བསྒོ། དེ་ནས་སློབ་མ་རྡོ་རྗེ་སེམས་དཔའ་བསྒོམས་པའི་སྙིང་གར་རླུང་གི་དཀྱིལ་འཁོར། རྐང་པར་ཡང་རླུང་གི་ས་བོན། རྐང་པའི་རླུང་གི་ས་བོན་གཡོས་པས་སྙིང་གའི་རླུང་བསྐྱོད། དེས་ཡེ་ཤེས་ཀྱི་ས་བོན་སྦར་བར་བསམ། སློབ་དཔོན་རྡོ་རྗེ་མཁའ་འགྲོ་མར་བསམས་ནས་དྲག་པོའི་ཧཱུྃ་བཟླས་པས། ཨོཾ་ཨཱ་ཁི་ལེ་ལེ་ཧཱུྃ་ཨ། རོལ་མོ་དང་སྔར་བཤད་པའི་སྤོས་ཀྱིས་བདུག །ཆེས་ན་རྣལ་འབྱོར་པ་དེ་ལྷའི་ང་རྒྱལ་གྱིས་གླུ་གར་བྱེད་པར་འགྱུར་ལ། དེ་ནས། ཨོཾ་ཏིཥྛ་བཛྭ་ས་མ་ཡ་པྲ་ཏི་པཱ་ལ་ཀ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱ་ཧཱས་གཤེགས་སུ་གསོལ། དེ་ནས་ཚོམ་བུ་ལྔ་ལྷ་མོ་ལྔར་བསྒོམས་ནས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང་། །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །པྲ་ཏིཙྪ་བཛྭ་ཧོཿཞེས་གར་དང་བཅས་པས་དོར། གང་ལ་ཕོག་པ་དེ་ཁྱོད་ཀྱི་རིགས་ཀྱི་ལྷའོ། །དེ་ནས་ལྷ་དེ་ཉིད་ཀྱིས་མེ་ཏོག་གི་འཕྲེང་བ་དེ་མགོ་བོར་བཅིང་བར་མོས་ཏེ། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་བཟུང་བར་བགྱི། །ཞེས་པས་སོ། །དངོས་སུ་བླ་མས་བཅིངས། དེ་ནས། རྣལ་འབྱོར་ནམ་མཁའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙྱཱ་ན་ཙཀྵུ་ཧཱུྃ་ཨ་སྭཱ་ཧཱ། ཞེས་པས་མིག་དར་ཕྱེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་ཏེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་འདི་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་དང་། སུམ་ཅུ་པ་ཡི་འབྱུང་བའི་གནས། །ལྷ་རྣམས་ཀུན་གྱི་བདག་པོ་སྟེ། །ཡེ་ཤེས་མཁའ་འགྲོ་མ་དངོས་ཀྱི། །ཤེས་རབ་ཕ་རོལ་ཕྱིན་མས་འཁྱུད། །རྣལ་འབྱོར་ནམ་མཁའ་ཞེས་བྱ་བ། །རྣམ་དག་ཡེ་ཤེས་ཀྱིས་སྤྲུལ་ལྟོས། །མེ་ལོང་ཡེ་ཤེས་ལས་བྱུང་བ། །སྡང་བ་ཐམས་ཅད་འཇོམས་མཛད་ཅིང་། །གླང་པོའི་སྟེང་ན་ཡང་དག་བཞུགས། །ཤར་གྱི་རྡོ་རྗེ་མཁའ་འགྲོ་མའོ། །མཉམ་ཉིད་ཡེ་ཤེས་ལས་བྱུང་བའི། །སྦྲུལ་དགྲ་ཡི་ནི་སྟན་ལ་བཞུགས། །བདུད་རྣམས་ཐམས་ཅད་སྲེག་བྱེད་པ། །བྱང་གི་མཁའ་འགྲོ་དྲག་མོ་ལྟོས། །མི་དགེ་བཅུ་ཡི་ལས་ལ་སོགས། །རྣམ་པར་སྤྱོད་ལས་ངེས་གྲོལ་བ། །བྱ་ཁྱུང་གི་ནི་སྟན་ལ་བཞུགས། །ནུབ་ཕྱོགས་རོ་ལངས་མ་ལ་ལྟོས། །བྱ་བ་ཀུན་བྱེད་ལས་བྱུང་བ། །སེང་གེ་འཕྲོག་བྱེད་འདུལ་མཛད་མ། །ཉོན་མོངས་ཐམས་ཅད་སྲེག་པ་ཡི། །ལྷོ་ཕྱོགས་གཏུམ་མོ་ལ་ཡང་ལྟོས། །སྟག་སེང་འུག་པ་ཅེ་སྤྱང་སྟེ། །སྙིང་པོ་གྲྭ་བཞི་དག་ན་གནས། །སེང་གེ་ཕག་དང་མ་ཧེ་དང་། །ཅེ་སྤྱང་གི་ནི་སྟན་ལ་བཞུགས། །སེམས་ཅན་དོན་བྱའི་རྒྱུ་རུ་ནི། །ཐབས་ཆེན་སྣ་ཚོགས་གཟུགས་ཀྱིས་བཞུགས། །མཁའ་འགྲོ་མེ་འབར་འཇིགས་བྱེད་མ། །འཕྲོག་བྱེད་མ་སྟེ་སྒོ་རྣམས་སྐྱོང་། །ལྷ་རྣམས་ཐམས་ཅད་འགུགས་པ་དང་། །འཛུད་ཅིང་འཆིང་དང་མཉེས་བྱེད་ཡིན། །སྤོས་མོ་འཇུ་བྱེད་གཏུམ་མོ་སྟེ། །བདུད་རྩིའི་སྣོད་ནི་ཕྱག་ན་བསྣམས། །དྲག་མོ་ཁྲག་གསོལ་ཤ་གསོལ་མ། །ལྕགས་ཀྱུ་ལྔ་ཡིས་བཀང་བ་ཡི། །པདྨའི་སྣོད་ནི་བསྣམས་ནས་སུ། །གཅིག་གི་སྟེང་ནས་འགེབས་པར་མཛད། །དྲག་ཤུལ་འབར་མ་མི་སྡུག་མ། །ཕྱག་ན་འདམ་སྐྱེས་གཏོར་མས་བཀང་། །ཐོད་པ་མ་དང་རྡོ་རྗེ་མ། །བུམ་ཅན་བཟའ་བཏུང་བསྣམས་ཤིང་འགེབས། །སྒེག་མོ་དྲི་དང་པི་ཝང་དང་། །མེ་ཏོག་གླུ་དང་བདུག་པར་བཅས། །གར་དང་མར་མེར་བཅས་པ་ཀུན། །ཕྱོགས་མཚམས་མཆོད་པར་བརྩོན་པ་ཡིན། དཀྱུས་སུ་མ་གསལ་ཡང་མདོར་བསགས་ལྟར་ཏེ།།ཀེང་རུས་འཇིགས་བྱེད་པ་ལ་སོགས། སེམས་དཔའ་ཡབ་ཡུམ་ཉི་ཤུ་ནི། །ཕྱོགས་སུ་གསུམ་དང་མཚམས་སུ་གཉིས། །ལྷ་སྣམ་སེར་པོའི་སྟེང་དུ་གནས། །ཅེས་འབྱུང་། ཁྱབ་འཇུག་དག་ནི་གསོལ་ཀ་སྟེ། །ཚངས་པ་རྔ་མ་ཐོགས་ཤིང་གཡོབ། །དྲག་པོ་མིང་ནི་སྒྲོག་པར་བྱེད། །བརྒྱ་བྱིན་གདུགས་ནི་ཐོགས་ཏེ་གནས། །རང་གི་ཆུང་མ་སྡེར་བཅས་པ། །ཕྱི་རོལ་སྒོ་བཞི་དག་ན་གནས། །དབང་པོ་ནོར་ལྷ་འབྱུང་པོའི་བདག །ཆུ་ཡི་རྒྱལ་པོ་མཚམས་བཞི་ན། །རང་གི་ཆུང་མ་སྡེར་བཅས་པ། །སྣ་ཚོགས་མཆོད་པ་ཐོགས་ཤིང་གནས། །བར་སྣང་གནས་པའི་གྲོང་ཁྱེར་གྱིས། །ལྷ་ཡི་དེ་ཉིད་མཚོན་པར་བྱ། །འཇུག་པའོ། །དེ་ནས་སློབ་མས་བླ་མར་ཕྱག་དང་། ཨརྒྷཾ་ལ་སོགས་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པས་མཆོད་དེ། རྣལ་འབྱོར་མ་ཡི་ཚོགས་བཅས་པ། །རྡོ་རྗེ་ནམ་མཁའི་གོ་འཕང་ལས། །ཕྱིར་མི་ལྡོག་པར་བདག་འགྱུར་བའི། །རིག་པ་གང་ཡིན་དེང་བདག་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་མས་ཐལ་མོ་སྦྱར། ཨོཾ་རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་སྦྱོར་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། ས་མ་ཡ་ཧྶཾ། ས་མ་ཡ་ཧོཿས་མ་ཡ་ཧོཿ སློབ་མ་ཞེས་པ་དོན་དམ་སྨྲ་བའི་སེང་གེ་ཡིས། །ཉོན་མོངས་སྲིད་པའི་ཉེས་པ་སྐྱེ་བའི་ས་གཞོམ་ཕྱིར། །རྣལ་འབྱོར་ཆོ་གས་ཉོན་མོངས་གཡོས་པ་གཅོད་པའི་ཕྱིར། །རྣལ་འབྱོར་དོན་དམ་རྒྱལ་པོ་ཉིད་དུ་འགྲུབ་གྱུར་ཅིག །སློབ་དཔོན་གྱིས་ལག་གཡས་རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་སྲིན་ལག་སྦྱར་བ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་གནས་བརྒྱད་དུ་རེག་ཅིང་། སྤྱི་བོར་ཀྵུཾ། མིག་གཉིས་ལ་ཧཱུྃ། རྣ་བ་གཉིས་དང་སྣ་ལ་ཡུཾ། ལྕེ་ལ་སུཾ། མགྲིན་པར་སཾམརཡུ། དཔུང་པ་གཉིས་ལ་ཧཾམརཡུ། སྙིང་གར་ཡཾམརཡུ། ལྟེ་བར་ཀྵཾམརཡུ། དགོད། དྲག་མོ་མཁའ་འགྲོ་མ་ལ་སོགས་པའི་བདག་ཉིད་དོ། །སློབ་མས། སྔགས་ཀྱི་ཚུལ་གྱི་དེ་ཁོ་ན་ཉིད་དུ་བྱ་སྟེ་སྨོན་ལམ་གདབ་པ་ནི། ཨོཾ་ས་མ་ཡཱ་ཧཾ། མི་ཏི་མཾ། ཨོཾ་བཛྭོ་ཧཾ། མ་ཏི་པ། ཨོཾ་དཉནོ་ཧཾ། མི་ཏི་ཧཱུྃ། ཨོཾ་ཝརྟ་མཱ་ནོ་ཧཾ་ཧོཿ ཨོཾ་ཨུདྦྷ་བ་ཨ་ཨཾ་ཨ་ཨཾ་ཧཱུྃ་སྭཱ་ཧཱ། ཞེས་དེ་ཉིད་སོ་སོར་བཟུང་བས། རྣལ་འབྱོར་ནམ་མཁའ་ཡེ་ཤེས་ཀྱི་སྐུ་ནི་བདག་གོ། །ཞེས་ང་རྒྱལ་གཟུང་། དེ་ནས་སློབ་མ་སེང་གེའི་གདན། སྟེང་དུ་གདུགས་ཕུབ་པར་བཟང་པོའི་འདུག་སྟངས་ཀྱིས་ཤར་དུ་ཁ་བལྟས། ལག་པ་གཉིས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་བ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣལ་འབྱོར་ནམ་མཁའ་ཐོབ་པར་བྱའོ། །སྙམ་པའི་བློ་དང་ལྡན་པར་བྱས་ཏེ། བསང་སྦྱངས། སློབ་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། སྐད་ཅིག་གིས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀཱི་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། དཀྱིལ་མོ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད་ཅིང་། ཡུམ་ཆེན་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དང་། མེ་ཏོག་གི་ཆར་འབེབས་བཞིན་པས་མངོན་པར་དབང་བསྐུར་བར་བསམ་ལ། སློབ་དཔོན་གྱིས་དབུས་ལ་སོགས་པའི་བུམ་པ་རྩ་བའི་སྔགས། ཨོཾ་ཡོ་ག་ཨཾ་ཝ་ར་དྲྀཥྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡཱ་ཧྶཾ། ས་མ་ཡཱ་ཧོཿ བཟླས་ཤིང་རོལ་མོ་དང་བཅས་པས། དོན་དམ་སྨྲ་བའི་སེང་གེའི་རྣལ་འབྱོར་ཞེས་བྱ་བ། །སྡུག་བསྔལ་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་དམིགས་བསྐྱེད་པ་ཉོན་མོངས་བཅོམ་ནས་ནི། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་འགྲུབ་གྱུར་ཅིག །ཅེས་བཀྲ་ཤིས་ཀྱི་གླུ་ལེན་ཅིང་སློབ་དཔོན་ཁ་ནུབ་ཏུ་བལྟས་པས་དབང་བསྐུར་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམྎ །སངས་རྒྱསྎ །གནས་ལསྎ །དེ་རིང་འཁོར་བ་སྒྲོལ་བྱེད་པའི། །བྱང་ཆུབ་ཆེན་པོར་དབང་བསྐུར་རོ། །ཨོཾ་ཨཱཿཕྲུཾ་ཕེཾ་ཕཊ྄་ཧཱུྃ་སྭཱ་ཧཱ། ཞེས་ཆུ་བླུག་སྟེ་ཁྲུས་བྱའོ། །དེ་ལྟར་ཆུ་ཡི་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་དག ཀུན་གཞིའི་རྣམ་ཤེས་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་ནོ། །དེ་ནས་མཛུབ་མོ་གཉིས་སྦྲེལ་བས། ཨོཾ་བཛྭ་ཀཱ་ཡ་ཧཱུྃ་ཨ་སྭཱ་ཧཱ། ཞེས་པས་སློབ་མའི་གནས་བརྒྱད་བསྲུང་ཞིང་བཅིང་བར་གྱུར་པར་མོས། དེ་ནས་དབུ་རྒྱན་གྱི་དབང་བསྐུར་བ་ལ། བསང་སྦྱངས། སློབ་མ་རྣམས་སྐད་ཅིག་གིས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་དཀྱིལ་མོ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ཆེན་རྣམས་ཀྱིས་སངས་རྒྱས་རྣམ་ལྔའི་བདག་ཉིད་ཅན་གྱི་ཅོད་པན་གྱིས་མངོན་པར་དབང་བསྐུར་བར་མོས་ལ། ཐོར་ཙུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱི་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཞེས་དབུ་རྒྱན་གྱིས་དབང་བསྐུར་བའམ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་བསྒྲེང་རྩེ་མོ་ཅུང་ཟད་བཀུག་པ་སྤྲད་ནས་གུང་མོ་གཉིས་བརྐྱང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ཕྱག་རྒྱས་རེག་ཅིང་། སྔགས་ཀྱིས་དབུ་རྒྱན་གྱི་དབང་བསྐུར། དེ་ལྟར་ཅོད་པན་གྱི་དབང་བསྐུར་བས་ཉོན་མོངས་པ་སེར་སྣ་དག ཉོན་མོངས་པ་ཅན་གྱི་ཡིད་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་ནས་རྡོ་རྗེའི་དབང་བསྐུར་བ་ལ། བསང་སྦྱངས། སློབ་མ་རྣམས་སྐད་ཅིག་གིས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། དཀྱིལ་མོ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད་ཅིང་། ཡུམ་ཆེན་རྣམས་ཀྱིས་རྡོ་རྗེ་ལག་པ་གཡས་སུ་གཏད་པས། དབང་བསྐུར་བར་མོས་ལ། སངས་རྒྱས་རྣལ་འབྱོར་ནམ་མཁའ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །སངས་རྒྱས་ཀུན་གྱིས་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱེད་ཀྱིས་ལོངས། །ཨོཾ་ཤྲཱི་ཡོ་ག་ཨཾ་བྷ་རི་ཏྭཾ་ཨ་བྷི་ཥིཉྩྨ་མི། བྷི་ར་ས་མ་ཡ་ཧྶཾ། ཞེས་ལག་པ་གཡས་སུ་རྡོ་རྗེ་གཏད། དེ་ཐུགས་ཀར་གསོར་བའི་ཚུལ་དུ་འཛིན་ཅིང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད། དེ་ལྟར་རྡོ་རྗེའི་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་དག །ཡིད་ཀྱི་རྣམ་པར་ཤེས་པ་གནས་འགྱུར། སོ་སོར་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །རྡོ་རྗེའི་དབང་ངོ་། །དེ་ནས་དྲིལ་བུའི་དབང་བསྐུར་བ་ནི། བསང་སྦྱངས། སློབ་མ་སྐད་ཅིག་གིས་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། དཀྱིལ་མོ་དཀྲུང་གིས་བཞུགས་པ་གསལ་བར་གྱུར། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་དབང་བསྐུར་བའི་དགོངས་པ་མཛད་ཅིང་། ཡུམ་ཆེན་རྣམས་ཀྱིས་དྲིལ་བུ་ལག་པ་གཡོན་དུ་གཏད་པས་དབང་བསྐུར་བར་བསམ་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཤད། །དྲིལ་བུ་དཀྲོལ་བཞིན། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །དྲིལ་བུ་གཡོན་དུ་གཏད་ཅིང་དཀུར་བརྟེན། དེ་ལྟར་དྲིལ་བུའི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག སྒོ་ལྔའི་རྣམ་པར་ཤེས་པ་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །དྲིལ་བུའི་དབང་ངོ་། །དེ་ནས་མིང་གི་དབང་བསྐུར་བ་ནི། བསང་སྦྱངས། སློབ་མ་སྐད་ཅིག་གིས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སྤྱན་མ་དཀར་མོ་གྲི་ཐོད་འཛིན་མས་འཁྱུད་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། སྐྱིལ་མོ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད་ཅིང་། ཡུམ་ཆེན་རྣམས་ཀྱིས་མིང་གི་དབང་བསྐུར་བར་མོས་ལ། ཨོཾ་ཤྲཱི་ཡོ་ག་ཨཾ་བ་རི་ཏྭཾ་ཨ་བྷི་ཥིཉྩྨ་མི། ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱཻ་དཔལ་གྱི་མཐར་རིགས་དང་མཐུན་པའི་མིང་བཏགས། དེ་ལྟར་མིང་གི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །མིང་དབང་ངོ་། །དེ་དག་སློབ་བུའི་དབང་ངོ་། དེ་ནས་རྡོ་རྗེ་དྲིལ་བུ་འཁྱུད་པའི་ཚུལ་དུ་བྱས་ནས། རྡོ་རྗེ་དྲིལ་བུ་འཁྱུད་ནས་ནི། །གཡོན་སྙེམས་པ་དང་སྒྲོས་གནོན་འཆང་། །གཉིས་མེད་གཉིས་མེད་རྣལ་འབྱོར་གྱིས། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབས། །སངས་རྒྱས་ཀུན་བདག་རྣལ་འབྱོར་ལྡན། །ཅེས་བརྗོད། དེ་ནས་ཨཱ་ལི་ཀཱ་ལིའི་སྔགས་འཕྲེང་སློབ་དཔོན་གྱི་ཞལ་ནས་ཕྱུང་། སློབ་མ་ལྷར་གསལ་བའི་ཞལ་ནས་ཞུགས་པར་བསམ་ཞིང་དབྱངས་དང་གསལ་བྱེད་ལན་གསུམ་ཟློས་སུ་བཅུག་པ་སྔགས་དབང་ངོ་། །དེ་ནས་རྡོ་རྗེ་ལག་པ་གཡས་སུ་གཏད་དེ། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྣལ་འབྱོར་ནམ་མཁའི་བརཏལ་ཞུགས་བསྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཥ་ཧྶཾ་དྷཱ་ར་ཡ་མི་ཧཱུྃ་ཧཱུྃ་ཧཱུྃ་ཧ་ཧ་ཧ་ཧོཿ །བརཏལ་ཞུགས་ཀྱི་དབང་ངོ་། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་ཚོགས་དང་། །ཤེས་རབ་ཐབས་ཀྱི་སྙེམ་ཆེན་གྱིས། །གར་མཆོད་བདེ་བའི་དགའ་སྟོན་གྱིས། །ཨཱཿཞེས་སྒེག་པ་དང་། སྒེག་དང་བཅས་པར་འཕྲེང་བ་འཆང་། །སངས་རྒྱས་ཀུན་དངོས་རྣལ་འབྱོར་མ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །འཕྲེང་བ་འདི་ནི་རྒྱན་ཡིན་ནོ། །ཨོཾ་ཞེས་འཕྲེང་བ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེས་ནི་རྣལ་འབྱོར་མ་དེ་དང་། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གཱི་ཞེས་གླུ། དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་ཆགས་པར་བྱེད། །སངས་རྒྱས་འདུལ་བའི་འཕྲིན་ལས་ནི། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿཞེས་གར། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་བརྒྱན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲུྃ། ཞེས་མེ་ཏོག །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརཏལ་ཞུགས་བཟང་པོས་ལེགས་ཚིམ་པ། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཧཱུྃ་ཞེས་སྤོས། ཆོས་ཀྱི་མེ་ནི་ལེགས་སྦར་བས། །པདྨ་གར་དབང་རང་ཉིད་ནི། །སེམས་ཅན་མ་ལུས་ལྡོངས་པ་ལ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །པྲ་ཞེས་མར་མེ། ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཤེས་རབ་ཏིང་འཛིན་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བགོ། །གྷ་ཞེས་དྲི་སྦྱིན། ཞེས་སྒེག་སོགས་བརྒྱད་གར་གྱི་དབང་ངོ་། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། ཨོཾ་བཛྭ་ནི་ཏྲ་ཡ་ཨ་པ་ཧ་ར་པ་ཊ་ལཾ་སྲཱིཿཐུར་མའི་དབང་ངོ་། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེས། །ཞེས་པས་མེ་ལོང་གི་དབང་ངོ་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་སྐོར་བར་གྱིས། །འཁོར་ལོའི་དབང་ངོ་། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །དུང་གི་དབང་ངོ་། །གཡོན་ཆོས་གོས་ཀྱི་སྣ་རི་དྭགས་ཀྱི་རྣ་བ་འདྲ་བར་དང་། གཡས་མི་འཇིགས་པའི་ཕྱག་རྒྱས། སློབ་དཔོན་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་གཟུང་ཞིང་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་དང་མགྲིན་གཅིག་ཏུ་ལུང་སྟོན་པར་བྱ་སྟེ། འདིར་ནི་ངས་ཁྱོད་ལུང་བསྟན་ཡིན། །རྣལ་འབྱོར་ནམ་མཁའ་དེ་བཞིན་གཤེགས། །ངན་འགྲོའི་སྲིད་ལས་བཏོན་ནས་སུ། །སྲིད་མཆོག་གཏན་དུ་དག་པར་གྱིས། །ཧེ་ཤྲཱི་ཡོ་ག་བྷཱ་རཱི་ནཱ་མ་ཏ་ཐཱ་ག་ཏ་སིད་དྷྱ་ས་མ་ཡ་ཧྶཾ་བྷུར་བྷུཿབཿསྭཿལུང་བསྟན་ནོ། །དེ་དག་སློབ་དཔོན་གྱི་དབང་སྟེ་བུམ་པའི་དབང་ངོ་། །དེ་ནས་མཎྜྻལ་ཕུལ། ཡོན་ཏན་རྒྱ་མཚོ་ཁྱེད་མཐུ་ཡིས། །དེ་ཉིད་བླ་མེད་ཤེས་པར་འཚལ། །རྡོ་རྗེའི་དབང་བསྐུར་ཀུན་མཁྱེན་གྱི། །བཀའ་དྲིན་དེ་རིང་བདག་ལ་སྩོལ། །སངས་རྒྱས་ཀུན་ལ་གསང་བ་ཆེ། །ཇི་ལྟར་དཔལ་ལྡན་རྡོ་རྗེ་སེམས། །རྡོ་རྗེ་ཆོས་ནི་བརྟན་པ་བཞིན། །མགོན་པོས་བདག་ལ་བཀའ་དྲིན་མནོས། །བཅོམ་ལྡན་ཁྱོད་ཞབས་པདྨ་ནི། །སྤངས་ནས་གཞན་ལ་སྐྱབས་མ་མཆིས། །འཁོར་བའི་འགྲོ་བ་སྤང་བའི་ཕྱིར། །དེ་བས་མགོན་པོས་བརྩེ་བར་མཛོད། །ལན་གསུམ་གྱིས་གསོལ་བ་བཏབ། སློབ་མའི་མིག་བཀབ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་རྣལ་འབྱོར་ནམ་མཁའི་ངོ་བོར་བཞུགས་པ་ལ་སློབ་མས་ཕུལ་བའི་ཕྱག་རྒྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྷ་མོ་དང་གཉིས་སུ་མེད་པ་སྙོམས་པར་ཞུགས་པས་སངས་རྒྱས་ལྔའི་རང་བཞིན་གྱི་ས་བོན་ཀུནྡ་ལྟ་བུ་ཕྱག་རྒྱའི་སྐྱེ་གནས་ཀྱི་མེ་ཏོག་དམར་པོའི་ནང་དུ་རོལ་བ་ཆགས་པ་དང་། ཆགས་བྲལ་དང་། དེ་གཉིས་འདྲེས་པ་སྟེ་སྡེ་ཚན་གསུམ་གྱིས་སྤྲུལ་པ་རྡོ་རྗེ་དང་པདྨ་ནས་ལྕེས་ལེན་དུ་སྩལ་ཏེ། དེ་དུས་འདི་སྐད་བརྗོད་པར་བྱའོ། །དཔའ་བོ་སྡིག་གི་གཉེན་པོ་སྟེ། །དཔལ་དང་ལྡན་ཞིང་ལྷུན་ཆེ་བ། །དཔའ་བོར་དེ་ཉིད་གོམས་པར་བྱ། །སངས་རྒྱས་ཀུན་བདག་སྦྱོར་བ་ཡིན། །དེ་ནས་སྒྲུབ་ཐབས་ཀྱི་སྔགས་རྒྱ། ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ། ཞེས་པས་སྤྱི་བོར་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག །དཔྲལ་བར་མི་བསྐྱོད་པ་སྔོན་པོ་ས་གནོན། རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན། ལྟག་པར་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན། རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་མཛེས་པ། དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པའོ། །ཅེས་གནས་ལྔར་རིགས་ལྔ་བསྐྱེད། ཨོཾ་ཊུཾ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་གོ་ཆ་བསྐོན། མིག་དར་བཀྲོལ་ལོ། །གསང་དབང་ངོ་། །དེ་ནས་སྔར་བཞིན་མཎྜྻལ། བཅོམ་ལྡན་ཁྱོད་ཞབས་པདྨ་ནི། །སྤངས་ནས་གཞན་ལ་སྐྱབས་མ་མཆིས། །འཁོར་བའི་འགྲོ་བ་སྤང་བའི་ཕྱིར། །དེ་བས་མགོན་པོས་བརྩེ་བར་མཛོད། །ཅེས་གསོལ་བ་བཏབ། སློབ་མའི་གདོང་གཡོགས། གཉིས་མེད་སྦྱོར་བ་དེ་ཉིད་ནི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །སོ་སོར་དེ་ཉིད་ཀྱིས་བཟུང་བ། །རྡོ་རྗེ་དེ་ཉིད་བདག་ཉིད་དེ། །དྲིལ་བུ་ཆོས་ཀྱི་གཟུངས་མའོ། །ཕྱག་རྒྱ་ཁ་སྦྱོར་ཚུལ་གྱིས་ནི། །དེ་ལ་ཐབས་ནི་ཐིམ་པར་འགྱུར། །ཞེས་སློབ་མ་ལ་ཕྱག་རྒྱ་གཏད། དེ་ཉིད་སློབ་མ་བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའ་དང་། ཤེས་རབ་མ་ཡེ་ཤེས་དབང་ཕྱུག་ཡབ་ཡུམ་དུ་གསལ་བས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུ་དང་བྱ་གདོང་ཁ་སྦྱོར་བའི་རྩེར་ཕབ་སྟེ་གཉིས་མཉམ་ལས་ཀུན་རྫོབ་ཐམས་ཅད་དོན་དམ་པ་ཟག་པ་མེད་པའི་ཡེ་ཤེས་སུ་ཐིམ་པ་རྟོགས་པར་བྱའོ། །ཟག་པ་མེད་པའི་ཡེ་ཤེས་དེ་ཉིད་ཀུན་གཞི་རྣམ་པར་ཤེས་པ་འཇུག་ཤེས་སུ་མ་འཐོར་བར་བསྟན་པ་ལས་རྙེད་པའི་ཕྱིར། ཡེ་ཤེས་རྣམ་ཤེས་བསྟན་པར་བྱ། །ཞེས་གསུངས་སོ། །གདོང་གཡོགས་ཕྱེ། སྔར་བཞིན་མཎྜྻལ། བཅོམ་ལྡན་ཁྱོད་ཞབས་པདྨ་ནི། །སྤངས་ནས་གཞན་ལ་སྐྱབས་མ་མཆིས། །འཁོར་བའི་འགྲོ་བ་སྤང་བའི་ཕྱིར། །དེ་བས་མགོན་པོས་བརྩེ་བར་མཛོད། །ཅེས་གསོལ་བཏབ་བྱས། དབང་གསུམ་པའི་དུས་སུ་རྟོགས་པའི་དོན་དམ་ཟག་པ་མེད་པའི་ཡེ་ཤེས་དེ་ཉིད། །ཕ་དང་མ་ནི་བསད་བྱ་དང་། །རྒྱལ་པོ་གཙང་སྦྲ་བྲམ་ཟེ་དང་། །ཡུལ་ཕྱོགས་རྒྱུ་བ་བསད་པ་ནི། །མི་དེ་དག་པའི་མིང་ཞེས་བྱ། །ཞེས་དང་། གཉིས་དང་གཉིས་མེད་རབ་སྤངས་པ། །འཁོར་བའི་རྒྱ་མཚོ་མི་བཟད་པའི། །ཆུ་བོའི་དགྲ་ལས་གྲོལ་བ་ཡི། །མཚོན་བྱ་མཚོན་པའི་མཚན་ཉིད་རྣམས། །རྣམ་ཤེས་ཡེ་ཤེས་གཉིས་བསྟན་བྱ། །ཞེས་པས་གཏན་ལ་ཕབ་སྟེ་གསལ་བར་བྱའོ། །དེ་ནས། གསང་ཆེན་དེ་དག་ཐམས་ཅད་ཀྱི། །དབང་བསྐུར་བ་ནི་གོ་འཕང་མཆོག །བཟོད་པའི་ཆོས་ནི་སྔོན་འགྲོ་བས། །སེམས་ཅན་རྣམས་ནི་གཟིར་མི་བྱ། །ཚིག་རྩུབ་འཁྱལ་བ་སྨྲ་མིན་ཞིང་། །སེམས་ཅན་རྣམས་ནི་སུན་མི་དབྱུང་། །ཚུལ་ཁྲིམས་སྡོམ་པ་བསྲུང་བྱ་ཞིང་། །སྐྱེ་བོ་རྣམས་ལ་གཙེ་མི་བྱ། །བདག་ཉིད་ཤི་བར་གྱུར་ཀྱང་བླའི། །སེམས་ཅན་སྲོག་གཅོད་དེ་ལྟ་མིན། །རབ་ཏུ་འབར་མེར་མཚུངས་པས་ན། །གཞན་གྱི་ནོར་ལ་རེག་མི་བྱ། །རྣལ་འབྱོར་པ་ཡིས་བརྫུན་བསྲུང་ཞིང་། །ཕན་ཚུན་དབྱེ་བའི་ལས་མི་བྱ། །རྣལ་འབྱོར་སྤྱོད་པའི་རྣལ་འབྱོར་པ། །དེ་ལ་རྫུན་ནི་ཡོད་མ་ཡིན། །སྤྱོད་པ་བག་ཡོད་བཅས་པ་དང་། །བཟའ་དང་ལོངས་སྤྱོད་བག་ཡོད་བྱ། །དགའ་བར་རོལ་བ་བག་ཡོད་ཅིང་། །གཏོར་ཚོགས་ཆོ་ག་བག་ཡོད་བྱ། །རྣལ་འབྱོར་མ་ཡི་གྲུབ་འདོད་པས། །སེམས་ཅན་བསྟེན་ན་འགྲུབ་པར་འགྱུར། །ཐམས་ཅད་ཤེས་པའི་སློབ་མ་གང་། །སེམས་ཅན་དགའ་བའི་ལས་རྣམས་བྱ། །མཉམ་ཉིད་ཡེ་ཤེས་ལས་བསྐྱེད་ནས། །ཐམས་ཅད་མཉམ་ཉིད་བལྟ་བར་བྱ། །རྟག་ཏུ་མཉམ་པའི་སྤྱོད་པ་ཅན། །རྟག་ཏུ་རྣལ་འབྱོར་བསམ་གཏན་དགུས། །བསླབ་པ་བླངས་པ་སྔོན་འགྲོ་བས། །དཀྱིལ་འཁོར་གཏོར་མ་ལ་སོགས་པ། །སེམས་ཅན་དོན་བྱའི་ཚུལ་ཁྲིམས་རྣམས། །བུ་ཡིས་སྲོག་བཞིན་བསྐྱང་བར་བྱ། །ཅེས་གདམས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །དེ་ནས་ལྷ་ལ་ཕྱག་འཚལ་དུ་བཅུག །དེ་ནས་བླ་མ་ལ་གཏང་རག་གི་མཎྜྻལ་དང་། ལུས་ལོངས་སྤྱོད་སོགས་ཡོན་ཕུལ། མཆོད་པ་གསར་དུ་བཤམས། ཨོཾ་སཾ་ཤྭ་དྷ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་ཧ་ཧོ་སྲཱིཿས་བྱིན་གྱིས་བརླབས། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་པྲ་ཝ་རཱ་སཏྐྲ་ར་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་ཧཱུྃ་སྭཱ་ཧཱ། དྲི་ཆབ། ཨོཾ་ཤྲཱིཾ་སྭཱ་ཧཱ། མེ་ཏོག ཨོཾ་ཨིཾ་སྭཱ་ཧཱ། བདུག་སྤོས། ཨོཾ་ཀྵུཾ་སྭཱ་ཧཱ། སྣང་གསལ། ཨོཾ་ཨི་སྭཱ་ཧཱ། ཞལ་ཟས་རྣམས་ཀྱི་མཆོད་པས་མཆོད། རྡོ་རྗེ་དྲིལ་བུ་བཟུང་ནས། ཧཱུྃ་ཧཱུྃ། མགོན་ཁྱོད་ཡོངས་སུ་ཐར་པའང་ཁྱོད། །ཆོས་སྟོན་པ་ཡང་ཁྱོད་ཡིན་ཏེ། །སྙིང་རྗེའི་རྒྱུ་ལས་བྱུང་བའི་གཟུགས། །ཀྱེའི་གཟུགས་བཟང་ཐར་པ་ཁྱོད། །ཀྱེའི་དེ་ཉིད་སྲིད་པ་ལས་གྲོལ་ཁྱོད། །རྡོ་རྗེ་ཁྱེད་ལ་ཕྱག་འཚལ་འདུད། །ཀྱེ་ཐར་པའི་རྡོ་རྗེའང་ཁྱོད་ཉིད་དོ། །ཞེས་བསྟོད། སྒྲུབ་མཆོད་ཀྱི་ཉིན་ཕྱི་མར་མཆོད་པ་རྣམས་ལ་ཚིག་བཅད་བཅས་དང་། མཆོད་པ་ཉི་ཤུ་རྒྱས་བསྡུས་གང་འོས། སེམས་དཔའ་ཆེན་པོ་དང་པོའི་མཆོག །སོགས་ཀྱིས་བསྟོད་པ་བྱ། ཚོགས་ལ་རོལ། ལྷག་མ་བསྔོས་ཏེ། ཨོཾ་ར་མ་ར་མི་ཧི་ཧི་ཧི་ཧི་ཧཱུྃ་ཧོ་ཨཱཿཨོཾ་ར་མ་ར་མ་ཧོ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཨཱཿཨོཾ་ར་མ་ར་མ་ཕྲུཾ་ཕུཾ་ཕུཾ་ཧཱུྃ་ཧཱུྃ་ཨཱཿཨོཾ་ར་མ་ར་མ་ཧོ་གྷུ་གྷུ་གྷུཾ་གྷོ་ཨ་སྭཱ་ཧཱ། རྣལ་འབྱོར་མ་བརྒྱད་ཀྱི་འཕྲེང་སྔགས་ཀྱིས་མཉེས་པར་བྱས་ལ་ཐལ་མོ་སྦྱར། མེ་ཏོག་གིས་སྙིམ་པ་བཀང་། སེམས་ཅན་ཐམས་ཅད་ལ་སེམས་ཆེན་པོས། སེམས་ཅན་ཐམས་ཅད་ནད་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཏེ། །གང་གི་ལམ་གནས་འགྲོ་བ་ཡིས། །སངས་རྒྱས་ཉིད་དུ་འགྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ད་ལྟར་རྗེས་སུ་བརྩེ་བའི་ཕྱིར། །རྣལ་འབྱོར་གཙུག་ལག་བདག་བགྱིས་སོ། །ཅེས་སྨོན་ལམ་བཏབ། ཉིན་ཕྱི་མར་ཡོན་བདག་དང་སེམས་ཅན་ཐམས་ཅད་ལ་དུང་ཆོས་ཀྱི་ཆུས་བཀྲུས། དེ་རིང་ཁྱོད་ནི་འཁོར་བ་ཡི། །རྒྱ་མཚོ་ལས་ནི་རབ་བརྒལ་ཞིང་། །རྡོ་རྗེ་ལས་བྱུང་རྡོ་རྗེ་དངོས། །སངས་རྒྱས་གོ་འཕང་དབང་བསྐུར་ཞིང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱི། །དོན་བྱེད་ནུས་པའི་སེམས་དང་ལྡན། །ཞེས་ཤིས་པ་བྱས། རྡོ་རྗེ་ཐལ་མོ་སྦྱར། །ཨོཾ་ན་མསྟེ་ཧཱུྃ། ན་མོ་མི་ཧཱུྃ། ན་མོ་ན་མཿཧཱུྃ་སྭཱ་ཧཱ། ཞེས་ལུས་ངག་ཡིད་ཀྱིས་ཕྱག་བྱ། ཨོཾ། བདག་གི་ཆོ་ག་མ་ཚང་རྣམས། །བཅོམ་ལྡན་འདས་ལ་བཟོད་པར་གསོལ། །ཞེས་དང་། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ། རྡོ་རྗེ་ཁུ་ཚུར་གཡོན་པ་སྙིང་གར་བཅའ། གཡས་པ་བརྐྱང་ནས་ས་ལ་བཙུགས་ཏེ། ཨོཾ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་ཕན་པར་མཛད་པ་དང་། །སངས་རྒྱས་ཡུལ་དུ་བྱོན་ནས་ཀྱང་། །སླར་ཡང་འདིར་ནི་གཤེགས་སུ་གསོལ། །ཨོཾ་གཙྪ་གཙྪ་སྭཱ་ཧཱ། སྭ་བྷཱ་ཝཱ་ནཱཾ་ཧཱུྃ་སྭཱ་ཧཱ། ཡེ་ཤེས་འཇིག་རྟེན་ལས་འདས་པ་དང་། ཨོཾ་གཙྪ་སུ་ར་ཎ་ག་མ་ར་ཎ་ཡ་ཧཱུྃ་ཕཊ྄་སྭཱ་ཧཱ། སེ་གོལ་ལན་གསུམ་གཏོགས་པས། འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། དམ་ཚིག་པ་རྣམས་རང་གི་དབུགས་དང་ལྷན་ཅིག་ནང་དུ་བསྡུས་ཏེ། ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་ནི་སྤྱི་བོ་མིག་རྣ་བ་སྣ་ལྕེར། སེང་གེ་མ་སོགས་མགྲིན་དཔུང་སྙིང་ལྟེ་བ། སྒོ་བསྲུང་བཞི་ནི་གཡས་དང་གཡོན་གྱི་བརླ་དང་རྗེ་ངར་གཉིས་སུ། པུཀྐ་སཱི་སོགས་ལྕེ། དྲག་མོ་སོགས་བྲང་། གཏུམ་མོ་སོགས་ཁ། ཐོད་འཕྲེང་མ་སོགས་ལྕེར། སྒེག་སོགས་བརྒྱད་སྙིང་ནུ་བར་མགྲིན་པ། མགོ་བོ་སོ་གསང་བ། དཔུང་པ། མིག་ལ་ཡི་གེའི་རྣམ་པར། ཀེང་རུས་འཇིགས་བྱེད་སོགས་སེམས་དཔའ་བཅུ་དྲུག་དབུགས་དང་འོད་ཟེར། འཇིག་རྟེན་པའི་ལྷ་ཆེན་བརྒྱད་བ་སྤུའི་ཁུང་དང་རྐང་སོགས་ལ་རིམ་པ་བཞིན་དུ་ཡི་གེའི་གཟུགས་སུ་འཁོད་པར་གྱུར། བ་དན་གསུམ་པའི་ཕྱག་རྒྱས་འགོད་པར་བྱའོ། །རང་ཉིད་རྣལ་འབྱོར་ནམ་མཁར་གསལ་བའི་སྤྱི་བོར་ཀྵུཾ། མིག་གཉིས་ལ་ཧཱུྃ། རྣ་བ་གཉིས་དང་སྣ་ལ་ཡུཾ། ལྕེ་ལ་སུཾ། མགྲིན་པར་སཾམརཡུ། དཔུང་པ་གཉིས་ལ་ཧཾམརཡུ། སྙིང་གར་ཡཾམརཡུ། ལྟེ་བར་ཀྵཾམརཡུ་རྣམས་དྲག་མོ་མཁའ་འགྲོ་མ་ལ་སོགས་པའི་བདག་ཉིད་དོ། །ཨོཾ་བཛྭ་ཀཱ་ཡ་ཧོཿ ཨོཾ་བཛྭ་ཝཱཀྐཱ་ཨཱཿ ཨོཾ་བཛྭ་ཙིཏྟ་ཧཱུྃ། ཞེས་རྒྱས་བཏབ། ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ། ཞེས་པས་དབང་བསྐུར། ཨོཾ་ཊུཾ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པས་གནས་བསྲུང་། ཨོཾ་ཛྙྱཱ་ན་ཌཱ་ཀི་ནི་ས་མ་ཡ་སོགས་ཡི་གེ་བརྒྱ་པས་བརྟན་པར་བྱ། ཨོཾ་གི་ལི་གི་ལི་ན་ད་མ་ཧཱུྃ་ཕཊ྄་སྭཱ་ཧཱ། ཚོན་རྣམས་ཕྱགས་ལ་ཆུ་བོ་ཆེན་པོར་བསྐྱལ། ཨོཾ་ཧི་ལི་ཧི་ལི་ཕུ་ལི་མ་ཧཱ་ཕུ་ལི་ཕེཾ་ཕེཾ་སྭཱ་ཧཱ། ལྷག་མའི་གཏོར་མ་བཞི་མདོའམ། ཆུ་འགྲམ་དུ་བསྐྱལ་ལོ། རྡུལ་ཚོན་གཤེགས་རྗེས་སླར་ལྡོག་ནས་སླར་ཡང་དཀྱིལ་འཁོར་གྱི་ཤུལ་དེར་རྡུལ་ཚོན་སེར་པོས་པདྨ་འདབ་བརྒྱད་ལྟེ་བ་གེ་སར་དང་བཅས་པ་བྲིས་པའི་མདུན་དུ། གཏོར་མ་དང་མཆོད་པ་བཤམས་ལ། སྒྲུབ་ཐབས་ལྟར། པདྨའི་ལྟེ་བར་སེང་གེའི་ཁྲི་སོགས་ཀྱིས་ལྷ་དགུ་དང་སྒོ་མའི་བར་བསྐྱེད། སྤྱན་འདྲེན་མཆོད་བསྟོད། འཇིག་རྟེན་པའི་གཏོར་མ་གཏང་བ་མན་ཆད་དང་། གཤེགས་གསོལ་སོགས་སྒྲུབ་ཐབས་ལྟར་ལ། བཀྲ་ཤིས་རྒྱས་པར་བརྗོད། མཆོད་པ་ཐམས་ཅད་ཀྱིས་གསང་བའི་འཁོར་ལོ་མཆོད་ཅིང་། སློབ་མར་བཅས་པས་གླུ་གར་རྣལ་འབྱོར་མ་རྣམས་ལྷན་ཅིག་བདེ་བ་ལ་ཆགས་པར་བྱའོ། །ནུབ་མཐའ་མའི་ཆོ་གའོ། །དེ་ལྟར་གདན་བཞིའི་ཆོ་ག་ཨཱརྻ་དེ་ཝའི་ཞབས་དང་། རྣམ་རྒྱལ་དབང་པོའི་སྡེས་མཛད་པ་ལྟར། རྗེ་བཙུན་མར་རྔོག་གི་བཀའ་དྲིན་ཆེན་པོས་འཚོ་བ། པདྨ་དཀར་པོས། ཉང་སྟོད་རྩེ་ཆེན་གྱི་ཕོ་བྲང་ཆེན་པོར་སྦྱར་བའི་དགེ་བས་ཐམས་ཅད་ཀྱང་རྡོ་རྗེ་འཆང་གི་ས་ལ་མྱུར་བ་ཉིད་དུ་ཆས་པར་གྱུར་ཅིག །གང་ཡང་གྲུབ་པའི་ཤིང་རྟ་ཡིས། །སྲོལ་ཕྱེ་དེ་ནས་མ་འཁྱོགས་པར། །འདོད་པའི་དངོས་གྲུབ་སར་བགྲོད་པ། །བློ་གསལ་པདྨ་དཀར་པོའི་ལུགས། སླད་ནས་དབང་བསྐུར་དང་སྒྲུབ་མཆོད་སོགས་ལ་འཇུག་པ་བདེ་བར་བྱོས་ཤིག་ཅེས་མཆོག་གི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བཀའ་སྩལ་ཡང་ཡང་གནང་བ་སྤྱི་བོར་མཆོད་ནས་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱས་མཚོས་ཁུངས་ལྡན་གྱི་ཡིག་ཆ་རྣམས་ལ་སྒོ་བསྟུན་ཏེ་སྤྱི་བརྟོལ་བསྐྱེད་ནས་བཀླག་ཆོག་ཏུ་བཀོད་པ་འདིར་ཚུལ་བཞིན་མ་རྟོགས་ལོག་རྟོག་ཀྱི་ནོངས་པ་མཐའ་དག་བླ་མ་ལྷག་པའི་ལྷ་ཡི་སྤྱན་སྔར་སྙིང་ནས་འཆགས་ཤིང་། རྣམ་དཀར་གྱི་ཆ་ཤས་གང་ཐོབ་འགྲོ་ཀུན་བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའི་གོ་འཕང་མཆོག་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་མདྒ་ལཾ།།
གསང་བ་འདུས་པའི་རྒྱན་ཅེས་བྱ་བ་མར་ལུགས་ཐུན་མོང་མ་ཡིན་པའི་བཤད་པ།
གསང་བ་འདུས་པའི་རྒྱན་ཅེས་བྱ་བ་མར་ལུགས་ཐུན་མོང་མ་ཡིན་པའི་བཤད་པ་བཞུགས་སོ། །རྗེ་བཙུན་འཇམ་དཔལ་དབྱངས་རྡོ་རྗེའི་སློབ་དཔོན་བཀའ་དྲིན་ཅན་དུ་སྣང་བའི་ཞབས་ལ་ཕྱག་འཚལ་ལོ། །གསང་འདུས་གངས་ཅན་མཚོ་འདིའི་དཔྱིད། །ཀུན་བཟང་ཕྱག་གི་པདྨའི་རྩེས། །རྡོ་རྗེའི་རོལ་གར་འབུམ་སྒྱུར་མཁན། །ཆོས་ཀྱི་བློ་གྲོས་ཉིན་མོར་བྱེད། །དེས་ཡང་སྲིད་གདུང་རྨོངས་པའི་མུན་ལྷན་ཅིག །ཕ་རོལ་སྐྲོད་ལ་ངག་དབང་ནམ་མཁའི་མཐིང་། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་རྒྱུ་སྐར་སྡེའི། །རྒྱལ་པོ་སླར་མཛད་དེ་ལ་ཕྱག་འཚལ་ལོ། །གང་གི་ཟེར་རྒྱས་བྱུག་པ་གཡས་འཁྱིལ་ནས། །ཡན་ལག་དྲུག་ཅུའི་ལྷ་རྔ་ཇི་ལྟ་བར། །བསྟན་པ་ཐམས་ཅད་སྙན་པར་སྒྲོག་པ་ལ། །སྙིང་རྗེའི་དབུགས་ལས་བྱང་བ་ཁོ་བོ་འོངས། །དེ་ཚེ་དབྱངས་ཅན་སུག་ལས་ཀུན། །འདིས་སྦྱོར་དེ་ཕྱིར་བདག་ཅག་ནི། །རེ་ཞིག་ངལ་བསོར་འོས་སོ་ཞེས། །བཤེས་གཉེན་གཞན་དག་མནལ་བ་བཞིན། །འདིར་གང་བཤད་བྱ་དཔལ་གསང་བ་འདུས་པའི་རྒྱུད་ལས། གང་གིས་འཆད་བྱེད་རྒྱན་བདུན་གྱིས་དེ་བརྒྱན་པར་བྱ་བ་གཉིས་ལས། དང་པོ་ཐ་སྙད་ལ་བརྟེན་ནས་དོན་རྟོགས་པའི་ཕྱིར་མཚན། དེ་ཇི་ལྟར་གསུངས་ཤིང་བཀྲལ་བ། རྒྱུད་རང་གི་ངོ་བོ་གཏན་ལ་དབབ་པ་གསུམ་ལས། །དང་པོ་ནི། རྒྱ་གར་སྐད་དུ། ཤྲཱི་གུ་་ས་མཱ་ཛ་མ་ཧཱ་ཏན྄་ཏྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་ནི་གཞན་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་ལ། གསང་བ་འདུས་པ་ནི་འདི་ཉིད་ཀྱི་རྒྱུད་ཕྱི་ལས། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་སུ་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །འཚོགས་པ་འདུས་པ་ཡིན་པར་བཤད། །འདི་ལ་སྒྲོན་མ་གསལ་བ་ལས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་གསང་བ་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པའི་རིགས་གསུམ་དུ་ཡོངས་སུ་གྱུར་བ་སྟེ་ཡི་གེའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་གྱི་སྤྱིའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་གསུམ་པོ་རང་བཞིན་གྱིས་སྣང་བ་རླུང་གི་བཞོན་པ་ཅན་ཏེ་སྦས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྟེ་མཐར་ཐུག་པའོ། །ཞེས་དང་ཡང་། འདུས་པ་ཞེས་པ་ནི་གཉིས་གཅིག་ཏུ་གྱུར་པ་ནི་འདུས་པ་སྟེ་ཡི་གེའི་དོན་ཏོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྤྱིའི་དོན་ནོ། །ཤེས་རབ་ཐབས་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྦས་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་འདྲེས་པ་ནི་འདུས་པའོ། །ཞེས་གསུངས། དེ་བཞིན་རྗེ་བཙུན་ནཱ་རོ་པས། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེ་གསུམ་དུ་སྐུ་གསུང་ཐུགས་སུ་སྣང་བ་དེ་ཉིད་གསང་བ་གཉིས་གཅིག་ཏུ་གྱུར་པ་ནི་ཡི་གེའི་དོན་གྱིས་འདུས་པའོ། །ཡི་གེ་གསུམ་ལས་རྡོ་རྗེ་འཆང་ཆེན་པོའི་སྐུར་གྱུར་ནས་རིག་མ་དང་རྡོ་རྗེ་པདྨ་འདུས་པར་གྱུར་པ་ནི་སྤྱི་དོན་གྱི་གསང་བ་འདུས་པ་ཞེས་བྱའོ། །རྣམ་པ་གསུམ་གྱི་རླུང་གི་བཞོན་པ་དང་ལྡན་པ་དེ་ཉིད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་སྒྱུ་མ་ལྟ་བུའི་སྐུར་གྱུར་པ་ནི་སྦས་དོན་གྱི་གསང་བ་འདུས་པའོ། །བདེན་པ་རྣམ་པ་གཉིས་ཟུང་དུ་འཇུག་པ་གཉིས་སུ་མེད་པར་གྱུར་པ་ནི་མཐར་ཐུག་པའི་གསང་བ་འདུས་པ་ཞེས་བྱའོ། །དེས་ནི་རྒྱུད་ཀྱི་དོན་ཐམས་ཅད་སྨོས་པ་ཡིན་ཞེས་གསུངས་པའི་དང་པོས་དངོས་པོའི་གནས་ལུགས་དང་། དེ་ཁྱད་པར་ཅན་དུ་བྱེད་པ་དབང་། གཉིས་པ་དང་གསུམ་པས་རིམ་པ་བཞིན་བསྐྱེད་རིམ་དང་རྫོགས་རིམ་གྱི་ལམ། བཞི་པས་འབྲས་བུ། འདི་ཙམ་གྱི་དབང་པོ་རྣོན་པོས་རྒྱུད་ཐམས་ཅད་གོ་བར་ནུས་པ་ཡིན་ནོ། །ཇི་ལྟར་དང་པོས་དངོས་པོའི་གནས་ལུགས་གོ་བར་འགྱུར་ཞེ་ན། །རིགས་ནི་ལྔ་དང་གསུམ་དག་དང་། །ངོ་བོ་ཉིད་གཅིག་རིགས་བརྒྱའོ། །བྱང་ཆུབ་རྡོ་རྗེ་བཅས་གསུངས་པ། །ཞེས་པས་རང་གི་ལུས་ཀྱི་དཀྱིལ་འཁོར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབྱེ་བས། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པད྄་མ་དང་། ལས་དང་། རྡོ་རྗེའི་རིགས་ཅན་འབྱུང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་དུ་འགྱུར་རོ། །རྩ་བའི་རྒྱུད་ལས་ཀྱང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །ལྔ་པོ་དེ་ཡང་གསུམ་དུ་འདུ་སྟེ། རིན་ཆེན་འབྱུང་གནས་དང་སྐུ་རྡོ་རྗེ། དོན་གྲུབ་དང་གསུང་རྡོ་རྗེ། མི་བསྐྱོད་པ་དང་དྲུག་པ་རྡོ་རྗེ་འཆང་གཉིས་སུ་མེད་པར་འགྱུར་བས་སངས་རྒྱས་ཐམས་ཅད་ནི་རང་གི་ལུས་དང་ངག་དང་ཡིད་ཀྱི་བསྡུས་པར་འགྱུར་བའི་ཕྱིར་གསུམ་དུ་བཤད་དོ། །ཟླ་གསང་ཐིག་ལེ་ལས་ཀྱང་། ལུས་ངག་ཡིད་ཀྱི་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་གསུངས་སོ། །གསུམ་པོ་དེ་ཡང་ལྷག་པའི་ལྷ་གསང་བ་ཆེན་པོ་རིགས་གཅིག་ཏུ་འདུ་བ་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྡུས་པའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་སྣང་བས་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་དེ་ལ་ལྷག་པའི་ལྷ་ཞེས་བྱ། དེ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ་སྟེ། ཤིན་ཏུ་རྫོགས་པ་ཆེན་པོར་གྱུར་པས་དེ་ལ་དེ་སྐད་ཅེས་བྱའོ། །བདེ་མཆོག་ལས་ཀྱང་། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་ཏུ་རབ་ཏུ་ཆེ་བའི་ལྷ། །ཞེས་གསུངས་སོ། །ཕུང་པོ་ལྔ་རྣམས་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་དང་། འབྱུང་བ་བཞི་ཡུམ་བཞིས་དང་། དབང་པོ་ལྔ་སེམས་དཔའ་དང་། ཡུལ་ལྔ་སེམས་མས་བྱིན་གྱིས་བརླབས་པ་སྟེ། རྩ་བའི་རྒྱུད་ལས། ས་ཡི་ཁམས་ནི་སྤྱན་མར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀི །མེ་ནི་གོས་དཀར་མོར་བཤད་དེ། །རླུང་ནི་སྒྲོལ་མར་རབ་ཏུ་གྲགས། །ཞེས་དང་། ཡང་། རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང་། གཟུགས་སྒྲ་དྲི་རོ་སྔགས་པ་ཡིས། །ལྷ་རྣམས་སུ་ནི་རྟག་པར་བསྒོམ། །ཞེས་དང་། །ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །རྟག་ཏུ་གསོད་ལ་བརྩོན་པ་སྟེ། །གསོད་པའི་དོན་གྱིས་འགྲུབ་པར་འགྱུར། སྒྲུབ་པའི་མཆོག་ལ་བརྩོན་པ་ཡིན། །ཞེས་སོ། །རེ་རེ་ལ་ཡང་ལྔ་ལྔའི་དབང་དུ་བྱས་པས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་དབང་པོ་ལ་ཡེ་ཤེས་ལྔར་ཕྱེ། དེ་དབང་པོ་ཐམས་ཅད་ཀྱི་བདག་པོ་སྟེ། ཕྱིའི་ཡུལ་ནི་མེད་ཀྱིས། སོ་སོ་རང་རིག་པ། ཆོས་ཀྱི་དབྱིངས་ཡུལ་དུ་བྱས་ནས། རྡོ་རྗེ་འཆང་ཆེན་པོའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། རིགས་བརྒྱ་པོ་ཀུན་ལ་ཁྱབ་པར་བྱེད་པས་རིགས་བརྒྱ་སྟེ། དེ་ཉིད་རྣམ་པ་ལྔ་རུ་བཤད། །གསང་བ་རྣམ་པ་གསུམ་དུ་བཤད། །ལྷག་པའི་ལྷ་ནི་གསང་ཆེན་སྟེ། །དམ་པའི་རིགས་ནི་རྣམ་པ་བརྒྱ། །ཞེས་སོ། །རྡོ་རྗེ་འཆང་ཆེན་པོ་དེ་ནི་མིང་གཞན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་སྟེ། དེ་དང་བཅས་པ་ནི་དེའི་མཐུ་ལས་རིགས་ལྔ་ནས་བརྒྱའི་བར་དུ་སྣང་བ་ཡིན་ལ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེའི་མཚན་ཉིད་ཀྱང་། ཐོག་མ་ཐ་མ་མེད་ཞི་བ། །དངོས་པོ་དངོས་མེད་ཟད་ཁྱབ་བདག །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་པས་སེམས་དངོས་པོའི་གནས་ལུགས་དེ་ཉིད་འོད་གསལ་བ་དང་སྙིང་རྗེ་ཆེན་པོ་ལ་ཁྱབ་པ་ཐ་མི་དད་ཅིང་དབྱེར་མེད་པ་ཡིན་པས་དེ་སྐད་ཅེས་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །མི་ཕྱེད་ཅེས་པ་དེའི་དེ་ཉིད་མངོན་དུ་གྱུར་པ་ལས་རིག་པའི་སྐྱེས་བུ་ཞེས་བྱ་བ་དེར་འགྱུར་ཏེ། རིགས་དང་ལྷན་ཅིག་ལྡན་པས་ན། །རིགས་པའི་སྐྱེས་བུ་ཞེས་བརྗོད་དོ། །ཞེས་སོ། །ཕྱེ་བའི་དངོས་པོ་ཉིད་ཅེས་པ་དེ་ལ་སྣང་བ་གསུམ་སོ་སོར་བྱེ་བ་ཁམས་གསུམ?་པོའི་སེམས་ཅན་དུ་གྲུབ་པ་ཡིན་ལ། འདིས་བསྐྱེད་པའི་རིམ་པ་དང་། སྔ་མས་རྫོགས་པའི་རིམ་པའི་བསྒྲུབ་གཞི་བསྟན་པ་ཡིན་ནོ། །དེ་ཡང་དེའི་རྒྱུད་ཀྱི་རྒྱལ་པོ་ནི། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །ཞེས་པ་ལ་རྗེ་བཙུན་ནཱ་རོ་པས། །རིགས་ནི་རང་གི་སེམས་ཀྱི་རྒྱུད་ཅེས་བྱ་བ་ཡིན་ཏེ། །རང་གི་སེམས་ཀྱི་རང་བཞིན་དེ་ནི་ཐོག་མ་མེད་པའི་དུས་ནས་ཡང་དག་པའི་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་སྒྱུ་མ་སྣང་བ་དེ་ལ་ཐོག་མ་མེད་པ་ཞེས་བྱ་བ་དང་། རིགས་དང་རྒྱུན་དང་རྒྱུད་ཅེས་བྱའོ། །དེ་ཉིད་སེམས་རྣམ་པར་དག་པར་ཡང་དག་པར་རྟོགས་པའི་དུས་ན་ཡང་དག་པའི་རིགས་ཞེས་བྱ་བ་ཡིན་ནོ། །མི་འཇིགས་སྐྱེ་བ་མེད་གང་ཡིན་ཞེས་པ་ལ། །དོན་དམ་པར་ན་སེམས་ཀྱི་རྒྱུན་དེ་སྐྱེ་བ་མེད་པ་གང་ཡིན་པ་དེ། ཀུན་རྫོབ་ཏུ་ནི་སེམས་ཀྱི་རྒྱུད་དེ་སྒྱུ་མ་ལྟ་བུར་སྣང་བས་མི་འཇིགས་པ་ཞེས་བྱའོ། །དེ་བས་ན་མི་འཇིགས་པས་སྐྱེ་བ་མེད་པའི་སེམས་དེ་ནི་གཙོ་བོའམ་མགོན་པོའམ་རྟེན་ནམ་རྒྱུའི་ཐོག་མ་ཞེས་བྱའོ། །འདི་སྐད་སྟོན་ཏེ། རང་གི་སེམས་ཀྱི་རྒྱུན་སྒྱུ་མ་ལྟ་བུར་སྣང་བ་དེ་དོན་དམ་པར་སྐྱེ་འཇིག་མེད་པར་རྟོགས་པ་དེ་ལས་ཡེ་ཤེས་ལྔའི་ཚུལ་དུ་རིགས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ། །ཞེས་སོ། །དེ་ཐམས་ཅད་ཀྱི་གཙོ་བོར་བཞག་པས་རྒྱལ་པོ་སྟེ། གཞན་ནས་ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཅེས་འབྱུང་བས་སོ། །བརྗོད་པར་བྱ་བ་དེ་སྟོན་པའི་རྡོ་རྗེའི་ཚིག་ལེའུར་བྱས་པ་ལ་ཡང་མིང་དེ་སྐད་ཅེས་བཏགས་སོ། །སྔ་མ་ལ་དོན་དང་། །ཕྱི་མ་ལ་བརྡའི་རྒྱུད་ཅེས་ཀྱང་བྱའོ། །གཉིས་པ་ནི། རྒྱུད་དེ་ཡང་གནས་གར་སུས་གསུངས་ཞེ་ན། གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཆུ་ཀླུང་ནེ་རཱཉྫྱ་ནའི་འགྲམ་དུ་ལོ་དྲུག་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ཕྱོགས་བཅུ་ནས་སངས་རྒྱས་ཏིལ་གྱི་གང་བུ་ལྟར་འདུས་པས་སླང་། དེས་གསོལ་བ་བཏབ་པ་ལས་དཀྱིལ་འཁོར་ཆེན་པོ་སྤྲུལ་དབང་བསྐུར་ཞིང་གདམ་ངག་བསྟན་པར་མཛད་པས། དེས་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ཏེ་དགའ་ལྡན་དུ་གཤེགས་ནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཁང་པ་བརྩེགས་པ་ཆེན་པོར་དཀྱིལ་འཁོར་རྣམ་པར་སྤྲོས་ཏེ་གསོལ་བ་བཏབ་པའི་ངོར་དཔལ་གསང་བ་འདུས་པའི་རྒྱུད་ཉི་ཁྲི་ལྔ་སྟོང་པ་གསུངས་ཤིང་། སླར་སྙིགས་མ་ལྔ་བདོ་བའི་གདུལ་བྱ་ལ་གཟིགས་ཏེ་ཉུང་ངུའི་རྒྱུད་གཞུང་ཚད་བརྒྱ་ཕྲག་བཅོ་བརྒྱད་པ་ལེའུ་བཅུ་བདུན་ཕྱི་མ་དང་བཅས་པ་འདི་བསྟན་ཏོ་ཞེས་ཤཱཀྱ་བཤེས་གཉེན་གྱི་རིམ་པ་གཉིས་པ་དང་། རབ་ཏུ་སྒྲོན་གསལ་རྡོ་རྗེ་འཕྲེང་བའི་འགྲེལ་ཆེར་རཏྣ་ཨཱ་ཀ་ར་སོགས་ཀྱིས་བཤད་ལ། ཀུན་དགའ་སྙིང་པོས་གཞན་འཕྲུལ་དབང་བྱེད་དུ་དང་། དཔལ་དུས་ཀྱི་འཁོར་ལོ་ནས་འབྲས་སྤུང་གི་མཆོད་རྟེན་ཆེན་པོར་མིའི་གདུལ་བྱ་ལ་གསུངས་པ་དང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ཞེས་བྱ་བའི་རྒྱུད་ལས་ཨུ་རྒྱན་དུ་ཨིནྡྲ་བྷཱུ་ཏི་ལ་གསུངས་པ་ཐམས་ཅད་འགལ་བར་མི་སེམས་ཏེ་མོས་པ་སྣ་ཚོགས་པའི་ངོར་ཡིན་པས་སོ་སོའི་འཐད་པ་དང་། ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་མཚན་ཡང་དག་པར་བརྗོད་པར་གསུངས་པ་ལས་ཀྱང་ངོ་། །ཨུ་རྒྱན་གྱི་ནུབ་ཀྱི་རི་ལ་རྡོ་རྗེ་འཕྲེང་བ་དང་དེའི་ཉུང་ངུའི་རྒྱུད། ཁ་བ་ཅན་གྱི་རི་ལ་དགོངས་པ་ལུང་སྟོན། འབིགས་བྱེད་ཀྱི་རྩེར་ལྷ་མོ་བཞིས་ཞུས། གདྒཱའི་འགྲམ་དུ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་བསྟན་ཏོ་ཞེས་དང་། འགའ་ཞིག་རྩ་བའི་རྒྱུད་ཕྱི་མ་བསྟན་པའི་རྗེས་ཐོགས་ཁོ་ན་དེ་དག་བསྟན་པར་བཞེད་དོ། །དེ་ཡང་རྩ་བའི་རྒྱུད་རྒྱས་པ་ནས་སླར་ཉུང་ངུར་བསྡུས་ཏེ་སྟོན་པར་མཛད་པ་ཡང་། ཤཱཀྱ་བཤེས་གཉེན་ཕྱི་མས་སྤྱོད་བསྡུས་འགྲེལ་པར། རྩོད་པའི་དུས་སུ་སེམས་ཅན་ཚེ་ཐུང་བ་དང་། ལོངས་སྤྱོད་ཞན་པ་དང་། ཤེས་རབ་ཆུང་བ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ན་དེའི་དུས་སུ་རྒྱུད་ཁྱད་པར་ཅན་རྣམས་ལ་འཇུག་པར་ཡང་མི་འགྱུར་རོ། །ཞེས་དང་། ལུང་གཞན་ལས་ཀྱང་། གང་ཚེ་སྟོང་གསུམ་དུམ་བུ་ལ། །སེམས་ཅན་ཚེ་དང་བསོད་ནམས་དང་། །ལས་དང་ཤེས་རབ་ལ་སོགས་པ། །རབ་ཏུ་གྱུར་བ་རྫོགས་ལྡན་དུས། །འབྲིང་ནི་གསུམ་ལྡན་དུས་ཡིན་ཏེ། །ཐ་མ་གཉིས་ལྡན་དུས་སུ་འདོད། །མཐའ་མའི་མཐའ་མ་ཞེས་བྱ་བ། །བསྐལ་པ་རྩོད་པའི་དུས་སུ་སྦྱོར། །གསུམ་པོ་བསྟན་པ་འདི་དག་ལ། །རྒྱལ་བའི་བཀའ་ལ་ཡིད་ཆེས་འགྱུར། །ཕྱིས་ནི་དེ་ལས་བཟློག་པའོ། །ཞེས་འདྲེན་པར་མཛད་དོ། །ཡང་རྣལ་འབྱོར་གྱི་རྒྱུད་དམ་པའི་རྒྱུད་ཅེས་རྣམ་པར་བཞག་པ་འདི་ལ་འདོད་ཆགས་འདུལ་བའི་རྒྱུད། རྡོ་རྗེ་འཕྲེང་བ་ནས་གསང་བ་འདུས་པ་སྟོང་ཕྲག་གཅིག རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ་ཞེས་པ་ནས། ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །ཞེས་པའི་བར་ཉེར་བདུན། སྒྲོན་གསལ་ལས། ཇི་སྐད་ཡ་ར་ལ་ཧའི་མཐའ། །ཀ་ཁ་གྷ་ཐ་ཛ་ཎའི་མཐའ། །ད་དྷའི་མཐའ་དང་མ་མཐར་བཅས། །ཞེས་སོ་གསུམ་གསུངས་ལ། དེ་རེ་རེ་འང་རྒྱུད་གྲངས་མང་པོར་བཤད་པ། དེ་བཞིན་ཞེ་སྡང་གཏི་མུག་གི །རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ། །ཞེས་འབྱུང་བ་དེའི་རྩ་བ་ཡི་གེ་གསུམ་སྟེ་རིགས་གསུམ་དེ་ཐམས་ཅད་ཀྱིའམ་ཆོས་ཀྱིས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་སྣོད་ལྟ་བུ་དཔལ་གསང་བ་འདུས་པ་འདི་ཡིན་ཏེ། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་ལས་འདི་ནི་རྒྱུད་ཀྱི་རྩེ། །ཞེས་གསུངས་སོ། །དེ་ལྟར་མིང་ཙམ་ཐོས་པའི་ཉི་ཁྲི་ལྔ་སྟོང་པ་ནི་རྒྱུད་དུ་མའི་རྟེན་ནམ་གཞིར་གྱུར་པས་རྩ་བའི་རྒྱུད་དུ་བཞག་པ་ཡིན་ལ། ཉུང་ངུའི་རྒྱུད་འདི་ནི་བཤད་པའི་རྒྱུད་ཀྱི་དགོངས་པ་འགྲོལ་བའི་གཞིར་གྱུར་པས་བཤད་རྒྱུད་ལ་ལྟོས་པའི་རྩ་རྒྱུད། བཤད་པའི་རྒྱུད་ཀྱིས་དེའི་དགོངས་པ་ཇི་ལྟར་འགྲེལ་ཞེ་ན། མི་གསལ་བ་གསལ་བར་བྱེད་པ། མ་ཚང་བ་ཁ་སྐོང་བ། ཚུལ་མི་འདྲ་བ། དོན་བསྡུས་པ། ཆ་མཐུན་པ། ཚིག་དོན་རྣམ་པར་འབྱེད་པ། དོན་གྱི་སྒོ་ནས་བཤད་པ་བདུན་གྱིས་སོ། །དེ་ལ་དང་པོ་ནི། ལྷ་མོ་བཞིས་ཞུས་པ་ལྟ་བུ། རྩ་བའི་རྒྱུད་དེར་ཐིག་ལེ་བྱང་ཆུབ་ཀྱི་སེམས་དང་ལས་ཚོགས་འགའ་ཞིག་མི་གསལ་བ་གསལ་བར་བྱས་པ། གཉིས་པ་རྡོ་རྗེ་འཕྲེང་བ་ལྟ་བུ། ལྷ་གྲངས་དང་ཆོ་ག་ཉི་ཤུ་མ་ཚང་བ་དེས་ཁ་སྐོང་བ། གསུམ་པ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལྟ་བུ། གླེང་གཞི་དང་ལྷ་ལ་སོགས་པ་འདྲ་ལ་མི་འདྲ་སྟོན་པ། འདི་ཨཱརྻ་དེ་བས་བཤད་རྒྱུད་དུ་གསུངས་སོ། །བཞི་པ་ནི། རྒྱུད་ཕྱི་མ་ལྟ་བུ་རྩ་རྒྱུད་ཀྱི་ལེའུ་བཅུ་བདུན་པོ་བསྙེན་སྒྲུབ་ཡན་ལག་བཞིར་བསྡུས་ནས་སྟོན་པ། འདི་ཐ་ག་བས་བཤད་རྒྱུད་དུ་བཤད། ལྔ་པ་ནི། རྣམ་སྣང་སྒྱུ་དྲ་ལྟ་བུ་སྔགས་དང་ལས་ཚོགས་ཆ་མཐུན་པ་སྟོན་པ། དྲུག་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལྟ་བུ་ཚིག་དོན་རྒྱན་བདུན་གྱི་བཤད་ཚུལ་སྟོན་པ། འདི་ཨཱརྻ་དེ་བས་བཤད་རྒྱུད་དུ་བཤད། བདུན་པ་ནི། དགོངས་པ་ལུང་སྟོན་ལྟ་བུ་དགོངས་པའི་དོན་གསལ་བར་བྱེད་པ། རྡོ་རྗེ་འཕྲེང་བའི་འགྲེལ་པར་རྩ་རྒྱུད་བཤད་རྒྱུད། ཡན་ལག་གི་རྒྱུད་གསུམ་དུ་གསུང་ལ། སྒྲ་བསྒྱུར་ཆེན་པོས་རྩ་བཤད་མན་ངག་གི་རྒྱུད་གསུམ་དུ་ཕྱེ། ཕྱི་མ་བཀའ་ཡང་དག་པའི་ཚད་མའོ། །གླེང་གཞི་སྤྱི་དོན་དུ་བཤད་པ་ལྷའི་དབང་པོས་ཞུས་པ་དང་། སྔགས་ཀྱི་དེ་ཉིད་འཆད་པ་གཉིས་མེད་རྣམ་རྒྱལ་ཞེས་ཀྱང་གསུངས་སོ། །རྩ་བའི་རྒྱུད་ཀྱི་འགྲེལ་པ་ཟླ་བས་སྒྲོན་གསལ་དང་། ཀླུ་སྒྲུབ་ཆུང་བས་མཛད་པ་གཉིས་དང་པོ་དེ་ལ་ཡང་རྒྱ་ཆེར་བཤད་པ་དང་དཀའ་འགྲེལ་གཉིས་ལེགས་ལྡན་འབྱེད་ཕྱི་མས་མཛད་པ། དེའི་ལེའུ་དང་པོའི་འགྲེལ་པ་བྲམ་ཟེའི་འཕགས་པ་ལྷས་མཛད་པ། དེ་མདོར་བཤད་སྙིང་པོའི་མེ་ལོང་ཀུ་མཱ་རས་མཛད་པ། དེའི་རྒྱན་བདུན་རྣམ་པར་འགྲོལ་བ་ཤྲདྡྷཱ་ཀ་རས་མཛད་པ། རྒྱུད་ཕྱི་མའི་འགྲེལ་པ་སྙན་གྲགས་བཟང་པོ་སྟེ་ནཱ་རོ་ཞབས་ཀྱིས་མཛད་པ། བུ་སྟོན་གྱིས་འདི་དེས་མཛད་མ་མཛད་ཐེ་ཚོམ་གྱི་གཞིར་གསུངས་ཀྱང་། ཕྱིས་དཔལ་ནགས་ཀྱི་རིན་ཆེན་གྱིས་དེས་མཛད་པ་རྩོད་པ་མེད་པར་བཞེད་པ་ལེགས་སོ། །རྡོ་རྗེ་འཕྲེང་བར་འགྲེལ་ཆེན་སོགས་འགྲེལ་པར་གཏོགས་པ་བཅུ་གཉིས། མདོར་བྱས་མདོ་སྡེ་བྱང་ཆུབ་སེམས་འགྲེལ་རིམ་པ་གཉིས། རྡོ་རྗེའི་བཟླས་པ་སྒྱུ་ལུས་མངོན་བྱང་ཟུང་འཇུག་སྟེ་རིམ་པ་བཞི། །ཨཱརྻ་དེ་བས་སྤྱོད་བསྡུས། སེམས་ཀྱི་སྒྲིབ་སྦྱོང་། བདག་བྱིན་བརླབ། རོ་སྲེག ཀླུའི་བློ་འམ་ཀླུའི་བྱང་ཆུབ་ཀྱིས་རྣམ་དག་རིམ་པ་ཆོ་ག་ཉི་ཤུ་པ་ལས་ཀྱི་མཐའི་རྣམ་འབྱེད། རིམ་ལྔ་ཁོངས་སུ་བསྡུ་བ། ཤཱཀྱ་བཤེས་གཉེན་གྱི་རིམ་པ་གཉིས་པ། ཟླ་བ་གྲགས་པས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ནཱ་རོ་ཞབས་ཀྱིས་རིམ་ལྔ་བསྡུས་པ་གསལ་བ། སློབ་དཔོན་དེ་དག་དངོས་ཀྱི་དང་ཁ་གཡས་བྱས་པའི་ཆོས་ཚན་བསྡོམས་པ་བསྟན་འགྱུར་དཀར་ཆག་ཏུ་བཞི་བཅུ་རྩ་གཉིས། ཡེ་ཤེས་ཞབས་ལུགས་ལ་འགྲེལ་པ་དགུ། སྒྲུབ་སྐོར་ལྔ་བཅུ་རྩ་གཅིག རྡོ་རྗེ་བཞད་པའི་ལུགས་ཀྱི་འགྲེལ་པ་གཉིས། སྒྲུབ་སྐོར་གསུམ། བཟང་པོ་ཞབས་དང་། སྨྲྀ་ཏི་ལུགས་ཀྱི་འགྲེལ་པ་གསུམ། སློབ་དཔོན་ཀུན་སྙིང་གིས་མཛད་པའི་དཀའ་འགྲེལ་ཚད་ལྡན་དང་། འགྲེལ་ཆེན་བུ་སྟོན་གྱི་ཁ་གཡར་དུ་བཤད་པ། སློབ་དཔོན་འདིས་གསང་འདུས་རྒྱུད་སྡེ་བཞིར་ཕྱེ་བའི་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་ལོ། །ཡོངས་སུ་དྲིལ་བས་ཆོས་ཚན་བརྒྱ་དང་ཉེར་གསུམ་ཙམ་བུ་སྟོན་གྱིས་དཀར་ཆག་ཏུ་བྲིས་མོད། སྙན་རྒྱུད་ཀྱི་གདམས་ངག་འདིར་མ་འཐུས་པ་ཡང་མང་ལ། ལྷག་པར་གྲུབ་པ་སྡེ་བདུན་ཡང་འདིའི་མན་ངག་ཏུ་བླ་མ་བཞེད་དོ། །བོད་དུ་རྗེ་བཙུན་མར་འགོས་ཀྱིས་སྟོང་ཐུན་སོགས་ཡིག་རིགས་མང་ངོ་། །གསུམ་པ་ལ། རྒྱུའི་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ་ལས། དང་པོ་ནི། རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོག་པ་ཡིས་རབ་ཕྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བརྗོད། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་ལ། འདི་ལ་ནཱ་རོ་ཞབས་ཀྱིས། རྒྱུའི་རྒྱུད་སྒྲུབ་པ་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་རང་བཞིན་དང་། ཐབས་ཀྱི་རྒྱུད་བསྙེན་སྒྲུབ་ཡན་ལག་བཞི་དང་། འབྲས་བུའི་རྒྱུད་མི་གནས་པའི་མྱ་ངན་ལས་འདས་པ་རྡོ་རྗེ་འཆང་ཟུང་འཇུག་གི་སྐུ་གང་ཡིན་པ་གཞན་གྱི་འཕྲོག་པར་མི་ནུས་པ་ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དེ་ཉིད་རྣམ་པར་དབྱེ་བ་མེད་པས་དེ་མཐོང་བའི་ཡུལ་ཅན་གཅིག་ཡིན། དེས་ཐེག་པ་གཅིག་ཏུ་ངེས་པར་འབྱུང་བ་ཡིན་ནོ། །ཞེས་སྟོན་བཞེད་ནས་རིན་པོ་ཆེ་ལྟ་བུའི་གང་ཟག་སྨོས་ཏེ་དེ་རྣལ་འབྱོར་གྱི་རྒྱུད་འདིར་རིགས་ངེས་པ་ལ་འཇོག་པས་སོ། །དེ་ཡང་། ཨེ་མའོ་འཁོར་བ་དག་གི་རྒྱུན། །ཨེ་མའོ་མཆོག་ཏུ་མྱ་ངན་འདས། །ཞེས་པའི་འགྲེལ་པར་ནཱ་རོ་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་རྒྱུན་རིགས་གསུམ་ཏུ་མཆོག་ཏུ་མྱ་ངན་ལས་འདས་པ་ངོ་མཚར་བའོ་ཞེས་གསུངས་ཤིང་། མཚན་བརྗོད་ལས་ཀྱང་། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས་སོ། །དེས་གང་ཟག་ལ་ལྔར་ཕྱེ་དུས་ཀྱི་རིན་པོ་ཆེའི་གང་ཟག་ཁོ་ན་ལ་གཟུང་བ་མ་ཡིན་ནོ། །ཞེས་ཤེས་པར་འགྱུར་རོ། །དེའི་ལུས་ཀྱི་ཆོས་ནི་རྩ། ངག་གི་ཆོས་ནི་རླུང་། ཡིད་ཀྱི་ཆོས་ནི་ཐིག་ལེ་ཡིན་པས་ལུས་དངོས་པོའི་གནས་ལུགས་བཤད་ཅིང་དེ་གསུམ། རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །ཞེས་གསུངས་པས་ཤེས་པར་བྱ་སྟེ་རྣམ་པར་གཞག་པ་འདི་ནི་བསྲེ་འཕོའི་འགྲེལ་པར་རྒྱུད་འདིའི་དགོངས་པ་བཞིན་རྒྱས་པར་བསྟན་ཟིན་པའི་ཕྱིར་རོ། །གང་ཟག་དེའི་ལུས་སོགས་གསུམ་གྱི་ཆོས་ཉིད་ནི་སེམས་དངོས་པོའི་གནས་ལུགས་ཏེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ཡང་སྐུ་ཕྱག་རྒྱ་ཆེན་པོ། གསུང་ཕྱག་རྒྱ་ཆེན་པོ། ཐུགས་ཕྱག་རྒྱ་ཆེན་པོ་ཞེས་རྣམ་པར་འཇོག་ལ་བཞག་པ་ལྟར་ཐམས་ཅད་དུ་མི་དབྱེ་ཞིང་མིང་གི་ཆོས་ཐ་དད་དུ་རུང་བ་དེའོ། །དེ་ཡང་། ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །སྐུ་གསུང་ཐུགས་ཀྱི་ངེས་པ་དག །རྡོ་རྗེ་གསུམ་གྱི་ཀུན་ཏུ་ནི། །རྡོ་རྗེ་གསུམ་དུ་ཀུན་ཏུ་བཞུགས། །སེམས་ཅན་ཐམས་ཅད་དུས་གསུམ་གྱི། །རྡོ་རྗེའི་ངོ་བོར་ཡང་དག་བྱུང་། །ཞེས་པའི་འགྲེལ་པར། ཨེ་མའོ་ཞེས་པ་ནི་གསང་བ་འདུས་པའི་རྩ་རྒྱུད་བཤད་པ་ལ་ངོ་མཚར་དུ་གྱུར་པའོ། །གང་ལ་ངོ་མཚར་ན། ཀུན་ཏུ་བཟང་པོ་ཞེས་བྱ་བའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་རྡོ་རྗེ་འཆང་ཆེན་པོ་ལ་ཞེས་བྱ་སྟེ། དེའི་སྐུ་དང་གསུང་དང་ཐུགས་དང་ནི། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པའོ། །དེ་གསུམ་ངེས་པའི་རྡོ་རྗེ་གསུམ་གྱི་ཤེས་པ་ནི། དེ་གསུམ་གྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ལ་ཀུན་ཏུ་བཞུགས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉམ་པ་ཉིད་སྒྱུ་མ་ལྟ་བུ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་པ་ལ་བྱའོ། །སེམས་ཅན་ཐམས་ཅད་དུས་གསུམ་གྱི། །རྡོ་རྗེའི་ངོ་བོར་ཡང་དག་བྱུང་། །ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་རྣམ་པར་སྣང་མཛད་རྟེན་བརྟེན་པ་ཉིད་དུ་རྫོགས་པ་དང་མ་རྫོགས་པའི་ལུས་ངག་དབྱེར་མེད་པ་བསྟན་པ་དང་། དེ་བཞིན་དུ་ཁམས་གསུམ་པའི་ངག་དང་ཡིད་གང་ཡིན་པ་དེ་ནི་སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་དང་གཅིག་པར་བསྟན་ཏོ་ཞེས་འབྱུང་བས་སོ། །འདི་ནི་གཉུག་མ་དོན་གྱི་རྩ་རླུང་ཐིག་ལེར་བཞག་པ། དེ་གསུམ་གཉིས་སུ་མི་ཕྱེད་པ་རོ་མཉམ་ཕྱག་རྒྱ་ཆེན་པོ། དེ་ཡང་གང་གིས་གཏན་ལ་འབེབས་ནས། རྩ་བའི་རྒྱུད་ལས་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་ལ། དེ་སློབ་དཔོན་གྱི་སེམས་འགྲེལ་དུ། དངོས་པོ་ཐམས་ཅད་བྲལ་བས་མུ་སྟེགས་དང་། ཕུང་ཁམས་སྐྱེ་མཆེད་དང་བྲལ་བས་ཉན་ཐོས། གཟུང་བ་འཛིན་པ་རྣམ་པར་སྤངས་པས་སེམས་ཙམ་གྱི་ལྟ་བ་སུན་ཕྱུང་ནས་ལྷག་མས་དབུ་མ་རང་ལུགས་བསྟན། དེས་རང་གི་སེམས་ཇི་ལྟ་བར་རིག་པ་དེ་ལ་བྱང་ཆུབ་ཅེས་གསུངས་ཏེ་འདིས་ལྷན་ཅིག་སྐྱེས་སྦྱོར་ལ་རྣལ་འབྱོར་བཞིར་ཕྱེའོ། །དེ་ཡང་རྩ་བའི་རྒྱུད་ལས། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་དེ་དག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུར་སྦྱར་ནས་ཞེས་པའི་སྒྲོན་གསལ་དུ། སྐུ་དང་ཞེས་པ་ལ་སོགས་པ་ལ། དེ་ལྟར་བསྐྱེད་པའི་སྐུ་དང་གསུང་དང་ཐུགས་རྣམས་ནི་ནམ་མཁའ་ལྟ་བུར་ཞེས་པ་ནམ་མཁའི་ངོ་བོ་ཉིད་དུ་འོད་གསལ་བར་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ནས་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྐྱེད་པར་བྱ་སྟེ། ཞེས་གསུངས་ལ། སྦྱར་བའི་དོན་ཡང་། དེར་སྐྱེ་བ་མེད་པ་ནི་དོན་དམ་པའི་བདེན་པའོ། །དེར་ཡིད་ཀྱི་རང་བཞིན་གྱི་ལུས་འཇུག་པ་ནི་སྐྱེ་བ་མེད་པར་སྦྱོར་བ་སྟེ། ཞེས་གསུངས་པ་འདི་ལ་དགོངས་ནས། ཟླ་འོད་གཞོན་ནུས། ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་ཤན་འབྱེད་པར་མཛད་དོ། །དེ་བས་ལམ་འདི་ནི་ལྷན་ཅིག་སྐྱེས་གྲུབ་ཅེས་བྱ་བའི་མངོན་པར་རྟོགས་པ་ཡིན་ཞིང་། གཞུང་དེ་ནི་གསང་བ་འདུས་པའི་མན་ངག་ཏུ་ཨུ་རྒྱན་གྱི་ཡུལ་དུ་རླུང་ལྟར་དུ་གྲགས་སོ། །གཉིས་པ་ལ། ངོ་བོ་དང་རྣམ་པར་དབྱེ་བ་གཉིས་ཀྱི་དང་པོ་ནི། གང་ལ་བརྟེན་པར་བྱ་བས་སམ། གང་གིས་ཆགས་སོགས་ཉོན་མོངས་པ་ཟློག་པར་བྱེད་པས་སམ། གང་ནས་བགྲོད་དགོས་པ་ལམ། དེ་ཡང་ཤེས་རབ་དང་ཏིང་ངེ་འཛིན་གྱི་བདག་ཉིད་ཀྱི་རིམ་པས་སོ། །དེ་ཡང་། ཤེས་རབ་ནི་སྨིན་པ་དང་གྲོལ་བ་རབ་ཏུ་ཤེས་པ་ཡིན་ལ། ཏིང་ངེ་འཛིན་ནི་ཤེས་རབ་གྱིས་རབ་ཏུ་ཕྱེ་བ་དེ་ལ་སེམས་རྩེ་གཅིག་པའོ། །དེ་བས་ན་དེ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པས་གཞི་རྒྱུད་ཅེས་བཞག་ཅིང་། རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པའི་ཐབས་ཡིན་པས་ཐབས་རྒྱུད་ཅེས་ཀྱང་བྱའོ། །གཉིས་པ་རྣམ་པར་དབྱེ་བ་ལ་སྨིན་བྱེད་དང་གྲོལ་བྱེད་གཉིས། དང་པོ་ལ། ངོ་བོ། དབྱེ་བ་གཉིས་ལས། དང་པོ་ནི། རྒྱུད་རྡོ་རྗེ་ཐེག་པའི་འོས་སུ་བྱེད་པའོ། །རྡོ་རྗེ་ཐེག་པ་ཞེས་པ་ཡང་། དེས་ན་སངས་རྒྱས་རྣམས་ཀྱིས་ཐབས། །རྡོ་རྗེའི་ཐེག་པ་ཞེས་བཤད་དོ། །ཞེས་པའི་ངེས་དོན་ནི་གཟུགས་ནི་གཏི་མུག་ཅེས་བྱར་བཤད། ཅེས་གཏི་མུག་རྣམ་པར་སྣང་མཛད་དུ་བཤད་པ་སོགས་ལ་བསྙེག་ལ། དེ་རྣམས་ནི་སངས་རྒྱས་ཀྱི་ཐབས་རྡོ་རྗེ་ཐེག་པ་སྟེ། གཉིས་སུ་མེད་པའི་ཐེག་པ་ཞེས་བྱའོ། །སྒྲོན་གསལ་ལས། འདོད་ཆགས་དང་ཞེ་སྡང་གཏི་མུག་ཆེན་པོ་སྦྱོང་བར་བྱེད་པ་ནི་རྡོ་རྗེ་ཐེག་པ་སྟེ་དེ་རབ་ཏུ་གསལ་བར་སྟོན་པས། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པ་རབ་སྟོན་པའོ། །ཞེས་གསུངས་སོ། །ཞེས་སོ། །འོས་སུ་བྱེད་པ་ནི་མི་ཤེས་པའི་དྲི་མ་འཁྲུད་པ་དང་། ས་བོན་བསྐྱེད་པ་གཉིས་ཀྱིས་ཏེ། ཕྱི་མ་ནི་སྔར་བཤད་པའི་རིགས་དེ་ཁྱད་པར་ཅན་དུ་བསྒྱུར་བ་ཞེས་བྱ་ལ། ས་བོན་སྔར་མེད་པ་ཕྱིས་བླུགས་པ་ལྟ་བུ་ནི་མིན་ཏེ། སྒྲོན་གསལ་དུ། རྟོག་པའི་དྲི་མ་ཐམས་ཅད་འཁྲུ་བས་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར་བྱང་ཆུབ་སྟེ་དབང་བསྐུར་བའོ་ཞེས་སོ། །དོན་རིགས་སད་པར་བྱེད་པའོ། །གཉིས་པ་ལ། གང་གིས་གང་ལ་བསྐུར་བའི་དཔོན་སློབ། གང་དུ་བསྐུར་བའི་དཀྱིལ་འཁོར། གང་བསྐུར་བའི་དབང་། གང་གི་གྲོགས་དམ་ཚིག་དང་སྡོམ་པ་རྣམས་པར་བཞག་པ་ལས། དང་པོ་ནི། ཀླུའི་བྱང་ཆུབ་ཀྱིས་དེ་བཞིན་གཤེགས་པས་རྡོ་རྗེ་ཡི། །ཐེག་པར་སློབ་དཔོན་རྣམ་གཉིས་གསུངས། །གཅིག་ནི་གསང་སྔགས་གཙོར་བྱེད་འགྱུར། །གཅིག་ནི་བསམ་གཏན་ལ་གཞོལ་པ། །ཞེས་གསུངས་པ་དེ་ནི་བསྐུར་བ་པོའོ། །དེས། ཁ་ཅིག་གྲུབ་པ་བརྒྱད་འདོད་པས། །དཀྱིལ་འཁོར་འདི་ལ་འཇུག་པར་འགྱུར། །དེ་བཞིན་བདེན་མཐོང་དེ་བཞིན་དུ། །དཔའ་བོ་སྔགས་པས་མངགས་པ་སྟེ། །དེ་དག་སྦྱོར་བས་བླ་མ་ཡི། །རིགས་ནས་ཞེས་གསུངས་པས། གྲུབ་པ་བརྒྱད་ཙམ་དང་། བདེན་པ་མཐོང་བ་དང་། རྡོ་རྗེའི་ཐེག་པ་ལ་མོས་པས་སྤྱོད་པའི་ས་པར་འགྱུར་པའི་སློབ་མ་གསུམ་བཤད་ལ། དེ་ཉིན་མན་ངག་ལས་རིམ་སྐྱེས་ཐོད་རྒལ་ཅིག་ཅར་གསུམ་དུ་དབྱེ་བ་དང་རྒྱུད་ནས་གང་ཟག་ལྔར་དབྱེ་བ་དག་གོ །གཉིས་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །རི་མོའི་དཀྱིལ་འཁོར་བརྟགས་པར་བྱ། །ཞེས་པས་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དང་། གསུང་རྡོ་རྗེ་སྣང་བ་མཐའ་ཡས་དང་། ཐུགས་རྡོ་རྗེ་མི་བསྐྱོད་པ་བདག་པོར་གྱུར་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་སྒྲོན་གསལ་ལས། དཀྱིལ་ནི་སྙིང་པོ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པས་དཀྱིལ་འཁོར་ཏེ་དྲང་བོའི་དོན་ནོ། །དཀྱིལ་ནི་སྙིང་པོ་སྟེ་དོན་དམ་པའི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པའི་དཀྱིལ་འཁོར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱི་བཤད་པའི་རྒྱུད་དུ། ཡན་ལག་ཀུན་བསྒོམས་ལས་འདས་ཤིང་། །རྟོག་དང་རྟོག་མེད་རྣམ་པར་སྤངས། །གུག་ཀྱེད་དཀྱིལ་འཁོར་ལས་འདས་པ། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་གསུངས་ཏེ་ངེས་པའི་དོན་ཏོ། །ཞེས་སོ། ཀླུའི་བློས། བླ་མ་མཁས་པ་ཡིས། །སློབ་མའི་དོན་དུ་གྲུབ་བྱའི་ཕྱིར། །འཁོར་ལོ་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་ས་བོན་དེ་བཞིན་དུ། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་རྡོ་དང་ཕྱེ་མ་སྟེ། །ཞེས་གསུངས་ལ། གང་ཟག་དེ་ལ་དེ་དཀྱིལ་འཁོར་དུ་འགྱུར་བ་ཡང་དེ་ཉིད་ཀྱིས། གསང་སྔགས་སྒྲར་གནས་རྣལ་འབྱོར་པ། །ལྷ་ལ་དམིགས་པ་ལྷུར་ལེན་པས། །དེ་ལས་མཚན་མ་རྙེད་འགྱུར་ཏེ། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །ཞེས་སློབ་དཔོན་དང་པོ་དང་སློབ་མ་དང་པོ་ལ་དཀྱིལ་འཁོར་གྱི་རྣམ་བཞག་འདི་གསུངས་སོ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་པ། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། ཡིད་ཀྱི་དཀྱིལ་འཁོར་གཉིས་སུ་ཕྱེ་བ། གང་ཟག་དེ་ལ་དེ་དཀྱིལ་འཁོར་དུ་འགྱུར་བ་དེ་ཉིད་ཀྱིས། གསང་སྔགས་ཚུལ་གནས་རྣལ་འབྱོར་པ། །གཉིས་མེད་ཡེ་ཤེས་སྦྱོར་ལྡན་པས། །སྒྱུ་མ་ལྟ་བུའི་ལུས་ཀྱིས་ནི། །འཁོར་ལོ་སྒྱུ་མ་ལྟ་བུར་བྲི། །ཞེས་གསུངས་ལ། སློབ་དཔོན་ཕྱི་མ་དང་སློབ་མ་ཕྱི་མ་གཉིས་ལ་དཀྱིལ་འཁོར་གྱི་རྣམ་པར་བཞག་པ་འདི་བསྟན་པས་དིང་སང་གང་ཟག་རབ་འབྲིང་ཐ་མ་ཐམས་ཅད་རྡུལ་ཚོན་དུ་དབང་བསྐུར་དགོས་སོ་ཞེས་སྨྲ་བ་དག་འདིས་ཀྱང་འཐད་པར་མ་མཐོང་ངོ་། །དེ་བས་དབང་པོ་དམན་པ་རིམ་སྐྱེས་པ་ལ་རྡུལ་ཚོན། འབྲིང་ཐོད་རྒལ་བ་ལ་ཡིད། རབ་ཅིག་ཅར་བ་ལ་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་བཤད་ཅིང་། དང་པོ་འང་རིན་ཆེན་ས་བོན་ཞེས་པ། རིན་པོ་ཆེ་ལྔ། མེ་ཏོག ཚོན་ཕྱེ་མ། རྡོ། འབྲས་ལ་སོགས་པའི་ཕྱེ་མས་བྱས་པ་ལྔ། དེར་ཕྱག་རྒྱ་འགོད་པ་ནི་སྒྲོན་གསལ་ལས། ཡི་གེ་ཧཱུཾ་ལ་སོགས་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ལ་སོགས་པ་མཚན་མའི་ཕྱག་རྒྱའོ། །མི་བསྐྱོད་པ་ལ་སོགས་པ་ལྷའི་འཁོར་ལོ་ནི་ཕྱག་རྒྱ་ཆེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སོགས་པ་ལ་ལྟོས་ནས་ཕྱག་རྒྱ་གསུམ་པོ་འདི་དག་ཀྱང་འགོད་པར་བྱའོ། །ཞེས་གསུངས་སོ། །དེ་ནི་བཏགས་པའི་དཀྱིལ་འཁོར་དང་། །བྷ་གའི་དཀྱིལ་འཁོར་ཞེས་བྱ་དང་། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། །དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་རྣམ་པར་གསུམ་དུ་བཏགས། །ཞེས་པའི་དང་པོ་ནི་རྩ་བའི་རྒྱུད་ལས། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་བྷ་ག་ལ་རྡུལ་དང་བྲལ་བའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ནི། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱི་ཀུན་ཏུ་མཚན། །སངས་རྒྱས་སྤྲིན་གྱི་ཀུན་ཏུ་ཁྱབ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གཞི། །ཞེས་གསུངས། གཉིས་པ་ནི། དགོངས་པ་ལུང་སྟོན་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བཤད་དེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །བཏགས་པ་དག་ནི་ཞི་གནས་བྱ། །འདི་དག་དངོས་པོ་མེད་འགྱུར་བའོ། །དེ་བཞིན་ཉིད་ནི་ཞི་མིང་ཅན། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པས་ནི་སངས་རྒྱས་གཞུག །ཅེས་བཤད་དོ། །ལུས་ཀྱི་དཀྱིལ་འཁོར་ནི། ཚངས་པའི་ཐིག་ནས་ཡང་དག་བརྩམ། །གྲུ་བཞི་པ་རུ་རྣམ་པར་ཕྱེ། །གཞལ་ཡས་ཁང་ལྟར་སྣང་བ་ཡི། །རྣལ་འབྱོར་པ་ཡི་སྐུའི་དཀྱིལ་འཁོར། །ཞེས་རྡོ་རྗེ་འཕྲེང་བ་སོགས་ནས་རྒྱས་པར་བཤད་ལ། ཕྱག་རྒྱ་འགོད་པ་ནི། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །ཕྱག་རྒྱ་ཐམས་ཅད་རྒྱས་བཏབ་པོ། །དེ་ནི་རྟག་པར་རྒྱ་འགོད་པ། །དཀྱིལ་འཁོར་ཞེས་ནི་བསྟན་པ་ཡིན། །ཞེས་པས་ཕུང་སོགས་ལ་ལྷ་འགོད་པ་དེ་ཉིད་ཕྱག་རྒྱ་འགོད་པའོ། །བྷ་ག་དང་ལུས་ནི་ཡིད་ཀྱི་དཀྱིལ་འཁོར་དུ་འདུའོ། །གསུམ་པ་ནི། དབང་བསྐུར་དབྱེ་བ་རྣམ་པར་གསུམ། །རྒྱུད་འདི་ལ་ནི་རབ་ཏུ་བརྟག །བུམ་པའི་དབང་བསྐུར་དང་པོ་སྟེ། །གཉིས་པ་གསང་བའི་དབང་བསྐུར་བ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ཡང་བཞི་པ་དེ་བཞིན་ནོ། །ལུས་ཀྱི་དྲི་མ་འཁྲུད་ཅིང་སྐུ་རྡོ་རྗེའི་ས་བོན་ཁྱད་པར་ཅན་དུ་བྱེད་པའི་ཕྱིར་བུམ་པའི་དབང་བསྐུར་ཏེ། བུམ་པའི་ཆུས་འཁྲུད་པ་སོགས་ཀྱི་དབང་བསྐུར་བས་སམ། རིགས་ལྔ་རྡོ་རྗེ་འཆང་དང་དྲུག་གི་བདག་ཉིད་ཀྱི་ཕྱིར་མི་ལྡོག་པར་བྱས་པས་ཕྱིར་མི་ལྡོག་པར་དང་། དེ་ཙམ་གྱིས་ཚོགས་པ་ལ་བཤད་པའི་སློབ་དཔོན་དུ་འོས་པར་བསྒྲུབ་པ་སློབ་དཔོན་གྱི་དབང་ཞེས་ཀྱང་བྱའོ། །དང་པོར་སྨིན་པར་བྱེད་པ་ནི་སྔར་མི་དབང་བ་ད་དབང་བ་དབུལ་པོའི་སྒྱེད་བུ་གསེར་དུ་ངོ་འཕྲོད་པ་ལྟ་བུའོ། །ཕྱི་ནས་ནི་དབང་བ་ལ་དབང་བྱེད་པ་འཁོར་ལོས་བསྒྱུར་བ་གླིང་བཞི་ལ་ལུང་གཏོང་བ་ལྟ་བུའོ། །དེ་ཡང་ཀླུའི་བློས་ཆོ་ག་ཉི་ཤུས་འགྲུབ་པར་བཤད་དེ། དང་པོར་ས་ནི་སྦྱང་བ་དང་། །དེ་ནས་ས་ཡོངས་འཛིན་པ་དང་། །ཕྱི་ནས་བགེགས་ནི་ཉེར་ཞི་དང་། །ཐོད་ལེ་ཀོར་གྱིས་ཐིག་གདབ་དང་། །དེ་ནས་ས་ལྷ་སོགས་ལྷག་པར། །གནས་དང་དེ་ནས་གསོལ་གདབ་དང་། །ཕྱི་ནས་སློབ་མ་ལྷག་གནས་དང་། །ནམ་མཁའ་ཐིག་ནི་གདབ་པ་དང་། །ཚོན་སྣ་ལྔ་ཡི་ཆོ་ག་དང་། །ཚོན་རྩི་རྣམས་ནི་བཀྱེ་བ་དང་། །ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །དེ་ནས་སློབ་མ་གཞུག་པ་དང་། །ཁྲུས་གྱི་དཀྱིལ་འཁོར་ཆོ་ག་དང་། །དེ་ནས་སངས་རྒྱས་དབང་བསྐུར་དང་། །དེ་ནས་ཕྱག་མཚན་དབང་བསྐུར་དང་། །བླ་མ་ལྷ་དང་ཡོན་གཉིས་དང་། །རྗེས་སུ་གནང་བ་བྱིན་པ་དང་། །དེ་ནས་གཤེགས་གསོལ་ཆོ་ག་དང་། །དཀྱིལ་འཁོར་ལས་ཆེད་གྱུར་པ་དང་། །སྐུད་པ་སྐུ་བ་ཉིད་དང་ནི། །རབ་བཤད་ཆོ་ག་ཉི་ཤུ་ཡིས། །ཞེས་གསུངས་ལ། འགོས་ཀྱིས། མཚན་མ་གྲངས་སོགས་བསྙེན་པ་དང་། །ས་ཆོག་སྟ་གོན་ཐིག་ཚོན་དང་། །བསྒྲུབ་དང་བདག་ཉིད་འཇུག་པ་ལྔས། །སློབ་དཔོན་ལས་ཀྱི་ཆོ་གའོ། །དཀྱིལ་འཁོར་འཇུག་དང་དེ་བསྟན་དང་། །དབང་བསྐུར་ཕྱག་རྒྱ་སྔགས་སྦྱིན་དང་། །དམ་ཚིག་སྡོམ་པ་བསྟན་པ་ལྔས། །གཞུག་ཅིང་དབང་བསྐུར་དང་གསུམ་ཡིན། །ཞེས་འབྱུང་ལ། རྗེ་བཙུན་མར་ལུགས་སུ། སློབ་དཔོན་གྱི་མཚན་ཉིད། །སློབ་དཔོན་གྱི་ལས། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་ལྷ་ངོ་བསྟན་པ། དབང་བསྐུར་བ་དང་བཞིར་བཞེད་པ་དང་། བུམ་དབང་བསྐུར་བ་ལ། འཕགས་པས། །འཕྲེང་བ་དང་ཆུ་དང་རྫོགས་པའི་སངས་རྒྱས་དང་། རྡོ་རྗེ་དང་དྲིལ་བུ་སྦྱིན་པ་དང་། མེ་ལོང་དང་། མིང་དང་། སློབ་དཔོན་དང་། རྗེས་སུ་གནང་བ་སྟེ་ཆིངས་དགུར་མཛད་པའོ། །སློབ་དཔོན་གྱི་དབང་ཞེས་པ་ཕྱག་མཚན་ལ་ཀླུའི་བློས་མཛད་ལ། སྒྲ་གཅན་འཛིན་དཔལ་བཤེས་གཉེན་སྤྱི་མཐུན་ཐུན་མོང་གི་དམ་ཚིག་གསུམ་སྦྱིན་པ་ལ་མཛད། བརཏལ་ཞུགས་ལུང་བསྟན་དབུགས་དབྱུང་རྗེས་གནང་མཐའ་བརྟེན་དུ་མཛད་པ་ལྟར་ནཱ་རོ་པས་ཀྱང་གསུངས་ལ། ཁོ་བོས་ནི་ཆོ་ག་ཀླུའི་རྗེས་སུ་འབྲང་ནས་བཤད་དོ། །རྗེ་བཙུན་ནཱ་རོ་པའི་གསུང་བཞིན་དབང་ལྔ་རིགས་ལྔའི་དག་པ་དང་སྦྱར་རོ། །རྗེ་བཙུན་ཏིལ་བརྡུང་ཞབས་ཀླུའི་བློའི་དྲིན་ལས་ཕ་རྒྱུད་ཀྱི་བཀའ་བབས་པས་ལུགས་འདི་རང་ལུགས་གཙོ་བོར་ནཱ་རོ་ཉིད་ཀྱང་བཞེད་དོ། །དེ་ལྟར་དབང་གི་བསྐྱེད་པའི་རིམ་པ་དང་། །གྲུབ་པ་བརྒྱད། ལས་ཐམས་ཅད་དང་། ལུས་དབེན་ངག་དབེན་སེམས་དབེན་གསུམ་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་ནི། །གསང་བ་བྱང་ཆུབ་ཀྱི་སེམས་སྟེར་བ་དང་ངག་གི་དྲི་མ་འཁྲུད་ཅིང་གསུང་རྡོ་རྗེའི་ས་བོན་ཁྱད་པར་ཅན་དུ་བྱེད་པས་གསང་དབང་། དེ་ཡང་རིམ་སྐྱེས་པ་གཙོ་བོར་དེ་ནས་སྒྱུ་ལུས་ལ་འཇུག་པའི་ཕྱིར་གསང་བའི་དབང་བསྐུར་ཏེ། སྤྲོས་པ་བཅས་པ་འམ་སྤྲོས་པ་མེད་པའི་སྤྱོད་པར་བཤད་པ་བཞིན་ཚོགས་ཀྱི་དཀྱིལ་འཁོར་བརྩམས་ནས། དེར་སློབ་མ་ལ་གསང་བ་དང་མཆོག་ཏུ་གསང་བའི་དབང་གཉིས་སྦྱིན་སྒྱུ་ལུས་ཀྱི་སྣོད་དུ་བྱའོ། །གསུམ་པ་ནི། དེ་ནས་བདག་བྱིན་གྱིས་རློབས། སླར་ཚོགས་ཀྱི་དཀྱིལ་འཁོར་དེ་ལྟ་བུར་སློབ་མ་ལ་ཕྱག་རྒྱ་གཏད་དྲི་བ་དྲི་ལན་གྱི་མཐར་སྙོམས་པར་ཞུགས་པར་འཛག་པའི་བདེ་བ་དབང་གསུམ་པ་ཡིན་ལ། ཤེས་རབ་ལས་སྐྱེས་པའི་ཡེ་ཤེས་ཡིན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་། །ཡིད་ཀྱི་དྲི་མ་འཁྲུད་ཅིང་ཐུགས་རྡོ་རྗེ་ས་བོན་ཁྱད་པར་ཅན་དུ་བྱེད་པའོ། །དེ་ནས་ནང་གི་མངོན་བྱང་བསྟན་པས་དབང་བཞི་པ་སྦྱིན་པ་ནས། །མངོན་པར་བྱང་ཆུབ་པ་དང་ཟུང་འཇུག་བསྟན་ཏེ་རིམ་པ་ལྔ་ལེགས་པར་ཤེས་ནས་བཤད་པ་རྣམ་པ་གཉིས་བྱའོ། །དེ་ལྟར་ཡང་ཟླ་གསང་ཐིག་ལེ་ལས། རྡོ་རྗེ་པདྨོ་ལས་དྲངས་པ། །སྦོམ་པོ་དང་ནི་དབང་གི་སླ། །རྡོ་རྗེ་རྐན་དུ་བཞག་བྱ་སྟེ། །རྟག་པས་དགའ་བ་བདེ་བ་ཆེ། །ཀྱེ་མ་དམ་ཚིག་འདི་བརྗོད་ཅིང་། །ཀྱེ་མ་རྡོ་རྗེ་བླང་བར་བྱ། །དེ་ནི་གསང་བ་ཞེས་བྱ་སྟེ། །དབང་བསྐུར་བ་ཡི་ཐབས་མཆོག་གོ །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །རང་གི་ཁར་ནི་རྡོ་རྗེ་བཞག །སེམས་དཔའ་ཆེན་པོ་དྲངས་བྱས་ནས། །སེམས་ཀྱི་བྱང་ཆུབ་བདེ་བ་ཐོབ། །འདི་ནི་མཆོག་ཏུ་གསང་བ་སྟེ། །དབང་བསྐུར་བ་ཡི་བདེ་བའོ། །སློབ་མ་མི་ཤེས་པ་རྣམས་ལ། །འདི་དག་ཐམས་ཅད་བསྒྲག་མི་བྱ། །རྡོ་རྗེ་སློབ་དཔོན་གྱིས་བྱ་བ། །ཡང་ནས་ཡང་དུ་བརྟག་ཏེ་བྱ། །འདི་ཡི་དབང་ནི་བསྐུར་མ་ཐག །སློབ་མ་ཚོགས་ཀྱི་བདག་པོར་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་པ་ཡི། །སློབ་དཔོན་ཉིད་དུ་བདེ་བར་འགྱུར། །གཟུང་བ་རྣམས་ཀྱིས་དག་པའི་བདག །སངས་རྒྱས་རྣམས་ཀྱི་རྡོ་རྗེར་བཤད། །མཁའ་ལ་འགྲོ་བའི་སྤྱོད་འགྱུར་ཏེ། །རི་དང་འགྲོ་བ་ཀུན་གྱི་བདག །དེས་ན་ཤེས་རབ་ཡེ་ཤེས་དབང་། །སློབ་མ་མཆོག་ལ་སྦྱིན་པར་བྱའོ། །ཞེས་འབྱུང་། དེ་ཡང་བཞི་པ་དེ་བཞིན་ནོ། །ཞེས་དབང་གསུམ་པའི་ཡེ་ཤེས་མཚོན་དཔེར་བྱས་ནས་བཤད་པས་ཚིག་དབང་ཞེས་བྱའོ། །དེ་ཡང་དབང་གསུམ་གྱི་གང་ཟག་རྒྱུད་གསུམ་སོ་སོར་སྨིན་པར་བྱས་ཀྱང་རུང་བ་གྲུབ་པ་སྡེ་བདུན་དུ། གསང་དབང་ཙམ་ནས་དང་། ཤེས་རབ་དབང་ནས་ཁྲིད་པ་དང་། །སྤྲོས་པ་ཆུང་ངུ་རྡོ་རྗེ་ཡེ་ཤེས་ཀྱི་དབང་གི་ཆོ་ག་ཞེས་བྱིན་རླབས་ཙམ་གྱི་ཆོག་པར་བཤད་པ་དང་། དཔོན་སློབ་ཀྱི་རྟེན་འབྲེལ་འགྲིག་ན་ཚིག་ཏུ་ཅི་ཡང་མ་བསྟན་ཀྱང་བྱིན་རླབས་ཀྱིས་དབང་ཐམས་ཅད་རྫོགས་པར་འགྱུར་བ་ཨུ་རྒྱན་དུ་རྒྱལ་པོའི་བུ་མོ་རོལ་པ་མོ་དང་། བོད་དུ་གྲུབ་ཆེན་གླིང་ལྟ་བུའོ། །དེ་བས་ཕྱག་རྒྱ་ཆེན་པོའི་དབང་འདི་མ་བསྐུར་བ་ཐོབ་པ་ཞེས་བྱ་ལ། དེ་དཀྱིལ་འཁོར་ཡང་། དེ་བཞིན་ཉིད་དམ་དོན་དམ་པའམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་ཐོབ་པ་ཡིན་པས་དཀྱིལ་འཁོར་མ་མཐོང་བ་སོགས་ལུགས་འདི་ལ་གནོད་བྱེད་དུ་གཏོང་བ་བཞད་གད་ཀྱི་གནས་སོ། །དེ་ལྟར་དབང་བསྐུར་བའི་སློབ་དཔོན་མཉེས་པར་བྱེད་པའི་ཚུལ་རྩ་རྒྱུད་ལས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བགྱིའོ། །ཞེས་བསམ་གཏན་གྱི་དཀྱིལ་འཁོར་བཤད་པའི་བར་གྱི་ཚར་གསུམ་ཁུག་པ་དབང་གི་གདམས་ངག་རྣམ་པར་བཤད་དེ། རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་རྩེ་མོའོ། །བཞི་པ་ནི། མི་འདའ་བས་དམ་ཚིག་དང་། མི་མཐུན་ཕྱོགས་དགག་པས་སྡོམ་པར་བཞག་པའང་། རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པ་དང་། བསྒྲུབ་བྱ་རིགས་ལྔའམ་དྲུག་དང་། ཉམས་སུ་བླང་བ་དང་འབྲེལ་བའི་དང་ཉམས་ན་ཕྱིར་བཅོས་པ་དག་སྟེ་སྡོམ་གསུམ་རྒྱན་དུ་བཤད་ཟིན་ཏོ། །གཉིས་པ་ལ། ལམ་སྤྱི་དང་། བྱེ་བྲག་རྣམ་པར་བཞག་པ་གཉིས་ཀྱི་དང་པོ་ནི། །ལས་དང་ཉོན་མོངས་པའི་འཆིང་བས་བསྡམས་པ་གྲོལ་བར་བྱེད་པས་གྲོལ་བྱེད། འདི་ལ་སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ལུས་སུ་གྱུར་ནས་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་ལུས་ཐོབ་པར་འགྱུར་བ་ལ་ལམ་རྣམ་པ་གསུམ་སྟེ། སེམས་དང་པོ་བསྐྱེད་པ་ལམ་གྱི་རིམ་པ་དང་། ཐེག་པ་གསར་ལ་ཞུགས་པའི་ལམ་གྱི་རིམ་པ་དང་། རྣལ་འབྱོར་པའི་ལམ་གྱི་རིམ་པའོ། །ཞེས་གསུངས་པའི་དང་པོ་ལ། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པ། དབང་ནོད་པ། དམ་པའི་ཆོས་ཉན་པ། གྲོགས་མཐུན་པ། མཆོད་པའི་ལོངས་སྤྱོད་མཐུན་པའི་གནས་སོ། །ཐེག་པ་གསར་ལ་ཞུགས་པའི་ལམ་གྱི་རིམ་པ་ལ་རྣམ་པ་བཞི་སྟེ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། བཀའི་འཁོར་ལོ་དང་། བསྲུང་བའི་འཁོར་ལོ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནོ། །རྣལ་འབྱོར་གྱི་ལམ་གྱི་རིམ་པ་ལ་རྣམ་པ་གཉིས་ཏེ། ཐུན་མོང་གི་ལམ་དང་མཆོག་གི་ལམ་མོ། །དང་པོ་ནི་རྡོ་རྗེ་རྣམ་པ་བཞི། ཕྱི་མ་ནི་སྦྱོར་བ་ཡན་ལག་དྲུག་གོ །དེ་ཡང་རིམ་པ་དྲུག་ལྷུན་གྱིས་གྲུབ་པའི་ལམ་དང་བདུན་གྱིས་བསྟན་པར་བཞེད་དེ། དེ་ཡང་དབང་པོ་བཅུ་རྣམས་ཀྱི་སོགས་སོར་སྡུད་ཀྱི་ལུས་དབེན་གྱི་གཞི། འདོད་པ་ལྔ་ནི་སོགས་བསམ་གཏན་གྱི་ཐ་མལ་ལས་དབེན་པར་བསྟན་པ་གཉིས་དང་། ཡེ་ཤེས་ལྔ་སོགས་སྲོག་རྩོལ་གྱི་ངག་ཐ་མལ་པ་ལས་དང་། རང་སྔགས་སོགས་ཀྱིས་རྣལ་འབྱོར་ལས་དབེན་པར་དང་། རང་དབང་སོགས་ཀྱིས་སེམས་དབེན་མ་རྟོགས་པའི་སྐྱོན། རིན་ཆེན་སོགས་ཀྱིས་ངག་ཐ་མལ་པ་ལས་དབེན་པར་བསྟན་པ། འགོག་པ་ཡི་སོགས་ཀྱིས་རྣལ་འབྱོར་ལས་དབེན་པར་བསྟན་ཏོ། །སོ་སོར་སྣང་བ་དེ་ལས་སྐྱེས་ཞེས་པས་སྒྱུ་ལུས་དང་། ཐབས་དང་ཤེས་རབ་སྙོམས་འཇུག་པས་ཞེས་པས་རིལ་འཛིན་དང་། དངོས་པོ་ཐམས་ཅད་མདོར་བསྡུས་ནས་ཞེས་པས་རྗེས་གཞིག་སྟེ་མངོན་བྱང་ན། བརྟན་གྱུར་རྡོ་རྗེའི་ལམ་ནས་ནི་ནས། རྗེས་སུ་དྲན་པ་ཞེས་བཤད་དོའི་བར་གྱིས་ཟུང་འཇུག དབུས་ནི་གཟུགས་སུ་རྣམ་པར་བསྒོམ་སོགས་ཀྱིས་ལྷུན་གྱིས་གྲུབ་པའི་ལམ། ཞེས་པའི་ཚུལ་གྱིས་སོ། །ཨ་བྷ་ཡས་ལུས་དབེན་བསྐྱེད་རིམ་གྱིས་བསྟན། །རྡོ་རྗེ་བཟླས་པ། སྒྱུ་ལུས། འོད་གསལ། ཟུང་འཇུག་བཞི་ཀ་སེམས་དབེན་གྱི་རིམ་པ་ཞེས་སེམས་དབེན་ལོགས་སུ་མ་བཤད་དེ། །རིམ་ལྔའི་དཀའ་འགྲེལ་ཟླ་བའི་འོད་ཟེར་དུ། འདིར་རིམ་པ་དང་པོ་ལུས་རྣམ་པར་དབེན་པ་བསྟན་ནས། གཉིས་པ་ངག་གི་དབེན་པ་སྟེ་སེམས་དབེན་གྱི་དོན་དུའོ། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དང་བཞི་པ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་དག་གིས་ནི་སེམས་དབེན་ནོ། །ལྔ་པས་དབེན་པ་གཉིས་ཐ་མི་དད་པའི་ཕྱིར། མཐར་ཐུག་སེམས་རྣམ་པར་དབེན་པ་ཉིད་དོ། །དེའི་ནང་དུ་གཏོགས་པས་ལུས་དང་ངག་རྣམ་པར་དབེན་པ་ཡང་ངོ་། །གང་གི་ཕྱིར་ལུས་མཐར་ཐུག་པ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་སོ། །ངག་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། གསང་སྔགས་ཀྱི་ཐེག་པར་ལོངས་སྐུར་ནི་ངག་གི་ངོ་བོར་རྣམ་པར་བཞག་པའི་ཕྱིར་རོ། །ལུས་དང་ངག་འདི་དག་ཀྱང་སེམས་ཀྱི་སྣང་བ་ཙམ་སྟེ། སེམས་ལུས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་གསུངས་པའི་ཕྱིར་རོ། །སེམས་ཀྱང་བདེ་བ་ཆེན་པོའི་བདག་ཉིད་ཅན་མངོན་པར་ཤེས་པ་དང་སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་ཀུན་རྫོབ་ཀྱང་ཡིན་ལ། རང་བཞིན་མེད་པས་དོན་དམ་པ་ཡང་ཡིན་ཏེ་ཟུང་དུ་འཇུག་པའོ། །ཞེས་སོ། །ཙམ་སྒྲ་སྨོས་པས་དོན་རྡོ་རྗེ་བཟླས་པ་བསྟན་པར་བཞེད་ཅིང་འདིས་རིམ་པ་ལྔ་འཕགས་པས་མཛད་པ་བགྲངས་སོ། །ཡང་དེར་དབང་པོ་རབ་ཀྱིས་ལྷ་རྣམས་བསྒོམ་པ་དང་ཟུང་དུ་འཇུག་ཅིང་ལྡང་བ་དང་། བཟླས་པ་བཞག་ནས་སྟོང་པ་ཉིད་ཀྱི་ཆ་ལ་འབད་དེ་བསྒོམས་པ་ཅིག་ཅར་སྐད་ཅིག་གིས་རྫོགས་པ་ལྷའི་སྐུ་ཟུང་དུ་འཇུག་པ་རྒྱུན་མ་ཆད་པར་བསྒོམ་པའོ་ཞེས་དང་། བློ་གྲོས་འབྲིང་གིས་ནི། རིམ་པ་དང་པོས་ཇི་ལྟ་བར་ལྷའི་སྐུར་བསྒོམ་པའི་བདག་ཉིད་རིམ་གྱིས་ཅིག་ཅར་དུ་འོད་གསལ་ལ་རབ་ཏུ་འཇུག་ཅིང་ལྡང་བ་དང་རྡོ་རྗེའི་བཟླས་པ་དང་། ཆུང་ངུའི་ཆུང་ངུ་ཡིས་ངག་གི་བཟླས་པ་ཡང་གོམས་པར་བྱའོ། །ཞེས་དང་། ཐ་མའི་དབང་དུ་མཛད་ནས། ཁ་ཅིག་ནི་གང་ཟག་གཅིག་ཁོ་ན་དང་པོ་ཆུང་ངུ་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་བས་འོད་གསལ་ལ་རབ་ཏུ་འཇུག་ཅིང་ལྡང་བ་དང་། བཟླས་པའི་རིམ་པ་དང་པོ་གཉིས་ཀྱིས་གོམས་པར་བྱས་ནས་དེ་བློ་གྲོས་འབྲིང་དུ་འགྱུར་ཏེ་སྐད་ཅིག་གིས་ལྷའི་སྐུར་འཆར་བ་དེ་རིམ་པ་གསུམ་པ་དང་། བཞི་པས་རབ་ཏུ་འཇུག་ཅིང་ལྡང་བའོ། །དེ་གོམས་པ་རབ་ཏུ་གྱུར་པ་ལས་ཟུང་དུ་འཇུག་པ་ལྷའི་སྐུར་ལྡང་བ་ཉིད་རིམ་པ་ལྔ་པས་སོ། །ཞེས་གསུངས་ལ། ཡང་དེ་ཉིད་དུ། དེ་ལྟར་འདི་རྣམ་གང་ཟག་ཐ་དད་ཀྱི་རིམ་པ་དང་ལྔ་ལྔ་ཡིན་ནོ་ཞེས་གསུངས་ལ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་སྤྱོད་བསྡུས་སྒྲོན་མེའི་འགྲེལ་པར། འཇིག་རྟེན་ན་གང་ཟག་རིགས་ནི་གཉིས་ཏེ། དེ་ཉིད་ཀྱི་རྣམ་པ་ཅན་དང་། གཞན་ལ་རག་ལས་པའོ། །དང་པོའི་དབང་དུ་ལམ་ལྔའོ། །ཕྱི་མ་ལྟར་ན་ནི་ལམ་གཅིག་སྟེ། རིམ་པ་ལྔས་འཇུག་པར་བྱེད་པའི་ཕྱིར་རོ། །ཞེས་དང་། ཡང་། འོ་ན་རིམ་པ་རེ་རེས་སམ། འོན་ཏེ་ཐམས་ཅད་ཀྱིས་ཕན་འདོགས་པར་འགྱུར། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་སྐས་ཀྱི་རིམ་པ་མ་ཡིན་པར་འགྱུར་རོ། །ཕྱི་མ་ལྟར་ན་ཡང་རིམ་པ་གཅིག་གིས་མངོན་པར་སངས་རྒྱས་ཞེས་པ་མ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་ལྟར་དེ་ཉིད་ཀྱི་རྣམ་པ་ཅན་གྱི་གང་ཟག་གི་དབང་དུ་བྱས་ཏེ། རིམ་པ་རེ་རེས་ཀྱང་ཕན་འདོགས་པར་འགྱུར་རོ། །གཞན་ལ་རག་ལས་པའི་གང་ཟག་གི་དབང་དུ་བྱས་ཏེ་རིམ་པ་ལྔ་ལ་སོགས་པའོ། །གཞན་ཡང་རིམ་པ་གཅིག་ལ་ཡང་སྐས་ཀྱི་རིམ་པས་ཞེས་བྱ་སྟེ་ཐོས་པ་ལ་སོགས་པས་འཇུག་སྟེ་སྐས་བཞིན་ནོ། །བསྒོམ་པའི་དབང་དུ་བྱས་པ་ཡང་དེ་ཉིད་སྐད་ཅིག་མའི་རྣལ་འབྱོར་ལ་འཇུག་གོ །དེ་ནས་སྐད་ཅིག་མ་བཅུ་ལ་སོགས་པ་སྟེ། སྐས་ཀྱི་རིམ་པ་བཞིན་ནོ་ཞེས་གསུངས་པ་འདིས་བསྐྱེད་རིམ་དང་རྫོགས་རིམ་རིམ་པ་ལྔ་ལ་མཐར་གྱིས་འཇུག་དགོས་ཀྱི། དེ་ལས་གཞན་ཐོད་རྒལ་དང་ཅིག་ཅར་དུ་འཇུག་པ་གཉིས་ཀྱི་འཕགས་ལུགས་ལ་མ་གྲགས་སོ་ཞེས་སྨྲ་བ་རྨོངས་པར་བསྟན་ནོ། །འོ་ན་སྤྱོད་བསྡུས་སུ་རིམ་གྱིས་འཇུག་པས་བསླབ་པར་བྱ་ཡིས་ཅིག་ཅར་ནི་མ་ཡིན་ནོ་ཞེས་གསུངས་པ་ཇི་ལྟར་བཤད་ཅེ་ན། །དེ་ཉིད་ཀྱི་གོང་དུ་བདག་ཅག་ལྟ་བུའི་སོ་སོ་སྐྱེ་བོ་ཐོག་མ་མེད་པ་ནས་ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་པ་ལ་མངོན་པར་ཞེན་པ་ཡོད་པ་དང་། མེད་པ་དང་། གཅིག་དང་། དུ་མ་དང་། གཉིས་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་མ་ཡིན། མེད་པ་མ་ཡིན་པ་དང་། རྟག་པ་དང་ཆད་པ་ལ་སོགས་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུས་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་ལ་ཞུགས་པ་རྣམས་ཀྱི་རྫོགས་པའི་རིམ་པའི་གོ་རིམ་ཏིང་ངེ་འཛིན་ལ་སློབ་པ་ན་གོ་རིམ་ཇི་ལྟ་བ་བཞིན་དུ་བསླབ་པར་བགྱི་འམ། ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་སྐད་གཅིག་གི་སོ་སོར་སྣང་བར་བགྱི་ཞེས་པའི་ལན་དུ་གསུངས་པར་ཟད་དེ། དེར་གང་ཟག་རིགས་མ་ངེས་པ་ཁོ་ན་གཟུང་ནས་དེ་རྫོགས་རིམ་ལ་སློབ་པའི་ཚུལ་དྲིས་པས་དེ་སྐད་གསུངས་པ་ཡིན་ལ། རིན་པོ་ཆེ་ལྟ་བུ་ཡང་གཟུང་ནས་དྲིས་པ་མ་ཡིན་ཏེ། སྤྱོད་བསྡུས་ཉིད་དུ་བདག་གི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མན་ངག་གིས་བསྐྱེད་པའི་གོ་རིམས་ཀྱིས་དང་། རྫོགས་པའི་གོ་རིམ་གྱིས་ཏིང་འཛིན་ཐོབ་ནས་འདུས་བྱས་པའི་སློབ་མ་རྣམས་ཀྱི་ཐུན་མོང་དུ་བཤད་པའི་སྒྲའི་སྒོ་ནས་ནི་མ་ཡིན་ནོ། །ཞེས་གསུངས། ལུགས་འདི་ལ་ཅིག་ཅར་བའི་ལམ་གྱི་རྣམ་གཞག་མེད་ན་བླ་མའི་མན་ངག་ཙམ་གྱིས་ཞེས་དོགས་པ་དཔྱོད་མི་དགོས་ཏེ། རི་བོང་གི་རྭ་རྣོ་རཏལ་བཞིན་ནོ། །སྒྲོན་གསལ་ལས། སྔགས་ཀྱི་སྐུ་ནི་རབ་སྒྲུབ་བྱེད། །བསྐྱེད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོན། །ཀུན་རྫོབ་བདེན་པ་མཐོང་བ་ཡི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །བདེན་པ་གཉིས་པོ་སྦྱོར་བ་གང་། །འདི་ནི་བསྒྲུབ་པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་པ་འདིར་སྔགས་ཀྱི་སྐུ་རབ་ཏུ་སྒྲུབ་པར་བྱེད་པར་བསྐྱེད་རིམ་རིམ་པ་དང་པོ། །སེམས་དམིགས་ཙམ་གཉིས་པ། ཀུན་རྫོབ་བདེན་པ་མཐོང་བ་གསུམ་པ། །ཀུན་རྫོབ་བདེན་པའི་དག་པ་སྟེ་མངོན་བྱང་བཞི་པ། བདེན་གཉིས་སྦྱོར་བ་ཟུང་འཇུག་སྟེ་རིམ་པ་ལྔ་པའོ། །སྒྲ་བསྒྱུར་ཆེན་པོ་རིམ་པ་གཉིས་པ་འདིར་ཆོས་ཅན་སེམས་ཀྱི་གནས་ལུས་ལ་དམིགས་པ་བསྟན་ལ། ཆོས་ཉིད་སེམས་ཀྱི་གནས་ལུགས་ལ་དམིགས་པ་ནི་རིམ་པ་ཕྱི་མ་དག་གིས་བསྟན་པས་ཙམ་སྒྲ་སྨོས་ལ། རྡོར་བཟླས་ནི་བསྐྱེད་པའི་རིམ་པས་བསྡུས་ཞེས་བཞེད་དོ། །ཨཱརྻ་དེ་བས། རིམ་གྱིས་པ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་དང་། ཐེག་པ་གསར་མ་དྲན་པ་གཅིག་པའི་ཏིང་ངེ་འཛིན་དང་། རྟོག་པའི་རྣལ་འབྱོར། ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས་འོད་གསལ། ཟུང་འཇུག་ལ་མཐར་གྱིས་སློབ་པ་བསྟན་པའི་དང་པོ་གསུམ་བསྐྱེད་རིམ་དུ་མཛད། ལྷག་མ་མན་རྫོགས་རིམ་འདི་དང་བཀའ་ཡང་དག་པའི་ཚད་མ་མཐུན་ནོ། །རྗེ་བཙུན་མཻ་ཏྲི་པ་མདོར་བསྡུས་པའི་རིམ་པ་དང་། རྡོ་རྗེ་བཟླས་པ། བདག་བྱིན་བརླབ། མངོན་བྱང་། ཟུང་འཇུག་བཞི་དང་པོ་བསྐྱེད་རིམ་མོ། །ཐབས་རྒྱུད་བསྙེན་སྒྲུབ་ཡན་ལག་བཞིར་བཤད་པ་ཡང་། རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །རྣལ་འབྱོར་པ་ཡིས་བརྟག་པར་སྔགས། །བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་རབ་བསྒྲུབ་པ་གཉིས་པ་ཡིན། །བསྒྲུབ་པ་ཡང་ནི་གསུམ་པ་ཡིན། །བསྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་པས་སོ། །དེ་ཡང་ཐུན་མོང་དང་མཆོག་གི་དབྱེ་བས་གཉིས་སུ་འགྱུར་ཏེ། ཐུན་མོང་མཆོག་གི་བྱེ་བྲག་གིས། །བསྙེན་པའང་རྣམ་པ་གཉིས་སུ་འགྱུར། །རྡོ་རྗེ་བཞི་པོ་ཐུན་མོང་སྟེ། །ཡེ་ཤེས་བདུད་རྩི་མཆོག་གི་གནས། །ཞེས་དང་། ཡན་ལག་དྲུག་ནི་མཆོག་ཡིན་ནོ། །ཞེས་གཉིས་ཀར་བྱུང་བས་འགྱུར་གྱི་ཁྱད་དུ་སྣང་ངོ་། །རྡོ་རྗེ་བཞི་ཐུན་མོང་བ་ལ་བཤད་པ་ནི་གཙོ་བོར་ཡིན་ལ། ཐུན་མོང་མ་ཡིན་པ་རྫོགས་པ་ཡང་དེ་བཞིན་འཆད་དུ་རུང་སྟེ། སྒྲོན་གསལ་དུ་མཆོག་གི་བསྒྲུབ་པ་ལ་གནས་པ་རྣམས་ཀྱིས་ཡང་རྡོ་རྗེ་བཞི་དག་ནི་སྟོང་པ་ཉིད་བཞི་སྟེ་དེས་བསྙེན་པར་བྱ་ཞིང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱའོ། །ཞེས་སོ། །བསྙེན་པའང་ཞེས་པའི་འང་སྒྲས་ཉེ་བར་བསྒྲུབ་པ་སོགས་བསྟན་ནོ། །རྡོ་རྗེ་ཅན་གྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་སློབ་དཔོན་གྱིས། བསྐྱེད་པའི་རིམ་པར་གནས་བྱས་ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་པས་བསྐྱེད་རྫོགས་གཉིས་སུ་རྣམ་པར་ཡང་བཞག་ལ། དབང་རྡོ་རྗེ་བཞིའི་ལམ་དུ་འདུས་པ་ཡང་བུམ་དབང་བསྐྱེད་རིམ་གྱི་དབང་དུ་འགྲོ་བ་དང་། ཕྱི་མ་གསུམ་རྫོགས་རིམ་སྒྱུ་ལུས་དང་མངོན་བྱང་གི སྔོན་འགྲོ་དམ་ཚིག་གྲོགས་སྤྱོད་པ་སོ་སོའི་སྐབས་ཐོབ་ཀྱི་བོགས་འདོན་ཡིན་པས་དེས་བསྡུས་ནས་ནཱ་རོ་ཞབས་ཀྱིས་ཐབས་རྒྱུད་ཡན་ལག་བཞིར་མཛད་པ་ཤིན་ཏུ་ལེགས་སོ། །དེ་ལྟར་གཉིས་སུ་དབྱེ་དགོས་པ་ཡང་གཞི་དུས་ཀྱི་གང་ཟག་ལ་ལྟོས་ནས་ཀྱང་སྟེ་ཤཱཀྱ་བཤེས་གཉེན་གྱིས་སྤྱོད་བསྡུས་འགྲེལ་པར། རྡོ་རྗེའི་ཐེག་པ་འདི་ལ་སྔགས་ཀྱི་སྒོར་སྤྱོད་པ་ནི་གཉིས་ཏེ་ཞེས་གསུངས་ཏེ། གང་ལ་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཁྱད་པར་ཡོད་པ་དེ་ནི་རྡོ་རྗེ་ཐེག་པའོ། །དེའི་སྔགས་ཀྱི་སྒོར་སྤྱོད་པ་ནི་དེ་ཉམས་སུ་ལེན་པའོ། །འདི་ལ་གཉིས་ཡོད་པས་གཉིས་ཏེ། བསྐྱེད་པ་རྫོགས་པའི་དབང་དག་ཏུ། །གང་ཟག་གཉིས་ནི་ཐུབ་པས་གསུངས། །གང་ཡིན་ཞེ་ན། གསང་སྔགས་ལ་མཆོག་ཏུ་གཞོལ་བ་དང་། ནང་ལ་མཆོག་ཏུ་གཞོལ་བ་སྟེ། སྔགས་བཟླས་པ་ལ་བརྩོན་པ་དང་། གོམས་པ་ལ་བརྩོན་པའོ། །ཡང་ན་བསྐྱེད་པའི་རིམ་པ་འམ། རྫོགས་པའི་རིམ་པའི་རིགས་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་གསུངས་པས། གང་ཟག་རིམ་པ་གཉིས་ལམ་སོ་སོ་ནས་ཐོག་མར་དཀྲི་དགོས་པས། གང་ཟག་བློ་ཡི་ཁྱད་པར་གྱིས། །ཅིག་ཅར་བ་དང་རིམ་སྐྱེས་པ། །ཅིག་ཅར་བ་ཡི་སྨན་ཆེན་འདི། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །དེ་བཞིན་བཟློག་སྟེ་ཡང་གསུངས་པ། །ཅིག་ཅར་བ་ནི་འདོད་ཆགས་སོགས་རང་བཞིན་ཤེས་པས་སྤྱད་ཀྱང་ཉོན་མོངས་པར་མི་འགྱུར་བའི་སྟེང་དུ་གྲོལ་བྱེད་ཀྱི་ཐབས་ཀྱི་མཆོག་ཏུ་འགྱུར་ལ། རིམ་གྱིས་པ་རང་བཞིན་མི་ཤེས་པར་སྤྱད་ན་ངན་འགྲོའི་རྐྱེན་ཉིད་དུ་འགྱུར་བའི་ཁྱད་པར་གྱིས་སོ། །ལམ་ལ་ལྟོས་ནས་རྣལ་འབྱོར་བཞིའི་རིམ་པས་རྡོ་རྗེ་སེམས་དཔའ་ཡང་དག་པར་བསྙེན་པར་བྱ་བ་དང་། ཡན་ལག་དྲུག་གི་རིམ་པས་རྡོ་རྗེ་འཆང་ཆེན་པོ་རྫོགས་པར་བྱ་བའི་སྒོ་ནས་ཀྱང་རིམ་པ་དེ་གཉིས་བཞག་གོ །འབྲས་བུ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་ཆ་ནས་ཀྱང་རིམ་པ་གཉིས་ཏེ། དང་པོས་ལོངས་སྐུ་དང་སྤྲུལ་སྐུ། ཕྱི་མས་ནི་ཆོས་སྐུ་འམ་ངོ་བོ་ཉིད་སྐུ་ལ་སོགས་པའི་མིང་ཅན་དེའོ། །རིམ་པ་ལ་གཉིས་པོ་དེ་ལ་མིང་རྣམ་གྲངས་བཏགས་པ་དང་རྫོགས་པའི་རྣལ་འབྱོར། བཅོས་མ་དང་། ཡེ་ཇི་བཞིན་པའི་རྣལ་འབྱོར་རམ། མ་དག་པའི་ལྷའི་རྣལ་འབྱོར་དང་། ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་གཉིས་སམ། དང་པོ་ལ། བྱིན་རླབས་ཡོངས་བཏགས་གཉིས། ཕྱི་མ་རྫོགས་པའི་རྣལ་འབྱོར་ཞེས་ཀྱང་བྱའོ། །གཉིས་པ་ལ། ཐུན་མོང་གི་བསྙེན་བསྒྲུབ་ཡན་ལག་བཞི་དང་། ཐུན་མོང་མ་ཡིན་པའི་བསྙེན་བསྒྲུབ་ཡན་ལག་བཞི་ལས། དང་པོ་ནི། སློབ་དཔོན་གྱི་མདོ་དང་བསྲེ་བར། དེ་ལ་ཐོག་མར་གནས་ངེས་པ་དང་། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང་། བསྲུང་བའི་འཁོར་ལོ་བསྒོམ་པ་དང་། སྟོང་པ་ཉིད་ལ་དམིགས་པ་དང་། སའི་ཆ་བསྐྱེད་པ་དང་། གཞལ་ཡས་ཁང་དང་། དཀྱིལ་འཁོར་དགོད་པ་དང་། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ་དང་། ལྡང་བ་དང་། ཉི་མའི་དཀྱིལ་འཁོར་ལ་དམིགས་པ་དང་། མཐར་ཟླ་བའི་དཀྱིལ་འཁོར་དང་། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་དང་། སྔགས་ཀྱི་བྱིན་གྱིས་བརླབས་པས་ཕུང་པོ་ལ་སོགས་པ་དགོད་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ལྡན་པའི་འདུས་བྱས་དང་། རྡོ་རྗེ་པདྨ་འདུས་བྱས་པ་དང་། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར་ཕྱུང་བ་དང་། ཕྲ་མོའི་སྦྱོར་བ་དང་། རྡོ་རྗེའི་བཟླས་པ་དང་། ངག་གི་བཟླས་པ་དང་། དོན་དམ་པ་ལ་ཞུགས་པ་དང་། རབ་ཏུ་བསྐུལ་བས་བླང་པ་དང་། བསྟོད་པ་བྱེད་པ་དང་། ཉེ་བར་བསྡུ་བ་དང་། ལས་ཀྱི་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱའོ། །ཞེས་ཉེར་དྲུག་བསྟན་ལ། དེ་དག་ཀྱང་དང་པོར་སྦྱོར་བའི་ཏིང་ངེ་འཛིན་རྒྱལ་པོ་མཆོག་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་སྟེ་ཏིང་ངེ་འཛིན་གསུམ་དུ་འདུ། དང་པོ་ལ། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་བཞིར་ཕྱེ་ནས་དྲུག རྣལ་འབྱོར་ལ་དབྱེ་བ་བཅོ་ལྔ། རྗེས་སུ་རྣལ་འབྱོན་མན་ལ་བཅུ་བདུན། དེ་ཡང་རྗེས་སུ་རྣལ་འབྱོར་ལ་གསུམ། ཤིན་ཏུ་རྣལ་འབྱོར་ལ་བདུན། རྣལ་འབྱོར་ཆེན་པོ་ལ་བདུན། དཀྱིལ་འཁོར་མཆོག་ལ་ལྔ། ལས་རྒྱལ་མཆོག་ལ་བཅུ་གཉིས་ཏེ་དེ་ཉིད་དབྱེ་བ་བཞི་བཅུ་རྩ་དགུར་གསུངས་ཏེ། ཐོག་མར་གནས་ཚོགས་བསག སྙིང་རྗེ་བསྒོམ་པ། བསྲུང་འཁོར་གྱི། གཙོ་བོ་བསྒོམ་པ། མི་བསྐྱོད་པ་སྤྲུལ་ནས་བདག་ཉིད་ཞེ་སྡང་རྡོ་རྗེར་བསྒྱུར་བ། ཁྲོ་བོ་སྤྲོ་བ། བཀའ་བསྒོས་ཏེ་བགེགས་འཇོམས་པ། སྟོང་པ་ཉིད་བསྒོམ་པ། གཞལ་ཡས་ཁང་བསྒོམ་པ། དཀྱིལ་འཁོར་དགོད་པ། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ། ལྡང་བ། ཉི་མའི་དཀྱིལ་འཁོར་ལ་དམིགས་པ། ཟླ་བའི་དཀྱིལ་འཁོར་ལ་དམིགས་པ་བཅོ་ལྔ་རྣལ་འབྱོར་རང་གི་ངོ་ཏི་ལྡང་བ་མན་ཏེ་གཞན་མ་དེའི་ཞར་གྱིས་བསྡུས་པའོ། །ཡི་གེ་དང་། ཕྱག་མཚན་དང་། རྡོ་རྗེ་འཆང་བསྐྱེད་པ་གསུམ་རྗེས་སུ་རྣལ་འབྱོར། མདུན་དུ་མི་བསྐྱོད་པ་སྤྲུལ་པ། དེ་བདག་ཉིད་ལ་ཞུགས་པ། རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུར་བསྒྱུར་པ། ཕུང་པོ། ཁམས། སྐྱེ་མཆེད། ཡན་ལག་ལ་འགོད་པ་བདུན་ཤིན་ཏུ་རྣལ་འབྱོར། སྐུ་བྱིན་གྱིས་བརླབ་པ། གསུང་། ཐུགས། དེ་གསུམ་མི་ཕྱེད་པ། ཡེ་ཤེས་སེམས་དཔའ། རྒྱས་བཏབ། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་བདུན་རྣལ་འབྱོར་ཆེན་པོ། ལྡན་པའི་འདུས་བྱས། རྡོ་རྗེ་པདྨ་འདུས་བྱས། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབ་པ། པདྨའི་ནང་དུ་སྔགས་ཀྱི་དཀྱིལ་འཁོར་ཕྱུང་བ། ཕྱིར་ལྷའི་དཀྱིལ་འཁོར་ཕྱུང་བ་ལྔ་དཀྱིལ་འཁོར་རྒྱལ་པོ་མཆོག་གོ །ཕྲ་མོ། བཟླས་པ་ནི་དོན་དམ་ལ་ཞུགས་པ། གླུས་བསྐུལ། སླར་བཞེངས་པ། བསྟོད་པ། ཉེར་བསྡུ། ཚིམ་པར་བྱེད་པའི་ཆོ་ག ནང་གི་སྦྱིན་སྲེག གཤེགས་གསོལ་གཏོར་མ། གཉིད་ལོག་པའི་ཆོ་གའི་དེ་ཉིད་དེ་བཞི་བཅུ་རྩ་དགུའོ། །དེ་ལྟར་ཡང་རྡོ་རྗེ་འཕྲེང་བ་ནས། ཐོག་མར་རེ་ཞིག་རྣལ་འབྱོར་རིམ་པས་མཆོག་ཏུ་བསྒྲུབ། ཅེས་དང་། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བས་མདོར་བསྡུས་པ། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག །ལས་ཀྱི་རྒྱལ་མཆོག་རྣལ་འབྱོར་མཆོག །ཅེས་དང་། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དེ་ཉིད་དབྱེ་བ་བཅོ་ལྔ་ཡིན། །དང་པོ་སྦྱོར་བ་བསྒོམ་པར་བྱ། །བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །དེ་ཉིད་དབྱེ་བ་བཞི་བཅུ་དགུ། །བསྐྱེད་པའི་རིམ་པ་མདོར་བསྡུས་པའོ། །ཞེས་སོ། །དེ་དག་གི་ནང་ནས་སའི་ཆ་བསྐྱེད་པ་ནས་ལྷག་མོས་བསྒོམ་པ་རྫོགས་པའི་བར་བསྙེན་པར་བྱ་ཞིང་བྱང་ཆུབ་ཀྱི་སེམས་ལ་དམིགས་པར་བྱ་བས་བསྙེན་པའི་ཡན་ལག་གོ །དེ་ནས་རྡོ་རྗེ་སེམས་དཔའ་རྫོགས་པའི་བར་ནི་ཉེ་བར་ཏེ་གནད་དུ་བསྒྲུབ་པར་བྱ་ཞིང་བསྐྱེད་པར་བྱ་བས་ཉེ་བར་བསྒྲུབ་པའི་ལན་ལག སྤྱི་བོར་རྣམ་སྣང་གི་རང་བཞིན་ཨོཾ་བཀོད་པ་ནས་ཏིང་ངེ་འཛིན་རྒྱལ་པོ་མཆོག་རྫོགས་པའི་བར་ནི་ཉེ་རབ་བཞག་པའི་དོན་དུ་གསོལ་བ་འདེབས་པ་ཡིན་པས། བསྒྲུབ་པའམ་ཡང་ན་རང་གི་དོན་བསྒྲུབ་པས་བསྒྲུབ་པའི་ཡན་ལག དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་ནི་གཞན་གྱི་དོན་ཆེན་པོ་བསྒྲུབ་པས་སྒྲུབ་པ་ཆེན་པོ་སྟེ། རྩ་རྒྱུད་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང་། ཉེ་བར་བསྒྲུབ་པ་འབྱུང་བ་དང་། བསྒྲུབ་པའི་དོན་གྱི་དམ་ཚིག་དང་། སྒྲུབ་པ་ཆེན་པོ་དག་དང་བཞི། །རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་བསྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆོད་ཉེ་རབ་སྤྱད། །སྔགས་ཀྱི་བདག་པོ་བསྒོམ་པ་ཡི། །བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་གསུངས། །དེ་དག་ཀྱང་། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །ཤཱུ་ནྱ་ཏའི་སྔགས་དོན་བསམ་པ་སྟོང་པའི་བྱང་ཆུབ། དེ་ནས་ཡི་གེ་གསུམ་ཡོངས་སུ་གྱུར་བའི་རྡོ་རྗེ་རྩེ་ལྔ་བསྐྱེད་པའི་བར་ས་བོན་བསྡུ་བ། ཕྱག་རྒྱ་ཆེན་པོའི་གཟུགས་རྡོ་རྗེ་སེམས་དཔའ་བསྐྱེད་པ་གཟུགས་རྫོགས་པ། སྤྱི་བོར་རྣམ་སྣང་གི་རང་བཞིན་ཨོཾ་བཀོད་པ་མན་ནས་དཀྱིལ་འཁོར་ལ་གནོད་མཛེས་རྒྱལ་པོ་འགོད་པའི་བར་ཡིག་གེ་འགོད་པ་ཡིན་པས་འདི་ལ་རྡོ་རྗེ་བཞི་ཞེས་གསུངས་སོ། །སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས་བསྙེན་བསྒྲུབ་བཞི་དང་རིམ་པ་བཞིན་སྦྱར་ལ་འདིར་ཟླ་གྲགས་དང་ནཱ་རོའི་བཞེད་པ་མཐུན་པར་ལྷག་མོས་ཡན་སྦྱོར་བ་དང་ལས་རྒྱལ་མཆོག་འཇུག རྡོ་རྗེ་རྣམ་པ་བཞི་དངོས་གཞིར་བྱས་ནས་བཤད་པ་ཡིན་ནོ། །ཡང་ལྷག་མོས་བྱིན་བརླབ་ཀྱི་རྣལ་འབྱོར། རྣལ་འབྱོར་བཞི་མན་བཏགས་པའི་རྣལ་འབྱོར། ཞུ་བ་གླུས་བསྐུལ་གྱི་རྗེས་ལ་ལངས་པ་རྫོགས་པའི་རྣལ་འབྱོར་གསུམ་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བཤད་དེ། རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ། །བྱིན་གྱིས་བརླབ་དང་ཡོངས་བཏགས་དང་། །གཟུགས་ཉིད་ཡོངས་སུ་རྫོགས་པ་དང་། །ཞེས་དང་། དེ་བཞིན་སྒྱུ་འཕྲུལ་དྲ་བ་ལས་ཀྱང་ངོ་། །དེ་ཉིད་སློབ་དཔོན་ཀླུ་བྱང་ཆུབ་ཀྱིས། དེ་ལ་དང་པོར་རེ་ཤིག་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བརྗོད་ནས་སྣོད་ལ་སོགས་པའི་དངོས་པོ་རྣམས་སྟོང་པ་ཉིད་དུ་གཞུག་པར་བྱའོ། །དེ་ནས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བཞིའི་རིམ་གྱིས་པའི་ཆ་བསྒྲུབས་ཏེ། དེའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་ལ། དེར་མི་བསྐྱོད་པ་ལ་སོགས་པ་ལྷ་ཡི་འཁོར་ལོ་ཐམས་ཅད་ལྷག་པར་མོས་པས་དགོད་པར་བྱའོ། །དེའི་འོག་ཏུ་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བསྐྱེད། དབང་པོ་གཉིས་མཉམ་པར་སྦྱར་བ་ལས་དཀྱིལ་འཁོར་གྱི་ལྷ་རྣམས་ཕྱུང་སྟེ། བསྒོམ་པ་དང་བཟླས་པ་བྱས་ནས་གཤེགས་སུ་གསོལ་བ་འདི་སྒོམ་པ་བསྡུས་ཏེ་བསྟན་པའོ། །ཞེས་གསུངས་པས་རྣལ་འབྱོར་གྱི་བསྡུས་དོན་དེ་བཞིན་དུ་འགྱུར་རོ། །དེ་ཉིད་རྣམ་གཞག་རིམ་པ་བཞིར་འཆད་དེ། དང་པོར་སྣོད་བཅུད་ཞིག་པ་ལྟར་ཡེ་ཤེས་ཀྱིས་བསྒོམ་པ། ཆགས་པ་ལྟར་རྡོ་རྗེའི་ས་དང་གཞལ་ཡས་ཁང་བསྒོམ་པ། དེ་ནས་བསྐལ་པ་དང་པོའི་མི་རྫུས་ཏེ་སྐྱེ་བ་ལྟར་ལྷག་མོས་བསྒོམ། དེ་ནས་དེ་དག་ཐ་མལ་པའི་ལུས་སུ་གྱུར་པ་ལྟར་ལྷག་མོས་ལུས་ལ་བསྡུས། ཤི་ནས་བར་དོར་གནས་པ་ལྟར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱིས་དང་པོའི་མགོན་པོ་བསྐྱེད། སྐྱེ་བ་བླངས་པ་ལྟར་སྤྲུལ་སྐུར་བསྒྱུར་བ། རྣམ་བཞག་དང་པོའོ། །མངལ་དུ་ཕུང་པོ་ཁམས་སྐྱེ་མཆེད་གྲུབ་པ་ལྟར་དུ་ལུས་ལྷར་བསྐྱེད་པ་དེའི་ཕུང་པོ་ལ་སངས་རྒྱས། ཁམས་ལ་གཤེགས་མ། སྐྱེ་མཆེད་ལ་སེམས་དཔའ་སེམས་མ། ཡན་ལག་ལ་ཁྲོ་བོ་རྣམ་པར་འགོད། མངལ་ནས་སྐྱེས་ནས་ལུས་ངག་ཡིད་གསུམ་རྫོགས་པ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དེ་ཡང་ཡིན་ལུགས་བཞིན་དུ་གསལ་འདེབས་པ་སྟེ། དེ་ཉིད་དུ། གསོལ་བ། ཉོན་མོངས་པ་ཐམས་ཅད་སྤངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་བརྙེས་པ་རྣམས་འདིར་ཐ་མལ་པའི་ལུས་ལ་དགོད་པ་མི་འགལ་ལགས་སམ། བཀའ་སྩལ་པ། ཇི་སྲིད་དུ་བཀྲུ་བཤལ་གྱི་སྣོད་ཡིན་པའི་གནས་སྐབས་སུ་ནི་མཆིལ་མ་འདོར་ལ། གཞོང་པའི་གནས་སྐབས་སུ་འཇིག་རྟེན་པ་རྣམས་ཟས་ཟའོ། །གཟུགས་བརྙན་གྱི་གནས་སྐབས་སུ་མཆོད་པར་བྱེད་དོ། །དེ་བཞིན་དུ་ཐ་མལ་པའི་ལུས་ལ་འདོད་ཆགས་དང་ཞེ་སྡང་གཏི་མུག་ལ་སོགས་པས་བརླན་པའི་སྔོན་གྱི་གནས་སྐབས་སུ་འཁོར་བའི་རྒྱུ་ཡིན་ལ། ཕྱིས་རང་བཞིན་ཡོངས་སུ་ཤེས་ཤིང་ཡོངས་སུ་དག་པས་ཐམས་ཅད་མཁྱེན་པ་གྲུབ་པའི་རྒྱུར་འགྱུར་བ་ལ་སྐྱོན་མེད་ཞེས་དང་། རྡོ་རྗེ་འཕྲེང་བར་ཡང་། ལུས་ནི་འདི་ཉིད་ཀུན་ལ་འདིར། སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་རྣམས་ཀྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །རྡོ་རྗེ་ལེགས་བྱས་བསྟན་པ་ནི། །མྱ་ངན་འདས་པ་འཇུག་པར་འབྱུང་། །ཞེས་སོ། །རྣམ་གཞག་གཉིས་པའོ། །རིགས་དང་རྗེས་སུ་མཐུན་པའི་བག་མ་བླངས་པ་བཞིན་དུ་ཕྱག་རྒྱ་འདུ་བྱས། སྙོམས་པར་ཞུགས་པས་བུ་དང་བུ་མོ་བསྐྱེད་པ་བཞིན་དུ་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ། དེ་ལྟར་ལུས་ཀྱི་ལེགས་པར་བསྒོམས་ནས་གཞན་དོན་བསྒྲུབ་པའི་ཕྱིར་སྐུའི་དཀྱིལ་འཁོར་ལས་ཕྱུང་བའི་དཀྱིལ་འཁོར། དེ་ཡང་དེ་ཉིད་དུ། ལྷ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་སྤྲུལ་པའི་སྐུ་ཞལ་གསུམ་ཕྱག་དྲུག་པ་མཚན་མའི་ཕྱག་ཆ་སྣ་ཚོགས་ཕྱག་ན་བསྣམས་པ་རྣམས་བྱང་ཆུབ་སེམས་ལས་སྔགས་ཀྱི་གཟུགས་ཀྱི་སྤྲུལ་པ་ཡང་འབད་པ་མེད་པ་ཉིད་ཀྱི་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་ལས་འབྱུང་སྟེ་བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་དོན་ཏུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་རྣམས་ཏིང་ངེ་འཛིན་དང་དེས་སྦྱངས་ནས་སླར་བྱོན་ཏེ། རང་རང་གི་སྟན་ལ་ཞུགས་པར་གྱུར་ཏོ། །ཞེས་པའོ། །དེ་དག་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པས་བརྒྱན་པའི་གཞིར་གྱུར་པའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །བཙུན་མོ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔགས་ཀྱི་ཡི་གེ་ནི་ཆོས་ཀྱི་ཕྱག་རྒྱའོ། །གཟུགས་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཅིང་སྒྲུབ་པའི་ལས་ནི་ལས་ཀྱི་ཕྱག་རྒྱའོ། །དེ་བས་འདིར་ཕྱག་རྒྱ་བཞིས་རྒྱས་བཏབ་པ་ནི་དེ་ཡིན་ལ་ལག་པའི་ཕྱག་རྒྱ་བཅིང་བ་ལ་སོགས་པ་ལ་བཞག་པ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ནས་ཞལ་གསུམ་ལ་སོགས་པར་སྣང་བ་ནི། དགོངས་པ་ལུང་སྟོན་ལས། སྐྱབས་གསུམ་དེ་ཉིད་གསུམ་ཡིན་ཏེ། །སྐུ་གསུམ་རྣམ་པར་ཐར་གསུམ་གྱིས། །ཞལ་གསུམ་ཡིན་ཏེ་མདོག་གསུམ་ཡང་། །སྦྱོར་གསུམ་དམ་ཚིག་གསུམ་སྦྱོར་བས། །ཁམས་གསུམ་དུ་ནི་ལྷ་གསུམ་གྱི། །དཀྱིལ་འཁོར་གསུམ་གྱི་དུས་གསུམ་དུ། །ལམ་གསུམ་གྱི་ནི་ཆོག་གསུམ་གྱི། །ཇི་སྙེད་དུ་ནི་རྟོག་པས་བསྐུལ། །གསོལ་བ་འདེབས་པ་ཡིད་ལ་བྱེད། །འཇིག་རྟེན་རྣམས་ཀྱི་དོན་རྣམས་བྱེད། །ཡང་དག་སངས་རྒྱས་དེ་མཉེས་འགྱུར། །ཞེས་དེ་དག་གིས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་བཞིན་དུ་ལས་རྒྱལ་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱས་ནས་དུས་ལ་བབ་པ་དང་ཤི་བ་བཞིན་དུ་འོད་གསལ་ལ་ཐིམ། དེ་ནས་བུད་མེད་ལ་སོགས་པ་ངུ་བ་བཞིན་དུ་གླུས་བསྐུལ། སླར་ཡང་སྐྱེས་ནས་འདོད་ཡོན་ལ་སྤྱོད་པ་བཞིན་དུ་གླུའི་ངོར་བཞེངས་ཏེ་མཆོད་བསྟོད་བདག་གིར་མཛད་པ་རྣམ་གཞག་གསུམ་པའོ། །དེ་ཡང་ཕུང་པོ་གཟུང་བ་རིམ་གྱིས་ཐིམ་ནས་རིམ་འཛིན་རྗེས་གཞིག་གིས་མི་ཤིགས་པ་མངོན་དུ་བྱས་ཏེ་འཛིན་པ་ལ་ཉེ་བར་བསྡུས་ནས། ཨོཾ་ཤཱུ་ནྱ་ཏཱ་སོགས་སྔགས་ཀྱི་དོན་འོད་གསལ་ཐམས་ཅད་སྟོང་བ་མངོན་སུམ་དུ་བྱེད་པར་འགྱུར་རོ། །སྔགས་ཀྱི་དོན་དེ་ཡང་བཤད་རྒྱུད་ལས། དེ་ནས་དེ་བཞིན་གཤེགས་པ་ཀུན། །ཕྲ་མོའི་སྦྱོར་བ་རྣམས་པར་ཞུགས། །ཨོཾ་ཞེས་པ་ནི་གཅིག་དང་ལྡན། །ཤཱུ་ནྱ་ཏཱ་ནི་གཉིས་པ་ཡིན། །ཛྙྱཱ་ན་ཞེས་པ་གསུམ་པ་ཡིན། །བཞི་པ་བཛྭ་མིང་ཅན་ཏེ། །སྭ་བྷཱ་ཝ་ཨཱཏྨ་ཀཱོ་ལྔ་པ། །དྲུག་པ་ཨ་ཧཾ་ཞེས་སུ་བརྗོད། །དེ་ལྟར་དེ་བཞིན་གཤེགས་པ་དྲུག །སྐྱེ་བོ་མཆོག་ལ་བསྟན་པ་ཡིན། །ཨོཾ་ཤཱུ་ནྱ་ཏཱ་ཟུང་དང་པོ། །ཛྙྱཱ་ན་བཛྭ་གཉིས་པ་ཡིན། །སྭ་བྷཱ་ཝ་ཨཏྨ་ཀཱོཧཾ་གསུམ་པ་ཡིན། །དེ་ཉིད་གསུམ་དུ་འདི་རུ་བསྟན། །ཞེས་སོ། །འདི་ནི་དོན་དམ་པའི་དཀྱིལ་འཁོར་རྣམ་པར་བཞག་པ་བཞི་པའོ། །རྒྱུ་མཚན་འདིས་བསྐྱེད་པ་ནི་སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་ལྷ་བསྐྱེད་པ་ཡིན་ལ། རིམ་པ་ནི་དེ་ཉིད་རིམ་གྱིས་སྦྱོར་བར་བྱེད་པ་སྟེ་དེའི་ཕྱིར་བསྐྱེད་རིམ་ཞེས་བྱའོ། །ཡང་སྒྲ་བསྒྱུར་ཆེན་པོས། རྣམ་པར་བཞག་པ་དང་པོ་ཆོས་ཀྱི་སྐུ་ལས་དེའི་ཟབ་པའི་རྒྱུ་མཐུན་ལོངས་སྐུ། དེས་མིའི་འགྲོ་བ་འདུལ་བར་མི་ནུས་པས་སྤྲུལ་པའི་སྐུ་འཛིན་པ། གཉིས་པ་སངས་རྒྱས། གསུམ་པ་ཆོས་འཁོར་བསྐོར་བ། བཞི་བས་སླར་ལྷག་མ་མེད་ཅིང་མྱ་ངན་ལས་འདས་པ་བཞུགས་པར་མཚོན་པ། འདིའི་དབང་དུ་བྱས་ནས། བསྐྱེད་པ་ལྷ་ཡིན་ལ། རིམ་པ་འཁོར་ལོ་ལ་སོགས་པ་རྒྱས་པ་ལ་བྱ་བས་བསྐྱེད་རིམ་ཞེས་བཞེད་དོ། །དེ་ཡང་དང་ཡང་དུ་བསྒོམ་པ་ནི་དཀྱིལ་འཁོར་དུ་བསྒྲུབ་པ་ཞེས་བྱ་ལ། གང་གི་ཚེ་དངོས་གྲུབ་རྙེད་པར་མ་གྱུར་ན་དེའི་ཚེ་རང་གི་ལྷའི་གནས་ནན་ཏན་གྱིས་བསྐུལ་བར་བྱའོ། །དེ་ནི་སྔགས་ཏེ་དེའི་ངོ་བོ་ནི་བཤད་རྒྱུད་དུ། དེ་ཉིད་གསུམ་ནི་གཅིག་ཏུ་གྱུར། །གསལ་དང་མི་གསལ་མིང་ཅན་ཏེ། ཞེས། སྐུ་གསུང་ཐུགས་ཀྱི་འདུས་པ་ཐམས་ཅད་སྟོང་པ་འོད་གསལ་ལ་བཞག་པ་ཞིག་དང་། ཁྱད་པར་གསུམ་ལྡན་གྱི་མི་ཤིགས་པའི་ཐིག་ལེ་ལ་བཞག་པ། བྱེད་པའི་ལས་ནི་ཡང་དེ་ཉིད་དུ། །གཞན་ཡང་རྡོ་རྗེ་འཛིན་གང་ཞིག །གསུམ་གྱི་བརྡ་དང་ལྡན་པའི་མི། །སྤྱན་དྲངས་གཤེགས་སུ་གསོལ་བ་དང་། དེ་བཞིན་དུ་ནི་བཞུགས་པའོ། །འཇུག་པ་ཡིས་ནི་སྤྱན་དྲངས་ཏེ། །མྱུར་བ་ཡིས་ནི་གཤེགས་སུ་གསོལ། །དལ་བ་ཡིས་ནི་དེ་བཞུགས་འགྱུར། །དག་པ་ལས་ནི་དངོས་གྲུབ་མཆོག །ཅེས་སོ། །རྣམ་པར་དབྱེ་ན། སྔགས་ཀྱི་མིང་དང་། དོན་དང་། སྤེལ་བ་དང་། སྔགས་སྤྱོད་པའི་ཚུལ་བཞིའོ། །དང་པོ་ནི། མགོར་ཨོཾ་མེད་པ་མཐར་སྭཱ་ཧཱ་ཡོད་པ་དེ་ལ་མགོ་མེད། མགོར་ཨོཾ་ཡོད་པ་མཐར་སྭཱ་ཧཱ། མེད་པ་དེ་ལ་མཇུག་མེད། མགོ་མཇུག་གཉིས་ཀ་ཡོད་པའི་སྔགས་དེ་ལ་སྦྲུལ། གཉིས་ཀ་མེད་པའི་སྔགས་དེ་ལ་བསྡུས་པ་ལས་གྱུར་པ་ཟེར་རོ། །གཉིས་པ་ནི། སྒྲོན་གསལ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བར་གྱུར་པའི་སྔགས་ཐམས་ཅད་ནི་སྦྲུལ་ལ་སོགས་པའི་སྔགས་ཀྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་ཐུགས་ཏེ་སྲོག་གང་གི་ཀུན་ཏུ་སྐུལ་བར་བྱེད་ཅིང་རབ་ཏུ་སད་པར་བྱེད་པ་དེ་ནི་སྔགས་ཐམས་ཅད་ཀྱི་ཐུགས་ཀུན་ཏུ་སྐུལ་བར་བྱེད་པ་ཞེས་བྱ་བ་རབ་ཏུ་གསལ་བ་སྟེ་སྣོད་མ་ཡིན་པ་རྣམས་ལ་མཆོག་ཏུ་སྦ་བར་བྱའོ། །ཞེས་པས་རྩ་བཤད་ལས་གསུངས་པའི་སྔགས་རྣམས་ཀྱི་སྒྲ་དོན་རྣམ་པར་ཕྱེ་བའོ། །གསུམ་པ་ནི། ལས་དང་མཐུན་པའི་སྤེལ་ཚིག་འཇུག་པ་སྟེ་འདིས་སྔགས་ཀྱི་སྡེབས་རྣམ་པར་གཞག་པ་ཐམས་ཅད་མཚོན་ནོ། །བཞི་པ་ནི། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་སྒྲུབ་པ་པོ་མ་ཕྱེ་བར་སྤྱིར་བསྟན་ནོ། །བྱེ་བྲག་ཏུ་སྔགས་ལ་གཞོལ་བའི་དབང་དུ་མཛད་ནས། སྒྲོན་གསལ་ལས། སྔགས་ནི་འདོན་ཅིང་བླ་མ་རྣམས་ཀྱིས་གང་ཤུབ་བུར་བརྗོད་པ་དེ་ནི་སྔགས་ཏེ། དེའི་ཡུལ་ལ་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །དེ་འདྲེན་ཅིང་ཐོབ་པར་བྱེད་པས་ཚུལ་ལོ། །དེ་རྣམ་པ་བདུན་ཏེ་གང་ཞེ་ན། དཀྱིལ་འཁོར་ཚོགས་དང་ཐབས་དང་ནི། །གཏོར་མ་འདུས་དང་རིམ་པ་དང་། །དེ་ཉིད་རྣམ་པ་བདུན་དུ་གྲགས། །དེ་ནི་སྔགས་ཀྱི་ཚུལ་ཞེས་བཤད། །ཅེས་དང་། ཐབས་དེ་དག་གི་ཞི་བ་ལ་སོགས་པ་ལ་རབ་ཏུ་འཇུག་པ་ནི་སྔགས་སྤྱོད་པའོ། །ཞེས་གསུངས་ཤིང་། དགོངས་པ་ལུང་སྟོན་ལས། སྐྱེས་བུ་དེ་དེའི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་གཅིག་ཏུ་གྱུར། །མྱུར་བ་ལ་སོགས་གསུམ་ལྡན་པ། །ཕྱག་རྒྱ་སྒྲུབ་པར་བཤད་པ་ཡིན། །ཞེས་སོ། །དེ་བས་དབྱིབས་ནི་ལུས། སྒྲ་ནི་ངག དེ་དག་ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཡིད་དེ། རྩ་བའི་རྒྱུད་ལས། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག ཅེས་གསུངས་སོ། །གཉིས་པ་ལ། རིམ་པ་ལྷག་མ་བཞིར་གཙོ་བོར་བསྟན། སྦྱོར་བ་དྲུག་ལ་སོགས་པ་རྣམ་གྲངས་སུ་བཤད་པ། བོགས་འདོན་དུ་སྤྱོད་པ་རྣམ་པར་དབྱེ་བ་གསུམ་ལས། དང་པོ་ནི། སེམས་དབེན་ལ། སྟེང་སྒོ་རྣམ་པར་གྲོལ་བར་རང་ལུས་ཐབས་ལྡན། འོག་སྒོ་གཞན་ལུས་ཤེས་རབ། རིན་ཆེན་འཁོར་ལོའི་འཁྲུལ་འཁོར་ཐུན་མོང་དུ་འཇུག་པ། སྤྲོས་བྲལ་རྟག་མེད་དུ་འཆར་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་གདམ་ངག་དང་བཞི། རིམ་པ་གསུམ་པ་སྒྱུ་མ་ལ། མཉམ་བཞག་སྒྱུ་མ་དང་། རྗེས་ཐོབ་སྒྱུ་མ། །ཕྱི་མ་ལ་སྒྱུ་མ་གསུམ་ཁྱུད་ཅེས་བྱ་བ། སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་གསུམ། རིམ་པ་བཞི་པ་མངོན་པར་བྱང་ཆུབ་པ་འོད་གསལ་གྱི་རིམ་པ་ལ། ཉིན་མོ་ལམ་དང་རང་བཞིན་བསྲེ་བ། མཚན་མོ་ལམ་དང་རང་བཞིན་བསྲེ་བ། བར་དོ་ལམ་དང་རང་བཞིན་བསྲེ་བ་གསུམ། རིམ་པ་ལྔ་པ་ཟུང་འཇུག་ལ་སློབ་པ་དང་མི་སློབ་པའི་ཟུང་འཇུག་རྣམ་པ་གཉིས། རྣམ་པར་དབྱེ་བ་དེ་དག་ནི་མདོར་མཚོན་པ་ཙམ་སྟེ་རྒྱས་པར་ནི་རྒྱལ་བ་ཉིད་ཀྱི་སྤྱོད་ཡུལ་ལོ། །དེ་ལྟར་ཟླ་བ་གྲགས་པས། རིམ་པ་འདི་རྣམས་དབྱེ་བ་ཡང་། །སྤྲོས་པའི་རྣམ་པས་རྣམ་པ་མང་། །དེ་རྣམས་ཡང་དག་བསྡུས་པ་གང་། །གང་གིས་ཤེས་ཏེ་རྒྱུད་རིམ་པ། །ཞེས་གསུངས་སོ། །གཉིས་པ་ནི། བསྙེན་པ་ཡན་ལག་དྲུག་གིས་ནི། །བྱས་པ་སྒྲུབ་པ་མཆོག་ཏུ་འགྱུར། །གཞན་དུ་བསྒྲུབ་པར་གྱུར་ན་ནི། །དངོས་གྲུབ་མཆོག་ནི་འབྱུང་མི་འགྱུར། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་བཤད། །ཅེས་པ་ལ་སོགས་པས་བསྟན་པ་སྟེ། འདིར་བསྟན་གྱི་སྦྱོར་བ་དྲུག་དང་། དུས་ཀྱི་འཁོར་ལོ་ནས་བཤད་པའི་སྦྱོར་བ་དྲུག་མིང་མཐུན་པ་ཙམ་ཡིན་གྱིས་དོན་མི་གཅིག་གོ་ཞེས་སྨྲ་བ་ནི་འཐད་པ་མ་ཡིན་ཏེ། འདིར་ཡང་ཐ་མལ་གྱི་འཇུག་པ་སྡུད་ཅིང་ཡེ་ཤེས་ཀྱི་སྣང་བ་སྤྲོ་བ་ལ་སོར་སྡུད། དེ་སྦྱངས་པ་རབ་ཀྱིས་མཐར་ཕྱིན་པའི་སེམས་རྩེ་གཅིག་པ་བསམ་གཏན། རྡོ་རྗེ་བཟླས་པ་ལ་སྲོག་རྩོལ། སྲོག་རྩོལ་གྱིས་ཡོན་པོ་འགགས་ནས་དབུ་མར་གཟུང་བ་ལ་འཛིན་པ། སྟོང་པ་ཉིད་ཀྱི་གཟུགས་བརྙན་རྗེས་སུ་དྲན་པར་བྱེད་པ་ལ་རྗེས་དྲན། བདེན་གཉིས་གཅིག་ཏུ་སྦྱོར་བ་ལ་ཏིང་ངེ་འཛིན་ཞེས་བཤད་ཅིང་། དུས་ཀྱི་འཁོར་ལོར་ཡང་དེ་ཉིད་ལས་དོན་ཟུར་པ་ཅི་ཡང་མ་གསུངས་སོ། །དེ་བས་ན་བསྙེན་བསྒྲུབ་བཞིར་འབྱེད་པའི་ཚུལ་ལ་རྒྱུད་སྡེ་ཐམས་ཅད་གཅིག་པར། གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་ཡོངས་བཤད་པ། །ཞེས་དང་། བྱང་ཆུབ་སེམས་དཔའ་གསུམ་གྱི་འགྲེལ་པར་ཡང་དེ་ལྟར་གསུངས་པས་སོ། །དེ་ཡང་སོར་བསམ་བསྙེན་པ། སྲོག་འཛིན་ཉེར་བསྒྲུབ། རྗེས་དྲན་སྒྲུབ་པ་ཏིང་ངེ་འཛིན་སྒྲུབ་ཆེན་ཡིན་ནོ། །རྫོགས་པའི་རིམ་པར་ལུས་དབེན་སོགས་དྲུག་དང་། རྗེས་སུ་དྲན་པ་དྲུག་རིམ་པ་བཞིན་སྦྱར་བ། སྒྲོན་གསལ་ལས། སངས་རྒྱས་རྗེས་སུ་དྲན་པ་ཞེས་པ་ལ་སོགས་པ་སྟེ། ལུས་དང་ངག་དང་སེམས་ནི་བསྒོམ། །ཞེས་པ་ནི་བསྒོམས་ལས་ཞེས་འཐོབ་སྟེ་ལུས་བསྒོམས་པས་ནི་རིགས་བརྒྱའི་རབ་ཏུ་དབྱེ་བས་ལུས་རྣམ་པར་དབེན་པར་བྱེད་པས་ནི་སངས་རྒྱས་རྗེས་སུ་དྲན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་བཟླས་པའི་མཐར་ཐུག་པས་ངག་རྣམ་པར་འབྱེད་པས་ནི་ཆོས་རྗེས་སུ་དྲན་པའོ། །རང་བཞིན་སྣང་བའི་རིམ་གྱིས་སེམས་ལ་རྣམ་པར་དཔྱོད་པས་ནི་རྡོ་རྗེ་རྗེས་སུ་དྲན་པའོ། །རིགས་ནི་རྗེས་སུ་དྲན་ཞེས་པ་ལ་རིགས་ནི་ལུས་དང་ངག་དང་སེམས་སོ། །དེའི་རྗེས་དྲན་ནི་ཡེ་ཤེས་གསུམ་གྱི་ངོ་བོ་ཉིད་དུ་སོ་སོར་ཡོངས་སུ་ཤེས་པའོ། །སྦྱོར་བ་ནི་ཕྱིས་གཅིག་ཏུ་བྱེད་པ་སྟེ། གསུམ་པོ་ཡང་དག་པར་སྦྱོར་བ་དེ་ལས། ཁྲོ་བོ་ནི་ཐམས་ཅད་ཀྱི་ཡེ་ཤེས། དེའི་རྗེས་སུ་དྲན་པ་ནི་བསྒོམ་པ་སྟེ་བར་མ་ཆད་པར་བསྐྱེད་པའོ། །ཁྲོ་བོ་རྗེས་སུ་དྲན་པ་བསྒོམ་པ་དེས་དམ་ཚིག་ནི་ལྷ་སྟེ་ཕྱག་རྒྱ་ཆེན་པོའི་གཟུགས་དེའི་རྗེས་སུ་དྲན་པ་ནི་ཆུ་ཟླ་ལ་སོགས་པའི་རྣམ་པས་ཡོངས་སུ་ཤེས་པའོ། །དེ་དང་སྦྱོར་བ་ནི་དོན་དམ་པའི་སྦྱོར་བས་གཅིག་ཏུ་བྱས་པའོ། །སྦྱོར་བ་དེ་ལས་བསྒོམས་ན་ནི་བདེན་པ་གཉིས་གཉིས་སུ་མེད་པའི་རྣམ་པས་དམིགས་ན་བྱང་ཆུབ་སྟེ་བདེ་བ་ཆེན་པོར་མཚན་ཉིད་གཅིག་པའི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་སོ། །གཞན་ཡང་སྤྱོད་བསྡུས་ལས། སྔགས་གྱི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དང་། བདག་གི་དང་། ཆོས་ཀྱི་དང་། ལྷའི་དེ་ཁོ་ན་ཉིད་དེ་ལྔ་དང་། དེ་ཁོ་ན་ཉིད་བཞིར་ནཱ་རོ་མཻ་ཏྲིས་བཤད་དོ། །དེ་དག་རྒྱས་པ་བསྲེ་འཕོའི་རྣམ་བཤད་དུ་བཤད་ཟིན་ཏོ། །གསུམ་པ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་རྣལ་འབྱོར་གྱི་སྤྱོད་པ་ཞེས་གསུངས་ཏེ། རྒྱུད་ཕྱི་མའི་འགྲེལ་པར། དེ་ནི་རྣལ་འབྱོར་པའི་སྤྱོད་པ་བསྟན་པའི་ཕྱིར་ཐབས་དང་ཤེས་རབ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུང་ཏེ། རྣལ་འབྱོར་གྱི་སྤྱོད་པའི་ཐབས་དང་། ཤེས་རབ་ཀྱི་སྤྱོད་པས་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་ལས་བྱུང་བའི་སྤྱོད་པ་དང་ལྡན་པས། ཕུང་པོ་ཞེས་པ་ལྷ་སུམ་ཅུ་རྩ་གཉིས། རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །སྦྱོར་བ་དེས་བྱས་ཞེས་པ་སྣང་བ་གསུམ་དུ་ངེས་པ་དེ་ཉིད། ཐམས་ཅད་པ་ཞེས་པ་འོད་གསལ་དུ་མོས་པ་བྱས་ལ། ཞེས་སོ། །གསང་བའི་སྤྱོད་པ་ལ་རྨད་དུ་བྱུང་བའི་སྤྱོད་པ་ཞེས་གསུངས་ཏེ་དེར། རྨད་དུ་བྱུང་བའི་སྤྱོད་པ་བསྟན་པའི་ཕྱིར། འཇིགས་པ་ཐམས་ཅད་སྤངས་ནས་སུ་ཞེས་པ་ནི་གདོན་དང་ལྷ་མོ་ལ་སོགས་པའི་བདུད་དོ། །དོགས་པ་མེད་པའི་ཞེས་པ་ནི་ངན་སོང་ལ་སོགས་པའོ། །སེང་གེ་ཞེས་པ་ནི་སེང་གེ་ལྟ་བུའི་སྤྱོད་པ་སྤྱད་པར་བྱ་བ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཤིང་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་རྫོགས་པར་བྱེད་དོ། །སེང་གེ་ལྟ་བུ་དེ་ཉིད་རྒྱས་པར་བསྟན་པ་ནི། འདི་ལ་མི་བྱ་ཅུང་ཟད་མེད་ཅེས་པ་ལ་སོགས་པའོ། །ཞེས་སོ། །རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ལ་ཀུན་ཏུ་སྤྱོད་པ་ཞེས་གསུངས་ལ། དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྤྱོད་པ་གཉིས་སུ་ཕྱེ་བའི་དང་པོ་ཞི་བའི་བརཏལ་ཞུགས། ཕྱི་མ་ཧེ་རུ་ཀའི་བརཏལ་ཞུགས་ཡིན་ཏེ། དེར་མཉམ་པར་མ་བཞག་སྦྱོར་ཞེས་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ལས་མཉམ་པར་བཞག་པ་དང་མ་བཞག་པའི་རྟོག་པ་མེད་པ་ནི་ཀུན་ཏུ་བསྙོན་པ་ལྟ་བུར་རྒྱུ་བས་ན་ཀུན་ཏུ་སྤྱོད་པ་ཞེས་བྱའོ། །སྤྱོད་པ་དེ་ལ་ཡང་གཉིས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་འཇིག་རྟེན་པ་དང་འགལ་ཡང་རུང་མི་འགལ་ཡང་རུང་། རྣམ་པ་གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་བའི་རྣམ་པ་དེ་དང་དེས་སྔགས་པ་རྣམས་ནི་ནུས་པ་རབ་ཏུ་འཇུག་པའོ། །དེ་བཞིན་གཤེགས་པའི་སྤྱོད་པ་ནི། སློབ་དཔོན་གང་དག་གིས་དེ་ཁོ་ན་ཉིད་འདོན་ཅིང་ཟློས་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་དེ་རྣམས་ཀྱི་སྤྱོད་པ་ནི་རྫོགས་པའི་གོ་རིམ་བཏགས་ནས། གང་དག་མཉམ་པར་མ་བཞག་པའི་སྦྱོར་བས་སྤྱོད་པ་དེ་ཉིད་ནི། ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ལ་སྔགས་ཀྱི་སྤྱོད་པ་ཞེས་གསུངས་ཏེ། དེ་ཉིད་དུ། ད་ནི་སྔགས་ཀྱི་ངེས་པའི་ཚིག་བསྟན་པའི་ཕྱིར། དབང་པོ་དང་ནི་ཡུལ་རྣམས་ཀྱིས་ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་ལྔ་དང་། གཟུགས་ལ་སོགས་པའི་ཡུལ་ལྔའི་རྐྱེན་གྱིས་སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པའི་ཡིད་དེ་ལ། མན་ཞེས་བྱ་བར་བརྗོད་ཅེས་པའོ། །ཏྲ་སྐྱོབ་པར་བྱེད་པའི་དོན་ཞེས་པ་ནི། དེ་ལྟར་སེམས་དང་། སེམས་ལས་བྱུང་བ་དང་། མ་རིག་པ་དང་གསུམ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། ཤེས་རབ་དང་། ཉེ་བར་ཐོབ་པ་དང་། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་གསུམ་དུ་ཀུན་རྫོབ་ཏུ་ཤེས་པར་བྱས་ནས། ཐམས་ཅད་སྟོང་པ་དོན་དམ་པའི་བདེན་པ་རྟོགས་པའི་དུས་སུ་རང་བཞིན་བརྒྱད་ཅུའི་ཡིད་སྐྱོབ་པར་གྱུར་པས་ན་སྔགས་ཞེས་བྱའོ། །སྔགས་ཀྱི་སྤྱོད་པ་བསྟན་པའི་ཕྱིར། །འཇིག་རྟེན་སྤྱོད་ལས་རྣམ་འགྲེལ་བར། །ཞེས་པ་ནི། སྤྱོད་པ་དེ་དང་ལྡན་ནས་འཇིག་རྟེན་པའི་སྤྱོད་པ་སྣ་ཚོགས་ལ་རྣམ་པར་གྲོལ་བར་བྱེད་དོ། །དེ་ཡང་གང་ཞེ་ན། སྔར་བཤད་དམ་ཚིག་སྡོམ་པ་ཞེས་པ་ནི། སྡར་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་བདུན་པ་ལས། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། སྲིན་པོ་དང་། ཤ་ཟ་དང་། མཁའ་འགྲོ་མ་ལ་སོགས་པའི་དམ་ཚིག་དང་སྡོམ་པ་བསྟན་པ། དེ་རྣམས་རྣལ་འབྱོར་པས་སྤྱོད་པའི་བསྲུང་བ་ནི་སྔགས་ཀྱི་སྤྱོད་པ་ཞེས་བྱའོ། །ཞེས་གསུངས་སོ། །འདིའི་རྣམ་པར་གཞག་པ་རྒྱས་པར་ནི་རོ་སྙོམས་ཀྱི་རྣམ་བཤད་ཀུ་མུ་ཏར་བཤད་ཟིན་ཏོ། །གསུམ་པ་འབྲས་བུའི་རྒྱུད་ནི། མི་གནས་པའི་མྱ་ངན་ལས་འདས་པ་རྡོ་རྗེ་འཆང་ཟུང་འཇུག་གི་སྐུ་གང་ཡིན་པ་གཞན་གྱིས་འཕྲོག་པར་མི་ནུས་པ་ནི་རིག་པའི་སྐྱེས་བུ་སྟེ། ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་དང་ལྡན་པ། དབང་ཕྱུག་བརྒྱད་ནི། སྐུ་དང་གསུང་གི་དབང་ཕྱུག་དང་། ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་དང་། །ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱད། །ཅེས་དང་། རིག་པའི་སྐྱེས་བུ་ནི། སྒྲོན་གསལ་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྒྲུབ་པར་གྱུར་པའི་རིམ་པའི་རང་བཞིན་གྱི་སྐྱེས་བུ་ནི་རིག་པའི་སྐྱེས་བུ་སྟེ་ཞེས་དང་། དེ་ཡང་། དུས་ཇི་ཙམ་ན་ཚུལ་ཇི་ལྟ་བུས་མངོན་ཏུ་བྱེད་ན། སྒྲོན་གསལ་དུ། འོ་ན་ནི་སངས་རྒྱས་ཉིད་འདིས་ཐོབ་པར་འགྱུར་རམ་ཞེས་འགའ་ཞིག་དོགས་པར་འགྱུར་བས་སོ། །དེ་བསལ་བར་བྱ་བའི་ཕྱིར་འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བ་འདུས་པ་འདི་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། །གང་ཞིག་གདྒཱའི་ཀླུང་གི་བྱེ་མ་དཔག་ཏུ་མེད་པ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ་གསང་བ་འདུས་པ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ་ཞེས་པའི་དོན་འདི་ཡིན་ཏེ། ནང་གི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་དོན་དམ་པའི་བདེན་པ་ལ་ཞུགས་ནས་རྙོག་མའི་དྲི་མ་ཐམས་ཅད་བཀྲུས་ཏེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དང་། འཛུམ་པ་ཙམ་གྱིས་རང་བྱིན་གྱིས་བརླབ་པའི་རིམ་པས་ལངས་ནས་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར། ཞེས་པས་མངོན་པར་བྱང་ཆུབ་པ་རྟོགས་ན་བདེན་པའི་སྲོག་ཆད་དེས་རྗེས་ཐོབ་ཏུ་ལངས་ཀྱང་སྒྱུ་མ་ཙམ་ལས་གཞན་མི་སྣང་བ་དེ་ལ་སྒྱུ་ལུས་སུ་ལྡང་བའི་ཐ་སྙད་བཞག་གི་ཁོག་པ་ནས་ལུས་གསར་བ་ཞིག་འབྱུང་བ་མ་ཡིན་པས་ན་ཡས་ལྡང་མས་ལྡང་གི་ཐ་སྙད་རྒོད་བྲོའོ། །ཕྱག་རྒྱའི་ལམ་གྱིས་ནི་ཤིན་ཏུ་མྱུར་བར་ཡང་འགྲུབ་སྟེ། དེ་ཉིད་དུ། དེ་ལྟར་ཆ་རྐྱེན་མ་ཚང་བ་མེད་བས་ལེགས་པར་བསླབས་པའི་ཕྱག་རྒྱ་རྣམས་དང་ལྷན་ཅིག་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སློབ་པར་བྱེད་པ་དག་གི་ཕན་ཡོན་བསྟན་པ་ནི། ཞག་བདུན་ཞེས་པ་ལ་སོགས་པས་གསུངས་ཏེ། དབང་པོ་རབ་ཀྱི་དངོས་གྲུབ་ཀྱི་དུས་ནི་ཞག་བདུན་ནོ། །དབང་པོ་འབྲིང་གི་ཟླ་བ་ཕྱེད་དེ་ཞག་བཅོ་ལྔའོ། །དབང་པོ་ཐ་མ་ཡིས་ནི་ཟླ་བ་གཅིག་གམ་ཟླ་བ་ཕྱེད་དང་གཉིས་ཏེ་ཟླ་བ་ཕྱེད་ཀྱིས་ལྷག་པའི་ཟླ་བ་ནི་ཟླ་བ་ཕྱེད་དང་གཉིས་ཏེ་དེས་དབང་པོ་ཐམས་ཅད་གྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་རྒྱུད་ཀྱི་དོན་བསྡུ་བ་ཤེས་ནས་མཐའ་དྲུག་ཚུལ་བཞིས་ཚིག་རྣམ་པར་དབྱེ་བ་ལ་འཇུག་པར་བྱ་སྟེ། སྔགས་དང་སེམས་དང་ལུས་དང་ནི། །རྣམ་དག་དང་ནི་ཟུང་འཇུག་སྟེ། །རིམ་པ་ལྔ་ནི་བསྡུས་པའི་དོན། །ཤེས་ནས་མཐའ་དྲུག་ལ་འཇུག་གོ །ཞེས་སོ། །གཉིས་པ་གང་གི་འཆད་བྱེད་རྒྱན་བདུན་གྱིས་དེ་ཇི་ལྟར་བརྒྱན་པའི་ཚུལ་ལ། འཆད་བྱེད་རྒྱན་གྱི་རྣམ་གཞག རྒྱན་དེས་ཇི་ལྟར་བརྒྱན་པའི་ཚུལ། རྒྱན་གྱིས་མཛེས་པའི་རྒྱུད་དངོས་གསུམ་ལས། དང་པོ་ནི། སྒྲོན་གསལ་ལས། གླེང་བསླང་བ་ཡི་གྲངས་ནི་ལྔ། །ཚུལ་ནི་རྣམ་པར་བཞི་དང་ཡང་། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །འཆད་ཚུལ་ཡང་ནི་རྣམ་པ་བཞི། །ལྔ་པའི་དབྱེ་བ་རྣམ་པ་གཉིས། །དྲུག་པ་དབྱེ་བ་ལྔ་དང་ལྡན། །བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །ཞེས་པས། གླེང་བསླང་བ་ལྔ། ཚུལ་བཞི། མཐའ་དྲུག་བཤད་པ་བཞི། བཤད་ཚུལ་གཉིས། གང་ཟག་ལྔ། རྫོགས་པའི་རིམ་པ་བསྒྲུབ་པ་དང་བདུན་གྱི་དང་པོ་གླེང་བསླང་བ་ལྔ་ནི། རྒྱུད་ནི་ཐ་སྙད་ཅི་ཞིག་ཡིན། །གང་གི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་གང་། །ཚིག་འདིའི་དགོས་པ་ཅི་ཞིག་ཡིན། །ཞེས་རྒྱུད་ཀྱི་མཚན་ཅི། གང་གི་དོན་དུ་མཛད། བྱེད་པ་པོ་སུ། འདིའི་ཚད་གང་། དགོས་པ་ཅི་ཡོད་ཅེས་པ་ལྔ་སྟེ། དང་པོ་ནི། རྒྱུད་ཀྱི་ཐ་སྙད་མཚན་ཡིན་ལ། །ཞེས་པས། མིང་མེད་ན་ཐ་སྙད་ཆད་པའི་ཕྱིར་འགྲོ་བ་ཐམས་ཅད་འོན་པ་དང་ལྐུགས་པར་འགྱུར་ལ། དེ་བཟློག་པའི་ཕྱིར་དང་པོར་མཚན་གཟུང་སྟེ། རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །ཞེས་དང་། དཔལ་ལྡན་རྒྱུད་རྒྱལ་རྣལ་འབྱོར་རྒྱུད་ནི་ཤིན་ཏུ་གསལ་བས་རྣམ་པར་ཕྱེ་ཞིང་ལེགས་བཤད་པ། །ཞེས་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་ཀྱང་བྱ་སྟེ། ཤྲདྡྷཱ་ཀ་རས། མིང་ནི་ཁྲི་གསུམ་སྟོང་ཕྲག་བཞི། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་གྲགས། །ཀ་ནས་ས་ཡི་བར་དུ་ནི། །ཉི་ཤུ་རྩ་དྲུག་མིང་གིས་མཐའོ། །དེ་ཙམ་ཅུང་ཟད་དབྱེ་བ་སྟེ། །རྒྱས་པར་དབྱེ་ན་གྲངས་མེད་དོ། །བསྡུས་པའི་རྩ་བ་ཡི་གེ་གསུམ། །གསུངས་པ་སྐུ་གསུང་ཐུགས་ཤེས་གསུངས། །ཞེས་དང་། རྣལ་འབྱོར་པའི་རྒྱུད་ཅེས་ཀྱང་བྱ་ལ། བྱེ་བྲག་འདིའི་མིང་ནི་དཔལ་གསང་བ་འདུས་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོའོ། །གང་གི་དོན་དུ་མཛད་པ་ནི། །རྣལ་འབྱོར་གྱི་རྒྱུད་དེ། འདོད་ཆགས་ཞེ་སྡང་གཏི་མུག་ཅན་གྱི་གདུལ་བྱའི་ངོར་མཛད་པས་རིགས་གསུམ་དུ་འདུ་བའི་འདི་ནི་ཐུགས་ཏེ། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་པས། འདོད་ཆགས་ཀྱི་རིགས་ཅན་གཙོ་བོར་བྱས་ནས་དེ་རྣམ་པར་དག་པའི་ཕྱིར་དུ་གསུངས་སོ། །བྱེད་པ་པོ་སུ་ཞེ་ན། འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཞེས་པས། རིགས་ལྔའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྟེ། ཤྲདྡྷས། བྱེད་པ་པོ་ནི་རྡོ་རྗེ་འཆང་། །སངས་རྒྱས་དྲུག་པ་དེ་ཁོ་ན། །ཞེས་སོ། །འདིའི་ཚད་གང་ཞེ་ན། ཚད་དག་ཀྱང་ནི་བཤད་བྱ་སྟེ། །དེ་ཡང་ལེའུ་ཆོ་ག་དང་། །དུམ་བུ་རིམ་པར་ཕྱེ་བ་ཉིད། །དེ་ལྟར་རྣམ་པ་བཞིར་འགྱུར་ཞིང་། །གཞུང་ཉིད་ཀྱིས་ཀྱང་གྲངས་ཀྱིས་སོ། །ཞེས་པས། ཡོངས་སུ་འབད་པ་དང་གཞལ་བྱ་མཐར་ཐུག་པ་གང་དུ་བྱས་པ་དེ་ནི་ལེའུར་བཅད་པ། དེ་ཡང་རྩ་རྒྱུད་ཉུང་ངུ་ལ་བཅུ་བདུན་ཆོ་ག་ཉི་ཤུ། དུམ་བུ་ཕྱི་མའི་རྒྱུད་ལ་སོགས་པ་བཤད་རྒྱུད། །རིམ་པར་ཕྱེ་བ་སྲིད་པ་སྐྱེ་བའི་རིམ་པ་སྦྱོང་བྱེད་སྐྱེད་རིམ། འཆི་བའི་རིམ་པ་སྦྱོང་བྱེད་རྫོགས་རིམ་སྟེ། གཞུང་གི་ཤློ་ཀའི་གྲངས་ཀྱང་ཞར་ལ་བཤད་པ་སྟེ། ཤྲདྡྷས། ལེའུ་རྣམ་པར་བཅུ་བདུན་ཏེ། །ཆོ་ག་ཉི་ཤུར་མཁས་པས་བཤད། །དུམ་བུ་ཕྱི་མའི་རྒྱུད་དང་ནི། །བཤད་པའི་རྒྱུད་རྣམས་གྲགས་པ་ཡིན། །བསྐྱེད་དང་རྫོགས་པའི་སྒྲུབ་ཐབས་དང་། །སྲིད་པ་སྐྱེ་འཆི་རིམ་པ་ཡི། །དབྱེ་བ་བརྗོད་པ་རིམ་པ་ཡིན། །ཞེས་སོ། །དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང་། །དེ་བཞིན་གྲུབ་པ་བརྒྱད་པ་ནི། །སངས་རྒྱས་ཉིད་ཀྱང་མཆོག་ཡིན་ནོ། །ཞེས་པས་ལས་རབ་འབྱམས། གྲུབ་པ་བརྒྱད། རྫོགས་པའི་སངས་རྒྱས་ཐོབ་པ་སྟེ་གསུམ། དེའི་དང་པོ། ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། རྣམ་པར་དབྱེ་བ་དང་། བསད་པ་དང་། དགར་བ་དང་། མངོན་སྤྱོད་ལ་སོགས་པའོ། །གཉིས་པ་འཁོར་ལོའི་རིག་འཛིན་གྲུབ་པ་དང་། དེ་བཞིན་དུ་རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེ་དང་། རལ་གྲི་དང་། མཛུབ་རིས་དང་། མིག་སྨན་དང་། རིལ་བུའི་གྲུབ་པ་རྣམས་སོ། །ཤྲདྡྷས། ཐུན་མོང་མཆོག་དང་རྣམ་བཞི་ལ། །བདག་གཞན་དོན་བྱས་དགོས་པའོ། །རྒྱུད་གཞན་ལ་ཡང་དེ་བཞིན་ནོ། །ཞེས་ཐུན་མོང་མཆོག་རེ་རེ་ལ། །བདག་དོན་གྲུབ་པ་གཞན་དོན་འགྲུབ་པའི་དགོས་པ་གཉིས་གཉིས་སུ་ཕྱེ་སྟེ་བཞིར་མཛད་དོ། །རྒྱན་གཉིས་པ་ཡང་། རྒྱུད་དང་གླེང་གཞི་ཞེས་པ་དང་། །ངེས་པའི་ཚིག་དང་རྒྱུ་ཡང་ངོ་། །ཞེས་པ་ལ། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་ཀྱི་ཆོས་ཀྱི་དབྱེ་བས་གཉིས། དང་པོ་ལ་ཡང་། རྒྱུད། གླེང་གཞི། ངེས་ཚིག རྒྱུ་བཞིའོ། །མི་ཡི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །ཅེས་མི་གདུལ་བྱ་ཡིན་པར་འདྲ་བའི་སྐྱེ་བ་གཟུང་བ་ནི། །རིགས་པ་ཁོ་ནའོ་ཞེས་དགོངས་པས་སོ། །བཙུན་མོའི་འཁོར་གྱི་ནང་ནས་ནི། །ངེས་པར་འབྱུང་བ་གླེང་གཞི་ཡིན། །མི་ཡི་སྐྱེ་བ་གཟུང་ན་ཡང་། །འདོད་ཆགས་དང་བྲལ་བ་ལ་མ་བརྟེན་པར་སེམས་ཅན་རྣམས་འདུལ་བར་མི་འགྱུར་བ་དེ་བཟློག་པའི་ཕྱིར་བཙུན་མོའི་འཁོར་གྱི་ནང་ནས་བྱུང་བ་ཡིན་ནོ། །འདུལ་ལས་སྡོམ་པར་བསྟན་པ་ནི། །ངེས་པའི་ཚིག་ཅེས་བཤད་པ་ཡིན། །དགོན་པར་གནས་པ་ལ་ཡང་འདོད་ཆགས་འབྱུང་བས་དེ་བཟློག་པའི་ཕྱིར་འདུལ་བའི་བསླབ་པའི་རྣམ་པ་སྣ་ཚོགས་སུ་སྤྱོད་པའོ། །འབྲས་བུ་འདོད་པས་ཆོས་སྤྱོད་པ། །དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། །འདི་ནི་འདོད་ཆགས་བྲལ་འདོད་ཀྱི། །ཚུལ་ནི་རྣམ་པ་བཞིར་འདོད་དོ། །ཞེས་འབྲས་བུས་བཞེད་པ་ཡོད་པས་བཅོམ་ལྡན་འདས་དཀའ་བ་སྤྱོད་པ་སོགས་ཆོས་སྤྱོད་པར་མཛད་པ་དེ་ནི་རྒྱུ་ཡིན་ཏེ་འབྲས་བུ་ཐོབ་པར་བྱ་བ་ལ་ཐབས་ཡིན་པའི་ཕྱིར་རོ། །གཉིས་པ་འདོད་ཆགས་ཀྱི་ཆོས་ཀྱི་རིག་པ་ལ་ཡང་རྒྱུད། གླེང་གཞི། ངེས་ཚིག རྒྱུ་བཞིའི་དང་པོ། འདོད་ཆགས་ཆོས་ཀྱི་ཚུལ་གྱི་ནི། །དོན་གསལ་རྟོགས་ཕྱིར་བཤད་པར་བྱ། །རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །ཅེས་ཉོན་མོངས་པ་ལྔ་དང་། རྣམ་ཤེས། ཕུང་པོ། རླུང་། འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་སྐུར་གཟུང་བའོ། །སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །རིགས་ལྔར་བསྟན་པ་ཀུན་རྫོབ་སྟེ། །དེ་བཟློག་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་རིགས་ཀྱི་ངོ་བོ་གཅིག་ཏུ་མཛད་པའོ། །འདི་གཉིས་རང་དོན་ཕུན་སུམ་ཚོགས་པ། །རྡོ་རྗེ་ལ་སོགས་གཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་པ་ཡིན་པས་དེ་དག་རྗེས་སུ་གཟུང་བའི་ཕྱིར་རྡོ་རྗེ་ལ་སོགས་པའི་མཚོན་ཆ་བསྣམས་པ་དེ་དག་ཀྱང་ཡེ་ཤེས་རྣམ་པར་དག་པ་ཡིན་ནོ། །སྒེག་པ་ལ་སོགས་སྤྱོད་པ་ནི། རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་བཅོམ་ལྡན་འདས་ཁྲོ་ཆགས་ཀྱི་དབང་དུ་མཛད་ནས་སྒེག་པ་ལ་སོགས་གར་དགུའི་ཉམས་ཀྱི་སྤྱོད་པ་མཛད་ཅིང་། གཞན་དག་ལ་ཡང་དེ་དག་ལྟར་སྟོན་པར་མཛད་དེ། དེ་ལ་སྒེག་པའི་ཉམས་ཀྱི་སྤྱོད་པ་ནི་མཱ་མཱ་ཀཱི་ཆེན་པོ་དང་ལྷན་ཅིག་ཏུ་འདུག་པ་དང་། འཁྱུད་པ་དང་། སེན་མོ་དང་། སོས་གདབ་པ་ལ་སོགས་པའི་མཚན་ཉིད་དོ། །དཔའ་བའི་སྤྱོད་པ་ནི་ཇི་ལྟར་མཚན་མོ་དུར་ཁྲོད་ཀྱི་ཕྱོགས་སུ་རོ་སློང་བར་བྱེད་པའོ། །རྔམ་པའི་སྤྱོད་པ་ནི་གོ་གུ་ད་ཧ་ན་ཟ་བར་བྱེད་པའོ། །སྨད་པ་དང་འཇིགས་པར་བྱེད་པ་ནི་རྔམ་པ་ཞེས་བྱ་བར་བསྟན་ནོ། །རྒོད་པའི་སྤྱོད་པ་ནི་ཇི་ལྟར་ཅུང་ཟད་འཛུམ་པ་ཉིད་ཀྱི་བསྟན་པའམ། སྒེག་པའི་ཉམས་ཀྱི་བྱེ་བྲག་གམ་མཚན་མོ་རོ་ལངས་འཇིགས་པར་བྱ་བའི་ཕྱིར་གད་མོ་ཆེན་མོའོ། །དྲག་པའོ་སྤྱོད་པ་ནི་ཇི་ལྟར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བའི་རྒྱལ་པོ་བསྒོམ་པའོ། །འཇིགས་སུ་རུང་བའི་སྤྱོད་པ་ནི། དེའི་ལུས་ཉིད་ཀྱི་བགེགས་སྐྲོད་པའོ། །སྙིང་རྗེའི་སྤྱོད་པ་ནི་རང་བཞིན་གྱི་གྲུབ་པ་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །རྔམ་པའི་སྤྱོད་པ་ནི་ཇི་ལྟར་འཇིག་རྟེན་དང་འགལ་བར་འགྱུར་བའི་རིམ་པས་ཀྱང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པས་སོ། །ཞི་བའི་སྤྱོད་པ་ནི་རྣམ་པར་རྟོག་པ་མེད་པ་སྟེ་འབྲས་བུའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་ནི་གཞན་དོན་ཕུན་སུམ་ཚོགས་པའོ། །རྒྱན་གསུམ་པ་ལ། དབྱེ་བ་དྲང་བ་ངེས་དོན་དང་། །དགོངས་པས་བཤད་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་སྒྲ་མིན་ཏེ། མཐའ་ནི་དྲག་ཅེས་བྱ་བར་གྲགས། །དྲང་དོན་དང་ངེས་དོན། དགོངས་པས་བཤད་པ་དང་དགོངས་མིན། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་མ་ཡིན་པ་སྟེ་དྲུག སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་བཤད་པ་དྲང་བའི་དོན། །སྐལ་བ་ངན་པའི་སློབ་མ་རང་བཞིན་གྱི་དོན་ལས་གཞན་པ་ཉིད་དུ་ཁྲིད་པ་དེ་དག་ལ་ནི་དེ་ཙམ་གྱིས་དོན་དུ་འགྱུར་བ་ཡིན་ནོ། །ཡང་དག་དོན་ནི་རབ་བསྟན་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །མཆོག་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །མཆོག་འདོད་པའི་སྐལ་བ་ཅན་ཡང་དག་པའི་དོན་ནི་བདེན་པ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རབ་ཏུ་སྟོན་བྱའོ། །འདི་ལ་གདོན་མི་ཟ་བའི་དོན་ཞེས་ཀྱང་བྱའོ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་དེ་དགོངས་བཤད་དོ། །མོས་པ་སྣ་ཚོགས་པའི་འཁོར་གྱི་ནང་དུ་བརྗོད་པར་མི་རུང་བའི་ཕྱིར་འཇིག་རྟེན་ལས་འགལ་བའི་ཚིག་གི་སྦྱོར་བས་གསུངས་པའོ། །དབང་པོ་དམན་པའི་སེམས་ཅན་རྣམས། །རྟོགས་ཕྱིར་ཤིན་ཏུ་གསལ་བ་ཡིན། །དེ་ཉིད་གསལ་བར་སྟན་པ་ནི། །དགོངས་པ་མིན་པས་བཤད་པའོ། །ཀུ་མཱ་རས། དབང་པོ་དམན་པ་ནི་རེ་ཤིག་ཉན་པ་པོ་དབང་པོའི་ཁྱད་པར་ཐོབ་པ་མ་ཡིན་ནོ། །འོན་ཀྱང་བླ་མ་ལ་གུས་ཤིང་བདེན་པ་དང་། དཀོན་མཆོག་གསུམ་ལ་སོགས་པའི་ཡུལ་ལ་གུས་པ་དང་བཅས་ཤིང་སྦྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཅན་དེ་ཁོ་ན་ཉིད་ཀྱི་སྣོད་དུ་རུང་བ་དེ་དག་ལ། མཆོག་ཏུ་གསལ་བས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་སྟོན་པ་གང་ཡིན་པ་དེ་ནི་དགོངས་པ་མ་ཡིན་པ་ཞེས་གསུངས་སོ། །ཤྲདྡྷས། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབང་བསྐུར་མི་དམིགས་ལ་སོགས་པའི། །རྡོ་རྗེའི་ཚིག་ནི་དགོངས་བཤད་པའོ། །སྟོང་པ་བདག་མེད་འོད་གསལ་བ། །ཞེས་སོགས་ཚིག་ནི་དགོངས་པ་མིན། །ཞེས་སོ། །དཀྱིལ་འཁོར་ལ་སོགས་རྟག་པ་རུ། །སྤྱོད་པའང་ཇི་ལྟ་ཇི་ལྟ་བར། །དོན་གསལ་བཤད་པ་གང་ཡིན་པ། །དེ་ནི་ཇི་བཞིན་སྒྲར་གསུངས་པའོ། །དཀྱིལ་འཁོར་གྱི་ཆོ་ག་དང་། རྟོག་པ་དང་། སྤྱོད་པ་སྒྲས་ཇི་ལྟར་བཤད་པ་དེ་ཁར་དོན་གནས་པའོ། །ཀོ་ཊ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལས་གཞན་བྱས། །དེ་བཞིན་གཤེགས་པ་རྣམས་ཀྱི་བརྡ། །དེ་ནི་དེ་བཞིན་མིན་པར་བསྒྲགས། །བ་ལང་ཞེས་པ་ལྟ་བུ་འཇིགས་རྟེན་ལ་གྲགས་པའི་སྒྲ། དེ་བཞིན་ཅེས་སོགས་བསྟན་བཅོས་ལ་གྲགས་པའི་སྒྲ། ཀོ་ཊ་ཁྱ་ལ་སོགས་པ་ནི་ལུགས་དེ་གཉིས་གང་ལ་ཡང་མ་གྲགས་པས་བཅོམ་ལྡན་འདས་ཀྱིས་རྟོག་གེ་བ་དང་སྒྲ་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་དོན་དུ་དེ་བཞིན་གཤེགས་པ་ལྔའི་མཚན་ནམ་སྲོག་ལ་སོགས་པའི་རླུང་གི་མིང་དུ་མཛད་པ་ལྟ་བུ། འདིར་བསྟན་ཞེས་བྱ་བ་ནི་ཐུན་མོང་བ་དག་གོ །ཀུ་མཱ་རས། ཅི་སྟེ་དགོངས་པ་དང་དྲང་བའི་དོན་དུ་བཤད་པ་ལ་ཐ་དད་དུ་དབྱེ་བ་ཅི་ཡོད་ཅེ་ན། སྒྲ་དང་དོན་གྱི་བྱེ་བྲག་གིས་ཐ་དད་པ་ཡིན་ནོ་ཞེས་སྨྲས་སོ། །དགོངས་པ་དང་ཇི་བཞིན་མ་ཡིན་པའི་སྒྲས་བཤད་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། འགལ་བ་དང་གྲགས་པ་མ་ཡིན་པའི་བརྡའི་བྱེ་བྲག་གིས་སོ། །དགོངས་པ་དང་ཇི་བཞིན་པའི་སྒྲས་བཤད་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། འགལ་བ་དང་འགལ་བ་མ་ཡིན་པའི་བྱེ་བྲག་གིས་སོ། །ངེས་པའི་དོན་དང་དགོངས་པ་མ་ཡིན་པའི་དོན་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། དབང་པོ་རྣོ་བ་དང་རཏལ་པའི་བྱེ་བྲག་གིས་སོ། །ཞེས་སོ། རྒྱན་བཞི་པ་ལ། འཆད་ཚུལ་དབྱེ་བ་བརྗོད་པར་བྱ། །ཡི་གེའི་དོན་དང་སྤྱི་ཡི་དོན། །སྦས་པ་དེ་བཞིན་མཐར་ཐུག་པའོ། །དང་པོ་གཅིག་པུ་ཁོ་ན་ཉིད། །སྤྱི་ཡི་དོན་གྱི་དབྱེ་བ་གཉིས། །སྦས་པ་རྣམ་པ་གསུམ་དུ་བཤད། །མཐར་ཐུག་ལ་ནི་རྣམ་གཉིས་བཞེད། །ཡི་གེའི་དོན། །སྤྱིའི་དོན། སྦས་པའི་དོན། མཐར་ཐུག་པའི་དོན་བཞི། སྒྲ་ཡི་བསྟན་བཅོས་རབ་གཞོལ་བའི། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །དེ་ཡི་བཀོད་པ་རབ་བསྟན་པ། །ཡི་གེའི་དོན་དུ་ངེས་པར་བཤད། །རང་བཞིན། རྐྱེན་རྣམ་འགྱུར། མིང་། ཡི་གེའི་ངེས་པ་སྒྲ་པས་བཞག་པ་དང་མཐུན་པར་སྟོན་པ། མདོ་སྡེ་སོགས་ལ་རབ་ཞུགས་པའི། །ཐེ་ཚོམ་ཟློག་པར་བྱེད་པ་དང་། །བསྐྱེད་པའི་རིམ་པའི་རྣལ་འབྱོར་དག །སྤྱི་ཡི་དོན་ནི་ཡིན་པར་གསུངས། །འདི་ལ་མདོ་སྡེ་ལ་སོགས་པས་རབ་ཏུ་ཞུགས་པ་སྔགས་ཀྱི་ལམ་ལ་འཇུག་པའི་ཚེ་དམ་ཚིག་དང་སྤྱོད་པ་ཟབ་མོ་ལ་ཐེ་ཚོམ་སྐྱེས་ན་ཆོས་སྤོང་དུ་འགྱུར་བ་དེ་བཟློག་པའི་ཕྱིར་མདོ་སྡེ་དེ་དག་གི་རྗེས་སུ་མཐུན་པར་སྟོན་པ་དང་། བསྐྱེད་པའི་རིམ་པ་སྟོན་པ་གཉིས། །འདོད་ཆགས་ཆོས་ནི་རབ་སྟོན་དང་། །ཀུན་རྫོབ་བདེན་པ་བསྟན་པ་དང་། །ཡེ་ཤེས་གསུམ་པོ་རྣམ་དག་པའི། །སྙིང་པོ་ཡོད་པས་སྦས་པའོ། །འདོད་ཆགས་ཀྱིས་འདོད་ཆགས་རྣམ་པར་སྦྱོང་བ་དང་། བདག་བྱིན་གྱིས་བརླབ་པ་དང་། སེམས་རྣམ་པར་དབེན་པ་ཙམ་སྟོན་པ་གསུམ། །འོད་གསལ་བ་ནི་རབ་སྟོན་དང་། །ཟུང་དུ་འཇུག་པ་རབ་རྟོགས་བྱེད། །རྣམ་པ་གཉིས་སུ་མཐར་ཐུག་བཤད། །མཐར་ཐུག་ནི་མུར་ཐུག་པའི་ཚིག །འོད་གསལ་དང་ཟུང་འཇུག་སྟོན་པས་གཉིས་སོ། །དེ་ལ་ཡིག་དོན་གྱིས་དགོངས་མིན་དང་སྒྲ་ཇི་བཞིན་པ་གཉིས། སྤྱི་དོན་གྱིས་དྲང་ངེས་གཉིས། །སྦས་དོན་གྱིས་དགོངས་བཤད། །མཐར་ཐུག་པས་སྒྲ་ཇི་བཞིན་པ་མ་ཡིན་པ་བསྡུས་ལ། ཡང་དང་པོ་གཉིས་ཀྱིས་བསྐྱེད་རིམ། སྦས་དོན་གྱི་ཕྱོགས་གཅིག་གིས་རྡོ་རྗེ་བཟླས། །ཕྱོགས་གཉིས་གིས་སེམས་དབེན། །ཕྱོགས་གཅིག་གིས་རང་བྱིན་བརླབ། མཐར་ཐུག་གིས་མངོན་བྱང་དང་ཟུང་འཇུག་བསྡུས་པ་དེའི་ཕྱིར་མུར་ཐུག་པ་ཞེས་བྱའོ། །རྒྱན་ལྔ་པ་ལ། འཆད་པར་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང་། །གཉིས་པ་སློབ་མ་བཤད་པའོ། །སློབ་དཔོན་གྱིས་སློབ་མ་ལ་བཤད་པ་ལ་ཚོགས་དང་སློབ་བཤད་གཉིས། ཚོགས་ནི་འཁོར་གྱི་འདུས་པ་དང་། སློབ་མ་ནི་དམ་ཚིག་ལ་སོགས་པའི་ལམ་བསྟན་ཏེ་གཉིས་པོའི་རྣམ་དབྱེ་འོག་ཏུ་འཆད་དོ། །ཚོགས་པ་ལ་བཤད་རྒྱུ་གང་ཞེ་ན། ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུ་འང་གང་གྱུར་དང་། །ཡི་གེའི་དོན་དང་སྤྱི་དོན་དང་། །ཚོགས་པ་ལ་ནི་བཤད་པར་བརྗོད། །སློབ་མ་ལ་བཤད་རྒྱུ་གང་ཞེ་ན། ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་པའོ། །རྒྱན་དྲུག་པ་ལ། རྣམ་པ་ཀུན་ཏུ་ཉན་འདོད་པའི། །འཇིག་རྟེན་ངེས་པར་གྱུར་པ་ནི། །བློ་ཡི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་ལྔར་འདོད་དོ། །ཨུཏྤལ་དང་པད་དཀར་དང་། །པདྨ་ཙནྡན་རིན་པོ་ཆེ། །རང་བཞིན་ཐ་དད་མིང་གིས་དེ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །ཉན་པའི་གང་ཟག ཨུཏྤལ་དང་པདྨ་དཀར་པོ་དང་། པདྨ་དམར་པོ་དང་། ཙན་དན་དང་། རིན་པོ་ཆེ་སྟེ་ལྔ། ལེགས་ཐོས་དངོས་པོ་མ་ལུས་པ། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་བརྗོད་གྱུར་པ། །ཨུཏྤལ་གང་ཟག་ཅེས་བྱའོ། །གཟུང་བྱ་ཐོས་ནས་རྟོགས་གྱུར་ཀྱང་། །སྟོན་པ་ཡིས་ནི་ནུས་མེད་པ། །བུམ་པའི་རལ་བལ་ས་བོན་འདྲ། །པད་དཀར་ཞེས་བྱའི་གང་ཟག་གོ །དད་དང་ལྡན་ཞིང་སྙིང་རྗེ་སྐྱེ། །ཐོས་ན་བློ་ཡི་ཁ་དབྱེ་བ། །ཚིགས་མེད་འོད་མ་བཞིན་འཛག་པ། །པདྨ་ཞེས་བྱའི་གང་ཟག་གོ །ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་བཟུང་བར་མི་ནུས་པ། །ཙན་དན་ཞེས་བྱའི་གང་ཟག་གོ །ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཅིང་དགོངས་པ་ཅིག །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་གང་ཟག་རབ་ཏུ་གྲགས། །ཞེས་པའི་ཙན་དན་ནི་བེམ་པོའི་རིགས་ཡིན་ནོ། །ཨུཏྤལ་ནི་དབང་པོ་ཐ་མ་ཡིན་ནོ། །པདྨ་དཀར་པོ་ནི་འབྲིང་པོ་ཡིན་ནོ། །པདྨ་ནི་རབ་ཡིན་ནོ། །རིན་པོ་ཆེ་ནི་དབང་པོ་རབ་ཀྱི་ཡང་རབ་ཡིན་ནོ། །དེའི་ཕྱིར་གང་ཟག་བཞི་པོ་ནི་ཚོགས་པ་ལ་བཤད་པར་རུང་བ་ཡིན་ལ། །གཅིག་ནི་སློབ་མ་ལ་བཤད་པའི་སྣོད་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རོ། །ཨུཏྤ་ལ་དང་པད་དཀར་ཉིད། །པདྨ་ཙན་དན་ཉིད་དག་སྟེ། །གང་ཟག་བཞི་པོ་འདི་དག་ནི། །ཚོགས་བཤད་གང་ཟག་འབའ་ཞིག་གོ །རྫོགས་པའི་རིམ་པའི་སྐལ་ལྡན་ཞིང་། །དམ་པའི་སྤྱོད་པས་རྣམ་བརྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །གང་ཟག་ཅེས་པའི་དབྱེ་བ་ཡིས། །སྣོད་དང་སྣོད་མིན་ཡོངས་བཏགས་ནས། །རྡོ་རྗེ་སློབ་དཔོན་མཁས་པས་ནི། །བཤད་པ་རྣམ་པ་གཉིས་བྱའོ། །ཞེས་སོ། །རྒྱན་བདུན་པ་ལས། རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས། །བདེན་གཉིས་རྣམ་པར་ངེས་བྱས་པ། །དེ་ནི་རྒྱན་གྱུར་བདུན་པ་སྟེ། །རྫོགས་པའི་རིམ་པ་བསྒྲུབ་པའོ། །རྒྱན་དྲུག་པོ་མཐར་ཕྱིན་བསྟན་བཅོས་ཀྱི་ལུས་ཀྱི་རིམ་པ་གཉིས་སུ་ཕྱིན་པར་འགྱུར་རོ། །དེའི་ཕྱིར་རྒྱན་བདུན་ལ་རྣམ་པར་དབྱེ་བ་ཉི་ཤུ་རྩ་བརྒྱད་དོ། །གཉིས་པ་ནི། འདི་ལ་ཤྲདྡྷས། གླེང་བསླང་ལྔ་དང་མཐའ་དྲུག་རྒྱན། །བརྡ་ཡི་རྒྱུད་ལ་འཇུག་པ་ཡིན། །རིག་པ་རྣམ་བཞི་བཤད་པ་བཞི། །བདེན་གཉིས་ངེས་པའི་རྒྱན་དག་ནི། །དོན་ལ་འཇུག་པའི་རྒྱན་ཞེས་བྱའོ། །ཀུ་མཱ་རས། །མཐར་དྲུག་ལ་ཚིག་དང་དོན་གྱི་རྒྱན་གཉིས་ཀ་ཡོད་པར་དང་རྒྱན་ཐོག་མ་དང་། གཉིས་པ་ཀུན་ལ་འཇུག་པ་དང་ཐ་མ་བསྡུས་པའི་རྒྱན་ཞེས་བཞེད་དོ། །འཆད་ཚུལ་གཉིས་སྨྲ་བ་པོའི་རྒྱན་དང་། གང་ཟག་ལྔ་ཉན་པ་པོའི་རྒྱན་ནོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །གསུངས་བཤད་ཤིན་ཏུ་རྙེད་པར་དཀའ། །རྣལ་འབྱོར་རྒྱུད་ནི་འདི་ཉིད་ཀྱིས། །ངེས་པར་བྱེད་ཀྱིས་གཞན་གྱིས་མིན། །དེ་བས་རྡོ་རྗེ་བླ་མ་ཡིས། །གླེང་གཞི་རིམ་པའི་སྦྱོར་བ་དག །བཤད་པའི་རྒྱུད་ལ་མཁས་པ་ཡིས། །འབད་དེ་རྣལ་འབྱོར་རྒྱུད་བཟུང་ངོ་། །དེ་དག་རྣལ་འབྱོར་གྱི་རྒྱུད་ཀྱིས་བརྟན་པ་ཡིན་གྱིས་བྱ་བའི་རྒྱུད་ལ་སོགས་ལ་ནི་མེད་དོ། །འོ་ན་རྣལ་འབྱོར་མའི་རྒྱུད་ལ་མེད་དམ་ཞེ་ན། རྣལ་འབྱོར་མའི་རྒྱུད་ནི་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྣལ་འབྱོར་གྱི་རྒྱུད་ཀྱང་དེའི་ནང་དུ་འདུས་པ་ཡིན་ནོ། །རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་མཛོད་ལ་བཏབ་པ་བཞིན་དུ། རྡོ་རྗེའི་ཚིག་རྒྱས་བཏབ་པ་དེ་ལ་ལྡེ་མིག་དང་འདྲ་བར་མཐའ་དྲུག་ཚུལ་བཞིས་འབྱེད་པ་དགའ་བ་རྒྱས་པར་བྱེད་པས་རྒྱན་ཡིན་ནོ། །དེ་ལ་ཀུ་མཱ་རས། འོ་ན་རྣལ་འབྱོར་གྱི་རྒྱུད་ཀྱི་མཐའ་རྣམ་པ་དྲུག་ཏུ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ། འདི་ནི་རྒྱན་རྣམ་པ་བདུན་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཁོ་ནའོ་ཞེ་ན། འདི་ནི་སྐྱོན་མེད་དེ་རེ་ཞིག་གླེང་བསླང་བ་དང་བསྟན་བཅོས་མཐའ་དག་ལ་ཁྱབ་པ་ཡིན་པའི་ཕྱིར། ཚིགས་བཅད་རེ་རེ་ལ་ནི་རྣམ་པར་དབྱེ་བ་མ་ཡིན་ཏེ་བ་ལང་གླང་ཉིད་ཅེས་སོ་སོའི་སྒྲར་བརྗོད་པ་ནི་མ་ཡིན་ལ་གླང་གི་ཚོགས་མཐའ་དག་ལ་གླང་ཉིད་ཅེས་བྱ་བ་ཅིག་གིས་ཀྱང་ཁྱབ་པའི་ཕྱིར་རོ། །སྨྲ་བའི་རྒྱན་ནི་སོ་སོར་བརྗོད་པར་བྱ་བ་མ་ཡིན་ཏེ། ཇི་སྲིད་སྨྲ་བ་པོ་མེད་པ་དེ་སྲིད་དུ་སྒྲ་དང་དོན་བསྒྲུབ་པར་མི་ནུས་ཏེ། དེ་བས་ན་ཤུགས་ཀྱིས་སྨྲ་བ་པོའི་རྒྱན་དྲུག་པ་ཡིན་ནོ། །དེ་ཡང་གཞི་མེད་པར་ནི་མ་ཡིན་ཏེ། མཐའ་དྲུག་ལ་བརྟེན་པའི་ཕྱིར་རོ། །མཐའ་དྲུག་ལ་བརྟེན་ནས་བཤད་པ་རྣམ་པ་གཉིས་སྨྲ་བ་པོས་བྱེད་པ་ཡིན་ནོ་བཤད་པ་ཞེས་བྱ་བའི་ལས་ནི་བྱེད་པ་པོ་ལ་གནས་པ་ཡིན་ནོ། །ཉན་པ་པོའི་རྒྱན་ཡང་ཐ་དད་པར་ཡོད་པ་མ་ཡིན་ཏེ། གལ་ཏེ་ཐ་དད་པར་ཡོད་ན་ནི་སྨྲ་བ་པོ་དོན་མེད་པ་ཡིན་ཏེ། དེ་ཡང་ཉན་པ་པོ་ལ་བལྟོས་པ་ཡིན་པའི་ཕྱིར་རོ། །བསྡུས་པ་ཡི་རྒྱན་ཡང་བསྟན་བཅོས་མཐའ་དག་ལ་ཁྱབ་པར་བྱེད་པ་ཁོ་ནས་གླེང་སླང་བ་ལྔར་བསྟན་པ་དང་འདྲ་བ་ཉིད་དོ། །དེའི་ལྷག་མ་མཐའ་དྲུག་དང་བཤད་པ་དག་ནི་ཚིག་བཅད་རེ་རེ་ལ་བརྗོད་པར་བྱའོ། །གལ་ཏེ་དེ་ལྟ་ན་མཐའ་དྲུག་ཅེས་བྱ་བའི་མིང་ཅིའི་ཕྱིར་རབ་ཏུ་གྲགས་མཐའ་དྲུག་དང་བཤད་པ་བཞི་ཞེས་བྱ་བར་རིགས་སོ་ཞེ་ན། དེ་ནི་ཉེས་པ་མེད་དེ་གཉིས་གས་ཀྱང་མིང་ཐོབ་པར་འགྱུར་བ་དེ་གཞན་དང་གཞན་དག་ལས་ཀྱང་ཐ་སྙད་ཆགས་པ་དཔེར་ན་མའི་བུ་ཕའི་བུ་ཞེས་པ་ལྟ་བུའོ། །ཞེས་གསུངས་སོ། །གསུམ་པ་ལ། བསྡུས་པའི་དོན་དང་ཡན་ལག་གི་དོན་རྣམ་པ་གཉིས་ལས། དང་པོ་ནི། རྗོད་པ་དང་བརྗོད་པར་བྱ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོས་ལེའུ་དང་པོར་སྤྲུལ་པའི་དཀྱིལ་འཁོར་དུ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་རིགས་པའི་དབང་བསྐུར་བ་བྱིན་ནས། དྲང་བ་དང་ངེས་པའི་དོན་གྱིས་དབྱེ་བས་བརྟགས་པ་དང་རྫོགས་པའི་བསྒྲུབ་པའི་ཐབས་སོ་སོར་བསྟན་ནོ། །འཆད་པར་འགྱུར་བའི་ལེའུ་བཅུ་དྲུག་ཏུ་ཡང་དོན་གཞན་རྙེད་ནས་ལྷའི་རྣལ་འབྱོར་གཉིས་པ་ཉིད་སྟོན་ཏོ། །དེ་ལ་ལེའུ་གཉིས་པར་རྫོགས་པའི་རིམ་པ་འབའ་ཞིག་སྟོན་ཏོ། །ལེའུ་གསུམ་པར་དོན་ཡོངས་སུ་དག་པའི་རྣལ་འབྱོར་གསལ་བྱེད་དོ། །ལེའུ་བཞི་པར་དབང་བསྐུར་བའི་དཀྱིལ་འཁོར་སྟོན་ཏོ། །ལེའུ་ལྔ་པར་རྣལ་འབྱོར་གྱི་སྤྱོད་པ་གསུངས་སོ། །ལེའུ་དྲུག་པར་སྐུ་དང་གསུང་དང་ཐུགས་ཀྱི་བྱིན་གྱིས་བརླབ་པ་གསུངས་སོ། །ལེའུ་བདུན་པར་ལེའུ་ལྔ་པར་གསུངས་པའི་སྤྱོད་པ་སྤྲོས་ནས་བསྟན་ཏོ། །ལེའུ་བརྒྱད་པར་གསང་བའི་དབང་བསྐུར་བ་གསུངས་སོ། །ལེའུ་དགུ་པར་ཤིན་ཏུ་རྨད་དུ་བྱུང་བའི་ལུང་བསྟན་པ་གསུངས་སོ། །ལེའུ་བཅུ་པར་འདོད་པའི་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར་དང་ནང་གི་བདག་ཉིད་ཅན་གྱི་ལྷའི་ཐུགས་ཡང་དག་པར་བསྐུལ་བ་གསུངས་སོ། །ལེའུ་བཅུ་གཅིག་པར་སྔགས་ཀྱི་སྐུ་བསྐྱེད་པ་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན་ཏོ། །ལེའུ་བཅུ་གཉིས་པར་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་གསུངས་སོ། །ལེའུ་བཅུ་གསུམ་པ་དང་བཅུ་བཞི་པར་ལས་རབ་འབྱམས་གསུངས་སོ། །ལེའུ་བཅོ་ལྔ་པར་དངོས་གྲུབ་ཐམས་ཅད་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་འགྲུབ་པར་འགྱུར་རོ་ཞེས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གསུངས་སོ། །ལེའུ་བཅུ་དྲུག་པར་ལེའུ་བཞི་པར་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ཏེ་གསུངས་སོ། །ལེའུ་བཅུ་བདུན་པར་དམ་ཚིག་དང་སྡོམ་པ་རབ་ཏུ་བསྟན་ཏོ། །གཉིས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རང་བཞིན། བྱིན་གྱིས་བརླབ་པ་ཞེས་བྱ་བའི་ལེའུ་དང་། བྱང་ཆུབ་སེམས་ཀྱི་ལེའུ་དང་། རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་དང་། ཀུན་ཏུ་སྤྱོད་པ་མཆོག་གི་ལེའུ་དང་། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ལེའུ་དང་། སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུ་དང་། བཤང་གཅིའི་དམ་ཚིག་པའི་ལེའུ་དང་། །དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བའི་ལེའུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་གི་ལེའུ་དང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྦྱོར་བའི་དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི་ལེའུ་དང་། །རྡོ་རྗེ་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་མངོན་པར་བྱང་ཆུབ་ལ་ཞེས་བྱ་བའི་ལེའུ་དང་། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱི་འགུགས་པའི་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ལེའུ་དང་། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ལེའུ་དང་། དངོས་གྲུབ་ཐམས་ཅད་ཀྱི་རྡོ་རྗེ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་དང་སྡོམ་པ་རྡོ་རྗེ་བྱིན་གྱིས་བརླབ་པའི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན་ནོ། །ཀླུ་དབང་བསོད་ནམས་ལས་གྲུབ་གསང་བའི་ཀླུང་། །མ་ལུས་འདུས་པའི་ཆུ་གཏེར་ཞག་རེ་རེར། །སྤེལ་མཁས་ཟླ་བ་གྲགས་པའི་ཆོས་ཀྱི་འོད། །བློ་གྲོས་སྒྲོན་མ་ལྟ་བུར་གསལ་མཛད་དེ། །ཚིག་སྤྲིན་མཐོང་སུ་ཆ་ཙམ་འཚུར་སྟོན་གྱིས། །སྒོམ་བྱུང་སྟོན་ཀའི་གནམ་དུ་མ་ལུས་པ། །མི་ལའི་དྲིན་ལས་མཐོང་ནས་པདྨའི་རྫིང་། །ཀུ་མུད་འཛུམ་དཀར་རྒྱས་པ་མཚར་དགུར་སྦྱར། །དངོས་འཛིན་ནད་ཀྱིས་བསླང་པ་དེ་དག་ངོར། །ལེགས་བཤད་རྫུན་མར་འགྲོ་བ་མཐོང་མོད་ཀྱང་། །སྐྱོན་མེད་མིག་མཐོང་གནས་ལུགས་ཡིན་ཤེས་ནས། །ངོ་འཛིན་མེད་པར་ཤོད་ལ་དགའ་བ་སྐྱེས། །ཞེས་དཔལ་གསང་བ་འདུས་པ་སྒྲ་སྒྱུར་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཆེན་པོའི་རྗེས་སུ་ཐུན་མོང་མ་ཡིན་པར་འཇུག་པ་གསང་བ་འདུས་པའི་རྒྱན་ཞེས་བ་ཤར་ཁའི་ལྗོངས་ཀྱི་ཕོ་བྲང་རྩེ་ཆེན་དུ་པདྨ་དཀར་པོ་རྒྱུད་སྡེའི་གསང་བ་འཛིན་པ་དེས་སྦྱར་བར་བགྱིས་པ་ཐམས་ཅད་ཀྱིས་གསང་བ་འདུས་པ་ལེགས་པར་ཤེས་པར་གྱུར་ཅིག སྒྲོ་འདོགས་ནང་ནས་དཔྱོད་པ་གྲུབ་ཐོབ་རྣམས་ཀྱི་བརྒྱུད་པ་རྒྱུད་རྐྱང་མན་ངག་དང་བཅས་པ་ནི། རྡོ་རྗེ་འཆང་། ཨིནྡྲ་བྷཱུ་ཏི། ཌཱ་ཀི་མ་བདེ་བའི་ཞབས། ཌོམྦི་ཧེ་རུ་ཀ རྡོ་རྗེ་དྲིལ་བུ་པ། ཡན་ལག་མེད་པའི་རྡོ་རྗེ། ཀལྤ་ལ་པ། ནག་པོ་སྤྱོད་པ། ཏེ་ལོ་པ། ནཱ་རོ་པ། མར་པ། ཉམས་ལེན་སྨར་ཁྲིད་བརྒྱུད་པ། །རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ཀླུ་སྒྲུབ། མ་ཏི་ཀི ཏེ་ལོ་ནཱ་རོ་ནས་བསྲེ་འཕོ་བཞིན། མཁས་པ་པཎྜྻི་ཏའི་བརྒྱུད་པ་ནི། རྒྱལ་པོ་བི་སུ་ཀལྤ། དེས་ས་ར་ཧ། དེས་ཀླུ་སྒྲུབ། དེ་ལ་སློབ་མའི་མཆོག་བཞི། ཨཱརྻ་དེ་བ། ཤཱཀྱ་བཤེས་གཉེན། ཀླུ་བློ། ཟླ་གྲགས། དེ་བཞི་སློབ་པའི་རྡོ་རྗེ། །དེས་ནག་པོ་སྤྱོད་པ། དེས་དྲི་མེད་བློ་གྲོས། དེས་ནུབ་དུ་ལ་ཀྵེ་ཊའི་མཁས་པ་ཡེ་ཤེས་སྙིང་པོ། དེས་མར་པ། དེས་མཚུར་སྟོན། དེས་གད་པ་ཀཱིརྟི། དེས་མི་ཉག་ཐུར་ལ་པ། དབུས་པ་མགར་དགེ །གྲུབ་ཐོབ་ཐང་ཁུང་པ་གསུམ། དེ་གསུམ་ལ་གངས་བར་སེར་ཁའི་རིན་ཆེན་གླིང་པ་ཚུལ་ཁྲིམས་མཛེས། དེས་རྒྱ་རྣལ་འབྱོར་ཕོ་བ་ལུང་པ། དེས་དགེ་སློང་ཆོས་གྲགས་བཟང་པོ། དེས་བླ་མ་ཤཱཀྱ་གཞོན་ནུ། དེས་བླ་མ་བློ་ལྡན། དེས་འཕགས་འོད། དེས་བུ་སྟོན། ཐུགས་སྲས་པ། བྱང་ཆུབ་རྒྱལ་དབང་། སྐུ་ཞང་རིན་པོ་ཆེ། རྭ་སྒྲེང་བཀའ་བཞི་པ། སྐུ་ཞང་སངས་རྒྱས་དཔལ་འབྱོར། དུས་ཞབས་པ་ཤཱཀྱ་དབང་ཕྱུག འཇམ་པའི་དབྱངས་ཆོས་གྲགས། ཀུན་སྤངས་རྗེའམ། ཚེ་བདག དེས་བདག་གོ །རྒྱུད་འགྲེལ། ཆོས་གྲགས་ནས། །རྡོར་གླིང་པ། དེས་བདག མན་ངག་ལོགས་པའོ།། །།
རྗེ་བཙུན་མར་ལུགས་ཀྱི་གསང་བ་འདུས་པའི་ཆོ་ག་འཕགས་པའི་ཞལ་ལུང་ཁྲིགས་ཆགས་བཀླག་པས་གྲུབ་པར་བཀོད་པ།
རྗེ་བཙུན་མར་ལུགས་ཀྱི་གསང་བ་འདུས་པའི་ཆོ་ག་འཕགས་པའི་ཞལ་ལུང་ཁྲིགས་ཆགས་བཀླག་པས་གྲུབ་པར་བཀོད་པ་བཞུགས་སོ། །གསང་འདུས་ཀླུ་སྒྲུབ་བློ་གཙུག་ཟླ་བའི་ཤེལ། །ཤེར་བཟངས་ཀྱིས་ལོན་བརྒྱུད་མར་མཆོག་མི་ལ། །སྟེར་བས་མཚུར་སོགས་དགའ་བྱེད་རྒྱལ་བུ་དང་། །དེ་ལུགས་གར་འཆར་མེ་ལོང་ཀུན་ལའང་འདུད། །མདོར་བྱས་མདོ་དང་བསྲེ་བ་རྣམ་གཞག་རིམ། །རྡོ་རྗེ་སེམས་དཔའ་སྒྲུབ་ཐབས་ཇི་ལྟ་བའི། །ཆོ་གའི་དྲི་བསུང་ཕུལ་དུ་བྱུང་བ་ཞིག །པད་དཀར་སྡོང་བུའི་ངག་ལས་གསར་དུ་འོངས། །རྣལ་འབྱོར་གྱི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པ་ནི་རིམ་པའི་མདོ་དང་བསྲེ་བར། དེ་ལ་ཐོག་མ་གནས་ངེས་པ་དང་། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང་། བསྲུང་བའི་འཁོར་ལོ་བསྒོམ་པ་དང་། སྟོང་པ་ཉིད་ལ་དམིགས་པ་དང་། སའི་ཆ་བསྐྱེད་པ་དང་། གཞལ་ཡས་ཁང་དང་། དཀྱིལ་འཁོར་དགོད་པ་དང་། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ་དང་། ལྡང་བ་དང་། ཉི་མའི་དཀྱིལ་འཁོར་ལ་དམིགས་པ་དང་། མཐར་ཟླ་བའི་དཀྱིལ་འཁོར་དང་། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་དང་། སྔགས་ཀྱིས་བྱིན་གྱི་བརླབས་པས་ཕུང་པོ་ལ་སོགས་པ་དགོད་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ལྡན་པའི་འདུས་བྱས་དང་། རྡོ་རྗེ་པདྨ་འདུས་བྱས་པ་དང་། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར་ཕྱུང་བ་དང་། ཕྲ་མོའི་སྦྱོར་བ་དང་། རྡོ་རྗེའི་བཟླས་པ་དང་། དོན་དམ་པ་ལ་ཞུགས་པ་དང་། རབ་ཏུ་སྐུལ་བས་བླང་བ་དང་། བསྟོད་པ་བྱེད་པ་དང་། ཉེ་བར་བསྡུ་བ་དང་། ལས་ཀྱི་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱའོ། །ཞེས་གསུངས་པའི་དང་པོ་ནི། དགོན་པ་ཆེན་པོ་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་ཤར་དུ་མངོན་པར་ཕྱོགས་པས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་མཉམ་པར་གནས་ཏེ། རང་གི་སྙིང་གར་པད་ཉི་ལ་གནས་པའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་དང་གཉིས་སུ་མེད་པའི་གསང་བ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། ཁམས་གསུམ་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་གྱུར་དངོས་པོའི་ངོ་བོ་ཉིད། །དག་ཅིང་ཞི་ལ་རྣམ་དབེན་མཆོག་གི་རྣལ་འབྱོར་པ་ཉིད་ཡུལ། །རྟོགས་དཀའ་བརྟག་པར་དཀའ་ལ་བདག་གཞན་རབ་ཕན་ཁྱབ་ཅིང་མཚན་མ་མེད། །རྒྱལ་བའི་བདེ་བ་མཉམ་མེད་མཉམ་སྐུ་མི་རྟོག་ཡུལ་གཅིག་ལ་ཕྱག་འཚལ། །ཞེས་ཕྱག་འཚལ། སྙིང་ག་ནས་འཕྲོས་པའི་གཟུགས་རྡོ་རྗེ་མ་ལ་སོགས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻ་ཝིདྱྎ ཤཔྟྎ ཞེས་དང་། ཨོཾ་ཨཱཿརཱུ་པ་བཛྭ་ཧཱུྃ། དེ་བཞིན་དུ། ཤཔྟྎ གནྡྷེྎ ར་སྎ སྤརྴེྎ ཞེས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་བདུན་རྣམ་དག་བྱ། གཉིས་པ་ནི། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཀྱིས། འཆད་པར་འགྱུར་བ་བཞིན་གྱིས། བདག་དང་གཞན་ལ་ཕན་པའི་རྡོ་རྗེ་སེམས་དཔའི་གོ་འཕང་བསྒྲུབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་པའོ། །གསུམ་པ་ནི། དེ་ནས་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ཁྲོ་བོའི་རྡོ་རྗེ་རྩེ་དགུ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། རལ་པའི་ཐོར་ཙུགས་ལ་རིན་པོ་ཆེའི་པྲོག་ཞུ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། རང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ་སེམས་དཔའི་སྐྱིལ་ཀྲུང་གི་བཞུགས་པར་གྱུར། བཛྭ་དྷྲྀཀ མདུན་དུ་སྐད་ཅིག་གིས་མི་བསྐྱོད་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ཁྲོ་བོའི་རྡོ་རྗེ་རྩེ་དགུ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། རལ་པའི་ཐོར་ཙུགས་ལ་རིན་པོ་ཆེའི་པྲོག་ཞུ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། རང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ་སེམས་དཔའི་སྐྱིལ་ཀྲུང་གི་བཞུགས་པ། དེ་བདག་ཉིད་ཀྱི་ལུས་ལ་ཆུ་དང་འོ་མའི་ཚུལ་དུ་རྗེས་སུ་ཞུགས་པས་བདག་ཉིད་ཨིནྡྲ་ནཱི་ལའི་མདོག་ཅན་ཞེ་སྡང་རྡོ་རྗེ་མཐིང་དམར་དཀར་བའི་ཞལ་གསུམ་གྱི་དབུས་མ་ཁྲོས་པ་གཡས་པ་ཞི་ཞིང་གཡོན་པ་ཆགས་པའི་ཉམས་ཅན་ཕྱག་དྲུག་གི་གཡས་པ་གསུམ་ན་ཁྲོ་བོའི་རྡོ་རྗེ་རྩེ་དགུ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། རལ་པའི་ཐོར་ཙུགས་ལ་རིན་པོ་ཆེའི་པྲོག་ཞུ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། རང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཐུགས་ཀ་ནས་ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ་ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིག་མཛུབ། དྲིལ་བུ། དགྲ་ཧྶ། རྣམ་སྣང་གིས་དབུ་བརྒྱན་པ། མེར་མི་གཡོ་བ་མཐིང་ནག་མཐིང་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་སྡིག་མཛུབ། དགྲ་ཧྶ། ཞགས་པ། རྣམ་སྣང་གིས་དབུ་བརྒྱན་པ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། དབྱུག་པ། རལ་གྲི། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། དྲིལ་བུ། དགྲ་ཧྶ། རིན་འབྱུང་གིས་དབུ་བརྒྱན་པ། བདེན་བྲལ་དུ་འདོད་པའི་རྒྱལ་པོ་མཐིང་ནག་མཐིང་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་རྡོ་རྗེ། རལ་གྲི། གཡོན་གཉིས་ཞགས་པ། ལྕགས་ཀྱུ། རིན་འབྱུང་གིས་དབུ་བརྒྱན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་པདྨ། རལ་གྲི། གཏུན་ཤིང་། གཡོན་པ་གསུམ་ན་དྲིལ་བུ། དགྲ་ཧྶ། ཞགས་པ། འོད་དཔག་མེད་པས་དབུ་བརྒྱན་པ། རླུང་དུ་དབྱུག་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རལ་གྲི། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། པདྨ། དགྲ་ཧྶ། འོད་དཔག་མེད་པས་དབུ་བརྒྱན་པ། བྱང་དུ་བགེགས་མཐར་བྱེད་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ། འཁོར་ལོ། གཏུན་ཤིང་། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། དྲིལ་བུ། དགྲ་ཧྶ། དོན་གྲུབ་ཀྱིས་དབུ་བརྒྱན་པ། དབང་ལྡན་དུ་སྟོབས་པོ་ཆེ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རལ་གྲི། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། རྩེ་གསུམ། དགྲ་ཧྶ། དོན་གྲུབ་ཀྱིས་དབུ་བརྒྱན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་གཙུག་ཏོར་སྤྱི་བོ་འཛིན་པ། ལྷག་མའི་གཡས་གཉིས་ཀྱིས་རྡོ་རྗེ། པདྨ། གཡོན་པ་གཉིས་ཀྱིས་སྡིགས་མཛུབ། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། རིན་ཆེན། གཡོན་པ་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། པདྨ། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་ཅན། དེ་ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པའི་ཞལ་གདངས་ཤིང་དྲག་པོའི་གད་རྒྱང་ཅན། མཆེ་བ་གཙིགས་པ། སྤྱན་དམར་པོ་གསུམ་གཟིར་ཞིང་སྨ་ར་ཨག་ཚོམས་མེར་འབར་བ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དཔལ་གྱི་ཆས་ཀྱིས་བརྒྱན་ཏེ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཕྱོགས་སྐྱོང་བརྫིས་ཏེ་མེའི་ཕུང་པོའི་ནང་དུ་ཁ་ཕྱིར་བསྟན་ཏེ་བཞུགས་པ། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ། ཨོཾ་གྲྀ་གྲྀ་ཧུཾ་ཧཱུྃ། ཨོཾ་གྲྀ་པ་ཡ་གྲྀ་པ་ཡ་ཧུཾ་ཧཱུྃ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱཾ་བིདྱཱ་རཱ་ཛ་ཧུཾ་ཧཱུྃ་ཕཊ྄། ཅེས་གནོད་མཛེས་ལ་བཀའ་བསྒོས་པས་དེ་ལས་སྤྲུལ་པའི་གནོད་མཛེས་གཉིས་པ་འོངས་ཏེ་དེས་བགེགས་དང་ལོག་འདྲེན་རྣམས་ལྕགས་ཀྱུས་བཀུག ཞགས་པས་བཅིངས། ལྕགས་སྒྲོགས་གིས་བསྡམས། དྲིལ་བུས་མཉེས་ཏེ་ཕྱོགས་བཅུར་ཁྲོ་བོ་སོ་སོ་ལ་གཏད། དེ་དག་གིས་གན་རྐྱལ་དུ་བསྒྱེལ་བའི་ཁར། ཁྲོ་བོ་བགེགས་མཐར་བྱེད་ཀྱིས་རང་འདྲ་བའི་སྤྲུལ་པ་བྱང་དུ་བཞག་ནས་རང་ཉིད་སྟོད་ཁྲོ་བོ་སྨད་རྩེ་མོ་གཅིག་པའི་རྡོ་རྗེ་ཕུར་བུའི་རྣམ་པར་སྣང་བས་བགེགས་རྣམས་ཀྱི་མགོ་བོར་གནས་པ་ལ། ཨོཾ་གྷ་གྷ། གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚུན་ཕཊ྄་ཕཊ྄། ཀཱི་ལི་ཀཱི་ལི་ཡ། སརྦ་པཱ་པཱན་ཕཊ྄྄་ཕཊ྄྄། ཧཱུཾ་ཧཱུྃ་བཛྭ་ཀཱི་ལ་ཡ། བཛྭ་དྷ་རཱ་ཨཱཛྙྱཱ་པ་ཡ་ཏི། སརྦ་བིགྷཱ་ནཾ་ཀཱ་ཡ་ཝ་ཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུྃ་ཕཊ྄་ཕཊ྄། ཨོཾ་བཛྭ་མུད་ག་ར། བཛྭ་ཀཱི་ལི་ཡ། ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ། ཞེས་གནོད་མཛེས་ཀྱི་རྡོ་རྗེ་ལྕགས་ཀྱུ་ཐོ་བ་མེ་རབ་ཏུ་འབར་བར་གྱུར་ནས་ཕུར་བུ་རྣམས་ལ་བསྡིགས་པས་བགེགས་རྣམས་ཀྱི་སྤྱི་བོ་ནས་གསང་བའི་བར་ཕུག་སྟེ། གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོའི་རོར་གྱུར། དེ་རྣམས་ལས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་རབ་ཏུ་འབར་བས་གདུག་པ་ཅན་ཐམས་ཅད་བསྲེགས་པར་གྱུར། ཊཀྐི་ཧཱུྃ་ཛཿལྕགས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་ར་བ་བཞིས་ཕྱི་རོལ་རིམ་པ་བཞིན་བསྐོར་བ། ཧཱུྃ་ཀ་ར། སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུར་ལྕགས་ཀྱི་རྭ་བའི་སྟེང་དུ་གནས་པ། ཧཱུྃ་སའི་ཆ་རྡོ་རྗེའི་རང་བཞིན་དུ་གྱུར། རང་དང་ཁྲོ་བོ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ། མགྲིན་པར་པདྨ་ལ་ཨཱ། སྙིང་ཁར་ཉི་མ་ལ་ཧཱུྃ་གི་གོ་ཆའོ། །བཞི་པ་ནི། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་བརྗོད་པས་བསྲུང་བའི་འཁོར་ལོ་དང་ཁམས་གསུམ་ཡང་དེ་བཞིན་ཉིད་དུ་བཞུགས་པ་གྱུར། དེ་ནི་དོན་དམ་པའི་བསྲུང་བའོ། །ལྔ་པ་ནི། དེ་ནས་ནམ་མཁའི་ཁམས་ཀྱི་དབུས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། ཐམས་ཅད་ཀྱི་སྟེང་འོག་ཧཱུྃ་ལས་སྐྱེས་པའི་རྡོ་རྗེས་མཚན་པ། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་རྡོ་རྗེའི་རང་བཞིན་གྱི་ས་གཞི། དྲུག་པ་ནི། དེའི་དབུས་སུ་བྷྲཱུཾ་ལས་དཔག་ཚད་བརྒྱའི་ཚད་ཙམ་གྱི་རིན་པོ་ཆེའི་རང་བཞིན་གྲུ་བཞི་སྒོ་བཞི་རྟ་བབས་བཞིན་ཐིག་བཞི་དང་ལྡན་པ། ཀ་བ་བརྒྱད་ཀྱིས་མཛེས་པ། ལྷ་དང་མིའི་ལས་ཁྱད་པར་དུ་འཕགས་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཞུགས་པའི་མཆོད་རྟེན། མཛེས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ནང་གི་ལྷའི་གནས་སུ་ཟླ་བ་ཉི་མའི་གདན་འཁོད་པ། བདུན་པ་ནི། དེའི་དབུས་སུ་བདག་ཉིད་རྡོ་རྗེ་འཆང་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་འཇུག་པས་པད་ཉིའི་གདན་ལ་སེམས་སྐྱིལ་གྱིས་བཞུགས་པ། དེ་དང་དུས་མཉམ་པར་ཤར་དུ་རྣམ་སྣང་། ལྷོར་རིན་འབྱུང་། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་གྲུབ། མེར་སྤྱན་མ། བདེན་བྲལ་དུ་མཱ་མ་ཀཱི། རླུང་དུ་གོས་དཀར། དབང་ལྡན་དུ་སྒྲོལ་མ། རིམ་པ་གཉིས་པའི་མེ་ནས་བརྩམས་པའི་མཚམས་སུ་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རིམ་པ་གསུམ་པའི་སྣམ་བུར་ཤར་ནས་གཡས་བསྐོར་གྱིས། བྱམས་པ། ས་སྙིང་། ཕྱག་རྡོར། ནམ་སྙིང་། འཇིག་རྟེན་དབང་ཕྱུག འཇམ་དབྱངས། སྒྲིབ་སེལ། ཀུན་བཟང་། ཤར་སྒོར་གཤིན་རྗེ་གཤེད། ལྷོར་སྒོར་ཤེས་རབ་མཐར་བྱེད། ནུབ་སྒོར་པདྨ་མཐར་བྱེད། བྱང་སྒོར་བགེགས་མཐར་བྱེད། ཤར་ལྷོར་མི་གཡོ་བ། ལྷོ་ནུབ་ཏུ་འདོད་རྒྱལ། ནུབ་བྱང་དུ་དབྱུག་སྔོན་ཅན་བྱང་ཤར་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ། འོག་ཏུ་གནོད་མཛེས་རྒྱལ་པོ་རྣམས་སྐད་ཅིག་གིས་གསལ་བར་གྱུར། ཞེས་ལྷག་པར་མོས་པའོ། །བསྙེན་པའོ། །བརྒྱད་པ་ནི། རང་གི་ལུས་ཀྱི་ཕུང་པོ་ལ་དཀྱིལ་འཁོར་གྱི་འཁོར་ལོའི་སངས་རྒྱས་ལྔ་དང་། ཁམས་ལ་རིག་པའི་ལྷ་མོ་རྣམས་དང་། སྐྱེ་མཆེད་ལ་སེམས་དཔའ་སེམས་མ་དང་། ཡན་ལག་ལ་ཁྲོ་བོ་རྣམས་བཞུགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པར་གྱུར། ཞེས་བདག་ཉིད་ཀྱི་ལུས་དཀྱིལ་ཀྱི་དཀྱིལ་འཁོར་མོས་པར་བྱའོ། །དེ་ནས་སྐུའི་དཀྱིལ་འཁོར་གྱི་ལྷ། རྣམ་སྣང་། སྤྱན་མ། གཟུགས་རྡོ་རྗེ་མ། བྱམས་པ། ས་སྙིང་། གཤིན་རྗེ། མི་གཡོ་བ་རྣམས་འོད་གསལ་དུ་ཐིམ། དེ་ནས་རིན་འབྱུང་། མཱ་མ་ཀཱི། སྒྲ་རྡོ་རྗེ་མ། ཕྱག་རྡོར། ཤེས་རབ་མཐར་བྱེད། འདོད་རྒྱལ་རྣམས་ཐིམ། དེ་ནས་འོད་དཔག་མེད། གོས་དཀར། དྲི་རྡོ་རྗེ་མ། ནམ་སྙིང་། པདྨ་མཐར་བྱེད། དབྱུག་སྔོན་ཅན་རྣམས་ཐིམ། དེ་ནས་དོན་གྲུབ། སྒྲོལ་མ། རོ་རྡོ་རྗེ་མ། འཇིག་རྟེན་དབང་ཕྱུག སྒྲིབ་སེལ། ཀུན་བཟང་། བགེགས་མཐར་བྱེད། སྟོབས་པོ་ཆེ་རྣམས་ཐིམ། དེ་ནས་རེག་བྱ་རྡོ་རྗེ། གཙུག་ཏོར། གནོད་མཛེས་གསུམ་འཇམ་དཔལ་ལ། དེ་ནས་གཙོ་བོ། དེ་ཐམས་ཅད་སྟོང་པའི་འོད་གསལ་ལ་དོན་དམ་པའི་དཀྱིལ་འཁོར་དུ་བཞུགས་པར་གྱུར། ཨོཾ་ཤཱུནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་པས་ཆོས་སྐུར་བརྟན་པར་བྱའོ། །སྟོང་པའི་བྱང་ཆུབ་བོ། དགུ་པ་ནི། སྟོང་པ་ཉིད་དམིགས་པས་ཉོན་མོངས་པའི་དྲི་མ་བསལ་ནས། བདག་ཉིད་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོའི་གཟུགས་སུ་ལྡང་བའི་ཕྱིར། བཅུ་པ་ནི། དོན་དམ་པའི་བདེན་པ་དེ་ལས་ནམ་མཁའི་དབྱིངས་སུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་སྟེང་བར་འོག་གིས་གནས་པ། བཅུ་གཅིག་པ་ནི། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་ཟླ་བ་ཉ་གང་བ་སེམས་ཙམ་གྱི་ངོ་བོ། །དེ་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱི་སྣོད་ནང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་བསྡུས་ནས་དེ་ཉིད་ལ་ཐིམ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་སེམས་རིན་པོ་ཆེ་བརྟན་པར་བྱའོ། །དེ་ནི་རྣལ་འབྱོར་རམ་སྦྱོར་བའོ། །བཅུ་གཉིས་པ་ནི། ཟླ་བ་ཉ་གང་བ་དེའི་སྟེང་ཨོཾ་ཨཱཿཧཱུྃ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ལས། ས་བོན་བསྡུ་བའོ། །བདག་ཉིད་དང་པོའི་མགོན་པོ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པར་སྐད་ཅིག་གི་གྱུར་པ་ནི་རྗེས་སུ་རྣལ་འབྱོར་རམ་རྗེས་སུ་སྦྱོར་བའོ། །དེ་ནས་སྲིད་པ་ཐ་མལ་པའི་སེམས་ཅན་གྱི་དོན་གྱི་ཕྱིར་མདུན་དུ་མི་བསྐྱོད་པ་སྤྲུལ། དེ་བདག་ཉིད་ལ་རྗེས་སུ་ཞུགས་པས་རྡོ་རྗེ་སེམས་དཔའ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རྡོ་རྗེ། འཁོར་ལོ་པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་པོ་ཆེ། རལ་གྲི་འཛིན་པ། ཉེ་བར་སྒྲུབ་པ་གཟུགས་རྫོགས་པའོ། །བཅུ་གསུམ་པ་ནི། དེའི་སྤྱི་བོར་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཨོཾ་དཀར་པོ་གཟུགས་ཀྱི་ཕུང་པོ། མགྲིན་པར་འོད་དཔག་མེད་ཀྱི་རང་བཞིན་ཨཱཿདམར་པོ་འདུ་ཤེས་ཀྱི་ཕུང་པོ། སྙིང་གར་མི་བསྐྱོད་པའི་རང་བཞིན་ཧཱུྃ་སྔོན་པོ་རྣམ་ཤེས་ཀྱི་ཕུང་པོ། ལྟེ་བར་རིན་འབྱུང་གི་རང་བཞིན་སྭ་སེར་པོ་ཚོར་བའི་ཕུང་པོ། རྐང་པ་གཉིས་ལ་དོན་གྲུབ་ཀྱི་རང་བཞིན་ཧཱ་ལྗང་ཁུ་འདུ་བྱེད་ཀྱི་ཕུང་པོ། མོ་ཧཱ་ར་ཏི་སྤྱན་མ་སའི་ཁམས་ལ། དྭེ་ཥ་ར་ཏི་མཱ་མ་ཀཱི་ཆུའི་ཁམས་ལ། རཱ་ག་ར་ཏི་གོས་དཀར་མོ་མེའི་ཁམས་ལ། བཛྭ་ར་ཏི་སྒྲོལ་མ་རླུང་གི་ཁམས་ལ། ཐིཾལ་ས་སྙིང་མིག་གི་སྐྱེ་མཆེད་ལ། ཨོཾ་ཕྱག་རྡོར་རྣ་བའི་སྐྱེ་མཆེད་ལ། ཨོཾ་ནམ་སྙིང་རྣ་བའི་སྐྱེ་མཆེད་ལ། ཨོཾ་འཇིག་རྟེན་དབང་ཕྱུག་ལྕེའི་སྐྱེ་མཆེད་ལ། ཧཱུྃ་འཇམ་དཔལ་ཡིད་ཀྱི་སྐྱེ་མཆེད་ལ། ཨོཾ་སྒྲིབ་སེལ་ལུས་ཀྱི་སྐྱེ་མཆེད་ལ། མཻཾ་བྱམས་པ་རྩ་རྒྱུས་ལ། སཾ་ཀུན་ཏུ་བཟང་པོ་ཚིགས་ཐམས་ཅད་ལ། ཧཱུྃ་གཤིན་རྗེ་མཐར་བྱེད་ལག་པ་གཡས། ཧཱུྃ་ཤེས་རབ་མཐར་བྱེད་གཡོན་པར། ཧཱུྃ་པདྨ་མཐར་བྱེད་ཁར། ཧཱུྃ་བགེགས་མཐར་བྱེད་གསང་བའི་རྡོ་རྗེར། ཧཱུྃ་མི་གཡོ་བ་དཔུང་པ་གཡས། ཧཱུྃ་འདོད་རྒྱལ་གཡོན་པར། ཧཱུྃ་དབྱུག་སྔོན་ཅན་པུས་མོ་གཡས། ཧཱུྃ་སྟོབས་པོ་ཆེ་གཡོན། ཧཱུྃ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྤྱི་བོར། ཧཱུྃ་གནོད་མཛེས་རྒྱལ་པོ་རྐང་གཉིས་ལ། ཐམས་ཅད་དེ་དག་ཏུ་ཡེ་ཤེས་ཀྱི་རང་བཞིན་དུ་རྗེས་སུ་ཞུགས་པས་སྤྲུལ་པའི་སྐུར་གྱུར་པ་ནི་ཤིན་ཏུ་རྣལ་འབྱོར་རམ་ཤིན་ཏུ་སྦྱོར་བའོ། །བཅུ་བཞི་པ། དེ་ནས་སྤྱི་བོའི་དབུས་སུ་ཟླ་བ་ཨོཾ་དཀར་པོ་འོད་ཟེར་རབ་ཏུ་འཕྲོ་བ་ལས་བྱུང་བའི་སྤྱན་མ་རྣམ་པར་སྣང་མཛད་དང་སྦྱོར་བ་ནམ་མཁའ་གང་བའི་དབུས་ཀྱི་གཙོ་བོའི་མདུན་དུ་བདག་ཉིད་གནས་ནས། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུར་ནི་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷའི་ཚོགས་དེ་ཐམས་ཅད་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་ནས་འོད་ཟེར་དཀར་པོའི་རྣམ་པར་ཞུ་བ་བདག་གི་རྣམ་སྣང་གི་སྒོ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་སྐུས་བྱིན་གྱིས་བརླབས། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་གང་བས། །སངས་རྒྱས་སྐུ་ཡི་ངོ་བོ་ཡི། །བདག་ཀྱང་དེ་དང་འདྲ་བར་ཤོག ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ་འོད་ཟེར་ལྔ་རབ་ཏུ་འཕྲོ་བ་ལས་བྱུང་བའི་གོས་དཀར་མོ་འོད་དཔག་མེད་དང་སྦྱོར་བ་ནམ་མཁའ་གང་བའི་དབུས་ཀྱི་གཙོ་བོའི་མདུན་དུ་བདག་ཉིད་འདུག་ནས། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། རྡོ་རྗེརྎ དེང་བདགྎ རྡོའི་གསུང་དུྎ ཕྱོགསྎ རྡོ་རྗེྎ དེང་བདགྎ རྡོ་རྗེའི་གསུང་དུྎ ཞེས་གསོལ་བ་བཏབ་པས་ལྷའི་ཚོགས་དེ་དག་ཐམས་ཅད་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས། མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་ནས་འོད་ཟེར་དམར་པོའི་རྣམ་པར་ཞུ་བ་བདག་གི་ཞལ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་གསུང་གི་བྱིན་གྱིས་བརླབས། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམས་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང་། །ཆོས་འཛིན་པ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྭ་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་འོད་ཟེར་ལྔ་རབ་ཏུ་འཕྲོ་བ་ལས་བྱུང་བའི་མཱ་མ་ཀཱི་མི་བསྐྱོད་པ་དང་སྦྱོར་བ། ནམ་མཁའ་གང་བའི་དབུས་ཀྱི་གཙོ་བོའི་མདུན་དུ་བདག་ཉིད་འདུག་ནས། དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། རྡོ་རྗེ་མི་ཕྱེདྎ དེང་བདགྎ རྡོ་རྗེའི་ཐུགས་སུྎ ཕྱོགས་བཅུརྎ རྡོ་རྗེ་མི་ཕྱེདྎ དེང་བདགྎ རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷའི་ཚོགས་དེ་དག་ཐམས་ཅད་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས། མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་ནས་འོད་ཟེར་སྔོན་པོའི་རྣམ་པར་བདག་གི་ཐུགས་ཀར་ཞུགས་ཏེ་ལུས་ཐམས་ཅད་གང་བས་ཐུགས་ཀྱིས་བྱིན་གྱིས་བརླབས། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་བདག་པོའི་བློ་ལྡན་པ། །བདག་ཀྱང་དེ་དང་འདྲ་གྱུར་ཏེ། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྭ་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། དེ་ནས་རྡོ་རྗེ་གསུམ་མི་ཕྱེད་པའི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་བྱིན་གྱིས་བརླབས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྭ་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། བཅོ་ལྔ་པ་ནི། དེ་ལྟར་དམ་ཚིག་སེམས་དཔའ་བསྒོམས་ནས་དེའི་སྙིང་གར་ཡེ་ཤེས་སེམས་དཔའ་ལོངས་སྐུའི་བདག་ཉིད་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བཟུང་ནས་རང་སྣང་གི་ཤེས་རབ་མ་དང་ཁ་སྦྱོར་གྱི་སྦྱོར་བས་ལུས་ཐམས་ཅད་ཚིམ་པར་བྱེད་པ་དང་སྤྱི་བོར་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་ཡེ་ཤེས་སེམས་དཔའི་སྙིང་གར་ཡི་གེ་ཧཱུྃ་མི་ཤེས་པའི་མུན་པ་འཇོམས་པའི་སྣང་བའི་ཕུང་པོ་ཅན་བསྒོམ་མོ།། རྣལ་འབྱོར་ཆེན་པོའམ་སྦྱོར་བ་ཆེན་པོའོ། །དེ་ཡན་ཏིང་ངེ་འཛིན་རྒྱལ་མཆོག་གོ །སྒྲུབ་པ། བཅུ་དྲུག་པ་ནི། ཕྱིའི་རང་རིགས་ཀྱི་ཕྱག་རྒྱའམ་མེད་ན། སྙིང་ག་ནས་ཕྱུང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་རེག་བྱ་རྡོ་རྗེ་མར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་སྭཱ། རྐང་པར་ཧཱ། རིགས་ལྔ། འབྱུང་བ་བཞི་ཡུམ་བཞི། སྐྱེ་མཆེད་སེམས་མ་ལྔ། ལག་པ་གཡས་པར་རོ་ལངས་མ། གཡོན་པར་གཞན་གྱི་མི་ཐུབ་མ། ཁ་ལ་ཁྲོ་གཉེར་ཅན་མ། བྷ་གར་རལ་གཅིག་མ། དཔུང་པ་གཡས་པར་དེ་བཞིན་གཤེགས་ཡུམ་རྡོ་རྗེ་མ། གཡོན་པར་སྣ་ཚོགས་རིན་ཆེན། དཔུང་པ་གཡས་པར་སྣ་ཚོགས་པདྨ། གཡོན་ལ་སྣ་ཚོགས་ལས་མ། སྤྱི་བོར་ནམ་མཁའི་རྡོ་རྗེ་མ། རྐང་མཐིལ་གཉིས་ལ་ས་འཛིན་ལྷ་མོ། བཅུ་བདུན་པ་ནི། རང་གི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་དབུས་མ་ཨོཾ་གྱིས་མཚན་པ། ལྷ་མོའི་བྷ་ག་ཨཱཿལས་པདྨ་འདབ་བརྒྱད་དམར་པོ་འོད་ཟེར་ལྔ་ཡིས་ཁྱབ་པ། བཅོ་བརྒྱད་པ་ནི། རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ལུས་དཀྱིལ་གྱི་ལྷ་དང་བཅས་པ་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་འཁྱུད་པ་དང་འོ་བྱ་བ་གཞིབ་པས་ཡི་གེ་ཧཱུྃ་གླུར་ལེན་ཅིང་ལས་ལ་གནས་པར་བྱས་ཏེ་འབྱིན་པའི་སྐབས་སུ་ཕཊ྄ཿཅེས་བརྗོད། ལྷ་རྣམས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས་རྩའི་བུ་ག་ནས་ཐིག་ལེའི་གཟུགས་ཀྱིས་པདྨའི་དབུས་སུ་བབས་པར་གྱུར། །དོན་ཡོད་གྲུབ་པའི་ང་རྒྱལ་གྱིས་དེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་དེ་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེ་དག་ནི་དང་པོའི་སྦྱོར་བའོ། །གཉིས་སུ་མེད་པའི་ང་རྒྱལ་གཟུང་ངོ་། །དཀྱིལ་འཁོར་རྒྱལ་མཆོག་ནི། ཤེས་རབ་ཀྱི་པདྨར་བྱང་ཆུབ་སེམས་དེ་ཆ་སོ་གཉིས་ཀྱི་སྔགས་སུ་གྱུར་པའི་དང་པོ། བཛྭ་དྷྲྀཀ྄ མི་བསྐྱོད་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ཁྲོ་བོའི་རྡོ་རྗེ་རྩེ་དགུ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། རལ་པའི་ཐོར་ཙུགས་ལ་རིན་པོ་ཆེའི་པྲོག་ཞུ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། རང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་སེམས་ཅན་རྣམས་ཀྱི་ཞེ་སྡང་གི་ཉོན་མོངས་པ་སྦྱངས་ཏེ་སླར་བྱོན། མདུན་དུ་འདུག་སྟེ་དེ་བདག་ཉིད་ཀྱི་ལུས་ལ་ཆུ་ལ་འོ་མའི་ཚུལ་དུ་རྗེས་སུ་ཞུགས་པས་བདག་ཉིད་ཨིནྡྲ་ནི་ལའི་མདོག་ཅན། ཞེ་སྡང་རྡོ་རྗེ་མཐིང་དམར་དཀར་བའི་ཞལ་གསུམ་གྱི་དབུས་མ་ཁྲོས་པ། གཡས་པ་ཞི་ཞིང་གཡོན་པ་ཆགས་པའི་ཉམས་ཅན། ཕྱག་དྲུག་གི་གཡས་པ་གསུམ་དུ་ཁྲོ་བོའི་རྡོ་རྗེ་རྩེ་དགུ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། རལ་པའི་ཐོར་ཙུགས་ལ་རིན་པོ་ཆེའི་པྲོག་ཞུ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། རང་དང་འདྲ་བའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཛི་ན་ཛྀཀ྄ རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་སེམས་ཅན་རྣམས་ཀྱི་གཏི་མུག་གི་ཉོན་མོངས་པ་སྦྱངས་ཏེ་སླར་བྱོན། ལིང་ཚེ་ཤར་དུ་ཟླ་བ་ལ་བཞུགས་པར་གྱུར། རཏྣ་དྷྲྀཀ྄ རིན་ཆེན་ཏོག་སེར་པོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ནོར་བུ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པདྨ། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་སེམས་ཅན་རྣམས་ཀྱི་ང་རྒྱལ་གྱི་ཉོན་མོངས་པ་སྦྱངས་ཏེ་སླར་བྱོན། ལིང་ཚེ་ལྷོར་ཟླ་བ་ལ་བཞུགས་པར་གྱུར། ཨ་རོ་ལྀཀ྄ མཐའ་ཡས་རྡོ་རྗེ་ཅན་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་གྱི་དང་པོས་པདྨ་ཁ་འབྱེད་པ། ལྷག་མས་རྡོ་རྗེ་དང་། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་དང་བཅས་པའི་པད་དམར། རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་སེམས་ཅན་རྣམས་ཀྱི་འདོད་ཆགས་ཀྱི་ཉོན་མོངས་པ་སྦྱངས་ཏེ་སླར་བྱོན། ལིང་ཚེ་ནུབ་ཏུ་ཟླ་བ་ལ་བཞུགས་པར་གྱུར། པྲཛྙྱཱ་དྷྲྀཀ྄ དོན་ཡོད་རྡོ་རྗེ་ཅན་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། སྣ་ཚོགས་རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པད་ལྗང་། ནོར་བུ། མི་བསྐྱོད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་སེམས་ཅན་རྣམས་ཀྱི་ཕྲག་དོག་གི་ཉོན་མོངས་པ་སྦྱངས་ཏེ་སླར་བྱོན། ལིང་ཚེ་བྱང་དུ་ཟླ་བ་ལ་བཞུགས་པར་གྱུར། མོ་ཧ་ར་ཏི། སྤྱན་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ། རྡོ་རྗེ། ཨུཏྤལ་དཀར་པོ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། རྣམ་སྣང་གིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་ནད་ལ་སོགས་པ་ཞི་བར་མཛད་དེ་སླར་བྱོན་ལིང་ཚེ་མེར་ཟླ་བ་ལ་བཞུགས་པར་གྱུར། དྭེ་ཥ་ར་ཏི། མཱ་མ་ཀཱི་ནག་མོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་རྩེ་དགུ། འཁོར་ལོ། ཨུཏྤལ་སྔོན་པོ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དེ་སླར་བྱོན། ལིང་ཚེའི་སྲིན་པོར་ཟླ་བ་ལ་བཞུགས་པར་གྱུར། རཱ་ག་ར་ཏི། གོས་དཀར་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་གྱི་དང་པོས་ཨུཏྤལ་ཁ་འབྱེད་པ་དང་། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་དང་བཅས་པར་ཨུཏྤལ་དམར་པོ། རིན་ཆེན། རལ་གྲི། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་སྲུང་བར་མཛད་དེ་སླར་བྱོན། ལིང་ཚེའི་རླུང་དུ་ཟླ་བ་ལ་བཞུགས་པར་གྱུར། བཛྭ་ར་ཏི། སྒྲོལ་མ་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ། འཁོར་ལོ། ཨུཏྤལ་སྔོ་སེར། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། དོན་གྲུབ་ཀྱིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་དབང་དུ་མཛད་དེ་སླར་བྱོན། ལིང་ཚེའི་དབང་ལྡན་དུ་ཟླ་བ་ལ་བཞུགས་པར་གྱུར། རཱུ་པ་བཛྭ་ཛཿ གཟུགས་རྡོ་རྗེ་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་མེ་ལོང་། ལྷག་མའི་གཡས་རྡོ་རྗེ་དང་། ཨུཏྤལ་དཀར་པོ། གཡོན་འོག་མ་གཉིས་རིན་ཆེན། རལ་གྲི། རྣམ་སྣང་གིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བདེ་བ་དང་ཡིད་བདེ་བ་བསྐྱེད་སླར་བྱོན། ལིང་ཚེའི་ཕྱིའི་མེར་ཟླ་བ་ལ་བཞུགས་པར་གྱུར། ཤཔྟ་བཛྭ་ཧཱུྃ། སྒྲ་རྡོ་རྗེ་མ་སེར་མོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་པི་ཝང་བརྡུང་བ། ལྷག་མའི་གཡས་འཁོར་ལོ་ཨུཏྤལ་སྔོན་པོ། གཡོན་འོག་མ་གཉིས་རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བདེ་བ་དང་ཡིད་བདེ་བ་བསྐྱེད་སླར་བྱོན། ལིང་ཚེའི་ཕྱིའི་སྲིན་པོར་ཟླ་བ་ལ་བཞུགས་པར་གྱུར། གནྡྷ་བཛྭ་བཾ། དྲི་རྡོ་རྗེ་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་དྲིའི་དུང་ཆོས། ལྷག་མའི་གཡས་རྡོ་རྗེ། འཁོར་ལོ། གཡོན་འོག་མ་གཉིས་རིན་ཆེན། རལ་གྲི། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བདེ་བ་དང་ཡིད་བདེ་བ་བསྐྱེད་དེ་སླར་བྱོན། ལིང་ཚེའི་ཕྱིའི་རླུང་དུ་ཟླ་བ་ལ་བཞུགས་པར་གྱུར། ར་ས་བཛྭ་ཧོཿ རོ་རྡོ་རྗེ་མ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རོ་བཅུད་ཀྱི་སྣོད། ལྷག་མའི་གཡས་འཁོར་ལོ། ཨུཏྤལ་དམར་པོ། གཡོན་འོག་མ་གཉིས་རིན་ཆེན། རལ་གྲི། དོན་གྲུབ་ཀྱིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་བདེ་བ་དང་ཡིད་བདེ་བ་བསྐྱེད་དེ་སླར་བྱོན། ལིང་ཚེའི་ཕྱིའི་དབང་ལྡན་དུ་ཟླ་བ་ལ་བཞུགས་པར་གྱུར། སྤརྴེ་བཛྭ་ཁཾ། རེག་བྱ་རྡོ་རྗེ་མ་མཐིང་ག་མཐིང་དམར་ནག་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ་སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བདེ་བ་དང་ཡིད་བདེ་བ་བསྐྱེད་དེ་སླར་བྱོན། གཙོ་བོའི་ཡུམ་དང་གཉིས་སུ་མེད་པར་ཐིམ། མཻཾ་ཾཐིཾལ། བྱམས་པ་དང་ས་སྙིང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་བྱམས་པའི་གཡས་དང་པོ་ཀླུ་ཤིང་གི་མེ་ཏོག ས་སྙིང་གི་གཡས་དང་པོ་འཁོར་ལོ། ལྷག་མས་གཡས་རྡོ་རྗེ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། རྣམ་སྣང་གིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་གྱི་སྐྱེ་མཆེད་རྣམ་པར་སྦྱངས་ལྷའི་མིག་སོགས་དག་པར་མཛད་དེ་སླར་བྱོན། ལྷ་སྣམ་ནང་མའི་ཤར་དུ་ཟླ་བ་ལ་བཞུགས་པར་གྱུར། ཨོཾ་ཨོཾ། ཕྱག་རྡོར་དང་ནམ་སྙིང་སེར་པོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན། ནོར་བུ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པདྨ། རལ་གྲི། རིན་འབྱུང་གིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་གྱི་སྐྱེ་མཆེད་རྣམ་པར་སྦྱངས། ལྷའི་མིག་སོགས་དག་པར་མཛད་དེ་སླར་བྱོན། ལྷ་སྣམ་ནང་མའི་ལྷོ་རུ་ཟླ་བ་ལ་བཞུགས་པར་གྱུར། ཨོཾ་ཧཱུྃ། འཇིག་རྟེན་དབང་ཕྱུག་དང་འཇམ་དབྱངས་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་གྱི་དང་པོས་པདྨ་ཁ་འབྱེད་པ། ལྷག་མས་རྡོ་རྗེ་དང་འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་དང་བཅས་པའི་པད་དམར། རིན་ཆེན། རལ་གྲི། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་གྱི་སྐྱེ་མཆེད་རྣམས་པར་སྦྱང་། ལྷའི་མིག་སོགས་དག་པར་མཛད་དེ་སླར་བྱོན། ལྷ་སྣམ་ནང་མའི་ནུབ་ཏུ་ཟླ་བ་ལ་བཞུགས་པར་གྱུར། ཨོཾ་སཾ། སྒྲིབ་སེལ་དང་ཀུན་བཟང་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། སྣ་ཚོགས་རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པད་ལྗང་། ནོར་བུ། དོན་གྲུབ་ཀྱིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་གྱི་སྐྱེ་མཆེད་རྣམ་པར་སྦྱངས། ལྷའི་མིག་སོགས་དག་པར་མཛད་དེ་སླར་བྱོན། ལྷ་སྣམ་ནང་མའི་བྱང་དུ་ཟླ་བ་ལ་བཞུགས་པར་གྱུར། དེ་ཐམས་ཅད་ཞི་བ། རིན་པོ་ཆེ་དང་དར་གྱིས་ཀླུབས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་འོད་ཟེར་འཕྲེང་བའི་ཀློང་ན་བཞུགས་པ། ཡ་མཱནྟ་ཀྲྀ་ཏ། གཤིན་རྗེ་མཐར་བྱེད་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་ཞགས་པ་དང་བཅས་པས་སྡིགས་མཛུབ། དྲིལ་བུ། དགྲ་ཧྶ། རྣམ་སྣང་གིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་ཤར་སྒོར། པྲཛྙྱཱནྟ་ཀྲྀ་ཏ། ཤེས་རབ་མཐར་བྱེད་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། དབྱུག་པ། རལ་གྲི། གཡོན་པ་གསུམ་ན་ཞགས་པ་དང་བཅས་པས་སྡིགས་མཛུབ། དྲིལ་བུ། དགྲ་ཧྶ། རིན་འབྱུང་གིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་ལྷོ་སྒོར། པདྨནྟ་ཀྲྀ་ཏ། པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་པདྨ། རལ་གྲི། གཏུན་ཤིང་། གཡོན་པ་གསུམ་ན་དྲིལ་བུ། དགྲ་ཧྶ། ཞགས་པ། འོད་དཔག་མེད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་ནུབ་སྒོར། བིགྷྣནྟ་ཀྲྀ་ཏ། བགེགས་མཐར་བྱེད་སྔོན་པོ། སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ། འཁོར་ལོ། གཏུན་ཤིང་། གཡོན་པ་གསུམ་ན་ཞགས་པ་དང་བཅས་པས་སྡིགས་མཛུབ། དྲིལ་བུ། དགྲ་ཧྶ། དོན་གྲུབ་ཀྱིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་བྱང་སྒོར། ཨ་ཙ་ལ། མི་གཡོ་བ་མཐིང་ནག མཐིང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ། དགྲ་ཧྶ། ཞགས་པ། རྣམ་སྣང་གིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་མེར། ཊཀྐི་རཱ་ཛ། འདོད་པའི་རྒྱལ་པོ་མཐིང་ནག མཐིང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་རྡོ་རྗེ། རལ་གྲི། གཡོན་གཉིས་ཞགས་པ། ལྕགས་ཀྱུ། རིན་འབྱུང་གི་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་བདེན་བྲལ་དུ། ནཱི་ལ་དཎྜྻ། དབྱུག་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རལ་གྲི། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པས་ཞགས་པ། པདྨ། དགྲ་ཧྶ། འོད་དཔག་མེད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་རླུང་དུ། མ་ཧཱ་བ་ལ། སྟོབས་པོ་ཆེ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རལ་གྲི། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པས་ཞགས་པ། རྩེ་གསུམ། དགྲ་ཧྶ། དོན་གྲུབ་ཀྱིས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་བྱང་ཤར་དུ། ཨུཥྞི་ཥ་ཙཀྲ་ཝརྟི། གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གཙུག་ཏོར་སྤྱི་བོར་འཛིན་པ། ལྷག་མའི་གཡས་གཉིས་ཀྱིས་རྡོ་རྗེ། པདྨ། གཡོན་པ་གཉིས་ཀྱིས་སྡིགས་མཛུབ་དང་། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་སྟེང་དུ། སུཾ་བྷཱ་རཱ་ཛ། གནོད་མཛེས་རྒྱལ་པོ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། རིན་ཆེན། གཡོན་པ་གསུམ་ན་ཞགས་པ་དང་བཅས་པས་སྡིགས་མཛུབ། པདྨ། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། སེམས་དཔའ་སུམ་བརྩེགས་ལྡན་པ་ཕྱུང་། དེས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་བགེགས་ཀྱི་ཚོགས་བསྡིགས་པར་མཛད་དེ་སླར་བྱོན་ནས་འོག་ཏུ། དེ་ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པའི་ཞལ་གདངས་ཤིང་དྲག་པོའི་གད་རྒྱངས་ཅན། མཆེ་བ་གཙིགས་པ་སྤྱན་དམར་པོ་གསུམ་གཟིར་ཞིང་། སྨ་ར་ཨག་ཚོམ་མེར་འབར་བ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དཔལ་གྱི་ཆས་ཀྱིས་བརྒྱན་ཏེ་ཞབས་གཡས་བསྐུམ་གཡོན་བརྐྱང་བས་མེའི་ཕུང་པོ་གཅིག་ཏུ་འབར་བའི་དབུས་ན་པད་ཉི་ལ་བཞུགས་པ་ལེགས་པར་བསྒོམ་མོ། །དེ་ཡན་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །བཅུ་དགུ་པ་ནི། རང་གཙོ་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་གསང་བ་པད་འདབ་བརྒྱད་ཟེའུ་འབྲུར་ཀཱ་ཁ་མུ་ཁ་འཐོན། ཡབ་ཀྱི་རྡོ་རྗེ་རྩེ་ལྔ་པའི་དབུས་རྭར་དུང་ཅན་གྱི་རྩེ་འཐོན་ནས་དེ་གཉིས་འབྱར་བའི་རྩེ་མོར་ཡབ་ཡུམ་གྱི་རླུང་གཅིག་ཏུ་འདྲེས་པའི་ཐིག་ལེ་ཕྲ་མོ་ཡུངས་ཀར་ཙམ་དབུས་སུ་བརྟེན་པ་ལྷ་རྟེན་གཞལ་ཡས་ཁང་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་བསྒོམ། སྟེང་རླུང་རང་སར་བཞག སྲིན་པོའི་ཞལ་བསྡམས་ཐུར་སེལ་དབང་དུ་བྱའོ། །ཐུར་སེལ་ཅུང་ཟད་བརྟན་ནས་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ། གསང་བར་ས། སྙིང་གར་ཆུ། ལྐོག་མར་མེ། ལྟེ་བར་རླུང་། ལུས་ཐམས་ཅད་ལ་གནས་པ་ནམ་མཁའི་རླུང་། ཡེ་ཤེས་ལྔའི་ངོ་བོ་ཟེར་ལྔའི་རྣམ་པ་ཅན་སྲོག་རྩོལ་དུ་གྱུར་ནས་སྣའི་བུ་ག་ལས་དཀྱིལ་འཁོར་བཞིའི་ཁ་དོག་གོ་རིམ་བཞིན་དུ་འབབ་པ་ཨོཾ་ཡིག འཇུག་པ་ཨཱཿཡིག གནས་པ་ཧཱུཾ་ཡིག འཇུག་པ་དྲག་པོར་འཇུག་པ་དང་། གནས་པ་སྟེང་རླུང་ཤུགས་རྫོགས་པར་ལྟེ་འོག་ཏུ་འཕུལ། འོག་གློད། ལྡང་བ་ན་དལ་བུས་ཕྱིར་འབྱིན་པའོ། །དེ་ནས་རླུང་དང་རྣམ་ཤེས་སུ་ལྡན་པའི་ཕྲ་མོའོ། །མི་ལྡན་པའི་ཕྲ་མོ་ནི། རང་གི་ཀུན་རྫོབ་ཀྱི་སྣ་རྩེར་འཁོར་ལོ་དཀར་པོ་ཡུངས་འབྲུའི་ཚད་ཙམ་རླུང་སེམས་གཅིག་ཏུ་བསྒྲིལ་ནས་རྟག་ཏུ་བསྒོམ་པར་བྱའོ། །རེག་མཐོང་གི་མཚན་མ་རྙེད་པའི་ཚེ་བརྟན་པ་ཡིན་ལ། དེ་ནས་བསྒོམ་པ་ལ་དབང་དུ་གྱུར་པའི་ཕྱིར། འཁོར་ལོ་དེ་གཉིས་དང་གསུམ་ནས་ནམ་མཁའ་ཁྱབ་པའི་བར་དུ་སྤྲོ་ཞིང་བསྡུ་བར་བྱའོ། །དེ་ལྟར་ལོབས་ནས། དེ་ཡོངས་སུ་གྱུར་པའི་རྣམ་སྣང་ཡང་ཡུམ་དེ་བརྟན་ནས་རིགས་ཀྱི་ལྷ་སེམས་དཔའ་སོགས་ཀྱིས་སྤྲོ་བསྡུ་བྱའོ། །དེ་བཞིན་རིགས་གཞན་བཞི་ལའོ། །དེ་ནི་སྟེང་སྒོ་ལ་བརྟེན་པའི་མཚན་མ་ཕྲ་མོའི་འོ། །དེ་ནས་རང་དང་ཕྱག་རྒྱ་སྦྱར་བའི་རྡོ་རྗེའི་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བྱས་ལ་བསྒོམ་མོ། །དེ་ལ་བརྟེན་ནས་སྙོམས་འཇུག་གི་ཐིག་ལེ་ཕྱུང་ནས་ཡུམ་གྱི་པདྨར་སྤྲོས་པས་དེར་རྣམ་སྣང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོར་གྱུར། ༼དེ་ལས་ཀྱང་དེ་ལྟ་བུའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་སྤྲོ་ཞིང་སླར་སྡུད་པར་གྱུར།༽ ཕྱིར་སྤྲོ་བ་བུའི་ཚུལ་དང་། དེས་ཀྱང་སྙོམས་འཇུག་བྱས་ནས་སྔར་བཞིན་ནམ་མཁའ་ཁྱབ་པར་བྱུང་བ་ཚ་བོའི་ཚུལ། དེ་བཞིན་རིགས་གཞན་རྣམས་ལ་ཡང་ངོ་། །དེ་ནི་འོག་སྒོ་ལ་བརྟེན་པ་ཐིག་ལེའི་ཕྲ་མོའོ། །དེ་ནས་སྙིང་གའི་པདྨར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་མི་ཤིགས་པའི་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་སེམས་འཇུག་གནས་ལྡང་བའི་བཞོན་པ་ཅན་ཞེན་དུ་བཅུག་ནས་སྣང་གསུམ་གྱི་ཡེ་ཤེས་མངོན་དུ་བྱས་པའི་མཐར་མི་ཤིགས་པའི་ཐིག་ལེ་མཐོང་བར་འགྱུར་ལ། དེ་བརྟན་པ་དང་དཀྱིལ་འཁོར་ལྔའི་རླུང་རེ་རེ་ལ་རྣམ་སྣང་སོགས་དཀྱིལ་འཁོར་རེ་རེའི་ཚུལ་གྱིས་སངས་རྒྱས་ཀྱི་སྤྲིན་ནམ་མཁའ་ཁྱབ་པར་སྤྲོ་བའོ། །དེ་ནི་སྙིང་ག་ལ་བརྟེན་པ་མི་ཤིགས་པའི་ཕྲ་མོའོ། །ཉི་ཤུ་པ་ནི། རླུང་ནང་དུ་འཇུག་པ་ཨོཾ་གྱི་རང་བཞིན་ཅན་ལུས་ཀྱི་བུ་ག་ཚུན་དུ་སླེབ་པ། གནས་པ་ཧཱུྃ་གི་རང་བཞིན་ཅན་ལུས་ཁྲིག་གང་བ། ལྡང་བ་ཨའི་རང་བཞིན་ཅན་ཕྱིར་རྒྱུས་པས་ལུས་སྟོང་ལྷེབ་སྟེ་སོང་བར་བསམ་པར་རགས་པའི་རྡོར་བཟླས། དེ་ནས་རླུང་ལྔ་རས་བལ་ཀྱི་སྐུད་པ་གཞིབས་པ་ལྟ་བུ་གསང་གནས་ནས་ལྟེ་བའི་བར་དུ་རྟ་རྔ་ཙམ་བྲང་ངེ་གནས་པ། ཕྱིར་འབྱུང་བ་གང་འགྲོ་བར་དེ་སྐུད་པའི་སྣ་ནས་འཐེན་པ་ལྟ་བུ་སོར་ཚད་ཇི་ཙམ་རྒྱུ་བ་ཐུག་འཐོན། འཇུག་དུས་དེ་ཉིད་ཀྱིས་སྔར་གྱི་རང་མལ་དུ་སླེབ། གནས་དུས་དེ་ཁར་བསྡད་པར་བསམས་པ་ཕྲ་བའོ། །དེ་ནས་མིག་གི་ལམ་ནས་ལྡང་བའི་ཚེ་གཟུགས་སོགས་སུ་གསལ་བ། འཇུག་པའི་ཚེ་གཟུགས་སོགས་ཀྱི་སྣང་བ་ནུབ་པ། གནས་པའི་ཚེ་ཡིད་ཀྱི་རྣམ་ཤེས་རང་མལ་དུ་མི་གཡོ་བ། དེ་ལྟ་བུས་རྣ་བ་སོགས་ལྷག་མ་རྣམས་ལ་ཡང་ཤེས་པར་བྱའོ། །གསལ་བའི་རླུང་ཞེས་པ་ཕྲ་བའོ། །དེ་ལྟར་རྡོ་རྗེའི་བཟླས་པའི་རིམ་གྱིས་རྣམ་པར་མི་རྟོག་པ་བརྟན་པས་རང་བཞིན་གྱིས་བཞོན་པའི་རླུང་རྣམས་འབབ་ཅིང་། དེར་སྣང་གསུམ་གྱི་རིམ་པས་མི་ཤིགས་པའི་ཐིག་ལེ་མཐོང་བ་ལ་འཇུག་གནས་ལྡང་བ་གསུམ་གྱིས་ལྡང་ལ། ཚུལ་དེ་ལྟ་བུའི་རླུང་གི་རྒྱུ་བ་འགགས་ནས་འོད་གསལ་ལ་ཡུན་རིང་པོར་གནས་པ་དེ་ལ་འགོག་པ་ཡང་དག་པའི་མཐའ་ཟེར། དེ་ནས་ལས་རླུང་ཐམས་ཅད་ཟད་པ་ན་དོན་དམ་རྡོ་རྗེའི་བཟླས་པར་འགྱུར་རོ། །ཉེར་གཅིག་པ་ནི། རང་གི་ཐུགས་ཀར་ས་བོན་སྔགས་ཀྱིས་བསྐོར་བ། དེའི་སྔགས་ལས་རླུང་ལྡང་བ་ན་འོད་ཟེར་འཕྲོ། འཇུག་པ་ན་སྡུད་པར་བྱ་ཞིང་སྔགས་སྒྲའི་རྣམ་པར་བསམས་ནས་ངག་ཏུ་བཟླ་བ་ནི་དམ་ཚིག་གི་བཟླས་པའོ། །ཡང་ན་རང་གི་ཐུགས་ཀར་ས་བོན་ལ་སྔགས་ཀྱིས་བསྐོར་བ། དེའི་སྔགས་ལས་སྔགས་ཕྲེང་ལྡང་བ་ན་རང་གི་ཁ་ནས་རྡོ་རྗེའི་ལམ། དེ་ནས་ལྷ་མོའི་པདྨ། དེའི་ཨ་ཝ་དྷཱུ་ཏཱི་ནས་ལྷ་མོའི་ཞལ། འཇུག་པ་དེ་ནས་སླར་རང་གི་ཞལ་དུ་འཁོར། ཁྱོགས་ཀྱི་བཟླས་པ། འདི་ལ་ཞི་རྒྱས་ལ་ཡི་གེ་ལྷོད་པ་འོད་ཟེར་དཀར་པོ་བདུད་རྩི་ལྟ་བུ་དང་། སེར་པོ་རིན་པོ་ཆེ་ལྟ་བུའི་ནུས་པ། རང་གི་ཁ་ནས་ལྷ་མོའི་ཁར་སོང་པདྨ་ནས་རྡོ་རྗེར་འཁོར་བ་གདུག་ཅིང་རྩུབ་པའི་ཡི་གེ་ཁྲོ་བོའི་བཟླས་པ་སྟེ་དྲག་ཤུལ་གྱི་ལས་ལ། འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་དང་། དྲག་པོ་སྤུ་གྲིའི་སོ་ལྟ་བུས་དགྲ་བགེགས་ཚར་གཅོད་པ་འཕྲོ་བའོ། །སྔགས་ནི། ཨོཾ་ཨཱཿཧཱུྃ། དེ་ཁོ་ན་ཉིད། ཨོཾ་ཨཱཿབཛྭ་དྷྲིཀ྄་ཧཱུྃ་ཧཱུྃ། ཨོཾ་ཨཱཿཛི་ན་ཛྀཀ྄་ཨོཾ་ཧཱུྃ། ཨོཾ་ཨཱཿརཏྣ་དྷྲིཀ྄་སྭཱ་ཧཱུྃ། ཨོཾ་ཨཱཿཨ་རོ་ལྀཀ྄་ཨཱཿཧཱུྃ། ཨོཾ་ཨཱ་པྲཛྙྱཱ་དྷྲྀཀ྄་ཧཱ་ཧཱུྃ། ཨོཾ་ཨཱཿམོ་ཧ་ར་ཏི་ལཾ་ཧཱུྃ། ཨོཾ་ཨཱཿདྭེ་ཥ་ར་ཏི་མཾ་ཧཱུྃ། ཨོཾ་ཨཱཿརཱ་ག་ར་ཏི་པཱཾ་ཧཱུྃ། ཨོཾ་ཨཱཿབཛྭ་ར་ཏི་ཏཱཾ་ཧཱུྃ། ཨོཾ་ཨཱཿརཱུ་པ་བཛྭ་ཛཿཧཱུྃ། ཨོཾ་ཨཱཿཤཔྟ་བཛྭ་ཧཱུྃ་ཧཱུྃ། ཨོཾ་ཨཱཿགནྡྷ་བཛྭ་བཾ་ཧཱུྃ། ཨོཾ་ཨཱཿར་ས་བཛྭ་ཧོཿཧཱུྃ། ཨོཾ་ཨཱཿསྤརྴེ་བཛྭ་ཁཾ་ཧཱུྃ། ཨོཾ་ཨཱཿམཻ་ཏྲི་མེཾ་ཧཱུྃ། ཨོཾ་ཨཱཿཀྵི་ཏི་གརྦྷ་ཐིཾལ་ཧཱུྃ། ཨོཾ་ཨཱཿབཛྭ་པཱ་ཎི་ཨོཾ་ཧཱུྃ། ཨོཾ་ཨཱཿཁ་གརྦྷ་ཨོཾ་ཧཱུྃ། ཨོཾ་ཨཱཿལོ་ཀེ་ཤྭ་ར་ཨོཾ་ཧཱུྃ། ཨོཾ་ཨཱཿམཉྫྱུ་ཤྲཱི་ཧཱུྃ་ཧཱུྃ། ཨོཾ་ཨཱཿསརྦ་ནི་ཝ་ར་ཎ་བིསྐཾ་བྷི་ནི་ཨོཾ་ཧཱུྃ། ཨོཾ་ཨཱཿས་མནྟ་བྷཱ་དྲ་སཾ་ཧཱུྃ། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧུཾ་ཧཱུྃ། ཨོཾ་ཨཱཿཔྲཛྙྱཱནྟ་ཀྲྀཏ་ཧུཾ་ཧཱུྃ། ཨོཾ་ཨཱཿཔདྨནྟ་ཀྲྀཏ་ཧུཾ་ཧཱུྃ། ཨོཾ་ཨཱཿབིགྷནྡ་ཀྲྀཏ་ཧུཾ་ཧཱུྃ། ཨོཾ་ཨཱཿཨ་ཙ་ལ་ཧུཾ་ཧཱུྃ། ཨོཾ་ཨཱཿཊཀྐི་རཱ་ཛ་ཧུཾ་ཧཱུྃ། ཨོཾ་ཨཱཿནི་ལ་དཎྜྻ་ཧུཾ་ཧཱུྃ། ཨོཾ་ཨཱཿམ་ཧཱ་བཱ་ལ་ཧུཾ་ཧཱུྃ། ཨོཾ་ཨཱཿཨུཥྞི་ཥ་ཙཀྲ་ཝརྟི་ཧུཾ་ཧཱུྃ། ཨོཾ་ཨཱཿསུམྦྷ་ར་ཛ་ཧུཾ་ཧཱུྃ། ཞེས་པ་གཙོ་འཁོར་གྱི་སྙིང་པོ་ཡིན་ལ། ཉེ་སྙིང་དང་། འཕྲེང་སྔགས་ཟློ་བར་འདོད་ན། རྩ་བའི་རྒྱུད་དང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ཉེར་གཉིས་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་བ་ཆེན་པོས་སེམས་དཔའ་གསུམ་ཅིག་ཅར་མེ་ལོང་ལ་ཧས་བཏབ་པ་བཞིན་འོད་གསལ་དུ་ཐིམ། ཉེར་གསུམ་པ་ནི། ལྷ་མོ་བཞིས་གཙོ་བོ་མ་མཐོང་ནས་གདུང་བའི་ཡིད་ཀྱིས་བལྟ་འདོད་དེ་སྙན་པའི་དབྱངས་ཀྱིས་སྤྱན་མས་བསྐུལ་བ་ནི། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབས་སུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། མཱ་མ་ཀཱིས། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་བསྒྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། གོས་དཀར་མོས། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་པའི་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་ཤིན་ཏུ་བརྩོན། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛད་དུ་གསོལ། །སྒྲོལ་མས། ཁྱོད་ནི་རྡོ་རྗེའི་འདོད་པ་དམ་ཚིག་མཆོག་གི་ཕན་ཡོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛད་དུ་གསོལ། །ཞེས་བསྐུལ་བས་སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་ཤུགས་ཀྱིས་འོད་གསལ་ཟུང་འཇུག་གི་སྐུ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་སྔར་ཇི་ལྟར་བར་བཞེངས་པ་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མཐོང་བར་འགྱུར་རོ། །ཉེར་བཞི་པ་ནི། དེ་ནས་དེ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། རིགས་ལྔའི་སྒོ་ནས་བསྟོད་པ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེར་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་མཉེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །སྙིང་ཁ་ནས་འཕྲོས་པས་གཟུགས་རྡོ་རྗེ་མ་ལ་སོགས་པས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ་ནས་ཤཔྟྎ ཨོཾ་ཨཱཿརཱུ་པ་བཛྭ་ཧཱུྃ། དེ་བཞིན་དུ། ཤཔྟྎ གནྡྷེྎ ར་སྎ སྤརྴེྎ ཅེས་ཉེར་སྤྱོད་ལྔས་ཕྱི་མཆོད་དང་། བདུད་རྩི་ལྔ་བཏབ་པའི་ཆང་། སྟོང་པའི་ངང་ལས་བདུད་རྩིའི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་རྣམས། ཤར་དུ་གོ་ལས་བ་གླང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ། དབུས་སུ་ན་ལས་མིའི་ཤ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཀླད་པ། དབུས་སུ་མུ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་ངོ་བོ། ཤར་དུ་བྷྲཱུྃ། ལྷོར་ཨཱཾ། ནུབ་ཏུ་ཛྭཱིཾ། བྱང་དུ་ཁཾ། དབུས་སུ་ཧཱུྃ། དེའི་སྟེང་དུ་ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པའི་འོད་ཟེར་འོག་ཏུ་འཕྲོས། རླུང་གི་བ་དན་ལ་ཕོག རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཀྱི་མ་དག་པ་བསྲེགས། དག་པ་ཞུ་ཞིང་ཁོལ་བའི་རླངས་པ་ཨོཾ་དང་ཧཱུྃ་ལ་ཕོག ཨོཾ་ལས་བདུད་རྩིའི་རྒྱུན་བབས་པ་ཐོད་པར་ལྷུང་བའི་རླངས་པ་དང་། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཐིམ་པར་གྱུར། རྡོ་རྗེ་ཟླ་བ་ཨོཾ་དང་བཅས་པ་ཐོད་པར་ལྷུང་སྟེ། ཞུ་ནས་དམ་ཚིག་གི་བདུད་རྩིར་འདྲེས་པ། ཧཱུྃ་གིས་སྦྱངས། ཡི་གེ་ཨཱཿས་རྟོགས་པར་བྱས། ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩི་བསྣན་པས་སྦྱར་བ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ཏེ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་སྦུ་གུ་ཅན་གྱིས་དྲངས་ཏེ་གསོལ་བར་གྱུར་པར་བསམ་ནས། བདུད་རྩི་མྱང་བ་ནང་མཆོད་དང་། དེ་ནས་རེག་བྱ་རྡོ་རྗེ་མ་དང་། དེ་ནས་རྣམ་སྣང་ལ་སོགས་པའི་ང་རྒྱལ་གྱིས་ཡུམ་བཞི་ལ་རྗེས་སུ་ཆགས་པས་སྙོམས་པར་འཇུག་ཅིང་། མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས་འོད་གསལ་བའི་ངོ་བོ་ཉིད་དུ་རོ་གཅིག་པ། གསང་མཆོད་དོ།། དཀྱིལ་འཁོར་གྱི་ཡོངས་སུ་དག་པ་ནི། འཕགས་པའི་བདེན་བཞི་ངོས་བཞིར་འགྱུར། །ཚངས་པའི་གནས་ནི་གྲྭ་ཡིན་ནོ། །བསྡུ་བའི་དངོས་པོ་ཞེས་བྱ་སྒོ། །བཞི་ཡི་མིང་ཅན་རེ་རེ་སྟེ། །དད་པའི་དབང་པོ་ལ་སོགས་སེམས། །རྣམ་པ་ལྔ་པོ་ཡང་དག་འབྱུང་། །རྫུ་འཕྲུལ་རྐང་པའི་སྒོ་ཁྱུད་ནི། །བཞི་སྟེ་དེ་ཡང་རྣམ་པ་བཞི། །དེ་ཡི་དབུས་ཀྱི་འཁོར་ལོ་གང་། །དཀྱིལ་འཁོར་བརྒྱད་ཀྱིས་གཞལ་བ་ནི། །རྣམ་པར་ཐར་པ་བརྒྱད་ཡིན་ཏེ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །འཕགས་ལམ་ཡན་ལག་བརྒྱད་པ་ནི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །སངས་རྒྱས་ཀུན་གྱི་ཁང་ཆེན་དུ། །ཐམས་ཅད་ཚེ་ན་ཀ་བར་འགྱུར། །ཆོས་དང་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་འདི་དེ་ནི། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག། ཅེས་རྟེན་དང་། ཕུང་པོ་ལྔ་ཡི་རང་བཞིན་དུ། །སངས་རྒྱས་ལྔ་རྣམས་རབ་བརྟན་བྱ། །སྤྱན་མ་ལ་སོགས་ལྷ་མོ་བཞི། །ས་ལ་སོགས་པའི་རང་བཞིན་ནོ། །དེ་ནི་འདོད་ཡོན་ལྔའི་ངོ་བོར། །གཟུགས་རྡོ་རྗེ་ལ་སོགས་པའོ། །མིག་ལ་སོགས་པའི་རང་བཞིན་དུ། །ས་ཡི་སྙིང་པོ་ལ་སོགས་སོ། །ལག་སོགས་ངོ་བོར་ཁྲོ་དབང་པོ། །གཤིན་རྗེའི་དགྲ་སོགས་བརྟེན་པར་བྱ། ཞེས་ལྷའི་ཡོངས་དག་བརྟེན་ནོ། དེ་ལྟར་ཕུང་པོ་ལ་སོགས་པའི་དོན་ཇི་ལྟ་བ་བསྟན་ཅིང་། དེ་ནས་ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་བཅུག མགོན་པོ་ཡབ་ཡུམ་གཅིག་པུར་བཞུགས་པ། ཉེར་ལྔ་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས། དེས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་སྒྲིབ་པ་དག་ནས་ཡི་གེ་ཧཱུྃ་དུ་གྱུར་ཅིང་དེས་ནམ་མཁའ་གང་བ་ཐམས་ཅད་རྡོ་རྗེ་འཆང་དུ་གྱུར་པ་ཡིད་ཀྱིས་བལྟས་ཏེ་སྤྱོད་ལམ་ལ་འཇུག་གོ། ཉེར་དྲུག་པ་ནི། བསྒོམས་པས་ལུས་དུབ་ན། རང་གི་སྤྱི་བོ་ལས་མཐོ་གང་ཙམ་གྱི་མཐོ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ་མགོ་བོ་མཐུར་དུ་བསྟན་པ་བདུད་རྩི་ལྔ་འཛག་པས་རྐང་པའི་མཐིལ་ནས་སྤྱི་བོའི་བར་གང་བར་བསམས་ཏེ་དེས་ལུས་རྒྱས་པར་འགྱུར་རོ། ཟས་སྦྱང་བ་སྔར་བཞིན། ལྐོག་མ་དུང་དམར་པོའི་རྣམ་པ་ལ་སྲཱིཿལས་པད་མ་འདབ་བརྒྱད་ལ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་དབུས་ཨོཾ་འོད་ཟེར་ཟས་ལ་འཕྲོ་བར་བསམ་ལ་ལྐོག་མ་སྦྱང་བ། སྙིང་གར་པད་ཉིར་ཧཱུྃ་སྔོན་པོ་རྩེ་གསུམ་གྱི་མེ་རབ་ཏུ་འཕྲོ་བ། དེར་ལག་པ་དགང་བླུགས་སུ་མོས་ཏེ་ཨོཾ་གྱི་འོད་ཟེར་གྱིས་དྲངས་ནས་སྙིང་གའི་མེ་དབུས་ཀྱི་ལྷ་ཐམས་ཅད་འདུས་པའི་རང་བཞིན་ཧཱུྃ་ལ་འབུལ་བའི་ཚུལ་གྱིས་ཟ་བ་ནང་གི་སྦྱིན་སྲེག དེ་ཡང་གསང་བར་ཡཾ་ལས་རླུང་། ལྟེ་བར་རཾ་ལས་མེ། སྙིང་གར་ལཾ་ལས་ས། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་བསམས་ཏེ་རླུང་ཁ་སྦྱར། རླུང་གིས་སྦར་བའི་མེས་ས་བསྲེགས། དེས་ཆུ་བསྐོལ་ཏེ་ཞུ་བར་གྱུར་པའི་དྭངས་མ་རྣམས་གཏུམ་མོའི་མེ་ལ་སྦྱིན་སྲེག་བྱས་པས་སྙིགས་མ་རྣམས་ཐལ་བར་སོང་སྟེ་རླུང་རོ་བསལ་བས་སྙིགས་མ་འོག་སྒོ་ནས་འཐོན་ནས་ཐལ་བར་གྱུར་པར་བསམ་མོ། །དེས་རིམས་དང་ནད་ཀྱི་དུག་ལ་སོགས་པས་མི་ཚུགས་དུས་མིན་པར་འཆི་བར་མི་འགྱུར་རོ། །ཕྱི་ནང་གི་སྦྱིན་སྲེག་ཡི་གེ་གསུམ་མམ་ཕྲེང་བའི་སྔགས་ལ་སོགས་པ་དད་རྫས་ཀྱི་སྦྱོར་བས་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་བྱས་ནས་ལས་ཐམས་ཅད་བསྒྲུབ་པ་ཞེས་བྱ་བ་རྣམས་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ནོ།། །། ༈ གསང་བ་འདུས་པའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པ་ནི་རྣམ་པ་གཉིས་ཏེ། གསང་སྔགས་གཙོ་བོར་བྱེད་པའི་སློབ་དཔོན་གྱི་བྱ་བ་དང་། བསམ་གཏན་ལ་གཞོལ་བའི་སློབ་དཔོན་གྱི་བྱ་བའོ། །དང་པོ་ནི། ཀླུའི་བྱང་ཆུབ་ཀྱིས། དང་པོར་ས་ནི་སྦྱང་བ་དང་། །དེ་ནས་ས་ཡོངས་འཛིན་པ་དང་། །ཕྱི་ནས་བགེགས་ནི་ཉེར་ཞི་དང་། །ཐོད་ལེ་ཀོར་གྱིས་ཐིག་གདབ་དང་། །དེ་ནས་ས་ལྷ་སོགས་ལྷག་པར། །གནས་དང་དེ་ནས་གསོལ་གདབ་དང་། །ཕྱི་ནས་སློབ་མ་ལྷག་གནས་དང་། །ནམ་མཁར་ཐིག་ནི་གདབ་པ་དང་། །ཚོན་སྣ་ལྔ་ཡི་ཆོ་ག་དང་། །ཚོན་རྩི་རྣམས་ནི་དགྱེ་བ་དང་། །ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །དེ་ནས་སློབ་མ་གཞུག་པ་དང་། །ཁྲུས་ཀྱི་དཀྱིལ་འཁོར་ཆོ་ག་དང་། །དེ་ནས་སངས་རྒྱས་དབང་བསྐུར་དང་། །དེ་ནས་ཕྱག་མཚན་དབང་བསྐུར་དང་། །བླ་མ་ལྷ་དང་ཡོན་གཉིས་དང་། །རྗེས་སུ་གནང་བ་སྦྱིན་པ་དང་། །དེ་ནས་གཤེགས་གསོལ་ཆོ་ག་དང་། །དཀྱིལ་འཁོར་ལས་ཕྱེད་ཕུར་པ་དང་། །སྐུད་པ་བསྐུ་བ་ཉིད་དང་ནི། །རབ་བཤད་ཆོ་ག་ཉི་ཤུ་ཡི། །ཇི་ལྟ་ཇི་ལྟར་རྒྱས་ཤེས་པའི། །རྡོ་རྗེ་སློབ་དཔོན་མཁས་པ་ཡིས། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་པའི་དང་པོ་ནི། དཀྱིལ་འཁོར་བྱ་འོས་པ་ཁང་བཟང་སོགས་སམ། གསར་པའི་སར་པུས་ནུབ་ཙམ་བརྐོ་ཞིང་རོ་ལྔ་བསལ་ཤིས་པའི་སས་སྟེགས་བུ་བྱ། །བ་ལང་གི་ལྕི་བས་བྱུག དྲི་ཆུས་བསངས། དྲག་པོའི་སྦྱིན་སྲེག་བྱ། བཛྭ་སཏྭ་ཞེས་ཟློས་ཤིང་རྡོ་རྗེའི་བལྟ་བས་ཕྱོགས་ཐམས་ཅད་དུ་བལྟ་བར་བྱའོ། །གཉིས་པ་ནི། གནས་བརྒྱན། རང་ཆས་གོས་དཀར་པོ་དང་ལྡན་པས་གཙུག་ཏོར་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ས་ལ་དྲི་བཟང་བྱུགས་པའི་ཆ་ལ་ཐོག་མར་ཉི་མ་གསུམ་དུ་གཏོར་ཆོག་བཞིན་གཏོར་མ་འབུལ་ལོ། །དེ་ནས་བགེགས་ཞི་བར་བྱ་བའི་ཕྱིར་ཕྱོགས་སྐྱོང་ལ་གཏོར་མ་འབུལ་བར་བྱ་སྟེ། རང་ཉིད་སྐད་ཅིག་གིས་མི་བསྐྱོད་པ་སྐུ་མདོག་སྔོན་པོ། སྔོ་དམར་དཀར་བའི་སོགས། ནས། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཅེས་ང་རྒྱལ་གཟུང་ལ། ཕྱོགས་སྐྱོང་གི་གཏོར་མ། སྟོང་པའི་ངང་ལས་གཏོར་མའི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་རྣམས། ཤར་དུ་གོ་ལས་བ་གླང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ། དབུས་སུ་ན་ལས་མིའི་ཤ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཀླད་པ། དབུས་སུ་མུ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་ངོ་བོ། ཤར་དུ་བྷྲཱུྃ། ལྷོར་ཨཱཾ། ནུབ་ཏུ་ཛྭཱིཾ། བྱང་དུ་ཁཾ། དབུས་སུ་ཧཱུྃ། དེའི་སྟེང་དུ་ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པའི་འོད་ཟེར་འོག་ཏུ་འཕྲོས། རླུང་གི་བ་དན་ལ་ཕོག རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཀྱི་མ་དག་པ་བསྲེགས། དག་པ་ཞུ་ཞིང་ཁོལ་བའི་རླངས་པ་ཨོཾ་དང་ཧཱུྃ་ལ་ཕོག ཨོཾ་ལས་བདུད་རྩིའི་རྒྱུན་བབས་པ་ཐོད་པར་ལྷུང་བའི་རླངས་པ་དང་། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཐིམ་པར་གྱུར། རྡོ་རྗེ་ཟླ་བ་ཨོཾ་དང་བཅས་པ་ཐོད་པར་ལྷུང་སྟེ། ཞུ་ནས་དམ་ཚིག་གི་བདུད་རྩིར་འདྲེས་པ། ཧཱུྃ་གིས་སྦྱངས། ཡི་གེ་ཨཱཿས་རྟོགས་པར་བྱས། ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩི་བསྣན་པས་སྦྱར་བ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བ་དང་འབྱུང་པོའི་ཚོགས་ཐམས་ཅད་ཨ་ཀརྵ་ཡ་ཛཿ ཨོཾ་ད་ཤ་དིག་བྷྱཿཧྶྭི་ཏི་བྷྱཿ ཨི་ཧ་ཨ་བ་ཧྶྭི་ཏེ་བྷྱཿཙ་དེ་ཝ་ནཱ་ག ཡཀྵ། གནྡྷརྦ། ཨ་སུ་ར། ག་རུ་ཌ། ཀིནྣི་ར། མ་ཧོ་ར་ག བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨནྟ། ཨ་པ་སྨ་ར། ཨོཾ་སྟ་ར་ག་ཨ་ཏི། བྷྱོ་བ་ལི་ཏཱཾ་པ་ཡ། མི་གྲྀ་ཧཱི་ཏྭཱ་སུ་ཁ་སཽ་མན་ཀྵྼེ་ལཱ། བི་ནོ་བྷ་ཝནྟུ་ཧྶྭུ་ནཱི། ཙ་ནི་རུ་བ་དྲ། ཀུརྦནྟུ། སརྦ་བུདྡྷ་ཨ་དྷི་ནིན། ཨོཾ་ཨཱཿཧཱུྃ། ཨི་དཾ་ཨ་མྲྀ་ཏ་བིཎྜྻི་བྷུ་ཀ་ཏོ་མ་མ་ས་པ་རི་ཝཱ་རི་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཅེས་ལན་གསུམ་གྱིས་ཕུལ་ལ། ཨོཾ་བཛྭ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾྎ པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཕྱོགས་བཅུར་རྣམ་པར་གནས་རྣམས་དང་། །འདིར་ནི་ཀུན་ཏུ་གནས་པ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །སྨྱོ་བྱེད་དང་ནི་རྗེད་བྱེད་དང་། །གནོན་པོ་ལ་སོགས་པ་རྣམས་ལ། །གཏོར་མ་འབུལ་གྱིས་བསྣམས་ནས་ཀྱང་། །བདེ་དང་ཡིད་བདེ་ཐོབ་གྱུར་ཅིག །གནས་འདིར་ཉེར་འཚེ་མེད་པར་མཛོད། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །ཨོཾ་ཨཱཿཧཱུྃ་གི་བདུད་རྩི་ཡི། །བཟའ་བ་ལ་ནི་ལོངས་སྤྱད་ནས། །བདག་ཅག་འཁོར་དང་བཅས་པ་ལ། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་འདོད་དོན་གསོལ་ལ། གཏོར་མ་དང་མཆོད་པ་གཤེགས། ཞི་བའི་སྦྱིན་སྲེག་བྱ། དེ་ནས་ས་ཡོངས་སུ་སྦྱོང་བའི་ཕྱིར། སློབ་དཔོན་དབུས་ནས་ཤར་དུ་ཕྱོགས་པར་འཁོད་ནས། རང་གི་སྙིང་ཁར་པད་ཉི་ལ་གནས་པའི་ཧཱུྃ་གི་འོད་ཟེར་གྱིས་སོགས་ནས། བདུད་རྩི་མྱང་བའི་བར་སྒྲུབ་ཐབས་བཞིན་སོང་བའི་རྗེས་སུ། མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་གསལ་བར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། སོགས་ནས། ཤཔྟ་འི་བར་གྱིས་མཆོད། ཁམས་གསུམ་སྐྱོད་པ་ལས་གྲོལ་མཁའ་དང་མཉམ་ཡུར་དངོས་པོའི་ངོ་བོ་ཉིད། །དག་ཅིང་ཞི་ལ་རྣམ་དབེན་མཆོག་གི་རྣལ་འབྱོར་པ་ཉིད་ཡུལ། །རྟོགས་དཀའ་བརྟག་པར་དཀའ་ལ་བདག་གཞན་རབ་ཕན་ཁྱབ་ཅིང་མཚན་མ་མེད། །རྒྱལ་བའི་བདེ་བ་མཉམ་མེད་མཉམ་སྐུ་མི་རྟོག་ཡུལ་གཅིག་ལ་ཕྱག་འཚལ། །ཅེས་པས་བསྟོད། སྤོས་དང་རྡོ་རྗེ་དྲིལ་བུ་འཛིན་པས། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་གྱུར། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །འདིར་ནི་དཀྱིལ་འཁོར་བྲི་བར་འཚལ། །སངས་རྒྱས་ལ་སོགས་ཀུན་བྱོན་ལ། །འདིར་ནི་དངོས་གྲུབ་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་ལས་རྣམས་ནི། །ཇི་ལྟར་ནུས་པ་རབ་ཏུ་བགྱི། །ཅེས་སྙན་གསན་དབབ། དེ་ནས་སློབ་མས་ཀྱང་དབང་བསྐུར་འགྲུབ་པའི་དོན་དུ་ཕྱོགས་བཞི་ནས། མཆོད་པ་བྱིན་གྱིས་བརླབས་ཅིང་། རྒྱས་པར་ན་མདུན་བསྐྱེད་སྐབས་སུ་འབྱུང་བ་ལྟར། ཆུ་གསུམ་ཉེར་སྤྱོད་རོལ་མོར་བཅས་སམ། བསྡུ་ན་སྔགས་ཙམ་གྱིས་མཆོད། ཨོཾ་བཛྭ་དྷྲྀཀ྄་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་ཀྱིས་བསྟོད་ལ། ཤར་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། །་དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ལྷོ་ནས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ནུབ་ནས། ཞི་བའི་མཆོག་ནི་ཆོས་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། བྱང་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞི་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཐུན་མོང་ནས། ཁྱོད་ཞབས་པདྨ་མ་གཏོགས་པར། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །ཐུབ་པ་བདག་ནི་འཁོར་བ་ལས། །བསྒྲལ་བའི་ཕྱིར་དུ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་གདབ་ཏུ་འཇུག་གོ །གསུམ་པ་ནི། དཀྱིལ་འཁོར་གྱི་ས་བ་བྱུང་དང་དྲི་བཟང་པོས་བྱུགས། མེ་ཏོག་སིལ་མ་བཀྲམ། རང་ཆས་གོས་དམར་པོ་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཁ་ཤར་དུ་ཕྱོགས་པས་སྐྱིལ་ཀྲུང་གིས་འདུག་སྟེ། སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་བརྐྱང་བའི་རྩེ་མོ་སྦྱར་བ་མཐུར་བལྟ་སྤྱི་བོར་བཟུང་ལ། ཧཱུྃ་བཛྭ་ཨུཏྟིཥྛ། བསྒོམས་པའི་དཀྱིལ་འཁོར་སྟེང་གི་ནམ་མཁར་བཞུགས་པར་གྱུར། བདག་ཉིད་ཞེ་སྡང་རྡོ་རྗེ་ཁྲོ་བོའི་འཁོར་གྱིས་བསྐོར་བ། བསྲུང་འཁོར་བཞིན་དུ་བསྒོམས་པའི་རྐང་མཐིལ་གཉིས་སུ་རྡོ་རྗེ། མིག་གཡོན་ཊ་ལས་ཟླ་བ་གཡས་མ་ལས་ཉི་མ། མིག་འབྲས་ཧཱུྃ་མེ་ལྟར་འབར་བ། རྡོ་རྗེའི་བལྟ་བས་ཕྱོགས་ཐམས་ཅད་དུ་བལྟ་བ་ལ། ཧཱུྃ་ཡིག་དྲག་པོ་གླུར་ལེན་པས་བགེགས་ཐམས་ཅད་བཀུག་སྟེ་བཀའ་བསྒོ་བ། ཨ་པ་ས་རནྟུ། བྷ་ཝནྟོ། ཡོ་ག་ཙིཏྟ། དེ་བཱ། ཨ་སུ་ར། ཡཀྵ། རཱཀྴཱ་ས། པྲེ་ཏ། པི་ཤཱ་ཙ། ཨ་པསྨར། བྷུ་ཏ། ཌཱ་ཀཱི་ནཱི། ཨོསྟཱ་ར་ག མཧཱ་ལླི་ཀ ཨ་ནུ་ཙ་ར་པྲ་ཏིཥྛ། ག་རུ་ཌ། ཀིཾ་པུ་རུ་ཥ། མནྟྲ། སིདྡྷི། བདག་གིས་ས་ཕྱོགས་འདིར་སློབ་མ་ཆེ་གེ་མོ་རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བྲི་བར་བྱའོ། །རྡོ་རྗེ་འཛིན་པ་ཆེན་པོའི་བཀའ་སྩལ་པ་འདི་ཐོས་ནས་མྱུར་དུ་དེངས་ཤིག གང་ཞིག་མི་དེངས་པ་དེ་མགོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འབར་བ་ཧཱུྃ་གི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཚལ་བ་བརྒྱར་འགས་པར་བྱའོ། །ལན་གསུམ་བརྗོད་ནས་ཁྲོ་བས་ཧཱུྃ་ཡིག་ཕྱག་རྒྱ་དང་བཅས་པས་ཤར་དུ་གཡས་བརྐྱང་། ལྷོར་གཡོན་བརྐྱང་། ནུབ་ཏུ་ས་ག དབུས་ཟླུམ་པོ་ཙམ་མམ་མཉམ་པའི་སྟང་སྟབས་ནས་རྒྱབ་ཏུ་ཕྱོགས་པའི་ཚུལ་ཞེས་བཤད་པའི་བར་ཐམས་ཅད་བྱའོ། །དེ་ནས་སེང་ལྡེང་གི་ཕུར་བུ་སོར་བརྒྱད་ལ་ཚོན་སྐུད་ལྔ་བཅིངས་པ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས་སྣོད་གསར་པར་བཞག ལག་པས་རེག་ཅིང་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་མངོན་པར་བསྔགས། དེ་ལྟར་འདུས་བྱས་པའི་ཕུར་བུ་སླར་ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་སོགས་ནས། ཁམས་གསུམ་ཡང་དེ་བཞིན་ཉིད་ལ་ཞུགས་པར་གྱུར། སླར་ཡང་། རྒྱལ་བ་རྣམས་ཀྱིས་རྣམ་པར་སྤྱོད་མཛད་པས། །སེམས་ཅན་ཕྱིར་ཡིན་ལས་སྦྱང་བྱ་ཕྱིར་མིན། །འདི་ན་བགེགས་ཡོད་མ་ཡིན་བདུད་རྣམས་སམ། །རྟོག་པས་འཕེལ་བྱེད་བྱིན་རླབས་འགྲུབ་མེད་ཉིད། །བདག་བདུད་ཉིད་དམ་བསྟན་པ་ཉིད་མ་འགྲེ། །བསྟན་པ་ཉིད་ཕྱིར་རྗེས་སུ་བསྟན་མི་བྱ། །རང་བདེ་བ་བསྒྲུབ་སྡུག་བསྔལ་གྱིས་མི་གང་། །བྱང་ཆུབ་མཆོག་རབ་མྱུར་ཕྱིར་བསྟན་པར་བྱ། །ཞེས་པས་སོ། །བཞི་པ་ནི། ཚངས་ལས་མཉམ་གཡོན་མཉམ་པ་གསུམ། །དང་པོ་གཤགས་ནང་དེའི་ཕྱི་ཡང་། །ཕྱི་མ་བཞི་དོར་གཉིས་པ་བཞག གསུམ་པ་བཤགས་ནང་དབུས་དོར་ཕྱི། །ཕྱེད་དང་ཕྱི་མ་གདབ་པར་བྱ། །རྩིག་ནང་ཕྱེད་དུ་རེ་མིག་དགུ། །མདའ་སྒོ་འཛོམ་སྟེང་གཅིག་དབུས་གཉིས། །གཅིག་འཛོམ་ནས་དྲུག་སྟེང་གསུམ་བསྐོར། །ཡང་མཉམ་ཕྱེད་ཀྱི་དབུས་གཞག་པར། །རྩ་གཉིས་རྩེ་མོ་གཅིག་ཏུ་བྱ། །གཅིག་གཅིག་སྒོ་ཚད་ཁོར་ཡུག་དང་། །རྡོ་ཕྲེང་གཉིས་ལ་ཀ་བརྒྱད་ཀྱིས། །ལྔ་པ་ནི། དཀྱིལ་འཁོར་བྱ་རྒྱུའི་ཕྱོགས་དེར་བདེ་བའི་སྟན་ལ་འདུག་ནས། བསྲུང་འཁོར་བཞིན་ཕུར་བུ་བཏབ་ནས། ནམ་མཁའི་ཁམས་ཀྱི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། ཐམས་ཅད་ཀྱི་སྟེང་འོག་ཧཱུྃ་ལས་སྐྱེས་པའི་རྡོ་རྗེས་མཚན་པ། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་རྡོ་རྗེའི་རང་བཞིན་དུ་གྱུར་གྱི་བར་བྱས་ལ། མདུན་དུ་མེ་ཏོག་གི་ཚོམ་བུ་མཐའ་མཆོད་པས་བསྐོར་བར་བྱས། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེངྒེ་སྐྱོབས་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད། ཐལ་མོ་ས་ལ་བརྡབས་པས་སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་སྐུ་ཕྱེད་ཙམ་ས་ནས་འཐོན་པ་ལ། ཨོཾ་པྲྀ་ཐི་ཝི་དེ་ཝཱི་ཨརྒྷཾ་པདྱཱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷཻ་ནཻ་ཝིདྱ་ཤཔྟ། རྣམས་ཀྱིས་མཆོད་པས་མཉེས་ནས། རིག་པ་འཛིན་པ་དེ་ལྟར་གྱིས་ཤིག་ཅེས་གནང་བ་སྦྱིན་ནས་དེ་ཉིད་དུ་ཐིམ། ས་ལྷ་ལྷག་གནས་སོ། །དེ་ནས་ཐིག་བཏབ་པའི་ལྷ་གནས་སུ་དྲི་ཞིམ་པོས་བྱུགས། གཙོ་བའི་གནས་སུ་གྲུ་བཞི་དང་། ལྷ་གཞན་སུམ་ཅུའི་གནས་སུ་ཟླུམ་པོ་རེ་བྱས་ལ་ལྷ་སོ་སོའི་སྔགས་རྗོད་བཞིན་མེ་ཏོག་གི་ཚོམ་བུ་བཀོད་པའི་མཐར་མཆོད་པས་རྒྱས་པར་བསྐོར། གལ་ཏེ་ཞག་གིས་བར་ཆོད་ན། དང་པོའི་སྦྱོར་བ་ཡན་ནམ། ཏིང་ངེ་འཛིན་གསུམ་རྫོགས་པ་ཉེར་བསྡུ་དེ་ཉིད་ཀྱི་བར་བདག་བསྐྱེད་རྒྱས་བསྡུས་གང་རུང་བསྒོམ་ལ། བསངས་སྦྱངས། ཚོམ་བུའི་དཀྱིལ་འཁོར་འདི་ཉིད་ནམ་མཁའི་ཁམས་ཞེས་པ་ནས། པད་ཉི་ལ་བཞུགས་པ་བར་མདུན་བསྐྱེད་བཞིན་དང་། དེ་ནས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། རང་རང་གི་སར་བཞུགས་སུ་གསོལ་བ་ལ་སྙིང་གའི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་ནམ་མཁའི་ཁམས་ཁྱབ་པ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། ཞེས་མཆོད་ཡོན་སྔོན་དུ་འགྲོ་བས། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་ཅིང་། །སོགས་མདུན་བསྐྱེད་ལྟར་ཉེར་སྤྱོད་ལྔས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔས་བསྟོད། ལྷ་ལྷག་གནས་སོ། །དེ་ནས་གསེར་དངུལ་ལམ་ཟངས་སམ་ས་ལས་བྱས་པའི་བུམ་པ་མཚན་ལྡན་ཆུ་གཙང་མས་སུམ་གཉིས་དགང་བ་ཉེར་ལྔ་པའི་རྫས་བཅུག་པ། ཤིང་བཟང་པོའི་ཡལ་གས་ཁ་བརྒྱན། སྲད་བུ་དཀར་པོ་ཅན། གོས་དཀར་པོས་མགུལ་ཆིང་གུར་གུམ་ལ་སོགས་པས་ལྷའི་མཚན་མ་བཀོད་ལ། ལྷ་གྲངས་དང་མཉམ་པ་དཀྱིལ་འཁོར་གྱི་གྲྭ་དང་ཁོར་ཡུག་གི་ནང་། གཅིག་སྒོར། མེད་ན་དབུས་སམ་ལྔར། རྣམ་རྒྱལ་དང་ལས་ཐམས་ཅད་པ་གཉིས། རྣམ་རྒྱལ་གྱི་སྟེང་དུ་དུང་ཆོས། བགེགས་མཐར་བྱེད་ཀྱིས་བསངས་ལ། ཤཱུ་ནྱ་ཏཱས་སྟོང་པར་བསྒོམ། སྟོང་པའི་ངང་ལས་པཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ལྡན་པ། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལྷའི་ཆུ་བོ་གངྒ་བཀུག །དེས་གང་བར་བསམ། བུམ་པ་སོ་སོར། གཉིས་ལས་མེད་ན་རྣམ་རྒྱལ་དུང་ཆོས་སུ་ཐམས་ཅད། ལས་བུམ་དུ་བགེགས་མཐར་བྱེད་བསམ། བུམ་ནང་མཚན་མ་རྣམས་རྡོ་རྗེ་འཆང་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་འཇུག་པས་པད་ཉིའི་གདན་ལ་སེམས་སྐྱིལ་གྱིས་བཞུགས་པ། དེ་དང་དུས་མཉམ་པར་ཤར་དུ་རྣམ་སྣང་། ལྷོར་རིན་འབྱུང་། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་གྲུབ། མེར་སྤྱན་མ། བདེན་བྲལ་དུ་མཱ་མ་ཀཱི། རླུང་དུ་གོས་དཀར་མོ། དབང་ལྡན་དུ་སྒྲོལ་མ། རིམ་པ་གཉིས་པའི་མེ་ནས་བརྩམས་པའི་མཚམས་སུ་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རིམ་པ་གསུམ་པའི་ནང་མའི་ཤར་ནས་གཡས་བསྐོར་གྱིས། བྱམས་པ། ས་སྙིང་། ཕྱག་རྡོར། ནམ་སྙིང་། འཇིག་རྟེན་དབང་ཕྱུག འཇམ་དབྱངས། སྒྲིབ་སེལ། ཀུན་བཟང་། ཤར་དུ་གཤིན་རྗེ་གཤེད། ལྷོར་ཤེས་རབ་མཐར་བྱེད། ནུབ་ཏུ་པདྨ་མཐར་བྱེད། བྱང་དུ་བགེགས་མཐར་བྱེད། ཤར་ལྷོར་མི་གཡོ་བ། ལྷོ་ནུབ་ཏུ་དབྱུག་སྔོན་ཅན། བྱང་ཤར་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ། ལས་བུམ་དུ་བགེགས་མཐར་བྱེད་རྣམས་སྐད་ཅིག་གིས་གསལ་བར་གྱུར། ཞེས་ལྷག་མོས་བཞིན་བསྐྱེད། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། །ཨོཾ་ཨཱཿབཛྭ་ཨརྒྷཾ་ཧཱུཾ་ཧཱུྃ་ཕཊ྄྄། དེ་བཞིན་དུ། པུཥྤེ་ནས། ཤཔྟ་འི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དགུག་བཞུག་བཅིང་མཉེས་པར་བྱས། སླར་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པས་དབང་བསྐུར། ཆུ་ལྷག་མ་གྱེན་དུ་འཁྱིལ་བ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་ནི། སྙིང་ཁ་ནས་འཕྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། ལྷ་མོ་ཟླ་བ་ལྟར་དཀར་གཟུགས། །མཚར་སྡུག་ལང་ཚོས་སྙེམས་པའི་གར། །མེ་ཏོག་ཕྲེང་བས་སྒྲིབ་ཟོལ་གྱིས། །མཐོ་རིས་མདུན་ས་བཞིན་དུ་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄྄། ལྷ་མོ་ནམ་མཁའ་ལྟར་མཐིང་གཟུགས། །དྲི་ཞིམ་ངད་པ་འཐུལ་བའི་གར། །བདུག་སྤོས་ཕྲེང་བསྎ མཐོ་རིས་མདུན་སྎ སྔགས་ཐོག་མཐའ་གོང་བཞིན་སྦྱར་ཏེ། དྷུ་པེྎ ལྷ་མོ་མཚམས་སྤྲིན་ལྟར་དམར་གཟུགས། །ཉིན་བྱེད་འབུམ་གྱི་འོད་འཕྲོའི་གར། །མར་མེ་ཕྲེང་བསྎ མཐོ་རིས་མདུན་སྎ ཨཱ་ལོ་ཀེྎ ལྷ་མོ་མརྒད་ལྟར་ལྗང་གཟུགས། །རེག་པས་སིམ་བྱེད་བྱུག་པའི་གར། །དྲི་ཆབ་ཕྲེང་བསྎ མཐོ་རིས་མདུན་སྎ གནྡྷེྎ ལྷ་མོ་གསེར་ལྟར་སེར་བའི་གཟུགས། །མ་མཆུའི་རོ་བརྒྱ་མངར་བའི་གར། །ཞལ་ཟས་ཕྲེང་བསྎ མཐོ་རིས་མདུན་སྎ ནཻ་ཝིདྱྎ ལྷ་མོ་བཻ་ཌཱུར་ལྟར་སྔོ་གཟུགས། །སྙན་འགྱུར་གླུ་སྒྲ་སྒྲོག་པའི་གར། །རོལ་མོའི་ཕྲེང་བསྎ མཐོ་རིས་མདུན་སྎ ཨོཾ་ཨཱཿབཛྭ་ཤཔྟ་ཧུཾ་ཧཱུྃ་ཕཊ྄྄། ཅེས་དང་། གཟུགས་སོགས་རྒྱལ་བ་རྣམ་སྣང་མཛད། །བདེ་ཆེན་གཅིག་ལས་དུ་མའི་གར། །བརྟན་གཡོའི་རྣམ་པ་ཐམས་ཅད་པས། །དཀྱིལ་འཁོར་མཆོད་པར་བགྱི་བར་འཚལ། །ཨོཾ་བཛྭ་རཱུ་པ་ཧུཾ་ཧཱུྃ་ཕཊ྄྄། སྒྲ་གསུམ་ཧེ་རུ་ཀ་དཔལ་མགོན། །བདེ་ཆེནྎ རོལ་མོ་དབྱང་སྙན་ཐམས་ཅད་པས། །དཀྱིལ་འཁོརྎ ཨོཾ་བཛྭ་ཤཔྟྎ དྲི་གསུམ་རྡོ་རྗེ་ཉིན་མོར་བྱེད། །བདེ་ཆེནྎ དྲི་ཞིམ་བྱུག་སྤོས་ཐམས་ཅད་པས། །དཀྱིལ་འཁོརྎ ཨོཾ་བཛྭ་གནྡྷེྎ རོ་གསུམ་པདྨ་གར་གྱི་དབང་། །བདེ་ཆེནྎ རོ་མཆོག་བཟའ་བཏུང་ཐམས་ཅད་པས། །དཀྱིལ་འཁོརྎ ཨོཾ་བཛྭ་རཱ་སྎ རེག་གསུམ་དོན་ཡོད་གྲུབ་པ་དངོས། །བདེ་ཆེནྎ བསམ་ལས་བདེ་འབྱུང་ཐམས་ཅད་པས། །དཀྱིལ་འཁོརྎ ཨོཾ་བཛྭ་སྤརྴེ་ཧུཾ་ཧཱུྃ་ཕཊ྄྄། ཅེས་མཆོད། དེ་ནས་བསྟོད་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་ནས། རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་པའི་བར་དང་། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཞེས་ལས་ཀྱི་ལྷར་བསྟོད། བདུད་རྩི་ནི། ཧཱུྃ་ཨོཾ་སྭཱ་ཨཱཿཧཱ། ཨོཾ་ཨཱཿཧཱུྃ། ལཾ་མཱཾ་པཾ་ཏཱཾ། ཨོཾ་ཨཱཿཧཱུྃ། ཛཿཧཱུྃ་བཾ་ཧོ་ཁཾ། ཨོཾ་ཨཱཿཧཱུཾ། མཻཾ་ཐིཾལ། ཨོཾ་ཨོཾ་ཨོཾ་ཧཱུྃ། ཨོཾ་སཾ། ཨོཾ་ཨཱཿཧཱུྃ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་ཕུལ། ཧཱུྃ་ཞེས་ལག་པ་གཡོན་པས་དྲིལ་བུ་དང་བཅས་པའི་རྡོ་རྗེ་ལ་བཏགས་པའི་མེ་ཏོག་གི་ཕྲེང་བ་གཟུང་། ཨོཾ་ཨཱཿབཛྭ་དྷྲྀཀ྄་ཧཱུཾ་ཧཱུྃ། ཞེས་གཙོ་བའི་སྙིང་པོ་བརྒྱ་རྩ་བརྒྱད། ཨོཾ་ཨཱཿཧཱུྃ། ཞེས་ཡི་གེ་གསུམ་དེ་མཉམ། ཨོཾ་བཛྭ་ཨུ་ཏ་ཀ་ཧཱུྃ། ཞེས་པ་དེ་ཡང་དེ་བཞིན་བཟླ། ཡིག་བརྒྱ་ལན་བདུན་གྱིས་བརྟན་པར་བྱས། ཡབ་ཡུམ་འདོད་ཆགས་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་སེམས་ཀྱི་ངོ་བོ་གྱུར་ཏེ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། གཙོ་བོའི་སྔགས་དང་ཧཱུྃ་ལན་བདུན་བཟླས་པའི་རྗེས་ལ་མཆོད་ཡོན་གྱི་ཆུ་ཅུང་ཟད་ཅིག་དེར་ཕུལ། ལས་ཐམས་ཅད་པ་བཟླས་པའི་མེ་ཏོག་དཀར་པོ་གསུམ་བཞག དེ་བཞིན་དུ་བུམ་པ་སོ་སོའི་སྟེང་དུ་རྡོ་རྗེ་མེ་ཏོག་གི་ཕྲེང་བ་སྤོས་ནས་རང་རང་གི་སྔགས་ཉི་ཤུ་རྩ་རེ་བཟླས་གཞན་འདྲའོ། །ལས་ཐམས་ཅད་པར་བགེགས་མཐར་བྱེད་ཀྱི་སྙིང་པོ། ཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧུཾ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས། ཁྲོ་བོ་བགེགས་མཐར་བྱེད་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དེ་སྲིད་དུ་བགེགས་རྣམས་སྲུང་བར་མཛད་དུ་གསོལ། །ཅེས་བརྗོད། བུམ་པ་ལྷག་གནས་སོ། དྲུག་པ་ནི། སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བས། བར་སྣང་ལ་གནས་པའི་སངས་རྒྱས་དང་མདུན་གྱི་དཀྱིལ་འཁོར་བ་རྣམས་ལ་གོ་རིམ་བཞིན་བལྟས་ནས། ཚིག་འདི་བརྗོད་དོ། །དེང་དུས་བདག་ཚེ་འབྲས་བུར་བཅས། །བདག་གིས་གསོན་པ་འབྲས་བུར་བཅས། །བདག་ནི་དམ་ཚིག་ལྷ་རྣམས་དང་། །མཉམ་པར་འགྱུར་བ་ཐེ་ཚོམ་མེད། །བྱང་ཆུབ་སེམས་དཔའ་སེམས་གཅིག་པ། །བདག་ནི་ཕྱིར་མི་ལྡོག་པར་འགྱུར། །བདག་དེང་དེ་བཞིན་གཤེགས་པ་ཡི། །རིགས་སུ་སྐྱེ་བར་གདོན་མི་ཟ། །སངས་རྒྱས་ཐམས་ཅད་སྤྱན་དྲངས་པས། །དེང་དུ་བདག་གི་ཉི་མ་མཆོག །དེ་དག་མཆོད་སྦྱིན་བླ་ན་མེད། །དེང་དུ་བདག་གི་འདུས་པ་མཆོག། དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། ཞེས་མཆོད་ཡོན་སྔོན་དུ་འགྲོ་བས། ཨོཾ་ཨཱཿབཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄། དྷུ་པེ་སོགས་ནས། ཤཔྟ་འི་བར་གྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་འབུལ་བ་ནང་གི་མཆོད་པས་མཆོད་དེ། འདི་སྐད་བརྗོད་དོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །ཞེས་ནི་བགྱི་བས་དཀྱིལ་འཁོར་བྲི། །སངས་རྒྱས་ཀུན་དེང་གཤེགས་སུ་གསོལ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་ལས་ལ་ནི། །ཅི་ནུས་བཞིན་དུ་རབ་ཏུ་བགྱི། །དེ་ནས་སྙེམས་པ་དང་བཅས་པས་ལངས་ཤིང་རྫོགས་པའི་རིམ་པའི་ང་རྒྱལ་འཆང་བས་འགྲོ་ཞིང་། བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །བདག་ནི་ཕྱག་ན་རྡོ་རྗེ་བརྟན། །བདག་ནི་བདག་པོ་རྡོ་རྗེ་ཆེ། །དེང་བདག་རྡོ་རྗེ་སེམས་དཔར་གྲུབ། །དེ་ནས་སངས་རྒྱས་ལྔའི་རིགས་བྱུང་རྣམས་ལ་གསོལ་བ་བཏབ་པ། མདུན་གྱི་ལྷ་ནམ་མཁར་ཡིད་ཀྱིས་བཏེགས་ནས། ཐུགས་རྗེ་ཡི་ནི་བདག་ཅག་བདག །སློབ་མ་རྗེས་སུ་འཛིན་བརྩེ་དང་། །ཁྱེད་ཅག་ལ་ཡང་མཆོད་སླད་དུ། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །ཞེས་བགྱིའི་དཀྱིལ་འཁོར་མཛེས་པ་ནི། །ཆེ་གེ་ཅི་ནུས་ཡོ་བྱད་ཀྱིས། །སང་ནི་ཡང་དག་འདྲི་བར་འགྱུར། །དེ་ཕྱིར་སློབ་མ་བཅས་བདག་ལ། །རྗེས་སུ་བརྩེ་བས་ཉེར་གཟུང་ནས། །འཁོར་བཅས་ཀུན་གྱི་དཀྱིལ་འཁོར་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བདུན་པ་ནི། འགྲོ་བ་འདོན་པའི་བསམ་པ་དང་ལྡན་པས་སློབ་མ་རྣམས་ཤར་སྒོར་བོས། ལག་ཏུ་མེ་ཏོག་གི་ཕྲེང་བ་གཏད། པུས་མོ་བཙུགས། དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་བྱས་པ་ལ་མཆོད་ནས་ཐལ་མོ་སྙིང་ཁར་སྦྱར་ཏེ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཏུ་ནི་ངེས་བྱས་ཏེ། །ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ། །སོ་སོར་བདག་ཉིད་བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག །སྡོམ་པ་སངས་རྒྱས་སྦྱོར་སྐྱེས་པ། །དང་པོ་མཆོག་ཏུ་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །སོ་སོར་དེ་བཞིན་ཉིད་དུ་གཟུང་། །རྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །སློབ་དཔོན་ཉིད་དུ་གཟུང་བར་བགྱི། །དམ་ཚིག་ཉིད་དུ་དག་པ་ཡི། །རིན་ཆེན་འབྱུང་བའི་རིགས་མཆོག་ལ། །ཉིན་རེ་དུས་དྲུག་བྱས་ནས་སུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བྱ། །བྱང་ཆུབ་ཆེན་པོ་འབྱུང་བ་ཡི། །པདྨ་ཆེན་པོའི་རིགས་དག་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །སྡོམ་པ་ཐམས་ཅད་དང་ལྡན་པ། །ཇི་ལྟར་ནུས་པས་མཆོད་པའི་ལས། །ལས་ཀྱི་རིག་མཆོག་ཆེན་པོ་ལ། །དེ་བཞིན་ཉིད་དུ་སོ་སོར་གཟུང་། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བསྐྱེད་པར་བྱས་ནས་སུ། །སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་གྱིས་རིགས་ལྔའི་སྡོམ་པ་གཟུང་། དེ་ནས་མཎྜྻལ་ཚོམ་བུ་ལྔ་པ་ཅན་ལ། སོ་ཤིང་འོ་མ་ཅན་གྱི་ཤིང་ལས་བྱུང་བ་སོར་བཅུ་གཉིས་པ་གསར་པ་མ་གས་པ་རྩེ་མོར་མེ་ཏོག་བཅིངས་པ་རྩ་བ་སོ་ལ་དྲུད་ཚུལ་གྱི། ཨོཾ་བཛྭ་ཧཱ་ས་ཧ། སློབ་མ་ཁ་བྱང་ཤར་དུ་བལྟས་པས་དོར། རྩེ་མོ་ཕྱོགས་གང་དུ་བསྟན་པ་བརྟགས་ཏེ་ལས་དེ་དང་དེ་འགྲུབ་པར་བརྡ་སྤྲོད། དེ་ནས་ཀུ་ཤ་གཙང་མ་སྟན་དང་སྔས་ཀྱི་ཕྱིར། ཨོཾ་བཛྭ་ཏི་བཾ་ཞེས་པས་སྦྱིན། བུ་མོས་བཀལ་བའི་སྐུད་པ་གསུམ་བསྒྲིལ་ལ་ཧཱུྃ་གིས་སྔགས་པ་དཔུང་པ་གཡས་པར་བཅིང་། ཨོཾ་བུདྡྷཱ་མཻ་ཏྲི་རཀྵ་རཀྵ་སརྦཱན་སྭཱ་ཧཱ། བསྲུང་། དེ་ནས་སློབ་མའི་སྙིང་གར་ཧཱུྃ། མགྲིན་པར་ཨཱཿསྤྱི་བོར་ཨོཾ་ཞེས་བྲིས་ཐིག་ལེ་བྱ། དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཁོར་ལོ་པདྨ་རྣམས་སུ་གྱུར། སླར་ཡང་དྲི་ཆུས་ཨོཾ་ཨཱཿཧཱུྃ་འདུ་བྱ་བ། དེ་ནས་ཁྱོར་ཆུ་ཨོཾ་སྲཱིཿ བི་ཤུདྡྷ་སརྦ་དྷརྨ་སརྦྦ་པཱ་པཱ་ནི་ཙྭ་ཀྵྼ་ཤོདྷ་ཡ་སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུྃ། ལན་གསུམ་འཐུངས་ནས་ལྷག་མ་རྒྱབ་ཏུ་དོར། དེ་ནས་སློབ་མ་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་དང་། དེ་བཞིན་ཉིད་ཀྱི་དོན་དྲན་པ་དང་རྣམ་པར་གཡེང་བ་ཉེ་བར་ཞི་བའི་ཕྱིར་དུ་བཤད་པ་ནི། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཟབ་མོ་ཉིད་ནི་རྣམ་མི་རྟོག །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །ཟབ་དང་རྒྱ་ཆེ་ཞེས་གྲགས་པ། །བདེན་པ་གཉིས་ཞེས་བྱ་བར་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །ཕྱིས་ནས་སླར་བསྲེ་བྱ་བ་སྟེ། །གོ་འཕང་ཟད་པ་མེད་པ་བསྒོམ། །དེ་ཡི་ཀུན་ཏུ་ཀུན་ལས་ཀུན། །རྣམ་ཀུན་ཀུན་ཚེ་རང་ཉིད་ནི། །སངས་རྒྱས་ཐམས་ཅད་རང་བཞིན་དུ། །གྲུབ་པ་རང་ཉིད་ཀྱིས་མཐོང་འགྱུར། །བྱང་ཆུབ་སུས་ཀྱང་བྱིན་མ་ཡིན། །སུ་ཡི་ཀྱང་ནི་བཟུང་མ་ཡིན། །རང་ཆོས་ཡོངས་སུ་ཤེས་པ་ལས། །འདི་ལ་སངས་རྒྱས་སངས་རྒྱས་བརྗོད། །སེམས་ཅན་བག་ལ་ཉལ་དབྱེ་བས། །ཡང་དག་མགོན་པོས་དེ་ཉིད་ནི། །འབད་པས་སྦས་ནས་ཕུང་པོ་ནི། །རིན་ཆེན་ཟ་མ་ཏོག་ཏུ་བཞག །དེ་ཕྱིར་བླ་མའི་ཞབས་ཀྱི་ནི། །དྲིན་གྱིས་འབད་པས་རྟོགས་བྱས་ཏེ། །དེ་ཉིད་ཀྱིས་ཡིད་གསལ་གྱུར་པས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །འདི་ནས་གཙང་སྦྲ་ངེས་སྡོམ་མེད། །དཀའ་ཐུབ་མེད་ཅིང་དཀའ་སྤྱད་མེད། །དཀའ་སྤྱད་མེད་ཅིང་ངེས་མེད་ལ། །བདེ་བ་བསྟན་པས་འགྲུབ་པར་འགྱུར། །དཀྱིལ་འཁོར་དམ་པ་མཐོང་ནས་ནི། །བསྐལ་པ་བྱེ་བ་མཐའ་ཡས་སུ། །སྔོན་ཆད་སྡིག་པ་གང་བྱས་པ། །དེ་དག་ཐམས་ཅད་ཟད་པར་འགྱུར། དེ་ནས་ཀུ་ཤ་ཆེ་བ་སྟན། ཆུང་བ་སྔས་སུ་གྱིས་ལ་ཉོལ་ལ་རྨི་ལམ་ལེགས་ཉེས་གང་བྱུང་བ་དེ་ང་ལ་སྨོས་ཤིག་ཅེས་བརྗོད། ནང་པར་དྲིས་ལ་ངན་ན་བདག་མེད་པའི་གཏམ་གྱིས་སྦྱང་བར་བྱའོ། །བརྒྱད་པ་ནི། དཀྱིལ་འཁོར་གྱི་ཚད་གཉིས་འགྱུར་ཁ་དོག་ལྔ་པ་སངས་རྒྱས་ལྔ་བསྒོམ། ཧཱུྃ་ཨོཾ་སྭཱ་ཨཱཿཧཱ། ས་བོན་དེ་བཟླས་པས་རིགས་ལྔ་སྤྱན་དྲངས་དེ་ལ་ཐིམ། དེ་ནས་ཐིག་སྐུད་འོད་ཟེར་ལྔའི་བདག་ཉིད་ཅན་དུ་བསྒོམས་ནས། བླ་མ་མི་བསྐྱོད་པའི་ང་རྒྱལ་གྱིས་སློབ་མ་རྣམ་སྣང་གི་ང་རྒྱལ་ཅན་ལ་རྩེ་མོ་གཏད། ཨོཾ་དཱིཔྟ་ཏྲི་ཥྚི་ཨངྐུ་ཤ་ཛཿ ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏཱ། སརྦྦ་དྷརྨྨུཿ པ་ར་སྤ་ར་ཨ་ནུ་པྲ་བིཥྚུཿ སརྦྦ་དྷརྨཱཿ ཨ་ཏྱནྟུ་ཨུ་ནུ་པྲ་བིཥྚུཿ སརྦྦ་དྷརྨཱཿ ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་བསྒྲིལ། གཙང་མའི་སྣོད་དུ་བཞག དྲི་ལ་སོགས་པས་མཆོད། ཡི་གེ་གསུམ་གྱིས་མངོན་པར་བསྔགས་ལངས་ཏེ་འཁོར་ལོ་སྒྱུར་བའི་སྒེག་དང་ལྡན་པས་དཀྱིལ་འཁོར་མཆོད། སློབ་དཔོན་མི་བསྐྱོད་པར་གསལ་བའི་མིག་གཉིས་ཛཿལ་ཉི་ཟླ་ཛྫཿཛྫཿ ཞེས་རྡོ་རྗེ་ཁུ་ཚུར་ལྟེ་བར་གཟུང་། རྩེ་མོ་སློབ་མ་ལ་གཏད་ནས། ཨོཾ་བཛྭ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། ཧཱུྃ་ཨོཾ་སྭཱ་ཨཱཿཧཱ། རྡོ་རྗེས་འགྲོས་ཀྱིས་སྔར་བཞིན་མཁའ་དང་ས་ལ་གདབ། ཡི་གེ་གསུམ་གྱི་མཐར་བཛྭ་མུཿ བཏགས་པས་ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ། དགུ་པ་ནི། ཚོན་རྣམས་ཛྫཿཛྫཿ རྡོ་རྗེའི་བལྟ་བས་སྦར་ཏེ་སངས་རྒྱས་ལྔ་རིག་མ་ས་བོན་དང་བཅས་པ་གཟུགས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པར་བསམ། ཧཱུྃ་ཨོཾ་སྭཱ་ཨཱཿཧཱ་བཟླས་དྲི་སོགས་ཀྱིས་མཆོད། སྣོད་གསར་པར་བཞག སླར་ཨོཾ་བཛྭ་ཙི་ཏྲ་ས་མ་ཡ་ཧཱུྃ། བཟླས་སོ། །བཅུ་པ་ནི། དེ་ནས་ནང་པར་སློབ་དཔོན་མི་བསྐྱོད་པའི་ང་རྒྱལ་གྱིས་དབང་ལྡན་ནས་བརྩམས་ཁུ་ཚུར་གཡོན་པས་དབྱེ་སྟེ། དབུས་ཀྱི་རེ་མིག་སྔོན་པོ། གཞན་པའི་རེ་མིག་དང་སྣམ་བུ། འདོད་སྣམ་དམར། གཞན་སྤྱི་མཐུན། ནང་གི་དཀྱིལ་འཁོར་གྱི་འོད་ཟེར་ཕྲེང་བ་ཁ་དོག་ལྔ་པ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བ་སྔོན་པོ། རྡོ་རྗེ་དཀར་པོ། ཀ་བ་ལ་ཕྱོགས་ཀྱི་རིགས་ཀྱི་ཕྱག་མཚན། རེ་ཁཱ་སྦོམ་ཕྲ་སོགས་ཀྱི་སྐྱོན་སྤངས་ལ་བྲིའོ། །མཚན་མ་ངན་ན་སྔར་བཞིན་གྱིས་སྦྱང་ངོ་། །བཅུ་གཅིག་པ་ནི། དེ་ནས་དཀྱིལ་འཁོར་དེ་ལ་གདུལ་བྱའི་དབྱེ་བས་ཕྱག་རྒྱ་གསུམ་གང་འོས་དགོད་པར་བྱའོ། །དཀྱིལ་འཁོར་གྱི་མཐའ་མཆོད་པས་བསྐོར། རྡུལ་ཚོན་ལྷག་མ་ཡི་གེ་གསུམ་གྱི་མཐར་མུཿ བཟླས་ཏེ། ཡེ་ཤེས་པ་གཤེགས་སུ་གསོལ། དེ་ནས་བུམ་པ་རྣམས་སྤོས་དང་རོལ་མོར་བཅས་པས་གཡས་བསྐོར་ལན་གསུམ་མཐར། གཙོ་བུམ་ཤར་སྒོའི་གཡས་དང་། ལས་བུམ་གཡོན། བུམ་པ་གཞན་རྣམས་ཕྱོགས་སོ་སོར་མ་འཁྲུལ་བར་དགོད། མཆོད་པའི་ཡོ་བྱད་ལྷ་ཡི་གྲངས་དང་མཉམ་པ་སོགས་རྒྱས་སྡུས་གང་འཛོམས་དང་། གཞན་ཡང་ཡེ་ཤེས་འཇིག་རྟེན་གྱི་མཆོད་གཏོར་དང་། རྒྱན་གྱི་བྱེ་བྲག་ཅི་འབྱོར་བ་ལེགས་པར་བཀྲམ། དབང་གི་ཆས་ཅོན་པན། རྡོ་རྗེ། དྲིལ་བུ། གསང་དབང་གི་ཐོད་པ་བདུད་རྩི་ལྔ་དང་དྲི་བཟང་སྦྱར་བ། མིག་ཐུར། མེ་ལོང་། རིགས་ལྔའི་ཕྱག་མཚན། རིགས་ཙཀ སློབ་མ་མཆོད་པ་ཉེར་སྤྱོད་ན་བཟའ་བཅས་དང་། མིག་དར། མེ་ཏོག དུང་ཆོས། ཁྲུས་ཀྱི་ཡོ་བྱད། ཚོགས་ཀྱི་མཆོད་པ་སོགས་ཕྱག་ལེན་བཞིན་དུ་བཀོད། རས་བྲིས་ཀྱི་ཆོ་ག་ལ་ནི། ཐིག་ཚོན་གྱི་བྱ་བ་མི་དགོས་ཤིང་གཞན་གོང་ལྟར་ལ། བུམ་པ་གཉིས་ལས་མེད་ན། སྒོ་ཡི་གཡས་གཡོན་དུ་འགོད་པར་གསུང་། དེ་ནས་དཀྱིལ་འཁོར་གྱི་ཆོ་ག་དངོས་ལ་འཇུག་པར་སྐྱབས་སེམས་སྔོན་དུ་སོང་ནས་བདག་གི་རྣལ་འབྱོར་ཉེར་བསྡུའི་བར་སྒྲུབ་ཐབས་བཞིན་རྫོགས་པར་བསྒོམ། དེ་ནས། བདག་ཉིད་རྡོ་རྗེ་འཆང་ཆེན་པོ། ཞེས་པ་ནས་བདག་གི་རྣལ་འབྱོར་སྤྱོད་ལམ་ལ་འཇུག་པའི་བར་བྱའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ལས་ཐམས་ཅད་པས་བསང་གཏོར་ལན་གསུམ་བྱས། ཨོཾ་ཤཱུ་ནྱ་ཏ་ཛྙྱཱ་ན་བཛྭ་སྭཱ་བྷ་ཝ་ཨཱཏྨཀཱོཧཾ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ནམ་མཁའི་ཁམས་གྱི་དབུས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། ཐམས་ཅད་ཀྱི་སྟེང་འོག་ཧཱུྃ་ལས་སྐྱེས་པའི་རྡོ་རྗེས་མཚན་པ། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་རྡོ་རྗེའི་རང་བཞིན་གྱི་ས་གཞི། དེའི་དབུས་སུ་བྷྲཱུཾ་ལས་དཔག་ཚད་བརྒྱའི་ཚད་ཙམ་གྱི་རིན་པོ་ཆེའི་རང་བཞིན་གྲུ་བཞི་སྒོ་བཞི་རྟ་བབས་བཞིན་ཐིག་བཞི་དང་ལྡན་པ། ཀ་བ་བརྒྱད་ཀྱིས་མཛེས་པ། ལྷ་དང་མིའི་ལས་ཁྱད་པར་དུ་འཕགས་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཞུགས་པའི་མཆོད་རྟེན། མཛེས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ནང་གི་ལྷའི་གནས་སུ་ཟླ་བ་ཉི་མའི་གདན་འཁོད་པའི་དབུས་སུ། ས་བོན་བཀོད་ཡོད་ན། ཧཱུྃ་ཨོཾ་སྭཱ་ཨཱ་ཧཱ། ལཾ་མཾ་པཾ་ཏཱཾ། ཛཿཧཱུྃ་བཾ་ཧོཿ ཁཾ། མཻཾ་ཾཐིཾལཾ། ཨོཾ་ཨཾ། ཨོཾ་ཧཱུྂ། ཨོཾ་སཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཧཱུྃ། ཞེས་དང་ཕྱག་མཚན་བཀོད་ཡོད་ན། དེ་དང་དེ་ལས་རྡོ་རྗེ་ཨིནྡྲ་ནཱི་ལིའི་འོད་ཅན། ཤར་དུ་འཁོར་ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་སེར་པོ། ཤར་གྱི་གྲྭར་འཁོར་ལོ། ལྷོའི་གྲྭར་རྡོ་རྗེ། ནུབ་ཀྱི་གྲྭར་པདྨ། བྱང་གི་གྲྭར་ཨུཏྤལ། ཕྱིའི་མེ་ནས་མེ་ལོང་། སྲིན་པོར་པི་ཝང་། རླུང་དུ་དྲིའི་ཕུང་པོ། དབང་ལྡན་དུ་རོ་སྣོད། གཙོ་བོའི་མདུན་དུ་རེག་བྱ། ཤར་གྱི་སྣམ་བུར་ཀླུ་ཤིང་དང་། འཁོར་ལོ། ལྷོར་རིན་པོ་ཆེ་གཉིས། ནུབ་ཏུ་པདྨ་གཉིས། བྱང་དུ་རལ་གྲི་གཉིས། ཤར་སྒོར་ཐོ་བ། ལྷོར་དབྱུག་པ། ནུབ་ཏུ་པདྨ། བྱང་དུ་རྡོ་རྗེ། མེ་རླུང་དབང་ལྡན་གསུམ་དུ་རལ་གྲི། སྲིན་པོར་ཞགས་པ། སྟེང་འོག་གཉིས་ལ་རྡོ་རྗེ། དེ་རྣམས་འོད་ཟེར་འབར་བ། ཨོཾ་ཨཱཿཧཱུྃ། ལྷ་བཀོད་ཡོད་ན་ས་བོན་ལས་ཕྱག་མཚན། དེ་ལས་ལྷ་ལྷག་མོས་བཞིན་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་དབུས་སུ་རྡོ་རྗེ་འཆང་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་འཇུག་པས་པད་ཉིའི་གདན་ལ་སེམས་སྐྱིལ་གྱིས་བཞུགས་པ། དེ་དང་དུས་མཉམ་པར་ཤར་དུ་རྣམ་སྣང་། ལྷོར་རིན་འབྱུང་། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་གྲུབ། མེར་སྤྱན་མ། བདེན་བྲལ་དུ་མཱ་མ་ཀི རླུང་དུ་གོས་དཀར་མོ། དབང་ལྡན་དུ་སྒྲོལ་མ། རིམ་པ་གཉིས་པའི་མེ་ནས་བརྩམས་པའི་མཚམས་སུ་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རིམ་པ་གསུམ་པའི་སྣམ་བུར་ཤར་ནས་གཡས་བསྐོར་གྱིས། བྱམས་པ། ས་སྙིང་། ཕྱག་རྡོར། ནམ་སྙིང་། འཇིག་རྟེན་དབང་ཕྱུག འཇམ་དབྱངས། སྒྲིབ་སེལ། ཀུན་བཟང་། ཤར་སྒོར་གཤིན་རྗེ་གཤེད། ལྷོ་སྒོར་ཤེས་རབ་མཐར་བྱེད། ནུབ་སྒོར་པདྨ་མཐར་བྱེད། བྱང་སྒོར་བགེགས་མཐར་བྱེད། ཤར་ལྷོར་མི་གཡོ་བ། ལྷོ་ནུབ་ཏུ་འདོད་རྒྱལ། ནུབ་བྱང་དུ་དབྱུག་སྔོན། བྱང་ཤར་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་གཏོར་འཁོར་ལོས་བསྒྱུར་བ། འོག་ཏུ་གནོད་མཛེས་རྒྱལ་པོ་རྣམས་སྐད་ཅིག་གིས་གསལ་བར་གྱུར། རིམ་པ་གསུམ་གའི་མཐར། ཨོཾ་ཨཱཿཧཱུྃ། ཞེས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ། ནས། ཤཔྟྎ ཨོཾ་ཨཱཿརཱུ་པ་བཛྭ་ཧཱུྃ། དེ་བཞིན་དུ། ཤཔྟྎ གནྡྷེྎ ར་སྎ སྤརྴེྎ དེ་ལྟར་དྲི་སྔོན་དུ་འགྲོ་བའི་མཆོད་པས་མཆོད། རང་གི་སེམས་ཀྱི་སྤྲུལ་པའི་རིག་མ་འམ་ཕྱི་རོལ་གྱི་བུ་མོ་དང་ལྷན་ཅིག་དེའི་དབུས་ན་བདག་ཉིད་མི་བསྐྱོད་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་པོ་ཆེ། རལ་གྲི་འཛིན་པ། དེའི་སྤྱི་བོར་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཨོཾ་དཀར་པོ་གཟུགས་ཀྱི་ཕུང་པོ། མགྲིན་པར་འོད་དཔག་མེད་ཀྱི་རང་བཞིན་ཨཱཿདམར་པོ་འདུ་ཤེས་ཀྱི་ཕུང་པོ། སྙིང་གར་མི་བསྐྱོད་པའི་རང་བཞིན་ཧཱུཾ་སྔོན་པོ་རྣམ་ཤེས་ཀྱི་ཕུང་པོ། ལྟེ་བར་རིན་འབྱུང་གི་རང་བཞིན་སྭ་སེར་པོ་ཚོར་བའི་ཕུང་པོ། རྐང་པ་གཉིས་ལ་དོན་གྲུབ་ཀྱི་རང་བཞིན་ཧཱ་ལྗང་ཁུ་འདུ་བྱེད་ཀྱི་ཕུང་པོ། མོ་ཧཱ་ར་ཏི་སྤྱན་མ་སའི་ཁམས་ལ། དྭེ་ཥ་ར་ཏི་མཱ་མ་ཀཱི་ཆུའི་ཁམས་ལ། རཱ་ག་ར་ཏི་གོས་དཀར་མོ་མེའི་ཁམས་ལ། བཛྭ་ར་ཏི་སྒྲོལ་མ་རླུང་གི་ཁམས་ལ། ཐིཾལ་ས་སྙིང་མིག་གི་སྐྱེ་མཆེད་ལ། ཨོཾ་ཕྱག་རྡོར་རྣ་བའི་སྐྱེ་མཆེད་ལ། ཨོཾ་ནམ་སྙིང་རྣ་བའི་སྐྱེ་མཆེད་ལ། ཨོཾ་འཇིག་རྟེན་དབང་ཕྱུག་ལྕེའི་སྐྱེ་མཆེད་ལ། ཧཱུྃ་འཇམ་དཔལ་ཡིད་ཀྱི་སྐྱེ་མཆེད་ལ། ཨོཾ་སྒྲིབ་སེལ་ལུས་ཀྱི་སྐྱེ་མཆེད་ལ། མཻཾ་བྱམས་པ་རྩ་རྒྱུས་ལ། སཾ་ཀུན་ཏུ་བཟང་པོ་ཚིགས་ཐམས་ཅད་ལ། ཧཱུྃ་གཤིན་རྗེ་མཐར་བྱེད་ལག་པ་གཡས། ཧཱུྃ་ཤེས་རབ་མཐར་བྱེད་གཡོན་པར། ཧཱུྃ་པདྨ་མཐར་བྱེད་ཁར། ཧཱུྃ་བགེགས་མཐར་བྱེད་གསང་བའི་རྡོ་རྗེར། ཧཱུྃ་མི་གཡོ་བ་དཔུང་པ་གཡས། ཧཱུྃ་འདོད་རྒྱལ་གཡོན་པར། ཧཱུྃ་དབྱུག་སྔོན་ཅན་པུས་མོ་གཡས། ཧཱུྃ་སྟོབས་པོ་ཆེ་གཡོན། ཧཱུྃ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྤྱི་བོར། ཧཱུྃ་གནོད་མཛེས་རྒྱལ་པོ་རྐང་གཉིས་ལ། ཕྱག་རྒྱ་མཱ་མ་ཀཱི་སྔོན་མོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་རྡོ་རྗེ་རྩེ་དགུ། འཁོར་ལོ། ཨུཏྤལ་སྔོན་པོ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི་འཛིན་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་སྭཱ། རྐང་པར་ཧཱ། རིགས་ལྔ། འབྱུང་བ་བཞི་ཡུམ་བཞི། སྐྱེ་མཆེད་སེམས་མ་ལྔ། ལག་པ་གཡས་པར་རོ་ལངས་མ། གཡོན་པར་གཞན་གྱིས་མི་ཐུབ་མ། ཁ་ལ་ཁྲོ་གཉེར་ཅན་མ། བྷ་གར་རལ་གཅིག་མ། དཔུང་པ་གཡས་པར་དེ་བཞིན་གཤེགས་ཡུམ་རྡོ་རྗེ་མ། གཡོན་པར་སྣ་ཚོགས་རིན་ཆེན། དཔུང་པ་གཡས་པར་སྣ་ཚོགས་པདྨ། གཡོན་པ་སྣ་ཚོགས་ལས་མ། སྤྱི་བོར་ནམ་མཁའི་རྡོ་རྗེ་མ། རྐང་མཐིལ་གཉིས་ལ་ས་འཛིན་ལྷ་མོ། རང་གི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་དབུས་མ་ཨོཾ་ཡིས་མཚན་པ། ལྷ་མོའི་བྷ་ག་ཨཱཿལས་པདྨ་འདབ་བརྒྱད་དམར་པོ་འོད་ཟེར་ལྔ་ཡིས་ཁྱབ་པ། རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། ལུས་དཀྱིལ་གྱི་ལྷ་དང་བཅས་པ་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་འཁྱུད་པ་དང་འོ་བྱ་བ་གཞིབས་པས་ཡི་གེ་ཧཱུྃ་གླུར་ལེན་ཅིང་ལས་ལ་གནས་པར་བྱས་ཏེ་འབྱིན་པའི་སྐབས་སུ་ཕཊ྄྄ཿཅེས་བརྗོད། ལྷ་རྣམས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས་རྩ་བའི་བུ་ག་ནས་ཐིག་ལེའི་གཟུགས་ཀྱིས་པདྨའི་དབུས་སུ་བབས་པ་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུམ་ཅུ་རྩ་གཉིས་སུ་གྱུར་ནས་ཕྱིར་འཐོན། སངས་རྒྱས་ཀྱི་མཛད་པས་ཆོས་ཀྱི་འཁོར་ལོ་བསྐོར། ཁྱད་པར་རང་རང་གི་གདུལ་བྱའི་སྐལ་བ་བཞིན་དུ་སྦྱངས་ནས། མཆོག་ཏུ་དགའ་བའི་སྐུ་ཅན་རང་རང་གི་ཞིང་དུ་བཞུགས། སླར་ཡང་འབྱོན་པར་བཞེད་པ་རྣམས། སློབ་མ་དབང་བསྐུར་སྦྱིན་པའི་ཆེད་དུ། གུས་པས་རྒྱལ་བ་དེ་དག་སླར་འབྱོན་པར་བསྐུལ་བ། བདག་ཉིད་ཀྱི་སྙིང་གར་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཕྲ་མོ། དེའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའི་ཡི་གེ་ཧཱུྃ། བདག་ཉིད་སེམས་དཔའ་གསུམ་དུ་གྱུར་པ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུ་བྱུང་ནས་སེམས་དཔའ་གསུམ་བཀུག་ནས་ཕྱོགས་བཅུའི་ཞིང་དུ་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བཀོད་པས་ཐུགས་བསྐུལ་ཏེ་སྤྱན་དྲངས་ནས་ནམ་མཁར་གནས་པ་ལ། ཁམས་ཀྱི་སྙིང་པོ་གཅིག་བུ་མ་རུངས་བདུད། །རབ་ཏུ་བཅོམ་ཞིང་འགྲོ་བ་མ་ལུས་པའི། །ཏིང་འཛིན་མངོན་སུམ་མཛད་པ་རང་བཞིན་ནི། །འགྲོ་བ་མཐའ་ཡས་རང་བཞིན་ཀུན་གཤེགས་ཤིག །རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སེ་གོལ་གཏོགས་ཤིང་། ཨོཾ་བཛྭ་ས་མ་ཛྫཿཛྫཿ ༼སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་ཚོགས་རྣམས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ སྒྲུབ་མཆོད་སོགས་ཀྱི་སྐབས་སྟ་གོན་གྱི་ལྷ་བསྟིམ་པ་འདི་ཉིན་དང་པོར་མ་གཏོགས་མི་དགོས།༽ ཞེས་དཀྱིལ་འཁོར་ལ་སོ་སོར་ཞུགས་པ་གཉིས་སུ་མེད་པའི་དཀྱིལ་འཁོར་གཙོ་བོ་ཨིནྡྲ་ནི་ལིའི་མདོག་ཅན་ཞེ་སྡང་རྡོ་རྗེ་མཐིང་དམར་དཀར་བའི་བཞུགས་པ། ཤར་གྱི་ལིང་ཚེར་ཟླ་བ་རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན་རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། ལྷོར་ཟླ་བ་ལ་རིན་ཆེན་ཏོག་སེར་པོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་ནོར་བུ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པདྨ། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། ནུབ་ཏུ་ཟླ་བ་ལ་མཐའ་ཡས་རྡོ་རྗེ་ཅན་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་གྱི་དང་པོས་པདྨ་ཁ་འབྱེད་པ། ལྷག་མས་རྡོ་རྗེ་དང་། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་དང་བཅས་པའི་པད་དམར། རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། བྱང་དུ་ཟླ་བ་ལ་དོན་ཡོད་རྡོ་རྗེ་ཅན་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། སྣ་ཚོགས་རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པད་ལྗང་། ནོར་བུ། མི་བསྐྱོད་པས་དབུ་བརྒྱན་པ། ལིང་ཚེ་མེར་ཟླ་བ་ལ་སྤྱན་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ། རྡོ་རྗེ། ཨུཏྤལ་དཀར་པོ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། རྣམ་སྣང་གིས་དབུ་བརྒྱན་པ། སྲིན་པོར་ཟླ་བ་ལ་མཱ་མ་ཀཱི་ནག་མོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་རྩེ་དགུ། འཁོར་ལོ། ཨུཏྤལ་སྔོན་པོ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། རླུང་དུ་ཟླ་བ་ལ་གོས་དཀར་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་གྱི་དང་པོས་ཨུཏྤལ་ཁ་འབྱེད་པ་དང་། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་དང་བཅས་པར་ཨུཏྤལ་དམར་པོ། རིན་ཆེན། རལ་གྲི། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། དབང་ལྡན་དུ་ཟླ་བ་ལ་སྒྲོལ་མ་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ། འཁོར་ལོ། ཨུཏྤལ་སྔོ་སེར། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། དོན་གྲུབ་ཀྱིས་དབུ་བརྒྱན་པ། རིམ་པ་གཉིས་པའི་མེར་ཟླ་བ་ལ་གཟུགས་རྡོ་རྗེ་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་མེ་ལོང་། ལྷག་མའི་གཡས་རྡོ་རྗེ་དང་། ཨུཏྤལ་དཀར་པོ། གཡོན་འོག་མ་གཉིས་རིན་ཆེན། རལ་གྲི། རྣམ་སྣང་གིས་དབུ་བརྒྱན་པ། སྲིན་པོར་ཟླ་བ་ལ་སྒྲ་རྡོ་རྗེ་མ་སེར་མོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་པི་ཝང་བརྡུང་བ། ལྷག་མའི་གཡས་འཁོར་ལོ་ཨུཏྤལ་སྔོན་པོ། གཡོན་འོག་མ་གཉིས་རིན་ཆེན། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། རླུང་དུ་ཟླ་བ་ལ་དྲི་རྡོ་རྗེ་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་དྲིའི་དུང་ཆོས། ལྷག་མའི་གཡས་རྡོ་རྗེ། འཁོར་ལོ། གཡོན་འོག་མ་གཉིས་རིན་ཆེན། རལ་གྲི། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། དབང་ལྡན་དུ་ཟླ་བ་ལ་རོ་རྡོ་རྗེ་མ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རོ་བཅུད་ཀྱི་སྣོད། ལྷག་མའི་གཡས་འཁོར་ལོ། ཨུཏྤལ་དམར་པོ། གཡོན་འོག་མ་གཉིས་རིན་ཆེན། རལ་གྲི། དོན་གྲུབ་ཀྱིས་དབུ་བརྒྱན་པ། རིམ་པ་གསུམ་པའི་ལྷ་སྣམ་ནང་མའི་ཤར་དུ་ཟླ་བ་ལ་བྱམས་པ་དང་ས་སྙིང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་བྱམས་པའི་གཡས་དང་པོ་ཀླུ་ཤིང་གི་མེ་ཏོག ས་སྙིང་གི་གཡས་དང་པོ་འཁོར་ལོ། ལྷག་མས་གཡས་རྡོ་རྗེ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི། རྣམ་སྣང་གིས་དབུ་བརྒྱན་པ། ལྷ་སྣམ་ནང་མའི་ལྷོར་ཟླ་བ་ལ་ཕྱག་རྡོར་དང་ནམ་སྙིང་སེར་པོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན། ནོར་བུ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པདྨ། རལ་གྲི། རིན་འབྱུང་གིས་དབུ་བརྒྱན་པ། ལྷ་སྣམ་ནང་མའི་ནུབ་ཏུ་ཟླ་བ་ལ་འཇིག་རྟེན་དབང་ཕྱུག་དང་འཇམ་དབྱངས་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་གྱི་དང་པོས་པདྨ་ཁ་འབྱེད་པ། ལྷག་མས་རྡོ་རྗེ་དང་འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ་དང་བཅས་པའི་པད་དམར། རིན་ཆེན། རལ་གྲི། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། ལྷ་སྣམ་ནང་མའི་བྱང་དུ་ཟླ་བ་ལ་སྒྲིབ་སེལ་དང་ཀུན་བཟང་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། སྣ་ཚོགས་རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་དྲིལ་བུ། པད་ལྗང་། ནོར་བུ། དོན་གྲུབ་ཀྱིས་དབུ་བརྒྱན་པ། དེ་དག་ཐམས་ཅད་ཞི་བ་རིན་པོ་ཆེ་དང་དར་གྱིས་ཀླུབས་པ། རྡོ་རྗེ་སྐྱིལ་ཀྲུང་གི་འོད་ཟེར་འཕྲེང་བའི་ཀློང་ན་བཞུགས་པར། ཤར་སྒོར་གཤིན་རྗེ་མཐར་བྱེད་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་ཞགས་པ་དང་བཅས་པས་སྡིགས་མཛུབ། དྲིལ་བུ། དགྲ་ཧྶ། རྣམ་སྣང་གིས་དབུ་བརྒྱན་པ། ལྷོ་སྒོར་ཤེས་རབ་མཐར་བྱེད་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། དབྱུག་པ། རལ་གྲི། གཡོན་པ་གསུམ་ན་ཞགས་པ་དང་བཅས་པས་སྡིགས་མཛུབ། དྲིལ་བུ། དགྲ་ཧྶ། རིན་འབྱུང་གིས་དབུ་བརྒྱན་པ། ནུབ་སྒོར་པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་པདྨ། རལ་གྲི། གཏུན་ཤིང་། གཡོན་པ་གསུམ་ན་དྲིལ་བུ། དགྲ་ཧྶ། ཞགས་པ། འོད་དཔག་མེད་པས་དབུ་བརྒྱན་པ། བྱང་སྒོར་བགེགས་མཐར་བྱེད་སྔོན་པོ། སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་སྣ་ཚོགས་རྡོ་རྗེ། འཁོར་ལོ། གཏུན་ཤིང་། གཡོན་པ་གསུམ་ན་ཞགས་པ་དང་བཅས་པས་སྡིགས་མཛུབ། དྲིལ་བུ། དགྲ་ཧྶ། དོན་གྲུབ་ཀྱིས་དབུ་བརྒྱན་པ། ཤར་ལྷོར་མི་གཡོ་བ་མཐིང་ནག མཐིང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རལ་གྲི། རྡོ་རྗེ། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ། དགྲ་ཧྶ། ཞགས་པ། རྣམ་སྣང་གིས་དབུ་བརྒྱན་པ། ལྷོ་ནུབ་ཏུ་འདོད་པའི་རྒྱལ་པོ་མཐིང་ནག མཐིང་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་གཉིས་རྡོ་རྗེ། རལ་གྲི། གཡོན་གཉིས་ཞགས་པ། ལྕགས་ཀྱུ། རིན་འབྱུང་གི་དབུ་བརྒྱན་པ། ནུབ་བྱང་དུ་དབྱུག་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རལ་གྲི། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པས་ཞགས་པ། པདྨ། དགྲ་ཧྶ། འོད་དཔག་མེས་པས་དབུ་བརྒྱན་པ། བྱང་ཤར་དུ་སྟོབས་པོ་ཆེ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་དབྱུག་པ། རལ་གྲི། འཁོར་ལོ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པས་ཞགས་པ། རྩེ་གསུམ། དགྲ་ཧྶ། དོན་གྲུབ་ཀྱིས་དབུ་བརྒྱན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གཙུག་ཏོར་སྤྱི་བོར་འཛིན་པ། ལྷག་མའི་གཡས་གཉིས་ཀྱིས་རྡོ་རྗེ། པདྨ། གཡོན་པ་གཉིས་ཀྱིས་སྡིགས་མཛུབ་དང་། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་ནག་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ། འཁོར་ལོ། རིན་ཆེན། གཡོན་པ་གསུམ་ན་ཞགས་པ་དང་བཅས་པས་སྡིགས་མཛུབ། པདྨ། རལ་གྲི། མི་བསྐྱོད་པས་དབུ་བརྒྱན་པ། དེ་ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པའི་ཞལ་གདངས་ཤིང་དྲག་པོའི་གད་རྒྱངས་ཅན། མཆེ་བ་གཙིགས་པ་སྤྱན་དམར་པོ་གསུམ་གཟིར་ཞིང་། སྨ་ར་ཨག་ཚོམ་མེར་འབར་བ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དཔལ་གྱི་ཆས་ཀྱིས་བརྒྱན་ཏེ་ཞབས་གཡས་བསྐུམ་གཡོན་བརྐྱང་བས་མེའི་ཕུང་པོའི་ནང་དུ་པད་ཉི་ལ་བཞུགས་པ། དེ་ནས། སྤྱི་བོའི་དབུས་སུ་ཟླ་བ་ཨོཾ་དཀར་པོ་འོད་ཟེར་རབ་ཏུ་འཕྲོ་བ་ལས་བྱུང་བའི་སྤྱན་མ་རྣམ་པར་སྣང་མཛད་དང་སྦྱོར་བ་ནམ་མཁའ་གང་བའི་དབུས་ཀྱི་གཙོ་བོའི་མདུན་དུ་བདག་ཉིད་གནས་ནས། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུར་ནི་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷའི་ཚོགས་དེ་ཐམས་ཅད་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་ནས་འོད་ཟེར་དཀར་པོའི་རྣམ་པར་ཞུ་བ་བདག་གི་རྣམ་སྣང་གི་སྒོ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་སྐུས་བྱིན་གྱིས་བརླབས། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་གང་བས། །སངས་རྒྱས་སྐུ་ཡི་ངོ་བོ་ཡི། །བདག་ཀྱང་དེ་དང་འདྲ་བར་ཤོག ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ་འོད་ཟེར་ལྔ་རབ་ཏུ་འཕྲོ་བ་ལས་བྱུང་བའི་གོས་དཀར་མོ་འོད་དཔག་མེད་དང་སྦྱོར་བ་ནམ་མཁའ་གང་བའི་དབུས་ཀྱི་གཙོ་བོའི་མདུན་དུ་བདག་ཉིད་འདུག་ནས། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། རྡོ་རྗེརྎ དེང་བདགྎ །རྡོའི་གསུང་དུྎ ཕྱོགསྎ རྡོ་རྗེྎ དེང་བདགྎ རྡོ་རྗེའི་གསུང་དུྎ ཞེས་གསོལ་བ་བཏབ་པས་ལྷའི་ཚོགས་དེ་དག་ཐམས་ཅད་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས། མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་ནས་འོད་ཟེར་དམར་པོའི་རྣམ་པར་ཞུ་བ་བདག་གི་ཞལ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་གསུང་གི་བྱིན་གྱིས་བརླབས། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམས་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང་། །ཆོས་འཛིན་པ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྭ་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་འོད་ཟེར་ལྔ་རབ་ཏུ་འཕྲོ་བ་ལས་བྱུང་བའི་མཱ་མ་ཀཱི་མི་བསྐྱོད་པ་དང་སྦྱོར་བ། ནམ་མཁའ་གང་བའི་དབུས་ཀྱི་གཙོ་བོའི་མདུན་དུ་བདག་ཉིད་འདུག་ནས། དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། རྡོ་རྗེ་མི་ཕྱེདྎ དེང་བདགྎ རྡོ་རྗེའི་ཐུགས་སུྎ ཕྱོགས་བཅུརྎ རྡོ་རྗེ་མི་ཕྱེདྎ དེང་བདགྎ རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ལྷའི་ཚོགས་དེ་དག་ཐམས་ཅད་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས། མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་ནས་འོད་ཟེར་སྔོན་པོའི་རྣམ་པར་བདག་གི་ཐུགས་ཀར་ཞུགས་ཏེ་ལུས་ཐམས་ཅད་གང་བས་ཐུགས་ཀྱིས་བྱིན་གྱིས་བརླབས། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་བདག་པོའི་བློ་ལྡན་པ། །བདག་ཀྱང་དེ་དང་འདྲ་གྱུར་ཏེ། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྭ་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། དེ་ནས་རྡོ་རྗེ་གསུམ་མི་ཕྱེད་པའི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་བྱིན་གྱིས་བརླབས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྭ་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། དེ་ནས་མཆོད་པ་འབུལ་བ་ནི། སྙིང་ཁའི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཐོགས་པ་རྣམས་ཀྱིས་མཆོད་པར་མོས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གི་དད་པ་འབུལ་ལུགས་ཀྱིས། །བཞེས་ནས་བདག་ལ་བཀའ་དྲིན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། དེ་བཞིན་དུ། མཆོད་ཡོན་དང་། ཨརྒྷཾ་ཞེས་པའི་མལ་དུ། ཞབས་བསིལྎ པཱདྱཾྎ ཞལ་བསིལྎ ཨཱཉྩྨ་མཱ་ནཾྎ བསང་གཏོརྎ པྲོཀྵ་ཎཾྎ རིམ་པར་གཞུག དེ་ལྟར་ཆུ་བཞིའི་མཆོད་པ་ཕུལ་ནས། ཡང་དག་དགའ་བའི་མེ་ཏོག་གིས། །རྡོ་རྗེ་ཉི་མ་པདྨར་བྱུང་། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་དམ་ཚིག་མཆོག །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། རྣམ་རྟོག་ཚོགས་ཀྱི་ཡུལ་མིན་ཅིང་། །ལྟེ་བར་གཏུམ་མོའི་མེ་ཡིས་ནི། །ངེས་པར་སྲེག་པ་དེ་ནི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པེྎ ཡི་གེ་ཧཱུྃ་ལས་ཡང་དག་བྱུང་། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བ་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེྎ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེྎ བདེ་བ་ཆེན་པོའི་གཞི་ལ་གནས། །བྱང་ཆུབ་སེམས་ནི་སད་པ་དང་། །དེ་ཉིད་ཀྱིས་ཀྱང་བྱུག་པ་དག །ཐུགས་ཀྱི་རྡོ་རྗེྎ ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེྎ འདིར་ནི་གང་དང་གང་ལོངས་སྤྱོད། །དང་པོ་ཐམས་ཅད་ཡང་དག་བརྟེན། །དེ་དག་ཐམས་ཅད་ཐུགས་རྗེ་ཆེ། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་སྣོད་དུ་མཆོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱྎ རྡོ་རྗེ་པདྨ་ཡང་དག་སྦྱར། །ཞུགས་པ་ལ་སོགས་རིམ་ལས་བྱུང་། །རྣལ་འབྱོར་པ་ཡི་མི་ཤིགས་སྒྲ། །ཐུགས་ཀྱི་རྡོ་རྗེྎ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟྎ ཞེས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་ནང་གི་ཉེར་སྤྱོད་རོལ་མོར་བཅས་པའོ།། ཐུགས་ལ་རྣམ་གསུམ་ཤེས་བྱས་ནས། །མཆོད་པར་བྱེད་པས་མཆོད་པར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །རཱུ་པྎ སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རིན་ཆེན་འབྱུང་གནས་གཙོ། །ཤཔྟྎ དྲི་ལ་རྣམ་གསུམྎ སངས་རྒྱས་སོགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །གནྡྷེྎ རོ་ལ་རྣམ་གསུམྎ ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན། །ར་སྎ རེག་ལ་རྣམ་གསུམྎ བདག་གི་རིགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཚུལ་བརྙེས་པའོ། །སྤརྴེྎ ཅེས་རྩ་རྒྱུད་ལས་བྱུང་བ་ཕྱི་ཡི་འདོད་ཡོན་ལྔ་གཙོ་བོར་བྱས་པ་དང་། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་ས་མུདྒ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་གོས་ཟུང་འབུལ། ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །དེ་བཞིན་གཟུགས་ལ་དབྱེ་བ་གསུམ། །གཟུགས་ཀྱི་རྡོ་རྗེ་མར་བཀུག་ནས། །ས་སྙིང་ལ་ནི་དབུལ་བར་བྱ། །རཱུ་པྎ ཡང་དག་གླུ་དང་བརྗོད་བྲལ་དབྱངས། །དེ་བཞིན་སྒྲ་ལ་དབྱེ་བ་གསུམ། །སྒྲ་ཡི་རྡོ་རྗེ་མར་བཀུག་ནས། །ཕྱག་རྡོར་ལ་ནི་དབུལ་བར་བྱ། །ཤཔྟྎ ག་བུར་ཨ་གར་ཛཱ་ཏི་སོགས། །དེ་བཞིན་དྲི་ལ་དབྱེ་བ་གསུམ། །དྲི་ཡི་རྡོ་རྗེ་མར་བཀུག་ནས། །ནམ་སྙིང་ལ་ནི་དབུལ་བར་བྱ། །གནྡྷེྎ འོ་བྱེད་དེ་བཞིན་འཇིབ་པ་དང་། །རོ་དྲུག་དེ་བཞིན་དབྱེ་བ་གསུམ། །རོ་ཡི་རྡོ་རྗེ་མར་བཀུག་ནས། །འཇིག་རྟེན་དབང་ཕྱུག་ལ་ནི་དབུལ། །ར་སྎ རྡོ་རྗེ་པདྨ་ཡང་དག་སྦྱོར། །འཁྱུད་དང་གོས་སོགས་དབྱེ་བ་གསུམ། །རེག་བྱའི་རྡོ་རྗེ་མར་བཀུག་ནས། །སྒྲིབ་སེལ་ལ་ནི་དབུལ་བར་བྱ། །སྤརྴེ། ཕྱི་ཡི་ཆོས་རྣམས་འདི་དག་ཀུན། །བརྟགས་པ་དང་ནི་མ་བརྟགས་པ། །ཆོས་དབྱིངས་རྡོ་རྗེར་ཡང་དག་བཀུག །འཇམ་པའི་རྡོ་རྗེ་ལ་ནི་དབུལ། །དྷརྨ་དྷཱ་ཏུྎ ཞེས་རྡོར་ཕྲེང་ལས་གསུངས་པའི་ནང་གི་འདོད་ཡོན་ལྔས་མཆོད། པདྨ་རཱ་ག་ཨིནྡྲ་ནཱི་ལ་དང་། །བཻཌཱུརྻ་དང་མ་ར་ཏ་ཀ་མཆོག །རྡོ་རྗེ་མུ་ཏིག་བྱི་རུ་དང་བཅས་པའི། །རིན་ཆེན་སྣ་བདུན་འཇིག་རྟེན་གང་བས་མཆོད། །སཔྟ་རཏྣ། ཞེས་རིན་ཆེན་བདུན་དང་། འཛམ་བུའི་གསེར་ལས་རང་བྱུང་ལྟེ་བ་ཟླུམ། །རྩིབས་སྟོང་མུ་ཁྱུད་མཆོག་ཏུ་རྣམ་འཕྲུལ་བ། །མཁའ་ལ་རབ་འཕགས་ཕྱོགས་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ཙཀྲ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཐལ་དཀར་མཆེ་བ་དྲུག་པ་ཟླ་འོད་ཅན། །ཆུ་ཞེང་ཕུན་ཚོགས་ཡུད་ཀྱིས་མཁའ་ལམ་ནས། །ས་ཆེན་རྒྱ་མཚོའི་སྐ་རགས་ཅན་བསྐོར་བའི། །གླང་པོ་རིན་ཆེནྎ ཨོཾ་ཧསྟི་རཏྣ་སོགས་གོང་བཞིན། སྤུ་ཁ་རྨ་བྱའི་མགྲིན་འདྲ་ཡིད་འོང་ཞིང་། །གསེར་གྱི་རྒྱན་ལྡན་མགྱོགས་པ་ཡིད་ལྟ་བུས། །ཐོ་རངས་ས་རྣམས་བསྐོར་ཏེ་སླར་ལྡོག་པའི། །རྟ་མཆོག་རིན་ཆེནྎ ཨོཾ་ཨཱ་ཤྭ་རཏྣྎ ཀུན་ཏུ་སྔོ་བ་སྣང་བྱེད་བཻ་ཌཱུརྻ། །ཉིན་མོར་བྱེད་པ་འོད་ཀྱིས་རྣམ་གནོན་ཅིང་། །བསམ་པ་རྫོགས་བྱེད་ལེགས་སྦྱངས་ཆ་བརྒྱད་པ། །ནོར་བུ་རིན་ཆེནྎ ཨོཾ་མ་ཎི་རཏྣྎ འཆི་མེད་བུ་མོ་བཞིན་དུ་གཟུགས་མཛེས་ཤིང་། །རེག་བྱ་མཆོག་གིས་ལུས་སེམས་བདེ་བྱེད་པ། །སྒྱུ་རྩལ་ཀུན་ཤེས་སྨྲ་མཁས་དྲི་བཟང་གཏེར། །བཙུན་མོ་རིན་ཆེནྎ ཨོཾ་ཧླིུ་རཏྣྎ ཕུར་བུའི་བློ་ལྡན་མཛངས་ཤིང་ཡིད་གཞུངས་པ། །ཁོར་ཡུག་གཏེར་གྱི་འདོད་དགུར་འཛུད་བྱེད་ཅིང་། །ངེས་པ་སྙན་པའི་ཚིག་འབྱིན་ལྷ་མིག་ཅན། །ཁྱིམ་བདག་རིན་ཆེནྎ ཨོཾ་པུ་རུ་ཥ་རཏྣྎ སྲེད་མེད་བུ་ཡི་སྟོབས་ལྡན་དཔའ་བ་དང་། །རཏལ་ཕོད་ཡིད་ལ་རྒྱུས་པའི་དོན་རྣམས་ཀུན། །མོད་ལ་སྒྲུབ་ཅིང་ཕས་རྒོལ་མེད་བྱེད་པ། །བློན་པོ་རིན་ཆེནྎ ཨོཾ་ཁཌྒྱ་རཏྣྎ འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། །མཐུ་ལྡན་མཆིལ་ལཧྭམ་ཁང་ཁྱིམ་གཞལ་མེད་དུ། །རེག་འཇམ་གཟིམས་ཆ་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ཨུ་པ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་དོ། །དེ་ནས་བསྟོད་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པ་དང་། གཉིས་མེད་རྣམ་རྒྱལ་ལས་འབྱུང་བ། མོ་ཧ་ར་ཏིའི་སྔགས་ལས་སྐྱེས། །ས་ཡི་ཁམས་ནི་རྣམ་དག་ཅིང་། །དེ་བཞིན་གཤེགས་པའི་ཡུམ་གྱུར་པ། །ལྷ་མོ་སྤྱན་མར་ཕྱག་འཚལ་ལོ། །དྭེ་ཥ་ར་ཏིའི་སྔགས་ལས་སྐྱེས། །ཆུ་ཡི་ཁམས་ནི་རྣམ་དག་ཅིང་། །རྡོ་རྗེ་རིགས་ཀྱི་ཡུམ་གྱུར་པ། །མཱ་མ་ཀཱི་ལ་ཕྱག་འཚལ་ལོ། །རཱ་ག་ར་ཏིའི་སྔགས་ལས་སྐྱེས། །མེ་ཡི་ཁམས་ནི་རྣམ་དག་ཅིང་། །པདྨའི་རིགས་ཀྱི་ཡུམ་གྱུར་པ། །གོས་དཀར་མོ་ལ་ཕྱག་འཚལ་ལོ། །བཛྭ་ར་ཏིའི་སྔགས་ལས་སྐྱེས། །རླུང་གི་ཁམས་ནི་རྣམ་དག་ཅིང་། །ལས་ཀྱི་རིགས་ཀྱི་ཡུམ་གྱུར་པ། །སྣ་ཚོགས་སྒྲོལ་མར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་ཆེན་པོ། །རྩ་རྒྱུས་ཁམས་ནི་དག་པའི་སྐུ། །ཉོན་མོངས་རྣམ་དག་བྱམས་པ་ནི། །རྒྱལ་བ་རྡོ་རྗེར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་ཆེན་པོ། །མིག་གི་སྐྱེ་མཆེད་སྤྱོད་མཛད་པ། །ས་ཡི་སྙིང་པོ་དེ་བཞིན་གཤེགས། །སྐུ་ཡི་རྡོ་རྗེར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ནི། །སྣ་ཡི་སྐྱེ་མཆེད་རྣམ་དག་པ། །ཕྱག་ན་རྡོ་རྗེ་མཐུ་སྟོབས་ཅན། །ཐུགས་ཀྱི་རྡོ་རྗེར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ནི། །སྣ་ཡི་སྐྱེ་མཆེད་སྦྱངས་གྱུར་པ། །ནམ་མཁའི་སྙིང་པོ་མཆོག་གྱུར་པའི། །ཏིང་འཛིན་རྡོ་རྗེར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ནི། །ལྕེ་ཡི་སྐྱེ་མཆེད་དག་བྱེད་པ། །འཇིག་རྟེན་དབང་ཕྱུག་བླ་ན་མེད། །གསུང་གི་རྡོ་རྗེར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཞི་བ་ཆེ། །ཡིད་ཀྱི་སྐྱེ་མཆེད་རྣམ་དག་ཅིང་། །དག་པའི་སེམས་མཆོག་འཇམ་དབྱངས་སྐུ། །ནམ་མཁའི་རྡོ་རྗེར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཐེག་པ་ཆེ། །ལུས་ཀྱི་སྐྱེ་མཆེད་དག་པ་པོ། །སྒྲིབ་པ་ཐམས་ཅད་སེལ་བར་མཛད། །དམ་ཚིག་རྡོ་རྗེར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་དབང་པོ། །འགྲོ་བའི་སེམས་རྒྱུད་སྦྱོང་མཛད་པ། །ཀུན་ཏུ་བཟང་པོ་ཡེ་ཤེས་རོལ། །ཆོས་དབྱིངས་རྡོ་རྗེར་ཕྱག་འཚལ་ལོ། །རྡོ་རྗེ་གཟུགས་ནི་ཡིད་དུ་འོང་། །སྣང་སྟོང་ཀུན་ཏུ་རོལ་པ་ཡི། །ཆོས་རྣམས་སྒྱུ་མའི་ཆོ་འཕྲུལ་སྟོན། །གཟུགས་ཀྱི་ལྷ་མོར་ཕྱག་འཚལ་ལོ། །རྡོ་རྗེ་སྒྲ་ནི་ཡིད་དུ་འོང་། །སྒྲ་དང་སྒྲ་མིན་ལས་གྲོལ་བ། །སྟོང་ཉིད་རང་སྒྲ་འབྱུང་བ་པོ། །སྒྲ་ཡི་ལྷ་མོར་ཕྱག་འཚལ་ལོ། །རྡོ་རྗེ་རོ་ཡི་ལྷ་མོར་ཕྱག་འཚལ་ལོ། །ཡ་མཱནྟ་ཀྲྀཏ་སྔགས་ལས་སྐྱེས། །སྐུ་ཡི་གསང་བ་ཁྲོ་བོ་ཆེ། །དབང་པོ་མནན་ཞིང་ཤར་ཕྱོགས་བཞུགས། །གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །པྲ་ཛྙྱཱནྟ་ཀྲྀཏ་སྔགས་ལས་སྐྱེས། །ཐུགས་ལས་སྐྱེས་པའི་ཁྲོ་བོ་ནི། །གཤིན་རྗེ་མནན་ཞིང་ལྷོ་ཕྱོགས་བཞུགས། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །པདྨཱནྟ་ཀྲྀཏ་སྔགས་ལས་སྐྱེས། །གསུང་མཆོག་པདྨར་རང་བྱུང་བ། །ཆུ་བདག་མནན་ཞིང་ནུབ་ཕྱོགས་བཞུགས། །རྟ་མཆོག་རྒྱལ་ལ་ཕྱག་འཚལ་ལོ། །བིགྷྣཱནྟ་ཀྲྀཏ་སྔགས་ལས་སྐྱེས། །ཕྲིན་ལས་སྣ་ཚོགས་མཛད་པ་པོ། །གནོད་སྦྱིན་མནན་ཞིང་བྱང་ཕྱོགས་བཞུགས། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ། །རྣམ་པར་རྟོག་པས་མི་གཡོ་ཞིང་། །ཡེ་ཤེས་གསང་བའི་དོན་ལྡན་པ། །ཁྲོ་རྒྱལ་བྱིན་ཟའི་སྟེང་བཞུགས་པ། །མི་གཡོ་མགོན་ལ་ཕྱག་འཚལ་ལོ། །བརཏལ་ཞུགས་ཆེན་པོ་མི་བཟད་པ། །ལོག་འདྲེན་དཔུང་རྣམས་འཇོམས་མཛད་པ། །ཁྲོ་རྒྱལ་བདེན་བྲལ་སྟེང་ན་བཞུགས། །འདོད་པའི་རྒྱལ་པོར་ཕྱག་འཚལ་ལོ། །གཏུམ་པོ་སྲིད་གསུམ་འཇོམས་མཛད་ཅིང་། །སྙིང་རྗེའི་སྟོབས་དང་ལྡན་པའི་སྐུ། །རླུང་བདག་སྟེང་གནས་ཁྲོ་བོ་ཆེ། །དབྱུག་སྔོན་ཅན་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་མཆོག་གིས་དབང་བསྐུར་བ། །ཁྲོ་རྒྱལ་དབང་ལྡན་སྟེང་བཞུགས་པ། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །དུས་གསུམ་རྟོག་པ་དག་བྱས་ཤིང་། །སྣ་ཚོགས་སྒྱུ་མའི་གར་མཛད་པ། །ཚངས་པའི་སྟེང་བཞུགས་ལྷ་ཡི་ཚོགས། །འཁོར་ལོས་སྒྱུར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་རང་བཞིན་སྐུ། །སྤྲོས་མེད་དེ་བཞིན་ཉིད་ལས་བྱུང་། །ཀཱ་ལ་ཀྲོ་དྷ་གནོན་མཛད་པ། །ཁྲོ་རྒྱལ་གནོད་མཛེས་ཕྱག་འཚལ་ལོ། །ཅེས་དང་། སྤྲོས་པས་མ་ལྕོགས་བསྡུ་བར་འདོད་ན། ཟག་བཅས་ཕུང་པོ་གནས་གྱུར་ཅིང་། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ། །ཀུན་མཁྱེན་ཀུན་མཛད་ཀུན་གྱི་གཙོ། །རིགས་ལྔ་བདེ་བར་གཤེགས་ལ་འདུད། །ས་སོགས་འབྱུང་བ་རྣམ་དག་ཅིང་། །བྱམས་སོགས་ཚད་མེད་ངོ་བོ་ཉིད། །ཟག་མེད་བདེ་བའི་མཛོད་འཛིན་པ། །ལྷ་མོ་བཞི་ལ་ཕྱག་འཚལ་ལོ། །སྒྲིབ་མེད་འདོད་པའི་ཡོན་ཏན་ལྔས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕུན་ཚོགས་བདེ་བ་སྐྱེད་མཛད་མ། །ལྷ་མོ་ལྔ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྲིན་ལས་འགྲོ་བའི་དོན་མཛད་ཅིང་། །མི་ཟད་མངོན་ཤེས་ཡོན་ཏན་ལྡན། །སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་བགེགས་རྣམས་འཇོམས་མཛད་ཅིང་། །སྟོབས་བཅུ་རྣམ་པར་དག་པའི་བདག །ཞི་སོགས་ལས་ཀུན་སྒྲུབ་མཛད་པའི། །ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་བཅུ་གཉིས་རྣམ་དག་ཅིང་། །བྱང་ཆུབ་ཕྱོགས་ཆོས་རང་བཞིན་ཅན། །བདེ་ཆེན་སྙིང་པོ་ལེགས་རྫོགས་པ། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་ཡི། །ས་གཞི་ར་བ་གུར་བླ་རེ། །ཡེ་ཤེས་མེ་དཔུང་འབར་བ་ཅན། །སྲུང་བའི་འཁོར་ལོར་ཕྱག་འཚལ་ལོ། །ཅེས་པས་བསྟོད། དེ་ནས་ཐ་མལ་གང་ལའང་མ་ཆགས་ཤིང་ལྷའི་རྣལ་འབྱོར་དང་མི་ཕྱེད་པའི་ཡིད་བཟླས་སམ་བསྐྱེད་རིམ་རྡོ་རྗེའི་བཟླས་པ་དང་། དམ་ཚིག་གི་བཟླས་པའི་དམིགས་པ་གསལ་གདབ་པ་གཙོ་བོའི་སྔགས་བརྒྱ་རྩ། འཁོར་རྣམས་ལ་ཉེར་གཅིག་རེ་ཐམས་ཅད་ཀྱི་རྟེན་བྱེད་ཡི་གེ་བརྒྱ་པ་མང་དུ་བཟླའོ། །དཀྱུས་སུ་བཟླས་པ་མི་གསལ་ཡང་། ཁུངས་ཐུབ་ཀྱི་གཞུང་དང་། བླ་མ་གོང་མ་དག་གི་ཕྱག་བཞེས་ལས་འབྱུང་བ་བཞིན་དུའོ། །དེ་ནས་ནང་མཆོད་ཀྱི་བདུད་རྩི་བྱིན་གྱིས་བརླབ་པ་ནི། སྟོང་པའི་ངང་ལས་བདུད་རྩིའི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་རྣམས། ཤར་དུ་གོ་ལས་བ་གླང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ། དབུས་སུ་ན་ལས་མིའི་ཤ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཀླད་པ། དབུས་སུ་མུ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་ངོ་བོ། ཤར་དུ་བྷྲཱུྃ། ལྷོར་ཨཱཾ། ནུབ་ཏུ་ཛྭཱིཾ། བྱང་དུ་ཁཾ། དབུས་སུ་ཧཱུྃ། དེའི་སྟེང་དུ་ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པའི་འོད་ཟེར་འོག་ཏུ་འཕྲོས། རླུང་གི་བ་དན་ལ་ཕོག །རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཀྱི་མ་དག་པ་བསྲེགས། དག་པ་ཞུ་ཞིང་ཁོལ་བའི་རླངས་པ་ཨོཾ་དང་ཧཱུྃ་ལ་ཕོག ཨོཾ་ལས་བདུད་རྩིའི་རྒྱུན་བབས་པ་ཐོད་པར་ལྷུང་བའི་རླངས་པ་དང་། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཐིམ་པར་གྱུར། རྡོ་རྗེ་ཟླ་བ་ཨོཾ་དང་བཅས་པ་ཐོད་པར་ལྷུང་སྟེ། ཞུ་ནས་དམ་ཚིག་གི་བདུད་རྩིར་འདྲེས་པ། ཧཱུྃ་གིས་སྦྱངས། ཡི་གེ་ཨཱཿས་རྟོགས་པར་བྱས། ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩི་བསྣན་པས་སྦྱར་བ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ཏེ། ཨོཾ་མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག །རིགས་ཐམས་ཅད་ཀྱི་དབང་ཕྱུག །དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྩ་བརྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཨཱཿབཛྭ་དྷྲིཀ྄་ཧཱུྃ་ཧཱུྃ། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཨཱཿཛི་ན་ཛྀཀ྄་ཨོཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿརཏྣ་དྷྲིཀ྄་སྭཱ་ཧཱུྃ། པཉྩྨྎ ཨོཾ་ཨཱཿཨ་རོ་ལྀཀ྄་ཨཱཿཧཱུྃ། པཉྩྨྎ ཨོཾ་ཨཱ་པྲཛྙྱཱ་དྷྲྀཀ྄་ཧཱ་ཧཱུྃ། པཉྩྨྎ ཨོཾ་ཨཱཿམོ་ཧ་ར་ཏི་ལཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿདྭེ་ཥ་ར་ཏི་མཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿརཱ་ག་ར་ཏི་པཱཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿབཛྭ་ར་ཏི་ཏཱཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿརཱུ་པ་བཛྭ་ཛཿཧཱུྃ། པཉྩྨྎ ཨོཾ་ཨཱཿཤཔྟ་བཛྭ་ཧཱུྃ་ཧཱུྃ། པཉྩྨྎ ཨོཾ་ཨཱཿགནྡྷ་བཛྭ་བཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿར་ས་བཛྭ་ཧོཿཧཱུྃ། པཉྩྨྎ ཨོཾ་ཨཱཿསྤརྴེ་བཛྭ་ཁཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿམཻ་ཏྲི་མེཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿཀྵི་ཏི་གརྦྷ་ཐིཾལ་ཧཱུྃ། པཉྩྨྎ ཨོཾ་ཨཱཿབཛྭ་པཱ་ཎི་ཨོཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿཁ་གརྦྷ་ཨོཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿལོ་ཀེ་ཤྭ་ར་ཨོཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿམཉྫྱུ་ཤྲཱི་ཧཱུྃ་ཧཱུྃ། པཉྩྨྎ ཨོཾ་ཨཱཿསརྦ་ནི་ཝ་ར་ཎ་བིསྐཾ་བྷི་ནི་ཨོཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿས་མནྟ་བྷཱ་དྲ་སཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧུཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿཔྲཛྙྱཱནྟ་ཀྲྀཏ་ཧུཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿཔདྨནྟ་ཀྲྀཏ་ཧུཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿབིགྷནྟ་ཀྲྀཏ་ཧུཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿཨ་ཙ་ལ་ཧུཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿཊཀྐི་རཱ་ཛ་ཧུཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿནི་ལ་དཎྜྻ་ཧུཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿམ་ཧཱ་བཱ་ལ་ཧུཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿཨུཥྞི་ཥ་ཙཀྲ་ཝརྟི་ཧུཾ་ཧཱུྃ། པཉྩྨྎ ཨོཾ་ཨཱཿསུམྦྷ་ར་ཛ་ཧུཾ་ཧཱུྃ། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཞེས་ཕུལ་བའོ། །དེ་ནས་ཚོགས་ཀྱི་མཆོད་པ་བྱ་སྟེ། ཚོགས་རྫས་རྣམས་བདུད་རྩི་རིལ་བུ་བཏབ་ནས་བྱིན་གྱིས་བརླབས་པའི་ཆང་གིས་བསངས་གཏོར་བྱས་ལ། དེ་ནས་ལག་པ་གཡོན་བཀབ། ཨོཾ་ཡིག་གིས་སྦྱང་བར་བྱའོ། །ལག་པ་གཡས་བཀབ། ཨཱཿཡིག་གིས་རྟོགས་པར་བྱའོ། །སྙིམ་པ་བཀབ་སྟེ། ཧཱུྃ་ཡིག་གིས་སྦར་བར་བྱའོ། །མཁའ་ལྡིང་གི་ཕྱག་རྒྱ་དང་། ཧོཿཡིག་གིས་བདུད་རྩིར་བྱ་ཞིང་། ཧཱུྃ་དབྱིངས་སྲིད་ཞི་ཀུན་ཏུ་འཆར་བའི་མ། །སོགས་ཀྱིས་བྱིན་གྱིས་བརླབ། ཧཱུྃ། ཐུགས་ཟུང་འཇུག་རྒྱལ་བ་ཀུན་གྱི་དངོས། །སོགས་ཀྱིས་སྤྱན་དྲངས་ནས། ཚོགས་ཕུད་དང་པོ། ཧཱུྃ། རྗེ་སྲིད་ཞིའི་ཕན་པ་ཐམས་ཅད་དུ། །སོགས་ཀྱིས་ཕུལ། ཚོགས་ཕུད་གཉིས་པ། ཨོཾ་ཨཱཿབཛྭ་དྷྲྀཀ྄་ཧཱུྃ་ཧཱུྃ། གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། སོགས་ནས། ཨོཾ་ཨཱཿསུམྦྷ་རཱ་ཛ་ཧུྃ་ཧཱུྃ། གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། བར་གྱིས་དཀྱིལ་འཁོར་གྱི་ལྷ་ལ་འབུལ། ཚོགས་ཕུད་གསུམ་པ། ཧཱུྃ། ཞི་བ་དང་ཁྲོ་ཆགས་ཐམས་ཅད་པ། །སོགས་ཀྱིས་ཕུལ། ཚོགས་ཕུད་བཞི་པ། ཧཱུྃ། འཁོར་འདས་ཀྱི་ངོ་མཚར་མ་ལུས་པ། །སོགས་ཀྱིས་ཕུལ། ཚོགས་ཕུད་ལྔ་པ། ཧཱུྃ། བདུད་ཚོགས་དང་བདུད་ལ་ཆོས་པར་གཉེན། །སོགས་ཀྱིས་ཕུལ། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པར་གྱུར་ཅིག། ཅེས་བརྗོད་ལ། ནང་གི་སྦྱིན་སྲེག་བྱས། དེ་ནས་ཕྱི་རོལ་དུ་འབྱུང་པོའི་ཚོགས་ལ་གཏོར་མ་སྦྱིན་པ་ནི། སྒྲུབ་གྲོགས་དཀྱིལ་འཁོར་བསྲུང་བར་བཞག་ནས་ཕྱི་རོལ་ཏུ་གཏོར་མ་བཤམ་ལ། གཏོར་མ་ཧཱུྃ་གིས་སྦྱངས། ཡི་གེ་ཨཱཿས་རྟོགས་པར་བྱས། ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩི་བསྣན་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་བདུད་རྩིར་གྱུར། ཞེས་ཁ་ཟས་བཞིན་སྦྱངས་ནས། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། དེ་ནས། ཨོཾ་ད་ཤ་དིག་བྷྱཿ ཧྶྭི་ཏི་བྷྱཿ ཨི་ཧ་ཨ་བ་ཧྶྭི་ཏི་བྷྱཿ ཙ་དེ་ཝ་ནཱ་ག ཡཀྵ། གནྡྷརྦ། ཨ་སུ་ར། ག་རུ་ཌ། ཀིནྣི་ར། མ་ཧོ་ར་ག བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨནྟ། ཨ་པསྨ་ར། ཨོསྟ་ར་ག་ཨ་ཏི། བྷྱོ་བ་ལི་ཏཱཾ་པ་ཡ། མི་གྲྀ་ཧཱི་ཏྭཱ་སུ་ཁ་སཽ་མ་ན་ཀྵྼེ་ལཱ། བི་ནོ་བྷ་ཝནྟུ་ཧྶྭུ་ནཱི། ཙ་ནི་རུ་པ་དྲ། ཀུརྦནྟུ། སརྦ་བུདྡྷ་ཨ་དྷི་ནི་ན། ཨོཾ་ཨཱཿཧཱུྃ། ཨི་དཾ་ཨ་མྲྀ་ཏ་བིཎྜྻི་བྷུ་ཀ་ཏོ་མ་མ་ས་པ་རི་ཝཱ་རི་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཡེ་ཤེས་སེམས་དཔའི་ཕྱི་འབྲང་གི་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་འབུལ། ཨོཾ་ཕྱོགས་བཅུར་རྣམ་པར་གནས་རྣམས་དང་། །འདིར་ནི་ཀུན་ཏུ་གནས་པ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །སྨྱོ་བྱེད་དང་ནི་རྗེད་བྱེད་དང་། །གནོན་པོ་ལ་སོགས་པ་རྣམས་ལ། །གཏོར་མ་འབུལ་གྱིས་བསྣམས་ནས་ཀྱང་། །བདེ་དང་ཡིད་བདེ་ཐོབ་གྱུར་ཅིག །གནས་འདིར་ཉེར་འཚེ་མེད་པར་མཛོད། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །ཨོཾ་ཨཱཿཧཱུྃ་གི་བདུད་རྩི་ཡི། །བཟའ་བ་ལ་ནི་ལོངས་སྤྱད་ནས། །བདག་ཅག་འཁོར་དང་བཅས་པ་ལ། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞིང་སྐྱོང་ལ་སོགས་འབྱུང་པོའི་ཚོགས། །སྲིད་པ་གསུམ་ན་གང་གནས་པ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། དགྲ་རྣམས་ཐམས་ཅད་ཕམ་པར་མཛད། །བར་གྱིས་འདོད་དོན་གསོལ། དེ་ནས་བུམ་པ་ལས་སྔགས་ཀྱིས་བསངས། ཤཱུ་ནྱ་ཏས་སྟོང་པར་སྒོམ། སྟོང་པའི་ངང་ལས་པཾ་ལས་རིན་པོ་ཆེའི་བུམ་པ། སོགས་ནས། བགེགས་རྣམས་སྲུང་བར་མཛད་དུ་གསོལ། །ཞེས་པའི་བར་སྔར་སྟ་གོན་གྱི་སྐབས་བཞིན་བུམ་ཆོག་བྱ། བཅུ་གཉིས་པ་ནི། སློབ་དཔོན་གཙོ་བོའི་ང་རྒྱལ་དུ་གནས་པ་ལངས་ནས། ནུབ་ཕྱོགས་ཀྱི་སྒོར་གནས་ཏེ་གཡོན་བརྐྱང་གི་སྟབས་ཀྱིས་རོལ་ཞིང་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས། ཨོཾ་བཛྭ་ཨཱུུ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། དེ་བཞིན་བྱང་ཕྱོགས་སུ་གནས་ནས་ལྷོ། ཤར་ནས་ནུབ། ལྷོ་ནས་བྱང་། སྒོ་ཚུལ་དེ་གཉིས་ཀྱིས་དབྱེ་བར་བྱའོ། །དེ་ནས་སློབ་མ་བཞུགས་པའི་ཕྱིར་བདེན་པའི་བྱིན་བརླབ་བྱ་བ་ནི། རང་བཞིན་འོད་གསལ་ལས་བྱུང་བའི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །གཟུགས་བརྙན་དང་ཡང་འདྲ་བ་ཉིད། །དཀྱིལ་འཁོར་ཡང་ནི་དེ་དང་འདྲ། །དེ་ནས་གཞུག་པའི་དོན་དུ་གསོལ་བ་བཏབ་པ་ནི། འདི་དེ་རྡོ་རྗེ་སྙིང་པོ་ཡིས། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །དེ་བཞིན་གཤེགས་ཀུན་ཕོ་བྲང་དུ། །བདག་གི་སློབ་མ་གཞུག་པར་བགྱི། །ཞུགས་པ་དེ་བཞིན་གཤེགས་རྣམས་ཀྱི། །ཆོས་ཀྱི་དབྱིངས་ཀྱིས་བྱིན་རླབས་དང་། །དམ་ཚིག་ཀྱང་ནི་སྤྲོས་པ་ལས། །ཕུན་སུམ་ཚོགས་ཀུན་སྩལ་དུ་གསོལ།།བདེན་བསྐུལ་དང་གསོལ་བ་བཏབ་པ་འདི་གཉིས། དབང་གི་སྐབས་བདག་འཇུག་གི་གཤམ་དུ་མཛད་པ་ཕྱག་ལེན་ནོ།། སློབ་མ་ཤར་སྒོར་ཡོལ་བའི་ཕྱིར་བཅུག་ནས་དབང་བསྐུར་བའི་རིམ་པ་ལ་འཇུག་པར་བྱ་བ་ཡིན་ལ། དེའི་གོང་དུ་འདིར་བདག་ཉིད་འཇུག་པའི་རིམ་པ་ནི། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་ལས་ཐམས་ཅད་པས་ཆུས་ཁྲུས་བྱས། ཨོཾ་བཛྭ་བྷུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་སོགས་མཎྜྻལ་ཚོམ་བུ་སོ་བདུན་མ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་པ་ཞུ་བའི་ཡོན་དུ་སོགས། ཏ་ཡ་མི། ཞེས་ཕུལ། ཨོཾ་ཙཀྵུར་བནྡྷ་བ་ར་མཱ་ན་ཡ་ཧཱུྃ། ཨོཾ་པྲ་བི་ཤ་བྷ་ག་ཝཱན་མཧཱ་སུ་ཁ་མོཀྵ་པུ་རཾ་སརྦ་སིདྡྷི་སུ་ཁ་པ་རི་པ་ར་མ་སུ་ཁ་ཨུཏྟ་མ་སིདྷྱ་ཛཿཧཱུྃ་བཾ་ཧོཿ པྲ་སིདྡྷྱ་སྭཱ་ཧཱ། ཞེས་པས་མིག་དར་བཅིངས། ཀྱེ་དགའ་བ་ལ་དགའ་བ་ཁྱོད་སུ། ཞེས་དྲི། སློབ་མས། བདེ་ཆེན་བདག་ནི་སྐལ་བཟང་ལགས། ཞེས་ལན་གདབ། སློབ་མ་མཉམ་པར་འདུག་ཅིང་ཐལ་མོ་སྦྱར་བས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་པས་ཤླཽ་ཀ་ལན་གསུམ་གྱིས་སེམས་བསྐྱེད་སྦྱིན། དེ་ནས་སློབ་མ་དེས་མི་བསྐྱོད་པའི་རིགས་ཀྱི་ཚོགས་ལ་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པ་ཧྶྭུ་ནཱ་ཡ་ཨཱཏྨ་ནཾ་ནིརྻུ་ཏ་ཡཱ་མི་སརྦྦ་ཏ་ཐཱ་ག་ཏ་བཛྭ་ས་ཏྭ་ཨདྷི་ཏིཥྛ་མཱཾ། ཞེས་ཕྱག་བྱ། དེ་ནས་རིན་ཆེན་འབྱུང་གནས་ཀྱི་ཚོགས་ལ་དམིགས་ནས། ཨོཾ་སརྦ་ཏ་ཐཱ་གཱ་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྭ་རཏྣ་ཨ་བྷི་ཥཉྩྨ་མཱཾ། དེ་ནས་འོད་དཔག་མེད་ཀྱི་ཚོགས་ལ་དམིགས་ཏེ། ཨོཾ་སརྦ་ཏ་ཐཱ་གཱ་ཏ་པཱུ་ཛ་པྲ་ཝརྟ་ན་ཡ་ཨཏྨཱ་ནཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྭ་དྷརྨཱ་པྲ་ཝརྟ་ཡ་མཱཾ། དེ་ནས་དོན་ཡོད་གྲུབ་པའི་རིགས་ཀྱི་ཚོགས་ལ་དམིགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨཱ་ནཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྭ་ཀརྨ་ཀུ་རུ་མཱཾ། ཞེས་པའི་ཕྱག་བྱས་ཤར་ཁྱམས་སུ་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་བཞུགས་ཀྱིས། དེའི་ཕྱིར་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བ་མི་བྱའོ། །ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ས་མ་ཡ་ཧྶཾ། ཞེས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་པ་རྩེར་མེ་ཏོག་བཟུང་དུ་བཅུག་པའོ། །སླར་བླ་མས་ཕྱག་རྒྱ་དེ་སྤྱི་བོར་བཞག་ནས་སོ། །འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ་གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགེམས་པར་བྱེད་དོ། །ཞེས་དང་། སླར་ཡང་དེ་སྙིང་ཁར་བཀོད་ནས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད། རྡོ་རྗེའི་ཆུ་ཨོཾ་ཨཱཿཧཱུྃ་བསྔགས་པ་འཐུང་དུ་བཅུག་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྭ་ཨུ་ད་ཀ་ཋཿ སློབ་མའི་ལག་པ་ནས་གཟུང་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་རྡོ་རྗེ་སེམས་དཔའ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་ཁྱོད་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་བར་ཚེ་ཡི་དུས་བྱས་ན་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་དམ་ལ་བཞག་གོ །དེ་ནས་ཡེ་ཤེས་དབབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་སེམས་དཔའ་དབབ་པར་མཛད་དུ་གསོལ། ལན་གསུམ། སློབ་མའམ། བདག་ཉིད་ཀྱི་ལུས་ཁོང་སྟོང་དུ་སོང་བའི་འོག་ཏུ་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་མེའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཛྷྱཻཾཿདམར་པོ་རླུང་གིས་མེ་དང་ས་བོན་སྤར་བའི་འོད་ཟེར་གྱིས་ལུས་ཐམས་ཅད་བསྲེགས་ཏེ་འོད་གསལ་དུ་ཞུགས་པ་ལ་མཉམ་པར་བཞག །དེ་ལས་ལྡང་བའི་ཕྱིར་སློབ་མའི་སྙིང་མགྲིན་མགོ་བོ་ལ་ཧཱུྃ་ཨ་ཧ་གསལ་བཏབ། སྔར་གྱི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྙིང་ཁར་བཞག འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་ནི་ཁྱོད་ལ་འབེབས་པར་མཛོད། །ཨོཾ་བཛྭ་ཨཱ་བེ་ཤ་ཡ་ཨཿཨཿ གལ་ཏེ་མ་བབས་ན། ཨཱཿལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་ཡེ་ཤེས་ཆེན་པོ་བསྐུལ་བར་བསམ་ཞིང་། ཨཱ་བེ་ཤ་ཡ་ཧྶཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧ་ཨཿཛྷྱཻཾ། ཞེས་པས་སྙིང་འདར་དགའ་བ་ཆེ་བ་དང་སོགས་བབས་པའི་མཚན་མ་སྟེ། ལྕེ་ལ་ཨ་ཡིག་བསམ། ཡི་གེ་བརྒྱ་པས་བརྟག་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་ཏིཥྛ་བཛྭ་དྲྀ་ཌྷྜྷོ་མེ་བྷ་ཝ་སྲྀ་ད་ཡཾ་མེ་ཨ་དྷི་ཏིིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿཨོཾ་ཨཱཿཁཾ་བཱི་ར་ཧཱུྃ་པྲ་ཏཱིཙྪ་ཀུ་སུ་མཾ་མཉྫྱ་ལི་ནཱ་ཐ་ཧོཿ ཞེས་དཀྱིལ་འཁོར་དུ་མེ་ཏོག་དོར་གང་ལ་བབས་པ་དེ་དེའི་རིགས་ཀྱི་ལྷར་དང་བབས་པས་དངོས་གྲུབ་ཅི་འགྲུབ་པའི་བརྡ་སྤྲད། སློབ་མའི་མིག་གཉིས་སུ་ཨོཾ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། །དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་འདི་ལ་བལྟ་བར་བགྱི། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སངས་རྒྱས་ཆེན་པོ་བྱིན་གྱིས་བརླབས། །ཧེ་བཛྭ་པ་ཤྱ། འཕགས་པའི་བདེན་བཞི་ངོས་བཞིར་འགྱུར། །ཚངས་པའི་གནས་ནི་གྲྭ་ཡིན་ནོ། །བསྡུ་བའི་དངོས་པོ་ཞེས་བྱ་སྒོ། །བཞི་ཡི་མིང་ཅན་རེ་རེ་སྟེ། །དད་པའི་དབང་པོ་ལ་སོགས་སེམས། །རྣམ་པ་ལྔ་པོ་ཡང་དག་འབྱུང་། །རྫུ་འཕྲུལ་རྐང་པ་སྒོ་ཁྱུད་ནི། །བཞི་སྟེ་དེ་ཡང་རྣམ་པ་བཞི། །དེ་ཡི་དབུས་ཀྱི་འཁོར་ལོ་གང་། །དཀྱིལ་འཁོར་བརྒྱད་ཀྱིས་གཞལ་བ་ནི། །རྣམ་པར་ཐར་པ་བརྒྱད་ཡིན་ཏེ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །འཕགས་ལམ་ཡན་ལག་བརྒྱད་པ་ནི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །སངས་རྒྱས་ཀུན་གྱི་ཁང་ཆེན་དུ། །ཐམས་ཅད་ཚེ་ན་ཀ་བར་འགྱུར། །ཆོས་དང་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་འདི་དེ་ནི། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག། ཅེས་རྟེན་དང་། ཕུང་པོ་ལྔ་ཡི་རང་བཞིན་དུ། །སངས་རྒྱས་ལྔ་རྣམས་རབ་བརྟན་བྱ། །སྤྱན་མ་ལ་སོགས་ལྷ་མོ་བཞི། །ས་ལ་སོགས་པའི་རང་བཞིན་ནོ། །དེ་ནི་འདོད་ཡོན་ལྔའི་ངོ་བོར། །གཟུགས་རྡོ་རྗེ་ལ་སོགས་པའོ། །མིག་ལ་སོགས་པའི་རང་བཞིན་དུ། །ས་ཡི་སྙིང་པོ་ལ་སོགས་སོ། །ལག་སོགས་ངོ་བོར་ཁྲོ་དབང་པོ། །གཤིན་རྗེའི་དགྲ་སོགས་བརྟེན་པར་བྱ། །ཞེས་པ་ལྷའི་ངོ་བོར་བསྟན་ནོ། །བཅུ་གསུམ་པ་ནི། དཀྱིལ་འཁོར་གྱི་ཤར་རཾ་བྱང་དུ་ཁྲུས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་དཀར་དམར་ནག་པའི་རྭ་བ་རིམ་པ་གསུམ་དང་ལྡན་པ་འཕར་མ་གཉིས། དབུས་སུ་སྣ་ཚོགས་པདྨ་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་ནག ལྟེ་བ་ལྗང་། ཕྱོགས་བཞིའི་ཤར་རྡོ་རྗེ། ལྷོར་རིན་ཆེན། ནུབ་པད་མར། བྱང་རལ་གྲི་བཀོད་པ་ལ་དེར་བུམ་པ་རྣམས་བཀོད། མཆོད། ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ལ་བཞག་གོ །བཅུ་བཞི་པ་ནི། ས་གཞི་སྤོས་ཆུས་སོགས་མཎྜྻལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ་གྱིས་གསོལ་བ་གདབ། ལས་བུམ་ཀྱིས་བསངས། ཨོཾ་ཤཱུ་ནྱ་ཏས་སྦྱངས། བདག་ཉིད་མི་དམིགས་ཏེ་སྟོང་པའི་ངང་ལས་སྐད་ཅིག་གིས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན། འཁོར་ལོ། རྡོ་རྗེ། པདྨ། གཡོན་པ་གསུམ་ན། དྲིལ་བུ། རིན་ཆེན། རལ་གྲི། འོད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། རལ་པའི་ཐོར་ཚུགས་ལ་རིན་པོ་ཆེའི་པྲོག་ཞུ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་། དར་སྣ་ཚོགས་ཀྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། དེ་ནས་སྔར་དོར་བའི་མེ་ཏོག་གི་ཕྲེང་བ་དེ་དཀྱིལ་འཁོར་གྱི་ལྷ་མེ་ཏོག་ཕོགས་ཞེས་སློབ་མའི་མགོར། ཨོཾ་པྲ་ཏི་གྲྀ་ཨི་མཾ་སཏྭཾ་མ་ཧཱ་པ་ལ་ཞེས་པས་བཅིངས་པར་མོས་པ་ཕྲེང་བའི་དབང་ངོ་། །ཁྲུས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། བུམ་པ་རྣམས་ཀྱི་ཆུ་རྣམ་རྒྱལ་དུ་བསྡུས་ལ། བུམ་པ་ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་མི་བསྐྱོད་པ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་གསུམ་ན་རྡོ་རྗེ་རྩེ་དགུ། འཁོར་ལོ། པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་པ་ཛཿ ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། མི་བསྐྱོད་པ་འོད་དུ་ཞུ་བ་ལས་དབང་རྫས་ཀྱི་བུམ་པའི་ཆུར་གྱུར། དཀྱིལ་འཁོར་གྱི་གཙོ་བོ་གདན་གསུམ་ལྷའི་ཚོགས་དང་བཅས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར་བར་བསམ། ཏིལ་གྱི་གང་བུ་ལྟར་གང་བའི། །རྒྱལ་བ་བུམ་པ་འཛིན་རྣམས་ཀྱིས། །དེ་རིང་ཁྱོད་ལ་དབང་བསྐུར་གྱིས། །དེ་ལྟར་ཤེས་ནས་ཡིད་བདེར་གྱིས། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྭ་སཏྭ་ཨ་བྷི་ཥིཉྩྨ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ནོ་པ་དྲི་ཌྷྜྷོ་བྷ་ཝ། ཞེས་དབང་བསྐུར་ལ་བུམ་ཆུ་གཏོར་བཞིན། རྡོ་རྗེའི་རིགས་མཆོག་བདག་པོ་ཀུན་གྱི་བདག་ཉིད་ཅན། །འགྲོ་བ་མ་ལུས་བསྐྱེད་པར་མཛད་ཅིང་བདེ་བ་ཆེ། །འགྲོ་བ་མཐའ་དག་སྙིང་ལ་ཞུགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་དེང་དུ་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག །མགོན་པོ་མི་བསྐྱོད་པ་ཞེས་བྱ་བ་མཚན་འཛིན་པ། །སྐྱེ་ཚོགས་ཞེ་སྡང་ཟིལ་གྱིས་མནན་པ་སྤྱོད་མཛད་ཅིང་། །རྡོ་རྗེ་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནིྎ རྣམ་པར་སྣང་མཛད་རྟག་ཏུ་སྲིད་པའི་སྡུག་བསྔལ་སེལ། །སྐྱེ་ཚོགས་གཏི་མུག་གིས་ཟིལ་མནན་པ་སྤྱོད་མཛད་ཅིང་། །འཁོར་ལོའི་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི། དབུལ་བའི་སྡུགབསྔལ་ལས་ནི་ཡོངས་སུ་ཐར་ལྷུར་ལེན། །སྐྱེ་ཚོགས་ང་རྒྱལ་གྱིས་ཟིལ་གནོན་མཛད་ཅིང་། །རིན་ཆེན་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི། འཇིག་རྟེན་དབང་ཕྱུག་སྲིད་པའི་གཟེབ་ནི་འཇོམས་མཛད་པ། །སྐྱེ་ཚོགས་འདོད་ཆགས་ཀྱིས་ཟིལ་མནན་པ་སྦྱོངས་མཛད་ཅིང་། །པདྨའི་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི། རྫུན་སྨྲ་དགའ་བ་རྣམས་ལ་བརྩེ་བའི་བདག་ཉིད་ཅན། །དེ་སྦྱོངས་ཐབས་གསུངས་པ་ཡིས་དེ་དག་མི་བསླུ་བ། །ལས་ཀྱི་རིགས་མཐའ་དག་དང་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་དེང་དུས་དབང་བསྐུར་མཆོག་ཚེ་ཁྱོད་ལ་ཤོག། ཅེས་ཤིས་པ་བརྗོད་ལ། ཆེད་དུ་བརྗོད་པའི་ཚུལ་གྱིས། རྡོ་རྗེ་ཁྱེད་དང་སངས་རྒྱས་ནི། །རྣམས་ཀྱིས་དབང་བསྐུར་བས་དབང་བསྐུར། །ཨོཾ་བཛྭ་ཨ་བྷི་ཥིཉྩྨ་ཧཱུྃ། སུ་ར་ཏེ་ཧྶཾ་ཞེས་ཆུས་ཁྲུས་བྱ། དེ་ལྟར་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་དག རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེ་ལ་བརྟེན་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་དབང་བ་ཡིན་ནོ། །ཆུའི་དབང་ངོ་། །དེ་ནས་ཁྲུས་ཀྱི་དཀྱིལ་འཁོར་ནས་ཕྱུང་སྟེ་དཀྱིལ་འཁོར་ཆེན་པོའི་ངོས་ནས་རྒྱན་དང་གོས་དམར་བླངས་ཏེ་རྒྱལ་པོའི་རྒྱན་གྱིས་བརྒྱན། གདུགས་དཀར་པོ་སྟེང་དུ་ཕུབ་ནས་གླུ་འདི་བརྗོད་དེ། བདེ་བ་ཆེན་པོ་ཆགས་པ་ཆེ། །རྡོ་རྗེ་ཆེན་པོ་ནོར་བུ་ཆེ། །ཤེས་རབ་ཆེན་པོ་དགའ་བ་ཆེ། །རྡོ་རྗེ་སེམས་བདག་དེང་འགྲུབ་ཤོག །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དངོས་གྲུབ་ཀུན་གྱི་བདེ་བ་སྩོལ། །དབང་བསྐུར་ཐམས་ཅད་དོན་ཐམས་ཅད། །རྡོ་རྗེ་དབང་བསྐུར་བླ་ན་མེད། །དང་པོའི་སངས་རྒྱས་དོན་དམ་མངའ་བ་རྒྱལ་གྱུར་ཅིག །འདོད་ཁར་ནོར་དང་ཆོས་གསོལ་མཛད་པ་རྒྱལ་གྱུར་ཅིག །ཡེ་ཤེས་ལྔ་ཡི་རབ་དགའི་བདེ་ཆེན་རྒྱལ་གྱུར་ཅིག །མགོན་པོ་ཕྱག་ན་རྡོ་རྗེ་བདེ་ཆེན་རྒྱལ་གྱུར་ཅིག། དེ་ནས་བླ་མ་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཤར་སྒོར་འབོལ་བའི་སྟན་ལ་སློབ་མ་བཞག་ནས་འཁོད་པ་ལ། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། ནས། ནཻ་ཝི་དྱ་བར་གྱི་མཆོད་པ་ལྔ་བྱས་ཏེ། དབུ་རྒྱན་བསངས་སྦྱངས། དབུ་རྒྱན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྭཱ་ལས་རིན་པོ་ཆེ་སྭཱ་ཡིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་རིན་ཆེན་འབྱུང་ལྡན་སེར་པོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ནོར་བུ་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་སེར་རལ་གྲི་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། རིན་འབྱུང་འོད་དུ་ཞུ་བ་དབང་རྫས་དབུ་རྒྱན་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་གཙོ་བོ་གདན་གསུམ་ལྷའི་ཚོགས་དང་བཅས་པ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་དར་དཔྱངས་དང་བཅས་པས་དབང་བསྐུར་བར་བསམ་ལ། ལག་པ་གཉིས་རྡོ་རྗེ་ཐལ་མོ་སྦྱར་བ་མཐེ་བོང་གཉིས་དཀྱིལ་དུ་བསྐུམ། གོང་མོ་གཉིས་གཤིབས། དེའི་ཕྱིར་བར་ཚིགས་མཛུབ་མོ་གཉིས་ཀྱི་རྩེ་བཙུགས་པ་རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱ་བཀོད་ནས། ཨོཾ་བཛྭ་དྷཱ་ཏཱི་ཤྭ་རཾ་ཨ་བྷི་ཥིཉྩྨ་ཧཱུྃ། མི་བསྐྱོད་པ། སྔར་གྱི་རྡོ་རྗེའི་མའི་ཕྱག་རྒྱ་དཔྲལ་བར་བཞག་ནས། ཨོཾ་སཏྭ་བཛྭ་ཨ་བྷི་ཥིཉྩྨ་བྷྲཱུཾ། རྣམ་སྣང་། རྡོ་རྗེ་མའི་ཕྱག་རྒྱ་ལས་གུང་མོའི་ཚིགས་དབུས་མ་བཅག་པ་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་དེ་དེས་རྣ་ལྟག་གཡས་པར། ཨོཾ་རཏྣ་བཛྭི་ཨ་བྷི་ཥིཉྩྨ་ཨཿ རིན་འབྱུང་། དེ་ཉིད་ལས་གུང་མོ་པདྨ་འདྲ་བར་བྱས་པ་རྡོ་རྗེ་ཆོས་མའི་ཕྱག་རྒྱ་སྟེ་དེས་ལྟག་པར། ཨོཾ་དྷརྨ་བཛྭི་ཨ་བྷི་ཥིཉྩྨ་སྲཱིཿ འོད་དཔག་མེད། དེ་ཉིད་ལས་དབུས་མའི་རྩེ་མོ་བཅག་པ་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་སྟེ་དེས་རྣ་ལྟག་གཡོན་པར། ཨོཾ་ཀརྨ་བཛྭི་ཨ་བྷི་ཥིཉྩྨ་ཏྲཱཾ། དོན་གྲུབ། མེ་ཏོག་གང་ཕོག་རིགས་ཀྱི་བདག་པོ་དང་མི་བསྐྱོད་པ་དེའི་གནས་སུ་བསྐོར་བ་བྱའོ། །དེ་ནས་དབུ་རྒྱན་ལ་བཏགས་པའི་དར་དཔྱངས་རྣ་ལྟག་གཡོན་དུ་བཅངས་ནས་མཉམ་པའི་ཐལ་མོས་ཨོཾ་བཛྭ་ཏུ་ཥྱ་ཧོཿ ཞེས་མཉེས་པར་བྱས་ལ་ཅོད་པན་བསྐོན། དེ་ལྟར་རིན་ཆེན་འབྱུང་ལྡན་ཅོད་པན་དར་དཔྱངས་དང་བཅས་པའི་དབང་ཐོབ། ང་རྒྱལ་དང་སེར་སྣའི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། རིན་འབྱུང་དང་དེ་ལ་བརྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་དབང་བ་ཡིན་ནོ། །ཅོད་པན་གྱི་དབང་ངོ་། རྡོ་རྗེ་བསངས་སྦྱངས། །རྡོ་རྗེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་པདྨ་ཨཱས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་འོད་དཔག་མེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པདྨ་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་དང་བཅས་པའི་པད་དམར། རིན་ཆེན། རལ་གྲི་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ས་བོན་ལས་འོད་འཕྲོས་བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། འོད་དཔག་མེད་འོད་དུ་ཞུ་བ་དབང་རྫས་ཀྱི་རྡོ་རྗེ་སྣང་མཐའི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་གཙོ་བོ་གདན་གསུམ་ལྷའི་ཚོགས་དང་བཅས་པ་རྣམས་ཀྱིས་རྡོ་རྗེས་དབང་བསྐུར་བར་བསམ་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་མཆོག་ཕྱིར་རྡོ་རྗེ་ལོང་། །སངས་རྒྱས་ཀུན་གྱི་ཁྱོད་ལ་སྩོལ། །རྡོ་རྗེ་བརཏལ་ཞུགས་གྲུབ་པར་འགྱུར། །ཨོཾ་བཛྭ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩྨ་མི་ཏིཥྛ་བཛྭ་ས་མ་ཡ། དེ་ནས་འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརཏལ་ཞུགས་བརྟན། །དེ་ནས་སློབ་མས་ལྷའི་སྙེམས་པས་རྡོ་རྗེ་སེམས་དཔའ་ང་རྒྱལ་གྱི་ངག་ཏུ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་སྟེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སེམས་དཔའ་བདག་པོའི་མཆོག། རྡོ་རྗེ་སྙིང་ཁར་བཞག་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཥ་ཧྶཾ་དྷཱ་ར་ཡཱ་མི་བཛྭ་སཏྭ་སྲཱིཿཧི་ཧི་ཧི་ཧི་ཧཱུྃ། དེ་ལྟར་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེ་ལ་བརྟེན་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་དབང་བ་ཡིན་ནོ། །རྡོ་རྗེའི་དབང་ངོ་། །དྲིལ་བུ་བསངས་སྦྱངས། དྲིལ་བུ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱ་ལས་རལ་གྲི་ཧས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་ལྗང་ནོར་བུ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། དོན་གྲུབ་འོད་དུ་ཞུ་བ་དབང་རྫས་ཀྱི་དྲིལ་བུ་དོན་གྲུབ་ཀྱི་རང་བཞིན་དུ་གྱུར། དཀྱིལ་འཁོར་གྱི་གཙོ་བོ་གདན་གསུམ་ལྷའི་ཚོགས་དང་བཅས་པ་རྣམས་ཀྱིས་དྲིལ་བུས་དབང་བསྐུར་བར་བསམ་ལ། དྲིལ་བུ་གཏད་ལ་དེས་དཀྲོལ་ལ་ཞིང་ཚིགས་སུ་བཅད་པ་འདི་འདོན་ནོ།། ཟླ་འདྲའི་ཡེ་ཤེས་སྐུ་མངའ་རྒྱལ་རྣམས་ཅོད་པན་འཛིན་ཅིང་པདྨ་ཟླ་བའི་གདན་ལ་བཞུགས། །གདུག་པ་རྣམས་ནི་འདུལ་བར་བྱ་ཕྱིར་བསྡིགས་ཤིང་ཁམས་གསུམ་འདུལ་མཛད་དེ་ཉིད་རྡོ་རྗེ་ཅན། །སངས་རྒྱས་རྣམས་སད་བྱ་ཕྱིར་སྒྲ་བརྙན་དེ་བཞིན་ཉིད་དང་ཆོས་འདི་སྒྲོག་པའི་དྲིལ་བུ་ཅན། །གང་ལ་ལུས་པ་མེད་པ་གཏོང་ཞིང་བཅོམ་ལྡན་དངོས་པོ་ཀུན་གྱི་རང་བཞིན་དེ་ནི་རྒྱལ། །མེ་ལོང་གི་ནི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་བར་ནི་སུས་མཐོང་བ། །དེ་ནི་མངའ་བདག་ཏུ་བཤད་དོ། །སླར་སྐུའི་ཕྱོགས་སུ་ཁྱེར་ནས་རྡོ་རྗེ་འཛིན་པའི་རོལ་པའི། །རྡོ་རྗེ་སེམས་དཔའི་ཡིག་བརྒྱ་འདོན། །བཅོམ་ལྡན་ཁྱོད་ཀྱིས་གཟུང་གྱུར་གྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད། དེ་ལྟར་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་དག འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་གྲུབ་དང་དེ་ལ་བརྟེན་པའི་དངོས་གྲུབ་རྣམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །དྲིལ་བུའི་དབང་ངོ་། །དེ་ནས་གསེར་རམ་དངུལ་སྣོད་དུ་གནས་པའི་མིག་སྨན་མིག་ཐུར་གྱིས་བླངས་ཏེ། དེ་ཁོ་ན་ཉིད་ཤེས་པས་མིག་ལ་བྱུགས་ཏེ། ཨོཾ་བཛྭ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་སྲཱིཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་ཨས་མངོན་པར་བསྔགས་པ་རྡོ་རྗེ་བཅས་པ་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་བྱུང་། ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྒྱལ་བའི་ཐུགས་ལས་སྐྱེས། །ཞེས་མེ་ལོང་གི་དབང་ངོ་། །སློབ་མ་བསང་སྦྱངས། བདག་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འཁོར་ལོ། རྡོ་རྗེ། པདྨ་དཀར་པོ། གཡོན་དྲིལ་བུ། རིན་ཆེན། རལ་གྲི་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། དེ་ནས་སློབ་དཔོན་དབྱིབས་དང་ངོ་བོ་མཆོག་གི་སྤྲུལ་པའི་སྐུ་གཞན་ལུང་སྟོན་པའི་གནས་སྐབས་ཇི་ལྟར་གྱུར་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་གདན་གསུམ་ལྷའི་ཚོགས་དང་བཅས་པའི་ད་ེབཞིན་གཤེགས་པ་ཐམས་ཅད་གསུང་གཅིག་པས། སངས་རྒྱས་ཐམས་ཅད་ཐབས་ཅིག་པས། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་འདིས་ཁྱོད་ལུང་བསྟན་པར་བྱ། །ཐེག་པ་བདེ་ཆེན་འདི་ལས་ནི། །ཁྱེད་ལ་སླར་ཡང་འཆི་བ་མེད། །དེ་རིང་བདུད་རྣམས་ཕམ་བྱས་ནས། །གྲོང་ཁྱེར་དམ་པར་རབ་ཏུ་ཞུགས། །དེང་དུ་ཁྱེད་ཀྱི་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་བཛྭ་སཏྭ་ཏྲཱཾ་ཨ་བྷི་ཥིཉྩྨ་མི། བཛྭ་ནཱ་མཿ རིགས་དང་མཐུན་པའི་མིང་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསྒོམས་ལ་བཏགས། །ཨབྷི་ཥེ་ཀ་ཏ། ཤྲཱི་ཨ་ནུ་རཀྟོ་བཛྭ་ཏ་ཐཱ་ག་ཏ་ས་མ་ཡ་སིདྡྷྱ་ས་མ་ཡ་ཧྶཾ་བྷཱུར་བྷུ་བཿསྭཿཨཱཿ དེ་ལྟར་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་དག གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་སྣང་དང་དེ་ལ་བརྟེན་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་དབང་བ་ཡིན་ནོ། །མིང་གི་དབང་ངོ་། །བཅོ་ལྔ་པ་ནི། དེ་ནས་འཁོར་ལོ་སོགས་གཏད་དེ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །གདུལ་བྱ་ཇི་བཞིན་ཆོས་ཀྱི་ནི། །འཁོར་ལོ་སྣ་ཚོགས་བསྐོར་བ་གྱིས། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་པྲ་ཝརྟ་ཡ་དྷརྨ་ཙཀྲཾ། སེམས་ཅན་ཀུན་ལྎ འཇིག་རྟེན་ཀུན་ཏུྎ གདུལ་བྱ་ཇི་བཞིན་འདུལ་བ་ཡིས། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ཨོཾ་བཛྭ་རཏྣ་སརྦ་དྷརྨ་བི་ཤུདྡྷ་ཛྙྱཱ་ན་ཨ་བྷི་ཥེ་ཀ་པྲཱ་བྷ་ཨོཾ་ཨོཾ་ཨོཾ། སེམས་ཅན་ཀུན་ལྎ འཇིག་རྟེན་ཀུན་ཏུྎ གདུལ་བྱ་ཇི་བཞིན་འདོད་ཆགས་ནི། །སྤྱོད་པ་སྣ་ཚོགས་བསྟན་པར་བགྱི། །ཨོཾ་བཛྭ་དྷརྨ་སརྦ་དྷརྨ་བི་ཤུདྡྷ་ཛྙྱཱ་ནཱ་ར་ག་པདྨ་ད་ལ་སྭ་བྷ་ཝ་སྲཱིཿཨཿ སེམས་ཅན་ཀུན་ལྎ འཇིག་རྟེན་ཀུན་ཏུྎ གདུལ་བྱ་ཇི་བཞིན་རྡོ་རྗེ་ཡིས། །སྤྱོད་པ་སྣ་ཚོགས་འཇུག་པར་བགྱི། །ཨོཾ་བཛྭ་ཀརྨ་སརྦ་དྷརྨ་བི་ཤུདྡྷ་ཛྙྱཱ་ན་སརྦ་པཱུ་ཛ་སྭ་བྷ་ཝ་ཨཿ དེ་ནས་སློབ་དཔོན་གྱིས་དམ་ཚིག་བསྒྲག་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་བླངས། །གཞན་གྱི་ཆུང་མ་བསྟེན་པར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཉམ་པས། །སློབ་དཔོན་ལ་ནི་གང་བརྙས་པ། །དེས་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །དེ་ཕྱིར་སངས་རྒྱས་འབྲས་འདོད་ཅིང་། །གུས་དང་ལྡན་པའི་སེམས་ཅན་གྱིས། །བསམ་ཡས་འབྲས་བུ་སྩོལ་བ་པོ། །འདི་ལ་འབད་པས་ཀུན་གྱིས་མཆོད། །བྱང་ཆུབ་གོ་འཕང་བླའམ་ཅི། །སྲིད་པ་སེལ་བར་སུ་ཡིས་ནུས། །གང་ལ་སྐྱེ་ཤིང་འཆི་བ་མེད། །གང་ཞིག་ལས་གཉིས་ལ་ནུས་ལྡན། །རྡོ་རྗེ་སློབ་དཔོན་མེད་པར་ནི། །ཉོན་མོངས་ཐམས་ཅད་སྤོང་བ་དང་། །མྱ་ངན་འདས་ཞི་གོ་འཕང་དང་། །ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །རང་གི་དམ་ཚིག་རྟག་ཏུ་བསྒྲུབ། །རྟག་ཏུ་དེ་བཞིན་གཤེགས་རྣམས་མཆོད། །རྟག་ཏུ་བླ་མ་ལ་འབུལ་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །ཐབས་དང་ཤེས་རབ་ལྡན་སེམས་ཀྱིས། །མི་བྱ་བ་ནི་གཅིག་ཀྱང་མེད། །རྟག་ཏུ་རྣམ་རྟོག་མེད་གྱུར་ནས། །ཁྱེད་ཀྱིས་འདོད་པ་ལྔ་རྣམས་སྤྱོད། །སངས་རྒྱས་ཀུན་གྱིས་མཐུན་གསུངས་ཤིང་། །བཀའ་ལུང་དམ་པ་རྟག་པ་ཡི། །དམ་ཚིག་དང་ནི་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཕྱག་མཚན་གྱི་དབང་ངོ་། །བཅུ་དྲུག་པ་ནི། ལྷའི་གྲངས་ཇི་ལྟ་བས་ཡོན་འབུལ་ཏེ། ཨོཾ་ཨ་ནུཏྟཱ་ར་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ཁཾ་ཧཱུྃ་ཕཊ྄་སྭཱ་ཧཱ། དེ་ནས་གསང་བའི་མཆོད་པ་དང་། །གླུ་ལ་སོགས་པ་སྟེ་ཚོགས་ཀྱི་འཁོར་ལོས་སོ། །བཅུ་བདུན་པ་ནི། དེ་ནས་ཡུལ་དང་ཡིད་འོང་ཆུང་མ་ནོར་ལུས་ལོངས་སྤྱོད་སོགས་བློ་ཡིས་བླངས་ཏེ། བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་དང་། །མཁའ་དང་མཉམ་པའི་འགྲོ་བ་མ་ལུས་ཀུན། །སྐྱེས་མཆོག་ཁྱེད་ཀྱི་འབངས་སུ་འབུལ་ལགས་ན། །ཐུགས་རྗེས་དགོངས་ཏེ་བཞེས་ནས་སྐྱབས་ཏུ་གསོལ། །ཞེས་ཕུལ་བས་བླ་མ་མཉེས་པར་བྱའོ། །བཅོ་བརྒྱད་པ་ནི། དེ་ལྟར་ཡོན་གྱིས་བླ་མ་ཡི་དམ་མཉེས་པས་སློབ་མ་ལ་རྗེས་སུ་གནང་བའི་ཕྱིར། མཆོད་པ་ཀུན་གྱིས་སྔོན་མཆོད་བྱིན། སངས་རྒྱས་ཀུན་གྱི་སྤྱན་སྔ་རུ། །བསྡད་ནས་སྡིག་པ་ཀུན་སྤངས་ལ། །ཁྱོད་ལ་ངས་དེང་འཕྲེང་བ་སོགས། །དབང་བསྐུར་པ་ཡི་དབང་བསྐུར་ཏེ། །ད་ཁྱོད་སྔགས་དང་རྒྱུད་འཛིན་ཅིང་། །དཀྱིལ་འཁོར་གྱི་ནི་སློབ་དཔོན་དུ། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །ལྷ་རྣམས་ཀྱིས་ཀྱང་ཡང་དག་བཞེད། །ཁྱེད་ཀྱིས་དེ་ཉིད་བདུད་རྣམས་ཕམ། །ཁྱོད་ཀྱིས་སངས་རྒྱས་ཐམས་ཅད་བཅོམ། །ཡི་གེའི་སྤྱོད་པ་སྤྱོད་བཞིན་དུ། །ཁྱོད་ཀྱིས་སེམས་ཅན་ཀུན་དོན་གྱིས། །ཡ་ང་བ་ནི་རྣམས་ལ་ཡང་། །ཆོས་རྣམས་ཀུན་ལ་སེར་སྣ་དང་། །སེམས་ཅན་ཀུན་ལ་མི་ཕན་གང་། །དེ་ནི་བུ་ཁྱོད་ཀྱིས་མི་བྱ། །ཇི་ལྟ་ཇི་ལྟར་ལམ་འདི་ལ། །སོམ་ཉི་ཟ་བར་མི་བྱའོ། །སྔགས་ཀྱི་སྤྱོད་ཚུལ་དམ་པ་ནི། །མཚུངས་མེད་ཁྱོད་ཀྱིས་བསྟན་པར་གྱིས། །དཀྱིལ་འཁོར་བྲི་བར་བྱས་ནས་ནི། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །དོགས་པ་མེད་པའི་སེམས་ཀྱི་ནི། །སློབ་མ་ལ་དབང་བསྐུར་བར་གྱིས། །འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། །བརཏལ་ཞུགས་བརྟེན་པ་ཁྱོད་ཀྱིས་བསྒྲུབས། །དེ་ཉིད་རྟོགས་པའི་སེམས་ལྡན་པས། །དེ་དག་ཐམས་ཅད་འགྲུབ་པར་འགྱུར། །ཆོས་དབྱིངས་བྱིན་གྱིས་བརླབ་པ་དང་། །དམ་ཚིག་རྣམས་ཡོངས་བསྐྱང་བ་ལས། །རྟག་ཏུ་བླ་མ་གུས་ཁྱོད་ལ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེ་ལྟར་བྱས་པ་ཤེས་པ་ནི། །སངས་རྒྱས་ལ་ཕན་འདོགས་ཞེས་སྒྲོགས། །དེ་ཕྱིར་སངས་རྒྱས་ཀུན་མཁྱེན་པས། །ཁྱོད་ནི་མངོན་པར་བསྲུང་བར་འགྱུར། །དེ་ནས་སློབ་མས་ལུས་བཏུད་ཅིང་ཐལ་མོ་སྙིང་ཁར་སྦྱར་ནས་བླ་མ་ལ་ཕྱག་བྱས་ལ། དེ་ཀུན་དེ་བཞིན་ནོ། །ཞེས་ཞུ། རྗེས་སུ་གནང་བའི་དབང་བསྐུར་བའོ།། དེ་ལྟར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་ལུས་དཀྱིལ་དང་ལྷན་ཅིག་ཏུ་བུམ་དབང་ཡན་ལག་དང་བཅས་པ་ཐུན་མོང་གི་དབང་དགུ་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་པ་ཡིན་ནོ། །དེ་ནས་གཤེགས་གསོལ་དང་། ཉེར་བསྡུ་སོགས་བཤམ་དུ་འབྱུང་ཞིང་། འདིར་དབང་གི་ས་བཅད་གཉིས་པ། བསམ་གཏན་ལ་སྦྱོར་བའི་སློབ་དཔོན་གྱི་བྱ་བ་གསང་བའི་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གཉིས་ལས། དང་པོ་ནི། གསང་སྔགས་ཚུལ་གནས་རྣལ་འབྱོར་པ། །གཉིས་མེད་ཡེ་ཤེས་སྦྱོར་ལྡན་པས། །སྒྱུ་མ་ལྟ་བུའི་ལུས་ཀྱིས་ནི། །འཁོར་ལོ་སྒྱུ་མ་ལྟ་བུ་བྲི། །ཞེས་པ་སྟེ་ཐམས་ཅད་ཕྱི་རྡུལ་ཚོན་ལྟ་བུ་བྲི་མི་དགོས་ཡིད་ཀྱི་དཀྱིལ་འཁོར་དུའོ། །མཆོག་དབང་ལ་སློབ་མས་འབྱོར་པ་ཇི་ཡོད་པས་ཚོགས་ཀྱི་ཡོ་བྱད། ལྷག་པར་ལེགས་པར་བསླབས་པའི་ཕྱག་རྒྱ་གཞོན་ནུ་མ་ཕུལ་ཏེ། སློབ་དཔོན་གྱིས་ཚོགས་ཀྱི་དཀྱིལ་འཁོར་ལེགས་པར་བསྒྲུབ་ཅིང་འདོད་པ་ལྔ་ལ་ལོངས་སྤྱོད་པས་མཉེས་པ། དེར་ནམ་ཕྱེད་ཀྱི་དུས་སུ། གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ། མཎྜྻལ་ཕུལ། ཁྱོད་ཀྱི་བཀའ་དྲིན་གང་གིས་བདག །བདག་དང་གཞན་དོན་བྱེད་ནུས་པ། ཡང་དག་པ་ཡི་དབང་བསྐུར་ནི། །སྙིང་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བཏབ། བླ་མས་སློབ་མ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་དང་། ཤེས་རབ་མ་རེག་བྱ་རྡོ་རྗེ་མའི་ངོ་བོར་བཞུགས་པ། ཡབ་ཡུམ་མཉམ་པར་སྦྱོར་ནས་ལེགས་པར་སྙོམས་པར་ཞུགས། ཕྱོགས་བཅུའི་དེ་བཞིན་ཐམས་ཅད་སྤྱན་དྲངས། གཙོ་བོའི་སྤྱི་བོ་ནས་ཐིམ་ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། སྟོང་པ་བཞིའི་ཡེ་ཤེས་ལྷན་ཅིག་སྐྱེས་པ་བརྟན་པར་བྱས། བྱང་ཆུབ་ཀྱི་སེམས་དུང་ཆུས་སུ་ཕྱུང་ཏེ་བདུད་རྩི་ལྔ་དང་བསྲེས་པ་དེ་ཉིད། སློབ་མ་བདག་ཉིད་གསུང་རྡོ་རྗེ་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པདྨ། རྡོ་རྗེ། འཁོར་ལོ། གཡོན་དྲིལ་བུ་དང་བཅས་པས་པད་དམར། རིན་ཆེན། རལ་གྲི་འཛིན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ནས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གསལ་བ་ལ། པདྨའི་དབུས་ན་རིན་ཆེན་འབར་བ་ཕྱུང་ནས་ནི། །མ་ལུས་རྒྱལ་བའི་སྐུ་ནི་ཀུན་ཏུ་བསྐམས་པ་ལ། །རྣམ་པར་དག་པའི་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །རིན་ཆེན་འབར་བའི་ཆར་གྱིས་སྤྱི་བོར་དབང་བསྐུར་རོ། །ཞེས་བདུད་རྩི་བྱིན་པ་དེ་ཉིད། དེས་ཀྱང་བྱང་ཆུབ་ལས་མི་གཡོ་བའི་བསམ་པས་བཟའ་བ་དང་རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་ཚིམ་པར་བྱའོ་ཞེས་བསམ་ནས། ཨ་ཧོ་མཧཱ་སུ་ཁ་ཞེས་མྱང་ངོ་། །སླར་མཆོག་ཏུ་གསང་བའི་དབང་བསྐུར་བའི་ཕྱིར། བླ་མ་ཡབ་ཡུམ་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པས་ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་སྔོན་པོ། དབུས་མ་ཨོཾ་གྱིས་མཚན་པ། ལྷ་མོའི་བྷ་ག་ཨཱཿལས་པདྨ་འདབ་བརྒྱད་དམར་པོ་འོད་ཟེར་ལྔ་ཡིས་ཁྱབ་པ། རྡོ་རྗེ་པདྨའི་མཚམས་ནས་འོད་ཟེར་སྤྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་པ་ལྷ་སུམ་ཅུ་རྩ་གཉིས་རང་གི་སྐུ་བཞིའི་དཀྱིལ་འཁོར་ལ་གནས་པ་རྣམས་རང་གི་སྙིང་ཁར་བསྡུས་ཏེ་ས་བོན་གྱི་གཟུགས་སུ་རྡོ་རྗེའི་ལམ་ནས་ཕྱུང་ལ་རྡོ་རྗེ་ཉིད་ཀྱི་སློབ་མའི་ཁར་དབབ་པར་བྱ་སྟེ། ཀྱེ་མ་རྡོ་རྗེ་བླང་བར་བྱ། །དེ་ནི་གསང་བ་ཞེས་བྱ་སྟེ། དབང་བསྐུར་བ་ཡི་ཐབས་མཆོག་གོ །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །ཞེས་བརྗོད། སློབ་མ་རང་གི་ཁར་བབས་པའི་བྱང་ཆུབ་ཀྱི་སེམས་མྱངས་པས་བདེ་བ་ཆེན་པོ་ཐོབ་པར་བྱའོ། །ཞེས་བཏུང་ངོ་། །ཨོཾ་ཨཱཿཧཱུྃ་གིས་མིག་དར་དབྱེ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ་པས་ངག་གི་དྲི་མ་དག ལམ་རང་ལུས་ཐབས་ལྡན་གྱི་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་མངོན་དུ་གྱུར་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གཉིས་པ་ནི། ཐོ་རངས་ལ་ཉེ་བ་ན། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ། མཎྜྻལ་ཕུལ། ཁྱོད་ཀྱི་བཀའ་དྲིན་གང་གིས་བདག །བདག་དང་གཞན་དོན་བྱེད་ནུས་པ། །ཤེས་རབ་ཡེ་ཤེས་དབང་བསྐུར་ནི། །སྙིང་རྗེའི་གཏེར་གྱིས་བདག་ལ་བསྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས། ལེགས་པར་བསླབ་པའི་ཕྱག་རྒྱ་དང་སློབ་མ་རང་རིགས་སམ། བདག་ཉིད་མི་དམིགས་པ་སྟོང་པའི་ངང་ལས་སྐད་ཅིག་གིས་ཐུགས་རྡོ་རྗེ་སྔོན་པོ་སྔོ་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་པ་གསུམ་ན་རྡོ་རྗེ་རྩེ་དགུ་པ། འཁོར་ལོ་པདྨ། གཡོན་པ་གསུམ་ན་དྲིལ་བུ། རིན་ཆེན། རལ་གྲི་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བ་ལ་ཕྱག་རྒྱ་རྡོ་རྗེ་རེག་བྱ་མ་སྔོན་མོ་གསལ་བ་དཀྱིལ་འཁོར་གྱི་གཙོ་བོས་གཏད་པར་བསམ་ལ། གཟུངས་མ་འདི་ནི་ཡིད་འོང་བ། །སངས་རྒྱས་རྣམས་ཀྱིས་བརྟེན་པར་གནང་། །འཁོར་ལོའི་རིམ་གྱི་སྦྱོར་བ་ཡིས། །བདེ་བའི་དམ་བ་མྱང་བ་ཡིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་གསུམ་པོ་འདི་ཡིས་བདག །དེ་བས་འདི་དང་བྲལ་བ་ནི། །ཁྱོད་ཀྱི་ནམ་ཡང་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརཏལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིང་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ནས་གཏད་པའི་ཕྱག་རྒྱ་དེས་སློབ་མ་ལ། བཤང་དང་གཅི་བ་བཟའ་བ་དང་། །ཤ་དང་ཁུ་ཁྲག་དེ་བཞིན་ཏེ། །བུ་ཁྱོད་ཅི་དགར་སྤྱོད་གྱུར་ཏམ། །བུད་མེད་བརྟེན་དུ་གུས་པ་དང་། བདག་གི་པདྨར་འོ་བྱེད་པ། །བུ་ཁྱོད་ཅི་བཞེད་བདེན་པར་སྨྲོས། །ལན་དུ་སློབ་མས། ཁུ་ཁྲག་ལ་སོགས་བཟའ་བ་དང་། །བུད་མེད་རྣམས་ལ་རྟག་གུས་པའི། །བྷ་གའི་པདྨར་འོ་བྱེད་པ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །སླར་ཡང་ཤེས་རབ་ཀྱིས། ཨེ་མ་ང་ཡི་པདྨ་ནི། །བདེ་བ་ཀུན་དང་ཡང་དག་ལྡན། །བླུན་པོ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་སྟེ་རྟག་ཏུ་གནས། །བཛྭ་མོཀྵ་ཧོཿ ཞེས་བརྗོད་ནས། རང་དང་རིག་མ་རྡོ་རྗེ་སེམས་དཔའ་དང་རེག་བྱ་རྡོ་རྗེ་མ་ཡབ་ཡུམ་དུ་གྱུར། གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ། ལྟེ་བར་སྭཱ། རྐང་པར་ཧཱ། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་དབུས་མ་ཨོཾ་གྱིས་མཚན་པ། ལྷ་མོའི་བྷ་ག་ཨཱཿལས་པདྨ་འདབ་བརྒྱད་དམར་པོ་འོད་ཟེར་ལྔ་ཡིས་ཁྱབ་པ། ཨོཾ་སརྦ་ཏཱ་ཐཱ་ག་ཏཱ་ཨ་ནུ་རཱ་ག་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དུས་དཀྱིལ་གྱི་ལྷ་དང་བཅས་པ་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་འཁྱུད་པ་དང་འོ་བྱ་བ་གཞིབས་པས་ཡི་གེ་ཧཱུྃ་གླུར་ལེན་ཅིང་ཕཊ྄་ཀྱིས་ལས་ན་གནས་པར་བྱས། དེ་ཡང་སྙོམས་པར་ཞུགས་པས་ཐིག་ལེ་རྡོ་རྗེའི་རྩ་བར་སླེབ་ཙ་ན་རང་བཞིན་སུམ་ཅུ་རྩ་གསུམ་འགག །བདེ་བའི་ཡེ་ཤེས་དེ་ལ་སྟོང་པས་རྒྱས་བཏབ་སྟེ་བསྒོམས་པས་ལམ་གྱི་ཡེ་ཤེས་སྣང་བ། ཐིག་ལེ་སྐེད་པར་སླེབ་ཙ་ན་རང་བཞིན་བཞི་བཅུ་འགག །བདེ་བའི་ཡེ་ཤེས་དེ་ལ་ཤིན་ཏུ་སྟོང་པས་རྒྱས་བཏབ་སྟེ་བསྒོམས་པ་ལམ་གྱི་ཡེ་ཤེས་མཆེད་པ། ཐིག་ལེ་བུམ་པར་སླེབ་ཙ་ན་རང་བཞིན་བདུན་འགག །བདེ་བའི་ཡེ་ཤེས་དེ་ལ་སྟོང་པ་ཆེན་པོས་རྒྱས་བཏབ་སྟེ་བསྒོམས་པ་ལམ་གྱི་ཡེ་ཤེས་སྣང་བ་ཉེར་ཐོབ། དེ་ཙམ་ནི་དབང་གསུམ་པ་དང་། གཉིས་ཤོར་གཉིས་མཉམ་གྱི་དུས་སུ་དངོས་པོས་ངོ་བོ་ཉིད་ཀྱི་རྟོག་པ་ལོག་པས་བདེ་བའི་ཡེ་ཤེས་ཐམས་ཅད་སྟོང་པ་འོད་གསལ་བ་དེ་ལ་དབང་བཞི་པ་ཞེས་བྱའོ། །མན་ངག་བཞིན་འཛག་མེད་དུའམ། ཕྱིར་འཛག་ན་ལྕེས་བླངས་པར་བྱ་ཞིང་། །ཞེས་སློབ་དཔོན་གྱིས་ནང་གི་མངོན་བྱང་བསྟན་ནོ།། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཀྲོལ། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡིད་དང་ཡེ་ཤེས་ཀྱི་དྲི་མ་བག་ཆགས་དང་བཅས་པ་དག །ཕོ་ཉའི་ལམ་དང་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་པ་ཡིན་ནོ། །དེ་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ། དབང་རྣམས་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ། མཎྜྻལ་ཕུལ། བླ་མ་དང་ཕྱག་རྒྱ་ཡོན་གྱིས་མཉེས་པར་བྱས་ཏེ་ཚོགས་ཀྱི་དཀྱིལ་འཁོར་བསྡུའོ།། དབང་གི་བྱ་བ་གྲུབ་ནས་ལྷ་མཉེས་པར་བྱ་ཕྱིར་ཞི་བ་དང་རྒྱས་པའི་སྦྱིན་བསྲེག་འབུལ་བར་བསྲུང་ཞིང་། མི་འགྲུབ་ན་བསམ་གཏན་གྱི་སྦྱིན་སྲེག་ཙམ་བྱ་བའམ། དཀྱུས་སུ་དེ་ཙམ་མ་འགྲུབ་ན་གཏོར་མའི་ཆོ་ག་བྱ་སྟེ། སྟོང་པའི་ངང་ལས་གཏོར་མའི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་རྣམས། ཤར་དུ་གོ་ལས་བ་གླང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ། དབུས་སུ་ན་ལས་མིའི་ཤ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཀླད་པ། དབུས་སུ་མུ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་ངོ་བོ། ཤར་དུ་བྷྲཱུྃ། ལྷོར་ཨཱཾ། ནུབ་ཏུ་ཛྭཱིཾ། བྱང་དུ་ཁཾ། དབུས་སུ་ཧཱུཾ། དེའི་སྟེང་དུ་ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པའི་འོད་ཟེར་འོག་ཏུ་འཕྲོས། རླུང་གི་བ་དན་ལ་ཕོག །རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཀྱི་མ་དག་པ་བསྲེགས། དག་པ་ཞུ་ཞིང་ཁོལ་བའི་རླངས་པ་ཨོཾ་དང་ཧཱུྃ་ལ་ཕོག ཨོཾ་ལས་བདུད་རྩིའི་རྒྱུན་བབས་པ་ཐོད་པར་ལྷུང་བའི་རླངས་པ་དང་། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཐིམ་པར་གྱུར། རྡོ་རྗེ་ཟླ་བ་ཨོཾ་དང་བཅས་པ་ཐོད་པར་ལྷུང་སྟེ། ཞུ་ནས་དམ་ཚིག་གི་བདུད་རྩིར་འདྲེས་པ། ཧཱུྃ་གིས་སྦྱངས། ཡི་གེ་ཨཱཿས་རྟོགས་པར་བྱས། ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩི་བསྣན་པས་སྦྱར་བ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། །ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དཔལ་གསང་བ་འདུས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་འཇིག་རྟེན་པའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། དེ་བཞིན་དུ་པུཥྤེ་ནས་ཤཔྟའི་བར་དང་། ཨོཾ་ཨཱཿརཱུ་པ་བཛྭ་ཧཱུྃ་ནས་པརྴེའི་བར་གྱིས་མཆོད། དེ་ནས་གཏོར་མ་འབུལ་སྔགས་གཙོ་བོར། ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿབཛྭ་དྷྲྀཀ་ཧཱུཾ་ཧཱུྃ། བདུན་དང་། ཡུམ་ལ། ཨོཾ་ཨཱཿསྤརྴེ་བཛྭ་ཁཾ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན། རིགས་བཞིར། ཨོཾ་སྭཱ་ཨཱཿཧ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡུམ་བཞིར། ལཾ་མཱཾ་པཾ་ཏཱཾ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་ལྷ་བཞི་པོར། ཛཿཧཱུྃ་བཾ་ཧོཿཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྱང་སེམས་བརྒྱད་ལ། མཻཾ་ཐིཾལ། ཨོཾ་ཨོཾ། ཨོཾ་ཧཱུྃ། ཨོཾ་སཾ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཁྲོ་བོ་བཅུ་ལ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་རེས་ཕུལ། ད་ེནས་འཇིག་རྟེན་པའི་གཏོར་མ་ཨ་ཀ་རོ་ལན་གསུམ་གྱིས་ཕུལ་ནས། འཇིག་རྟེན་ལས་འདས་པ་ལ། ནད་མེད་ཚེ་དང་དབང་ཕྱུག་དང་། དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་དང་མཆོག་གི་དངོས་གྲུབ་སྩོལ། །ཞེས་དངོས་གྲུབ་ཞུ། འཇིག་རྟེན་པར། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེ་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང་། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད། །ཅེས་འདོད་དོན་གསོལ། བཛྭ་མུཾ་གཏོར་མགྲོན་ཡེ་ཤེས་པ་རྣམས་བདག་ཉིད་ལ་ཐིམ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། ཚོགས་པ་རོལ་བ་གོང་དུ་མ་སོང་ན་འདིར་བྱ་སྟེ། ལས་ཀྱི་རྡོ་རྗེས། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་བསྟབ། ནང་གི་སྦྱིན་སྲེག་བྱ། ལྷག་མ་བསྡུས་ལ། ཧཱུྃ་བྷྲུཾ་ཕཻཾ་ཞེས་ཁ་ཕྲུས་བཏབ། སྣོད་ཐོད་པ་བཅུད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་ཞུ་བར་གྱུར། ཧཱུྃ། མ་རྡོ་རྗེ་བཙུན་མོ་ཁྲོས་པའི་གཟུགས། །སོགས་ཀྱི་མཐར་ལྷག་མ་ཕྱི་རོལ་འགོལ་སར་སྤུངས། ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ་སོགས་ཀྱིས་སྨོན་ལམ་གདབ་བོ། །དེ་ནས་རྗེས་ཀྱི་ཆོ་ག་ནི་མཆོད་པ་གསར་དུ་བཤམ་པའམ། རྙིང་པ་གསོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ། དེ་བཞིན་དུ། པདྱཾྎ ཨཉྩྨ་མ་ནཾྎ པྲོཀྵ་ཎཾྎ ཅེས་ཆུ་བཞི་སྔོན་དུ་འགྲོ་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། ཨོཾ་ཨཱཿརཱུ་པ་བཛྭ་ཧཱུྃ། དེ་བཞིན་དུ། ཤཔྟྎ གནྡྷེྎ ར་སྎ སྤརྴེའི་བར་གྱིས་མཆོད། སྒྲུབ་མཆོད་སོགས་ཀྱི་ཉིན་ཕྱི་མར་ཚིགས་བཅད་སྤྲོས་ཏེ་ཕུལ། ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཅེས་ནང་མཆོད་དང་། ཨོཾ་མཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃ། ཞེས་གསང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔས་བསྟོད། ཡིག་བརྒྱ་བརྗོད་ཅིང་མ་འབྱོར་པ་དང་སོགས་ཀྱིས་ནོངས་བཤགས་བཟོད་གསོལ་བྱ། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་རྡུལ་ཚོན་སྐབས་ཀྱི་ཉིན་སྔ་མ་རྣམས་ལ། བདག་དང་འགྲོ་ལ་ཐུགས་བརྩེས་ཕྱིར། །སོགས་དང་། ཉིན་ཕྱི་མར། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས་གསོལ་བྱ། རས་བྲིས་ཡིན་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ།། སོགས་ཀྱིས་བརྟན་བཞུགས་བྱ། དེ་ནས། བདག་བསྐྱེད་དཀྱིལ་འཁོར་གྱི་ལྷ་རྟགས་པ་ལ་སོགས་པ་རང་གི་གཟུགས་ཕུང་སོགས་བཞི་ལ། སྤྱན་མ་སོགས་ཁམས་ལ། སེམས་དཔའ་སེམས་མ་སྐྱེ་མཆེད་ལ། ཁྲོ་བོ་རྣམས་ཡན་ལག་ལ་བསྡུས་ཏེ་ཡབ་ཡུམ་དུ་གསལ་བའི་ཏིང་ངེ་འཛིན་སེམས་དཔའ་ལས་བྱུང་བའི་འོད་ཀྱིས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་ཞིང་རེག་པས་ཐམས་ཅད་དྲི་མ་དང་བྲལ་ནས་སྣོད་གཞལ་ཡས་ཁང་བཅུད་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་པར་བསྒོམ་མོ། །ཉེར་བསྡུའི་ཆོ་གའོ།། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་ཀུན་གྱི་ཀུན་བདག་ཉིད། །རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །བྱང་ཆུབ་ཕྱིར་ནི་སྤྱོད་གང་དང་། །རྫོགས་སངས་རྒྱས་ཀྱི་གང་ཡིན་པ། །བྱང་ཆུབ་རྡོ་རྗེས་གང་གསུངས་པའི། །སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག། ཅེས་སོགས་ཀྱིས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། དགོང་མོ་ཉེར་བསྡུ་བྱས་པའི་ནང་པར་ཨ་ཀ་རོ་ཡི་གེ་གསུམ་གྱིས་རྡུལ་ཚོན་འཕྱགས་ཏེ་ཀླུ་དུ་དོར། དེ་ནས་གཡོན་བརྐྱང་གི་སྟབས་ཀྱིས་སྔར་བཏབ་པའི་ཕུར་པ་རྣམས། ཨོཾ་བཛྭ་ཀི་ལ་ཡ་ཨུཏྐྲཱི་ལ་ཡ། སརྦ་བིགྷྣན་བཛྭ་དྷ་ར་ཨཱ་ཛྙྱཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཧོཿ ཞེས་བརྗོད་ནས་ཕྱུང་། དེའི་སྐུད་པ་སྣོད་ཀྱི་ནང་དུ་གཙང་མར་བཞག་ཕུར་པའི་དབལ་ལ་བསང་ཆུ་དང་ཙན་དན་གྱིས་བསྐུས། ཨོཾ་ཨཱཿཧཱུྃ་སྭ་ཏྭ་ཀུ་རུ་སྭ་ཏྭི་སྭཱ་ཧཱ། དེ་ནས་ཁྲོ་བོ་རྣམས་ལ་ཕྱི་ནང་གླུ་གར་གྱིས་མཆོད། གཏོར་མ་བཏང་གཤེགས་སུ་གསོལ། དེ་ནས་དཀྱིལ་འཁོར་གྱི་ས་བ་བྱུང་གི་ལྕི་བས་བྱུགས། སེམས་ཅན་རྣམས་དང་སློབ་མ་ལ་ཕན་པའི་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་ཤིས་པ་བརྗོད་པ་ནི། སྲིད་དང་ཞི་བའི་ཕུན་ཚོགས་འབྱུང་བའི་གཏེར། །གང་ལས་ནམ་ཡང་ཟད་པ་མི་མངའ་བ། །རིན་ཆེན་དབང་གི་རྒྱལ་པོ་ལ་མ་ཡི། །བྱིན་རླབས་མཐུ་ཡིས་འདོད་དོན་ཀུན་འགྲུབ་ཤོག །གཟུང་དང་འཛིན་པས་དབྱེ་བར་མི་ནུས་པའི། །བདེན་གཉིས་དབྱེར་མེད་རྡོ་རྗེ་འཛིན་པ་མཆོག །མཐའ་ཡས་དཀྱིལ་འཁོར་ཀུན་གྱི་འཁོར་ལོས་སྒྱུར། །སྟོན་པ་རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག །གསང་ཆེན་བླ་མེད་རྣལ་འབྱོར་ཆེན་པོའི་རྒྱུད། །ཐབས་ཤེས་གཉིས་མེད་རྡོ་རྗེ་གསུམ་མཉམ་ཉིད། །ཐུན་མོང་མ་ཡིན་ཐེག་པ་ཀུན་གྱི་རྒྱལ། །དཔལ་ལྡན་རྒྱུད་ཀྱིས་དེང་འདིར་བཀྲ་ཤིས་ཤོག །རྣམ་རྟོག་ཚོགས་ཀྱིས་ཀུན་ཏུ་འཁྲུགས་མི་མངའ། །གདུལ་བྱ་ཞེ་སྡང་ཅན་ལ་རབ་བརྩེ་བ། །ཐུགས་རྗེ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས། །དཀྱིལ་འཁོར་དབང་པོས་རྟག་ཏུ་བཀྲ་ཤིས་ཤོག །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐུས། །བདུད་རྩིའི་སྟོབས་ལས་རབ་ཏུ་རྒྱལ་གྱུར་པ། །ཁྱབ་བདག་རྣམ་པར་སྣང་མཛད་བཀྲ་ཤིས་ཀྱིས། །དེང་འདིར་སྐྱེ་དགུ་རྣམས་ལ་བདེ་ལེགས་ཤོག །འདོད་དགུའི་འབྲས་བུ་མ་ལུས་ཡོངས་རྫོགས་པ། །ཡང་དག་མཐའ་ཡི་ཡིད་བཞིན་རིན་ཆེན་འཆང་། །རྒྱལ་བ་རིན་ཆེན་ཏོག་གི་བཀྲ་ཤིས་ཀྱིས། །དེང་འདིར་སྐྱེ་དགུ་རྣམས་ལ་བདེ་ལེགས་ཤོག །སྣང་གསུམ་མ་ལུས་པ་ལས་ངེས་པར་གྲོལ། །འོད་གསལ་སྣང་བ་དཔག་མེད་དང་ལྡན་པ། །བཅོམ་ལྡན་འོད་དཔག་མེད་པའི་བཀྲ་ཤིས་ཀྱིས། །དེང་འདིར་སྐྱེ་དགུ་རྣམས་ལ་བདེ་ལེགས་ཤོག །ཆོས་རྣམས་ཀུན་ཏུ་རྣམ་འབྱེད་ཤེས་རབ་འཛིན། །གདོན་མི་ཟ་བར་དོན་རྣམས་གྲུབ་མཛད་པ། །མགོན་པོ་དོན་ཡོད་གྲུབ་པའི་བཀྲ་ཤིས་ཀྱིས། །དེང་འདིར་སྐྱེ་དགུ་རྣམས་ལ་བདེ་ལེགས་ཤོག །རིགས་ཀྱི་ཡུམ་དང་ལྷ་མོ་རྣམ་པ་ལྔ། །སེམས་དཔའ་ཁྲོ་བོའི་ཚོགས་རྣམས་གཙོ་བོ་ཡི། །ཡེ་ཤེས་མཆོག་གི་རྣམ་རོལ་བཀྲ་ཤིས་ཀྱིས། །དེང་འདིར་སྐྱེ་དགུ་རྣམས་ལ་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མཐུ་སྟོབས་རྨད་བྱུང་བ། །སྒྲིབ་པ་མེད་པའི་སྤྱན་གྱིས་རབ་གཟིགས་ནས། །དམ་ཆོས་སྲུང་བར་མཛད་པའི་ཚོགས་རྣམས་ཀྱིས། །དེང་འདིར་སྐྱེ་དགུ་རྣམས་ལ་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོ་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག། ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་ཀྱི་དཔལ་ཡོན་རྣམ་པ་ཀུན་ཏུ་སྤེལ་བར་བྱའོ། །དེ་ལྟར་གསང་བ་འདུས་པ་འཕགས་པའི་ཞལ་ལུང་ཞེས་བྱ་བ། སློབ་དཔོན་ཡབ་སྲས་ཀྱི་ལུང་ཇི་ལྟ་བ་རྡོ་རྗེ་འཆང་མར་པའི་ཕྱག་བཞེས་མ་འཆུགས་པར་བཀོད་པ་པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བ་འདིས་ཀྱང་འགྲོ་བ་ཐམས་ཅད་བདེ་བ་ཆེན་པོའི་ས་ལ་སྙེག་པ་ལ་སྐོམ་པ་ཆུ་མཐོང་ནས་རྒྱུག་པ་ལྟར་གྱུར་ཅིག། མོས་པའི་རྗེས་སོང་དབང་གི་ཆོ་གའི་མཐར། །ཀུན་ཤེས་རྒྱལ་ཉིད་དེ་བས་དབྱངས་ཅན་མ། །དགྱེས་པའི་ཚིག་གཏེར་མགུལ་བུམ་ལ་ཆགས་པའི། །ཀླུ་བྱང་ལུགས་རྗེས་འཁྲུལ་མེད་ཞུགས་པ་འདི། །སྤྲོ་འདོད་ལྷད་ཀྱིས་ངལ་བ་མ་མཆིས་ལ། །དགོས་དོན་མ་ཚང་མེད་པར་འབྱུང་བ་ན། །ཚེ་གཅིག་སངས་རྒྱས་ས་ལ་ཆས་རྣམས་ལ། །མཐུན་རྐྱེན་སྦྱོར་བའི་དཔག་བསམ་དབང་པོ་ཉིད། །དེ་ལྟར་དཔལ་གསང་བ་འདུས་པའི་སྒྲུབ་ཐབས་དང་དཀྱིལ་འཁོར་གྱི་ཆོ་ག ཀུན་མཁྱེན་རྫོགས་པའི་སངས་རྒྱས་པདྨ་དཀར་པོའི་གསུང་གསང་ལས་བྱུང་བ་ཉིད། དབང་བསྐུར་དང་སྒྲུབ་མཆོད་སོགས་འཇུག་པ་བདེ་བར་ཁྲིགས་སུ་སྡེབ་པར་བྱོས་ཤིག་ཅེས་མཆོག་གི་དཔལ་ལྡན་བླ་མ་དམ་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་དང་། རྗེ་བཙུན་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེ་སོགས་དཔལ་འབྲུག་པའི་བསྟན་པ་འཛིན་དབང་མཆོག་རྣམས་ཀྱིས་གསུང་བསྐུལ་ཕེབས་པར་བརྟེན། མཁས་དབང་བུདྡྷའི་ཞབས་དང་། འཇམ་མགོན་ཡོན་ཏན་རྒྱ་མཚོ་སོགས་ཀྱི་གསུང་ཚད་མར་གྱུར་པ་དག་ལ་སྒོ་བསྟུན་ཏེ། ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས་ལྷག་བསམ་དག་པས་བཀོད་པ་འདིར་ཚུལ་བཞིན་མ་རྟོགས་པའི་ཉེས་ཚོགས་མཐའ་དག་བླ་མ་ལྷག་པའི་ལྷ་དང་བཅས་པའི་སྤྱན་སྔར་སྙིང་ནས་འཆགས་ཤིང་། དགེ་བས་འགྲོ་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དམ་པ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ།། །།
རྭ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་དང་བཅས་པ་གདུག་པ་གཞོམ་པའི་མེ་ཕུང་།
རྭ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་དང་བཅས་པ་གདུག་པ་གཞོམ་པའི་མེ་ཕུང་བཞུགས་སོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་གདུག་པའི་ངོར། །དུས་ཀྱི་དག་པའི་གཟུགས་མཆོག་རབ་དྲག་པ། །རྡོ་རྗེ་འཇིགས་བྱེད་ལ་བཏུད་དེ་སྒྲུབ་པ། །ལ་ལི་ཏ་ཡི་རིང་ལུགས་འདིར་གསལ་བྱ།། ལས་དང་རྗེས་སུ་མཐུན་པའི་གནས་སུ། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གོ་འཕང་བསྒྲུབ་པར་བྱའོ་སྙམ་པའི་བློས། ཡོ་བྱད་ཀུན་འཛོམས་པས་བདེ་བའི་སྟན་ལ་འདུག་སྟེ་འཆད་པར་འགྱུར་པ་བཞིན་འབྱུང་པོ་ལ་གཏོར་མ་བྱིན་ནས། རང་གི་སྙིང་གར་ཟླ་བ་དང་ཉི་མ་ལ་ཧཱུྃ་ཡིག་རབ་ཏུ་འབར་བ། དེ་ལས་འཕྲོས་པའི་འོད་ཟེར་འཕྲེང་བས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཨོཾ་སྲཱིཿཧ་བྷོ་མཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ་ཨསྨཏྟ་པཱུ་ཛ་པྲ་ཏི་གྲྀནྟུ་པྲ་སཱ་དྷ་མེ་དྷཱི་མནྐུ་རུ་སྭཱ་ཧཱ། སྤྱན་དྲངས། འཁོར་དང་བཅས་པ་ལ་སྙིང་ག་ནས་འཕྲོས་པའི་ལྷ་མོ་རྣམས་ཀྱིས། ཨོཾ་སྲཱིཿཥྚྀ་ཧ། མཆོད་ཡོན། ཨོཾ་ཧཱུྃ་ཧཱུྃ་ཕཊ྄། ཞབས་བསིལ། ཨོཾ་བི་ཀྲ་ཏཱ་ན་ན་དུཥྚ་སཏྭ་ད་མ་ཀ་གཿགཿགཿ དྲི་ཆབ། ཨོཾ་ཀུ་མཱ་ར་རཱུ་པཱི་ནི་ཛཿཛཿཧཱུྃ་ན། མེ་ཏོག ཨོཾ་སྲཱིཿཧ་ཧེ་ཕཊ྄། བདུག་སྤོས། ཨོཾ་དཱིཔྟ་ལོ་ཙ་ནི་བི་ཀྲྀ་ཏཱ་ན་ན་མཧཱ་ཨཊྚྷ་ཊྚྷ་ཧ་ས་ན་དི་ནི་དཱིཔྟ་ཡ་སྭཱ་ཧཱ། མར་མེ། ཨོཾ་བཛྭ་ནེ་ཝི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། ཞལ་ཟས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག དེ་བཞིན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་པའི་ཚངས་པའི་གནས་པས་གནས་ནས། གཙོ་བོ་ནམ་མཁར། གཞན་ལྷ་དང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཨོཾ་ཤུནྱཱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེ་ལས་སྔོན་གྱི་སྨོན་ལམ་དྲན་ཏེ་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ཨོཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་རྡོ་རྗེ་རྒྱ་གྲམ་དུ་ཆགས་པའི་དབུས་སུ་བདག་ཉིད་ཨཱཿལས་ཟླ་བ་ལ་དྷཱིཿམཚན་པ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་དམར་སེར་ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། རྒྱན་གྱིས་བརྒྱན་ཏེ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཨཱཿལས་ཉི་མ། དེ་ལས་འོད་ཟེར་གྱི་རྩེར་འཇམ་དཔལ་གྱི་སྐུ་བསམ་གྱིས་མི་ཁྱབ་པ་བཞུགས་པ་འཕྲོས་ནས་བགེགས་བར་དུ་གཅོད་པ་ཐམས་ཅད་བསྒྲལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རིག་པ་འཛིན་པ་དང་ལྷ་དང་ཁྲོ་བོའི་ཚོགས་ཐམས་ཅད་བསྡུས་ཏེ་འཇམ་དཔལ་དང་བཅས་པ་ཉི་མར་རོ་གཅིག་ཏུ་གྱུར་པས། ཐམས་ཅད་ཀྱི་བདག་ཉིད་ཉིན་མོར་བྱེད་པ་དེ་གདུག་པ་ཆེན་པོའི་འོད་ཟེར་འབར་བ་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པ། དེའི་དབུས་སུ་རིན་པོ་ཆེ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་སྣ་ཚོགས་རྡོ་རྗེ་དང་བཅས་པ་པདྨའི་འཕྲེང་བ་དང་དུར་ཁྲོད་དང་རྡོ་རྗེ་དང་མེའི་འཕྲེང་བས་བརྒྱན་པའི་ལྷ་སྣམ་གཉིས་ཀྱི་ནང་མའི་གྲུར་བུམ་པ་གཉིས་ཀྱི་དབུས་སུ། ཀ་པཱ་ལ་ཁྲག་གིས་གང་བས་སྤྲས་པའི་དབུས་ཐོད་པ་སྐམ་རློན་གྱི་རྩིག་པ་ཅན་གྱི་གཞལ་ཡས་ཁང་ཟླུམ་པོ་སྒོ་བཞི་པ། གཞན་གསུམ་བཅད་ཅིང་མདུན་སྒོ་ཕྱེ་བའི་ལྟེ་བར་རེ་མིག་དགུ་པ་ཟླུམ་པོ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བའི་ལྷའི་གནས་ཐམས་ཅད་དུ་པདྨ་ཟླ་བའི་གདན་གྱི་ཁར། དབུས་སུ་ཕྱོགས་སྐྱོང་ཕོ་མོའི་སྟེང་དུ་རོ། ཤར་དུ་མགོ ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་། མེར་ཐོད་པ། སྲིན་པོ་ཐོད་ཚལ། རླུང་དུ་དུར་ཁྲོད་ཀྱི་རས། དབང་ལྡན་དུ་གསལ་ཤིང་གིས་ཕུག་པའི་སྐྱེས་བུ། ཤར་གྱི་སྣམ་བུར་གྲི་གུག རྡོ་རྗེ་རྩེ་གཅིག གཏུན་ཤིང་། ཆུ་གྲི། མཚོན་རྩེ་གཅིག ལྕགས་ཀྱུ། མ་ཧེ། བ་གླང་སྟེ་བརྒྱད། ལྷོར་སྟ་རེ། མདའ། དབྱུག་ཐོ། ཁ་ཊྶཾ། འཁོར་ལོ། ཞགས་པ། ཕག་པ། བོང་བུ་སྟེ་བརྒྱད། ནུབ་ཏུ་རྡོ་རྗེ། རྔེའུ་ཆུང་། ཕུབ། གཞུ། དྲིལ་བུ། རླུང་རས། རྔ་མོ། ཁྱི་སྟེ་བརྒྱད། བྱང་དུ་སྡིགས་མཛུབ། འཕན་ལྕེ་གསུམ་པ། གླང་ལྤགས། ཐོ་བ། མདུང་། མེ་ཐབ། ལུག སྤྱང་གི་སྟེ་བརྒྱད། ཤར་སྒོར་བྱ་རྒོད། ལྷོ་སྒོར་འུག་པ། ནུབ་ཏུ་བྱ་རོག བྱང་དུ་ནི་ཙེ། མེར་བྱ་ཁྱུང་། བདེན་བྲལ་དུ་ཁྲ། རླུང་དུ་རི་སྐེགས། དབང་ལྡན་དུ་བཞད། དེ་ཐམས་ཅད་ཟླ་བའི་གཟུགས་སུ་གྱུར་བའི་དབུས་མར་དྷཱིཿགཞན་རྣམས་ལ་རིམ་པ་བཞིན། ཨོཾ་ཨཾ་ཛྭིཾ་ཁཾ། སཾ་རཾ་དྷཾ་ཀཾ །བཾ་ཁཾ་མཻཾ་མཾ་ཛྙྱཱཾ་ཝཾ་ཙཾ་ཛྙྱཱཾ། བིཾ་ཡཾ་མུཾ་དྷཾ། རཾ་ཏཾ་ཧཾ་ཛཱཾ། བྷཾ་བཾ་རཱཾ་རཾ། སཱཾ་རཾ་སཱུཾ་བཱཾ། ཀེཾ་ཧཾ་གཾ་ཛྙྱཱཾ་སཾ་སཾ་ཨཾ་ཨཾ། ཨཾ་སཱཾ་ཀྵྨྱཾ་གྷཾ། སཱུཾ་ཨུཾ་ཧཱུྃ་ཨཾ། དེ་དག་ཡོངས་སུ་གྱུར་པ་ལས་དབུས་སུ་འཇམ་དཔལ་གཞོན་ནུར་གྱུར་པ། ཕྱོགས་བཞིར་གཏི་མུག་དང་རྫུན་དང་ཆགས་པ་དང་ཕྲག་དོག་གི་འཇམ་དཔལ། མཚམས་སུ་སེམས་མ་རྡོ་རྗེ་མ། རིན་ཆེན་རྡོ་རྗེ་མ། ཆོས་ཀྱི་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ། ལྷ་ཁྱམས་ཤར་དུ། རྡོ་རྗེ་སྣ་ཚོགས། རྡོ་རྗེ་རལ་གྲི། བྱམས་པ། འཇམ་དཔལ། ཡེ་ཤེས་སྐུ། ངག་གི་དབང་ཕྱུག ཟླ་བའི་འོད། ཡེ་ཤེས་མཚོ་བརྒྱད། ལྷོ་རུ་རྡོ་རྗེ་སྣ་ཚོགས། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར། རྡོ་རྗེ་ཆོས། རྡོ་རྗེ་བསྲུངས་བ། རྡོ་རྗེ་རྡོ་རྗེ། རྡོ་རྗེ་རྒྱུ། རྡོ་རྗེ་དྲ་བའི་འོད་བརྒྱད། ནུབ་ཏུ་རྡོ་རྗེ་སྨྲ་བ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཞགས་པ། རྡོ་རྗེ་ལེགས་པ། རྡོ་རྗེ་རིན་ཆེན། ཉི་འོད། རྡོ་རྗེ་ཉི་མ་བརྒྱད། བྱང་དུ་རྡོ་རྗེ་དཔལ། རྡོ་རྗེ་བཞད། སྤོས་ཀྱི་གླང་པོ། རྡོ་རྗེ་ཏོག དཔའ་བར་འགྲོ་བ། རྒྱ་མཚོའི་གློག བློ་གྲོས་མི་ཟད་པ། བདུད་རྩིའི་འོད་བརྒྱད། སྒོར་རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་ཞགས་པ། རྡོ་རྗེ་ལྕགས་སྒྲོག རྡོ་རྗེ་དྲིལ་བུ། གྲྭར་རྡོ་རྗེ་གནོད་མཛེས། རྡོ་རྗེ་གཙུག་ཏོར། རྡོ་རྗེ་ཧཱུྃ་མཛད། རྡོ་རྗེ་གཞན་གྱིས་མི་ཐུབ་པ། གཙོ་བོ་མཐིང་གཞན་ཐམས་ཅད་ཕྱོགས་མདོག འཇམ་དཔལ་གཞོན་ནུའི་གཟུགས་ཅན། དེ་དག་གི་ཐུགས་ཀར་ཨ་ལས་ཉི་མ། དེ་ལས་འཕྲོས་པའི་འོད་ཀྱི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་མཉེས་པར་བྱས། སླར་འདུས་དེ་ཉིད་ལ་ཐིམ་པས་འོད་གསལ་བའི་རང་བཞིན་བསྒོམ་མོ། །དེ་ནས་འཇམ་དཔལ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་གཙོ་བོ་ལ་བསྐོར་ནས་ལྷན་ཅིག་ཏུ་དེ་ལ་ཐིམ་དེ་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་བ། དེའི་དབུས་སུ་ཧཱུྃ། ཕྱོགས་བཞིར། ཨོཾ་སྲཱིཿཥྚྀུཿཝི། མཚམས་བཞིར་ཀྲྀ་ཏཱ་ན་ན། ཁྱམས་གྱི་ཤར་དུ། ཡཀྵེ་ཡཙྪ་ནི་ར་མ་ཡ། ལྷོར། ཡ་མ་རཱ་ཛ་ས་དོ་མེ་ཡ། ནུབ་ཏུ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། བྱང་དུ། ཡ་ད་ཡོ་ནི་ཡཀྵེ་ཡ། སྒོར་ཡ་མཱཾ་ཏ་ཀ གྲྭར། ཨོཾ་ཨོཾ་ཨོཾ་ཨོཾ། རང་ཕྱོགས་ཀྱི་མདོག་མཚམས་འོད་ཟེར་ལྔ་པ་དེ་དག་ལས་འོད་འཕྲོས་སངས་རྒྱས་སྲས་བཅས་རིག་འཛིན་དང་ལྷ་ཁྲོ་བོའི་ཚོགས་ཐམས་ཅད་སྤྱན་དྲངས་དེ་དག་གི་ཐད་ཀྱི་ནམ་མཁའ་ལ་བཞུགས་པ། ཡི་གེ་དེ་དག་ཡོངས་སུ་གྱུར་པ་ལས། དབུས་སུ་ཁྲོ་བོ་རྡོ་རྗེ་ཆེན་པོ་ཁ་དོག་ནག་པོ་གཞན་རྣམས་རྡོ་རྗེ་ཕྲ་མོའི་གཟུགས་སུ་གྱུར་པའི་སྟེང་གི་སངས་རྒྱས་ལ་སོགས་པས་སེམས་ཅན་སྨིན་པ་དང་བྱང་ཆུབ་ལ་བཀོད་པར་མཛད་ནས་སླར་འོངས་པ་དེ་དག་ལ་ཐིམ། ཡང་དེ་སོ་སོའི་སྟེང་གི་ཐད་ཀྱི་ནམ་མཁར་རོ་ལ་སོགས་པའི་ཕྱག་མཚན་རྣམས་འོད་ཟེར་འབར་བ་ཉི་མ་ལ་གནས་པས་མ་རུངས་པ་ཐམས་ཅད་བསྒྲལ་ཏེ་དེ་དག་རང་གི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། ཨོཾ་སྲཱིཿཥྚྀུཿཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ྄། ཞེས་བརྗོད་པས། རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་གསུས་ཁྱིམ་ཆེ་ཞིང་ཡན་ལག་རགས་པ། ཞལ་དགུ་ཕྱག་སུམ་ཅུ་རྩ་བཞི་ཞབས་བཅུ་དྲུག་པ་སྐུ་ལས་བསྐལ་པའི་མེ་འབར་བ། ཁམས་གསུམ་པོ་ཐམས་ཅད་ཟ་བར་ནུས་པ། མིའི་ཁྲག་ཞག་ཤ་ཚིལ་རྐང་རྣམས་གསོལ་བ། ཞལ་ནས་འཇིགས་པ་ཆེན་པོའི་ཕེཾ་སྒྲ་གནམ་དུ་འདོན་ཞིང་། རྐང་པའི་སྟབས་ཀྱིས་ས་གཞི་གནོན་པ། མི་མགོའི་ག་ཤལ་དང་། ཐོད་པའི་དབུ་རྒྱན་ཅན། སྦྲུལ་མཆོད་ཕྱིར་ཐོགས་པ། གཅེར་བུ་མཚན་མ་གྱེན་དུ་བསྒྲེང་བ། རྩ་བའི་ཞལ་ནག་པོ་མ་ཧེ་ཅུང་ཟད་ཁྲོ་བ། གཡས་མཐིང་དམར་སེར་བརྩེགས་པ་དང་། གཡོན་དཀར་པོ་དུད་ཁ་ནག་པོ་བརྩེགས་པ་རྣམས་ཤིན་ཏུ་ཁྲོ་བ། སྟེང་རྭའི་དབུས་སུ་འཇིགས་བྱེད་ཞལ་དམར་པོ་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གཞོན་ནུའི་ཞལ་སེར་པོ་ཅུང་ཟད་ཁྲོ་བ། ཟུར་ཕུད་ཅན། རེ་རེའང་སྤྱན་གསུམ་གསུམ་དང་ལྡན་ཞིང་ཁྲོ་གཉེར་བསྡུས་པ། སྨིན་མ་དང་སྐྲ་བསྒྲེང་བ། འཇིགས་པ་ཆེན་པོའི་དུས་ལྟ་བུར་ཞུད་པ། ཕྱག་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་འཛིན་པ། ལྷག་མའི་གཡས་ཀྱི་དང་པོ་གྲི་གུག གཉིས་པ་རྡོ་རྗེ་རྩེ་གཅིག གསུམ་པ་གཏུན་ཤིང་། བཞི་པ་ཆུ་གྲི། ལྔ་པ་རྩེ་གཅིག་པའི་མདུང་ཐུང་། དྲུག་པ་དགྲ་སྟ། བདུན་པ་མདུང་། བརྒྱད་པ་མདའ། དགུ་པ་ལྕགས་ཀྱུ། བཅུ་པ་དབྱུག་ཐོ། བཅུ་གཅིག་པ་ཁ་ཊྶཱཾ། བཅུ་གཉིས་པ་འཁོར་ལོ། བཅུ་གསུམ་པ་རྡོ་རྗེ། བཅུ་བཞི་པ་ཐོ་བ། བཅོ་ལྔ་པ་རལ་གྲི། བཅུ་དྲུག་པ་རྔེའུ་ཆུང་། ལྷག་མའི་གཡོན་གྱི་དང་པོ་ཐོད་པ། གཉིས་པ་མགོ གསུམ་པ་ཕུབ། བཞི་པ་རྐང་། ལྔ་པ་ཞགས་པ། དྲུག་པ་གཞུ། བདུན་པ་རྒྱུ་མ། བརྒྱད་པ་དྲིལ་བུ། དགུ་པ་ལག་པ། བཅུ་པ་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་སྐྱེས་བུ་གསལ་ཤིང་བཙུགས་པ། བཅུ་གཉིས་པ་མེ་ཐབ། བཅུ་གསུམ་པ་ཐོད་ཚལ། བཅུ་བཞི་པ་སྡིགས་མཛུབ། བཅོ་ལྔ་པ་འཕན། བཅུ་དྲུག་པ་རླུང་གི་རས། གཡས་ཀྱི་ཞབས་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་བ་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོ། དྲུག་པས་ཁྱི། བདུན་པས་ལུག བརྒྱད་པས་སྤྱང་ཀི གཡོན་ཀྱི་ཞབས་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག བཞི་པས་ནེ་ཙོ། ལྔ་པས་ཁྱུང་། དྲུག་པས་ཁྲ། བདུན་པས་རི་སྐེགས། བརྒྱད་པས་བཞད་རྣམས་བརྫིས་པ། རེ་མིག་གི་ཕྱོགས་བཞིར། རྡོ་རྗེ་མགོ རྡོ་རྗེ་ལག རྡོ་རྗེ་རྒྱུ་མ། རྡོ་རྗེ་རྐང་། མཚམས་བཞིར། རྡོ་རྗེ་ཐོད་པ། རྡོ་རྗེ་ཐོད་ཚལ། རྡོ་རྗེ་དུར་ཁྲོད་ཀྱི་རས། གསལ་ཤིང་གིས་ཕུག་པའི་སྐྱེས་བུ། ཕྱིའི་སྣམ་བུར་རྡོ་རྗེ་གྲི་གུག རྡོ་རྗེ་རྩེ་གཅིག་པ། རྡོ་རྗེ་གཏུན་ཤིང་། རྡོ་རྗེ་ཆུ་གྲི། རྡོ་རྗེ་མཚོན་རྩེ་གཅིག་པ། རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་མ་ཧེ། རྡོ་རྗེ་བ་ལང་དང་། རྡོ་རྗེ་སྟ་རེ། རྡོ་རྗེ་མདའ། རྡོ་རྗེ་དབྱུག་ཐོ། རྡོ་རྗེ་ཁ་ཊྶཱ།ཾ རྡོ་རྗེ་འཁོར་ལོ། རྡོ་རྗེ་ཞགས་པ། རྡོ་རྗེ་ཕག་པ། རྡོ་རྗེ་བོང་བུ་རྣམས་དང་། རྡོ་རྗེ། རྡོ་རྗེ་རྔེའུ་ཆུང་། རྡོ་རྗེ་ཕུབ། རྡོ་རྗེ་གཞུ། རྡོ་རྗེ་དྲིལ་བུ། རྡོ་རྗེ་རླུང་རས། རྡོ་རྗེ་རྔ་མོ། རྡོ་རྗེ་ཁྱི་རྣམས་དང་། རྡོ་རྗེ་སྡིགས་མཛུབ། རྡོ་རྗེ་འཕན་ལྕེ་གསུམ་པ། རྡོ་རྗེ་གླང་ལྤགས། རྡོ་རྗེ་ཐོ་བ། རྡོ་རྗེ་མདུང་། རྡོ་རྗེ་མེ་ཐབ། རྡོ་རྗེ་ལུག རྡོ་རྗེ་སྤྱང་ཀི ཤར་སྒོར་རྡོ་རྗེ་བྱ་རྒོད། ལྷོ་སྒོར་རྡོ་རྗེ་འུག་པ། ནུབ་སྒོར་རྡོ་རྗེ་བྱ་རོག བྱང་སྒོར་རྡོ་རྗེ་སེང་གེ མེར་རྡོ་རྗེ་བྱ་ཁྱུང་། སྲིན་པོར་རྡོ་རྗེ་ཁྲ། རླུང་དུ་རྡོ་རྗེ་རི་སྐེགས། དབང་ལྡན་དུ་རྡོ་རྗེ་བཞད། ཐམས་ཅད་ཁ་དོག་ནག་པོ་ཕྱག་གཉིས་གཡས་ཐམས་ཅད་རྡོ་རྗེ། གཡོན་མགོ་སོགས་རང་མིང་གི་ཕྱག་མཚན་འཛིན་པ། ཞབས་གཡོན་བརྐྱང་བའི་སྟབས་ཀྱི་རོའི་གདན་ལ་བཞུགས་པ། དྲག་ཤུལ་ཆེན་པོར་ཁྲོས་པའི་མ་ཧེའི་ཞལ་གདངས་ཤིང་ཕེཾ་སྒྲོག་པ། སྤྱན་གསུམ་པ། སྐྲ་བརྫེས་པ་ལ་ཐོད་པས་བརྒྱན་ཏེ་བཅོམ་ལྡན་འདས་ལ་བལྟ་བ། མཚམས་མ་བཞི་མ་གཏོགས་གཅེར་བུ་མཚན་མ་གྱེན་དུ་བསྒྲེང་བ། གཙོ་འཁོར་ཐམས་ཅད་ཀྱི་སྙིང་གར་རང་རང་གི་ས་བོན། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དབང་བསྐུར། ལུས་གང་། དྲི་མ་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། གཙོ་བོ་ལ་མི་བསྐྱོད་པ། ཕྱོགས་ལ་སོ་སོའི་དེ་བཞིན་གཤེགས་པས་རྒྱས་བཏབ་བོ།། དེ་ནས་བསྡུས་པ་སྔར་གྱི་སྔགས་ཀྱིས་སམ། རྒྱས་པར་སྤྲོ་ན། ཧཱུྃ། དགྲ་བོ་མཐར་བྱེད་འཚུབས་མས་དཀྲུགས་པའི་ཁྲག །མི་བཟད་བསྒུལ་བ་རླུང་འཁོར་རལ་པའི་བྱིངས། །བསད་པའི་རོ་ཚོགས་ལང་ལོང་རྒྱུ་བ་ཅན། །དམར་གྱི་ཨརྒྷཾ་ཆེན་པོར་ཀུན་ནས་སྦྲེང་། །ནག་པོ་ཧ་ལ་ཧ་ལ་ཞུ་བའི་ཆུ། །དུག་རླངས་འཁྲུགས་པས་དགྲ་བོ་རྨོངས་རེངས་དང་། །སྨྱོ་འབོག་བརྒྱལ་དང་འཆི་བར་བྱེད་པའི་རྦས། །མ་ལུས་བརྫིས་པའི་ཞབས་ཟུང་རྣམ་པར་བཀྲུ། །མི་རོ་ལས་བཏོན་རྒྱུ་མའི་ཐག་པ་ལ། །གཡུལ་ངོར་སྣ་ཚོགས་མཚོན་བསྣུན་བསད་གཏུབས་པའི། །མགོ་ལག་དབང་པོ་དོན་ལྔ་སྣོད་རྒྱུས་པ། །དུར་ཁྲོད་ཆེན་པོའི་མེ་ཏོག་འཕྲེང་བར་སྦྲེལ། །དད་པ་དྲེགས་པ་རྔམས་ནས་འཁོལ་འགྱུར་བ། །རབ་འཇིགས་དུ་བ་འཚུབས་པའི་མུན་པའི་མཐིངས། །མེ་སྟག་སྐར་མདའ་ལྟུང་དང་རྒྱུག་བྱེད་པའི། །གདུག་པའི་དྲི་ཅན་ཐམས་ཅད་སྤོས་སུ་སྦྱར། །ཉིན་མོར་བྱེད་པ་བསད་པའི་དམར་བའི་ཁྲག །ཕྱོགས་ཀྱི་དགོང་ལ་འཐུག་པོར་བྱུག་འདོད་པའི། །རོ་རས་སྦྲང་ཆེན་གྱིས་སྦངས་སྦར་བའི་ངར། །མ་ལུས་མུན་ལ་མཐར་བྱེད་གཏུམ་པོར་བཏང་། །གླང་ཆེན་ཟླ་བོར་ཞེ་སྡང་མེས་བཞུ་ཞིང་། །མྱོས་བྱེད་ཀྱིས་རྦད་འགྲམ་པ་ནས་ཟགས་པའི། །འགིའུ་ཝཾ་དྲི་བཟང་བུང་བའི་གཏེར་འཛིན་པ། །སིམ་པ་བསྐྱེད་པའི་བྱུག་པ་མཆོག་ཏུ་བྱས། །ཕྱོགས་རྣམས་དཔུང་བཞིའི་སྤྲིན་གྱིས་བཀབ་ནས་སུ། །མཚོན་ཆའི་གློག་གཡོ་མདའ་རྣོན་ལྕེ་འབབ་པས། །བདུད་བཞི་ཁ་བཏགས་བླ་ཚེ་སྲོག་དབུགས་སོགས། །གཡུལ་ངོར་རྒྱལ་བའི་དགའ་སྟོན་ཆེན་པོར་བསྒྲིགས། །སྡིག་སྤྱོད་རྣམས་ལ་ཆད་ལས་བཟོད་དཀའ་བར། །ལྷུང་བས་གཡོན་ཅན་རང་དང་དེ་ཡི་ཕྱོགས། །དཔའ་འཁུམས་ཅི་བྱ་གཏོལ་མེད་ངུ་བའི་སྒྲ། །ཆོས་ཀྱི་དར་ཆེན་འཕྱར་བའི་རོལ་མོར་འབུལ། །མདུན་དུ་ཡཾ་ལས་རླུང་། དེའི་སྟེང་དུ་རཾ་ལས་མེ། དེའི་སྟེང་དུ་མི་མགོའི་སྒྱེད་བུ་གསུམ་གྱི་ཁར་ཨ་ལས་ཐོད་པའི་སྣོད། ནང་དུ་ཤ་ལྔ་བདུད་རྩི་ལྔ། སྟེང་དུ་ཨོཾ་ཨཱཿཧཱུྃ། གོ་རིམ་བཞིན་གནས་པ་དེ་ལས་འོད་ཟེར་འཕྲོས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་སྤྱན་དྲངས་པ་དང་ལྷན་ཅིག་ཡི་གེ་གསུམ་ཡང་དེ་ལ་ཐིམ་པ་སྦྱངས་སྦེལ་སྦར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་བུ་གུ་ཅན་དུ་གྱུར་པས་གསོལ། མཉེས་པར་བསམ་མོ། ཧཱུྃ། ཆོས་དབྱིངས་མ་བཅོས་མཁྱེན་པའི་ཐུགས། །འཇམ་དཔལ་རྒྱུ་ཡི་བྱང་སེམས་སྐུ། །ཨུཏྤལ་རལ་གྲི་རབ་བསྣམས་ཤིང་། །ཟུར་ཕུད་ལྔ་ལྡན་གུར་ཀུམ་མདོག །ཟླ་གདན་ལ་བཞུགས་ཡེ་ཤེས་ཀྱི། །སྐུ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཉི་མའི་དཀྱིལ་འཁོར་བདུད་འཇོམས་ལ། །སངས་རྒྱས་སྲས་བཅས་འདྲེན་པ་ཡི། །འཇམ་དབྱངས་ཐུགས་ཁྲོས་ཧཱུྃ་ནག་པོ། །དངོས་གྲུབ་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོས་པས་སྲིད་གསུམ་སྦྱོང་། །སྤྲོ་ཞིང་བསྡུས་པས་མ་ཧེའི་ཞལ། །ལྗགས་དྲིལ་ཕེཾ་གྱི་འབྲུག་སྒྲ་སྒྲོག །སྲིཿཥྚྀུ་གསུང་འཇིགས་ལ་ཕྱག་འཚལ། །དབུ་དགུ་སུམ་ཅུ་རྩ་བཞི་ཕྱག །བཅུ་དྲུག་ཞབས་ཅན་དཔའ་བོ་ཆེ། །མིག་སྨན་བརྡར་ལྟའི་སྐུ་མཆོག་ནི། །འཇིགས་དུས་མེ་འདྲའི་གཤིན་རྗེ་གཤེད། །གནག་དང་དམར་དང་སེར་ཞལ་དབུས། །དཀར་དང་དུང་མདོག་གནག་ཞལ་གཡོན། །སྔོ་དང་དམར་དང་སེར་ཞལ་གཡས། །ཞལ་དགུས་སྲིད་གསུམ་གསོལ་བ་པོ། །གྲི་གུག་རྩེ་གཅིག་གཏུན་ཤིང་དང་། །ཆུ་གྲི་འཕང་མདུང་དགྲ་སྟ་མདུང་། །མདའ་དང་ལྕགས་ཀྱུ་དབྱུག་ཐོ་དང་། །ཁ་ཊྶཱཾ་འཁོར་ལོ་རྡོ་རྗེ་དང་། །ཐོ་བ་རལ་གྲི་ཌཱ་མ་རུ། །གཡས་པའི་ཕྱག་ན་བསྣམས་པའོ། །ཐོད་པ་མགོ་བོ་ཕུབ་དང་རྐང་། །ཞགས་པ་གཞུ་དང་རྒྱུ་མ་དང་། །དྲིལ་བུ་ལག་པ་དུར་རས་དང་། །གསལ་ཤིང་ཕུག་དང་མེར་བཅས་ཐབ། །རོ་སྣོད་སྡིགས་མཛུབ་བ་དན་དང་། །རླུང་རས་ཕྱག་ན་བསྣམས་པ་པོ། །གཉིས་ནི་གླང་ཆེན་ཀོ་རློན་གོན། །མི་དང་མ་ཧེ་གླང་དང་ནི། །བོང་བུ་རྔ་མོ་ཁྱི་དང་ལུག །ཅེ་སྤྱང་གཡས་ཀྱི་ཞབས་བརྒྱད་གནོན། །བྱ་རྒོད་འུག་པ་བྱ་རོག་དང་། །ནེ་ཙོ་ཁྱུང་དང་རི་སྐེགས་དང་། །སྔགས་ཅན་བཞད་བྱ་བརྒྱད་པོ་ལ། །གཡོན་ཞབས་འཇིགས་ལ་ཕྱག་འཚལ་ལོ། །མཉམ་ཉིད་མི་གཡོ་དུར་ཁྲོད་རྗེ། །ལྟུང་བའི་ལྷ་གཉིས་སྡིག་པའི་སྐུ། །སྡིགས་མཛུབ་དྲག་པོས་གདུལ་དཀའ་འདུལ། །གོ་བཟློག་མནན་ནས་རབ་ཏུ་གསོལ། །ལིདྒ་ལངས་ཤིང་རྟོག་པ་སྤངས། དཔའ་བོ་མནན་ནས་གཉིས་མེད་རོལ། །ལྷ་མིན་ཀུན་སོགས་དབང་པོས་བཏུད། །མུན་སེལ་ཐུགས་ཀྱི་མངོན་གྱུར་པ། །རྣམ་རྟོག་གཤིན་རྗེ་འདྲ་བ་རྣམས། །ཉིད་རོལ་པ་ཡི་རྣམ་རྟོག་གིས། །གར་མཁན་རལ་གྲི་འབར་བ་ཡིན། །གཉུག་མའི་གནས་ལ་འགོད་པའོ། །འཇམ་དཔལ་ཡེ་ཤེས་སྙིང་རྗེ་ཁྲོ། །ཨེ་མ་སྲིད་གསུམ་དགུག་པ་སེལ། །བུ་ལ་མ་བྱམས་གཤེ་བ་ལྟར། །བཅོས་མའི་ཁྲོ་བྱད་ཁྱོད་ཕྱག་འཚལ།། ཞེས་པས་བསྟོད། དེ་ནས་གཙོ་བོའི་སྙིང་གར་ཉི་མ་ལ་ཧཱུྃ་མཐིང་ནག་མཐའ་མར་སྔགས་འཕྲེང་རབ་ཏུ་འབར་བ་ལའམ། ལས་དང་རྗེས་སུ་མཐུན་པའི་སྤྲོ་བསྡུ་ལ་དམིགས་ནས། ཨོཾ་སྲཱིཿཥྚྀུཿབི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ྄། སྙིང་པོ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ྄། ཉེ་སྙིང་། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་ར་མ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། རྩ་བའི་སྔགས་སོ། །དེ་ལས་སྐྱོ་ན་རྣམ་དག་བསྒོམ་པར་བྱ་སྟེ། དམ་པའི་དོན་དུ་རྣམ་དག་པ། །དུས་ནི་དཔའ་བོ་ཆེན་པོའི་གཟུགས། །ཞལ་བརྒྱད་ཐུན་ཚོད་བརྒྱད་ཡིན་ནོ། །དགུ་པ་ཐུན་ཚོད་སྤྱི་ཡིན་ནོ། །ཕྱག་དང་ཞབས་གཉིས་ཟླ་བ་དང་། །ཟླ་བ་ཕྱེད་དང་ཡང་དག་སྦྱོར། །བཞོན་པ་བཅུ་དྲུག་དུས་དང་ནི། །ཟླ་བ་ཡི་ནི་ཞག་ཏུ་ཤེས། །ཞལ་ནི་གཟའ་དགུ་དག་ཏུ་ཤེས། །ཕྱག་ནི་རྒྱུ་སྐར་དག་དང་སྦྱོར། །ཞབས་ནི་འཕོ་བ་བཅུ་གཉིས་དང་། །དུས་བཞི་ཡང་ནི་དེ་བཞིན་ནོ། །མཚོན་ཆ་རྣམས་ནི་སྟོང་པ་དང་། །སྙིང་རྗེ་དག་ནི་བཅུ་དྲུག་གཉིས། །གླང་ཆེན་ལྤགས་པ་བགེགས་ཆེན་ཏེ། །དྲག་པོའི་གཟུགས་ནི་སྡུག་བསྔལ་བ། །སེལ་བར་བྱེད་པའི་གཙོ་བོའོ། །ཁ་དོག་ནག་པོ་བྱམས་པ་ཆེ། །ཐོད་པའི་རྒྱན་ནི་མི་འགྱུར་བའོ། །དཀྱིལ་འཁོར་ལྷ་ནི་ཐམས་ཅད་དག །རང་བཞིན་འབྱུང་བའི་དུས་དག་གོ །སྔགས་གསུམ་དག་པ་སྐུ་གསུམ་མོ། །ལྷ་རྣམས་ཉིད་ཀྱི་རང་མིང་ནི། །དང་པོར་ཨོཾ་དང་ཧཱུྃ་ཕཊ྄་མཐའ། །ཐོད་པར་བཏུང་བའི་དུས་དག་གོ །དཀྱིལ་འཁོར་བྱང་ཆུབ་ཕྱོགས་ཡིན་ནོ། །བཞོན་པ་ས་རི་སནྟི་ཀ །མདོག་སོགས་དེ་བཞིན་གཤེགས་པ་སྟེ། །དག་པ་ཐམས་ཅད་ཤེས་པའོ།། ཞེས་བརྗོད་ཅིང་བསྟན་པར་བྱའོ། །དེ་ནས་བདུད་རྩི་ལྔ་ལ་སོགས་པ་དང་། ཤ་ཁྲག་རུས་པ་ལ་སོགས་དང་། བཟའ་བཏུང་འབྲས་བུ་ཐམས་ཅད་ཐོད་པའམ་རུ་སྦལ་གྱི་ཁོག་པར་བཅས་ལ། གཏོར་མ་ཨོཾ་ཨཱཿཧཱུྃ། དག་པར་རབ་འབྱམས་ཀྱི་མདངས། ནམ་མཁའི་སྣོད་ཆེན་པོར་ཕྱི་ནང་གསང་བར་འབྱུང་བའི་དཀྱིལ་འཁོར་གྱི་ཁར། བདུད་དང་བདུད་ཀྱི་ཕྱོགས་དང་དགྲ་བོ་ཐམས་ཅད་བསྒྲལ་བའི་ཤའི་ཁོར་ཡུག་ཆེན་པོས་བསྐོར་བ། ཁྲག་ཞག་ཀླད་པའི་རྒྱུ་མཚོ་རྦ་ཀློང་འཁྲུག་པ། རུས་པ་སྣ་ཚོགས་པའི་རི་བོ། ལྷ་བ་དང་དྭངས་མའི་རོལ་པའི་ཆུ་གཏེར་ཆེན་པོས་དཀྲིས་པ། སྙིང་དང་གློ་བ་དང་། མཆིན་པ་དང་། མཚེར་པ་དང་། མཁལ་མ་དང་། རྒྱུ་མ་དང་། ནང་ཁྲོལ་གཞན་དང་། མགོ་ལག་དང་། མིག་ལ་སོགས་པ་དབང་པོ་ཐམས་ཅད་སྤུངས་པའི་ལྷུན་པོ། མཐོང་ན་བྲེད་པའི་གཟུགས་ཐམས་ཅད་པར་འཆར་བ། མི་སྡུག་པའི་སྒྲ་ཐམས་ཅད་ཀྱིས་ཁོལ་བ། བམ་ཞིང་མྱགས་པ། རུལ་ཞིང་སུམས་པ་ལ་སོགས་པའི་དྲི་ང་བ་ཐམས་ཅད་འཚུབས་པ། ཕྱོགས་བཅུའི་བམ་ཕོ་མོ་ཐམས་ཅད་སིང་ང་རོ་ལེན་མ་རྣམས་ཀྱིས་དེར་འདོར་བ། པགས་པ་ཁྲག་གིས་སྦགས་པ་ཐམས་ཅད་གཡབ་མོ་དང་བཅས་ཏེ་རེག་བྱར་འཐིབས་པ། གཞན་ཡང་འཇིག་རྟེན་གསུམ་གྱི་བཟའ་བ་དང་བཏུང་བ་དང་བཅའ་བ་དང་མྱང་བ་དང་བལྡག་པ་དང་གཞིབ་པའི་ཟས་ཀྱི་གནས་ཐམས་ཅད་སྣང་བ། ཡོངས་འདུ་དང་འཛམ་བུ་དང་དཔག་བསམ་གྱི་ཤིང་ལ་སོགས་པའི་འབྲས་བུ། མ་རྨོས་པ་ལ་སོགས་པའི་འབྲུ། བི་ཛ་པཱུ་ར་ལ་སོགས་པའི་སྨན། འཆི་མེད་ཀྱི་བདུད་རྩི་ལ་སོགས་པའི་བཅུད་ཐམས་ཅད་ཆགས་པ། དབང་དུ་བྱེད་པའི་ལ་དུ། ཉམས་པའི་སྲོག་དབུགས་བླ་ཚེ་ཁར་རྗེ་དབང་ཐང་རླུང་རྟ་ལ་སོགས་པའི་ཁྱིམ་གྱི་འཁོར་ལོ་སྒང་གཤོང་དུ་འཁོར་བ། རྨང་སྲིད་པའི་གཏིང་དུ་བཅས་པ། མཐོ་དགུང་སྔོན་གྱི་དབྱིངས་སུ་སླེབ་པ། རྒྱ་ནམ་མཁའི་མཐའ་ཚུན་ཆད་དུ་བརྡལ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་ཧབ་ཧབ་རྒྱུག་ཅིང་། དུངས་དུངས་པོར་འཁྲུངས་ནས་རྔམ་རྔམ་པོར་རྐན་སྒྲ་གཏོག་བཞིན་པས་དུར་ཁྲོད་ཀྱི་རོ་ལ་བྱ་རྒོད་ཀྱིས་རུབ་པ་ལྟ་བུར་ཐུགས་ཀྱི་རེ་བ་མ་རྫོགས་ཀྱི་བར་དུ་གསོལ་བར་འགྱུར། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆེན་པོ་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་འབྱུང་པོའི་ཚོགས་རྣམས་མུ་རན་ལ་འཁོད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ནས་མཆོད་པའི་བར་ཚོགས་ཞིང་བཞིན་བྱས། དེ་ནས་ཧཱུྃ་ཞེས་བརྗོད་པས་ལྷ་རྣམས་ཀྱི་ལྗགས་བྱིན་གྱིས་བརླབས་ནས་ཉེ་སྙིང་གི་མཐར། བཛྭ་བྷཻ་ར་བ་ཨ་དྷི་པ་ཏི། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ྄་སྭཱ་ཧཱ། ལན་བདུན་ལ་སོགས་པས་ཕུལ། དེ་ནས་འབྱུང་པོ་རྣམས་ལ། ཨོཾ་བྷཱུ་ཙ་ར་ནཾ། ཡ་པ་ཏཱ་ལ་ཙཱ་རཱ་ནཾ། མ་ན་ཁེ་རཱ་ཙཱ་ནཾ། ཏ་བུརྦྦུ་དྷི་ག་ནཾ། ཀ་དཀྵི་ཎཱ་དྷི་ག་ཏ་ནཾ། ཧཱུྃ་པཉྩྨི་མཱ་དྷི་ག་ཏཱ་ནཾ། ཕཊ྄་ཨུཏྟ་ར་ཨ་དྷི་ག་ཏཱ་ནཾ། ཨོཾ་ཨཱི་སྲཱིཿཡཥྚྀུ་བ། ཝི་ཀྵོ་ཀྲྀ་ཀོ་ཏ་ཨེ་ན་ཡ་ན་དེ་ཧཱུྃ་བྷྱཿཕཊ྄་སརྦ་བྷཱུ་ཏེ་བྷྱཿ ཞེས་པས་སྦྱིན། ལས་ཀྱི་བྱེ་བྲག་གི་འཕྲིན་ལས་བཅོལ། ཅི་འདོད་པའི་དངོས་གྲུབ་བླང་། ཁྱད་པར་དུ་བླ་མ་སྨོད་པར་བྱེད་པ་དང་། དཀོན་མཆོག་གསུམ་ལ་གནོད་བྱེད་དང་། བསྟན་ལ་གནོད་པར་བྱེད་པ་དང་། སེམས་ཅན་ཀུན་ལ་གནོད་བྱེད་དང་། སྔགས་རྒྱུད་ལ་གནོད་བྱེད་པའི་མི། འདི་རྣམས་ཁྱེད་ཀྱིས་གསད་དུ་གསོལ། ཞེས་སོ། །གནང་བ་བྱིན་པས་བསམ། ཡི་གེ་བརྒྱ་པ་བརྗོད། ཨོཾ་ཨཱཿཧཱུྃ་མུཿ མགྲོན་རྣམས་རང་གནས་སུ་གཤེགས། བདག་བསྐྱེད་ཀྱི་ལྷ་ཐམས་ཅད་རང་ལ་བསྟིམ། དཔའ་བོ་གཅིག་པའི་ང་རྒྱལ་གྱིས་སྨོན་ལམ་བཏབ། རྗེས་ཀྱི་སྤྱོད་ལམ་ལ་ཅི་བདེ་བར་འཇུག་གོ །བསྙེན་པའི་ཆོ་གའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་བྱ་བར་འདོད་པས། སྔོན་ལ་བསྙེན་པ་བྱས་ནས་ལས་དང་རྗེས་སུ་མཐུན་པའི་གནས་སུ། ས་བསླང་བའི་ཕྱིར་བདེ་བའི་སྟན་ལ་འདུག་པས་བདག་བསྐྱེད་རྫོགས་པར་བསྒོམ། མདུན་དུ་མེ་ཏོག་གི་ཚོམ་བུ་མཐའ་མཆོད་པས་བསྐོར་བ་བྱས་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་ནས་ཐལ་མོ་རྩེ་གསུམ་པའི་ཕྱག་རྒྱ་ས་ལ་བརྡབས་པས་སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་སྐུ་ཕྱེད་ཙམ་ས་ནས་འཐོན་པ་ལ། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱཱ། ཤཔྟ་རྣམས་ཀྱིས་མཆོད། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ། སེམས་ཅན་རྣམས་ཀྱི་དོན་དུ་དཀྱིལ་འཁོར་བྱེད་པས་བདག་ལ་ས་བྱིན་ཅིག་ཅེས་བརྗོད་པས། ཁྱོད་དཀྱིལ་འཁོར་གྱི་བདག་པོ་ཡིན་པས་དཀྱིལ་འཁོར་གྱིས་ཤིག་ཅེས་གནང་བ་བྱིན་ནས། སླར་ཡང་ས་ལ་ཐིམ། བདུད་རྩི་འཁྱིལ་བའི་ང་རྒྱལ་གྱིས། ཨོཾ་བིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ྄། ཅེས་བརྒྱ་བཟླས་ཤིང་གང་ལ་དམིགས་པའི་ས་དེ་ཚོན་སྐུད་དང་ཕུར་བུས་བསྐོར། ས་བརྐོ་བ་ལ་སོགས་པ་དགོས་ན་སའི་ལྷ་མོ་ནམ་མཁར་བཞུགས་སུ་གསོལ་ཏེ་ལྟོ་འཕྱེ་བརྟགས་ནས་བརྐོ། རོ་ལྔ་བསལ་གཏེར་དང་རྗེས་མཐུན་གྱི་སས་དབུས་ཅུང་ཟད་མཐོ་བའི་སྟེགས་བུ་དང་བཅས་པ་བྱ། དེ་ནས་དྲིའི་བྱུག་པས་དཀྱིལ་འཁོར་ཉིས་འདབ་ཙམ་བྱས་པའི་དབུས་སུ་རྡོ་རྗེ་སློབ་དཔོན་ཆས་སུ་ཞུགས་པ་དང་ཕྱོགས་བཞིར་སློབ་མ་བཀོད་མཆོད་པ་བཤམས་བདག་བསྐྱེད་རྫོགས་པར་བསྒོམས་ནས། ས་གཞི་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེའི་ས་གཞིར་བསམས་ལ། སེམས་ཅན་ཀུན་ཀྱི་སེམས་ཆེན་པོ།། སོགས་ཀྱིས་གསོལ་བ་གདབ། དེ་ནས་བདག་བསྐྱེད་བསྡུས་ནས། སློབ་དཔོན་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་མིག་མ་དང་ཨ་ལས་ཉི་ཟླ་འོད་ཟེར་དང་ལྡན་པས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ། རྐང་པའི་འོག་ཏུ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་འོད་འབར་བ་བསམས་ཏེ་རྡོ་རྗེའི་བལྟ་བ་དང་རྡོ་རྗེའི་འགྲོས་ཀྱིས་བྱང་ཤར་ནས་བརྩམས་ཏེ་སྐོར་བ་གསུམ། ཧཱུྃ་ཧའི་ཟློས་པས་བགེགས་བསྐྲད། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་པས། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་བགེགས་མཐར་བྱེད་སྟོད་ཕུར་བུ་སྨད་རྩེ་མོ་གཅིག་པའི་རྡོ་རྗེ་ཕུར་བུའི་རྣམ་པར་སྣང་བས་བགེགས་རྣམས་ཀྱི་མགོ་བོར་གནས་པ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚུ་ན་ཕཊ྄་ཕཊ྄། ཀཱི་ལཱ་ཡ་ཀཱི་ལཱ་ཡ། སརྦ་པཱ་པཱཾ་ཕཊ྄་ཕཊ྄་ཧཱུྃ་ཧཱུྃ་ཧཱུྃ་བཛྭ་ཀཱི་ལཱ་ཡ། བཛྭ་དྷ་ར་ཨཱ་ཛྙྱཱ་པ་ཡ་ཏི། བཛྭ་བིགྷྣ་ནཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟཾ་ཀཱི་ལཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། སྔགས་ཀྱིས་གདབ་པས་སྤྱི་བོ་ནས་གསང་བའི་བར་ཕུག་སྟེ་གཡོ་འགུལ་མེད་པར་གྱུར། དངོས་སུ་ལས་ཀྱི་རྡོ་རྗེས་ཕུར་སྐོར་བྱེད་ཅིང་ཕྱོགས་བཅུར་གདབ་བོ། །ས་ཡོངས་སུ་བཟུང་བའོ། །དེ་ནས་དཀྱིལ་འཁོར་གྱི་སར་ས་བསླང་པ་བཞིན་གྱིས་ས་ལྷ་ལྷག་གནས་བྱ། ལྷ་གནས་མ་འཆོལ་བར་ཚོམ་བུ་བཀོད་མཆོད་པས་བསྐོར། སྟོང་པ་ཉིད་ནས་བསྟོད་པའི་བར་བྱས། མཁྱེན་པར་གསོལ་བ་ནི། བདུག་སྤོས་འཐུལ་རོལ་མོ་དང་པུས་བཙུགས་ཀྱིས། བཅོམ་ལྡན་འཇམ་དཔལ་རྡོ་རྗེ་ནི། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །བདག་ནི་གཤིན་རྗེ་གཤེད་དཀྱིལ་འཁོར། །མགོན་པོ་བདག་གིས་བྲི་བར་འཚལ། །སློབ་མ་རྣམས་ལ་ཕན་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་དག་ལ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །སངས་རྒྱས་ཐམས་ཅད་བདག་ལ་དགོངས། །འཁོར་ལོ་འགྲོ་བའི་དོན་མཛད་དེ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །གསང་སྔགས་ཀྱི་ནི་ལྷ་གཞན་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །འབྱུང་པོ་ཡང་དག་རྫོགས་པ་ཡིན། །སངས་རྒྱས་བསྟན་ལ་མངོན་དགའ་བ། །གང་སུ་ལྷ་ཡི་མིག་ཅན་ཀུན། །ཆེ་གེ་ཞེས་བྱའི་རྡོ་རྗེ་ཡིས། །གཤིན་རྗེའི་དཀྱིལ་འཁོར་ལས་བྱུང་བའི། །ཇི་ལྟར་ཉེ་བར་སྤྱོད་ནུས་པ། །འགྲོ་རྣམས་དོན་དུ་བྲི་བར་བྱ། །བདག་དང་སློབ་མར་བཅས་པ་ཀུན། །ཐུགས་རྗེས་ཉེ་བར་གཟུང་ནས་ནི། །ཐམས་ཅད་དཀྱིལ་འཁོར་ལ་གཞུག་ཕྱིར། །བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ལན་གསུམ་ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་གསེར་དངུལ་གྱི་བུམ་པ་ཁ་དོག་དཀར་པོར་བསྒྱུར་བ་ལྷ་གྲངས་སམ་བཅུ་གཉིས་སམ་དྲུག་ལ་སྣ་ཚོགས་པདྨ་ལ་གྲི་གུག་སོགས་སོ་སོའི་མཚན་མ། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བྲིས་པ་ནང་རྫས་ལྔ་ཚན་ལྔ་ཆུས་སུམ་གཉིས་བཀང་བ་མགུལ་ཆིངས་ཉིས་རིམ་མམ་ཤིང་བཟང་པོའི་ཡལ་གས་བརྒྱན་པ་དེ་ནས་བསངས། བུམ་པ་རྣམས་སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་དབུས་སུ་པདྨའི་སྡོང་པོ་ལ་ཉི་ཟླ། དེའི་སྟེང་དུ་ས་བོན་ལས་ཕྱག་མཚན། དེ་ལས་ལྷར་སྐད་ཅིག་གིས་བསྐྱེད། ལས་ཐམས་ཅད་པར་བགེགས་མཐར་བྱེད་ཡེ་ཤེས་པ་གཞུག་པ་ནས་བསྟོད་པའི་བར་བྱ། བཟླས་པའི་མཐར་མཆོད་ཡོན་ལ་ཡིག་བརྒྱ་ཅི་རིགས་པ་བཟླས་པའི་ཆུས་རེག་པའི་ཚེ་ན་བདུད་རྩིའི་ཆུའི་རང་བཞིན་དུ་ཞུ། ལས་ཐམས་ཅད་པ་བགེགས་བསྲུང་བའི་ཕྱིར་མི་ཞུ་བར་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པར་བསམ། བུམ་པ་ལྷག་གནས་སོ། །དེ་ནས་སློབ་མ་རྣམས་ཤར་ཕྱོགས་སུ་ཁྲུས་བྱས་མཎྜྻལ་ཕུལ། རྡོ་རྗེ་སློབ་དཔོན་གཙོ་བོར་མོས་པ་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ཀྱིས་གསོལ་བ་བཏབ། བླ་མས་ཀྱང་། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་ནས། དེ་བས་ཀྱང་ནི་དཀོན་པ་སྟེ། །དེ་ལྟར་ཡིད་བཞིན་ནོར་བུའི་མཆོག །དེད་དཔོན་བཟང་དང་བཅས་པ་བླང་། །གལ་ཏེ་བག་མེད་གང་གྱུར་ན། །སྡུག་བསྔལ་རྒྱ་མཚོ་སྐྱེད་པར་བྱེད།། ཅེས་བརྗོད་ཅིང་གཅིག་གི་ལག་པ་ནས་བཟུང་ནས། བུ་ཚུར་ཐེག་པ་ཆེན་པོ་ལ། །སོགས་ཀྱིས་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས་ཐུན་མོང་དང་། བདག་ཅག་དུས་འདི་ནས་གཟུང་ནས། ཇི་སྲིད་གཉིས་མེད་ལ་གནས་པ། །དེ་ཡིས་ཚངས་སྤྱོད་གཉིས་མེད་པར། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུངས།། ཞེས་པ་ཁྱད་པར་དང་། དེ་ནས་སློབ་མའི་འབྱུང་བའི་འོད་ཀྱི་གོང་བུ་ལས་ཨོཾ་ཨཱཿཧཱུྃ་དུ་གྱུར་པས་གཡས་གཡོན་གང་ནས་རླུང་རྒྱུ་བ་དེ་ནས་བསྡུས་ཏེ་ཐུགས་ཀ་ནས་བརྒྱུད་གསང་གནས་ནས་འཐོན་མདུན་དུ་རྡོ་རྗེ་སེམས་དཔར་གསལ་བའི་སྙིང་མགྲིན་སྤྱི་བོར་ཧཱུྃ་ཨཱཿ ཨོཾ་ཞེས་བརྗོད་ཅིང་དྲིས་ཐིག་ལེ་བྱ། སྙིང་གར་ཁྲོ་བོའི་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་སྤྱན་དྲངས། དེ་དག་ལ་རིམ་པ་བཞིན་ཐིམ་པར་བསམ་ཞིང་ཨོཾ་ཨཱཿཧཱུྃ་ཞེས་གནས་གསུམ་དུ་རྡོ་རྗེ་བཞག་གོ །མཆོད་པ་ཕུལ་རང་རིགས་ཀྱི་སྔགས་བརྒྱ་རྩ་བརྒྱད་ཟློས་སུ་གཞུག དེ་ནས་སོ་ཤིང་མེ་ཏོག་གི་འཕྲེང་བ་ཅན་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཏབ་པ་སྦྱིན་ནས་སློབ་མས་རང་གི་སོའི་རྩ་བ་ལ་དྲུད་ནས་བཛྭ་ཧཱ་ས་ཧ་ཞེས་ཚོམ་བུ་ལྔ་བཀོད་པའི་མནྜལ་གྱི་ཁར་དོར་བས་གང་དུ་ལྷུང་བའི་ཕྱོགས་ཀྱི་ཞི་སོགས་ཀྱི་ལས་གང་འགྲུབ་པའི་མཚན་མ་བཤད་དོ།། ཨོཾ་སྲཱིཿབི་ཤུད་སོགས་ཀྱིས་ཁྱོར་ཆུ། དེ་ནས་བསྲུང་སྐུད་ལ་རིགས་ཀྱི་སྙིང་པོ་བཟླས་པ་མདུད་པ་གསུམ་པ་དཔུང་པ་གཡོན་པར་བཏགས་ཏེ། བུད་དྷ་མཻ་ཏྲཱི་རཀྵ་རཀྵ། ཞེས་པས་བསྲུང་། ཀུ་ཤ་ལས་ཐམས་ཅད་པའི་སྔགས་བཏབ་པ་སྔས་དང་སྟན་དུ་སྦྱིན། བྱ་བ་གཞན་གྱིས་བློ་མ་ཡེངས་པར་སྙིང་པོའི་དོན་དཔལ་གཤིན་རྗེ་གཤེད་འབའ་ཞིག་ལ་སེམས་པར་གྱིས་ཤིག ཅེས་བཤད་དེ་རྨི་ལམ་བརྟག་པའི་ཕྱིར་དཀྱིལ་འཁོར་གྱི་ཁང་པར་ཉལ་དུ་བཞག་གོ །མདུན་གྱི་དཀྱིལ་འཁོར་ཐབས་ཤེས་རབ་ཀྱི་རང་བཞིན་དུ་གནས་པར་བསམ། སློབ་མ་ལྷག་པར་གནས་པའོ། །ནང་པར་དཀྱིལ་འཁོར་ཡང་དག་པར་མཆོད་ནས་སྟེང་གི་ནམ་མཁར་གཤེགས་སུ་གསོལ། ཚོམ་བུ་བསྡུ། ས་བྱི་དོར་བྱས། རང་སྐད་ཅིག་གིས་ལྷར་གསལ་བའི་མདུན་དུ་ཚོན་སྣ་ལྔའི་སྐུད་པ་སོ་སོར་བཀལ་བ་ཨོཾ་ཧཱུྃ་ཏྲཱཾ་སྲཱིཿཨཿལས་བྱུང་བའི་ཕྱག་མཚན་ལྷ་དེ་ཡོངས་སུ་གྱུར་པ་ལས་རིགས་ལྔར་གྲུབ་པ་ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་བཅུག་མཆོད། སླར་ཞུ་བ་སྐུད་པར་གནས་པ་དེའི་སྣ་སྒྲུབ་གྲོགས་ལ་ཛཿཞེས་པས་གཏད་ཅིང་། ཨོཾ་ཨ་ནྱོ་སོགས་ཀྱིས་བསྒྲིལ། དེ་ནས་རྡོ་རྗེ་སློབ་དཔོན་ནུབ་ཏུ་འདུག་ནས། རྡོ་རྗེ་ཁུ་ཚུར་གཡོན་དུ་གཟུང་ལ་གཙོ་བོར་བསྒོམས་པའི་ལྟོ་བར་ཁུ་ཚུར་བཞག་ལ། ཛྫཿཛྫཿཛྫཿཞེས་པས་སློབ་མའི་ལག་པ་གཡས་སུ་སྦྱིན། ཨོཾ་བཛྭ་ས་མ་ཡ་སུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ་ཞེས་གྱེན་དུ་བཏབ་པའི་སྒྲས་དེ་བཞིན་གཤེགས་པ་དག་འགྲོ་བའི་དོན་གྱི་དུས་ལ་བབ་པར་བསྐུལ། རང་བཞིན་གྱི་དཀྱིལ་འཁོར་དུ་དམིགས། ཚངས་ཐིག་རྣམས་གདབ། དེ་ནས་ལས་ཀྱི་ཐིག་སྐུད་གཞན་གྱི་ལག་ལེན་བཞིན་བཏབ་པ་དང་། ཡེ་ཤེས་ཀྱི་ཐིག་བཏབ་པ་རོ་གཅིག་ཏུ་འདྲེས་པར་བསམ་ཞིང་། ཐིག་སྐུད་མཆོད་དེ། ཡེ་ཤེས་པ་སྔགས་ཀྱིས་གཤེགས། ཚོན་སྣ་ལྔ་ཡང་ཨོཾ་སོགས་ས་བོན་ལྔ་ལས་བྱུང་བའི་དྲི་དང་བདུད་རྩིས་བསངས། སྔ་མ་བཞིན་གྱིས་བྱིན་བརླབ་བྱས། ཨོཾ་བཛྭ་ས་མ་ཡ་ཧཱུྃ་ཞེས་བཟླས། ཆོས་ཀྱི་དབྱིངས་དེ་དག་པས་ན། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །རྒྱལ་བ་འཇམ་དཔལ་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཞེས་བརྗོད་ཅིང་བྱང་ཤར་ནས་རེ་ཁཱ་ལྔ་བྱས་པར་ཐོད་པ་བཀབ་སྟེ་རྐང་པས་མནན་ནས་ཚོན་པྲ་བརྟག་ཅིང་མཚན་ཕྱེད་ཀྱི་དུས་ནས་འཇིགས་བྱེད་ཀྱི་སྦྱོར་བས་བྲི་ཞིང་མཚན་མ་ལ་ཡང་སྒྲུབ་ཐབས་ནས་བཤད་པ་བཞིན་གྱིས་སོ། །དེ་ནས་བུམ་པ་གཙོ་བོ་དབུས། གཞན་བརྒྱད་ཕྱོགས་མཚམས། ལས་ཐམས་ཅད་པ་བྱང་ཤར་དུ་བཞག་སྟེ། ཁྱོད་ཀྱིས་བགེགས་ཐམས་ཅད་སྲུང་བར་གྱིས་ཤིག ཨོཾ་བིགྷྣཱན་ཏ་ཀྲྀ་ཏ་ཧཱུྃ་ཕཊ྄། ཟླའོ། །དེ་ནས་མཆོད་རྫས་ཞབས་ཀྱིས་མནན་པའི་སྲོག་ཆགས་རྣམས་ཀྱི་ཤའི་ཞལ་ཟས། ཕྱོགས་མཚམས་བརྒྱད་དུ་ཚིལ་ཆེན་གྱི་མར་མེ་བརྒྱད་ཀྱང་དེ་བཞིན། སྒོ་དང་གྲྭ་བཞིར་ཁྲག་གི་ཨརྒྷཾ་ཐོད་པར་བླུགས་པ། གསུར་ཆེན་གྱི་བདུག་པ། དགྲ་བོའི་མགོ་ལ་སོགས་པའི་མེ་ཏོག་ཀྱང་ཕྱོགས་མཚམས། གཞན་ཡང་བདུད་རྩི་བཅུ་དང་གཏོར་མ་དང་། ཚོགས་ཀྱི་ཡོ་བྱད་དེ་མཆོད་པའི་ཁྱད་པར་ཇི་སྙེད་པ་ཡང་བཀོད་དོ། །སྤྱན་གཟིགས་ལ་སོགས་པ་བཀོད་པར་ཁྱད་པར་འཕགས་པར་བྱ། རྡོ་རྗེ་སློབ་དཔོན་གྱིས་རྡོར་དྲིལ་བཟུང་འབར་བའི་བལྟ་བ་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་བ་བྱས། སུམྦྷ་ནིའི་སྔགས་ཀྱི་བསྲུང་བར་བྱས་ནས། བདག་བསྐྱེད། དེ་ནས་དཀྱིལ་འཁོར་བསང་གཏོར་བྱས་ནས་སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་མདུན་བསྐྱེད་བུམ་པ་དང་བཅས་པ་ལ་ལྷ་ཚོགས་བསྐྱེད། ནམ་མཁའ་ལ་གནས་པ་དེ་འབར་བའི་བལྟ་བ་དང་། ཡི་གེ་ཛ་སྦྱོར་བས་ཤྲཱི་བཛྭ་བྷཻ་ར་བ་མཧཱ་མཎྜྻལ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། ཞེས་པས་གཉིས་སུ་མེད་པར་གྱུར་པས་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྲུབ་པ་གཙོ་འཁོར་ཐམས་ཅད་ཀྱི་སྙིང་གར་རང་རང་གི་ས་བོན་ནས་བསྟོད་པའི་བར་བྱའོ། །རྒྱས་པར་འདོད་ན། ཚེ་བདག་གི་ལས་བྱང་བཞིན་གྱིས་བསྒྲལ་ལས་ཀྱི་བསྟབ་པའི་བར་འདོན་པ་ཅུང་ཟད་བསྒྱུར་བས་ཀྱང་མཆོད་དོ། །མཆོད་པའི་རིམ་པའོ། །དེ་ནས་སློབ་དཔོན་གྱིས་གྲུབ་ན་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ། བདག་འཇུག་བྱས་ཏེ་སློབ་མ་ཕྱི་རོལ་དུ་བཀུག ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་བཏབ། དེ་ནས་ཕྱོགས་བཞི་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ།། སོགས་ཀྱིས་གསོལ་བ་བཏབ། སྡོམ་པ་ཐུན་མོང་རིགས་ལྔ་སྤྱི་མཐུན་དག་པའི་དམ་ཚིག་སྔར་བཞིན་ཕོག བུམ་པས་ཁྲུས་བྱས་གདོང་བཅིང་། དེ་ནས་སློབ་མ་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་དར་ཟབ་ཀྱིས་བརྒྱན་པར་བསྐྱེད། ཨཱཿཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་འཕྲེང་བ་ལེན་དུ་གཞུག་རྡོ་རྗེ་ནས་འཛིན་དུ་བཅུག ཞལ་བཞི་པ་དང་ཏ་ཀྲྀ་ཏ་བཞིའི་སྔགས་ཀྱིས་བགེགས་བསྐྲད། ཁྱོད་ནི་གང་ཞིག་ཅི་ལ་དགའ།། ཞེས་དྲི། སྐལ་བ་བཟང་ལ་བདག་དགའོ།། ཞེས་ལན་བཏབ། དེ་ནས་སེམས་བསྐྱེད་པ་ཡོལ་བའི་ནང་དུ་འོང་བ་ན། ཨོཾ་བོ་དྷི་ཙིཏྟ་ཨུ་པ་ཏ་ཡཱ་མི། ཞེས་ལན་གསུམ་བརྗོད་དུ་བཅུག དེའི་སྙིང་གར་རྡོ་རྗེ་བདུད་རྩི་དང་བཅས་པས་རྒྱས་བཏབ། དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་པ་དེ་ཁོ་ན་ཉིད་ཀྱི་གནས་ཆེན་པོ་འདི་ནི་ཕྱིན་ཅི་མ་ལོག་པར་བརྟག་པར་བྱས་ཏེ་གང་དག་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ་དད་པ་ཆུང་བ་དག་དང་ཡོངས་སུ་མ་སྨིན་པ་རྣམས་ལ་སྨྲ་བར་མི་རིགས་སོ། །གལ་ཏེ་སྨྲས་ན་མགོ་བོ་འགས་པར་འགྱུར་རོ།། ཡི་གེ་གསུམ་གྱིས་གནས་གསུམ་བྱིན་གྱིས་བརླབས་ཏེ་རྡོ་རྗེ་དང་བཅས་པའི་བདུད་རྩི་ཐིག་ལེར་བྱས་པའི་སྒོ་ནས་སོ། །དེ་ཉིད་ཉི་ཟླ་ཁ་སྦྱོར་རེ་རེ་འཁོད་པར་བསམ་ཞིང་། དེ་ནས་ཕན་ཡོན་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་སྤྱི་མཐུན་མཐའ་མའི་མཐར་ཨོཾ་བཛྭ་སཏྭ་ཧཱུྃ། གཉིས་ཀ་དང་རྡོ་རྗེ་སློབ་དཔོན་བཀའ་གཉན་པ་ཡང་སྤྱི་བཞིན་བྱས་ནས། བདག་ནི་དེང་ནས་གཟུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས་རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག ཅེས་ལན་གསུམ་གསོལ་བ་བཏབ། སྦྱར་བའི་སྤོས་ཀྱིས་བདུག་ཅིང་དེ་ནས་སློབ་མ་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་རིན་པོ་ཆེ་དང་དར་ཟབ་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་བཀུག་སྟེ་དེ་ལ་ཞུགས་པར་བསམ་ཞིང་། ཨོཾ་བཛྭ་ཨཱ་བེ་ཤ་ཡ་ཨཱ། ཞེས་རོལ་མོ་དང་བཅས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་ཏིཥྛ་བཛྭ་ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཀོད་པས་བརྟན་པར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་དང་བཅས་པས་བསྟོད་པ་ཚིགས་སུ་བཅད་པས་ཀྱང་འདོན་ཅིང་དཀྱིལ་འཁོར་ལ་སྐོར་བ་བྱས་ཤར་དུ་ཚོམ་བུ་ལྔ་བཀོད་པའི་མཎྜྻལ་དཀྱིལ་འཁོར་དུ་དམིགས་ཏེ། མཧཱ་པཱུ་ཛ་སུ་པྲ་ཏིཥྛ་བཛྭ་ཧོཿཞེས་བརྗོད་དེ་མེ་ཏོག་དོར། ལྷ་གང་ལ་བབས་པ་དེ་ཁྱོད་ཀྱི་ལྷ་ཞེས་བརྡ་སྤྲད། མེ་ཏོག་དེ་གང་ལ་ཕོག་པ་དེ་ཉིད་ཀྱི་གཙུག་པུད་དུ་བཅིངས་པར་བསམ་ལ། པྲ་ཏི་གྲྀ་བཛྭ་ཧོཿམིག་གཉིས་སུ་ཨོཾ། དེ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་མཐོང་བར་བསྒོམ་སྟེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཡེ་ཤེས་མཆོག་ཏུ་གསལ་བར་བྱེད། །ཧེ་བཛྭ་པཱ་ཤ། གདོང་གཡོགས་བཀྲོལ་ཏེ། ཨོཾ་བཛྭ་ཙཀྵུ་མཧཱ་མཎྜྻལ་པྲ་བེ་ཤ་ཡ་ཕཊ྄། ཆོས་རྣམས་གཟུགས་བརྙན་ལྟ་བུའི་དངོས། །དག་ཅིང་གསལ་ལ་མ་རྙོགས་པར། །གང་རྟོག་ཞིང་ཁམས་རྣམ་དག་མཆོག །བླ་ན་མེད་པའི་གནས་མཆོག་ཡིན། །རྡོ་རྗེ་ཐུགས་རྗེའི་རྒྱུན་གནས་པས། །སྤྲུལ་བའི་དཀྱིལ་འཁོར་རྒྱུན་མི་འཆད། །བདེན་པའི་བྱིན་གྱིས་བརླབས་ཀྱིས་མཐོང་། །ཕུན་སུམ་ཚོགས་ཀུན་འདིས་འགྲུབ་འགྱུར། །དངོས་གྲུབ་བསྒྲུབ་ཕྱིར་དམ་ཚིག་སྐྱོང་། །གསང་སྔགས་དོན་ལ་བརྩོན་པར་གྱིས། །དེ་ནས་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་བསྟན་ནོ།། འཇུག་པའོ། །དེ་ནས་སྲོད་ལ་སློབ་མ་གཙོ་བོར་བསྐྱེད།བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། བུམ་པ་ཐམས་ཅད་ཀྱི་ཆུ་གཙོ་བུམ་དུ་བསྡུས་ནས་དེ་སྤྱི་བོར་དབང་བསྐུར་ཞིང་། རྣལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་འབྱོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དབྱངས་ཀྱིས། ཇི་ལྟར་བལྟམས་པ་དུས་ཀྱི་ཚེ། །ལྷ་རྣམས་ཀུན་གྱིས་དབང་བསྐུར་ལྟར། །དེ་ལྟར་དེ་བཞིན་གཤེགས་ཀུན་གྱིས། །རིགས་ཀྱི་བུ་ཁྱོད་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡེ་ཧཱུྃ། ཨཱཿཁཾ་བཱི་ར་ཧཱུྃ། ཞེས་སྤྱི་བོ་ནས་བླུགས་པས་དྲི་མ་སྦྱངས། ཅོད་པན་ལས་ཐམས་ཅད་པས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཧཱུྃ་ཏྲཱཾ་སྲཱིཿཨཱཿལས་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་དེ་དག་ཡོངས་སུ་གྱུར་པ་ལས་རྣམ་སྣང་མི་བསྐྱོད་རིན་འབྱུང་སྣང་མཐའ་དོན་གྲུབ་རྣམས་སུ་གྱུར་པས། སངས་རྒྱས་ཀུན་དངོས་ཅོད་པན་དབང་། །རྫོགས་སངས་རྒྱས་ཉིད་རབ་བསྒྲུབ་ཕྱིར། །ཅོད་པན་མཆོག་གི་དབང་བསྐུར་བས། །འཁོར་ལོ་སྒྱུར་རྒྱལ་མགོན་དབང་བསྐུར། །ཨོཾ་ལཾ་མཾ་པཾ་ཏཾ་ཧཱུྃ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩྨ་ཧཱུྃ། མགོ་ལ་བསྐྱོན། སྲཱིཿལས་སྣང་མཐའ། དེ་ལས་འོད་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿརྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་མཆོག་གི་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཤཱུནྱ་ཏཱ་ཛྙྱཱ་ན་བཛྭ་ཨ་བྷི་ཥིཉྩྨ་མི། རྡོ་རྗེ་ལག་པ་གཡས་པར་གཏད། ཨ་ལས་དོན་གྲུབ་གཞན་འདྲ།ཆོས་ཀྱི་དྲིལ་བུ་བླ་མེད་དོན། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོག་པའི། །ཐམས་ཅད་སྟོང་ཉིད་དོན་སྟོན་པའི། །དྲིལ་བུའི་དབང་བསྐུར་བླ་ན་མེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་པ་ཏ་ལེ་དྷརྨ་དྷཱ་ཏུ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཧཱུྃ། དྲིལ་བུ་གཡོན་པར་གཏད། ཆོས་ཐམས་ཅད་བདེ་སྟོང་མཉམ་པ་ཉིད་དུ་བསྒྲུབས་ནས། ཨོཾ་བཛྭ་ཨ་དྷི་པ་ཏི་ཧྶཾ། ཨོཾ་བཛྭ་ཨ་བྷི་ཥིཉྩྨ་མཱཾ། ཏིཥྛ་བཛྭ་ས་མ་ཡ་ཧཱུྃ། ཨོཾ་བཛྭ་སཏྭ་ཧྶཾ། བཛྭ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡ་ཧཱུྃ། ཀྱེ་དཔལ། ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ།། འདི་སྟེ་སོགས་སྤྱི་མཐུན།ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ཏིཥྛ་ཨེ་ཥ་སྟཱཾ་དྷཱ་ར་ཡ་མི་སྲཱིཿཧི་ཧི་ཧི་ཧོ་ཧཱུྃ་ཨོཾ། ཐོག་མཐར་མེད་པའི་སེམས་དཔའ་ནི།། ཞེས་པའི་ཤླཽ་ཀས་རྡོ་རྗེ་ལག་པ་གཡས་པར་གཏད་ཐུགས་ཀྱི་དམ་ཚིག འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཤླཽ་ཀས་གཡོན་པས་དྲིལ་བུ་ཆོས་ཀྱི་དཀྲོལ། གསུང་གི་དམ་ཚིག བསྣོལ་བའི་ཕྱག་རྒྱས། སྲིད་པ་ངོ་བོ་ཉིད་ཀྱིས་དག། ནས། བྱེད་པར་འགྱུར་བྱས། འཁོར་བའི་བདེ་བ་ཤིན་ཏུ་ཆུང་། །དུཿཁ་ཆེན་པོ་དག་པའི་ཕྱིར། །མཆོག་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་དག་རྟག་ཏུ་སྐྱོངས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་བདེ་བ་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱའོ། །ཇི་སྲིད་འཁོར་བའི་གནས་མཆོག་ཏུ། །ཐབས་མཁས་མཆོག་ཆེན་བཞུགས་པའི་ཚེ། །དེ་སྲིད་སེམས་ཅན་མཚུངས་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་མཆོག་ཐབས། །བསོད་ནམས་བྱིན་རླབས་ཀྱིས་བསྒྲུབས་པའི། །དམ་ཚིག་འདི་དག་རྟག་ཏུ་སྲུངས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །ཕྱག་རྒྱ་ཆེན་པོའི་བརཏལ་ཞུགས་མཆོག །སངས་རྒྱས་ཀུན་གྱིས་གནང་བ་སྦྱིན། །སྐུའི་དམ་ཚིག་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་དབང་དབུ་དགུ་ནས། །སྐུ་མཆོག་ནི། བདུད་དཔུང་འཇོམས་ཕྱིར་དབང་བསྐུར་རོ། །གྲི་གུག་རྩེ་གཅིག་ནས། ཌཱ་མ་རུས། བདུད་དཔུང་འཇོམས་ཕྱིར་དབང་བསྐུར་རོ།། གཡས་པའི་ཕྱག་མཚན་རྣམས་དང་། ཐོད་པ་མགོ་བོ་ནས། བ་དན་རས། བདུད་དཔུང་འཇོམས་ཕྱིར་དབང་བསྐུར་རོ།། གཡོན་པའི་ཕྱག་མཚན་རྣམས་ཀྱིས་དབང་བསྐུར། གསུམ་གའི་མཐར་ཡི་གེ་བཅུ་པ་བརྗོད། དེ་དག་གི་བར་བསྟོད་པ་བཞིན་ནོ།། གླང་ཆེན་ལྤགས་པ་བགེགས་ཆེན་ཏེ། དྲག་པོའི་གཟུགས་ནི་སྡུག་བསྔལ་བ། །སེལ་བར་བྱེད་པ་གཙོ་བོའི་གོས། བདུད་དཔུང་། ཉེ་བའི་སྙིང་པོ། སྦྲུལ་དང་ཐོད་འཕྲེང་མི་འགྱུར་བ། །གཙོ་བོའི་རྒྱན་འཕྲེང་སྔགས་དང་།གསུངས་ཆོས་ཀྱི་ཕྱག་རྒྱ། སློབ་དཔོན་འཇིགས་བྱེད་དུ་གསལ་པའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང་། ཁྱེད་རང་རྣམས་འཇིགས་བྱེད་དུ་གསལ་བའི་ཐུགས་ཀ་ནས་ཞུགས། ཉི་མའི་སྟེང་གི་ཧཱུྃ་ཡིག་མཐིང་ནག་གི་མཐར་འཁོད་པའི་མོས་པ་གྱིས། སྙིང་པོ་ཉེ་སྙིང་རྩ་སྔགས་འཕྲེང་སྔགས་ཀྱི་བཟླས་ལུང་སྦྱིན། བཅོམ་ལྡན་འདི་ལ་དང་། བཅོམ་ལྡན་བདག་གིས་སོགས་བརྗོད། དྲག་པོ་ལས་ཀྱི་དབང་། འཇམ་དབྱངས་ཡེ་ཤེས་སྙིང་རྗེ་ཁྲོས།། ནས། བཅོས་མའི་ཁྲོ་བྱེད་ཁྱོད་ཀྱིས་གཟུང་།། ཞེས་བསྒྲལ་བའི་ཆས་རྣམས་གཏད། མུན་སེལ་ཐུགས་ཀྱི་མངོན་གྱུར་པ།། ནས། གཉུག་མའི་གནས་ལ་འགོད་པར་བགྱི།། ཞེས་ཚོགས་གདབ་ལས་བྱ། ལ་སོགས་པ་སྦྱོར་བའི་རྫས་ཀྱིས། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་པ་ནི། །དངོས་དང་ཡིད་ལས་བྱུང་བ་དག །ནམ་མཁའ་མཉམ་པ་སྙེད་ཀྱིས་མཆོད།། ཅེས་པས་མཆོད་པའི་དབང་། དགང་གཟར་བླུགས་གཏད། ཞི་དང་རྒྱས་དང་། སོགས་ལས་རབ་འབྱམས་ཀྱི་དབང་། རལ་གྲི་སོགས་གཏད། རལ་གྲི་མིག་སྨན་སོགས་དང་། དེ་ནས། རྡོ་རྗེ་སློབ་དཔོན་དུ་བྱེད་པའི་ཕྱིར་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨའི་སྟེང་སེང་གེའི་ཁྲིའི་དབུས་སུ་སློབ་མ་བཞག སྟེང་ནས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་ཅིང་། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཞེས་པས་གསོལ་བ་བཏབ། རྣལ་འབྱོར་གཙོ་བོར་བསྐྱེད། དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་གཏམས་པ་རྣམས་ཀྱིས་པའི་ཚོགས་ཐམས་ཅད་ཀྱིས་བུམ་པས་དབང་བསྐུར་ཅིང་། ཨོཾ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར།། ནས། རྡོ་རྗེ་སྙེམས་ཚུལ་བདག་མཛོད་ཅིག། ཞེས་པའི་གླུས་དབང་བསྐུར། སྒྲུབ་ཐབས་བཞིན་དག་པ་བསྟན། དེ་ནི་བུམ་དབང་ངོ་། །དེ་ནས་ནམ་གུང་ལ་བབ་པ་ན་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབས་ནས། ཁྱབ་བདག་བདག་ལ་སྨན་པ་དང་།། ཞེས་པའི་ཤླཽ་ཀས་གསོལ་བ་བཏབ་མིག་དར་བཅིངས། སློབ་དཔོན་རྡོ་རྗེ་འཇིགས་བྱེད་ཕྱག་རྒྱ་རོ་ལངས་མར་གསལ་བ་རྡོ་རྗེ་པདྨ་གཉིས་སུ་མེད་པར་སྙོམས་པར་ཞུགས་པས་ཕུང་ཁམས་སྐྱེ་མཆེད་ཡན་ལག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བའི་ཐིག་ལེ་གསང་བ་གཉིས་ཀྱི་ཁས་ལྕེ་ཐོག་ཏུ། དབང་བསྐུར་རྡོ་རྗེ་ཆེན་པོ་ལ།། ཞེས་པས་སྟེར། ཨ་ཧོ་མཧཱ་སུ་ཁ་ཞེས་པས་མིད། གསལ་སྟོང་གི་ཡེ་ཤེས་ལ་ཅུང་ཟད་མཉམ་པར་ཞོག མིག་དར་བཀྲོལ་ལོ། །གསང་དབང་ངོ་། །དེ་ནས་བུད་མེད་ཀྱི་སྒྱུ་མའི་དཀྱིལ་འཁོར་དུ་ཐོ་རངས་མཎྜྻལ་ཕུལ། མིག་དར་བཅིངས། སྔར་བཞིན་གསོལ་བ་བཏབ། སློབ་མའི་ལག་པར་ཕྱག་རྒྱ་མའི་ལག་པ་བཟུང་སྟེ། ཇི་སྲིད་རང་གི་བདེ་འདོད་པ། །དེ་ཉིད་རོལ་དང་སྒེག་པ་ཡི། །དེ་སྲིད་ཕྱག་རྒྱ་ལྷན་ཅིག་ཏུ། །གཉུག་མ་འདི་ཡིས་མཆོད་པར་བྱ།། ཞེས་བརྗོད་ཅིང་གཏད། སློབ་མ་འཇིགས་བྱེད་དང་ཕྱག་རྒྱ་མ་ཡུམ་རོ་ལངས་མར་གསལ་བཏབ་སྟེ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་གསང་བའི་དེ་བཞིན་ཉིད་དུ་གཤེགས་པར་གྱུར་བའི་མཐར་ཐུག་པ་དེའི་ཚེ། གང་ཡང་ཉམ་ང་བློས་ཐོངས་ཚེ། །སྐད་ཅིག་སྐད་ཅིག་དབྱེར་མེད་པ། །བདེ་བ་ཆེན་པོའི་བདག་ཉིད་སད། །མ་ནི་མཁན་པོ་སྒྲ་མཁན་དང་། །ཚད་མ་རྟོག་གེའི་སྤྱོད་ཡུལ་མིན། །དགག་ཅིང་བསྒྲུབ་ལས་འདས་པ་ན། །བརྗོད་བྲལ་ལྷན་ཅིག་སྐྱེས་དགར་གསུངས། །འདི་དག་བདེ་བར་སྐྱོབ་བྱེད་རྣམས། །བསླབ་གཞི་འདུལ་སྡོམ་དམ་ཚིག་ཀུན། །ངེས་པར་བསྲུང་ཕྱིར་སེམས་བདག་ཉིད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དཀོན་མཆོག་གསུམ་གྱི་དགྲ་བསད་ཅིང་། །འདོད་ལ་ངེས་པར་ཆགས་ཕྱིན་སྤྱད། །གཞན་གྱི་ལོངས་སྤྱོད་བག་མེད་བླང་། །དངོས་ཀུན་རྫུན་སོགས་སྒྱུ་མར་སྨྲ། །ཚོགས་དྲུག་བདེ་ཆེན་ལོངས་སྤྱོད་སྤྱད། །གྲུབ་པ་ལྔ་དང་ལྕགས་ཀྱུ་ལྔ། །ལོངས་སྤྱོད་ལྔ་སོགས་རྒྱུན་ཏུ་སྤྱད། །རྟག་ཏུ་སེམས་ལ་དངོས་གྲུབ་བསྒྲུབ། །དུས་གསུམ་རྟག་པའི་སྐུ་རུ་གནས། །ཞེས་ངོ་སྤྲད་པས་སོ་སོ་རང་རིག་པའི་རྐྱེན་གྱིས་སླར་གསང་གནས་ནས་གཙུག་ཏོར་གྱི་བར་དུ་དེ་བཞིན་དུ་གཤེགས་པ་ན། མིག་དར་བཀྲོལ། སློབ་དཔོན་སྟོན་པའི་ཆས་གཡས་སྐྱབས་སྦྱིན་གཡོན་མཉམ་བཞག་གི་ཕྱག་རྒྱས་སེམས་ཅན་གྱི་དོན་བསྒྲུབ་པའི་ཚུལ་དུ་ལངས་ནས་རྣལ་འབྱོར་གྱི་དབང་པོ་ཐམས་ཅད་དང་མགྲིན་གཅིག་པས། །ཨོཾ། ངས་ཁྱོད་འདི་ལྟར་ལུང་བསྟན་ཏེ། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །སྲིད་པ་མཆོག་ཏུ་བསྒྲུབ་པའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ཨོཾ་ཡ་མཱནྟ་ཀྲྀ་ཏ་ཧཱུྃ་མི་བྷུར་བྷུ་ཝཿསྭཿ དེ་ནས་དབུགས་དབྱུང་སྦྱིན་བྱ་སྟེ། །དེ་རིང་ཁྱོད་བདག་ལེགས་པར་རྙེད། །མི་ཡི་སྲིད་པ་དོན་དང་བཅས། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། །སེམས་ཉིད་རང་འབྱུང་བ་ཡི་གཏེར། །ཕུན་སུམ་ཚོགས་པ་ཉེ་བར་གནས། །གསང་སྔགས་མཉམ་མེད་སེམས་ལས་འགྲུབ། །ཟག་པ་མེད་པའི་དཀྱིལ་འཁོར་ཆེ། །མཐོང་བ་འམ་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བྱང་ཆུབ་སེམས་མཆོག་རྨད་བྱུང་རྙེད། །འགྲོ་བ་ཀུན་གྱི་སྐྱེ་གནས་མཆོག །བདུད་བཞི་འཇོམས་ཤིང་དུཿཁ་ཡི། །སྐྱེ་རྒ་ན་འཆི་འཇིག་པར་བྱེད། །སྲིད་པའི་ངོ་བོ་ཉིད་དག་པའི། །ཕྱག་ན་རྡོ་རྗེར་དེང་གྱུར་ཏོ། །དབང་གསུམ་པའོ།། དེ་ནས་ཐོ་རངས་སེམས་ཀྱི་དཀྱིལ་འཁོར་དུ་སེམས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། བྱང་ཆུབ་ཆེན་པོའི་རྒྱུར་གནས་པའི། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །སྐྱེ་མཆེད་ཁམས་ནི་མང་པོ་ཀུན། །ལྷ་དང་ལྷ་མོའི་དཀྱིལ་འཁོར་མཆོག །ཡེ་ནས་རང་བྱུང་ཡེ་ཤེས་ཆེ། །བདག་ཉིད་ཆེན་པོ་རྟག་པའི་ལྷ། །མ་བསྒྲུབས་རྡོ་རྗེ་སེམས་དཔའ་གནས།། ཞེས་པས་སོ། །བཞི་པ་ཚིག་དབང་ངོ་། །དེ་ནས་རྣལ་འབྱོར་ཕོ་མོ་གྲངས་མཉམ་པའམ་ཕྱག་རྒྱ་གཅིག་དང་བཅས་པའི་དཔའ་བོའི་ཚོགས་གྲལ་རིམ་བཞིན་དུ་བྱས་ཚོགས་ཀྱི་ཡོ་བྱད་ཐམས་ཅད་བསགས། ལས་ཀྱི་རྡོ་རྗེ་བསང་སྦྱང་བྱས་ཏེ་སྦྱངས་རྟོགས་སྦར་ཞིང་ཚོགས་བྱིན་དབབ་སྤྱན་དྲངས་མཆོད་པ་བྱས། གཟུགས་ཀྱི་གར། སྙན་པའི་གླུ། དྲིའི་བྱུག་པ། གཏོར་མ་ཕུལ། དེ་ནས་སློབ་དཔོན་ལ་ལས་ཀྱི་རྡོ་རྗེས་ཕྱག་བྱས་རྣལ་འབྱོར་སྣོད་དུ་བདུད་རྩི་གཞན་བཟའ་བ་ལ་སོགས་པ་སྡེར་འོས་པར་བཤམས་ནས་འབུལ། ནང་གི་སྦྱིན་སྲེག་གི་ངེས་པས་ལོངས་སྤྱོད། རེག་བྱའི་དོན་དུ་ཕྱག་རྒྱ་དང་རྡོ་རྗེ་པདྨ་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པའི་བདེ་བ་བསྒོམ། དེ་ནས་བདག་བསྐྱེད་བསྡུས། ལྷག་མ་བཏང་། དགེ་བ་བླ་ན་མེད་པའི་བྱང་ཆུབ་བསྔོའོ། །རོལ་མོ་དང་མཆོད་པའི་བྱེ་བྲག་གིས་སྐོར་བ་བྱས་མཆོད་ཅིང་བསྟོད་ནས། བཟོད་གསོལ་བཤགས་པ་བྱས་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་སྙིང་གར་བསྡུས་རྡུལ་ཚོན་ཨ་ཀཱ་རོའི་སྔགས་ཀྱིས་བསྡུས་ཆུ་བོ་ཆེན་པོར་དོར་རོ། །དུག་གསུམ་གདུག་པ་ཉོན་མོངས་བྱེད་མཁན་རྣམས། །གཞོམ་ཕྱིར་རྒྱལ་བའི་ཡབ་ཅིག་འཇམ་པའི་དཔལ། །ཁྲོས་པའི་མེ་ཕུང་ཉི་མ་འབུམ་ཕྲག་གིས། །བསྒྲུབས་འདྲ་དུས་མཐའི་འཇིག་རྟེན་འདི་ན་ལོངས། །རང་བཟོས་དཔྱད་གསུམ་ཚད་གདུང་འབའ་ཞིག་གི །འབབ་པར་འཕངས་པར་ངལ་ལ་སྙིང་རྗེ་རྗེས། །འདོད་སེར་རྟོལ་བྱས་གླང་ཆེན་པདྨའི་མིག །ཐལ་ཀར་དེས་སྦྱར་ཆོ་ག་འདྲ་བ་གར། །གྲུབ་པ་སྟོན་ཀའི་ལེགས་བཤད་ཟླ་བའི་དཔྱིད། །མ་ལུས་འཕོས་དགོངས་རྡོར་འཆང་མ་དྲིས་མཚོ། །གསུམ་བདུན་རྟོག་པའི་ཆུ་ཀླུང་ཆེར་བརྫུས་ནས། །མྱུལ་བར་འོངས་པའང་རོ་མཉམ་ཉིད་དུ་སོང་། །རྡོ་རྗེ་འཇིགས་བྱེད་མཉེས་པར་བྱེད་པའི་རིམ་པ་འདི་ཡང་། པདྨ་དཀར་པོས་ལ་ལི་ཏའི་སྒྲུབ་ཐབས། དེ་ཉིད་ཀྱི་མཛད་པའི་དབང་ཆོག དེར་ཁ་འཕངས་པ་ཨ་མོ་གྷ་བཛྭས་མཛད་པ་རྣམས་ཇི་ལྟ་བར་རྒྱལ་བྱེད་ཚལ་དུ་སྦྱར་བ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །སརྦ་མདྒ་ལཾ།། །།
འཇིགས་བྱེད་ཀྱི་ཆོ་གའི་ཟུར་འདེབས།
འཇིགས་བྱེད་ཀྱི་ཆོ་གའི་ཟུར་འདེབས་བཞུགས་སོ། །རོལ་མོ་དང་ལྷུང་ལྷའི་བུ་རྣམས་ཀྱི་ངག་ཡིན་ཏེ་ཧ་ཅང་མི་བུལ་ཧ་ཅང་མི་མྱུར་ལྷུང་འདེགས་ཀྱི་ངག་གིས། ཧཱུྃ ཁྱོད་ནི་དང་པོའི་སངས་རྒྱས་ཏེ། །ཆོས་ཀུན་སྒྲུབ་གཞིའི་དབྱིངས་ཉིད་ཀ །རྒྱུ་ཡི་རྐྱེན་གྱིས་མ་བསླད་པས། །འགྲོ་འོང་རྣམ་འགྱུར་འཛིན་པ་མིན། །མ་རིག་དབྱེན་ཞུགས་རྟགས་ཅན་ལ། །རྣམ་དབྱེ་གང་དམིགས་དེར་སྣང་བའི། །ཆུ་ཟླའི་སྒྲུབ་བྱེད་འདིས་ན་བདག །མ་རུངས་འདུལ་ཕྱིར་སྤྱན་འདྲེན་གྱི། །རྡོ་རྗེ་འཇིགས་བྱེད་འཇིགས་པ་ཡི། །ལས་ཀུན་མཛད་པའི་དཀྱིལ་འཁོར་ལྷ། །འཕྲིན་ལས་དུས་བབ་ཡིན་དགོངས་ནས། །མྱུར་བ་ཉིད་དུ་གཤེགས་སུ་གསོལ། །ཨོཾ་སྲཱིཿསོགས། སྔོན་བྱས་བག་ཆགས་དབང་གྱུར་ནས། །ད་ལྟ་ངན་འགྲོའི་ལས་བྱེད་རྣམས། །མ་འོངས་བདེར་བསྒྲུབ་བསྒྲལ་བ་ལས། །གཞན་མིན་འཁོར་བཅས་དེ་ཆེད་བཞུགས། །ས་མ་ཡ་ཧྶཾ། ཇི་སྙེད་པར་ནི་སྤྲུལ་གྱུར་ཀྱང་། །ཇི་ལྟ་བ་ལས་མི་གཡོ་བའི། །སངས་རྒྱས་ཀུན་གྱི་ཡེ་ཤེས་གཟུགས། །འཇམ་དཔལ་དཔའ་བོར་ཕྱག་འཚལ་ལོ། །ཐམས་ཅད་དག་པར་སྦྱངས་ཟིན་པས། །སྐུ་གསུང་ཐུགས་ལ་རྨེ་བ་ཅི། །བདག་ཉིད་དེ་ལྟ་བུར་འདོད་ནས། །ལྷ་ཡི་ཆུ་འདིས་སྐུ་ཁྲུས་གསོལ། །ཨོཾ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སངས་རྒྱས་ཞིང་ན་བསྔགས་གྱུར་ཅིང་། །འཇིག་རྟེན་མཆོག་ཏུ་འཛིན་པ་ཡི། །མེ་ཏོག་བདུག་སྤོས་མར་མེ་བྱུག །ཞལ་ཟས་སྙན་པའི་དབྱངས་ཀྱིས་མཆོད། །སྔགས། ཛཿཧཱུྃ་སོགས་མཆོད་རྫས་ལས་ཆུས་བསངས། དེ་དག་ཡ་མ་མེ་ད་ཀྵེ། དེ་ཞུ་བས་གཏི་མུག་འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་དང་དེའི་དབང་གིས་ཉེས་སྐྱོན་བསྐྱེད་པ་ཐམས་ཅད་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་གྱུར། ཡང་ཛས་དོར་རུ་ཞུ་བ་ལས། དཀྱིལ་འཁོར་ཆེན་པོའི་ཕྱི་ནང་གི་རྡུལ་རེར་བདུད་རྩིའི་རྒྱ་མཚོའི་དབུས་སུ་པདྨའི་སྡོང་པོ་ལ་གནས་པའི་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོར་མཆོད་པའི་སྤྲིན་རྒྱ་མཚོ་ཆོས་ཀྱི་སྒྲ་ཆེན་པོ་གྲགས་པ། ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པ། ཤེས་རབ་དང་ཏིང་ངེ་འཛིན་གྱི་ཟས་ཏེ་འདོད་དགུར་སྤྲུལ་པ་ཤ་སྟག་གིས་གང་བར་གྱུར། ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་ཀྵྨྱ་ར་ཎ་མཧཱ་ས་མ་ཡེ་ཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་རླབས། ཧཱུྃ བྱང་ཆུབ་ཡན་ལག་མེ་ཏོག་འཕྲེང་། ཚུལ་ཁྲིམས་གཙང་མ་སྤོས་ཀྱི་དྲི། །མ་རིག་མུན་འཇོམས་སྣང་བ་ཆེ། །ཏིང་འཛིན་དག་པ་བདུད་རྩིའི་ཟས། །མཚན་དང་དཔེ་བྱད་བྱུག་པའི་རྩི། །ཆོས་ཀྱི་གཎྜྻི་སྒྲ་བོ་ཆེས། །དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་མཆོད། །སྔགས། འདོད་ལྡན་མཐོང་བས་དགའ་འགྱུར་གཟུགས། །སྒྲ་སྙན་ཡིད་འོང་སྣ་ཚོགས་ཀྱང་། །དྲི་ཞིམ་སྤུད་པས་ཚིམ་བྱེད་པ། མྱང་ན་ཞི་བའི་བཅུད་འཛིན་པའི། །བདེ་སོགས་རེག་འཛིན་ལྷ་མོ་རྣམས། །བསོད་ནམས་ཞིང་གྱུར་རྣམས་ལ་འབུལ། །དྲག་པོའི་མཆོད་རྫས་རྣམས་རཱ་ཎ་ཡོ་ནི་རཙྪ་ནི་ལས་འོད་དང་མི་བཟད་པའི་སྒྲས་སངས་རྒྱས་ཀྱི་ཞིང་ཐམས་ཅད་གཡོས། ཕོ་ཉ་དང་མཚོན་ཆའི་ཆར་གྱིས་གདུག་པ་ཅན་ཐམས་ཅད་ཁ་བཏགས་ཏེ་རོ་ཕོ་ཉ་རྣམས་ཀྱིས་བླངས་ཏེ་དཀྱིལ་འཁོར་ཆེན་པོའི་ཕྱི་ནང་ཐམས་ཅད་དུར་ཁྲོད་ཆེན་པོ་ལྟ་བུར་གྱུར་བ། རྡོ་རྗེ་འཇིགས་བྱེད་འཁོར་བཅས་དྲག་པོའི་ལས་ལ་འཇུག་པ་ལ་ཇི་ལྟར་དགྱེས་པ་དེ་ལྟ་བུའི་མཆོད་པའི་སྤྲིན་ཆེན་པོར་གྱུར། ཧཱུྃ དགྲ་བོ་སོགས་བརྗོད། མདུན་བསྐྱེད་ལ་མཚན་བསྟོད། བུམ་བསྐྱེད་ལ་འདུད་ཀྱི་བསྟོད་པ་ཡང་བྱའོ། །ཆོ་གའི་འགྲོས་ནི་བདག་མདུན་བུམ་གསུམ། བདག་འཇུག དེ་ནས་གཞན་འཇུག་པའོ།། །།སརྦ་མདྒ་ལཾ།། །།
ཚེ་རྟའི་སྔོན་འགྲོ་བསྡུས་པ་གཅིག
ཚེ་རྟའི་སྔོན་འགྲོ་བསྡུས་པ་གཅིག་བཞུགས་སོ།། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པ་གཅིག་དགོས་ཏེ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་གསུངས་པས་སོ། །དེ་ཡང་འོ་སྐོལ་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན། དེ་བཞིན་བསྟན་པ་རིན་པོ་ཆེ་བཞུགས་པའི་དུས་སུ་སྐྱེས་པ། ཤིན་ཏུ་སྐལ་བ་བཟང་བ་ཡིན། དེ་དུས་གཏན་གྱི་དོན་གྱི་སྙིང་པོ་ལེན་དགོས། མ་བླངས་ན་ཐོབ་པ་དོན་མེད་དུ་སོང་བ་ཡིན། འོ་ན་གཏན་གྱི་སྙིང་པོ་ཇི་ལྟར་ལེན་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པ་དཀོན་མཆོག་རྟེན་དུ་ཁས་ལེན་པས། རྒྱུའི་སྐྱབས་འགྲོ། དེ་ནས་དམ་པའི་ཆོས་སྟོན། ཚོགས་བསྡུ་བར་བྱའོ་སྙམ་པས་འབྲས་བུའི་སྐྱབས་འགྲོ་གལ་ཆེ། དེ་ཡང་རྒྱུ་སྐྱབས་སུ་འགྲོ་བ་ལ། སངས་རྒྱས་ལ་སྟོན་པ། ཆོས་ལ་སྐྱབས་ཀྱི་དངོས་གཞི། དགེ་འདུན་ལ་བྱང་ཆུབ་སྒྲུབ་པའི་ཟླ་གྲོགས་ཞུ་སྙམ་པ་གྱིས་ལ། ཐོག་མར་གསོལ་བ་བཏབ་པ་འདིའི་རྗེས་ཟློས་གྱིས། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ནས། བླ་མ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་བགྱིད་སྙམ་པ་དང་། སྐྱབས་སུ་སོང་བས་ཐར་པའི་སྒོར་ཚུད། རྣམ་པར་ཐར་པའི་སྣོད་དུ་རུང་བར་གྱུར་ཀྱང་། སེམས་བསྐྱེད་པ་རྣམ་པ་གསུམ་གང་རུང་དང་མི་ལྡན་ན་བྱང་ཆུབ་མི་ཐོབ་པས་སེམས་བསྐྱེད་དགོས། རྣམ་པ་གསུམ་ཡང་། མདོ་ལས། ལ་ལ་དག་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་དག་རང་སངས་རྒྱས་སུ་སེམས་བསྐྱེད་དོ། །ལ་ལ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་དེ་ཡིན་ལ། དེ་ལས་ཉན་རང་གཉིས་རང་གཅིག་པོ་ཞི་བདེ་འདོད་པས་དམན། ཐེག་ཆེན་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དམ་བཅའ་ཞིང་དེ་ལྟར་བཅས་པ་ཡིན་པས། ཅི་ནས་ཀྱང་དེའི་ཆེད་དུ་འགྱུར་བར་རྩོམ་པ་ཐམས་ཅད་ལ་སྦྱར་བར་བྱ་བས། སེམས་བསྐྱེད་པ་དེ་ཡང་ཆོ་ག་འདིས་འགྲུབ་པ་ཡིན་པས། འདིའི་རྗེས་བཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་དང་པོ་སོང་། གཉིས་པའི་རྗེས་བཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། གསུམ་པའི་རྗེས་བཟློས་སོ། །དེ་ལྟར་སྐྱབས་སུ་སོང་ནས། གང་ཞུ་ན། སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་སྒྲུབ། དེ་ལ་ཚེ་རིང་བར་དགོས་པ་འདུག དེའི་ཕྱིར་ཚེ་དཔག་ཏུ་མེད་པའི་དབང་ཞུ་བསམ་པ་གྱིས། དེ་ལ་ལུགས་མང་ཡང་། འདིར་རྗེ་བཙུན་རས་ཆུང་པས་རྒྱ་གར་དུ་བྱོན། མ་གཅིག་གྲུབ་པའི་རྒྱལ་མོ་དང་མཇལ། འཆི་མེད་ཚེའི་གདམས་པ་རྒྱ་མཚོ་ཙམ་ཞུས་པའི་ནང་ནས། ཕྱི་སྒྲུབ་ལྷ་གཅིག་བུམ་གཅིག་འདི། བསྐྱེད་རིམ་ལ་བརྟེན་པའི་དམིགས་པ་ཡིན་པས་སེམས་མ་ཡེངས་པ་གྱིས། ཚེ་རྟའི་སྔོན་འགྲོ་བསྡུས་པ་འདི་མི་ཕམ་པདྨ་དཀར་པོས་རྟ་སྡིངས་སུ་སྦྱར་བའོ། །མངྒལཾ།། །
ཕྱི་སྒྲུབ་སློབ་མ་ལ་ཕན་པའི་ཚེ་རྟའི་ཟིན་བྲིས།
ཕྱི་སྒྲུབ་སློབ་མ་ལ་ཕན་པའི་ཚེ་རྟའི་ཟིན་བྲིས་བཞུགས་སོ། །རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དུ་གསལ་བའི་སྲཱིཿདེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་རྟ་མགྲིན་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྭ་ས་མཱ་ཛ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱཱ། ཤཔྟས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག། ལན་གསུམ་གྱིས་བདུན་རྣམ་དག་བྱ། བཛྭ་མུཿཚོགས་ཞིང་རང་ལ་ཐིམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་ཡིད་དང་འདྲེ་བར་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་སྲཱིཿལས་དབྱུག་ཐོ་སྲཱིཿཡིས་མཚན་པ་ཡོངས་སུ་གྱུར་པས་རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་སྦོམ་ཞིང་བརྗིད་པ། ཤིན་ཏུ་ཁྲོས་ཤིང་ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། སྨིན་མ་འཁྱོག་ལ་འཁྱུག་པ། དབུ་གཙུག་ན་རྟ་མགོ་ལྗང་སྔོན་མངོན་པར་འཕགས་པས་རྟ་སྐད་དྲག་ཏུ་འཚེར་བ། ཁམས་གསུམ་དབང་དུ་སྡུད་པ། ཕྱག་གཡས་པ་རྡོ་རྗེས་མཚན་པའི་དབྱུག་ཐོ་ནམ་མཁར་འཕྱར་ཞིང་། གཡོན་སྡིག་མཛུབ་ཀྱི་རྩེ་ལ་མེ་འབར་བ་ཐུགས་ཀར་འཛིན་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་རིན་པོ་ཆེས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བདུད་བཞིའི་གདན་ལ་ཡེ་ཤེས་ཀྱི་མེ་རིས་མེ་དཔུང་འབར་བའི་དབུས་སུ་བཞུགས་པར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་སྟོད་དུ་ཧཱུྃ། སྨད་དུ་ཉི་མ་ལ་གནས་པའི་སྲཱིཿདེ་ལས་འོད་འཕྲོས། བསྒོམ་པ་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩི་བུམ་པས་དབང་བསྐུར། ལུས་གང་། དྲི་མ་དག ཆུ་ལྷག་མ་སྤྱི་བོར་འཁྱིལ་བས་འོད་དཔག་ཏུ་མེད་པས་དབུ་བརྒྱན། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤཔྟས་མཆོད། སྲཱིཿལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་སྲེག །བདུད་བཞི་རྣམ་པར་འཇོམས་མཛད་པའི། །དཔའ་བོ་རྟ་མགྲིན་ཕྱག་འཚལ་བསྟོད།། ཅེས་བསྟོད། ཐུགས་ཀའི་ས་བོན་གྱི་མཐར། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ བྱུ་རུའི་འཕྲེང་བ་ལྟ་བུས་བསྐོར་བ་དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པའི་རྣམ་པ་འཕྲོས། ཁམས་གསུམ་ཐམས་ཅད་ལ་ལྕགས་ཀྱུས་བཏབ། ཞགས་པས་བཅིངས་ཏེ་དྲངས་ལ་བདག་གི་དབང་དུ་གྱུར་པར་བསམ་ལ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླའོ། །བདག་བསྐྱེད་དོ། །དེ་ནས་མདུན་བསྐྱེད་གཏོར་མ་ལ་སྭ་བྷཱ་ཝའི་སྔགས་བརྗོད་པ་ནས་བསྟོད་པའི་བར་བདག་བསྐྱེད་ལྟར་བྱས། བུམ་པ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་དང་ནས་བསྟོད་པའི་བར་སྔར་བཞིན། བཟླ་དུས་ཐུགས་རྒྱུད་བསྐུལ། དེའི་འོད་ཟེར་གྱིས་དོན་གཉིས་བྱས། སངས་རྒྱས་དང་བྱང་སེམས་ཀྱི་བྱིན་རླབས་བསྡུས་ཏེ་ཐུགས་ཀར་ཐིམ། མཐར་འོད་དུ་ཞུ་བ་བུམ་པའི་ཆུར་བསམ་མོ། །དེ་ནས་སློབ་མ་ཁྲུས་བྱས། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བགེགས་ལ་གཏོར་མ་བྱིན། སྙིང་པོའི་སྔགས་ཀྱིས་ཕྱིར་བསྐྲད། འོག་ཐམས་ཅད་རྡོ་རྗེ་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་ཁང་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་ར་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ་ཕྱི་མེ་རི་ཁ་དོག་ལྔ་རབ་ཏུ་འབར་བས་བསྐོར་བར་གྱུར། མཎྜྻལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩལ།། ལན་གསུམ་གྱིས་གསོལ་བ་བཏབ། བླ་མ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དུ་གསལ་བའི་སྤྱན་སྔར་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་ལན་གསུམ། ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས་ཀྱང་གྱིས། བླ་མ་ཁྲོ་བོ་ཆེན་པོ་དགོངས་སུ་གསོལ། བདག་ལ་རྟ་མགྲིན་གྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ལན་གསུམ། དེ་ནས་སློབ་མ་སྭ་བྷཱ་ནས་བཞུགས་པ་ཞེས་པའི་བར་གོང་བཞིན་གྱིས་ལྷར་བསྐྱེད། བླ་མ་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མའི་ལྷ་ལ་ཕོག ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་མ་ལུས་པ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་སྐུའི་རྣམ་པར་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ་སྟེང་ནས་ཁ་བ་བབས་པ་ལྟ་བུ། འོག་ནས་ས་རླངས་འཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབ་པ་ལྟ་བུར་བྱོན་ནས་ཁྱོད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས་བྱས་ལ་གཏོར་མས་དབང་བསྐུར་སྙིང་པོ་བརྗོད། སྐུའི་རྗེས་གནང་ངོ་།། ྎསངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་མ་ལུས་པ་གཟུངས་སྔགས་ཡིག་འབྲུའི་རྣམ་པར་ངག་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས་བྱས་མགྲིན་པར་བསྐུར། གསུང་གི་རྗེས་གནང་ངོ་།། ྎཐུགས་ཀྱི་བྱིན་རླབས་མ་ལུས་པ་རྡོ་རྗེ་དབྱུག་ཐོ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པརྎ ཡིད་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས་བྱས་སྙིང་གར་བསྐུར། ཐུགས་ཀྱི་རྗེས་གནང་ངོ་།། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱོད་རང་རྣམས་ལ་ཐིམ་པས་ནད་གདོན་བགེགས་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཐུལ་ཐུལ་ཚིག་ནས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དང་གཉིས་སུ་མེད་པར་གྱུར། ཅེས་སླར་སྤྱི་བོར་བསྐུར་རོ། །གལ་ཏེ་སྔགས་ཀྱི་དབང་འདོད་ན། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་སྔགས་འཕྲེང་བྱུ་རུའི་འཕྲེང་བ་ལྟ་བུར་ཐོན། ཁྱེད་རང་རྣམས་རྟ་མགྲིན་དུ་གསལ་བའི་ཞལ་དུ་ཞུགས་པའི་མོས་པ་གྱིས་བྱས་ལ་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱེད་དུ་བཅུག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་རྡོ་རྗེ་དང་བཅས་པའི་མེ་ཏོག་སྤྱི་བོར་བཞག སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ཞེས་ལན་གསུམ་བརྗོད། དབང་ཟིན་ནས་གཏོར་མའི་ཟན་སློབ་མ་ལ་སྦྱིན་ནོ། །རང་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྲཱིཿལས་འོད་འཕྲོས། བླ་མ་དང་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཨོཾ་ཨརྒྷཾ་པྲ་ཏིཙྪ་ཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱ། ཤཔྟས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས་ལན་གསུམ་གྱིས་བདུན་རྣམ་དག་བྱ། བཛྭ་མུཿཚོགས་ཞིང་རང་ལ་བསྡུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་བརྗོད། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་སྲཱིཿདམར་པོ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་པ་ཤིན་ཏུ་ཞི་ཞིང་མཛེས་པ་མཉམ་བཞག་གི་སྟེང་ན་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འོད་ཟེར་གྱི་འཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀའི་ཆ་སྟོད་དུ་ཧཱུྃ། ཆ་སྨད་དུ་ཟླ་བ་ལ་སྲཱིཿསྔགས་ཀྱི་འཕྲེང་བས་བསྐོར་བ་དེ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར། ལུས་གང་། དྲི་མ་དང་། ཆུ་ལྷག་མ་སྤྱི་བོར་འཁྱིལ་བ་ལས་འོད་དཔག་ཏུ་མེད་པས་དབུ་བརྒྱན། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱཱ། ཤཔྟས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད།། ཅེས་སོགས་བསྟོད། ཐུགས་ཀའི་སྔགས་འཕྲེང་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་བསྲིང་བསོད་ནམས་སྐྱེད་ནུས་པ་ཐམས་ཅད་བསྡུས་ཏེ་སྙིང་གའི་སྔགས་འཕྲེང་ལ་ཐིམ་པར་བསམས་ལ་བཟླ། བདག་བསྐྱེད་དོ། །མདུན་བསྐྱེད་ཚེ་བུམ་རིལ་བུ་ཆང་རྣམས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ནས། བསྟོད་པའི་བར་བྱས། མདུན་བསྐྱེད་བསྐུལ་བའི་བཟླས་པ་བྱ་དུས། བདག་གི་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བསྒྲུབ་བྱའི་ཚེ་ཉམས་པ་བཀུག འབྱུང་བཞི། སེམས་ཅན་གྱི་ཚེ་དང་། བསོད་ནམས། སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། བུམ་པའི་ནང་དུ་འཆི་བ་མེད་པ་ཚེའི་བདུད་རྩིར་བསམ་ལ། ཨོཾ་ཨ་མཱ་ར་ཎི་ཛི་ཝནྟཱི་ཡེ་སྭཱ་ཧཱའམ། མཚན་བརྒྱ་རྩ་བརྒྱད་པ་བཟླ། ལས་བུམ་རྟ་མགྲིན་གྱི་བུམ་བསྐྱེད་ལྟར་བསྒྲུབས། དེ་ནས་སློབ་མ་ཁྲུས་བྱས་ནས་བགེགས་གཏོར་བཏང་། མཎྜྻལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་བཏབ། བླ་མ་ཚེ་དཔག་ཏུ་མེད་པར་གསལ་བའི་སྤྱན་སྔར་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་བསམས་པས་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས་ལན་གསུམ། གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ནས་འོད་འཕྲོས་ཞེས་པའི་བར་མངོན་རྟོགས་བཞིན་བརྗོད་ནས། ཁྱེད་རྣམས་ཀྱི་ཚེ་གདོན་བགེགས་ཀྱིས་ཕྲོགས་པ། ཉམས་པ། ཡར་བ། འཆི་བདག་གིས་སྦས་པ་ཐམས་ཅད་བསྡུས། བུམ་པར་ཐིམ། ཚེའི་བདུད་རྩིར་གྱུར། ཞུ་ཞིང་ཁོལ། ཆིལ་གྱིས་ལུད་པ་ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་ཚེ་ཉམས་པ་གསོས་ནས་སླར་འཕེལ་བའི་མོས་པ་གྱིས་བྱས་བུམ་པས་དབང་བསྐུར། གཟུངས་རིང་ཐུང་བརྗོད། དེ་ནས་ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག ཨོཾ་བཛྭ་ཨཱ་ཡུ་ཥེ་སྭཱ་ཧཱ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། ཞེས་པའི་ཤིས་བརྗོད་བྱས། ཡང་དབང་རྟེན་གྱི་མགོན་པོའི་ཐུགས་ཀ་ནས་འོད་འཕྲོས། དབང་ཆེན་གསེར་གྱི་ས་གཞི། རི་རབ་གསེར་གྱི་རི་བོ་སོགས་འབྱུང་བ་སའི་ཁམས་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པ་ཐམས་ཅད་བསྡུས་ཏེ་བུམ་པར་ཐིམ། ྎལུས་ཐམས་ཅད་གང་བས། ལུས་སྲ་ཞིང་འཐས་པ་གང་གིས་ཀྱང་གཞོམ་པ་དང་གཞིག་པར་མི་ནུས་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་གྱིས་བྱས་ནས་དབང་བསྐུར། ཚེ་མི་འགྱུར་བ་སོགས་དང་། དེ་ཡི་ཉེ་བར་སྟོན་པའི་མཆོག་རབ་མི་གཡོ་བ།། ཞེས་སོགས་བརྗོདྎ འོག་གཞི་ཆུའི་དཀྱིལ་འཁོར་རྒྱ་མཚོ་བརྒྱད་སྒྲ་མི་སྙན་གྱི་འཆི་མེད་ཀྱི་ཚེ་ཆུ་ལ་སོགས་པ་འབྱུང་བ་ཆུའི་ཁམས་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པྎ ལུས་སྣུམ་བག་གཟི་བརྗིད་དང་ལྡན་པ་ཚེའི་དངོས་གྲུབྎ དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག། ཅེས་བརྗོདྎ འོག་གཞི་མེའི་དཀྱིལ་འཁོར་ཉི་མ་རྟ་གདོང་གི་མེ་སོགས་འབྱུང་བ་མེ་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པྎ ལུས་དྲོད་བཀྲག་མདངས་རྒྱས་པའི་ཚེའི་དངོས་གྲུབྎ རྒྱལ་བ་སྲས་བཅས་བསོད་ནམས་སྟོབས་དག་དང་།། བརྗོདྎ འོག་གཞི་རླུང་གི་དཀྱིལ་འཁོར་གཡོ་བར་བྱེད་འཛིན་སྡུད་སྨིན་པར་བྱེད་པ་འབྱུང་བ་རླུང་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པྎ ལུས་ཡང་ཞིང་གཡོ་བ་སྟོབས་དང་ལྡན་པའི་ཚེའི་དངོས་གྲུབ་ཐོབྎ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།། བརྗོདྎ ཚངས་པ་བརྒྱ་བྱིན་སོགས་ཚེའི་རིག་འཛིན་བརྙེས་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཤེས་རབ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལས་ཆུ་བཅུས་པ་ལྟར་བསྡུས་ཏེ། ཚེ་དང་བསོད་ནམས་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བའི་ཚེའི་དངོས་གྲུབྎ ལོ་བརྒྱ་ཐུབ་ཅིང་སྟོང་བརྒྱ་མཐོང་བ་དང་།། བརྗོདྎ དུས་གསུམ་གྱི་རྒྱལ་བ་སྲས་བཅས་གཅིག་ལ་གཅིག་དགྱེས་བཞིན་པར་འོད་དུ་ཞུ་བའི་རྒྱུན་བསྡུས་ཏེ ྎལུས་ངག་ཡིད་མི་ཤིགས་པ་ཚེའི་དངོས་གྲུབ་ཐོབྎ སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་།། བརྗོདྎ དེ་ནས་དབང་རྟེན་གྱི་མགོན་པོའི་སྨིན་མཚམས་ཀྱི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་སྨིན་མཚམས་སུ་ཞུགས་ཏེ་སྐུའི་བྱིན་རླབས་མ་ལུས་པ་ཨོཾ་ཡིག་གི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ། བུམ་པའི་དབང་ཐོབ། ལུས་འཆི་བ་མེད་པར་གྱུར་པ་ཨོཾ་ཡིག་གིས་རྒྱས་བཏབ། དབང་རྟེན་གྱི་མགོན་པོའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་མགྲིན་པར་ཞུགས་ཏེ་གསུང་གི་བྱིན་རླབས་མ་ལུས་པ་ཨཱཿཡིག་གི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་འཆི་བ་མེད་པར་གྱུར་པ་ཨཱཿཡིག་གིས་རྒྱས་བཏབ། དབང་རྟེན་གྱི་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀར་ཞུགས་ཏེ་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཧཱུྃ་ཡིག་གི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམ་པའི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་འཆི་བ་མེད་པར་གྱུར་པ་ཧཱུྃ་ཡིག་གིས་རྒྱས་བཏབ། དབང་རྟེན་གྱི་མགོན་པོའི་གནས་གསུམ་ལས་འོད་ཟེར་སྣ་ཚོགས་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་གནས་གསུམ་ནས་ཞུགས། སྐུ་གསུང་ཐུགས་དབྱེར་མེད་པའི་ཡེ་ཤེས་ཀྱི་བྱིན་རླབས་ཐམས་ཅད་ཡི་གེ་གསུམ་གྱི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམ་པའི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་འཆི་བ་མེད་པའི་ཚེ་ཐོབ་པའི་མོས་པ་གྱིས་བྱས་དབང་བསྐུར། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག། ཅེས་བརྗོདྎ མཐར་དབང་རྟེན་གྱི་མགོན་པོ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་མགོན་པོ་ཚེ་དཔག་ཏུ་མེད་པ་དང་སྐུ་གསུང་ཐུགས་ཡེ་ཤེས་གཉིས་སུ་མེད་པར་གྱུར་པའི་མོས་པ་གྱིས་བྱས་དབང་བསྐུར། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད།། ཅེས་ཤིས་པ་བརྗོདྎ ཚེ་རིལ་དང་ཚེ་ཆང་བྱིན་མཎྜྻལ་འབུལ་ལོ། །ཚེ་དབང་བརྒྱ་རྩ་བྱེད་ན་དབང་རྟེན་གྱི་མགོན་པོ་བསྐྱེད་པའི་བར་འདྲ་ལ། དེ་ལས་འོད་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་གདོན་བགེགས་ཀྱིས་ཕྲོགས་ཤིང་ཉམས་པ་དང་སྦས་པ། འབྱུང་བ་བཞི་ལ་བརྟེན་ནས་ཚེ་སྲིང་བར་ནུས་པ། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ཏེ་བུམ་པར་ཐིམ། ཚེའི་བདུད་རྩིར་ཞུ་ཞིང་འཁོལ། ཆིལ་གྱིས་ལུད་པ་ཁྱེད་རང་རྣམས་ཚངས་བུག་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་ཚེ་ཉམས་པ་གསོས་ཏེ་སླར་འཕེལ་བའི་མོས་པ་གྱིས་བྱས་ལ་དབང་བསྐུར་བ་ནས་ཤིས་བརྗོད་བྱ་བའི་བར་སྔར་དང་འདྲའོ། །ཚེ་རྟ་ཟུང་འབྲེལ་དུ་བྱེད་ན། རྟ་མགྲིན་གྱི་བདག་མདུན་བུམ་པའི་བར་ཇི་ལྟ་བ་བཞིན་བསྒྲུབས། བདག་བསྐྱེད་དེ་ཉིད་དེ་ནས་མདུན་བསྐྱེད་ཚེ་དཔག་མེད་ཀྱང་བསྒྲུབ་བསྐུལ་བའི་བཟླས་པ་བྱས་ནས། རྟ་མགྲིན་གྱི་ཁྱད་པར་གྱི་གསོལ་གདབ་བྱས། སྡོམ་པ་ཕོག རྟ་མགྲིན་གྱི་རྗེས་གནང་བྱས། དེ་ནས་བླ་མ་རྟ་མགྲིན་དུ་གསལ་བ་དེ་ཉིད་ཚེ་དཔག་ཏུ་མེད་པར་གསལ་ཐོབ་ལ་ཚེ་དབང་ཞུ་སྙམ་པས་འདིའི་རྗེས་ཟློས་གྱིས། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན།། ལན་གསུམ་གྱི་མཐར་ཚེ་དབང་བསྐུར་བ་ཡིན་ནོ། །སྔགས་དབང་འདོད་ན་སློབ་དཔོན་ཚེ་དཔག་མེད་པར་གསལ་བའི་ཐུགས་ཀ་ནས་སྔགས་འཕྲེང་འཐོན། ཁྱེད་རང་རྣམས་ཚེ་དཔག་མེད་པར་གསལ་བའི་ཞལ་ནས་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་གྱིས་བྱས་ལ། སྔགས་གཉིས་ཀྱི་རྗེས་ཟློས་ལན་གསུམ་བྱས། བཅོམ་ལྡན་འདི་ལ་དང་། བཅོམ་ལྡན་བདག་གིས་ཞེས་བརྗོད་པར་བྱའོ། །པདྨ་དཀར་པོས་སྦྱར་བའོ།། །།
ཚེ་དཔག་མེད་ལྷ་མང་གི་ཆོ་ག་འདོན་འགྲིགས་སུ་བཀོད་པ་འཆི་མེད་འདོད་པའི་རེ་སྐོང་།
ཚེ་དཔག་མེད་ལྷ་མང་གི་ཆོ་ག་འདོན་འགྲིགས་སུ་བཀོད་པ་འཆི་མེད་འདོད་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ། །འཆི་མེད་འདོད་པའི་སྙིང་ཁ་ཙཱུ་ཏའི་ཕྲེང་། །གསོལ་འདེབས་མེ་ཏོག་ཅི་དགར་རྒོད་བྱས་མཐར། །དངོས་གྲུབ་མཆོག་གི་འབྲས་བུས་དུད་བྱེད་པ། །ཚེ་དཔག་མེད་པའི་དུས་བཟང་གཏན་གྱི་སྐྱབས། །གང་གི་གོ་འཕང་ཉིད་དུ་འགྲོ་འདོད་ན། །གྲུབ་པའི་རྒྱལ་མོའི་གསུང་ངག་རིན་ཆེན་སྐས། །རྗེ་བཙུན་རས་པས་གངས་ཅན་འདིར་བཙུགས་པ། །ནོར་མེད་འདི་འོ་ཤེས་ལྡན་འཛེག་ཏུ་སྤྱོན། འདིར་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་རྗེ་བཙུན་རས་ཆུང་པའི་གདམས་ངག་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་རྒྱས་པར་བསྒོམ་པར་འདོད་པས། འདི་ཉིད་ཀྱི་དབང་ཐོབ་ཅིང་དམ་ཚིག་ལེགས་པར་བསྐྱང་པས། དགེ་བའི་གནས་སུ་བདེ་བའི་སྟན་ལ་རྣལ་འབྱོར་གྱི་ཡོ་བྱད་ཚོགས་པར་བྱས་ལ་སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་མགོན་མེད་བདག །བྱང་ཆུབ་སྙིང་པོ་མ་ཐོབ་བར། །འཁོར་བའི་འཇིགས་པ་ཆེན་པོ་ལས། །བདག་དང་འགྲོ་རྣམས་སྐྱབས་པའི་ཕྱིར། །རྐང་གཉིས་གཙོ་བོ་སྐུ་གསུམ་བདག །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱ་ངན་འདས། །ཞི་བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །ཕྱིར་མི་ལྡོག་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་སྐྱབས་སུ་མཆི། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གཉུག་མའི་སེམས་ལ་སྐྱབས་སུ་མཆི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས། །སླན་ཆད་སྡིག་ལས་ཟློག་པར་བགྱི། །དེང་ནས་ཁྱེད་ཀྱི་འབངས་སུ་མཆི། །ཁྱེད་ཀྱིས་བསླབ་བྱར་རྗེས་སུ་སློབ། །ཁྱེད་ཀྱི་བཀའ་ལས་མི་འདའོ། །ཀུན་ནས་ཡོངས་སུ་བསྐྱབ་ཏུ་གསོལ།། སེམས་བསྐྱེད་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་སྒྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད།། བླ་མའི་རྣལ་འབྱོར་གྱིས་བརྒྱུད་པའི་བླ་མར་གསོལ་བ་འདེབས་པ་ནི། ཚེ་དཔག་མེད་པ་བཅུ་དྲུག་ཟླ་བའི་ཆ། །གྲུབ་རྒྱལ་འོད་དཀར་འབུམ་གྱིས་འཁྱུད་པའི་དཔྱིད། །རས་ཆུང་བདུད་རྩིར་འཛག་པའི་བཀའ་དྲིན་གྱིས། །ཀུན་ལ་འཆི་མེད་སྦྱིན་དེར་གསོལ་བ་འདེབས། །ལྷ་རྫས་དུ་ཀུ་ལ་ཡི་རས་ཆེན་ལ། །བསོད་ནམས་རིན་ཆེན་མངོན་པར་བཀོད་མཛད་པ། །བདེ་གཤེགས་ཕག་མོ་གྲུ་པའི་བཀའ་དྲིན་གྱིས། །ཀུན་ལ་འདོད་དགུར་སྦྱིན་དེར་གསོལ་བ་འདེབས། །པདྨ་རྡོ་རྗེ་རིན་ཆེན་ཟེའུ་འབྲུའི་རྩེར། །རྒྱ་རས་བྱིན་རླབས་སྦྲང་རྩི་རྒྱས་གྱུར་པ། །ཆོས་རྗེ་ཁུ་དབོན་བུང་བའི་བཀའ་དྲིན་གྱིས། །ཀུན་ལ་བཅུད་ལེན་རྩལ་དེར་གསོལ་བ་འདེབས། །རྒྱལ་དབང་ཆོས་རྗེ་གྲུབ་པའི་རིན་ཆེན་རྩིས། །ངག་དབང་འཇམ་པའི་རྡོ་རྗེས་གསེར་བསྒྱུར་བ། །པདྨ་དཀར་པོའི་སྦྱིན་ཤུགས་བཀའ་དྲིན་གྱིས། །ཀུན་ལ་ཉེར་འཚོར་གྱུར་དེར་གསོལ་བ་འདེབས། །ངག་གི་དབང་ཕྱུག་བརྙེས་དེ་འཆི་མེད་ཀྱི། །བདུད་རྩིའི་རྒྱུན་མཆོག་བཟང་པོ་མཚོར་འཁྱིལ་བ། །ངོམ་པར་འཐུང་སྟེ་རིས་མེད་གདུལ་བྱའི་ཚོགས། །ཀུན་ལ་ཅི་དགར་སྦྱིན་དེར་གསོལ་བ་འདེབས། །དཔག་བསམ་དབང་པོ་ཐུགས་རྗེའི་མཁའ་དབྱིངས་ལས། །མི་ཕམ་བློ་གྲོས་ཆུ་འཛིན་རབ་འཁྲིགས་ཏེ། །ཀུན་དགའ་ལྷུན་གྲུབ་ཆོས་ཀྱི་ཆར་འབབ་པ། །ཀུན་ལ་བདེ་འབྱོར་སྦྱིན་དེར་གསོལ་བ་འདེབས། །ཆོས་ཀྱི་དབང་ཕྱུག་ཡོན་ཏན་མཚོ་རྒྱས་ཀློང་། །ཆོས་རྒྱལ་དཔལ་བཟང་ཐུགས་རྗེའི་ནོར་འཛིན་བརྟན། །ཀུན་དགའ་བསྟན་འཛིན་ཕྲིན་ལས་མེ་ཏོག་རྒྱས། །ཀུན་ལ་བདེ་ལེགས་སྦྱིན་དེར་གསོལ་བ་འདེབས། །ཆོས་རྒྱལ་རྒྱ་མཚོ་ཡོན་ཏན་མཐའ་བྲལ་གཞིར། །མོས་པའི་ཀླུ་དབང་དགེ་ལེགས་རིན་ཆེན་གྱི། །གཙུག་ཏུ་མཛེས་པ་རྩ་བའི་བླ་མ་ཡིས། །ཀུན་ལ་མཆོག་སྦྱིན་རྩོལ་དེར་གསོལ་བ་འདེབས། །རྩ་ཡི་མདུད་བཤིག་སྲོག་གི་ལམ་འགགས་ནས། །འཛག་མེད་དགའ་བའི་ཕ་མཐར་ཕྱིན་པ་ཡིས། །འགྲོ་བ་ཀུན་གྱི་མགོན་པོ་ནམ་མཁའི་ཁམས། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ། དབང་བཞི་ལེན་པའི་གསོལ་འདེབས་ནི། སྒྱུ་འཕྲུལ་ཞིང་ཁམས་རྒྱ་མཚོ་རྡུལ་རེའི་སྐུ། །རྡུལ་སྙེད་སངས་རྒྱས་རོལ་མོ་ལ་ཆས་པའི། །གླང་ཆེན་དབང་པོ་པདྨའི་འདབ་བརྒྱའི་མིག །མཆོག་གི་སྤྲུལ་སྐུར་འཁྲུངས་དེར་གསོལ་བ་འདེབས། །བཟོ་སྦྱངས་ལུས་ཞུགས་སད་པའི་དྲི་བཀྲུས་ནས། །སྣ་ཚོགས་གཟུངས་མར་རྩེ་བའི་དགའ་སྟོན་མཐར། །སྐུ་ཡི་རྡོ་རྗེ་རྒྱལ་སྲིད་ཆེན་པོ་ལ། །བུམ་པའི་དབང་བསྐུར་མཛད་པར་བྱིན་གྱིས་རློབས། །ལས་ཁྱིམ་ཐམས་ཅད་དྷུ་ཏིར་རང་བྱུང་བ། །རྒྱུད་མང་གཞོམ་མེད་སྒྲ་དེར་སྦྱར་དཀའ་བའི། །དབྱངས་ལ་རབ་དགའི་སྲིད་བྲལ་དེའི་སྙིང་པོར། །ཉིན་མོར་བྱེད་པ་ཆས་ལ་གསོལ་བ་འདེབས། །ལུས་ཀྱི་ཤིང་དྲུང་དག་བྱེད་ཀུ་ཤའི་རྩེར། །རྨི་ལམ་བདུད་བཞིའི་གཡུལ་ངོ་ཁ་བཏགས་ནས། །མཆོག་དགའི་བསམ་གཏན་མ་ཆགས་སངས་རྒྱས་སུ། །གསང་བའི་དབང་བསྐུར་མཛད་པར་བྱིན་གྱིས་རློབས། །གང་བའི་ཟླ་འོད་གསལ་ལྡན་མེ་ཏོག་རུ། །མངོན་པར་རོལ་པས་གཉིས་སྐྱེས་ལང་ཚོའི་སྡེ། །འཇའ་འོད་འཁོར་ལོ་བསྐོར་བས་དག་པའི་མདངས། །ཡེ་ཤེས་ལུས་སུ་གྲགས་ལ་གསོལ་བ་འདེབས། །ཡིད་ས་རཱ་ཛ་གྲྀ་ཧཾ་རབ་བྱོན་ནས། །དམན་སར་གཉིད་ལོག་མ་ལུས་དབུགས་ཕྱུང་སྟེ། །ཁྱད་པར་དགའ་བའི་ཐིག་ལེའི་གོ་འཕང་དུ། །ཤེར་ཕྱིན་དབང་བསྐུར་མཛད་པར་བྱིན་གྱིས་རློབས། །ཐབས་ཀྱི་དཀར་དང་ཤེས་རབ་ནག་པོའི་ཕྱོགས། །རབ་དགོངས་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་དུ། །གསང་བ་ཆེན་པོའི་འཁོར་ལོ་ལེགས་བསྒྱུར་བའི། །ཆོས་ཀྱི་རྒྱལ་པོའི་ཞབས་དེར་གསོལ་བ་འདེབས། །ཡེ་ཤེས་ཀུ་ཤའི་གྲོང་གི་ས་ལའི་ཚལ། །བཞི་པའི་ལྷག་བཅས་གནས་སྐབས་རབ་ཕྲལ་ནས། །གཉིས་མེད་མྱ་ངན་འདས་པ་རབ་སྟོན་པའི། །ཚིག་གི་དབང་བསྐུར་མཛད་པར་བྱིན་གྱིས་རློབས།། ཚོགས་ཞིང་སྤྱན་འདྲེན་སོགས་ནི། རང་གི་སྙིང་གར་སྲཱིཿདམར་པོ་དེ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བླ་མ་རིགས་བདག་གི་རྣམ་པར་བཞུགས་པའི་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དཀོན་མཆོག་གསུམ་དངོས་བླ་མ་དང་། །ཚེ་དཔག་མེད་མགོན་གཙོར་བཞུགས་པའི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པར། །རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །བདག་ལུས་རྒྱལ་བ་མཉེས་བྱེད་པ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །རབ་འབྱམས་ནམ་མཁའི་ཁམས་ཁྱབ་པའི། །དངོས་པོ་ཀུན་གྱིས་མཆོད་པར་བགྱི། །སྡིག་པ་མ་ལུས་བཤགས་ལགས་ཤིང་། །བསོད་ནམས་ཀུན་ལ་ཡིད་དགའ་བས། །ཆོས་ཀྱི་རྔ་ཆེན་བརྡུང་བསྐུལ་ཏེ། །ནམ་མཁའ་ཇི་སྲིད་བཞུགས་པར་གསོལ། །ཡོན་གནས་དམ་པ་ཁྱེད་མཐུས་བདག །འཆི་མེད་གྲུབ་ནས་ཚེ་འདི་གར། །སངས་རྒྱས་ཀུན་གྱི་དྲུང་ཕྱིན་ནས། །དམ་ཆོས་མ་ལུས་འཛིན་པར་ཤོག། ལན་གསུམ། ཚོགས་ཞིང་རང་བཞིན་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཚངས་པའི་གནས་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་གོ་འཕང་ཐོབ་པར་བྱ་དེའི་ཆེད་དུ་རྣལ་འབྱོར་གྱི་རིམ་པ་ལ་འཇུག་པར་བྱའོ་སྙམ་པས། སྙིང་གའི་སྲཱིཿལས་ཡེ་ཤེས་ཀྱི་མེ་འབར་རྣམ་སྨིན་གྱི་ལུས་བསྲེགས་ནས་སྟོང་པ་ཉིད་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། སྔར་གྱི་སྲཱིཿཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རྩ་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ་ལྗགས་འགྱུར་བ། སྤྱན་གསུམ་པ། དབུ་སྐྲ་དང་། སྨིན་མ་དང་། སྨ་ར་སེར་པོ། སྟེང་དུ་རྟ་ཞལ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། ཕྱག་གཡས་རྡོ་རྗེའི་དབྱུག་ཐོ་འཕྱར་བས་བགེགས་དང་འབྱུང་པོ་མ་ལུས་པ་འཇོམས་ཤིང་། གཡོན་ཐུགས་ཀར་སྡིག་མཛུབ་མཛད་པའི་རྩེར་མེ་འབར་བས་གནོད་བྱེད་མ་ལུས་པ་བསྲེག་པ། མི་མགོ་སྐམ་པོ་ལྔའི་ཅོད་པཎ་དང་། རློན་པ་ཁྲག་འཛག་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་དང་། རུས་པའི་ཕྱག་རྒྱ་ལྔ་དང་། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། གླང་པོ་ཆེའི་ཀོ་བ་དང་། མི་ཡི་པགས་པས་སྟོད་གཡོགས་པ། སྟག་ལྤགས་རློན་པས་སྨད་དཀྲིས་པ། ཅིས་ཀྱང་མི་ཚུགས་པ་རྡོ་རྗེའི་རང་བཞིན་གཤིན་རྗེའི་གཟུགས་ལྟ་བུའི་སྐུ་ལས་བསྐལ་པའི་མེའི་ཕུང་པོ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་དམར་འུར་འུར་འཕྲོ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བདུད་བཞི་བརྫིས་ཏེ་པདྨ་དང་ཉི་མ་ལ་བཞུགས་པ། སྲིད་པ་གསུམ་ཟིལ་གྱིས་གནོན་པ་ནམ་མཁའི་ཁམས་ཁྱབ་པ་ཞིག་ཏུ་གྱུར། དེའི་ཐུགས་ཀར་པདྨ་ཉི་ཟླའི་དབུས་སུ་སྲཱིཿ དེ་ལས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མཚོན་ཆ་སྣ་ཚོགས་པ་ཐོགས་པ་འཕྲོས་པས་ཕྱོགས་བཅུའི་བགེགས་བར་དུ་གཅོད་པའི་གདོན་འཆི་བདག་བདུད་ཀྱི་སྡེ་དཔུང་ཐམས་ཅད་སྙིང་གར་ལྕགས་ཀྱུས་བཏབ། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡོམས། དྲིལ་བུས་མཉེས་ཏེ་བརྒྱལ་ཞིང་འབོག་པ། མཚོན་ཆ་སྣ་ཚོགས་ཀྱིས་བསད་གཏུབ་མེས་བསྲེག་པའི་ཐལ་བ་ཙམ་དུ་ཡང་མི་དམིགས་པར་གྱུར། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། ཅེས་དྲུག་ཅུ་བཟླས་སོ། །བསྲུང་འཁོར་བསྒོམ་པའོ། །དེ་ནས། སྲཱིཿགདན་དང་བཅས་པ་ཨེ་ཡཾ་རཾ་བཾ་ལཾ་སུཾ་བྷྲཱུཾ་སྟེང་ནས་སྟེང་དུ་རིམ་པ་བཞིན་བརྩེགས་པར་གྱུར་པ་རྣམས་ཞུ་བ་ལས། ཆོས་འབྱུང་གྲུ་གསུམ་དེའི་ནང་དུ་རླུང་། མེ། ཆུ། སའི་དཀྱིལ་འཁོར་ལྷུན་པོའི་སྟེང་དུ། ཕྱི་མེ་རི་དང་རྡོ་རྗེའི་ར་བས་བསྐོར་བའི་ནང་སྣ་ཚོགས་པདྨ་ལ་རྡོ་རྗེ་རྒྱ་གྲམ། དེའི་ལྟེ་བ་ལ་གཞལ་ཡས་ཁང་རིན་པོ་ཆེ་སྔོ་སེར་དཀར་ལྗང་དམར་བའི་རྩིགས་པ་གྲུ་བཞི་སྒོ་བཞི་རྟ་བབས་ཀྱིས་ཉེ་བར་མཛེས་པ། མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་པདྨ་འདབ་མ་བརྒྱད་པ། དེའི་ཁྱམ་ཤར་སྔོ་ལྷོ་སེར་ནུབ་དཀར་བྱང་ལྗང་དབུས་དང་ལྷ་སྣམ་དམར་པོ། ལྟེ་བར་ཨཱཿལས་ཟླ་བ། རཾ་ལས་ཉི་མའི་སྟེང་དུ་པདྨ་སྲཱིཿདང་པཾ་གྱི་མཚན་པ། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ཚེའི་བར་ཆད་བསལ། ཐར་པ་ལ་བཀོད། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་ཏེ། དེ་དག་གི་བྱིན་རླབས་བསྡུས་ཏེ་སྲཱིཿལ་ཐིམ་ནས་ཞུ་བའི་ཐིག་ལེ་ལས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལི་ཁྲིའི་ཁུ་བ་ལྟ་བུར་དམར་བ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་བ་མེད་པ་ཚེའི་བདུད་རྩིས་གང་བའི་པདྨ་རཱ་གའི་བུམ་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་བསྣམས་ཏེ་ཡུམ་ལ་འཁྱུད་པ། ཤིན་ཏུ་ཞི་ཞིང་མཚན་དང་དཔེ་བྱད་གསལ་ལ་རྫོགས་པས་ལྟ་བའི་མིག་ངོམ་པ་མེད་པའི་སྐུ། ཟུར་ཕུད་ཀྱི་རྩེར་ཡིད་བཞིན་གྱི་ནོར་བུ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་དང་དར་གྱི་ན་བཟས་ལེགས་པར་བརྒྱན་པས་འོད་ཟེར་གྱི་སྣང་བ་མཐའ་ཡས་པ་འགྱེད་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་ཟླ་ཉི་ལ་བཞུགས་པ། དེའི་པང་ན་ཡུམ་གོས་དཀར་མོ་དམར་མོ་གཡས་པདྨ་དང་གཡོན་ཚེ་བུམ་འཛིན་པས་ཡབ་ཀྱི་མགུལ་དང་། ཞབས་པདྨའི་གདན་གྱི་སྐེད་པ་ནས་འཁྲིལ་བ། མཚར་སྡུག་ཡིད་ཀྱིས་བྲིས་པ་ལྟ་བུར་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བརྒྱད་གཉིས་ཀྱི་ལང་ཚོ་ལ་གནས་པའོ། །ཤར་གྱི་འདབ་མར་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་ཚེ་དཔག་མེད་སྔོན་པོ་མཉམ་བཞག་གི་སྟེང་ན་བཻཌཱུརྻའི་ཚེ་བུམ་བསྣམས་པ། ལྷོར་རིན་པོ་ཆེ་ཏྲཱཾ་གྱིས་མཚན་པ་ལས་རིན་འབྱུང་ཚེ་དཔག་མེད་སེར་པོ་མཉམ་བཞག་གི་སྟེང་ན་གསེར་གྱི་ཚེ་བུམ་བསྣམས་པ། ནུབ་ཏུ་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་ཚེ་དཔག་མེད་དཀར་པོ་མཉམ་བཞག་གི་སྟེང་ན་ཤེལ་གྱི་ཚེ་བུམ་བསྣམས་པ། བྱང་དུ་རལ་གྲི་ཨཱཿཡིས་མཚན་པ་ལས་དོན་གྲུབ་ཚེ་དཔག་མེད་ལྗང་ཁ་མཉམ་བཞག་གི་སྟེང་ན་ཨིནྡྲ་ནི་ལའི་ཚེ་བུམ་བསྣམས་པ། ཤིན་ཏུ་ཞི་ཞིང་མཚན་དང་དཔེ་བྱད་གསལ་ལ་རྫོགས་པས་ལྟ་བའི་མིག་ངོམ་པ་མེད་པའི་སྐུ། ཟུར་ཕུད་ཀྱི་རྩེར་ཡིད་བཞིན་གྱི་ནོར་བུ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་དང་དར་ཟབ་ཀྱིས་ལེགས་པར་བརྒྱན་པ། འོད་ཟེར་གྱི་སྣང་བ་མཐའ་ཡས་པ་འགྱེད་ཅིང་། རྡོ་རྗེ་སྐྱིལ་ཀྲུང་གིས་ཟླ་ཉི་ལ་བཞུགས་པ། ཤར་ལྷོར་མཱཾ་ལས་མཱ་མ་ཀི་སྔོ་བ་གཡས་རྡོ་རྗེ། ལྷོ་ནུབ་ཏུ་ཏྲཱཾ་ལས་སྒྲོལ་མ་གསེར་མདོག་གཡས་རིན་པོ་ཆེ། ནུབ་བྱང་དུ་ལཱཾ་ལས་སངས་རྒྱས་སྤྱན་མ་དཀར་པོ་གཡས་འཁོར་ལོ། བྱང་ཤར་དུ་ཏཱཾ་ལས་དམ་ཚིག་སྒྲོལ་མ་ལྗང་སྔོན་གཡས་རལ་གྲི། ཐམས་ཅད་ཀྱིས་གཡོན་ཚེ་བུམ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་མཚར་སྡུག་ཡིད་ཀྱིས་བྲིས་པ་ལྟ་བུ་མཛེས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བརྒྱད་གཉིས་ཀྱི་ལང་ཚོ་ལ་གནས་པའོ། །ཤར་གྱི་སྣམ་བུར་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་བཞི་མཐིང་ཁ་གཡས་རྡོ་རྗེ། ལྷོར་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ལས་རིན་ཆེན་སེམས་དཔའ་བཞི་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་ཨོཾ་ཨོཾ་ཨོཾ་ཨོཾ་ལས་རྣམ་སྣང་སེམས་དཔའ་བཞི་དཀར་པོ་གཡས་འཁོར་ལོ། བྱང་དུ་ཨཱ་ཨཱ་ཨཱ་ཨཱ་ལས་ལས་ཀྱི་སེམས་དཔའ་བཞི་ལྗང་ཁ་གཡས་རལ་གྲི། ཐམས་ཅད་ཀྱིས་གཡོན་ཚེ་བུམ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་ཡི་དབང་ཕྱུག་ལྟ་བུར་མཛེས་ཤིང་རྒྱན་ཐམས་ཅད་དང་དར་ཟབ་ཀྱིས་ལྷབ་ལྷུབ་ཏུ་སྤྲས་པའོ། །ཕྱིའི་གྲ་བཞིའི་མེར་མཱྃ་ལས་བདུག་སྤོས་མ་སྔོ་བསངས། བདེན་བྲལ་དུ་ཏྲཱཾ་ལས་མར་མེ་མ་གུར་གུམ་གྱི་མདོག རླུང་དུ་ལཱྃ་ལས་མེ་ཏོག་མ་དཀར་མོ། དབང་ལྡན་དུ་ཏཱྃ་ལས་དྲི་ཆབ་མ་དམར་སྐྱ། ཤར་སྒོར་ཛཿལས་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཧཱུྃ་ལས་ཞགས་པ་མ་སེར་མོ། ནུབ་སྒོར་བྃ་ལས་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་ཧོཿལས་དྲིལ་བུ་མ་ལྗང་ཁུ། བརྒྱད་པོ་ཕྱག་གཡས་རང་མིང་གི་ཕྱག་མཚན་འཛིན་ཅིང་གཡོན་པ་དཀུར་བརྟེན་པ། ལྷ་ཡི་ན་ཆུང་མཚར་མོ་རྒྱན་དང་གོས་ཀྱི་མཛེས་པ་འཁྲིལ་ལྡེམ་གྱི་ཚུལ་དུ་བཞུགས་པའོ། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ནས་བསྒོམ་པ་ཇི་ལྟ་བའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ཏེ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །གདོད་ནས་དག་པ་ཐུགས་རྗེའི་གཟུགས། །ནམ་མཁའ་ལ་ནི་འཇའ་ཚོན་ལྟའི། །གསུང་གི་དབང་ཕྱུག་ཚེ་དཔག་མེད། །རང་བཞིན་ལྷུན་གྲུབ་གཞལ་ཡས་ནས། །ཏིང་འཛིན་གཟུགས་བརྙན་དཀྱིལ་འཁོར་འདིར། །འགྲོ་བའི་དོན་ལ་སྤྱན་འདྲེན་ན། །ཚེ་ཟད་ཚེ་ཉམས་གསོ་བའི་ཕྱིར། །མྱུར་བ་ཉིད་དུ་གཤེགས་སུ་གསོལ། །རྡོ་རྗེ་རིན་ཆེན་རྣམ་སྣང་དང་། །ལས་ཀྱི་རིགས་མཆོག་ཚེ་དཔག་མེད། །ཡུམ་བཞི་སེམས་དཔའ་བཅུ་དྲུག་དང་། །མཆོད་པའི་ལྷ་མོ་སྒོ་མར་བཅས། །ཚེ་དང་ཡེ་ཤེས་རྒྱས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་གི་དད་པས་སྤྱན་འདྲེན་ན། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བའི་རྒྱུན་གྱིས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ཕུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པར་མཛད་པས་དབང་བསྐུར། ལུས་གང་། དྲི་མ་དག ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རང་རིགས་ཀྱི་བདག་པོ་སྤྲུལ་པའི་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ནས་གྲྭ་བཞིའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསྒོམ་ཏེ། སྟོན་ཟླ་ལྟར་དཀར་རྡོ་རྗེ་མེ་ཏོག་མ། །ལྷ་རྫས་མེ་ཏོག་བྱེ་བའི་ཆར་འབེབས་བྱེད། །རྡོ་རྗེའི་རིགས་མ་དགའ་བའི་རོལ་པ་འདིས། །ཚེ་དཔག་མེད་པ་རྡོ་རྗེའི་ཡིད་དགྱེས་མཛོད། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། སྔོ་སྐྱ་དུད་སྤྲིན་རྡོ་རྗེ་བདུག་སྤོས་མ། །མཁའ་ཁྱབ་དྲི་ཞིམ་བདུག་པའི་སྤོས་སྤྲིན་ཅན། རྡོ་རྗེྎ ཚེ་དཔགྎ དྷཱུ་པེྎ གུར་གུམ་གཞོན་ནུའི་ལུས་ཅན་སྣང་གསལ་མ། །རིན་ཆེན་སྣང་བས་ཕྱོགས་བཅུའི་མུན་སེལ་བྱེད། རྡོ་རྗེྎ ཚེ་དཔགྎ ཨཱ་ལོ་ཀེྎ འཆར་ཀའི་མདོག་ལྟར་དམར་སྐྱ་བྱུག་པ་མ། ལེགས་སྦྱར་དྲི་མཆོག་དགེ་བས་རྙོག་པ་སེལ། རྡོ་རྗེྎ ཚེ་དཔགྎ གནྡྷེྎ འདོད་པའི་སྣམ་བུ་ལ་གནས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་ལ། ཁ་བ་དུང་ལྟར་རྣམ་དཀར་གཟུགས་ཅན་མ། །རྣམ་དག་རིན་ཆེན་དངུལ་དཀར་མེ་ལོང་གཡོབ། རྡོ་རྗེྎ ཚེ་དཔགྎ རཱུ་པྎ བཙོ་མའི་གསེར་མདོག་རྡོ་རྗེ་གླུ་དབྱངས་མ། །ཤེས་རབ་དབྱངས་སྙན་རྣ་བའི་བཅུད་ལེན་མཁན། རྡོ་རྗེྎ ཚེ་དཔགྎ གིརྟིྎ ལེབ་བརྒན་རྩི་ལྟར་ལུས་དམར་རོ་ལྡན་མ། །བདུད་རྩིའི་བཅུད་ལྡན་ལྷ་ཡི་ཞལ་ཟས་འཛིན། རྡོ་རྗེྎ ཚེ་དཔགྎ རཱ་ཀྵྼྎ དཱུར་བའི་འདབ་ལྟར་ལྗང་སེར་རེག་བྱ་མ། །རེག་པའི་བདེ་བ་མཆོག་སྟེར་ན་བཟའ་འཛིན། རྡོ་རྗེྎ ཚེ་དཔགྎ སྤརྴེྎ ཀུནྡྷ་ཀུ་མུཏ་རྒྱས་འདྲ་ཆོས་དབྱིངས་མ། །རྒྱལ་བ་ཀུན་བསྐྱེད་སྐྱེ་གནས་ཕྱག་རྒྱ་ཅན། རྡོ་རྗེྎ ཚེ་དཔགྎ དྷརྨ་དྷཱ་ཏུྎ ཕྱི་མཆོད། བདུད་རྩིའི་སྣོད་ལག་པ་གཡས་པའི་སྙིམ་པ་བཀབ། ཨོཾ་མ་དག་པ་སྦྱངས། གཡོན་པ་བཀབ། ཨཱཿམང་པོ་སྤེལ། གཉིས་ཀ་བཀབ། ཧཱུྃ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་དུ་སྤར། ནམ་མཁའ་ལྡིང་གི་ཕྱག་རྒྱ་བཅིངས། ཧོཿཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བརྗོད་ནས་མྱང་། ནང་མཆོད་དོ།། ཡུམ་དང་རྗེས་སུ་ཆགས་པ་མཛད་པས་བདེ་སྟོང་ཆེན་པོའི་རང་བཞིན་དུ་གྱུར་པར་བསམ་པ་ནི་གསང་མཆོད་དོ། །བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད།། ཅེས་པའི་མཐར། སྲཱིཿ འགྲོ་ལ་རྗེས་སུ་ཆགས་པས་དམར་བའི་སྐུ། །འཆར་ནུབ་ཀྱིས་འཕོང་སྣང་བ་མཐའ་ཡས་པ། །འཆི་བདག་བདུད་ཀྱི་མུན་ལས་ཕྱོགས་དུས་ཀུན། །རྣམ་པར་རྒྱལ་མཛད་ཚེ་དཔག་མེད་ལ་འདུད། །བཅུ་དྲུག་ཡིད་འོང་ལང་ཚོའི་གང་བ་ལ། །མཚན་དཔེའི་རོ་མོ་མཚར་པོ་ཀུན་བྲིས་པས། །འདྲེན་བྱེད་ཐམས་ཅད་བདུད་རྩིའི་ཚིམ་པ་བཞིན། །སྙིང་གི་དགའ་བ་ཆུ་གཏེར་སྤེལ་ལ་འདུད། །མཉམ་བཞག་ཕྱག་རྒྱ་ཁ་ཡི་བུམ་བཟང་ནས། །ཚེ་དང་བསོད་ནམས་ཡེ་ཤེས་བསྐྱེད་པའི་ཆུས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པའི་མཐར། །ཀུན་མཁྱེན་ས་ལ་དབང་བསྐུར་དེ་ལ་འདུད། །བསམ་གཏན་པ་ཡི་ཡིད་ངོས་འཇའ་ཚོན་མདངས། །རིན་ཆེན་རྒྱན་དང་ན་བཟའ་ཆགས་པའི་དབྱིབས། །བི་ཤྭའི་ངལ་བ་ཟོང་དུ་བསྒྱུར་བས་ཀྱང་། །ལྷ་དབང་ཚོགས་རྣམས་ཟིལ་གྱིས་གནོན་ལ་འདུད། །སྐྱིལ་ཀྲུང་པང་ན་དགའ་མགུའི་རྩེད་འཇོ་མ། །བདེ་སོགས་འཆི་མེད་བུ་མོའི་འདོད་ཡོན་ལས། །ཅིར་ཡང་འཕགས་པའི་སྲིད་ཞུའི་རྟག་དགྱེས་པ། །འདོད་ཆགས་ཆེན་པོའི་འཕྲུལ་དེར་ཕྱག་འཚལ་ལོ། །དུ་མའི་བློ་ངོར་རྫོགས་པའི་སངས་རྒྱས་ཁྱོད། །རིགས་བཞིའི་དབང་ཕྱུག་ཉིད་ནས་གྲངས་མེད་པར། །སོང་བ་ཇི་བཞིན་རྒྱལ་བའི་ཡུམ་འདི་ཡང་། །དེ་ཕྱིར་རྣམ་མང་རོལ་མོ་མཛད་ལ་འདུད། །སེམས་དཔའ་མཆོག་དང་མཆོད་པའི་ལྷ་མོ་དང་། །འགུག་སོགས་ལས་མཁན་ཉིད་ཀྱང་སྣང་ཚོགས་ཐབས། །རྣམ་མང་གདུལ་བྱ་ཉིད་དང་གཅིག་སྦྱོར་ཆེད། །ཡིན་ཤེས་གཉིས་མེད་དད་པས་ཕྱག་འཚལ་ལོ།། དེ་ནས་ལྷ་ཡི་འཁོར་ལོ་སྣང་བའི་ཡུལ་ན་མ་གྲུབ། བཏགས་པའི་དོན་སྟོང་པས་སྒྱུ་མའི་དཔེས་མཚོན་པ་ཅི་ཙམ་བསྒོམ་ནུས་པ་དེ་ཙམ་བསྒོམ་པར་བྱའོ། །དེ་ནས་རོལ་མོ་དྲག་པོ་དང་བཅས་པས། མདའ་དར་གཡོབ་སྤོས་བཏུལ། དབྱངས་སྙན་པོས། ཤར་གྱི་སྒོ་མ་རྡོ་རྗེ་ལྕགས་ཀྱུ་མ། །དཀར་མོ་ཞི་བའི་མཁའ་འགྲོ་ཀུན་གྱིས་བསྐོར། །ཕྱག་ན་ཚེ་ཡི་གཡབ་དར་དཀར་པོ་བསྣམས། །ཚེ་དཔལ་གཟི་བརྗིད་བསྐྱེད་པའི་མཐུ་སྟོབས་ཅན། །ཤར་ཕྱོགས་དྲི་ཟའི་ལག་གི་ཚེ་དྲོངས་ལ། །སྟེང་འོག་ཕྱོགས་མཚམས་ས་ཡི་བཅུད་གང་དང་། །ཚེ་བསྲིང་གཡང་ཆེ་དཔལ་དང་གཟི་བསྐྱེད་པའི། །རྡོ་རྗེའི་ཚེ་མཆོག་འགུག་པའི་ལས་མཛོད་ཅིག །ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་བཛྭ་ཨངྐུ་ཤ་ཛཿ ལྷོ་ཡི་སྒོ་མ་རྡོ་རྗེ་ཞགས་པ་མ། །སེར་མོ་རྒྱས་པའི་མཁའ་འགྲོ་ཀུན་གྱིས་བསྐོར། །ཕྱག་ན་ཚེ་ཡི་གཡབ་དར་སེར་པོ་བསྣམས། །ཚེ་དཔལ་གཟི་བརྗིད་བསྐྱེད་པའི་མཐུ་སྟོབས་ཅན། །ལྷོ་ཕྱོགས་གཤིན་རྗེའི་ལག་གི་ཚེ་དྲོངས་ལ། །སྟེང་འོག་ཕྱོགས་མཚམས་ཆུ་ཡི་བཅུད་གང་དང་། །ཚེ་བསྲིང་གཡང་ཆེ་དཔལ་དང་གཟི་བསྐྱེད་པའི། །རིན་ཆེན་ཚེ་མཆོག་འགུག་པའི་ལས་མཛོད་ཅིག །ཨོཾ་སྲཱིཿབྷྲཱུཾ་རཏྣ་ཛྙྱཱ་ན་ཨ་ཡུ་ཥེ་བཛྭ་པཱ་ཤ་ཧཱུྃ། །ནུབ་ཀྱི་སྒོ་མ་རྡོ་རྗེ་ལྕགས་སྒྲོག་མ། །དམར་མོ་དབང་གི་མཁའ་འགྲོ་ཀུན་གྱིས་བསྐོར། །ཕྱག་ན་ཚེ་ཡི་གཡབ་དར་དམར་པོ་བསྣམས། །ཚེ་དཔལ་གཟི་བརྗིད་བསྐྱེད་པའི་མཐུ་སྟོབས་ཅན། །ནུབ་ཕྱོགས་ཀླུ་དབང་ལག་གི་ཚེ་དྲོངས་ལ། །སྟེང་འོག་ཕྱོགས་མཚམས་མེ་ཡི་བཅུད་གང་དང་། །ཚེ་བསྲིང་གཡང་ཆེ་དཔལ་དང་གཟི་བསྐྱེད་པའི། །པདྨའི་ཚེ་མཆོག་འགུག་པའི་ལས་མཛོད་ཅིག །ཨོཾ་སྲཱིཿབྷྲཱུྃ་པདྨ་ཛྙྱཱ་ན་ཨ་ཡུ་ཥེ་བཛྭ་ཀྵྨྱོ་ཊ་བྃ། །བྱང་གི་སྒོ་མ་རྡོ་རྗེ་དྲིལ་བུ་མ། །ལྗང་མོ་ལས་ཀྱི་མཁའ་འགྲོ་ཀུན་གྱིས་བསྐོར། །ཕྱག་ན་ཚེ་ཡི་གཡབ་དར་ལྗང་ཁུ་བསྣམས། །ཚེ་དཔལ་གཟི་བརྗིད་བསྐྱེད་པའི་མཐུ་སྟོབས་ཅན། །བྱང་ཕྱོགས་གནོད་སྦྱིན་ལག་གི་ཚེ་དྲོངས་ལ། སྟེང་འོག་ཕྱོགས་མཚམས་རླུང་གི་བཅུད་གང་དང་། །ཚེ་བསྲིང་གཡང་ཆེ་དཔལ་དང་གཟི་བསྐྱེད་པའི། །ལས་ཀྱི་ཚེ་མཆོག་འགུག་པའི་ལས་མཛོད་ཅིག །ཨོཾ་སྲཱིཿབྷྲཱུྃ་ཀརྨ་ཛྙྱཱ་ན་ཨཱ་ཡུ་ཥེ་བཛྭ་ཨ་ཝེ་ཤ་ཡ་ཧོཿ དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུའི་ཚུལ། །རྒྱལ་བ་འཚོ་ཞིང་གཞེས་པའི་ཞིང་ཁྱབ་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཚེའི་དངོས་གྲུབ། །དག་པའི་ཚེ་རྫས་འདི་ལ་འགུག་པར་མཛོད། །ཨོཾ་སྲཱིཿབྷཱུྃ་བཛྭ་ཛྙྱཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོྃ་ཧཱུྃ་བྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་སྭཱ་ཧཱ། ཨོཾ་སྭཱ་བྷྲཱུྃ་བཛྭྎ ཨོཾ་ཨོཾ་བྷྲཱུྃ་བཛྭྎ ཨོཾ་ཨཱཿབྷྲཱུྃྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙྱཱ་ན་སུ་བི་ནི་ཙིཏྟ་ཏེ་ཛྷ་ར་ཛ་ཡ། ཨོཾ་ཧཱུྃ་བྷྲཱུྃ་བཛྭ་ཛྙྱཱན་ཨ་ཡུ་ཥེ་སྭཱ་ཧཱ། ཨོཾ་སྭཱ་བྷྲཱུྃ་རཏྣ་ཛྙྱཱྎ ཨོཾ་ཨོཾ་བྷྲཱུྃ་པདྨ་ཛྙྱཱྎ ཨོཾ་ཨཱཿབྷྲཱུྃ་ཀརྨ་ཛྙྱཱྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙྱཱ་ན་སུ་བི་ནིཥཙི་ཏ་ཏེ་ཛོ་རཱ་ཛ་ཡ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙྱཱ་ན་སུ་བི་ནི་སྭཱ་ཧཱ། བཛྭ་ཨངྐུ་ཤ་ཛཿ བཛྭ་པཱ་ཤ་ཧཱུྃ། བཛྭ་ཀྵྨྱོ་ཊ་བྃ། བཛྭ་ཨཱ་བེ་ཤ་ཡ་ཧོཿཅེས་ཚེའི་བུམ་པ་ལ་དགུག་གཞུགས་ཡང་ཡང་བྱ། དམིགས་པ་དེ་ཁོ་ནའོ།། གཙོ་བོ་དང་འཁོར་གྱི་ལྷ་རེ་རེའི་ཐུགས་ཀར་ཚེའི་བུམ་པ་རང་རིགས་ཀྱི་ཕྱག་མཚན་དང་མཐུན་པའི་ནང་དུ། གཙོ་བོ་རྣམས་ལ་སྲཱིཿཧཱུྃ་ཏྲཱཾ་བྷྲཱུྃ་ཨཱཿ རང་རང་གི་སྔགས་ཀྱིས་བསྐོར་བ། ཡུམ་ལྔ་ལ། པཱཾ་མཱཾ་ཏྲཱཾ་ལཱཾ་ཏཱཾ། ཡུམ་སྔགས་ཀྱིས་བསྐོར་བ། སེམས་དཔའ་རྣམས་ལ་ཧཱུྃ་ཏྲཱཾ་བྷྲཱུྃ་ཨཱཿ རིགས་ཀྱི་སྔགས་ཀྱིས་བསྐོར་བ། མཆོད་ལྷར། མཱཾ་ཏྲཱཾ་ལཱཾ་ཏཱཾ། ཡུམ་སྔགས་ཀྱིས་བསྐོར་བ། སྒོ་མ་ལ། ཛཿཧཱུྃ་བྃ་ཧོཿ རང་སྔགས་ཀྱིས་བསྐོར་བ། དེ་ལྟར་སྔགས་ཕྲེང་ས་བོན་གསལ་བ་ལས་བདུད་རྩི་ཆི་ལི་ལི་བབ་པས་བུམ་པ་གང་བར་གྱུར་སར་བསམ་ནས། སྔགས་བཟླ་བ་ནི། ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཧཱུྃ་བྷྲཱུྃ་བཛྭྎ ཨོཾ་སྭཱ་བྷྲཱུྃ་བཛྭྎ ཨོཾ་ཨོཾ་བྷྲཱུྃ་བཛྭྎ ཨོཾ་ཨཱཿབྷྲཱུྃ་བཛྭྎ གཙོ་བོ་ལྔའི་སྙིང་པོ། ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཙིཏྟ་ཏེ་ཛྷ་ར་ཛ་ཡྎ ཡུམ་ལྔའི་སྙིང་པོ། ཨོཾ་ཧཱུྃ་བྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་སྭ་ཧཱ། ཨོཾ་སྭཱ་བྷྲཱུྃ་རཏྣྎ ཨོཾ་ཨོཾ་བྷྲཱུྃ་པདྨྎ ཨོྃ་ཨཱཿབྷྲཱུྃ་ཀརྨྎ སེམས་དཔའ་རྣམས་ཀྱི་སྙིང་པོ། ཨོཾ་བྷྲཱུྃ་ཨ་པཱ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནི་ཙིཏྟ་ཏེ་ཛྷ་རཱ་ཛ་ཡྎ མཆོད་ལྷའི་སྙིང་པོ། ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནི་སྭཱ་ཧཱ། སྒོ་མའི་སྙིང་པོ། སྔགས་ཕྲེང་རྣམས་ཞུ་བ་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པས་དེ་ཁོལ་ཞིང་ལུད། ཆེས་ཆེར་འཕེལ་བས་ལྷ་སོ་སོའི་སྐུ་ཐམས་ཅད་གང་། ལུས་ངག་ཡིད་གསུམ་གྱི་སྡིག་པ་ཐམས་ཅད་དག བར་ཆད་གདོན་བགེགས་ཐམས་ཅད་བཅོམ་ནས་དབང་བཞི་ཐོབ། །འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། སྤྲོ་ན་རྒྱས་གདབ་བྱའོ། །བདག་བསྐྱེད་ཁོ་ནའི་སྐབས་བསྡུ་ལྡང་བྱ་ཞིང་། གཏོར་མ་འབུལ། བསྙེན་པའི་མན་ངག་གོ། ༈ དེ་ནས་མདུན་བསྐྱེད་ནི། ཨོཾ་བཛྭ་ཀྲོ་དྷ་་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄ཿཀྱིས་བསངས། ཨོཾ་སྭཱ་བྷཱ་ཝས་སྦྱངས། མདུན་བསྐྱེད་ཀྱི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་དེའི་ནང་དུ་རླུང་མེ་ཆུ་སའི་དཀྱིལ་འཁོར་ལྷུན་པོའི་སྟེང་དུ་ཕྱི་མེ་རི་དང་། རྡོ་རྗེའི་ར་བས་བསྐོར་བའི་ནང་སྣ་ཚོགས་པདྨ་ལ་རྡོ་རྗེ་རྒྱ་གྲམ། དེའི་ལྟེ་བ་ལ་གཞལ་ཡས་ཁང་རིན་པོ་ཆེ་སྔོ་སེར་དཀར་ལྗང་དམར་བའི་རྩིགས་པ་གྲུ་བཞི་སྒོ་བཞི་རྟ་བབས་ཀྱིས་ཉེ་བར་མཛེས་པ། མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་པདྨ་འདབ་མ་བརྒྱད། དེའི་ཁྱམས་ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་། དབུས་དང་ལྷ་སྣམ་དམར་པོ། ལྟེ་བར་ཨཱཿལས་ཟླ་བ། རཾ་ལས་ཉི་མ། སྟེང་དུ་པདྨ་སྲཱིཿདང་པཾ་གྱིས་མཚན་པ། དེ་ལས་འོད་འཕྲོས་སེམས་ཅད་ཐམས་ཅད་ཀྱི་ཚེའི་བར་ཆད་བསལ། ཐར་པ་ལ་བཀོད། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་ཏེ། དེ་དག་གི་བྱིན་རླབས་བསྡུས་ཏེ་སྲཱིཿལ་ཐིམ་ནས་ཞུ་བའི་ཐིག་ལེ་ལས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལི་ཁྲིའི་ཁུ་བ་ལྟ་བུར་དམར་བ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་བ་མེད་པ་ཚེའི་བདུད་རྩིས་གང་བའི་པདྨ་རཱ་གའི་བུམ་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་བསྣམས་ཏེ་ཡུམ་ལ་འཁྱུད་པ། ཤིན་ཏུ་ཞི་ཞིང་མཚན་དང་དཔེ་བྱད་གསལ་ལ་རྫོགས་པ་ལྟ་བའི་མིག་ངོམ་པ་མེད་པའི་སྐུ་ཟུར་ཕུད་ཀྱི་རྩེར་ཡིད་བཞིན་གྱི་ནོར་བུ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་དང་། དར་ཟབ་ཀྱིས་ལེགས་པར་བརྒྱན་པ་འོད་ཟེར་གྱི་སྣང་བ་མཐའ་ཡས་པ་འགྱེད་ཅིང་རྡོ་རྗེ་སྐྱིལ་ཀྲུང་གིས་ཟླ་ཉི་ལ་བཞུགས་པ། དེའི་པང་ན་ཡུམ་གོས་དཀར་མོ་དམར་མོ་གཡས་པདྨ་དང་གཡོན་ཚེ་བུམ་འཛིན་པས་ཡབ་ཀྱི་མགུལ་དང་ཞབས་པདྨའི་གདན་གྱི་སྐེད་པ་ནས་འཁྲིལ་བ་མཚར་སྡུག་ཡིད་ཀྱིས་བྲིས་པ་ལྟ་བུར་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བརྒྱད་གཉིས་ཀྱི་ལང་ཚོ་ལ་གནས་པའོ། །ཤར་གྱི་འདབ་མར་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་ཚེ་དཔག་མེད་སྔོན་པོ་མཉམ་བཞག་གི་སྟེང་ན་བཻཌཱུརྻའི་ཚེ་བུམ་བསྣམས་པ། ལྷོར་རིན་པོ་ཆེ་ཏྲཱཾ་གིས་མཚན་པ་ལས་རིན་འབྱུང་ཚེ་དཔག་མེད་སེར་པོ་མཉམ་བཞག་གི་སྟེང་ན་གསེར་གྱི་ཚེ་བུམ་བསྣམས་པ། ནུབ་ཏུ་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་ཚེ་དཔག་མེད་དཀར་པོ་མཉམ་བཞག་གི་སྟེང་ན་ཤེལ་གྱི་ཚེ་བུམ་བསྣམས་པ། བྱང་དུ་རལ་གྲི་ཨཱཿས་མཚན་པ་ལས་དོན་གྲུབ་ཚེ་དཔག་མེད་ལྗང་ཁ་མཉམ་བཞག་གི་སྟེང་ན་ཨིནྡྲ་ནཱི་ལའི་ཚེ་བུམ་བསྣམས་པ། ཤིན་ཏུ་ཞི་ཞིང་མཚན་དང་དཔེ་བྱད་གསལ་ལ་རྫོགས་པ་ལྟ་བའི་མིག་ངོམ་པ་མེད་པའི་སྐུ། ཟུར་ཕུད་ཀྱི་རྩེར་ཡིད་བཞིན་གྱི་ནོར་བུ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་དང་། དར་ཟབ་ཀྱིས་ལེགས་པར་བརྒྱན་པ་འོད་ཟེར་གྱི་སྣང་བ་མཐའ་ཡས་པ་འགྱེད་ཅིང་རྡོ་རྗེ་སྐྱིལ་ཀྲུང་གིས་ཟླ་ཉི་ལ་བཞུགས་པ། ཤར་ལྷོར་མཱཾ་ལས་མཱ་མ་ཀི་སྔོ་བ་གཡས་རྡོ་རྗེ། ལྷོ་ནུབ་ཏུ་ཏྲཱཾ་ལས་སྒྲོལ་མ་གསེར་མདོག་གཡས་རིན་པོ་ཆེ། ནུབ་བྱང་དུ་ལཱཾ་ལས་སངས་རྒྱས་སྤྱན་མ་དཀར་མོ་གཡས་འཁོར་ལོ། བྱང་ཤར་དུ་ཏཱཾ་ལས་དམ་ཚིག་སྒྲོལ་མ་ལྗང་སྔོན་གཡས་རལ་གྲི། ཐམས་ཅད་ཀྱང་གཡོན་ཚེ་བུམ་འཛིན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཚར་སྡུག་ཡིད་ཀྱིས་བྲིས་པ་ལྟ་བུའི་མཛེས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བརྒྱད་གཉིས་ཀྱི་ལང་ཚོ་ལ་གནས་པའོ། །ཤར་གྱི་སྣམ་བུར་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་བཞི་མཐིང་ཁ་གཡས་རྡོ་རྗེ། ལྷོར་ཏྲཱཾ་ཏྲཾཱ་ཏྲཱཾ་ཏྲཱཾ་ལས་རིན་ཆེན་སེམས་དཔའ་བཞི་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་ཨོཾ་ཨོཾ་ཨོཾ་ཨོཾ་ལས་རྣམ་སྣང་སེམས་དཔའ་བཞི་དཀར་པོ་གཡས་འཁོར་ལོ། བྱང་དུ་ཨཱ་ཨཱ་ཨཱ་ཨཱ་ལས་ལས་ཀྱི་སེམས་དཔའ་བཞི་ལྗང་ཁ་གཡས་རལ་གྲི། ཐམས་ཅད་ཀྱིས་གཡོན་ཚེ་བུམ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གི་བཞུགས་པ། ལྷའི་དབང་ཕྱུག་ལྟ་བུར་མཛེས་ཤིང་རྒྱན་ཐམས་ཅད་དང་དར་གྱི་ན་བཟའ་ལྷབ་ལྷུབ་ཏུ་སྤྲས་པའོ། །ཕྱིའི་གྲྭ་བཞིའི་མེར་མཱཾ་ལས་བདུག་སྤོས་མ་སྔོ་སངས། བདེན་བྲལ་དུ་ཏྲཱཾ་ལས་མར་མེ་མ་གུར་གུམ་གྱི་མདོག རླུང་དུ་ལམ་ལས་མེ་ཏོག་མ་དཀར་མོ། དབང་ལྡན་དུ་ཏཱཾ་ལས་དྲི་ཆབ་མ་དམར་སྐྱ། ཤར་སྒོར་ཛཿལས་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཧཱུྃ་ལས་ཞགས་པ་མ་སེར་མོ། ནུབ་སྒོར་བྃ་ལས་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་ཧོཿལས་དྲིལ་བུ་མ་ལྗང་ཁུ་བརྒྱད་པོ་ཕྱག་གཡས་རང་མིང་གི་ཕྱག་མཚན་འཛིན་ཅིང་གཡོན་པ་དཀུར་བརྟེན་པ། ལྷའི་ན་ཆུང་མཚར་མོ་རྒྱན་དང་གོས་ཀྱིས་མཛེས་པ་འཁྲིལ་ལྡེམ་གྱི་ཚུལ་དུ་བཞུགས་པའོ། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ནས་བསྒོམ་པ་ཇི་ལྟ་བའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །གདོད་ནས་དག་པ་ཐུགས་རྗེའི་གཟུགས། །ནམ་མཁའ་ལ་ནི་འཇའ་ཚོན་ལྟའི། །གསུང་གི་དབང་ཕྱུག་ཚེ་དཔག་མེད། །རང་བཞིན་ལྷུན་གྲུབ་གཞལ་ཡས་ནས། །ཏིང་འཛིན་གཟུགས་བརྙན་དཀྱིལ་འཁོར་འདིར། །འགྲོ་བའི་དོན་ལ་སྤྱན་འདྲེན་ན། །ཚེ་ཟད་ཚེ་ཉམས་གསོ་བའི་ཕྱིར། །མྱུར་བ་ཉིད་དུ་གཤེགས་སུ་གསོལ། །རྡོ་རྗེ་རིན་ཆེན་རྣམ་སྣང་དང་། །ལས་ཀྱི་རིགས་མཆོག་ཚེ་དཔག་མེད། །ཡུམ་བཞི་སེམས་དཔའ་བཅུ་དྲུག་དང་། །མཆོད་པའི་ལྷ་མོ་སྒོ་མར་བཅས། །ཚེ་དང་ཡེ་ཤེས་རྒྱས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་གིས་དད་པས་སྤྱན་འདྲེན་ན། །བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བའི་རྒྱུན་གྱིས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ཕུལ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་བསྐྲད་པར་མཛད་པས་དབང་བསྐུར་ལུས་གང་། དྲི་མ་དག ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རང་རིགས་ཀྱི་བདག་པོ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཐོགས་པ་རྣམས་ཀྱིས། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པ། །གཟུགས་མཛེས་དཀར་མོ་རྡོ་རྗེ་དྲིལ་བུ་མ། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄ཿ ཚིགས་བཅད་ཀྱི་ཐོག་མཐའ་གཉིས་དང་སྔགས་ཀྱི་ཐོག་མཐའ་འདྲ། དཀྱིལ་འཁོརྎ ཡིད་འོང་དུད་ཁ་རྡོ་རྗེ་དྲིལ་བུ་དང་། །བདུག་སྤོས་འཐུལ་བའིྎ ནམ་མཁའྎ དྷུ་པེྎ དཀྱིལ་འཁོརྎ ཀུན་སྣང་དམར་སེར་རྡོ་རྗེ་དྲིལ་བུ་དང་། །མར་མེས་གང་བའིྎ ནམ་མཁའྎ ཨཱ་ལོ་ཀེྎ དཀྱིལ་འཁོརྎ གདུང་སེལ་ལྗང་ཁུ་རྡོ་རྗེྎ དྲི་མཆོག་བྱུག་པའི་རིན་ཆེནྎ ནམ་མཁའྎ གནྡྷེྎ དཀྱིལ་འཁོརྎ ཞལ་ཟས་སེར་མོྎ བདུད་རྩིའི་གངྎ ནམ་མཁའྎ ནཻ་ཝི་དྱྎ དཀྱིལ་འཁོརྎ སྒྲ་སྙན་སྣ་ཚོགསྎ པི་ཝཾ་གླིང་བུ་རྔ་ཆེན་སོགས་འཛིན་མ། །ནམ་མཁའྎ ཤཔྟྎ ཛམ་བུའི་གསེར་ལས་རང་བྱུང་ལྟེ་བ་ཟླུམ། །རྩིབས་སྟོང་མུ་ཁྱུད་མཆོག་ཏུ་རྣམ་འཕྲུལ་བ། །མཁའ་ལ་རབ་འཕགས་ཕྱོགས་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ཙཀྲ་རཏྣ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཐལ་དཀར་མཆེ་བ་དྲུག་པ་ཟླ་འོད་ཅན། །ཆུ་ཞེང་ཕུན་ཚོགས་ཡུད་ཀྱིས་མཁའ་ལམ་ནས། །ས་ཆེན་རྒྱ་མཚོའི་སྐ་རགས་ཅན་བསྐོར་བའི། །གླང་པོ་རིན་ཆེནྎ ཧསྟི་རཏྣྎ སྤུ་ཁ་རྨ་བྱའི་མགྲིན་འདྲ་ཡིད་འོང་ཞིང་། །གསེར་གྱི་རྒྱན་ལྡན་མགྱོགས་པ་ཡིད་ལྟ་བུས། །ཐོ་རངས་ས་རྣམས་བསྐོར་ཏེ་སླར་ལྡོག་པའི། །རྟ་མཆོག་རིན་ཆེནྎ ཨ་ཤྭ་རཏྣྎ ཀུན་ཏུ་སྔོ་བ་སྣང་བྱེད་བཻཌཱུརྻ། །ཉིན་མོར་བྱེད་པ་འོད་ཀྱིས་རྣམ་གནོན་ཅིང་། །བསམ་པ་རྫོགས་བྱེད་ལེགས་སྦྱངས་ཆ་བརྒྱད་པ། །ནོར་བུ་རིན་ཆེནྎ མ་ཎི་རཏྣྎ འཆི་མེད་བུ་མོ་བཞིན་དུ་གཟུགས་མཛེས་ཤིང་། །རེག་བྱ་མཆོག་གིས་ལུས་སེམས་བརྟས་བྱེད་པ། །སྒྱུ་རྩལ་ཀུན་ཤེས་སྨྲ་མཁས་དྲི་བཟང་གཏེར། །བཙུན་མོ་རིན་ཆེནྎ ཧླི་རཏྣྎ ཕུར་བུའི་བློ་ལྡན་མཛངས་ཤིང་ཡིད་གཞུང་པ། །འཁོར་ཡུག་གཏེར་གྱི་འདོད་དགུ་འཛུད་བྱེད་ཅིང་། །དེས་པ་སྙན་པའི་ཚིག་འབྱིན་ལྷ་མིག་ཅན། །ཁྱིམ་བདག་རིནྎ པུ་རུ་ཥ་རཏྣྎ སྲེད་མེད་བུ་ཡི་སྟོབས་ལྡན་དཔའ་བ་དང་། །བརཏལ་ཕོད་ཡིད་ལ་བརྒྱུས་པའི་དོན་རྣམས་ཀུན། །མོད་ལ་སྒྲུབ་ཅིང་ཕས་རྒོལ་མེད་བྱེད་པ། །བློན་པོ་རིན་ཆེནྎ ཁརྒ་རཏྣྎ འོད་ཟེར་གྱིས་སྔོ་རལ་གྲི་ལྤགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། །མཐུ་ལྡན་མཆིལ་ལཧྭམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམ་ཆྎ ཨུ་པ་རཏྣྎ པད་ཅན་དུང་ལྟར་རབ་དཀར་ཟླ་བཞིན་མ། །དཔལ་གྱི་བེའུ་ཐོགས་ནས་སྙེམ་པ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པ་ཀུན་ཏུ་ཤིས་གྱུར་ཅིག ཤྲཱི་ཝརཀྵྼྎ འཇིགས་བྱེད་ཀུནྡའི་འོད་ཅན་ལུས་ཕྲ་མ། །གསེར་གྱི་འཁོར་ལོ་འཆང་བའི་རྣམ་འགྱུར་གྱིས། །འཕགས་མཆོགྎ བཀྲ་ཤིསྎ སུ་ཝརྞ་ཙཀྲྎ འོད་ཅན་མཐོན་མཐིང་བཅུ་དྲུག་ལང་ཚོ་མ། །རིན་ཆེན་འདབ་བརྒྱ་བཟུང་ནས་རོལ་རྩེད་ཀྱིས། །འཕགས་མཆོགྎ བཀྲ་ཤིསྎ པདྨ་ཀུནྫ་རྎ རྣམ་རྒྱལ་སྔོ་སྐྱ་འདོད་པའི་དབྱངས་མཁན་མ། །རྒྱལ་མཚན་བསྒྲེང་ཞིང་ག་མ་ཀས་བཅིང་གླུས། །འཕགས་མཆོགྎ བཀྲ་ཤིསྎ ཀུནྡྷ་དྷྭ་ཛྎ མདངས་ལྡན་ལི་ཁྲིའི་རྡུལ་འཆང་མིག་ཡངས་མ། །མུ་ཏིག་གདུགས་དཀར་བསྐོར་ཞིང་ཟུར་མིག་མདས། །འཕགས་མཆོགྎ བཀྲ་ཤིསྎ སི་ཏ་ཏ་པ་ཏྲྎ དཀར་ཤམ་མཚམས་སྤྲིན་མདོག་ཅན་གཟུགས་མཛེས་མ། །གཏེར་གྱི་བུམ་པས་ལག་བྲེལ་རྩེད་འཇོ་ཡིས། །འཕགས་མཆོགྎ བཀྲ་ཤིསྎ ནི་དྷི་གྷ་ཊྎ དྲི་མེད་མརྒད་མདངས་ལྡན་དཔལ་ལྡན་མ། །གཡས་སུ་འཁྱིལ་བའི་དུང་བསྣམས་འཇོ་སྒེག་གིས། །འཕགས་མཆོགྎ བཀྲ་ཤིསྎ ཤངྑ་ཝརཀྵྼྎ ཡིད་གཞུང་རྨ་བྱའི་མགྲིན་འདྲ་དགའ་སྐྱེད་མ། གསེར་གྱི་ཉ་འཛིན་འགྱིང་གཟུགས་གློག་འདྲ་བས། །འཕགས་མཆོགྎ བཀྲ་ཤིསྎ ཀ་ན་ཀ་མརཀྵྼྎ ཕྱི་མཆོད་དོ།། མཐོན་མཐིང་འོད་ཆགས་རྡོ་རྗེ་པི་ཝཾ་མ། །རྒྱུད་མང་སྙན་པའི་སྐད་ཀྱི་ཡིད་སྒྱུར་བྱེད། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །ཚེ་དཔག་མེད་ཁྱོད་རྡོ་རྗེའི་ཡིད་དགྱེས་མཛོད། །ཨོཾ་ཨཱཿབཛྭ་ཝི་ནི་ཧཱུྃ་ཧཱུྃ་ཕཊ྄ཿ མཆོག་གི་གསེར་མཚུངས་རྡོ་རྗེ་གླིང་བུ་མ། །སྙན་འགྱུར་རིན་ཆེན་གླིང་བུའི་སྒྲ་དབྱངས་ཅན། །རྡོ་རྗེ་རིགྎ ཚེ་དཔག་མེདྎ ཝཾ་ཤེྎ བིམ་པ་ལྟར་དམར་རྡོ་རྗེ་རྫ་རྔ་མ། །སྐད་སྙན་ལྷ་རྫས་བཟང་པོའི་རྫ་རྔ་འཁྲོལ། །རྡོ་རྗེ་རིགསྎ ཚེ་དཔགྎ མུ་རཉྫྱེྎ མརྒད་མདོག་མཚུངས་རྡོ་རྗེ་རྔ་ཆེན་མ། །རྔ་ཆེན་ཆེར་སྒྲོགས་ནམ་མཁའི་ཕྱོགས་ཀུན་འགེངས། །རྡོ་རྗེྎ ཚེ་དཔགྎ མྲྀ་ཏཾ་གེྎ པདྨ་རཱ་གའི་མདངས་ལྡན་བཞད་པ་མོ། །འཛུམ་ཞལ་དགྱེས་པའི་བཞིན་གྱིས་ཀུན་དགའ་བསྐྱེད། །རྡོ་རྗེྎ ཚེྎ ཧ་ཀྵྼྎ མཐོན་ཀ་ཆེན་པོའི་འོད་འཛིན་རབ་སྒེག་མ། །རྡོ་རྗེ་དྲིལ་འཆང་དཀུར་བརྟེན་སྙེམ་པའི་ཚུལ། །རྡོ་རྗེྎ ཚེྎ ལཱ་ཀྵྼྎ བཙོ་མའི་གསེར་མདོག་རྡོ་རྗེ་གླུ་དབྱངས་མ། །ཤེས་རབ་དབྱངས་སྙན་རྣ་བའི་བཅུད་ལེན་མཁན། །རྡོ་རྗེྎ ཚེྎ གིརྟིྎ རྨ་བྱའི་སྤུ་ལྟར་སྔོ་ལྗང་གར་མཁན་མ། །མཉེན་ལྕུག་ཡན་ལག་མཆོག་གི་བྲོ་གར་བསྒྱུར། །རྡོ་རྗེྎ ཚེྎ ནིཏྟིྎ སྟོན་ཟླ་ལྟར་དཀར་རྡོ་རྗེ་མེ་ཏོག་མ། །ལྷ་རྫས་མེ་ཏོག་བྱེ་བའི་ཆར་འབེབས་བྱེད། །རྡོ་རྗེྎ ཚེྎ པུཥྤེྎ སྔོ་སྐྱ་དུད་སྤྲིན་རྡོ་རྗེ་བདུག་པ་མ། །མཁའ་ཁྱབ་དྲི་ཞིམ་བདུག་པའི་སྤོས་སྤྲིན་ཅན། །རྡོ་རྗེྎ ཚེྎ དྷཱུ་པེྎ གུར་གུམ་གཞོན་ནུའི་ལུས་ཅན་སྣང་གསལ་མ། །རིན་ཆེན་སྣང་བས་ཕྱོགས་བཅུའི་མུན་སེལ་བྱེད། རྡོ་རྗེྎ ཚེྎ ཨཱ་ལོ་ཀེྎ །འཆར་ཀའི་མདངས་ལྟར་དམར་སྐྱ་བྱུག་པ་མ། །ལེགས་སྦྱར་དྲི་མཆོག་དགེ་བས་རྙོག་པ་སེལ། །རྡོ་རྗེྎ ཚེྎ གནྡྷེྎ ཁ་བ་དུང་ལྟར་རྣམ་དཀར་གཟུགས་ཅན་མ། །རྣམ་དག་རིན་ཆེན་དངུལ་དཀར་མེ་ལོང་གཡོབ། །རྡོ་རྗེྎ ཚེྎ རཱུ་པྎ ལེབ་རྒན་རྩི་ལྟར་ལུས་དམར་རོ་ལྡན་མ། །བདུད་རྩིའི་བཅུད་ལྡན་ལྷ་ཡི་ཞལ་ཟས་འཛིན། །རྡོ་རྗེྎ ཚེྎ རཱ་ཀྵྼེྎ དཱུར་བའི་འདབ་ལྟར་ལྗང་སེར་རེག་བྱ་མ། །རེག་པའི་བདེ་བ་མཆོག་སྟེར་ན་བཟའ་འཛིན། རྡོ་རྗེྎ ཚེྎ སྤརྴེྎ ཀུནྡ་ཀུ་མུཏ་རྒྱས་འདྲ་ཆོས་དབྱིངས་མ། །རྒྱལ་བ་ཀུན་བསྐྱེད་སྐྱེ་གནས་ཕྱག་རྒྱ་ཅན། །རྡོ་རྗེྎ ཚེྎ དྷརྨ་དྷཱ་ཏུྎ དཀྱིལ་འཁོར་མདུན་གྱི་བདུད་རྩི། ཨོཾ་མ་དག་པ་སྦྱངས། ཨཱཿམང་པོར་སྤེལ། ཧཱུྃ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་དུ་སྦར། ཧོཿཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་གྱུར། ཨོཾ་ཨཱཿཧཱུྃ། ཧོཿ ལན་གསུམ། རྒྱལ་བ་ཚེ་དང་འོད་སྣང་མཐའ་ཡས་ཞལ་དུ་སརྦ་པཉྩྨ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་གཅིག་གྲུབ་པའི་རྒྱལ་མོའི་ཞལ་དུྎ གྲུབ་བརྙེས་བཛྭ་ཀིརྟིའིྎ རྗེ་བཙུན་བཞད་པ་རྡོ་རྗེའིྎ ཆོས་རྒྱལ་ཟླ་འོད་གཞོན་ནུའིྎ འགྲོ་མགོན་ཕག་མོ་གྲུ་པའིྎ གྲུབ་ཐོབ་པདྨ་བཛྭྎ གདུང་དང་ན་བཟའི་མཚན་ཅནྎ མཉམ་མེད་སེངྒེའི་མཚན་དགུའིྎ སྤྲུལ་སྐུ་རིགས་གསུམ་རྣམ་འཕྲུལྎ རྒྱལ་དབང་ཀུན་དགའ་དཔལ་འབྱོརྎ འབྲུག་ཆེན་ངག་དབང་ཆོས་རྒྱལྎ ཀུན་མཁྱེན་ངག་དབང་ནོར་བུའིྎ གྲུབ་བརྙེས་ངག་དབང་བཟང་པོའིྎ རྒྱལ་བ་དཔག་བསམ་དབང་པོའི་ཡོངས་འཛིན་ཀུན་དགའ་ལྷུན་གྲུབྎ མི་ཕམ་ཆོས་ཀྱི་དབང་ཕྱུགྎ མཆོག་སྤྲུལ་ཆོས་རྒྱལ་དཔལ་བཟངྎ ངག་དབང་ཀུན་དགའ་བསྟན་འཛིནྎ འདྲེན་མཆོག་ཆོས་རྒྱལ་རྒྱ་མཚོའིྎ བསྟན་འཛིན་ཆོས་ཀྱི་ཉི་མའིྎ རྒྱལ་དབང་ཆོས་ཀྱི་སྣང་བའིྎ མི་ཕམ་འཇམ་དཔལ་རྡོ་རྗེའིྎ རྗེ་བཙུན་སྒྲུབ་བརྒྱུད་ཉི་མའིྎ དྲིན་ཆེན་རྩ་བའི་བླ་མའིྎ རིས་མེད་རྒྱ་བོད་བླ་མའིྎ ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་སརྦ་པཉྩྨ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨོཾ་ཧཱུྃ་བྷྲཱུྃ་བཛྭྎ ཨོཾ་སྭཱ་བྷྲཱུྃ་བཛྭྎ ཨོཾ་ཨོཾ་བྷྲཱུྃ་བཛྭྎ ཨོཾ་ཨཱཿབྷྲཱུྃ་བཛྭྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནིཥཙི་ཏ་ཏེ་ཛྷ་ར་ཛ་ཡ་སརྦྎ ཨོཾ་ཧཱུྃ་བྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེྎ ཨོཾ་སྭཱ་བྷྲཱུྃ་རཏྣ་བཛྭ་ཛྙྱཱ་ནྎ ཨོཾ་ཨོཾ་བྷྲཱུྃ་པདྨ་བཛྭ་ཛྙྱཱྎ ཨོཾ་ཨཱཿབྷྲཱུྃ་ཀརྨྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནིཥཙི་ཏ་ཏེ་ཛོ་རཱ་ཛ་ཡ་སརྦྎ ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནི་སརྦ་པཉྩྨ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ནང་མཆོད་དོ།། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཞལ་དུྎ གནས་གསུམ་དཔའ་བོ་མཁའ་འགྲོའི་ཞལ་དུྎ བསྟན་སྲུང་དམ་ཅན་རྒྱ་མཚོའིྎ གཞན་ཡང་མཆོད་འོས་རྒྱ་མཚོའིྎ ཁ་རཾ་ཁཱ་ཧི། མཛེས་མ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིག་པའི་བརཏལ་ཞུགས་མཐར་ཕྱིན་ཤོག ཡུམ་དང་རྗེས་སུ་ཆགས་པ་མཛད་པས་བདེ་སྟོང་ཆེན་པོའི་རང་བཞིན་དུ་གྱུར། གསང་མཆོད་དོ།། རང་རྫས་མཛེས་པ་ཉིད་ཀྱི་རྫས། །སྟོང་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོའི་རྒྱུ་དེ་ཡིས། །ཐམས་ཅད་སྟོང་པ་མངོན་སུམ་དུ། །བྱས་ལ་བདེ་ཆེན་སྐད་ཅིག་གིས། །རྫོགས་པར་བྱས་ལ་མཆོད་པར་བྱ། དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །བསྟོད་པ་ནི། གང་གི་དྲིན་གྱི་མཐར། སྲཱིཿ འགྲོ་ལ་རྗེས་སུ་ཆགས་པ་དམར་བའི་སྐུ།། སོགས་གོང་ལྟར་གྱིས། ཡིན་ཤེས་གཉིས་མེད་དད་པས་ཕྱག་འཚལ་ལོ།། དེ་ནས་ཚེ་འགུག་བྱ་བ་ནི། བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པ་བཞིས་མདའ་དར་གཡོབ་ཅིང་། ཤར་གྱི་སྒོ་མ་རྡོ་རྗེ་ལྕགས་ཀྱུ་མ།། ཅེས་སོགས་གོང་གི་བདག་བསྐྱེད་སྐབས་ལྟར་གྱི་ཚེ་འགུག་རྫོགས་པའི་བར་འདིར་བྱ། གཙོ་བོ་དང་འཁོར་གྱི་ལྷ་རེ་རེའི་ཐུགས་ཀར་ཚེ་ཡི་བུམ་པ་རང་རིགས་ཀྱི་ཕྱག་མཚན་དང་མཐུན་པའི་ནང་དུ། །གཙོ་བོ་རྣམས་ལ། སྲཱིཿཧཱུྃ་ཏྲཱཾ་བྷྲཱུྃ་ཨཱཿ རང་རང་གི་སྔགས་ཀྱིས་བསྐོར་བ། ཡུམ་ལྔ་ལ། པཱཾ་མཱཾ་ཏྲཱཾ་ལཱཾ་ཏཱཾ། ཡུམ་སྔགས་ཀྱིས་བསྐོར་བ། སེམས་དཔའ་རྣམས་ལ། ཧཱུྃ་ཏྲཱཾ་བྷྲཱུྃ་ཨཱཿ ཡབ་སྔགས་ཀྱིས་བསྐོར་བ། མཆོད་ལྷར། མཱཾ་ཏྲཱཾ་ལཱཾ་ཏཱཾ། ཡུམ་སྔགས་ཀྱིས་བསྐོར་བ། སྒོ་མ་ལ། ཛཿཧཱུྃ་བྃ་ཧོཿ རང་སྔགས་ཀྱིས་བསྐོར་བ། དེ་ལྟར་ས་བོན་སྔགས་ཕྲེང་གསལ་བ་ལས་བདུད་རྩི་ཆི་ལི་ལི་བབ་པས་བུམ་པ་གང་བར་གྱུར། ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཧཱུྃ་བྷྲཱུྃ་བཛྭ་ཛྙྱཱྎ ཨོཾ་སྭཱ་བྷྲཱུྃ་བཛྭྎ ཨོཾ་ཨོཾ་བྷྲཱུྃ་བཛྭྎ ཨོཾ་ཨཱ་བྷྲཱུྃ་བཛྭྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙྱཱ་ན་སུ་བི་ནིཥཙི་ཏ་ཏེ་ཛྷ་ར་ཛ་ཡ། ཨོཾ་ཧཱུྃ་བྷྲཱུྃ་བཛྭྎ ཨོཾ་སྭཱ་བྷྲཱུྃ་རཏྣྎ ཨོཾ་ཨོཾ་བྷྲཱུྃ་པདྨྎ ཨོཾ་ཨཱ་བྷྲཱུྃ་ཀརྨྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནིཥཙི་ཏ་ཏེ་ཛྷ་རཱ་ཛ་ཡ། ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནི་སྭཱ་ཧཱ། སྤྲོ་ན་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་འདོན་པ་མི་འགལ་ཤིན་ཏུ་ལེགས། སྔགས་ཕྲེང་རྣམས་ཞུ་བ་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པས་དེ་ཁོལ་ཞིང་ལུད་ཆེས་ཆེར་འཕེལ་བས་ལྷ་སོ་སོའི་སྐུ་ཐམས་ཅད་གང་བར་གྱུར།། ༈ བུམ་བསྐྱེད་ནི། དེ་ནས་བུམ་པ་བཟང་པོ་ལྔ་ལས་བུམ་དང་དྲུག་གམ། ཤིན་ཏུ་སྤྲོས་པ་བསྐྱུང་ན་གཉིས་ཀྱང་རུང་། དེ་ལ་ཕྱག་མཚན་བཀོད། བུམ་སྨན་ཉེར་ལྔ་བཏབ་པའི་ཆུས་སུམ་གཉིས་དགང་། མགུལ་ཆིང་དང་ཁ་རྒྱན་འབྲས་བུ་བཟང་པོ་ཅན་གྱི་ཤིང་ལོའམ་ཀུ་ཤས་བརྒྱན། སྣ་ཚོགས་པདྨའམ་རས་སམ་ཀུ་ཤའི་གདན་ལ་གོ་རིམ་བཞིན་བཀོད། མཆོད་པ་དང་བདུད་རྩི་གཏོར་མ་རྣམས་བཤམས་ལ། ཨོཾ་བཛྭ་ཀྲོ་དྷ་་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུྃ་ལས་ཕྱི་བུམ་པ་ནང་གཞལ་ཡས་ཁང་དུ་པདྨའི་སྡོང་པོའི་ལྟེ་བར་ཨཱཿལས་ཟླ་བ། རཾ་ལས་ཉི་མ། སྟེང་དུ་པདྨ་སྲཱིཿདང་པཾ་གྱི་མཚན་པ་དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེའི་བར་ཆད་བསལ། ཐར་པ་ལ་བཀོད། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་ཏེ། དེ་དག་གི་བྱིན་རླབས་བསྡུས་ཏེ་སྲཱིཿལ་ཐིམ་ནས་ཞུ་བའི་ཐིག་ལེ་ལས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལི་ཁྲིའི་ཁུ་བ་ལྟ་བུར་དམར་བ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་བ་མེད་པ་ཚེའི་བདུད་རྩིས་གང་བའི་པདྨ་རཱ་གའི་བུམ་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་བསྣམས་ཏེ་ཡུམ་ལ་འཁྱུད་པ་ཤིན་ཏུ་ཞི་ཞིང་མཚན་དང་དཔེ་བྱད་གསལ་ལ་རྫོགས་པས་ལྟ་བའི་མིག་ངོམ་པ་མེད་པའི་སྐུ། ཟུར་ཕུད་ཀྱི་རྩེར་ཡིད་བཞིན་གྱི་ནོར་བུ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་དང་དར་ཟབ་ཀྱིས་ལེགས་པར་བརྒྱན་པ། འོད་ཟེར་གྱི་སྣང་བ་མཐའ་ཡས་པ་འགྱེད་ཅིང་རྡོ་རྗེ་སྐྱིལ་ཀྲུང་གིས་ཟླ་ཉི་ལ་བཞུགས་པ། དེའི་པང་ན་ཡུམ་གོས་དཀར་མོ་དམར་མོ་གཡས་པདྨ་དང་གཡོན་ཚེ་བུམ་འཛིན་པས་ཡབ་ཀྱི་མགུལ་དང་། ཞབས་པདྨའི་གདན་གྱི་སྐེད་པ་ནས་འཁྲིལ་བ། མཚར་སྡུག་ཡིད་ཀྱིས་བྲིས་པ་ལྟ་བུར་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བརྒྱད་གཉིས་ཀྱི་ལང་ཚོ་ལ་གནས་པའོ། །ཤར་གྱི་འདབ་མར་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་ཚེ་དཔག་མེད་སྔོན་པོ་མཉམ་བཞག་གི་སྟེང་ན་བཻཌཱུརྻའི་ཚེ་བུམ་བསྣམས་པ། ལྷོར་རིན་པོ་ཆེ་ཏྲཱྃ་གིས་མཚན་པ་ལས་རིན་འབྱུང་ཚེ་དཔག་མེད་སེར་པོ་མཉམ་བཞག་གི་སྟེང་ན་གསེར་གྱི་ཚེ་བུམ་བསྣམས་པ། ནུབ་ཏུ་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་ཚེ་དཔག་མེད་དཀར་པོ་མཉམ་བཞག་གི་སྟེང་ན་ཤེལ་གྱི་ཚེ་བུམ་བསྣམས་པ། བྱང་དུ་རལ་གྲི་ཨཿས་མཚན་པ་ལས་དོན་གྲུབ་ཚེ་དཔག་མེད་ལྗང་ཁ་མཉམ་བཞག་གི་སྟེང་ན་ཨིནྡྲ་ནཱི་ལའི་ཚེ་བུམ་བསྣམས་པ་ཤིན་ཏུ་ཞི་ཞིང་མཚན་དང་དཔེ་བྱད་གསལ་ལ་རྫོགས་པས་ལྟ་བའི་མིག་ངོམ་པ་མེད་པའི་སྐུ། ཟུར་ཕུད་ཀྱི་རྩེར་ཡིད་བཞིན་གྱི་ནོར་བུ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་དང་དར་ཟབ་ལེགས་པར་བརྒྱན་པ། འོད་ཟེར་གྱི་སྣང་བ་མཐའ་ཡས་པ་འགྱེད་ཅིང་རྡོ་རྗེ་སྐྱིལ་ཀྲུང་གིས་ཟླ་ཉི་ལ་བཞུགས་པ། ཤར་ལྷོར་མཱཾ་ལས་མཱ་མ་ཀི་སྔོ་བ་གཡས་རྡོ་རྗེ། ལྷོ་ནུབ་ཏུ་ཏྲཱྃ་ལས་སྒྲོལ་མ་གསེར་མདོག་གཡས་རིན་པོ་ཆེ། ནུབ་བྱང་དུ་ལཾ་ལས་སངས་རྒྱས་སྤྱན་མ་དཀར་མོ་གཡས་འཁོར་ལོ། བྱང་ཤར་དུ་ཏཱྃ་ལས་དམ་ཚིག་སྒྲོལ་མ་ལྗང་སྔོན་གཡས་རལ་གྲི། །ཐམས་ཅད་ཀྱང་གཡོན་ཚེ་བུམ་འཛིན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་མཚར་སྡུག་ཡིད་ཀྱིས་བྲིས་པ་ལྟ་བུར་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བརྒྱད་གཉིས་ཀྱི་ལང་ཚོ་ལ་གནས་པའོ། །ཤར་དུ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་བཞི་མཐིང་ག་གཡས་རྡོ་རྗེ། ལྷོར་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ལས་རིན་ཆེན་སེམས་དཔའ་བཞི་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་ཨོཾ་ཨོཾ་ཨོཾ་ཨོཾ་ལས་རྣམ་སྣང་སེམས་དཔའ་བཞི་དཀར་པོ་གཡས་འཁོར་ལོ། བྱང་དུ་ཨཱ་ཨཱ་ཨཱ་ཨཱ་ལས་ལས་ཀྱི་སེམས་དཔའ་བཞི་ལྗང་ཁ་གཡས་རལ་གྲི། ཐམས་ཅད་ཀྱིས་གཡོན་ཚེ་བུམ་འཛིན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ལྷའི་དབང་ཕྱུག་ལྟ་བུར་མཛེས་ཤིང་རྒྱན་ཐམས་ཅད་དང་དར་ཟབ་ཀྱིས་ལྷབ་ལྷུབ་ཏུ་སྤྲས་པའོ། །ཕྱི་ཡི་གྲ་བཞིའི་མེར་མཱཾ་ལས་བདུག་སྤོས་མ་སྔོ་སངས། བདེན་བྲལ་དུ་ཏྲཱཾ་ལས་མར་མེ་མ་གུར་གུམ་གྱི་མདོག རླུང་དུ་ལཾ་ལས་མེ་ཏོག་མ་དཀར་མོ། །དབང་ལྡན་དུ་ཏཾ་ལས་དྲི་ཆབ་མ་དམར་སྐྱ། ཤར་དུ་ཛཿལས་ལྕགས་ཀྱུ་མ་དཀར་མོ། །ལྷོར་ཧཱུྃ་ལས་ཞགས་པ་མ་སེར་མོ། ནུབ་ཏུ་བྃ་ལས་ལྕགས་སྒྲོག་མ་དམར་མོ། བྱང་དུ་ཧོཿལས་དྲིལ་བུ་མ་ལྗང་ཁུ། བརྒྱད་པོ་ཕྱག་གཡས་རང་མིང་གི་ཕྱག་མཚན་འཛིན་ཅིང་གཡོན་པ་དཀུར་བརྟེན་པ། ལྷའི་ན་ཆུང་མཚར་མོ་རྒྱན་དང་གོས་ཀྱི་མཛེས་པ་འཁྲིལ་ལྡེམ་གྱི་ཚུལ་དུ་བཞུགས་པ། ལས་ཐམས་ཅད་པར་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རྩ་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗང་འགྱུར་བ། སྤྱན་གསུམ་པ། དབུ་སྐྲ་དང་སྨིན་མ་དང་། སྨ་ར་སེར་པོ། སྟེང་དུ་རྟ་ཞལ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། ཕྱག་གཡས་རྡོ་རྗེའི་དབྱུག་ཐོ་འཕྱར་བས་བགེགས་དང་འབྱུང་པོ་མ་ལུས་པ་འཇོམས་ཤིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པའི་རྩེར་མེ་འབར་བས་གནོད་བྱེད་པ་ལུས་པ་བསྲེག་པ། མི་མགོ་སྐམ་པོ་ལྔའི་ཅོད་པཎ་དང་། རློན་པ་ཁྲག་འཛག་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་དང་། རུས་པའི་ཕྱག་རྒྱ་ལྔ་དང་། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། གླང་པོ་ཆེའི་ཀོ་བ་དང་། མི་ཡི་པགས་པས་སྟོད་གཡོགས་པ། སྟག་ལྤགས་རློན་པས་སྨད་དཀྲིས་པ། ཅིས་ཀྱང་མི་ཚུགས་པ་རྡོ་རྗེའི་རང་བཞིན་གཤིན་རྗེའི་གཟུགས་ལྟ་བུའི་སྐུ་ལས་བསྐལ་པའི་མེའི་ཕུང་པོ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་དམར་འུར་འུར་འཕྲོ་བ་ཞབས་གཡས་བསྐུམ་གཡོན་བརྐྱང་བས་བདུད་བཞི་བརྫིས་ཏེ་པདྨ་དང་ཉི་མ་ལ་བཞུགས་པ། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ནས་སྒོམ་པ་ཇི་ལྟ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །གདོད་ནས་དག་པ་ཐུགས་རྗེའི་གཟུགས། །ནམ་མཁའ་ལ་ནི་འཇའ་ཚོན་ལྟའི། །གསུང་གི་དབང་ཕྱུག་ཚེ་དཔག་མེད། །རང་བཞིན་ལྷུན་གྲུབ་གཞལ་ཡས་ནས། །ཏིང་འཛིན་གཟུགས་བརྙན་དཀྱིལ་འཁོར་འདིར། །འགྲོ་བའི་དོན་ཏུ་སྤྱན་འདྲེན་ན། །ཚེ་ཟད་ཚེ་ཉམས་གསོ་བའི་ཕྱིར། །མྱུར་བ་ཉིད་དུ་གཤེགས་སུ་གསོལ། །རྡོ་རྗེ་རིན་ཆེན་རྣམ་སྣང་དང་། །ལས་ཀྱི་རིགས་མཆོག་ཚེ་དཔག་མེད། །ཡུམ་བཞི་སེམས་དཔའ་བཅུ་དྲུག་དང་། །མཆོད་པའི་ལྷ་མོ་སྒོ་མར་བཅས། །ཚེ་དང་ཡེ་ཤེས་རྒྱས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་གི་དད་པས་སྤྱན་འདྲེན་ན། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བའི་རྒྱུན་གྱིས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ཕུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པར་མཛད་པས་དབང་བསྐུར། ལུས་གང་དྲི་མ་དག ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རང་རིགས་ཀྱི་བདག་པོ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས། །ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུག །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཙནྡ་གུར་གུམ་སྦྱར་བ་ཡི། །དྲི་མཆོག་བྱུག་སྤོས་དམ་པ་འདི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། དྷུ་པེྎ མར་མེ་འོད་བཟང་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་བྱེད་ཅིང་། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ་བཞེས་སུ་གསོལ། དཱི་པཾྎ སྣ་ཚོགས་ལྷ་ཡི་དྲི་དང་ལྡན། །སྣ་ཚོགས་ག་པུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུྃ་ལས་ཡང་དག་བྱུང་། །དྲི་མཆོག་འདི་དག་བཞེས་སུ་གསོལ། གནྡྷེྎ ཁ་དོག་དྲི་དང་རོ་ལྡན་པ། །བཟའ་བའི་བྱེ་བྲག་སྣ་ཚོགས་པ། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུ་བཞེས་སུ་གསོལ། ནཻ་ཝི་དྱྎ པ་ཏྲ་ཧ་དང་ཅང་ཏེའུ་དང་། །རྔ་དང་དུང་སོགས་སྒྲ་དབྱངས་དང་། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་པ། །ཚེ་དཔག་མེད་པའི་ཚོགས་ལ་འབུལ། ཤཔྟྎ ཞིང་འདིར་རྒྱལ་སྲིད་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་འཇོ་བའི་ཕྱིར། །ཉིན་བཞིན་ཤེས་རབ་ཅན་གྱིས་མཆོད། ཨོཾ་ཨཱཿརཏྣ་སཔྟ་ཧཱུྃ་ཧཱུྃ་ཕཊ྄། རབ་མཛེས་ལྟ་བས་མིང་ངོམ་ལང་ཚོ་ཅན། །དགའ་བའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་མ། །རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཝི་ནི་ཧཱུྃ་ཧཱུྃ་ཕཊ྄། ཝཾ་ཤེྎ མུ་རཉྫྱེྎ མྲྀ་ཏཾ་གེྎ རབ་མཛེསྎ མཆོག་དགའི་ཉམསྎ བཞད་དང་དྲེགས་ལྡན་གླུ་དབྱངས་གར་མཁན་མས། །རབ་འབྱམསྎ ཧ་ཀྵྼྎ ལཱ་ཀྵྼྎ གིརྟིྎ ནིརྟིྎ རབ་མཛེསྎ ཁྱད་དགའི་ཉམསྎ མེ་ཏོག་བདུག་པ་སྣང་གསལ་དྲི་ཆབ་མ། །རབ་འབྱམསྎ པུཥྤེྎ དྷུ་པེྎ ཨཱ་ལོ་ཀེྎ གནྡྷེྎ རབ་མཛེསྎ ལྷན་སྐྱེས་དགའ་བཞིསྎ གཟུགས་བཅུད་རེག་བྱ་ཆོས་དབྱིངས་རྡོ་རྗེ་མས། །རབ་འབྱམསྎ རཱུ་པྎ རཱ་ཀྵྼྎ སྤརྴེྎ དྷརྨ་དྷརཏྎ བུམ་པའི་བདུད་རྩི། ཨོཾ་མ་དག་པ་སྦྱངས། ཨཱཿམང་པོ་སྤེལ། ཧཱུྃ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་དུ་སྦར། ཧོཿཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་གྱུར། ཨོཾ་ཨཱ་ཧཱུྃ་ཧོཿ ལན་གསུམ། ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་སྭ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་བྷྲཱུྃ་བཛྭ་ཛྙྱཱ་ནྎ ཨོཾ་ཨཱ་ཧཱུྃ། ཨོཾ་སྭྎ ཨོཾ་ཨཱཿཧཱུྃྎ ཨོཾ་ཨོཾྎ ཨོཾ་ཨཱཿཧཱུྃྎ ཨོཾ་ཨཱཿྎ ཨོཾ་ཨཱཿཧཱུྃ། ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནིཥཙི་ཏ་ཏེ་ཛེ་རཱ་ཛ་ཡ། ཨོཾ་ཨཱཿཧཱུྃྎ ཨོཾ་ཧཱུྃ་བྷྲཱུྃ་བཛྭྎ ཨོཾ་ཨཱཿཧཱུྃ། ཨོཾ་སྭཱ་བྷྲཱུྃ་རཏྣྎ ཨོཾ་ཨཱཿཧཱུྃ། ཨོཾ་ཨོཾ་བྷྲཱུྃ་པདྨྎ ཨོཾ་ཨཱཿཧཱུྃ། ཨོཾ་ཨཱ་བྷྲཱུྃ་ཀརྨྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནིཥཙི་ཏ་ཏེ་ཛོ་རཱ་ཛ་ཡ། ཨོཾ་ཨཱཿཧཱུྃ། ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནི་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཡུམ་དང་རྗེས་སུ་ཆགས་པར་མཛད་པའི་བདེ་སྟོང་ཆེན་པོའི་རང་བཞིན་དུ་གྱུར། རང་རྫས་མཛེས་པ་ཉིད་ཀྱི་རྫས། །སྟོང་དང་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོ་རྒྱུ་དེ་ཡིས། །ཐམས་ཅད་སྟོང་པ་མངོན་སུམ་དུ། །བྱས་ལ་བདེ་ཆེན་སྐད་ཅིག་གིས། །རྫོགས་པར་བྱས་ལ་མཆོད་པར་བྱ།། བསྟོད་པ་ནི། སྲཱིཿ འགྲོ་ལ་རྗེས་སུ་ཆགས་པ་དམར་བའི་སྐུ།། སོགས་གོང་ལྟར། ཡིན་ཤེས་གཉིས་མེད་དད་པས་ཕྱག་འཚལ་བསྟོད།། ལས་བུམ་ལ། སྲཱིཿལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་བསྲེག །བདུད་བཞི་རྣམ་པར་འཇོམས་མཛད་པའི། །དཔའ་བོ་རྟ་མགྲིན་ཕྱག་འཚལ་བསྟོད།། ཅེས་བསྟོད། བཟླས་པ་ནི། གཙོ་བོ་རྣམས་ལ། སྲཱིཿཧཱུྃ་ཏྲཱྃ་བྷྲཱུྃ་ཨཱཿ རང་རང་སྔགས་ཀྱིས་བསྐོར་བ། ཡུམ་ལྔ་ལ། པཾ་མཾ་ཏྲཱཾ་ལཾ་ཏཱཾ། ཡུམ་སྔགས་ཀྱིས་བསྐོར་བ། སེམས་དཔའ་རྣམས་ལ། ཧཱུྃ་ཏྲཱཾ་བྷྲཱུྃ་ཨཱཿ རིགས་ཀྱི་སྔགས་ཀྱིས་བསྐོར་བ། མཆོད་ལྷར། མཾ་ཏྲཱཾ་ལཾ་ཏཱཾ། ཡུམ་སྔགས་ཀྱིས་བསྐོར་བ། སྒོ་མ་ལ། ཛ་ཧཱུྃ་བྃ་ཧོཿ རང་སྔགས་ཀྱིས་བསྐོར་བ། དེ་ལྟར་ས་བོན་སྔགས་ཕྲེང་གསལ་བ་ལས་བདུད་རྩི་ཆི་ལི་ལི་བབ་པས་བུམ་པ་གང་བར་གྱུར། ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛཱ་ན་ཨ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཧཱུྃ་བྷྲཱུྃྎ ཨོཾ་སྭ་བྷཱུྃྎ ཨོཾ་ཨོཾ་བྷྲཱུྃྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནིཥཙི་ཏ་ཏེ་ཛྷ་རཱ་ཛ་ཡ། ཨོཾ་ཧཱུྃ་བྷྲུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་སྭཱ་ཧཱ། ཨོཾ་སྭ་བྷྲཱུྃ་རཏྣྎ ཨོཾ་ཨོཾ་བྷྲཱུྃ་པདྨྎ ཨོཾ་ཨཱཿབྷྲཱུྃ་ཀརྨྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནིཥཙི་ཏ་ཏེ་ཛོ་རཱ་ཛ་ཡ། ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནི་སྭཱ་ཧཱ། སྔགས་ཕྲེང་རྣམས་ཞུ་བ་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པས། དེ་ཁོལ་ཞིང་ལུད་ཆེས་ཆེར་འཕེལ་བས་ལྷ་སོ་སོའི་སྐུ་ཐམས་ཅད་གང་། མཐར་རྣམ་པར་རྒྱལ་བའི་ལྷ་རྣམས་འོད་དུ་ཞུ་ནས་བུམ་ཆུ་ལ་ཐིམ་པར་གྱུར། ལས་བུམ་བཟླས་པ་ནི། ཨོཾ་བཛྭ་ཀྲོ་དྷ་་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། ཅི་རིགས་འདོན། རྟ་མགྲིན་གཏོར་མ་ཆབ་ཀྱིས་བྲན་ལ། ཨོཾ་སྭ་བྷཱ་ཝ། སོགས་ཀྱིས་གཏོར་མ་སྦྱངས། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་བཛྭ་ཀྲོ་དྷ་་གྲྀ་ཝ་ཧུ་ལུ་ཧུ་ལུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། བར་ཆད་བསྲུང་བའི་ཕྱིར་དཀྱིལ་འཁོར་གྱི་བྱང་ཤར་དུ་ལས་མ་རྫོགས་ཀྱི་བར་དུ་བཞུགས་པར་གྱུར། བུམ་པའི་ཆོ་གའོ། །ཐུན་མཚམས་སུ་བཟའ་བཅའ་བཏུང་བ་སྣ་ཚོགས་པའི་གཏོར་མ་ཆང་བཞིན་བྱིན་གྱིས་བརླབས་པ་སྟེ། ཨོཾ་མ་དག་པ་སྦྱངས། ཨཱཿམང་པོར་སྤེལ། ཧཱུྃ་བདུད་རྩི་ལྔ་དང་སྒྲོལ་མ་ལྔའི་རང་བཞིན་དུ་སྦར། ཧོཿཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་ཆེན་པོ་ཕྱོགས་སྐྱོང་བཅུའི་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། །ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་ཧཱུྃ་བྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུྎ ཨོཾ་སྭྎ ཨོཾ་ཨོཾྎ ཨོཾ་ཨཱྎ ཨོཾ་བྷྲཱུྃ་ཨ་པ་རི་མི་ཏྎ ར་ཛ་ཡ་ཨི་དམྎ ཨོཾ་ཧཱུྃ་བྷྲཱུྃྎ ཨོཾ་སྭྎ ཨོཾ་ཨོཾྎ ཨོཾ་ཨཱཿྎ ཨོཾ་བྷྲཱུྃ་ཨ་པ་རི་མི་སོགས། རཱ་ཛ་ཡ་ཨི་དཾྎ ཨ་པ་རི་མི་ཏ་ཨ་ཡུར་ཛྙྱཱ་ན་སུ་བི་ནི་ཨི་དཾྎ རེ་རེ་ལ་ལན་གསུམ་གྱིས་ལྷ་ཚོགས་རྣམས་ལ་ཕུལ། བདག་དང་སེམས་ཅན་ཐམས་ཅད་ལ་འཆི་མེད་རྡོ་རྗེའི་ཚེ་དང་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དུས་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཨ་ཀཱ་རོ་སོགས་ལན་གསུམ་གྱིས་འཇིག་རྟེན་པར་ཕུལ། ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་གྲུབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ།། ཞེས་འདོད་དོན་གསོལ། གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་རང་ལ་ཐིམ། །འཇིག་རྟེན་པ་རང་གནས་སུ་གཤེགས་པར་གྱུར། དེ་ནས་བདག་འཇུག་ནི། སློབ་མ་ལ་བསྐུར་བའི་རིམ་པ་ཇི་ལྟ་བས་ཏེ། ཨོཾ་བཛྭ་ཨུརྒ་ར་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཕྱེ་བའི་ཤར་སྒོ་ནས་ཞུགས་ཏེ་ཤར་ཁྱམས་སུ་འཁོད་པར་བསམ་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས། བགེགས་གཏོར་ནི། གཏོར་མ་ཨོཾ་ཨཱཿཧཱུྃ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། དཀྱིལ་འཁོར་ས་གཞི་ལ་གནས་པའི། །ལྷ་དང་ལྷ་མིན་བགེགས་ཚོགས་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པ་གདོན་མི་ཟ། །དེ་བས་ཁྱོད་རྣམས་གཞན་དུ་དེངས། རྟ་སྔགས་དང་། སུམ་བྷ་ནིས་བསྐྲད། བསྲུང་འཁོར་གསལ་འདེབས་པ་ནི། ཁྲོ་བོའི་རྒྱལ་པོ་རྟ་མཆོག་རྩ་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྱུར་བ། སྤྱན་གསུམ་པ། དབུ་སྐྲ་དང་། སྨིན་མ་དང་སྨ་ར་སེར་པོ། སྟེང་དུ་རྟ་ཞལ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། ཕྱག་གཡས་རྡོ་རྗེའི་དབྱུག་ཐོ་འཕྱར་བས་བགེགས་དང་འབྱུང་པོ་མ་ལུས་པ་འཇོམས་ཤིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པའི་རྩེར་མེ་འབར་བས་གནོད་བྱེད་མ་ལུས་པ་བསྲེག་པ། མི་མགོ་སྐམ་པོ་ལྔའི་ཅོད་པཎ་དང་རློན་པ་ཁྲག་འཛག་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་དང་། རུས་པའི་ཕྱག་རྒྱ་ལྔ་དང་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། གླང་པོ་ཆེའི་ཀོ་བ་དང་། མིའི་པགས་པས་སྟོད་གཡོགས་པ། སྟག་ལྤགས་རློན་པས་སྨད་དཀྲིས་པ། ཅིས་ཀྱང་མི་ཚུགས་པ་རྡོ་རྗེའི་རང་བཞིན་གཤིན་རྗེའི་གཟུགས་ལྟ་བུའི་སྐུ་ལས་བསྐལ་པའི་མེའི་ཕུང་པོ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་དམར་འུར་འུར་འཕྲོ་བ་ཞབས་གཡས་བསྐུམ་གཡོན་བརྐྱང་བས་བདུད་བཞི་བརྫིས་ཏེ་པདྨ་དང་ཉི་མ་ལ་བཞུགས་པ། སྲིད་པ་གསུམ་ཟིལ་གྱིས་གནོན་པ་ནམ་མཁའི་ཁམས་ཁྱབ་པ་བཞིན་དུ་གྱུར། དེའི་ཐུགས་ཀར་པདྨ་དང་ཉི་ཟླའི་དབུས་སུ་སྲཱིཿ དེ་ལས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མཚོན་ཆ་སྣ་ཚོགས་པ་ཐོགས་པ་འཕྲོས་པས་ཕྱོགས་བཅུའི་བགེགས་བར་དུ་གཅོད་པའི་གདོན་འཆི་བདག་བདུད་ཀྱི་སྡེ་དཔུང་ཐམས་ཅད་ཀྱི་སྙིང་གར་ལྕགས་ཀྱུས་བཏབ། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མཉེས་ཏེ་བརྒྱལ་ཞིང་འབོག་པ་མཚོན་ཆ་སྣ་ཚོགས་ཀྱིས་བསད་གཏུབ་མེས་བསྲེགས་པས་ཐལ་བ་ཙམ་ཡང་མི་དམིགས་པར་གྱུར། འཇུག་ཡོན། ཨོཾ་བཛྭ་བྷཱུ་མི་ཨཱཿཧཱུྃ། སོགས་ནས། ཚང་ཞིང་ཡིད་དུ་འོང་བ་དང་བཅས་པ་འདི་ཉིད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་པ་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་ཞེས་སོགས་འབུལ། ཨོཾ་ཨཱཿཧཱུྃ། ཞེས་པས་མིག་དར་བཅིང་། བུ་ཁྱེད་སུ་ཡིན་ཅི་ལ་དགའ། དྲི། བདག་ནི་སྐལ་བཟང་རིགས་ཡིན་ནོ།། ཞེས་ལན་གདབ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ།། ལན་གསུམ། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཚེ་དཔག་མེད་པའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི།། གནང་བ་སྦྱིན་པར་གྱུར། ཨ་ཁཾ་ཝཱི་ར་ཧཱུྃ། ཞེས་མེ་ཏོག་གི་ཕྲེང་བ་བཟུང་། ཤར་སྒོ་ལ་སོགས་སྒོ་བཞི་ནས་ཕྱག་བྱ་བར་མོས། ཨོཾ་ན་མ་ཏེ་ཧཱུྃ། ན་མཿམི་ཧཱུྃ། ན་མ་མོ་ན་མ་ཧཱུྃ་སྭཱ་ཧཱ། ཞེས་པས་སོ། །དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛོ་པཱུ་ན་ཡ་ཨཏྨ་ནཾ། ནིརྻ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་སཏྭ་ཨ་དྷི་ཏིཥྛ་མཾ། ན་མ་ཏེ་ཧཱུྃྎ ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛོ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཾ་ནིརྻ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་ཨ་བྷི་ཥིཉྩྨ་མཾ། ཨོཾ་ན་མྎ ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛོ་པྲ་ཝརྟ་ན་ཡ། ཨཱཏྨ་ནཾ་ནིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་དྷརྨ་པྲ་ཝརྟ་ཡ་མཾ། ཨོཾ་ན་མོྎ ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛོ་ཀརྨ་ནི་ཨཏྨ་ནཾ་ནིརྻ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་ཀརྨ་ཀུ་རུ་ཏ་མཾ། ཨོཾ་ན་མྎ ཞེས་པ་ཤར་ནས་ཞུགས། ལྷོ་ནས་དབང་། ནུབ་ནས་ཆོས་བཤད། བྱང་ནས་ཕྲིན་ལས་སྣ་ཚོགས་བསྒྲུབ་པའི་ཕྱིར། གསོལ་བ་གདབ་བོ།། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་སྤྱིའི་རྒྱུན་བཤགས་བྱ། ཁྱད་པར་སྡོམ་པ་བསྒྲག་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེང་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་བཤད། རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བྱ། །འདི་ནི་པདྨའི་རིགས་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ།། སྡོམ་པ་བཟུང་བ་ནི། ཚེ་དཔག་མེད་པ་དག་དང་ནི། །བདེ་གཤེགས་འཚོ་ཞིང་གཞེས་པ་རྣམས། །འདི་ཉིད་ནས་བཟུང་སངས་རྒྱས་བར། །བདག་ལ་དགོངས་ཤིང་གཟིགས་པར་མཛོད། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བྱ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །གཉིས་སུ་མེད་པའི་ཚངས་སྤྱོད་དང་། །རང་གི་དམ་ཚིག་བསྲུང་བ་དང་། །བདག་གི་དགེ་བའི་ལས་ཀྱིས་ནི། །མྱུར་དུ་སངས་རྒྱས་བསྒྲུབ་བྱ་སྟེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི།། ལན་གསུམ། དེ་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་དཱ་ཡ་མི། ཞེས་ལན་གསུམ་བརྗོད། རྡོ་རྗེ་སྙིང་གར་བཞག་སྟེ། སུ་ར་ཏེ་ས་མ་ཡ་ཧྶྃ་ཧོཿ སིདྡྷི་བཛྭ་ཡ་ཐ་སུ་ཁཾ། རྣལ་འབྱོར་དུ་སེམས་བསྐྱེད་པའོ། །དེ་ནས་དམ་ལ་བཞག་པའི་ཕྱིར། དེང་ཁྱོད་དེ་བཞིན་གཤེགས་ཀུན་དང་། །ཚེ་དཔག་མེད་པའི་དངོས་གྲུབ་ཐོབ། །དངོས་གྲུབ་གཞན་ནི་ལྟ་ཅི་སྨོས། །དཀྱིལ་འཁོར་མ་ཞུགས་ལ་མི་སྨྲ། །སྨྲས་ན་དམ་ཚིག་ཉམས་པར་འགྱུར། རྡོ་རྗེ་མགོ་བོར་བཀོད། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་སྨྲས་གྱུར་ན། །དམ་ཚིག་རྡོ་རྗེ་ཆེན་པོ་ཡིས། །མགོ་བོ་འགས་པར་གྱུར་ཏ་རེ། ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་རྡོ་རྗེ་སྙིང་གར་བཞག་སྟེ། ཚེ་དཔག་མེད་པ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག བདུད་རྩི་བླུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། ཨོཾ་བཛྭ་ཨུ་ད་ཀ་ཨོཾ་ཨཱཿཧཱུྃ། གཉིས་ཀའི་སྒོ་ནས་དམ་ལ་བཞག དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །ཚེ་དཔག་མེད་པ་ང་ཡིན་གྱིས། །ཁྱོད་ཀྱིས་ང་ལ་བརྙས་པ་ན། །མི་དགེ་མ་སྤང་དུས་བྱས་ནས། །དམྱལ་བར་ལྟུང་བར་འགྱུར་ཏ་རེ།། སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག དེ་ནས་བྱིན་དབབ་པའི་དོན་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །ཚེ་དཔག་མེད་པ་དབབ་ཏུ་གསོལ།། ལན་གསུམ་གྱིས་གསོལ་བ་གདབ། བདག་ཉིད་ཀྱི་རྐང་མཐིལ་རླུང་གི་དཀྱིལ་འཁོར་ལ་ཛྷྱཻཾ། སྙིང་གར་ལམ་ལས་ས་ཡི་དཀྱིལ་འཁོར། མགྲིན་པར་བཾ་ལས་ཆུ་ཡི་དཀྱིལ་འཁོར། སྤྱི་བོར་ཡཾ་ལས་རླུང་དང་ཧཾ། དེའི་སྟེང་དུ་ཚེ་དཔག་མེད་ཡབ་ཡུམ་འོད་ཀྱི་རང་བཞིན་གར་མཛད་པའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་འཛག་པ་རང་གི་ལུས་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་གང་བའི་མཐར་རང་ལ་ཐིམ་པར་གྱུར། ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ། ཧྶྃ་བྷ་ཡ། ར་ར་ར་ར་ཙཱ་ལ་ཡ་ཧཱུྃ་ཨཿཧ་ཛྷྱཻཾཿ རོལ་མོ་དང་གུ་གུལ་ཟླ་མཚན་ཐོད་པར་དུར་ཁྲོད་ཀྱི་ཡེ་ལ་བསྲེག་པས་བདུག བབ་པར་གྱུར་ན། ལྕེ་སྟེང་དུ་ཨཱཿལས་བདུད་རྩི་བབ་པར་བསམ། བྷྲཱྃ་སྲཱིཿབཛྭ། སྨྲོས་ཤིག་རྡོ་རྗེ་ཅན་གྱི་རིགས་ཞེས་གསུངས་པར་བསམ། ཏིཥྛ་བཛྭ་གྱིས་བརྟན་པར་བྱའོ། །དེ་ནས་མེ་ཏོག་བུམ་པའི་མཚན་མའམ་ཚོམ་བུ་ལ་དངོས་སུ་དོར། ཡིད་ཀྱི་དཀྱིལ་འཁོར་ལ་དོར་བར་དམིགས་ནས། ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །པྲ་ཏཱིཙྪ་བཛྭ་ཧོཿ རིགས་བརྟགས། པྲ་ཏི་གྲྀ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཕོག་པའི་ལྷ་དེས་རང་གི་མགོ་བོར་བཅིངས་བར་མོས། ཚེ་དཔག་མེད་པ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྭ་ནེ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་སྲཱིཿ མིག་དར་འགྲོལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་ཚེ་དཔག་མེད་རིགས་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཀུན་ཁྱོད་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་བཀྲ་ལམ་གྱིས་མཐོང་བར་གྱུར། འཇུག་པའོ། །དབང་ལ་བཞི་ལས་དང་པོ་བུམ་དབང་གི་དོན་དུ། བླ་མ་སྤྲུལ་སྐུ་བདག་ཉིད་ཅན་གྱི་དྲུང་དུ་བུམ་དབང་ཞུ་བའི་ཡོན་དུ། ས་གཞི་ཞེས་སོགས་མནྜལ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་གཉིས་མེད་བདེ་ཆེན་སྐུ། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱི། །དབང་བསྐུར་བ་ནི་བདག་ལ་སྩོལ།། ལན་གསུམ་གྱིས་གསོལ་བ་གདབ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་མ་བརྒྱད་པའི་ཁྲི་ལ་བདག་ཉིད་འཁོད་པར་གྱུར། ཨོཾ་བཛྭ་ཀྲོ་དྷ་སོགས་ལས་སྔགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། བདག་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ་རྒྱན་གྱིས་བརྒྱན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཐུགས་ཀའི་ས་བོན་ལས་འོད་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། བུམ་པ་ཐམས་ཅད་ཀྱི་ཆུ་རྣམ་རྒྱལ་དུ་བསྡུས་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། སྒོ་མ་རྣམས་ཀྱིས་བར་དུ་གཅོད་པའི་བགེགས་སྐྲོད་པར་མཛད་པས། གསང་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །མི་བསྐྱོད་རྡོ་རྗེའི་དབང་བསྐུར་རོ། །ཨོཾ་བཛྭ་ཨ་དྷི་ཏིཥྛ་ཛྙྱཱ་ན་བྷི་ཥིཉྩྨ་ཧཱུྃ། མི་བསྐྱོད་པ་ཆུ་ཡི་དབང་གིས་ཉོན་མོངས་པ་ཞེ་སྡང་གིས་བསགས་པའི་སྡིག་པ་དག རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། སློབ་མ་དང་ཅོད་པན། ཨོཾ་བཛྭ་ཀྲོ་དྷས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་ཀྱི་ཅོད་པཎ་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཏྲཱཾ་ལས་རིན་འབྱུང་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ་རྒྱན་གྱིས་བརྒྱན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཐུགས་ཀའི་ས་བོན་ལས་འོད་འཕྲོས། ཡེ་ཤེས་པ་ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། རིན་འབྱུང་ཞུ་བ་ཅོད་པན་དུ་གྱུར། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པཎ་དར་དཔྱངས་དང་བཅས་པས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ལ། སྒོ་མ་རྣམས་ཀྱིས་བར་དུ་གཅོད་པའི་བགེགས་སྐྲོད་པར་མཛད་པས། ཅོད་པན་མགོ་བོར་བཞག། རལ་པའི་ཐོར་ཚུགས་གྱིས་བརྒྱན་པ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡིས། རིན་ཆེན་དག་གི་དབུ་རྒྱན་དང་། དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩྨ་མཾ། རིན་ཆེན་འབྱུང་གནས་ཅོད་པཎ་གྱི་དབང་གིས། ཉོན་མོངས་པ་ང་རྒྱལ་གྱི་དབང་གིས་བསགས་པའི་སྡིག་པ་དག ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། སློབ་མ་དང་རྡོ་རྗེ། ཨོཾ་བཛྭ་ཀྲོ་དྷས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་ཀྱི་རྡོ་རྗེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྲཱིཿལས་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱིས་ཕྱག་རྒྱ་མཛད་པ་རྒྱན་གྱིས་བརྒྱན་ཏེ་རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་པ། ཐུགས་ཀའི་ས་བོན་ལས་འོད་འཕྲོས། །ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སྣང་མཐའ་ཞུ་བ་རྡོ་རྗེར་གྱུར། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རྡོ་རྗེས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ལ། སྒོ་མ་རྣམས་ཀྱིས་བར་དུ་གཅོད་པའི་བགེགས་བསྐྲོད་པར་མཛད་པས། རྡོ་རྗེ་གཡས་སུ་གཏད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནས་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། ཨོཾ་བཛྭ་ཨ་དྷི་པ་ཏི་ཏིཥྛ་ཨ་བྷི་ཥིཉྩྨ་མཾ། སྣང་བ་མཐའ་ཡས་རྡོ་རྗེའི་དབང་གིས་ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་བསགས་པའི་སྡིག་པ་དག འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། སློབ་མ་དང་དྲིལ་བུ། ཨོཾ་བཛྭ་ཀྲོ་དྷས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་ཀྱི་དྲིལ་བུ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་དོན་ཡོད་གྲུབ་པ་ལྗང་ཁ་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། རྒྱན་གྱིས་བརྒྱན་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཐུགས་ཀའི་ས་བོན་ལས་འོད་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། དོན་གྲུབ་ཞུ་བ་དྲིལ་བུར་གྱུར། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དྲིལ་བུས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ལ། སྒོ་མ་རྣམས་ཀྱིས་བར་དུ་གཅོད་པའི་བགེགས་བསྐྲོད་པར་མཛད་པས། དྲིལ་བུ་གཡོན་དུ་གཏད་ཅིང་དཀྲོལ། ཐབས་དང་ཤེས་རབ་དང་ལྡན་པས། །འགྲོ་དོན་མཉམ་མེད་བྱེད་པ་ཡི། །མཆོད་པའི་ཕྲིན་ལས་རྫོགས་བྱེད་པ། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཨ་དྷི་པ་ཏ་ཡེ་ཨ་བྷི་ཥིཉྩྨ་མཾ། དོན་ཡོད་གྲུབ་པ་དྲིལ་བུའི་དབང་གིས་ཉོན་མོངས་པ་ཕྲག་དོག་གིས་བསགས་པའི་སྡིག་པ་དག འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། སློབ་མ། ཨོཾ་བཛྭ་ཀྲོ་དྷས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། བདག་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། རྒྱན་གྱིས་བརྒྱན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཐུགས་ཀའི་ས་བོན་ལས་འོད་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱི་མིང་གི་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ལ། སྒོ་མ་རྣམས་ཀྱིས་བར་དུ་གཅོད་པའི་བགེགས་སྐྲོད་པར་མཛད་པས། མགོ་བོར་རྡོ་རྗེ་དྲིལ་བུ་བཞག། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་གཞོམ་པར་མི་ནུས་པའི། །རྡོ་རྗེའི་མིང་ནི་རབ་ཏུ་གྲགས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་མཾ། བཛྭ་ན་མཿ རྣམ་པར་སྣང་མཛད་ཀྱི་རང་བཞིན་མིང་གི་དབང་གིས། ཉོན་མོངས་པ་གཏི་མུག་གིས་བསགས་པའི་སྡིག་སྒྲིབ་དག གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། དབང་ལྷ་བདག་ཉིད་ལ་ཐིམ་པར་གྱུར། ཉོན་མོངས་ལྔ་ནི་རྣམ་དག་པའི། །དབང་བསྐུར་ལྔ་ནི་ཐོབ་པ་ཡིན། །མ་རིག་པ་ལས་འདས་ནས་ཀྱང་། །ཡེ་ཤེས་ལྔ་ནི་ཐོབ་པ་ཡིན། །ཞེས་དབང་དོན་བཤད་ནས་སླར་ཡང་ཚེ་བུམ་ཚེ་ཆང་སོགས་རྫས་རྣམས་ལ་ཚེ་འགུག་པ་ནི། ཤར་གྱི་སྒོ་མ་རྡོ་རྗེ་ལྕགས་ཀྱུ་མ།། སོགས་ནས། དག་པའི་ཚེ་རྫས་འདི་ལ་འགུག་པར་མཛོད། ཅེས་པའི་བར་ཚེ་འགུག་ཚང་མ་སྔགས་བཅས་འདོན། དེ་ནས་ཚེ་བསྟིམ་པའི་ཕྱིར། ཚེ་དབང་བསྐུར་བ་ནི། རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་ཀའི་བདུད་རྩི་སྦྱོར་མཚམས་ནས་སྤྱི་བོར་བབ་པས་བདེ་ཆེན་འཁོར་ལོ་གང་། ལུས་འཆི་བ་མེད་པ་སྐུ་རྡོ་རྗེའི་དངོས་གྲུབ་ཐོབ་པར་གྱུར། ཚེ་བུམ་དཀར་པོ་སྤྱི་བོར་བཀོད། རྣམ་སྣང་ཡབ་ཡུམ་ཐུགས་ཀའི་བདུད་རྩིའི་རྒྱུན། །གཉིས་མེད་སྦྱོར་བ་མཛད་པའི་མཁར་བབས་ནས། །འདི་ནི་མི་ནུབ་རྒྱལ་མཚན་ལྟ་བུའི་ཚེ། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་ཡི་དངོས་གྲུབ་མ་ལུས་ཐོབ་གྱུར་ཅིག །ཨོཾ་ཨོཾ་བྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་ཀ་ཨ་བྷི་ཥིཉྩྨ་མཾ། གཙོ་བོ་ཡབ་ཡུམ་ཐུགས་ཀའི་བདུད་རྩི་སྦྱོར་མཚམས་ནས་མགྲིན་པར་བབ་པས་ལོངས་སྤྱོད་འཁོར་ལོ་གང་། ངག་འཆི་བ་མེད་པ་གསུང་གི་དངོས་གྲུབ་ཐོབ་པར་གྱུར། ཚེ་བུམ་དམར་པོ་མགྲིན་པར་བཞག གཙོ་བོ་ཡབ་ཡུམ་ཐུགས་ཀའི་བདུད་རྩིའི་རྒྱུན། །གཉིས་མེད་སྦྱོར་བ་མཛད་པའི་མཁར་བབས་པས། །འདི་ནི་མི་ཤིག་རྡོ་རྗེ་ལྟ་བུའི་ཚེ། །སྐལ་ལྡན་རིགས་ཀྱིྎ གསུང་གི་དངོསྎ ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་ཀ་ཨ་བྷི་ཥིཉྩྨ་མཾ། མི་བསྐྱོད་ཚེ་དཔག་མེད་ཡབ་ཡུམ་ཀྱི་ཐུགས་ཀའི་བདུད་རྩི་སྦྱོར་མཚམས་ནས་སྙིང་གར་བབ་པས་ཆོས་ཀྱི་འཁོར་ལོ་གང་། ཡིད་འཆི་བ་མེད་པ་ཐུགས་རྡོ་རྗེའི་དངོས་གྲུབ་ཐོབ་པར་གྱུར། ཚེ་བུམ་སྔོན་པོ་སྙིང་ཁར་བཞག མི་བསྐྱོད་ཡབ་ཡུམ་ཐུགས་ཀའི་བདུད་རྩིའི་རྒྱུན། །གཉིས་མེད་སྦྱོར་བ་མཛད་པའི་མཁར་བབ་པས། །འདི་ནི་མི་འགྱུར་གཡུང་དྲུང་ལྟ་བུའི་ཚེ། །སྐལ་ལྡནྎ ཐུགས་ཀྱི་དངོསྎ ཨོཾ་ཧཱུྃ་བྷྲཱུྃ་བཛྭ་ཛྙྱཱ་ན་ཨཱ་ཡུ་ཥེ་ཀ་ཨ་བྷི་ཥིཉྩྨ་མཾ། རིན་འབྱུང་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་ཀའི་བདུད་རྩི་སྦྱོར་མཚམས་ནས་ལྟེ་བར་བབ་པས་སྤྲུལ་པའི་འཁོར་ལོ་གང་། ནུས་མཐུ་འཆི་བ་མེད་པ་ཡོན་ཏན་རྡོ་རྗེའི་དངོས་གྲུབ་ཐོབ་པར་གྱུར། ཚེ་བུམ་སེར་པོ་ལྟེ་བར་བཞག རིན་འབྱུང་ཡབ་ཡུམ་ཐུགས་ཀའི་བདུད་རྩིའི་རྒྱུན། གཉིས་མེདྎ འདི་ནི་གསལ་རྫོགས་ཉི་ཟླ་ལྟ་བུའི་ཚེ། །སྐལ་ལྡནྎ ཡོན་ཏན་དངོས་གྲུབྎ ཨོཾ་སྭ་བྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་ཀ་ཨ་བྷི་ཥིཉྩྨ་མཾ། དོན་གྲུབ་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་ཀའི་བདུད་རྩི་སྦྱོར་མཚམས་ནས་གསང་བར་བབ་པས་བདེ་སྐྱོང་འཁོར་ལོ་གང་། འགྲོ་དོན་འཆི་བ་མེད་པ་ཕྲིན་ལས་རྡོ་རྗེའི་དངོས་གྲུབ་ཐོབ་པར་གྱུར། ཚེ་བུམ་ལྗང་ཁ་གསང་བར་བཞག དོན་གྲུབ་ཡབ་ཡུམྎ གཉིས་མེདྎ འདི་ནི་བསམ་འཕེལ་ནོར་བུ་ལྟ་བུའི་ཚེ། །སྐལ་ལྡནྎ ཕྲིན་ལསྎ ཨོཾ་ཨཱཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་ཨ་བྷི་ཥིཉྩྨ་མཾ། སོ་སོ་ཚེ་རིལ་ཚེ་ཆང་ལོངས་སྤྱོད། ཚེ་ཡི་བདུད་རྩི་རྣམས་ཀྱི་དྭངས་མ་ཚེ་གཟུགས་འཁོར་ལོ། པདྨ། རྡོ་རྗེ། སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར་པ། སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་སུ་སོ་སོར་འཁོད་པས་རྒྱས་གདབ་པར་གྱུར། འཁོར་ལོའི་ཕྱག་རྒྱ་སྤྱི་བོར་བཀོད། སྐུ་ཡི་རྡོ་རྗེའི་ལྷ་ཚོགས་ལ། །སྐལ་ལྡན་རིགས་ཀྱི་བུ་འདི་ཡི། །ཚེ་འདི་བཅོལ་ལོ་སྲོག་འདི་སྡོམ། །འཁོར་ལོའི་ཕྱག་རྒྱས་རྒྱས་ཐོབ་ཅིག། པདྨའི་ཕྱག་རྒྱ་མགྲིན་པར་བཞག གསུང་གི་རྡོ་རྗེའིྎ སྐལ་ལྡནྎ ཚེ་འདི་བཅོལྎ པདྨའི་ཕྱག་རྒྱསྎ རྡོ་རྗེའི་ཕྱག་རྒྱ་སྙིང་ཁར་བཞག ཐུགས་ཀྱི་རྡོ་རྗེའིྎ སྐལ་ལྡནྎ ཚེ་འདིྎ རྡོ་རྗེའི་ཕྱག་རྒྱསྎ རིན་པོ་ཆེའི་ཕྱག་རྒྱ་ལྟེ་བར་བཞག ཡོན་ཏན་རྡོ་རྗེའིྎ སྐལ་ལྡནྎ ཚེ་འདིྎ རིན་ཆེན་ཕྱག་རྒྱསྎ རྒྱ་གྲམ་ཕྱག་རྒྱ་གསང་བར་བཞག ལས་ཀྱི་རྡོ་རྗེའིྎ སྐལ་ལྡནྎ ཚེ་འདིྎ སྣ་ཚོགས་རྡོ་རྗེས་རྒྱས་ཐོབ་ཅིག། དེའི་མཐར། དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པས་དེ་འདིར་ཤིས་པར་ཤོག །ཤར་གྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །མི་བསྐྱོད་རྡོ་རྗེའི་བཀྲ་ཤིས་དོན་གྱི་ལྷ། །མི་བསྐྱོད་རྡོ་རྗེའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པས་དེང་འདིར་ཤིས་པར་ཤོག །ལྷོ་ཡི་ཕྱོགསྎ རིན་ཆེན་འབྱུང་གནསྎ རིན་ཆེན་འབྱུངྎ བཀྲ་ཤིསྎ ནུབ་ཀྱིྎ རྣམ་པར་སྣང་མཛདྎ རྣམ་པར་སྣང་མཛདྎ བཀྲ་ཤིསྎ བྱང་གིྎ དོན་ཡོད་གྲུབྎ དོན་ཡོདྎ བཀྲ་ཤིསྎ དེ་ནས། བདག་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་སེམས་དཔའི་ཕྱག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྡོ་རྗེ་སེམས་དཔའི་བརཏལ་ཞུགས་བསྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཁ་ཡ་ཧྶཾ་དྷ་ར་ཡ་མི་བཛྭ་སཏྭ་ཧི་ཧི་ཧཱུྃ་ཧཱུྃ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམ་ཚུལ་བདག་པོའི་བདག། ཞེས་རྡོ་རྗེ་བཟུང་། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་རྣམས་ཀྱིས་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད།། ཅེས་དྲིལ་བུ་བཟུང་། སྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱེད། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར།། ཅེས་དྲིལ་བུ་དཀྲོལ། རྡོ་རྗེ་དྲིལ་བུའི་ཡང་དག་འཁྱུད། །དཔལ་གནས་མ་དང་སྒྲོལ་སྙེམ་འཆང་། །བདེ་བ་ཆེན་པོའི་དམ་ཚིག་ནི། །དེང་འདིར་རྟག་ཏུ་བཟུང་བར་བགྱི།། ཞེས་འཁྱུད་སྟངས་བྱ་བས་དམ་ཚིག་གསུམ་བཟུང་། དེ་ནས། མཚན་མ་མེད་པ་འགྲོ་བའི་དོན། །གང་དག་བདག་གི་བྱེད་ནུས་པ། །ཕྱིར་མི་ལྡོག་པའི་དབང་བསྐུར་མཆོག །དཔའ་བོ་ཆེན་པོས་བདག་ལ་སྩོལ།། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཤར་ཕྱོགས་སུ་སེང་གེའི་ཁྲི་ལ་བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཚེ་དཔག་མེད་པ་ལི་ཁྲིའི་ཁུ་བ་ལྟ་བུར་དམར་བ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ། ཞེས་པ་ནས་གཙོ་བོ་ཡབ་ཡུམ་ཀྱི་མངོན་རྟོགས། བརྒྱད་གཉིས་ཀྱི་ལང་ཚོ་ལ་གནས་པའོ།། ཞེས་པའི་བར་བསྒོམ། དེའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ལ། སྒོ་མ་རྣམས་ཀྱིས་བར་དུ་གཅོད་པའི་བགེགས་བསྐྲོད་པར་མཛད་པས། རྣམ་རྒྱལ་བུམ་པ་སྤྱི་བོར་བཀོད། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཏ་ཨ་བྷི་ཥིཉྩྨ་མཾ། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་ཏུ་བྱས་པར་གྱུར། དེ་ནས་དྲིལ་བུ་གླེགས་བམ་ལག་ཏུ་གཏད་ལ། བུ་ཡི་གཞན་དོན་བླ་མེད་ཕྱིར། །ཕྲིན་ལས་ཐོག་པ་མེད་པར་བྱོས། །ཁྱོད་ནི་རྡོ་རྗེ་སློབ་དཔོན་ཏེ། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། བདག་ཉིད་ཚེ་དཔག་མེད་དུ་གསལ་བའི་ཁར་ཞུགས་པར་གྱུར། སྔགས་ཕྲེང་བཟུང་། ཨོཾ་སྲཱིཿབྷྲཱུྃ་བཛྭ་ཛྙྱཱ་ན་ཨ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཧཱུྃ་བྷྲཱུྃྎ ཨོཾ་སྭཱྎ ཨོཾ་ཨོཾྎ ཨོཾ་ཨཱཿྎ ཨོཾ་བྷྲཱུྃྎ ཨོཾ་ཧཱུྃ་བྷྲཱུྃ་བཛྭྎ སྭྎ ཨོཾྎ ཨཱཿྎ ཨོཾ་བྷྲཱུྃྎ ཨ་པ་རིྎ སུ་བི་ནི་སྭཱ་ཧཱ། བཅོམ་ལྡན་འདས་འདི་ལ་སྩལ་ལགས ཀྱི། འདི་ལ་འགོ་བར་མཛད་དུ་གསོལ།། ལན་གསུམ་གྱིས་མེ་ཏོག་ཕྲེང་བ་སྤྱི་བོར་བཞག་སྟེ། །བཅོམ་ལྡན་འདས་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ཞེས་བརྗོད། དེ་ནས་རིགས་ལྔའི་ཕྱག་མཚན་གཏད། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་མ་ལུས་དྲངས་བྱའི་ཕྱིར། །ཆགས་པ་མེད་པའི་བསམ་པ་ཡིས། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་ཕྲིན་ལས་གང་འདུལ་བ། །ཁྱོད་ཀྱི་ཕྲིན་ལས་མཆོག་ཡིན་ནོ།། དེ་བཞིན་ཐོག་མཐའ་མཚུངས་པར་འཁོར་ལོའི་ཚབ་ཏུ། རྡོ་རྗེའིྎ རིན་ཆེནྎ པདྨའིྎ རལ་གྲིའི་ཞེས་ཁ་བསྒྱུར་བར་བྱ། དགང་བླུགས་གཏད། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །ཞི་དང་རྒྱས་དང་བསད་པ་དང་། །དགུགས་དང་བཅིང་དང་བསྲེག་པ་དང་། །བསྐྲད་དང་དབྱེ་བ་ལ་སོགས་པ། །ཕྲིན་ལས་སྣ་ཚོགས་བསྒྲུབ་པར་བྱའོ།། རལ་གྲི་གཏད། རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལཧྭམ་དེ་བཞིན་རིལ་བུ་སྟེ། །མི་སྣང་བཅུད་ལེན་མཁའ་ལ་སྤྱོད། །ཐུན་མོང་དངོས་གྲུབ་མ་ལུས་པ། །དེ་དག་ཁྱོད་ཀྱིས་བསྒྲུབ་པར་གྱིས།། མིག་ཐུར་གཏད། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་སེལ། ཨོཾ་བཛྭ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་སྲཱིཿ མེ་ལོང་གཟུགས་བརྙན་ཤར་བ་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །ཆོས་རྣམས་དེ་ལྟར་ཤེས་པར་གྱིས།། མདའ་གཞུ་གཏད། ཧོཿ ཞེས་བརྗོད། བདུད་བཞི་འཇོམས་པའི་བསམ་པས་ཕྱོགས་བཞིར་འཕང་བར་བྱའོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ།། སོགས་ལན་གསུམ་བྱ། བུམ་དབང་ངོ་། །གསང་དབང་ནི། བླ་མ་ལོངས་སྐུའི་བདག་ཉིད་ཅན་ལ་གསང་དབང་ཞུ་བའི་ཡོན་དུ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་བཅས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀང་སྟེ། །བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཀུན་འབུལ་ན། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། གུ་རུ་ཨི་དམ་མཎྜྻ་ལ་ཀཾ་ནིརྻ་ཏ་ཡ་མི། ཅེས་མཎྜྻལ་ཕུལ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །ཕྱིར་མི་ལྡོག་པའི་དབང་བསྐུར་ཐོབ། །གསང་བའི་དབང་བསྐུར་དམ་པ་ཡང་། །དེ་རིང་བདག་ལ་སྩལ་དུ་གསོལ།། ལན་གསུམ། དཀྱིལ་འཁོར་གྱི་གཙོ་བོ་བླ་མ་བཅོམ་ལྡན་འདས་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པས། བྱང་ཆུབ་ཀྱི་སེམས་དཀར་དམར་བྷ་གར་བབ་པ་ལྕེས་བླང་པར་གྱུར་པར་མོས་ཏེ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །རྡོ་རྗེ་འཛིན་སོགས་དབང་བསྐུར་བས། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ།། ཞེས་བདུད་རྩི་བྱིན། ཨ་ཧོཿམ་ཧཱ་སུ་ཁཾ། ཞེས་བཏུང་། དེས་ངག་གི་དྲི་མ་དག གསང་དབང་ཐོབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཤེས་དབང་དང་། ཚིག་དབང་ནི། བླ་མ་ཆོས་སྐུའི་བདག་ཉིད་ཅན་གྱི་དྲུང་དུ་དབང་གསུམ་པ་ཞུ་བའི་ཡོན་དུ། རི་རབ་གླིང་བཞི་སོགས་ཀྱིས་ཕུལ། ཁྱོད་ཀྱི་ཞབས་ཀྱིས་བཀའ་དྲིན་གྱིས། །གསང་བའི་དབང་བསྐུར་དམ་པ་ཐོབ། །གོང་མའི་དབང་བསྐུར་རྣམ་གཉིས་ཀྱང་། དེ་རིང་བདག་ལ་སྩལ་དུ་གསོལ།། ལན་གསུམ། བདག་ཉིད་ཚེ་དཔག་མེད་དུ་གསལ་བ། རིག་མ་གོས་དཀར་མོར་གསལ་བ་སངས་རྒྱས་ཐམས་ཅད་དཔང་པོར་བྱས་ཏེ། བླ་མ་དཀྱིལ་འཁོར་གྱི་གཙོ་བོས་གཏད་པར་གྱུར། རིག་ཙཀ་བཟུང་ལ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་མ། །བླང་ནས་བུ་ཡིས་དུས་ཀུན་ཏུ། །བླ་ན་མེད་པའི་མཆོད་པར་གྱིས།། ཞེས་གཏད་པ་བླངས། དེ་གཉིས་སྲུབ་དང་སྲུབ་པའི་སྦྱོར་བས་བྱང་སེམས་གསང་བའི་སྣ་རྩེར་ཕབ། བདེ་བས་རྣམ་པར་རྟོག་པ་ཐམས་ཅད་ནུབ་པར་གྱུར་པའི་སྐབས། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ནི་ཅིར་ཡང་གྲུབ་པ་མེད། །གསལ་བཞག་དགག་སྒྲུབ་བྲལ་བས་ན། །འདི་ནི་རང་རིག་ཡེ་ཤེས་ཡིན།། ཞེས་བརྡ་སྤྲད། དེ་དག་གིས་ནི་ཡིད་དང་ཡེ་ཤེས་ཀྱི་དྲི་མ་དག དབང་གོང་མ་གཉིས་ཐོབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། དེ་ནས་བླ་མས་ཆོས་གོས་ཀྱི་གྲ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ལ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ངས་འདིར་ཁྱོད་ལ་ལུང་བསྟན་བྱ། །སྲིད་པ་ངན་འགྲོ་ལས་བཏོན་པ། །སྲིད་པ་ཤིན་ཏུ་དག་ཕྱིར་རོ། །སརྦ་ཏ་ཐཱ་ག་ཏ་སིདྡྷྱ་ས་མ་ཡ་ཧྶྃ། བྷུརྦྷ་བ་སྭ། ཞེས་ལུང་བསྟན། ཁམས་གསུམ་ཀུན་གྱི་རྒྱལ་པོ་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་བའི། །གྲོང་ཁྱེར་མཆོག་ཏུ་གཞུག་པ་ཡིན།། ཞེས་དབུགས་དབྱུང་ངོ་།། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ།། ཅེས་དགའ་བ་བསྒོམ། དེ་ནས། ནམ་མཁའི་དབྱིངས་རྣམས་ཀུན་ནས་གང་བའི་སྤོས་ཀྱི་ཆུ་གཏེར་འདོད་དགུའི་དཔལ་འབྱུང་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་རྒྱས་པར་ཁྱབ་པའི་སྙིང་པོར་ནོར་བུའི་འཁོར་ཡུག་གི །ནང་ན་ཞིང་ཁམས་རྒྱ་མཚོ་ས་གཞི་རིན་ཆེན་ལས་གྲུབ་རིམ་གྱིས་གཞོལ་བ་བཀོད་ལེགས་མ་ལུས་བཀོད་པའི་ཕུལ་གྱིས་འཇིག་རྟེན་རེའང་འདོད་ཡོན་རྨད་བྱུང་འཕྱུར་བ་གང་། །མཐའ་ཡས་སངས་རྒྱས་ཞིང་གིས་བསྐོར་ཞིང་ཀུན་བཟང་མཆོད་སྤྲིན་མ་ཚང་མེད་པའི་རྒྱན་གྱིས་རྣམ་པར་བརྒྱན་པའི་རྡུལ་རེར་རྒྱལ་བ་སྲས་བཅས་མཛད་པ་ཐམས་ཅད་སྣང་བ་ཅན། །གཅིག་ཏུ་འདུ་ཞིང་སོ་སོར་མ་འདྲེས་བྱིན་གྱིས་བརླབས་པའི་རྣམ་འཕྲུལ་ཇི་བཞིན་དེ་དག་བདག་གི་དགེ་བའི་སེམས་ཀྱིས་སྤྲུལ་ཏེ་དཔལ་ལྡན་བླ་མར་དད་པས་འབུལ་བར་བགྱི། །ཞིང་ཁམས་རྒྱ་མཚོ་རྡུལ་རེར་རྡུལ་རྙེད་ཀྱི། །སངས་རྒྱས་ཞིང་དང་ཀུན་བཟང་མཆོད་པའི་སྤྲིན། །ཀུན་གྱིས་བརྒྱན་ལྡན་ཇི་སྙེད་འོད་འཕྲོའི་རྩེར། །རྒྱལ་བ་སྲས་བཅས་རྣམ་ཐར་ཀུན་སྣང་ཞིང་། །འཁོར་ཞིའི་འདོད་དགུ་མ་ཚང་མེད་འདུས་པ། །ཆོས་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་འཕྲུལ། །ནམ་མཁའི་ཁམས་ཁྱབ་སྲིད་པའི་མཐར་གནས་ནས། །ཆོས་ཀྱི་རྒྱལ་པོ་མཆོད་པས་མཉེས་གྱུར་ཅིག །གུ་རུ་ཨི་དཾ་མཎྜྻ་ལ་ཀཾ་ནིརྻ་ཏྱ་མི། ཞེས་གཏང་རག་གི་མཎྜྻལ་ཕུལ་ནས་ཡོན་གྱིས་བླ་མ་མཉེས་པར་བྱའོ། །འདི་མཚམས་ཆོས་སྐྱོང་སྤྱི་ཡི་བསྐང་གསོལ་དང་། ཁྱད་པར་བཀའ་སྲུང་ལྷ་སྨན་རྒྱལ་མོ་བཀྲ་ཤིས་ཚེ་རིང་མའི་གསོལ་མཆོད་རྒྱས་པར་བྱ། ཚོགས་རྫས་བཤམས་བྱིན་གྱིས་བརླབ་པ་ནི། ཨོཾ་མ་དག་པ་སྦྱངས། ཨཱཿམང་པོར་སྤེལ། ཧཱུྃ་བདུད་རྩི་ལྔ་དང་སྒྲོལ་མ་ལྔའི་རང་བཞིན་དུ་སྦར། ཧོཿཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། སྤྱན་འདྲེན་ཅིང་བྱིན་འབེབས་པ་ནི། གཏན་གྱི་སྐྱབས་གནས་བླ་མ་རིན་པོ་ཆེ། །དག་པའི་ཞིང་མཆོག་གང་ལ་བཞུགས་ལགས་ཀྱང་། །དད་པའི་ཤུགས་ཀྱིས་གནས་འདིར་སྤྱན་འདྲེན་ན། །ཐུགས་རྗེའི་གཏེར་ཆེན་མྱུར་དུ་འབྱོན་དུ་གསོལ། །དམ་རྫས་འདི་རྣམས་ཡེ་ཤེས་བདུད་རྩིར་བསྒྱུར། །བདག་ཅག་རྣམས་ལ་བྱིན་རླབས་དབང་བསྐུར་ནས། །འབྲལ་བ་མེད་པར་རྗེས་སུ་བཟུང་མཛད་ཅིང་། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །བདག་གིས་རྩེ་གཅིག་བསྒྲུབ་པའི་ཡི་དམ་ལྷ། །དག་པའིྎ དད་པའིྎ ཐུགས་རྗེའིྎ དམ་རྫསྎ བདག་ཅགྎ འབྲལ་བྎ འཆི་མེདྎ དམ་ཚིག་ཅན་གྱི་སྟངས་འཛིན་མཁའ་འགྲོ་མ། །དག་པའིྎ དད་པའིྎ ཐུགས་རྗེའིྎ དམ་རྫསྎ བདག་ཅགྎ འབྲལ་བྎ འཆི་མེདྎ ཀུན་ཏུ་སྲུང་སྐྱོབ་བྱེད་པའི་ཆོས་སྐྱོང་ཚོགས། །དག་པའིྎ དད་པའིྎ ཐུགས་རྗེའིྎ དམ་རྫསྎ བདག་ཅགྎ འབྲལ་བྎ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ།། ཚོགས་ཕུད་དང་པོ། དང་པོ་ཕུད་ཀྱི་མཆོད་པ་འདི། །བྱིན་གྱིས་རློབས་པའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་མ། །ཕྲིན་ལས་སྒྲུབ་པའི་ཆོས་སྐྱོང་ལ། །དགྱེས་པའི་མཆོད་རྫས་མ་ལུས་པ། །ནམ་མཁའ་གང་བར་དམིགས་ཏེ་འབུལ། བར་པ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ཐམས་ཅད་རང་སེམས་སུ། །གཅིག་པ་སྔོན་ཆད་མ་འཚལ་བས། །བདག་གིས་ཉེས་པ་ཐམས་ཅད་བྱས། །དེ་ནི་སོ་སོ་རང་རིག་པའི། །ཡེ་ཤེས་ཀློང་དུ་མཐོལ་ལགས་ན། །ཇི་ལྟར་ཆུ་ལ་ཆུ་བཞག་བཞིན། །དབྱེར་མེད་རྟོགས་པར་བྱིན་གྱིས་རློབས།། མཐའ་མ། བདག་གི་ཚེ་འཕྲོག་གདོན་གྱི་ཚོགས། །འཆི་བདག་བདུད་ཀྱི་སྡེར་བཅས་རྣམས། །ཚོགས་འདིར་བསྟིམ་ནས་ཁྱེད་ཞལ་བཏབ། །རྟག་ཏུ་བགེགས་དང་ཕྲལ་བར་ཤོག། གཏོར་མ་ཕུལ། ཆོས་སྐྱོང་སྤྱི་དང་བཀའ་སྲུང་ཚེ་རིང་མའི་སྐོང་བཤགས་བྱ། རྡོ་རྗེ་སློབ་དཔོན་སོགས་ལ་ལས་ཀྱི་རྡོ་རྗེས་མེ་ཏོག་ལ་སོགས་པས་མཆོད་ནས། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པར་གྱུར་ཅིག ཅེས་པས་བཏུང་བ་ནས་རིམ་བཞིན་ཚོགས་རྣམས་དྲངས་ཏེ་ལྷ་དང་ནང་གི་སྦྱིན་སྲེག་གི་ངེས་པས་ཚིམ་པའི་བར་ལ་རོལ་མོ། སྤྲོ་ན་རྡོ་རྗེའི་གླུ་སོགས་ལེན། ལྷག་མ་རྣམས་བསྡུས་ཏེ་ཁ་ཕྲུ་ལ་སོགས་བཏབ་པས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བརླབས། ལྷག་ལ་དགྱེས་པའི་མ་དང་སྲིང་། །འདོད་དགུར་བསྒྱུར་བའི་རྫུ་འཕྲལ་ཅན། །དཀར་སེར་དམར་ལྗང་སྔོ་དང་ཁྲ། །དགྱེས་པར་འདི་ལ་རོལ་ནས་ཀྱང་། །ཞི་རྒྱས་དབང་དང་དྲག་པོའི་ལས། །གང་ལ་གང་འོས་མཛད་པས་ན། །བསམ་པ་ལྷུན་གྱིས་འགྲུབ་པ་ཡི། །དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། ཨོཾ་ཨུཙྪིཥྚ་བ་ལིངྟ་བྷཀྵ་བྷྱཿསྭཱ་ཧཱ། ལྷག་མ་ཕྱིར་དོར། ཚེ་དཔག་མེད་པའི་དཀྱིལ་འཁོར་དུ།། སོགས་ཀྱི་སྨོན་ལམ་བྱའོ། །སླར་དཀྱིལ་འཁོར་ལ་གཏང་རག་གི་མཆོད་བསྟོད་བསྡུས་པ་འབུལ་བ་ནི། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། དྷུ་པེྎ ཨཱ་ལོ་ཀེྎ གནྡྷེྎ རཱུ་པྎ གིརྟིྎ ར་ཀྵྼྎ སྤརྴེྎ དྷརྨ་དྷརཏྎ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང་། །རིགས་པའི་རྒྱལ་པོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ལ། །བདག་གིས་དད་པས་བསྟོད་པར་བགྱི། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ།། ཡི་གེ་བརྒྱ་པ་བརྗོད་པས་བཤགས། མ་འབྱོར་སོགས་བཟོད་གསོལ་དང་། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་།། སོགས་སྨོན་ལམ་གདབ། དངོས་གྲུབ་ལེན་པ་ནི། དཀྱིལ་འཁོར་ལ་བསྐོར་ཏེ། མོས་གདུང་དང་བཅས།གང་གིས་དྲན་པའི་མོད་ཉིད་ལ། །འཆི་བདག་བདུད་སྟེ་འཇོམས་གྱུར་པའི། །ཚེ་དཔག་མེད་པའི་དཀྱིལ་འཁོར་ལ། །དེང་ནས་བྱང་ཆུབ་བར་དུ་སྐྱབས། །སྒོ་གསུམ་གུས་པས་འབངས་སུ་ཞུགས། །རྩེ་གཅིག་གདུང་བས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །འཆི་མེད་ཚེ་ཡི་དངོས་གྲུབ་ཞུ། །མི་ནུབ་རྒྱལ་མཚན་ལྟ་བུའི་ཚེ། །བདག་གི་ལུས་ལ་སྩལ་དུ་གསོལ། །མི་ཤིག་རྡོ་རྗེ་ལྟ་བུའི་ཚེ། །བདག་གི་ངགྎ མི་ཤིག་གཡུང་དྲུངྎ བདག་གི་ཡིདྎ གསལ་རྫོགས་ཉི་ཟླྎ བདག་གི་ནུས་མཐུརྎ བསམ་འཕེལ་ནོར་བུ་ལྟ་བུའིྎ བདག་གི་ལུས་ལྎ དེ་ནས། རྩ་ཡི་ཞིང་དུ་རླུང་གི་ལམ་བསྟན་ཏེ། །ཁམས་ཀྱི་དྭངས་མ་སེམས་ཀྱི་སྒྲིབ་སྦྱངས་ཏེ། །ཡེ་ཤེས་འོད་ཀྱིས་མ་རིག་མུན་གསལ་ཏེ། །སྐུ་ཡི་རྡོ་རྗེ་ཐོབ་པར་བྱིན་གྱིས་རློབས། །གསུང་གི་རྡོ་རྗེྎ ཐུགས་ཀྱིྎ ཡེ་ཤེསྎ ཞེས་དངོས་གྲུབ་ཞུས་ནས། ལྷ་ཚོགས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཞུ། བདག་ཉིད་ལ་ཐིམ་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། བདག་བསྐྱེད་བསྡུ་རིམ་ནི། བདག་བསྐྱེད་གཞལ་ཡས་ཁང་ལྷ་རྣམས་དང་། དེ་རྣམས་ཡུམ། དེ་གཙོ་བོ་ལ་རིམ་བཞིན་ཐིམ། མཐར་དེ་ཡང་མི་དམིགས་པ་སྟོང་ཉིད་ཆོས་དབྱིངས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། དེ་ལས་ལངས་ཏེ་དགེ་བ་བསྔོ་བ་ནི། དགེ་བ་འདི་ཡིས་སོགས་དང་། གཞན་ཡང་བཀྲ་ཤིས་རྒྱས་བསྡུས་ཅི་རིགས་པས་མཐར་དགེ་བར་བྱའོ། །དེ་ལྟར་ཚེ་དཔག་ཏུ་མེད་པའི་ནང་སྒྲུབ་ཀྱི་ཆོ་ག་བསྙེན་སྒྲུབ་དབང་སོགས་ལེགས་པར་ཚང་བ་སྔགས་གྲ་སློབ་དཔོན་ངག་དབང་ཀུན་དགའ་སྙིང་པོས་གསོལ་པ་བཏབ་པའི་ངོར། ཀུན་མཁྱེན་པདྨ་དཀར་པོས་བྱམས་པ་ཆེན་པོའི་ཆོས་གླིང་དུ་མཛད་པ་ཉིད་ལས། ད་ལམ་ཚེ་ཆོག་ཉིན་རེ་ལ་སོགས་སྟབས་བདེར་འདོན་པའི་འགྲིགས་རྣམས་བློ་དམན་རྣམས་ཀྱི་དོན་དུ་ཤིན་ཏུ་གསལ་བར་ནག་འགྲོས་འདོན་ཆོག་ཉིད་དུ། ངག་དབང་ཀུན་དགའ་བསྟན་འཛིན་གྱིས་བྲིས་པའི་དགེ་བས་བདག་གཞན་རྣམས་འཆི་བ་མེད་པའི་གོ་འཕང་དམ་པ་ཐོབ་པར་གྱུར་ཅིག །། །།
ཚེ་དཔག་མེད་ཁྲོ་བོའི་དཀྱིལ་ཆོག་ཚེ་དབང་རིག་འཛིན་ངེས་པར་སྟེར་བ་འཇུག་བདེའི་ཁྲིགས་སུ་སྡེབས་པ།
ཚེ་དཔག་མེད་ཁྲོ་བོའི་དཀྱིལ་ཆོག་ཚེ་དབང་རིག་འཛིན་ངེས་པར་སྟེར་བ་འཇུག་བདེའི་ཁྲིགས་སུ་སྡེབས་པ་བཞུགས་སོ། །བསྙེན་པས་གནས་སྐབས་ཉི་ཟླའི་ཚེ། །མཐར་ཐུག་རྒྱལ་བ་ཉིད་སྟེར་བའི། །ཚེ་དཔག་མེད་པའི་ཞབས་བཏུད་ནས། །དེ་མཐུ་བལྟ་བའི་མེ་ལོང་འགོད། །འདིར་ཚེ་དཔག་ཏུ་མེད་པའི་གསང་སྒྲུབ་ཁྲོ་བོའི་དཀྱིལ་འཁོར་སྒོམ་པར་འདོད་པས་རང་དོན་གཙོ་བོ་བསྙེན་པ། གཞན་དོན་གཙོ་བོ་སྒྲུབ་པ། དུས་རྒྱུན་གྱི་ཉམས་ལེན་གསུམ་ལས། དང་པོ་ནི། བཀྲ་ཤིས་པའི་གནས་དབང་གི་ལས་ལ་མཆོག་ཏུ་ཤིས་པར། ཡོ་བྱད་ཚང་བར་བསགས་ཏེ། བདེ་བའི་སྟན་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་བ་མེད་པའི་གོ་འཕང་བསྒྲུབ་པར་བྱའོ་སྙམ་པས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་པའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ལན་གསུམ་གྱིས་སྐྱབས་སེམས་བྱ། དེ་ནས། སྟོབས་ཆེན་འཆི་བདག་བདུད་འཇོམས་ལ། །འགྲོ་བ་སྐྱོབ་མཛད་རྣམས་ཀྱི་དབུས། །དཔའ་བོ་ཆེན་པོ་ཁྱོད་ལྷག་པར། །མཐོང་ནས་དད་པས་སྤྱན་འདྲེན་ནོ། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཐུགས་རྗེ་འགག་པ་མེད་པའི་རྩལ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །མངོན་པར་རོལ་པས་གཤེགས་སུ་གསོལ། ཞེས་དཀྱིལ་འཁོར་འཆད་པར་འགྱུར་བ་ལྟ་བུ་མདུན་གྱི་ནམ་མཁར་སྤྱན་དྲངས། འཁོར་ལོའི་དབང་ཕྱུག་འཁོར་བཅས་ཀྱི། །ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །དགེ་བ་ཀུན་ལ་ཡིད་དགའ་བས། །དད་པས་བདག་གི་ལུས་འདི་འབུལ། །ཐུགས་རྗེ་མངའ་བས་རིང་གཟིགས་པས། །བསམ་པ་ཐམས་ཅད་རྫོགས་གྱུར་ཏེ། །བདག་གིས་བྱང་ཆུབ་མཆོག་ཐོབ་ཤོག །བཛྭ་མུཿ རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཅེས་བརྗོད། བཤོས་ཆང་ཏིང་ལོ་གཏོར་མ་ཆབ་ཀྱིས་སྦྲན། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བགེགས་ལ་བསྔོས་ལ་བྱིན། དཀྱིལ་འཁོར་ས་གཞི་ལ་གནས་པའི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་འགས་ཤིང་། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱོད་རྣམས་གཞན་དུ་དེངས། །ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བསྐྲད། སྙིང་གར་སྲཱིཿལས་མེ་འབར་བས། །རྣམ་སྨིན་ལུས་བསྲེགས་སྟོང་པ་ཉིད། །ཨོཾ་སྭ་བྷཱ་ཝ་ཤུད་དྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུད་དྷཱོཧཾ། དོན་དམ་པའི་བསྲུང་བའོ།། ཟླ་གམ་སྨུག་ནག་དཀྱིལ་འཁོར་དུ། །པཾ་ལས་ཆུ་སྐྱེས་འདབ་མ་བརྒྱད། །མཾ་ལས་ཉི་མའི་གདན་སྟེང་དུ། །སྲཱིཿདམར་རྒྱུ་ཡི་ས་བོན་ལས། །ཡེ་ཤེས་བསྐལ་པའི་མེ་ལྟར་འབར། །གདུག་པ་ཅན་རྣམས་མ་ལུས་བསྲེགས། །སྲཱིཿལས་སྐྱེས་པའི་རྟ་མཆོག་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སྟེང་ཞལ་རྟ་མཆོག་ལྗང་ཁུ་ནི། །དྲག་པོའི་རྟ་སྐད་རབ་ཏུ་བཞད། ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་གཡས་ཐོད་དབྱུག་དཀར་པོ་བསྣམས། །བགེགས་དང་འབྱུང་པོ་མ་ལུས་འཇོམས། །གཡོན་པ་སྡིགས་མཛུབ་མེ་ལྟར་འབར། །གནོད་བྱེད་མ་ལུས་སྲེག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བདུད་བཞི་མནན། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་བསྡུས། །ལྗགས་འདྲིལ་མཆེ་བ་མེ་སྟག་འཕྲོ། །སྐྲ་སེར་དབུ་རྒྱན་ཐོད་སྐམ་ཅན། ཁྲག་འཛག་བརྒྱ་ཕྱེད་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཀླུ་ཆེན་བརྒྱད་ཀྱིས་ཉེ་བར་བརྒྱན། །འཇིགས་བྱེད་གཤིན་རྗེའི་གཟུགས་འཆང་བ། །གང་གིས་མི་ཚུགས་རྡོ་རྗེའི་སྐུ། །དེ་ཡི་ལྟོ་བ་ཡངས་པའི་ནང་། །ཨེ་ཡཾ་རཾ་བཾ་ལཾ་སུཾ་བྷྲུཾ། །ཞུ་བ་ཆོས་འབྱུང་རླུང་མེ་ཆུ། །ས་དང་ལྷུན་པོ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་ཅན། །སྔོ་སེར་དཀར་ལྗང་དམར་བའི་རྩིག །འདོད་སྣམ་ཕ་གུ་དྲ་བ་དང་། །ཤར་བུ་མདའ་ཡབ་རྒྱན་གྱིས་སྤྲས། ཁང་བརྩེགས་དབུས་འཕྱུར་རིན་ཆེན་ཏོག །པདྨ་རྡོ་རྗེ་མེ་རིས་བསྐོར། །ནང་ཁྱམས་ཤར་སྔོ་ལྷོ་སེར་ནུབ། །དཀར་དང་བྱང་ལྗང་གྲྭ་ནང་དམར། །ལྟེ་བར་པདྨ་འདབ་མ་བརྒྱད། །དབུས་སུ་པདྨ་ཚེ་དཔག་མེད། །ཤར་དུ་རྡོ་རྗེ་ཚེ་དཔག་མེད། །ལྷོ་རུ་རིན་ཆེན་ཚེ་དཔག་མེད། །ནུབ་ཏུ་རྣམ་སྣང་ཚེ་དཔག་མེད། །བྱང་དུ་ལས་ཀྱི་ཚེ་དཔག་མེད། །གཙོ་བོ་ལྔ་ཀ་ལི་ཁྲིའི་མདོག །ཅུང་ཟད་ཁྲོ་ལ་འཛུམ་བའི་ཉམས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བུམ་པར་བཅས་པའི་ཐོད་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ། །དེ་དག་པང་དུ་ཡུམ་ཆེན་ལྔ། །བཅུ་དྲུག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །པདྨ་རྡོ་རྗེ་རིན་ཆེན་དང་། །འཁོར་ལོ་སྣ་ཚོགས་རྡོ་རྗེ་སྟེ། །གཡས་པ་རང་གི་ཕྱག་མཚན་འཛིན། །གཡོན་པ་ཐོད་པ་བདུད་རྩི་བཀང་། །ཡབ་ལ་སྟོབ་ཅིང་སྐུ་ལ་འཁྲིལ། །ཐབས་དང་ཤེས་རབ་གཉིས་མེད་པས། །སྙོམས་འཇུག་ཟག་མེད་བདེ་བ་རྒྱས། །མཚམས་བཞིར་བདུད་རྩིའི་བུམ་པ་བཞི། །ནང་གི་ལྷ་ཡི་སྣམ་བུ་ལ། །ཤར་མེ་རྡོ་རྗེ་ཁྲོ་བོ་དང་། །ལྷོ་སྲིན་རིན་ཆེན་ཁྲོ་བོ་དང་། །ནུབ་རླུང་པདྨའི་ཁྲོ་བོ་དང་། །བྱང་དབང་འཕྲིན་ལས་ཁྲོ་བོ་དང་། །སྟེང་འོག་རྣམ་སྣང་ཁྲོ་བོ་གཉིས། །རང་འདྲའི་ཡུམ་དང་བཅས་པ་ནི། །གཡས་བསྐུམ་གཡོན་བརྐྱང་བཞེངས་པའོ། །མདོག་དམར་གཡས་པར་རང་རྟགས་འཛིན། །གཡོན་པ་ཚེ་ཡི་བུམ་པ་སྟེ། །སྦྲུལ་དང་རིན་ཆེན་སྣ་ཚོགས་བརྒྱན། །མེ་རི་འབར་བའི་ཀློང་ན་བཞུགས། །ཕྱི་གྲྭར་བདུག་སྤོས་མར་མེ་མ། །མེ་ཏོག་མ་དང་དྲི་ཆབ་མ། །སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་དག །ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །བཞེངས་པ་ཁྲོ་བོའི་ཚུལ་དུ་གནས། །གཡས་པ་རང་མིང་གཡོན་ཚེ་བུམ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་ནས་སྤྱན་འདྲེན་པ་ནི། སྟོབས་ཆེན་འཆི་བདག་བདུད་འཇོམས་ལ། །འགྲོ་བ་སྐྱོབ་མཛད་རྣམས་ཀྱི་དབུས། །དཔའ་བོ་ཆེན་པོ་ཁྱོད་ལྷག་པར། །མཐོང་ནས་དད་པས་སྤྱན་འདྲེན་ནོ། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཐུགས་རྗེ་འགག་པ་མེད་པའི་རྩལ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །མངོན་པར་རོལ་པས་གཤེགས་སུ་གསོལ། །ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམ། སླར་ཡང་སྙིང་གའི་འོད་ཟེར་གྱིས། །དབང་ལྷ་བདེ་གཤེགས་རིགས་ལྔ་ནི། །ཡུམ་བཅས་སྤྱན་དྲངས་སྦྱོར་བ་མཛད། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་ནས། །རང་རིགས་རྣམས་ཀྱི་བདག་པོར་ཞུགས། དེ་ནས་མཆོད་པ་ནི། ཙན་དན་དམར་པོའི་ཆུའི་མཆོད་ཡོན། རྒྱ་སྐྱེགས་ཀྱི་ཆུའི་ཞབས་བསིལ། མེ་ཏོག་དམར་པོའི་རིགས། སི་ཧཱ་ལ་སོགས་སྤོས། མདངས་དམར་པོར་བསྒྱུར་བའི་མར་མེ། པད་རག་གི་ཡོན་ཆབ། འབྱུང་བ་རྩི་ཁྲག་བྱུགས་པའི་ཞལ་ཟས། སྙན་པའི་རོལ་མོ་རྣམས། དབང་དུ་བྱེད་པའི་ལ་དུ། འདོད་པ་ལྔ། བདུད་རྩི། ཤ་ལྔ། རྗེས་ཆགས་དེ་བཞིན་ཉིད་དེ། །དབང་གི་མཆོད་རྫས་རྣམས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་རྟོགས་སྦར་ནས། འདོད་དགུའི་ཚོགས་ཐམས་ཅད་དུ་སྣང་བའི་མཆོད་པའི་སྤྲིན་ཆེན་པོར་གྱུར་པར་བསམས་ཏེ། ཧཱུྃ། ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་རྡོ་རྗེ་གསང་བ་ལས་འཐོན་པའི། །འདོད་དགུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྒྲོན། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །བདུད་རྩི་ལྔ་དང་ཤ་ལྔ་རེ་རེ་ཡང་། །ཀུན་ནས་དགྱེས་དགུ་ཀུན་ཏུ་སྤྲུལ་པས་མཆོད། །བཞིན་མཛེས་མེ་ཏོག་དྲི་ཞིམ་བདུག་པའི་སྤོས། །ཆགས་པའི་སྒྲོན་མ་དྲོད་ཀྱིས་རྔུལ་བའི་ཆབ། །མ་མཆུའི་སྦྲང་རྩི་ངོམས་མེད་བདེ་བའི་རོ། །འདོད་པའི་སྙིང་པོར་རྗེས་སུ་ཆགས་པས་མཆོད། །མ་རིག་གིས་རྨོངས་འཁོར་བར་རེངས་པའི་འགྲོ། །སྡིག་པས་མྱོས་པར་གྱུར་པའི་མ་རུངས་པ། །སྙིང་རྗེས་ཁྲོས་པས་ཆོས་དབྱིངས་བསྒྲལ་བའི་བཾ། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ་བར་བགྱི། ཞེས་མཆོད། དེ་ནས་བསྟོད་པ་ནི། ཧཱུྃ། འཆི་མེད་དབང་པོའི་རྒྱན་གོས་ཀྱིས་སྤྲས་པ། །འགྲོ་ལ་རྗེས་ཆགས་འདོད་ཆགས་ཆེན་པོའི་གཟུགས། །ཉི་མ་འཆར་ཀའི་མདངས་སུ་ལྷམ་མེ་བའི། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ན་རྒ་འཆི་བའི་གདུང་བ་རྣམས་འཇོམས་ཤིང་། །ཡིད་འོང་འདོད་པའི་ལང་ཚོ་གང་བྱེད་པ། །ཡེ་ཤེས་བདུད་རྩིའི་སྣོད་འཛིན་མཉམ་གཞག་ཅན། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །པད་ཉིའི་དབུས་ན་ཀླུ་དབང་གཉིད་པ་ལྟར། །རྡོ་རྗེ་སྐྱིལ་ཀྲུང་མཛད་པའི་པང་ན་ཡུམ། །བདེ་བའི་མཆོད་སྦྱིན་ཅི་ཡང་བགྱིད་པ་ཅན། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །གདུལ་བྱ་རྣམ་མང་འདུལ་ཚུལ་ཐ་དད་དགོངས། །སྣ་ཚོགས་རིགས་ཀྱི་རོལ་གར་ལ་ཞུགས་པའི། །ཁྲོ་ཆགས་ལྷ་ཡི་སྣང་བ་མི་ཟད་པའི། །དཀྱིལ་འཁོར་བ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པའི་བྱིན། །བདག་གི་ལུས་ངག་ཡིད་གསུམ་ལ་ཞུགས་པས། །རྒྱལ་བ་ཉིད་ཀྱི་སྐུ་གསུང་ཐུགས་གྲུབ་པའི། །དངོས་གྲུབ་དམ་པ་ཚེ་འདིར་སྩལ་དུ་གསོལ། །དེ་ནས་ལྷ་ཚོགས་རྣམས་ཀྱི་སྙིང་གར་ཚེའི་བུམ་པ་དེའི་ནང་དུ་ས་བོན་སྔགས་ཀྱིས་བསྐོར་བར་བསམས་ཏེ། ཨོཾ་སྲཱིཿཧཱུྃ་སྭཱ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿ ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་མཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཞེས་སྤྱི་དྲིལ་གྱི་སྔགས་བཟླས། དེའི་དུས་སྔགས་ཕྲེང་ལས་ཚེ་བསྲིང་དཔལ་བསྐྱེད་པའི་དམ་ཚིག་གི་བདུད་རྩི་བབས། བུམ་པ་གང་བར་གྱུར། ཞེས་བརྗོད། བདག་བསྐྱེད་རྐྱང་པའི་སྐབས་ཚེ་འགུགས་བྱ་ཞིང་བསྟིམ། གཏོར་མ་འབུལ། བདག་ཉིད་ལྷའི་ང་རྒྱལ་བསྡུས་ལ་དགེ་བ་བསྔོ་ཞིང་བཀྲ་ཤིས་བྱའོ། །གཉིས་པ་གཞན་དོན་གཙོ་བོ་སྒྲུབ་པ་ནི། ས་ཕྱོགས་བཀྲ་ཤིས་པར་བགེགས་ལ་གཏོར་མ་བཏང་། བཀའ་བསྒོ་བསྐྲད། བསྲུང་འཁོར་གཉིས་བསྒོམ་ཏེ། དཀྱིལ་འཁོར་ཐིག་ཚོན་རིགས་ལྔའི་ས་བོན་བཟླས་པས་བྱིན་གྱིས་བརླབས། ཐིག་གདབ་ཚོན་བཀྱེ། ཡང་ན་འབྲུའི་ཚོམ་བུ་བཀོད། སྟེང་དུ་མཉྫྱིའི་ཁར་ལས་བུམ། གཙོ་བོའི་བུམ་པ་བཟང་པོ་བུམ་རྫས་དང་ལྡན་པའི་ཆུས་སུམ་གཉིས་གང་བ་མགུལ་དཀྲིས་རིགས་ཀྱི་ཕྱག་མཚན་གྱིས་མཛེས་པ། དེའི་སྟེང་དུ་ཀ་པཱ་ལ་མཚན་ལྡན། ཚེ་རྫས་ཀྱི་ཆང་བཟང་པོས་བཀང་བ། དེའི་ཁ་གཅོད་ཀྱི་ཚུལ་དུ་ཚེའི་འབྲང་རྒྱས་དཀར་གསུམ་མངར་གསུམ། འབྲུ་དཀར་པོའི་ཕྱེ་ལ་སྦྲུས་པ་ལ་དབྱིབས་ཟར་མའི་བུམ་པ་ལྟ་བུ་ལ། རྩེ་ལ་རྡོ་རྗེ་རྩེ་ལྔ་ཉི་ཟླ་ནོར་བུས་སྤྲས་པ། འོག་ཏུ་པདྨ་འདབ་བཞི་རིགས་བཞིའི་ཕྱག་མཚན། རྨང་དུ་ཞི་རྒྱས་དབང་དྲག་གི་མཚན་མ་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ། མཚམས་སུ་རྡོ་རྗེ་རྒྱ་གྲམ། བར་དུ་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་མཛེས་པ་དང་། མདའ་རྒོད་སྒྲོ་མ། བར་དུ་ཨོཾ་ཨཱ་ཧཱུྃ་བྷྲཱུཾ་སྲཱི་ཧཱུྃ་སྭཱ་ཨོཾ་ཨ། ཨོཾ་བྷྲཱུཾ་ཨ་ས་ནི་རི་ཏི་ཆེ་གེ་མོ་ལ་ཚེ་དང་ལོངས་སྤྱོད་དབང་ཐང་སྤེལ་དུ་གསོལ་བྲིས་པ་དར་དམར་མེ་ལོང་བཏགས་པ་དང་། ཚེ་ནས་ལ་བཀྲ་ཤིས་རྟགས་བརྒྱད་བཀོད་པ་མདུན། ཚེ་རིལ་གཡས། བསྲུང་བའམ་བསྲུང་མདུད་གཡོན། ཚེ་ཟས་ཀྱི་སྣོད་རྒྱབ། གཞན་མདའ་དར་རྣམ་ལྔ། མཐའ་མཆོད་གཏོར་གྱིས་བསྐོར། དེ་ནས་བདག་བསྐྱེད་ཀྱི་བཟླས་པ་གྲུབ་མཚམས། ལས་ཐམས་ཅད་པར་དམིགས་ཏེ། ཨོཾ་སྭ་བྷཱ་ཝས་སྦྱངས། ལས་བུམ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཟླ་གམ་སྨུག་ནག་དཀྱིལ་འཁོར་དུ། །པཾ་ལས་ཆུ་སྐྱེས་འདབ་མ་བརྒྱད། །མཾ་ལས་ཉི་མའི་གདན་སྟེང་དུ། །སྲཱིཿདམར་རྒྱུ་ཡི་ས་བོན་ལས། །ཡེ་ཤེས་བསྐལ་པའི་མེ་ལྟར་འབར། །གདུག་པ་ཅན་རྣམས་མ་ལུས་བསྲེགས། །སྲཱིཿལས་སྐྱེས་པའི་རྟ་མཆོག་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སྟེང་ཞལ་རྟ་མཆོག་ལྗང་ཁུ་ནི། །དྲག་པོའི་རྟ་སྐད་རབ་ཏུ་བཞད། ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་གཡས་ཐོད་དབྱུག་དཀར་པོ་བསྣམས། །བགེགས་དང་འབྱུང་པོ་མ་ལུས་འཇོམས། །གཡོན་པ་སྡིགས་མཛུབ་མེ་ལྟར་འབར། །གནོད་བྱེད་མ་ལུས་སྲེག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བདུད་བཞི་མནན། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་བསྡུས། །ལྗགས་འདྲིལ་མཆེ་བ་མེ་སྟག་འཕྲོ། །སྐྲ་སེར་དབུ་རྒྱན་ཐོད་སྐམ་ཅན། ཁྲག་འཛག་བརྒྱ་ཕྱེད་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཀླུ་ཆེན་བརྒྱད་ཀྱིས་ཉེ་བར་བརྒྱན། །འཇིགས་བྱེད་གཤིན་རྗེའི་གཟུགས་འཆང་བ། །གང་གིས་མི་ཚུགས་རྡོ་རྗེའི་སྐུ། ཞེས་པའི་བར་དམ་ཡེ་དབྱེར་མེད་དུ་བསྐྱེད། ཐུགས་ཀར་ཉི་མ་ལ་སྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ཏེ། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྙིང་གར་སྔགས་འཕྲེང་རྟ་སྔགས་བཟླ། སྐུ་ལས་བདུད་རྩི་བབ་པ་བུམ་པའི་བདུད་རྩིར་གྱུར། ཡང་ན་འོད་ཞུ་བྱ། དེ་ནས་མདུན་གྱི་དཀྱིལ་འཁོར་བུམ་པ་མདུན་གྱི་དཀྱིལ་འཁོར། བུམ་པ། ཐོད་པ། ཚེ་གཏོར། ཚེ་མདའ་ཚེ་རིལ་རྣམས་ལས་སྔགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས་ལ། མདུན་བསྐྱེད་རས་བྲིས་ཀྱི་དཀྱིལ་འཁོར་དང་། ཚེ་རྟེན་དམ་ཚིག་གི་རྫས་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཟླ་གམ་སྨུག་ནག་དཀྱིལ་འཁོར་དུ། །པཾ་ལས་ཆུ་སྐྱེས་འདབ་མ་བརྒྱད། །མཾ་ལས་ཉི་མའི་གདན་སྟེང་དུ། །སྲཱིཿདམར་རྒྱུ་ཡི་ས་བོན་ལས། །ཡེ་ཤེས་བསྐལ་པའི་མེ་ལྟར་འབར། །གདུག་པ་ཅན་རྣམས་མ་ལུས་བསྲེགས། །སྲཱིཿལས་སྐྱེས་པའི་རྟ་མཆོག་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སྟེང་ཞལ་རྟ་མཆོག་ལྗང་ཁུ་ནི། །དྲག་པོའི་རྟ་སྐད་རབ་ཏུ་བཞད། ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་གཡས་ཐོད་དབྱུག་དཀར་པོ་བསྣམས། །བགེགས་དང་འབྱུང་པོ་མ་ལུས་འཇོམས། །གཡོན་པ་སྡིགས་མཛུབ་མེ་ལྟར་འབར། །གནོད་བྱེད་མ་ལུས་སྲེག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བདུད་བཞི་མནན། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་བསྡུས། །ལྗགས་འདྲིལ་མཆེ་བ་མེ་སྟག་འཕྲོ། །སྐྲ་སེར་དབུ་རྒྱན་ཐོད་སྐམ་ཅན། ཁྲག་འཛག་བརྒྱ་ཕྱེད་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཀླུ་ཆེན་བརྒྱད་ཀྱིས་ཉེ་བར་བརྒྱན། །འཇིགས་བྱེད་གཤིན་རྗེའི་གཟུགས་འཆང་བ། །གང་གིས་མི་ཚུགས་རྡོ་རྗེའི་སྐུ། །དེ་ཡི་ལྟོ་བ་ཡངས་པའི་ནང་། །ཨེ་ཡཾ་རཾ་བཾ་ལཾ་སུཾ་བྷྲུཾ། །ཞུ་བ་ཆོས་འབྱུང་རླུང་མེ་ཆུ། །ས་དང་ལྷུན་པོ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་ཅན། །སྔོ་སེར་དཀར་ལྗང་དམར་བའི་རྩིག །འདོད་སྣམ་ཕ་གུ་དྲ་བ་དང་། །ཤར་བུ་མདའ་ཡབ་རྒྱན་གྱིས་སྤྲས། ཁང་བརྩེགས་དབུས་འཕྱུར་རིན་ཆེན་ཏོག །པདྨ་རྡོ་རྗེ་མེ་རིས་བསྐོར། །ནང་ཁྱམས་ཤར་སྔོ་ལྷོ་སེར་ནུབ། །དཀར་དང་བྱང་ལྗང་གྲྭ་ནང་དམར། །ལྟེ་བར་པདྨ་འདབ་མ་བརྒྱད། །དབུས་སུ་པདྨ་ཚེ་དཔག་མེད། །ཤར་དུ་རྡོ་རྗེ་ཚེ་དཔག་མེད། །ལྷོ་རུ་རིན་ཆེན་ཚེ་དཔག་མེད། །ནུབ་ཏུ་རྣམ་སྣང་ཚེ་དཔག་མེད། །བྱང་དུ་ལས་ཀྱི་ཚེ་དཔག་མེད། །གཙོ་བོ་ལྔ་ཀ་ལི་ཁྲིའི་མདོག །ཅུང་ཟད་ཁྲོ་ལ་འཛུམ་བའི་ཉམས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བུམ་པར་བཅས་པའི་ཐོད་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ། །དེ་དག་པང་དུ་ཡུམ་ཆེན་ལྔ། །བཅུ་དྲག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །པདྨ་རྡོ་རྗེ་རིན་ཆེན་དང་། །འཁོར་ལོ་སྣ་ཚོགས་རྡོ་རྗེ་སྟེ། །གཡས་པ་རང་གི་ཕྱག་མཚན་འཛིན། །གཡོན་པ་ཐོད་པ་བདུད་རྩིས་བཀང་། །ཡབ་ལ་སྟོབ་ཅིང་སྐུ་ལ་འཁྲིལ། །ཐབས་དང་ཤེས་རབ་གཉིས་མེད་པས། །སྙོམས་འཇུག་ཟག་མེད་བདེ་བ་རྒྱས། །མཚམས་བཞིར་བདུད་རྩིའི་བུམ་པ་བཞི། །ནང་གི་ལྷ་ཡི་སྣམ་བུ་ལ། །ཤར་མེ་རྡོ་རྗེ་ཁྲོ་བོ་དང་། །ལྷོ་སྲིན་རིན་ཆེན་ཁྲོ་བོ་དང་། །ནུབ་རླུང་པདྨའི་ཁྲོ་བོ་དང་། །བྱང་དབང་འཕྲིན་ལས་ཁྲོ་བོ་དང་། །སྟེང་འོག་རྣམ་སྣང་ཁྲོ་བོ་གཉིས། །རང་འདྲའི་ཡུམ་དང་བཅས་པ་ནི། །གཡས་བསྐུམ་གཡོན་བརྐྱང་བཞེངས་པའོ། །མདོག་དམར་གཡས་པར་རང་རྟགས་འཛིན། །གཡོན་པ་ཚེ་ཡི་བུམ་པ་སྟེ། །སྦྲུལ་དང་རིན་ཆེན་སྣ་ཚོགས་བརྒྱན། །མེ་རི་འབར་བའི་ཀློང་ན་བཞུགས། །ཕྱི་གྲྭར་བདུག་སྤོས་མར་མེ་མ། །མེ་ཏོག་མ་དང་དྲི་ཆབ་མ། །སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་དག །ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །བཞེངས་པ་ཁྲོ་བོའི་ཚུལ་དུ་གནས། །གཡས་པ་རང་མིང་གཡོན་ཚེ་བུམ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། དེ་ནས་སྤྱན་འདྲེན་པ་ནི། སྟོབས་ཆེན་འཆི་བདག་བདུད་འཇོམས་ལ། །འགྲོ་བ་སྐྱོབ་མཛད་རྣམས་ཀྱི་དབུས། །དཔའ་བོ་ཆེན་པོ་ཁྱོད་ལྷག་པར། །མཐོང་ནས་དད་པས་སྤྱན་འདྲེན་ནོ། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཐུགས་རྗེ་འགག་པ་མེད་པའི་རྩལ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །མངོན་པར་རོལ་པས་གཤེགས་སུ་གསོལ། ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམ། སླར་ཡང་སྙིང་གའི་འོད་ཟེར་གྱིས། །དབང་ལྷ་བདེ་གཤེགས་རིགས་ལྔ་ནི། །ཡུམ་བཅས་སྤྱན་དྲངས་སྦྱོར་བ་མཛད། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་ནས། །རང་རིགས་རྣམས་ཀྱི་བདག་པོར་ཞུགས། དེ་ནས་མཆོད་པ་ནི། དབང་གི་མཆོད་རྫས་རྣམས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་རྟོགས་སྦར་ནས། འདོད་དགུའི་ཚོགས་ཐམས་ཅད་དུ་སྣང་བའི་མཆོད་པའི་སྤྲིན་ཆེན་པོར་གྱུར་པར་བསམས་ཏེ། ཧཱུྃ། ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་རྡོ་རྗེ་གསང་བ་ལས་འཐོན་པའི། །འདོད་དགུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྒྲོན། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །བདུད་རྩི་ལྔ་དང་ཤ་ལྔ་རེ་རེ་ཡང་། །ཀུན་ནས་དགྱེས་དགུ་ཀུན་ཏུ་སྤྲུལ་པས་མཆོད། །བཞིན་མཛེས་མེ་ཏོག་དྲི་ཞིམ་བདུག་པའི་སྤོས། །ཆགས་པའི་སྒྲོན་མེ་དྲོད་ཀྱིས་རྔུལ་བའི་ཆབ། །མ་མཆུའི་སྦྲང་རྩི་ངོམས་མེད་བདེ་བའི་རོ། །འདོད་པའི་སྙིང་པོར་རྗེས་སུ་ཆགས་པས་མཆོད། །མ་རིག་གིས་རྨོངས་འཁོར་བར་རེངས་པའི་འགྲོ། །སྡིག་པས་མྱོས་པར་གྱུར་པའི་མ་རུངས་པ། །སྙིང་རྗེས་ཁྲོས་པས་ཆོས་དབྱིངས་བསྒྲལ་བའི་བཾ། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ་བར་བགྱི། །ཞེས་མཆོད། དེ་ནས་བསྟོད་པ་ནི། ཧཱུྃ། འཆི་མེད་དབང་པོའི་རྒྱན་གོས་ཀྱིས་སྤྲས་པ། །འགྲོ་ལ་རྗེས་ཆགས་འདོད་ཆགས་ཆེན་པོའི་གཟུགས། །ཉི་མ་འཆར་ཀའི་མདངས་སུ་ལྷམ་མེ་བའི། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ན་རྒ་འཆི་བའི་གདུང་བ་རྣམས་འཇོམས་ཤིང་། །ཡིད་འོང་འདོད་པའི་ལང་ཚོ་གང་བྱེད་པ། །ཡེ་ཤེས་བདུད་རྩིའི་སྣོད་འཛིན་མཉམ་གཞག་ཅན། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །པད་ཉིའི་དབུས་ན་ཀླུ་དབང་གཉིད་པ་ལྟར། །རྡོ་རྗེ་སྐྱིལ་ཀྲུང་མཛད་པའི་པང་ན་ཡུམ། །བདེ་བའི་མཆོད་སྦྱིན་ཅི་ཡང་བགྱིད་པ་ཅན། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །གདུལ་བྱ་རྣམ་མང་འདུལ་ཚུལ་ཐ་དད་དགོངས། །སྣ་ཚོགས་རིགས་ཀྱི་རོལ་གར་ལ་ཞུགས་པའི། །ཁྲོ་ཆགས་ལྷ་ཡི་སྣང་བ་མི་ཟད་པའི། །དཀྱིལ་འཁོར་བ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པའི་བྱིན། །བདག་གི་ལུས་ངག་ཡིད་གསུམ་ལ་ཞུགས་པས། །རྒྱལ་བ་ཉིད་ཀྱི་སྐུ་གསུང་ཐུགས་གྲུབ་པའི། །དངོས་གྲུབ་དམ་པ་ཚེ་འདིར་སྩལ་དུ་གསོལ། ཅེས་བསྟོད། དེ་ནས་མདུན་བསྐྱེད་བསྐུལ་བའི་སྔགས་བཟླ་བ་ནི། བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས། སྒྲུབ་བྱའི་ཚེ་ཉམས་པ་བཀུག །འབྱུང་བ་བཞིའི་བཅུད། སེམས་ཅན་གྱི་ཚེ་དང་བསོད་ནམས། སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་ཐུགས་ཀའི་ཚེ་བུམ་གྱི་ནང་དུ་ཐིམ་པས་འཆི་མེད་ཚེའི་བདུད་རྩིས་གང་བར་དམིགས་ཏེ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཞེས་ཅི་ནུས་བཟླ་བར་བྱའོ། །དེ་ནས་ཚེ་འགུགས་པ་ནི། དགུང་གཉིས་ནང་ནུབ་ཐུན་བཞིར་ཚེ་འགུགས་རྒྱས་པར་བུ་མོ་གཙང་མ་ལྔའམ་གཅིག་མདའ་དར་གཡོབ། སྤོས་བཏང་རོལ་མོ་བྱ། དབྱངས་སྙན་པ་གྱེར་བཞིན་པས། སྲཱིཿ ཕྱོགས་བཞིའི་སྒོ་མ་དྲག་ཤུལ་ཆེན་མོའི་འཕྲུལ། །ས་དང་ས་འོག་ནམ་མཁའི་ཁམས་གང་བས། །བདག་གི་ཚེ་འཕྲོག་བརྐུ་བའི་ཕྱོགས་སྐྱོང་གདོན། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་མགྲིན་པ་ཆིངས། །ལྕགས་སྒྲོག་གིས་སྡོམ་དྲིལ་བུས་མཉེད་མཛོད་ལ། །ལག་གི་ཚེ་སྲོག་ཕྲོགས་ལ་འདིར་ཁུག་ཅིག །ཞེས་བསྐུལ་བས་རང་འདྲ་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བཀྱེ་ནས་ཕྱོགས་སྐྱོང་བཅུའི་གདོན་ཚེ་དཔལ་འབྱོར་པ་ལ་བར་དུ་གཅོད་པའི་བགེགས་རྣམས་ཀྱི་སྙིང་ལྕགས་ཀྱུས་ཕུག །མགྲིན་པ་ཞགས་པས་བཅིངས། ཡན་ལག་ལྕགས་སྒྲོག་གིས་བསྡམས། དྲིལ་བུས་ལུས་མཉེས་ཏེ་ལག་གིས་བདག་གཞན་གྱི་ཚེ་ཕྲོགས་པ་དེ་སླར་བསྡུས་པར་བསམ། ཡང་། སྲཱིཿ ཕྱོགས་བཅུའི་ཁྲོ་རྒྱལ་དྲག་ཤུལ་ཆེན་པོའི་འཕྲུལ། ས་དང་ས་འོག་ནམ་མཁའི་ཁམས་གང་བས། །བདག་གི་ཚེ་སྲོག་བརྐུ་བའི་གདོན་བགེགས་དང་། །འཆི་བདག་བདུད་སྡེ་རྣམས་ཀྱི་མགོ་འཁོས་ལ། །དེ་དག་སྙིང་ནང་གནས་པའི་ཚེ་སྲོག་དང་། །འཇིག་རྟེན་ཁམས་ཀྱི་འབྱུང་བཞིའི་བཅུད་བསྡུས་ཤིག །ཞེས་བསྐུལ་བས་ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱི་སྤྲུལ་པས་གདོན་བགེགས་བར་དུ་གཅོད་བྱེད་ཐམས་ཅད་བསྒྲལ། །དེ་དག་གི་སྙིང་གའི་ཚེ། འཇིག་རྟེན་ཁམས་ཀྱི་འབྱུང་བ་བཞིའི་བཅུད་ཐམས་ཅད་དྲངས་ནས་བུམ་པའི་བདུད་རྩི་ལ་བསྟིམ། ཡང་། སྲཱིཿདབང་དྲག་པདྨ་རིགས་ཀྱི་དཀྱིལ་འཁོར་ནས། །ཁྲག་འཐུང་བདེ་གཤེགས་རིགས་ལྔ་ཡབ་ཡུམ་རྣམས། །ཐུགས་རྗེ་དགོངས་ལ་དབྱིངས་ནས་སྐུ་བཞེངས་ཏེ། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས། །སྲིད་གསུམ་ཟིལ་མནན་ཁམས་གསུམ་དབང་བསྡུས་ཏེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཡེ་ཤེས་དང་། །རིག་འཛིན་རྣམས་ཀྱིས་རྩེ་གཅིག་བསྒྲུབས་པའི་ཚེ། །འཇིག་རྟེན་བསོད་ནམས་ལས་ཐོབ་སྲོག་ཁུག་ཅིག །ཅེས་བསྐུལ་བས། གཙོ་བོ་ཡབ་ཡུམ་རྣམས་ཀྱི་སྤྲུལ་པ་སྣ་ཚོགས་པས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཚེའི་གཟུངས། རིག་འཛིན་གྲུབ་པ་རྣམས་ཀྱིས་རྩེ་གཅིག་བསྒྲུབས་པའི་ཚེ། འཇིག་རྟེན་ལས་ཀྱི་ཚེ་སྲོག་དྭངས་མ་འཆི་མེད་ཀྱི་བདུད་རྩིར་བགྲང་བ་ཐམས་ཅད་བུམ་ནང་དུ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས་དམ་ཚིག་ཏུ་གནས་པ་དང་རོ་གཅིག་ཏུ་གྱུར་བ་འཕེལ་ཞིང་ལུད་པས་ལུས་ཐམས་ཅད་མེར་གྱིས་གང་བར་བསམས་ཏེ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཨོཾ་སྲཱིཿབྷྲཱུཾ་རཏྣ་སིདྡྷི་ཨཱ་ཡུ་པུ་ཎྭ་བྷྲཱུཾ་བྷྲཱུཾ། ཞེས་པ་ཉེར་གཅིག་སོགས་ཀྱིས་གཏོར་མ་བྱིན་བརླབ་བྱ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། རཏྣ་སིདྡྷི་ཨཱ་ཡུ་པུ་ཎྭ་ཀ་པཱ་ལ་སིདྡྷི་བྷྲཱུྃ་ཧཱུྃ་ཧཱུྃ། ཞེས་ཉེར་གཅིག་སོགས་ཀྱིས་ཐོད་རྫས་བྱིན་བརླབ་བྱ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཤུ་ཏི་བྷ་ལི་བྷེ་ཏེ་པ་ར་མ་སིདྡྷི་སྭཱ་ཧཱ། ཞེས་པ་ཉེར་གཅིག་སོགས་ཀྱིས་ཚེ་རིལ་བྱིན་བརླབ་བྱ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཞེས་པ་ཉེར་གཅིག་སོགས་ཀྱིས་ཚེ་མདའ་བྱིན་བརླབ་བྱ། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པ་ཉེར་གཅིག་སོགས་ཀྱིས་སྲུང་སྐུད་བྱིན་བརླབ་བྱའོ། །བུམ་ཆུ་དང་བདུད་རྩི་ཁོལ་ཞིང་ལུད་པ་དང་གཏོར་མ་བཀྲག་མདངས་རྒྱས་པའི་བདུད་རྩིར་ཞུ་བའམ་འཛག་པ་ལ་སོགས་པའི་རྟགས་ཐོན་ནས་ཚེ་དབང་བསྐུར། བདག་ཉིད་ཀྱི་དོན་དུ་ཡིན་ན་དབང་ལེན་པའི་ཚུལ་དང་མཐར་དངོས་གྲུབ་ལེན། ཚོགས་ཀྱི་སྒོ་ནས་ལོངས་སྤྱོད་པ་རྣམས་བྱ་སྟེ། དེ་ལ་སློབ་མ་ལ་དབང་བསྐུར་བའི་རིམ་པ་ཇི་ལྟ་བས་བདག་ཉིད་འཇུག་པར་བྱ་བ་སྟེ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས། བཤོས་ཆང་ཏིང་ལོ་དང་བཅས་པའི་བགེགས་གཏོར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། དཀྱིལ་འཁོར་ས་གཞི་ལ་གནས་པའི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་འགས་ཤིང་། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱོད་རྣམས་གཞན་དུ་དེངས། །ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བསྐྲད། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་ཟླུམ་པོ་ལ་རྡོ་རྗེའི་མདའི་དྲྭ་བས་བརྒྱན་པ། བར་མཚམས་མེད་པ། ཅིས་ཀྱང་མི་ཚུགས་པ། ཅིས་ཀྱང་མི་ཤིགས་པ། ཅིས་ཀྱང་མི་འཇིགས་པའི་རྡོ་རྗེའི་མཁར་མེའི་ཕུང་པོ་འབར་བ་ནམ་མཁའི་ཁམས་ཁྱབ་པ་ཞིག་ཏུ་གྱུར། ཅེས་སྲུང་འཁོར་བསྒོམ་མོ། དེ་ནས། ཨོཾ་བཛྭ་བྷཱུ་མི་ཨཱ་ཧཱུྃ་སོགས་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་མི་ཐ་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་སོགས་ཀྱིས་མཎྜྻལ་ཕུལ། བླ་མ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་སྤྱན་སྔར། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ཅེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། དེ་ནས། བཅོམ་ལྡན་མགོན་པོ་བྱམས་ལྡན་ཚེ་དཔག་མེད། །ཐུགས་ཀྱི་དཀྱིལ་འཁོར་རིན་ཆེན་བུམ་ནང་གི །བྱང་ཆུབ་སེམས་ཀྱི་ཨཱ་ཡུ་ཥེ་དམར་པོ། །རྩེ་གཅིག་བདག་གིས་བསྒྲུབས་པའི་ཚེ་ལགས་ན། །བྱིན་གྱིས་རློབས་ལ་མྱུར་དུ་སྩལ་དུ་གསོལ། ཞེས་ཁྱད་པར་གྱིས་གསོལ་བ་བཏབ། དེ་ནས་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། རང་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། པདྨའི་སྡོང་པོ་འདབ་མ་འབུམ་ལྡན་པར། །ཚེ་དཔག་མེད་པ་ལི་ཁྲིའི་མདོག །ཅུང་ཟད་ཁྲོ་ལ་འཛུམ་པའི་ཉམས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བུམ་པར་བཅས་པའི་ཐོད་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ། །དེ་ཡི་པང་དུ་རྒྱལ་བའི་ཡུམ། །བཅུ་དྲུག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །ཕྱག་གཡས་རང་རྟགས་པདྨོ་འཛིན། །གཡོན་པས་ཐོད་པ་བདུད་རྩིས་བཀང་། །ཡབ་ལ་སྟོབ་ཅིང་སྐུ་ལ་འཁྲིལ། །ཐབས་དང་ཤེས་རབ་གཉིས་མེད་པས། །སྙོམས་འཇུག་ཟག་མེད་བདེ་བ་རྒྱས། །བདེ་བ་ཅན་ནས་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་ལྟར། །བྱོན་ནས་རང་ལ་ཐིམ་པར་བསྒོམ། བྱས་ལ་སྤོས་ཀྱིས་བདུག །བླ་མས་རོལ་མོ་དབྱངས་དང་བཅས་པས། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཚེ་དང་ལོངས་སྤྱོད་གཏེར་གྱི་བདག །མཐུ་ཆེན་ཇི་སྙེད་བཞུགས་པ་རྣམས། །གནས་འདིར་སྤྱན་འདྲེན་བྱིན་གྱིས་རློབས། །མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཞིག །དབང་ཆེན་རྣམས་ཀྱིས་དབང་བསྐུར་ཞིག །བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག །འཆི་མེད་བདུད་རྩིའི་ཆར་ཕབ་ཅིག །ཚེ་དཔལ་ལོངས་སྤྱོད་ཀུན་སྩོལ་ཞིག །བཛྭ་ཨཱ་ཡུ་ཥེ་ཨཱ་བེ་ཤ་ཡ་ཨཿཨཿ ཞེས་པ་བྱིན་ཕབ་འཇུག་པའོ། །དེ་ནས་ཚེ་རྫས་རྣམས་ལ་ཚེ་འགུགས་བྱ་བ་སྟེ། སྲཱིཿ ཕྱོགས་བཞིའི་སྒོ་མ་དྲག་ཤུལ་ཆེན་མོའི་འཕྲུལ། །ས་དང་ས་འོག་ནམ་མཁའི་ཁམས་གང་བས། །བདག་གི་ཚེ་འཕྲོག་བརྐུ་བའི་ཕྱོགས་སྐྱོང་གདོན། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་མགྲིན་པ་ཆིངས། །ལྕགས་སྒྲོག་གིས་སྡོམ་དྲིལ་བུས་མཉེད་མཛོད་ལ། །ལག་གི་ཚེ་སྲོག་ཕྲོགས་ལ་འདིར་ཁུག་ཅིག །ཞེས་བསྐུལ་བས་རང་འདྲ་བའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བཀྱེ་ནས་ཕྱོགས་སྐྱོང་བཅུའི་གདོན་ཚེ་དཔལ་འབྱོར་པ་ལ་བར་དུ་གཅོད་པའི་བགེགས་རྣམས་ཀྱི་སྙིང་ལྕགས་ཀྱུས་ཕུག །མགྲིན་པ་ཞགས་པས་བཅིངས། ཡན་ལག་ལྕགས་སྒྲོག་གིས་བསྡམས། དྲིལ་བུས་ལུས་མཉེས་ཏེ་ལག་གི་བདག་གཞན་གྱི་ཚེ་ཕྲོགས་པ་དེ་སླར་བསྡུས་པར་བསམ། ཡང་། སྲཱིཿ ཕྱོགས་བཅུའི་ཁྲོ་རྒྱལ་དྲག་ཤུལ་ཆེན་པོའི་འཕྲུལ། ས་དང་ས་འོག་ནམ་མཁའི་ཁམས་གང་བས། །བདག་གི་ཚེ་སྲོག་བརྐུ་བའི་གདོན་བགེགས་དང་། །འཆི་བདག་བདུད་སྡེ་རྣམས་ཀྱི་མགོ་འཁོས་ལ། །དེ་དག་སྙིང་ནང་གནས་པའི་ཚེ་སྲོག་དང་། །འཇིག་རྟེན་ཁམས་ཀྱི་འབྱུང་བཞིའི་བཅུད་བསྡུས་ཤིག །ཞེས་བསྐུལ་བས་ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱི་སྤྲུལ་པས་གདོན་བགེགས་བར་དུ་གཅོད་བྱེད་ཐམས་ཅད་བསྒྲལ། །དེ་དག་གི་སྙིང་གའི་ཚེ། འཇིག་རྟེན་ཁམས་ཀྱི་འབྱུང་བ་བཞིའི་བཅུད་ཐམས་ཅད་དྲངས་ནས་བུམ་པའི་བདུད་རྩི་ལ་བསྟིམ། ཡང་། སྲཱིཿདབང་དྲག་པདྨ་རིགས་ཀྱི་དཀྱིལ་འཁོར་ནས། །ཁྲག་འཐུང་བདེ་གཤེགས་རིགས་ལྔ་ཡབ་ཡུམ་རྣམས། །ཐུགས་རྗེ་དགོངས་ལ་དབྱིངས་ནས་སྐུ་བཞེངས་ཏེ། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས། །སྲིད་གསུམ་ཟིལ་མནན་ཁམས་གསུམ་དབང་བསྡུས་ཏེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཡེ་ཤེས་དང་། །རིག་འཛིན་རྣམས་ཀྱིས་རྩེ་གཅིག་བསྒྲུབས་པའི་ཚེ། །འཇིག་རྟེན་བསོད་ནམས་ལས་ཐོབ་སྲོག་ཁུག་ཅིག །ཞེས་བསྐུལ་བས། གཙོ་བོ་ཡབ་ཡུམ་རྣམས་ཀྱི་སྤྲུལ་པ་སྣ་ཚོགས་པས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཚེའི་གཟུངས། རིག་འཛིན་གྲུབ་པ་རྣམས་ཀྱིས་རྩེ་གཅིག་བསྒྲུབས་པའི་ཚེ། འཇིག་རྟེན་ལས་ཀྱི་ཚེ་སྲོག་དྭངས་མ་འཆི་མེད་ཀྱི་བདུད་རྩིར་བགྲང་བ་ཐམས་ཅད་བུམ་ནང་དུ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས་དམ་ཚིག་ཏུ་གནས་པ་དང་རོ་གཅིག་ཏུ་གྱུར་བ་འཕེལ་ཞིང་ལུད་པས་ལུས་ཐམས་ཅད་མེར་གྱིས་གང་བར་བསམས། དེ་ནས་ཚེའི་འབྲང་རྒྱས་སྤྱི་བོར་བཀོད་ནས་དཀྱིལ་འཁོར་གྱི་ལྷའི་ནང་ནས་སྐུའི་ལྷ་ཚོགས་རྣམས་བཞེངས་ནས་སྤྱི་བོར་བྱོན་ཏེ་དབང་བསྐུར་བར་བསམ། ཨོཾ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་གསང་བ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཚེ་འདུས་པས། །སྐུ་ཡི་དབང་བསྐུར་ཐོབ་པར་ཤོག །ཅེས་དབང་བསྐུར་བས་གཏོར་མའི་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་སྤྱི་བོའི་གཙུག་ནས་རིམ་གྱིས་ཐིམ། སྙིང་ཀར་བདུད་རྩིར་ཞུ་བ་ལུས་ཐམས་ཅད་ཁྱབ་པས་ཐ་མལ་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དྭངས་མ་འཇའ་ཚོན་གྱི་ངོ་བོ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་ཏུ་མེད་པའི་སྐུ་རྡོ་རྗེར་གྱུར། དེ་ནས་ཐོད་པ་སྤྱི་བོར་བཞག་ལ་དཀྱིལ་འཁོར་གྱི་ལྷའི་ནང་ནས་གསུང་གི་ལྷ་ཚོགས་རྣམས་བཞེངས་ནས་བདུད་རྩིའི་དབང་བསྐུར་བར་བསམ། བདུད་རྩི་ལྕེ་ཐོག་སྦྱིན། ཨཱཿ འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་གསང་བ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཚེ་འདུས་པས། །གསུང་གི་དབང་བསྐུར་ཐོབ་པར་ཤོག །དེ་ལྟར་དབང་བསྐུར་བས་ཐོད་པའི་ལྷ་ཚོགས་རྣམས་སློབ་མའི་ངག་ལ་ཐིམ་པས་ངག་སྔགས་ཀྱི་ངོ་བོ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་མེད་པའི་གསུང་རྡོ་རྗེར་གྱུར། བུམ་པ་ཐོགས་ནས། དཀྱིལ་འཁོར་གྱི་ལྷ་ཡི་ནང་ནས་ཐུགས་རྡོ་རྗེའི་ལྷ་ཚོགས་རྣམས་བཞེངས་ནས་བུམ་པའི་དབང་བསྐུར་བར་བསམ། བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ནས། ཧཱུྃ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་བ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཚེ་འདུས་པ། །ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །དེ་ལྟར་དབང་བསྐུར་བས་བུམ་པའི་ལྷ་རྣམས་ཆུར་ཞུ་བས་སྤྱི་བོ་ནས་ཞུགས། མ་རིག་པའི་དྲི་མ་ཐམས་ཅད་བཀྲུས་པས་རིག་པ་ཡེ་ཤེས་ཀྱི་ངོ་བོ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་མེད་པའི་ཐུགས་རྡོ་རྗེར་གྱུར། དེ་ནས་ཚེ་མདའ་གཡས་ཚེ་ཟས་གཡོན་དུ་གཏད་དེ། དཀྱིལ་འཁོར་གྱི་ལྷའི་ནང་ནས་ཡོན་ཏན་གྱི་ལྷ་ཚོགས་རྣམས་བཞེངས་ཏེ་དབང་བསྐུར་བར་བསམ། སྭཱ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བྲལ་དང་རྣམ་སྨིན་ལས་བྱུང་བ། །ཁམས་གསུམ་ཀུན་གྱི་ཚེ་འདུས་པའི། །ཡོན་ཏན་དབང་མཆོག་ཐོབ་པར་ཤོག །དེ་ལྟར་དབང་བསྐུར་བས་ཚེ་མདའི་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་འོད་ཀྱི་རྣམ་པར་ལུས་ངག་ཡིད་ལ་ཐིམ་པས་མ་རིག་པའི་གཉིད་སད། ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པའི་ངོ་བོ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་ཏུ་མེད་པའི་ཡོན་ཏན་ཐོབ་པར་བསམ། དེ་ནས་ཚེ་རིལ་ཁར་སྦྱིན་ཚེ་ནས་ལག་ཏུ་གཏད་དེ། དཀྱིལ་འཁོར་གྱི་ལྷའི་ནང་ནས་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་བཞེངས་ཏེ་དབང་བསྐུར་བར་མོས། ཧཱ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གཞན་དོན་མཛད་པ་ལས་བྱུང་བ། །ཁམས་གསུམ་ཀུན་གྱི་ཚེ་འདུས་པ། །འཕྲིན་ལས་དབང་མཆོག་ཐོབ་གྱུར་ཅིག །དེ་ལྟར་དབང་བསྐུར་བས་ཚེ་རིལ་གྱི་ལྷ་ཚོགས་བདུད་རྩིར་ཞུ་བ་མྱང་བས་འཆི་མེད་ཐོབ་པ་ཚེ་ནས་ཀྱི་ལྷ་བཀྲ་ཤིས་པའི་གཡང་དུ་གྱུར་པ་གཞན་གྱི་དོན་ལ་གཅིག་ཏུ་བརྩོན་པ་སྐྱེ་འཇིག་གཞོམ་གཞིག་ཐམས་ཅད་དང་བྲལ་བ་ཚེ་དཔག་ཏུ་མེད་པའི་འཕྲིན་ལས་པར་གྱུར་པའོ། །དེ་ནས་སློབ་མའམ་རང་གི་ལུས་དེ་ཡོངས་སུ་གྱུར་པའི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཤིན་ཏུ་ཆེ་ཞིང་སྲ་བ་ཅིས་ཀྱང་མི་ཤིགས་པ། ཅིས་ཀྱང་མི་ཆོད་པ། ཅིས་ཀྱང་འཇོམས་པར་མི་ནུས་པ། བརྟན་པ། སྲ་བ། མཁྲེགས་པ། ཉི་མ་འབུམ་གྱི་གཟི་བརྗིད་དང་མཉམ་པ་ཞིག་ཏུ་གྱུར། ཧཱུྃ། བསྐྱེད་པས་མི་ནུབ་ཚེ་ཡི་རང་བཞིན་ནི། །སྤྲོས་པས་ཁམས་གསུམ་ཐམས་ཅད་བཀྲག་དང་ལྡན། །བསྡུས་པས་སྲིད་པ་གསུམ་པོའི་གཟི་མདངས་འཕྲོག །བཅིངས་པས་འདུ་འབྲལ་མེད་དེ་ལུ་གུ་བརྒྱུད། །བརྟན་པས་མི་གཡོ་རི་རབ་ལྷུན་པོ་ལྟར། །རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག ཅེས་སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་རྡོ་རྗེས་རྒྱས་གདབ། ཚིག་རེ་ལན་གསུམ་དུ་བརྗོད་པར་བྱའོ། །སྲུང་བའམ་སྲུང་མདུད་སྐེའམ་དཔུང་པར་བཏགས་ཤིང་། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུཧཱུྃ་ཕཊ། ཅེས་བཟླས་ནས་དེ་ལ་རྒྱས་གདབ། དེ་ནས་མེ་ཏོག་ཐོགས། ཨོཾ། ཡོན་ཏན་རྒྱས་པས་སྐུ་མདོག་གསེར་དང་མཚུངས། །ཤེས་རབ་ཆེན་པོའི་རྟགས་སུ་རལ་གྲི་བསྣམས། །འཕགས་པ་འཇམ་དཔལ་བཀྲ་ཤིས་གང་ཡིན་པའི། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག སྤྱི་བོར་འཐོར། ཐུགས་རྗེས་བསིལ་མཛད་སྐུ་མདོག་ཟླ་ཉ་འདྲ། །སྐྱོན་གྱིས་མ་གོས་ཕྱག་ན་པདྨ་བསྣམས། །སྤྱན་རས་གཟིགས་ཀྱིྎ བཀྲ་ཤིསྎ མགྲིན་པར་འཐོར། འགྱུར་བ་མེད་པ་སྐུ་མདོག་མཐིང་ནག་སྟེ། །མཐུ་སྟོབས་ཆེར་སྟོན་ཕྱག་ན་རྡོ་རྗེ་བསྣམས། །གསང་བའི་བདག་པོའིྎ བཀྲ་ཤིསྎ ཞེས་སྙིང་གར་མེ་ཏོག་དོར་རོ། དེ་ནས་བླ་མ་དང་དཀྱིལ་འཁོར་ཐ་མི་དད་པའི་དྲུང་དུ་དབང་བཞི་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ། ཞིང་ཁམས་རྒྱ་མཚོ་རྡུལ་རེར་རྡུལ་སྙེད་ཀྱི། སོགས་ནས། ཆོས་ཀྱི་རྒྱལ་པོ་མཆོད་པས་མཉེས་གྱུར་ཅིག །གུ་རུ་ཨི་དཾ་མཎྜྻལ་ལ་སོགས་གཏང་རག་གི་མཎྜྻལ་འབུལ་བར་བྱའོ། དེ་ནས་ཚོགས་ཀྱི་རིམ་པ་ནི། ཚོགས་རྫས་ལ་ལས་ཆུ་འཐོར་ཞིང་། བདུད་རྩིས་བྲན་ཏེ་ལག་པ་གཡས་པ་བཀབ། ཨོཾ་མ་དག་པ་སྦྱངས། ལག་པ་གཡོན་པ་བཀབ། ཨཱཿམང་པོར་སྤེལ། གཉིས་ཀ་བཀབ། ཧཱུྃ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་དུ་སྦར། ནམ་མཁའ་ལྡིང་གི་ཕྱག་རྒྱ་བསྟན། ཧོཿ ཡེ་ཤེས་ཀྱི་བདུད་རྩིར་བཞུ་བར་བསམ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་ལན་གསུམ་དུ་བརྗོད། སྤྱན་འདྲེན་ཞིང་བྱིན་དབབ་པ་ནི། གཏན་གྱི་སྐྱབས་མགོན་བླ་མ་རིན་པོ་ཆེ། །དག་པའི་ཞིང་མཆོག་གང་ན་བཞུགས་ལགས་ཀྱང་། །དད་པའི་ཤུགས་ཀྱིས་གནས་འདིར་སྤྱན་འདྲེན་ནོ། །ཐུགས་རྗེའི་གཏེར་ཆེན་མྱུར་དུ་འབྱོན་དུ་གསོལ། །དམ་རྫས་འདི་རྣམས་ཡེ་ཤེས་བདུད་རྩིར་བསྒྱུར། །བདག་ཅག་རྣམས་ལ་བྱིན་བརླབ་དབང་བསྐུར་ནས། །འབྲལ་བ་མེད་པར་རྗེས་སུ་གཟུང་མཛད་པས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །བདག་གིས་རྩེ་གཅིག་བསྒྲུབས་པའི་ཡི་དམ་ལྷ། །དག་པའི་ཞིང་མཆོགྎ དད་པས་ཤུགས་ཀྱིསྎ ཐུགས་རྗེའི་གཏེར་ཆེནྎ དམ་རྫས་འདི་རྣམསྎ བདག་ཅག་རྣམས་ལྎ འབྲལ་བ་མེད་པརྎ འཆི་མེད་ཚེ་ཡིྎ དམ་ཚིག་ཅན་གྱི་སྟངས་འཛིན་མཁའ་འགྲོ་མ། །དག་པའི་ཞིང་མཆོགྎ དད་པས་ཤུགས་ཀྱིསྎ ཐུགས་རྗེའི་གཏེར་ཆེནྎ དམ་རྫས་འདི་རྣམསྎ བདག་ཅག་རྣམས་ལྎ འབྲལ་བ་མེད་པརྎ འཆི་མེད་ཚེ་ཡིྎ ཀུན་ཏུ་བསྲུང་སྐྱོབ་བྱེད་པའི་ཆོས་སྐྱོང་ཚོགས། །དག་པའི་ཞིང་མཆོགྎ དད་པས་ཤུགས་ཀྱིསྎ ཐུགས་རྗེའི་གཏེར་ཆེནྎ དམ་རྫས་འདི་རྣམསྎ བདག་ཅག་རྣམས་ལྎ འབྲལ་བ་མེད་པརྎ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། ཅེས་བྱིན་དབབ་བྱས། ཚོགས་ཕུད་དང་པོ། དང་པོར་ཕུད་ཀྱིས་མཆོད་པ་ནི། །བྱིན་གྱིས་རློབ་པའི་བླ་མ་དང་། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་མ། །ཕྲིན་ལས་བསྒྲུབ་པའི་ཆོས་སྐྱོང་ལ། །དགྱེས་པའི་མཆོད་རྫས་མ་ལུས་པ། །ནམ་མཁའ་གང་བར་དམིགས་ཏེ་འབུལ། བར་པ་ནི། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ཐམས་ཅད་རང་སེམས་སུ། །གཅིག་པ་སྔོན་ཆད་མ་འཚལ་བ། །བདག་གིས་ཉེས་པ་ཆེན་པོ་བྱས། །ད་ནི་སོ་སོ་རང་རིག་པའི། །ཡེ་ཤེས་ཀློང་དུ་མཐོལ་ལགས་ན། །ཇི་ལྟར་ཆུ་ལ་ཆུ་བཞག་བཞིན། །དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །མཐའ་མ་ནི། བདག་གི་ཚེ་འཕྲོག་གདོན་གྱི་ཚོགས། །འཆི་བདག་བདུད་ཀྱི་སྡེར་བཅས་རྣམས། །ཚོགས་འདིར་བསྟིམ་ནས་ཁྱེད་ཞལ་བསྟབས། །རྟག་ཏུ་བགེགས་དང་བྲལ་བར་ཤོག ཅེས་གཏོར་མ་ཕུལ། གཏོར་མ་ཨོཾ་ཨཱཿཧཱུྃ་ཧོཿསྦྱངས་རྟོགས་སྦར་བདུད་རྩིར་བཞུ་བར་གྱུར། སྟོབས་ཆེན་འཆི་བདག་བདུད་འཇོམས་ལ། །འགྲོ་བ་སྐྱོབ་མཛད་རྣམས་ཀྱི་དབུས། །དཔའ་བོ་ཆེན་པོ་ཁྱོད་ལྷག་པར། །མཐོང་ནས་དད་པས་སྤྱན་འདྲེན་ནོ། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །ཐུགས་རྗེ་འགག་པ་མེད་པའི་རྩལ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །མངོན་པར་རོལ་པས་གཤེགས་སུ་གསོལ། འཇིག་རྟེན་ལས་འདས་པ་ལ་འཇིག་རྟེན་པའི་ཚོགས་ཐམས་ཅད་ཀྱི་བསྐོར་ཏེ་ནམ་མཁར་བྱོན་པར་བསམ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་འཇིག་རྟེན་ལས་འདས་པ་ལ་ཕུལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་འཇིག་རྟེན་པ་རྣམས་ལ་བསྔོ། ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེ་ཀུན་འགྲུབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། ཞེས་འདོད་དོན་གསོལ་ཏེ་གཙྪཱ་མི་ཞེས་པས་གཏོར་མགྲོན་ཡེ་ཤེས་པ་རྣམས་རང་ལ་ཐིམ། འཇིག་རྟེན་པ་རྣམས་རང་གནས་སོ་སོར་གཤེགས་པར་གྱུར། ཅེས་བརྗོད། དེ་ནས་རྡོ་རྗེ་སློབ་དཔོན་སོགས་ལ་ལས་ཀྱི་རྡོ་རྗེས་མེ་ཏོག་ལ་སོགས་པས་མཆོད་ནས། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་གྱུར་ཅིག ཅེས་པས་བཏུང་བ་ནས་རིམ་བཞིན་འབུལ། ལྷ་དང་རང་གི་སྦྱིན་སྲེག་གིས་ཚིམ་པར་རོལ། རྡོ་རྗེའི་གླུ་སོགས་ལེན། ལྷག་མ་ཁ་ཕྲུ་བཏབ་སྟེ། ལྷག་ལ་དགྱེས་པའི་མ་དང་སྲིང་། །འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ཅན། །དཀར་སེར་དམར་ལྗང་སྔོ་དང་ཁྲ། །དགྱེས་པར་འདི་ལ་རོལ་ནས་ཀྱང་། །ཞི་རྒྱས་དབང་དང་དྲག་པོའི་ལས། །གང་ལ་གང་འོས་མཛད་པ་ན། །བསམ་པ་ལྷུན་གྱིས་གྲུབ་པ་ཡིས། །དངོས་གྲུབ་མྱུར་དུ་ཐོབ་པར་གསོལ། །ཨོཾ་ཨུཙྪིཥྚ་བ་ལིངྟ་བྷཀྵ་བྷྱཿསྭཱ་ཧཱ། ལྷག་མ་ཕྱིར་དོར་རོ། ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། སོགས་སྨོན་ལམ་བཏབ། རྗེས་ཀྱི་མཆོད་པ་གཏང་རག་མཆོད་པ་ནི། ཧཱུྃ། ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་རྡོ་རྗེའི་གསང་བ་ལས་ཐོན་པའི། །འདོད་རྒུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། ཞེས་པས་མཆོད། སྲཱིཿ འཆི་མེད་དབང་པོའི་རྒྱན་གོས་གྱིས་སྤྲས་པ། །འགྲོ་ལ་རྗེས་ཆགས་འདོད་ཆགས་ཆེན་པོའི་གཟུགས། །ཉི་མ་འཆར་ཁའི་མདངས་སུ་ལྷམ་མེ་བས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །གདུལ་བྱ་རྣམ་མང་འདུལ་ཚུལ་ཐ་དད་དགོངས། །སྣ་ཚོགས་རིགས་ཀྱི་རོལ་གར་ལ་ཞུགས་པའི། །ཁྲོ་ཆགས་སྣང་བ་མི་ཟད་པའི། །དཀྱིལ་འཁོར་པ་ལ་རྟག་ཏུ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་དངོས་གྲུབ་བསྐུལ་བ་ནི། ཚེ་རྫས་ཐོགས་ཏེ་དཀྱིལ་འཁོར་ལ་སྐོར་བ་བྱེད་ཅིང་། ཚེ་དཔག་མེད་པས་བྱིན་རླབས་དངོས་གྲུབ་རྫས། །ཚེ་ཡི་འབྲང་རྒྱས་རི་རབ་ལྷུན་པོ་འདྲ། །ཚེ་ཆང་ཐོད་པ་ཟག་མེད་བདུད་རྩིའི་མཚོར། །ཚེ་བུམ་བཀྲ་ཤིས་གསེར་འགྱུར་རྩི་ལྟ་བུ། །སྲོག་མདའ་མི་གཡོ་རིལ་བུ་བསམ་འཕེལ་རྫས། །དང་པོ་ཕུད་ཀྱིས་བརྒྱུད་པའི་བླ་མ་མཆོད། །དགྱེས་པར་རོལ་ལ་ཐུགས་རྗེས་བྱིན་གྱིས་རློབས། །གཉིས་པ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད། །གཉིས་མེད་རོལ་ལ་རིགས་ལྔའི་དངོས་གྲུབ་སྩོལ། །གསུམ་པ་མ་མགོན་དམ་ཅན་རྒྱ་མཚོ་མཆོད། །གཡར་དམ་སྐོངས་ལ་ཐོགས་མེད་འཕྲིན་ལས་སྒྲུབས། །དེ་རྣམས་མཉེས་པའི་ལྷག་མས་མཆེད་ལྕམ་མཆོད། །དངོས་གྲུབ་ཀུན་འདུས་འདོད་པའི་རེ་བ་གང་། །གནས་སྐབས་མཐར་ཐུག་གཉིས་ཀའི་ཚེ་སྩོལ་ཞིག །གཏེར་བདག་ཆེན་པོ་ནོར་གྱི་དངོས་གྲུབ་སྩོལ། །བུ་སློབ་དར་ཞིང་རྒྱས་པའི་དངོས་གྲུབ་སྩོལ། །ཅི་བསམ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། ཞེས་ཚེའི་འབྲང་རྒྱས་ལས་རྡོ་རྗེ་ཉི་ཟླ་ནོར་བུ་བླངས་ཏེ། ཨོཾ་སྲཱིཿཧཱུྃ་སྭ་ཨོཾ་ཨཱཿཛཿཧཱུྃ་བཾ་ཧོཿཨ་པ་ར་མི་ཏ་ཨ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། ཞེས་སྙིང་པོའི་སྔགས་ཀྱིས་མགོར་བྱུག །ཨོཾ་བླ་མ་སྐུའི་རྒྱ། ཨཱཿཡི་དམ་གསུང་གི་རྒྱ། ཧཱུྃ་མཁའ་འགྲོ་ཐུགས་ཀྱི་རྒྱ། ཧོ་དམ་ཅན་ཡོན་ཏན་འཕྲིན་ལས་ཀྱི་རྒྱ་རིམ་པ་བཞིན་བཏབ་པས་ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །ཚེ་མི་འགྱུར་བ་གཡུ་དྲུང་ལྟ་བུར་གྱུར་ཅིག །ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཏེ། ཉི་ཟླ་དང་ཚེ་མཉམ་པའི་དངོས་གྲུབ་ཐོབ་པར་གྱུར་ཅིག ཅེས་ཚེ་རྫས་ལ་ལོངས་སྤྱོད། ཡིག་བརྒྱ་བརྗོད་ཅིང་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཉམས་པ་དང་། སོགས་ཀྱིས་ནོངས་བཤགས་དང་བཟོད་གསོལ་བྱ། མདུན་བསྐྱེད་ཀྱི་ལྷ་རྣམས་བདུད་རྩི་བདེ་བའི་ངོ་བོར་ཞུ་ནས་རྟེན་དང་བདག་ལ་ཐིམ་པར་བསམ་ལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། སོགས་ཀྱིས་བརྟན་བཞུགས་བྱ་བའམ། ཡང་ན་བདག་བསྐྱེད་ལ་བསྟིམ་པས་ཀྱང་འཐུས། དེ་ནས་རྟེན་དང་བརྟེན་པར་བཅས་པའི་བདག་བསྐྱེད་ཀྱི་ལྷ་ཚོགས་རྣམས་བདག་ཉིད་ལ་ཐིམ་ཞིང་། དེ་ཡང་མི་དམིགས་པ་འོད་གསལ་གྱི་ངང་ལ་བཞག་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་པ་འགྲུབ་གྱུར་ནས། སོགས་ཀྱིས་དགེ་རྩ་བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་གདབ། རྡུལ་ཚོན་ཡིན་ན་ཨ་ཀཱ་རོས་བསྡུས་ཏེ་བུམ་པར་སྤྱན་དྲངས་ཏེ་ཆུ་ལ་གཤེགས་དགེ་བ་བསྔོ་ཤིས་བརྗོད་སོགས་བྱའོ། །གསུམ་པ་ནི། རྒྱུན་ཏུ་ཉམས་སུ་ལེན་པ་ལ། ཐོ་རངས་ཁྭ་ཏའི་སྐད་མི་སྒྲག་གོང་དུ། བདེ་བའི་སྟན་ལ་ཁ་བདེ་བ་ཅན་ཕྱོགས་ལ་གཏད། སྐྱབས་སེམས་བྱས། སེམས་ཅན་གྱི་དོན་དུ་འཆི་མེད་སྒྲུབ་པར་འདོད་པའི་བློས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད། དེའི་ངང་ལས། པདྨའི་སྡོང་པོ་འདབ་མ་འབུམ་ལྡན་པར། ཚེ་དཔག་མེད་པ་ལི་ཁྲིའི་མདོག་ནས། དེ་ཡི་པང་དུ་རྒྱལ་བའི་ཡུམ། །བཅུ་དྲུག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །ཕྱག་གཡས་རང་རྟགས་པདྨོ་འཛིན། །གཡོན་པ་མན་ནས། བདེ་བ་རྒྱས་ཞེས་པའི་བར་སྔར་བཞིན། དེ་ནས་ཨོཾ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་ཎེ་ཤ་ར་རེ་སྭཱ་ཧཱ། ཅེས་གསོལ་བ་བཏབ། སྔར་བཞིན་གྱི་མཆོད་བསྟོད་བྱ། དེའི་བུམ་ནང་དུ་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བར་དམིགས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝཱན་ཏཱི་ཡེ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས། དེ་ལས་བདུད་རྩི་བབས་བུམ་པ་ཁེངས་ས་བོན་ལས་འོད་ཟེར་འཕྲོས། ཚེ་གདོན་བགེགས་ཀྱི་ཕྲོགས་པ། འབྱུང་བཞིའི་བཅུད་སེམས་ཅན་དང་རིག་འཛིན་དེ་བཞིན་གཤེགས་པ་རྣམས་ཀྱི་ཚེ་བསྡུས། དེ་ལ་ཐིམ་པས་འཕེལ་ཞིང་ཁོལ་ལུད་དེ་བུམ་པའི་ཁ་ནས་ཞམ་ཞམ་བྱུང་། རང་གི་སྤྱི་བོའི་བུ་ག་ནས་ཞུགས་པས་ལུས་ཐམས་ཅད་དམར་ལྟེམ་ལྟེམ་མས་རིམ་གྱིས་གང་བས། རང་སྐད་ཅིག་གིས་ཚེ་དཔག་མེད་ཀྱི་སྐུར་གྱུར། མདུན་བསྐྱེད་བདག་ལ་ཡེ་ཤེས་པའི་ཚུལ་དུ་ཐིམ་པར་བསམ་སྟེ། ཨོཾ་ཡེ་དྷརྨ་སོགས་བརྟན་པར་བྱ་བའི་སྔགས་བརྒྱ་རྩ་ལས་མི་ཉུང་བར་བཟླ། ཐུན་བཤོལ་བ་ནི། མཐར་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གང་གིས་ཀྱང་མི་ཆོད་པ་ཞིག་ཏུ་གྱུར་པར་བསམ་སྟེ། དགེ་བ་བསྔོ། །རིགས་གསུམ་གྱི་ཤིས་པ་བརྗོད་པར་བྱའོ། །ཚེ་དཔག་མེད་ཞི་བ་ལ་མོས་ན་དེའི་མངོན་རྟོགས་དང་མཆོད་བསྟོད་ཙམ་བྱ། གཞན་གཅིག་གོ །དེ་ལྟར་ཚེ་དཔག་ཏུ་མེད་པ་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་ཚེ་དབང་རིག་འཛིན་ངེས་པར་སྟེར་བ་ཞེས་བྱ་བ། གྲུབ་པའི་རྒྱལ་མོའི་གཞུང་དེ་ཉིད་ཀྱི་ཟུར་སྐོལ་གྱི་མན་ངག་ནས་ཅུང་ཟད་ཁ་བསྐང་བ་སྔགས་གྲྭ་སློབ་དཔོན་ངག་དབང་ཀུན་དགའ་སྙིང་པོའི་ངོར་པདྨ་དཀར་པོས་སྦྱར་བའི་ཡི་གེ་པ་ནི་གྲོ་མོ་བ་བློ་གྲོས་རྣམ་རྒྱལ་གྱིས་བགྱིས་པའོ། །སླད་ནས་སྒྲུབ་མཆོད་དང་དབང་བསྐུར་སོགས་ལ་འཇུག་པ་བདེ་བའི་ཆེད་འདོན་འགྲིགས་རྒྱུན་ཆག་ནར་འགྲོས་སུ་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས་བཀོད་པའི་དགེ་བས་འགྲོ་རྣམས་འཆི་མེད་རྟག་པ་དམ་པའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།བཀྲ་ཤིས།།
ཚེ་དཔག་མེད་གོང་ཁུག་མ་གཉིས་ཀྱི་ཆོ་ག
ཚེ་དཔག་མེད་གོང་ཁུག་མ་གཉིས་ཀྱི་ཆོ་ག་བཞུགས་སོ། །རྗེ་བཙུན་ཞབས་ལ་ཕྱག་འཚལ་ལོ། །ཕུལ་བྱུང་འདོད་དགུའི་ཡ་མཚན་བྱེ་བ་བརྒྱས། །འཆི་མེད་གནས་ལ་མངོན་འདོད་གསར་པ་ཡིས། །རིངས་པར་གྱུར་རྣམས་སྐལ་བ་བཟང་མཛད་པ། །གྲུབ་པའི་རྒྱལ་མོ་བརྒྱུད་པར་བཅས་ལ་འདུད།། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བཞད་པ་རྡོ་རྗེའི་ཕྱག་བཞེས་ལས་བྱུང་བ། ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པས། ཐོག་མར། ཡིད་དང་མཐུན་པའི་གནས་སུ། རྡུལ་ཚོན་གྱི་པདྨ་འདབ་བརྒྱད། དེའི་སྟེང་དུ་མཉྫྱིའི་ཁར། བུམ་པ་བཟང་པོ་དམ་ཚིག་གི་རྫས་བཏབ་པའི་ཆུས་བཀང་། མགུལ་ཆིངས་དམར་པོས་བྱས་ཤིང་། འབྲས་བུ་ཅན་གྱི་ཤིང་གི་ཡལ་ག་ཁྲིའུས་ཁ་བརྒྱན་པ། གཡས་སུ་ཀ་པཱ་ལ་བདུད་རྩིས་བཀང་བ་དང་། གཡོན་དུ་བུམ་པ་དང་དུང་ཆོས་དྲི་བཟང་པོའི་ཆུས་གཏམས་པ། མཐའ་མར་མཆོད་པའི་རྫས་དང་གཏོར་མ་ཕྱག་བཞེས་བཞིན་བཤམས་ནས། རང་ཉིད་སྐད་ཅིག་གིས་ཚེ་དཔག་མེད་དུ་བལྟས་པའི་སྙིང་གའི་སྲཱིཿཡིག་གི་འོད་ཀྱི་ལྕགས་ཀྱུས་བླ་མ་དང་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། ཅེས་པས་ཕྱག་བྱས། ཨོཾ་ཨ་པ་རི་མི་ཏཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ་སྦྱར་བས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་ཡན་ལག་བདུན་པ་ལན་གསུམ་བྱས། ལྷ་དང་བླ་མ་རང་ཉིད་ལ་བསྟིམ་མོ། །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་ཚངས་པའི་གནས་པ་བཞི་ལ་གནས་པར་བྱས་ནས། ཨོཾ་སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བྱས་པའི་དབྱིངས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་འདབ་མ་རྣམས་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་དབུས་དང་། ཕྱོགས་བཞིའི་འདབ་མ་ལ་སྲཱིཿཡིག་དམར་པོ་འོད་འབར་བ། ཤར་ལྷོར་ཨ། ལྷོ་ནུབ་ཏུ་པ། ནུབ་བྱང་དུ་ས། བྱང་ཤར་དུ་ཨ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་འཕྲིན་ལས་ཚེ་དཔག་མེད། ཐམས་ཅད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཉམ་གཞག་གི་སྟེང་ན་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བཻཌཱུརྻ་མཐོན་མཐིང་གི་ལྷུང་བཟེད་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ལྟ་བས་ཆོག་མི་ཤེས་པའི་མཚན་དཔེས་བརྗིད་པ། ཤར་ལྷོར་ལྕགས་ཀྱུ་མ་དཀར་མོ་ཕྱག་གཉིས་ལྕགས་ཀྱུ་འཛིན་པ། ལྷོ་ནུབ་ཏུ་ཞགས་པ་མ་སེར་མོ་ཕྱག་གཉིས་ཞགས་པ་འཛིན་པ། ནུབ་བྱང་དུ་ལྕགས་སྒྲོག་མ་དམར་མོ་ཕྱག་གཉིས་ལྕགས་སྒྲོག་འཛིན་པ། བྱང་ཤར་དུ་དྲིལ་བུ་མ་ལྗང་ཁ་ཕྱག་གཉིས་དྲིལ་བུ་འཛིན་པ། དེ་ཐམས་ཅད་ཀྱང་བརྒྱད་གཉིས་ལོན་པའི་ལང་ཚོས་སྒེག་ཅིང་། བལྟ་བས་མི་ངོམས་པ་ཙམ་དུ་མཛེས་པས་འགྱིང་བ་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ལྟེ་བར་ཏྲཱཾ། གསང་བར་ཨ། ས་བོན་ལྔའི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུཾ་བཾ་ཧོ། སླར་ཡང་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས། བདག་བསྐྱེད་ཀྱི་ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་བུམ་པའི་ཆུས་དབང་བསྐུར། ལུས་གང་། དྲི་མ་དག ཆུ་ལྷག་མ་སོ་སོའི་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་འཁོར་ལོ་ལ་སོགས་པའི་ཕྱག་མཚན་ལྔས་རལ་པའི་ཅོད་པན་བརྒྱན་པར་གྱུར་། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པ་མཆོད་རྫས་རྣམས་ལ་ཕོག་པས། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པའི་ཆར་གྱིས་སངས་རྒྱས་ཀྱི་ཞིང་རབ་འབྱམས་འགེངས་པའི་སྤྲིན་གྱི་ཕུང་པོ་ཆེན་པོར་གྱུར། ཨོཾ་ཨ་པ་རི་མི་ཏཱ་ཡུརྫྙཱ་ན་ས་པ་རི་ཝཱ་རི་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རུ་པ། ཤཔྟ་གནྡྷེ། ར་ཱས་སྤརྴེ། སྟེ་འདོད་ཡོན་ལྔ་ཕུལ། ཨོཾཿཨཱཿཧཱུཾ་ཧ་ཧོཿསྲཱིཿ བྱིན་གྱིས་བརླབས་ཏེ། ཨོཾ་བཛྭ་པཉྩྨ་ཨ་མྲྀ་ཏས་བདུད་རྩི་མྱང་། མ་ལུས་འགྲོ་རྣམས་བདུད་བཞི་དགྲ་ཐབས་ལས། །རྣམ་རྒྱལ་འཆི་མེད་གོ་འཕང་ལ་འགོད་ཕྱིར། །སྣ་ཚོགས་སྙིང་རྗེའི་འཁོར་ལོས་བསྒྱུར་མཛད་པའི། །རིགས་ལྔ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །འཆི་མེད་བདུད་རྩི་བཅུད་རྣམས་མ་ལུས་པ། །དགུག་གཞུག་བཅིང་མཉེས་རོ་མཉམ་ལས་མཛད་ཕྱིར། །ཡིད་འཕྲོག་སྒེག་མོའི་ངང་ཚུལ་ལ་གནས་པའི། །ལྕགས་ཀྱུ་མ་སོགས་ལྷ་ཚོགས་བཞི་ལ་བསྟོད།། ནང་གི་རྣལ་འབྱོར་རོ། །མདུན་བསྐྱེད་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཀ་པཱ་ལའི་བདུད་རྩི། ཨོཾ་སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བྱས་པའི་དབྱིངས་སུ། ནས། བསྟོད་པའི་བར། དབང་གི་ཚེ་མདུན་བསྐྱེད་ཀྱི་ལྷ་ལ་ཞེས་སྦྱར་བ་ཙམ་མ་གཏོགས་གོང་དུ་བཤད་པ་ཇི་ལྟ་བ་བྱའོ། །བུམ་པའི་རྣལ་འབྱོར་ནི། དུང་ཆོས་ཀྱི་དྲི་ཆུ་ལ་སྲཱིཿབཟླས་པ་གཟུངས་ཐག་རྡོ་རྗེ་དང་བཅས་པ་བུམ་པའི་སྟེང་དུ་བཞག ཨོཾ་སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བྱས་པའི་དབྱིངས་སུ། པཾ་ལས་པདྨའི་ལྟེ་བར། བཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་ཅིང་། གོས་བཟང་པོའི་མགུལ་ཆིངས་ཅན། ནང་རྫས་མ་ཚང་བ་མེད་པ། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ནས། དབང་བསྐུར་བའི་ཚེ་བུམ་བསྐྱེད་ཀྱི་ལྷ་ལ་ཞེས་སྦྱར་ཏེ་ཇི་སྐད་བཤད་པའི་བསྟོད་པའི་བར་དུའོ། །དེ་ནས་བཟླས་པ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་སྲཱིཿཡིག དེའི་མཐར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝཱནྟཱ་ཡེ་སྭཱ་ཧཱ་འམ། ཡང་ན། ཡེའི་ཞབས་སུ་ཨཱ་ཡུ་དེ་ཝ་རེ་ཀ་པ་ར་ཤ་ནི་ཧཱུྃ་ཕཊ་སྭཱ་ཧཱས་བསྐོར་བ། དེ་ལས་འོད་འཕྲོས། ལྷ་མོ་བཞི་ལ་ཕོག དེ་རྣམས་ཀྱི་སྤྲུལ་པས་འཇིག་རྟེན་ཐམས་ཅད་གང་བར་བྱས་ཏེ། རང་གི་ཚེ་བརྐུས་ཤིང་ཕྲོགས་པ་ཡར་ཞིང་འཁྱར་བ་དང་། ས་ཆུ་མེ་རླུང་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པའི་བཅུད་དང་། སེམས་ཅན་གྱི་ཚེ་དང་བསོད་ནམས། ཚེའི་རིག་འཛིན་བརྙེས་པ་དང་། སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་ལྕགས་ཀྱུ་མས་བཀུག ཞགས་པ་མས་བཅིངས། ལྕགས་སྒྲོག་མས་བསྡམས། དྲིལ་བུ་མས་ཕབ་ནས་བུམ་པའི་ཚེ་ཆུ་དང་། ཀ་པཱ་ལའི་བདུད་རྩི་དང་དབྱེར་མེད་དུ་འདྲེས་པར་བསམ་ལ་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བཟླས། དུང་ཆོས་ཀྱི་ཆུ་ནང་དུ་བླུགས། བུམ་ནང་གི་ལྷ་ཚོགས་འཆི་མེད་ཀྱི་ཚེ་ཆུར་ཞུ་བར་བསམ། དེ་ནས་ལས་བུམ་དུ། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄་ཀྱིས་རྟ་མགྲིན་དམར་པོ་ཁྲོ་ཞིང་གཏུམ་པའི་རྩ་ཞལ་དང་། སྤྱི་བོར་རྟ་མགོ་ལྗང་ནག་སྒེག་ཅིང་དཔའ་བའི་སྐུ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཕྱག་གཡས་དབྱུག་ཐོ་ནམ་མཁར་འཕྱར་ཞིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཁྲོ་བོའི་སྟང་སྟབས་ཀྱིས་ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་ན་པད་ཉིའི་གདན་ལ་བཞུགས་པའི་ཐུགས་ཀར་ཉིན་བྱེད་ལ་གནས་པའི་སྲཱིཿཡིག་སྔགས་འཕྲེང་དང་བཅས་པ་ལས་འོད་འཕྲོས། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྡུས་ནས་སླར་དེ་ཉིད་ལ་ཐིམ་པར་མོས་པས་སྙིང་པོ་བཟླས། མཐར་ནད་གདོན་ཐམས་ཅད་འཇོམས་པའི་ཆུར་ཞུ་བར་བསམ་མོ། དེ་ནས་གཏོར་མ་སྦྱངས་ཏེ། ཨོཾ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨཱཿལས་དམ་ཚིག་གི་བདུད་རྩི། ཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པའི་རྒྱ་མཚོར་བསམས་ནས། ཨ་པ་རི་མི་ཏཱ་ཨ་ཡུརྫྙཱ་ན་ས་པ་རི་ཝཱ་རི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ལན་བདུན་ནམ་ལྔས་ཕུལ་ལ། འཆི་བ་མེད་པའི་ཚེའི་མཆོག་བླང་ངོ་། །དབང་བསྐུར་བ་ནི། ཁྲུས་བྱས། བགེགས་བསྐྲད། བསྲུང་འཁོར་བསྒོམས་ཏེ་མཎྜྻལ་ཕུལ་ལ། སྡོམ་པ་འཛིན་པའི་དོན་དུ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་ལན་གསུམ་བཏབ། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པའི་དབུས་ན་རྣམ་པར་བརྗིད་པའི་བླ་མ་ཚེ་དཔག་ཏུ་མེད་པའི་སྤྱན་སྔར། ལྷག་བསམ་ཐུན་མོང་མ་ཡིན་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་ལན་གསུམ་གྱིས་སྡོམ་པ་གཟུང་། དེ་ནས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་འཆི་མེད་ཚེ་དབང་བཞི། །དེ་རིང་བདག་ལ་སྩལ་དུ་གསོལ།། དེ་ནས་སློབ་མ་ལ་ལས་བུམ་གྱི་ཆུས་བསངས། སྭ་བྷཱ་ཝས་སྦྱངས། ཚེ་དཔག་ཏུ་མེད་པར་བསྐྱེད། བླ་མ་ལ་མོས་གུས་དུངས་དུངས་ཞིག་བྱས་པས། ཐུགས་ཀ་ནས་འོད་འཕྲོས། དཀྱིལ་འཁོར་གྱི་འཁོར་ལོའི་གཙོ་བོ་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ་ཆེར་ལུད་པས། སློབ་མའི་སྤྱི་བོར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་དཔྲལ་བའི་ཨོཾ་ཡིག་ལས་ཀྱང་འཆི་མེད་ཀྱི་བདུད་རྩི་རྒྱུན་འབབ་བཞིན་པ། སློབ་མའི་སྤྱི་བོར་ཐིམ་པར་མོས་ཏེ། དངོས་སུ་སློབ་དཔོན་གྱིས་ཚེའི་བུམ་པ་ཐོགས་ནས་སྤྱི་བོར། སངས་རྒྱས་ཀུན་གྱི་སྐུར་གྱུར་པ། །མགོན་པོ་ཚེ་དཔག་མེད་པ་ཡིས། །ལུས་ལ་མངོན་པར་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཨོཾ། ཞེས་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འཆི་བ་མེད་པའི་ཡེ་ཤེས་ཀྱི་ཆུས་གང་ཉོན་མོངས་པ་གཏི་མུག་དང་དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་སྐུའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །ཡང་། བླ་མའི་ཐུགས་ཀའི་འོད་པདྨ་ཚེ་དཔག་མེད་ལ་ཕོག དེའིྎ སློབ་མའི་མགྲིན་པརྎ བླ་མའི་མགྲིན་པའི་ཨཱཿཡིག་ལས་ཀྱངྎ མགྲིན་པརྎ སངས་རྒྱས་ཀུན་གྱི་གསུང་གྱུར་པ། པདྨ་ཚེྎ ངག་ལྎ ཚེ་སྲོགྎ ཨོཾ་པདྨྎ ཥིཉྩྨ་ཨཱཿ དབང་བསྐུར། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོྎ ཉོན་མོངས་པ་འདོད་ཆགས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། ཚེ་དཔག་ཏུ་མེད་པའི་གསུང་གིྎ ཡང་། བླ་མའིྎ རྡོ་རྗེ་ཚེ། སྙིང་གར། ཧཱུྃ་ཡིག་ལས་ཀྱང་། སྙིང་གར། སངས་རྒྱས་ཀུན་གྱི་ཐུགས་གྱུར་པ། རྡོ་རྗེ་ཚེྎ ཡིད་ལྎ ཚེྎ ཨོཾ་བཛྭ། ནས་ཧཱུྃ་གིས་དབང་། སྙིང་ག་ཆོས་ཀྱི་འཁོར་ལོྎ ཉོན་མོངས་པ་ཞེ་སྡངྎ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེསྎ ཚེ་དཔག་ཏུ་མེད་པའི་ཐུགས་ཀྱིྎ ཡང་བླྎ རིན་ཆེན་ཚེྎ ལྟེ་བརྎ ཏྲཾ་ལས་ཀྱངྎ ལྟེ་བརྎ སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །རིན་ཆེན་ཚེྎ ཡོན་ཏན་གནས་སུ་དབངྎ ཚེྎ ཨོཾ་རཏྣ། ནས། ཏྲཱཾ་གིས་དབང་། ལྟེ་བ་སྤྲུལ་པའི་འཁོར་ལོྎ ཉོན་མོངས་པ་ང་རྒྱལ་དངྎ མཉམ་ཉིད་ཡེ་ཤེསྎ ཚེ་དཔག་ཏུ་མེད་པའི་ཡོན་ཏན་གྱིྎ ཡང་བླྎ འཕྲིན་ལས་ཚེྎ གསང་བརྎ ཨ་ལས་ཀྱངྎ གསང་བ། སངས་རྒྱས་ཀུན་གྱི་འཕྲིན་ལས་མཆོག །འཕྲིན་ལས་ཚེྎ ཕྲིན་ལས་གནས་སུ་དབངྎ ཚེ་སྲོགྎ ཨོཾ་ཀརྨ་ནས། ཨ་དབང་། གསང་གནས་བདེ་སྐྱོང་གི་འཁོར་ལོྎ ཉོན་མོངས་པ་ཕྲག་དོགྎ བྱ་བ་གྲུབ་པའི་ཡེ་ཤེསྎ ཚེ་དཔག་ཏུ་མེད་པའི་འཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །དེ་ལྟར་འཆི་བ་མེད་པའི་ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང་། ཕུང་སོགས་ཀྱི་དྲི་མ་ཐམས་ཅད་སྦྱངས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བུམ་དབང་ངོ་།། ཀ་པཱ་ལའི་བདུད་རྩི་སློབ་མའི་སྤྱི་བོར་བཞག་སྟེ། ཨོཾ་ཨ་མཱ་ར་ཎི་དང་། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་ར་སོགས་སྤྱི་སྔགས་བརྗོད་ཅིང་། ཀ་པཱ་ལའི་ལྷ་ཚོགས་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་དཀར་དམར་གྱི་རྣམ་པར་ཞུ་བ་སྤྱི་བོ་ནས་རྡོ་རྗེ་ནོར་བུའི་སྣ་རྩེའི་བར་དུ་བབས་པས། ཉི་ཟླའི་རྒྱུ་བ་འགགས། དབུ་མའི་སྟོབས་རྒྱས་པས་སླར་གྱེན་དུ་གཤེགས་ཏེ། རྩ་འཁོར་ལོ་ལྔ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་བརྟན་པར་གང་། འཁོར་ལོ་སོ་སོའི་ལྟེ་བར་རིགས་ལྔའི་ས་བོན་གྱི་ཡི་གེ་རྣམས་སུ་གྱུར་པ། དུས་མ་ཡིན་པར་འཆི་བ་ལ་སོགས་པའི་རྐྱེན་ངན་དང་བར་ཆད་གང་གིས་ཀྱང་མི་ཤིགས་པའི་སྲོག་གི་གཟུངས་སུ་བརྟན་པར་གནས་པར་བསམ། སློབ་དཔོན་གྱིས་ཨོཾ་ཨཱཿསོགས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པས་རེག་སྟེ། གནས་སོ་སོར་དྲིའི་ཐིག་ལེ་བྱ། དེས་ལུས་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་གང་། ལས་རླུང་གི་རྒྱུ་བ་སྦྱངས། གསང་བའི་དབང་ཐོབ། རྩ་རླུང་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། གསང་དབང་ངོ་། །སློབ་མ་བླ་མའི་མོས་གུས་ལ་གནས་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་འོད་ཀྱིས་ལྷ་མོ་བཞི་བསྐུལ་བས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འཆི་བ་མེད་པ་ཚེའི་གཟུངས་སུ་གནས་པ་ཐམས་ཅད། ལྷ་མོ་ལྕགས་ཀྱུ་མས་སློབ་མའི་ལུས་ངག་ཡིད་གསུམ་ལ་བཀུག ཞགས་པ་མས་ལྷན་ཅིག་ཏུ་བཅིངས། ལྕགས་སྒྲོག་མས་གཉིས་སུ་མེད་པར་བསྡམས། དྲིལ་བུ་མས་རོ་མཉམ་པའི་ཚུལ་གྱིས་དབང་དུ་བྱས་པར་དམིགས་ཏེ། རོལ་མོའི་སྒྲ་དྲག་པོ་དང་། རྡོ་རྗེ་དང་བཅས་པའི་ལྕགས་ཀྱུའི་ཕྱག་རྒྱ་གཡབ་ཅིང་། ཨོཾ་ཨཾ་ཀུ་ཤ་ས་མ་ཡ་ཛཿཧཱུཾ་བཾ་ཧོཿ ཨཱ་ཡུརྫྙ་ན་སྲཱིཿབྷྲཱུཾ། ཞེས་དྲག་ཏུ་བརྗོད། ཞགས་པ་ལ་སོགས་པའི་ཕྱག་རྒྱ་ལྷག་མ་རྣམས་ཀྱིས་མནན། དེས་ལུས་འཆི་བ་མེད་པ་སྐུ་རྡོ་རྗེ། ངག་འཆི་བ་མེད་པ་གསུང་རྡོ་རྗེ། ཡིད་འཆི་བ་མེད་པ་ཐུགས་རྡོ་རྗེར་གྱུར་པ་ཡིན་ནོ་ཞེས་བརྗོད་དེ། རྡོ་རྗེ་དང་བཅས་པའི་ལག་པ་སློབ་མའི་སྤྱི་བོར་བཞག་ལ། ཏིཥྛ་བཛྭ་ཞེས་བརྗོད་པས་བསྐལ་པའི་བར་དུ་མི་འགྱུར་བར་བརྟན་པ་དང་། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག། ཅེས་སོགས་ཀྱི་ཤིས་པ་བརྗོད་དོ།། ཨོཾ་སུ་པྲ་ཏིཥྛ་བཛྭེ་སྭཱ་ཧཱ། ཞེས་པས་རབ་ཏུ་གནས་པར་བྱ། སློབ་དཔོན་གྱིས་སྤྱི་སྔགས་གཉིས་ལན་བདུན་བརྗོད་པའི་མཐར། སློབ་མ་རྗེས་ཟློས་བྱེད་དུ་བཅུག་སྟེ། བཅོམ་ལྡན་འདི་ལ་དང་། བཅོམ་ལྡན་བདག་གིས་སོགས་ཀྱིས་བཟླས་ལུང་ཡང་སྦྱིན་ནོ།། དེས་ཐིག་ལེའི་འཛག་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ།། དབང་གསུམ་པའོ། །དེ་ནས། སློབ་མས་མི་ཕྱེད་པའི་དད་པས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་གནས་ལྔ་དང་། ལུས་ལ་ཐིམ། ལྷ་མཚན་སློབ་མའི་སྤྱི་བོར་བཀོད། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་དབུགས་དབྱུང་ཞིང་། ཡེ་ཤེས་ལྔའི་རང་བཞིན་དུ་རྒྱས་བཏབ་པས། འཇིག་རྟེན་གསུམ་གྱིས་རྒྱལ་བར་མ་ནུས་པའི་འཆི་བདག་ལ་སོགས་པའི་བདུད་བཞིའི་དགྲ་ལས་རྒྱལ་བའི་ཚེའི་རིག་འཛིན་ཐོབ་པར་བསམ་མོ། །དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། དབང་བཞི་པའོ། །བདག་འཇུག་གི་ཚེ། བླ་མའི་བྱ་བ་གཙོ་བོས་མཛད་པར་བསམ། ལྷ་ལྔའི་ཚེ། པད་འདབ་བཞི་དང་། རིགས་ལྔ་བསྐྱེད་པ་ལས་ཁྱད་ཆོས་ལྷག་པ་གཞན་མེད་ཅིང་། དབང་གསུམ་པའི་ཚེ། ལྷ་མོ་བཞི་ཐུགས་ཀ་ནས་སྤྲོ་བ་ལས་གཞན་མཚུངས་པ་ཉིད་དོ། །འདི་ལ་རིགས་ལྔའི་དབང་རེའི་མཐར། དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤར་གྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། རྡོ་རྗེ་སེམས་དཔའ་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའ་བཀྲ་ཤིས་གང་ལགས་པ་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། རིན་ཆེན་འབྱུང་ལྡན་བཀྲ་ཤིས་དོན་གྱི་ལྷ། །རིན་ཆེན་འབྱུང་ལྡན་བཀྲ་ཤིས་གང་ལགས་པ་། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག བྱང་གི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། དོན་ཡོད་གྲུབ་པ་བཀྲ་ཤིས་དོན་གྱི་ལྷ། དོན་ཡོད་གྲུབ་པ་བཀྲ་ཤིས་གང་ལགས་པ་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཞེས་སོགས་ཤིས་བརྗོད་བྱེད་པ་སྤྲོས་པ་ལ་དགའ་ནའོ། །རྗེ་བཙུན་མན་ངག་རིན་ཆེན་འཕྲེང་བ་འདི། །ཚིག་གི་སྲད་བུ་རིང་པོར་འཐོར་མཐོང་ནས། །འཚམ་པའི་པདྨའི་སྐུད་པ་འདིར་བརྒྱུས་པས། །དོན་གཉེར་མགུལ་བ་སྐལ་བཟང་ཉིད་གྱུར་ཅིག །རྗེ་བཙུན་བཞད་པ་རྡོ་རྗེའི་གོང་ཁུག་ཏུ་སྦས་པ་ཚེ་དཔག་མེད་ལྷ་དགུ་དང་ལྔའི་དཀྱིལ་འཁོར་གྱི་ཆོ་ག་གསུང་བཞིན་དུ་བཀོད་པའོ།། ༈ །།སེམས་ཅན་རེ་རེའི་དོན་དུའང་མཛད་པའི་ཕུལ། །ནམ་མཁའི་ཁྱོན་དང་མཉམ་པའི་ཚུལ་དེ་ཡིས། །ཀུན་ལ་ཕན་པ་བསྒྲུབ་པའི་ཐུགས་རྗེ་ཅན། །བཞད་པ་རྡོ་རྗེ་ཡབ་ཡུམ་ལ་འདུད་དོ།། རྗེ་བཙུན་མི་ལའི་ཞལ་སྔ་ནས་ཇི་ལྟར་གསུངས་པ་ལྟར་གྱི་བཀྲ་ཤིས་ཚེ་རིང་མ་མཆེད་ལྔའི་རྗེས་གནང་སྦྱིན་པར་འདོད་པས། གོང་དུ་བཤད་པའི་ཚེ་དཔག་མེད་པའི་དཀྱིལ་འཁོར་གྱི་མདུན་ནམ། གཡོན་དུ་རྡུལ་ཚོན་གྱི་པདྨ་འདབ་བཞིའམ། ཡང་ན། གྲྭ་ཆིངས། དར་རས་དཀར་པོ་དྲི་མ་མེད་པ་གང་རུང་གི་ཁར་མཚལ་ཅོག་ལ་མའི་གཡུང་དྲུང་ལྔ་ཚོམས་སུ་བྲིས། རིན་པོ་ཆེའི་སྣོད་གཙང་མར། འབྲུ་དཀར་པོའི་ཕྱེ། ར་དཀར་མོ་དང་། བ་དམར་མོའི་འོ་མས་སྦྲུས་པ་ལ་འབྲང་རྒྱས་སོ་སོའི་རི་དང་འདྲ་བའི་རྩེ་མོ་རིན་པོ་ཆེ་འབར་བས་བརྒྱན་པ་ལ། མདའ་རྒོད་སྒྲོ་མར། དར་མེ་ལོང་། མུ་ཏིག སོར་གདུབ། གཡུ་ཆུང་། བདུད་རྩི་ལྔ་དང་སིནྡྷུ་ར། ནེའུ་ལེའི་རླིད་བུའམ། དར་གྱི་ཁུང་དུ་བཅུག་པ་དང་། ལྷ་མོ་སོ་སོའི་ཙཀྐ་ལི་གདགས་པ་བཙུགས་ཏེ། དབུས་དང་ཕྱོགས་བཞིར་གོ་རིམ་བཞིན་བཞག གཡས་སུ་ཐོད་པ་བཟང་པོའམ། རིན་པོ་ཆེའི་བུམ་པ་ལ་སོགས་པ་བདུད་རྩི་ལྔའི་སྨན་ཕབས་ཅན་གྱི་ཚེ་ཆང་གིས་གང་བ་མར་གྱི་ཟེ་སྒྲོ་ཅན་དང་། གཡོན་དུ་ཚེ་ཟན་བུམ་པའི་དབྱིབས་ཅན། སྤོད་ཟན་གྱི་ཚེ་རིལ་བྲུམས་སུ་བཅེར་བ། གསེར་གྱི་རྡོ་རྗེ་རྩེ་དགུ་པ། དངུལ་དཀར་གྱི་མེ་ལོང་། ཟས་སྣ་ཚོགས་ཀྱིས་གང་བའི་རིན་པོ་ཆེའི་གཞོང་པ། རིན་པོ་ཆེའི་སྒྲོམ་བུ་རྩ་དུར་བའི་ཆུན་པོ་རྣམས་ཕྱོགས་སུ་བཀོད། དར་ཟབ་རིན་པོ་ཆེའི་འཕྲེང་བ་ལ་སོགས་པའི་སྤྱན་གཟིགས་མེ་ཏོག་སི་ལ་སོགས་པ་མཆོད་པའི་བྱེ་བྲག་འབྱོར་ཚད་དང་། རྡོར་དྲིལ། ཅང་ཏེའུ། ཀ་པཱ་ལ་ཆང་གིས་བཀང་བ་ལ་སོགས་པའི་དམ་ཚིག་གི་རྫས་དང་། ཁ་ན་མ་ཐོ་བ་མེད་པའི་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་དང་། ཡི་དམ། ཌཱ་ཀི ཞིང་སྐྱོང་། གཞི་བདག་གི་གཏོར་མ་བཤམས་ཞིང་བཀོད་པས་མཛེས་པར་བྱའོ། །དེ་ནས་ནང་གི་རྣལ་འབྱོར་ནི་བདེ་བའི་སྟན་ལ་འདུག་སྟེ། རང་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་སྲཱིཿཡིག་གི་འོད་ཀྱིས་བཅོམ་ལྡན་འདས་མའི་སྤྱི་བོར། རྗེ་བཙུན་བཞད་པ་རྡོ་རྗེ། དེའི་སྤྱི་བོར་མགོན་པོ་ཚེ་དཔག་ཏུ་མེད་པ་མཐོ་བརྩེགས་སུ་བཞུགས་པ་ལ་བླ་མ་ཡི་དམ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ཞེས་པས་ཕྱག་བྱ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤཔྟའི་བར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔས་མཆོད། དཀོན་མཆོག་གསུམ་ལ་སོགས་ཀྱིས་བདུན་རྣམ་དག་བྱ། མཐར་རང་ལ་བསྟིམ། ཚད་མེད་བཞི་བསྒོམ། སྭ་བྷཱ་ཝ་བརྗོད། སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་གྲུ་གསུམ་པའི་དབུས་སུ་པདྨའི་ལྟེ་བར། རོ་སེར་པོའི་སྙིང་གར་སྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྗེ་བཙུན་ལྷན་ཅིག་སྐྱེས་མ་བདེ་བའི་ཉམས་ཀྱིས་རྒྱས་པའི་ལང་ཚོ་ཅན། ཞལ་གཅིག་མཆེ་བ་གཙིགས་ཤིང་སྤྱན་གསུམ་མ་ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་། ཐོད་སྐམ་ལྔའི་ཅོད་པན་དང་། མགོ་བོ་རློན་པའི་འཕྲེང་བ་འཛིན་པ། ཧེ་རུ་ཀའི་རང་བཞིན་གྱི་ཁཊྶཱཾ་ག་གྲུ་མོ་གཡོན་པས་འཁྱུད་པ། གཡོན་བརྐྱང་བའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་རོལ་པའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། འབར་བའི་ཕྱག་རྒྱ་ཕེཾ་གྱི་སྒྲ་དང་བཅས་པས་ཡེ་ཤེས་སེམས་དཔའ་དབང་གི་ལྷ་ཚོགས་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་བསྲེས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏས་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་དབང་བསྐུར། ལུས་གང་། དྲི་མ་དག སླར་སྤྱི་བོར་བརྟན་པས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ། སྙིང་གའི་ས་བོན་གྱིས་སྤྲོས་པའི་མཆོད་པའི་ལྷ་མོ་ནམ་མཁའ་གང་བས་མཆོད་པར་མོས་ཏེ། གོང་བཞིན་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོས་བསྟོད། ནང་མཆོད་སྦྱངས། ཨོཾ་ཡིག་གིས་ཐོད་པའི་སྣོད་རྒྱ་ཆེ་བ། ཨཱཿཡིག་གིས་དམ་ཚིག་གི་བདུད་རྩི་རྒྱ་མཚོ། ཧཱུྃ་ཡིག་གིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཧ་ཧོཿསྲཱིཿརོ་མཉམ་དུ་བྱས། ཨོཾ་བཛྭ་པཉྩྨ་ཨ་མྲྀ་ཏ་ཁཱ་ཧིས་མྱང་བར་བྱའོ། །ལྟེ་བར་སྲཱིཿཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལ་དམིགས་ཏེ། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་རྩ་སྔགས། ཨོཾ་བཛྭ་བཱ་རཱ་ཧི་ཧཱུཾ་ཕཊ། ཅེས་པ་སྙིང་པོ། ཨོཾ་བཛྭ་ཡོ་གི་ནཱི་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་པས་ཉེ་སྙིང་རྣམས་བཟླས་པར་བྱའོ། །དེ་ནས་གཏོར་མ་བསང་སྦྱངས་ནས། ནང་མཆོད་བཞིན་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དང་། ཕེཾ་གྱི་སྒྲས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་ཌཱ་ཀི་ལྔ། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ལྷར་དག་པ་དང་བཅས་པ་སྤྱན་དྲངས་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བ་གཏོད་དེ། ཨོཾ་ཨཱཿབཛྭ་ཨ་ར་ལི་ཞེས་སོགས་ཀྱི་འཇིག་རྟེན་ལས་འདས་པ་དང་། ཨོཾ་ཁ་ཁས་འཇིག་རྟེན་པ་ལ་ཕུལ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་གི་ཤློ་ཀ་གཅིག་གིས་སྨོན་ལ་མ་གདབ་བོ། །མདུན་བསྐྱེད་ནི། གཏོར་མ་ལྔ་བསངས་སྦྱངས། ལྷ་མོ་ལྔ་བསྐྱེད་ནས་བསྟོད་པའི་བར་ཡིད་ཀྱི་འདོད་འཇོར་བཤད་བཞིན་བྱས། རང་གི་ལྟེ་བའི་སྲཱིཿཡིག་གི་འོད་ཀྱིས་བཀྲ་ཤིས་ཚེ་རིང་མ་དཔོན་གཡོག་ལྔ་བཀུག་སྟེ། རང་ལ་བསྐོར་བ་བྱེད་ཅིང་གུས་མདུད་དང་བཅས་པས་སོ་སོའི་ལས་བསྒྲུབ་པར་བསམ་ལ། ཨོཾ་མ་མ་རུ་རུ་ཙིཏྟ་དྷཱ་ར་མེ་ཛུ་ཏཱི་ཨོཾ་བྷྱོ་ཛཿ ཨོཾ་བཛྭ་བྷི་ཀྱཻ་མུ་ཏ་ཧཱུྃ་བྷྱོ་ཛཿ ཨོཾ་བཛྭ་ཡ་ཏྲ་སིང་སིང་ཧཱུཾ་བྷྱོ་ཛཿ ཨོཾ་ཨ་བཱི་ར་ནཱི་ཧཱུྃ་བྷྱོ་ཛཿ ཨོཾ་ས་རཾ་ཏིང་ཏིང་ཁ་ཏི་ཛྙྱཱ་ན་ཧཱུྃ་བྷྱོ་ཛཿ ཞེས་པ་སྨན་བཙུན་ལྔའི་དམ་ཚིག་གནད་ལ་བོར་བའི་སྲོག་སྔགས་རྣམས་ཀྱང་ཅི་རིགས་པར་བཟླས་པས་བདག་གི་དབང་དུ་གྱུར་པས་འཇིག་རྟེན་གྱི་ཁམས་ཀྱི་ཚེ་བསྲིང་བསོད་ནམས་བསྐྱེད། དཔལ་དང་འབྱོར་པ་སྤེལ་བར་ནུས་པའི་བདུད་རྩིའི་བཅུད་མ་ལུས་པ་བསྡུས། ཚེ་བུམ་སྐད་ཅིག་གིས་རིན་པོ་ཆེའི་བུམ་པར་གྱུར་པ་དང་། ཀ་པཱ་ལའི་ནང་དུ་བླུགས་པས་ཞུ་ཞིང་ཁོལ་ཏེ་ཆིལ་ལི་ལི་ལུད་པར་བསྒོམས། མདུན་བསྐྱེད་དོ། །རྗེས་སུ་གནང་བ་བྱ་བ་ལ། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་དེ་མ་ཐག་ཏུ། སློབ་དཔོན་རྗེ་བཙུན་ལྷན་ཅིག་སྐྱེས་མར་བསྒོམས་ལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། ཕུན་ཚོགས་དངོས་གྲུབ་མ་ལུས་པ། །ཡིད་བཞིན་མྱུར་དུ་བསྒྲུབ་པའི་ཕྱིར། །བདག་ལ་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔའི་རྗེས་གནང་སྩལ་དུ་གསོལ།། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སྭ་བྷཱ་ཝས་སློབ་མ་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་ནས། ཀློང་ན་རོལ་པའི་སྤྱི་བོར་རྗེ་བཙུན་བཞད་པ་རྡོ་རྗེ་སྐུ་མདོག་སྔོ་བསངས་རས་དཀར་གྱི་ཕྱ་རུ་གསོལ་ཞིང་། ཆོས་འཆད་ཀྱི་ཕྱག་རྒྱ་ཅན། དབུ་སྐྲ་བུན་ནེ་བ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་གི་ཚུལ་དུ་བསྒོམ། དེའི་སྤྱི་བོར་ཚེ་དཔག་མེད་མངོན་རྟོགས་བཞིན། དེའི་ཐུགས་ཀར་ཟླ་བ་ལ་སྲཱིའི་མཐའ་མར་སྔགས་འཕྲེང་གཡས་བསྐོར་དུ་འཁོར་བ། མདུན་དུ་བྷྲུཾ་ལས་རིན་པོ་ཆེའི་ས་གཞི་ནས། དམ་ལ་བཞག་པའི་བར་དུ་བྱས། ཚེ་དཔག་མེད་ཀྱི་ཐུགས་ཀའི་སྲཱིཿལས་འོད་འཕྲོས། འཁོར་འདས་ཀྱི་སྣོད་བཅུད་ཐམས་ཅད་ལ་ཕོག ཚེ་བསོད་ནམས་ཡེ་ཤེས་ཐམས་ཅད་བསྡུས། ཚེ་དཔག་མེད་ཀྱི་ལྷུང་བཟེད་དུ་ཐིམ་པ་འཆི་བ་མེད་པའི་བདུད་རྩིར་གྱུར། ཡར་ལུད་ཕྱི་ནས་མར་ཞམ་གྱིས་བྱུང་། བཞད་པ་རྡོ་རྗེའི་ཚངས་བུག་ན། མར་སྐྱ་ལྡུར་ལྡུར་བབས། སྐུ་ལུས་གང་། དེའི་གསང་གནས་ནས་བབས། སློབ་མ་རྗེ་བཙུན་མར་གསལ་བ་དང་ལྷ་མོ་ལྔའི་སྤྱི་གཙུག་ན་མར་བབས། ལུས་ཐམས་ཅད་གང་། སློབ་མའི་ཚེའི་བར་ཆད་ཐམས་ཅད་དག ལུས་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་གཏམས་ཤིང་བརྟན་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། ལྷ་མོ་ལྔས་ཚེའི་འབྲང་རྒྱས་མགོ་ཐོག་བཞག་ནས། ཨཱ་ཡུ་པུཎྭེ་ཛྙྱཱ་ན་སིདྡྷི་ཏྭ་མེ་བྷ་ཧཱུྃ། ཞེས་དང་། ཨོཾ་མཾ་ལཾ་ཙཾ་ཨཾ་ཏཱཾ། ཞེས་པས་ཚེ་རིལ་བྱིན། ཚེ་ཆང་ལུད་པར་མོས། དངོས་སུ་སློབ་དཔོན་གྱིས་སོ། །དེ་ནས་སློབ་མས། རྗེ་བཙུན་བཞད་པ་རྡོ་རྗེ་ལ་མི་ཕྱེད་པའི་དད་པས་གསོལ་བ་བཏབ་པས་རྗེ་བཙུན་གྱི་ཐུགས་ཀ་ནས་འོད་འཕྲོས་གཙོ་མོ་ལ་ཕོག་པས། བཀའ་ཇི་ལྟར་བསྒོས་པ་དྲན་ནས་བཞེངས་ཏེ། སློབ་མ་རྗེ་བཙུན་མར་གསལ་བ་ལ། བསྐོར་བ་གཡས་བསྐོར་དུ་བྱེད་པར་མོས་ཏེ། བླ་མས་གཙོ་མོའི་འབྲང་རྒྱས་སློབ་མའི་མགོ་བོར་བཞག་སྟེ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་ཏན་ཀུན་རྫོགས་མ། །སྲིད་བསྲུང་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་བཀའ་བསྒོས་པས་ཇོ་མོས་ཚེ་ཆང་བླུད། རང་རྟགས་ཀྱི་རྡོ་རྗེ་ལག་པར་གཏད། བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྲིད་བསྲུང་ཚེ་ཡི་དངོས་གྲུབ་འབུལ། །ཨོཾ་མཾ་མངྒ་ལ་ཨ་ཡུ་དཱིརྒྷ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་བར་བསམ། དེས་འཇིག་རྟེན་པ་ཡིན་ན་རིགས་བརྒྱུད་འཕེལ་བ་དང་། ཆོས་པ་ཡིན་ན་སློབ་བརྒྱུད་དང་། ཆོས་བརྒྱུད་འཕེལ་བ་དང་། ཚེ་དཔལ་བཀྲ་ཤིས་རྒྱས་པའི་དངོས་གྲུབ་ཕུལ་ཞིང་ཐོབ་པ་ཡིན་ནོ། །ཡང་སློབ་མས་རྗེ་བཙུནྎ མཐིང་གི་ཞལ་བཟང་མ་ལ་ཕོག དེའི་འབྲང་རྒྱསྎ ཇོ་མོ་མཐིང་གི་ཞལ་བཟང་མ། །དཔལྎ མིྎ སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ཞེས་བཀའྎ རང་རྟགས་ཀྱི་སྣང་སྲིད་ཐམས་ཅད་མཐོང་བའི་མེ་ལོང་ལག་ཏུ་གཏད། བཞད་པྎ ྎྎསྣང་གསལ་པྲ་ཡི་དངོས་གྲུབ་འབུལ། །ཨོཾ་ཨཾ་ཨནྡྲི་ནཱི་ལ་མུ་ཁ་བྷ་དྲ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་ཞིང་། སྣང་གསལ་པྲ་ཡི་དངོས་གྲུབ་ཕུལ་བ་ཐོབ་པ་ཡིན་ནོ། །ཡང་སློབ། མི་གཡོ་གླང་བཟང་མ་ལ་ཕོག ཇོ་མོ་མི་གཡོ་གླང་བཟང་མ། ྎྎ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ཞེས་བཀའྎྎ རང་རྟགས་ཀྱི་ཟས་རོ་བརྒྱ་པའི་གཞོང་པ་ལགྎ ཨོཾ་ཨཾ་ཨ་ཙ་ལ་ཧཱ་ས་བྷ་དྲ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་ཞིང་། རྨ་གཡང་ཟས་ཀྱི་དངོས་གྲུབ་ཕུལ་བ་ཐོབ་པར་བསམ་མོ། །ཡངྎ ཅོད་པན་མགྲིན་བཟང་མ་ལ་ཕོགྎ ཇོ་མོ་ཅོད་པན་མགྲིན་བཟང་མ། ྎྎབང་མཛོད་ནོར་གྱི་དངོས་གྲུབ་སྩོལ། །ཞེས་བཀའྎ རང་རྟགས་ཀྱི་རིན་པོ་ཆེའི་སྒྲོམ་བུ་ལག་ཏུ་གཏད། ྎ བང་མཛོད་ནོར་གྱི་དངོས་གྲུབ་འབུལ། །ཨོཾ་ཙཾ་མུ་ཀུ་ཊ་མ་དྷཱུ་ར་བྷ་དྲ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་ཞིང་། བང་མཛོད་ནོར་གྱི་དངོས་གྲུབ་ཕུལ་བ་ཐོབ་པར་བསམ་མོ། །ཡངྎ གཏད་དཀར་འགྲོ་བཟང་མ་ལ་ཕོག །ཇོ་མོ་གཏད་དཀར་འགྲོ་བཟང་མ། ྎ རྐང་བཞི་འཕེལ་བའི་དངོས་གྲུབ་སྩོལ། །ཞེས་བཀའྎ རང་རྟགས་ཀྱི་དཱུར་བའི་ཆུན་པོ་ལག་ཏུ་གཏད། ྎ རྐང་བཞི་འཕེལ་བའི་དངོས་གྲུབ་འབུལ། ཨོཾ་ཏཱཾ་ཏྭད་བྷ་བ་ཛ་ག་ཏ་བྷ་དྲ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་ཞིང་། རྐང་བཞི་འཕེལ་བའི་དངོས་གྲུབ་ཕུལ་བ་ཐོབ་པར་བསམ་མོ། །གཏོར་མ་ལྔ་ཁ་ཙཀྐ་ལི་དང་བཅས་པ་མགོ་ཐོག་ཏུ་བཞག་སྟེ། ཨོཾ། ཉི་མ་ནུབ་ཕྱོགས་ཕ་གི་ན། །གངས་དཀར་དགུང་དུ་རྩེ་མཐོ་བ། །མཐོ་ལ་གཉན་ནོ་ཚེ་རིང་མ། །དེ་ལ་བརྟེན་པའི་ལྷ་མོ་ནི། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །འཁོར་དུ་འཇིག་རྟེན་སྨན་མོ་བཞི། །གཏད་དཀར་འགྲོ་བཟང་མ་དང་ནི། །མཐིང་གི་ཞལ་བཟང་མ་དང་བཅས། །ཅོད་པན་མགྲིན་བཟང་མ་དང་ནི། །མི་གཡོ་གླང་བཟང་འཁོར་དང་བཅས། །སྐུ་ལ་དར་དཀར་རལ་གུ་གསོལ། །སྣ་ཚོགས་དར་གྱི་ལྷབ་ལྷུབ་དང་། །རིན་ཆེན་གསེར་གཡུའི་རྒྱན་ཆ་ཅན། །རྫུ་འཕྲུལ་ཆེན་པོ་མངའ་བ་རྣམས། །བསྟན་མ་བཅུ་གཉིས་ཁྱེད་ཀྱི་འཁོར། །སོ་སོའི་གཡར་དམ་ཇི་བཞིན་དུ། །སློབ་བུ་འདི་ཡི་སླད་བཞིན་འབྲོངས། །ཕྱི་ནང་གསང་བའི་འགལ་རྐྱེན་སེལ། །སྤྱི་དང་ཁྱད་པར་དངོས་གྲུབ་སྩོལ། །བཅོལ་བའི་ལས་རྣམས་ཐམས་ཅད་བསྒྲུབས།། ཞེས་པས་བསྐུལ་ཞིང་གཏད།། ཨོཾ་མ་མ་རུ་རུ་ཞེས་སྲོག་སྙིང་བརྗོད་དེ་གནད་ལ་བོར་བས་ལྷ་མོ་ལྔ་པོས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་ནས་སོ་སོའི་དངོས་གྲུབ་སྩོལ་ཞིང་འཕྲིན་ལས་བསྒྲུབ་པར་ཁས་བླངས་ཏེ་རང་རང་གི་ཕྱོགས་སུ་འོད་ཀྱི་རྣམ་པར་འཁོད་པར་བསམ། ཚེ་ཆང་བླུད། གཏོར་ཟན་བྱིན་ནོ། །རྗེས་ཚོགས་ལ་ཆོ་ག་བཞིན་དུ་རོལ་པའི་མཐར་ལྷག་མ་བཏང་། ནོངས་པ་འཆགས། ནང་དང་གསང་བའི་ཌཱ་ཀི་རང་བཞིན་གྱི་གནས་སམ་སོ་སོའི་རྟེན་ལ་གཤེགས་གཏོར་མ་གཙང་སར་བསྐྱལ། དཀྱིལ་འཁོར་བསྡུས་ཤིས་བརྗོད་རྒྱས་པར་བྱའོ། །དེ་ལྟར་རྗེ་བཙུན་ཡབ་སྲས་ཀྱི་ཕྱག་བཞེས། བླ་མ་དམ་པའི་མན་ངག་གི་སྲོལ་དུ་ཇི་ལྟར་བྱུང་བ་གཞན་ལ་མ་བསྐྱུད་པར་པདྨ་དཀར་པོས་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག །།
གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་གོང་ཁུག་ལྷ་དགུ་དང་། ལྷ་ལྔའི་དབང་གི་མཚམས་སྦྱོར་འགྲེས་ཆོག་ཏུ་བཀོད་པ་བདུད་རྩིའི་བུམ་བཟང་།
གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་གོང་ཁུག་ལྷ་དགུ་དང་། ལྷ་ལྔའི་དབང་གི་མཚམས་སྦྱོར་འགྲེས་ཆོག་ཏུ་བཀོད་པ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །འཆར་ཀའི་མདངས་ལྟར་དམར་བའི་མཛེས་སྐུའི་གཟིས། །འཆི་བདག་མུན་པའི་གོ་སྐབས་ཡོངས་བཅིལ་ཞིང་། །ཚེ་དང་ཡེ་ཤེས་སྣང་བ་སྦྱིན་པའི་ལྷ། །དཔག་མེད་རིགས་ཀྱི་ཅོད་པན་འཛིན་དེར་བདུད།། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བཞད་པ་རྡོ་རྗེ་ཡབ་སྲས་ཀྱི་ཕྱག་བཞེས་ལས་བྱུང་བ། གྲུབ་པའི་རྒྱལ་མོ་ལུགས་ཀྱི་ཚེ་དཔག་མེད་གོང་ཁུག་མ་ལྷ་དགུ་དང་། ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པས། དེའི་ཚུལ་ལ་བཞི། སྦྱོར་བ་བཤམ། དངོས་གཞི་སྒྲུབ་མཆོད། བྱིན་རླབས་དབང་བསྐུར། རྗེས་རིམ་མོ། །ཐོག་མར་ཡིད་དང་མཐུན་པའི་གནས་སུ། ཚེ་དཔག་མེད་ཀྱི་སྐུ་བྲིས་འབུར་གང་རུང་བཤམས་པའི་མདུན་དུ། སྟེགས་བུར་མཎྜྻལ་ལ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་དམ། ཡང་ན་རས་བྲིས་ཀྱི་ལྟེ་བར་དབུས་དང་ཕྱོགས་བཞིར་ལྷ་མཚན་སྲཱིཿཡིག་རེ་རེ། མཚམས་བཞིར་ཤར་ལྷོ་ནས་བརྩམས་གཡས་བསྐོར་དུ། ཨ་པ་ས་ཨ་རྣམས་བཀོད། ལྷ་ལྔའི་ཚེ་འདི་རྣམས་མི་དགོས། བསྡུ་ན་མཎྜྻལ་ལ་ཚོམ་བུ་དམར་པོ་ལྷ་གྲངས་དང་མཐུན་པར་བཀོད་ཀྱང་རུང་། གང་ལྟར་དེའི་སྟེང་དུ་མཉྫྱིའི་ཁར། བུམ་པ་བཟང་པོ་དམ་ཚིག་གི་རྫས་བཏབ་དྲི་བཟང་པོའི་ཆུས་སུམ་ཉིས་བཀང་། མགུལ་ཆིངས་དམར་པོས་དཀྲིས་ཤིང་། དུང་ཆོས་ཀྱི་དྲིའི་ཆུ་ལ་སྲཱིཿབཟླས་པ་གཟུངས་ཐག་རྡོ་རྗེ་དང་བཅས་པ་བུམ་པའི་སྟེང་བཞག གཡས་སུ་ཀ་པཱ་ལ་བདུད་རྩིས་བཀང་བ། གཡོན་དུ་ལས་བུམ་བཅུད་ལྡན་ཆིངས་དམར་ཁ་བརྒྱན་དང་ལྡན་པ་བཀོད། རྒྱབ་ཏུ་ཚེ་མདའ་སྒྲོ་ལྡན་སྣ་ལྔའི་དར་གྱིས་བརྒྱན་པ་མཐའ་མར་ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པའི་རྫས་དང་གཏོར་མ་ཕྱག་བཞེས་བཞིན་བཤམས། སློབ་དཔོན་གྱི་མདུན་དུ་ནང་མཆོད་ཌཱ་དྲིལ་འཐོར་ནས་གུལ་ཡུངས་སོགས་དང་བགེགས་གཏོར་ཉེར་མཁོ་རྣམས་འདུ་བྱའོ། །གཉིས་པ་ནི། བདག་མདུན་བུམ་སྒྲུབ་གཏོར་འབུལ་བདག་ཉིད་འཇུག་པའི་བར་གཞུང་དང་ཟུར་འདེབས་ཀྱི་ཆོ་ག་རྒྱས་བསྡུས་སྐབས་སུ་གང་བབ་ཆ་ཚང་གྲུབ་པར་བྱ་དགོས་སོ། །གསུམ་པ་དབང་གི་ཆོ་ག་ནི། སློབ་མ་ལས་ཆུས་སྒོ་དྲུང་ནས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་སོགས་བརྗོད་ནང་དུ་འཇུག་ཅིང་གྲལ་དུ་འཁོད། གཏོར་མར་ཆབ་ཀྱིས་བྲན། ཨོཾ་སྭ་བྷཱ་ཝས་སྦྱངས། གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ། ཁཾ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾཿ སོགས་ལན་གསུམ་གྱིས་བསྔོས། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། འདིར་དབང་བསྐུར་བའི་རིམ་པ་བགྱི་བ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་འབྱུང་པོའི་ཚོགས་རྣམས་ལ་སྦྱིན་ནོ་ཚིམ་ཞིང་མགུ་བར་གྱིས་ལ་རང་རང་གི་གནས་སུ་ཕྱིར་དེངས་ཤིག གསང་སྔགས་ཉན་པར་མི་དབང་བའི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དབང་ཆེན་རྟ་མགྲིན་དཔལ། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡེ་ཤེས་ཐོད་དབྱུག་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱོད་རྣམས་གཞན་དུ་དེངས། །ཨོཾ་བཛྭ་ཀྲོ་དྷ་་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄ཿ ཅེས་དང་ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཡུངས་ཐུན་དང་གུ་གུལ་དུད་པས་བསྐྲད། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དང་མདའི་དྲ་བ། ཕྱི་རོལ་མེ་ཁ་དོག་ལྔ་རབ་ཏུ་འབར་བས་བསྐོར་བར་གྱུར། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་པས་སྲུང་འཁོར་བསྒོམ། མཎྜྻལ་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་པ་སོགས་སྤྱི་ལྟར་བྱ་བའམ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་འགལ་རྐྱེན་ཚེའི་བར་ཆད་ཞི་ཞིང་། མཐར་ཐུག་ཏུ་སྐུ་བཞིའི་བདག་ཉིད་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་རྟག་པ་དམ་པ་ཐོབ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བྱ། དེའི་ཕྱིར་དུ་བཅོམ་ལྡན་འདས་ཚེ་དཔག་མེད་ལྷ་དགུའམ། ལྷ་ལྔའི་དཀྱིལ་འཁོར་དུ་ཞེས་གང་བབ་བསྒྱུར། གང་ལྟར་བྱིན་རླབས་དབང་བསྐུར་བའི་རིམ་པ་ཞུ་སྙམ་པའི་སེམས་བསྐྱེད་གསལ་གདབ་ནས་གསན་པར་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལྷ་དགུའམ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྟེ། དེ་ཡང་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་འདི་ནི་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་རང་ཉིད་སྐུ་ཚེ་གྲངས་མེད་པར་བྱིན་གྱིས་བརླབས་ཤིང་། སེམས་ཅན་གཞན་དག་དུས་དང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་སྐྱོབས་པར་སྨོན་ལམ་དུ་མཛད་ཅིང་ཐུགས་བསྐྱེད་པས། ཕྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་བདེ་བ་ཅན་གྱི་ཞིང་ཡོངས་སུ་འཛིན་པ་དང་། བསྐལ་པ་གྲངས་མེད་མང་པོར་འཚོ་ཞིང་བཞེས་ཏེ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་གཞན་རྣམས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ལས་བྱུང་བ་ཡིན་ཞིང་། འདི་ལྟ་བུའི་བཅོམ་ལྡན་འདས་འདི་ལ་སྒྲུབ་པའི་རིམ་པ་མཐའ་ཡས་པ་ཞིག་བྱུང་བའི་ནང་ནས་ཁྱད་པར་དུ་འཕགས་པ་ཟབ་ཅིང་གསང་བ་འདི་ཉིད་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལྷ་ལྕམ་མེ་ཏོག་མནྡ་ར་བ་སོགས་སྐུ་དང་མཚན་གྱི་རྣམ་གྲངས་དུ་མར་སྟོན་ཀྱང་ཡོངས་སུ་གྲགས་པ་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་བྱ་བ་དེ་ཉིད་ཀུ་རུ་ཀུལླེའི་རིག་སྔགས་གྲུབ་པར་བརྟེན། མགོན་པོ་ཚེ་དཔག་མེད་ཀྱིས་རྗེས་སུ་བཟུང་ནས་རྡོ་རྗེའི་སྐུས་བསྐལ་པ་མ་སྟོང་བར་དུ་འགྲོ་བའི་དོན་མཛད་པར་བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་འཆི་མེད་ཚེའི་གདམས་ངག་རྒྱ་མཚོ་ལྟ་བུས་སྐལ་ལྡན་མཐའ་དག་རང་གི་གོ་འཕང་ལ་འགོད་བཞིན་ད་ལྟར་ཡང་འཚོ་ཞིང་བཞེས་པ་དེ་ལ། རྗེ་བཙུན་རས་ཆུང་པས་ཁྱད་ཆོས་སུ་ནོད་པ་སྟེ། དེ་ཡང་ལྷོ་བྲག་མར་པའི་ལུང་ལྟར་མི་ལ་བཞད་པ་རྡོ་རྗེས་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཞུ་བའི་སླད་དུ་རྒྱ་གར་དུ་བརྫངས། དེས་ཀྱང་བལ་པོ་བྷ་རི་མ་དང་། བ་ལ་ཙཎྜྻ་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་པ་ལས་གཙོ་བོར་གྱུར་པ་ཏི་བུ་གསང་སྔགས་སྡོང་པོ་ཞེས་དཔལ་ནཱ་རོ་པའི་ཐུགས་སྲས་གྲུབ་པའི་དབང་ཕྱུག་དེ་ལས་གདམས་ངག་ཟབ་ཅིང་རྒྱ་ཆེ་བ་བུམ་པ་གང་བྱོའི་ཚུལ་དུ་ནོད་ནས་བོད་དུ་ཕེབས་པར་ཉེ་བ་ན། སྐུ་ཚེའི་ཚད་ཟླ་བ་བདུན་ལས་མེད་པར་ལུང་བསྟན་པས་བླ་མའི་བཀའ་ལྟར་མ་གཅིག་གྲུབ་པའི་རྒྱལ་མོའི་དྲུང་དུ་བྱོན་ནས་ཚེའི་དབང་བསྐུར་དང་གདམས་ངག་དཔག་ཏུ་མེད་པ་གསན་ཟླ་བ་བདུན་དུ་བསྒོམས་པས་སྔར་ལོ་བཞི་བཅུ་བཞེས་པ་ལས། སླར་ཡང་བཞི་བཅུ་ཞེ་བཞི་བསྲིངས་ཏེ་ཡོངས་བསྒྲིལ་དགུང་ལོ་གྱ་བཞིའི་བར་དུ་འགྲོ་བའི་དོན་མཛད་ཅིང་། མཐར་སྐུ་ལུས་དེ་ཉིད་ཀྱིས་ལྕང་ལོ་ཅན་དུ་གཤེགས་ཤིང་ད་ལྟའང་འཇའ་ལུས་རྡོ་རྗེའི་སྐུར་བཞུགས་སོ། །སྐྱེས་བུ་རས་ཆུང་པ་བོད་དུ་ཕེབས་ནས་རྗེ་བཙུན་མི་ལ་དང་མཇལ་བ་ན། བཀའ་ལས་ཁྱོད་ཀྱིས་སྐྱེས་སུ་སྔར་བོད་དུ་མ་གྲགས་པའི་ཟབ་ཆོས་ཁྱད་པར་ཅན་ཞིག་ཕུལ་དགོས་གསུངས་པ་ལྟར་གདམས་པ་འདི་ཉིད་ཐོག་མར་ཕུལ་བས་རྗེ་མི་ལའང་དགུང་ལོ་བརྒྱད་ཅུ་རྩ་བཞི་བཞུགས་པར་གདའ། དེ་ལྟ་བུའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་སམ་རས་ཆུང་ལུགས་སུ་གྲགས་པ་འདི་ནི། རྣལ་འབྱོར་ཕའི་རྒྱུད་ལས་པདྨ་གར་གྱི་དབང་པོའི་རྩ་བའི་རྒྱུད་འབུམ་པ་དང་། བཤད་པའི་རྒྱུད་འོད་ཟེར་དྲ་བ་ལ་བརྟེན་ནས་གྲུབ་པའི་རྒྱལ་མོས་མན་ངག་ཏུ་བསྡེབས་པ་ལ། ཕྱི་ནང་གསང་བ། ཁྱད་པར། དེ་ཁོ་ན་ཉིད་ཀྱི་སྒྲུབ་པ། ལས་ཁ་ཚར་དང་བཅས་པའི་སྐོར་སོགས་མང་དུ་བཞུགས་པ་ལས། འདིར་ཟབ་ཅིང་འདྲིལ་བའི་སྙིང་པོ་རྗེ་བཙུན་ཡབ་སྲས་ཀྱི་ཐུགས་དམ་གོང་ཁུག་ཏུ་སྦ་བར་མཛད་པའི་ཁྱད་པར་གྱི་ཆོས། ཚེ་དཔག་མེད་ལྷ་དགུའམ། ལྷ་ལྔ་ཞེས་སྐབས་སུ་གང་བབ་བསྒྱུར། དཀྱིལ་འཁོར་དུ་འཆི་མེད་ཚེའི་དབང་བཞི་བསྐུར་བ་ལ་གཉིས་ལས། སློབ་དཔོན་གྱི་བགྱི་བར་འོས་པ། བདག་མདུན་བུམ་པ་བསྒྲུབ་ཅིང་དབང་ལེན་པའི་རིམ་པ་རྣམས་ལེགས་པར་གྲུབ་ཟིན། ད་ནི་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། ཐོག་མར་བླ་མ་དང་མགོན་པོ་ཚེ་དཔག་མེད་ཐ་མི་དད་པའི་དྲུང་དུ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜྻལ་ཞིང་ཁམས་རྒྱ་མཚོའི་བཀོད་པ་འབུལ་བར་འཚལ། ཞེས་མཎྜྻལ་འབུལ་དུ་གཞུག སྙིམ་པ་མེ་ཏོག་གིས་བཀང་ཏེ་ཐལ་མོ་སྦྱར་བ་བཅས་སྡོམ་པ་འཛིན་པའི་དོན་དུ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད།། ཞེས་ལན་གསུམ་བརྗོད་དུ་གཞུག དེ་ནས་ཁྱེད་རང་རྣམས་ཀྱི་རྒྱུད་དག་པར་བྱ་བའི་ཕྱིར་དུ་མདུན་གྱི་ནམ་མཁར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དབུས་ན་རྣམ་པར་བརྗིད་པའི་བླ་མ་དང་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་བཞུགས་པའི་སྤྱན་སྔར། རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ། དེ་ནས་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་འཆི་མེད་ཚེ་དབང་བཞི། །དེ་རིང་བདག་ལ་སྩལ་དུ་གསོལ།། ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་དགོད་པའི་སླད་དུ་ཁྱེད་རང་རྣམས་ལྷར་བསྐྱེད་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་ལས་ཆུས་བསངས་ཞིང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་སྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། ཉི་མའི་འོད་ཀྱིས་ལི་ཁྲིའི་རི་བོ་གཞུ་བའི་མདོག་ལྟར་དམར་སེར་ཞལ་གཅིག་ཤིན་ཏུ་ཞི་བའི་སྐུ། མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་གང་ལ་རེག་པའི་འཆི་བ་མེད་པའི་རིག་འཛིན་དུ་འགྱུར་བ། གསེར་འགྱུར་གྱི་རྩི་ལྟ་བུའི་བདུད་རྩིའི་སྙིང་ཁུ་འདྲ་བས་བཻཌཱུརྻ་མཐོན་མཐིང་གི་ལྷུང་བཟེད་བཀང་སྟེ་བསྣམས་པ། རལ་པའི་ཟུར་ཕུད་ཡིད་བཞིན་གྱི་ནོར་བུའི་སྤྲས་ཤིང་ལྷ་རྫས་ཀྱིས་གཞལ་དུ་མེད་པའི་རིན་པོ་ཆེའི་ཅོད་པན། སྙན་ཆ་མགུལ་རྒྱན། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ། པཉྩྨ་ལི་ཀའི་སྟོད་གཡོགས་དང་སྨད་ཤམ་ཅན། མཚན་དང་དཔེ་བྱད་ཀྱིས་ལྟ་བས་མིག་ངོམས་པ་མེད་པས་ཕྱི་ཕྱིར་བལྟ་བར་འདོད་པ། འོད་ཟེར་གྱི་ཕྲེང་བ་འཁྲིགས་པའི་ཀློང་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར། ཞེས་གསལ་གདབ། དེ་ནས་དངོས་གཞི་ལ། བུམ་པ། གསང་བ། ཤེས་རབ། བཞི་པའི་དབང་རྣམས་ལས། དང་པོ་ནི། བླ་མ་དང་བཅོམ་ལྡན་འདས་ལ་མོས་གུས་དུང་བ་ཞིག་བྱས་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་འཆི་མེད་བདུད་རྩིའི་དབང་། །དེ་རིང་བདག་ལ་སྩལ་ཏུ་གསོལ།། ལན་གསུམ། ཐུགས་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་འཁོར་ལོའི་གཙོ་བོ་ལ་ཕོག་དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ་ཆིལ་གྱི་ལུད་པས། སློབ་མའི་སྤྱི་བོར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་སྤྱི་བོའི་ཨོཾ་ཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ་སློབ་མའི་སྤྱི་བོར་ཐིམ་པར་མོས་མཛོད། སློབ་དཔོན་གྱི་ཚེའི་བུམ་པ་ཐོགས་ནས་སྤྱི་བོར་བཞག སངས་རྒྱས་ཀུན་གྱི་སྐུར་གྱུར་པ། མགོན་པོ་ཚེ་དཔག་མེད་པ་ཡིས། །ལུས་ལ་མངོན་པར་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག །ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཨོཾ། ཞེས་དབང་བསྐུར་ཞིང་ཚེ་ཆུ་བླུག་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འཆི་བ་མེད་པའི་ཡེ་ཤེས་ཀྱི་ཆུས་གང་། ཉོན་མོངས་པ་གཏི་མུག་དང་དེས་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་སྐུའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་གང་ལགས་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བ་གོང་འོག་ཀུན་ལ་འགྲེ། ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པདྨ་ཚེ་དཔག་མེད་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ། ཆིལ་གྱི་ལུད་པས། སློབ་མའི་མགྲིན་པར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་མགྲིན་པའི་ཨཱཿཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ། སློབ་མའི་མགྲིན་པར་ཐིམ་པར་མོས་མཛོད། ཚེ་བུམ་མགྲིན་པར་བཞག སངས་རྒྱས་ཀུན་གྱི་གསུང་གྱུར་པ། །པདྨ་ཚེ་དཔག་མེད་པ་ཡིས། །ངག་ལ་མངོན་པར་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག །ཨོཾ་པདྨ་ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཨཱཿ ཞེས་མགྲིན་པར་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གང་། །ཉོན་མོངས་པ་འདོད་ཆགས་དང་དེའི་དབང་གིས་བསགས་པའི་སྒྲིབ་པ་ཐམས་ཅད་དག་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་གསུང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་གང་ལགས་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྡོ་རྗེ་ཚེ་དཔག་མེད་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ། ཆིལ་གྱི་ལུད་པས། སློབ་མའི་སྤྱི་བོར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་ཐུགས་ཀའི་ཧཱུྃ་ཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ། སློབ་མའི་སྙིང་གར་ཐིམ་པར་མོས་མཛོད། ཚེ་བུམ་སྙིང་གར་བཞག སངས་རྒྱས་ཀུན་གྱི་ཐུགས་གྱུར་པ། །རྡོ་རྗེ་ཚེ་དཔག་མེད་པ་ཡིས། །ཡིད་ལ་མངོན་པར་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག །ཨོཾ་བཛྭ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཧཱུྃ། ཞེས་སྙིང་གར་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། སྙིང་ག་ཆོས་ཀྱི་འཁོར་ལོ་གང་། ཉོན་མོངས་པ་ཞེ་སྡང་དང་དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཤར་གྱི་ཕྱོགས་ནས་བཀྲ་ཤིསྎ རྡོ་རྗེ་སེམས་དཔའི་བཀྲ་ཤིསྎ རྡོ་རྗེ་སེམས་དཔའ་བཀྲ་ཤིསྎ བཀྲ་ཤིས་དེས་ཀྱང་དེང་འདིརྎ ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་རིན་ཆེན་ཚེ་དཔག་མེད་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ། ཆིལ་གྱི་ལུད་པས། སློབ་མའི་ལྟེ་བར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་ལྟེ་བའི་ཏྲཱྃ་ཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ། སློབ་མའི་ལྟེ་བར་ཐིམ་པར་མོས། ཚེ་བུམ་ལྟེ་བར་བཞག སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །རིན་ཆེན་ཚེ་དཔག་མེད་པ་ཡིས། །ཡོན་ཏན་གནས་སུ་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་པར་ཤོག །ཨོཾ་རཏྣ་ཨཱ་ཡུརྫྙཱན་ཨ་བྷི་ཥིཉྩྨ་ཏྲཱྃ། ཞེས་ལྟེ་བར་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། ལྟེ་བ་སྤྲུལ་པའི་འཁོར་ལོ་གང་། །ཉོན་མོངས་པ་ང་རྒྱལ་དང་། །དེའི་དབང་གིས་བསགས་པའི་སྒྲིབ་པ་ཐམས་ཅད་དག མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་ཡོན་ཏན་གྱི་དངོས་གྲུབ་ཐོབ་པར་བསམ། ལྷོ་ཡི་ཕྱོགས་ནས་བཀྲ་ཤིསྎ རིན་ཆེན་འབྱུང་ལྡན་བཀྲ་ཤིསྎ རིན་ཆེན་འབྱུང་ལྡན་བཀྲ་ཤིས་གངྎ བཀྲ་ཤིས་དེས་ཀྱང་དེང་འདིརྎ ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྲིན་ལས་ཚེ་དཔག་མེད་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ། ཆིལ་གྱི་ལུད་པས། སློབ་མའི་གསང་བར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་གསང་བའི་ཨ་ཡིག་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་བབ་བཞིན་པ། སློབ་མའི་གསང་བར་ཐིམ་པར་མོས། ཚེ་བུམ་གསང་བར་བཞག སངས་རྒྱས་ཀུན་གྱི་ཕྲིན་ལས་མཆོག །ཕྲིན་ལས་ཚེ་དཔག་མེད་པ་ཡིས། །ཕྲིན་ལས་གནས་སུ་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག །ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཨ། ཞེས་གསང་བར་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། གསང་བ་བདེ་སྐྱོང་གི་འཁོར་ལོ་གང་། ཉོན་མོངས་པ་ཕྲག་དོགས་དང་། དེའི་དབང་གི་བསགས་པའི་སྒྲིབ་པ་ཐམས་ཅད་དག བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ། བྱང་གི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོད་གྲུབ་པ་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ལྟར་འཆི་བ་མེད་པའི་ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང་། ཕུང་སོགས་ཀྱི་དྲི་མ་ཐམས་ཅད་སྦྱངས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་བུམ་དབང་ངོ་། །གཉིས་པ་ནི། བླ་མ་བཅོམ་ལྡན་འདས་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་གསང་བའི་དབང་བསྐུར་ཡང་། །དེ་རིང་བདག་ལ་སྩལ་དུ་གསོལ།། ལན་གསུམ། ཀ་པཱ་ལའི་བདུད་རྩི་སློབ་མའི་སྤྱི་བོར་བཞག་སྟེ། ཨོཾ་ཨ་མཱ་ར་ཎི་ཛི་བནྟི་ཡེ་ཨཱ་ཡུ་དེ་ཝ་རེ་ཀ་ས་ར་ཤ་ནི་ཧཱུྃ་ཕཊ྄་སྭཱ་ཧཱ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ། མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་སྤྱི་སྔགས་བརྗོད་ཅིང་། ཀ་པཱ་ལའི་ལྷ་ཚོགས་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་དཀར་དམར་གྱི་རྣམ་པར་ཞུ་བ་སྤྱི་བོ་ནས་རྡོ་རྗེ་ནོར་བུའི་སྣ་རྩེའི་བར་དུ་བབས་པས་ཉི་ཟླའི་རྒྱུ་བ་འགགས། དབུ་མའི་སྟོབས་རྒྱས་པས་སླར་གྱེན་དུ་གཤེགས་ཏེ། རྩ་འཁོར་ལོ་ལྔ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་བརྟན་པར་གང་། འཁོར་ལོ་སོ་སོའི་ལྟེ་བར་རིགས་ལྔའི་ས་བོན་གྱི་ཡི་གེ་རྣམས་སུ་གྱུར་པ། དུས་མ་ཡིན་པར་འཆི་བ་ལ་སོགས་པའི་རྐྱེན་ངན་དང་བར་ཆད་གང་གིས་ཀྱང་མི་ཤིགས་པའི་སྲོག་གི་གཟུངས་སུ་བརྟན་པར་གནས་པར་བསམ། སློབ་དཔོན་གྱིས། ཨོཾ་ཨཱཿཧཱུྃ་ཏྲཱྃ་ཨ། ཞེས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པས་རེག་སྟེ། སྤྱི་མགྲིན་སྙིང་ཁ་ལྟེ་གསང་སྟེ་གནས་སོ་སོར་བདུད་རྩི་དྲིའི་ཐིག་ལེ་བྱ་ཞིང་ཁར་བླུད། དེས་ལུས་ཐམས་ཅད་འཆི་མེད་བདུད་རྩིས་གང་། ལས་རླུང་གིས་རྒྱུ་བ་སྦྱངས། གསང་བའི་དབང་ཐོབ། རྩ་རླུང་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་ངོ་། །གསུམ་པ་ནི། བླ་མ་དང་བཅོམ་ལྡན་འདས་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་ཤེས་རབ་ཡེ་ཤེས་དབང་། །དེ་རིང་བདག་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་འོད་ཀྱིས་ལྷ་མོ་བཞི་བསྐུལ་བས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འཆི་བ་མེད་པ་ཚེའི་གཟུངས་སུ་གནས་པ་ཐམས་ཅད། ལྷ་ལྔའི་ཚེ།ཐུགས་ཀ་ནས་ལྷ་མོ་བཞི་སྤྲོས་པས་སངས་རྒྱས་ཀྱི་ཞིང་སོགས་བསྒྱུར། ལྷ་མོ་ལྕགས་ཀྱུ་མས་སློབ་མའི་ལུས་ངག་ཡིད་གསུམ་ལ་བཀུག ཞགས་པ་མས་ལྷན་ཅིག་ཏུ་བཅིངས། ལྕགས་སྒྲོག་མས་གཉིས་སུ་མེད་པར་བསྡམས། དྲིལ་བུ་མས་རོ་མཉམ་པའི་ཚུལ་གྱིས་དབང་དུ་བྱས་པར་དམིགས་ཏེ། རོལ་མོའི་སྒྲ་དྲག་པོ་དང་བཅས། རྡོ་རྗེ་དང་བཅས་པའི་ལྕགས་ཀྱུའི་ཕྱག་རྒྱ་གཡབ་ཅིང་། ཨོཾ་ཨཾ་ཀུ་ཤ་ས་མ་ཡ་ཛཿ ཨཱ་ཡུརྫྙཱ་ན་སྲཱིཿབྷྲཱུྃ། དེ་བཞིན་ཏུ། ཨོཾ་པཱ་ཤ་ས་མ་ཡ་ཧཱུྃ། ཨོཾ་ཀྵྨྱོ་ཊ་ས་མ་ཡ་བཾ། ཨོཾ་ཨ་ཝེ་ཤ་ཡ་ས་མ་ཡ་ཧོཿ སོ་སོའི་མཐར་ཨཱ་ཡུརྫྙཱ་ན་སྲཱིཿབྷྲཱུྃ་བཏགས་པ་དྲག་ཏུ་བརྗོད། ཞགས་པ་ལ་སོགས་པའི་ཕྱག་རྒྱ་ལྷག་མ་རྣམས་ཀྱིས་མནན། འདིར་གཞུང་ལས་དངོས་སུ་མ་བཤད་ཀྱང་། སྤྲོ་ན་མདའ་དར་གཡབ་ཅིང་ཚེ་ཆོག་སོགས་ལས་འབྱུང་བ་ལྟ་བུའི་ཚེ་འགུགས་སྤྱི་ལྟར་བགྱིས་ཀྱང་ལེགས་ལ་མི་འགལ་བར་སེམས། གང་ལྟར་ཡང་། དེས་ལུས་འཆི་བ་མེད་པ་སྐུ་རྡོ་རྗེ། ངག་འཆི་བ་མེད་པ་གསུང་རྡོ་རྗེ། ཡིད་འཆི་བ་མེད་པ་ཐུགས་རྡོ་རྗེ་གྱུར་པ་ཡིན་ནོ།། ཞེས་བརྗོད་དེ་རྡོ་རྗེ་དང་བཅས་པའི་ལག་པ་སློབ་མའི་སྤྱི་བོར་བཞག་ལ། ཏིཥྛ་བཛྭ། ཞེས་བརྗོད་པས་བསྐལ་པའི་བར་དུ་མི་འགྱུར་བར་བརྟན་པར་བྱས་པར་མོས་ལ། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གིྎ མཐའ་བྲལ་འཁྲུལ་མེད་ཐུགསྎ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག། ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། ཨོཾ་སུ་པྲ་ཏིཥྛ་བཛྭེ་སྭཱ་ཧཱ། ཞེས་པས་རབ་ཏུ་གནས་པར་བྱའོ།། དེ་ནས། སློབ་དཔོན་ཚེ་དཔག་མེད་ཏུ་གསལ་བའི་ཐུགས་ཀར་སྲཱིཿདམར་པོའི་མཐར་སྔགས་ཕྲེང་གི་བསྐོར་བ་ལས་སྔགས་ཀྱི་ཕྲེང་བ་གཉིས་པ་འཕྲོས་ཞལ་ནས་ཐོན་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས་ཐུགས་སྲོག་སྲཱིའི་མཐའ་མར་འཁོད་པའི་མོས་པ་མཛོད། སློབ་དཔོན་གྱིས་གོང་གི་སྤྱི་སྔགས་གཉིས་པོ་ལན་བདུན་བརྗོད་པའི་མཐར་སློབ་མ་རྗེས་ཟློས་ཁྱེད་དུ་བཅུག་སྟེ། མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རིག་སྔགས་འདིའི་མཐུ་ནུས་བྱིན་རླབས་མྱུར་དུ་འཇུག་པར་གྱུར་ཅིག ཅེས་དང་། དུས་འདི་ནས་བཟུང་འཆི་བ་མེད་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཡི་དམ་གྱི་ལྷར་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ཞེས་བཟླས་ལུང་ཡང་སྦྱིན་ནོ།། དེས་ཐིག་ལེའི་འཛག་པའི་དྲི་མ་སྦྱངས། ཤེེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་གསུམ་པའོ། །བཞི་པ་ནི། བླ་མ་དང་བཅོམ་ལྡན་འདས་ལ་མོས་གུས་དྲག་པོས་གསོལ་བ་འདེབས་བ་འདིའི་རྗེས་ཟློས་མཛོད། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་བཞི་པའི་དབང་བསྐུར་ཡང་། །དེ་རིང་བདག་ལ་སྩལ་དུ་གསོལ།། ལན་གསུམ། ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་སྤྱི་བོར་བྱོན་ཁྱེད་རང་རྣམས་ཀྱི་གནས་ལྔ་དང་། ལུས་ལ་ཐིམ་པས། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་དུ་དབུགས་དབྱུང་ཞིང་། ཡེ་ཤེས་ལྔའི་རང་བཞིན་དུ་རྒྱས་བཏབ་པས། །འཇིག་རྟེན་གསུམ་གྱིས་རྒྱལ་བར་མ་ནུས་པའི་འཆི་བདག་ལ་སོགས་པའི་བདུད་བཞིའི་དགྲ་ལས་རྒྱལ་བའི་ཚེའི་རིག་འཛིན་ཐོབ་པར་བསམ། ཞེས་མཎྜྻལ་དུ་བཀོད་པའི་ལྷ་མཚན་སྤྱི་བོར་བཀོད་ཅིང་། སྤྱི་སྔགས་གཉིས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་ཏྲཱྃ། ཀརྨ་སིདྡྷི་ཨ། ཞེས་བརྗོད། དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པའོ། །སླར་ཡང་ནམ་མཁའ་གང་བའི་ལྷ་ཚོགས་རྒྱ་མཚོ་རྣམས་ཀྱིས་བདེན་ཚིག་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཏེ། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་ཤིས་བརྗོད་རྒྱས་པར་སྤེལ་ཞིང་མེ་ཏོག་འཐོར་རོ།། དེ་དག་གིས། མ་གཅིག་གྲུབ་པའི་རྒྱལ་མོའི་ཐུགས་བཅུད། རྗེ་བཙུན་འཇའ་ཚོན་སྐུ་ཅན་རས་ཆུང་རྡོ་རྗེ་གྲགས་པ་ནས་བརྒྱུད་པའི་ཚེ་དཔག་མེད་གོང་ཁུག་ལྷ་དགུའམ། ལྷ་ལྔའི། གང་བབ་བསྒྱུར། བྱིན་རླབས་ཚེའི་དབང་བཞིའི་རིམ་པ་ཐུན་མོང་མ་ཡིན་པ་བླ་མའི་ཕྱག་བཞེས་བཞིན་ལེགས་པར་བསྐུར་གྲུབ་པ་ཡིན་པས། སྤྱི་དང་ཁྱད་པར་གྱི་བསྡུས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་མི་ཉམས་པར་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། །གཙོ་བོའི་ཇི་ལྟར་བཀའ་སྩལ་པ།། སོགས་ལན་གསུམ། དབང་བསྐུར་ལེགས་པར་ཐོབ་པའི་གཏང་རག་ཏུ་མཎྜྻལ་ཕུལ། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་ལྷ་དང་བླ་མ་ལ་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་བདག་བྲན་དུ།། སོགས་དང་། དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བའང་མཁའ་ཁྱབ་སེམས་ཅན་གྱི་དོན་དུ་འཁོར་གསུམ་ཡང་དག་གི་བསྔོ་བས་རྒྱས་འདེབས་པ་དང་། འདིའི་སྒོ་ནས་ཀྱང་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ། གོང་བཞིན་མཆོད་བསྟོད་བྱ། མ་འབྱོར་པ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཞིང་ཡིག་བརྒྱ་བརྗོད། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་སྤྱི་ལྟར་བྱ། །དམ་ཚིག་པ་རང་ལ་ཐིམ། རང་ཉིད་ཚེ་དཔག་མེད་པར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པས་བར་ཆད་ལས་བསྲུང་བར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་སོགས་དགེ་བསྔོ་དང་། བཀྲ་ཤིས་བརྗོད་པས་དགེ་ལེགས་སུ་བྱའོ། །འཆི་མེད་ཡེ་ཤེས་རྡོ་རྗེ་བདུད་རྩིའི་ཆུས། །བདག་གཞན་རྟག་པ་དམ་པའི་སྲོག་རྩ་འགྲུབ། ཚེ་མཆོག་དཔག་མེད་གྲུབ་པ་ལྷག་པའི་ལྷའི། །གོ་འཕང་བླ་ན་མེད་པ་མྱུར་འགྲུབ་ཤོག །ཅེས་པའང་། སྐུ་ཞབས་ཚེས་བཅུ་རིན་པོ་ཆེ་དང་། བླ་མ་ཕྲིན་ལས་ལྷན་རྒྱས་མཆོག་ནས་འདི་ལྟར་སྦྱོར་བར་འོས་པར་རྗེས་སུ་བསྐུལ་བ་དང་། ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ། ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་སྒྲུབ་དཀྱིལ་ལས་དབང་གི་ཆོ་ག་ཁོལ་ཕྱུང་བཀླག་པས་གྲུབ་པར་བསྡེབས་པ་འདི་ནི། འབྲུག་བཙུན་རྨོངས་པ་ཀུན་ཏུ་རྒྱུ་ངག་དབང་བློ་གྲོས་ཀྱིས། འཆི་མེད་པདྨ་ཚེའི་གནས་མཆོག་མཱ་ར་ཏི་ཀར། རབ་རྒྱལ་དཔལ་གདོང་ཆུ་བྱ་མགོ་ཟླའི་ཚེས་ ༡༠ ལ་གྲུབ་པར་བགྱིས་པ་ཨ་ཡུཛྙྱཱ་ན་པུཥྚིཾ་ཀུརྦནྟུ།།
བདེ་བ་ཅན་ལས་འོངས་པའི་བདུད་རྩིའི་ཉིང་ཁུའི་སྒྲུབ་ཐབས།
བདེ་བ་ཅན་ལས་འོངས་པའི་བདུད་རྩིའི་ཉིང་ཁུའི་སྒྲུབ་ཐབས་བཞུགས་སོ། །བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཚེ་དཔག་མེད་པའི་གསུང་གི་ཉི་མའི་འོད། །གྲུབ་པའི་རྒྱལ་མོའི་ཁར་ཆགས་སྐྱ་རེངས་ཅན། །རས་ཆུང་ཤར་རིའི་ཕྲག་པར་བབས་གྱུར་པའི། །སྣང་བ་ཆེན་པོ་འབྲུག་པའི་ཉིན་མོས་བཟུང་། །འཆི་མེད་ལམ་གྱི་ས་མཁན་མཆོག་དེ་དག །སྤྱི་བོར་མཆོད་པ་གཞར་ཡང་མི་གཏོང་ཞིང་། །ཟུང་འཇུག་ལམ་གྱི་བདུད་རྩིས་འཚོ་བ་འདིའི། །བཀའ་དྲིན་སྙིང་དང་བྲལ་བར་མ་གྱུར་ཅིག །རྗེ་བཙུན་བླ་མས་རྗེས་སུ་ཟིན་པའི་བུ། །གང་དེར་ཟོལ་མེད་དད་དང་ཆབས་གཅིག་པར། །རྡོ་རྗེ་གསུམ་གྱི་གསང་བའི་དེ་ཉིད་གཏམ། །སྤོབས་པར་བྱེད་པས་ནམ་ཡང་ངོམས་མ་གྱུར། །འདིར། བདེ་བ་ཅན་ལས་འོངས་པའི་བདུད་རྩིའི་ཉིང་ཁུ་འཆི་མེད་བསྒྲུབ་པའི་ལམ་གསང་རྡོ་རྗེ་གསུམ་གྱི་སྒྲུབ་པ་ཁྱད་པར་བ། གྲུབ་པའི་རྒྱལ་མོའི་དགོངས་པའི་བསྐྱལ་ས་རྗེ་བཙུན་རས་པ་གཉིས་ཀྱི་གོང་ཁུག་ཏུ་འཆད་པའི་ཁྲིད། དཔལ་ལྡན་འབྲུག་པའི་ཉམས་བཞེས་ཀྱི་བགོ་སྐལ་ཟབ་པ་ཐམས་ཅད་ཀྱི་སྙིང་། །རྒྱ་ཆེ་བ་ཐམས་ཅད་ཀྱི་ཐུགས། རྡོ་རྗེའི་ཚིག་ཐམས་ཅད་ཀྱི་ལྡེ་མིག དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ལ་བརྣགས་པའི་མན་ངག་འདི་བཤད་པ་ལ་བརྒྱུད་པ་དང་གདམས་པ་གཉིས་ལས། དང་པོ་ནི། འོག་མིན་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དེ་ཉིད་ཀྱིས་རྣལ་འབྱོར་མ་ཐམས་ཅད་ཀྱི་དབང་ཕྱུག་མ་གྲུབ་པའི་རྒྱལ་མོ་ལ་གདམས་ཤིང་། དེས། རྣལ་འབྱོར་པའི་དབང་ཕྱུག་རས་ཆུང་ཞབས་ཀྱི་ངེས་པའི་འཆི་ལྟས་དུས་ཐུང་ངུས་སློག་སྟེ་ཡུམ་སྲས་དེ་གཉིས་ལ་དཔལ་བཞད་པའི་རྡོ་རྗེས་ནོས་ཤིང་། དེས་མགོན་པོ་ཟླ་འོད་གཞོན་ནུ། དེས་དཔལ་ཕག་མོ་གྲུ་པ། དེས་གངས་ཅན་གྱི་རི་བོའི་ས་ར་ཧ་ཆེན་པོ། དེས་ཆོས་རྗེ་པ། དེ་ནས་སེང་གེའི་མཚན་བདུན་པའི་བར་བརྒྱུད་ནས། མཁན་པོ་རྡོ་རྗེ་རིན་ཆེན། སླད་ནས་སེང་གེའི་མཚན་གཉིས་དང་། རིགས་གསུམ་མགོན་པོའི་སྤྲུལ་པའི་སྐུ། །མཚུངས་མེད་རྒྱལ་བའི་དབང་པོ། རིགས་ཐམས་ཅད་ཀྱི་མངའ་བདག་ངག་གི་དབང་པོའི་ཞལ་སྔ་ནས་ཀྱི་བར་དུ་རྒྱུན་མ་ཆད་པར་འོངས་པ་རྗེ་བཙུན་མཆོག་དེས། བདག་གི་ཡང་སྤྱོད་ཡུལ་དུ་གྱུར་པ་མཛད་དོ། །གཉིས་པ་གདམས་པ་ལ། སྦྱང་བ་གཞིའི་རིམ་པ། སྦྱོང་བྱེད་ལམ་གྱི་རིམ་པ། སྦྱངས་པ་འབྲས་བུའི་རིམ་པ་གསུམ་ལས། དང་པོ་ནི། བུ་ཀྱེ་ཚེ་དཔག་མེད་པ་བསྒྲུབ་པའི་ལམ། །སྙིང་པོའི་སྙིང་དུ་གཏོགས་པ་འདི་ཡིན་ཏེ། །སྦྱང་གཞི་གདོས་བཅས་ལུས་དང་ལས་ཀྱི་རླུང་། །ཐིག་ལེ་འཛག་པ་ཡིན་པས་བསྣུན་པ་གསུམ། །ཞེས་པའི་དོན། ལུས་སྐུ་རྡོ་རྗེར་བསྒྲུབ་པའི་སྦྱང་གཞི་གདོས་བཅས་ཀྱི་ལུས་ཡིན་ལ། ལུས་ཀྱི་གནད་རྩ་ལ་ཡོད་ཅིང་། རྩའི་སྐྱོན་མ་དག་པ་ལས་ནི། དེ་དང་དེར་རླུང་ཚུལ་བཞིན་ཏུ་མི་རྒྱུ་བས་ནད་དང་རྒས་པ་དང་འཆི་བ་བསྐྱེད་ཅིང་། རྒྱུས་པ་ལས་ནི་ནད་མེད་པ་དང་། སྟོབས་རྒྱས་པས་རྒས་པར་མི་འགྱུར་བ་དང་། གནས་སྐབས་དང་མཐར་ཐུག་གི་འཆི་བ་མེད་པ་སྟེར་བར་བྱེད་དོ། །ངག་གསུང་རྡོ་རྗེར་བསྒྲུབ་པའི་སྦྱང་གཞི་ནི་ལས་ཀྱི་རླུང་ཡིན་ལ་ངག་གི་གནད་ཟླ་ཉིའི་ཆོས་ཅན་ལ་ཡོད་ཅིང་ཟླ་ཉི་རང་དབང་དུ་བགྲོད་པས་དབུ་མའི་ལོངས་སྤྱོད་རང་གི་ཆོས་ཅན་དུ་བྱས་པའི་དབང་ལས་ནད་ལ་སོགས་པ་སྔར་བཞིན་དུ་འགྱུར་ལ། བགྲོད་པ་གཉིས་པོ་དེ་དག་གི་ལོངས་སྤྱོད་མཐའ་དག་རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མའི་རང་ཉམས་སུ་བྱས་པས་ནད་མེད་པ་ལ་སོགས་པར་འགྱུར་རོ། །ཡིད་ཐུགས་རྡོ་རྗེ་བསྒྲུབ་པའི་སྦྱང་གཞི་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཡིན་ལ། ཡིད་ཀྱི་གནད་ཐིག་ལེ་ལ་ཡོད་ཅིང་། ཐིག་ལེ་དཀར་པོ་ཐུར་དང་དམར་པོ་གྱེན་དུ་ཟགས་པ་ལས་ནི་ནད་སོགས་དང་། མེ་ཆུའི་བྱ་བ་བཟློག་པར་དཀའ་བ་དག་བཙན་ཐབས་སུ་གོང་བུར་བྱ་བའི་སྦྱོར་བས་འཆིང་བ་དང་། གྲུབ་པའི་དངུལ་ཆུས་ལྕགས་འབིགས་པ་ལྟར་ལུས་ལ་ཁྱབ་པར་བྱེད་པས་ནད་མེད་པ་ལ་སོགས་པར་འགྱུར་རོ། །དེ་བས་འདིར་རྩ་རླུང་ཐིག་ལེ་གསུམ་དང་ལུས་ངག་ཡིད་གསུམ་ཞེས་པ་དོན་གཅིག་པས་དེ་གསུམ་འཆི་མེད་དུ་བསྒྲུབ་པའི་གཞིར་གཟུང་ནས། ལུས་འཆི་མེད་དུ་བསྣུན་པའི་ས་ནི་རྩའི་དྭངས་མ་དབུ་མ་དང་། ངག་འཆི་མེད་དུ་གནད་དུ་བསྣུན་པའི་ས་ནི་རླུང་མཉམ་རྒྱུ་དང་། ཡིད་འཆི་མེད་དུ་གནད་དུ་བསྣུན་པའི་ས་ནི་ཁམས་དཀར་དམར་འདུ་འཕྲོད་བྱས་པའི་དུས་སོ། །གཉིས་པ་སྦྱོང་བྱེད་ལམ་གྱི་རིམ་པ་ལ། ཚེ་དཔག་ཏུ་མེད་པར་སྨིན་པར་བྱེད་པ་དང་། རྗེས་སུ་དཔག་པས་ཚེ་དཔག་ཏུ་མེད་པར་བསྒྲུབ་པ་དང་། མངོན་སུམ་ཚད་མས་ཚེ་དཔག་ཏུ་མེད་པར་བསྒྲུབ་པ་གསུམ་ལས། དང་པོ་ནི། སྦྱོང་བྱེད་སྨིན་དང་ཞེས་པའི་དོན། ལྷ་མངས་སམ། ལྷ་དགུའི་ཆོ་གར་བཤད་པའི་དབང་གང་ཡང་རུང་བ་ནོད་པའོ། །གཉིས་པ་རྗེས་སུ་དཔག་པས་ཚེ་དཔག་ཏུ་མེད་པར་བསྒྲུབ་པ་ནི། རྗེས་དཔག་ཅེས་པའི་དོན་ཏེ། ཐོག་མ་མེད་པ་ནས་མ་རིག་པའི་མུན་པར་སོང་བའི་སེམས་ཅན་གྱི་ཁམས་རིས་མེད་པ་དྲུངས་ཕྱུང་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བ་ཡང་དག་པར་སད་པར་བྱ་བའི་ཕྱིར་གནས་སྐབས་དང་མཐར་ཐུག་གི་འཆི་བ་མེད་པའི་གོ་འཕང་བསྒྲུབ་པར་བྱའོ་སྙམ་དུ་ཡིད་བརྣགས་པ་དག་གིས། གང་དུ་དགའ་བའི་གནས་སུ། བྱ་རོག་གི་སྐད་མི་སྒྲག་པའམ། སྐྱ་རེངས་མ་ཤར་གོང་ཙམ་དུ་འཇམ་པོའི་སྟན་ལ་བདེ་བའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས། ཚད་མེད་པ་བཞི་བསྒོམས་ཏེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུད་དྷཱོཧཾ། ཞེས་བརྗོད་པས་ཆོས་ཉིད་དེ་བཞིན་ཉིད་གསལ་བཏབ་པའི་གསལ་སྣང་ཕྱིར་ཆད་པ་ལྟ་བུ་མདུན་གྱི་ནམ་མཁར་སྲཱིཿཡིག་དམར་པོ་རྨ་བྱའི་ཁྲི་དང་པད་ཟླ་ལ་གནས་པ་དེའི་འོད་ཟེར་གྱིས་བདེ་བ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུང་ཐུགས་འོད་ཟེར་གྱི་རྣམ་པར་བསྡུས་པ། དེ་ཉིད་དང་དབྱེར་མི་ཕྱེད་པར་གྱུར་པ་དེ་ཡོངས་སུ་གྱུར་པ་ལས་བདེ་བ་ཅན་གྱི་སྟོན་པ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཉི་མའི་འོད་ཀྱིས་ལི་ཁྲི་རི་བོ་བཞུ་བའི་མདོག་ལྟར་དམར་སེར་ཞལ་གཅིག་ཤིན་ཏུ་ཞི་བའི་སྐུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་གང་ལ་རེག་པས་འཆི་བ་མེད་པའི་རིག་འཛིན་དུ་འགྱུར་བས་གསེར་འགྱུར་གྱི་རྩི་ལྟ་བུའི་བདུད་རྩི་སྦྲང་རྩིའི་ཉིང་ཁུ་འདྲ་བས་བཻཌཱུརྻ་མཐོན་མཐིང་གི་ལྷུང་བཟེད་བཀང་སྟེ་བསྣམ་པ། རལ་པའི་ཟུར་ཕུད་ཡིད་བཞིན་གྱི་ནོར་བུས་སྤྲས་ཤིང་ལྷ་རྫས་ཀྱིས་གཞལ་དུ་མེད་པའི་རིན་པོ་ཆེའི་ཅོད་པན། སྙན་ཆ། མགུལ་རྒྱན། དོ་ཤལ། སྐ་རགས། ཕྱག་ཞབས་ཀྱི་གདུ་བུ། པཉྩྨ་ལཱི་ཀའི་སྟོད་གཡོགས་དང་སྨད་གཡོགས་ཅན། མཚན་དང་དཔེ་བྱད་ཀྱིས་བལྟ་བའི་མིག་ངོམས་པ་མེད་པས་ཕྱིས་ཕྱིར་ཡང་བལྟ་བར་འདོད་པ། འོད་ཟེར་གྱི་དབུས་ན་ཁྲི་དང་པད་ཟླ་ལ་རབ་ཏུ་བཞུགས་པའི་ལྷའི་སྣང་བ་ཡུན་རིང་དུ་བསྒོམ་མོ། །དེ་ནས། རང་གི་ལུས་ཞིང་གི་རྡུལ་ཇི་སྙེད་པ་དེ་སྙེད་པ་རེ་རེ་ལའང་རྒྱ་མཚོའི་ལྕེ་དང་ལྡན་པར་མོས་ཏེ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་ཡན་ལག་བདུན་པས་བྱང་ཆུབ་སེམས་དཔའ་དེའི་རྣམ་པར་ཐར་པ་ལྟར་དུ་མཆོད་ནས། ཨོཾ་བཛྭ་ཨཱ་ཡུ་ཥེ། ས་ར་ཧ། ཀ་ར་ཎེ། ཤྭ་ར་རེ་ཧཱུྃ་ཕཊ྄། ཅེས་ལན་བདུན་གྱི་བར་གསོལ་བ་གདབ། དེ་ནས། རང་གི་སྣ་ནས་རླུང་རོ་ལན་གསུམ་བསལ་བས་སྟོང་སང་གིས་སོང་བར་བསམས་རླུང་ཕྱིར་འབུད་པ་དང་བསྟུན། སྣ་གཡས་ནས་རླུང་བུད་པའི་མཆུ་དང་འདྲ་བ་བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་ཀྱི་ནང་དུ་སོང་། བདུད་རྩི་མེ་ཏོག་གི་རྩི་ལྟ་བུ་གཞིབས། ནང་དུ་བརྔུབས་པ་དང་བསྟུན་ཚུར་ལོག་སྣ་གཡོན་ནས་ཞུགས། སྤྱི་བོ་ནས་རིམ་པ་བཞིན་ལུས་ཐམས་ཅད་ལ་ཁྱབ་པར་མོས་པས་ནང་དུ་འཛིན། ཚུལ་དེ་ལྟ་བུས་བུམ་པ་ཅན་ཉི་ཤུ་རྩ་གཅིག་གི་བར་དུ་བསྒོམས་པས་ལུས་ཀྱི་སོར་མོ་བ་སྤུའི་རྩེའི་བར་ཐམས་ཅད་འཆི་བ་མེད་པའི་བདུད་རྩིས་གང་བར་བསམས་ནས། མདུན་གྱི་བཅོམ་ལྡན་འདས་རང་ཉིད་ལ་ཐིམ་པས་ཇི་ལྟར་བཤད་པའི་བཅོམ་ལྡན་འདས་དེ་ལྟ་བུར་རང་ཉིད་གྱུར་པའི་གཉིས་སུ་མི་ཕྱེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངང་ལ་ཇི་ཙམ་གནས་ཀྱི་བར་ལ་མཉམ་པར་བཞག དེ་ལས་ལངས་བའི་རྗེས་ཐོབ་ཏུ་རང་ཉིད་ལྷར་གསལ་བའི་སྙིང་གར་བྱི་རུའི་མདོག་ལྟ་བུར་དམར་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བ་ལ་སྲཱིཿཡིག་མདུན་ནས་གཡས་བསྐོར་གྱིས་ཨོཾ་ཨ་མཱ་ར་ཎི་ཛཱི་ཝཱནྟི་ཡེ་སྭཱ་ཧཱ། མུ་ཁྱུད་ཀྱི་ནང་དུ་མཚན་བརྒྱ་རྩ་བརྒྱད་པས་བསྐོར་བའི། འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བའི་འོད་ཟེར་གྱི་ལྕགས་ཀྱུས། ཚེ། དཔལ། ཤེས་རབ། ནོར། བསོད་ནམས་ལ་སོགས་པའི་སྣང་བ་དང་མི་སྣང་བའི་ཡོན་ཏན་གྱི་མཐུ་ཐམས་ཅད་རྡོ་ཁབ་ལེན་ལ་རེག་པའི་ལྕགས་བཞིན་དུ་བསྡུས་པས། ལྟེ་བའི་རང་གི་སེམས་ཀྱི་ངོ་བོ་སྲཱིཿཡིག་ལ་ཐིམ་པར་བསམས་ལ་དབང་དུ་བྱ་བར་མོས་པས་ཅི་རིགས་པར་བཟླས། དེ་ནས་དགེ་བའི་རྩ་བ་གནས་སྐབས་དང་མཐར་ཐུག་གི་ཚེ་དཔག་ཏུ་མེད་པ་འགྲུབ་པའི་ཕྱིར་བསྔོ་བར་བྱའོ། །གསུམ་པ་མངོན་སུམ་གྱི་ཚད་མས་ཚེ་དཔག་ཏུ་མེད་པར་བསྒྲུབ་པ་ལ། ལུས་འཆི་བ་མེད་པ་སྐུ་རྡོ་རྗེར་བསྒྲུབ་པ། ངག་འཆི་བ་མེད་པ་གསུང་རྡོ་རྗེར་བསྒྲུབ་པ། ཡིད་འཆི་བ་མེད་པ་ཐུགས་རྡོ་རྗེར་བསྒྲུབ་པ་གསུམ་ལས། དང་པོ་ལ། མཉམ་བཞག་དང་། གེགས་སེལ་གཉིས་ཀྱི་དང་པོ་ནི། མངོན་སུམ་མམ། སྐྱིལ་ཀྲུང་ཚངས་དབྱུག་རེངས་བྱས་ཞེས་པ། སྟན་སྲབ་འཐུག་རན་པའི་ཁར་འཕང་ལོ་དང་ཚད་དབྱིབས་མཚུངས་པ་ཅུང་ཟད་རྔམས་འཐུག་པ་དར་གྱིས་གྲིལ་བ་བཤང་བའི་ཐད་དྲང་པོར་བཞག དེའི་སྟེང་དུ་བཤང་བ་འོང་བར་བྱས་པའི་རྡོར་སྐྱིལ་ལག་པ་མཉམ་བཞག་ལྟེ་འོག་ཏུ་གཅེར་བའི་གྲུ་མོ་བསྲངས་པས་ཚངས་པའི་དབྱུག་པ་རེངས་སུ་གཞུག་ཐལ་གོང་དགྱེད། ཨོལ་ཀོས་མདུད་མནན། ལྕེ་བཀུག་པའི་རྩེ་ལྕེའུ་ཆུང་ལ་སྦྱར། མིག་ཐད་ཀའི་བར་སྣང་ལ་མི་གཡོ་བར་བཅིང་བ་ནི་ལུས་གཡོ་མེད་དུ་བཞག་པའི་ལུས་ཐམས་ཅད་ཀྱི་མཉམ་བཞག་གོ །བཤང་བའི་སྲོག མེ་འདྲ་སྟེར་བཀུག་ཅེས་པ། དེ་ནས་རྒྱུ་ཞབས་ཡིད་ཙམ་བསྐུམ་ནས་བཤང་བའི་གནས་དྲག་པོར་བཙུམ་པས། འོག་རླུང་ལྟེ་བའི་ཨ་ཤད་ཀྱི་མེའི་རང་བཞིན་དུ་བྱིན་གྱིས་བརླབས་པ་གྱེན་དུ་དྲག་པོར་འཐེན་པས་སྤྱི་བོའི་ཧཾ་ཡིག་ལ་རེག དེའི་འོད་ཀྱིས་སངས་རྒྱས་ཐམས་ཅད་འོད་དུ་ཞུ་བའི་འོད་ཟེར་བདུད་རྩིའི་བྱེད་ལས་ཅན་སྣའི་སྒོ་གཉིས་ནས་ཞུགས་ཏེ། མཛོད་སྤུའི་ནང་བརྒྱུད་སྤྱི་བོར་སླེབ་པར་མོས་ཏེ་སྟེང་རླུང་སྣ་ནས་ཅུང་ཟད་བཀུག སྤྱི་བོར་འདྲེས་པ་ཧཾ་ཡིག་དང་འབྲེལ་བའི་རྩའི་ལམ་ནས་ལྕེའུ་ཆུང་གི་བར་དུ་ཇི་སྲིད་ཐུབ་ཚད་དུ་བསྡམ་པ་ངག་གཡོ་མེད་དུ་བཞག་པའི་ངག་གི་མཉམ་བཞག་གོ །མགྲིན་པའི་དྲིལ་ཆུང་གི་བདེ་བའི་རྒྱུན་བཞུ་བ་སྐམས་པའི་རྩ་སོས་པའི། བདུད་རྩི་ལྔ་ཟ་ཞེས་པ་ལོངས་སྐུའི་ཐིག་ལེ་ཧཾ་ཡིག་ཞུ་བའི་རྒྱུན་འོངས་པ་ལྕེའུ་ཆུང་ནང་གི་སུཾ་ཡིག་གི་བདུད་རྩི་འཕེལ་བ་ལུས་ཀྱི་གནས་ཐམས་ཅད་དུ་བབས་པས། ལུས་ཀྱི་རྩ་བསྐམས་ཞར་བ་ཐམས་ཅད་སོས་པར་བསམ་ཞིང་ལྕེ་རྩེ་བསྐྱོད་པས་དང་པོར་མངར་བ། དེ་ནས་འབོལ་བ། དེ་ནས་འོ་མ་ལྟ་བུ་འཛག་པ་འབྱུང་བ་དེ་ཡང་དང་ཡང་དུ་བརྔུབས་པ་ལས་ནི་སྐྲ་དཀར་དང་གཉེར་མ་མི་འབྱུང་ཞིང་། ཡོད་པ་སེལ་བ་དང་། མདངས་པདྨ། བཀྲག་ཉི་ཟླ། སྟོབས་གླང་པོ་ཆེ། རྩལ་སེང་གེ ཡང་རྩལ་ཁྱུང་དང་འདྲ་བ་བརྒྱད་གཉིས་ཀྱི་ལང་ཚོ་ལ་གནས་པར་འགྱུར་རོ། །དེ་ལྟར་བསྒོམས་པས་རྩ་སོས་ཤིང་རླུང་རང་མལ་དུ་རེངས་པའི་སྟོང་གཟུགས་དང་ལྷའི་མིག་ལ་སོགས་པའི་མངོན་པར་ཤེས་པ་ནི་བདུད་རྩི་ལྔའི་མིང་གིས་བསྟན་པ་དེ་དག་བྱུང་རྒྱལ་དུ་བསྐྱང་བས་ཟ་བར་བྱའོ། །འདིས་ནི་བདུད་རྩི་ལྔའི་བཅུད་ལེན་ཡང་བསྟན་ཏེ། དེའི་རྣམ་པར་གཞག་པ་ནི་གཞན་དུ་ཤེས་སོ། །དེ་ནི་སེམས་གཡོ་མེད་དུ་བཞག་པའི་སེམས་ཀྱི་མཉམ་བཞག་གོ །གཉིས་པ་གེགས་ནི། གེགས་སེལ་གནང་དང་སྦྱར་ཞེས་པ། དང་པོ་བཟློག་པའི་འཁྲུལ་འཁོར་ལ། རྐང་པ་སྐྱིལ་ཀྲུང་ལག་པ་ཁུ་ཚུར་སྙིང་གར་བསྣོལ། ལུས་བྱིན་བསྲངས། ཅུང་ཟད་མདུན་དུ་སྒུར་བས་རླུང་ཕྱིར་འབུད་དྲག་པོ་བྱ། ཕྱིར་འཛིན་པའི་ཚེ་འོག་རླུང་དཔྱི་མིག་བསྒུལ་བས་གྱེན་དུ་དྲག་པོར་འཐེན། ཕྱིར་འབུད་གསུམ་སོང་བའི་རྗེས་སོ། །མགོ་བོ་གདན་ལ་རེག་ལ་ཁད་ཙམ་ནས་གྱེན་ལ་འདེགས་པ་དང་བསྟུན། རླུང་ཤུགས་རྫོགས་པར་བརྔུབས་ཏེ་འོག་རླུང་དང་བསྲེ། ཙམ་ཐུབ་འཛིན། མི་ཐུབ་ལ་ཁད་པ་དང་བརྔུབ་ཆུང་གཅིག་བརྩེག ཡང་བརྩེག དེ་གཉིས་དང་བསྟུན། འོག་རླུང་སྔར་བཞིན་འཐེན། མཐར་གཉིས་སྤྲུགས་བྱས་ཏེ་ལྷག་མ་མ་ལུས་པར་བཏང་། དགྲམ་པ་ནི། ལུས་གནད་དེ་གཉིས་ལས། ལྷུ་གཟུགས་སྲིམ་གྱིས་བསྒྲིམས། རླུང་ཁ་སྦྱར་ལུས་མ་འདར་གྱི་རིང་བཀག མཐར་སྤྲུག་པ་དང་གཏོང་བ་སྔ་མ་བཞིན། དེ་ནས་འབེབས་པ། རླུང་ཐུར་དུ་ཕུལ། ལག་པ་གཉིས་ཀྱི་ཁུ་ཚུར་སར་བཙུགས་ནས་སྐྱིལ་ཀྲུང་བརྡེབ་པའོ། །དེ་ནི། ཀརྨ་མུ་དྲ་རྣམ་པ་གསུམ་ཞེས་བྱའོ། །དེ་ནས། རླུང་སྦྱོར་དང་གཞན་ཁྱད་པར་མེད་པའོ། །ལག་པ་པུས་བཀབ་ཀྱིས་བཟློག་པ། རྐེད་མགྲིན་གཏུན་ཤིང་གི་འཁོར་ལོ་ལྟར་བསྐོར་བས་དགྲམ། འདུག་སྟངས་དེ་ཉིད་ཀྱི་སྟེང་ནས་འཕོངས་བརྡེབ་པས་འབེབས་པ་སྟེ། ཛྙྱཱ་ན་མུ་དྲ་གསུམ་མོ། །དེ་ནས་ལག་བཅག་སར་བཙུགས་ནས་བཟློག སེང་གེ་རྣམ་གྲོལ་གྱི་རྒྱ་དགྲམ། ལུས་ཙོག་པུ་ལག་པ་སྟེང་དུ་བརྐྱང་བ་དང་བསྟུན་འཕར་ཙམ་ཐུབ་ཀྱིས་བརྡེབ་པ། མ་ཧཱ་མུ་དྲ་གསུམ་མོ། །དམིགས་པ་བཟློག་པ་ལ་སྤྱི་བོའི་ཧཾ་ནས་རྡོ་རྗེའི་རྩ་བྷན་དྷུ་ཀའི་བར་དབུ་མ་སོག་སྦུགས་ལྟ་བུའི་འོད་ཟེར་གྱི་སྦུབས་ཅན་གྱི་སྦུབས་ཀྱིས་ཆུ་དྲངས་པ་བཞིན་བྱང་སེམས་དཀར་དམར་གྱེན་དུ་དྲངས་པར་མོས། དགྲམ་པའི་ཚེ་དབུ་མ་བྱང་སེམས་དང་བཅས་པ་ཇེ་ཆེར་སོང་བས་ལུས་ཐམས་ཅད་ཁྱབ་པར་བསམ། འབེབས་པའི་ཚེ་སྙིགས་མ་འོག་གི་སྒོ་རྣམས་ནས་འཛག་པར་མོས། དེ་ཐམས་ཅད་ཀྱི་སྔོན་དུ་ཡན་ལག་ལྔའི་སྦྱང་བ་དང་། སུམ་ཚན་རེའི་མཐར་རླུང་མ་གཟུང་བར་ལུས་ཁོལ་བུར་མ་ལུས་པའི་ཕུར་སུབ་དྲག་ཏུ་བྱའོ། །དེས་ལུས་འཁྲུལ་འཁོར་གྱི་གེགས་སེལ། ངག་རླུང་སྦྱོར་གྱི་གེགས་སེལ། སེམས་དམིགས་རིམ་གྱི་གེགས་སེལ་བ་འཇུག་པ་གཅིག་པའི་ལམ་སྟེ། ཚུལ་དེ་རྣམས་ཀྱིས་མ་དག་པའི་རྩ་དབུ་མར་འབྱོངས་ནས་ལུས་འཆི་བ་མེད་པར་འགྱུར་རོ། །ངག་འཆི་བ་མེད་པ་གསུང་རྡོ་རྗེར་བསྒྲུབ་པ་ནི། པདྨའི་གདན་བཅིངས་སྣ་མཆུ་ནུ་མ་ཟུང་། །ལྟེམས་ནས་ཞེས་པ། པདྨའི་གདན། འོག་གི་སྐྱིལ་ཀྲུང་འཆུན་དང་ལྡན་པར་བཅིངས། ལག་པ་རང་རང་གི་ཐལ་མོས་སྣ་དང་མཆུ། གྲུ་མོ་གཉིས་དཔུང་མགོ་གྱེན་དུ་བཏེག་པའི་འཆུན་དང་ལྡན་པས་ནུ་མ་ཟུང་ཐེམས་པར་བལྟེམ་པ་ལུས་ཀྱི་གནད་མི་འཆུག་པའི་གཟེར་རོ། །དབུས་མ་སྟེང་དུ་དྲག་པོར་གཅུད། ཅེས་པ་འོག་གི་རླུང་དབུས་ཀྱི་ཆུ་འབའ་ཞིག་ནས་དྲག་པོར་འཐེན་ཏེ། སྤྱི་བོའི་ཐད་དུ་དྲག་པོར་གཅུད་པས་ལུས་འདར་བའམ། བརྒྱལ་བར་འགྱུར་ལ་ཁད་ཐུག་བཀག་པས་གཡོན་ཅན་རྒྱུ་བ་ཟློག་སྟེ་མཉམ་རྒྱུར་འགྱུར་བ་ནི་ངག་གི་གནད་མི་འཆུག་པའི་གཟེར་རོ། །འདར་འཕར་གཡོ་དང་ཞེས་པ། འདར་བ་ལྟེ་འོག་གི་ཨ་ཤད་དང་སྤྱི་བོའི་ཧཾ་ཡིག་ཅུང་ཟད་འགུལ་བས་བདེ་དྲོད་བཙན་ཐབས་སུ་སྐྱེ་བའི་སྐབས་སོ། །འཕར་བ་ནི། དེ་གཉིས་ལས་དཀར་དམར་གྱི་ཐིག་ལེ་མཆེད་པས་བདེ་དྲོད་རྣལ་དུ་ཚུད་པའི་སྐབས་སོ། །གཡོ་བ་ནི་ཐིག་ལེ་གཉིས་ཀྱི་དྭངས་མའི་སྟོབས་རྒྱས་པས་བ་སྤུའི་བུ་གའི་མཐར་ཐུག་པར་དཀར་དམར་འདུ་འཕྲོད་ཀྱི་བདེ་བས་གང་བའི་སྐབས་སོ། །དེ་ནི་ཡིད་མི་འཆུག་པའི་གཟེར་རོ། །ཉི་ཟླ་སྒྲ་གཅན་གྱི་ལྟོ་བར་རེངས་ཚེ་ཞེས་པ། ཟླ་ཉི་རང་ལམ་དུ་འཆིངས་པས་ནཱ་ད་སྒྲ་གཅན་གྱི་ལམ་དུ་བཞེངས་ནས་སྒྲ་གཅན་གྱི་ལྟོ་བར་བཙན་ཐབས་སུ་རེངས་པར་བྱེད་པ་སྔར་ལས་དབུས་ཀྱི་རྒྱུན་འོག་ཏུ་གསང་བའི་པདྨར་བཅིངས་པས་སྲོག་ཐུར་གོང་བུ་གཅིག་ཏུ་འགྱུར་ལ། དེའི་ཚེ་བོགས་འདོན་ཤེས་པར་བྱ་ཞེས་པ། ལུས་ཀྱི་བསྐྱོད་པ་ཐམས་ཅད་རྡོ་རྗེ་གར། ངག་གི་བརྗོད་པ་ཐམས་ཅད་རྡོ་རྗེ་གླུ། སེམས་ཀྱི་འཆར་སྒོ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་ཤེས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བར་བྱས་པས་ཟླ་ཉི་བགྲོད་པ་ཁམས་ནས་མཉམ་རྒྱུར་གྲུབ་སྟེ་འཆི་ལྟས་ཀྱི་འཇུག་པ་ཐམས་ཅད་བཟློག་སྟེ་ངག་འཆི་བ་མེད་པར་འགྱུར་རོ། །ཡིད་འཆི་བ་མེད་པ་ཐུགས་རྡོ་རྗེར་བསྒྲུབ་པ་ལ། རྡོ་རྗེ་ཟླ་བས་བྱིན་དབབ། རྡོ་རྗེ་ཉི་མས་ཉམས་སད། རྡོ་རྗེ་སྒྲ་གཅན་གྱིས་མཐོངས་བསལ་བ་གསུམ་ལས། དང་པོ་ནི། དེ་བཞིན་གཤེགས་པ་ཡིད་ནང་ཆུད་པ་ཡི། འཁོར་ལོའི་ཚོགས་དང་རོ་མཉམ་བྱིན་ཕབ་པ། ཞེས་པས་རང་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དང་། མུ་དྲ་པདྨ་ཅན་བཅུ་གཅིག་པའི་ལང་ཚོ་ལ་གནས་པ་གོས་དཀར་མོ་དམར་མོ་པདྨ་འཛིན་པ་དང་། སྲཱིཿདང་ཧཱུྃ་ཡིག་དག་ལས་སྐྱེས་པའི་པདྨ་དང་རྡོ་རྗེ། ཨ་དང་ཨོཾ་ཡིག་དག་གིས་བྱིན་གྱིས་བརླབས་པའི་ཟེའུ་འབྲུ་དང་ནོར་བུ་ལྡན་པར་བལྟས་ལ་ཡབ་ཡུམ་གཉིས་བལྟ་བ་ལ་སོགས་པའི་འདོད་པ་ལྔའི་བདེ་བས་རོལ་བཞིན་དུ་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ཞིང་བསྲུབ་པའི་སྦྱོར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཞལ་དུ་བཀུག དེའི་རིགས་ཀྱི་ངོ་བོ་སྔགས་ཀྱི་ཐིག་ལེའི་གཟུགས་ཀྱིས་ཞུ་བ་འཁོར་ལོ་བཞིར་སོན་པའི་རིམ་གྱིས་དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས། ནོར་བུའི་རྩེ་མོར་བརྟན་པའི་བདེ་བ་ཆེན་པོའི་ངོ་བོར་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རོ་གཅིག་ཏུ་གྱུར། གཉིས་པ་རྡོ་རྗེ་ཉི་མས་ཉམས་སད་པ་ནི། ཁ་སྦྱོར་དབུས་སད་ཅེས་པ། སླར་ཡང་ཧཱུྃ་གི་སྦྱོར་བས་ཡུམ་གྱི་དམར་ཆའི་དྭངས་མ་དང་ལྷན་ཅིག་དྲངས་ནོར་བུའི་དབུས་སུ་ཐིག་ལེ་གཉིས་ཀྱི་བདག་ཉིད་ཅན་ཚེ་དཔག་ཏུ་མེད་པའི་རང་བཞིན་དུ་རྣམ་པར་གནས་པར་བལྟས་ལ། དེ་ལས་ཡི་གེ་གསུམ་གྱི་རིམ་པས་ཕྱག་རྒྱ་ཆེན་པོའི་དོན་མངོན་སུམ་དུ་བྱའོ།། །། གསུམ་པ་རྡོ་རྗེ་སྒྲ་གཅན་གྱི་མཐོངས་བསལ་བ་ནི། གྱེན་སོང་མཐོངས་ཕྱེ་ནས། གཙུག་ཏོར་མི་གཡོ་ཅེས་པ་དེ་ནས་ཁ་སྦྱོར་གྱི་ཐིག་ལེ་ཡུངས་ཀར་ལྟ་བུ་ལ། རྟེན་དང་བརྟེན་པའི་འཁོར་ལོ་མཐའ་དག་གཟུགས་བརྙན་གྱི་བདག་ཉིད་ཀྱི་སྟོང་པ་ཉིད་དུ་འཆར་བཞིན་པ་མཆོག་གི་བདེ་བར་རོ་གཅིག་ཏུ་འདྲེས་པ་ལ་སེམས་བརྟན་པ་ལས། སླར་གྱེན་དུ་རྒྱུ་མཐུན་ལ་སོགས་པ་བཞིའི་རིམ་པས་འཁོར་ལོ་བཞིའི་ལྟེ་བར་གཤེགས་ཏེ་གཙུག་ཏོར་དུ་གཡོ་བ་མེད་པ་ཉིད་དོ། །བདེ་བའི་གོང་བར་གྲོལ་ཞེས་པ། དེའི་ཚེ་ལུས་དྭངས་མ་འཇའ་ལུས་སུ་གྱུར་པས་ཐོགས་བཅས་ལས་གྲོལ། ངག་རླུང་ཡོན་པོའི་རྒྱུ་བ་འགགས་གཞོམ་མེད་ཀྱི་སྒྲར་གྱུར་པས་གཟུང་འཛིན་གྱི་རྟེན་བྱེད་པ་ལས་གྲོལ། སེམས་གཟུང་བ་དང་འཛིན་པ་ལས་གྲོལ་ཏེ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཀུན་གྱིས་རྟོགས་པར་བྱ་བ་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་རེག་པས་མེ་ཆུའི་བྱ་བ་གོ་བཟློག་ཏུ་འཆིངས་པས་སྐྱེ་བ་དང་འཆི་བའི་གཟེབ་ལས་ཐར་བས་ཡིད་འཆི་བ་མེད་པར་གྲུབ་པ་ཡིན་ནོ། །གསུམ་པ་སྦྱངས་པ་འབྲས་བུའི་རིམ་པ་ལ། འཆར་བ་ཉམས་མྱོང་གི་རིམ་པ་དང་། གྲུབ་པ་འབྲས་བུའི་རིམ་པ་གཉིས་ལས། དང་པོ་ནི། སྦྱངས་འབྲས་དག་པ་གསུམ་གྱི་ཏིང་འཛིན་འཆར། །ཞེས་པ་ལུས་ཀྱི་སྒོ་ནས་སྣང་སེམས་གཉིས་མེད་ལ་རྩལ་སྦྱངས་པས་ཞེ་སྡང་མ་སྤངས་གནས་སུ་དག་སྟེ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་འཆར། ངག་གི་སྒོ་ནས་རླུང་ཕྲ་རགས་གཉིས་ལ་རྩལ་སྦྱངས་པས་འདོད་ཆགས་མ་སྤངས་གནས་སུ་དག་སྟེ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་འཆར། ཡིད་ཀྱི་ཐིག་ལེ་དཀར་དམར་གྱི་འདུ་འཕྲོད་ལ་རྩལ་སྦྱངས་པས་གཏི་མུག་མ་སྤངས་གནས་སུ་དག་ནས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་འཆར་རོ། །སྒོམ་པ་དམིགས་པའི་རིམ་པ་རྣམས་ནི་ཏིང་ངེ་འཛིན་དེ་རྣམས་ཉམས་སུ་མ་མྱོང་བར་དུ་བྱ་བ་ཡིན་ལ། དེ་རྣམས་མངོན་དུ་གྱུར་ནས་ནི་བྱུང་རྒྱལ་དུ་སྐྱོང་བ་མ་གཏོགས་དམིགས་པ་ལ་ཆེད་དུ་མི་བལྟོས་ཏེ། རྩ་འབྱོངས་པས་དེར་ཁམས་རླུང་ཚུལ་བཞིན་དུ་རྒྱུ་ལ། རླུང་འབྱོངས་པས་འཆི་ལྟས་ཀྱི་རྒྱུ་བ་འཇོམས་ཤིང་། ཐིག་ལེ་འབྱོངས་པས་དྭངས་མ་སྟོབས་སུ་གྱུར་པ་ལས། དེ་རྣམས་ཕན་ཚུན་གཅིག་གི་གྲོགས་གཅིག་གིས་བྱས་ཏེ། ཚེ་རིང་བ་དང་ནད་མེད་ཅིང་ལུས་སྟོབས་རྒྱས་པས་གནས་སྐབས་ཀྱི་འཆི་བ་མེད་པ་སྟེར་རོ། །གཉིས་པ་གྲུབ་པ་འབྲས་བུའི་རིམ་པ་ནི། སྐུ་གསུང་ཐུགས་ཀྱི་རྡོར་རྗེར་གྱུར་པ་དང་། འཆི་བ་མེད་པའི་གོ་འཕང་གྲུབ་པ་ཡིན། ཞེས་པ། རྩ་རླུང་ཐིག་ལེ་གསུམ་པོ་དེ་ཡེ་ཤེས་ཀྱི་ངོ་བོར་རོ་གཅིག་ཏུ་བྱེད་པ་ཕྱག་ཆེན་གྱི་སྦྱོར་བས་ཉམས་སུ་བླངས་པས་མཐར་ཐུག་གི་འཆི་མེད་གསུམ་གྲུབ་པ་ནི། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྲུབ་པ་ལ་བྱ་སྟེ། སེམས་སྒྲིབ་བྲལ་དུ་དག་པས་སེམས་འཆི་བ་མེད་པ་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་སྐུ་མངོན་དུ་བྱས་ལ་དེ་ལས་ངག་སྒྲིབ་བྲལ་དུ་དག་པའི་ངག་འཆི་བ་མེད་པ་གསུང་རྡོ་རྗེ་ཟབ་གསལ་དབྱེར་མེད་ཀྱི་ལོངས་སྐུས་གཞོམ་དུ་མེད་པའི་བདེ་བས་འགྲོ་བའི་དོན་བྱེད་པ་དང་། ལུས་སྒྲིབ་བྲལ་དུ་དག་པས་ལུས་འཆི་བ་མེད་པ་སྐུ་རྡོ་རྗེ་ཀུན་ཁྱབ་སྒྱུ་འཕྲུལ་གྱི་སྤྲུལ་སྐུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་མངོན་པར་རྫོགས་ཤིང་བྱང་ཆུབ་སྟེ། ཉེ་བར་བསྡུ་ན་མཐའ་དག་ཀྱང་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་གཅིག་པུར་སྦྱོར་བ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །དེ་ལྟར་བདེ་བ་ཅན་ལས་འོངས་པ་བདུད་རྩི་ཉིང་ཁུ་ཞེས་བྱ་བ། རྣལ་འབྱོར་མ་ཐམས་ཅད་ཀྱི་དབང་ཕྱུག་གྲུབ་པའི་རྒྱལ་མོའི་ཞལ་སྔ་ནས་ཀྱིས་མཛད་པ། མངོན་རྟོགས་སུ་བཀྲལ་བ་འདི་ནི། སྔོན་ཆད་སྐལ་བ་དང་ལྡན་པ་རེ་རེའི་སྤྱོད་ཡུལ་ལས། གཞན་ལ་ཤིན་ཏུ་སྦས་པ། པདྨ་དཀར་པོས་ཆད་དུ་ཕངས་ནས་ཡི་གེར་བྲིས་པ་འདི་ཡང་ཆོས་སྨྲ་བའི་བསྟི་གནས་ཆེན་པོ་རྒྱལ་བྱེད་ཀྱི་ཚལ་དུའོ།། །།མངྒ་ལཾ།།
རྟ་མགྲིན་དམར་པོའི་མངོན་རྟོགས་རྒྱས་པ།
རྟ་མགྲིན་དམར་པོའི་མངོན་རྟོགས་རྒྱས་པ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྙིང་རྗེའི་བདག་ཉིད་ཅན་ཡིན་ཀྱང་། །མ་ཏྲཾ་རུ་དྲའི་མ་རུངས་པར། ཁྲོས་ཏེ་ཚར་གཅོད་ཕྱིར་བསྟན་པ། །པདྨ་གར་དབང་དེ་ལ་འདུད།། འདིར་གྲུབ་པའི་རྒྱལ་མོའི་གཞུང་གི་རྗེས་སུ་འབྲངས་པ་རྟ་མགྲིན་གྱི་སྒྲུབ་ཐབས་རྒྱས་པ་ཞིག་བྲི་བར་བྱའོ། །དེ་ཡང་བདེ་བའི་སྟན་ལ་འདུག་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཐོབ་པར་ཤོག །རང་གི་སྙིང་གར་སྲཱིཿདམར་པོ་དེ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བླ་མ་རིགས་བདག་གི་རྣམ་པར་བཞུགས་པའི་རྟ་མགྲིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དཀོན་མཆོག་གསུམ་དངོས་བླ་མ་དང་། ཁྲོ་རྒྱལ་རྟ་མགྲིན་གཙོར་བཞུགས་པའི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པར། །རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །བདག་ལུས་རྒྱལ་བ་མཉེས་བྱེད་པ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །རབ་འབྱམས་ནམ་མཁའི་ཁམས་ཁྱབ་པའི། །དངོས་པོ་ཀུན་གྱིས་མཆོད་པར་བགྱི། །སྡིག་པ་མ་ལུས་བཤགས་ལགས་ཤིང་། །བསོད་ནམས་ཀུན་ལ་ཡིད་དགའ་བས། །ཆོས་ཀྱི་རྔ་ཆེན་བརྡུང་བསྐུལ་ཏེ། །ནམ་མཁའ་ཇི་སྲིད་བཞུགས་པར་གསོལ། །ཡོན་གནས་དམ་པ་ཁྱེད་མཐུས་བདག ཁམས་གསུམ་མ་ལུས་དབང་བསྡུས་ཏེ། །སངས་རྒྱས་ཀུན་གྱི་དྲུང་ཕྱིན་ནས། །དམ་ཆོས་མ་ལུས་འཛིན་པར་ཤོག །ལན་གསུམ་གྱིས་ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སོགས་ཚངས་པའི་གནས་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཆེན་པོ་རྟ་མགྲིན་གྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་གྱི་རིམ་པ་ལ་འཇུག་པར་བྱའོ་སྙམ་པས་སྙིང་གའི་སྲཱིཿ ཡེ་ཤེས་ཀྱི་མེར་འབར་རྣམ་སྨིན་གྱི་ལུས་བསྲེགས་ནས་སྟོང་པ་ཉིད་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུད་དྷཱཿསརྦདྷརྨཿ སྭ་བྷཱ་ཝ་ཤུད་དྷོ༔ཧཾ། སྟོང་པའི་ངང་ལས་སྔོན་གྱི་སྨོན་ལམ་གྱི་འཕེན་པས་རྒྱུ་བྱས་སྙིང་རྗེས་རྐྱེན་བྱས་ཏེ། སྐད་ཅིག་གིས་རིན་པོ་ཆེ་དམར་པོའི་ཁམས་ལས་གྲུབ་པའི་དཀྱིལ་འཁོར་ཟླ་གམ། མདུན་བཅད་ཁའི་ཕྱོགས་སུ་སྒོ་ཡོད་པ། ནང་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་པདྨ་དང་ཉི་མ་ལ། སྲཱིཿདམར་པོ་ལས་རྡོ་རྗེ་དབྱུག་ཐོ་དཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རྩ་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྱུར་བ་སྤྱན་གསུམ་པ་དབུ་སྐྲ་དང་སྨིན་མ་དང་སྨ་ར་སེར་པོ། སྟེང་དུ་རྟ་ཞལ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། ཕྱག་གཡས་རྡོ་རྗེའི་དབྱུག་ཐོ་ཕྱར་བས་བགེགས་དང་འབྱུང་པོ་མ་ལུས་པ་འཇོམས་ཤིང་། གཡོན་ཐུགས་ཀར་སྡིག་མཛུབ་མཛད་པའི་རྩེར་མེ་འབར་བས་གནོད་བྱེད་མ་ལུས་པ་བསྲེག་པ། མི་མགོ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་ཁྲག་འཛག་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་དང་། རུས་པའི་ཕྱག་རྒྱ་ལྔ་དང་། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཁྲག་གི་ཐིག་ལེ། ཞག་གི་ཟོར་རིས། ཐལ་ཆེན་གྱི་ཚོམ་བུ། གླང་པོ་ཆེའི་ཀོ་བ་དང་མིའི་པགས་པས་སྟོད་གཡོགས་པ། སྟག་ལྤགས་རློན་པས་སྨད་དཀྲིས་པ། ཅིས་ཀྱང་མི་ཚུགས་པ་རྡོ་རྗེའི་རང་བཞིན། གཤིན་རྗེའི་གཟུགས་ལྟ་བུའི་སྐུ་ལས་བསྐལ་པའི་མེའི་ཕུང་པོ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་དམར་འུར་འུར་འཕྲོ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བདུད་བཞི་བརྫིས་ཏེ་པདྨ་དང་ཉི་མ་ལ་བཞུགས་པ། སྲིད་པ་གསུམ་ཟིལ་གྱིས་གནོན་པ་ནམ་མཁའི་ཁམས་ཁྱབ་པ་ཞིག་ཏུ་གྱུར་བའི་དཔྲལ་བར་སྐུ་རྡོ་རྗེའི་རང་བཞིན་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་རང་བཞིན་ཨཱཿདམར་པོ། སྙིང་གར་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་སྔོན་པོ། སྙིང་ནང་དུ་དབྱུག་ཐོ་དཀར་པོ། སྲཱིཿ དམར་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་བསྒོམས་པ་ཇི་ལྟ་བའི་ཁྲོ་བོའི་རྒྱལ་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ཏེ། སྲཱིཿ ལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་བསྲེག །བདུད་བཞི་རྣམ་པར་འཇོམས་མཛད་པའི། །དཔའ་བོ་རྟ་མགྲིན་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བའི་རྒྱུན་གྱིས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ཕུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པར་མཛད་པས་དབང་བསྐུར། ལུས་གང་དྲི་མ་དག ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལ་རང་རིགས་ཀྱི་བདག་པོ་སྤྲུལ་པ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་གྱུར། དྲི་ཞིམ་གཙང་དང་ཡིད་འཕྲོག་པའི། །མཆོད་ཡོན་ཆེ་དང་ཞལ་བསིལ་དང་། །ཞབས་བཀྲུ་ཐོར་འཐུང་སོ་རྩིའི་རྫས། །མཆོད་པ་ཀུན་གྱི་དབྱིབས་སུ་འབུལ། །ཨོཾ་མ་ཧཱ་ཨརྒྷཾ་ཨཉྩྨ་མཱ་ནཱཾ། པཱདྱཾ། པྲོཀྵཎཾ། ཏཾ་བུ་ལེ་པྲ་ཏཱི་ཙྪ་སྭཱ་ཧཱ། ལྷ་རྫས་མེ་ཏོག་སྤོས་ཀྱི་མཆོག །སྣང་གསལ་བྱུག་པ་ཞལ་ཟས་དང་། །སྙན་པའི་རོལ་མོ་རྣམས་ཀྱི་སྤྲིན། །ནམ་མཁའི་མཛོད་ལས་ཕྱུང་སྟེ་འབུལ། །ཨོཾ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤ་པྟ་པྲ་ཏཱི་ཙྪ་སྭཱ་ཧཱ། དགའ་བ་བསམ་ཡས་བསྐྱེད་པ་ཡི། །དཀྱིལ་འཁོར་ཀུན་གྱི་རྩེད་འཇོ་མཁན། །གཟུགས་སྒྲ་དྲི་རོ་རེག་བྱ་མ། །འདོད་པའི་དཔྱིད་ཀྱིས་མཆོད་པར་བགྱི། །ཨོཾ་རཱུ་པ། ཤཔྟ། གནྡྷེ། རཱ་ས། སྤརྴེ་པྲ་ཏཱི་ཙྪ་སྭཱ་ཧཱ། སྒྲོན་མ་ལྔ་དང་བདུད་རྩི་ལྔ། །མྱོས་བྱེད་རྣམ་པ་མང་པོའི་རིགས། །མིང་མེད་མཐེ་བོང་རྩེ་སྦྱར་ནས། །དངོས་གྲུབ་འདོད་པས་འབུལ་བར་བྱ། །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པྲ་ཏཱི་ཙྪ་སྭཱ་ཧཱ། རྣམ་བཅས་རྣམ་པ་མེད་པ་ཞེས། །གཉིས་མེད་གཉིས་སུ་བྱར་མེད་པ། །ཤེས་རབ་ཕ་རོལ་ཕྱིན་ཡུམ་ལ། །མཉམ་པར་སྦྱོར་བའི་མཆོད་པ་བགྱི། །ཞེས་མཆོད་པ་བཞི་ཕུལ་ནས། །དྲིལ་བུ་དང་བཅས་ཏེ། སྲཱིཿ རང་བཞིན་མི་འགྱུར་གདངས་ལ་ཀུན་ཏུ་གཟུགས། །སྙིང་རྗེ་སྦྱར་བས་དབང་གི་དཀྱིལ་འཁོར་ཆེར། །སྲཱིཿདམར་རྡོ་རྗེ་དབྱུག་ཐོར་ལངས་ནས་ཀྱང་། །ལྷང་བྲལ་མཚལ་གྱི་ཁུ་བའི་མདོག་འཛིན་སྐུ། །སྦོམ་ཐུང་གསུས་པ་འཕྱང་ཞིང་ལྷུ་རགས་གེལ། །ཞལ་གདངས་མཆེ་གཙིགས་ལྗགས་དྲིལ་སྤྱན་གསུམ་དམར། །སྨིན་མ་ཨག་ཚོམས་སྐྲ་སེར་འཁྱིལ་ཞིང་བརྗིད། །འཚོགས་མར་རྟ་ཞལ་ལྗང་ཞུར་སྐད་འཚེར་བ། །མུ་ཏིག་ཕུང་པོ་དང་མཚུངས་ཐོད་པའི་རྩེ། །གསེར་གྱི་པ་ཏྲ་མཛེས་ལྔའི་ཅོད་པན་དང་། ཁྲག་འཛག་མི་མགོ་དྲེགས་པའི་སྙིང་སྤེལ་ནས། །ཨནྡྲར་རྒྱུས་པའི་ག་ཤ་རིང་པོ་འཕྱང་། །སྟོབས་ལྡན་ཀླུ་བརྒྱད་ཀྱིས་བརྒྱན་ཕྱག་རྒྱས་མཛེས། །སྟོད་གོས་གླང་ཀོ་སྐེད་དཀྲིས་ན་རའི་ཞིང་། །ཤམ་ཐབས་བྱཱ་གྷྲའི་པགས་རློན་ལྷབ་ལྷུབ་སྟེ། །ཕྱག་གཡས་རྡོ་རྗེའི་དབྱུག་ཐོ་རྡེག་གཟས་ཤིང་། །གཡོན་པ་ཐུགས་ཀར་སྡིགས་མཛུབ་རྩེ་ལ་མེ། །བདུད་ཀྱི་སྙིང་གར་གཡོན་རོལ་གྱི་འགྱིང་བག །སྒེག་པ་འཇིགས་རུང་དྲག་ཤུལ་ཞུད་ལ་རྔམ། །ཀུན་ཏུ་འོད་འཕྲོ་བསྐལ་པའི་མེ་དཔུང་ལྟའི། ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བདག་བསྟོད་ཀྱི། །སྲིད་གསུམ་ཟིལ་མནན་ཁམས་གསུམ་དབང་བསྡུས་ཏེ། །བདུད་སྡེ་འཇོམས་པའི་དཔའ་བོ་སངས་རྒྱས་སུ། །མྱུར་བར་འགྱུར་བའི་དངོས་གྲུབ་སྩལ་དུ་གསོལ། །སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྲཱིཿདམར་པོ། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄་ཅེས་བསྐོར་བ་དམར་པོ། །རྩ་བའི་བསྙེན་པ་བཟླས། དེ་དུས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་རླབས་བསྡུས་བདག་གི་སྒོ་གསུམ་ཡོན་ཏན་བྱ་བ་དང་གཉིས་སུ་མེད་པར་གྱུར་པས་གཟི་བརྗིད་ནུས་པ་ཐམས་ཅད་འབར་བར་བསམ། འབྲུ་འབུམ་ཐོངས་ནས། ལུས་སྦྱོར་ལ། དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པའི་རྣམ་པ་དཔག་ཏུ་མེད་པ་འཕྲོས། ལྷ་འདྲེ་མི་གསུམ་ཟས་ནོར་གོས་གསུམ་སོགས་གང་འདོད་པར་ལྕགས་ཀྱུས་བཏབ། ཞགས་པས་བཅིངས་ནས་བདག་གི་མདུན་དུ་བཀུག བདག་གི་དབང་དུ་འདུས་པར་བསམ་མོ།། ཐུན་མཚམས་སུ་གཏོར་མ་ལ་ལག་པ་གཡས་པའི་སྙིམ་པ་བཀབ། ཨོཾ་མ་དག་པ་སྦྱངས། གཡོན་པ་བཀབ། ཨཱཿམང་པོར་སྤེལ། གཉིས་ཀ་བཀབ། ཧཱུྃ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་དུ་སྦར། ནམ་མཁའ་ལྡིང་གི་ཕྱག་རྒྱ་བཅིངས། ཧོཿཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་བསམ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་ལན་བདུན་བརྗོད། རང་གི་ཐུགས་ཀ་ནས་འོད་འཕྲོས། དེས་བཅོམ་ལྡན་འདས་དཔལ་རྟ་མགྲིན་ལ་བླ་མ་ཡི་དམ་སངས་རྒྱས་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་ཀྱིས་བསྐོར་བ་སྤྱན་དྲངས་སྙིང་པོའི་མཐར་ས་པ་རི་ཝཱ་ར་བཏགས་ལ་འབུལ། ཅི་འདོད་པའི་དོན་གསོལ་བ་གདབ།། དགེ་བ་འདི་ཡིས་མྱུར་དུ་བདག །ཁྲོ་རྒྱལ་རྟ་མགྲིན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འཁོད་པར་ཤོག། ཅེས་སྨོན་ལམ་བཏབ་བོ། །འདི་ནི་གསལ་རྗེ་བླ་མ་སྐལ་བཟང་དབང་པོས་གསོལ་བ་བཏབ་པའི་ངོར་དགེ་སློང་པདྨ་དཀར་པོས་བྱམས་པ་ཆེན་པོའི་ཆོས་གླིང་དུ་སྦྱར་བའོ།། །།
རྟ་མཆོག་རོལ་པའི་ཚོགས་དཀྱིལ་གྱི་འཕྲིན་ལས།
རྟ་མཆོག་རོལ་པའི་ཚོགས་དཀྱིལ་གྱི་འཕྲིན་ལས་བཞུགས་སོ། །ཕྱག་འཚལ་འབྱུང་པོ་ཐམས་ཅད་འཇིགས་བྱེད་པ། །པདྨ་གར་གྱི་དབང་པོའི་རྟ་མཆོག་ཞལ། །རྡོ་རྗེ་ཕག་མོས་ཙུམྦ་ན་བྱེད་ཅིང་། །དྲག་པོའི་རྟ་སྐད་འཚེར་འཚེར་དེ་ལའོ། །ཏིང་འཛིན་གསུམ་དང་རྟེན་དང་བརྟེན་པ་བསྐྱེད། །གླུ་དང་མཆོད་བཞི་སྦྱོར་དང་སྒྲོལ་བ་པོ། །རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ཅིང་། །གཟུང་འཛིན་རྟོག་པའི་མཐའ་ལ་མ་ཆགས་དབྱིངས། །ཐམས་ཅད་སྤྲོས་བྲལ་མཉམ་ཉིད་ཇི་བཞིན་དང་། །རྣམ་རྟོག་བརྗོད་མེད་སྨྲ་བསམ་ཡུལ་ལས་འདས། །ཨོཾ་མཧཱ་ཤུ་ནྱཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། རང་བཞིན་ལྷུན་གྱིས་གྲུབ་པའི་རྩལ་ཆེན་པོ། །མ་ལྟར་བྱམས་པའི་སྙིང་རྗེས་ཡོངས་ལ་ཁྱབ། །མཁའ་ལྟར་གོ་འབྱེད་ཆོ་འཕྲུལ་འབྱུང་བའི་ཡུམ། །ཀུན་ཁྱབ་ཡེ་ཤེས་གཏེར་བཞིན་ཆེ་བ་སྟོན། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཐུགས་རྗེས་ཟུང་འཇུག་སེམས་ཀྱི་རང་བཞིན་ཏེ། །ཆགས་པའི་སྐྱོན་བྲལ་རིན་ཆེན་སྣ་ལྔའི་མདོག །འབྱུང་བ་ལྔ་དང་ཡུམ་ལྔ་ཡེ་ཤེས་ལྔ། །གདུལ་བྱའི་འཕྲིན་ལས་རྣམ་པ་ལྔ་རུ་སྦྱོར། །བཛྭ་ཙིཏྟ་ཧཱུྃ། གསལ་བའི་སྒོ་འབྱེད་ནམ་མཁར་གྱུར། །དུས་གསུམ་འགྱུར་མེད་ཀུན་ཏུ་བཟང་། །རྒྱ་གྲམ་རླུང་གི་དཀྱིལ་འཁོར་གསལ། །ཐམས་ཅད་སྐྱེད་བྱེད་དམ་ཚིག་སྒྲོལ། །རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ། །ཐམས་ཅད་སྡུད་པའི་མཱ་མ་ཀཱི །ཀེང་རུས་ཆེན་པོའི་རི་རབ་སྟེ། །མ་ལུས་བརྟེན་པའི་སངས་རྒྱས་སྤྱན། །བསྐལ་པའི་མེ་དཔུང་ཆེན་པོ་འབར། །འབྱུང་བ་དྲུད་སྙོམས་ན་བཟའ་དཀར། །བྷ་ག་ཀུན་ཀྱང་ནམ་མཁའ་མཉམ། །གཟུགས་ཁམས་མ་ལུས་དབང་སྡུད་ཕྱིར། །ལྷ་ཆེན་བརྒྱད་ནི་རྨང་དུ་བཏིངས། །འདོད་ཁམས་མ་ལུས་དབང་སྡུད་ཕྱིར། །ཕྱོགས་སྐྱོང་བཅུ་ནི་རྩིགས་པར་བརྩིགས། །སྐུ་བཞི་དཔལ་བརྒྱད་ཚང་པའི་ཕྱིར། །རྒྱལ་ཆེན་བཞི་ནི་ཀ་བར་བཙུགས། །གཏི་མུག་ཡེ་ཤེས་བསྐྱེད་པའི་ཕྱིར། །ཀླུ་ཆེན་བརྒྱད་ནི་གདུང་དུ་བྲེས། །གཞལ་ཡས་མ་བསྒྲིབས་གསལ་བའི་ཕྱིར། །གཟའ་ཆེན་བརྒྱད་ནི་བད་དུ་བོར། །དུས་བཞི་འགྱུར་ལྡོག་མེད་བྱའི་ཕྱིར། །རྒྱུ་སྐར་ཕྱོགས་ནས་མིག་ཚགས་བྱས། །རྒྱལ་མཚན་བཞི་དང་བླ་རེར་བཅས། །ཉ་སྦྲུལ་མཆོག་ཕྲན་ཟ་ར་ཚགས། །རྣམ་པར་ཐར་པ་བཞིར་འཇུག་ཕྱིར། །སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན། ཁམས་གསུམ་མ་ལུས་དབང་སྡུད་ཕྱིར། །དབུས་སུ་ཟླ་གམ་དབང་གི་གདན། །པདྨ་གར་གྱི་དབང་པོའི་སྐུ། །རབ་འཇིགས་དུ་བའི་མདོག་འདྲ་ལ། །འོད་ཟེར་བསྐལ་པའི་མེ་ལྟར་འཕྲོ། །ས་གསུམ་འབྱུང་པོ་བརླག་པར་བྱེད། །རྟ་རྒོད་མི་གཟན་མཆེ་གཙིགས་ཞལ། །དྲག་པོའི་རྟ་སྐད་འཚེར་འཚེར་སྒྲོག །རྔོག་མ་ཡེ་ཤེས་མེ་རུ་འབར། །ཕྱག་གཡས་རྡོ་རྗེ་རྩེ་དགུ་པ། །ཧཱུྃ་དགུ་རཾ་དགུས་མཚན་པ་འཕྱར། །གཡོན་པ་གནམ་ལྕགས་སྡིག་པ་ནི། ཁ་དགུ་མིག་དགུ་ལྡན་པ་བསྣམས། །དཔལ་གྱི་ཆས་བཅུས་བརྗིད་པར་བྱས། །གཡོན་ཏུ་ཡུམ་ཆེན་བཱ་རཱ་ཧི། །མཐིང་ནག་ཆེན་མོ་གཅེར་བུ་ལ། །དུར་ཕག་ཁྲོས་པའི་ཞལ་སྤྱན་གདངས། །སྡིགས་མཛུབ་ཕྱག་རྒྱས་ས་འོག་གཟིར། །མགོ་འཕྲེང་སྦྲུལ་དང་ཐོད་སྐམ་བརྒྱན། །གཉིས་ཀའང་གཡོན་བརྐྱང་རོལ་པས་ནི། །ཉིན་མོར་བྱེད་པའི་གདན་ལ་བཞུགས། །ཆོས་རྒྱལ་མཐིང་ནག་མ་ཧེའི་གདོང་། །ཐོད་དབྱུག་འཕྱར་ཞིང་སྡིགས་མཛུབ་མཛད། །ཨེ་ཀ་ཛ་ཊཱི་སྔོ་ནག་ནི། །སྤྱན་གཅིག་མཆེ་གཅིག་སྙིང་སྤྱང་འཛིན། །རཱ་ཧུ་ལ་ནི་དུད་པའི་མདོག །ཆུ་སྲིན་ཞགས་པ་མདའ་གཞུ་འཆང་། །ལངྐ་མགྲིན་བཅུ་མུན་པ་འདྲ། །རལ་གྲི་ཕྱར་ནས་མདུང་ཐུང་འཛིན། །བདུད་རྒྱལ་ཡབ་རྗེ་ནག་པོ་སྟེ། ཁྲམ་ཤིང་ཤོ་རྡེ་ལག་ན་བསྲེལ། །ནོར་བདག་ངལ་གསོས་བུ་གསེར་མདོག །སྟག་གི་རྒྱལ་མཚན་ནེའུ་ལེ་བསྣམས། །ཆུ་བདག་ཆེན་པོ་བ་རུ་ཎ། །རབ་དཀར་ལག་གཉིས་ཐལ་མོ་སྦྱར། །མ་ཧཱ་དེ་བ་དམར་པོ་ནི། །ལྕགས་ཀྱུ་དང་ནི་ལིངྒའོ། །ཀུན་ཀྱང་རང་རང་སྡེར་བཅས་ཏེ། །སྲོག་སྙིང་གད་རྒྱངས་ཆེན་པོ་སྟོན། །སྤྲུལ་པ་ཅི་ཡང་བཀྱེ་ནས་སུ། །ཞི་རྒྱས་དབང་དྲག་ལས་ལ་སྦྱོར། །ཧཱུྃ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། བཛྭ་བྷེ་ར་བ་བཱ་རཱ་ཧི་ཨ་ཡ་མ་དུ་རུ་ཙ་ཤ་ན་ལ། ཆུ་ལས་ཆུ་བུར་ཚུལ་དུ་ནི། །གཙོ་འཁོར་དྲན་རིག་རྫོགས་པར་འདོད། །འདི་ཡིས་མགོན་པོ་བསྐུལ་ནས་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཞིང་འཇེབས་པའི་དབྱངས་ཀྱི་ནི། །དཔྱིད་ཀྱི་རྒྱལ་པོ་གླུར་བླངས་པས། །དྲི་མེད་མཁའ་འགྲོ་དྲ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཞེས་གསུངས་འདི་ལའང་ཚད་མ་ཡིན། །ཨོཾ། འཁོར་ལོ་ཡེ་ཤེས་ཅན་རྣམས་ཀྱིས། །འཁོར་ལོ་རྡོ་རྗེ་བསྒོམས་བྱས་ནས། །དེ་ཉིད་ཆོས་སྐུ་ནམ་མཁའ་ཆེ། །ཧོཿ ཧཱུྃ། རྡོ་རྗེ་ཡེ་ཤེས་ཅན་རྣམས་ནི། །རྡོ་རྗེ་རྡོ་རྗེ་བསྒོམས་བྱས་ན། །དེ་ཉིད་ཆོས་ཉིད་ངང་ལས་རྫོགས། །ཧོཿ སྭ། རིན་ཆེན་ཡེ་ཤེས་ཅན་རྣམས་ནི། །རིན་ཆེན་རྡོ་རྗེ་བསྒོམས་བྱས་ན། །དེ་ཉིད་ལོངས་སྤྱོད་ལྷུན་གྱིས་གྲུབ། །ཧོཿ ཨཾ། པདྨ་ཡེ་ཤེས་ཅན་རྣམས་ནི། །པདྨ་རྡོ་རྗེ་བསྒོམས་བྱས་ན། །དེ་ཉིད་བརྟན་པས་འགྱུར་བ་མེད། །ཧོཿ ཧ། རྒྱ་གྲམ་ཡེ་ཤེས་ཅན་རྣམས་ནི། །རྒྱ་གྲམ་རྡོ་རྗེ་བསྒོམས་བྱས་ན། །དེ་ཉིད་སྤྲུལ་སྐུ་ངོ་མཚར་ཆེ། །ཧོཿ རྒྱན་ཉིད་ཡེ་ཤེས་གླུར་བླངས་པས། །བསྐུལ་དང་དོན་བྱས་འདུས་པ་དང་། །ཐམས་ཅད་ཨ་དེ་དངོས་མེད་སྐུ། །སྟོང་པ་ཆེན་པོའི་ངང་ལ་བཞག །ཧོཿ གང་གིས་ཀུན་ནས་ཁྲག་གིས་མཚན། །སྤོས་དང་མེ་ཏོག་དམ་པ་དང་། །མར་མེ་དྲི་ཡི་རྫས་རྣམས་ལ། །དེ་ཡི་མཆོད་པའི་ཕྱག་རྒྱ་ཡིས། །ཀུན་ཏུ་བསྒྲིམས་ཏེ་འདི་ཡིས་འབུལ། །ཨོཾ་གྱི་ཡེ་ཤེས་ལས་བྱུང་པོ། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་ལས། །ཀུན་ཏུ་མཉམ་སྦྱོར་ཕྱག་རྒྱ་ཆེ། །གསང་མཆོག་ལྷུན་གྱིས་གྲུབ་པ་ཡི། །མཆོད་པ་ཆེན་པོ་དེ་བཞིན་གཤེགས། །ཡོ་གི་ནཱི་ཤྭ་རཱ་པཱུ་ཛ་ཧཱུྃ། དེ་ནས་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ལྷ་མོ་ཐམས་ཅད་འདིས། །ཨེ་མ་ཧོ་མཆོད་པ་བླ་ན་མེད། །ཨེ་མ་ཧོ་མཆོད་པ་ཀུན་གྱི་གསང་། །ཨེ་མ་ཧོ་ཡང་དག་མཆོད་པ་ཆེ། །ཨེ་མ་ཧོ་མཆོད་པ་ཆགས་པ་ཆེ། །དེ་ནས་ཚོགས་ཀྱི་མཆོད་པ་འདིས། །སྒྲོན་མ་ལྔ་ཡི་བཟའ་བ་འདི། །སངས་རྒྱས་ལྔ་ཡི་དམ་ཚིག་མཆོག །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །པཉྩྨ་པྲ་དཱི་པཱ་བྷུཉྫྱ་ཐ། ཉིས་བྲལ་བདུད་རྩི་ལྔ་ཡི་ཆུ། །རྡོ་རྗེ་མཆོད་པ་བླ་ན་མེད། །ཞི་བའི་བཏུང་བ་དམ་པ་འདིས། །དངོས་གྲུབ་དམ་པ་ཐོབ་པར་ཤོག །པཉྩྨ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿ དེ་ནས་གཏོར་མ་ཆེན་པོ་འདིས། །བཟའ་དང་བཅའ་བ་ཡང་དག་ཉིད། ཁ་དོག་དྲི་དང་རོ་ལྡན་པ། །ཐམས་ཅད་སྦྱར་བའི་གཏོར་མ་འདི། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །ཨ་ཀཱ་རོའི་སྔགས་ཀྱིས་འབུལ། །དེ་ནས་བསྟོད་པའི་མཆོད་པ་འདིས། །སྲཱིཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དཔལ་ལྡན་གར་གྱི་དབང་ཕྱུག་ཆེ། །ཤིན་ཏུ་དྲག་ཅིང་གཟི་བརྗིད་ལྡན། །ཀུན་ཏུ་སྦྱོར་བ་དམ་པ་ཐོབ། །གཟུགས་ཕུང་ཆོས་དབྱིངས་ཡེ་ཤེས་ཆེ། །མིག་ལ་སངས་རྒྱས་རྣམ་སྣང་མཛད། །རྣམ་གསུམ་གཟུགས་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །ཚོར་བ་ཀུན་རྟོག་ཡེ་ཤེས་ཆེ། །རྣ་བ་རྡོ་རྗེ་ཉི་མ་ཡིན། །རྣམ་གསུམ་སྒྲ་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །འདུ་ཤེས་མཉམ་ཉིད་ཡེ་ཤེས་ཆེ། །ལྕེ་ལ་པདྨ་གར་དབང་རྒྱལ། །རྣམ་གསུམ་རོ་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །འདུ་བྱེད་བྱ་བ་གྲུབ་པའི་ལས། །སྣ་ལ་རྟ་མཆོག་རོལ་པའི་ལས། །རྣམ་གསུམ་དྲི་དང་རོལ་མཛད་ཅིང་། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །རྣམ་ཤེས་མེ་ལོང་ཡེ་ཤེས་ཆེ། །ཡིད་ལ་རྡོ་རྗེ་ཧེ་རུ་ཀ །རྣམ་གསུམ་ཆོས་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །ཀུན་ཁྱབ་སྟོང་པའི་ཡེ་ཤེས་ཆེ། །ལུས་ལ་རྡོ་རྗེ་སེམས་དཔའ་གནས། །རྣམ་གསུམ་རེག་དང་རོལ་མཛད་དེ། །བརྟན་གཡོའི་དངོས་པོ་རྣམ་པར་འཕྲུལ། །རྡོ་རྗེ་ཕག་མོ་འཕགས་མ་ཆེ། །འཇིགས་རུང་ཁྲོས་པའི་བྱེད་པ་ཡིས། །བདུད་དང་བདུད་ཀྱི་སྡེ་ཐམས་ཅད། །རྨོངས་རེངས་ཕུར་བུས་གདབ་པར་མཛད། །གཤིན་རྗེ་མ་མོ་གཟའ་དང་སྲིན། །བདུད་དང་ཀླུ་དང་གནོད་སྦྱིན་ལྷ། །སྡེར་བཅས་དཔལ་གྱི་མངག་གཞུག་པ། །བདག་གིས་གཉིས་མེད་བསྟོད་པར་བགྱིས། །ཏ་ནའི་ཆེད་དུ་ཕྱག་རྒྱ་འདིས། །མཛེས་མ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིག་པའི་བརཏལ་ཞུགས་མཐར་ཕྱིན་ཤོག །པཉྩྨ་ཀུ་ལ་བི་དྱཱ་ནིརྻ་ཏ་ཡཱ་མི། མན་ངག་བཞིན་དུ་སྙོམ་ཞུགས་མཐར། །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་པའི། །བདེ་བ་བླ་ན་མེད་པས་མཆོད། །ཨོཾ་མ་ཧཱ་སུ་ཁ་བཛྭ་ས་ཏྭ་ཛཿཧཱུྃ་བཾ་ཧོཿ སུ་ར་ཏེ་ཧྶཾ། ག་ནའི་ཆེད་དུ་ཕོ་ཉའི་ཚོགས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །འཛིན་པ་ཅི་ཡང་ཕྱོགས་བཅུར་འཕྲོས། །གདུག་པ་ཅན་གྱི་དགྲ་བགེགས་ཀུན། །ཐམས་ཅད་སྙིང་ཕུག་ཞགས་པས་བཅིངས། །ལྕགས་སྒྲོག་གིས་བསྡམས་དྲིལ་བུས་ཉེད། །རླུང་གི་གཞུ་ལ་བསྐྱོན་ནས་སུ། །གཤིན་རྗེའི་བཙོན་བཞིན་མདུན་དུ་ཁྲིད། །སྔགས་ཀྱི་མཐའ་མ་ཆེ་གེ་མོ། །མོ་ཧ་ཡྎ བཏགས་ལ་བཟླས། །རྟ་མཆོག་དེ་ཡི་ཁ་ནས་ཞུགས། །ལུས་བརྒྱངས་ངག་མནན་ཡིད་མནན་པས། །དེ་ཡི་ལུས་ངག་ཡིད་གསུམ་པོ། །དབང་ཆེན་སྐུ་གསུང་ཐུགས་སུ་བསྒྲལ། །སྔགས་མཐར་གནོད་པར་བྱེད་པ་རྣམས། །མཱ་ར་ཡ་ཕཊ྄་བཏགས་པ་བརྗོད། །དཔལ་གྱི་རྟ་སྐད་ཐེངས་གསུམ་འཚེར། །ལྔ་ཕུང་རྩད་ནས་བཅད་པའི་ཕྱིར། །དེ་ཡི་ཕུང་པོ་ཁམས་སྐྱེ་མཆེད། །དབང་ཆེན་རིགས་དྲུག་སྐུར་བཞེངས་ནས། །རོལ་པའི་བྲོ་བརྡུང་འདི་མཛད་དོ། །དབྱིངས་ཉིད་རྫོགས་པའི་ས་གཞི་ལ། །བུད་དྷ་ཁྲག་འཐུང་རོལ་པའི་བྲོ། །གཏི་མུག་གནས་སུ་འཇོམས་པ་སྟེ། །འདའ་ཀ་སྐུ་ཡི་དམ་ཚིག་གོ །མེ་ལོང་འོད་གསལ་ས་གཞི་ལ། །རྡོ་རྗེ་ཁྲག་འཐུང་རོལ་པའི་བྲོ། །ཞེ་སྡང་གནས་སུ་འཇོམས་པ་སྟེ། །འདའ་ཀ་ཐུགས་ཀྱི་དམ་ཚིག་གོ །སོ་སོར་རྟོག་པའི་ས་གཞི་ལ། །པདྨ་ཁྲག་འཐུང་རོལ་པའི་བྲོ། །འདོད་ཆགས་གནས་སུ་འཇོམས་པ་སྟེ། །སྒྲ་མཐའ་གསུང་གི་དམ་ཚིག་གོ །ནན་ཏན་ཆེན་པོའི་ས་གཞི་ལ། །ཀརྨ་ཁྲག་འཐུང་རོལ་པའི་བྲོ། །ཕྲག་དོག་གནས་སུ་འཇོམས་པ་སྟེ། །འཕྲིན་ལས་འདའ་ཀའི་དམ་ཚིག་གོ །སྟོང་ཉིད་རྟོགས་པའི་ས་གཞི་ལ། །དབང་ཆེན་ཁྲག་འཐུང་རོལ་པའི་བྲོ། །དུག་ལྔ་གནས་སུ་འཇོམས་པ་སྟེ། །སྐུ་ལྔ་ལྷུན་གྲུབ་དམ་ཚིག་གོ །དབྱིངས་ཕྱུག་ལྔ་ཡི་ས་གཞི་ལ། །ཡེ་ཤེས་ལྔ་ཡི་བྲོ་བརྡུང་ལ། །དུག་ལྔ་འཇོམས་པའི་གླུ་བླངས་ཤིང་། །སྡུག་བསྔལ་ཆུ་བོའི་རྒྱུན་བསྐམས་ནས། །འཁོར་བའི་རྒྱ་མཚོ་གཏིང་བསྐམས་ཏེ། །སྐུ་གསུང་ཐུགས་སུ་རྒྱས་བཏབ་པས། །བདེ་བ་ཆེན་པོར་རྣམ་སྦྱར་ཏེ། །དམྱལ་སོགས་མེ་དཔུང་གནས་སུ་བསད། །འདི་ནི་དཔལ་གྱི་བྲོ་བོ་ཆེ། །ཐོས་པ་ཙམ་གྱིས་རྟོག་པ་འབྱུང་། །བརྡུངས་བ་ཙམ་གྱིས་ཐུགས་དམ་སྐོང་།། ཞེས་འཁྲབ་སྟོང་ཉིད་དབྱིངས་ལ་བཞག །མཐའ་མར་དགེ་བ་བྱང་ཆུབ་བསྔོ། །དེ་སྐད་བློ་བཟང་དགའ་བོ་ལ། །པདྨ་དཀར་པོས་སྦྱིན་པ་ཡིན། །འདི་འདྲའི་སྦྱོར་སྒྲོལ་ཆོས་ཡིན་ཞེས། །སྔགས་ནག་ཀུན་ལ་སློབ་པས་ན། །ལེགས་པར་བཤད་པ་འདིར་བྱུང་ཚིག །མི་ཟད་རྒྱུད་སྡེའི་གྲོགས་པོ་ཡིན།། །།སརྦ་མངྒ་ལཾ།། །།
དཔལ་ཆེན་པོའི་རྟ་སྐད་སྒྲོག་པའི་མན་ངག
དཔལ་ཆེན་པོའི་རྟ་སྐད་སྒྲོག་པའི་མན་ངག་བཞུགས་སོ། །པདྨའི་རིགས་ཀྱི་བསྟན་པར་རྣམ་ཀུན་དེ། །སྣང་བ་མཆོག་ལྡན་སྟོན་པའི་ཞལ་སྐྱེམས་མ། །གྲུབ་རྒྱལ་འཇིག་རྟེན་ནང་གི་ཉིན་བྱེད་ལ། །བདེ་ལེགས་ཆེད་དུ་དད་པའི་ཕྱག་འབུལ་ལོ། །སྙིགས་དུས་འདམ་ན་མ་རྙོགས་པད་དཀར་ཞལ། །མན་ངག་ཚར་དུ་དངར་བའི་འབྱུང་ཁུངས་དེ། །རྗེས་འཇུག་སྦྲང་རྩི་བཟོ་བོ་རྣམས་དགའ་བའི། །བདུད་རྩི་སྤེལ་ལ་གསར་དུ་འོངས་པ་བཞིན། ཁམས་གསུམ་དབང་དུ་སྡུད་ཅིང་དྲེགས་པ་ཚར་གཅོད་པ་དཔལ་པདྨ་དབང་ཆེན་གྱི་རྟ་སྐད་སྒྲོག་པ་བཤད་པར་བྱ་སྟེ། པདྨ་རིགས་ཀྱི་བསྟན་པ་ལ་སྟོན་པའི་ཞལ་སྐྱེམས། གསང་བ་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་རིགས་ཀྱི་བདག་མོ། རྒྱ་གར་འཕགས་པའི་ཡུལ་ན་དཔལ་ནཱ་རོ་པའི་ལྕམ། སྭ་སའི་གླིང་ན་མི་རུས་ཀྱི་རྒྱན་ཆ་ཅན། གངས་ཅན་པ་འགས་ནི་གུ་མ་ཞེས་བཏགས་པ། མཚན་ཐམས་ཅད་ལ་གྲགས་པ་གྲུབ་པའི་རྒྱལ་མོས། བོད་ཕྲུག་རྒྱ་གར་དུ་ཕྱིན་པ་ཙམ་ལ་གདམས་ངག་ཐོན་ཆེ་བ། འབྲོག་གནས་པའི་གོས་སྔོན་པོ་ཅན་དག་གི་རྒྱལ་བ་སྐུ་གསུམ་གྱི་ཞིང་གི་ཌཱ་ཀི་ནཱི་མཚར་མོ་ཐམས་ཅད་ཀྱི་སྙིང་སྡུག གྲུབ་ཐོབ་མི་ལ་ཆེན་པོའི་ཐུགས་སྲས། བདག་ཅག་ལ་བླ་ན་མེད་པའི་ལམ་སྟོན་པ། རས་ཆུང་པ་ཞེས་གྲགས་པ་འཇིག་རྟེན་གསུམ་བརྒལ་བ་དེ་ལ་ཚིག་གསུམ་གྱིས་སྩལ་བ་རྒྱས་པར་འབྱེད་པའོ། །དེ་གང་ཞེ་ན། ལྟ་བས་ས་གསུམ་མཉམ་སྦྱར་ནས། །སྤྱོད་པ་དྲེགས་པ་ཚར་གཅོད་པ། །རྟ་སྐད་ཐེངས་གསུམ་ཐབས་ཀྱི་མཆོག །ཅེས་པའོ། །ཇི་ལྟར་རྒྱས་པར་བཤད་ན། རྟ་སྐད་དང་པོ་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་བསྙེན་པ། གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྒྲུབ་པ། གསུམ་པ་ཚོགས་ཀྱི་དཀྱིལ་འཁོར་དུ་ལས་ལ་སྦྱར་བའོ། །སངས་རྒྱས་པ་རྣམས་གཏན་ལ་འབེབས་པ་ནི། ཆོས་དང་ཆོས་ཉིད་དེ་དེ་ལ་ཆོས་ཞེས་བྱ་བ་ནི་འདུས་བྱས་པ་དང་། འདུས་མ་བྱས་པའི་ཆོས་རྣམས་སོ། །ཆོས་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ལ་གང་གིས་ལེགས་པར་བརྟགས་པ་ན། ཡོད་པ་མི་དམིགས། མེད་པ་མི་དམིགས། མཐའ་མི་དམིགས། དབུས་མི་དམིགས། སྟོང་པ་མི་དམིགས། མི་སྟོང་པ་མི་དམིགས་པ་དེའོ། །དེའི་ཕྱིར་ཆོས་ཉིད་ནི་ཆོས་རྣམས་མ་ཡིན་ལ། ཆོས་རྣམས་ལས་གཞན་ཞིག་ཀྱང་མ་ཡིན་ནོ། །དེ་ལྟ་བུའི་ཆོས་ཉིད་ནི་དཔལ་རྟ་མགྲིན་ཏེ་དཀྱིལ། ཆོས་རྣམས་ཀྱི་དེའི་འཁོར་ལོ། དེ་གཉིས་གཉིས་སུ་འབྱེད་མི་ཤེས་པ་ཟུང་འཇུག་ཡིན་པས་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་བརྗོད་དོ། །དེ་ཇི་ལྟར་བསྙེན་ན། ཆོས་རྣམས་ལ་མཚན་མར་འཛིན་ན་རྣམ་པར་རྟོག་པ་ལ་གནས་པ། རྣམ་པར་མི་རྟོག་པ་ཆེས་རིང་པོར་དོར་བ་སྟེ་རྒྱུ་འདིས་འཁོར་བར་འཁོར་རོ། །དེ་ཕྱིར་མཚན་མར་འཛིན་པར་མི་བྱེད་པ། དེས་མཚན་མ་ཞི་སྟེ་ཆོས་ཀྱི་དབྱིངས་ཐོབ། ཆོས་ཐམས་ཅད་རྣམ་པར་དག་ནས་ལམ་དུ་སོང་སྟེ་མངོན་པར་རྫོགས་པར་སངས་རྒྱའོ། །དེ་བས་འདི་ནི་ལྟ་བ་གྱད་ཀྱི་ལྷ་ཞེས་བྱའོ། །གཉིས་པ་ལ། བསྐྱེད་པ། རྫོགས་པ། མཐར་ཐུག་པའི་སྒྲུབ་པ་གསུམ་ལས། དང་པོ་ནི། ལས་དང་པོ་པའི་སྒོམ་པ་དཔའ་བོ་གཅིག་པའི་ཏིང་ངེ་འཛིན་གོམས་པར་གྱུར་ནས་བདེ་བའི་སྟན་ལ་སྣང་བ་མཐའ་ཡས་ཀྱི་བྱེད་པ་བཅིངས་ནས་ཁ་ནུབ་ཏུ་ཕྱོགས་ནས། འདི་ལྟར་བསྒོམ་པར་བྱ་སྟེ། ལྟ་བའི་ལྷས་བདག་འཛིན་གྱི་གཤེད་ཕྲལ་བའི་ཕྱིར་རང་གི་ལུས་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཡིན་པ་གོ་བར་བྱས་པའི་ནང་གི་དབུས་སུ་རྣམ་པར་ཤེས་པ་ཐབས་ཤེས་ཀྱི་ཆ་གཉིས་སུ་ཆད་པའི་ཤེས་རབ་གསང་བའི་ཨ་ཤད་དེ་སྲཱིཿརྣམ་བཅད་དང་བཅས་པར་སོང་། སླར་ཨུཏྤལ་དམར་པོ་སྲཱིཿམཚན་པ། དེ་ཡང་ཀུ་རུ་ཀུལླེ་གཏུམ་ཞིང་དམར་བའི་སྐུ། ཡིད་སྒྱུར་བའི་མེ་ཏོག་གི་མདའ་གཞུ་འགེངས་ཤིང་། ལྷག་མས་ཨུཏྤ་ལའི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་སྟག་ཤམ་ཅན། བཅུ་གཉིས་ཀྱི་ལོའི་གང་བ་འཆང་ཞིང་འབར་བའི་དབུས་སུ་ཉི་མ་དང་རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པ་སོར་གཅིག་པ། ཐབས་སྤྱི་བོའི་ཧཾ་ཡིག་སྟེ་སྲཱིཿ རྣམ་བཅད་དང་བཅས་པར་སོང་། སླར་དབྱུག་ཐོ་དཀར་པོ་སྲཱིཿམཚན་པ། དེ་ཡང་། རྟ་མགྲིན་འཇིགས་ཤིང་དཀར་བའི་སྐུ། ཁྲོ་བོའི་ཞལ་དང་། སྤྱི་གཙུག་ཏུ་རྟ་ལྗང་ཞུར་གྱི་མགོ་བོ། རྡོ་རྗེ་དབྱུག་ཐོ་འཕྱར་ཞིང་སྡིགས་མཛུབ་ཐུགས་ཀར་མཛད་པ། དཔལ་གྱི་ཆས་ཐམས་ཅད་ཀྱིས་སྤྲས་ཤིང་། བཅུ་དྲུག་པའི་ལང་ཚོ་གཟུང་སྟེ་འོད་དཀར་པོ་བསིལ་བའི་ནང་དུ་ཟླ་བ་ལ་གནས་པར་བསྒོམ་མོ། །དེ་ནས་ལྷ་མོའི་སྙིང་གར་སྲོག་གི་ངོ་བོ་སྲཱིཿམེ་དྲག་ཏུ་འབར་བའི་སྒྲ། ཨོཾ་ཀུ་རུ་ཀུལླེ་སྲཱིཿསྭཱ་ཧཱ། ཞེས་པར་གྲག་པ། རླུང་རང་བཞིན་གྱིས་ལྡང་བ་ན། དཔའ་བོ་བསྐུལ་བའི་ཕྱིར་ལྷ་མོའི་སྙིང་གའི་ཡིག་འབྲུ་དེ། དེ་ཉིད་ཀྱི་ཤངས་གཡས་པའི་སྒོ་ནས་འཐོན། དཔའ་བོའི་ཡང་ཤངས་གཡས་པའི་སྒོ་ནས་ཞུགས་ནས་སྙིང་གར་སྲཱིཿདཀར་པོ་བསིལ་བ་ཞིག་ཏུ་གྱུར་ཏེ། འོད་ཟེར་གྱི་བྱིན་རླབས་འཕྲོ་བའི་སྒྲ། སྲཱིཿ པདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ྄་ཅེས་པར་གྲགས་པ། རླུང་ནང་དུ་འཇུག་པའི་དུས་དཔའ་བོའི་ཤངས་གཡོན་ནས་འོངས་ཏེ་ལྷ་མོའི་ཤངས་གཡོན་པ་ནས་ཞུགས་པ། གནས་པའི་དུས་སྔར་བཞིན་ཡང་ནས་ཡང་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གོམས་ནས་སྲཱིཿཡིག་འགྲོ་འོང་གི་དུས་སུ་རང་རང་གི་དབང་པོའི་སྒོ་གཡས་པ་ཐམས་ཅད་ནས་འོད་ཀྱི་ཕོ་ཉ་དང་ཕོ་ཉ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་ཏེ། ཁམས་གསུམ་པ་ཐམས་ཅད་ལ་ལྕགས་ཀྱུས་བཏབ་སྟེ་དབང་དང་ཕྲལ་ནས་དེ་དག་གི་བསོད་ནམས་སྟོབས་ཐམས་ཅད་དབང་པོ་གཡོན་པ་ཐམས་ཅད་ཀྱི་སྒོ་ནས་ཚུར་བཀུག་རང་དང་ལྷན་ཅིག་བཅིངས་བསྡམས་མཉེས་པར་བྱས་པར་བསམ་མོ། །དེས་དངོས་གྲུབ་ཀྱི་མཚན་མ་སྔར་བཏང་ནས་གྲུབ་པ་བརྒྱད་ལ་སོགས་པ་ཕྱིས་རང་རང་འོངས་ནས་རྣལ་འབྱོར་པ་དེའི་འདོད་པ་རྫོགས་པར་བྱེད་དོ། །འདི་ནི་ས་འོག་གི་སྒྲས་འཇིག་རྟེན་གཏི་མུག་གིས་རྨོངས་པ་བཤད་པ་ཡིན་ལ། དེ་སྦྱང་བ་ནི་ཟབ་པ་བསྐྱེད་པའི་རྣལ་འབྱོར་འདིས་ཡིན་ཏེ། མི་ཤེས་པ་ཞེས་བྱ་བ་ནི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ཟུང་དུ་འཇུག་པའི་ལྷར་མི་ཤེས་པ་ཡིན་ལ། འདིར་ནི་དེ་ཤེས་པར་བྱེད་པས་སོ། །གཉིས་པ་ནི། དེ་ནས་སྟེང་རླུང་ཉི་མ། འོག་རླུང་ཟླ་བ། སྙིང་གི་ཕུག་ཏུ་སྒྲ་གཅན་གྱི་གདན་བསམ་པ་ལ་བཅུག་སྟེ། གསང་གནས་ཀྱི་བཅོམ་ལྡན་འདས་མ་དེ་ལང་ཚོའི་མས་བཅོམ་ལྡན་ལ་ཤིན་ཏུ་ཆགས་པའི་གདུང་བ་སྐྱེས་ནས་གཅེར་བུར་སྙིང་ཀུ་རུ་ཀུལླེའི་རིའི་ཕུག་པ་དེར་གཤེགས་ནས། རཱ་ཧུ་ལའི་གདན་མནན་ཏེ་འོད་ཀྱི་སྤྲིན་འདོད་པའི་ཡོན་ཏན་ལྔར་འབར་བས་བཅོམ་ལྡན་འདས་མཆོད་ཅིང་འདོད་པ་ལ་ཡོངས་སུ་འདྲིད་པའི་སྒྱུ་ཐབས་དེ་དང་དེ་བསྟན་པ་ན། སྔོན་དབང་ཕྱུག་ཆེན་པོ་ཨུ་མ་འདྲིད་པ་ལྟར་ཆགས་པ་བདོ་ནས་སྐར་མདའ་འཕངས་པ་བཞིན་སྐད་ཅིག་གིས་ཕུག་དེར་བྱོན། བཅོམ་ལྡན་འདས་མ་ལ་འཁྱུད་ནས་འདོད་ཆགས་ཆེན་པོའི་རྗེས་སུ་ཆགས་པ་ཚིམ་པ་མེད་པ་བརྩམས་པའི་མཐར། དཔའ་བོའི་སྐུ་ཡས་མས་ནས་ཞུ་བའི་ཐིག་ལེ་དཀར་པོ་ཞིག་དེའི་གསང་བའི་སྣ་རྩེར་ལྷུང་ངོ་། །རྐྱེན་དེས་ལྷ་མོ་ཡང་དེ་བཞིན་དུ་ཞུ་ནས་ཐིག་ལེ་དམར་པོར་གྱུར་ཏེ་དེ་ལ་འཁྱུད་དོ། །ཐིག་ལེ་འདྲེས་པའི་བདེ་བ་ཆེན་པོ་འབར་བས་རྟེན་དབང་པོའི་གཞུ་ལྟ་བུ་ཇེ་ཕྲ་ཇེ་ཕྲར་སོང་ནས་ཆོས་ཉིད་ཀྱི་གཞི་ལ་བསྟིམ་ཐིམ་པས་རྣམ་པ་མེད་པར་གྱུར་ཏོ། །སླར་དེ་བཅོམ་ལྡན་འདས་མའི་རང་བཞིན་དུ་སད་པའི་གླུས་བསྐུལ་བས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་ཡབ་ཡུམ་ཁ་སྦྱོར་བ་དེར་བཞེངས་ནས་ཚིམ་པ་ཉིད་ཀྱིས་སོ་སོའི་ཡུལ་དུ་གཤེགས་སོ། །དེ་ལྟ་བུ་རླུང་བུམ་པ་ཅན་རེ་ལ་རྫོགས་པར་བསྒོམ་ཞིང་། ཡང་དང་ཡང་དུ་བསླབ་བོ། །སའི་སྒྲ་འདོད་ཆགས་ཀྱིས་རྨོངས་པའི་འཇིག་རྟེན་བཤད་ལ། དེ་སྦྱངས་པ་ནི་རྫོགས་པ་འདོད་ཆགས་ཆེན་པོའི་སྐུར་བསྟན་པའི་རྡོ་རྗེའི་ཆགས་པ་འདིས་ཏེ། འདོད་ཆགས་ནི་རང་བཞིན་མ་རྙེད་པ་ལ་འཁོར་བའི་རྐྱེན་དུ་འགྱུར་ཡང་། ཤེས་པ་ལ་གྲོལ་བར་བྱེད་པའི་ཐབས་མཆོག་ཏུ་འཆར་བས་སོ། །གསུམ་པ་ནི། ཚུལ་དེས་ས་བཅུའི་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ལུས། ས་བཅུ་གཅིག་པར་སྒྲིབ་པ་དང་བཅས་པའི་རྟེན་ཡོངས་སུ་གྱུར་པའི་ངོ་བོ་འོད་གསལ་བར་རབ་ཏུ་འཇུག་པ་སྟོན་ནོ། །དེས་ནི་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་དྲུངས་ཕྱུང་བས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བ་བདེ་བ་ཆེན་པོ་གདུལ་བྱའི་འགྲོ་བའི་བསོད་ནམས་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་སྐད་ཅིག་གཅིག་ལ་བདེ་སྟོང་མཆོག་གི་བདག་ཉིད་ཟུང་དུ་འཇུག་པ་ལོངས་སྤྱོད་རྫོགས་པའི་སྐུ་བཅོམ་ལྡན་འདས་པདྨ་གར་གྱི་དབང་པོ་རིགས་ལྔའི་ཁྲག་འཐུང་ཆེན་པོ་མཐའ་ཡས་ཤིང་སྣ་ཚོགས་པའི་སྤྲུལ་པའི་སྐུས་ནམ་མཁའ་འགེངས་པས་གཞན་གྱི་དོན་ཡང་དག་པར་བསྒྲུབ་པ་འཆར་རོ། །འདིས་ནི་ས་སྟེང་གི་སྒྲས་ཞེ་སྡང་གིས་རྨོངས་པའི་འཇིག་རྟེན་བཤད་ལ། དེ་སྦྱང་བ་ནི་མཐར་ཐུག་པའི་ལམ་འདིས་ཏེ། ཞེ་སྡང་ནི་གཉིས་སུ་འཛིན་པ་ལས་བྱུང་བ་ཡིན་ལ། འདི་ནི་གཉིས་སུ་མེད་པ་ཟུང་འཇུག་ཆེན་པོ་ལ་ལམ་ཐམས་ཅད་སྦྱོར་བ་གཅིག་ཏུ་བྱེད་པས་སོ། །གསུམ་པ་ཚོགས་ཀྱི་དཀྱིལ་འཁོར་དུ་ལས་ལ་སྦྱར་བ་ལ། ཚོགས་ཀྱི་དཀྱིལ་འཁོར་སྤྲོས། ཏ་ན་རོལ་པ་བརྩམ། ག་ན་རོལ་པ་སྤྱད་པ་གསུམ་ལས། དང་པོ་ནི། ཆོས་ཉིད་རང་བཞིན་གྱི་ཏིང་ངེ་འཛིན་དེ་ལས་ཀུན་ཏུ་སྣང་བ། དེ་ལས་རྒྱུའི་ཏིང་ངེ་འཛིན་གསུམ་ལས། རྡོ་རྗེ་བཙུན་མོའི་བྷ་ག་ཞེས་པ་ནམ་མཁའ། རླུང་། རཀྟའི་རྒྱ་མཚོ། ཀེང་རུས་རི་རབ། བསྐལ་པའི་མེ་དཔུང་། ལུས་ཡོངས་སུ་སྦྱངས་བ། དུར་ཁྲོད་ཀྱི་གཞལ་ཡས་ཁང་ཟླ་གམ་དབང་གི་དཀྱིལ་འཁོར་དང་བཅས་པའོ། །དེ་ལ་བཞུགས་པ་ནི་སྐད་ཅིག་གིས་བསྐྱེད་པའི་པདྨ་གར་གྱི་དབང་ཕྱུག གཟུགས་ཀྱི་ཕུང་པོ་བུད་དྷ་ཁྲག་འཐུང་། ཚོར་བ་རཏྣ་ཁྲག་འཐུང་། འདུ་ཤེས་པདྨ་ཁྲག་འཐུང་། འདུ་བྱེད་ཀརྨ་ཁྲག་འཐུང་། རྣམ་ཤེས་བཛྭ་ཁྲག་འཐུང་། ཁམས་ལྔ་ཡུམ་ལྔར་དག་པ་གཅིག་གིས་གཅིག་ལ་འཁྱུད་པའི་སྤྱི་གཟུགས་ནམ་མཁའི་དབྱིངས་ལྟར་མཐིང་ནག་དྲེགས་པ་ཅན་ཐམས་ཅད་འཇིགས་ཤིང་འཇིགས་པར་མཛད་པ་ཡན་ལག་རགས་ཤིང་ལྟོ་བ་འཕྱང་བ་ཞལ་གཅིག་པ་རྟ་མི་གཟན་གྱི་མགྲིན་པ་ཅན། རྡོ་རྗེ་ཕག་མོ་མཐིང་ནག་དུར་ཕག་གི་གདོང་པ་ཅན་དང་རྩེ་བ། གཤིན་རྗེ། མ་མོ། གཟའ། སྲིན་པོ། བདུད། གནོད་སྦྱིན། ཀླུ། ལྷའི་ཚོགས་དང་བཅས་པས་བསྐོར་བ་དེར་ལྡང་ངོ་། །དེ་ཡང་ཁྲག་འཐུང་རིགས་ལྔ་འཁོར་དུ་བསྐོར་བ་ལྟ་བུ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཉིད་རིགས་གང་དང་གང་གིས་གདུལ་བྱ་ཞི་བ་ལ་སོགས་ལས་རབ་འབྱམས་གང་དང་གང་གིས་འདུལ་བའི་སྐབས་དེ་དང་དེར་མོས་པ་བཞིན་འཆར་བ་ནི་བར་སྣང་གི་ཟླ་བ་གཅིག་ཉིད་ཆུ་ཀླུང་གིས་དབྱེ་བས་སྣ་ཚོགས་པའི་བརྙན་པོར་སྣང་བ་བཞིན་ནོ། །ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ་ནི། སྔོན་དེ་དག་གཡོག་དང་བཅས་པས་མགྲིན་གཅིག་ཏུ་རང་རང་གི་སྐད་དུ་དམོད་མོ་དང་མཚང་ཚིག་མདོངས་གསོལ་དུ་འབུལ། དཔའ་བོ་རྟ་མགྲིན་གྱིས་ཀྱང་ལྷ་མ་སྲིན་གྱི་བརྡ་སྒྲ་དགུ་མི་བརྗེད་པའི་གཟུངས་སུ་གཏད། དབང་ཆེན་གྱི་ཕོ་ཉར་བརྟན་ནས་གཟུངས་སུ་བཞག ལྷ་མ་སྲིན་གྱིས་བརྡ་སྐད་དགུ་བསྒྲགས་པའི་དུས་སུ་ཅི་བསྒོ་ཉན་པའི་ར་མདའ་བྱ་བར་ཁས་འཆེ་བས་སོ། །འདིར་དཔལ་ཆེན་པོ་རྟའི་མགྲིན་པ་གཅིག་ཏུ་བྱེད་པ་ནི་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ཡིན་ལ། ཁྲོ་བོའི་ཞལ་ནི་གཅིག་གམ་གསུམ་ལ་སོགས་པར་ཕྱེ་བ་ནི་མ་ཏྲཾ་རུ་དྲའི་གཟུགས་ཉིད་དབང་དུ་བྱས་པ་ཙམ་གྱི་གནས་སྐབས་ཡིན་ལ། འདི་ནི་དེའི་གཟུགས་དངོས་པོ་མེད་པ་ཉིད་དུ་རྣམ་པར་ཐིམ་པའི་གནས་སྐབས་ལ་དགོངས་པ་ཡིན་པས་གནས་སྐབས་ཤན་ཕྱེད་པར་བྱའོ། །འདི་ལྟ་བུའི་ལྷ་ཚོགས་ཐམས་ཅད་ཀྱང་རང་རང་གི་སྔགས། ཧཱུཾ་བཛྭ་ཀྲོ་དྷཱ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ྄། བཛྭ་བྷཻ་ར་ཝ་ཝཱ་རཱ་ཧི་ཨ་ཡ་མ་དུ་རུ་ཙ་ཤ་ན། ཞེས་པའི་སྒྲ་ལྷང་ལྷང་སྒྲོག་པ་ཁམས་གསུམ་དབང་དུ་སྡུད་ཅིང་དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕོ་ཉ་དང་ཕོ་ཉ་མོའི་སྤྲིན་མཐའ་ཀླས་པ་འགྱེད་པའོ། །དེ་ལྟར་བསྟན་པ་རྡོ་རྗེའི་གླུ་བླངས་ཏེ་བྱིན་གྱིས་བརླབ་བོ། །གཉིས་པ་ནི་གཉིས་ཏེ། དགོས་པའི་དོན་ལ་སྦྱོར་བ་དང་། དགའ་བའི་དོན་ལ་སྦྱོར་བའོ། །དང་པོ་ནི། སྡེ་བརྒྱད་ཀྱི་ཁྲོམ་ཆེན་པོ་དེ་དག་གི་དབང་མཚན་ཁྲག་ཐིག་ལེར་བྱས་པའི་སྤོས། མེ་ཏོག མར་མེ། དྲི་ཆབ། གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་བདའ་བ། རེག་བྱ་འཇམ་པ་ཐམས་ཅད་དང་བདུད་རྩི་ལྔ་དང་སྒྲོན་མ་ལྔ་དང་བྱས་པའི་ཚོགས་གཏོར་མཆོད་པར་ཕུལ་ལ། དབང་པོ་རྣམས་ཅི་བདེ་བས་གཉིས་སུ་མེད་པས་ལོངས་སྤྱད། དེ་དག་གི་བསྟོད་པའི་དམ་པས་བསྟོད་པར་བསམ་མོ། །གཉིས་པ་མེ་ཐུ་ནའི་དོན་དུ་སྡེ་བརྒྱད་ཀྱི་བུ་མོའམ། མིའི་བུད་མེད་པདྨ་ཅན་གྱི་མཚན་ཉིད་དང་ལྡན་པ་ཕོ་ཉ་རྣམས་ཀྱི་བྷ་གར་ལྕགས་ཀྱུས་བཏབ། ཞགས་པས་བཅིངས། རླུང་གི་གཞུ་ལ་བསྐྱོན། དབང་དང་བྲལ་བར་བདག་གི་དྲུང་དུ་ཁྲིད་དེ་ཕུལ་བར་བསམ་མོ། །ཨ་ཡ་མ་དུ་རུ་ཙ་ན་ཤ། ཆེ་གེ་མོ་མོ་ཧ་ཡ་ཞེས་བཏགས་ལ་བཟླས་པས་གང་འདོད་པ་སྐད་ཅིག་དེ་ལ་འོངས་ཏེ། རང་ཉིད་ཀྱི་ལུས་ལ་ཕོ་བརྒྱུད་ཐམས་ཅད་དང་མོ་བརྒྱུད་ཐམས་ཅད་དེ་ལ་བསྟིམ་སྟེ་བཅོམ་ལྡན་འདས་ཡབ་ཡུམ་གྱི་འདུ་ཤེས་བརྟན་པོས་དུང་ཅན་དང་ཀཱ་ཀ་མུ་ཁ་རྡོ་རྗེ་དང་པདྨ་གཟུང་བ་དང་འཛིན་པ་ཐབས་དང་ཤེས་རབ་ཡང་དག་པར་སྦྱར་ཏེ། གཉིས་ཀའི་ཐིག་ལེ་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་ཕབ་ཅིང་། དང་པོར་གསང་གནས་ཙམ་དུ་ཕབ་ཅིང་བཟློག དེ་ནས་རྡོ་རྗེའི་བུ་གའི་བར་དུ་ཁད་ཀྱིས་ཕབ་ནས་རྣམ་པར་སྦྱར་ཞིང་ཐིག་ལེ་ཕྱིར་མ་འཕོས་པར་བྱ། འཕོས་ན་དམྱལ་བར་ལྟུང་བས་སོ། །དེ་ལྟར་རྡོ་རྗེ་ནོར་བུར་བསྐྱིལ་བའི་བདེ་བ་རྣམ་པ་ཐམས་ཅད་པར་སྤྲོ་ཞིང་སྤྲོས་པ་ཉེ་བར་ཞི་བ་ཉིད་དུ་བསྡུ་བས་རང་བྱུང་དུ་ཁམས་ཐམས་ཅད་གྱེན་དུ་དེ་བཞིན་གཤེགས་པར་གྱུར་ཏེ། དཀྱིལ་འཁོར་བཞིའི་མཐར་ཐུག་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་ནས་བཅུ་དྲུག་པའི་གང་བ་གཙུག་ཏོར་དུ་འཆིང་བར་འགྱུར་ཏེ་པདྨ་གར་གྱི་དབང་ཕྱུག་ཐོབ་པ་ཞེས་བྱའོ། །གསུམ་པ་ནི། དགྲ་དང་བགེགས་ཞེས་བཞག་པ་བདག་ཏུ་ལྟ་བའི་གཞི་དེ་དག་གི་ཉེར་ལེན་གྱི་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ནང་དུ་རང་ཉིད་ཀྱི་སོ་སོ་རང་རིག་པའི་རྟ་མཆོག་ཞུགས་ཏེ་ལུས་ཐམས་ཅད་སྐུས་བརྒྱངས། ངག་ཐམས་ཅད་གསུང་གིས་དབང་དུ་བསྡུས། ཡིད་ཐམས་ཅད་ཐུགས་ཀྱིས་མནན་པས་དེ་དག་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱིས་གཉིས་སུ་མེད་པར་ལོངས་སྤྱོད་དེ། ཕུང་པོ་ཁམས་དེ་དག་ལྷར་བཞེངས་པའི་རྟ་བྲོ་བརྡུངས་པས་ཐམས་ཅད་གཉིས་སུ་མེད་པའི་ཀློང་དུ་བསྒྲལ་བར་གྱུར་པ་རྗེས་སུ་དྲན་པར་བྱའོ། །འདི་ལྟ་བུའི་སྦྱོར་བ་དང་སྒྲོལ་བ་ཆོས་སུ་སྨྲ་བ་ནི་སྔགས་འཆང་ཆེན་པོའོ། །དེ་ལྟར་དཔལ་ཆེན་པོའི་རྟ་སྐད་སྒྲོག་པའི་མན་ངག་པདྨ་དཀར་པོས་རྒྱལ་བྱེད་ཀྱི་ཚལ་དུ་སྦྱར་བའོ།། །།སརྦ་མངྒ་ལཾ།། །།
གཏུམ་པོ་ཁྱུང་ལྔའི་སྒྲུབ་ཐབས།
གཏུམ་པོ་ཁྱུང་ལྔའི་སྒྲུབ་ཐབས་བཞུགས་སོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ཕྱག་ན་རྡོ་རྗེའི་རྣལ་འབྱོར་བྱེད་པར་འདོད་པས། སྟན་བདེ་བ་ལ་འདུག་ཅིང་ལུས་ཅི་བདེ་བར་བསྡད་ལ། དང་པོ་ཆོས་ཐམས་ཅད་སྟོང་པར་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་སྙམ་དུ་བསམ། དེ་ནས་བདག་ཉིད་གཏུམ་པོའི་སྐུར་ལངས་ལ་སེམས་ཅན་གྱི་དོན་བྱ་སྙམ་དུ་བསམ། དེའི་རྗེས་ལ་སྟོང་པའི་ངང་ལ་ཉི་མའི་དལ་ཅིག་བསམ། དེའི་སྟེང་དུ་ཧཱུྃ་མཐིང་ནག་འབར་བ་ཅིག་བསམ། དེ་ལས་འོད་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དུ་ཞུ་ནས་རྡོ་རྗེ་མཐིང་ནག་འབར་བ་ལས། ཧཱུྃ་མཐིང་ནག་འབར་བས་མཚན་པ་ཞིག་བསམ། ངག་ཏུ་ཨོཾ་བཛྭ་པཱ་ཎི་ཧཱུྃ་ཕཊ྄་ཅེས་བརྗོད་པས། དེ་རྣམས་ཡོངས་སུ་གྱུར་པ་ལས་བདག་རྡོ་རྗེ་གཏུམ་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྐུ་མདོག་སྔོན་པོ། ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་པ་འཕྱར་བ། གཡོན་པར་དྲིལ་བུ་སྐུ་ལ་བརྟེན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། འཇིགས་སུ་རུང་བའི་རྒྱན་གྱིས་བརྒྱན་པ། གདན་པདྨ་དང་ཟླ་བ་དང་། ཉི་མའི་སྟེང་ན་ཞབས་གཡོན་བརྐྱངས་པས་དབང་ཕྱུག་ཆེན་པོ་ཁ་དོག་སྔོན་པོ་མནན་པ། གཡས་བསྐུམས་པས་ཨུ་མ་དེ་བ་ཁ་དོག་དམར་པོ་མནན་པ། མེ་རི་མེ་དཔུང་གི་གསེབ་ན་བདག་ཉིད་གནས་པར་བསྒོམ་མོ། །དེ་ནས་སྤྱི་བོར་གོ་བསྒོ་བ་ལ་གཉིས་ཏེ་རྡོ་རྗེའི་གོ་བགོ་བ་ནི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུྃ་གནས་པར་བསམས་ལ། ངག་ཏུ་ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་པས། སྤྱི་བོའི་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་འཕྲོས་པས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་རྡོ་རྗེའི་ཞུ་ལུགས་སུ་གྱོན་པར་བསམ། དེ་ནས་ངག་ཏུ་ཨོཾ་བཛྭ་ག་རུ་ཌ་ཧཱུྃ་ཞེས་བརྗོད་པས་སྙིང་གར་རྡོ་རྗེའི་ཁྱུང་སྒྲུབ་པ་ལ་ཁྱུང་གི་གོ་བགོ་བ་ལ་གཉིས་ལས་བསྙེན་པ་ལ་ཡིག་འབྲུས་ཆོ་ག་སྔོན་པོ་ཕྱག་གཡས་རྡོ་རྗེ། གཡོན་སྦྲུལ་སྔོ་ཁྲ་བཟུང་བ། མཆུ་དང་སྒྲོ་གཤོག་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བསམ།པ་དང་གཅིག བུདྡྷ་ག་རུ་ཌ་ཨོཾ་ཞེས་བརྗོད་པས་སྤྱི་བོར་འཁོར་ལོའི་ཁྱུང་གཡས་འཁོར་ལོ་དང་གཡོན་སྦྲུལ་དཀར་ཁྲ་བཟུང་བ་མཆུ་སྒྲོ་ཐམས་ཅད་འཁོར་ལོ་དཀར་པོ་དང་གཉིས་པདྨ་ག་རུ་ཌ་སྲཱིཿ ཞེས་པས་མགྲིན་པར་པདྨའི་ཁྱུང་གཡས་པདྨ་དང་གཡོན་སྦྲུལ་དམར་ཁྲ་བཟུང་བ་མཆུ་སྒྲོ་ཐམས་ཅད་པདྨ་དམར་པོ།དང་གསུམ། རཏྣ་ག་རུ་ཌ་ཏྲཱྃ་ཞེས་པས་ལྟེ་བར་རིན་པོ་ཆེའི་གཡས་རིན་པོ་ཆེ་དང་གཡོན་སྦྲུལ་སེར་ཁྲ་མཆུ་དང་སྒྲོ་ཐམས་ཅད་རིན་པོ་ཆེ་ཁྱུང་སེར་པོ།དང་བཞི། ཀརྨ་ག་རུ་ཌ་ཨཱཿ ཅེས་པས་གསང་བར་གཡས་རལ་གྲི་གཡོན་སྦྲུལ་ལྗང་ཁུ་མཆུ་གཤོག་ཐམས་ཅད་རལ་གྲི་རལ་གྲིའི་ཁྱུང་ལྗང་ཁུ་བསམ་མོ།།པ་དང་ལྔའོ།། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ནི།དེ་ནས་སྙིང་གྱེན་ལ་ལོག་པས་པདྨ་འདབ་བཞིར་གྱེས་པའི་སྟེང་དུ་ཉི་མ། དེའི་སྟེང་དུ་རྡོ་རྗེ་མཐིང་ནག་འབར་བའི་ལྟེ་བ་ལ་ཉི་མ་ཞིག་བསམ། ཉི་མའི་སྟེང་དུ་ཧཱུྃ་ནག་པོ་ཞིག་བསམ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ནི།དེ་ནས་སྙིང་གའི་རྡོ་རྗེའི་ལྟེ་བ་ལས་སྣ་བུག་གཡས་ནས་ཕར་འོད་ཟེར་འཕྲོས་སོང་བ་དང་། བདག་གི་ངག་ཏུ། ཧཱུྃ་བདེ་གཤེགས་གཙོ་བོ་གཏུམ་པོ་དང་། །ལྷ་རྣམས་ཕྱོགས་སུ་འཁོད་པ་དག །བདག་དང་སེམས་ཅན་རྒྱུད་སྦྱང་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཨེ་་ཧི་བྷ་ག་ཝཱན། མཧཱ་ཀ་རུ་ཎི་ཀ་ཧོཿས་མ་ཡ་ཛཿས་མ་ཡ་ཧྶཾ། བཛྭ་ཨངྒུ་ཤ་ཛ། ཞེས་བརྗོད་པ་དང་། སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་བདག་ཉིད་འདྲ་བ་ཞིག་དང་ཕྱོགས་བཅུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་པར་བསམ་ལ། ཡི་གེ་བརྒྱ་པ་ཚར་གཅིག་བརྗོད་པས་སྤྱི་ཁྲུས་གསོལ་བར་བསམ། ས་མ་ཡ་ཧྶཾ། ས་མ་ཡ་ཛཿ ཞེས་བརྗོད་པས་ཡོན་ཆབ་ཕུལ་བས་ཞལ་བསིལ་བར་བསམ། ཨོཾ་ཨ་པྲ་བ་ར་སདཀར་ཨ་ཙིཏྟི་སྭཱ་ཧཱ། ཞབས་བསིལ་བར་བསམ། ཨོཾ་ཀ་མ་ལ་ཡེ་སྭཱ་ཧཱ། ཞེས་པས་མེ་ཏོག་ཅིག་ཕུལ་བས་གདན་ལ་བཞུགས་པ་ལ་བདུན་རྣམ་དག་བྱ་བ་ནི། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང་། །སྨོན་ལམ་དབང་གིས་ཁྱུང་ཆེན་སྐུར་སྤྲུལ་ནས། །ཐབས་ལ་མཁས་ཕྱིར་སྣ་ཚོགས་སྐུར་སྟོན་པ། །རྒྱལ་སྲས་ཁྱུང་གི་ཚོགས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐམས་ཅད་ལ། །བདག་གིས་ཅི་ནུས་དམིགས་པའི་མཆོད་འབུལ་ན། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་ལྟར། །སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་གྱུར་ཅིག །ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་བཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་པས་ལྷ་མོ་མེ་ཏོག་མ་དཀར་མོ་ཕྱག་ན་མེ་ཏོག་ཐོགས་པ་རང་གི་སྙིང་ག་ནས་བཏོན་ལ་ཡེ་ཤེས་སེམས་དཔའི་སྤྱི་བོར་བསྟིམ་མོ། །བཛྭ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་དེས་འགྲེ་བར་བདུག་སྤོས་མ་སྔོན་མོ་དང་། བཛྭ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་མར་མེ་མ་དམར་མོ་དང་། བཛྭ་གནྡྷེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་དྲི་ཆབ་མ་ལྗང་ཁུ་དང་། བཛྭ་ནེ་ཝཻ་དྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་ཞལ་ཟས་མ་སེར་མོ་དང་། བཛྭ་གྷཎྜྻ་ར་ཎ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་རོལ་མོ་མ་ཁྲ་མོ་རྣམས་བདག་གི་ཐུགས་ཀ་ནས་བཏོན་ལ་ཤངས་དང་སྤྱན་དང་ཐུགས་དང་སྙན་དུ་བསྟིམ་མོ། །དེ་ནས་བདག་གིས་ཐོག་མ་མེད་དུས་ནས། །སྡིག་པ་མ་ལུས་བགྱིས་པ་རྣམས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་སོ་སོར་བཤགས་པར་བགྱིས། །ཤེས་རབ་སྙིང་རྗེར་ལྡན་པའི་བྱང་ཆུབ་སེམས། །དུས་གསུམ་རྒྱལ་བས་ཇི་ལྟར་བསྐྱེད་པ་བཞིན། །དེ་ཡི་རྗེས་སུ་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ་སེམས་དེ་ནམ་ཡང་མི་གཏང་ངོ་། །བླ་མ་རྡོ་རྗེ་འཆང་དང་ནི། །གསང་སྔགས་ཀུན་བདག་རྡོ་རྗེ་འཆང་། །རིག་པ་འཛིན་པའི་རྣལ་འབྱོར་རྣམས། །དགེ་བ་མཛད་ལ་རྗེས་ཡི་རངས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །འཁོར་དང་བཅས་ལ་ལུས་འབུལ་ན། །བཞེས་ནས་བདག་ལ་རྗེས་མཐུན་པའི། །དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ད་ལྟ་དགེ་བ་གང་བསགས་པ། །བདག་དང་སེམས་ཅན་དོན་སླད་དུ། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཞེས་བརྗོད་ལ་བསྟོད་པ་འདིས་བསྟོད་དོ། །འགྲོ་བ་ཀུན་གྱི་དཔལ་གྱུར་པ། །མཐུ་སྟོབས་དཔལ་ལྡན་རྡོ་རྗེ་ཕྱག །གདུག་པ་མ་ལུས་ཀུན་འདུལ་མཛད། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །གང་གིས་གང་ལ་ཅི་འདུལ་བ། །སྣ་ཚོགས་སྐུར་ནི་སྟོན་པར་བྱེད། །ཁྱུང་ཆེན་ཉིད་དུ་སྤྲུལ་བྱས་ནས། །ཀླུ་གཉན་འདུལ་ལ་ཕྱག་འཚལ་བསྟོད། །ཡང་སྤྲུལ་བྱེ་བ་བསམ་མི་ཁྱབ། །སྤྲུལ་པའི་ཁྱུང་ནི་གློག་སྟོང་འཁྱུག །ཀླུ་སྲིན་དགུ་བརྒྱའི་སྙིང་ནས་འབྱིན། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མི་མ་ཡིན་གྱིས་འཚེ་བྱེད་པ། །འཇོམས་ཕྱིར་ཁྱུང་ཆེན་སྐུ་སྤྲུལ་པ། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །རྣམ་རྟོག་འཇོམས་མཛད་ཐུགས་རྗེའི་བདག །སོ་སོའི་རིགས་ཀྱི་སྐུར་སྟོན་པ། །ཁྱུང་ཆེན་ལྔར་ནི་རབ་ཏུ་གྲགས། །བགེགས་རིགས་འཇོམས་ལ་ཕྱག་འཚལ་བསྟོད། །མཐུ་སྟོབས་དཔལ་ལྡན་རྡོ་རྗེ་ཕྱག །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཕྱོགས་བཅུ་ཀུན་ཏུ་འགྱེད་མཛད་པ། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཨེ་མ་བདེ་གཤེགས་ཐུགས་རྗེ་སྤྱན། །རྟག་ཏུ་མ་ཡེངས་སེམས་ཅན་དོན། །འགྲོ་དོན་རྟག་ཏུ་མཛད་པའོ། །རྣམ་རྟོག་འཇོམས་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །འཇིགས་བྱེད་ཆེན་པོ་ཁྲོ་བོ་ནི། །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །དབང་བསྐུར་མཆོག་ལྎ དཔའ་བོ་ཆེན་པོ་ཐབས་མཉེས་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །གདུག་པ་མ་ལུས་འཇོམས་མཛད་པ། རྡོ་རྗེ་ཅན་ལྎ བཅོམ་ལྡན་མགོན་པོ་རྡོ་རྗེ་ཅན། །ཨུཏྤལ་སྔོན་པོའི་མདོག་འདྲ་བའི། །ཁྲོ་བོའི་གཟུགས་སུ་རྣམ་པར་སྤྲུལ། །འཇོམས་པར་བྱེད་པ་འཇིགས་བྱེད་པ། །རྡོ་རྗེ་སྡིགས་མཛུབ་ཕྱག་རྒྱ་ཅན། །གཏུམ་པོ་དེ་ལྎ གཏུམ་ཞིང་དུལ་བ་བརྗིད་པའི་སྐུ། །སྣ་ཚོགས་ལས་རྣམས་མཛད་པ་པོ། །ཐོགས་མེད་ཡིད་བཞིན་ནོར་བུའི་ཚུལ། །རྡོ་རྗེའི་སྐུ་ལྎ དངོས་པོ་ཐམས་ཅད་རྣམ་དག་ཀྱང་། །སྨོན་ལམ་སྟོབས་ཀྱིས་སྒྲ་བྱུང་བ། །ཚིག་དང་བྲལ་བ་སྣ་ཚོགས་སྒྲ། །ཡིད་བཞིན་སྒྲ་འབྱུང་ཁྱོད་ལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་པར་སྒྲོག །བགེགས་རྣམས་མ་ལུས་སྲེག་མཛད་ཅིང་། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །བགེགས་ཀྱི་དགྲ་ལྎ ཇི་ལྟར་སྐུ་གསུམ་མཐའ་ཡས་ཀྱང་། །དངོས་པོ་མེད་ཅིང་མཚན་མ་མེད། །རྣམ་དག་དབྱིངས་ལས་མ་གཡོས་པའི། །ཐུགས་རྗེའི་ཐུགས་ལྎ ཡེ་ཤེས་གཉིས་མེད་ཚུལ་འཆང་ཞིང་། །ཐེག་ཆེན་རྟོགས་དཀའ་ཐུགས་སུ་ཆུད། །གསང་སྔགས་རྒྱལ་པོ་གསང་འཛིན་པ། །གསང་བདག་རྡོ་རྗེ་འཆང་ལ་འདུད། །ཇི་ལྟར་ནོར་བུ་ཡིད་བཞིན་མཛོད། །དེ་ལྟར་ཡོན་ཏན་མཛོད་གྱུར་ན། །སེམས་ཅན་རེ་བ་སྐོང་མཛད་པའི། །རྡོ་རྗེ་ནོར་བུ་ཁྱོད་ལ་འདུད། །སྐུ་ཡི་གསང་བ་མ་ལུས་ཁྱོད་སྟོན་ཅིང་། །གསུང་གི་གསང་བ་ཐུན་མོང་མ་ཡིན་གསུང་། །ཐུགས་ཀྱི་གསང་བ་རྟོགས་དཀའ་ཁྱོད་ཀྱིས་རྟོགས། །སྐུ་གསུང་ཐུགས་ཀྱི་བདག་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་རྡོ་རྗེ་གཏུམ་ཆེན་ཏེ། །ཀླུ་བདུད་འབྱུང་པོ་ཀུན་འདུལ་ནས། །དྲག་པོ་རབ་འབར་སྟོབས་པོ་ཆེ། །རྡོ་རྗེ་གཏུམ་པོ་ཁྱོད་ལ་འདུད། །དྲག་པོར་གྱུར་པ་འདུལ་བའི་ཕྱིར། །སྡིགས་མཛུབ་རྩེ་ལས་འོད་བྱུང་བས། །གདུག་པ་ཐམས་ཅད་ཀུན་འདུལ་བའི། །ཐོགས་མེད་རྡོ་རྗེ་ཁྱོད་ལ་འདུད། །ཅེས་བསྟོད་ལ། དེའི་རྗེས་ལ་ཡི་གེ་བརྒྱ་པ་བརྗོད་དེ། ཨོཾ་བཛྭ་པཱ་ཎི་ས་མཱ་ཡཱ། མ་ནུ་པཱ་ལ་ཡ། བཛྭ་པཱ་ཎི་ཏེ་ནོ་པ་ཏིཥྛ། ཌི་ཌྷྜྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྭ་པཱ་ཎི་མཱ་མེ་མུཉྩྨ། བཛྭི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་བརྗོད་པས་ལྷག་ཆད་དང་ཉེས་དམིགས་ཐམས་ཅད་བསྐང་ནས། མདུན་གྱི་ཡེ་ཤེས་སེམས་དཔའ་དེ་ཛཿཧཱུྃ་བཾ་ཧོཿས། བསྟིམ་ལ་བསྐལ་པ་མ་སྟོངས་བར་དུ་བཞུགས་པར་བསམ་མོ། །དེའི་རྗེས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་བརྗོད་པས། ཡེ་ཤེས་སེམས་དཔའ་དང་དུས་མཚུངས་སུ་བྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་རིག་པའི་ལྷ་མོ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་བཀང་བ་དཔག་ཏུ་མེད་པ་བྱུང་ནས། བདག་གི་སྤྱི་བོ་ནས་མར་ཆུ་བླུགས་ཤིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བདག་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་ནས་ཆུ་རྒྱུན་ཐ་མ་འཁྱིལ་བས་མི་བསྐྱོད་པས་དབུ་རྒྱན་པར་བསམ་མོ།།པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་རོ།། དེ་ནས་རང་གཏུམ་པོར་གནས་པའི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བ།བསམ་གཏན་གྱི་རྣལ་འབྱོར་རོ།། དེའི་སྙིང་པདྨ་འདབ་བཞིར་གྱེས་པའི་སྟེང་གི་རྡོ་རྗེའི་ལྟེ་བ་ལ་པདྨ་དམར་པོ་འདབ་མ་བཞི་པ་ཞིག་བསམ། པདྨའི་ལྟེ་བ་ལ་ཐིག་ལེ་སྔོན་པོ་སྲན་ཆུང་ཙམ་གཅིག་བསམ། ཐིག་ལེ་ལ་སེམས་ཇི་ཙམ་གནས་ཀྱི་བར་དུ་བསྒོམ་མོ། །དེ་ནས་བཟླས་པ་བྱ་བ་ནི། ཡང་སྙིང་གའི་རྡོ་རྗེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་ཞིག་བསམ། དེའི་དབུས་སུ་ཧཱུྃ་མཐིང་ནག་འབར་བ་གཅིག་བསམ། ཉི་མའི་ཐ་མ་ནང་བར་ལ་ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་བཛྭ་ག་རུ་ཌ་ཧཱུྃ་ཧཱུྃ་ཕཊ྄། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄་དུཥྚཾ་མཱ་ར་ཡ་སྭཱ་ཧཱ། ཞེས་པ་ཧཱུྃ་ལ་བསྐོར་ནས་ཡོད་པར་བསམ།བཟླས་པའི་རྣལ་འབྱོར་རོ།། བདག་གི་ངག་ཏུ་སྔགས་དེ་ཉིད་སྦྲུལ་མགོ་ལངས་པ་ལྟར་རྩ་ཡི་ནང་ནས་མར་ལ་སོང་། ཆུ་སོ་ནས་ཐོན་ཞལ་དུ་ཞུགས། དེ་ལྟར་འཁོར་བ་ལ་སེམས་གཏད་དོ། །བཟླས་པ་བྱེད་པའི་དུས་སུ་སྐྱོན་ལྔ་སྤངས་ལ་བཟླས་སོ།།བཟླས་པས་སྐྱོ་ན་སྐབས་འདིར་གཏོར་མ་བཏང་ངོ་།། ཟས་ཀྱི་རྣལ་འབྱོར་ཟ་བའི་དུས་སུ་ཡང་། ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། སུམ་མདོ་རླུང་གི་དཀྱིལ་འཁོར། ཕོ་བ་མེའི་དཀྱིལ་འཁོར། སྙིང་གར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཏུམ་པོའི་ངོ་བོར་བསྐྱེད་ལ། བླ་མ་ཡང་བསྐྱེད། ལག་པ་ཧོམ་གཟར། ཁ་ཧོམ་ཁུང་། ཟས་སྲེག་རྫས་སུ་བསམས་ལ། སྙིང་ཁའི་ལྷ་ལ་མཆོད་པར་བསམས་ལ་བཟའོ། །དེ་ནས་རྗེས་ཀྱི་དུས་སུ། ཐུན་མཚམས་ཐམས་ཅད་དུ་རང་གཏུམ་པོར་གནས་པའི་ཕྱག་མཚན་ཐུགས་ཀར་བསྡུས་ལ། སྤྱི་བོར་བླ་མ་དང་མ་བྲལ་བར་སྤྱོད་ལམ་ཐམས་ཅད་བྱའོ། །སྡིག་པ་ཕྲ་ཞིང་ཕྲ་བའི་དྲི་མས་ཀྱང་མ་གོས་པར་བྱའོ། །རྡོ་རྗེ་དྲིལ་བུ་ལ་མི་འགོང་བར་རྟག་ཏུ་བཅང་། མེ་ཏོག་སྔོན་པོ་ལ་མི་འགོང་། ཁྱུང་གི་དམ་ཚིག་ཏུ་བྱ་ཤ་དང་སྒོ་ང་མི་བཟའ། མི་གཙང་བ་ལ་འཛེམ། མ་གྲུབ་བར་དུ་རྟ་ཤའང་མི་བཟའ། ཀླུ་གཏོར་རྒྱུན་དུ་བཏང་། རྡོ་རྗེ་གཏུམ་པོའི་མངོན་པར་རྟོགས་པ་གཙང་པ་རྒྱ་རས་པས་གོང་མའི་གསུང་བཞིན་དུ་བཀོད་པ་རྫོགས་སོ། །འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒལཾ།། །།
རྡོ་རྗེ་གཏུམ་པོའི་རྩ་བའི་རྒྱུད་གསང་བ་མངོན་པར་བསྟན་པའི་བསྡུས་འགྲེལ་གསང་བའི་སྙིང་པོ།
རྡོ་རྗེ་གཏུམ་པོའི་རྩ་བའི་རྒྱུད་གསང་བ་མངོན་པར་བསྟན་པའི་བསྡུས་འགྲེལ་གསང་བའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་པདྨོ་ལ་གཏུགས་ཏེ་གུས་པ་ཐམས་ཅད་ཀྱིས་ཕྱག་འཚལ་ལོ། །ཐོས་པ་རྒྱ་མཚོ་མ་བསྒུལ་ཞིང་། །བསམ་པ་མཐའ་ཡས་ངལ་མེད་པར། །ལེགས་བཤད་བདུད་རྩིའི་གཏེར་འབྱིན་པའི། །བླ་མ་བདེ་འབྱུང་རྒྱན་དེས་སྐྱོངས། །བདེ་བར་གཤེགས་རྣམས་བགྲོ་བ་མཛད་ནས་གསང་གསུམ་བདག་པོར་ཁྱོད་བཀོང་ཟིལ། །སྲིད་པའི་དབང་ཆེན་ཡོངས་ཀྱིས་བཟོད་དཀའ་བཀའ་ནན་ཕབ་པས་བྲན་དུ་ཞུགས། །འཕྲོག་བྱེད་ང་རྒྱལ་ཆེན་པོ་སླར་ཁྲོས་ཞབས་ཀྱིས་བརྫིས་ནས་སྲོག་བྲལ་བས། །ནུས་པའི་དབང་ཕྱུག་ཆེན་པོའི་ཆེན་པོ་ཕྱག་ན་རྡོ་རྗེ་འཆང་ལ་བསྟོད། །རྒྱུད་རྒྱལ་ཙན་དན་འཁྲི་ཤིང་གི །ལོ་མ་ཐོབ་པས་ཕལ་ཆེར་ལོག །རྣམ་དཔྱོད་སྟ་རེ་བཟང་ངེད་ནི། །སྙིང་པོ་མ་ཕྱུང་བར་ཅི་ལ། །འདིར་དཔལ་འབྲུག་པ་རྡོ་རྗེ་འཆང་རིམ་པར་བྱོན་པའི་གསུང་ངག སྒྲུབ་ཐབས་སྐོར་ལྔའི་གྱ་བ། །རྡོ་རྗེ་གཏུམ་པོ་ནུས་མཐུའི་སྐོར་གྱི། །རྩ་བའི་རྒྱུད་ཆེན་པོ་འདི་བཤད་པར་བྱ་སྟེ། བཤད་བྱའི་མཚན། བཤད་ཚུལ་གླེང་གཞི། བཤད་གཞུང་གཏན་ལ་དབབ་པ་གསུམ་ལས། དང་པོ་ནི། རྒྱ་གར་སྐད་དུ། བྷ་ག་ཝན་བཛྭ་པཱ་ཎི་གུ་་ཨ་བྷི་ཝཱ་ངཱི་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཉིས་པ་བཤད་ཚུལ་གླེང་གཞི་ནི། ཕུན་སུམ་ཚོགས་པ་རྣམ་པ་ལྡས་སྟོན་ཏེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དུས་ཕུན་སུམ་ཚོགས་པ། སྟོན་པ་ནི་བཅོམ་ལྡན་འདས་ཞེས་པས་ཏེ། རྒྱུད་སྡེ་མང་པོར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཇམ་པའི་དབྱངས་དང་། འོད་དཔག་མེད་ལ་སྤྱན་རས་གཟིགས་དབང་ཕྱུག་དང་། མི་བསྐྱོད་པ་ལ་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སེམས་དཔའ་ཞེས་བཞག་པ་དང་མཐུན་པར་རྒྱུད་འདིའི་སྟོན་པ་ནི་ཕྱི་མ་དེ་ཡིན་ལ། དེས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཞུ་བ་པོར་གྱུར་པ་དང་། ཡང་། འཆད་པ་པོ་ང་ཆོས་ཀྱང་ང་། རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་དགྱེས་པའི་རྡོ་རྗེ་ལས་བཤད་པ་ལྟར་རྣམ་པར་དཔྱད་ན་ཞུ་བ་པོ་ཡང་སྟོན་པ་དེ་ཉིད། ཆོས་ཀྱང་དེ་ཉིད། འཁོར་དང་དུས་ཀྱང་དེ་ཉིད་དུ་བཞག་གོ །གནས་ནི་ལྕང་ལོ་ཅན་གྱི་ཕོ་བྲང་ན། རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་པའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་ལ་གནོད་སྦྱིན་ལག་ན་རྡོ་རྗེ་འཆང་བ་ལྔ་བརྒྱ་རྣམས་གནས་པར་བཤད་པ། རོ་ལྡན་དུ་གྲགས་པ་དེ་ཡིན། དེའི་ནང་གི་བྱང་ཤར་གཙོ་བོའི་གནས་སུ་གྲགས་པའི་ཕོ་བྲང་ཆེན་པོའོ། །འདི་ཡང་རྣམ་པར་དཔྱད་ན། རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སྣང་བར་བཤད་པའི་འོག་མིན་དང་ཐ་མི་དད་པའོ། །འཁོར་ནི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་ཚོགས་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་། རིག་པའི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་དང་། ལྷ་མ་སྲིན་གྱི་ཚོགས་དང་། གནོད་སྦྱིན་ལྔ་བརྒྱ་དང་བཅས་ཏེ། ཞེས་པ། ཆོས་ནི་ཕུན་སུམ་ཚོགས་པ་བཞི་འཛོམས་པ་དེའི་ཚེ་རྒྱུད་འདི་སྟོན་པའི་དུས་ལ་བབ་པ་ཡིན་པས། སྟོན་པ་བདུད་ཐམས་ཅད་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །གླེང་གཞི་ངོ་མ་ནི་འདི་ཡིན་ཏེ། བཞུགས་པ་དེའི་མཐུས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་འཁོར་གྱི་ནང་དེ་ནས་ལངས་ཏེ། བླ་གོས་ཕྲག་པ་ལ་གཟར་ནས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གསང་བའི་རྡོ་རྗེ་འཛིན། སོགས་ཀྱིས་གསོལ་བ་བཏབ་པ་ནི་གླེང་བསླང་བའོ། །དེ་ལྟར་བསྐུལ་བའི་ངོར། སྟོན་པ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཐུགས་ཀར་ཡེ་ཤེས་ལྔ་མི་ཕྱེད་པའི་རྡོ་རྗེ་ལན་གསུམ་དུ་གསོར་རོ། །དེ་གསོར་བས་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་འགུལ་བ་དང་། ལྡེག་པ་དང་གཡོ་བ་ལ་སོགས། ལྟས་ཆེན་པོ་བཅོ་བརྒྱད་ཀྱིས་ཀུན་ཏུ་འཁྲུགས་ཏེ། གདུག་པ་ཅན་ཀླུ་འདུལ་བ་ཞེས་བྱ་བའི་འོད་ཟེར་བཀྱེ་ནས་སླར་ཐུགས་ཀར་ཐིམ་པ་ལས། རྡོ་རྗེ་དེའི་ལྟེ་བ་ནས་ཡུམ་དཔའ་མོ་རྡོ་རྗེ་བདེ་མ་ཕྱུང་། དེས་སྟོན་པ་ལ་གཡས་ཕྱོགས་སུ་བསྐོར་བ་ལན་གསུམ་བྱས་ནས། ཕྱག་བྱས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་ཞུས་སོ། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ནི། གསང་བ་དམ་པ་གང་ཡིན་པ། རྡོ་རྗེ་འཛིན་པས་ལེགས་པར་གསུངས། འདི་ནི་རྙེད་དཀའི་རྒྱུད་ཆེན་ཏེ། རིན་ཆེན་ལྟ་བུར་འདོད་འབྱུང་བ། གྲངས་མེད་ཚོགས་ལས་བྱུང་བ་འདི། ཐུགས་རྗེའི་རང་བཞིན་སྟོང་པ་ལས། བཅོམ་ལྡན་ཁྱོད་ཀྱིས་བཤད་དུ་གསོལ། ཞེས་ཞུས་པ་དང་ཞལ་འཛུམ་པ་མཛད་ནས། བྱམས་པ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ནས། ཚུར་འདུས་ནས་རང་གི་ཞལ་དུ་ཐིམ་པ་དང་། དཔའ་མོ་རྡོ་རྗེ་བདེ་མ་ཁྱོད། །སྟོང་པའི་རང་བཞིན་བདག་མེད་མ། །ཇི་ལྟར་ཞུས་བཞིན་བཤད་པར་བྱ། །གུས་པས་ཉོན་ལ་ལེགས་པར་ཟུངས། །ཞེས་ཞལ་གྱིས་བཞེས་སོ། །འདིར་ཞུ་བ་དང་པོ། ཐབས་ཀྱི་གདུལ་བྱའི་དབང་དུ་བྱས་ལ། དེ་ཙམ་གྱིས་ཀྱང་རྣལ་འབྱོར་རྒྱུད་དུ་བཞག་པ་དང་། ཞུ་བ་ཕྱི་མ་ཤེས་རབ་ཀྱི་འཁོར་འདུལ་ཕྱིར་དུ་སྟེ། དེས་བླ་ན་མེད་པའི་རྒྱུད་དུ་བཞག་པས། དོན་ལ་རྒྱུད་ཐམས་ཅད་ཐབས་ཤེས་གཉིས་སུ་མེད་པ་ཡིན་པ་ལྟར་སྟོན་པ་ཞེས་པའོ། །སྔོན་བྱུང་གི་གླེང་གཞི་འདིས། རྗེས་འཇུག་རྣམས་ཀྱིས་མངོན་པར་རྟོགས་པ་སློང་བའི་ཚུལ་བཤད་དེ། དང་པོར་ཏིང་ངེ་འཛིན་ལ་བཞུགས་པ། བསྙེན་པ། དེ་ནས། དེ་ལས་བཞེངས་ཏེ་ཐུགས་ཀར་རྡོ་རྗེ་ལན་གསུམ་གསོར་བས་འཇིག་རྟེན་གྱི་ཁམས་འཁྲུགས་པར་མཛད་པ་སྒྲུབ་པ་སྟེ། ལུས་ལྷའི་རྩལ། ངག་ནུས་པའི། ཡིད་ཏིང་ངེ་འཛིན་གྱི་རྩལ་འབྱིན་པ་ཞེས་བྱའོ། །དེ་ནས་གདུག་པ་ཅན་ཀླུ་འདུལ་བའི་འོད་ཟེར་སྤྲོས་བསྡུ་བ་ནི་ཚར་བཅད་པ་དང་རྗེས་སུ་འཛིན་པའི་ལས་ལ་སྦྱོར་བ། སླར་ཞལ་ནས་འོད་ཟེར་གྱི་སྤྲོ་བསྡུ་མཛད་པ། བསམ་གཏན་ཙམ་གྱིས་ཇི་སྐད་བཤད་པ་མ་གྲུབ་ན། གསང་སྔགས་བཟླས་བརྗོད་བྱས་ནས་བསྒྲུབ་པར་སྟོན་པ་ཡིན་ནོ། །གསུམ་པ་བཤད་གཞུང་གཏན་ལ་དབབ་པ་ལ། བཤད་བྱ་ངེས་པའི་ཕྱིར་མདོར་བསྡུས། བཤད་པ་ཉིད་ཀྱི་ཚིག་དོན། བཤད་ཟིན་མཇུག་དོན་བསྟན་པ་གསུམ་ལས། དང་པོ་ནི། དྲི་བར། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ནི། །གསང་བ་དམ་པ་གང་ཡིན་པ། །ཞེས་དྲིས་པས། རྡོ་རྗེ་འཆང་གི་སྐུ་གསུང་ཐུགས། །མི་ཕྱེད་སྟོང་པའི་རང་བཞིན་ལས། །ཐེག་ཆེན་སྣ་ཚོགས་ཐབས་ཚུལ་ཏེ། །འདི་ནི་རབ་ཏུ་རྟོགས་དཀའ་བས། །འདས་དང་ད་ལྟར་བཞུགས་པ་དང་། །མ་འོངས་སངས་རྒྱས་སྤྱོད་ཡུལ་ཡིན། །བསམ་གྱིས་མི་ཁྱབ་རྣམ་པར་དག །བརྗོད་མེད་མི་གཡོ་འདུས་མ་བྱས། །ནམ་མཁའ་དྲི་མེད་ཆོས་ཀྱི་སྐུ། །དུས་གསུམ་དུས་མེད་རྟོགས་པའི་མཆོག །འདི་ལ་ཇི་ལྟར་བསྟན་དུ་ཡོད། །གསང་བ་དེ་ཆེས་ཟབ་པས་སངས་རྒྱས་ནང་ཕན་ཚུན་ལས་གཞན་གྱི་ཡུལ་མ་ཡིན་པར་བསྟན། འོན་ཀྱང་དེ་ཡི་རང་བཞིན་ལས། །ཐབས་དང་ཤེས་རབ་རང་བཞིན་ནི། །གཉིས་མེད་གཉིས་ཀྱི་ཐབས་ཚུལ་རིག །འདི་ནི་གསང་བ་དམ་པ་སྟེ། །དེ་ཉིད་གཞན་ལ་མངོན་བསྟན་པ། །གདུལ་བྱ་ཚིམ་འགྱུར་རྒྱལ་པོ་བཞིན། །རང་འདོད་འབྲས་བུ་འབྱུང་འགྱུར་བས། །གསང་བ་མངོན་པར་བསྟན་པ་ཡི། །རྒྱུད་ཆེན་རྒྱལ་པོ་བཤད་པར་བྱ། །སངས་རྒྱས་ནང་ལས་གཞན་གྱི་སྤྱོད་ཡུལ་མ་ཡིན་ཞེས་བཞག་ན། །གདུལ་བྱ་རྣམས་ཐབས་དང་བྲལ་བའི་ཕྱིར་འཚང་རྒྱ་བར་མི་འགྱུར་བས། དེ་ལ་སྦྱོར་བའི་ཐབས་བཤད་པས་དེ་རྟོགས་པར་འགྱུར། རྟོགས་ན་འདོད་པ་ཐམས་ཅད་འགྲུབ་པ་སྟེ། འདོད་པའི་དངོས་གྲུབ་ཆེན་པོ་ཐོབ་པ་ཞེས་བྱའོ། །དེའི་ཕྱིར་ཐབས་ལ་མཁས་པས་གསང་བ་དེ་མངོན་པར་བསྟན་པར་ཡང་ནུས་པ་དེས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་སོང་བ་ཡིན་པས་མཚན་གསང་བ་མངོན་པར་བསྟན་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དང་། དེ་ཡང་བརྗོད་བྱས་རྣམ་པར་གཞག་གོ །བཤད་བྱའི་གསང་བ་དེ་ལ་རྣམ་པར་དབྱེ་བ་མེད་པར་ནི་བཤད་ན། འདིར་དྲི་བ་དང་ལན་དུ་སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་རྣམ་པར་ཕྱེ་བ་འགལ་བ་ཉིད་དུ་མི་འགྱུར་གྲང་སྙམ་ན། འགལ་མེད་དུ་དཔེས་བསྒྲུབས་པ། ཨེ་མ་ཧོ། ཐབས་དང་ཤེས་རབ་གཉིས་མེད་པ། །སྣ་ཚོགས་ནོར་བུའི་ཞེས་གསུངས་ཏེ། དྲི་མ་མེད་པའི་ཤེལ་གོང་། དར་ཁ་དོག་སོ་སོའི་སྟེང་དུ་བཞག་ན་དེ་དང་དེའི་རྣམ་པ་འཛིན་ལ་སོ་སོར་གཟུང་ཀྱང་ཤེལ་འགྱུར་བ་མེད་པ་ལྟ་བུ། གསང་བ་དེ་རང་མི་འགྱུར་བ་དང་། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དུ་མངོན་པར་བསྟན་པའི་འགྱུར་བ་འདི་ཡང་རུང་བས། རྒྱུད་ཆེན་འདི། རང་གི་གསང་བ་ཆེན་པོ་ཡིན། སྲིལ་དྲིལ་ན། གསང་བ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །མངོན་པར་བསྟན་པ་ནི་ཆོས་ཅན་ཐམས་ཅད་པ་སྟེ་སྔ་མ་མདོ་ཕྱི་མ་རྒྱས་པ་ཞེས་བྱ་བའི་ཐ་ཚིག བཤད་བྱའི་ཆོས་འདི་ཀ ཨེ་མ་ཧོ། མི་ཕྱེད་རྡོ་རྗེ་གསང་བའི་བདག་སྟེ། ཆོས་ཀྱང་ང་ཞེས་བྱ་བའི་དོན་ནོ། །ལེའུ་དང་པོ་རྫོགས་སོ།། །། གཉིས་པ་བཤད་པ་ཉིད་ཀྱི་ཚིག་དོན་ལ། གང་གིས་བསྒྲུབ་པའི་གདུལ་བྱ་གང་དུ་སྒྲུབ་པའི་གནས། །གང་གིས་སྒྲུབ་པའི་ཐབས། དེ་ལྟར་བསྒྲུབས་པའི་འབྲས་བུ་རྣམ་པར་བཞག་པ་ལས། དང་པོ་ནི། དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་རྡོ་རྗེ་འཆང་ཁྱོད་སྒྲུབ་པའི་གང་ཟག་ཇི་ལྟ་བུ་ལགས་ཞུ་བ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོགས་ལན། སྙིང་རྗེ་དང་ནི་ཤེས་རབ་ཆེ་ནས་ཡེངས་པ་མེད་ཀྱི་བར་འདིས་སྤྱིའི་མཚན་ཉིད་བསྟན་ལ། ཕྱི་ནང་གསང་བའི་དབང་ཐོབ་ལ་ཞེས་པ། ཕྱི་བུམ་པ་ནང་གསང་དབང་། གསང་བས་གོང་མ་གཉིས་ལེགས་པར་ཐོབ་པ། དམ་ཚིག་བརྡ་དོན་ངེས་པར་འཛིན། དགོངས་ཏེ་བཤད་པའི་དམ་ཚིག་བཞི་འཛིན་པ་དེས་ན། བསམ་གཏན་ལ་གཞོལ་བ་དང་། ལྷག་པའི་ལྷ་ལ་ཡིད་ཆེས་ཤིང་ཞེས་པས་བུམ་དབང་ཙམ་ཐོབ་པ། སྔགས་ལ་གཞོལ་པའི་ཁྱད་པར་གྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལྟས་སྒྲུབ་པ་བྱས་གྱུར་ན། །ཡུན་མི་རིང་བར་རང་ཉིད་ཀྱི། །གསང་གསུམ་ལ་ནི་མཁས་གྱུར་ཏེ། །ཕྱག་རྒྱ་ཆེན་པོ་འགྲུབ་པ་སྔ་མའི་དང་། །འབད་པས་ཐོབ་པའི་འབྲས་བུ་ནི། །སྐལ་ལྡན་དེ་ཡི་སྙིང་ལ་གནས། ཕྱི་མས་ཐུན་མོང་གི་དངོས་གྲུབ་དང་ལས་རབ་འབྱམས་འགྲུབ་པར་བསྟན་པའོ། །ལེའུ་གཉིས་པའོ།། །། གཉིས་པ་གང་དུ་སྒྲུབ་པའི་གནས་ནི། ཞུ་ལན་སྔོན་དུ་བཏང་ནས། དུར་ཁྲོད་བརྒྱད་དམ་ནས། ཤིས་ཞེས་པའི་བར་རུང་བ། དེ་ནས་མི་བྱའོ་ཞེས་པའི་བར་མི་རུང་བ། དེ་ཡང་གང་ཟག་སྔགས་ལ་གཞོལ་བའི་དབང་དུ་ཡིན་ལ། བསམ་གཏན་པ་ལ་ནི། སྨིན་པའི་གང་ཟག་དེ་ལ་ནི། །གནས་སོགས་བརྟགས་པས་ཅི་ཞིག་བྱ། །ཐམས་ཅད་བདེ་ཆེན་སངས་རྒྱས་ཀྱི། །ཞིང་ཁམས་རོལ་པས་གནས་པ་ཡིན། །དང་། འབྱེད་པའང་། །དེ་བས་རིགས་ཀྱི་བརྟག་པར་བྱ། །ཞེས་སོ། །ལེའུ་གསུམ་པའོ།། །། གསུམ་པ་གང་གིས་སྒྲུབ་པའི་ཐབས་ལ། བསྙེན་པ། སྒྲུབ་པ། བསྒྲུབ་པ་ཆེན་པོ་གསུམ་ལས་དང་པོ་ནི་ཞུ་བ་ལན། ང་ཉིད་བསྒྲུབ་པའི་རིམ་པ་ཞེས་པ། བསྙེན། སྒྲུབ་བསྒྲུབ་ཆེན་གསུམ་རིམ་པ་བཞིན་དུ་བྱ་བ་བསྟན་ལ། །སྙིང་རྗེ་ཆེན་པོ་སྔོན་འགྲོ་ཞིང་གཞན་གྱི་དོན་ལ་བསླབ་པར་བྱ། །སྒྲུབ་པའི་ཐབས་འདི་ཐེག་པ་ཆེན་པོའི་ཡང་ཆེན་པོ་ཡིན་པས་འདི་ལ་འཇུག་པ་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དགོས་པར་བསྟན། ནམ་མཁར་རྡོ་རྗེ་ཅན་དམིགས་ལ། །སེམས་ཅན་ཀུན་ལ་སྙིང་རྗེ་བསྒོམ་གྱི་བར་གྱིས་བསོད་ནམས་ཀྱི་ཚོགས། སྤྲོས་བྲལ་གཉིས་འཛིན་སྤངས་པ་ཡི། །ནས། སེམས་ཀྱི་རང་བཞིན་གཉིས་སུ་མེད། །འདིས་ཡེ་ཤེས་ཀྱི་ཚོགས་ལ་གནས་པ། འདིའི་དུས། ཆོས་གཟུང་བ་དང་འཛིན་པས་བསྡུས་པ་སྦྱངས་ནས་སེམས་རང་རིག་རང་གསལ་དུ་གནས་པ་ལུས་པས། དེ་མཚོན་པའི་ནཱ་ད་ཙམ་ཞིག་ལ་དམིགས་པ་ཡིན། མ་རྟོགས་ལོག་པའི་སེམས་ཅན་ལ། སྡུག་བསྔལ་ཀུན་དང་བྲལ་བའི་ཕྱིར། །སྙིང་རྗེ་ཆེན་པོ་བསྒོམ་པར་བྱས་པས་བཞག་པ་སྟོང་པ་ཉིད་དེ་ལས་ཞི་རྐྱང་དུ་མ་བསྡད་པར། འཁོར་བ་ཡོངས་སུ་འཛིན་པའི་ནུས་པ་ལོངས་ཏེ། དེ་ཧཱུྃ་དུ། དེ་ཕྱག་མཚན། དེ་ལས་ལྷའི་སྐུར་རྫོགས་པ། རང་གི་སེམས་ཉིད་ཡི་གེ་ཧཱུྃ་ནས། བསྐལ་པའི་མེ་དཔུང་ནང་ན་བཞུགས། ཞེས་པའི་བར་གྱིས་བཤད། ཡི་གེ་གསུམ་གྱིས་གནས་གསུམ་པ། ལྷར་བཅས། གཏུམ་པོ་རིགས་གསུམ། སྐྱེ་སྒོ་བྱིན་གྱིས་བརླབ། འདིར་སྐྱེ་སྒོ་ནི་ལུས་ངག་ཡིད་ཀྱི་སྒོ་ལ་བཞག་ལ། དེ་གསུམ་བྱིན་གྱིས་བརླབ། གནས་སུ་ཁྲོ་བོ་ཡིག་འབྲུ་བསྐྱེད་ནི། འཕྲིན་ལས་ཀྱི་གནས་ལྟེ་བ་ཡིན་པར་འོག་ནས་བཤད་པས་དེར་འཕྲིན་ལས་ཀྱི་རྡོ་རྗེ་གཏུམ་པོ་བསྒོམ་པའོ། །དེ་ཡན་ཆད་ཀྱིས་དམ་ཚིག་སེམས་དཔའ་བསྐྱེད་པ་བསྟན། སྤྲུལ་པ་དཔག་མེད་ནས་ཅོད་པན་བསམ་གྱི་བར་འདིས་ཡེ་ཤེས་སེམས་དཔའ་བསྟིམ་པ་བསྟན། དེ་ཡིས་ཏིང་ངེ་འཛིན་འབྱུང་བ་ཞེས་པ་ཏིང་ངེ་འཛིན་སེམས་དཔའ་གསལ་གདབ་པ་སྟེ། འདི་ལ་དམིགས། དེའི་རྒྱུན་ལ་ཡེངས་པ་མེད་པ་ཐོབ། །དེས་རེག་མཐོང་གི་མཚན་མ་རྙེད། དེ་ཙ་ན་རྣམ་ཤེས་ལ་དབང་དུ་གྱུར་པ་ཡིན། དགུག་པ་དང་བསད་པ་སོགས་ཚར་གཅོད་ཀྱི་ལས་འགྲུབ་ལ། བསམ་གཏན་ཐོབ་ཡེ་ཤེས་ལ་དབང་དུ་གྱུར་ནས་དགུག་པ་འགྲོལ་བ་དང་། བསད་པ་གསོ་བ་སོགས་དང་། ཇི་བཞིན་པའི་ལྷ་སྤྲུལ་ནས་གཞན་ཚར་གཅོད་པ་དང་རྗེས་སུ་འཛིན་པ་གཉིས་ཀ་ནུས། དེ་འོད་གསལ་དུ་སྤྱོད་ནུས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་བོ། གལ་ཏེ་དེ་ཙམ་གྱི་སྒྲུབ་པར་མི་ནུས་པ་སྔགས་ལ་གཞོལ་བ་དེས། ཆོ་ག་གསུམ་པའི་སེམས་དཔའ་ཡིས། གཞན་དོན་རྒྱུན་མི་འཆད་པ་བསྒོམ། །སྐུ་ལྷའི་དབྱིབས་ལ་དམིགས་ལུས་བྱིན་གྱིས་བརླབས་པའི་སྤྲོ་བསྡུས་སྐུའི་བཟླས་པ། གསུང་སྔགས་འབྲུ་ལ་དམིགས། ངག་བྱིན་གྱིས་བརླབས་པའི་སྤྲོ་བསྡུས་གསུང་གི་བཟླས་པ། ཐུགས་ཕྱག་རྒྱ་ལ་དམིགས། ཡིད་བྱིན་གྱིས་བརླབས་པའི་སྤྲོ་བསྡུས་ཐུགས་ཀྱི་བཟླས་པ། བཟླས་བརྗོད་དམིགས་པ་དང་བཅས་པ་དེས། སྒོ་གསུམ་གྱི་སྡིག་པ་དང་སྒྲིབ་པ་ཡི་དམ་གྱི་ལྷ་མཉེས་པ་ལ་བར་དུ་གཅོད་པ་དེ་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པས། རང་འདོད་པའི་ལྷ་དང་མཉམ་པར་འགྱུར་བ་ཡིན་ནོ། །ཡང་ན་གསུང་གི་ཡིག་འབྲུས་མཚན། །སྐུ་ལ་དམ་ཚིག་གི་བཟླས་པ། གསུང་ལ་འཁྱོགས་ཀྱི། ཐུགས་ལ་ཁྲོ་བོའི་བཟླས་པ་སྤྲོ་ན་སྦྱར་རོ། །འཕྲིན་ལས་ཐོགས་མེད་རྣལ་འབྱོར་བཟླས། །འཕྲིན་ལས་ཀྱི་ལྷ་ལ་དམིགས་ནས་གཟུངས་བཀླགས་ཏེ། འདི་དུས་འཕྲིན་ལས་བཞི་ཀའི་འོད་ཟེར་གྱི་སྤྲོ་བསྡུ་བྱའོ། །ལྷ་ཡང་ཕུར་གཅིག་མ། སྔགས་ཕུར་སྔགས་དང་པོ་བཟླས་ཀྱང་རུང་ཞེས་བླ་མ་རྣམས་གསུང་ངོ་། །ཡེ་ཤེས་ཀྱི་བཟླས་པ་ནི། འདི་ནི་རྣམ་དག་རིག་པ་སྟེ། །སངས་རྒྱས་རྣམས་ཀྱི་གསུང་རྡོ་རྗེ། །ཞེས་པས་དཔའ་བོ་འབྲུ་གཅིག་པ་དང་མཐུན་པར་བསྒོམ་པ་ཡིན་ཏེ། དབྱིབས་ཀྱི་ཧཱུྃ་བསྒོམ་བྱ། སྒྲའི་ཧཱུྃ་བཟླ་བྱ། དོན་གྱི་ཧཱུྃ་ལ་ཡང་དག་པར་འཇོག་པའོ། །དེའི་འབྲས་བུ། རྟག་ཏུ་མ་ཉམས་འབྲས་བུ་ལྡན། །སྔར་བཤད་ཐམས་ཅད་འགྲུབ་པ་ཡིན། །ལེའུ་བཞི་པའོ།། །། གཉིས་པ་སྒྲུབ་པ་ལ། །རིགས་ཐམས་ཅད་པ་དང་། བྱེ་བྲག་པ་གཉིས། དང་པོ་ལ། སྐུའི་གསང་བ་དཀྱིལ་འཁོར། གསུང་གི་གསང་བ་གསང་སྔགས་བསྟན་པ་གཉིས། དང་པོ་ནི། ཞུ་བ་དང་ལན། ཕྱི་མ། ཚོགས་བསགས། བསྲུང་འཁོར། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ། བྱིན་བརླབས། གོ་ཆ། སྤྱན་འདྲེན། མཆོད་བསྟོད། གཞུག་པ། དབང་བསྐུར་རྒྱས་གདབ། ཕན་ཡོན་བཤད་པ་རིམ་བཞིན། སྐད་ཅིག་མ་ཡི་ལྷར་བསམ་ནས། །ནས། སྦྱང་གཞི་སྔགས་ཀྱི་ཕྱི་ནང་ཀུན། སྟོང་པར་བྱས་ཏེ་རང་ལུས་ཀྱང་། ཞེས་པའི་བར་གྱིས་ཚོགས་བསགས། དབང་པོའི་གཞུ་འདྲ་སྤྲིན་འཛིན་གྱི། ནས། རིམ་པར་བརྗོད་ཀྱི་བར་བསྲུང་འཁོར། འཁོར་ལོ་རྩིབས་ཕྱོགས་མཚམས་ལ་བརྒྱད། །སྟེང་འོག་གཉིས་ཏེ་བཅུར་བྱེད། །མུ་ཁྱུད་སོ་སོ་བས་སྟེང་ནས་བལྟས་ན་རྩིབས་བརྒྱད། །གཡས་ནས་བལྟས་ན་རྩིབས་བཞི་པ་ལྟ་བུ། ལྟེ་བ་དང་རྩིབས་སྦུབས་ཅན་དེའི་ནང་དུ་ལྷ་དགོད། རྩིབས་འོག་མའི་ལྷ་ཕལ་ཆེར་ཞབས་གྱེན་བསྟན། དབུ་ཐུར་བསྟན་དུ་འདོད་དེ། །འདིར། དེ་ནི་འོག་གི་གདོན་གཟིར་པ་པོ་ཡིན་པས་ཞལ་འོག་ཏུ་ཕྱོགས་པར་འོས། དེས་ན་དབུ་གཙོ་བོ་ལ་བསྟན་པར་བསྒོམ་མོ། །སྙིང་རྗེ་ཡི་ནས། རྫུ་འཕྲུལ་མཆོག་གི་བར་གྱིས། སྔར་བྱང་སེམས་ཀྱིས་བཞག་པའི་ནུས་པ་འདིར་རྣམ་པར་སྨིན་པ་བསྟན་པའི་ཕྱིར་བཤད་པ་ཡིན་ཏེ། ཇི་ལྟར་ན། ཡཾ་ལས་འབྱུང་བ་གཞུ་འདྲ་བ་ནས། བ་དན་ལྡན་པར་བསམ་གྱི་བར་རྟེན་གཞལ་ཡས་ཁང་། །འདི་ལ་གཞན་བཞིན་རྡོ་རྗེའི་རྭ་བཅུ་གཉིས་མི་མངོན་ཏེ། འབྱུང་བཞི་འཁོར་ལོས་ཁེབས་པས་སོ། །འཁོར་ལོའི་ལྟེ་བར་གཞལ་ཡས་ཁང་། །རྩིབས་གཞན་གྱི་བད་རྭ་ལྟ་བུར་སོང་བའི་ཕྱིར་དུར་ཁྲོད་རྡོ་རྗེ་རྭ་བ་དང་འོད་ཀྱི་འཕྲེང་བ་བལྟའོ། །དེ་ནང་བཾ་ལས་ཆུ་སྐྱེས་ནི། ནས། གཉིས་མེད་གཡོན་གྱི་ཕྱོགས་ནས་འཁྲིལ་གྱི་བར་གཙོ་བོ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པ། དེ་རྗེས་སྦྱོར་བའི་སྒྲས་བསྐུལ་ཏེ་ནས། སྒོ་མཚམས་ལྷ་ཡི་རང་བཞིན་ལ་ཞེས་པའི་བར་གྱིས་འཁོར་མངལ་ནས་འབྱིན་ཚུལ། མཚམས་དང་སྒོའི་ལྷ་འདིར་མི་གསལ་བ་འོག་ནས་བཤད་པས་འདིར་རིགས་ཐམས་ཅད་འདུས་པ་དང་། དེ་ཡང་། ལྷ་བཅུ་གསུམ་མར་ཆེས་གསལ་བ་ཡིན་ནོ། །ལུས་ངག་སེམས་ལ་ཡི་གེ་ཡིས། །སྤྲོ་བསྡུས་ལྷ་ཡི་མཚན་མ་གདབ་པར་བྱ། ལུས་ངག་ཡིད་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་བསྟན་ལྷའི་དབྱིབས་བསྒོམ་པ་མ་བཤད། སྐྱེ་མཆེད་ལྷར་བྱས་ནང་གི་སྐྱེ་མཆེད་དྲུག་ལ། སྒྲིབ་པ་རྣམ་པར་སེལ་བ་སོགས་འགོད་པ་རྣམས་ཀྱིས་བྱིན་གྱིས་བརླབས། ནུས་པ་མི་ཤིགས་ལྷར་བལྟས་ལ། ཡན་ལག་རྣམས་ལ་ཁྲོ་བོ། ཡེ་ཤེས་ལྔ་ལུས་གནས་ལྔར་ཁྲག་འཐུང་རིགས་ལྔ། ཇི་ལྟར་ཡབ་ལ་ཡབ་རྣམས་འགོད་པ་བཞིན་ཡུམ་ལ་ཡུམ་རྣམས་བཀོད་པས་ཐམས་ཅད་ཞལ་སྦྱོར་དུ་གྱུར་ཏེ། ལས་ཀྱི་རྡོ་རྗེའི་སྒྲུབ་ཐབས་རྒྱས་པར། ཁྲོ་བོ་ཁ་སྦྱར་ལུས་བྱིན་བརླབས། ཞེས་འབྱུང་ངོ་། །དེ་ནི་གོ་ཆའོ། ཡེ་ཤེས་སྤྱན་དྲངས་མཆོད་ལ་གཞུག དེ་ནི་ཡི་གེ་བཞི་སྦྱོར་ཡིན། ཡི་གེ་བཞི་དགུག་པ་ཛཿ གཞུག་པ་ཧཱུྃ། བཾ་ཧོཿ ཕྱི་མ་གཉིས་ཀྱིས་ཞུགས་ཟིན་པ་རོ་གཅིག་ཏུ་འདྲེས་པར་བྱ་བ་ཡིན་ནོ། །ཡི་གེ་བསམ་ནས། ཕྱག་རྒྱ་ཆེ་ལ་རིགས་མེད་དོའི་བར་གྱི་དབང་བསྟན་ལ། སྔར་ཏིང་ངེ་འཛིན་གྱི་ཞེས་པ། འདོད་ན་སེམས་དཔའ་གསུམ་ཕྲུགས་སུ་བྱ་བའང་བཤད་དེ་ནས་ཕྲ་མོ་བསྒོམ། དེ་ཡང་། རགས་པ་མངོན་སུམ་དུ་མ་བྱས་པར་བསྒོམས་ཀྱང་འོལ་སྤྱིར་ཟད་པས་བུལ་ཆུང་ངོ་། །ཕན་ཡོན་ནི། རིམ་གྱིས་གསལ་ཞིང་རྣམ་པར་དག །བསྐྱེད་རིམ་གྱི་སྦྱང་གཞི་མདོར་བསྡུ་ན། ཐ་མལ། སྣང་། ཞེན་གསུམ་ཡིན་པས། ལྷ་དཀྱིལ་འཁོར་ང་རྒྱལ་བརྟན་པ་གསུམ་གྱིས་དེ་སྦྱང་པའོ། །དེ་ལྟར་སྦྱངས་པས་ཐོག་མ་མེད་པའི་བག་ཆགས་ཀྱིས་སྤྲུལ་པའི་སྤྲོས་པ་འདི་ཐམས་ཅད་སྤྲོས་པ་མེད་པར་ཞི་ཞིང་། དེ་ལས། རྡོ་རྗེ་འཛིན་པའི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པའམ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའམ་སྣ་ཚོགས་གཟུགས་སུ་གྲགས་པ་ཐོབ་པར། ཚེ་གཅིག་ཉིད་ལ་འགྱུར་བ་ཡིན། དེ་ལྟར་མཉམ་བཞག་བརྟན་པོར་སོང་ནས་རྗེས་སྣང་གྲགས་རིག་གསུམ་ལ་ལྷ་སྔགས་ཏིང་ངེ་འཛིན་གསུམ་སྦྱར་ཏེ་བསྒོམས་པས་རྟག་ཏུ་གོམས་པའི་སྦྱོར་བ་ཡིས། ས་སོགས་ཏེ་ས་བླ་ས་སྟེང་ས་འོག་གི་འཇིག་རྟེན་མ་ལུས་པ་སྐད་ཅིག་ཉིད་ལ་དབང་དུ་འགྱུར་ཏེ་རང་སྣང་དག་པས་གཞན་སྣང་ཤུལ་དུ་མི་ལས་དེས་སྣང་བ་ཐམས་ཅད་དག་པ་རབ་འབྱམས་སུ་འཆར་རོ། །གནས་སྐབས་ཀྱི་དགོས་པ། ལུས་ལྷའི་བྱིན་དང་ལྡན་པས། གཙུག་ན་རིན་ཆེན་ལ་སོགས་པ། གདུག་པ་ཅན་རྣམས་སྙིང་ཡང་འབྱིན། ཧ་ཅང་མི་བསྲུན་པ་འདུལ་དཀའ་བས་ཚར་གཅོད་པ་དབང་ཕྱུག་ཆེན་པོ་ལྟ་བུ། དགའ་བོ་ལ་སོགས་ཀླུ་ཆེན་རྣམས། རྟག་ཏུ་དེ་ལ་འདུད་པར་འགྱུར་ཏེ་འདུལ་སླ་བ་བཀའ་ཉན་དུ་འགྱུར་བ་གཞན་གྱིས་མི་ཐུབ་པ་ལ་སོགས་ལྟ་བུ། ནད་ཀྱི་རིགས་ཀུན་མ་ལུས་འཇོམས། །གནོད་སྦྱིན་མ་ལུས་བཀའ་ཉན་ཞིང་། །ལྷ་སྲིན་མ་ལུས་བྲན་དུ་འགྱུར། །འདི་ནི་གསང་བ་དམ་པ་སྟེ། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །ལེའུ་ལྔ་པའོ།། །། གཉིས་པ་གསུང་གི་གསང་བ་གསང་སྔགས་བསྟན་པ་ནི། ཞུ་ལན། དེར་ངེས་ཚིག བྱེད་ལས། བཏུ་བའི་གཞི། བཏུ་བ། ངོ་བོ། དབྱེ་བ་དེ་རིན་ཐང་ཆེ་བས་དཀོན་པར་བསྟན་པས་བཤད་པ་རིམ་པ་བཞིན། གསང་བ་མཆོག་གི་གསང་བ་སྟེ། །དེས་གསང་སྔགས་སོ། །བྱེད་པའི་ལས། འཕྲིན་ལས་ཐམས་ཅད་རྫོགས་བྱེད་ཅིང་། སྡུག་བསྔལ་ཀུན་ལས་སྐྱོབ་བྱེད་པ། བཏུ་བའི་གཞི། ཨཱ་ལི་ཀཱ་ལི་དབྱངས་དང་གསལ་བྱེད་ཨཀྵ་རས་སམ། བྱཉྫྱ་ནས་སམ། ཝརྞས་ཡི་གེར་བཞག་པ་དག་གོ །བཏུ་བ། མཉམ་སྦྱོར་བས། ངོ་བོ། ཐབས་དང་ཤེས་རབ་གཉིས་མེད་པའི་སྔགས་ཀྱི་དོན། དབྱེ་བ་རྣམ་པ་ལྔ་སྟེ། སྐུ་གསུང་ཐུགས་ཀྱི་རིག་པ་དང་གཅིག འཕྲིན་ལས་སྣ་ཚོགས་རིག་པ་དང་གཉིས། འཁོར་གྱི་ལས་ཀྱི་རིག་པ་དང་གསུམ། འབྱུང་པོ་དགུག་དང་བསད་པ་དང་བཞི། གཏོར་མ་བཏང་བའི་རིག་པའོ། །སོ་སོར་ངོས་འཛིན་ན། ཨོཾ་བཛྭ་པཱ་ཎི་སྐུའི་སྔགས། ཨོཾ་བཛྭ་ཀྲོ་དྷ་ནཱི་ལཾ་གསུང་གི་སྔགས། ཨོཾ་བཛྭ་ཙཎྜྻ་ཐུགས། ཏདྱ་ཐཱ་བྷོ་བྷོ་གཟུངས། འཕྲིན་ལས། ཨོཾ་བཛྭ་ཏྲཻ་སོགས་འཁོར། ཀ་ཀ་རཀྵ་སོགས་འབྱུང་པོ་དགུག་བསད། ཨ་ཀཱ་རོ་སོགས་གཏོར་སྔགས་སོ། །དགུག་བསད་ལ། ཀ་ཀ་རཀྵ་ཧཱུྃ་སོགས་གདོན་དགུག ཀ་ཀ་རཀྵས་མ་སོགས་ལྷ་དང་འབྲེལ་བ། ཧཱུྃ་སྲི་ལ་སོགས་སྤྱི་དྲིལ་རྦད་བསད། ཛཿཧཱུྃ་སོགས་སྙན་གསན། བུདྷཱ་ཨ་སོགས་སྤྱན་འདྲེན། བཛྭ་གྷེ་ནེ་སོགས་བསྐུལ། ཁ་ཛ་རཱ་ཛ་སོགས་ལས་འགྱེད། ཛུ་ཛུ་སོགས་བསྟབ་པར་བཤད་དོ། །འདི་ནི་རིན་ཆེན་ལྟ་བུ་སྟེ། །མ་ལུས་དགོས་འདོད་འབྱུང་བ་ཡི། །གཟུངས་མ་ཁྱོད་ལ་ཉེར་བཤད་པ། འདི་ནི་མི་འདིའི་དམ་ཚིག་ཡིན། །གསང་འདུས་ལས། མ་ན་ཡིད་ཅེས་བྱ་བ་སྟེ། ཏྲ་ནི་སྐྱོབ་པར་བྱེད་པའི་དོན། གང་བཤད་དམ་ཚིག་སྡོམ་པ་ཉིད། ཅེས་འབྱུང་བ། ལྷ་དང་སྔགས་གཉིས་སུ་མི་ཕྱེད་པའི་གནད་བཤད་པའོ། །ལེའུ་དྲུག་པའོ།། །། གཉིས་པ་བྱེ་བྲག་པ་བཤད་པ་ལ། རིགས་ཀྱི་བདག་པོ། རིགས་ཀྱི་ཁྲོ་བོ། རིགས་ཀྱི་ཕོ་ཉའི་དཀྱིལ་འཁོར་བསྟན་པ་གསུམ་ལས། དང་པོ་ལ། དཀྱིལ་འཁོར་ཚད་མེད་པ་དང་། །ཞུས་པའི་ངོར་ཚད་ཅན་གཉིས་སུ་གསུངས་པའི་དང་པོ། ང་ཡི་འཁོར་ནི་བསམ་མི་ཁྱབ། །འདི་ཙམ་གྲངས་ནི་སངས་རྒྱས་ཀྱིས། །བསྐལ་པར་བགྲངས་ཀྱང་ཤེས་མི་འགྱུར། །དེ་བས་ནམ་མཁའི་ཚད་དང་མཚུངས། །དེ་ཡང་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། བསམ་གྱིས་མི་ཁྱབ་དེ་འདུལ་བ། །རིགས་ལ་བརྗོད་པར་ག་ལ་ནུས། ཞེས་སོ། །གཉིས་པ་ལ་རིགས་སོ་སོ་སྤྱིར་བཤད་པ་དང་། རིགས་བསྡུས་པའི་འཁོར་དམིགས་བསལ་དུ་བསྟན་པའོ། །དང་པོ། མདོར་བསྡུས་ནས་ནི་བཤད་པར་བྱ། །སྐུ་ཡི་འཁོར་ནི་ཁྲོ་བོ་བཅུ། རིགས་ལྔའི་ངོ་བོ་ཞེས་པས་ཕྱག་རྡོར་རིགས་ལྔ་ལ་ཁྲོ་བཅུས་བསྐོར་བ་ཞིག་བཤད། དེ་ནི་སྐུའི་དཀྱིལ་འཁོར། གསུང་གི་འཁོར་ནི་དཔག་མེད་པ། །འདིས་ཁྱུང་ཉི་ཤུ་རྩ་གཅིག་པས་བསྐོར་བའི་དཀྱིལ་འཁོར། དེས་མཚོན་ཏེ། ཁྱུང་བརྒྱད་པ། ཁྱུང་ལྔ་པའི་དཀྱིལ་འཁོར་བཤད། །དེ་ནི་གསུང་དཀྱིལ། ཐུགས་ཀྱི་འཁོར་ནི་རིགས་བརྒྱ་སྟེ། དམ་པ་རིགས་བརྒྱས་བསྐོར་བ་ཞིག་བཤད་དེ། ཐུགས་ཀྱི་དཀྱིལ་འཁོར། དཀྱིལ་འཁོར་གསུམ་དུ་གསུངས་པ་ཡང་། གདུལ་བྱའི་དབང་གིས་ཏེ། གནོད་སྦྱིན་ལག་ན་རྡོ་རྗེ་སོགས། །ལྔ་བརྒྱ་རིགས་བསྡུས་སྐུ་ཡིས་འདུལ། །གདུལ་བྱའི་འཁོར་ནི་ཀླུ་ཆེན་བརྒྱད། །གསུང་གིས་དེ་རིགས་འདུལ་བ་ཡིན། །ཐུགས་ཀྱི་ལྷ་སྲིན་གདུག་པ་ཅན། བྱམས་པའི་ཏིང་ངེ་འཛིན་གྱིས་འདུལ། །དེ་ལྟར་གདུལ་བྱ་འདུལ་བྱེད་ཀྱང་། །འདི་ལ་འདི་སྤྲུལ་སྤྲུལ་པའི་ཚོགས། །སྨོན་ལམ་དབང་གིས་བྱུང་བ་སྟེ། གཉིས་པ་རིགས་བསྡུས་ཀྱི་འཁོར་དམིགས་བསལ་དུ་བསྟན་པ་ནི། རིགས་སོ་སོ་བའི་སྐུའི་དེ་མ་ཐག་གི་སྐུ་གསུང་ཐུགས། མི་འགྱུར་གདུག་པ་འདུལ་བ་ཡིན། །སྐུ་འཇིགས་བྱེད། གསུང་རྟ་མཆོག ཐུགས་སྟོབས་ལྡན། འཕྲིན་ལས་ཕུར་པ། གསུང་གི རིགས་བཞི་འདུལ་བའི་ཁྱུང་ཆེན་ཡིན། །ཀླུ་རིགས་བཞི་འདུལ་བའི་ཁྱུང་བཞི། ཐུགས་ཀྱི། མདོར་བསྡུས་སྤྲུལ་པའི་ཁྲོ་བོ་བཞི། །ཁྱད་པར་གྱི་འཁོར་བཞིར་བསྡུས་ནས། དེ་དཀྱིལ་འཁོར་ལ་འགོད་པ་ནི། ཐུགས་གསུང་སྐུའི་རིམ་པས་སྙིང་པོ་དང་གྲྭ་དང་སྒོ་བར་འགོད་དེས་བཅུ་གསུམ་མ་འདི་རིགས་ཐམས་ཅད་པའི་དཀྱིལ་འཁོར་ཞེས་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །ལེའུ་བདུན་པའོ།། །། གཉིས་པ་རིགས་ཀྱི་ཁྲོ་བོ་བཤད་པ་ལ། ཁྱུང་ཟིལ་གནོན་དང་། རྡོ་རྗེ་ཕུར་བུ་གཉིས། དང་པོ། ཞུ་བ་དང་ལན་གྱི། རྡོ་རྗེ་གཏུམ་པོ་ཉིད་བདག་བསྐྱེད་དུ་བྱས། མདུན་བསྐྱེད་དུ་ཁྱུང་བསྐྱེད་ནས་ལས་བསྒྲུབ་པ་འདིས། རྡོ་རྗེ་གཏུམ་པོ་ཁྱུང་གི་ཤམ་བུ་ཅན་ཞེས་གྲགས་སོ། །དེ་ཡང་། གདུག་པ་ཀླུ་རྣམས་འདུལ་འདོད་པ་ནས། འོག་མིན་གནས་སུ་སླེབ་པར་བསམ་གྱི་བར་གྱིས་བསྐྱེད་པ་སྐུ། རྡོ་རྗེ་གནས་གསུམ་ཡི་གེས་བརྒྱན། ནས། ཡང་སྤྲུལ་བསམ་གྱིས་མི་ཁྱབ་བསམ་གྱི་བར་བྱིན་བརླབ་དང་གོ་ཆ། དེ་ནས་གསང་བའི་སྔགས་བསྟན་པ། སོགས་ལས་ཀྱི་རྡོ་རྗེ་འདི་གསུམ་ཀ་བསྙེན་པ། སྒྲུབ་པ་དང་ལས་སྦྱོར་ལ་ཕུར་བུ་གཉིས་པའི་དྲག་སྔགས་ཁོ་ན་བཞེད་པ་ཡིན། མཐུན་པའི་རྫས་ཀྱི་གཏོར་མ་སྦྱིན། བཟླས་བརྗོད་རྫོགས་ནས་གཏོར་མ་དབུལ་བ་ཡན་ཉེ་བའི་བསྙེན་པ། དེའི་ནང་དུ་གནོད་པ་དགུག་ནས་སྒྲུབ་པ་དང་ལས་ལ་སྦྱར་བའོ། །གཉིས་པ་རྡོ་རྗེ་ཕུར་བུ་ནི། གལ་ཏེ་བསད་པར་འདོད་པ་ན། །སྐུ་གསུང་ཐུགས་ཀྱི། ཞེས་པས། བསྙེན་པ་སྟེ། རྣལ་འབྱོར་ལྔ་ལྡན། དེ་ཡང་། བསྐྱེད་པ་ལྷའི་རྣལ་འབྱོར། བཟླ་པ་སྔགས་ཀྱི་རྣལ་འབྱོར། བསྒོམ་པ་བསམ་གཏན་གྱི་རྣལ་འབྱོར། གསུམ་མཉམ་བཞག ཟས་དང་སྤྱོད་ལམ་གྱི་རྣལ་འབྱོར་རྗེས་སུ་བྱས་པའོ། །རིག་པ་ལ། ཕུར་བུ་གཉིས་པའི་དྲག་སྔགས་དང་། ཞེས་པས་བསྙེན་པ་ལ་རྟགས་ཐོན་ནས་སྒྲུབ་པ་ལ་འཇུག་ལ། འདི་ལས་ཚོགས་ཕྱུག་པས་རྗེ་བཙུན་རས་ཆུང་པ་གདམས་ངག་ཟབ་ཤོས་སུ་མཛད་ཅེས་གྲགས་སོ། །རིག་པའང་ལས་ཀྱི་སྦྱོར་ཀ་ཆེན་པོ་དྲུག་ཏུ་བསྟན་ཏེ། བསྲུང་བ་དང་། བཟློག་པ་དང་། བསད་པ་དང་། བསྲེག་པ་དང་། འཕང་བ་དང་། མནན་གཏད་དོ། །བསྲུང་བ་བྲིས་པ་ལྷ་ལྡ་མ་དང་བཅུ་བདུན་མཆོག་བསྒོམ་པ་ཁྲོ་བོ་བཅུ་པའམ་རྡོ་རྗེའི་རྭ་གུར་ཙམ། བཟློག་པ་ལོག་ཏྲི་པཱ་ལ་ལ་མཛད། བསད་པ་ལ། སྡོན་འགྲོ། སྒྲུབ་པའི་ཁྱད་པར་བརྒྱད་དེ། དུས་དང་། དལ་དང་། ལིང་ག་དང་། གཏོར་མ་དང་། ཐུན་རྫས་དང་། ལྷ་དང་། སྔགས་དང་། འཕྲུལ་འཁོར་དྲུག་ལྡན་གྱི་ཏིང་ངེ་འཛིན། སྒྲུབ་པ་རང་གི་དངོས་གཞི། མདུན་གྱི་འགྱིང་གཏོར་ལ་བསྐྱེད་ཆོག་གཏོར་འབུལ་གྱི་བར་བྱས་ནས། འབྲུབ་ཁུང་གི་ཉའུ་བསྐྱེད། སྡིག་པ་བགོ བདེན་བརྡར་དང་། བསྐུལ་ཕྱག་རྒྱ་ལས་ལ་དགྱེ་ནས་དགུག སྡིག་པ་བསྒྲག རྒྱབ་རྟེན་དང་ཕྲལ། གཟུགས་བརྙན་ཕུར་བུས་གདབ་པར་བྱ། མན་གྱིས་ཁ་སྦྱར་དབྱེ། ཐུན་བྲབ་པ་རྟགས་མ་ཐོན་གྱི་བར་དུའོ། །རྟགས་ཐོན་ནས་ལིང་ག་དེ་མཚོན་གྱིས་གཏུབས། དེ་རྗེས་གཟུགས་བརྙན་མ་ལུས་པ། ནས། རྫོགས་པའི་བར་གྱིས་བསྲེག་འཕང་མནན་པ་ལས་ཀྱི་མཇུག་སྡུད་དུ་མཛད། འདི་དགྲ་ལ་བྱ་བ་དང་། ཀླུས་བཟུང་བའི་ཀླུ་གདོན་ལ་བྱ་བ་ཡིན་ལ། ཕུར་བུ་གཉིས་པ་ཞེས་པ། ལྷ་ཕུར་ཞབས་ཕྱག་མཚན་ཡང་ཕུར་བུ་འཛིན་པ་གཉིས་པའོ། །ལེའུ་བརྒྱད་པའོ།། །། གསུམ་པ་རིགས་ཀྱི་ཕོ་ཉ་ནི། ཞུ་ལན་གྱི། ང་ཡི་གནོད་སྦྱིན་བདག་པོ་འདི། ཞེས་པས་ངོས་གཟུང་། བྱ་བའི་ལས་ཀུན་ཐོགས་པ་མེད། ཁྱད་པར་དྲག་པོའི་འཕྲིན་ལས་འགྲུབ། ཅེས་དེའི་ནུས་པ་བསྟན། དེ་ཡང་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱིས་བཤད་པའི་དང་པོ། དུར་ཁྲོད་བྲག་རྫོང་ནགས་ཕུག་དང་། ནས་རྡོ་རྗེ་འཆང་གི་བཀའ་བཞིན་བསྒྲུབ། །ཀྱི་བར་གྱིས་བསྐྱེད་ཆོག དེ་ཡི་རིག་པ་ཕུལ་བ་ནི། ཨོཾ་སོགས་ཀྱིས་བཟླ་བྱ་སྔགས། སྒྲུབ་པ་དང་ལས་སྦྱོར་གང་དམིགས་ལ་ནས་འབྲེལ་བར་འགྱུར་གྱི་བར། ཁྱི་ནག་སྙིང་དུ་གནོད་སྦྱིན་གྱིས། ནས། དེ་ཡིས་གཏོང་བར་མི་བྱེད་དོའི་བར་གྱིས་དེ་ལུས་དང་གྲིབ་མ་བཞིན་དུ་འཁོར་བའི་རྟེན་བཅའ་བ་བསྟན་ནོ། །ལེའུ་དགུ་པའོ།། །། གསུམ་པ་བསྒྲུབ་པ་ཆེན་པོ་བཤད་པ་ལ། ཐུགས་ཀྱི་གསང་བ་རྫོགས་པའི་རིམ་པ་དང་། དེ་ཐམས་ཅད་དབང་ཐོབ་ནས་བྱ་བ་ཡིན་པས་དབང་བསྐུར་བཤད་པ་གཉིས། དང་པོ་ལ། རྒྱས་པ་རྣལ་འབྱོར་ལྔ་པ། འབྲིང་པོ་རྟེན་མེད། རྟེན་ཅན། བསྡུས་པ་དཔའ་བོ་འབྲུ་གཅིག་པ་གསུམ་སྟེ། དང་པོ། རགས་པའི་རྣལ་འབྱོར། ཕྲ་མོའི། ཐིག་ལེའི། བསམ་གྱིས་མི་ཁྱབ་པའི། རྫོགས་པའི་རྣལ་འབྱོར། ཞུ་ལན་གྱི། བསམ་གྱིས་མི་ཁྱབ་རྫོགས་པ་ཆེ། ནས། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡང་། གི་བར་དང་པོ། པདྨ་དམར་པོ་འདབ་བཞི་ལ། ཐིག་ལེ་སྔོན་པོ་རྒྱ་སྲན་ཙམ། ཕྲ་མོ་དེ་དབུས་ཉི་ཟླ་གཞལ་ཡས་ཁང་གི་བར་ཐིག་ལེ། ཅི་ཡང་མི་བསམ་སོགས་བསམ་མི་ཁྱབ་གསལ་ལ་མི་རྟོག་མན་གྱིས་རྫོགས་པའི་རྣལ་འབྱོར་བཤད་དོ། །གཉིས་པ་ནི། རྟེན་མེད་ཀྱིས་དྲན་པའི་རྩི་བཏང་བ། རྟེན་ཅན་གྱིས་ཤེས་བཞིན་གྱིས་རྩལ་སྦྱོང་བ་གཉིས་དོན་ཞི་ལྷག་གི་རྣལ་འབྱོར། དང་པོ། རྟེན་མེད་རྣམ་དག་བསལ་བ་ཡིན། ཡང་དག་པའི་དྲན་པ་དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་སུ་བྱོན་པའི་གཞུང་ལམ་ཡིན་པས་དེ་བརྟེན་པའོ། །རྟོག་པ་ནི་སོ་སོར་རྟོག་པས་རྟོག་པ་སྟེ། གང་ལ་བརྟེན་ནས་སོ་སོར་རྟོག་ན་རྟེན་ཅན་བསྒོམ་འདོད་པས་ཞེས་གསུངས་ལ། དེ་ཡང་སྟེང་གི་སྒོ་བཀག་ནས་སྟོང་པ་བདེ་བ་ལ་སྦྱོར་བ། འོག་གི་འཛག་པ་བསྐྱིལ་ནས་བདེ་བ་སྟོང་པ་དང་སྦྱོར་བ། གནད་འབྱེད་པའི་སྒོ་དབྱེ་ནས་ནམ་མཁའ་རྡོ་རྗེའི་གྲོང་ལ་འཇུག་པའོ། །དང་པོ་ལ། རྩ་ཡོན་པོ་བྱེད་བཅིངས་ཀྱིས་བསྲང་བ། རླུང་ལོག་པ་རང་གནས་སུ་འགུགས་པ། ཁམས་ཞུ་བ་དྭངས་མར་སྦྱང་བ་གསུམ། དང་པོ། དེ་དབུས་གཉིས་མིང་ཅེས་པས་དབུ་མ། གཡས་དང་གཡོན། ཐབས་དང་ཤེས་རབ་རྣམ་པར་དབྱེ། ཞེས་པས་རོ་རྐྱང་། །སྐུའི་གནས་སུ་འཁོར་ལོ་ནི། ནས། ཤེས་རབ་གཉིས་འགྱུར་ཁ་དོག་དམར། གྱི་བར་གྱིས་འཁོར་ལོ་བཞི། རྟོག་པ་སད་པའི་འཁོར་ལོ་ནི། ཐབས་ལ་དྲུག་དང་། ཞེས་པ་གཙུག་ཏོར། ཤེས་རབ་དྲུག ཐ་མ་བདེ་བ་འཛིན་པའི་ས་ཞེས་བྱ་བས་གསང་གནས་ཀྱི་འཁོར་ལོ་བཤད་པ་ཡིན་ལ། གཉིས་པ། ཡི་གེ་བཞི་ཡིས་བརྒྱན་མཛད་དེ། དགུག་གཞུག་བཅིང་མཉེས་པར་བྱེད་པས་རོ་རྐྱང་ནས་ཁ་ཕྱིར་བལྟས་པ་གློག་སྟེ་རང་གནས་དབུ་མར་གཞུག་པར་བྱའོ། །གསུམ་པ་ནི། རྟོགས་པ་སད་པ་ནི་སྒྲ་རྟོགས་ལས་འདས་པའི་མི་རྟོག་པ་ཆེན་པོ་ཡིན་པས། མི་རྟོག་དཔའ་བོ་གནས་པ་ཡིན། འཁོར་ལོ་དེར་ཧཾ། བདེ་འཛིན་འཁོར་ལོ་ཡི་གེ་མེད། ད་ལྟ་ཤད་ཡིན་པས། བརྗོད་པ་ཐམས་ཅད་སྤངས་པ་སྟེ། ཞེས་གསུངས་དོན་པ་ལུ་ཏ། དེ་འདུས་མ་བྱས་པའི་རང་བཞིན་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དགོས་པ། ཁུ་བ་ཁྲག་དང་ཆུ་སེར་གནས། །འདིས་ནི་ལམ་གསུམ་འཇོམས་བྱེད་པའོ། །འབར་འཛག་གིས་ཁམས་ཐམས་ཅད་དྭངས་མར་བྱས་པས་འཛག་པ་མེད་པའི་སྐུ་འགྲུབ་པའོ། །སྐད་ཅིག་རླུང་གི་རྟ་ཡིས་ནི། ཐབས་དང་ཤེས་རབ་གཉིས་བསྐུལ་ནས། གཉིས་མེད་ཡེ་ཤེས་སྐྱེ་བར་འགྱུར། ནི་ཕྱག་རྒྱ་མ་ལ་བརྟེན་པ་སྟེ། བསམ་མི་ཁྱབ་ཏུ། ཉི་ཟླ་གཟའ་ཡིས་ཟིན་པ་ན། ཤེས་རབ་རྡོ་རྗེའི་སྦྱོར་བ་ཡིས། །བཞུ་བ་གཉིས་མེད་ཡེ་ཤེས་འགྱུར། ཞེས་གསུངས་པ། གསུམ་པ། ཡེ་ཤེས་ཀྱིས་ནི་རྟོག་པ་བསྲེག ཐལ་བའང་དམིགས་པར་མི་འགྱུར་བས། གནད་ཀྱི་སྒོ་འབྱེད་པའི་ཚུལ། རྟགས་ལྔ་རིམ་པས་འབྱུང་བར་འགྱུར། རགས་པ་དང་། སྣང་བ་གསུམ་ཐིམ་ནས། ལྔ་པར་འོད་གསལ་འབྱུང་བ། འོད་གསལ་དེ་མངོན་དུ་བྱས་པ། ཚོགས་ལས་གྲུབ་པའི་ཡེ་ཤེས་ཡིན། བསོད་ནམས་ཀྱི་ཚོགས་རྫོགས་པའི་འབྲས་བུ་མཐོང་བའི་ལམ། ཡང་དང་ཡང་དུ་བསྒོམ་པར་བྱ། སྡེ་པ་བཞི་ཡིས་ལོངས་སྤྱོད་ནི། མས་བརྟན་པའི་འཁོར་ལོ་བཞིར་བགྲོད་པས་དགའ་བ་བཞི་སྐྱེ་བ། གནས་གསུམ་ནི་ལུས་ངག་ཡིད་གསུམ་གྱི་ཐིག་ལེ་དག་པ་མངོན་དུ་བྱས་པ། གཉིས་མེད་བདེ་བའི་གནས་ཐོབ་ནས་སྐྱེ་འཆི་ལ་སོགས་རྒྱུན་ཆད་དེ། ཡེ་ཤེས་ཀྱི་ཐིག་ལེ་རྣམ་པར་དག་པ་སངས་རྒྱས་ཀྱི་སར་སླེབ་པས། འདི་ནི་རྣམ་དག་ལེགས་པའི་གནས། ཐོབ་པར་འགྱུར་པ་སྨོས་ཅི་དགོས། ནས། བཤད་པ་ཡིན་གྱི་བར་གྱིས་སོ། །གསུམ་པ་ནི། དཔའ་བོ་བརྟན་པར་མ་གྱུར་ན། བསྐྱེད་རིམ་བཟླས་བརྗོད་དང་བཅས་པས་སེམས་བརྟན་པར་མ་གྱུར་ན། ཡི་གེ་ཧཱུྃ་གི་སྦྱོར་བ་ཡིས། འདི། མངོན་དུ་བྱ་བ་གཞིའི་ཧཱུྃ། མངོན་དུ་བྱེད་པ་ཐབས་ལམ་གྱི་ཧཱུྃ། མངོན་དུ་བྱས་པ་འབྲས་བུའི་ཧཱུྃ་གསུམ། གཉིས་པ་སྦྱོང་བྱེད་དབྱིབས་ཀྱི་ཧཱུྃ་སྟེ། འཇིག་རྟེན་ཁམས་ཀུན་འཇིག་པར་འགྱུར། །བརྗོད་པ་སྔགས་ཀྱི་ཧཱུྃ་བཟླས་པ་སྟེ། མེ་ནི་བུད་ཤིང་བསྲེག་མཛད་དེ། ཤིང་མེད་མེ་ཡང་ཇི་ལྟར་གནས། །མཉམ་པར་བཞག་བྱ་དོན་གྱི་ཧཾ་ལ་རྩེ་གཅིག་ཏུ་འཇོག་པ། བརྟན་གཡོ་མཉམ་པར་གྱུར་པ་ན། །དེ་གཅོད་བྱེད་རིག་པའི་ཧཱུྃ་དུ་ལངས་པས། མི་ཤིགས་ཡི་གེ་རྣམ་པར་དག དེ་བརྡལ་བ་ཆེན་པོའི་ཧཱུྃ་དུ་རྫོགས་པ། འདི་ནི་ང་ཡི་གསང་བ་སྟེ། །གསང་བ་བླ་ན་མེད་པ་འདི། །བདག་མེད་རྟོགས་པ་ཁྱོད་ལ་བཤད། །རྫོགས་པའི་རིམ་པ་གསུམ་པོ་དེ་ཡང་མདོ་ཙམ་སྟེ། རྒྱས་པར། གཞན་དུ་གངྒཱའི་བྱེ་མ་དང་། མཉམ་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །བརྗོད་པར་ནུས་པ་ག་ལ་ཡོད། ཅེས་གསུངས་སོ། །ལེའུ་བཅུ་པའོ།། །། གཉིས་པ་དེ་ཐམས་ཅད་དབང་ཐོབ་ནས་བྱ་བ་ཡིན་པས། དབང་བསྐུར་བཤད་པ་ལ་དཔོན་སློབ་ཀྱི་རྟེན་འབྲེལ། དཀྱིལ་འཁོར་གྱི་ལས་རིམ། དབང་བསྐུར་བཤད་པ་གསུམ། དང་པོ། སློབ་མའི་མཚན་ཉིད་སྔར་བཤད་ལ། དེས་བླ་མ་ལེགས་པར་བརྟགས་ནས་བསྟེན་པར་བྱ་སྟེ། དངོས་གྲུབ་ཐམས་ཅད་དེའི་རྗེས་སུ་འགྲོ་བའི་ཕྱིར་དེ་བཤད་པ། དང་པོར་སློབ་དཔོན་མཚན་ཉིད་ཀྱང་། སོགས་ཀྱིས་དབང་གི་དོན་དུ་དེ་ལ་གསོལ་བ་གདབ་པའི་བར་དངོས་སུ་གསུངས་ལ། དེས་ཞལ་གྱིས་བཞེས་བསྙེན་པ་ཁ་སྐོང་བྱ་བ་ཤུགས་ཀྱིས་བསྟན་ནོ། །གཉིས་པ་དཀྱིལ་འཁོར་ལས་རིམ་གསང་བ་སྤྱི་རྒྱུད་དང་མཐུན་པར་བཤད། དེར། རྣམ་དཔྱད་དང་པོ་ས་གཞི་གཟུང་། གཉིས་པ་ལ་ནི་སྟ་གོན་བྱ། ནུབ་གསུམ་པ་ལ་འཇུག་པ་ཤེས། ཞེས་པ་ལྟར། ནུབ་དང་པོ་ས་ཆོག དེ་ཡང་བརྟག་པ་ཕྱོགས་དང་ལྟོ་འཕྱེ་དང་རོ་བསལ་པྲ་བརྟག་པ་རྣམས། གྲོང་དང་སོགས་ཀྱིས་བསྟན་ལ། ལཾ་ལས་བྱུང་བའི་སོགས་ནས་བསླང་སྦྱངས་ཞེས་པའི་བར་གྱིས་བསླང་སྦྱངས་གཟུང་བ་བསྟན་ནོ། །སྟ་གོན་ལྷ་བུམ་སློབ་མའི་སྟ་གོན་གསུམ་སྟེ། བསྲུང་ཞིང་གཙོ་བོ་ལ་སོགས་ཀྱིས་ལྷ། རིན་པོ་ཆེའམ་ས་ཡང་རུང་སོགས་ཀྱིས་བུམ་པ། འོག་གི་གུས་པས་མེ་ཏོག་དང་བཅས་ནས། ཞི་བའི་མེ་ཡིས་བཟློག་པར་བྱ་བའི་བར་གྱིས་སློབ་མའི་བསྟན་ལ། སློབ་མ་རྣམས་ལ་རྗེས་བརྩེ་བས། སྡོམ་གཟུང་གསོལ་ཞིང་བསྲུང་བ་དང་། དཀྱིལ་འཁོར་བཀོད་ནས་ཞེས་པ་འདི་ནི་ཟླ་བ་དང་ལོ་ལ་སོགས་པས་དངོས་གྲུབ་བསྒྲུབ་པའི་དབང་དུ་མཛད་པས། །དབང་ཐོབ་ནས་དེ་ལྟ་བུའི་དོན་དུ་འདུ་བའི་སློབ་མ་ལའོ། །ནུབ་གསུམ་པ་ལ་དཀྱིལ་འཁོར་བསྒྲུབ་ཅིང་དབང་བསྐུར་བ་བཤད་ལ། དཀྱིལ་འཁོར་བསྒྲུབས་ནས་སྐབས་སུ་བབ་པ་ལ་དབང་བསྐུར་ཀྱང་ལེགས་པ་ཡིན་ནོ། །དེ་བས་ན་འདིར་ནུབ་གསུམ་པ་རང་གི་ཆོ་ག་ལ། ཐིག་དང་། ཚོན་དང་། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་ལས། དང་པོ། སྲད་བུ་ཡེ་ཤེས་ལྔ་ལྡན་པ། སོགས་དང་། གཉིས་པ། རིན་ཆེན་ལྔའམ་འབྲུ་ཡི་ཕྱེ། སོགས་དང་། གསུམ་པ། དེ་ནས་རྡོ་རྗེའི་འཆང་དམིགས་ལ། ཞེས་པས་བདག་མདུན་གཉིས་ཀར་བཤད་དོ། །དབང་བསྐུར་བཤད་པ་ལ། སྔོན་དུ་བདག་འཇུག དེ་ནས་སློབ་མ་ལ་དབང་བསྐུར་བའི་དང་པོ། སློབ་དཔོན་སྨིན་ནས་སློབ་མ་རྣམས། ཕུང་པོ་ལྔ་པོ་དག་པར་སྦྱངས། །ཞེས་པས་བསྟན། གཉིས་པ། དཀྱིལ་འཁོར་དུ་མ་ཞུགས་པ་ལ་དབང་བསྐུར་ཐོབ་པ་མེད་པས། སྔོན་དུ་འཇུག་པ། ཕྱིས་དབང་བསྐུར་བ། དང་པོ། གདོང་གཡོགས་བཅིངས་ལ་ཡེ་ཤེས་དབབ། །ཅེས་པས་མདོར་བསྟན། དཀྱིལ་འཁོར་དམ་པར་གཞུག་པའི་ཕྱིར། ནས། རིགས་ཀྱི་དེ་ལ་སྤྲོ་བར་བྱ་བའི་བར། དབང་བསྐུར་བ་ནི། རྣམ་པ་བཞི་སྟེ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། །ཤེས་རབ་ཡེ་ཤེས་ཆེན་པོའོ། །དང་པོ་ལ། རྡོ་རྗེ་སློབ་མའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་གཉིས། དང་པོ་ནི། ཆུ་དང་ཅོད་པན་རྡོ་རྗེ་དང་། དྲིལ་བུ་མིང་གི་དབང་བསྐུར་རོ། །ཞེས་པ་རིགས་ལྔའི་བདག་ཉིད་ཡེ་ཤེས་ལྔ་སྟེ། དངོས་གཞི་དེ་ཡིན་ལ། དེ་ཙམ་གྱིས་སྔགས་ཀྱི་སྒྲུབ་པ་པོར་རུང་བས་དེའི་དབང་དུ་བྱས་ནས་དེའི་མཐར། བརཏལ་ཞུགས་ལུང་བསྟན་རྗེས་གནང་སྦྱིན། དབུགས་དབྱུང་། གལ་ཏེ་སློབ་དཔོན་དུ་འོས་པ་ཞིག་ན། རྡོ་རྗེ་སློབ་དཔོན་བསྒྲུབ་ཅེས་པས། བརཏལ་ཞུགས་ལ་སོགས་པ་དེའི་མཐའ་བརྟེན་དུ་བྱ་བ་སྟེ། དེ་ནི་དྲུག་གི་བྱེ་བྲག་དབང་། ཞེས་གསུངས་པའི་རིག་པ་དེ་བསྐུར་རོ། །དེ་ནི་རྡོ་རྗེ་སེམས་དཔའམ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད། སྟོང་ཉིད་སྙིང་རྗེ་གཉིས་ཟུང་འཇུག་གི་ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །གསང་བ་ཤེས་རབ་ཡེ་ཤེས་དང་། བཞི་པ་བརྗོད་མེད་དབང་བསྐུར་བ། ཞེས་པ་གོང་མ་གསུམ་རིམ་པ་བཞིན་བསྟན་ལ། བཞི་པ་ཚིག་དབང་ཞེས་པ་དང་། འདིར་བརྗོད་དུ་མེད་པར་བཤད་པ་མི་འགལ་ལམ་ཞེ་ན། དབང་དེ་སྒྲ་རྟོག་གི་ཡུལ་ལས་འགོངས་པ་ཞིག་ཡིན་པ། གསུམ་པ་དཔེར་བྱས་ནས་དེའི་དུས་སུ་ཐབས་ཀྱིས་མཚོན་བྱ་མངོན་སུམ་དུ་འགྱུར་བ་ལ་སྒྲོས་བཏགས། ཚིག་གིས་ཕྱིས་བརྡ་སྤྲོད་པས་དེ་ཙམ་གྱིས་ཚིག་དབང་དུ་བཞག་པས་འགལ་བར་མི་འགྱུར། གསང་བ་མཆོག་གི་སོགས་དབུགས་དབྱུང་དང་། །དམ་ཚིག་བསྒྲག་གཟུང་། བཅོམ་ལྡན་འདས་ཀྱིས་བཤད་པ་ལྟར། སོགས་ཀྱིས་ཡོན་འབུལ་དང་རྗེས་སུ་བྱ་བའི་རིམ་པའོ། །ལེའུ་བཅུ་གཅིག་པའོ།། །། དེ་ལྟར་བསྒྲུབས་པའི་འབྲས་བུ་རྣམ་པར་གཞག་པ་ལ། ནུས་པ་དང་ལྡན་ན་ཀླུ་ནད་འབྱིན་པ། ལས་ཐམས་ཅད་ལ་གཏོར་མ་གཅེས་པས་དེ་བསྟན་པ། དེ་དག་རིགས་ཀྱི་ཡུམ་གྱི་རྣལ་འབྱོར་གྱིས་ཀྱང་འགྲུབ་པ། འདོད་ན་ལས་རབ་འབྱམས་ལ་སྦྱོར་བའི་ཚུལ་བཤད་པ་བཞིའི་དང་པོ་ལ། ས་བདག་ཀླུའི་གདོན་དགྲོལ། །ནད་ཞུགས་པའི་རྟགས། འདོན་པའི་ཐབས་བཤད་པ་གསུམ། དང་པོ་ནི། ཞུ་ལན་གྱི། གདུལ་བྱའི་རིགས་སུ་གནས་པ་ནི། །གདུག་པའི་ཀླུ་ཆེན་རྣམ་པ་བརྒྱད། །རིགས་བསྡུས་ཆུ་བདག་བ་རུ་ཎ། །དམ་ཚིག་ལ་གནས་སོག་མ་མེད། །འདི་དག་སྒྲུབ་པར་འདོད་པས་ན། ཞེས་གསུངས་པའི་སྒྲུབ་པའང་ནད་འབྱིན་པའི་ལས་སྦྱོར་གྱི་སྔོན་གྱི་སྒྲུབ་པ་ལ་དགོངས་སོ། །ཇི་ལྟར་བསྒྲུབ་པའི་བཅས་མཛེས་པའི་དཀྱིལ་འཁོར་སོགས། མཆོད་རྫས་ཀླུ་ཡི་རྩི་སྨན་བཤམ། །བདག་བསྐྱེད། དེ་རྗེས་རྡོ་རྗེ་འཛིན་བསམས་ལ། །བདག་མདུན་གཉིས་ཀའི་གཙོ་བོ་ཡིན། །མདུན་བསྐྱེད་ལ་དེ་ལ་འཁོར་དུ། པདྨའི་ལྟེ་བར་ཆུ་བདག་དང་། དམ་ཚིག་སོག་མེད་དཀར་དང་སེར། ཐལ་སྦྱར་སྦྲུལ་གྱི་ཞབས་སུ་འཁྱིལ། གཙོ་བོ་རྡོ་རྗེ་འཆང་ལ་འདུད། །འདི་གཉིས་ལྟེ་བའི་གཙོ་བོའི་གཡས་གཡོན། ཤར་ཕྱོགས་དགའ་བོ་སྔོན་པོ་སྟེ། ནས། ས་བདག་སྣ་ཚོགས་གཟུགས་ཀྱིས་བསྐོར། གྱིས་བསྐྱེད། ཀླུ་ཆེན་གནས་ནས་སྤྱན་དྲངས་ཏེ། ཨེ་ེ་ཧི་ནས། བཞུགས་པར་གྱུར་བར་གྱིས་དགུག་པ། ཨོཾ་བཛྭ་ཙཎྜྻ་སོགས་རྡོ་རྗེ་འཆང་གི་ཀླུ་དམ་ལ་བཞག་པ་དྲན་པར་བྱེད་པ། ནཱ་ག་རཱ་ཛ་སོགས་ཀྱིས་དམ་ཚིག་འཛིན་པ། རིམ་པས་མཆོད་ཅིང་སོགས་ཀྱིས་མཆོད་བསྟོད་སྔགས་བཟླས། གཞན་ཡང་འཇིག་རྟེན་པ་རྣམས་ལ་སོགས་ཀྱིས་བྱ་བ་ཆོ་ག་བྱ་སྟེ། ཟིན་ནས་གནོད་པའི་ཕྱོགས་སུ་བསྐྱལ་བ། བསྲུང་འཁོར་གདགས་པ། དེ་བཞིན་བྱས་ན་ཀླུ་ནད་རྣམས་སོགས་ཀྱིས་ཕན་ཡོན། ལེའུ་བཅུ་གཉིས་པའོ།། །། གཉིས་པ་ནད་ཞུགས་པའི་རྟགས་ནི། ཞུ་ལན་གྱི། ཀླུ་ལ་རིགས་དྲུག་ལ་སོགས་པ། སྣ་ཚོགས་རིགས་སུ་ཡོད་གྱུར་ཀྱང་། །འབྱུང་བ་ལྔ་ཡི་རང་བཞིན་ཏེ། །འདིར་རིགས་ལྔར་བཤད་ཀྱང་ལྔ་པ་ཐམས་ཅད་ལ་ཁྱབ་བྱེད་ཡིན་པས་དོན་ལ་བཞིར་བསྡུས་སོ། །བཞི་ཡང་། ནོར་རྒྱས་དུང་སྐྱོང་རྒྱལ་རིགས་ཡིན་ཏེ་མཐོང་བའི་དུག །སེར་པོ་ས་ལ་དབང་སྟེ་ཞེས་པས་དུག་ངོས་གཟུང་། ལྕི་འཐིབས་ལུས་པོ་སྦོམ་སོགས་ནད་རྟགས། དགའ་བོ་རིགས་ལྡན་བྲམ་ཟེ་ཡིན་ཏེ་བསམ་པའི་དུག །དམར་པོ་མེ་ལ་དབང་སྟེ་དང་། ཚ་ཞིང་གདུང་བ་སོགས། ནད་རྟགས། པདྨ་འཇོག་པོ་རྗེ་རིགས་ཡིན་ཏེ་ཁ་རླངས་དུག །དཀར་པོ་ཆུ་ལ་དབང་བས་དང་། །གྲང་ཞིང་བསིལ་བ་སོགས་ནད་རྟགས། །པད་ཆེན་སྟོབས་རྒྱུ་དམངས་རིགས་ཡིན་ཏེ་རེག་པའི་དུག །ནག་པོ་རླུང་ལ་དབང་བས་དང་། །ཡང་ཞིང་གཡོ་བ་སོགས་ནད་རྟགས་ཞར་ལ་རྒྱུ་དུས་དང་བཅས་པ་བསྟན། ཆུ་ལྷ་དམ་ཚིག །ནམ་མཁའ་ཡིན་ཏེ་ཀུན་ལ་ཁྱབ། ཅེས་པས། དེ་ཁོ་ནས་ཟིན་པ་མེད་དེ། ནམ་མཁའ་ཐམས་ཅད་ལ་ཁྱབ་ཀྱང་ལས་འབྱུང་བ་བཞིས་བྱེད་པ་ཡིན་ནོ། །ཐུན་མོང་གི་རྟགས་སྤྱིར་ན་ལྔ་ཀ་གང་ཞུགས་ཀྱང་། སོགས་ཀྱིས་སོ། །ལེའུ་བཅུ་གསུམ་པའོ།། །། གསུམ་པ་འདོན་པའི་ཐབས་བཤད་པ་ནི། ཞུ་ལན་གྱི། བྱོལ་སོང་ཀླུ་ཡིས་ཟིན་པ་སོགས་ཀྱིས་འཚོ་མི་འཚོ་བརྟགས་ཏེ། འཚོ་བ་ལ་ཐབས་བྱ་བར་བསྟན། གསོ་ཚུལ་ལ། དང་པོ་སྔགས་ཀྱི་རིམ་པ་སྟེ། །ནུས་པ་ཆུང་བ་བསྙེན་པས། འབྲིང་བསད་པས། ཤིན་ཏུ་ཚབས་ཆེ་བ་ཀླུ་རང་གཤེད་དུ་དབབ་པའི་སྒོ་ནས་སོ། །འཕྲུལ་འཁོར་ཚར་ནས་མ་བདེ་ན། །རྒྱལ་པོ་བསྡོང་ཟླ་དབྱེ་བར་བྱ། །སྡེ་བརྒྱད་ཀྱི་གཏད་ཕྱུང་རྒྱབ་དང་འབྲེལ་བའོ། །གཉིས་པ་རྫས་ཀྱིས་གསོ་བ་ནི། །གཉེན་པོ་མི་མཐུན་རྫས་དང་སྦྱར། །སྨན་གྱིས་བསྡུ་བསད་སྦྱང་གསུམ་བསྟེན་པའོ། །རྟགས་ལོག་ན་སྦྱིན་སྲེག་གིས་ཕྱིར་རྗེས་བཅད་པར་བྱའོ། །ལེའུ་བཅུ་བཞི་པའོ།། །། གཉིས་པ་ལས་ཐམས་ཅད་ལ་གཏོར་མ་གཅེས་པས་དེ་བསྟན་པ་ནི། དཀྱིལ་འཁོར་བྲི་དང་སོགས་ཀྱིས་གཏོང་ཚུལ་སྒྲུབ་པ་བཞི་ལྡན་དུ་སྟེ། བསྒྲུབ་པ་བཞི་བདག་བསྒྲུབ་པ། རྫས་བསྒྲུབ་པ། མགྲོན་བསྒྲུབ་པ། ལས་བསྒྲུབ་པའོ། །དང་པོ། ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །གཉིས་པ་ཕུན་སུམ་ཚོགས་པའི་འབྱོར་པ་བསག །ནས། གཉིས་མེད་ཐབས་དང་ཤེས་རབ་ཡིན། །ཕྱི་མ་འདིས་གཏོར་མ་དེར་གང་གིས་འཇོག་པའི་མཚན་ཉིད་ཀྱང་བསྟན་པ་ཡིན་ནོ། །གསུམ་པ་ས་བོན་ལས་བྱུང་པདྨའི་གདན། ནས་བསྟོད་ཅིང་གི་བར། བཞི་པ་གསོལ་བ་གང་ཡིན་བྱ་སོགས་ཀྱིས་རྗེས་འབྲས་བུ་དང་བཅས་པ་བསྟན་ནོ། །ལེའུ་བཅོ་ལྔ་པའོ།། །། གསུམ་པ་དེ་རིགས་ཀྱི་ཡུམ་གྱི་རྣལ་འབྱོར་གྱིས་ཀྱང་འགྲུབ་པར་བསྟན་པ་ནི། ཞུ་ལན་གྱི། དུས་གསུམ་སངས་རྒྱས་བསྐྱེད་པའི་མ། ནས། ང་ཡིས་ཀྱང་ནི་འདིར་བཤད་དེ། ཞེས་པས་འདི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཚུལ། བྱང་ཆུབ་སེམས་ལྡན་གང་ཟག་གི །ནས། རུས་པ་རིན་ཆེན་རྒྱན་དང་ལྡན་གྱི་བར་གྱིས་བསྐྱེད་ཆོག །རྟག་ཏུ་ཡེ་ཤེས་པ་ཡང་མཆོད། །དེ་ལ་ཡེ་ཤེས་སྤྱན་དྲངས་མཆོད་བྱས་བསྟིམ་པ། ཞར་ལ་ལྷ་དབང་བསྐུར་བ་ཡང་བསྟན། རིག་པ་ངེས་པར་བསྟན་པ་ནི་ནས། འབུམ་འགྱུར་སྔགས་ཀྱི་འབྲེལ་པར་འགྱུར། །ཞེས་པའི་བར་བཟླས་པ། འབུམ་འགྱུར་ཞེས་པ་དུས་བཞིར་གྲངས་འགྱུར་བ་བསྟན་ཏེ། རྫོགས་ལྡན་ལས་རྩོད་པའི་དུས་འགྱུར་དེ་བཞི་འགྱུར་དུ་བགྲང་དགོས་པས་སོ། །འདི་ཉིད་ཀྱི་ཁྱད་པར་གྱི་ལས་མཆོག་སྒྲུབ་ཅེས་པ་དངོས་གྲུབ་ཡི་དམ་གྱིས་སྟེར་ཀྱང་བྱིན་གྱིས་མཁའ་འགྲོ་མས་རློབ་པ་ཡིན་པས། འདི་ནི་བྱིན་རླབས་རིམ་པའི་ཕྱིར། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། ཞེས་དགྱེས་རྡོར་ལས་བཤད་པས་སོ། །གནས་སྐབས། ནད་རྣམས་སྦྱང་བ་དང་། །བསྲུང་ཞིང་འདོད་པ་ཐམས་ཅད་འགྲུབ་པ་དང་། ཞི་རྒྱས་དང་རང་གི་སྲོག་འཛིན་ཚེ། འཕྲིན་ལས་དབང་སྟེ་འཕྲིན་ལས་རྒྱས་པར་བྱེད་པའོ། །ཐུན་མོང་། ལས་གཞན་དངོས་གྲུབ་མ་ལུས་པར། །ལྷ་མོ་ཁྱོད་ཀྱིས་བྱེད་པ་ཡིན། དེའི་ཕྱིར། འདི་ནི་གསང་བ་དམ་པ་སྟེ། ཞེས་གསང་བས་མཆོག་ཡིན་ནོ། །དེ་བས་མཛེས་མ་ཁྱོད་ལ་བཤད། ལེའུ་བཅུ་དྲུག་པའོ།། །། བཞི་པ་འདོད་ན་ལས་རབ་འབྱམས་ལ་སྦྱོར་བའི་ཚུལ་ལ། ལྷ་སྔགས་ཏིང་འཛིན་རྫས་བཞི་སྦྱོར་གྱིས་འགྲུབ་པ། ལྷའི་སྟོབས་ཀྱིས་འགྲུབ་པ། སྤྱིན་སྲེག་གི་ཆོ་གས་འགྲུབ་པ། བསྟོད་པས་འགྲུབ་པ་བཞིའི་དང་པོ། །ཞུ་ལན་གྱི། སྒྲུབ་པོ་ཕུན་སུམ་ཚོགས་འདོད་པས། རང་ཉིད་ཐོག་མར་བསྙེན་བྱས་ཏེ། ཞེས་པས། ལས་གང་བྱེད་ཀྱང་བསྙེན་པའི་རྟགས་ཐོན་པ་ཞིག་དགོས་པ་དང་། དེ་ནས་འདོད་པའི་རྗེས་ལ་འཁོར་ལོ་བྲི་སོགས་རང་རང་གི་བཅས་བྱས་བསྒྲུབ་པ་ལས་ལ་སྦྱར་བས་གདོན་མི་ཟབ་བར་འབྲས་བུ་འབྱུང་བ་ཡིན་ལ། གོང་བུ་དགུག་པ་ལོངས་སྤྱོད་དགུག་པ་ཡིན། རྐང་པས་དགུག་པ་སྲོག་ལྡན་དགུག་པ་ཡིན་ལ། གཞན་རྣམས་གཞུང་ཚིག་ཉིད་ཀྱིས་གསལ་བར་ཐོན་ནོ། །ལེའུ་བཅུ་བདུན་པའོ།། །། ལྷའི་སྟོབས་ཀྱིས་འགྲུབ་པ་ནི། ཞུ་ལན་གྱི། ཆུ་བདག་གནས་པའི་ས་ཡི་ཆར། དབབ་པའི་གནས། དཀྱིལ་འཁོར་པདྨ་འདབ་བརྒྱད་ལ་སོགས་བཅས། །འདབ་མར་ཀླུ་ཆེན་བརྒྱད་བསྐྱེད་ལ། །སྤྱན་དྲངས་མཆོད་པ་བྱས་ནས་ཀྱང་། །བར་གྱིས་ཆོ་ག ཆར་གྱི་རྒྱུན་ཆེན་པོ་འབེབས་པར་བསམས་ནས་འབེབས་པར་འགྱུར་གྱི་བར་གྱིས་ཏིང་ངེ་འཛིན་བཟླས་སྔགས། གལ་ཏེ་བབས་པར་མ་གྱུར་ན་སྤོགས་པའི་ཆོ་ག་རྣམས་བཅས་པ་བཤད་དོ། །འདིར་རིགས་ཀྱི་ཁྲོ་བོ་རྩ་བ་ཁྱུང་ཞལ་ཅན་ཞལ་བཞི་ཕྱག་བརྒྱད་པ་དེའི་བྱིན་ཀླུས་མི་བཟོད་པས་བསྒོམ་པ་ཙམ་གྱིས་ཆར་འབབ་པར་བཤད་པས་འདི་ལྷའི་སྟོབས་སུ་བཞག་གོ །ལེའུ་བཅོ་བརྒྱད་པའོ།། །། གསུམ་པ་སྦྱིན་སྲེག་གི་ཆོ་གས་འགྲུབ་པ་ནི། ཞུ་ལན་གྱི། ཐབས་དང་རྫས་དང་ལྷ་དང་ནི། །སྔགས་ཀྱི་རིམ་པ་ཕན་ཡོན་རྣམས། །རིམ་པས་མཛེས་མ་ཁྱོད་ལ་བསྟན། གྱིས་མདོར་བསྟན། རྒྱས་པར་བཤད་པ་ལ། སྦྱང་བའི་ལས་ནི་སྔོན་འགྲོ་བས། །དཀྱིལ་འཁོར་གྱི་ཆོ་ག་དང་མཐུན་པར་ས་ཆོག་བྱ་བ། སོར་ནི་ཉི་ཤུ་བཅོ་བརྒྱད་དང་། སོགས་ཀྱིས་ཐབ་ཀྱི་ཆུང་ཚད་བཤད་ལ་གཞན་སྤྱི་དང་མཐུན་ནོ། །རིམ་བཞིན། ནད་རྣམས་ཞི་ཞིང་ནོར་འཕེལ་དང་། ནས། གསོད་པའི་ཐབ་ཏུ་ཤེས་པར་བྱ། །དེ་དག་ལའོ། །ཐུར་བརྐོ་སོར་གསུམ་གཉིས་ཁ་ཁྱེར་མཐོ། རིམ་བཞིན་ཕྱེད་ཕྱེད་རྡོ་རྗེས་མཚན། མདོག དཀར་སེར་དམར་ནག་ལྗང་ཁུ་སྟེ། ལས་དང་འབྲེལ་པར་ཤེས་པར་བྱ། མཆོད་པའི་རྫས་དང་ཡམ་ཤིང་དང་། དཱུར་བ་ལ་སོགས་བསྲེག་པའི་རྫས་སོ། །འགོད་ལུགས། གཡས་དང་གཡོན་གྱི་རིམ་པ་ཡིས། །བདག་བསྐྱེད། །རང་ཉིད་རྡོ་རྗེ་འཛིན་པར་བསྐྱེད། བསམ་པ་རྒྱས་ལ་དགའ་དང་སོགས། །ཕྱོགས་དམན་པ་མེ་ཕྱོགས་སོགས། འཇིག་རྟེན་པའི་ལྷ། ཧ་ཱུྃལས་སྐྱེས་པའི་ཁ་དོག་དམར་སོགས་བསྟིམ། ཡེ་ཤེས་པ་བསྟིམ་པ། དེ་ལ་མཆོད་པ་བསངས་གཏོར་སོགས། མེ་པྲ། དེ་རྗེས་མེ་ཡི་མཚན་མ་བརྟག་སོགས། ངན་ན་དེ་ལས་མི་རིགས་བཟློག །རྫས་འབུལ་བ། དེ་རྗེས་རྫས་ཀྱི་རིམ་པ་ནི་སོགས། དེ་ནས་བསྟོད་པ་དང་འདོད་གསོལ། བསྟོད་ཅིང་གསོལ་བའི་ལས་བྱ་སྟེ། འཇིག་རྟེན་པའི་སྦྱིན་སྲེག མེ་ཡི་སྙིང་གར་དཀྱིལ་འཁོར་མཆོད། །བསང་གཏོར་ལ་སོགས་རིམ་པ་བཞིན་སྔར་བསྟན་པ་ལས་ཤེས་པར་བྱ། འཇིག་རྟེན་ལས་འདས་པའི་སྦྱིན་སྲེག དེ་རྗེས་ལྷག་མས་ཅི་རིགས་མཆོད། སླར་འཇིག་རྟེན་པར། གང་དུ་གང་འབུལ་ན། ཁུ་བ་ལ་སོགས་རྫས་རྣམས་ནི། །ལྷའི་ཞལ་དུ་སོགས། རྗེས་ཆོ་ག དཀྱིལ་འཁོར་བསྡུ་གཤེགས་རིམ་པ་རྣམས། མཁས་པས་ཉེ་བར་བརྟགས་ཏེ་བྱ། འབྲས་བུ། དཀྱིལ་འཁོར་ལྷ་ཡིས་མཆོག་སྟེར་ལ། མེ་ཡིས་འདོད་པའི་དོན་འགྲུབ་བྱེད་སོགས་ཀྱིས་བཤད་དོ། །སྦྱིན་སྲེག་གིས་བསྙེན་པའི་ཁ་སྐོང་། ལས་གང་ཡང་མྱུར་བར་བྱེད་པས་ཀུན་གྱི་རྗེས་སུ་འཇུག་པ། དེ་ཡང་མེ་ལྷ་ཀུན་གྱི་ཞལ་དེར་བསྲེག་པ་དེ་གསོལ་བ་ཡིན། དེས་དེ་གཉིས་མཆོག་སྟེར་རོ། ལས། དགོས་པ། བྱེད་པ་པོ་དུས་གནས། ཕྱོགས། བྱ་ཁྱེར། ཐབ་དེའི་མདོག དེའི་མཚན་མ། བུད་ཤིང་། མཆོད་རྫས། སྲེག་རྫས། དེ་དག་འགོད་ཚུལ། དགང་གཟར་བླུགས། ཆས་གཞུག འདུག་སྟངས། ཁ་ཕྱོགས་བདག་བསྐྱེད། མཆོད་པ་དང་སྲེག་རྫས་བྱིན་བརླབ། ཀུ་ཤ་བཀྲམ་པ། མེ་སྤར་ཚུལ། འཇིག་རྟེན་པའི་མེ་ལྷ་བསྐྱེད་པ། རང་བཞིན་པའི་གནས་ནས་སྤྱན་དྲང་པ། དམ་ཚིག་པ་ལ་བསྟིམ་པ་མཆོད། དགང་བླུགས། འབུལ་བའི་དུས་ཀྱི་ཁུ་ཚུར། སྔགས་ཚིག འབུལ་བ། བསྟོད་པ་མེ་བསྒྱུར་རམ་ལྟོ་བར་རམ་དཔང་པོར་འཇོག་པ་གང་རུང་བ་འཇིག་རྟེན་ལས་འདས་པའི་ལྷ་བསྐྱེད་ཆོག པྲ་ངན་ན། བཟློག་པ། རྫས་གཉིས་འབུལ་བ། བསྟོད་པ། འདོད་གསོལ། གཤེགས་གསོལ། སླར་འཇིག་རྟེན་པའི་མེ་ལྷ་མཆོད་པ། ལས་གཞུག་སྡུད་པའི་ཁྱད་པར་ཞིབ་མོ་ཕྱེད་པར་བྱའོ། །ལེའུ་བཅུ་དགུ་པའོ།། །། བཞི་པ་བསྟོད་པས་འགྲུབ་པ་ནི། ཞུ་ལན་གྱི། ང་ཡི་མིང་ནི་ཉི་ཤུ་གཅིག །དུས་གསུམ་སངས་རྒྱས་རྣམས་ཀྱི་གསང་། །མི་འགྱུར་གཡུང་དྲུང་དབང་བསྐུར་ཏེ། །ཞེས་ངོ་བོ་བསྟན། ན་མོ་ནཱི་ལམ་སོགས་ཀྱིས་སོ་སོ་བཤད། རྡོ་རྗེ་གཏུམ་པོའི་མཚན་ཉི་ཤུ་རྩ་གཅིག་པོ་འདི་འཛིན་པ་སོགས་ཀྱིས་ཕན་ཡོན་བསྟན་ནོ། །འདིའི་མཚན་རེ་རེ་ལྷ་སྔགས། དེས་བསྒྲུབས་པའི་ཐབས་རེ་ཡང་རིགས་ཏེ། མཚན་བརྒྱད་གསང་བའི་བདག་པོ་བརྒྱད་དུ་བཤད་པའི་རིགས་པའི་འཕུལ་འདེད་ལས་སོ། །རྒྱས་པར་མཚན་བརྒྱ་རྩ་བརྒྱད་པ་སོགས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཛིན་པའི་ཕྱིར་གྱིས་སོ། །ལེའུ་ཉི་ཤུ་པའོ།། །། གསུམ་པ་བཤད་ཟིན་མཇུག་དོན་བསྟན་པ་ནི་དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་གི་རྒྱུད་འདི་བཤད་པ་དང་། སྦ་བ་དང་། ཇི་ལྟར་གཟུང་བའི་ཆོ་ག་ཇི་ལྟ་བུ་ལགས། ཞེས་ཞུས་སོ། །ལན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག །ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ཕྱི་མའི་དུས་སུ་ང་ཡི་རྒྱུད། །གསང་བ་སྐུ་གསུང་ཐུགས་ཀྱི་གཏེར། །བླ་མེད་རྒྱུད་རྒྱལ་རིན་ཆེན་འདི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །སོགས་ཀྱིས་མཚན་ལྡན་ལ་བཤད་པར་བྱ་བ། དེ་ལས་བཟློག་པའི་གང་ཟག་ལ། །སོགས་ཀྱིས་གསང་ཞིང་སྦ་བར་བྱ་བ། དེ་བས་གསང་བ་སྐུ་གསུང་ཐུགས། སོགས་ཀྱིས་གཅེས་སྤྲས་ཀྱིས་དེད་དཔོན་འདོད་ཆེན་པོས་ནོར་བུ་རིན་ཆེན་ལ་བྱ་བ་ལྟ་བུར་བྱའོ། །དེའི་དགོས་པ། འདི་དང་བྲལ་བར་མ་གྱུར་ན། །བསྙེན་པ་དེ་ཡིན་སྒྲུབ་པ་དེ། བསྒྲུབ་པ་ཆེན་པོ་དེ་ཡིན་ཏེ། །ཀུན་ཀྱང་དེ་ཡིན་ལྷ་ཡང་དེ། བླ་མ་དེ་ཡིན་སློབ་དཔོན་ཀྱང་། །སངས་རྒྱས་ཆོས་དང་དགེ་འདུན་ཀྱང་། །དེ་ཡིན་བསྐྱེད་དང་རྫོགས་པ་སྟེ། །མ་ལུས་དབང་ཡང་དེ་ཡིན་ཏེ། །སྲིལ་གྱིས་བསྒྲིལ་ན་གཅིག་ཆོག་རྒྱལ་པོ་ཞེས་བྱའོ། །འཇིག་རྟེན་བྱ་བ་ཀུན་སྤངས་ནས། །འདི་ལ་མཆོད་པར་གྱུར་ན་ནི། །ཚོགས་གཞན་ཅི་ཡོད། ཚོགས་ཐམས་ཅད་འདིས་རྫོགས་པས་གཞན་བསག་ཏུ་མེད་དེ་རྒྱལ་བ་ཀུན་གྱི་དམ་པའི་ཆོས་ཀུན་ཏུ་གཟུང་བར་སོང་བས་སོ། །དེ་ནས་ཡུམ་ལ་བསྟོད་ཅིང་དེས་མཆོད་ཅིང་བསྟོད་དེ། སླར་རྡོ་རྗེའི་ལྟེ་བར་ཐིམ་པ་དང་འཁོར་རྣམས་ཀྱིས་རྗེས་སུ་ཡི་རང་བ་དང་བཅས་པའི་ཚུལ་གྱིས་རྒྱུད་ཆེན་པོ་འདི་རེ་ཞིག་རྫོགས་པར་ཤེས་པར་བྱའོ། །ལེའུ་ཉེར་གཅིག་པའོ།། །། སྤྲིན་འཛིན་ངོས་ཀུན་བཻ་ཌྭཱུརྻ། །བྱེད་ལ་ལྷུན་པོ་དེ་བཞིན་དུ། །མ་ལུས་ནུས་པ་ཅན་ཉིད་དུ། །གསང་བ་མངོན་པར་བསྟན་འདིས་སོ། །ཞེས་གསང་བ་མངོན་པར་བསྟན་པའི་རྒྱུད་ཆ་ཙམ་དུ་བཤད་པ་འདི་ཆོས་འདི་ལ་ལྷག་པར་བཀའ་དྲིན་ཆེ་བ་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོས་རྩོམ་འོས་ཞེས་སྔ་མོ་ནས་བསྐུལ་བར་མཛད་པ་དང་ཉེ་རྐྱེན་སྔགས་འཆང་ཀུན་དགའ་སྙིང་པོས་གསོལ་བ་བཏབ་པའི་ངོར། ཤར་ཀོང་པོའི་ལྗོངས་ལྟ་བ་གཡུང་དྲུང་རྫིངས་ཕྱོགས་སུ་མགོ་གཏད་ལྷ་གཉའ་ཁྲི་བཙན་པོའི་ཕོ་བྲང་འཆིང་བར་སྟག་རྩེ་ད་ལྟ་རྒྱལ་རིར་གྲགས་པའི་ཞོལ་སྲིབ་མོ་གཉའ་ཁྲིའི་སྒར་དུ་རྫོགས་པར་བསྒྲུབས་པའི་དགེ་བས་ཐམས་ཅད་ཀྱང་མཐུ་སྟོབས་གསང་བའི་བདག་པོ་དང་མཉམ་པར་གྱུར་ཅིག་གུ །མངྒ་ལཾ།།
དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་ཆོ་ག་དྲེགས་པ་ལས་འཁོལ།
དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ཤམ་ཅན་གྱི་ཆོ་ག་དྲེགས་པ་ལས་འཁོལ་ཞེས་བྱ་བ་བཞུགས་སོ། །གནམ་སྔོན་བསྐལ་པའི་མེ་བོས་བཅིངས་འདྲ་འཇིགས་སུ་རུང་བ་ཀུན་ཚོགས་པ། །ལྷ་ཆེན་སྤྱི་བོར་རྟག་ཏུ་རོལ་པས་ས་གསུམ་བགེགས་ལ་ཆེར་སྡང་བ། །རྒྱལ་བ་ཀུན་གྱི་གསང་བའི་བདག་པོ་ཕྱག་ན་མཐུ་སྟོབས་རྡོ་རྗེ་འཆང་། །རྗེ་བཙུན་བླ་མ་ཁྱོད་ལ་འདུད་དོ་བདག་སྙིང་ནུས་པས་གང་བར་མཛོད། །ཤམྦྷ་ལ་པའི་གསང་བ་གང་། །འཕགས་ཡུལ་གྲུབ་པས་གཏམ་དུ་བསྟན། །མཉན་པ་དེ་བཞིན་རས་ཆུང་ཞབས། །གསུང་འདི་གཏུམ་པོ་ཁྱུང་ཤམ་ཅན། །གང་ལ་པདྨ་འབྱུང་གནས་ཞེས། །གྲགས་པའི་གཏེར་མངའ་དེ་ལྟ་བུ། །སུ་ལའང་བྱེད་པའི་ཐབས་འདི་ཡིས། །གཉིས་པ་རྒྱལ་བའི་ཞལ་མ་ཐོན། །དེ་ཡང་དཔལ་ལྡན་འབྲུག་པ་ཞེས། །ཆོས་ཀྱི་སྙིང་པོའི་མཛོད་ཆེན་པོ། ཁོ་ནར་འདུག་གི་གཞན་གར་སྣང་། །ཤེས་པས་དཔྱད་ཀྱིན་བདག་ལུགས་དགེ །འདིར་གསང་བ་བསྟན་པའི་རྒྱུད་ལས་གསུངས་པ། བཅོམ་ལྡན་འདས་གསང་བའི་བདག་པོ་རིགས་ཐམས་ཅད་འདུས་པའི་དཀྱིལ་འཁོར་གྱི་རྒྱལ་པོ་འདི་ལ་བསྙེན་པ། སྒྲུབ་པ། ལས་སྦྱོར་གསུམ། དང་པོ་ལ། ཚོགས་བསག་པ་བསྲུང་འཁོར། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ། བྱིན་བརླབ། གོ་ཆ། སྤྱན་འདྲེན། གཞུག་པ། དབང་བསྐུར་རྒྱས་བཏབ། བཟླས་པ། གཏོར་མ། ཐུན་བསྡུ་བ་བཅུ་གཉིས་ལས། དང་པོ་ནི། རྒྱུད་ནས་གསུངས་པའི་གནས་སུ་རྣལ་འབྱོར་གྱི་ཡོ་བྱད་བསགས་ལ་བདུད་རྩི་རིལ་བུས་ཁ་དག་པར་བྱས་ནས། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱས་ལ། རང་སྐད་ཅིག་ཕྱག་ན་རྡོ་རྗེའི་སྐུར་གྱུར་པའི་སྙིང་གར་ཉི་མ་ལ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔར་སྦྱངས། སླར་འོད་ཟེར་གྱི་ལྕགས་ཀྱུས་དེ་དག་དང་གདོད་ནས་གྲུབ་པའི་རྒྱལ་བའི་ཚོགས་ཐམས་ཅད་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཆེན་པོའི་རྣམ་པར་མདུན་གྱི་ནམ་མཁར་བྱོན་པ་ལ། ཁྲོ་བོ་གཏུམ་པོ་གདུག་པ་འདུལ། །རང་བཞིན་ཡེ་ཤེས་ལྔ་ཡི་དངོས། །རྣམ་དག་དྲི་མེད་སྐུ་འཆང་བ། །འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །རང་གི་སྙིང་གའི་ཧཱུྃ་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་འདོད་པ་ཐམས་ཅད་ཀྱི་རྩེ་འཇོ་མཁན་རྣམས་ཀྱིས། ཨོཾ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ། དེ་དག་གིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་རྗེས་སུ་ཆགས་པ་ཞུས། ཨོཾ་བཛྭ་རཱ་ག་ར་ཏི་ཧཱུྃ་ཧཱུྃ་ཕཊ྄། དེ་དག་དང་ལྷ་གཉིས་སུ་མེད་པར་གྱུར། བདག་གིས་ཐོག་མ་མེད་དུས་ནས། །སྡིག་པ་མ་ལུས་བགྱིས་པ་རྣམས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་ད་ལྟ་སོ་སོར་བཤགས། །བླ་མ་རྡོ་རྗེ་འཆང་དང་ནི། །གསང་སྔགས་ཀུན་བདག་རྡོ་རྗེ་ཅན། །དེ་རིགས་འཛིན་པའི་རྣལ་འབྱོར་རྣམས། །དགེ་བ་མཛད་ལ་རྗེས་ཡི་རང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །གསང་བའི་བདག་པོར་དབང་བསྐུར་བས། །གསང་སྔགས་འཁོར་ལོ་བསྐོར་བར་བསྐུལ། །མཐུ་ལྡན་སྐྱོན་བྲལ་ཁྱེད་རྣམས་ལ། །སྐྱེ་རྒ་ན་འཆི་མི་མངའ་ཡང་། །འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །མཐུན་འཇུག་མྱ་ངན་མི་འདའ་གསོལ། །དོན་དམ་རང་བཞིན་མཚན་མ་མེད། །རྣམ་པར་མི་རྟོག་ཆོས་སྐུ་ལ། །བདེ་གཤེགས་མཚན་དཔེས་བརྒྱན་སྣང་བ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །དུས་གསུམ་མགོན་པོ་ཐུགས་རྗེ་ཅན། །བྱམས་པའི་ཐུགས་ལས་མ་གཡོས་ཀྱང་། །དགོས་པའི་དབང་གིས་དྲག་སྤྲུལ་པ། །གསང་སྔགས་ཆོས་ལ་སྐྱབས་སུ་མཆི། །སྣ་ཚོགས་སྐུ་འཛིན་དོན་བསྒྲུབ་པ། །འཕགས་པ་གོས་སྔོན་སེམས་དཔའ་ནི། །རིན་ཆེན་སྐྱབས་མཆོག་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །འཁོར་དང་བཅས་ལ་ལུས་འབུལ་ན། །བཞེས་ནས་བདག་ལ་རྗེས་མཐུན་པའི། །དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། །ཤེས་རབ་སྙིང་རྗེར་ལྡན་པའི་བྱང་ཆུབ་སེམས། །དུས་གསུམ་རྒྱལ་བས་ཇི་ལྟར་བསྐྱེད་པ་ལྟར། །དེ་ཡི་རྗེས་སུ་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ་སེམས་ནི་ནམ་ཡང་མི་གཏོང་ངོ་། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཚོགས་གཉིས་ལས་བྱུང་དགེ་བ་རྣམས། །འཁོར་བའི་སེམས་ཅན་མ་ལུས་དོན། །བྱང་ཆུབ་ཆེན་པོར་བསྔོ་བར་བྱ། །ཚོགས་ཞིང་རང་ལ་བསྟིམ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ། །བསོད་ནམས་ཀྱི་ཚོགས་སོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཕྱི་གཟུང་བའི་ཡུལ་ཐམས་ཅད་སྟོང་པར་གྱུར། ཨོཾ་ཤུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ནང་འཛིན་པའི་སེམས་སྟོང་པ་ཉིད་དུ་གྱུར། ཡེ་ཤེས་ཀྱི་ཚོགས་སོ། །བསྲུང་འཁོར་ནི། སྟོང་པའི་ངང་ལས་ནམ་མཁའི་གནས་སུ་རང་གི་སེམས་ཡི་གེ་ཧཱུྃ་ལྔ་ལྡན་ལས་ཡི་གེ་ཙ་ཅིག་འཕྲོས། དེ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་འབར་བའི་འཁོར་ལོ་ལྟེ་བ་མུ་ཁྱུད་སྟེང་འོག་དང་བཅས་པར་རྩིབས་བཅུ་པ། དེ་དག་གི་ནང་དུ་ཉི་གདན། ལྟེ་བར་ཧཱུྃ་དེ་ཞུགས་པ་ལས་རང་ཉིད་གནོད་མཛེས་རྒྱལ་པོ་མཐིང་ནག་གཡས་དཀར་གཡོན་དམར་རྒྱབ་ལྗང་བའི་ཞལ་བཞི་པ། ཕྱག་དྲུག་གི་དང་པོ་གཉིས་རྡོར་དྲིལ། ལྷག་མའི་གཡས་གཉིས་གྲི་གུག་དང་རྩེ་གསུམ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱཾ་ག ཁྲོ་བོའི་བྱིན་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་བསྐལ་པ་འཇིག་པའི་དུས་ཀྱི་མཐའི་མེ་ལྟ་བུའི་འོད་ཟེར་འཕྲོ་བ། གཡས་བརྐྱང་གིས་བཞུགས་པ། དེའི་ཐུགས་ཀ་ནས་ཧཱུྃ་བཅུ་རྩིབས་སུ་སྤྲོས་པ་ལས། ཤར་དུ་རྣམ་རྒྱལ། ལྷོར་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བ། ཤར་ལྷོར་དབྱུག་སྔོན་ཅན། ལྷོ་ནུབ་ཏུ་སྟོབས་པོ་ཆེ། ནུབ་བྱང་དུ་མི་གཡོ་བ། བྱང་ཤར་དུ་གཞན་གྱིས་མི་ཐུབ་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ། འོག་ཏུ་ཧཱུྃ་ཀ་ར། ཐམས་ཅད་ནག་པོ་ཕྱག་གཉིས་རྡོ་རྗེའི་ཐོ་བ་དང་ལྕགས་ཀྱུ། ཁྲོ་ཞིང་འཁྲུགས་པའི་ཞལ་ཡས་ཀྱི་མཆེ་བས་མ་མཆུ་མནན་པ། སྤྱན་གསུམ་དྲག་ཏུ་ཁོལ་ཞིང་གཟིར་བ། དཔའ་ཞིང་སྒེག་པ་མི་སྡུག་པའི་སྐུ། སྦྲུལ་གྱི་རྒྱན་དང་སྟག་ཤམ་ཅན། གཡས་བརྐྱང་བས་མེའི་ཕུང་པོ་ཆེན་པོའི་ཁྲོད་དུ་ཉི་མ་ལ་བཞུགས་པ་ལ་གནོད་མཛེས་ཀྱིས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་་གྲྀ་་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་་པ་ཡ་གྲྀ་་པ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ྄། ཅེས་བསྒོ་བས་ཁྲོ་བོ་བཅུས་ཕྱོགས་བཅུའི་གདོན་བགེགས་ལོག་འདྲེན་བར་དུ་གཅོད་པར་བྱེད་པ་ཐམས་ཅད་བཟུང་ནས་གན་རྐྱལ་དུ་བསྒྱེལ་བའི་ཁར་རང་རང་སྟོད་ཁྲོ་བོ་སྨད་ཕུར་བུ་དབལ་མེའི་དོང་ནས་འཐོན་མ་ཐག་པ་ལྟ་བུ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚུ་ན་བིགྷྣཱ་ན་ཧཱུྃ་ཕཊ྄། ཀཱི་ལི་ཀཱི་ལཱ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ྄། བཛྭ་དྷཱ་ར་ཨཱ་ཛྙྱཱ་པ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྭ་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཕུར་བུ་དེ་དག་བགེགས་རྣམས་ལ་བཏབ་པ། གནོད་མཛེས་ཀྱི་ཕྱག་གི་རྡོ་རྗེ་ཐོ་བར་གྱུར་ནས། ཨོཾ་བཛྭ་མུངྒ་ར་བཛྭ་ཀཱི་ལཱ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ྄། དེ་དག་གི་མགོ་ནས་བརྡུངས་པས་བགེགས་རྣམས་ཀྱི་སྤྱི་བོ་ནས་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་བཏབ་ཅིང་མེ་འབར་བས་ཐལ་བ་ཙམ་ཡང་མི་དམིགས་པར་བསྲེགས་ནས་རང་གི་ལག་པ་གཡས་གཡོན་ཁ་དང་གསང་བར་ཕྱོགས་དཔུང་པ་དང་པུས་མོ་ལ་མཚམས། སྤྱི་བོ་དང་རྐང་མཐིལ་ལ་སྟེང་འོག་གི་ཁྲོ་བོ་རྣམས་ཞུགས་པར་གྱུར། མཐར་མི་དམིགས་པ་སྟོང་པར་གྱུར། ཨོཾ་མེ་དཱི་ནི་བཛྭཱི་བྷ་ཝ་བཛྭ་བནྡྷ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བཛྭ་པྲཱ་ཀཱ་ར་ཧཱུྃ་བཾ་ཧཱུྃ། ཨོཾ་བཛྭ་པཉྩྨ་ར་ཧཱུྃ་ལཾ་ཧཱུྃ། ཨོཾ་བཛྭ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། ཨོཾ་བཛྭ་ཤ་ར་ཛྷ་ལ་ཧཱུཾ་སཾ་ཏྲཱཾ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལཱརྐ་ཧཱུྃ་རཾ་ཧཱུྃ། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པ་ལས་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ། བར་མཚམས་མེད་པ་ཅིས་ཀྱང་མི་ཚུགས་ཅིས་ཀྱང་མི་ཤིགས་ཅིས་ཀྱང་མི་འཇིག་པའི་རྡོ་རྗེའི་མཁར་མེའི་ཕུང་པོ་འབར་བ་ནམ་མཁའ་ཁྱབ་པའི་ནང་དུ། རྟེན་གཞལ་ཡས་ཁང་ནི། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། དེའི་སྟེང་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་ཙ་ལས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ལྟེ་བ་ལ་བྷྲུཾ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་རྡོ་རྗེ་རིན་པོ་ཆེའི་རྒྱལ་པོ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པ་གྲུ་བཞི་པ། རྨང་གི་ཕྱིར་འདོད་པའི་ལྷ་མོ་གནས་པའི་པདྨ་རཱ་གའི་སྣམ་བུ་དང་བ་གམ་ཛམྦཱུ་ན་དཱི། ཧ་ར་ནག་པོའི་སྟེང་གི་གསེར་གདུང་ལས་མུ་ཏིག་དཀར་དམར་གྱི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། རྒྱ་ཕུབས་ཀྱི་ལྕམ་སྣ་ལས་ཐུར་དུ་ཨིནྡྲ་ནཱི་ལའི་ཤར་བུ། སྟེང་རྩིག་པའི་ཐད་དུ་ཀརྐེ་ཏའི་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་གདུགས་བ་དན་རྣམ་པ་མང་པོས་མཛེས་པ། ཐོག་འཕར་མ་སུམ་བརྩེགས་ཀྱི་དབུས་ཕྱུར་བུ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་ཅིང་སྒོ་བཞིའི་སྒོ་ཁྱུད་ཏྭ་ར་ཎ་བཞིས་སྤྲས་པའི་རྩེར་གདུགས་ཀྱིས་ཕུག་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་པདྨ་ལ་གནས་པའི་རི་དྭགས་ཟུང་མིག་མི་འཛུམ་པར་ལྟ་བ། འབར་བ་བཀྲ་བ་བལྟ་ན་སྡུག་པ། ཕྱི་ནས་བལྟས་ན་ནང་གསལ་ཞིང་། ནང་ནས་བལྟས་ན་ཕྱི་གསལ་བ། རྒྱ་དང་ཁྱོན་བློས་མི་འཁྱུད་པ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་གི་དབུས་སུ་ས་ལས་བརྡོལ་བའི་རིན་པོ་ཆེའི་པདྨའི་སྡོང་པོ་ཤིན་ཏུ་རྒྱས་པ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་བརྟེན་པ་ལྷ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། ཡ་ར་ལ་ཝ་ཌ་ཌྷྜྷ་གཉིས་ལས་དཔེ་བྱད་བརྒྱད་ཅུ་མཚན་པ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་ཉི་མ། དེའི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ གཉིས་ལས་མཚན་སོ་གཉིས་མཚོན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཟླ་བ། དེ་གཉིས་ཀྱི་བར་དུ་ཧཱུྃ་དང་ཨཾ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད། ཨཾ་ལས་པདྨ་ལི་ཁྲིའི་མདོག་ཅན་ཨཾ་གིས་མཚན་པ་ལ་ཕྱེད་ཙམ་དིམ་པའི་ཧཱུྃ་ལས་རྡོ་རྗེ་མཐིང་ཤུན་གྱི་མདོག་ཅན་ཧཱུྃ་གིས་མཚན་པ། པདྨ་དེ་ལས་འོད་ཟེར་དམར་པོ་དང་རྡོ་རྗེ་ལས་སྔོན་པོ་འཕྲོས་གསུང་དང་ཐུགས་ཀྱི་རིགས་ཐམས་ཅད་བསྡུས་ཏེ་སོ་སོར་ཐིམ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད། དེ་རྣམས་གཉིས་སུ་མེད་པར་ཞུ་བ་དངུལ་ཆུའི་རྣམ་པ་ལྟ་བུའི་འོད་ཀྱིས་སྐུའི་རིགས་ཐམས་ཅད་བསྡུས་ཏེ་ཐིམ་པ་ལས། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་དྲག་ཤུལ་ཆེན་པོའི་བྱིན་གྱིས་སྒེག་པ། གསུས་ཁྱིམ་ཆེ་ཞིང་ཉྭ་སུལ་རགས་པ། གནམ་ས་ཙམ་དུ་གདངས་པའི་ཁྲོ་བོའི་ཞལ་ནས་ཁམས་གསུམ་ཟ་བར་བྱེད་པའི་མཆེ་བ་གཙིགས་པ། ལྗགས་དྲིལ་ནས་རྐན་སྒྲ་བརྡབས་པས་སྲིད་པ་གསུམ་གཡོ་ཞིང་བསྒུལ་བ། ཨག་ཚོམ་མེར་དམར་འུར་འུར་འབར་བའི་ཁྲོད་ནས་རྡོ་རྗེའི་མེ་སྟག་འཕྲོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་དུས་མཐའི་རླུང་འཚུབ་ཅིང་སྨིན་མ་འཁྱོགས་པོ་ལས་བསྐལ་པའི་མེ་འབར་བ། དམར་བའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཐོད་སྐམ་དང་རྡོ་རྗེ་རིན་པོ་ཆེའི་ཐོད་ཉིས་རིམ་དུ་བཅིངས་པའི་རལ་པ་དམར་སེར་གྱེན་དུ་གཟིངས་པ་རྟ་གདོང་གི་རི་ལངས་པ་ལྟ་བུ། ཕྱག་གཡས་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེ་མ་རུངས་པའི་སྙིང་ལ་གསོར་ཞིང་། གཡོན་འགྱིང་བག་དང་བཅས་པས་དྲིལ་བུ་དཀུར་བརྟེན་པས། ཡུམ་ལ་འཁྱུད་པ། ཁྲག་འཛག་པའི་མགོ་བོའི་ག་ཤ་ཀླུ་ཆེན་བརྒྱད་ཕྱག་རྒྱ་དྲུག་དང་རིན་པོ་ཆེས་སྤྲས་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པ་རློན་པའི་ཤམ་ཐབས་ཀྱིས་སྨད་དཀྲིས་པ། ཞབས་གཡོན་ལྷ་དབང་ཕྱུག་ཆེན་པོ་ལག་པ་སྟོང་གིས་རང་གི་གདོང་སྟོང་འཚོག་པ་དེའི་དཔྲལ་བ་མནན་ཞིང་། གཡས་བསྐུམ་པས་ཨུ་མ་དེ་ཝིའི་སྙིང་ག་བརྫིས་ཏེ་ཉིན་མོར་བྱེད་པ་ལ་བཞུགས་པའི་ཕང་དུ་དཔའ་མོ་བདེ་མ་ལྗང་ཁུ་བཅུ་དྲུག་པའི་ལང་ཚོ་ཆགས་པ་མི་ཟད་པར་བདོ་བས་གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་གིས་བཅོམ་ལྡན་འདས་ཀྱི་མགུལ་འཁྱུད་ཅིང་ཞབས་གཡོན་འཁྲིལ་བ་དང་གཡས་ལྷན་ཅིག་བརྐྱང་པས་པདྨར་རྡོ་རྗེ་ཐིམ་པའི་དགའ་བས་ངོམས་པ་མེད་པར་སྲུབ་པ་དང་སྲུབ་པའི་བྱ་བ་ལ་བརྩོན་པ། ཐོད་པ་སྐམ་པོ་ལྔའི་ཅོད་པན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ་གཉིས་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད། དེ་ལྟ་བུའི་བཅོམ་ལྡན་འདས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ལྷ་ཚོགས་བསྐུལ་ནས་ཞུ་བའི་བྱང་ཆུབ་སེམས་ཀྱི་རྣམ་པར་མཁའ་གསང་དུ་བྱོན་པ་ཆ་བཅུ་གཉིས་སུ་ཆད་དེ་ཕྱིར་འཐོན། དཀྱིལ་འཁོར་ཆེན་པོའི་ལྷ་གནས་སོ་སོར་ཐིག་ལེའི་རྣམ་པར་ཞུགས་པ་རྣམས་ཕྱོགས་སུ་ཧཱུྃ་ཧཱུྃ་ཧཱུྃ་ཀྵཿ གྲྭར། ཨོཾ་ཏྲཱཾ་སྲཱིཿཨཿ སྒོར་ཧཱུྃ་གི་ཡིག་གཟུགས་དེ་དག་ཡོངས་སུ་གྱུར་པ་ལས་རིམ་པ་བཞིན་ཚད་མེད་པའི་བདག་ཉིད་ཀྱི་ཁྲོ་བོ་བཞིའི་དང་པོ་ཤར་དུ་ཁམས་གསུམ་རྣམ་པར་རྒྱལ་བ་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་རྡོར་དྲིལ། ལྷག་མ་གཉིས་རྩེ་གསུམ་དང་བེ་ཅོན་བསྣམས་པ། འབྱུང་པོ་དང་པདྨའི་གདན་ལ་བཞུགས་པ། ལྷོར་ཧཱུྃ་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་སྲིན་པོའི་གཟུགས་ཅན། རང་གི་ཤ་ལ་ཟ་བ་ཙམ་དུ་གཏུམ་པ། གད་རྒྱངས་དང་བཅས་པའི་མཆུ་ལས་ཁྲག་འཛག་ཅིང་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་ཐོད་འཕྲེང་གིས་བཅིངས་པ་ཕྱག་གཡས་འབར་བའི་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བཟུང་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་དགྲ་བོ་བསྒྲལ་བའི་བཾ་དང་པད་ཉི་ལ་བཞུགས་པ། ནུབ་ཏུ་བདུད་རྩི་འཁྱིལ་བ་ལྗང་ཁུ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་རྡོ་རྗེ་དང་དབྱུག་ཐོ། ལྷག་མ་གཉིས་མཁའ་ལྡིང་ཨ་ནཱི་ལ་དང་ཕུར་བུ་བསྣམས་པ། ཀླུ་ཆེན་བརྒྱད་ཀྱི་གདན་དང་པད་ཉི་ལ་བཞུགས་པ། བྱང་དུ་འཕགས་པ་ཛམ་བྷ་ལའི་དབང་པོ་གསེར་མདོག་གནོད་སྦྱིན་གྱི་བྱིན་མི་བཟད་པ་ཞལ་གཅིག་ཕྱག་གཉིས་གཡས་ནོར་བུའི་རྒྱལ་མཚན་དང་། གཡོན་དབུལ་བ་སེལ་བའི་ནེའུ་ལེ་འཛིན་པ། ལྷའི་ན་བཟའ་དང་རྒྱན་ཅན་ནོར་བུ་འབོ་བཞིན་པའི་གཏེར་བུམ་བརྒྱད་དང་པད་ཟླ་ལ་བཞུགས་པ། མཚམས་ལ་བུམ་པ་བདུད་རྩིས་གང་བའོ། །ཤར་ལྷོར་འཁོར་ལོའི་ཁྱུང་དཀར་པོ་གཡས་འཁོར་ལོ་གཡོན་སྦྲུལ་དཀར་ཁྲ་བཟུང་ནས་ཟ་བ། སྤུ་གཤོག་ཐམས་ཅད་འཁོར་ལོའི་རང་བཞིན་ཅན། ལྷོ་ནུབ་ཏུ་རིན་པོ་ཆེའི་ཁྱུང་སེར་པོ་གཡས་རིན་པོ་ཆེ་གཡོན་སྦྲུལ་སེར་ཁྲ་བཟུང་ནས་ཟ་བ། སྤུ་གཤོག་ཐམས་ཅད་རིན་པོ་ཆེའི་རང་བཞིན་ཅན། ནུབ་བྱང་དུ་པདྨའི་ཁྱུང་དམར་པོ་གཡས་པདྨ་གཡོན་སྦྲུལ་དམར་ཁྲ་བཟུང་ནས་ཟ་བ། སྤུ་གཤོག་ཐམས་ཅད་པདྨའི་རང་བཞིན་ཅན། བྱང་ཤར་དུ་རལ་གྲིའི་ཁྱུང་ལྗང་ཁུ་གཡས་རལ་གྲི་གཡོན་སྦྲུལ་ལྗང་ཁྲ་བཟུང་ནས་ཟ་བ། སྤུ་གཤོག་ཐམས་ཅད་རལ་གྲིའི་རང་བཞིན་ཅན། ཐམས་ཅད་རྡོ་རྗེའི་རྭ་དང་མཆུ་སྡེར་ཅན་ཉི་མའི་འོད་དང་མཚུངས་པ་སྤྱན་གསུམ་པ། ཤིན་ཏུ་གཏུམ་པ། ཀླུ་རིགས་བཞི་སོ་སོའི་གདན་དང་པདྨ་ལ་བཞུགས་པ། ཤར་སྒོར་ཐུགས་ཀྱི་ཁྲོ་བོ་སྟོབས་ལྡན་ནག་པོ་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་རྡོ་རྗེས་ཐོད་ཁྲག་དཀྲུག་པ། ཁྱབ་འཇུག་གི་གདན་དང་པད་ཉི་ལ་བཞུགས་པ། ལྷོ་སྒོར་སྐུའི་ཁྲོ་བོ་རྡོ་རྗེ་འཇིགས་བྱེད་མཐིང་ནག་མ་ཧེའི་གདོང་ཅན་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་ཅིང་གཅེར་བུ་རྒྱན་མེད་ལིངྒ་གྱེན་དུ་བསྒྲེང་བ། འཆི་བདག་གཤིན་རྗེ་གདན་དང་པད་ཉི་ལ་བཞུགས་པ། ནུབ་སྒོར་གསུང་གི་ཁྲོ་བོ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། དབང་ཕྱུག་གི་གདན་དང་པད་ཉི་ལ་བཞུགས་པ། བྱང་སྒོར་འཕྲིན་ལས་ཀྱི་ཁྲོ་བོ་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་རྡོ་རྗེ་ཕུར་བུ་བསྒྲིལ་བ། ཚངས་པའི་གདན་དང་པད་ཉི་ལ་བཞུགས་པ། ཁྲོ་བོའི་དབང་པོ་དྲུག་ཀའང་མི་སྡུག་པའི་གཟུགས་ཅན་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་འབར་བ་འཇིགས་སུ་རུང་ཞིང་གེལ་ལ་བརྗིད་པ། རལ་པ་བཤོར་པོ་སྦྲུལ་གྱི་རྒྱན་དང་ལྔ་ལ་དར་གྱི་ལྷུབས་གོན་དང་སྟག་ཤམ་གྱིས་སྤྲས་ཏེ་གཡས་བརྐྱང་བས་ཚ་ཟེར་ཅན་ལ་བཞུགས་པ་མེའི་པ་ཏྲས་བསྐོར་བ། མགོ་བོའི་འཕྲེང་བ་ལ་སོགས་པས་ཀྱང་བརྒྱན་པའོ། །དཀྱིལ་འཁོར་གྱི་མཐའི་ཁོར་ཡུག་ཏུ་གོས་སྔོན་ཅན་ལྔ་བརྒྱ། ཀླུ་ཆེན་བརྒྱད་ལ་སོགས་པའི་ཀླུ། ལྷ་མ་སྲིན་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་བའོ། །བྱིན་བརླབ་ནི། ལྷ་ཚོགས་དེ་ཐམས་ཅད་ཀྱི་ལུས་ལ་ཨོཾ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་བྱིན་བརླབས་བསྡུས། དེ་ལ་ཐིམ་པས་ལུས་གསང་བ་བསམ་གྱིས་མི་ཁྱབ་པའི་སྐུ་རྡོ་རྗེའི་རང་བཞིན་ངག་ལ་ཨཱཿ དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་བསྡུས་ཏེ་ཐིམ་པས་ངག་གསང་བ་བསམ་གྱིས་མི་ཁྱབ་པའི་གསུང་རྡོ་རྗེ། སེམས་ལ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་བརླབས་བསྡུས་ཏེ་ཐིམ་པས་ཡིད་གསང་བ་བསམ་གྱིས་མི་ཁྱབ་པ་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། གཙོ་བོ་དང་འཁོར་ཐམས་ཅད་ཀྱི་དཔྲལ་བར་སྒྲིབ་པ་རྣམ་སེལ་སེར་པོ་རྔ་ཡབ། མིག་ཏུ་སའི་སྙིང་པོ་སེར་པོ་ཤིང་གི་ཡལ་འདབ། རྣ་བར་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ་ལྗང་ཁུ་ནོར་བུ། ལྕེ་ལ་འཇིག་རྟེན་དབང་ཕྱུག་དཀར་པོ་པདྨ། སྙིང་གར་ཀུན་ཏུ་བཟང་པོ་སྔོན་པོ་རལ་གྲི། ཡུམ་གྱི་དཔྲལ་བར་རེག་བྱ་རྡོ་རྗེ་མ་གོས་ཟུང་། མིག་ཏུ་གཟུགས་རྡོ་རྗེ་མ་མེ་ལོང་། རྣ་བར་སྒྲ་རྡོ་རྗེ་མ་པི་ཝང་། སྣ་ལ་དྲི་རྡོ་རྗེ་མ་སྤོས་སྣོད། ལྕེ་ལ་རོ་རྡོ་རྗེ་མ་རོ་སྣོད། སྙིང་གར་ཆོས་ཀྱི་རྡོ་རྗེ་མ་འཁྱུད་སྟངས་མཛད་པ། ཐམས་ཅད་ཀྱང་ཁྲོ་བོ་དང་བཅས་པས་ཡབ་གཡོན་ཡུམ་གཡས་བརྐྱང་སྟེ་པད་ཟླ་ལ་གནས་པ། གོ་ཆ་ནི། ཡབ་ཀྱི་སྤྱི་བོར་ཨོཾ་ལས་བུདྡྷ་ཧེ་རུ་ཀ་དཀར་པོ། མགྲིན་པར་སྲཱིཿལས་པདྨ་ཧེ་རུ་ཀ་དམར་པོ། སྙིང་གར་ཧཱུྃ་ལས་རྡོ་རྗེ་ཧེ་རུ་ཀ་སྔོན་པོ། ལྟེ་བར་ཏྲཱཾ་ལས་རིན་ཆེན་ཧེ་རུ་ཀ་སེར་པོ། གསང་གནས་སུ་ཨ་ལས་ཀརྨ་ཧེ་རུ་ཀ་ལྗང་ཁུ་གཡས་འཁོར་ལོ་པདྨ་རྡོ་རྗེ་རིན་པོ་ཆེ་རལ་གྲི །གཡོན་སྡིགས་མཛུབ་མཛད་པ། ཧེ་རུ་ཀའི་ཆས་ཅན་གཡོན་བརྐྱང་། ལག་པ་གཡས་པ་རྣམ་རྒྱལ། གཡོན་པ་གཤིན་རྗེ་གཤེད། ཁ་ལ་རྟ་མགྲིན། གསང་བར་བདུད་རྩི་འཁྱིལ་བ། དཔུང་པ་གཡས་སུ་མི་གཡོ་བ། གཡོན་དུ་གཞན་གྱིས་མི་ཐུབ་པ། པུས་མོ་གཡས་པར་དབྱུག་སྔོན་ཅན། གཡོན་པར་སྟོབས་པོ་ཆེ། སྤྱི་བོར་གཙུག་ཏོར་འཁོར་ལོས་སྒྱུར་བ། རྐང་པ་གཉིས་ལ་གནོད་མཛེས་རྒྱལ་པོ། དེ་ཐམས་ཅད་ཀྱང་ཕྱག་གཉིས་ནས་བསྲུང་འཁོར་བཞིན་ཉི་མ་ལ་བཞུགས་པ། ཡུམ་གྱི་སྤྱི་བོར་སངས་རྒྱས་སྤྱན་མ་སེར་མོ་མགྲིན་པར་གོས་དཀར་དམར་མོ། སྙིང་གར་མཱ་མ་ཀཱི་སྔོན་མོ། ལྟེ་བར་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་སེར་མོ། གསང་གནས་སུ་སྒྲོལ་མ་ལྗང་ཁུ། ཐམས་ཅད་ཀྱང་ཁྲོ་མོ་གྲི་གུག་དང་ཐོད་པ་འཛིན་པ། ཕྱག་གཡོན་གཡས། ཞལ་དང་གསང་བ་དཔུང་པ་གཡོན་གཡས། པུས་མོ་གཉིས་དང་། སྤྱི་བོ་དང་རྐང་པར་རིམ་པ་བཞིན། རྡོ་རྗེ་རོ་ལངས་མ་དང་། སྣ་ཚོགས་རྡོ་རྗེ་མ་དང་། གཞན་གྱིས་མི་ཐུབ་མ་དང་། སྣ་ཚོགས་རིན་ཆེན་མ་དང་། ཁྲོ་གཉེར་ཅན་མ་དང་། སྣ་ཚོགས་པདྨ་དང་། རལ་གཅིག་མ་དང་། སྣ་ཚོགས་ལས་མ་དང་། ནམ་མཁའི་རྡོ་རྗེ་མ་དང་། ས་འཛིན་མ་སྟེ་ཁྲོ་མོ་བཅུ་གྲི་གུག་དང་ཐོད་ཁྲག་འཛིན་པ། བཅོ་ལྔ་པོ་གཡས་བརྐྱང་གིས་བཞུགས་པ། སྙིང་གར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་བ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ། དེའི་ལྟེ་བར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བ། སྤྱན་འདྲེན་ནི། དེ་ལས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བཛྭ་ས་མཱ་ཛཿ ཧཱུྃ། རྡོ་རྗེ་འཆང་གི་སྐུ་གསུང་ཐུགས། གཉིས་མེད་སྟོང་པའི་རང་བཞིན་ལས། །སྨོན་ལམ་སྙིང་རྗེའི་མཐུ་སྟོབས་ཀྱིས། །བསམ་གྱིས་མི་ཁྱབ་དཀྱིལ་འཁོར་ཆེ། །བདེ་གཤེགས་གཙོ་བོ་གཏུམ་པོ་དང་། །ལྷ་རྣམས་ཕྱོགས་སུ་འཁོད་པ་དག །བདག་དང་སེམས་ཅན་རྒྱུད་སྦྱང་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཞེས་བརྗོད་པས་མདུན་གྱི་ནམ་མཁར་བྱོན་པ་ལ། མཆོད་བསྟོད་ནི། བདག་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་ཁྱབ་པར་སྤྲོས་པ་རྣམས་ཀྱིས། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། །སོགས་ཀྱིས་མཆོད། ཧཱུྃ ཁྲོ་བོ་གཏུམ་པོ་གདུག་པ་འདུལ། །རང་བཞིན་ཡེ་ཤེས་ལྔ་ཡི་དངོས། །རྣམ་དག་དྲི་མེད་སྐུ་འཆང་བ། །འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྐུ་ལ་གཉིས་མེད་འཁྱུད། །སྟོང་པ་ཉིད་ཀྱི་བདེ་སྟེར་མ། །དམར་ལྗང་གྲི་གུག་ཐོད་པ་འཛིན། །དཔའ་མོ་བདེ་མ་ཕྱག་འཚལ་ལོ། །ཡབ་ཡུམ་གཉིས་མེད་སྦྱོར་བའི་ཐབས། །བྱང་སེམས་ལས་བྱུང་ཁྲོ་བོའི་ཚོགས། །འཕྲིན་ལས་དོན་ལ་མངའ་བརྙེས་པ། །ཕྱོགས་མཚམས་སྒོར་བཞུགས་རྣམས་ལ་བསྟོད། །གཞུག་པ་ནི། ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དབང་བསྐུར་རྒྱས་བཏབ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། དེ་རྣམས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ལྷ་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་རྒྱུན་གྱིས་སྤྱི་བོ་གང་། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། མགྲིན་པ་གང་། ངག་གི་དྲི་མ་དག གསང་དབང་ཐོབ། སྙིང་ག་གང་། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་ནས་གྱེན་དུ་གཤེགས་པས་རྣམ་ཤེས་ཀྱི་ཆ་དག དབང་བཞི་པ་ཐོབ་པས་སངས་རྒྱས་ལྔ་ཐོད་པའི་ཕོ་བྲང་དང་རྡོ་རྗེ་སེམས་དཔའ་གཙུག་ཏུ་བཞུགས་ཤིང་། འཁོར་རྣམས་ལ་རང་རིགས་ཀྱི་སངས་རྒྱས་ཞི་བའི་ཚུལ་ཅན་གྱིས་རྒྱས་གདབ། དེ་ལྟ་བུའི་འཁོར་ལོ་ཅི་ཙམ་ནུས་ཀྱི་བར་དུ་བསྒོམ་མོ། །བཟླས་བརྗོད་དང་གཏོར་མ་བྱ་བ་ནི། སྔགས་ཀྱི་འཕྲེང་བ་ལ་དམིགས་ནས། ཨོཾ་བཛྭ་པཱ་ཎི་ཧཱུྃ་ཕཊ྄། སྐུའི་སྙིང་པོ། ཨོཾ་བཛྭ་ཀྲོ་དྷ་ནཱི་ལཾ་བ་ར་དྷཱ་ར་བཛྭ་པཱ་ཎི་ཧཱུྃ་ཕཊ྄། གསུང་གི་སྙིང་པོ། ཨོཾ་བཛྭ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཐུགས་ཀྱི་སྙིང་པོ། ཨོཾ་བཛྭ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཀྲོ་དྷ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཀྲོ་དྷ་ཨ་མྲྀ་ཏ་ནཱ་ག་ཧཱུྃ་ཕཊ྄། ཨོཾ་བཛྭ་ཀྲོ་དྷ་ཀུ་བེ་རཱ་ཛ་ཧཱུྃ་ཕཊ྄། ཨོཾ་བུདྡྷ་ག་རུ་ཌ་ཧཱུྃ་ཕཊ྄། ཨོཾ་རཏྣ་ག་རུ་ཌ་ཧཱུྃ་ཕཊ྄། ཨོཾ་པདྨ་ག་རུ་ཌ་ཧཱུྃ་ཕཊ྄། ཨོཾ་ཀརྨ་ག་རུ་ཌ་ཧཱུྃ་ཕཊ྄། ཨོཾ་བཛྭ་སརྦ་དུཥྜུ་ན་ཧཱུྃ་ཕཊ྄། ཨོཾ་ཡ་མ་རཱ་ཛ་ཧཱུྃ་ཕཊ྄། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཀི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄། འཁོར་སྔགས་སོ། །དམིགས་པ་མན་ངག་བཞིན་ནོ། །གཙོ་བོ་འབུམ་ལ་འཁོར་ཁྲི་བཟླའོ། །མཚན་ཉི་ཤུ་རྩ་གཅིག་པས་བསྟོད་པ་ཡང་མང་དུ་བྱའོ། །དེས་པདྨ་འབྱུང་གནས་ལྟ་བུའི་ནུས་པ་ཐོབ་པར་འགྱུར་རོ། །ཐུན་མཚམས་གཏོར་མ་ནི། བཟའ་བ་དང་བཅའ་བར་སྨོས་པ་ཐམས་ཅད་ཀྱི་གཏོར་མ་དང་། མྱོས་བྱེད་ཀྱི་བཏུང་བའི་སྣོད་བསངས་སྦྱངས། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ་གཡོ་བ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་དེའི་ཟུར་གསུམ་དུ་ཧཱུྃ་ལས་རྡོ་རྗེ་ལངས་པ། དེའི་སྟེང་དུ་ཨཱཿལས་པདྨའི་སྣོད་ཆེན་པོ་སྟོང་གསུམ་ཁྱབ་པ་ཙམ་ཕྱི་དཀར་ལ་ནང་དམར་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། དེའི་སྟེང་དུ་སུ་ར་མ་ཧཱུྃ་ཨ་ལས་བདུད་རྩི་ལྔ། སྟེང་དུ་བྷྲཱུཾ་ཨཾ་ཛྭཱིཾ་ཁཾ་ཧཱུྃ་སངས་རྒྱས་ལྔའི་རང་བཞིན་ཅན་གནས་པ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། སྟེང་དུ་མཾ་ལཾ་པཾ་ཏཾ་བཾ་ཡུམ་ལྔའི་རང་བཞིན། ཉི་མ་དམར་པོས་ཁ་བཅད་པའི་སྟེང་དུ་རྡོ་རྗེ་དཀར་པོ། ལག་པ་གཡས་པ་བཀབ། ཨོཾ་ལས་རྫས་དེ་ཐམས་ཅད་ཀྱི་མ་དག་པ་སྦྱངས། གཡོན་བཀབ། ཨཱཿམང་པོར་སྤེལ། སྙིམ་པ་བཀབ། ཧཱུྃ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་དངོས་པོར་སྦར། ཁའི་ཉི་མ་ཞུ་བས་ཐམས་ཅད་ཟངས་ཀྱི་ཞུན་མར་ལྟ་བུར་ཁོལ་བ་ཤེས་རབ། རྡོ་རྗེ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩི་དངུལ་ཆུའི་རྣམ་པ་ལྟ་བུ་བབས་པའི་ཐབས་གཉིས་རོ་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། མདུན་གྱི་ནམ་མཁར་པཾ་ལས་པདྨའི་སྡོང་པོ་ཆེན་པོར་རང་གི་སྙིང་གའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་སོགས་ཀྱིས་ངག་ཏུ། ཕེཾ། ལག་པ་འབར་བའི་ཕྱག་རྒྱ་བསྐོར། རྐང་པ་གཡོན་གྱིས་གཡས་མནན། ཚོགས་ཞིང་བཞིན་མཆོད། དེ་རྣམས་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་སྦུ་གུ་ཅན་གྱི་རྩེ་གཏོར་སྣོད་དུ་བཙུགས། གཙོ་བོ་ལ་སོགས་པ་ལ་སྙིང་པོའི་མཐར། ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་ཕུལ། ཁོར་ཡུག་པ་རྣམས་ལ། ཨོཾ་ཨིནྡྲ། ཡ་མ། ཛ་ལ། ཡཀྵ་བྷཱུ་ཏ། པ་ནི། ཝཱ་ཡུ། རཱཀྴ་ས། ཙནྡྲ། སུརྻ། མཱ་ཏ། པཀྵྼུ། ཏ་ལ། པ་ཏཱ་ལ། ཨུཥྚ། སདྱཱ་སྭཱཧཱ། ཨི་དཾ། བ་ལིཾ། བྷུཉྫྱ། ཛི་ག པུཥྤེ། དྷཱུ་པེ། མཱཾ་ས། བིངྒ། ཨཱཏྨ། སརྦ་ཀཉྫྱ་སྭཱཧཱ། ཁནྟི། ཁུཏི། ཕེ་ད། ག་ཏོ། ཕྱོགས་སྐྱོང་ཞིང་སྐྱོང་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱནུ་ཏྤནྣ་ཏྭ་ཏ་ཨོཾ་ཨཱཿ ཧཱུྃ་ཕཊ྄་སྭཱཧཱ། འབྱུང་བ་ཐམས་ཅད་ལ་སྦྱིན་ནོ། །སྔར་བཞིན་བསྟོད། འདོད་པའི་དོན་གསོལ། ཧཱུྃ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་གི་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་སྤྱན་དྲངས་ཚེ་ན་བྱོན། །ཨོཾ་བཛྭ་ས་མ་ཡ་མུཿ གཤེགས་སོ། །ཕན་ཡོན། མཆོད་སྦྱིན་འདི་དང་མ་བྲལ་ན། །ཞི་སོགས་གྲུབ་པ་བརྒྱད་གང་ཡིན། །མཆོག་གི་འབྲས་བུ་ཐོབ་པར་འགྱུར། །ཞེས་སོ། །དཀྱིལ་འཁོར་བསྡུ་བ་ནི། བཛྭ་མུཿ འཁོར་རྣམས་རང་རང་གི་གནས་སོ་སོར་བསྡུས། ཡུམ་རང་དང་། རང་སྤྱི་བོ་ནས་ཡས་ཞུ། རྐང་མཐིལ་ནས་མས་ཞུ། སྙིང་གའི་ཡེ་ཤེས་སེམས་དཔའ་དེ་རིམ་གྱིས་ཡལ་བས་སྟོང་ཉིད་ལ་བཞག དེ་ནས་སྐད་ཅིག་གིས་དཔའ་བོ་གཅིག་པའི་ཚུལ་དུ་ལངས། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་ཀྱིས་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །གཉིས་པ་བསྒྲུབ་པ་ལ། ནུབ་དང་པོ་ས་ཆོག ནུབ་གཉིས་པ་སྟ་གོན། ནུབ་གསུམ་པ་དཀྱིལ་འཁོར་བསྒྲུབ་པ། དབང་བསྐུར་བ་བཞི་ལས། དང་པོ་ལ། བསླང་བརྟག་སྦྱང་གཟུང་བ་བཞི། དང་པོ་རྒྱུད་ནས་གསུངས་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་བསྙེན་པ་ལེགས་པར་ཐེམས་པ་ལ་རྡོ་རྗེ་གཏུམ་པོའི་སྒོར་འཇུག་པར་འདོད་པའི་སློབ་མས་གསོལ་བ་གདབ་ལ། སློབ་དཔོན་དེས་ཀྱང་བདག་བསྐྱེད་བཟླས་པའི་བར་བྱས་གཏོར་མ་སྦྱིན་ལ། མདུན་དུ་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ་མཐའ་མཆོད་གཏོར་བཀོད་པ། མདུན་དུ་ལཾ་ལས་སའི་ལྷ་མོ་ནས། དེ་ཉིད་དུ་ཐིམ་པར་གྱུར་སྤྱི་མཐུན་ས་བསླང་བའོ། །དེ་ནས་ས་གསར་པ་སྟེགས་བུ་བྱ་དགོས་པ་ཡོད་ན་ལྟོ་འཕྱེ་བརྟགས་ལ་བརྐོ། །རོ་ལྔ་བསལ་གཏེར་བཅུག བཀྲ་ཤིས་པ་ལ་དབྱིབས་གྲུ་བཞི་ཙམ་དགོས་པ་དབུས་མཐོ་ཤར་དང་བྱང་གཞོལ་བར་བྱ། གཙུག་ལག་ཁང་ལ་སོགས་པ་ལ་ནི་དེ་ལྟ་བུ་བྱ་མི་དགོས། བརྟག་པའོ། །དེ་ནས་རྒྱས་པར་ཞི་བའི་སྦྱིན་སྲེག་བྱ། གཞན་སྭ་བྷཱ་ཝས་སྦྱངས། འབྱུང་བ་རི་རབ་གཞལ་ཡས་ཁང་དུ་ཡུད་ཀྱིས་བསམ་མོ། །ས་སྦྱང་བའོ། །དེ་ནས་དེར་རྡོ་རྗེ་ལ་མེ་ཏོག་གིས་བཅིངས་པ་བཞག ས་གཟུང་བའོ། །གཉིས་པ་ལ། ས་བསྲུང་བ། ལྷ། བུམ་པ། སློབ་མ་སྟ་གོན་བཞི། དང་པོ་སློབ་དཔོན་ཕྱག་རྒྱ་དྲུག་དང་ལྡན་པས་བདག་བསྐྱེད་བཟླས་པའི་བར་བྱས། སློབ་མ་བཞི་རྣམ་རྒྱལ་ལ་སོགས་པ་འཁོར་བཞིའི་ང་རྒྱལ་གྱིས་རང་ཕྱོགས་ནས་མཆོད་བསྟོད། དེ་བཞིན་གཤེགས་པ་ཀུན་ཞི་བ། །སོགས་སྤྱི་མཐུན། དེ་ནས་འཁོར་རྣམས་བསྡུས་རང་ཉིད་བྱང་ཤར་དུ་སོང་གཙོ་བོའི་ང་རྒྱལ་མིག་གཡས་པར་མ་ལས་ཉི་མ། གཡོན་པར་ཊ་ལས་ཟླ་བ་དང་། མིག་འབྲས་ཧཱུྃ་ལས་བསྐལ་པའི་མེར་འབར་བར་བསམས་ཏེ་རྡོ་རྗེ་ལྟ་སྟངས་ཀྱིས་ཕྱོགས་ཐམས་ཅད་དུ་བལྟས་ལ། ཧཱུྃ། དཀྱིལ་འཁོར་ས་གཞི་ལ་གནས་པའི། །ལྷ་སོགས་བགེགས་རྣམས་ཀུན་ཉོན་ཅིག ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་ཁྱོད་རྣམས་མི་འགྲོ་ན། །ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགེམས་ཤིང་། །ལུས་རྣམས་དུམ་བུ་སྟོང་གྱུར་ནས། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱེད་རྣམས་གཞན་དུ་དེངས། །ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་སརྦ་བི་གྷྣ་ན་ཨུ་ཙྪ་ཊ་ཡ་ཕཊ྄། ཅེས་བགེགས་བསྐྲད། རྡོ་རྗེ་འགྲོས་ཀྱིས་བསྐོར། བྱང་ཤར་དུ་སླེབ་པ་དང་། གང་དག་མི་འགྲོའི་བགེགས་ཡོད་ན། །ལུས་ངག་ཡིད་ཀྱི་ནུས་པ་རྣམས། །གཞོམ་ཕྱིར་ཁྲོ་བོའི་ཕུར་བུ་གདབ། །ཅེས་རང་ཉིད་གནོད་མཛེས་རྒྱལ་པོ་ནས་བསྲུང་འཁོར་བཞིན་ལས་ཀྱི་རྡོ་རྗེས་ཕྱོགས་མཚམས་སྟེང་འོག་ཏུ་ཕུར་བུ་བཅུ་གདབ་བོ། །ཨོཾ་མེ་དཱི་ནི་སོགས་ཀྱིས་ར་གུར་བསྒོམ། གཉིས་པ་ནི། དེ་ནས་ལྷ་གནས་མ་འཆོལ་བར་གཙོ་བོའི་གནས་སུ་གྲུ་བཞི། འཁོར་གནས་སུ་ཟླུམ་པོ་དྲིས་བྱུག་ཚོམ་བུ་བཀོད་མཆོད་པས་བསྐོར། སྭ་བྷཱ་ཝས། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་ལྷ་སྐད་ཅིག་གིས་བསྐྱེད་ནས་དབང་བསྐུར་རྒྱས་གདབ་ཀྱི་བར་བྱས། ལྷ་མོ་བཅུ་དྲུག་དང་རྒྱལ་སྲིད་སྣ་བདུན་གྱིས་མཆོད། ཧཱུྃ། སངས་རྒྱས་ཀུན་གྱི་མཐུ་སྟོབས་གཟུགས། །མཐིང་ནག་ཉི་མ་འབུམ་གྱི་གཟི། །རྡོ་རྗེ་དྲིལ་འཛིན་གཡོན་བརྐྱང་བས། །དབང་ཕྱུག་མནན་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་སྐུ་ལ་འཁྲིལ། །དམར་མོ་གྲི་གུག་ཐོད་པ་འཛིན། །སྟོང་པའི་གཟུགས་ཅན་ཝཱ་རཱ་ཧཱི། །རྡོ་རྗེ་བདེ་མར་ཕྱག་འཚལ་བསྟོད། །བྱམས་པའི་རང་བཞིན་རྣམ་པར་རྒྱལ། །དཀར་པོ་ཞལ་གཅིག་ཕྱག་བཞི་པ། །རྡོར་དྲིལ་རྩེ་གསུམ་བེ་ཅོན་འཛིན། །འབྱུང་པོ་འདུལ་ལ་ཕྱག་འཚལ་བསྟོད། །སྙིང་རྗེའི་རང་བཞིན་ལེགས་ལྡན་ཆེ། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །གྲི་གུག་འཕྱར་ཞིང་ཐོད་ཁྲག་འཐུང་། །དགྲ་བོ་སྒྲོལ་ལ་ཕྱག་འཚལ་བསྟོད། །དགའ་བའི་རང་བཞིན་བདུད་རྩི་འཁྱིལ། །ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ། །རྡོ་རྗེ་ཁྱུང་དང་དབྱུག་ཕུར་འཛིན། །ཀླུ་འདུལ་ཆེན་པོརྎ བཏང་སྙོམས་རང་བཞིན་ཛམྦྷ་ལ། །སེར་པོ་ཞལ་གཅིག་ཕྱག་གཉིས་པ། །ནོར་བུའི་རྒྱལ་མཚན་ནེའུ་ལེ་འཛིན། །དབུལ་འཕོངས་སེལ་ལ་ཕྱག་འཚལ་བསྟོད། །རྟག་པའི་རིགས་ཆེན་འཁོར་ལོའི་ཁྱུང་། །དཀར་པོ་འཁོར་ལོ་སྦྲུལ་དཀར་འཛིན། ཁ་རླངས་དུག་ཅན་རྗེ་རིགས་ཀླུ། །མ་ལུས་འདུལ་ལྎ ཉི་མའི་རིགས་ཆེན་རིན་ཆེན་ཁྱུང་། །སེར་པོ་ནོར་བུ་སྦྲུལ་སེར་འཛིན། །མཐོང་བའི་དུག་ཅན་རྒྱལ་རིགས་ཀླུ། །མ་ལུས་འདུལ་ལྎ རྟ་མཆོག་རིགས་ཆེན་པདྨའི་ཁྱུང་། །དམར་པོ་ཆུ་སྐྱེས་སྦྲུལ་དམར་འཛིན། །བསམ་པའི་དུག་ཅན་བྲམ་ཟེའི་ཀླུ། །མ་ལུས་འདུལ་ལྎ དོན་ཡོད་རིགས་ཆེན་ལས་ཀྱི་ཁྱུང་། །ལྗང་ཁུ་རལ་གྲི་སྦྲུལ་ལྗང་འཛིན། །རེག་པའི་དུག་ཅན་དམངས་རིགས་ཀླུ། །མ་ལུས་འདུལ་ལྎ ཐུགས་ཀྱི་ཁྲོ་རྒྱལ་སྟོབས་ལྡན་ཆེ། །མཐིང་ནག་ཞལ་གཅིག་ཁྲོ་ལ་ཕྱག །ཐུགས་ཀར་རྡོ་རྗེས་ཐོད་ཁྲག་དཀྲུག །ཕུང་བདུད་འཇོམས་ལྎ སྐུ་ཡི་ཁྲོ་རྒྱལ་འཇིགས་བྱེད་ཆེ། །མཐིང་ནག་མ་ཧེའི་ཞལ་ལ་ཕྱག །གྲི་གུག་ཐོད་ཁྲག་ཐུགས་ཀར་འཛིན། །འཆི་བདུད་འཇོམས་ལྎ གསུང་གི་ཁྲོ་བོ་པདྨ་དབང་། །མཐིང་ནག་གཙུག་ན་རྟ་མཆོག་ཕྱག །རལ་གྲི་འཕྱར་ཞིང་སྡིགས་མཛུབ་མཛད། །ཉོན་བདུད་འཇོམས་ལྎ འཕྲིན་ལས་ཁྲོ་རྒྱལ་ཕུར་པ་ཆེ། །མཐིང་ནག་ཞལ་གཅིག་ཁྲོ་ལ་ཕྱག །རྡོ་རྗེ་ཕུར་བུ་བགེགས་ལ་བསྒྲིལ། །ལྷ་བདུད་འཇོམས་ལ་ཕྱག་འཚལ་བསྟོད། །དེ་ནས་སྤོས་ཐོགས་ཏེ། །ཧཱུྃ། བཅོམ་ལྡན་རྡོ་རྗེ་འཛིན་པའི་རྒྱལ། །བདག་ལ་དགོངས་ནས་གཟིགས་སུ་གསོལ། །སློབ་མ་རྣམས་ཀྱི་དོན་ཕྱིར་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་ནི་དཀྱིལ་འཁོར་བྲི་བར་འཚལ། །རིན་པོ་ཆེ་ཡི་མཐུ་བཞིན་དུ། །བཀའ་དྲིན་རྗེས་སུ་གནང་བ་ཡི། །སང་ནི་འབྱོན་པར་མཛད་དུ་གསོལ། །ལན་གསུམ་གྱིས་སྙན་གསན་ཕབ། །བུམ་པ་སྟ་གོན་ནི། དེ་ནས་བུམ་པ་བཟང་པོ་ལྷ་གྲངས་སམ་དགུའམ་ལྔའམ་གཉིས། ནད་སྦྱོང་བ་སྨན་ལྔ། ཡེ་ཤེས་འཕེལ་བ་རིན་པོ་ཆེ་ལྔ། འཕྲིན་ལས་བསྒྲུབ་པ་ཨ་ཀ་རུ་བསྣན། གླ་རྩི་མེད་པའི་དྲི་ལྔ། ཕུན་ཚོགས་འཕེལ་བ་སྙིང་པོ་ལྔ་རྣམས་དང་བཅས་པའི་ཆུས་དགང་། མགུལ་གོས་ཀྱིས་དཀྲིས། གཟུངས་ཐག་རྡོ་རྗེ་དང་བཅས་པ་ཁར་བཞག འབྲས་བུ་ཕུན་སུམ་ཚོགས་པའི་ཤིང་མེ་ཏོག་ཡོད་པས་ཁ་བརྒྱན། རང་རང་གི་ལྷའི་མཚན་མ་དགོད། ཕྱོགས་སོ་སོར་བཞག་པའི་དཀྱིལ་འཁོར་གྱི་ཤར་དུ་ཀུ་ཤའི་གདན་ལ་སོགས་པ་ལའོ། །སྭ་བྷཱ་ཝས། བུམ་པ་མི་དམིགས་པ་ལས། རྣམ་རྒྱལ་ཆེན་པོ་དུང་ཆོས་སུ་བྷཱུཾ་ལས་གཞལ་ཡས་ཁང་། ཞེས་ནས་ལྷ་ཚོགས་ཐམས་ཅད་བསྐྱེད། བུམ་པ་གཞན་རྣམས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པར་དམིགས་པའི་ནང་དུ་ལྷ་གྲངས་ཡིན་ན་སོ་སོ། ལྔ་ཡིན་ན་ཕྱོགས་མཚམས་གཉིས་སྡོམ། གཉིས་ཡིན་ན་རྣམ་རྒྱལ་དུ་ཐམས་ཅད། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་པར་བྱ་སྟེ་འདོན་པ་གཅིག་ནུབ་དང་ལས་བུམ་དུ་བདུད་རྩི་འཁྱིལ་བ་སོགས་ཙམ་བསྒྱུར་གིས་སོ། །དེ་ལ་བསྟོད་པའི་བར་གྲུབ་ནས། གཟུངས་ཐག་བཟུང་། འཕྲིན་ལས་གང་བྱེད་ཀྱི་དམིགས་པས་བཟླས་པ་བྱ། གཏོར་མས་མཆོད། འདོད་དོན་གསོལ་ཏེ། འོད་དུ་ཞུ་དུས་རྣམ་རྒྱལ་གྱི་གཙོ་བོ་ཡབ་ཡུམ་ནས་རིམ་བཞིན་བུམ་པར་ཐིམ་པས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་མོ། །སློབ་མ་སྟ་གོན་ནི། དེ་ནས་ཚོམ་བུ་ཡོལ་བས་བཅད་པའི་ཕྱིར་སློབ་མ་བསགས་ཁྲུས་བྱས། གོས་རྒྱན་བཟང་པོས་བརྒྱན། མེ་ཏོག་དང་བཅས་པས་མཎྜྻལ་ཕུལ་ཏེ། དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ་ནས། བདག་ནི་གཞུག་པར་མཛོད། །ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་རྣམས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་འོད་འཕོག་པས་ཐམས་ཅད་ཀྱང་གསུང་པདྨའི་རིགས་སུ་བྱས་པས་ངག་གི་སྡིག་སྒྲིབ་དག ཧཱུྃ་ཧཱུྃ་ཙིཏྟ་བཛྭ་གཏུམ་པོ་ཡབ་ཡུམ་དུ་གསལ་བའི་བླ་མའི་ཁར་འུབ་ཅེར་འདུས་ནས་ཨ་བ་དྷཱུ་ཏཱིའི་ནང་ན་མར་སྔོ་སི་ལི་ལི་འཐོན་པས་ཐུགས་སུ་བྱས་ཡིད་ཀྱི་སྒྲིབ་པ་དག རྡོ་རྗེའི་ལམ་ནས་ལྷ་མོའི་པདྨ་བརྒྱུད་སྐུར་བྱས་ཕྱིར་རྣམ་སྣང་གི་རྣམ་པར་འཐོན་ནས་ལུས་ཀྱི་སྒྲིབ་པ་དག ཨཱཿཧཱུྃ་ཨོཾ། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་བྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །མཉམ་མེད་ཡེ་ཤེས་ཡང་དག་འཐོབ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །བླ་མ་སངས་རྒྱས་ཀུན་མཆོད་ཅིང་། །རྩ་བ་ཡན་ལག་ཉེས་པ་སྤོངས། །མ་གྲོལ་འཁོར་བའི་སེམས་ཅན་ལ། །སྙིང་རྗེ་ཆེན་པོ་རབ་བསྐྱེད་ནས། །བསྒྲལ་ཞིང་གྲོལ་བའི་ལམ་ལ་བཀོད། །བདེ་བར་དབུགས་ནི་དབྱུང་བར་གྱིས། སྡོམ་པ་སྦྱིན། སྤྲོ་ན་འོག་བཞིན་གྱི་བསྒྲག་གཟུང་ཡང་བྱའོ། །སློབ་མའི་གནས་གསུམ་དུ་ཧཱུྃ་ཨཱཿ ཨོཾ་ལས་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་བསྐྱེད། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ཛཿ ཧཱུྃ་བཾ་ཧོཿ ཐིམ་པས་བྱིན་གྱིས་བརླབས་པར་བསམ་མོ། །ཨོཾ་ཨཱཿཧཱུྃ། དེ་ནས་དེ་དག་ལ་མཆོད་པ་ལྔ་དབུལ་ལོ། །མཆོད་སྦྱིན་གྱི་ཤིང་གསར་པ་རྩེ་མོར་མེ་ཏོག་བཅིངས་པ་སྤྲད་དུས། ཁྱོད་ཀྱིས་དཀྱིལ་འཁོར་དམ་པ་འདིར། །ཞུགས་པའི་དངོས་གྲུབ་བརྟག་པའི་ཕྱིར། །རྣམ་ཤེས་དག་པའི་སོ་ཤིང་འདི། །སོས་བཟུང་ནས་ནི་དབུས་སུ་དོར། ཁ་ཤར་དུ་བལྟས། སོས་བཟུང་ནས་པདྨའི་ཕྱག་རྒྱས་བོར་དུ་གཞུག བདག་དང་བླ་མ་སྟེང་བལྟས་ན། །མཆོག་གི་དངོས་གྲུབ་དམ་པ་ཡིན། །ཕྱོགས་སུ་འཕྲིན་ལས་སོ་སོ་སྟེ། །མཚམས་སུ་འཇིག་རྟེན་དངོས་གྲུབ་འབྱུང་། །ཐུར་བལྟས་ས་འོག་འགྲུབ་པ་ཡིན། །ས་ལ་མ་ལྷུང་མཁའ་སྤྱོད་དོ། །བདུད་རྩི་བྱིན་བརླབ་ཐོད་པར་བླུག །བདུད་རྩི་འདི་ནི་རྡོ་རྗེ་ཆུ། །འཐུང་ཞིང་དམ་ཚིག་བྱིན་གྱིས་བརླབ། །གལ་ཏེ་དམ་ཚིག་འདས་པ་ནི། །དམྱལ་བར་ངེས་པར་བསྲེག་པར་འགྱུར། །ཨོཾ་སྲཱིཿབི་ཤུདྡྷ་སོགས་ཀྱིས་སྦྱིན། ཧུབ་གསུམ་འཐུང་། ལྷག་མ་རྒྱབ་ཏུ་དོར་བས་ཁྲུས། སྐུད་པ་སྔོན་པོ་ལྷ་དང་ལས་མཐུན་པ་མདུད་པ་བརྒྱབ། ལྷའི་སྔགས་བཟླས་པ་དང་པོ་གཡས། གཉིས་པ་གཡོན་དུ་བཅིངས། ཧཱུྃ། ཁྲོ་བོ་གཏུམ་པོའི་བྱིན་རླབས་དང་། །གསང་སྔགས་ནུས་པ་བླ་མེད་ཀྱིས། །སྐལ་ལྡན་བར་ཆད་མེད་པར་སྲུངས། །སུ་ཡང་གནོད་པ་མ་བྱེད་ཅིག །དྲི་ཆུས་རྡོ་རྗེ་རྒྱ་གྲམ་གྱི་བརླན་པར་བྱའོ། །ཀུ་ཤ་བདུད་རྩི་འཁྱིལ་བ་བཟླས་པ་གདན་དང་སྔས་སུ་ཆེ་ཆུང་བྱས་པ་བྱིན་ཏེ། ཧཱུྃ། བཞིན་བཟང་ཚུར་ཉོན་དཀྱིལ་འཁོར་དུ། །འཇུག་པའི་རྟགས་རྣམས་བརྟག་པའི་ཕྱིར། །ཀུ་ཤའི་རྩྭ་འདི་སྔས་དང་སྟན། །ཐུབ་པས་ཏིང་འཛིན་གྲུབ་ལྟར་ཤོག །ཅེས་བརྗོད། །དེ་ཡང་སེངྒེའི་ཉལ་སྟབས་ཀྱིས་དཀྱིལ་འཁོར་གྱི་ཁང་པར་ཉལ། རྨི་ལམ་བརྟག བཟང་ན་སྤྲོ་བ་བསྐྱེད། ངན་ན་ཞི་བའི་སྦྱིན་སྲེག་ལ་སོགས་པས་བཟློག་པར་བྱའོ། །ནུབ་གསུམ་པ་ལ། ཐིག ཚོན། བསྒྲུབ་པ། བདག་འཇུག་བཞི་ལས་དང་པོ། ལྷ་སྟ་གོན་ནམ་མཁར་ཡིད་ཀྱིས་བཏེག་ལ། སློབ་དཔོན་རྡོ་རྗེ་འཆང་དུ་དམིགས་པས། གང་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བ་མ་ལུས་དང་། །རྫོགས་པའི་བྱང་ཆུབ་ལ་ཞུགས་དང་། །སངས་རྒྱས་བསྟན་དགའི་འབྱུང་པོ་དང་། །ཡང་དག་རྡོ་རྗེའི་སྤྱན་ལྡན་རྣམས། །རྡོ་རྗེ་འཆང་གི་དཀྱིལ་འཁོར་མཆོག །དེང་བདག་བྲི་བར་འགྱུར་བ་ལ། །བདག་དང་སྐལ་མཉམ་སློབ་མ་ལ། །བྱིན་གྱིས་བརླབ་ཕྱིར་སྲུང་བར་མཛོད། ཅེས་བརྗོད་ནས། བུ་མོ་གཙང་མས་བཀལ་བའི་སྲད་བུ་ཉི་ཤུ་རྩ་ལྔའམ་ལྔ་ཡེ་ཤེས་ལྔར། ཡང་ན་གསུམ་བསྒྲིལ་ཏེ་སྐུ་གསུང་ཐུགས་ཀྱི་ངེས་པས་སོ། །ཨོཾ་ཨཱཿཨ་ནྱོ་སོགས་ཀྱིས་དྲིལ། ཐོད་པར་བདུད་རྩི་ལྔས་བརླན་པར་བྱས་ཏེ། སློབ་མས་རྡོ་རྗེ་དང་བཅས་བླ་མར་གཏད། ཛཿཧཱུྃ་བཾ་ཧོཿ ཞེས་པས་ཡེ་ཤེས་པ་བསྟིམ། ཛྫཿཛྫཿ ཞེས་བསྐུལ། ཨོཾ་བཛྭ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། ནམ་མཁར་བཏབ་པས་གྲིབ་མ་བཞིན་ས་ལ་གསལ་བར་བལྟའོ། །དེའི་རྗེས་སུ་མཐུན་པས་ལས་ཐིག་གདབ། ཕྱོགས་འཁྲུལ་སྤང་བར་བྱའོ། །གཉིས་པ་ཐོད་པ་ལྔར་ཚོན་བཞག་སྟེ་སྙིང་པོའི་སྔགས་གདབ། བྷྲཱུཾ་ཨཾ་ཛྭྀཾ་ཁཾ་ཧཱུྃ་དུ་བལྟས་ལ་ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་བསྟིམ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སློབ་དཔོན་གྱིས་དབང་ལྡན་གྱི་མཚམས་ནས་སྔོན་པོ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་རྡོ་རྗེའི་འཛིན་པ་དང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། དེ་བཞིན། ལྗང་ཁུ། སོར་རྟོག དམར་པོ་མཉམ་ཉིད། སེར་པོ་བྱ་གྲུབ། དཀར་པོ་མེ་ལོང་ཡེ་ཤེས་སོགས་ཀྱིས་སོ། །མེ་ཏོག་དོར་ལ་ཚོན་པྲ་བརྟག སྐྱོན་མེད་པར་བྲིའོ། །གསུམ་པ། དེ་ནས་དཀྱིལ་འཁོར་གྱི་སྟེང་ཕྱོགས་ཐམས་ཅད་བཀོད་པའི་ཁྱད་པར་དང་མཆོད་པའི་ཡོ་བྱད་ཀྱིས་ལེགས་པར་བརྒྱན། སློབ་དཔོན་གྱིས་དཀྱིལ་འཁོར་ལན་གསུམ་བསྐོར། རྡོ་རྗེ་འཛིན་པའི་ང་རྒྱལ་གཟུང་ནས་ཧཱུྃ་ཞེས་བསྒྲགས། ཨོཾ་བཛྭ་ཨུཏ་གྷཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ་ཞེས་པ་སྒོ་བཞི་ཕྱེ་བའི་ཤར་སྒོ་ནས་ཞུགས་པར་བསམ་ལ། བདག་བསྐྱེད། སྟ་གོན་བཞིན་མདུན་བསྐྱེད། བུམ་བསྐྱེད་བྱས། བཞི་པ་སློབ་མ་ལ་དབང་བསྐུར་བ་བཞིན་བདག་འཇུག སྤྲོ་ན་ཤར་དུ་ཞི་བའི་སྦྱིན་སྲེག་བྱའོ། །བཞི་པ་དབང་བསྐུར་བ་ལ། འཇུག་པ་དང་། དབང་དངོས་གཉིས། དང་པོ། དེ་ནས་ཤར་དུ་དབང་སྟེགས་ལ་སློབ་མ་བཞག སློབ་དཔོན་དབང་ལྡན་དུ་གནས་པ་ལ་མེ་ཏོག་དང་བཅས་པས། ཧཱུྃ། ཐུགས་ཀྱི་སྲས་པོ་རྡོ་རྗེ་འཛིན། །གདུག་པ་འདུལ་མཛད་གཏུམ་པོ་ཡིས། །སློབ་མ་སྨིན་པར་བྱ་བའི་ཕྱིར། །བདག་ལ་དབང་བསྐུར་སྦྱིན་པར་མཛོད། །ལན་གསུམ་གྱིས་གསོལ་བ་གདབ། ལས་བུམ་གྱིས། ཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་པཱ་པཾ་ཤོ་དྷ་ནི་སརྦ་ཤོ་དྷ་ནི་སྭཱཧཱ། ཁྲུས་བྱ། སློབ་མ་རྡོ་རྗེ་གཏུམ་པོར་བསྐྱེད། །ཨོཾ་བཛྭ་བནྡྷ་ཏྲ་ཐ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཅེས་པའི་སྔགས་ཀྱིས་སྡིག་པ་ཕྲལ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བསམ། ཨོཾ་ཨ་ཀཱ་རོས་བགེགས་ལ་གཏོར་མ་སྦྱིན། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ལ་སོགས་ས་བླ་ས་སྟེང་ས་འོག་ན་གནས་པའི་གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས་ཐམས་ཅད་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག་ཅེས་བསྒོའོ། །ཞལ་བཞི་པའི་སྔགས་ཀྱིས་བསྐྲད། སློབ་དཔོན་གྱི་གནས་གསུམ་ནས་རིམ་པ་བཞིན་འོད་ཟེར་འཕྲོས་སློབ་མའི་གནས་གསུམ་དུ་ཐིམ་པས་སྡིག་པ་སྦྱངས། ཡི་གེ་གསུམ་འཁོད། །ཨོཾ་ཀཱ་ཡ་ཤུདྡྷཿསརྦ་དྷརྨྨུཿཀཱ་ཡ་ཤུདྡྷཱོཧཾ། ཨོཾ་ཝཱ་ཀ་ཤུདྡྷཿ སརྦ་དྷརྨྨུཿ ཝཱ་ཀ་ཤུདྡྷཱོཧཾ། ཨོཾ་ཙིཏྟ་ཤུདྡྷཿ སརྦ་དྷརྨྨུཿཙིཏྟ་ཤུདྡྷོ་ཱཧཾ། དེ་ནས་སློབ་མའི་གནས་གསུམ་གྱི་ཡི་གེ་སྐུ་གསུང་ཐུགས་ཀྱི་ལྷར་གྱུར། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲི། སློབ་མས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོ་ཁྲོ་བོར་བཅས་པ་ཡི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་སྐལ་བཟང་རིགས་ཡིན་ཏེ། །རྡོ་རྗེ་འཛིན་པ་ཁྱེད་ལ་དགའ། །འཕྲིན་ལས་རྡོ་རྗེ་འཛིན་ལ་རྫོགས། །དེ་བས་དེ་ཡི་རིགས་འཛིན་འཚལ། །ལྷ་མཆོག་གཏུམ་པོ་ཆེ་ལ་སྐྱབས། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་པར་མཛོད། །ཅི་འབྱོར་པ་ཡི་འཇུག་ཡོན་ཕུལ། །ཕྱི་འཇུག་ཨོཾ་ཨཱཿཁཾ་ཝཱི་ར་ཧཱུྃ། ཡོལ་བ་བསལ་ནང་དུ་བཏང་། དཀྱིལ་འཁོར་ལ་བསྐོར་ནས་ཤར་ཕྱོགས་སུ་བཞག བླ་མའི་ཐུགས་ཀའི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་བསྐུལ། དེས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་ནས་སློབ་མའི་ཚངས་བུག་ཏུ་ཐིམ། དེས་སྐུའི་བྱིན་བརླབས་བསྡུས། ཕུང་པོའི་བདུད་བཅོམ་པས་ཁྱབ་འཇུག་མནན། མར་བབས་མགྲིན་པར་གསུང་གི་བྱིན་རླབས་བསྡུས་ཉོན་མོངས་པའི་བདུད་བཅོམ་པས་དབང་ཕྱུག་མནན། མར་བབས་སྙིང་གར་ཐུགས་ཀྱི་བྱིན་རླབས་བསྡུས་འཆི་བདག་གི་བདུད་བཅོམ་བརྒྱ་བྱིན་མནན། དེ་ནི་ལྷའི་བུའི་བདུད་བཅོམ་བགེགས་བསལ་བའོ། །དཀྱིལ་འཁོར་གྱི་ལྷ་ལ་ན་མ་ཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ཕྱག་གསུམ་བྱ། དེ་ནས་ཐལ་མོ་སྦྱར་ཏེ་ཤར་ནས། ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་པཱུ་ཛོ་པ་ཧྶྭུ་ནཱ་ཡ་ཨཱཏྨ་ནཱི་ནི་རྻུ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏོ་ཨཀྵོ་བྷྱཿ ཨ་བྷི་ཥིཉྩྨ་ཨ་དྷི་ཏིཥྛ་སྭ་མཱཾ། ལྷའི་བྱིན་རླབས་ཀྱིས་སྙིང་གའི་བརྒྱ་བྱིན་གྱི་ཁར་མི་བསྐྱོད་པ། ལྷོ་ནས། ཨོཾ་མཧཱ་ཀཱ་ལ་པཱུ་ཛོ་བཧྶྭུ་ནཱ་ཡ་ཨཱཏྨ་ནཱཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐ་ག་ཏ་རཏྣ་སཾ་བྷ་ཝ། ཨ་བྷི་ཥིཉྩྨ་ཨ་དྷི་ཏིཥྛ་སྭ་མཱཾ། སྤྱི་བོར་ཁྱབ་འཇུག་གི་སྟེང་དུ་རྣམ་སྣང་། ནུབ་ནས། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་པཱུ་ཛོ་པཧྶྭུ་ནཱ་ཡ། ཨཱཏྨ་ནཱཾ་ནརྻིུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་པདྨ་དྷ་རི་ཨ་བྷིཥིཉྩྨ་ཨ་དྷི་ཏིཥྛ་སྭ་མཱཾ། མགྲིན་པར་དབང་ཕྱུག་ཆེན་པོའི་སྟེང་དུ་འོད་དཔག་མེད། བྱང་ནས། ཨོཾ་ཨཱརྻ་ཛམྦྷ་ལ་པཱུ་ཛོ་པཧྶྭུ་ནཱ་ཡ། ཨཱཏྨ་ནཱཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩྨ་ཨ་དྷི་ཏིཥྛ་སྭ་མཾ། ལྷ་དེ་ཐམས་ཅད་ཀྱི་ཕྱག་གཡས་སུ་ཚངས་པའི་གཟུགས་རེ། དེ་ནས་ལས་བུམ་གྱིས་ཁྲུས་བྱས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སྐྱབས་སེམས། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ནས། སེམས་ཅན་མྱ་ངན་འདས་ལ་འགོད། །དཀྱིལ་འཁོར་མེ་ཏོག་སྔོན་པོར་བཅས། །རྡོ་རྗེ་འཆང་ལ་དབུལ་བར་བྱ། །བདུད་རྩི་རྣམ་ལྔའི་གཏོར་མའི་ཚོགས། །རྣམ་པ་ཀུན་ཏུ་བསྟེན་པར་བྱ། །ཐབས་ཀྱིས་བསྒྲལ་བའི་དམ་ཚིག་ནི། །སྙིང་རྗེ་ལས་བྱུང་བསྒྲལ་བར་བྱ། །ཞེས་ལན་གསུམ། དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་སེམས་དཔའ་བླ་ན་མེད། །བདག་ལ་ད་ལྟ་བསྐྱེད་དུ་གསོལ། །སྤོས་ཀྱིས་བདུག་ཅིང་། སངས་རྒྱས་ཐམས་ཅད་ལྷག་པའི་ལྷའི་རྣམ་པར་སྤྱན་དྲངས་སློབ་མ་ལ་བསྟིམ་པས་གཉིས་སུ་མེད་པའི་བདེ་བས་ཁྱབ་པར་གྱུར། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་གཏུམ་པོ་སེམས་དཔའ་ཆེ། །ཡེ་ཤེས་རྡོ་རྗེ་བླ་ན་མེད། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨོཾ་བཛྭ་ཙཎྜྻ་མཧཱ་རོ་ཥ་ཎ་ཨཱ་བེ་ཤ་ཡ་ཧྶམྦྷ་ཡ། ར་ར་ར་ར། ཙཱ་ལ་ཡ། ཨཱཿ ཧཱུྃ་མཧཱཛྷྱཻཿབཛྭ་ཙཎྜྻ་ཨཿ ཨཱ་བེ་ཤ་ཡ་ཨཿ ཨ་ཨ་ཨ་ཨ། ཞེས་བཟླས་ལུས་ངག་ཡིད་གསུམ་གང་ལ་བབས་ནའང་། ཨོཾ་བཛྭ་ཙཎྜྻ་མཧཱ་རོ་ཥ་ཎ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་ས་མ་ཡ། སྔགས་དེས་བརྟན་པར་བྱས་ལ། དེའི་ལྕེ་ལ་ཨ་བསམས་ནས་དགེ་མི་དགེ་དྲིའོ། །མེ་ཏོག་རྡོ་རྗེ་དང་བཅས་པ་སྤྱི་བོར་བཞག་ལ། ཧཱུྃ། རྡོ་རྗེ་གཏུམ་པོ་དེང་ཁྱོད་ཀྱི། །སྙིང་ལ་སོགས་དང་། བདུད་རྩི་ལྔས་གང་བའི་ཀ་པཱ་ལའི་བདུད་རྩི་བྱིན། འདི་ནི་ཁྱོད་ཀྱི་རྡོ་རྗེ་ཆུ། །དམ་ཚིག་འདས་ན་སོགས། །ཨོཾ་ཨཱཿཧཱུྃ། བཛྭ་ཨུད་ཀ་ཋ་ཧཱུྃ། དེ་ནས་ཤར་དུ་འདུག་སྟེ། དེང་ནས་བརྩམས་ཏེ་ཁྱོད་རྣམས་ཀྱི། །རྡོ་རྗེ་གཏུམ་པོ་ང་ཡིན་གྱིས། ཁྱེད་ཀྱི་ང་ལ་བརྙས་པ་ན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བར་ལྟུང་བར་འགྱུར་ཏ་རེ། །ཞེས་དམ་ལ་བཞག གསང་བ་བླ་མེད་མེ་ཏོག་འདི། །ཕོ་བྲང་དཀྱིལ་འཁོར་ལྷ་མཆོག་ལ། །ལས་དང་རྗེས་སུ་བརྩེ་བ་ཡིས། །རིགས་དང་མཐུན་པར་འབབ་པར་ཤོག །པྲ་ཏཱིཙྪ་ཧོཿབཛྭ། ཕྱོགས་བཞི་དབུས་ལ་རིགས་དང་དངོས་གྲུབ། ལྷག་པར་ལྷའི་སྟོད་སྐེད་སྨད་ཉེ་རིང་གཙོ་འཁོར་ལས་བྱེ་བྲག་གི་དངོས་གྲུབ་བརྟག་པར་བྱའོ། །དེ་ནས་དོར་བའི་མེ་ཏོག་དེ་བླ་མས་སློབ་མའི་མགོར་བཅིང་། ཨོཾ་དྷརྨ་ཀུནྡྷ་ཨ་བྷི་ཥིཉྩྨ། མེ་ཏོག་ཕོག་པའི་ལྷ་བསྟིམ། མིང་གི་ཕྱིར་རིགས་ངེས་པར་བྱ་བའོ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལིང་ཏོག་བསལ་བ་ལྟར། །དེ་བཞིན་ཁྱོད་ཀྱི་མིག་དབྱེ་བས། །ཡེ་ཤེས་མིག་གིས་མཐོང་བར་ཤོག །བཛྭ་ཙཀྵུ་པ་ཊ་ལཾ་སྲཱིཿ གདོང་གཡོག་བསལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་ནས་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་འགྱུར། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། དངོས་གྲུབ་མ་ལུས་སྣོད་དུ་འགྱུར། །རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་ཡས་ཁང་ངོ་། །ཞེས་པས་དཀྱིལ་འཁོར་དང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང་། ཡན་ལག་དག་ནི་ཁྲོ་བོ་བཅུ། །ཞེས་པ་ལྷ་སྟེ་ཀུན་རྫོབ་ཀྱི་དག་པ། སྣ་ཚོགས་དེ་བཞིན་ཉིད་བདག་མེད། །ཐབས་ནི་སྙིང་རྗེ་སྟོབས་ཡིན་ཏེ། །ཟུང་དུ་འཇུག་པ་རྣམ་རྟོག་བྲལ། །དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །ཞེས་པས་དོན་དམ་པའི་དེ་ཉིད་བཤད་དོ། །འཇུག་པའོ། །གཉིས་པ་དབང་དངོས་ལ། བུམ་གསང་གསུམ་པ་ཚིག་དབང་ལས། དང་པོ་ལ། རིག་པའི་དབང་དང་སློབ་དཔོན་གྱི་དབང་གཉིས་ཀྱི་དང་པོ། བྱང་ཆུབ་རྡོ་རྗེ་སངས་རྒྱས་སོགས་ཀྱི་མཐར། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་སློབ་དཔོན་མཆོག་བགྱིད་དོ། །ཞེས་པས་གསོལ་བ་ལན་གསུམ་གདབ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་སློབ་མ་ཧཱུྃ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་རང་འདྲ་བའི་མཱ་མ་ཀཱི་ལ་འཁྱུད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཤེས་རབ་དང་བཅས་པའི་ཡེ་ཤེས་པ་གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿསློབ་མ་ལ་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པས། བུམ་པ་རྣམས་ཀྱི་ཆུ་རྣམ་རྒྱལ་དུ་བསྡུས་ཏེ་རོལ་མོ་དབྱངས་དང་བཅས་པས། སྐུ་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་བདུད་རྩི་རྣམ་དག་འདིས། །མི་བསྐྱོད་རྡོ་རྗེ་དབང་བསྐུར་རོ། །ཨོཾ་ཨཱ་དརྴ་ཛྙྱཱ་ན་ཨ་བྷིཥིཉྩྨ་ཧཱུྃ། ཆུ་ཡི་དབང་བསྐུར་དམ་པ་འདིས། །སྒྲིབ་པ་རྣམ་པ་གསུམ་བྲལ་ནས། །མི་འཁྲུགས་རྣམ་དག་ཡེ་ཤེས་འཐོབ། །མི་བསྐྱོད་རྡོ་རྗེ་དངོས་གྲུབ་ཤོག །དབུ་རྒྱན་དར་དཔྱངས་དང་བཅས་པ་དང་སློབ་མ་ཏྲཱཾ་ལས་རིན་ཆེན་འབྱུང་གནས་སྐུ་མདོག་སེར་པོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་རང་འདྲ་བའི་རིན་ཆེན་རྡོ་རྗེ་མ་ལ་འཁྱུད་པ་ནས་ཡེ་ཤེས་པ་ཆ་གཉིས་སློབ་མ་དང་དབང་རྫས་ལ་བསྟིམ། འོད་དུ་ཞུ་བ་སངས་རྒྱས་ལྔའི་བདག་ཉིད་ཅོད་པན་དུ་གྱུར། རིན་པོ་ཆེའི་ཅོད་པན་དར་དཔྱངས་དང་བཅས་པ་མགོ་ལ་བསྐོན། དབུ་རྒྱན་རིན་ཆེན་དམ་པ་འདིས། །སེམས་ཅན་ཚིམ་པར་བྱེད་པའི་མཆོག །ཡིད་བཞིན་བསམ་པ་འགྲུབ་བྱེད་པ། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྭ་ས་མནྟ་ཛྙྱཱ་ན་ཡུ་ཀུ་ཊ་ཏིཥྛ་ཨ་བྷི་ཥིཉྩྨ་ཧཱུྃ། དབུ་རྒྱན་དབང་བསྐུར་དམ་པ་འདིས། །རིགས་ལྔའི་སངས་རྒྱས་བདེ་བར་གཤེགས། །བདག་གི་མགོ་ལ་བརྒྱན་གྱུར་ཏེ། །རིན་ཆེན་འབྱུང་ལྡན་དངོས་གྲུབ་ཤོག །རྡོ་རྗེ་དང་སློབ་མ་སྲཱིཿལས་འོད་དཔག་མེད་སྐུ་མདོག་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་རང་འདྲ་བའི་གོས་དཀར་མོ་ལ་འཁྱུད་པ་ནས། འོད་དུ་ཞུ་བ་རྡོ་རྗེར་གྱུར། ལག་པ་གཡས་སུ་གཏད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྣམ་དག་འོད་གསལ་ཏེ། །དམ་ཆོས་འབྱུང་བའི་སྒོར་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་བཛྭ་པྲ་ཏི་ཨཱ་བེ་ཤ་ཛྙྱཱ་ན་ཨ་བྷི་ཥིཉྩྨ་ཧཱུྃ། རྡོ་རྗེའི་དབང་བསྐུར་དམ་པ་འདིས། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། ཁྱོད་ཀྱི་རྒྱུད་ལ་སྐྱེས་གྱུར་ཏེ། །སྣང་བ་མཐའ་ཡས་དངོས་གྲུབ་ཤོག །དྲིལ་བུ་དང་སློབ་མ་ཨ་ལས་དོན་གྲུབ་སྐུ་མདོག་ལྗང་ཁུ་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པ་རང་འདྲ་བའི་སྒྲོལ་མ་ལ་འཁྱུད་པ་ནས། འོད་དུ་ཞུ་བ་དྲིལ་བུར་གྱུར། གཡོན་དུ་གཏད། ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་པ་མེད་བྱེད་པ། །འདོད་པའི་འཕྲིན་ལས་རྫོགས་བྱེད་པའི། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཨ་དྷི་ཏ་ན་ཨ་ནུ་ཏ་ཛ་ཛྙྱཱ་པ་ཏ་ཨ་བྷི་ཥིཉྩྨ་ཧཱུྃ། དྲིལ་བུའི་དབང་བསྐུར་དམ་པ་འདིས། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གསུང་གི་དངོས་གྲུབ་བདག་གྱུར་ཏེ། །དོན་ཡོད་གྲུབ་པའི་དངོས་གྲུ་ཤོག །སློབ་མ་བྷཱུཾ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ་རང་འདྲ་བའི་སྤྱན་མས་འཁྱུད་པ་ནས། སྤྱི་བོར་འཁོར་ལོ་ཐོགས་པས་མིང་གདགས། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་ཐོབ་ཀྱི་བར་དུ་ནི། །ཅིས་ཀྱང་གཞོམ་པར་མི་ནུས་པའི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །ཨོཾ་པྲ་ཏི་ཤོ་དྷ་དྷརྨ་དྷཱ་ཏུ་ཛྙྱཱ་ན་ནཱ་མ་ཨ་བྷིཥིཉྩྨ་མི་ཧཱུྃ། མིང་གི་དབང་བསྐུར་དམ་པ་འདིས། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པས་འགྲོ་ལ་ཆོས་སྟོན་ཅིང་། །རྣམ་སྣང་དངོས་གྲུབ་ཐོབ་པར་ཤོག །གཉིས་པ་སློབ་དཔོན་གྱི་དབང་ནི། སློབ་མ་སེང་གེའི་ཁྲི་ལ་བཞག་སྟེང་དུ་གདུགས་དཀར་པོ་བཟུང་ལ་དེས། སློབ་དཔོན་རང་བཞིན་འོད་དཔག་མཆོག །སྐལ་པ་ཆེན་པོ་བདག་ལ་སྩོལ། །བདེ་གཤེགས་རྣམས་ཀྱི་དབང་བསྐུར་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །དེ་བཞིན་སངས་རྒྱས་དཔག་མེད་དང་། །བརཏལ་ཞུགས་བླ་ན་མེད་པ་དེ། །ཇི་ལྟར་འདུལ་བཞིན་བདག་ལ་སྩོལ། །སློབ་མ་གཙོ་བོ་ཡབ་ཡུམ་དུ་བསྐྱེད། བྱིན་རླབས་གོ་ཆ་ཡེ་ཤེས་བསྟིམ། །རྣམ་རྒྱལ་བུམ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ཡི། །སོགས་ཀྱིས་མཐར། འཕྲིན་ལས་ཐོགས་པ་མེད་པ་རྣམས། །བུ་ཡིས་གཞན་དོན་བླ་མེད་བྱོས། ཁྱོད་ནི་རྡོ་རྗེའི་སློབ་དཔོན་ཡིན། །དུས་གསུམ་སངས་རྒྱས་སྲས་ཡིན་ནོ། །དེ་ནས་ཆོས་གོས་ཀྱི་སྣ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ནས། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་སོགས། ཀྱེ་ཆེ་གེ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། །སིདྡྷི་བཛྭ་ཙཎྜྻ་ཏ་ཐཱ་ག་ཏ་ས་མ་ཡ་ཧྶཾ་བྷུརྦྷ་ཝཿ སྭཿ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁྱེད་ལ་ལུང་བསྟན་བྱས་པ་འདི། །གསང་སྔགས་རྡོ་རྗེའི་མཐུ་ཡིན་པས། །དད་པས་འདི་ལ་སྤྲོ་བར་གྱིས། །དེ་ནས་ལག་ཏུ་རྡོ་རྗེ་གཏད་ནས། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཀ་ཧྶཾ་དྷཱ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། དེ་ནས་དྲིལ་བུ་སྦྱིན། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་སོགས་ཤློ་ཀ ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་གྷཎྜྻེ་ས་མ་ཡ་ཏིཥྛ་ཨེ་ཀ་ཧྶཾ་དྷཱ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། དེ་ནས་མིག་ཐུར་གྱིས། ཇི་ལྟར་མིག་མཁན་རྒྱལ་པོ་སོགས། ཨོཾ་བཛྭ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་སྲཱིཿ དེ་ནས་མེ་ལོང་བསྟན། ཆོས་རྣམས་གཟུགས་བརྙན། ཤློ་ཀ དེ་ནས་མེ་ལོང་རྡོ་རྗེའི་གཟུགས་སྣང་བ་བསྟན། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །སངས་རྒྱས་ཀུན་བདག་རང་བཞིན་ནོ། །ཧོཿཡིག་ལས་བྱུང་བའི་མདའ་གཞུ་ཧོཿབརྗོད་པས་སྦྱིན། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ། མདའ་འཕང་བའི་ཚུལ། བདུད་ལ་འབིགས་པའི་བློས་ཕྱོགས་བཞི་སྟེང་དང་འོག་ཏུ་འཕང་བར་བྱའོ། །དེ་ནས་ཧཱུྃ་ལས་སྐྱེས་པའི་འཁོར་ལོ་རྐང་འོག་ཏུ་བཅུག་ལ། དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་འཁོར་ལོ་སྐྱོན་མེད་པ། །ཀུན་ཏུ་དྲི་མེད་སྡིག་དང་བྲལ། །དེ་ནས་དུང་བྱིན། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །སོགས་ཤློ་ཀས། དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །རིགས་ལྔ་རིམ་པ་བཞིན་བསམ་སྟེ་ཕྱག་མཚན་རྣམས། འཇིག་རྟེན་ཁམས་ནི་མ་ལུས་པའི། །སེམས་ཅན་ཁམས་ནི་དྲང་བའི་ཕྱིར། །ཆགས་པ་མེད་པའི་བསམ་པ་ཡིས། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་སྐོར་བར་གྱིས། །དེ་བཞིན་རིགས་ཀྱིས་གང་འདུལ་བ། ཁྱོད་ཀྱི་འཕྲིན་ལས་མཆོག་ཡིན་ནོ། །ཞེས་རྡོ་རྗེ་རིན་ཆེན་པདྨ། ལས་ཀྱི་ཚིག་འདོན་པ་བསྒྱུར་རོ། །དགང་བླུགས་གཏད། དེང་ནས་གཟུང་སྟེ་རིགས་ཀྱི་བུ། །ཞི་རྒྱས་དབང་དང་བསད་པ་དང་། །དགུག་དང་བཅིང་དང་བསྲེག་པ་དང་། །བསྐྲད་དང་དབྱེ་བ་ལ་སོགས་པའི། །འཕྲིན་ལས་སྣ་ཚོགས་འགྲུབ་པར་གྱིས། །རལ་གྲི་གཏད། རལ་གྲི་མིག་སྨིན་ས་འོག་དང་། །མཆིལ་ལཧྭམ་དེ་བཞིན་རིལ་བུ་སྟེ། །ཐུན་མོང་དངོས་གྲུབ་མ་ལུས་པ། །དེ་དག་ཁྱོད་ཀྱིས་སྒྲུབ་པར་གྱིས། །དེ་ནས། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་འདི་ལ་ཐེ་ཚོམ་མེད། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །ཞེས་དབུགས་དབྱུང་གཟེངས་བསྟོད། །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཞེས་སོགས་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བྱ་བ་བུམ་དབང་ངོ་། །གཉིས་པ་གསང་དབང་ནི། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོས་རྗེས་སུ་གཟུང་བར་མཛོད། །བླ་མ་གཙོ་བོ་ཡབ་ཡུམ་རྡོ་རྗེ་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་གྱུར་པ་ཨ་ཝ་དྷཱུ་ཏཱི་ནས་བརྒྱུད་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱས་རང་གི་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པར་གསུང་རྡོ་རྗེའི་ངོ་བོར། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །སོགས་ཀྱིས་སྦྱིན། སློབ་མས་རྡོ་རྗེ་དང་པདྨ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདས་པའི་བློས། ཨ་ཧོ་མཧཱ་སུ་ཁ་ཞེས་བརྗོད་དེ་འཐུང་ངོ་། །གསུམ་པ་ནི། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། །སློབ་མ་གཏུམ་པོར་བསྐྱེད། ཕྱག་རྒྱ་ཕུན་སུམ་ཚོགས་པ་རྡོ་རྗེ་བདེ་མར་གསལ་བཏབ་ནས། གཟུང་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པར་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཚུད་པ་བལྟ། །དེས་ཀྱང་སྐྱེ་གནས་གུར་གུམ་ལ་སོགས་པའི་དྲི་ཞིམ་པར་བྱས་གོས་དང་བྲལ་བས་ལག་པས་བགྲད་དེ་སློབ་མ་ལ་སྟོན་ཅིང་། ཨེ་མ་ང་ཡི་པདྨ་འདི་ནས་འདི་ཉིད་ལ་ནི་རྟག་ཏུ་གནས། བྷཱཉྫྱ་མོཀྵ་ཧོཿ དེ་ནས་ཨཱཿལས་པདྨ་ཟེའུ་འབྲུ་ཨཾ ཿམཚན་པ་དང་། ཧཱུྃ་ལས་རྡོ་རྗེ་ནོར་བུ་ཨོཾ་གྱིས་མཚན་པ་གཉི་གའི་བུ་ག་ཕཊ྄་སེར་པོས་བཀག་པ་བྷ་གའི་གཡོན་གྱི་རྩེར་སྲཱིཿདམར་པོ། མཛུབ་མོས། ཨོཾ་ཤཱི་ཤཱི་ཤཱི་ཧ་ཧ་ཧ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་སོགས་བརྗོད། སྙོམས་པར་ཞུགས་པས་དགའ་བ་བཞིའི་མཐར་ལྷན་སྐྱེས་ངོས་ཟིན་པར་བྱའོ། །བཞི་པ་ནི། དེ་ནས་ཚིག་ཁོ་ནས་བཞི་པ་སྦྱིན་པར་བྱ་སྟེ། དེ་ཉིད་ནི་ཤེས་རབ་ཡེ་ཤེས་ཀྱི་མྱུ་གུར་བཏང་བའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་འཕེལ་འགྲིབ་མེད་པ་དང་ལྡན་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཏེ་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དབང་བཞི་པའི་ངོ་བོར་བརྗོད་པར་བྱའོ། །ཞེས་པས་སོ། །དེ་ནས་ཚོགས་ཀྱི་ཡོ་བྱད་བསགས་པ་བདུད་རྩིས་ཆོས་འབྱུང་བྲིས་པའི་སྟེང་དུ་བཞག སློབ་དཔོན་གྱིས། ཨ་ཧ་ར་ཤུདྡྷཱཿསརྦདྷརྨྨུཿཨ་ཧ་ར་ཤུདྡྷཱོཧཾ། མང་དུ་བཟླས་པས་དག་པར་བྱ། དེ་ནས་གཏོར་མ་བཞིན་བྱིན་གྱིས་བརླབ། སློབ་དཔོན་གྱིས་ཨ་ལས་དྲིལ་བུ་དང་། ཧཱུྃ་ལས་རྡོ་རྗེ་བསྐྱེད་དེ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་ཕབ་པ་དང་གཅིག་ཏུ་འདྲེས་པར་བསམ་སྟེ། ཨོཾ་ཨ་མྲྀ་ཏེ་སཱ་དྷུ་ཧཱུྃ་ཅི་ནུས་བཟླས། དེ་ནས་ཚོགས་ཕུད་ཆ་ལྔ། དང་པོ། རྡོ་རྗེ་འཆང་ཆེན་པོ་ནས་རྗེ་བཙུན་རྩ་བའི་བླ་མའི་བར་གྱི་ཕྱག་ན་རྡོ་རྗེའི་དབང་རྒྱུད་མན་ངག་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། གཉིས་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་དུྎ གསུམ་པ། བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་ན་མེད་པའི་ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་དུྎ བཞི་པ། དཔལ་གནས་གསུམ་གྱི་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་བསྲུངས་མ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུྎ ལྔ་པ། ཡུལ་ལྷ་གཞི་བདག་གནས་བདག་ཐམས་ཅད་དང་རིགས་དྲུག་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་ཞལ་དུྎ ཕུལ། རྣལ་འབྱོར་མཆོད་པ་བྱས་ཏེ་རྡོ་རྗེ་སློབ་དཔོན་ལ་གཟིགས་ཤིག་སོགས་ཀྱིས་དྲངས། ལོངས་སྤྱད། གཏོར་མ་བཏང་། ལྷག་མ་བསྡུས་ཏེ་ཁ་ཕྲུ་བཏབ། ཨུཙྪིཥྚ་སོགས་ཀྱིས་བསྔོའོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་བརྗོད་ཅིང་བླ་མར་ཡོན་མི་ཟད་པ་ཕུལ། བླ་མས་མཆོད་བསྟོད་བྱས་ཡི་གེ་བརྒྱ་པ་བཏོན། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་དཀྱིལ་འཁོར་བདག་གི་ཐུགས་ཀར་བསྡུ། རྡུལ་ཚོན་ཨ་ཀཱ་རོའི་སྔགས་ཀྱིས་དབྱི། མཐར་དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད། རྡུལ་ཚོན་ཆུ་བོ་ཆེན་པོར་བསྐྱལ། ཀླུ་ཆོག་བྱའོ། །གསུམ་པ་ལས་སྦྱོར་ནི། གདུག་པ་ཀླུ་འདུལ་བར་འདོད་པས་བདག་སྐྱེད་སྔར་བཞིན་ལ། པདྨ་འདབ་བརྒྱད་མཐའ་ཆུའི་རི་མོ་ཡོད་པ། མཐར་མཆོད་པ། ཆུ་དར་ལ་སྐུ་བཞེངས་པའི་དམིགས་རྟེན། རྒྱབ་ཏུ་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་རྩ་སྔགས་གསེར་ལས་མ་བྱས་པ་རྟེན་དུ་བཙུགས་སོ། །བཾ་ལས་རྒྱ་མཚོ། དེའི་ནང་དུ་སུམ་ལས་རི་རབ། དེའི་སྟེང་དུ་པད་ཉིའི་གདན་གྱི་ཁར་རང་གི་ཐུགས་ཀ་ནས་ཧཱུྃ་གཅིག་འཕྲོས་པ་ལས་རྡོ་རྗེའི་ཁྱུང་ཀླུ་འདུལ་ཟིལ་གནོན་ཆེན་པོ་སྐུ་མདོག་མཐིང་ནག་གཡས་དཀར་གཡོན་དམར་དབུས་མཐིང་བའི་ཞལ་གསུམ། དེའི་སྟེང་དུ་ལྗང་སེར་དམར་བའི་ཞལ་གསུམ། དེའི་སྟེང་དུ་ནག་སྔོ་དཀར་བའི་ཞལ་གསུམ་ཐམས་ཅད་སྤྱན་གསུམ་རྡོ་རྗེའི་མཆུ་དང་རྭ་སྤྱི་བོ་ན་རིན་པོ་ཆེ། ཕྱག་བཅོ་བརྒྱད་ཀྱི་གཡས་དགུ་ན་རྡོ་རྗེ། རལ་གྲི །དགྲ་སྟ་ཞགས་པ་མདུང་ལྕགས་ཀྱུ་མདའ་རྩེ་གསུམ་བྱ་ཁྱུང་དང་བཅས་པས་རིམ་པ་བཞིན། ཆུ་བདག་མཐིང་ཀ མཐའ་ཡས་ལྗང་ཁུ། ནོར་རྒྱས་སེར་པོ། སྟོབས་རྒྱུ་ནག་པོ། དུང་སྐྱོང་དམར་སྐྱ། པདྨ་སེར་པོ། པད་ཆེན་སེར་སྐྱ། རིགས་ལྡན་ལྗང་སེར། འཇོག་པོ་དམར་ནག་རོ་སྟོད་ལྷ་ལ་སྦྲུལ་མགོ་བདུན་པ་ལག་གཉིས་ཐལ་མོ་སྦྱར་བས་གཙོ་བོ་ལ་རིན་པོ་ཆེ་སྟོབ་པ་དག་གི་མཇུག་མའི་རྩེ་ཕྱག་གིས་བཟུང་ཞིང་ལན་གསུམ་གདུ་བུ་བཞིན་དུ་དཀྲིས་པ། གཡོན་པ་དགུ་ན་དྲིལ་བུ་བེ་ཅོན་འཁོར་ལོ་རྒྱ་གྲམ་ཐོད་དབྱུག་སྦྲུལ་གྱི་རྒྱལ་མཚན་གཞུ་གཏུམ་ཆུང་གི་ཕུར་པ་དང་ཁྱུང་གི་ཕུར་པ། རླུང་འབྱིན་མ་དང་། དགའ་མ་དང་། མཛེས་ལྡན་མ། དཔའ་མོ་འོད་བྱེད་མ། གྲུབ་མ། བསྟན་མ། དགེ་མ། གསལ་བྱེད་མ་སྟོད་ལྷ་མོ་ལ་སྦྲུལ་མགོ་གསུམ་པ་ལག་གཉིས་ཐལ་སྦྱར་པདྨོ་འཛིན་པ། གཞན་སྔ་མ་ལྟ་བུ། ཞབས་བཞིའི་གཡས་གཉིས་བསྐུམ་པས་ཆུ་སྲིན་སྔོན་པོ་དང་རུ་སྦལ་སེར་པོ། གཡོན་གཉིས་བརྐྱང་བས་ཕག་ནག་དང་ལྟོ་འཕྱེ་སེར་པོ་བརྫིས་པ། གཤོག་པ་རྡོ་རྗེ་དཀར་སེར་དམར་ལྗང་། མཇུག་མ་རལ་གྲི་དཀར་སེར་དམར་ལྗང་། སྡེར་མོ་གནམ་ལྕགས་མེ་འབར་བ། རབ་ཏུ་གཏུམ་པས་ས་བདག་ཀླུ་གཉན་མ་ལུས་པ་བརླག་པར་མཛད་པ། སྐུ་འོག་མིན་དུ་སླེབ་པས་སྲིད་གསུམ་ཁྱབ་པ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། སྤྱི་བོ་སྙིང་ག་མགྲིན་པ་ལྟེ་བ་གསང་གནས་རྣམས་སུ་ཨོཾ་ཧཱུྃ་སྲཱི། ཏྲཱཾ། ཨ་ལས་འཁོར་ལོ་རྡོ་རྗེ་པདྨ་རིན་པོ་ཆེ་རལ་གྲིའི་ཁྱུང་། དཔུང་པ་གཉིས་དཔྱི་ཟུར་གཉིས་སུ་ཨེ་ཝཾ་མ་ཡཱ་ལས་མེ་ཏོག་བདུག་པ་མར་མེ་དྲི་ཆབ་ཀྱི་ཁྱུང་། བྲང་། སོག་དབྲག སུམ་མདོ། ལྟེ་བའི་ལྐོག་ཏུ་ཧཱུྃ་སྭ་སྲཱིཿ ཨ་ལས་གནོད་སྦྱིན་གཤིན་རྗེ་ཀླུ་དྲི་ཟ་འདུལ་བྱེད་ཀྱི་ཁྱུང་བཞི། ཁ་སྣ་བཤང་གཅིའི་བུ་གར་ཛཿཧཱུྃ་བཾ་ཧོཿལས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཁྱུང་། ལུས་ཀྱི་གནས་ཐམས་ཅད་དུ་ཧྶཾ་ཛེ་ཡ་ཨ་ལས་སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་བསམ་གྱིས་མི་ཁྱབ་པའི་ཁྱུང་ཛཿཧཱུྃ་བཾ་ཧོཿ ལྕང་ལོ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བསྟིམ། ནམ་མཁའ་གང་བའི་དབང་གི་ལྷ། ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར་དྲི་མ་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་བསམ། སྙིང་གའི་རྡོ་རྗེའི་ཁྱུང་གི་སྙིང་གར་ཧཱུྃ་སྔོན་པོའི་མཐར་སྔགས་ཀྱི་འཕྲེང་བ་གསལ་བཏབ་སྟེ། སྔགས་ནི་བཛྭ་ཀྲོ་དྷ་ཁྱུང་ཀར་ཁྱུང་ཀར་བཛྭ་ག་རུ་ཌ་ཙ་ལེ་ཙ་ལེ་ཁྲོཾ་ཧཱུྃ་ཕཊ྄། སྐུ་ཨོཾ་བཛྭ་ག་རུ་ཌ་ཧཱུྃ་སྲོག་ཚིག་ནན་རྦད་ལུས་དུལ་ནཱ་ག་མཱ་ར་ཡ་རཾ་རཾ་རཾ་རཾ་ཛྷ་ལ་ཛྷ་ལ་ཞི་ཞི་རྡུལ་བུན་རྦད་ཕཊ྄། གསུང་། ཨོཾ་བཛྭ་ཙཎྜྻ་ག་རུ་ཌ་མཱ་ར་ཡ་མཱ་ར་ཡ་ཀྵྨྱོ་ཊ་ཡ་སྤོ་ཊ་ཡ། བཛྭ་བྷ་ཏི་ག་རུ་ཌ། བེ་གེ་ཧཱུྃ་ཛ་ཛ་རི་ཛ་པྲི་ཛ་ཧཱུྃ་ཕཊ྄། ཐུགས་ཀྱི་སྔགས་ཏེ། དྲག་བྱེད་ཐམས་ཅད་རླག་པར་བྱེད། །ཀླུ་རྣམས་སྙིང་ཁྲག་འབྱིན་པ་ཡིན། །ཞེས་སོ། །བསྙེན་པའི་རྟགས་ནི། ནམ་མཁར་འཕུར་དང་རྒྱ་མཚོ་སྐམ། །ཀླུ་རྣམས་ཟ་དང་གསོད་པ་དང་། །གནས་ཁང་རིན་ཆེན་འབར་བས་ཁེངས། །ཁྱུང་ཆེན་ཞལ་མཐོང་མེ་ཏོག་འཐུ། །ནམ་མཁའ་བྱ་ཡིས་ཁེངས་པ་དང་། །རིག་པའི་ཡི་གེའི་སྤྲུལ་པ་ཡིས། ཁམས་གསུམ་ཁྱབ་པར་གནས་པ་ལ། །གསང་བའི་བྱང་ཆུབ་བརྙེས་པ་ཡིན། །མཐུན་པའི་རྫས་ནི། ཐོད་པའི་ནང་དུ་སྦྲུལ་ལ་སོགས་པའི་ཤ་ལ་གཏོར་མ་བྱས། བདག་གི་ཐུགས་ཀ་ནས་འོད་འཕྲོས་ཁྱུང་ལ་ཕོག་དེ་ལས་ཁྱུང་གི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས། བདག་ལ་གནོད་བྱེད་ཀྱི་ཀླུ་ལ་སོགས་པ་རང་དབང་མེད་པར་བཀུག ཨོཾ་བཛྭ་ཤྲཱི་མ་མ་ནཱ་ག་ས་བྷཱ་ཏ་ཚོགས་ཁུག་པ་ལ་དྲི། ཛཿཧཱུྃ་བཾ་ཧོཿ དགྲ་ལ་བྱེད་ན་ནཱ་གའི་ཚབ་ཏུ་མིང་ངོ་། །གཏོར་མ་ལ་བསྟིམ། དེ་ཁྱུང་ལ། ཨོཾ་བཛྭ་ག་རུ་ཌ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་ཕུལ། འདོད་པའི་དོན་ལ་གསོལ་ལོ། །རྣམ་ལྔ་རོལ་མོས་མཆོད། བསྟོད་པ་ནི། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མི་མ་ཡིན་གྱིས་འཚེ་བྱེད་པ། །འཇོམས་ཕྱིར་ཁྱུང་ཆེན་སྐུར་སྤྲུལ་ནས། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །བསྙེན་པ་མྱུར་བར་འདོད་ན་ཁྱུང་ཉིད་ལ་བདག་བསྐྱེད་བྱའོ། །བསད་པར་འདོད་ན་དྲག་པོའི་ས་ལ་བྲུབ་ཁུང་གཟུགས་བརྙན་བྱས་ལ། བྲུབ་ཁུང་འདི་ཉིད་བྷྲཱུཾ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ། ལས་ཀྱི་གཤིན་རྗེའི་བཙོན་ཁང་ངམས་ནག་པ། གཏིང་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་སླེབ་པ། འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། ཞེ་སྡང་གི་མེ་དཔུང་འབར་བ། གཏི་མུག་གི་མུན་པ་རབ་ཏུ་གཏིབས་པ། ང་རྒྱལ་གྱི་བྲག་རི་གཏམས་པ། ཕྲག་དོག་གི་རླུང་དམར་འཚུབ་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ། དུག་དང་ནད་ཀྱི་ན་བུན་འཐིབས་པ། དེའི་ནང་དུ་ཕུཿལས་གནོད་བྱེད་ཀྱི་ཀླུའམ་དགྲ། སྔོ་ལ་རིད་པ་ཤིན་ཏུ་ཉམ་ཐག་པ། གན་རྐྱལ་དུ་འགྱེལ་བ། མིག་ཤི་མིག་ཏུ་བལྟ་བ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་ཞིག་ཏུ་གྱུར། ཐུགས་ཀ་ནས་སྒོ་བའི་ཁྱུང་བསམ་གྱིས་མི་ཁྱབ་པ་སྤྲོས། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་དང་། དགེ་འདུན། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། རྣལ་འབྱོར་པ་བདག་ལ་སྔ་དགྲ་ལག་ལ་བདར་ཞིང་ཕྱི་དགྲ་ཡིད་ལ་སེམས་པ་ད་དགྲ་དངོས་སུ་བྱེད་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲའམ། གཟུགས་མེད་གནོད་པར་བྱེད་པའི་བགེགས་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་དམིགས་པའི་ཉའུ་འདི་ལ་ལྕགས་ཀྱུ་ཅན་རྣམས་ཀྱིས་ཁུག་ཅིག ཞགས་པ་ཅན་རྣམས་ཀྱིས་ཆིངས་ཤིག ལྕགས་སྒྲོག་ཅན་རྣམས་ཀྱིས་སྡོམས་ཤིག དྲིལ་བུ་ཅན་རྣམས་ཀྱིས་མཉེས་ཤིག ཅེས་གདོན་དགུག་པའི་སྔགས་མང་དུ་བཟླ། ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་བསྒྲགས་པས། །སྟོང་གསུམ་འབྲུག་སྒྲ་ལྡི་རི་རི། །ཕཊ྄་ཕཊ྄་ཕཊ྄་ཀྱི་སྒྲ་བསྒྲགས་པས། །སྲིད་གསུམ་ཐམས་ཅད་འུ་རུ་རུ། །ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་བསྒྲགས་པས། །རི་བོ་བསྒྱེལ་ཞིང་རྒྱ་མཚོ་འཁྲུག །ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་བསྒྲགས་པས། །བར་སྣང་ཐོག་དང་སེར་བས་ཁེངས། །རྡོ་རྗེའི་མུན་ལྟར་འཐིབས་ཀྱིན་བྱོན། །རྡོ་རྗེ་སྐར་ལྟར་འཁྲུག་ཅིང་བྱོན། །རྡོ་རྗེ་ཐོག་ལྟར་འབེབས་ཀྱིན་བྱོན། །རྡོ་རྗེ་རླུང་ལྟར་འཚུབ་ཀྱིན་བྱོན། །ཧཱུྃ། དམ་ཚིག་གཞུང་བཞིན་བསྲུང་ཙ་ན། །ཐུགས་དམ་བསྐུལ་ལོ་ལྷ་ཡི་ཚོགས། །ནམ་མཁའི་དབྱིངས་སུ་དམག་དཔུང་ཆོས། །བར་སྣང་ཁམས་སུ་རུ་དར་ཕྱོར། །འཛམ་བུ་གླིང་དུ་དམག་དཔུང་བཀྱེ། །རྡོ་རྗེའི་གོ་ཆ་གྱོན་ལ་བྱོན། །རྡོ་རྗེའི་མཚོན་ཆ་ཐོགས་ལ་བྱོན། །དཔལ་གྱི་རུ་དར་ཕྱོར་ལ་བྱོན། །ཧཱུྃ། རྡོ་རྗེའི་གཤོག་གཡས་ནམ་མཁར་གདེངས། །རྡོ་རྗེའི་གཤོག་གཡོན་ས་གཞིར་རྡེབ། །རྡོ་རྗེའི་སྡེར་མོས་སྙིང་ནས་གཟུང་། །ཤ་ཁྲག་རུས་པ་ཞལ་དུ་གསོལ། །ཞེས་ཁྱུང་དང་དྲེགས་པ་ཐམས་ཅད་བསྐུལ་ཁུག་རྟགས་བྱུང་ནས། ཨོཾ་བཛྭ་ཙཎྜྻ་མཧཱ་རོ་ཥ་ཎ་བཛྭ་ཀཱི་ལི་ཀཱི་ལ་ཡ་ས་བྷ་དྷཱ་ནི་མུད་ག་ར་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ྄། ཆུ་ཤིང་གཡས་པས་བརྡབ་པར་བྱ། །གཡོན་པས་སེང་ལྡེང་ཕུར་བ་བརྡབ། །ཐུན་བྲབས་པས་བསད། དེ་ནས་དྲག་པོའི་གཏོར་མར་བྱས་ལ་དབུལ། ལྷག་མ་ཆུ་བོར་དོར་རོ། །བཟློག་པ་ནི། དེ་ཡང་བྲུབ་ཁུང་ལྕགས་མཁར་གྲུ་གསུམ་ནག་པོ་དེའི་ནང་དུ་གནོད་བྱེད་ཀྱི་ཀླུ་སོགས་བསྐྱེད་ལ། ཡི་གེ་བཅུ་པའི་མཐར། ག་རུ་ཌ་ཙ་ལེ་ཙ་ལེ་བཛྭ་དུཥྚ། ནཱ་ག་ཏྲིག་ནན། ཕུཿ ཧུར་ཐུཾ་ཛཿ མཱ་ར་ཡ་ཕཊ྄་ཅེས་བཟླ་དུས་རང་གི་ཐུགས་ཀ་ནས་འོད་འཕྲོས་ཁྱུང་ལ་ཕོག དེའི་ཐུགས་ཀ་ནས་སྤྲུལ་པའི་བྱ་ཁྱུང་གཡས་སྤུ་གྲི་གཡོན་ལྕགས་ཀྱུའི་རྩེ་ལ་ཛཿདམར་པོ་ཡོད་པ་བསྣམས་པ། རླུང་དང་འགྲོགས་ཏེ་ཤངས་གཡས་ཀྱི་སྒོ་ནས་འཐོན། གནོད་བྱེད་ཀྱི་སྣ་གཡོན་ནས་ཞུགས། སྙིང་དཀར་ནག་མཚམས་ནས་སྤུ་གྲིས་བཅད། དེ་སྙིང་ནང་གི་ཕུཿ ལྗང་ཁུ་ལྕགས་ཀྱུའི་རྩེ་མོའི་ཛཿདམར་པོས་བླངས་ནས་སྣ་བུག་གཡས་ནས་འཐོན་ནས་ཕུཿདེ་གནོད་བྱེད་ཀྱི་ལིངྒ་ལ་བསྟིམ། སོ་སོའི་མིང་དྲེགས་པ་སྤྱི་སྲོག་ཏྲི། སྡེ་བརྒྱད་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན། དྲེགས་པ་བཅོ་བརྒྱད་གཞན་དུ་འགྱུར་བ་བཞིན། དགྲ་ཡིན་ན་ལྷྭནྲིའོ། །ཚུར་ལ་ཞུགས་པ་དང་དེའི་རང་བཞིན་གྱི་ལུས་དེ་སོལ་སྡོང་བསྒྱེལ་བ་ལྟར་འགྱེལ་བར་གྱུར་པའི་རང་བཞིན། བྱིན་རླབས་བསྲུང་བའི་ནུས་པ། གནས་གསུམ་གྱི་ཡིག་འབྲུར་གསལ་བ་དེ་རང་གི་གནས་གསུམ་དུ་བསྟིམ། དགྲ་ལ་མདུན་བསྐྱེད་དེའི་ཐུགས་ཀ་དང་བཤང་སྒོ་ནས་བྱ་ཁྱུང་འཕྲོས། ཁོའི་ལྷ་སྲུངས་རྣམས་གནམ་གྱི་མཐའ་ལ་བདས། བྱ་སྤུ་རླུང་གིས་གཏོར་བ་བཞིན་བསྐྲད། མ་མ་ཏྲག་མཱ་ར་ཡ། ཕྱེ་ཏྲག་རཀྵ་རུ་དྲ་མཱ་ར་ཡ། དགྲ་བོ་ལྷ་སྲུངས་ཞེས་བརྒྱ་ཙམ་བཟླའོ། །དེ་ནས་དགྲ་བོའི་རྣམ་ཤེས་སམ་ལྷྭནྲི་དེ་ཐུན་འདེབས་དུས་མར་མེ་རླུང་གིས་ཕོག་པ་ལྟར་ནག་སྐམ་སྐམ་སོང་བའི་མཐར། ཐུན་རྫས་དྲེགས་པ་བཅོ་བརྒྱད་དུ་སོང་བས་དགྲ་བོའི་སྲོག་དབུགས་ཤ་ཁྲག་རུས་པ་ཧཾ་ཟས་སུ་བྱས་པར་བསམ་མོ། །དེ་ལྟར་རྡོ་རྗེ་གཏུམ་པོ་ཁྱུང་གི་ཤམ་བུ་ཅན་གྱི་ཆོ་ག་དྲེགས་པ་ལས་འཁོལ་ཞེས་བྱ་བ་པདྨ་དཀར་པོས་གྲོན་ཀཱ་རུ་བྲག་ཏུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །། ཆོ་ག་འདི་ལ་དོགས་པ་དཔྱད་པར་བྱ་སྟེ། ཁ་ཅིག་བཅོམ་ལྡན་འདས་ཀྱི་རྒྱན་ལ། གསང་བསྟན་རང་ལས། དབུ་རྒྱན་ལ་སོགས་རིན་ཆེན་ལྡན། །དང་། ནག་པོ་སྦྲུལ་ལུས་ཀླུ་ཆེན་བརྒྱད། །སྐུ་རྒྱན་སྟག་གི་པགས་པ་དཀྲིས། །ཆོས་གོས་སྔོན་པོས་སྟོད་དཀྲིས་ཏེ། །ཞེས་པ་ལས་མ་བྱུང་། འཁོར་ཁམས་གསུམ་རྣམ་རྒྱལ་ལ་ཁྲོ་བོའི་རྒྱན་ལྡན་ཞེས་གསུངས་པ་དང་། མགོན་པོ་ལ་ཐོད་འཕྲེང་ལྡན་ཞེས་གསུངས་པ། ཡུམ་ལ་ཡུམ་རྐྱང་གི་བསྒྲུབ་པར། ཐོད་པ་སྐམ་པོའི་འཕྲེང་བས་བརྒྱན་ཞེས་འབྱུང་བ། ཡུམ་དང་འཁོར་དེ་དག་ལ་ཐོབ། གཙོ་བོ་ལ་མིན་ནོ་སྙམ་མོད། གསང་བསྟན་རང་དུ་མ་བཤད་ཀྱང་། དེར་མ་བཤད་པ་བཤད་པའི་རྒྱུད་ལས་རྟོགས་དགོས་པས། སྐུ་གསུང་ཐུགས་ཀྱི་རྒྱུད་དུ། དེ་ལྟར་གཙོ་བོར་བྱེ་བྲག་ཀྱང་། །གནས་ཀྱི་ཁྱད་པར་གསུམ་ཡིན་ཏེ། །རྒྱན་གྱི་ཁྱད་པར་ཐལ་བའོ། །རིགས་ཀྱི་ཁྱད་པར་གྲུབ་པའི་རིགས། །ཕྱག་དང་ཞབས་སོགས་ཁྱད་པར་གྱིས། །གཙོ་བོ་འཁོར་ལས་ཁྱད་པར་འཕགས། །ཞེས་འཁོར་གྱི་རྒྱན་ལས་གཞན་མཚུངས་ལ་ཐལ་ཆེན་ལྷག་པར་བཤད་པས་ཤེས་པར་བྱའོ། །འཁོར་ཡང་ལེའུ་ལྔ་པར། ཁྱད་པར་གྱི་འཁོར་བཞི་བཤད་ནས། སྒོ་མཚམས་ལྷ་ཡི་རང་བཞིན་ལ། །ཞེས་པ་ཙམ་ལས་མ་གསུངས་པས། ལེའུ་བདུན་པར། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་འཁོར་ཇི་ལྟ་བུ་ལགས། ཞེས་དོགས་པ་ཞུས་པས། སྐུ་ཡི་འཁོར་ནི་ཁྲོ་བོ་བཅུ། །རིགས་ལྔའི་ངོ་བོ་སྐུ་གསུང་ཐུགས། །མི་འགྱུར་གདུག་པ་འདུལ་བ་ཡིན། །ཞེས་པས་སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ལྷ་བཞིར་བསྡུས་པ་ལ་བཤད། ཐུགས་ཀྱི་འཁོར་ནི་རིགས་བརྒྱ་སྟེ། མདོར་བསྡུས་སྤྲུལ་པའི་ཁྲོ་བོ་བཞི། །ཞེས་ཁྱད་པར་གྱི་འཁོར་བའི་རིགས་བསྡུས་ལའོ། །རིག་རྐྱང་ལ་དམ་པ་རིགས་བརྒྱ་ལ་སོགས་པ་བཤད། གསུང་གི་འཁོར་ནི་དཔག་མེད་ཀྱང་། རིགས་དྲུག་འདུལ་བའི་ཁྱུང་ཆེན་ཡིན། །ཞེས་ཀླུ་རིགས་དྲུག་ཀྱང་དུག་རིགས་ཀྱིས་ཕྱེ་བས་བཞིར་བསྡུས་ཏེ་ཁྱུང་བཞི་བསྒོམ་པར་བཤད་པ་ཡིན་ལ། བཟང་པོ་མདོར་བསྡུས་སུ་སྒོ་བ་བཞི་དང་། མེ་ཏོག་མ་ལ་སོགས་པ་བསྟོད་ཚིག་གཅིག་བྱུང་བ་ནི་ཕྱིས་ཁ་ཆེའི་དཔེ་ལ་བཅུག ཡུལ་དབུས་ཀྱི་དཔེ་ལ་མེད། སྒྲུབ་ཐབས་རྒྱས་པར་ཡང་འཁོར་མ་བཤད་པ་ནི་རིགས་བསྡུས་པའམ་སོ་སོ་བའི་དཀྱིལ་འཁོར་གང་འདོད་པ་ལ་ཁྱབ་བྱེད་དུ་འཇུག་པར་དགོངས་པ་བཞིན་བཟང་པོ་མདོར་བསྡུས་ཀྱང་ངོ་། །ཁོ་བོའི་རྗེ་བཙུན་གྱིས་མཛད་པ་ཁྱུང་ཉེར་གཅིག་མ་ལྟ་བུ་གསུང་གི་རིགས་ཀྱི་དབང་དུ་མཛད་པ། སྐུའི་རིགས་ཀྱང་ཁྲོ་བོ་བཅུས་བསྐོར་དང་། ཐུགས་ཀྱི་རིགས་ལ་དྲེགས་པ་འཇིག་རྟེན་མཆོད་བསྟོད་ལ་སོགས་པའི་དཀྱིལ་འཁོར་ལྟ་བུའོ། །ཡི་གེ་གསུམ་གྱིས་གནས་གསུམ་པོ། །ལྷར་བྱས་ཞེས་པའང་། རྒྱུད་གཞན་ལས། མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །ཞེས་པའི་ལུང་དང་། བླ་མ་གོང་མ་རྣམས་ཀྱིས་སྦྱར་བ་དང་སྐྱེ་མཆེད་བྱིན་རླབས་འདྲ་བས་མ་དཔྱད་ལ། དཔའ་གཅིག་ལ། ཁྲོ་བོ་ཡིག་འབྲུ་བསྐྱེད། འདི་བདེ་ཁྲོས་ལས། ཁྲོ་བོ་རིགས་ལྔ་རྣམ་དག་པས། །གོ་ཆ་བགོས་པར་གྱུར་པ་ན། །བདུད་ཀྱིས་ངེས་པར་མི་བརྫི་སྟེ། དཔའ་བོ་ཉེས་པ་མ་ལུས་འཇོམས། །ཞེས་འབྱུང་བ་དང་། སྤྲུལ་པ་དཔག་མེད་ཕྱོགས་བཅུར་འགྱེད། །ཅེས་པ། ཟླ་རྒྱན་ལས། རང་གི་ལུས་ལ་སྤྲུལ་པ་ཡི། །ལས་སྒྲུབ་ཁྲོ་བོ་སྣ་ཚོགས་པ། །མེ་འོད་དང་ནི་གཉིས་མེད་པར། །གདུག་པ་འདུལ་ཕྱིར་སྤྲོ་བར་བྱ། །ཞེས་འབྱུང་བས། ལེའུ་ལྔ་པར། ལུས་ངག་སེམས་ལ། ཞེས་པ། ཡི་གེ་ཡི། ལྷ་ཡི་མཚན་མ་གདབ་པར་བྱ། །ཞེས་པས་གོ་ཆ་དང་། །སྐྱེ་མཆེད་ལྷར་བྱས་སྐྱེ་མཆེད་དང་། །ཏིང་ངེ་འཛིན་གྱིས། ནུས་པ་མི་ཤིགས་ལྷར་བྱས་ལ། །ཞེས་པས་ཡེ་ཤེས་སེམས་དཔའ། ཡི་གེ་ལྔ་འདུས། ཡི་གེ་ཞེས་པས་ཏིང་ངེ་འཛིན་སེམས་དཔའ་བསྐྱེད་པ་བསྟན་ཏོ། །གོ་ཆའི་ལྷ་ཁྱུང་གིས་བྱེད་པ་ནི་བཤད་རྒྱུད་གསེར་མིག་འཁྱིལ་བར་བཤད་དོ། །དཔའ་བོ་ཀླུ་རྣམས་འདུལ་དོན་དུ། །ཕྱི་ནང་སྐྱེ་མཆེད་ཐམས་ཅད་ཀྱང་། །ཁྱུང་གི་འཕྲོ་འདུས་དབང་ཆེན་འདུལ། །ཞེས་སོགས་ཀྱིས་སོ།། །། མངྒ་ལཾ།། །།
དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་བསྙེན་སྒྲུབ་རྗེས་གནང་བཅས་གསལ་བར་བཀོད་པ་རྡོ་རྗེ་ཕ་ལམ་ཕྲེང་མཛེས།
དཔལ་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་བསྙེན་སྒྲུབ་རྗེས་གནང་བཅས་གསལ་བར་བཀོད་པ་རྡོ་རྗེ་ཕ་ལམ་ཕྲེང་མཛེས་བཞུགས་སོ། །ན་མོ་གུ་རུ་བཛྭ་དྷ་ར་དྷརྨ་ས་ག་རཱ་ཡ། བདེ་བར་གཤེགས་རྣམས་བགྲོ་བ་མཛད་ནས་གསང་གསུམ་བདག་པོར་ཁྱོད་བཀོད་ཟིལ། །སྲིད་པའི་དབང་ཆེན་ཡོངས་ཀྱིས་བཟོད་དཀའ་བཀའ་ནན་ཕབ་པས་བྲན་དུ་ཞུགས། །འཕྲོག་བྱེད་ང་རྒྱལ་ཆེན་པོ་སླར་ཁྲོས་ཞབས་ཀྱིས་བརྫིས་ནས་སྲོག་བྲལ་བས། །ནུས་པའི་དབང་ཕྱུག་ཆེན་པོའི་ཆེན་པོ་ཕྱག་ན་རྡོ་རྗེ་འཆང་ལ་བསྟོད།། རྡོ་རྗེ་གསང་བའི་རྒྱུད་ལས་བསྟན་པའི་ཟིལ། །འཕགས་བོད་གྲུབ་པའི་ཞལ་སྒོར་ཆགས་པའི་བཅུད། །དཔལ་ལྡན་འབྲུག་པའི་ཐུགས་མཛོད་དུ་ལྷག་པ། །གཏུམ་པོ་ཁྱུང་ལྔའི་དོན་གཉིས་སྒྲུབ་རིམ་འབྲི། །དེའང་དཔལ་མཉམ་མེད་འབྲུག་པ་རིན་པོ་ཆེའི་ཐུགས་དམ་སྒྲུབ་ཐབས་ལྔའི་ཡ་གྱལ་གཏུམ་པོ་ནུས་མཐུའི་སྐོར། འདི་ལ་སྒྲུབ་ཐབས་དཀྱིལ་འཁོར་དང་འབྲེལ་བ་རྒྱས་པའི་ལུགས་དང་། མ་འབྲེལ་བ་བསྡུས་པ་དཔའ་བོ་གཅིག་ཏུ་སྒྲུབ་ཚུལ་སོགས་རྒྱ་ཆེར་བཞུགས་པ་ལས། བསྡུས་པ་དཔའ་གཅིག་གཏུམ་པོ་ཁྱུང་ལྔའི་སྒོ་ནས་རང་གཞན་དོན་གཉིས་སྒྲུབ་པའི་ཕྲིན་ལས་ཀྱི་རིམ་པ་འཆད་པར་བྱ་བ་ལ། སྔོན་འགྲོ་དཀྱིལ་འཁོར་དང་ཆོ་ག་ལ་འཇུག་པའི་བྱ་བ། དངོས་གཞི་རང་གཞན་གྱི་དོན་ཇི་ལྟར་སྒྲུབ་པ། རྗེས་དེ་དག་གི་མཇུག་བསྡུ་བའི་ཚུལ་དང་གསུམ་ལས། དང་པོ་སྔོན་འགྲོ་དཀྱིལ་འཁོར་དང་ཆོ་ག་ལ་འཇུག་པའི་བྱ་བ་ནི། དེའང་བསྙེན་སྒྲུབ་ལ་འཇུག་པར་འདོད་པའི་རྟེན་གྱི་གང་ཟག་ནི། གསང་བ་བསྟན་པའི་རྒྱུད་ལས། སྙིང་རྗེ་ལྡན་ཞིང་ཤེས་རབ་ཆེ། །བཟོད་ལྡན་བརྩོན་འགྲུས་ཕུན་སུམ་ཚོགས། །བསླབ་པ་གསུམ་ལྡན་དད་པས་བརྒྱན། །དཔའ་ཞིང་གསང་བའི་སྤྱོད་པ་ཤེས། །གུས་ཤིང་གཡོ་མེད་སྐྱབས་གནས་གསུམ། །རྟག་ཏུ་མཆོད་ཅིང་ཡེངས་པ་མེད། །ལྷག་པའི་ལྷ་ལ་ཡིད་ཆེས་ཤིང་། །ཕྱི་ནང་གསང་བའི་དབང་ཐོབ་པས། །དམ་ཚིག་བརྡ་དོན་ངེས་པར་འཛིན། །ཞེས་གསུངས་པའི་དམ་ཚིག་དང་ལྡན་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་དང་བྱིན་རླབས་ཐོབ་པའི་གང་ཟག་དེས་གནས་ཇི་ལྟ་བུར་བསྒྲུབ་ན། གསང་བ་བསྟན་པའི་རྒྱུད་ལས། དུར་ཁྲོད་བརྒྱད་དང་ཉེ་བའི་གནས། །དུར་ཁྲོད་ནགས་ཀྱི་ནང་དང་ནི། །རི་རྩེ་བྲག་རི་སྔོན་པོའི་མདོག །ཁྲོས་པའི་གཟུགས་འདྲ་བྱང་ལྟ་བ། །མེ་ཏོག་སྔོན་པོས་མཛེས་པ་དང་། །ནེའུ་གསིང་ཆུ་དང་ཨུཏྤལ་ནགས། །དབེན་ཞིང་ཡིད་འོང་ཉམས་དགའ་བ། །བཀྲ་ཤིས་དཔལ་འཕེལ་དབང་ཡང་འཛིན། །ལྕང་ལོ་ཅན་དང་མིང་མཐུན་པ། །སྣ་ཚོགས་བསྒྲུབ་པའི་གནས་སུ་ཤིས། །ཞེས་གསུངས་པའི་མཚན་ཉིད་ཚང་བའམ། བླ་མ་གོང་མས་བྱིན་གྱིས་བརླབས་ཤིང་སྒྲུབ་པའི་གནས་དབེན་ཞིང་ཡིད་དུ་འོང་བར་དུས་བཟང་པོ་ལ་བྱི་དོར་དང་གཙང་སྦྲ་ལེགས་པར་བྱས། གོང་དུ་གསང་བའི་བདག་པོའི་སྐུ་གསུང་ཐུགས་ཀྱི་རྟེན་ཇི་ལྟར་འབྱོར་པ་བཤམས་པའི་མདུན། བསྙེན་པ་ཁོ་ནའི་སྐབས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་བཅས་དང་། ཀ་པཱ་ལའམ་རིན་པོ་ཆེའི་སྣོད་དུ་བྱའི་ཤ་ཁྲག་སོགས་མ་འདྲེས་པའི་གཏོར་སྤོད་ཀྱིས་སྦག་པའི་འབྲུ་གཙང་གི་ཕྱེ་ལས་མཆོད་གཏོར་པད་འདབ་བཞིས་མཚན་པ། དཀར་རྩི་མར་རྒྱན་ཟེའུ་འབྲུ་སྔོན་པོར་ལྡན་པ་ལ་བཟའ་བ་དང་བཅའ་བར་འོས་པའི་ཟས་སྣས་བྲུམ་ཐབས་སུ་བསྐོར་བ་དང་། མྱོས་བྱེད་ཀྱི་བཏུང་བའི་སྣོད་ཙམ་བཤམས། མདུན་དཀྱིལ་སྒྲུབ་མཆོད་གཞན་རྗེས་འཛིན་དང་འབྲེལ་ན། མདུན་དུ་སྟེགས་བུ་ཁོད་སྙོམས་གྲུ་བཞིའི་དབུས། ཐིག་ཆེན་བརྒྱད་གདབ་སྟེ་རྡུལ་ཚོན་གྱི་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག ཕྱི་རོལ་དུ་མུ་ཁྱུད་དང་བཅས་པའི་ལྟེ་བར་ཉི་གདན་ལ་རྡོ་རྗེ་མཐིང་ནག་རྩེ་ལྔའི་ལྟེ་བར་ས་བོན་ཧཱུྃ་གིས་མཚན་པ་བྲི་བའམ། མི་འགྲུབ་ན་རས་བྲིས་སམ། མཎྜྻལ་ལ་མེ་ཏོག་མཐིང་གའི་ཚོམ་བུ་བཀོད་པའི་སྟེང་། མཉྫྱིའི་ཁར་གོང་བཤད་ལྟ་བུའི་གཏོར་མ་བརྗིད་ལྡན་རྩེར་སྐུ་ཙཀ྄་དང་དར་གདུགས་མཐིང་ཀས་མཚན་པ་བཞག་པའི། གཡས་ཕྱོགས་སུ་རིན་པོ་ཆེའི་བུམ་པ་ཚད་ལྡན། མགུལ་ཆིངས་སྔོན་པོ་དཔག་བསམ་ཤིང་གི་ཁ་རྒྱན་བཅས་པ་ཉེར་ལྔའི་རྫས་ལྡན་བཅུད་ཀྱིས་གཏམས་པ་དང་། རྒྱབ་ཏུ་མེ་ཏོག་སྔོན་པོར་བཅས་པའི་རུ་རཀྴའི་སྔགས་ཕྲེང་། གཡོན་དུ་གནམ་ལྕགས་རྡོ་རྗེ་དར་མཐིང་ཅོད་པན་ཅན་ནམ་ཙཀླི་གང་བདེར་ཁྱུང་རིགས་ལྔའི་ཙཀླི། བྱང་ཤར་མཚམས་སུ་ལས་བུམ་མགུལ་ཆིངས་ལྗང་ཁུ་ལྡན་པ། མདུན་དུ་གོང་བཤད་མཆོད་གཏོར་ཟས་སྣས་བསྐོར་བ་དང་། དཀྱིལ་འཁོར་གྱི་གཡས་ཕྱོགས་ནས་འགོ་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། འབྱོར་ན་དཀྱིལ་འཁོར་གྱི་རྒྱན་རྫས་སྣ་ཚོགས་པས་བཀོད་ལེགས་སུ་བརྒྱན། གཞན་ཡང་། སྔོན་གཏོར་མཎྜྻལ་སོགས་དགོས་པའི་ཡོ་བྱད། སྒྲུབ་པོའི་མདུན་དུ་ནང་མཆོད་དང་། ཌ་མ་རུ་རྡོ་དྲིལ་བཅས་འཚོགས་པར་བྱའོ། །གཉིས་པ། དངོས་གཞི་རང་གཞན་གྱི་དོན་ཇི་ལྟར་སྒྲུབ་པ་ལ་བདག་དོན་བསྙེན་པ། གཉིས་དོན་མདུན་བུམ་སྒྲུབ་མཆོད། གཞན་དོན་རྗེས་སུ་གནང་བའི་རིམ་པ་གསུམ་ལས། དང་པོ་ནི། སྒྲུབ་པ་པོ་སྟན་བདེ་བར་ཁ་བྱང་དུ་ཕྱོགས་པའམ་དེར་མོས་པས་འཁོད། ངེས་འབྱུང་དང་གཞན་ཕན་གྱི་བསམ་པས་ཀུན་ནས་སློངས་ཤིང་། སྐྱབས་ཡུལ་རྒྱ་མཚོར་དམིགས་ཏེ་དད་གདུང་རྩེ་གཅིག་པས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། སོགས་ཀྱི་སྐྱབས་འགྲོ་ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་སོགས་སེམས་བསྐྱེད་ཀྱང་ལན་གསུམ་བྱ། རང་གི་སྤྱི་བོར་པཾ་ལས་པདྨ་དཀར་པོ་སོགས། བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་བསྒོམ་ལ་ཡིག་བརྒྱ་ཉེར་གཅིག་བཟླས། མགོན་པོ་བདག་ནི་སོགས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པར་བསམ་པས་རྒྱུད་ཡོངས་སུ་དག་པར་བྱ། དེ་ནས་མཆོད་རྫས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་གི་ནང་དུ་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ། འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པ་ནམ་མཁའི་ཁམས་ཁྱབ་པར་བསམ་ལ། ཨོཾ་བཛྭ་ཨརྒྷཾ་ཨཱཿཧཱུྃ། པདྱཾ་ནས། ཤཔྟའི་བར་དེ་བཞིན་དུ་སྦྱར་བས་བརླབས། ཨོཾ་བཛྭ་དྷརྨ་ར་ཎི་སོགས། ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་རོ་མོ་བསྒྲག་ཅིང་བྱིན་དབབ་བོ།། དེ་ནས། རང་ཉིད་སྐད་ཅིག་གི་དཔལ་རྡོ་རྗེ་གཏུམ་པོར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་ལས་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་བཅུད་ཀྱི་སེམས་ཅན་ལྷར་གྱུར། ཚུར་འདུས་པས་བླ་མ་གསང་བའི་བདག་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྭ་ས་མཱ་ཛཿ ཞེས་ཚོགས་ཞིང་སྤྱན་དྲངས་པ་ལ། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང་། །སྨོན་ལམ་དབང་གིས་ཁྱུང་ཆེན་སྐུར་སྤྲུལ་ནས། །ཐབས་ལ་མཁས་པས་སྣ་ཚོགས་སྐུར་སྟོན་པའི། །རྒྱལ་སྲས་ཁྱུང་གི་ཚོགས་ལ་ཕྱག་འཚལ་ལོ།། ཞེས་ཕྱག་འཚལ། ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐམས་ཅད་ལ། །བདག་གིས་ཅི་ནུས་དམིགས་པའི་མཆོད་འབུལ་ན། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་ལྟར། །སྐུ་གསུང་ཐུགས་ལ་མཉེས་པས་མཆོད་གྱུར་ཅིག །ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དྷཱུཥྤེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད། བདག་གིས་ཐོག་མ་མེད་དུས་ནས། །སྡིག་པ་མ་ལུས་བགྱིས་པ་རྣམས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་ད་ལྟ་སོ་སོར་བཤགས། །ཤེས་རབ་སྙིང་རྗེ་ལྡན་པའི་བྱང་ཆུབ་སེམས། །དུས་གསུམ་རྒྱལ་བས་ཇི་ལྟར་བསྐྱེད་པ་བཞིན། དེ་ཡི་རྗེས་སུ་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ་སེམས་ནི་ནམ་ཡང་མི་གཏོང་ངོ་། །བླ་མ་རྡོ་རྗེ་འཆང་དང་ནི། །གསང་སྔགས་ཀུན་བདག་རྡོ་རྗེ་འཛིན། །དེ་རིག་འཛིན་པའི་རྣལ་འབྱོར་རྣམས། །དགེ་བ་མཛད་ལ་རྗེས་ཡི་རང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །འཁོར་དང་བཅས་ལ་ལུས་འབུལ་ན། །བཞེས་ནས་བདག་ལ་རྗེས་མཐུན་པའི། །དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། །དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །ད་ལྟའི་དགེ་བ་གང་བསགས་པ། །བདག་དང་སེམས་ཅན་དོན་སླད་དུ། །བྱང་ཆུབ་ཆེན་པོར་བསྔོ་བར་བགྱི།། ཞེས་ཡན་ལག་ལྷག་མ་རྣམས་བྱས་ལ་ཚོགས་བསགས་པའི་མཐར། ཚོགས་ཞིང་རྣམས་རང་གི་སྤྱི་བོར་ཐིམ་པར་བསམ་ལ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ།། ཞེས་ཚད་མེད་བཞི་བསྒོམ་མོ།། དེ་ནས་བདག་གི་རྣལ་འབྱོར་དངོས་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཕྱི་གཟུང་བའི་ཡུལ་ཐམས་ཅད་སྟོང་པར་གྱུར། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ནང་འཛིན་པའི་སེམས་སྟོང་པར་གྱུར། སྟོང་པའི་ངང་ལས་ནམ་མཁའི་གནས་སུ་རང་གི་སེམས་ཉིད་ཡི་གེ་ཧཱུྃ་སྔོན་པོ་འོད་ཟེར་སྣ་ཚོགས་འཕྲོ་བ་ཞིག་ཏུ་གྱུར། དེ་ལས་ཡི་གེ་ཧཱུྃ་ཞིག་ཆད་པ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། ཕྱི་རོལ་ཐམས་ཅད་རྡོ་རྗེའི་མེ་རི་ཁ་དོག་ལྔའི་བདག་ཉིད་ཅན། བསྐལ་པ་འཇིག་པའི་མེ་དཔུང་ལྟ་བུས་ཡོངས་སུ་གང་བ། དེའི་ཕྱི་རོལ་དུ་རླུང་སྤུ་གྲི་ཅན། དེའི་ཕྱི་རོལ་དུ་བ་ཚྭ་ཅན་གྱི་རྒྱ་མཚོ། དེའི་ཕྱི་རོལ་དུ་མུན་པ་མི་བཟད་པ། དེའི་ཕྱི་རོལ་དུ་ནགས་སྟུག་པོ། དེའི་ཕྱི་རོལ་དུ་སྦྲུལ་གདུག་པ་ཅན། དེའི་ཕྱི་རོལ་དུ་གཅན་གཟན་གཏུམ་པོའི་འོབས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ། སྲུང་འཁོར་གྱི་ནང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར། ཀཱ་ལི་དམར་པོ་འོད་འབར་ཞིང་རེག་བྱ་ཚ་བ་ཉིས་འགྱུར་གྱིས་མཚན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། ཨཱ་ལི་དཀར་པོ་རེག་བྱ་བསིལ་བ་ཉིས་འགྱུར་གྱིས་མཚན་པ། དེ་གཉིས་ཁ་སྦྱར་གྱི་བར་དུ་རང་གི་སེམས་ཉིད་ངོ་བོ་ཧཱུྃ་ཡིག་སྔོན་པོ་དང་ཨ་དམར་པོ་གཉིས་སུ་གྱུར། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུྃ་དང་ཨ་ལ་ཐིམ། དེ་རྣམས་འོད་དུ་ཞུ་བ་ལས་པདྨ་དམར་པོ་ཨས་མཚན་པ་དང་། རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར། དེ་གཉིས་འོད་དུ་ཞུ་བ་ལས་རང་ཉིད་དཔལ་རྡོ་རྗེ་གཏུམ་པོ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་གི་པགས་པའི་ཤམ་ཐབས་ཅན་པདྨ་དང་ཟླ་བ་དང་ཉི་མའི་གདན་ལ་ཞབས་གཡོན་བརྐྱངས་བས་དབང་ཕྱུག་ཆེན་པོ་ཁ་དོག་སྔོན་པོ་མནན་པ། གཡས་བསྐུམ་པས་ཨུ་མ་དེ་ཝི་ཁ་དོག་དམར་པོ་མནན་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་མེ་སྟག་གི་ཕུང་པོ་ལྟར་དམར་བ། དབུ་སྐྲ་ཨག་ཚོམས་སྨིན་མ་ཁམ་སེར་གྱེན་དུ་འབར་བ། སྦྲུལ་དཀར་པོས་ཐོད་དུ་བཅིངས་པ། སེར་པོས་རྣ་ཆ་དང་མགུལ་བརྒྱན་པ། ལྗང་ཁུས་ལག་གདུབ། དམར་པོས་མགུལ་རྒྱན་དང་སྐ་རགས། ནག་པོས་དོ་ཤལ་དང་རྐང་གདུབ་བྱས་པ། ཆོས་གོས་སྔོན་པོས་སྟོད་དཀྲིས་ཤིང་རུས་པའི་ཕྱག་རྒྱ་དྲུག་དང་རིན་པོ་ཆེས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་བདེ་མ་སྐུ་མདོག་དམར་ལྗང་གཅེར་བུ་སྐྲ་གྲོལ་ཞིང་ཐུར་དུ་འཕྱང་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་དང་བཅས་པའི་གྲི་གུག་སྡིགས་པར་མཛད་པ། གཡོན་པ་བདུད་ལ་སོགས་པའི་ཁྲག་གིས་གང་བའི་ཐོད་པ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ་ཕྱག་རྒྱ་ལྔས་བརྒྱན་ཅིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་དབང་ཕྱུག་གི་སྟེང་དུ་བརྐྱངས་ཤིང་། གཡོན་ཡབ་དང་གཉིས་མེད་དུ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཡབ་ཡུམ་གཉིས་ཀའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་ཁར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས་ས་སྟེང་ས་བླ་ས་འོག་གི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་གཏུམ་པོའི་གོ་འཕང་ལ་བཀོད། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་བསྡུས་ནས་གནས་གསུམ་གྱི་ཕྱག་མཚན་ཡིག་འབྲུ་དང་བཅས་པ་ལ་ཐིམ་པ་ལས། སྤྱི་བོར་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་གཡས་འཁོར་ལོ། མགྲིན་པར་གསུང་རྡོ་རྗེ་སྐུ་མདོག་དམར་པོ་གཡས་པདྨ། སྙིང་ཁར་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་རྣམས་སྡིགས་མཛུབ་མཛད་པའོ། །མིག་ཏུ་བྷྲཱུཾ་ལས་སྤྱན་རས་གཟིགས། རྣ་བར་ཧཱུྃ་ལས་ནམ་མཁའི་སྙིང་པོ། སྣར་ཁཾ་ལས་སྒྲིབ་པ་རྣམ་སེལ། ལྕེར་ཨཾ་ལས་འཇམ་དབྱངས། དཔྲལ་བར་ཧཱུྃ་ལས་འོད་དཔག་མེད། སྙིང་ཁར་ཧཾ་ལས་ཀུན་ཏུ་བཟང་པོ། ཡབ་ཀྱི་ཐུགས་ཀར་བཛྭ་ག་རུ་ཌ་ཧཱུྃ་རྡོ་རྗེའི་ཁྱུང་སྔོན་པོ་གཡས་རྡོ་རྗེ་དང་གཡོན་སྦྲུལ་སྔོ་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རྡོ་རྗེའི་རང་བཞིན་ཅན། བུདྡྷ་ག་རུ་ཌ་ཨོཾ། སྤྱི་བོར་འཁོར་ལོའི་ཁྱུང་དཀར་པོ་གཡས་འཁོར་ལོ་དང་། གཡོན་སྦྲུལ་དཀར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་འཁོར་ལོའི་རང་བཞིན་ཅན། པདྨ་ག་རུ་ཌ་ཨཱཿ མགྲིན་པར་པདྨའི་ཁྱུང་དམར་པོ་གཡས་པདྨ་དང་། གཡོན་སྦྲུལ་དམར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་པདྨའི་རང་བཞིན་ཅན། རཏྣ་ག་རུ་ཌ་ཏྲཱྃ། ལྟེ་བར་རིན་པོ་ཆེའི་ཁྱུང་སེར་པོ་གཡས་རིན་པོ་ཆེ་དང་། གཡོན་སྦྲུལ་སེར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རིན་པོ་ཆེའི་རང་བཞིན་ཅན། ཀརྨ་ག་རུ་ཌ་ཨཱ། གསང་གནས་སུ་རལ་གྲིའི་ཁྱུང་ལྗང་ཁུ་གཡས་རལ་གྲི་དང་། གཡོན་སྦྲུལ་ལྗང་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རལ་གྲིའི་རང་བཞིན་ཅན། རང་གི་སྙིང་པདྨ་འདབ་བརྒྱད་ཁ་ཕྱེ་བའི་དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་མཐིང་ནག་འབར་བའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་དང་བཅས་པ་དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དབང་གི་ལྷ་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཞེས་སྤྱན་དྲངས་པ་ལ། གང་གིས་འཁོར་བའི་སོགས། བསྔོ་བར་བགྱི། བར་གོང་ལྟར་ཡན་ལག་བདུན་པ་བྱས་ནས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་པོ་དེད་དཔོན་ཆེ། །འཇིག་རྟེན་ཐམས་ཅད་འདུལ་མཛད་པ། །དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །གཏུམ་པོ་དཔའ་བོ་འཇིགས་པར་བྱེད། །ཀླུ་འདུལ་གཞན་གྱིས་མི་ཐུབ་པ། །དྲག་པོ་འཇིགས་པར་བྱེད་པའི་ལྷ། །རྡོ་རྗེ་གཏུམ་པོར་ཕྱག་འཚལ་བསྟོད། །གཟུང་མ་ཡིད་འོང་རྒྱལ་བ་འདིས། །རྣམ་དག་མཆོད་ཅིང་སྡུག་བསྔལ་འཇོམས། །མ་ལུས་འགྲོ་བ་འདྲེན་པའི་དཔལ། །རྡོ་རྗེ་བདེ་མར་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །རྡོ་རྗེ་བདེ་མ་བདེ་སྟེར་མ། །རྟོག་པ་ཐམས་ཅད་གཅོད་མཛད་པའི། །ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མི་མ་ཡིན་གྱིས་འཚེ་བྱེད་པ། །འཇོམས་ཕྱིར་ཁྱུང་ཆེན་སྐུར་སྤྲུལ་ནས། །འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །རྣམ་རྟོག་འཇོམས་མཛད་ཐུགས་རྗེའི་བདག །སོ་སོའི་རིགས་ཀྱི་སྐུར་སྟོན་པ། །ཁྱུང་ཆེན་ལྔར་ནི་རབ་ཏུ་གྲགས། །བགེགས་རིགས་འཇོམས་ལ་ཕྱག་འཚལ་བསྟོད།། ཅེས་པས་བསྟོད། ཡིག་བརྒྱ་བརྗོད་ཅིང་། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་ཞེས་བསྟིམ་པ་ལ། ནམ་མཁར་བཞུགས་པའི་དབང་ལྷར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རིག་པའི་ལྷ་མོ་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བ་ཅུང་ཟད་ཡོ་བར་བཟུང་བ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷའི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར། ལུས་གང་། དྲི་མ་དག ཆུའི་ལྷག་མ་ཡར་འཁྱིལ་བ་ལས། ཡབ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། བཟླས་པ་ནི། རང་གི་སྙིང་ཁར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་དེའི་ཐུགས་ཀར་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། རྡོ་རྗེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ཁ་ལས་འོད་འཕྲོ་བའི་མཐའ་མར་ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄་ཀྱིས་བསྐོར་བ་སྔགས་ཀྱི་ཕྲེང་བ་སྦྲུལ་མགོ་ལངས་པ་ལྟ་བུར་བྱུང་བ། ཨ་ཝ་དྷཱུ་ཏིའི་ནང་ནས་མར་སོང་རྡོ་རྗེའི་བུ་ག་ནས་ཐོན་ཡུམ་གྱི་པདྨར་བརྒྱུད་དེ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཤིང་། སྙིང་གའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམ། སྐབས་སུ་ཧཱུྃ་དང་སྔགས་ཕྲེང་ལས་མེ་འབར་བས་ལུས་ཀྱི་ནང་གང་། བ་སྤུའི་བུ་ག་ནས་ཕྱིར་ཐོན། གདོན་བགེགས་བར་དུ་གཅོད་པ་ཐམས་ཅད་ཐུལ་ཐུལ་བསྲེགས་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེའི་རང་བཞིན་ཅན་དུ་འབར་བར་བསམ་ལ། རྩ་བའི་སྙིང་པོ། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཅེས་ཡི་གེ་བཅུ་པ་འབུམ་ཚོ་བཅུ་སོང་བ་དང་། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་བཛྭ་ག་རུ་ཌ་ཧཱུྃ་ཧཱུྃ་ཕཊ྄། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄། དུཥྚཾ་མཱ་ར་ཡ་སྭཱ་ཧཱ། ཞེས་འབུམ་ཚོ་བཅུའམ་རབ་འབུམ་ཚོ་སོ་དྲུག་སོང་བ་དང་། གཞན་ཡང་། བཛྭ་ག་རུ་ཌ། བུདྡྷ་ག་རུ་ཌ། པདྨ་ག་རུ་ཌ། རཏྣ་ག་རུ་ཌ། ཀརྨ་ག་རུ་ཌ། ཞེས་རིགས་ལྔའི་ཁྱུང་སོ་སོའི་སྔགས་ཁ་བསྒྱུར་ཤམ་བུ་ཅན་ཡང་སྔ་མའི་གྲངས་དང་མཉམ་པ་བཟླ་བ་ནི་གྲངས་བསྙེན་ནོ། །དུས་ཀྱི་བསྙེན་པ་ནི་ལོ་དང་ཟླ་བ་ལ་སོགས་པར་ངག་སྨྲ་བ་བཅད་དེ་བཟླའོ། །རྟགས་ཀྱི་བསྙེན་པ་ནི། རྡོ་རྗེ་དྲིལ་བུ་རྙེད་པ་དང་། མེ་ཏོག་སྔོན་པོ་འཐུ་བ་དང་། སྦྲུལ་བརྒྱད་ལུས་ལ་འཁྲིལ་བ་དང་། རང་ལུས་མེ་རུ་འབར་བ་དང་། གཏུམ་པོའི་སྐུ་གཟུགས་བཞེངས་པ་དང་། གནོད་སྦྱིན་དེད་དཔོན་བྱེད་པ་དང་། རྒྱ་མཚོ་རྐང་པས་བསྐྱོད་པ་དང་། རི་རབ་ཀླད་ལ་བསྐོར་བ་དང་། །རུས་སྦལ་ལག་གིས་འཇོམས་པ་རྣམས། །མངོན་སུམ་ཉམས་སྣང་རྨི་ལམ་ལ་སོགས་པར་བྱུང་ན་རྡོ་རྗེ་གཏུམ་པོ་འགྲུབ་པའི་རྟགས་སོ། །རབ་གཏུམ་པོ་དང་ཞལ་མཇལ་བ་དང་། འཁོར་བ་དང་གཟུང་འཛིན་ལས་བློ་ལོགས་སྟེ་བདེ་སྟོང་དབྱེར་མེད་ཀྱི་དོན་རྟོགས་པའང་འབྱུང་ངོ་། །གང་ལྟར་བསྙེན་པ་ཁོ་ནའི་ཚེ་ཉིན་བཞིན་ཐུན་བཞིའམ་གསུམ་གྱི་ཚུལ་དུ་ཉམས་སུ་ལེན་པའི་ཐུན་སོ་སོའི་མཐའ་མ་སྲོད་ཐུན་རྗེས་སུ་གཏོར་མ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་རྣམས། ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ན་ལས་མིའི་ཤ །དེ་རྣམས་ཀྱི་སྟེང་དུ་ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཀླད་པ། དབུས་སུ་མུ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་ངོ་བོར་ཤར་དུ་བྷྲཱུཾ། ལྷོར་ཨཾ། ནུབ་ཏུ་ཛྭིཾ། བྱང་དུ་ཁཾ། དབུས་སུ་ཧཱུྃ། དེའི་སྟེང་དུ་ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པའི་འོད་ཟེར་འོག་ཏུ་འཕྲོས། རླུང་གི་བ་དན་ལ་ཕོག རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཀྱི་མ་དག་པ་བསྲེགས། །དག་པ་བཞུ་ཞིང་ཁོལ་བའི་རླངས་པ་ཨོཾ་དང་ཧཱུྃ་ལ་ཕོག །ཨོཾ་ལས་བདུད་རྩིའི་རྒྱུན་བབ་པ་ཐོད་པར་ལྷུང་བའི་རླངས་པ་དང་། ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཐིམ་པར་གྱུར། རྡོ་རྗེ་ཟླ་བ་ཨོཾ་དང་བཅས་པ་ཐོད་པར་ལྷུང་སྟེ་ཞུ་ནས་དམ་ཚིག་གི་བདུད་རྩིར་འདྲེས་པ་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་ཏེ། མདུན་དུ་སྐད་ཅིག་གིས་རྡོ་རྗེ་གཏུམ་པོ་ཡབ་ཡུམ་གསལ་བཏབ་པའི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་འོད་ཀྱི་བུ་གུ་ཅན་གྱིས་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄ཿ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ྄ཿ དུཥྚཾ་མཱ་ར་ཡ་སྭཱ་ཧཱ། བ་ལིཾ་ཏ་ཨི་དཾ་གྲྀ་གྲྀ་ཁ་ཁ་ཁཱ་ཧི་ཁཱ་ཧི་པཱུ་ཛ་ཧོཿ རཀྟ་པི་པ་ཧོཿ ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདི་ཉིད། རྡོ་རྗེ་གཏུམ་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །ཡོངས་སུ་བཞེས་ནས་བདག་སོགས་རྣམས་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་གནས་སྐབས་སུའང་ནད་གདོན་བགེགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་གཏོར་མགྲོན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། མདུན་བུམ་སྒྲུབ་པ་དང་འབྲེལ་ན། གཏོར་མ་བུམ་སྒྲུབ་མཐར་འབུལ་བས་འཐུས། གང་ལྟར་ཐུན་བསྡུ་བའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བརྟན་གཡོའི་ཚོགས་ཐམས་ཅད་དཔལ་གསང་བའི་བདག་པོའི་དཀྱིལ་འཁོར་ཆེན་པོར་བསྒྱུར་བ་འོད་དུ་ཞུ་ནས་སྲུང་འཁོར་ལ་ཐིམ། དེ་རང་ཉིད་རྡོ་རྗེ་གཏུམ་པོ་ཡབ་ཡུམ་ལ། ཡུམ་ཡབ་ལ། ཡབ་ཡེ་ཤེས་སེམས་དཔའ་དེ་ཏིང་ངེ་འཛིན་སེམས་དཔར་དེའང་ཞབས་ཀྱུ་ནས་གྱེན་རྫོགས་སུ་ཡལ་ཏེ་མཐར་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་ཞེས་མཉམ་པར་བཞག་རྗེས། ལྡང་བའི་ཚེ། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དཔལ་གསང་བའི་བདག་པོ་ཡབ་ཡུམ་གྱི་སྐུ་སྣང་སྟོང་ཟུང་འཇུག་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་སོགས་ཀྱིས་བསྔོ་སྨོན་བྱ། དེ་ནས་ཟས་ཟ་བའི་ཚེ་ཟས་རྣམས་འབྲུ་གསུམ་གྱི་བྱིན་གྱིས་བརླབས། ལྟེ་བ་རླུང་གི་དཀྱིལ་འཁོར། ཕོ་བ་མེའི་དཀྱིལ་འཁོར། སྙིང་ཁར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་གཏུམ་པོ་ཡབ་ཡུམ་དུ་བསྐྱེད། ལག་པ་ཧོམ་གཟར། ཁ་ཧོམ་ཁུང་། ཟས་སྲེག་རྫས་སུ་བསམས་ལ་སྙིང་ཁའི་ལྷ་ཚོགས་མཆོད་ཅིང་བདེ་བའི་སྒྲ་དང་བཅས་པས་མཉེས་པར་བསམ། གོས་བགོ་བའི་ཚེ། སྟོད་དུ་བགོ་བ་རྣམས་དར་སྔོན་པོའི་སྟོད་གཡོགས་དང་སྨད་དུ་དཀྲིས་པ་སྟག་ལྤགས་ཀྱི་ཤམ་ཐབས་སུ་བསམ། ཉལ་བའི་ཚེ་སྟོང་ཉིད་ཀྱི་ངང་དུ་མཉམ་པར་བཞག་པ་འོད་གསལ་ཆོས་སྐུའི་ངང་ལ་ཉལ། ལྡང་བའི་ཚེ་སྣང་སྟོང་ཟུང་འཇུག་སྤྲུལ་པའི་སྐུར་ལྡང་བར་བྱའོ། །མདོར་ན་སྤྱོད་ལམ་ཐམས་ཅད་དུ་སྣང་བ་སྐུ། གྲགས་པ་གསུང་། དྲན་རིག་ཐུགས་ཀྱི་རྣལ་འབྱོར་དང་རྒྱུན་དུ་མ་བྲལ་བར་བྱའོ། །དམ་ཚིག་ཏུ་རྡོ་རྗེ་དྲིལ་བུ་ལ་མི་འགོང་ཞིང་རྟག་ཏུ་བཅང་། མེ་ཏོག་སྔོན་པོ་ལ་མི་འགོང་། ཁྱུང་གི་དམ་ཚིག་ཏུ་བྱ་ཤ་དང་སྒོ་ང་མི་ཟ། མི་གཙང་བ་ལ་འཛེམ། མ་འགྲུབ་བར་དུ།་རྟ་དང་མི་ཤ་མི་ཟ། ཀླུ་གཏོར་རྒྱུན་དུ་གཏོང་བར་བྱའོ། །དེ་ལྟར་རྡོ་རྗེ་གཏུམ་པོ་བསྒྲུབས་པས་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། གསང་བ་བསྟན་པ་ལས། རྡོ་རྗེ་འཛིན་པའི་སྐུ་ཐོབ་པ། །ཚེ་གཅིག་ཉིད་ལ་འགྱུར་བ་ཡིན། །རྟག་ཏུ་གོམས་པའི་སྦྱོར་བ་ཡིས། །ས་སོགས་འཇིག་རྟེན་མ་ལུས་ཀུན། །སྐད་ཅིག་ཉིད་ལ་དབང་དུ་འགྱུར། །གཙུག་ན་རིན་ཆེན་ལ་སོགས་པའི། །གདུག་པ་ཅན་རྣམས་སྙིང་ཡང་འབྱིན། །དགའ་བོ་ལ་སོགས་ཀླུ་ཆེན་རྣམས། །རྟག་ཏུ་དེ་ལ་འདུད་པར་འགྱུར། །ནད་ཀྱི་རིགས་ཀུན་མ་ལུས་འཇོམས། །གནོད་སྦྱིན་མ་ལུས་བཀའ་ཉན་ཅིང་། །ལྷ་སྲིན་མ་ལུས་བྲན་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། མདུན་དཀྱིལ་སྒྲུབ་པ་དང་། བུམ་སྒྲུབ་གཉིས་ལས། དང་པོ་ནི། བདག་བསྐྱེད་བཟླས་པ་ཡན་གྲུབ་པ་དང་། མདུན་གྱི་རྡུལ་ཚོན་ནམ་རས་བྲིས། ཚོམ་བུ། སྐུ་གསུང་ཐུགས་རྟེན། གཏོར་མ་བཅས། ཨོཾ་བཛྭ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་སོགས། དེ་གཉིས་ཁ་སྦྱར་གྱི་བར་དུ་རང་གི་ཐུགས་ཀ་ནས་སྤྲོས་པའི་ཧཱུྃ་ཡིག་སྔོན་པོ་སོགས། དེ་ཉིད་འོད་དུ་ཞུ་བ་ལས་དཔལ་རྡོ་རྗེ་གཏུམ་པོ་ནས་དབུ་བརྒྱན་པར་གྱུར་བར་བདག་བསྐྱེད་བཞིན་ལ། ཡིད་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས། ཧཱུྃ། ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་རྡོ་རྗེའི་གསང་བ་ལས་འཐོན་པའི། །འདོད་དགུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྒྲོན། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །བདུད་རྩི་ལྔ་དང་ཤ་ལྔ་རེ་རེ་ཡང་། །ཀུན་ནས་དགྱེས་དགུ་ཀུན་ཏུ་སྤྲུལ་པས་མཆོད། །བཞིན་མཛེས་མེ་ཏོག་དྲི་ཞིམ་བདུག་པའི་སྤོས། །ཆགས་པའི་སྒྲོན་མ་དྲོད་ཀྱིས་རྡུལ་བའི་ཆབ། །མ་མཆུའི་སྦྲང་རྩི་ངོམས་མེད་བདེ་བའི་རོ། །འདོད་པའི་སྙིང་པོར་རྗེས་སུ་ཆགས་པས་མཆོད། །མ་རིག་གིས་རྨོངས་འཁོར་བར་རེངས་པའི་འགྲོ། །སྡིག་པས་སྨྱོས་པར་གྱུར་པའི་མ་རུངས་པ། །སྙིང་རྗེའི་ཁྲོས་པས་ཆོས་དབྱིངས་བསྒྲལ་བའི་བཾ། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ་བར་བགྱི།། ཞེས་མཆོད། ཧཱུྃ། དུས་གསུམ་བདེ་གཤེགས་སོགས་ཀྱིས་གོང་གི་བདག་བསྐྱེད་ལྟར་བསྟོད། མདུན་བསྐྱེད་ལྷའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའི་སོགས། དམིགས་ལ་རྩ་སྔགས་དང་ཁྱུང་ཤམ་ཅན་སྔགས་སོ་སོར་ཅི་ནུས་བཟླས། གཉིས་པ་ནི། བུམ་པ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་། བདུད་རྩིའི་རྒྱ་མཚོའི་དབུས། སྣ་ཚོགས་པདྨ་དང་ཟླ་ཉིའི་གདན་གྱི་སྟེང་དུ། དཔལ་རྡོ་རྗེ་གཏུམ་པོ་སོགས་གོང་ལྟར། བཛྭ་ས་མ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་དང་། ནམ་མཁར་བཞུགས་པའི་དབང་ལྷར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བུམ་བསྐྱེད་ལ་དབང་བསྐུར་དུ་གསོལ་སོགས་དབུ་བརྒྱན་པར་གྱུར་བར། དེ་ནས། ཧཱུྃ། ཀུན་ཏུ་བཟང་པོས་སོགས་མདུན་བསྐྱེད་ལྟར་མཆོད་ཅིང་བསྟོད་རྗེས། གཟུངས་ཐག་བླངས་ལ། བུམ་ལྷའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་པདྨ་འདབ་བཞིའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ཁ་འོད་འཕྲོ་བའི་མཐའ་མར་ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄་ཀྱིས་བསྐོར་བར་གསལ་བ་དང་། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་གཟུངས་ཐག་ལ་འཁྲིལ་ནས་སོང་བས། བུམ་ལྷའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པར་ཕོག་པས་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ། ཧཱུྃ་སྔགས་ཕྲེང་བཅས་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་། རྡོ་རྗེ་གཏུམ་པོའི་སྐུར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་ནུས་བསྡུས་ཏེ་ཐིམ་པས་སྔགས་ཕྲེང་དང་། སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། རྩ་བསྙེན་དང་། ཁྱུང་ཤམ་སྔགས་བཅས་ཅི་ནུས་སུ་བཟླས། དབང་བསྐུར་བྱེད་ན་བུམ་ལྷ་དེ་གར་བཞག་ལ་རྗེས་ཆོག་སྐབས་བསྡུ་བས་ཆོག དེ་ནས་ལས་བུམ་དུ་གཟུངས་ཐག་སྤོས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ལས་ཀྱི་བུམ་པར་པད་ཉིའི་སྟེང་དུ་ཧཱུྃ་ལས་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་གཡས་ཐོད་དབྱུག་དང་། གཡོན་སྡིགས་མཛུབ་ཅན་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་ལྗང་གུའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་བཟླས་པས་ཐུགས་རྒྱུད་བསྐུལ་བར་གྱུར། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཅེས་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་ཟློག་པའི་ཕྲིན་ལས་མཛོད་ཅིག ལྷ་འོད་དུ་ཞུ་ནས་དག་བྱེད་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར། ཞེས་མོས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་འཐོར་རོ།། དེ་ནས་གཏོར་མ་གོང་བསྙེན་དུས་སུ་བཤད་པ་བཞིན། བསངས་སྦྱངས། སྟོང་པའི་ངང་ལས་སོགས། ཨོཾ་ཨཱཿཧཱུྃ། ལན་གསུམ། རྡོ་རྗེ་གཏུམ་པོའི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་འོད་ཀྱི་བུ་གུ་ཅན་གྱིས་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄ཿ ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ་ཕཊ྄ཿ དུཥྚཾ་མཱ་ར་ཡ་སྭཱ་ཧཱ་བ་ལིཾ་ཏ་ཨི་དཾ་གྲྀ་གྲྀ་ཁ་ཁ་ཁཱ་ཧི་ཁཱ་ཧི་པཱུ་ཛ་ཧོཿ རཀྟ་པི་པ་ཧོཿ ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདི་ཉིད། རྡོ་རྗེ་གཏུམ་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །ཡོངས་སུ་བཞེས་ནས་བདག་སོགས་རྣམས་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་གནས་སྐབས་སུའང་ནད་གདོན་བགེགས་ཐམས་ཅད་ཞི་ཞིང་མཐུན་རྐྱེན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཕྲིན་ལས་གསོལ། གཞན་ལ་དབང་བསྐུར་བའམ་བདག་དོན་བྱིན་རླབས་ཀྱི་ཆེད་དུ་བདག་འཇུག་ལེན་ན། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་བསྟིམ། དེའི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་ཁྲོ་བོས་སློབ་དཔོན་གྱི་བྱ་བ་རྣམས་མཛད་པར་མོས་པས། འོག་ནས་འབྱུང་བའི་དབང་རྣམས་མཚམས་སྦྱོར་དོར་བ་སོགས་རྒྱས་བསྡུས་སྐབས་ཕྱེད་པར་བྱས་ཏེ་རྫོགས་པར་བླངས་ལ། སློབ་མ་རྗེས་སུ་འཛིན་པའི་ཚེ། བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་རབ་རྫོགས་མཛོད།། ཅེས་བརྗོད། བསྡུ་ན་ཏིང་ངེ་འཛིན་གྱི་དབང་ལེན་ཏེ། གཉིས་འཛིན་རྟོག་པའི་ཆོས་ལས་གྲོལ། །རང་དང་དབྱེར་མེད་ལྷན་ཅིག་སྐྱེས། །འཕོ་མེད་བདེ་ཆེན་ཡེ་ཤེས་ཀྱི། །རྡོ་རྗེའི་གསང་གསུམ་འདུ་འབྲལ་མེད། །བྱིན་རླབས་རྩལ་ཆེན་རབ་རྫོགས་པས། །འབྲེལ་ཚད་སྨིན་གྲོལ་དབང་ཐོབ་ཤོག། ཅེས་ལྷ་དང་རང་སེམས་དབྱེར་མེད་པའི་ལྟ་བའི་ངང་དུ་མཉམ་པར་བཞག་གོ །གསུམ་པ་གཞན་དོན་སློབ་མ་རྗེས་འཛིན་ལ། སློབ་མ་རྣམས་ཕྱི་རོལ་སྒོ་དྲུང་དུ་ལས་བུམ་གྱིས་ཁྲུས་བྱས་ཏེ་གྲལ་དུ་བཀོད། བགེགས་གཏོར་ཆབ་ཀྱིས་བྲན། ཨོཾ་སྭ་བྷཱ་ཝ་སོགས་ཤུདྡྷཱོཧཾ། གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ཞུ་བ་ལས་གཏོར་མ་འདོད་ཡོན་ལྔ་ལྡན་དུ་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་འདི་ཉིད་ཕྱག་ན་རྡོ་རྗེའི་རྗེས་གནང་གི་རིམ་པ་བགྱིད་པ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་གདོན་བགེགས་ཐམས་ཅད་ལ་སྦྱིན་ནོ། །འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག། ཅེས་ཡུངས་ཀར་གྱིས་བྲབ་ལ་འདྲེ་འཇིགས་བདུག རྡོ་རྗེ་གསོར་ཞིང་དྲིལ་བུ་དྲག་ཏུ་དཀྲོལ་ལ། སུམྦྷ་ནིའི་སྔགས་བརྗོད་པས་བསྐྲད། རྡོ་རྗེ་འཕྱར་ལ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དང་མདའི་དྲ་བ། ཕྱི་རོལ་མེ་ཁ་དོག་ལྔ་རབ་ཏུ་འབར་བས་བསྐོར་བར་གྱུར། ཨོཾ་བཛྭ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ལན་གསུམ་བརྗོད་པས་སྲུང་འཁོར་བསྒོམ། མཎྜྻལ་མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པའི་ཆེད་དུ་སྲིད་ཞིའི་མཐའ་ལས་འདས་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོའི་གོ་འཕང་བླ་ན་མེད་པ་འཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་ནས་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་སྟེ་གསན་པར་འཚལ། དེའང་སྤྱིར་རིགས་ཐམས་ཅད་ཀྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་མི་བསྐྱོད་པ་སོགས་ཞི་བ་དང་། བཛྭ་ཧེ་རུ་ཀ་སོགས་ཁྲོ་བོའི་སྒྱུ་འཕྲུལ་རྣམ་པར་རོལ་པའི་དཀྱིལ་འཁོར་འཁོར་ལོའི་ཚོམ་བུ་མཐའ་ཡས་པར་སྤྲོ་ཞིང་། གང་འདུལ་དེར་སྟོན་གྱི་སྤྲིན་རྒྱ་མཚོས་ཆོས་དབྱིངས་ཁམས་ཀུན་རྒྱས་པར་གཏམས་པས་འགྲོ་བའི་དོན་མཛད་པ་ལས། ཕྱོགས་རེའི་སྣང་ཚུལ་ཙམ་དུའང་དཔལ་ཕྱག་ན་རྡོ་རྗེ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་ཤིང་། གདུག་པའི་ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་པར་མཛད་པ་དང་། རྒྱལ་བ་རྣམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛོད་འཛིན་པའི་བདག་པོར་སྨོན་ལམ་བཏབ་ཅིང་དབང་བསྐུར་བས། སངས་རྒྱས་སྲས་དང་སློབ་མར་བཅས་པའི་ཕྱི་ནང་གསང་བའི་བར་ཆད་སྲུང་བ་དང་། ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་སྡུད་ཅིང་འཛིན་པ་པོར་གྱུར་པས་གསང་སྔགས་རྒྱུད་སྡེ་བཞི་ཀ་ནས་བསྟན་པའི་རྒྱུད་དང་། དེའི་རྗེས་སུ་འབྲང་བའི་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། བོད་ཡུལ་གངས་ཅན་གྱི་ལྗོངས་སུ་ཕྱག་ན་རྡོ་རྗེ་ཆེ་བ་དགུ་རུ་གྲགས་པ་ཤིན་ཏུ་དར་ཞིང་བྱིན་རླབས་བཀའ་བབ་མཆོག་དང་ལྡན་པར་གྱུར་པའི་ནང་ཚན། གཏུམ་པོ་ཁྱུང་གི་ཆེ་བ་ཞེས་སམ། རས་ཆུང་ཞབས་ཀྱི་མན་ངག་ཤམ་བུ་ཅན་བཅོ་བརྒྱད་ལས་ཕྱག་རྡོར་ཁྱུང་ཤམ་ཅན། དཔལ་འབྲུག་པའི་སྒྲུབ་ཐབས་སྐོར་ལྔ་ལས་གཏུམ་པོ་ནུས་མཐུའི་སྐོར་ཞེས་གྲགས་པ་སྟེ། དེའང་དཔལ་གསང་བ་མངོན་པར་བསྟན་པ་ཞེས་པའི་རྒྱུད་ཆེན་པོའི་དགོངས་པའི་མཐིལ། རྒྱ་གཞུང་སློབ་དཔོན་ལས་ཀྱི་རྡོ་རྗེས་གསལ་བར་མཛད་པ་ཡིན་ལ། དང་པོ་རྒྱུད་ཆེན་པོ་འདི་འཛམ་བུའི་གླིང་འདིར་སྤྱོད་ཡུལ་དུ་བྱས་ཆོག་པ་ནི། སློབ་དཔོན་ཆེན་པོ་དུས་ཞབས་པ་ཆེ་བའམ། ཙི་ལུ་པ་སྟེ། ཁོང་ཕྱག་ན་རྡོ་རྗེའི་སྤྲུལ་པའི་དགེ་སློང་ཞིག་གིས་ཁྲིད་དེ་བྱང་ཕྱོགས་ལྕང་ལོ་ཅན་དུ་ཕྱིན། ཉི་མ་བརྩེགས་པའི་ཁང་པ་ན་ཕྱག་ན་རྡོ་རྗེ་དང་མཇལ་ཏེ་དབང་བསྐུར། རྒྱུད་འདི་སོགས་ཕྱག་རྡོར་གྱི་རྒྱུད་མང་པོ་གནང་ཞིང་བྱིན་གྱིས་བརླབས་པས་གྲུབ་པ་མཆོག་བརྙེས་ནས། འཕགས་པའི་ཡུལ་དུ་སླར་ཕེབས་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང་བ་ལས། སློབ་དཔོན་ལས་ཀྱི་རྡོ་རྗེའམ། བླ་མ་ནགས་ཁྲོད་པར་གྲགས་པ་ལ་ཕྱག་ན་རྡོ་རྗེའི་མན་ངག་རྣམས་གནང་ཞིང་དེས་ཀྱང་བསྒྲུབས་པས་གྲུབ། དབང་ཞུ་དུས་དབང་རྟགས་སུ་ཤིང་ཤིར་ཤ་ཀའི་རྡོ་རྗེ་ཞིག་གནང་བ་དེས་མཐའི་དམག་དཔུང་བཟློག་པ་སོགས་ལས་ཀུན་མཛད་པས་ལས་ཀྱི་རྡོ་རྗེ་ཞེས་པར་མཚན་ཆགས། རྒྱུད་གསང་བ་བསྟན་པའི་དགོངས་དོན་བསྡེབས་ནས་ཕྱི་ནང་གསང་བའི་སྒྲུབ་ཐབས། རིགས་ཀྱི་ཁྲོ་བོ་ཕོ་ཉ་འཁོར་སྒྲུབ་པ་ལ་སོགས་པ་མན་ངག་ཡི་གེར་བཀོད་དེ། བྲམ་ཟེའི་རྣལ་འབྱོར་པ་ཐང་ཤིང་གི་སྟེང་དུ་ལོ་གསུམ་སྒོམ་པ་ཕྱག་ན་རྡོ་རྗེའི་གྲུབ་པ་ཐོབ་པ་ཞིག་ལ་གནང་། དེས་རིགས་ངན་གྱི་རྣལ་འབྱོར་པ་ཤིང་པ་ལ་ཤའི་ལོ་མས་འདོམ་དཀྲིས་བྱས་པ། དཔལ་སྒྱུ་མ་ཆེན་པོའི་གྲུབ་པ་བརྙེས་པ་གཅིག་ལ་གནང་། དེས་ཡུལ་དབུས་བྷེ་ར་བའི་རྗེ་བཙུན་ཀརྞ་རི་པ་བྱ་བར་གནང་། དེས་རང་གི་སྲིང་མོའི་བུ་ཝ་ལ་ཙནྡྲ་ལ་དབང་བསྐུར། རྒྱུད་བཤད་མན་ངག་ཚང་བར་གནང་བ། གླན་ལོ་ཙཱ་བ་དར་མ་ཚུལ་ཁྲིམས་ཀྱིས་ཞུས་ཏེ་གཞུང་མན་ངག་ཕལ་ཆེར་བསྒྱུར། དེ་ལས་རྗེ་བཙུན་མི་ལ་སྐུ་གཞོན་དུས་གསན་པར་ཞང་ཚུལ་གཞོན་གྱིས་ཞུས་ཏེ་རྗེ་བཙུན་གྱི་མན་ངག་ཞལ་ཤེས་དག་ཀྱང་དཔེར་བཀོད་པ་དང་། ཡང་རྗེ་རས་ཆུང་པ་སྐུ་ན་ཕྲ་མོའི་དུས་བྱིས་པ་ཟླ་བོ་ཁ་ཤས་མཉམ་ཀླུ་དྲག་པོ་གནས་སར་ཁྱི་གུའི་རོས་དམར་ཐབ་བཏང་བས། བསྙུང་མཛེ་དྲག་པོས་ཟིན་པ་ཅིས་ཀྱང་དྲག་ཏུ་མ་བཏུབ་པ། རྒྱ་གར་གྱི་ཨ་ཙ་ར་མི་གསུམ་བྱུང་བ་དང་ཕྲད་པས་བསྐུལ་ཏེ། འཕགས་ཡུལ་དུ་བླ་མ་ཝ་ལ་ཙནྡྲ་མཇལ་དུ་ཕེབས། གསེར་འགའ་ཡོད་པ་ཕུལ་བས་རྗེས་སུ་འཛིན་པར་གསོལ་བ་བཏབ་པས། འདིའི་གདམས་སྐོར་རྣམས་གནང་བ་གསན་ཏེ་བསྒྲུབས་པས་གྲུབ་པ་བརྙེས་ཤིང་བསྙུང་མཛེ་གཞི་མེད་དུ་སངས། བོད་དུ་ཕེབས་ནས་བསྐྱེད་རིམ་གྱི་མན་ངག་རྒྱས་པ་སྐོར་རྗེ་བཙུན་མི་ལ་ལས་གསན་ཏེ་གདམས་པ་ཡོངས་སུ་རྫོགས་པར་གྱུར་པ་འདི་ལ། སྒྲུབ་ཐབས་དཀྱིལ་འཁོར་དུ་བྱས་པ། ཕྱི་སྒྲུབ་ལྷ་ལྔ། ནང་སྒྲུབ་ལྷ་བཅུ་གསུམ། གསང་སྒྲུབ་ལྷ་ཉེར་གཅིག་པ་སོགས་དང་། དཀྱིལ་འཁོར་དུ་མ་བྱས་པ། དཔའ་གཅིག་ཁྱུང་ལྔ་པ་དང་། མེ་འབར་མའི་སྐོར་སོགས་བཞུགས་པ་ལས། འདིར་དཔའ་བོ་གཅིག་པ་གཏུམ་པོ་ཁྱུང་ལྔའི་རྒྱན་ལྷ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྗེས་གནང་འདིའི་བརྒྱུད་པ་ནི། རས་ཆུང་པ་ནས་རྒྱལ་བ་ལོ་དང་སུམ་པ་དེ་གཉིས་ཀྱིས་གྲུབ་ཐོབ་གླིང་། དེས་ཆོས་རྗེ་གཙང་པ་རྒྱ་རས། དབོན་རས་དར་མ་སེངྒེ། གཞོན་ནུ་སེངྒེ། ཉི་མ་སེངྒེ། རྡོར་གླིང་པ། སྤོས་སྐྱ་པ། དྲིན་ཆེན་བཅུ་གསུམ་པ། ཀུན་དགའ་སེངྒེ། བསམ་རྒྱལ་ཁ་ཆེ། བློ་གྲོས་སེངྒེ། ཡེ་ཤེས་རིན་ཆེན། ནམ་མཁའ་དཔལ་བཟང་། ཤེས་རབ་བཟང་པོ། རྒྱལ་དབང་རྗེ། ངག་དབང་ཆོས་རྒྱལ། གཅུང་ངག་གི་དབང་པོ། མཐུ་ཆེན་ཆོས་ཀྱི་མགོན་པོ། གཉིས་ཀ་ལས། ཀུན་མཁྱེན་པདྨ་དཀར་པོ། ལྷ་རྩེ་བ་ངག་དབང་བཟང་པོ། དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། ཆོས་ཀྱི་དབང་ཕྱུག མདོ་ཁམས་པ་ཀུན་དགའ་བསྟན་འཛིན། བླ་མ་ཆོས་རྒྱལ་རྒྱ་མཚོ། ཡོངས་འཛིན་འཇམ་དཔལ་དཔའ་བོ། ཀུན་གཟིགས་ཆོས་སྣང་། ཡེ་ཤེས་གྲུབ་པ། འཇིགས་མེད་མི་འགྱུར་དབང་རྒྱལ། ཤེས་བྱ་ཀུན་མཁྱེན་ནས་འདྲེན་མཆོག་ཤེས་རབ་དཔལ་བཟང་དང་། མདོ་ཁམས་དྲུག་པ་བསྟན་པའི་ཉི་མ། གཉིས་ཀས་རྡོ་རྗེ་འཛིན་པ་རིན་པོ་ཆེ་མཐུ་ཆེན་ཆོས་ཀྱི་རྒྱ་མཚོ་སྟེ། དམ་པ་དེ་ཉིད་ཀྱི་བཀའ་དྲིན་ལས་བདག་ལ་ལེགས་པར་ཐོབ་པ་ལགས། དེ་ལྟ་བུའི་བཀའ་སྲོལ་ཁྱད་པར་བ་ལས་བྱུང་བའི་རྗེས་སུ་གནང་བ་བགྱིད་པ་ལ་ཐོག་མར་བླ་མ་དང་དཔལ་རྡོ་རྗེ་གཏུམ་པོ་ཡབ་ཡུམ་དབྱེར་མ་མཆིས་པའི་སྤྱན་སྔར་རྗེས་གནང་ཟབ་མོ་ཞུ་བའི་སླད་དུ་མཎྜྻལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ། མཎྜྻལ་ཕུལ། བླ་མ་གསང་བདག་རྡོ་རྗེ་གཏུམ་པོའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་མཆོག་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ།། ལན་གསུམ། དེ་ནས་ཡང་གསང་བ་སྤྱི་རྒྱུད་ལས། དང་པོར་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བླ་མེད་བྱང་ཆུབ་སེམས། །མ་སྐྱེད་པ་རྣམས་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲན་པར་བྱ། །ཞེས་གསུངས་པས། འོ་སྐོལ་རྣམས་འཁོར་བའི་འཇིགས་པ་ལས་སྐྱོབ་པའི་དཔུང་གཉེན་ནི་དཀོན་མཆོག་གསུམ་ཁོ་ནར་ངེས་ལ། དེ་ཡང་རང་ཉིད་གཅིག་པུའི་ཆེད་དུ་མ་ཡིན་པར་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་དུ་ཤེས་པའི་ངེས་པས་དྲངས་ནས་ཐེག་པ་ཆེན་པོའི་སྐྱབས་འགྲོ་དང་རྗེས་སུ་འབྲེལ་བའི་སེམས་བསྐྱེད་ལ་འབད་དགོས་པས། དེའི་སླད་དུ་དཀྱིལ་འཁོར་གྱི་དབུས་འདི་ན་བླ་མ་དང་དབྱེར་མ་མཆིས་པའི། བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་རྒྱན་ལྷ་དང་བཅས་པ་མངོན་སུམ་དུ་བཞུགས་པར་གསལ་བཏབ་པའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་མཐའ་སྐོར་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས་རྒྱུད་སྡེ་བཞི་ནས་གསུངས་པའི་ཡི་དམ་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་བཞིན་དུ་བཞུགས་པའི་སྤྱན་སྔར་ལམ་ལོག་པ་ལས་ཁྱད་པར་དུ་གྱུར་པའི་སྐྱབས་འགྲོ་དང་། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་སེམས་བསྐྱེད་ཀྱི་སྡོམ་པ་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་ལན་གསུམ་གྱིས་སྐྱབས་སེམས་སྡོམ་པ་བླངས། དེ་ནས་དབང་གི་གཞི་ཡེ་ཤེས་པ་དབབ་ཅིང་། སྐུའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། ལས་སྒྲོས་བུམ་ཆུ་འཐོར་ཞིང་། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཁྱེད་རང་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རེ་རེ་བཞིན་སྣ་ཚོགས་རྡོ་རྗེའི་ལྟེ་བར་པདྨ་ཟླ་ཉི་བརྩེགས་པའི་གདན་ལ་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་ཡིག་སྔོན་པོ་དང་ཨ་དམར་པོ་གཉིས་སུ་གྱུར་པ་འོད་དུ་ཞུ་བ་ལས་དཔལ་རྡོ་རྗེ་གཏུམ་པོ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་གི་པགས་པའི་ཤམ་ཐབས་ཅན་པདྨ་ཟླ་བ་ཉི་མའི་གདན་ལ་ཞབས་གཡོན་བརྐྱངས་བས་དབང་ཕྱུག་ཆེན་པོ་ཁ་དོག་སྔོན་པོ་མནན་པ། གཡས་བསྐུམས་པས་ཨུ་མ་དེ་ཝི་ཁ་དོག་དམར་པོ་མནན་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་མེ་སྟག་གི་ཕུང་པོ་ལྟར་དམར་བ། དབུ་སྐྲ་ཨག་ཚོམས་སྨིན་མ་ཁམས་སེར་གྱེན་དུ་འབར་བ། སྦྲུལ་དཀར་པོས་ཐོད་དུ་བཅིངས་པ། སེར་པོས་རྣ་ཆ་དང་མགུལ་བརྒྱན་པ། ལྗང་གུས་ལག་གདུབ། དམར་པོས་མགུལ་རྒྱན་དང་སྐ་རགས། ནག་པོས་དོ་ཤལ་དང་རྐང་གདུབ་བྱས་པ། ཆོས་གོས་སྔོན་པོས་སྟོད་དཀྲིས་ཤིང་རུས་པའི་ཕྱག་རྒྱ་དྲུག་དང་རིན་པོ་ཆེས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་བདེ་མ་སྐུ་མདོག་དམར་ལྗང་གཅེར་བུ་སྐྲ་གྲོལ་ཞིང་ཐུར་དུ་འཕྱང་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་དང་བཅས་པའི་གྲི་གུག་སྡིགས་པར་མཛད་པ། གཡོན་པ་བདུད་ལ་སོགས་པའི་ཁྲག་གིས་གང་བའི་ཐོད་པ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་དབང་ཕྱུག་གི་སྟེང་དུ་བརྐྱངས་ཤིང་། གཡོན་ཡབ་དང་གཉིས་མེད་དུ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཡབ་ཡུམ་གཉིས་ཀའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་ཁར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས་ས་སྟེང་ས་བླ་ས་འོག་གི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་གཏུམ་པོའི་གོ་འཕང་ལ་བཀོད། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་བསྡུས་ནས་གནས་གསུམ་གྱི་ཕྱག་མཚན་ཡིག་འབྲུ་དང་བཅས་པ་ལ་ཐིམ་པ་ལས། སྤྱི་བོར་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་གཡས་འཁོར་ལོ། །མགྲིན་པར་གསུང་རྡོ་རྗེ་སྐུ་མདོག་དམར་པོ་གཡས་པདྨ། སྙིང་ཁར་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་རྣམས་སྡིགས་མཛུབ་མཛད་པའོ། །མིག་ཏུ་བྲུཾ་ལས་སྤྱན་རས་གཟིགས། རྣ་བར་ཧཱུྃ་ལས་ནམ་མཁའི་སྙིང་པོ། སྣར་ཁཾ་ལས་སྒྲིབ་པ་རྣམ་སེལ། ལྕེར་ཨཾ་ལས་འཇམ་དབྱངས། དཔྲལ་བར་ཧཱུྃ་ལས་འོད་དཔག་མེད། སྙིང་ཁར་ཧཾ་ལས་ཀུན་ཏུ་བཟང་པོ། ཡབ་ཀྱི་ཐུགས་ཀར་བཛྭ་ག་རུ་ཌ་ཧཱུྃ་རྡོ་རྗེའི་ཁྱུང་སྔོན་པོ་གཡས་རྡོ་རྗེ་དང་གཡོན་སྦྲུལ་སྔོ་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རྡོ་རྗེའི་རང་བཞིན་ཅན། བུདྡྷ་ག་རུ་ཌ་ཨོཾ། སྤྱི་བོར་འཁོར་ལོའི་ཁྱུང་དཀར་པོ་གཡས་འཁོར་ལོ་དང་། གཡོན་སྦྲུལ་དཀར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་འཁོར་ལོའི་རང་བཞིན་ཅན། པདྨ་ག་རུ་ཌ་སྲཱིཿ མགྲིན་པར་པདྨའི་ཁྱུང་དམར་པོ་གཡས་པདྨ་དང་། གཡོན་སྦྲུལ་དམར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་པདྨའི་རང་བཞིན་ཅན། རཏྣ་ག་རུ་ཌ་ཏྲཱྃ། ལྟེ་བར་རིན་པོ་ཆེའི་ཁྱུང་སེར་པོ་གཡས་རིན་པོ་ཆེ་དང་། གཡོན་སྦྲུལ་སེར་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རིན་པོ་ཆེའི་རང་བཞིན་ཅན། ཀརྨ་ག་རུ་ཌ་ཨཱ། གསང་གནས་སུ་རལ་གྲིའི་ཁྱུང་ལྗང་ཁུ་གཡས་རལ་གྲི་དང་། གཡོན་སྦྲུལ་ལྗང་ཁྲ་བཟུང་ནས་ཟ་བ། མཆུ་གཤོག་ཐམས་ཅད་རལ་གྲིའི་རང་བཞིན་ཅན། སྙིང་པདྨ་འདབ་བརྒྱད་ཁ་ཕྱེ་བའི་དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་མཐིང་ནག་འབར་བའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་དང་བཅས་པར་གསལ་ཐོབ་མཛོད། ཁྱེད་རང་རྣམས་ཀྱིས་མདུན་གྱི་དབང་རྫས་གཏོར་མར་བཅས་པའང་ཡི་དམ་ཕྱག་ན་རྡོ་རྗེ་ཡབ་ཡུམ་རྒྱན་ལྷ་ཁྱུང་ལྔར་བཅས་པ་མངོན་སུམ་གསལ་རྫོགས་སུ་ཁྲ་ལམ་མེར་བཞུགས་པའི་མོས་འདུན་དང་། སློབ་དཔོན་ཡང་དཔལ་གསང་བའི་བདག་པོ་དངོས་སུ་གསལ་བཞིན་པར་མོས་གུས་ཀྱིས་གསོལ་བ་བཏབ་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཏོར་མ་ལྷར་གསལ་བའི་ཐུགས་སྲོག་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས། ཕྱོགས་བཅུའི་ཞིང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐུའི་རྣམ་པར་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ། སྟེང་ནས་ཆར་འབབ་པ་ལྟ་བུ། འོག་ནས་ས་རླངས་འཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབ་པ་ལྟ་བུ། ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བར་བྱོན་ནས་ཁྱེད་རང་རྣམས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་གསལ་བའི་སྐུ་ལ་མཚོ་ལ་ཆར་འབབ་པ་ལྟ་བུ་ཐིམ་པས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་ཡེ་ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་མ་བཅོས་པར་ལྷོད་ལ་ཞོག་ཅིག། སྤོས་རོལ་བྱ་ཞིང་གཏོར་མ་སྤྱི་བོར་བཞག ཨོཾ་བཛྭ་ཙཎྜྻ་སོགས་སྙིང་པོའི་མཐར་ཨཱ་བེ་ཤ་ཡ་ཨ་ཨ་ཞེས་བཏགས་པ་བརྗོད། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། གཏོར་མའི་ལྷར་ཕོག་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡེ་ཤེས་ཀྱི་ཁྱུང་ཆེན་རིགས་ལྔའི་རྣམ་པ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བར་བྱོན་པ་དང་། མདུན་བསྐྱེད་ལྷའི་གནས་ལྔའི་ཁྱུང་སོ་སོ་ལས་རང་འདྲའི་སྐུ་སྤྲུལ་པ་རྣམས་བྱོན་ཏེ་ཁྱེད་རྣམས་ལྷར་གསལ་བའི་གནས་ལྔའི་ཁྱུང་སོ་སོར་རིམ་པ་བཞིན་ཐིམ་པའི་མོས་པ་གྱིས་བྱས་ལ། འཁོར་ལོའི་ཁྱུང་དཀར་པོའི་ཙཀླི་སྤྱི་བོར་བཞག་ཅིང་། ཨོཾ། རྟག་པའི་རིགས་ཆེན་འཁོར་ལོའི་ཁྱུང་། །དཀར་པོ་འཁོར་ལོ་སྦྲུལ་དཀར་འཛིན། །ཁ་རླངས་དུག་ཅན་རྗེ་རིགས་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་བུདྡྷ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄། ཛཿཧཱུྃ་བྃ་ཧོ་སརྦ་དུཥྚཾ་མཱ་ར་ཡ་ཕཊ྄། ཅེས་བརྗོད་ཅིང་དབང་བསྐུར། པདྨའི་ཁྱུང་དམར་ཙཀླི་མགྲིན་པར་བཞག་སྟེ། སྲཱིཿ རྟ་མཆོག་རིགས་ཆེན་པདྨའི་ཁྱུང་། །དམར་པོ་ཆུ་སྐྱེས་སྦྲུལ་དམར་འཛིན། །བསམ་པའི་དུག་ཅན་བྲམ་ཟེའི་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་པདྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄་སོགས། རྡོ་རྗེའི་ཁྱུང་མཐིང་ཙཀླི་སྙིང་གར་བཞག་སྟེ། ཧཱུྃ། མི་བསྐྱོད་རིགས་ཆེན་རྡོ་རྗེའི་ཁྱུང་། །མཐིང་ཀ་རྡོ་རྗེ་སྦྲུལ་སྔོན་འཛིན། །རང་བཞིན་དུག་ཅན་གདོལ་པའི་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་བཛྭ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄་སོགས། རིན་ཆེན་ཁྱུང་སེར་པོའི་ཙཀླི་ལྟེ་བར་བཞག་སྟེ། ཏྲཱྃཿ ཉི་མའི་རིགས་ཆེན་རིན་ཆེན་ཁྱུང་། །སེར་པོ་ནོར་བུ་སྦྲུལ་སེར་འཛིན། །མཐོང་བའི་དུག་ཅན་རྒྱལ་རིགས་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་རཏྣ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄་སོགས། རལ་གྲིའི་ཁྱུང་ལྗང་གུའི་ཙཀླི་གསང་བར་བཞག་སྟེ། ཨཱཿ དོན་ཡོད་རིགས་ཆེན་ལས་ཀྱི་ཁྱུང་། །ལྗང་ཁུ་རལ་གྲི་སྦྲུལ་ལྗང་འཛིན། །རེག་པའི་དུག་ཅན་དམངས་རིགས་ཀླུ། །མ་ལུས་འདུལ་བའི་དབང་བསྐུར་རོ། །ཨོཾ་ཀརྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ྄་སོགས། དེ་ལྟར་ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་བྱིན་རླབས་རྒྱུད་ལ་ཞུགས་པས། མ་རིག་དུག་ལྔའི་འཁྲུལ་སྣང་ལས་ཤར་བའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ས་བདག་ཀླུ་གཉན། བར་གདོན་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་དང་། ནད་གདོན་བར་ཆད་རྐྱེན་ངན་མི་མཐུན་ཕྱོགས་ཚར་བཅད་དེ། དུག་ལྔ་རྣམ་དག་ཡེ་ཤེས་རྣམ་པ་ལྔའི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་བྱས་པའི་མོས་པ་མཛོད་ཅིག དེ་ནས་སླར་ཡང་བརྟན་བྱེད་ཆུའི་དབང་བསྐུར་བ་ལ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་གྱིས། ཕྱོགས་བཅུའི་ཞིང་ནས་གདན་གསུམ་ཚང་བའི་དབང་གི་ལྷ་རྣམས་ནམ་མཁའ་གང་བར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས་མངོན་པར་དབང་བསྐུར་བར་མོས་མཛོད་བྱས། རྣམ་བུམ་བཏེགས་ལ། ཧཱུྃ། སྐུ་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་བདུད་རྩི་རྣམ་དག་འདིས། །མི་བསྐྱོད་རྡོ་རྗེའི་དབང་བསྐུར་རོ། །ཨོཾ་བཛྭ་ཨཱ་དརྴེ་ཛྙྱཱ་ན་ཨ་བྷི་ཥིཉྩྨ་ཧཱུྃ། ཞེས་དང་། ཇི་ལྟར་བལྟམས་པ་ནས་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་བཞིན་པས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་དེ་ཁྲུས་བྱ། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་གང་དྲི་མ་དག་རིག་པའི་ཡེ་ཤེས་བསྐྱེད་ཆུ་རྒྱུན་གྱེན་དུ་རེངས་པ་ལས་ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། གཞན་ཡང་དབང་ལྷ་རྣམས་ཡེ་ཤེས་སེམས་དཔའི་ཚུལ་དུ་ཐིམ་པར་གྱུར་པ་ལ་མཆོད་པ་འབུལ་བའི་མོས་པ་མཛོད། ལས་རྡོར་གྱིས་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བསྒྲིགས་པ་སློབ་མ་རྣམས་ཀྱི་མདུན་ངོས་ནས་འདེགས་བཞིན་པས། ཨོཾ་བཛྭ་ཨརྒྷཾ་ནས་ཤཔྟ་ཏཱིཙྪ་སྭཱ་ཧཱ། ཞེས་སོ་སོའི་ཕྱག་རྒྱ་དང་རོལ་མོར་བཅས་པས་མཆོད། དེ་རྣམས་ཀྱིས་སྐུའི་རྗེས་སུ་གནང་བ་ཐོབ་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་བག་ཆགས་ཐམས་ཅད་དག ལུས་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་བགེགས་དང་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པ་གྲིབ་དང་མི་གཙང་བ་དུས་མ་ཡིན་པར་འཆི་བའི་འཇིགས་པ་སོགས་མི་མཐུན་པའི་རྐྱེན་ཐམས་ཅད་ཞི། སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒོ་ནས་ཕྱག་ན་རྡོ་རྗེའི་སྐུ་བསྒོམ་པ་ལ་དབང་། འབྲས་བུ་མཚན་དཔེས་བརྒྱན་པའི་སྐུ་འགྲུབ་པར་འགྱུར་བའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །དེ་ནས་གསུང་གི་རྗེས་གནང་ནི། མདུན་བསྐྱེད་དང་སློབ་དཔོན་གཉིས་ཀ་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་རེ་མཆེད་དེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཕྱག་ན་རྡོ་རྗེར་གསལ་བའི་ཞལ་ནས་ཞུགས་ཏེ་ཐུགས་ཀའི་ས་བོན་གྱིས་མཐར་འཁོད་བའི་མོས་པར་བཅས་པས་འདིའི་རྗེས་ཟློས་མཛོད། ཅེས་སྔགས་ཕྲེང་སྦྲེལ་ནས་བསྒྲངས་ལ། ཨོཾ་བཛྭ་ཙཎྜྻ་ཞེས་སྙིང་པོ་ལན་གསུམ་དང་། སྤྲོ་ན་ཁྱུང་ལྔའི་ཤམ་བུ་ཅན་གྱི་སྔགས་བཟླས་ལུང་བྱ། དེ་ལྟར་ལན་གསུམ་གྱི་དང་པོས་བྱིན་གྱིས་བརླབས། གཉིས་པས་བསྟིམས། གསུམ་པས་ནུས་པ་རྒྱུད་ལ་བརྟན་པར་བྱས། ཁྱེད་རྣམས་ཀྱིས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཕྱག་ན་རྡོ་རྗེ་འདི་ཉིད་ཡི་དམ་དུ་བརྟན་པར་བཟུང་སྙམ་པས། མེ་ཏོག་གི་ཕྲེང་བ་རེ་ཕུལ་བའི་འདུན་པ་དང་བཅས་དངོས་སུ་འབྲུ་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ལན་གསུམ། མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བའི་རྣམ་པར་བྱིན་བརླབས་ཏེ་སྤྱི་བོར་བཅིང་པར་མོས་ཤིག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནུས་པ་བརྟན་པར་མཛད་དུ་གསོལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་བྱིན་ནུས་མ་ལུས་ཁྱོད་ཀྱི་ངག་ལ་ཐོགས་མེད་དུ་འཇུག་པར་གྱུར་ཅིག། ཅེས་བརྗོད་དེ་སྔགས་པའི་མེ་ཏོག་སྤྱི་བོར་བཞག་པའམ་འཐོར། དེས་གསུང་གི་རྗེས་སུ་གནང་བ་མཐའ་རྟེན་བཅས་ཐོབ་པས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། གསུང་གི་བྱིན་རླབས་ཞུགས། ངག་གི་སྒོ་ནས་ཕྱག་ན་རྡོ་རྗེའི་སྔགས་བཟླ་བ་དང་འཆད་རྩོད་རྩོམ་གསུམ་ཐོགས་པ་མེད་པ་ལ་དབང་། འབྲས་བུ་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་སྐུ་འགྲུབ་པར་འགྱུར་བའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །དེ་ནས་ཐུགས་ཀྱི་རྗེས་གནང་ནི། ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་ལས། གསལ་ལ་མི་རྟོག་རིག་པའི་སྐུ། །མི་གནས་མི་འབྲལ་འདུས་མ་བྱས། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །བཅོམ་ལྡན་ཕྱག་རྡོར་མཚན་ཉིད་ཡིན། །ཞེས་གསུངས་པའི་དོན་ཏེ། དེའང་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་སྒོ་ནས། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ནས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་འཇོག་མཛོད། སླར་ཡང་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག དེའི་ཐུགས་ཀ་ནས་ཐུགས་ཀྱི་བྱིན་རླབས་ཕྱག་མཚན་རྡོ་རྗེའི་ཚོགས་ཆེ་ཆུང་གྲངས་མེད་པ་འཕྲོས་ཁྱེད་རྣམས་ཀྱི་སྙིང་གར་ཐིམ་པས་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་ཅིང་བརྟན་པར་བྱས་པའི་མོས་པར་མཛོད། ཕྱག་མཚན་རྡོ་རྗེ་སྙིང་གར་རེག་ལ། སྙིང་པོའི་མཐར། ཛཿཧཱུྃ་བྃ་ཧོཿ བཛྭ་ས་མ་ཡ་ཧྶཾ། ཞེས་བརྗོད། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པས། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་རིག་པ་བག་ཆགས་དང་བཅས་པ་དག ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་བགེགས་དང་སྡིག་སྒྲིབ་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པ་གྲིབ་དང་མི་གཙང་བ། མ་རིག་པ། མི་ཤེས་པ། གཏི་མུག་པ་སོགས་མི་མཐུན་པའི་རྐྱེན་ཐམས་ཅད་ཞི། ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་སྒོ་ནས་ཕྱག་ན་རྡོ་རྗེའི་ཏིང་འཛིན་བསྒོམ་པ་ལ་དབང་། འབྲས་བུ་མཁྱེན་བརྩེ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཆོས་ཀྱི་སྐུ་འགྲུབ་པར་འགྱུར་བའི་སྐལ་ལྡན་དུ་བྱས་པ་ཡིན་ནོ།། མཐའ་རྟེན་གཏོར་མའི་བཀའ་བསྒོ་དང་བྱིན་རླབས་བྱ་བར་སྤྲོ་ན། ཁྱེད་རང་རྣམས་དཔལ་གསང་བའི་བདག་པོར་གསལ་བཏབ་བཞིན་པའི་སྒོ་ནས། གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པ་ལ། སློབ་དཔོན་གྱིས་གཟུངས་སྔགས་བརྗོད་ཅིང་རྩ་བརྒྱུད་བླ་མའི་མཚན་ནས་སྨོས་ཏེ་གསོལ་བ་བཏབ་པ་ལྟར་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཐམས་ཅད་གནང་ཞིང་ཐོབ་བྱུང་སྙམ་པའི་འདུན་པ་དྲག་ཏུ་གཏད་དེ་སྨོན་ལམ་ཐོབ་མཛོད། བླ་མས་གཏོར་མ་བཏེག་ལ། ཡི་དམ་གྱི་རྩ་སྔགས་དང་། བཅོམ་ལྡན་འདས་གསང་བའི་བདག་པོ། གྲུབ་པའི་སློབ་དཔོན་ཆེན་པོ་ཙི་ལུ་པ། ལས་ཀྱི་རྡོ་རྗེ། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ། ཝ་ལ་ཙནྡྲ། གླན་ལོ་དར་མ་ཚུལ་ཁྲིམས། རྗེ་བཙུན་རས་ཆེན་བཞད་པ་རྡོ་རྗེ། རས་ཆུང་རྡོ་རྗེ་གྲགས་པ། རྒྱལ་བ་ལོ་དང་སུམ་པ། གླིང་རས་པདྨ་རྡོ་རྗེ། མཉམ་མེད་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་པ་ནས། བདག་ཅག་གི་རྩ་བའི་བླ་མ་བཀའ་དྲིན་སུམ་ལྡན་གསང་བདག་རྡོ་རྗེ་འཛིན་དངོས་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོའི་བར་དུ་བྱོན་པའི་དྲིན་ཅན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་དང་ཌཱ་ཀི །རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མར་བཅས་པ་དང་། ཁྱད་པར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ཡེ་ཤེས་ཁྱུང་གི་ལྷ་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བར་མཛད་དུ་གསོལ། འདི་རྣམས་ཀྱི་ནད་གདོན་འགལ་རྐྱེན་བར་ཆད་གཟུང་འཛིན་འཁྲུལ་རྟོག་དང་བཅས་པ་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་གེགས་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་བསོད་དཔལ་འབྱོར་བདེ་སྐྱིད་སྙན་གྲགས་མངའ་ཐང་ཉམས་རྟོགས་ཡེ་ཤེས་ཡོན་ཏན་གྱི་རྩལ་ཁ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། སྣོད་བཅུད་ལྷ་འདྲེ་མི་གསུམ་སྲིད་པ་དང་ཞི་བའི་དཔལ་ཡོན་དངོས་གྲུབ་མ་ལུས་པ་དབང་དུ་འདུ་བར་བྱིན་གྱིས་བརླབ་ཏུ་གསོལ། བདུད་དགྲ་ལོག་པར་འདྲེན་པའི་མི་དང་མི་མིན་གནོད་འཚེའི་བསམ་སྦྱོར་འཆང་བ་རྣམས་སྐད་ཅིག་ཉིད་དུ་དྲག་པོ་མངོན་སྤྱོད་ཀྱི་སྟོབས་ཀྱིས་ཚར་གཅོད་པར་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་དཔལ་གསང་བའི་བདག་པོའི་གསང་གསུམ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱིས་གནས་སྐབས་མི་མཐུན་པའི་གཡུལ་ལས་རྒྱལ་ཞིང་། མཐར་ཐུག་ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་ཚེ་གཅིག་ལུས་གཅིག་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཡི་དམ་གསང་བའི་བདག་པོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །ཀླུ་རིགས་ཀུན་འཇོམས་ཁྱུང་ཆེན་ལྔའི། །དངོས་གྲུབ་བླ་མེད་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཡོངས་རྫོགས་པས། །མི་མཐུན་བདུད་བཞིའི་གཡུལ་རྒྱལ་ཞིང་། །གསང་བདག་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ཨཱཿཧཱུྃ། བ་ལིངྟ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩྨ་མཾ། ཛཿཧཱུྃ་བྃ་ཧོ། ཞེས་བརྗོད་བཞིན་གཏོར་མ་སྤྱི་བོར་འཇོག སླར་རྡོ་རྗེ་སྤྱི་བོར་བཞག་སྟེ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྭ་རཀྵ་ཧཱུྃ། ཞེས་སྲུང་བས་རྒྱས་གདབ། གཏོར་མ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་གསལ་བ་མར་མེ་གཅིག་ལས་གཉིས་ཀྱི་མཆེད་ཚུལ་དུ་ཁྱེད་རྣམས་ཀྱི་སྤྱི་བོར་བྱོན་འོད་དུ་ཞུ་ནས་གཉིས་སུ་མེད་པར་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དབྱེར་མ་མཆིས་པར་འདྲེས་པར་བསྒོམ་མཛོད། ཅེས་གཏོར་ཟན་དངོས་གྲུབ་ཏུ་ཅུང་ཟད་རེ་སྦྱིན་ནོ། །དེ་ལྟར་མཐའ་རྟེན་གཏོར་མའི་བཀའ་བསྒོ་བགྱིད་མིན་གང་ལྟར་ཡང་མཇུག་ཏུ། དེ་རྣམས་ཀྱི་སྒོ་ནས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་རྗེས་སུ་གནང་བ་ལེགས་པར་ཐོབ་པས། སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་ཚུལ་བཞིན་དུ་གནས་ཤིང་། ལྷ་མཆོག་འདི་ཉིད་ཡི་དམ་དུ་འཛིན་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས་ལན་གསུམ་གྱིས་དམ་ཚིག་ཁས་བླངས། གཏང་རག་མཎྜྻལ་དང་། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། གསུམ་པ་རྗེས་དེ་དག་གི་མཇུག་བསྡུ་བ་ནི། མཆོད་པ་གསར་དུ་བཤམ་པའམ་ཁ་གསོས་ལ། གོང་ལྟར་བྱིན་བརླབས། ཧཱུྃ། ཀུན་ཏུ་བཟང་པོས་སོགས་མཆོད་ཅིང་། ཧཱུྃ། དུས་གསུམ་བདེ་གཤེགསྎ ཀྱིས་བསྟོད། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག། ཅེས་སྨོན་ལམ་གདབ། དྲིལ་བུ་གསིལ་ཞིང་ཡིག་བརྒྱ་ལན་གསུམ་བརྗོད། མ་འབྱོར་པ་དང་སོགས་དང་། ལྷག་པ་དང་ནི་སོགས་བརྗོད་དེ་བཟོད་པར་གསོལ། མདུན་བུམ་དུ་བསྐྱེད་པའི་ཡེ་ཤེས་པ་ཙཀླི་སོགས་སྐུ་གསུང་ཐུགས་རྟེན་ལ། འདིར་ནི་གཟུགས་དང་ནས་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྭ་ཡེ་སྭཱ་ཧཱ། ཞེས་འབྲུ་འཐོར་ལ་བརྟེན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་བཅས་གོང་བསྙེན་དུས་བཤད་པ་ལྟར་བྱ། དཀོན་མཆོག་གསུམ་གྱི་ཤིས་བརྗོད་སྤྱི་དང་། ཁྱད་པར། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པའི་སྐུ། །གདུག་པ་མ་ལུས་འདུལ་མཛད་པའི། །རྡོ་རྗེ་འཛིན་པའི་བཀྲ་ཤིས་ཤོག །སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །རྡོ་རྗེ་བདེ་མ་བདེ་སྟེར་མ། །རྟོག་པ་ཐམས་ཅད་གཅོད་མཛད་པའི། །ཡུམ་མཆོག་དེ་ཡིྎ ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མི་མ་ཡིན་གྱི་འཚེ་བྱེད་པ། །འཇོམས་ཕྱིར་ཁྱུང་ཆེན་སྐུ་སྤྲུལ་ནས། །འགྲོ་དོན་མཛད་པའིྎ རྣམ་རྟོག་འཇོམས་མཛད་ཐུགས་རྗེའི་བདག །སོ་སོའི་རིགས་ཀྱི་སྐུར་སྟོན་པ། །ཁྱུང་ཆེན་ལྔ་ནི་རབ་ཏུ་གྲགས། །བགེགས་རིགས་འཇོམས་པའི་བཀྲ་ཤིས་ཤོག། ཅེས་སོགས་བཀྲ་ཤིས་ཀྱི་ཚིག་ཕྲེང་ཅི་ཡང་བརྗོད་པས་མཐའ་བརྒྱན་ནོ། །དེ་ནས་རྡུལ་ཚོན་ཡོད་ན་ཨ་ཀཱ་རོའི་སྔགས་བརྗོད་ཅིང་མཐའ་ནས་དབུས་སུ་བསྡུས་ལ་རིན་པོ་ཆེའི་བུམ་པར་བླུགས་ནས་ཆུར་གཤེགས། གཞན་ཚོམ་བུའམ་གཏོར་མཆོད་སོགས་བསྡུ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱས་ལ་འཁོར་གསུམ་ཡོངས་སུ་དག་པའི་ལྟ་བས་རྒྱས་གདབ། མཆོད་པའི་རས་མ་ལ་ལོངས་མི་སྤྱོད་ཅིང་གཙང་སར་འདོར་བར་བྱའོ། ཕྱི་ནང་གསང་བའི་བར་ཆད་བདུད་སྡེའི་གཡུལ། །དྲན་པས་དམིགས་མེད་གཞོམ་ལ་མཐུ་སྟོབས་བདག །དཔེར་འོས་གཞན་གྱིས་སྲིད་ཞིར་ཕོངས་དེ་ཕྱིར། །ནུས་མཐུའི་སྐོར་ཞེས་གྲགས་པའི་རི་མོ་གསལ། །གོང་མའི་གསུང་ལ་རང་བཟོས་མ་སྦགས་པར། །ལུགས་འདི་འཕེལ་བའི་བློ་གྲོས་དཀར་པོའི་མཐུ། །བརྟས་པས་ལེགས་བསྒྲུབས་དགེ་དེས་འགྲོ་བ་ཀུན། །རྡོ་རྗེའི་ཁྲོ་རྒྱལ་གསང་གསུམ་འགྲུབ་གྱུར་ཅིག། ཅེས་གཏུམ་པོ་ཁྱུང་ལྔ་དཔའ་བོ་གཅིག་ཏུ་བསྙེན་ཅིང་སྒྲུབ་པའི་ཐབས། གཞན་དོན་རྗེས་སུ་གནང་བའི་རིམ་པ་བཅས་བཀླག་ཆོག་བལྟས་གསལ་འདིའང་། སྔོན་དུས་སུ་བཀའ་སྲོལ་འདི་དར་རྒྱས་ཆེ་ལ། རྡོ་རྗེ་འཛིན་དབང་མང་ཞིག་ལམ་འདི་ལས་གྲུབ་པའི་རྒྱལ་ཐབས་ལ་གཤེགས་པས་འཕགས་བོད་ཀྱི་ལྗོངས་མཛེས་པར་གྱུར་མོད། ད་དུས་རྗེས་གནང་གི་རྒྱུན་མ་ནུབ་ཙམ་ཁོ་ན་ལས། བསྙེན་སྒྲུབ་ཉམས་ལེན་གྱི་ཕྱག་སྲོལ་ཉམས་པ་ལྟར་གྱུར་པ་སླར་གསོའི་ཆ་རྐྱེན་དུ་སྨན་ཞིང་། རང་མཉམ་སྐལ་དམན་བློ་རཏལ་རྣམས་འཇུག་པ་བདེ་བའི་སླད་དུ་དམིགས་ཏེ། ཀུན་མཁྱེན་ཆེན་པོའི་གསུང་རྡོ་རྗེ་ཕ་ལམ་ཀར་ལུགས་ཀྱི་གཅིག་ཤེས་ཀུན་གྲོལ་སོགས་ཁུངས་ཐུབ་ཡིག་ཆས་ཟུར་ཅུང་ཟད་བརྒྱན་ཏེ། དཔལ་ལྡན་འབྲུག་པའི་བསྟན་ཞབས་འཛིན་པའི་ཟོབ་བརྫུ་མཁན་བླུན་རྨོངས་འདུ་གསུམ་པ་ཁམས་སྤྲུལ་དོན་བརྒྱུད་ཉི་མར་འབོད་པས། ཁ་བཞི་ལྷོའི་སྨན་ལྗོངས་དམ་པ་ཆོས་ཀྱི་ཞིང་མཆོག་བྱེ་བྲག་ཀྲོང་སར་རྟ་ཕག་རི་ཁྲོད་ཟུང་འཇུག་གྲུབ་པའི་དགའ་ཚལ་དུ་སྦྱར་བ་འགྲོ་ཀུན་གསང་བདག་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །།
དཔའ་བོ་གཅིག་ཏུ་བསྙེན་པའི་མངོན་རྟོགས།
དཔའ་བོ་གཅིག་ཏུ་བསྙེན་པའི་མངོན་རྟོགས་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་རྡོ་རྗེ་གཏུམ་པོ་བསྒྲུབས་ནས་མ་རུངས་པ་ཐམས་ཅད་འདུལ་བར་བྱའོ་སྙམ་པས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །རང་ཉིད་སྐད་ཅིག་གིས་རྡོ་རྗེ་གཏུམ་པོར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། བླ་མ་རིགས་ཀྱི་བདག་པོར་བཞུགས་པའི་རྗེ་བཙུན་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་པ་ནི། །དངོས་དང་ཡིད་ལས་བྱུང་བདག །ནམ་མཁའ་མཉམ་པ་སྙེད་ཀྱིས་མཆོད། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། ལན་གསུམ། བཛྭ་མུཿ རང་ཉིད་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཨོཾ་སྭ་བྷཱ་ཝ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུད་དྷཱོ་ཧཾ། གཟུང་བ་དང་འཛིན་པ་ཐམས་ཅད་དག་ནས་རང་གི་སེམས་ན་ད་ཙམ་དུ་གནས་པ་དེའི་ངང་ལས། སྙིང་རྗེའི་ནུས་པ་དབང་དང་ལྡན་ནས། དེ་ལས་ཐིག་ལེ་ཟླ་ཚེས་ཧ་ཞབས་ཀྱུ་དང་བཅས་པར་ལངས་པའི་ཧཱུྃ་ཡིག་སྔོན་པོ། འོག་ཏུ་པདྨ་ཟླ་ཉི་མཐའ་གཉིས་སྤངས་པའི་གདན་ལ། ཧཱུྃ་ཡོངས་སུ་གྱུར་པས་རྡོ་རྗེ་མཐིང་ཤུན་གྱི་མདངས་ཅན་རྩེ་ལྔ་པ་ལྟེ་བ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་སངས་རྒྱས་ཐམས་ཅད་མཆོད། སླར་འདུས་པ་དེ་ཉིད་ལ་ཐིམ་པ་དང་། ཨོཾ་བཛྭ་པཱ་ཎི་ཧཱུྃ་ཕཊ྄་ཅེས་པའི་སྒྲ་ལྷང་གྲགས་པས་རྡོ་རྗེ་དེ་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་བཻཌཱུརྻ་ཆེན་པོའི་ཁམས་ལས་གྲུབ་པ་ལྟ་བུར་མཐིང་བ། སྐུའི་བོངས་དང་གཟི་བརྗིད་ཀྱིས་ས་གསུམ་པོ་ཐམས་ཅད་རྣམ་པར་གནོན་པ། ཞལ་ཅུང་ཟད་ཁྲོ་བ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ། ཕྱག་གཉིས་ཀྱི་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གཡོན་པས་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་བསྐུམ་པས་ལྷ་ཆེན་པོ་ལག་པ་སྟོང་གིས་རང་གི་གདོང་འཚོག་པ་ཁ་བུབ་ཏུ་འགྱེལ་བ་དང་། གཡོན་བརྐྱང་པས་ཨུ་མ་དེ་ཝཱི་གསོལ་བ་འདེབས་པའི་སྙིང་ག་བརྫིས་པ། ཐོད་པ་ལྔ་དང་ནོར་བུའི་ཅོད་པན་སྦྲུལ་རིགས་བརྒྱད། རིན་པོ་ཆེའི་རྒྱན། ལྷའི་གོས་སྔོན་པོ་སྟོད་དང་སྟག་གི་སློག་པ་སྨད་དུ་གསོལ་བ། སྐུ་ལས་མཆེད་པའི་མེ་ཀུན་ཏུ་འཁོར་བ། བསྐལ་པའི་མེ་དཔུང་ལྟ་བུས་བགེགས་དང་ལོག་པར་འདྲེན་པ་ལ་སོགས་པའི་གདོན་གྱི་ཚོགས་ཐམས་ཅད་ཐུལ་ཐུལ་བསྲེག་པ། ཨོཾ་བཛྭ་རཀྵ་ཧཱུྃ། སྤྱི་བོར་སྣ་ཚོགས་རྡོ་རྗེ་སོར་གང་བ་ལས་རྡོ་རྗེའི་ཞུ་ལུགས་འཕྲོས་པ་ཅིས་ཀྱང་གཞིག་པར་མི་ནུས་པ་རྡོ་རྗེའི་གོ་ཁྲབ། སྐུའི་པགས་པ་དང་གཉིས་སུ་མེད་པར་གྱུར། སྐུའི་སྒོར་ཨོཾ། གསུང་གི་སྒོར་ཨཱཿ ཐུགས་ཀྱི་སྒོར་ཧཱུྃ། ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་རང་གི་ལུས་གང་། ཕུང་པོའི་བདུད་བཅོམ། ཕྱིར་ཐོན་པས་སྐུའི་རིགས་ཐམས་ཅད་བསྡུས་ཏེ། སླར་ལོག་པ་དེ་ཉིད་ལ་ཐིམ་པས་སྐུའི་རྡོ་རྗེ་གཏུམ་པོ་སྐུ་མདོག་དཀར་པོ་ཞི་བ་ཆེན་པོ་ཚངས་པ་གདན་དུ་བཏིངས་པ། ཨཱཿལས་འོད་ཟེར་དམར་པོ་འཕྲོས་རང་གི་ལུས་གང་། ཉོན་མོངས་པའི་བདུད་བཅོམ། ཕྱིར་ཐོན་པས་གསུང་གི་རིགས་ཐམས་ཅད་བསྡུས་ཏེ་དེ་ཉིད་ལ་ཐིམ་པས། གསུང་གི་རྡོ་རྗེ་གཏུམ་པོ་སྐུ་མདོག་དམར་པོ་ཆགས་པ་ཆེན་པོ་དབང་ཕྱུག་གདན་དུ་བཏིངས་པ། ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་རང་གི་ལུས་གང་། འཆི་བདག་གི་བདུད་བཅོམ། ཕྱིར་ཐོན་ཐུགས་ཀྱི་རིགས་ཐམས་ཅད་བསྡུས་ཏེ་དེ་ཉིད་ལ་ཐིམ་པས། ཐུགས་ཀྱི་རྡོ་རྗེ་གཏུམ་པོ་སྐུ་མདོག་སྔོན་པོ་དྲག་ཤུལ་ཆེན་པོ་ཁྱབ་འཇུག་གདན་དུ་བཏིངས་པ། ལྟེ་བའི་ཧཱུྃ་ལས་འོད་འཕྲོས། ལྷའི་བུའི་བདུད་བཅོམ། ཡོན་ཏན་དང་འཕྲིན་ལས་ཀྱི་རིགས་ཐམས་ཅད་བསྡུས་ཏེ་སླར་ལོག་དེ་ཉིད་ལ་ཐིམ་པས། འཕྲིན་ལས་ཀྱི་རྡོ་རྗེ་གཏུམ་པོ་ལྗང་ཁུ་ཆེར་བཞད་པ། ཕྱག་གཉིས་ཕུར་བུ་བསྒྲིལ་བ་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་སྟན་དུ་བཏིངས་པ། གནས་བཞིའི་ཁྲོ་བོའི་སྐུ་ལས་རིགས་ཀྱི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པ་ནམ་མཁའི་ཁམས་ཁྱབ་པ་སྤྲོས། ལྕང་ལོ་ཅན་ནས་བཅོམ་ལྡན་འདས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིགས་ཀྱི་ཁྲོ་བོ་ཕོ་མོས་བསྐོར་བ་བཛྭ་ས་མཱ་ཛཿ ཨོཾ་བཛྭ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ། ཨཉྫྱ་མཱ་ཎཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧིས་མཆོད། མཚན་བརྒྱད་དམ་ཉེར་གཅིག་པའམ་བརྒྱ་རྩ་བརྒྱད་པས་བསྟོད་དོ། ཛཿཧཱུྃ་བཾ་ཧོཿ བདག་དང་གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གར་གནས་པའི་གཙོ་བོའི་ཐུགས་ཀར་རྡོ་རྗེ་ཁྲོ་བོ་ལྟེ་བར་ཧཱུྃ་སྔོན་པོ་གནས་པ་དེ་ལས་འོད་འཕྲོས་དབང་གི་ལྷ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་རྒྱུན་གྱིས་གང་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བརྗོད་བཞིན་པས་སྤྱི་བོ་ནས་དབང་བསྐུར་ཆུའི་རྒྱུན་དེས་ལུས་ངག་ཡིད་དེ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་ནག་འདུར་གྱིས་དབང་པོའི་སྒོ་བ་སྤུའི་བུ་ག་ནས་བཏོན། དྭངས་མ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའི་ས་བོན་བཞག་པས་ལུས་གང་བའི་རྒྱུན་སྤྱི་བོར་འཁྱིལ་བ་ངོ་བོ་བླ་མ། རྣམ་པ་མི་བསྐྱོད་པ་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་ཐོད་པ་ལྔའི་ཅོད་པན་ལ་བཞུགས་པར་གྱུར། ཞེས་བསྒོམས་ཏེ། དེའི་རྒྱུན་ལ་རྩེ་གཅིག་ཏུ་བཞག་ལ། དེ་ནས་བཟླས་བརྗོད་ལ་འཇུག་ལ། ཐུན་གྱི་མཐར། གཏོར་མ། ཨོཾ་ཨཱཿཧཱུྃ་ཧོཿསྦྱངས་རྟོགས་སྦར་བདུད་རྩིར་ཞུ། རང་ཉིད་ཀྱི་ཐུགས་ཀ་ནས་འོད་འཕྲོས། བཅོམ་ལྡན་འདས་ས་བླ་ས་སྟེང་ས་འོག་གི་འཇིག་རྟེན་ན་གནས་པའི་འབྱུང་པོ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ བཀུག ཨོཾ་ཨ་ཀཱ་རོ་སོགས་སྔགས་ཀྱིས་ཕུལ་ནས། བདག་ལ་ཚར་བཅད་པ་དང་རྗེས་སུ་འཛིན་པའི་ལས་ཐམས་ཅད་འགྲུབ་པའི་མཆོག་སྩལ་དུ་གསོལ་ཅེས་གསོལ་ཏེ་གཙྪཿརང་གནས་སུ་གཤེགས་ཏེ། བདག་གི་ལུས་མེ་ལོང་ལ་ཧས་བཏབ་པའི་དབུགས་ཡལ་བ་ལྟ་བུར་བསྡུས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། ཅེས་དགེ་བ་བསྔོའོ། །དེ་ལྟར་དཔའ་བོ་གཅིག་ཏུ་བསྙེན་པའི་མངོན་རྟོགས་གཟུང་བདེ་བ། རྒྱལ་བྱེད་ཚལ་སློབ་དཔོན་ངག་དབང་འཕྲིན་ལས་རྒྱ་མཚོའི་ངོར་ངག་དབང་ནོར་བུས་བགྱིས་པའོ། །སརྦ་མདྒ་ལཾ།། །།
རྡོ་རྗེ་གཏུམ་པོའི་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་འོད་ཀྱི་འཕྲེང་བ།
རྡོ་རྗེ་གཏུམ་པོའི་ལས་བཞིའི་སྦྱིན་སྲེག་འཕྲིན་ལས་འོད་ཀྱི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་བྷ་ག་ཝཱན་ཤྲཱི་བཛྭ་ཙཎྜྻཱ་ཡ། ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་པའི་གོ་འཕང་མཆོག་ཞི་བ། །བརྙེས་པ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་པ་རྣམས་ཀྱིས་ནི། །འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་མང་པོས་དམ་བཅིངས་པ། །མ་ལུས་ཐུགས་རྗེས་མྱ་ངན་འདས་པར་བཀྲི་མཛད་རྡོ་རྗེ་འཛིན་ལ་འདུད། །ཞི་རྒྱས་དབང་དྲག་མཆོག་དང་ཐུན་མོང་གི །དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། །དཔལ་ལྡན་རྡོ་རྗེ་གཏུམ་པོའི་སྦྱིན་སྲེག་ནི། །རྒྱུད་དང་རྒྱ་གཞུང་ཇི་བཞིན་བྲི་བར་བྱ། །དེ་ལ་འདིར། དཔལ་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་ཅིང་བསྙེན་པ་སྔོན་དུ་སོང་བའི་རྡོ་རྗེ་འཛིན་པས། རང་གཞན་གྱི་དོན་དུ་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བྱ་བ་ལ། སྔོན་འགྲོ་དང་། དངོས་གཞི། རྗེས་དང་གསུམ་ལས། དང་པོ་སྔོན་འགྲོ་ལ་ལས་སོ་སོའི་ཐབ་བཅའ་ཞིང་། མཆོད་རྫས་ཇི་ལྟར་བཤམ་པ་དང་། གཉིས་ལས། དང་པོ་ནི། ལས་ཀྱི་རྡོ་རྗེའི་རྒྱ་གཞུང་ལས། སྦྱིན་སྲེག་གི་ནི་ཆོ་ག་ལ། །ཁྱད་པར་བརྒྱད་དུ་ཤེས་པར་བྱ། །ཞེས་གསུངས་པས། དུས་ཀྱི་ཁྱད་པར། ཕྱོགས་ཀྱི་ཁྱད་པར། དབྱིབས་ཀྱི་ཁྱད་པར། ཁ་དོག་གི་ཁྱད་པར། རྫས་ཀྱི་ཁྱད་པར། ཏིང་ངེ་འཛིན་གྱི་ཁྱད་པར། ལྷའི་ཁྱད་པར། སྔགས་ཀྱི་ཁྱད་པར་དང་བརྒྱད་ལས། དང་པོ་དུས་ཀྱི་ཁྱད་པར་ནི། ཞི་བ་ལ་སྔ་དྲོ། རྒྱས་པ་ལ་ཉིན་ཕྱེད། དབང་ལ་ཕྱི་དྲོ། དྲག་པོ་ལ་ཉི་མ་ནུབ་པའོ། །ཕྱོགས་ཀྱི་ཁྱད་པར་ནི། གསང་བ་བསྟན་པའི་རྒྱུད་ལས། ཤར་དུ་ཞི་ལ་བྱང་ཕྱོགས་རྒྱས་པ་ཡིན། །ནུབ་ཏུ་དབང་ལ་བསད་པ་ལྷོ་ཕྱོགས་ཡིན། །ཞེས་གསུངས། དབྱིབས་ཀྱི་ཁྱད་པར་ནི། གསང་བ་བསྟན་པའི་རྒྱུད་ལས། སྦྱང་བ་ལ་སོགས་སྔོན་འགྲོ་བས། །ཞེས་གསུངས་པས། ས་མ་དུལ་བར་ས་ཆོག་སོགས་ཚར་བའི་རྗེས་སུ་སྒྲུབ་ཁང་གི་ཕྱོགས་སོ་སོར་ཁྲུ་དོ་དང་ལྡན་པའི་སྟེགས་བུ་གྲུ་བཞིར་བྱས་པའི་དབུས་སུ་ཐིག་ཆེན་བརྒྱད་བཏབ་ལ། གསང་བ་བསྟན་པའི་རྒྱུད་ལས། ཞི་བའི་ཐབ་ཀྱི་ཚད་སོར་བཅུ་བཞི། དབུས་ཕྱག་ལེན་ལ་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཁྲུ་གང་གི་ཚད་ཀྱི་ཕྱིར་མུ་རན་དང་ཁ་ཁྱེར་སོར་བཞི་པ་རེའི་མཐར་སྟེགས་བུའི་དོད་དུ་སོར་ལྔའི་ཚད་གྲུ་བཞིར་བཏབ་པའི་ཕྱིར་ཤུན་པ་སོར་གཉིས་པའི་ཟུར་བཞིར་ཟླ་ཕྱེད། རྡོ་རྗེས་མཚན་པར་བྲིས་པའི་ལྟེ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་ལྟེ་བ་ལ་སུམ་ཆ་རྩིབས་ལ་སུམ་གཉིས་ཡོད་པའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་ཇི་ལྟར་མཛེས་པའི་ལྟེ་བ་སྔོན་པོ་ལ། རྡོ་རྗེ་མཐིང་ནག་རྩེ་ལྔ་པ། ཤར་དུ་འཁོར་ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་ཁུ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ་བྲི། རྒྱས་པ་ལ་གསང་བ་བསྟན་པའི་རྒྱུད་ནས་སོར་བཅུ་དབུས་ཕྱག་ལེན་ལ་ནས་ཁྲུ་གང་གི་ཚད་ཟུར་ཐིག་བཞིའི་སྟེང་དུ་མཚན་མ་བྱ། དེའི་སྟེང་དུ་གྲུ་བཞི་བཞིར་བཏབ་པས་ཁྲུ་དོའི་ཚད་དུ་གྱུར་པའི་ཕྱིར་མུ་རན་དང་ཁ་ཁྱེར་སོར་བརྒྱད་པ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་དང་འཁོར་ལོའི་ལྟེ་བར་རིན་པོ་ཆེས་མཚན་པ། དབང་དབང་ལྡན་ནས་ལ་སོར་བཅུ་གཉིས་ཀྱི་ཚད་དབུས་ཕྱག་ལེན་ལ་ནས་ཟླུམ་པོར་བསྐོར་བའི་ངོས་གཅིག་ཐིག་གིས་བཅད་ལ་ཟླ་གམ་དུ་བྱས་པའི་ཕྱིར་མུ་རན་དང་ཁ་ཁྱེར་སོར་བཞི་པའི་མུ་རན་ལ་པདྨའི་འཕྱང་དང་ཁ་ཁྱེར་ལ་ལྕགས་ཀྱུ་དང་འཁོར་ལོའི་ལྟེ་བར་པདྨས་མཚན་པ། དྲག་པོ་གསང་བསྟན་ལས་སོར་བརྒྱད་ལ་སོར་མོ་ཉི་ཤུའི་ཕྱག་ལེན་ལ་ཚད་གྲུ་གསུམ་དུ་བཏབ་པའི་མུ་རན་དང་ཁ་ཁྱེར་སོར་གསུམ་པའི་མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་དང་འཁོར་ལོའི་ལྟེ་བར་རལ་གྲིས་མཚན་པ། སྟེགས་བུའི་མཚམས་བཞིར་ཡང་ལས་དང་མཐུན་པའི་ཕྱག་མཚན་སོ་སོའི་ཁ་དོག་བཞིན་རྡུལ་ཚོན་གྱིས་བྲིའོ། །བུད་ཤིང་གི་རྒྱུ། ཞི་བ་ལ་འོ་མ་ཅན་གྱི་ཤིང་། དཀར་བ་རྩེ་མོའི་ཆ་ལས་བྱུང་བའམ། སྲོག་ཆགས་མེད་པའི་བ་གླང་གི་ལྕི་བ་སྐམ་པོ་དྲི་བཟང་གིས་ཆུས་བྱུགས་པ། རྒྱས་པ་ལ་འབྲས་བུ་ཅན་སེར་པོ་དབུས་ཀྱི་ཆ་ལས་བྱུང་བ། དབང་ལ་ཁ་དོག་དམར་པོ། རོ་སྐྱུར་བ་སྨད་ཀྱི་ཆ་ལས་བྱུང་བ། དྲག་པོ་ལ་ནག་པོ་གྱོང་བ་རྩ་བའི་ཆ་ལས་བྱུང་བའོ། །ཞི་བ་ལ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་པ་ཟླུམ་པོར་བརྩིག རྒྱས་པ་ལ་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་གང་གྲུ་བཞིར་བརྩིག དབང་ལ། རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་ཟླ་གམ་དུ་བརྩིག དྲག་པོ་ལ་རྒྱར་སོར་ཉི་ཤུ། དཔངས་སུ་སོར་བཅུ་གྲུ་གསུམ་དུ་བརྩིག་ཅིང་། དེ་དག་སོ་སོའི་ཁ་དོག་གི་ཁྱད་པར་ཡང་། གསང་བ་བསྟན་པའི་རྒྱུད་ལས། དཀར་སེར་དམར་ནག་ལྗང་ཁུ་སྟེ། །ལས་དང་འབྲེལ་བར་ཤེས་པར་བྱ། །ཞེས་གསུངས་པས། ཞི་བ་ལ་ཁ་དོག་དཀར་པོ། རྒྱས་པ་ལ་ཁ་དོག་སེར་པོ། དབང་ལ་ཁ་དོག་དམར་པོ། དྲག་པོ་ལ་ཁ་དོག་ནག་པོའམ་ལྗང་ཁུར་བྱའོ། །དེ་རྣམས་ནི་བྲིས་ཐབ་ཀྱི་དབང་དུ་བྱས་པ་ཡིན་ལ། བརྩིག་ཐབ་དང་། བརྐོས་ཐབ་གང་བྱེད་ཀྱང་རྒྱ་ཚད་དང་དཔངས། མུ་རན་དང་ཁ་ཁྱེར། དབྱིབས་དང་ཁ་དོག་སོགས་ཕྱག་ལེན་བཞིན་ནོ། །གཉིས་པ་མཆོད་རྫས་དང་བསྲེག་རྫས་བཤམ་པ་ནི། གསང་བ་བསྟན་པའི་རྒྱུད་ལས། མཆོད་པའི་རྫས་དང་ཡམ་ཤིང་དང་། །དཱུར་བ་ལ་སོགས་བསྲེག་པའི་རྫས། །གཡས་དང་གཡོན་གྱི་རིམ་པ་ཡིན། །ཞེས་གསུངས་པས། རང་གི་མདུན་དུ་ཅོག་རྩེ་ལ་སོགས་པའི་ཁར་རྡོ་རྗེ་དྲིལ་བུ་དགང་བླུགས་བདུད་རྩི་རྣམས་བཞག་ཅིང་། ཞི་རྒྱས་དབང་གསུམ་ལ་གཡས་ཕྱོགས་སུ། ཆུ་བཞི་བཟེད་ཞལ་དང་བཅས་པའི་མཆོད་པ་རྣམ་ལྔ་དང་། གཡོན་ཕྱོགས་སུ། བསྲེག་རྫས། མར་ཁུ་ཏིལ། ཡུངས་ཀར། ཡམ་ཤིང་། འབྲས། དཀར་གསུམ་མངར་གསུམ། ཞོ་ཟན་དཱུར་བ། ཀུ་ཤ སོ་བ། ནས། མཱ་ཤ གྲོ། གཏོར་མ་མེ་དར་དང་བཅས་པ་སྟེ། དྲག་པོ་དེ་ལས་ལྡོག་ལ་བཤམ་པར་བྱའོ། །ཞི་བ་ལ་རང་རྒྱན་དང་ཆས་གོས་དཀར་པོས་བྱ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ་བྱ་ཞིང་། ཞི་བ་ལ་ཙོག་པུའི་འདུག་སྟངས། རྒྱས་པ་ལ་བཟང་པོའི་འདུག་སྟངས། དབང་ལ་པདྨའི། དྲག་པོ་ལ་ཁྲོ་བོའི་འདུག་སྟངས་ཀྱིས་བྱ་ཞིང་། ཏིང་ངེ་འཛིན་གྱི་ཁྱད་པར་ནི། གསང་བ་བསྟན་པའི་རྒྱུད་ལས། རང་ཉིད་རྡོ་རྗེ་འཛིན་པར་བསྐྱེད། །རྒྱས་ལ་དགའ་དང་ཞི་ལ་ཞི། །དབང་ལ་ཆགས་དང་བསད་ལ་ཁྲོ། །ཞེས་གསུངས་བའི་བསམ་པ་དང་ལྡན་པས། དཀྱིལ་འཁོར་བསྒྲུབ་མཆོད་མ་འབྲེལ་ན་སྐྱབས་འགྲོ་སེམས་བསྐྱེད་ནས་གཟུང་མཆོད་པ་བྱིན་རླབས་ཡན་བྱ། འབྲེལ་ན་བསྲུང་འཁོར་ཡན་བཞག་ལ་ཆུ་དང་མཆོད་པ་བྱིན་རླབས་ཀྱི་རྗེས་སུ། སྲེག་རྫས་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་བསྲེག་རྫས་རྣམས་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་མར་ཁུ། ཏིལ། ཡུངས་ཀར། ཡམ་ཤིང་། འབྲས། དཀར་གསུམ་མངར་གསུམ། ཞོ་ཟན། དཱུར་བ། ཀུ་ཤ སོ་བ། ནས། མཱ་ཤ གྲོ་ལ་སོགས་པ་རྣམ་པ་སྲེག་རྫས་སོ་སོར་སྣང་ཞིང་། ངོ་བོ་ཟག་མེད་ཀྱི་བདུད་རྩིའི་རང་བཞིན་ལས་སོ་སོ་སྒྲུབ་པ་ལ་ཐོགས་པ་མེད་པར་གྱུར། ཞེས་རྫས་སོ་སོ་ལ་དགང་བླུགས་རེག་ཅིང་སྔགས་ལན་གསུམ་གསུམ་བརྗོད་པའི་རྗེས་སུ་ཨོཾ་ཨཱ་སྭཱཧཱ། ཨོཾ་ཤྲཱིཾ་སྭཱཧཱ། ཨོཾ་ཛྭིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ལན་གསུམ་བརྗོད་ཅིང་། ཐབ་བྱིན་བརླབ་ནི། སྤོས་དཀར་དང་ཤ་ཆེན་སོགས་ཀྱི་དུད་པ་གཏོང་ཞིང་རོལ་མོའི་སྒྲ་སྒྲོག་བཞིན་པར། ཕེཾ་ཕེཾ་ཛཿཧཱུྃ་དྷརྨ་ཀ་ཀ་ཀཱིཏྟི་རཾ་ཞེས་པ་ནས། བཛྭ་ས་མཱ་ཛཿའི་བར་ལན་གསུམ་བརྗོད་པས། བླ་མ་གཏུམ་པོ་འཁོར་དང་བཅས་པ་སྤྲིན་གཏིབས་པ་བཞིན་བྱོན་ནས་བྱིན་གྱིས་བརླབས་པར་བསམ། གཉིས་པ་དངོས་གཞི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྲེག་བླུགས་འབུལ་བ་ལ། གཉིས་ལས། དང་པོ་ནི། ཐབ་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝ་འམ། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་བདག་གི་ཐུགས་ཀ་ནས་ཧཱུྃ་དཀར་པོ་གཅིག་ཐབ་ཏུ་འཕྲོས་པ་འོད་དུ་ཞུ་བ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ། རྒྱར་ཁྲུ་གང་། དཔངས་སུ་ཁྲུ་ཕྱེད་པ། མུ་རན་དང་ཁ་ཁྱེར་སོར་བཞི་པ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ། ཐབ་ཀྱི་ནང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་དང་ཕྱོགས་ཀྱི་རྩིབས་ལ་རིགས་ལྔའི་ཕྱག་མཚན་གྱིས་མཚན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པར་གྱུར། རྒྱས་པ་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་སེར་པོ་འཕྲོས་པ་སོགས་ཞི་བ་དང་འདྲ་ཞིང་། རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ། རྒྱར་ཁྲུ་དོ་དཔངས་སུ་ཁྲུ་གང་པ། མུ་རན་དང་ཁ་ཁྱེར་སོར་བརྒྱད་པ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་ལ་རིན་པོ་ཆེའི་འཕྲེང་བས་བསྐོར་བ། ཐབ་ཀྱི་ནང་དུ་འཁོར་ལོ་སེར་པོ་རྩིབས་བརྒྱད་ནས། ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་བར་གསུམ་ཀ་ལ་འགྲེ། དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད། མུ་རན་དང་ཁ་ཁྱེར་སོར་བཞི་པ། མུ་རན་ལ་པདྨའི་འཕྱང་དང་། ཁ་ཁྱེར་ལ་ལྕགས་ཀྱུའི་འཕྲེང་བས་བསྐོར་བ། དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་པ་རྒྱར་སོར་ཉི་ཤུ་དང་། དཔངས་སུ་སོར་བཅུ་པ། མུ་རན་དང་ཁ་ཁྱེར་སོར་གསུམ་པ། མུ་རན་ལ་ཁྲོ་བོའི་རྡོ་རྗེ་དང་། ཁ་ཁྱེར་ལ་རལ་གྲིའི་འཕྲེང་བས་བསྐོར་བ། འཇིགས་སུ་རུང་ཞིང་སྐྱི་གཡའ་བའི་གནས་སུ་གྱུར། མེ་བླང་ཞིང་གཞུག་པ་ནི། ཞི་བ་ལ་བྲམ་ཟེའི་ཁྱིམ་ནས་བླངས། རྒྱས་པ་ལ་རྒྱལ་པོའི་ཁྱིམ་ནས། དབང་ལ་སྨད་འཚོང་མའི་ཁྱིམ་ནས། དྲག་པོ་ལ་གཤན་པའི་ཁྱིམ་ནས་མེ་བླངས་ལ་ཤིང་སྐམ་མམ་རྩྭའི་ཆུན་པོ་རས་མར་གྱིས་སྦགས་པ་དཀྲིས་པ་བསངས་སྦྱངས་བྱས། ཞི་རྒྱས་དབང་གསུམ་ལ་ཐབ་ཀྱི་ཁ་ལ་གཡས་བསྐོར་དང་། དྲག་པོ་ལ་གཡོན་བསྐོར་བྱས་ཏེ། ཞི་བ་ལ་ཨོཾ་བཛྭ་ཛྷ་ལ་ཧཱུྃ་ཞེས་ཤར་ནས་གཞུག །རྒྱས་པ་ལ་བྱང་ནས། དབང་ལ་ནུབ་ནས། དྲག་པོ་ལ་ཧཱུྃ་བཛྭ་ཛྷ་ལ་ཧཱུྃ་ཞེས་ལྷོ་ནས་གཞུག་ཅིང་། མེ་མ་འབར་ན་རླུང་གཡབ་ཀྱིས་གཡབ་ཅིང་། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་ཞི་རྒྱས་དབང་གསུམ་ལ་མར་དང་། དྲག་པོ་ལ་མར་ནག་བླུགས གཟར་གསུམ་ཐབ་ཏུ་བླུག་པས་མེ་གསོལ་ལ། ཀུ་ཤ་གསར་པ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ། མ་གས་ཤིང་འདབ་མ་མ་གྲུག་པ་ཧ་ཅང་ཡང་མི་རིང་བའི་ཆུན་པོ་བསང་སྦྱང་བྱས་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་དེ་སྙིང་པོའི་མཆོག །དཀོན་མཆོག་གསུམ་པོ་མཉེས་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །བདག་གི་བགེགས་རྣམས་མ་ལུས་པ། །ཞི་ཞིང་བཀྲ་ཤིས་མཛད་དུ་གསོལ། །ཨོཾ་བཛྭ་ས་ཏྭ་ཨཿཞེས་པས་ཞི་རྒྱས་དབང་གསུམ་ལ། ཆུན་པོ་གཉིས་མདུན་ནས་གཡས་བསྐོར་དུ་ཤར་གྱི་རྩེ་མོ་ལྷོར་བསྟན། གཉིས་ལྷོའི་རྩེ་མོ་ནུབ་ཏུ། གཉིས་ནུབ་ཀྱི་རྩེ་མོ་བྱང་། གཉིས་བྱང་གི་རྩེ་མོ་ཤར་དུ་བསྟན་པ་དང་། དྲག་པོ་ལ་དེ་ལས་བཟློག་སྟེ་གཡོན་བསྐོར་དུ་སྟེགས་བུའི་ཁར་དགྲམ། ཆུན་པོ་ཆེ་བ་གཅིག་ཐབ་ཀྱི་སྟེང་དུ་རྩེ་མོ་ཤར་དུ་བསྟན་ལ་བཞག་པ་ནི་མེ་ལྷའི་གདན་དུ་བསམ་མོ། །བསྐྱེད་པ་ལྷའི་ཁྱད་པར་ནི། ཐབ་ཀྱི་དབུས་སུ་པད་ཉིའི་གདན་ལ། བདག་གི་ཐུགས་ཀ་ནས་ཧཱུྃ་དཀར་པོ་གཅིག་འཕྲོས། རྡོ་རྗེ་གཏུམ་པོ་ཡབ་ཡུམ་གཉིས་སུ་གྱུར་ནས་སྙོམས་པར་ཞུགས་པས་འོད་ཞུ་བ་ལས་བྱུང་བའི་དྲང་སྲོང་མེ་ལྷ་སྐུ་མདོག་དཀར་པོ་ཞི་བའི་ཉམས་ཅན་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་དབྱུག་ཐོ་དང་། གཉིས་པ་ན་སྤྱི་བླུགས། གཡོན་དང་པོ་བགྲང་འཕྲེང་དང་། གཉིས་པ་ན་མེ་ཐབ་བསྣམས་པ། རལ་པའི་ཅོད་པན་དང་བསུས་ཁྱིམ་ཆེ་བ། སྤྱན་གསུམ་པ་སྨ་ར་དང་ཨག་ཚོམ་ཅན། རིན་པོ་ཆེ་དང་ཚངས་སྐུད་ལ་སོགས་པས་བརྒྱན་པ། རྒྱས་པ་ལ་བདག་གི་ཐུགས་ཀ་ནས་ཧཱུྃ་སེར་པོ་འཕྲོས། འོད་དུ་ཞུ་བ་ལས་བྱུང་བའི་དྲང་སྲོང་མེ་ལྷ་སྐུ་མདོག་སེར་པོ་བརྗིད་པའི་ཉམས་ཅན། དབང་ལ་བདག་གི་ཐུགས་ཀ་ནས་ཧཱུྃ་དམར་པོ་འཕྲོས། འོད་དུ་ཞུ་བ་ལས་བྱུང་བའི་དྲང་སྲོང་མེ་ལྷ་སྐུ་མདོག་དམར་པོ་ཆགས་པའི་ཉམས་ཅན། དྲག་པོ་ལ་བདག་གི་ཐུགས་ཀ་ནས་ཧཱུྃ་ནག་པོ་འཕྲོས། འོད་དུ་ཞུ་བ་ལས་བྱུང་བའི་དྲང་སྲོང་མེ་ལྷ་སྐུ་མདོག་ནག་པོ་ཁྲོས་པའི་ཉམས་ཅན། གཞན་མངོན་རྟོགས་གོང་བཞིན་བསྐྱེད་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་མེ་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་བཛྭ་ས་མཱ་ཛཿ རྡོ་རྗེ་དྲིལ་བུ་སྤོས་དང་བཅས་པ་བཟུང་ལ། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཨཱ་ཀརྵུ་ཡ་ཛཿ ཞེས་པས་སྤྱན་དྲངས་ལ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཁའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་བསྐུར་གྱི་ལྷ་སྤྱན་དྲངས། དེ་རྣམས་ཀྱི་དབང་བསྐུར། དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། ཞི་བ་ལ་རྣམ་སྣང་། རྒྱས་པ་ལ་རིན་འབྱུང་། དབང་ལ་སྣང་མཐའ། དྲག་པོ་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། གསང་བ་བསྟན་པའི་རྒྱུད་ལས། བསང་གཏོར་ཐོར་འཐུང་མཆོད་ཡོན་དང་། །ཞབས་བསིལ་ལ་སོགས་དབུལ་བར་བྱ། །མེ་ཏོག་ལ་སོགས་རིམ་པས་ཏེ། །གཟར་བུ་གཉིས་ཀྱི་མར་ཁུ་དབུལ། །དེ་རྗེས་མེ་ཡི་མཚན་མ་བརྟག །ཅེས་གསུངས་པས། ཐོག་མར་མཆོད་ཡོན་དབུལ་བ་ནི། ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཞེས་པས་མཆོད་ཡོན་འབུལ། པཱདྱཾ་གྱིས་ཞབས་བསིལ། ཨཉྩྨ་མཱ་ནཱཾ་གྱིས་ཞལ་བསིལ། པྲོཀྵ་ཎཾ་གྱིས་བསང་གཏོར་ཕུལ་ལ། ཨོཾ་ཨགྣ་ཡེ་དེ་ཝ་ཏ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཞེས་སོགས་རྣམ་ལྔས་མཆོད། མེ་ལྷའི་ལྗགས་དང་དགང་བླུགས་ཀྱི་ཁ་ལ་རཾ་གྱིས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སྭཱཧཱ། ཞི་རྒྱས་དབང་གསུམ་ལ་མར་དང་། དྲག་པོ་ལ་མར་ནག དགང་བླུགས་ཁ་སྦྱར་བ་ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་བར་ཐབ་ཀྱི་ཁ་ལ་གཡས་སྐོར་བདུན་དང་། དྲག་པོ་ལ་པུས་མོའི་ཕྱི་ནས་གཡོན་སྐོར་གྱིས་བདུན་ཕུལ་ལ། མེ་པྲ་བརྟག་པ་ནི། གསང་བ་བསྟན་པའི་རྒྱུད་ལས། མདོག་དང་སྒྲ་དང་དྲི་དང་རོ། །དབྱིབས་དང་ཁ་དོག་བལྟ་བར་བྱ། །མེ་ནི་རྩེ་གཅིག་འབར་གྱུར་ན། །བསམ་པ་ཐམས་ཅད་འགྲུབ་པར་སྟོན། །གཉིས་འབར་རྩེ་གསུམ་མི་གཡོ་ན། །འབར་བའི་འབྲས་བུ་ཐམས་ཅད་འབྱིན། །རྩེ་བཞི་མཉམ་ཞིང་བརྟན་པ་སྟེ། །རྒྱས་པའི་ལས་ལ་འབྲས་བུ་ཡོད། །ཟླ་འདྲ་སྣུམ་ལ་དྲི་མ་མེད། །དུ་བ་མེད་ཅིང་བཻཌཱུར་འདྲ། །ནད་མེད་རིགས་རྣམས་རྒྱས་པ་ཡིན། །ཆུ་ཤེལ་ནོར་བུ་སྤུངས་པ་དང་། །པདྨ་རཱ་ག་གསལ་བ་ཡིས། །སྡིག་པ་མ་ལུས་ཟད་པར་འགྱུར། །དམར་སེར་པུཎྜྻ་རཱི་ཀ་དང་། །བནྡྷུའི་ཁ་དོག་གསལ་བ་དང་། །རྒྱལ་སྲིད་དཔལ་རྣམས་འབྱོར་པ་ཡིན། །ཨུཏྤལ་མ་ལི་ཨུ་ཤི་དྲི། །ཙམ་པ་ཀ་དང་པི་ཀར་དྲི། །ག་པུར་ཨ་ཀ་རུ་ཡི་དྲིས། །དགེ་ཞིང་ཚེ་རིང་དཔལ་གྱི་གནས། །ཟབ་པའི་སྐད་དང་དུང་དང་ནི། །རྫ་རྔ་པི་ཝཾ་ཌ་མ་རུའི། །དེ་ཡི་སྒྲས་ནི་བདེ་བ་འཕེལ། །དཔལ་བེའུ་བཀྲ་ཤིས་རྫས་སུ་འཆར། །རྒྱལ་མཚན་རྔ་ཡབ་ཕྱག་མཚན་རྣམས། །རིན་ཆེན་གདུགས་ཀྱི་དབྱིབས་སུ་འབར། །དགེ་བའི་མེ་ཡི་དབྱིབས་སུ་བསྟན། །ངན་པ་དེ་ལས་ཅི་རིགས་བཟློག །ངན་ན་བཟློག་པའི་ཐབས་ཀྱང་བྱ། །བསྲེག་བྱ་རྫས་ཀྱི་ཁྱད་པར་ནི། བརྟག་གཉིས་ལས། ཞི་ལ་ཏིལ་དང་རྒྱས་ལ་ཞོ། །དབང་དང་དགུག་ལ་ཨུཏྤལ་ལ། །སྡང་དང་བསད་ལ་ཚེར་མར་བརྗོད། །ཅེས་གསུངས་པས། ཞི་བ་ལ་ཏིལ་དང་ཡུངས་ཀར་འབྲས་དང་མར་དཀར་ཐོག་མར་འབུལ། རྒྱས་པ་ལ། བུད་ཤིང་གི་རྒྱུ་ལས་བྱུང་བའི་ཡམ་ཤིང་། ཞི་བ་ལ། བྱང་ཆུབ་ཤིང་དང་འོ་མ་ཅན། རྒྱས་པ་ལ། གོ་ལའི་ཤིང་དང་། ནྱ་གྲོ་ཏ། དབང་ལ། ཙན་དན་དམར་པོ་དང་། རྒྱ་ཤུག གོང་མ་གསུམ་ལ་རྩི་མར་གྱིས་སྦགས་པ་དང་། རྒྱས་པ་ལ་ཡམ་ཤིང་དང་། ཞོ་ཟན། རིན་པོ་ཆེ་སྣ་ལྔ། འབྲུ་ལྔ་ཐོག་མར་འབུལ། དབང་ལ་སྨན་གྱི་བྱེ་བྲག མེ་ཏོག་དམར་པོའི་རིགས་དཀར་གསུམ་མངར་གསུམ་ཐོག་མར་འབུལ། དྲག་པོ་ལ་སེང་དང་། ཚེར་ནག་ཟུར་གསུམ་པ་རྩེ་གཉིས་རྣོ་བ་ཁྲག་གིས་བྱུགས་པ་ལ་གནོད་བྱེད་ཀྱི་མིང་བྱང་བྲིས་པའི་ཡམ་ཤིང་དང་། དགྲ་ལ་བྱེད་ན་རོ་རས་དང་། བགེགས་ལ་ཤོག་བུ་ལ་དུག་ཁྲག་གམ་རོ་སོལ་གྱི་སྣག་ཚས་རང་གི་དྲི་མ་སོང་བར་བྱས་ལ། ལིདྒ་ཤིན་ཏུ་རིད་པ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་གཅིག་བྲིས་པའི་དཔྲལ་བར་རུས། སྙིང་ཁར་མིང་། གསང་གནས་སུ་བླ་གདགས་སོགས་ཕྱག་ལེན་བཞིན་བྲིས་པའམ། ཁྲག་ལས་སྦྲུས་པའི་ཟན་གྱི་ལིདྒ་ཡང་རུང་སྟེ། སྦྱངས་ཁྲུས་སོགས་ལེགས་པར་བྱས་པ། ལྕགས་ཀྱི་སྣོད་དམ་བྲུབ་ཁུང་དུ་བཅུག་ལ་དགུག་གཞུག་བྱ་བ་ནི། རང་གཏུམ་པོར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་དང་ཁྱུང་མང་པོ་སྤྲོས་པའི་ཕྱག་ན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས་པ་དཔག་ཏུ་མེད་པ་དགྲ་བགེགས་གང་ན་ཡོད་པ་ནས་སྤྲུལ་པའི་ཕོ་ཉ་དེ་རྣམས་ཀྱིས་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་རྐེ་ནས་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་ལུས་སེམས་མྱོས་པར་བྱས། རང་དབང་མེད་པར་བྱིའུ་ཁྲས་བདས་པ་བཞིན་བཀུག་ལ་ལིང་ག་ལ་བསྟིམ། ལུས་ཀྱི་ཕྱག་རྒྱ་བཞི་བྱེད་ཅིང་། ངག་ནས་བདེན་པའི་སྟོབས་བརྗོད་ལ། ནྲྀ་ཏྲི་ཤ་ཏྲུཾ་བིགྷནྣཱ། ཨོཾ་བཛྭ་ཨངྐུ་ཤ་ཛཿཨོཾ་བཛྭ་པཱ་ཤ་ཧཱུྃ། ཨོཾ་བཛྭ་ཀྵྨྱོ་ཊ་བཾ། ཨོཾ་བཛྭ་ཨཱ་བེ་ཤ་ཡ་ཨཿཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་བརྗོད་ཅིང་། ཡིད་ཀྱིས་དགྲ་བགེགས་གང་ཡིན་ལིང་ག་ལ་ཡང་ཡང་དུ་ཐིམ་པར་བསམ་པ་ནི་དགུག་གཞུག་བྱ་བའོ། །ལྷ་དང་དབྱེ་བ་ལ། འཇིག་རྟེན་པའི་ལྷ་དང་དབྱེ་བ་དང་། ཡེ་ཤེས་ཁ་སྦྱར་དབྱེ་བ་གཉིས་ལས། དང་པོ་ནི། ཁྱི་ལུད། ཕག་བྲུན། ཡུགས་སའི་ཞབ་མ། མཛེ་ཕོའི་ལཧྭམ་འབོབ། མུ་ཟི་ནག་པོ། སྒོག་སྐྱ། རའི་རྭ་གཞོབ། རྟ་བོན་པ་རྣམས་ཀྱི་དུད་པས། ལིང་ག་མན་ངག་ལྟར་བདུག་ཅིང་། གུ་གུལ་གཅིག་པོས་ཡང་བདུག་པར་བཤད། དེ་ནས་གཏོར་མ་བྱིན་ལ་བདེན་པ་བདར། སརྦ་ཤ་ཏྲུཾ་ཨུཙྪ་ཊཱ་ཡ་ཧཱུྃ་ཕཊ྄་ཅེས་བརྗོད་ལ་ཕྱིའི་རྒྱ་མཚོའི་མཐར་བསྐྲད་ཅིང་། གཉིས་པ་ནི། རང་རྡོ་རྗེ་གཏུམ་པོའི་ང་རྒྱལ་དང་ལྡན་པའི་སྐུ་གསུང་ཐུགས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཁོའི་སྒོ་གསུམ་གྱི་དྭངས་མ་ཡེ་ཤེས་ཀྱི་ལྷ་དང་བཅས་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་བཞིན། རང་གི་གནས་གསུམ་དུ་འུབ་ཀྱིས་བསྡུས་ནས་སྐྱེ་བ་མེད་པའི་ངང་ལ་མཉམ་པར་འཇོག་གོ །ཐུན་གྱིས་བསད་པ་ནི། ལྕགས་སམ་ཐོད་པ་མཚན་ངན་གྱི་སྣོད་དུ་ཐུན་རྫས་རྡོ་ཕྱེ། ལྕགས་ཕྱེ་ཟངས་ཕྱེ། ཡུངས་ཀར། ཀེ་ཚེ། ཤང་ཚེ་དེ་སྐམ་ཐུན་དང་། རློན་ཐུན་དུག་ཆུ་དང་། དུག་ཁྲག་ལ་ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ག་རུ་ཊ་དེ་ཝ་ཐེན་ཕྱུང་། དགྲ་ལ་བྱེད་ན་སརྦ་ཤ་ཏྲཱུཾ། བགེགས་ལ་བྱེད་ན་སརྦ་བིགྷྣཱན། ཀླུ་ལ་ནཱ་གའི་སྙིང་ལ་གཟེར། གནོད་བྱེད་འབྱུང་པོ་ཐུམ་རིལ་ལི་རྦད། ན་ག་ཙཎྜྻ་ཚལ་པ་ཨཱུུ་ཏེ། ནཱ་ག་ཙིཏྟ་ཤཀྟི་ཚལ་པ་ནན། ནཱ་ག་ཏྲཱི་ཏ་ས་མ་ཡ་ཨ་ཏྲི་བིགྷྣཱན་ཧ། ནཱ་ག་ཀྲོ་དྷ་པི་ཏ་ར་ཛཱ་ཡ། གནོད་བྱེད་ཐམས་ཅད་མཱ་ར་ཡ་ཤི་ཤི། ནན་ནན། དུལ་དུལ། རྦུད་རྦུད། གནོད་བྱེད་ཕོ་མོ་ཐུམ་རིལ་ལི་ལི་ཛཿ ལས་སྔགས་འདི་རྣམས་མང་དུ་བཟླས་ལ་གདབ་སྐམ་ཐུན་རློན་གྱིས་ལིང་ག་ལ་བྲབ་པ་ནི་ཐུན་གྱིས་བསད་པའོ། །དེ་ནས་ལྕགས་སམ་སེང་ལྡེང་གི་ཕུར་པ་བསངས་སྦྱངས་བྱས། སྟོང་པའི་ངང་ལས་པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེ་གཏུམ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོ་བ་ནམ་མཁར་འཕྱར་བ། གཡོན་མི་རུས་ཀྱི་ཕུར་པ་བསྒྲིལ་བ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་མེ་སྟག་གི་ཕུང་པོ་ལྟར་དམར་བ། དབུ་སྐྲ་དང་ཨག་ཚོམ་སྨིན་མ་ཁམ་སེར་གྱེན་དུ་བརྫེས་པ། སྦྲུལ་རིགས་ལྔས་བརྒྱན་པ། སྐུའི་ལྟེ་བ་མན་གནམ་ལྕགས་ལས་གྲུབ་པའི་ཕུར་པ་མེ་ནང་ནས་བཏོན་མ་ཐག་ལྟ་བུ་རྣོ་དབལ་དང་ལྡན་པ། མེ་འབར་བར་གྱུར་པའི་སྤྱི་བོར་ཨོཾ་ལས་ཞེས་པ་ནས་དབང་བསྐུར་བས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བདུན་རྣམ་དག་དང་བསྟོད་པ་བྱས། མེ་ཏོག་ལ་རྟེན་འབྲེལ་སྙིང་པོ་བཟླས་ལ་གཏོར་ཞིང་རང་གི་ལག་པ་གཡས་པས་རྡོ་རྗེ་ནམ་མཁར་འཕྱར་ཞིང་། གཡོན་པས་ཕུར་བུ་བཟུང་ལ། གོང་གི་ལས་སྔགས་ཀྱི་རྗེས་སུ་ཕུར་སྔགས། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚུཾ་བིགྷྣཱན་ཧཱུྃ་ཕཊ྄། ཀཱི་ལ་ཡ་ཀཱི་ལ་ཡ་བཛྭ་དྷཱ་ར་ཨཱ་ཛྙྱཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ྄་ཙིཏྟ་བཛྭ་ཀཱི་ལ་ཡ་ཧཱུྃ་ཕཊ྄་ཅེས་བཟླས་ཤིང་། ལིང་གའི་སྙིང་ག་སོགས་གནས་ལྔ་ཡན་ལག་བཞི་རྣམས་སུ་ཕུར་པ་འདེབས་ཤིང་། གཡས་རྡོ་རྗེ་ཐོ་བས་ཕུར་བུའི་མགོ་ནས་བརྡུང་ཞིང་། ཨོཾ་བཛྭ་མུདྒ་ར་བཛྭ་ཀཱི་ལ་ཡ་ཨ་ཀོ་ཊ་ཧཱུྃ་ཕཊ྄། ཅེས་པ་ནི་ཕུར་པས་བསད་པའོ། །མཚོན་རྣོན་པོ་གཞན་གྱིས་ཀྱང་གཏུབས་ལ་དམིགས་བྱའི་ཤ་ཁྲག་ཏུ་བསམ་དེ་སྲེག་རྫས་དང་བསྲེས་པ་དང་། གཞན་ཡང་ལིང་ག་བརྒྱ་རྩ་བརྒྱད། ཤ་ཆེན། ལན་ཚྭ་དུག་དང་ཁྲག ཉུང་ནག ཀེ་ཚེ། ཚིལ་ཆེན་ལ་སོགས་པ་གཙོ་བོར་འབུལ་བའོ། །སྔགས་ཀྱི་ཁྱད་པར་ནི། སྔགས་གང་གིས་འབུལ་ན། སྔགས་གཅིག་གིས་རྫས་ཐམས་ཅད་འབུལ་བ་དང་། སྔགས་སོ་སོས་རྫས་ཐ་དད་འབུལ་བ་སོགས་བཤད་ཀྱང་། འདིར་རྫས་རེ་དང་སྔགས་རེ་སྤེལ་ནས་མཐུན་པར་འབུལ་ཏེ། ལྷ་སྔགས། རྫས་སྔགས། ལས་སྔགས་གསུམ་སྦྲེལ་ནས་འབུལ་བ་ནི། རྫས་ཐུན་མོང་བའི་དང་པོ་ཞི་རྒྱས་དབང་གསུམ་ལ་མར་ཁུ་དང་། དྲག་པོ་ལ་མར་ནག་འབུལ་ཏེ། ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཨགྣ་ཡེ་སྭཱཧཱ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱཧཱ། བདུན་འབུལ། ཞི་བ་ལ། ཨོཾ་ཨགྣ་ཡེ་དེ་ཝ་ཏ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡེ་སྭཱཧཱ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ། ཏིལ། ཡུངས་ཀར་གྱི་ཡང་དེ་ཉིད་དོ། །གནོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་དང་། ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཡན་ཐམས་ཅད་ལ་འགྲེ་ཞིང་། སརྦ་པཱ་པཾ་གྱི་གནས་སུ། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱཧཱ། བྱང་ཆུབ་ཀྱི་ཤིང་ངོ་། །ཨོཾ་བཛྭ་ཡ་ཛྙྱཱ་ཡ་སྭཱཧཱ། ཨུ་དུམ་ཝ་རའི་འོ། །ཨོཾ་བཛྭ་བེ་རཱ་ཡ་སྭཱཧཱ། ནྱ་གྲོ་ཏའི། ཨོཾ་གཱ་ཏ་ཡ་སྭཱཧཱ། སེང་ལྡེང་གི་སྔགས་སོ། །ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཅེས་པ་ཡན་ཐམས་ཅད་ལ་འགྲེ་བ་ལས། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཡམ་ཤིང་ངོ་། །ཨོཾ་བཛྭ་པུཥྚ་ཡེ་སྭཱཧཱ། ཁྱིམ་དང་འབྱོར་པ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། འབྲས་མ་གྲུགས་པའི་འོ། །བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཞེས་ཐམས་ཅད་ལ་འགྲེ། ཨོཾ་དུ་དྷུ་ད་དྷི་མ་དྷུ་རེ་སྭཱཧཱ། ཤེས་རབ་འཕེལ་བ་ལ། དཀར་གསུམ་མངར་གསུམ་མོ། །ཨོཾ་སརྦ་སཾ་པ་དེ་སྭཱཧཱ། བདེ་བ་རྒྱས་པ་ལ། ཞོ་ཟན་ནོ། །ཨོཾ་བཛྭ་ཨཱ་ཡུ་ཥེ་སྭཱཧཱ། ཚེ་དང་བསོད་ནམས་འཕེལ་བ་ལ། དཱུརྦའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྭ་ཡ་སྭཱཧཱ། བསྲུང་བ་ཕུན་སུམ་ཚོགས་པ་ལ། ཀུ་ཤའོ། །ཨོཾ་བཛྭ་བི་ཛཱ་ཡ་སྭཱཧཱ། ནོར་དང་འབྲུ་རྣམས་རྒྱས་པ་ལ། འབྲས་སོ་བའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱཧཱ། ལུས་ཀྱི་ཤུགས་རྒྱས་པ་ལ། ནས་སོ། ཨོཾ་མ་ཧཱ་བཱ་ལཱ་ཡ་སྭཱཧཱ། ལུས་ཀྱི་སྟོབས་རྒྱས་པ་ལ། མོན་སྲན་གྲེའུ་འོ། །ཨོཾ་བཛྭ་གྷསྨ་རི་སྭཱཧཱ། ནད་མེད་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། གྲོའོ། །རྫས་རྣམས་གྲངས་བདུན་བདུན་ཕུལ་ལ། རྒྱས་པ་ལ། མར་ཁུ་ལ་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། སྡིག་པ་དང་བྲལ་བའི་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཨོཾ། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅདྎ ཁྱིམ་དང་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅདྎ ཤེས་རབ་ཕུན་སུམ་ཚོགས་པ་ཐམས་ཅདྎ བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅདྎ ཚེ་དང་བསོད་ནམས་སུམ་ཚོགས་པ་ཐམས་ཅདྎ བསྲུང་བ་ཕུན་སུམ་ཚོགས་པ་ཐམས་ཅདྎ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཐམས་ཅདྎ ལུས་ཤུགས་ཕུན་སུམ་ཚོགས་པ་ཐམས་ཅདྎ ལུས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཐམས་ཅདྎ ནད་མེད་པའི་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དབང་ལ་ཕུན་སུམ་ཚོགས་པ་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོཿ ཞེས་ཐམས་ཅད་ལ་སྦྱར་ཞིང་། དྲག་པོ་ལ། ཕུན་སུམ་ཚོགས་པ་ལ་གནོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་མ་ར་ཡ་ཕཊ྄། ཅེས་གཞུག་པར་བྱའོ། །དེ་ཡང་། གསང་བ་བསྟན་པའི་རྒྱུད་ལས། ཁུ་བ་ལ་སོགས་རྫས་རྣམས་ནི། །ལྷ་ཡི་ཞལ་དུ་མཆོད་པར་བྱ། །ཡམ་ཤིང་ཀུ་ཤ་ལ་སོགས་པ། །འོད་ལ་མཆོད་པར་བྱ་བ་ཡིན། །ཞལ་དུ་ཞལ་ཟས་ཐོར་འཐུང་དབུལ། །མེ་ཏོག་བདུག་སྤོས་དབུ་དང་འོད། །བྱུག་པ་སྙིང་ཁར་བསང་གཏོར་བྱ། །སྐུ་ལ་ཕུལ་ཏེ་ཞབས་བསིལ་ཞབས། །མར་མེ་ལ་སོགས་རིམ་བཞིན་གནས། །གཏོར་མ་ཞལ་དང་གོས་ཟུང་ན་བཟར་འབུལ། །ཞེས་པ་དང་། ཡང་དེ་ཉིད་ལས། བསྟོད་ཅིང་གསོལ་བའི་ལས་བྱ་སྟེ། །ཞེས་གསུངས་པས། བསྟོད་པ་ནི། ཧཱུྃ། འཇིགས་བྱེད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྦྱིན་མཛད་པ། །བདག་གཞན་དོན་ལ་རབ་ཏུ་བརྩོན། །དྲང་སྲོང་ཆེན་པོ་ཉིད་ལ་འདུད། ཧཱུྃ་ལས་སྐྱེས་པའི་དྲང་སྲོང་ཆེན་པོ་ནི། །སྐུ་མདོག་དཀར་པོ་ཞི་བའི་ཉམས་ལྡན་ཞིང་། རྒྱས་པ་ལ། སྐུ་མདོག་སེར་པོ་བརྗིད་པའི་ཉམས་ལྡན་ཞིང་། །དབང་ལ། སྐུ་མདོག་དམར་པོ་ཆགས་པའི་ཉམས་ལྡན་ཞིང་། དྲག་པོ་ལ། སྐུ་མདོག་ནག་པོ་ཁྲོས་པའི་ཉམས་ལྡན་ཞིང་། །ཞེས་འདོན་པ་བསྒྱུར་རོ། །ཞལ་གཅིག་སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། །ཕྱག་བཞི་གཡས་གཉིས་དབྱུག་ཐོ་སྤྱི་བླུགས་དང་། །གཡོན་པ་བགྲང་འཕྲེང་མེ་ཐབ་འཛིན་མཛད་ཅིང་། །རིན་ཆེན་ཚངས་སྐུད་སོགས་ཀྱིས་རབ་བརྒྱན་ཞིང་། །འདོད་པའི་དོན་རྣམས་སྒྲུབ་པར་བྱེད་པ་ཡི། །དྲང་སྲོང་བྱིན་ཟ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་ཅིང་། འཕྲིན་ལས་བཅོལ་བ་ནི། ཞི་རྒྱས་དབང་གསུམ་ལ་མར་དང་། དྲག་པོ་ལ་མར་ནག་དགང་བླུག་གསུམ་ཕུལ་ལ། ཞི་བ་ལ། དྲང་སྲོང་ཆེན་པོ་ཁྱེད་ལ་སྲེག་རྫས་ཕུལ་བ་ལ་བརྟེན་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བླ་མ་གོང་མ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་རྣམ་དཀར་གྱི་དགོངས་པ་རྫོགས་ཤིང་། ཞལ་བཞུགས་སྐུ་ཚེ་བརྟན་ཞིང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་རྒྱ་ཆེན་པོ་འབྱུང་བ་དང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ལ་སོགས་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཞེས་དང་། རྒྱས་པ་ལ། ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད། དཔལ་དང་འབྱོར་པ་ལ་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་དང་། དབང་ལ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། ཁྱད་པར་ལྷ་འདྲེ་མི་གསུམ་ནོར་དང་ལོངས་སྤྱོད་ལ་སོགས་མདོར་ན། སྣང་མི་སྣང་ཐམས་ཅད་དབང་དུ་བསྡུ་བར་མཛད་དུ་གསོལ། ཞེས་དང་། དྲག་པོ་ལ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨད་པ། དགེ་འདུན་གྱི་སྡེ་བཅོམ་པ། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་དམ་པའི་ཆོས་བསྒྲུབ་ཅིང་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི་དགྲ་བགེགས། སྔ་དགྲ་ལག་ལ་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་དངོས་སུ་སྦྱོར་བའི་ཆེ་གེ་མོ་ཞེས་བྱ་བ་དྲག་པོའི་ལས་ཀྱིས་ཚར་བཅད་ནས་ཡང་དག་པའི་ལམ་ལ་འགོད་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་། རྫས་རྣམས་ཕུལ་བའི་རྗེས་སུ་བྱས་ནའང་ལེགས་པར་སེམ་མོ། གཉིས་པ་གསང་བ་བསྟན་པའི་རྒྱུད་ལས། མེ་ལྷའི་སྙིང་གར་དཀྱིལ་འཁོར་མཆོད། །བསང་གཏོར་ལ་སོགས་རིམ་པ་བཞིན། །སྔར་བསྟན་པ་ལས་ཤེས་པར་བྱ། །ཞེས་གསུངས་པས། ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། མེ་ལྷ་སྙིང་ག་ཡངས་པའི་དབུས་སུ་བྷྲུཾ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་། ཞེས་པ་ནས། དབང་བསྐུར་རྒྱས་གདབ་ཀྱི་བར་གཞུང་བཞིན་ལ། བྱོན་སྐྱེམས་སྙིང་པོ་སོ་སོའི་ཞབས་སུ་ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་བཏགས་པས་ལས་དང་མཐུན་པའི་མར་རམ་མར་ནག་གཙོ་བོ་ལ་ཉི་ཤུ་རྩ་གཅིག་དང་འཁོར་རྣམས་ལ་བདུན་ཕུལ་ལ། ཕྱག་འཚལ་གྱི་རྗེས་སུ་མཆོད་པ་རྒྱས་པའམ། བསྡུས་པ། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ཞེས་སོགས་ཆུ་བཞི་དང་ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་རང་རྫས་མཛེས་པའི་བར་ཕྱི་རོལ་མཆོད་ཆོག་བཞིན་ལ། དེ་ནས་བསྲེག་རྫས་འབུལ་བ་ནི། ཨོཾ་བཛྭ་ཙཎྜྻ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཨོཾ་བཱི་ར་བཛྭ་སུ་ཁཱི་ཧཱུྃ་ཕཊ྄། ཡབ་ཡུམ་གྱི་སྙིང་པོ་ནས་ཨོཾ་ཨཱཿཧཱུྃ་ས་མ་ཡ་ཨོཾ་ག་རུ་ཌ་ཧཱུྃ་ཞེས་རྒྱས་པར་བསམ་གྱིས་མི་ཁྱབ་པའི་ཁྱུང་གི་བར་དང་། བསྡུས་པ་ཁྱད་པར་གྱི་འཁོར་བཞི། ཁྱུང་ལྔ་སོགས་ཀྱི་སྙིང་པོའི་ཞབས་སུ་རྫས་སྔགས་སོ་སོ་བཏགས་པ་མེ་ལྷའི་སྐབས་བཞིན་སྤེལ་ཚིག་དང་བཅས་པས། གཙོ་བོ་ཡབ་ཡུམ་ལ་བརྒྱ་དང་བརྒྱད་ཕུལ་ན་འཁོར་རྣམས་ལ་ཉི་ཤུ་རྩ་གཅིག་རེ་འབུལ། གཙོ་བོ་ཡབ་ཡུམ་ལ་ཉི་ཤུ་རྩ་གཅིག་ཕུལ་ན། འཁོར་རྣམས་ལ་བདུན་བདུན། གཙོ་བོ་ཡབ་ཡུམ་ལ་བདུན་ཕུལ་ན་འཁོར་རྣམས་ལ་གསུམ་གསུམ་འབུལ་བ་སོགས་རྒྱས་བསྡུས་ཀྱི་བྱེ་བྲག་ཤེས་པ་གལ་ཆེ་ཞིང་། གཏོར་མ་གཞུང་བཞིན་ཕུལ་ལ། གོས་ཟུང་འབུལ་བ་ནི། བསངས་སྦྱངས་བྱས་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྭ་ཝཧླུ་ཡ་སྭཱཧཱ། ཞེས་བརྗོད་ཅིང་། ལས་དང་མཐུན་པའི་སོ་རྩི་མར་རམ་མར་ནག་དགང་བླུགས་གང་། ཨོཾ་བཛྭ་ཏཱམྦུལ་ལ་ཡེ་སྭཱཧཱ། ཞེས་པས་ཕུལ་ལ། འདོད་པའི་དོན་ལ་གསོལ་བ་འདེབས་པའང་། རྡོ་རྗེ་གཏུམ་པོའི་ལྷ་ཚོགས་རྣམས་ལ་སྲེག་རྫས་ཕུལ་བ་ལ་བརྟེན་ནས། ཞེས་སོགས་མེ་ལྷའི་སྐབས་བཞིན་བྱའོ། །དེ་ནས། བདག་གིས་ཐོག་མ་མེད་དུས་ནས། །ཞེས་སོགས་རྒྱུན་བཤགས་དང་། བསྟོད་པ་ནི། འགྲོ་བ་ཀུན་གྱི་དཔལ་གྱུར་པ། །ཞེས་པ་ནས། ཐོགས་མེད་རྡོ་རྗེ་ཁྱོད་ལ་འདུད། །ཞེས་པའི་བར་རམ། ཡང་ན། གསང་བ་བསྟན་པའི་རྒྱུད་ལས་གསུངས་པའི་མཚན་ཉི་ཤུ་རྩ་གཅིག་གིས་བསྟོད་ལ། ཡིག་བརྒྱ་ལན་གསུམ་བཟླས་རྗེས། དམ་པ་རྗེ་བཙུན་པ་ཞེས་པ་ནས། དྲག་པོའི་ལས་ཀྱིས་ཚར་གཅོད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་བར་ཕྱི་རོལ་མཆོད་ཆོག་བཞིན་བྱའོ། །གསང་བ་བསྟན་པའི་རྒྱུད་ལས། དཀྱིལ་འཁོར་བསྡུ་གཤེགས་རིམ་པ་རྣམས། །མཁས་པས་ཉེ་བར་བརྟགས་ཏེ་བྱ། །ཞེས་གསུངས་པས་དཀྱིལ་འཁོར་དང་མེ་ལྷ་གཉིས་ཀའི་གཤེགས་བསྡུ་བསྟན་པ་ཡིན་གསུང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ལྷ་ཚོགས་རྣམས་ལ་མཆོད་བསྟོད་བསྡུས་པ་ཅིག་ཕུལ་ལ། གཤེགས་སྐྱེམས་ལས་དང་མཐུན་པའི་མར་རམ་མར་ནག་གཙོ་བོ་ལ་ཉི་ཤུ་རྩ་གཅིག་དང་། འཁོར་རྣམས་ལ་བདུན་བདུན་ཕུལ་ལ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་པས་ལྷག་ཆད་བསྐང་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ནས། བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྭ་པཱ་ཎི་མཎྜྻལ་མུཿ ཅེས་བརྗོད་པས། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ན་མདུན་བསྐྱེད་ཀྱི་ཡེ་ཤེས་པ་དཀྱིལ་འཁོར་དུ་གཤེགས་ཤིང་། མ་འབྲེལ་ན་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པའམ། དམ་ཚིག་ཡེ་ཤེས་དབྱེར་མེད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བདག་གི་ཐུགས་ཀར་ཐིམ་པས། བདག་དང་གཉིས་སུ་མེད་པར་བསམ་ཞིང་། གསུམ་པ་རྗེས་མེ་ལྷ་ལ་གཏང་རག་གི་མཆོད་སྦྱིན་དང་ཕན་ཡོན་བསྟན་པ་གཉིས་ལས། དང་པོ་ནི། མར་རམ་མར་ནག་དགང་བླུགས་གསུམ་ཐབ་ཏུ་བླུགས་པས། དྲང་སྲོང་མེ་ལྷ་ཞལ་ཕྱག་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། ཆུ་བཞི་མཆོད་པ་ལྔ་དང་སྲེག་རྫས་རྣམས་གོང་བཞིན་བདུན་བདུན་ཕུལ་རྗེས་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཟག་མེད་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཨོཾ་ཨགྣ་ཡེ་དེ་ཝ་ཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཞེས་གསུམ་མམ་ལྔས་ཕུལ་ལ། གོས་ཟུང་བསངས་སྦྱངས་བྱས་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྭ་ཝསྟཱ་ཡ་སྭཱཧཱ་ཞེས་བརྗོད་ཅིང་། སོ་རྩི་མར་རམ་མར་ནག་དགང་བླུགས་གང་། ཨོཾ་བཛྭ་ཏཱམྦུ་ལཱ་ཡེ་སྭཱཧཱ། ཞེས་པས་ཕུལ་ལ། བསྟོད་པ་དང་འཕྲིན་ལས་བཅོལ་བའི་བར་སྔར་བཞིན་བྱས་ལ། སླར་མཆོད་བསྟོད་བསྡུས་པའི་རྗེས་སུ། གཤེགས་སྐྱེམས། མར་རམ་མར་ནག་དགང་བླུགས་གསུམ་ཕུལ་ལ། ཡིག་བརྒྱ་ལན་གསུམ་བཟླས་པས་ལྷག་ཆད་བསྐང་། ནོངས་པ་བཟོད་པར་གསོལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱི། །རང་གནས་བདེ་བར་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨགྣ་ཡེ་དེ་ཝ་ཏ་གཙྪ་སྭ་བྷཱ་ཝཱ་ནཱཾ། ཞེས་པས་ཡེ་ཤེས་ཀྱི་མེ་ལྷ་ཤར་ལྷོར་གཤེགས། དམ་ཚིག་གི་མེ་ལྷ་བདག་གི་ཐུགས་ཀར་བསྡུ་ཞིང་། སྲེག་རྫས་ལྷག་མ་རྣམས་ཐབ་ཏུ་བླུག་ལ། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་བརྗོད་པས་འགྲོ་བ་རིགས་དྲུག་ཐམས་ཅད་དེར་འདུས་ནས་རང་རང་གི་འདོད་ཡོན་གྱིས་ཚིམ་པར་བསམ་ཞིང་། མེ་དེ་ལོང་ཡོད་ན་མ་ཤིའི་བར་བཞག ལོང་མེད་ན་ཞི་བ་ལ་འོ་མ་སོགས་དཀར་པོའི་དྲིའི་ཆུ་དང་། རྒྱས་པ་ལ་སེར་པོའོ། །དབང་ལ་དམར་པོའོ། །དྲག་པོ་ལ་དུག་ཁྲག་གི་ཆུས་གཞིལ་ལ། དེ་ནས་ཐལ་སོལ་རྣམས་ལས་ཐམས་ཅད་པའི་བུམ་པར་བླུག་ལ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ལ་སླར་ཆུ་གཙང་གིས་བཀང་བ་ཁྱེར་ནས་སྦྱིན་སྲེག་ཁང་པར་གཏོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །གཉིས་པ་རྗེས་ཕན་ཡོན་བསྟན་པ་ནི། གསང་བ་བསྟན་པའི་རྒྱུད་ལས། །དཀྱིལ་འཁོར་ལྷས་ནི་མཆོག་སྟེར་ལ། །མེ་ཡིས་འདོད་པའི་དོན་སྒྲུབ་བྱེད། །ཡན་ལག་གིས་ནི་བདེ་བ་སྦྱིན། །འོ་མ་སྦྲང་རྩིས་བདེ་བ་འཕེལ། །གྲོ་དང་སྲན་མས་ནད་ཀུན་སེལ། །དཱུརྦས་སྲོག་ནི་འཛིན་པ་ཡིན། །ནས་ཀྱིས་བརྩོན་འགྲུས་ལ་དབང་སྟེ། །སྟོབས་འཕེལ་མཱ་ཤ་ཀ་ཡིན་ནོ། །འབྲུ་འཕེལ་སོ་བའི་ལས་ཡིན་ཏེ། །སྡིག་པ་དག་པ་ཏིལ་ཡིན་ནོ། །འབྲས་ཀྱིས་ནུས་པ་འཕེལ་བྱེད་ལ། །ཞི་བ་ཡུངས་དཀར་ཀུ་ཤས་བསྲུང་། །དཔལ་བསྐྱེད་པ་ནི་བུད་ཤིང་སྟེ། །ཡམ་ཤིང་གཟི་བརྗིད་སྐྱེད་པར་བྱེད། །འབྱོར་པ་འཕེལ་བ་མར་ཡིན་ནི། །སྦྱིན་བདག་བཀྲ་ཤིས་ཐབ་ཡིན་ནོ། །དངོས་གྲུབ་ཀུན་སྟེར་མཆོད་པའི་རྫས། །ཐབས་དང་ཤེས་རབ་གཟར་བུ་སྟེ། །བདུད་ཀྱི་མར་གྱིས་ཚིམ་བྱེད་པ། །མཆོད་པ་གཞན་གྱིས་ཅི་ཞིག་བྱ། །ཞེས་གསུངས་སོ། །དེ་ལྟར་རྡོ་རྗེ་གཏུམ་པོའི་ལས་བཞིའི་སྦྱིན་བསྲེག་འཕྲིན་ལས་འོད་ཀྱི་འཕྲེང་བ་འདི་ཉིད། ཚུལ་འདི་ཉིད་ཀྱི་བསྙེན་བསྒྲུབ་ལ་ལྷག་པར་བརྩོན་པ་སྔགས་འཆང་ཆོས་ཀྱི་མགོན་པོ་དང་། གྲུབ་ཆེན་ཤཱཀྱའི་མཚན་ཅན་གྱི་རིགས་ཀྱི་དབོན་བརྒྱུད་ཆོས་ལ་ངེས་པར་སོམ་ཞིང་བློ་མིག་ཡངས་པ་བླ་མ་རྒྱ་མཚོས་ནན་གྱིས་བསྐུལ་བའི་ངོར། དཔལ་ལྡན་འབྲུག་པ་རིན་པོ་ཆེའི་རིང་ལུགས་དྲི་མ་མེད་པའི་རྡོ་རྗེ་འཛིན་པ་ངག་དབང་ནོར་བུས། ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ་རྒྱལ་གྱི་ཟླ་བའི་དམར་ཆ་འཕེལ་བའི་དགའ་བ་དང་པོའི་རྒྱལ་དང་ཕུར་བུ་འཛོམ་པའི་དུས་སྦྱོར་བཟང་པོ་ལ། གདན་ས་ཆེན་པོ་ར་ལུང་ཐིལ་གྱི་ཀུན་དགའ་ར་བ་ཆོས་ཀྱི་འབྱུང་གནས་དམ་པར་སྦྱར་བའི་ཡི་གེ་པའང་གུ་རུ་སཱ་ག་ར་ཉིད་ཀྱིས་བགྱིས་པའི་དགེ་བས་འཕྲིན་ལས་བཞི་བདེ་བླག་ཏུ་འགྲུབ་སྟེ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གྱུར་ཅིག། །།མདྒལཾ།། །།
རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་བསྙེན་པའི་མན་ངག་གསལ་བ།
རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་བསྙེན་པའི་མན་ངག་གསལ་བ་བཞུགས་སོ། །ན་མོ་བཛྭ་པ་ཎི་ཡེ། རྡོ་རྗེ་གཏུམ་པོ་རིགས་འདུས་དཀྱིལ་འཁོར་གྱི་བསྙེན་དམིགས་དངོས་ནི། རང་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་པད་སྟེང་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པའི་ལྟེ་བར། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། རིག་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་འབར་བའི་མཐའ་མར་གཙོ་བོའི་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་གྱིས་བསྐོར་བ་ལ། སྔགས་ཕྲེང་སྦྲུལ་མགོ་ལངས་པ་ལྟ་བུ་ལས་གཡས་བསྐོར་དུ་བྱུང་བ་ཨ་ཝ་དྷཱུ་ཏིའི་ནང་ན་མར་སོང་། རྡོ་རྗེ་ནོར་བུ་ནས་ཡུམ་གྱི་པདྨ་བརྒྱུད་དེ། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཤིང་སྙིང་གའི་ཧཱུྃ་ཡིག་ལ་བསྐོར་བ། སླར་ཡང་དབུ་མའི་ལམ་ནས་སོང་བར་དམིགས་པ་སོགས་གོང་བཞིན་ཏེ། དོ་ལའི་བཟླས་པ་ཞེས་སམ། འཁྱོགས་ཀྱི་བཟླས་པ་དེ་ལྟ་བུ་ལ་ཡེངས་མེད་དུ་དྲིལ། སྐབས་སུ་དམ་ཚིག་གི་བཟླས་པ་ཞེས་སཾ། དོན་གཉིས་ཀྱི་དམིགས་པ་བྱ་བ་ནི། དེ་ལྟ་བུའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་རབ་འབྱམས་སུ་ཕོག རྒྱལ་སྲས་ཞི་ཁྲོ་རྣམས་ལ་མཆོད་པ་ཕྱི་ནང་གསང་བ་ཡོངས་རྫོགས་ཕུལ་བ་མཉེས་པར་བྱས་དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱུང་བ་རང་ལ་ཐིམ་པས་བྱིན་རླབས་སྨིན་ཅིང་དངོས་གྲུབ་ཐོབ་པར་བསམ་པ་རང་དོན་དང་། ཡང་འོད་ཟེར་འགྲོ་དྲུག་གི་གནས་རྣམས་སུ་ཕོག་དེ་རྣམས་ཀྱི་སྡིག་སྒྲིབ་བྱང་གསང་བའི་བདག་པོའི་གོ་འཕང་ལ་བཀོད་པར་བསམ་པ་ནི་གཞན་དོན་ནོ། །དེ་ལྟར་གྱི་དམིགས་པ་ཐུན་གྱི་དངོས་གཞི་དང་རྗེས་སུ་སངས་རྒྱས་སེམས་ཅན་བཟང་ངན་དུ་དབྱེ་བའི་སྣོད་ཐམས་ཅད་གཞལ་ཡས་ཁང་། བཅུད་ལུས་རྡོ་རྗེ་གཏུམ་པོར་ཡེ་ནས་གནས་པར་ཡིན་ལུགས་ཤེས་པའི་ངེས་ཤེས་དང་། དེ་རྣམས་ཀྱང་ཕྱི་རོལ་ཏུ་མ་ཆད་པའི་རང་སེམས་དང་རོ་མཉམ། ༈ སྣང་སྲིད་ལྷའི་དཀྱིལ་འཁོར་དང་། ལྷ་རང་དུ་ཤེས་པ། གཉིས་མེད་བདེ་བ་ཆེན་པོ་རང་རིག་པའི་གཤིས་ཐོག་ཏུ་འཇོག་པ་ནི་བསྐྱེད་རྫོགས་ཀྱི་མཐར་ཐུག་པའོ། །འཁོར་གྱི་བསྙེན་དམིགས་ནི། ལྷ་ཞི་དྲག་སོ་སོའི་ཐུགས་ཀར་ཟླ་བ་དང་། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཧཱུྃ་ཧཱུྃ་ཀྵ་སོགས་སོ་སོའི་ས་བོན་གྱི་ཡི་གེས་མཚོན་པའི་མཐར་ལྷ་རང་སྔགས་ཀྱིས་བསྐོར་བ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས། འཁོར་རྣམས་ཀྱི་ཐུགས་ཀར་ཕོག་པས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་མོས་ནས། ཁམས་གསུམ་རྣམ་རྒྱལ་ལ་སོགས་རིམ་བཞིན་དུ་བཟླའོ། །བསྙེན་པའི་གྲངས་ནི་བཟང་པོ་མདོར་བསྡུས་ལས། གཙོ་བོ་འབུམ་དང་འཁོར་ལ་ཁྲི། །རབ་འབྲིང་མཚན་མ་མཐོང་བར་བྱ། །ཞེས་གསུང་བཞིན་དང་། དཀྱིལ་ཆོག་གཞན་དུ། གྲངས་གཙོ་བོ་ལ་རབ་འབུམ་ཚོ་སུམ་ཅུ་སོ་དྲུག འབྲིང་ཉི་ཤུ་རྩ་གཉིས། ཐ་མ་བཅུ་ཞེས་གསུངས་ཀྱང་། འདིར་གཙོ་བོའི་སྐུ་གསུང་ཐུགས་ཀྱི་སྔགས་སུམ་སྦྲེལ་ལ་གཞུང་འབུམ་དུ་གསུངས་ཀྱང་། རྩོད་དུས་བཞི་འགྱུར་དབང་དུ་བྱ་བའམ། འགྲུབ་ན་འབུམ་ཕྲག་བཅུ་དྲུག་གོ །འཁོར་ལ་ཁྲི་བཞིའམ། དེ་ལྷག་གང་འགྲུབ་དང་། མཚན་ཉེར་གཅིག་པའི་དེ་བཞིན་བརྒྱུད་ལས་ཤིན་ཏུ་བསྔགས་པའི་ཕན་ཡོན་ཆེ་བར་གསུངས་བཞིན་ལས་ཁྲི་བཞིར་བཟླ་བ་ཡིན་ནོ། །དེ་ལྟ་བུའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་ཆེན་ཡོངས་སུ་རྫོགས་པའོ།། ཅེས་པའང་ཆོས་སྤྱན་ལྡན་པའི་བླ་མ་དཀོན་མཆོག་དཔལ་བཟང་གིས་བཞེད་དོན་དུ། ༈ སྙོམ་ལས་པ་ཀུན་དགའ་བསྟན་འཛིན་གྱིས་བསྙེན་དམིགས་རང་རྐྱང་མདོ་ཙམ་འཕྲལ་དུ་ཟིན་ཐོར་བཏབ་པ་དགེ་བར་གྱུར་ཅིག །མངྒ་ལཾ།། །།
ལས་བཞིའི་སྦྱིན་སྲེག་གི་ཆོ་གའི་ལག་ལེན་མཛུབ་ཚུགས་མ།
ལས་བཞིའི་སྦྱིན་སྲེག་གི་ཆོ་གའི་ལག་ལེན་མཛུབ་ཚུགས་མ་བཞུགས་སོ། །སྙིང་གི་སྤྱིལ་བུར་བླ་མ་ལ། །གུས་པར་ཕྱག་བྱས་ཐུབ་པའི་བུ། །འདོད་དོན་སྒྲུབ་ལ་མི་བསླུ་བ། །ཧོ་མའི་ཆོ་ག་བྱ་ལ་ཞུགས།། འདིར་ནད་དང་གདོན་བགེགས་དང་བཀྲ་མི་ཤིས་པ་དང་སྡིག་པ་ལ་སོགས་པ་ཞི་བར་བྱ་བའི་ཕྱིར། སྔགས་ལ་གཞོལ་བའམ་བསམ་གཏན་པའི་སློབ་དཔོན་གྱིས་ཀྱང་རུང་སྟེ། སྙིང་རྗེར་ལྡན་པའི་སེམས་ཀྱིས་སྤྱིར་བཀྲ་ཤིས་པའི་དུས་གཟའ་སྐར་སྦྱོར་ཚེས་དགེ་བའི་དགོང་ཐུན་ལ། ས་གཞི་དཀར་པོའི་ཆ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ཤར་དུ་རང་གཞུང་གིས་དགོས་ན་ས་བརྟག་བསླང་སྦྱང་གཟུང་གི་བར་བྱས། ཐབ་ཁུང་གི་ཕྱེད་དུ་ཐིག་ཆེན་བརྒྱད་བཏབ། ལྟེ་བ་ནས་མཐོ་གང་བསྐོར་བས་ཟླུམ་པོ་ཐབ་ཁུང་སྲིད་དུ་མཐོ་གང་། །ནང་གི་དེ་ནས་འོག་ཏུའང་དེ་ཙམ་བརྐོ། ཁ་ཁྱེར་ནས་ཕྱིར་སོར་བཞི་མུ་ཁྱུད་དུ་བསྐོར་བའི་ཕྱེད་རྩིག་པ་ལ་འབྱར་བ། ཕྱེད་ཁ་ཁྱེར་ལས་གྱེན་དུ་འཕགས་པ་ཞེང་སོར་བཞི། ཡང་ན་བྲིས་ཀྱང་རུང་། ནང་ཁྱབ་པའི་པདྨ་དཀར་པོ་འདབ་བརྒྱད། སོར་བརྒྱད་པའི་རྡོ་རྗེས་མཚན་པ། ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་བསྐོར་བ། ཕྱིའི་གྲྭ་བཞིར་རྡོ་རྗེ། བུད་ཤིང་ཡཾ་ཤིང་དང་མཐུན་པའམ། དགོན་པའི་ལྕི་སྐམ་སྲོག་ཆགས་མེད་པ། ནང་དུ་ཐབ་ལས་ཅུང་དམའ་བ་ཁྲུ་གང་ལྷག་མེད་ཙམ་ཟླུམ་པོར་བརྩིག་གོ །ཐབ་ཕྱི་ནང་ས་དཀར་དང་ཙན་དན་དཀར་པོ་ག་པུར་ལ་སོགས་པའི་དྲི་བཟང་བཏབ་པས་བྱུགས་ཏེ་དཀར་པོར་བཏང་། མེ་ཏོག་དཀར་པོ་གཅལ་དུ་བཀྲམ། སྒྲུབ་པ་པོའི་གཡས་སུ་སྲེག་རྫས། ཡཾ་ཤིང་འོ་མ་ཅན་གྱི་ཤིང་རློན་པ་འདའ་ཤུན་དང་བཅས་པ། ཤིང་དེ་དག་གི་རྩེ་མོའི་ཆ་ལས་སོར་བཅུ་གཉིས་སུ་བྱས་པ་སྣུམ་དང་དྲི་བཟང་པོས་སྦགས་པ། མར་གྱི་ཁུ་བ་ཏིལ་ལ་སོགས་པའི་སྲེག་རྫས་ཆ་གཉིས། ཨརྒྷཾ་མདུན། འཐོར་འཐུང་ལ་སོགས་པ་མཆོད་རྫས་ལས་དང་རྗེས་སུ་མཐུན་པ་གཡོན། རྣལ་འབྱོར་དང་མཐུན་པའི་ཡོ་བྱད་མདུན་ཟུར་དུ་སྟེགས་བུ་གཙང་མ་རྟེན་ཁེབས་ལ་སོགས་པའི་གཡོགས་མ་ཅན་ལ་བཀོད། དགང་བླུགས་བཤམས། ཀུན་སྤངས་ཡིན་ན་འདི་ལག་པ་གཡོན་པའི་སོར་མོ་བརྐྱང་ཞིང་གཡས་པའི་མཐེབ་སྲིན་སྦྱར་བས་འགྲུབ། སློབ་དཔོན་འཁོར་ལོས་བསྒྱུར་བའི་ཆས་གོས་དཀར་པོ་ཤེལ་ལ་སོགས་པས་བརྒྱན། བཟའ་བཏུང་འོ་མ་ལ་སོགས་སྡོར་དཀར། སྟན་འཇམ་པ་ནང་ཚངས་ཅན། པུས་མོ་གཡོན་པའི་སྟེང་དུ་གཡས་གན་རྐྱལ་དུ་གནས་པ་པདྨའི་སྐྱིལ་ཀྲུང་བཅས། གདོང་འཛུམ་དང་བཅས་པ། བགེགས་ཞི་བར་བྱ་བའི་ཕྱིར་གཏོར་མ་བྱིན་བསྐྲད་ནས། གཞུང་གང་ཡིན་པའི་བདག་བསྐྱེད་རྫོགས་པར་བསྒོམས་ཏེ། དེ་བསྡུས་ནས་ལངས་དུས། བཾ་ལས་ཆུའི་དཀྱིལ་འཁོར། པཾ་ལས་པདྨའི་སྡོང་པོ་ཨ་ལས་ཟླ་ཤེལ་གྱི་གདན་བཏིང་བ་ལ། ཨོཾ་ལས་རང་ཉིད་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ། འཁོར་ལོས་བསྒྱུར་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། རྫས་གཉིས་ལས་ཐམས་ཅད་པའི་སྔགས་བཟླ་ཞིང་ཀུ་ཤའི་ཆུན་པོས་བསངས་གཏོར་བྱས། སྤོས་ཀྱིས་བདུག ཆུ་གསུམ་རང་གི་ལྷའི་སྔགས་ལ་ཆེ་གེ་མོའི་ནད་ལ་སོགས་པ་ཤནྟིཾ་ཀུ་རུ་སྭཱ་ཧཱ་བཏགས་པ་ལན་བདུན་བཟླས་པ་ཉེར་སྤྱད་ལྔ་ཧཱུྃ་ལས་བྱུང་བར་བསམ་ལ་གདན་བཞིར་གསུངས་པ། ཨོཾ་སྭཱ་ཧཱས་རྫས་བཀྲུས། ཨོཾ་ཨཱཿསྭཱ་ཧཱས་ཡཾ་ཤིང་། ཨོཾ་ཤྲཱིཿསྭཱ་ཧཱས་ཞུན་མར། ཨོཾ་ཛྭེཾ་སྭཱ་ཧཱས་འབྲུ་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་དེ་ལས་གཞན་པ་རྣམས་སྦྱངས། ཨོཾ་ཨཱཿཧཱུྃ་བཟླ། ལྷ་རྫས་ཀྱི་ཡོ་བྱད་ཞལ་དུ་གསོལ་རྒྱུ་རྣམས་བདུད་རྩིར། ཡཾ་ཤིང་བྱང་ཆུབ་ཀྱི་ཤིང་དུའོ། །དེ་ནས་ཀུ་ཤ་ལས་ཐམས་ཅད་པས་བསངས་གཏོར་བྱས་གཡས་སྐོར་དུ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པ་འདབ་མའི་སྙིང་། །དཀོན་མཆོག་གསུམ་པོ་མཉེས་བྱེད་ཅིང་། །ཚངས་པ་ལྷ་ཡི་དག་བྱེད་ཡིན། །བགེགས་རྣམས་ཞི་བར་མཛད་དུ་གསོལ། །ཨོཾ་བཛྭ་སཏྭ་ཨཿ ལན་གསུམ་བཟླས་པས་རང་གི་གཡོན་ཕྱོགས་ནས་རྩེ་ཤར་དུ་བསྟན་ནས་བཀྲམ། བྲམ་ཟེའམ་དགེ་འདུན་གྱི་ཚང་མང་ངམ། དགེ་སྡིག་གང་ཡང་མི་བྱེད་པའི་ས་ནས་སམ། གཙུབ་ཤིང་ལས་བྱུང་བའི་མེ་བླངས། མེ་དེ་བསངས་ཐབ་ཀྱི་བུད་ཤིང་གི་དབུས་སུ་རྩ་སྐམ་པོའི་ཆང་བུ་ཤིང་གཞོགས་དང་ལྷན་ཅིག་མེ་ཕྱོགས་ནས། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ་ཞེས་བརྗོད་ཅིང་། རླུང་ཡབ་ཀྱིས་སྦར། ཨོཾ་བྷྲཱུྃ་སྭཱ་ཧཱ། རིགས་ཀྱི་སྙིང་པོ་འམ་ཨོཾ་ལན་བདུན་བཟླས་མར་གྱི་དགང་བླུགས་བདུན་བླུགས་པས་ལེགས་པར་སྦར། དེ་ནས་ལས་ཐམས་ཅད་པས་ཐབ་བསངས། བྷྲཱུྃ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ་ཁ་ཁྱེར་རྡོ་རྗེ་རྩེ་གསུམ་པས་བསྐོར་བ་ལྟེ་བར་ཆོས་འབྱུང་། དེའི་དབུས་སུ་པདྨ་དཀར་པོའི་སྟེང་དུ་རཾ་ལས་སྐྱེས་པའི་ཞི་བའི་མེ་ལྷ་པཱ་བ་ཀ་ཟླ་བ་ཆུ་ཤེལ་གྱི་མདོག་ཅན་ཤིན་ཏུ་ཞི་བ་སྙེམས་དང་ལྡན་པ། དྲང་སྲོང་གི་ཆ་བྱད་ཅན་ཕྱག་བཞི་གཡས་གཉིས་རྡོ་རྗེ་རྩེ་གསུམ་དང་བགྲང་འཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་ཅིང་། རྒྱན་དང་ན་བཟའ་དང་མཆོད་ཕྱིར་ཐོགས་དཀར་པོ་ཅན་འོད་ཟེར་དཀར་པོ་འཕྲོ་བས་ནད་ལ་སོགས་པ་སེལ་བར་བྱེད་པ་སེམས་དཔའི་སྐྱིལ་ཀྲུང་གིས་རྭ་སྐྱེས་ཀྱི་སྟེང་དུ་བཞུགས་པ་མེའི་ཁམས་ཀྱི་རང་བཞིན། ཨོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །ལས་ཀྱི་དོན་ཀུན་སྒྲུབ་པ་པོ། །སྙིང་རྗེས་སེམས་ཅན་དོན་མཛད་ནས། །འདི་ཉིད་དུ་ནི་ཉེ་བར་མཛོད། །བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་འཇིག་རྟེན་གྱི་ཁམས་ཤར་ལྷོའི་ཕྱོགས་ནས་དྲང་སྲོང་ཆེན་པོ་མེའི་ལྷ་པཱ་བ་ཀ་དྲང་སྲོང་གི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་མདུན་གྱི་ནམ་མཁར། ཨོཾ་ཊཱཀྐི་ནི་པཱ་བ་ཀ་ཧཱུྃ་ཛཿ འམ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ། ཨཱ་དཱི་བྱ། ཨཱ་བེ་ཤ །མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་མ་ཧཱ་ནཱ་ཡ་སྭཱ་ཧཱ་བརྗོད་པས་སྤྱན་དྲངས། ཞལ་བཞི་པའི་སྔགས་སུམྦྷ་ནིས་ཕྱི་འབྲང་གི་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱས་ལན་བདུན་གྱིས་བྱོན་སྐྱེམས་སུ་མར་ཁུ་འབུལ། དེ་ནས། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་ཐུགས་ཀར་ཕུལ། ཐོག་མཐའ་འདྲ། པྲོཀྐཥ་ཎཱཾ། བསང་གཏོར་སྐུ་ལ། ཨཉྩྨ་མཱ་ནཱཾ། ཞལ་ཕྱག་བསིལ། པཱ་དྱཾ། ཞབས་གསིལ་ནས། དེ་ནས་པུཥྤེ་དབུ་དང་སྐུ། དྷཱུ་པེ་ཤངས། ཨཱ་ལོ་ཀེ་སྤྱན། གནྡྷེ་ཐུགས། ནཻ་ཝི་དྱེ་ཞལ། ཤཔྟ་སྙན་ལ་ཕུལ་ཏེ། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པའི་དོན་ཀུན་བསྒྲུབ་མཛད་པ། །ཚངས་པའི་དབང་པོ་མཆོག་གི་སྲས། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །ཞལ་གཅིག་ཕྱག་བཞི་མཛེས་པའི་གཟུགས། །རྡོ་རྗེ་རྩེ་གསུམ་བགྲང་འཕྲེང་དང་། །དབྱིག་པ་རིལ་བ་སྤྱི་བླུགས་བསྣམས། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། །དཀར་ཞིང་ཞི་བའི་སྙེམས་དང་ལྡན། །ཐོར་ཚུགས་མེ་ཏོག་ཅོད་པན་ཅན། །རྒྱན་དང་ན་བཟའ་མཆོད་ཕྱིར་ཐོགས། །ཤིན་ཏུ་དཀར་ཞིང་མཛེས་པས་བརྒྱན། །ཕྱོགས་བཅུར་འོད་ཟེར་བསིལ་བ་ཡིས། །ནད་དང་གདོན་ལ་སོགས་པ་འཇོམས། །འགྲོ་བའི་སྡུག་བསྔལ་ཞི་མཛད་པ། །པཱ་བ་ཀ་ལ་ཕྱག་འཚལ་བསྟོད།། ལག་པ་གཡོན་འཇིག་རྟེན་པའི་ཁུ་ཚུར་དུ་བྱས་པའི་གཡས་པ་འབར་བ་ལྟར་བྱས་པ་བསྟན་ཏེ། གུར་ལས་གསུངས་པ། ཨོཾ་བཛྭ་ཨ་ན་ལ་མ་ཧཱ་བྷཱུ་ཏ། ཛྷ་ལ་ཛྷ་ལ། སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ྄་དྲྀ་ཥྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧྶཾ། ས་མ་ཡ་ཧྶཾ་ཨ་ཧཾ། ཞེས་ལན་གསུམ་བརྗོད་པས་མེ་ལྷ་དམ་ཚིག་ལ་གནས་ཏེ་ཞི་བའི་ལས་བཅོལ་བ་ཞལ་གྱིས་བཞེས་ཏེ་སྒྲུབ་པ་ལ་འདུན་པར་བསམ་མོ། །དེ་ནས་གཡོན་པའི་ཁུ་ཚུར་མཐེ་བོང་གི་ཕྱི་མནན་པ་མཛུབ་མོ་བསྒྲེངས་པས་དགང་གཟར་བཟུང་བའི་མཛུབ་མོའི་སྟེང་དུ་གཡས་པ་དེ་ལྟ་བུས་བླུགས་གཟར་བཟུང་བ་བཞག་པ་བྱང་ཆུབ་མཆོག་གི་ཁུ་ཚུར་ཞེས་བྱ་བས་བཟུང་། གྲུ་མོ་པུས་མོའི་ཕྱིར་མི་འདའ་བས། དགང་གཟར་དང་བླུགས་གཟར་གྱི་ཁ་ལ། ཨོཾ་ཨཱཿཧཱུྃ་འོད་ཟེར་དང་བཅས་པ་མེ་ལྷ་ཞལ་ཅུང་ཟད་གདངས་པར་རཾ། དགང་གཟར་མར་ཁུས་བཀང་སྟེ། རང་གི་སྡིག་པ་ཞི་བའི་དོན་ཡིན་ན་དམ་སྔགས་དེའི་དུཥྚཾ་གྱི་མཐར་བི་གྷྣཱཾ་བཏགས་པ་མེ་ལྷའི་སྔགས་སུ་རྡོ་རྗེ་མཁའ་འགྲོར་དེའི་མཐའ་ལ། མ་མ་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། གཞན་གྱི་ཆེད་ཡིན་ན་ཆེ་གེ་མོ་སརྦ། གཞན་འདྲ། དེ་བཞིན་ནད་ཞི་བའི་དོན་ཡིན་ན། སརྦ་རོ་གཾ རིམས་ཞི་བའི་དོན་ཡིན་ན་སརྦ་ཛྷ་རཾ། བགེགས་ཞི་བ་ལ་སརྦ་བི་གྷྣཱཾ། གནོད་པ་ཞི་བ་ལ་སརྦ་ཨ་པ་ཀ་ཏཾ། ལས་ཀྱི་སྒྲིབ་པ་ཞི་བ་ལ་སརྦ་ཀརྨ་ཨཱ་བ་ར་ཎཱཾ་ཞེས་སྦྱར་ཏེ་སྤྱི་བཀོས་ཀྱི་ཚུལ་དུ་མར་ཁུ་གཡས་སྐོར་གྱིས་ལན་བདུན་ཕུལ། དེ་ནས་ཐོག་མར་ཡཾ་ཤིང་དབུས་ནས་ལག་པ་གཉིས་ཀྱི་མིང་མེད་དང་མཐེའུ་ཆུང་གིས་བཟུང་སྟེ། ཀུ་ཤ་ལའང་འདྲ་དེ་གཉིས་འོད་ཀྱི་དཀྱིལ་འཁོར་ལ་འབུལ། ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞག་ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭཱ་ཡེ་སྭཱ་ཧཱ། ཡུངས་དཀར། ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། འབྲས། ཨོཾ་བཛྭ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ། ཨོཾ་བཛྭ་བི་ཛ་ཡེ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། གྲོ། ཨོཾ་བཛྭ་གྷསྨ་རཱི་སྭཱ་ཧཱ། འབྲུ་རྣམས་ཕྱག་ཏུ། ཞོ་ཟན། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞལ། འོ་མ་སྦགས་པའི་དུརྦ་མཐེབ་སྲིན་གྱིས་བླངས་ལ། ཨོཾ་བཛྭ་ཨ་ཡུ་ཥེ་སྭཱ་ཧཱ། འོ་ཏིལ་མར་གྱིས་བྱུགས་པའི་ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྭ་ཡེ་སྭཱ་ཧཱ། བིལ་བ་དང་སྟར་ཁ་འབུལ་ན། ཨོཾ་མ་ཧཱ་ཤེ་པ་ཡེ་སྭཱ་ཧཱ། མེ་ཏོག་ལ་སོགས་པ་གཞན་ཐམས་ཅད་ཚིམ་པར་བྱེད་པ་ཨོཾ་ཨཱཿཧཱུྃ་དེ་སྔོན་དུ་བཏང་བའི་སྔར་གྱི་སྙིང་པོའི་སྔགས་དེས་འབུལ་ལ། ཐམས་ཅད་ལ་ལྷ་རྫས་ལས་སྔགས་མཐར་སྭཱ་ཧཱ་སྦྱར། དེ་ཡང་རེ་རེ་འམ་བདུན་ནས་སྟོང་ལ་སོགས་པའི་བར་དུ་ཕུལ་ནས། སླར་ཆུ་བཞི་ཉེར་མཆོད་བྱས་བླ་མེད་ལ་ཆང་གི་མཆོད་པ་ཡང་བྱའོ། །དེ་ནས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོའི་མེ་ལྷ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།། ཞེས་བསྟོད་པས་ཚིམ་སྟེ། རྡོ་རྗེའི་མེ་ལྷ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་འཇིག་རྟེན་ལས་འདས་པའི་མེ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་དཔའ་བོ་གཅིག་པའམ་གང་དང་འབྲེལ་བའི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པར་བསྐྱེད། ཡེ་ཤེས་པ་གཞུག་པ་ལ། རྡུལ་ཚོན་དང་འབྲེལ་ན། ལྷ་སོ་སོའི་སྔགས་བཟླས་ཞིང་མེ་ཏོག་གིས་ཚོན་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་དར་ལམ་རོལ་མོ་དང་བཅས་སྤྱན་དྲངས་ལ་མེ་ཏོག་དབུས་སུ་དོར་བས་ལྷ་རྣམས་ཐབ་ཏུ་བསྐྱེད་པ་ལ་ཐིམ་པར་བསམ། རབ་ཏུ་གནས་པའི་ཚེ་རྟེན་གང་ཡིན་པ་དེ་དེ་ལྟར་སྤྱན་དྲངས་ཤིང་སྔགས་སྔར་གྱིས་ཕུལ་མཆོད་བསྟོད་བྱས་དགང་བླུགས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཨགྣི་བཛྭ་ས་ཏྭ་སརྦ་པ་པཾ་ད་ཧ་སྭཱ་ཧཱ་ཞེས་པས་མར་ཁུ་ལན་བདུན་ཕུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མེ་ལྷའི་བྱ་བ་བྱེད་པར་ཞལ་གྱིས་བཞེས། ཞི་བའི་ལས་བསྒྲུབ་བཞེད་ནས་ཞི་བའི་ཉམས་འཛིན་པར་གྱུར། མེ་པྲ་བརྟག ངན་ན་ལས་ཐམས་ཅད་པས་མེ་དེ་ལ་བགེགས་སྐྲོད་ལྷའི་སྔགས་ཀྱིས་བསངས་གཏོར་བྱས། མར་གྱི་སྲེག་བླུགས། ཨོཾ་ཨགྣ་ཡེ་ཨ་མུ་ཀ་ཞེས་པར་མེ་ལྷའི་མིང་པཱ་བ་ཀ་གཞུག བ་ས་ཨ་ཏི་ལཾ་ཀུ་རུ་སྭཱ་ཧཱ། ལན་གསུམ་ཕུལ། དེ་ནས་འཇིག་རྟེན་ལས་འདས་པའི་སྲེག་བླུགས་འབུལ་བའི་ཐོག་མར། ཏིང་འཛིན། ཨོཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་ཞིང་བསིལ་བའི་ཁར་སེངྒེ་པདྨ་ཟླ་བའི་གདན་ལ། བསྒྲུབ་བྱ་དམིགས་ནས། བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་བསྐུལ་བས་མེ་དབུས་ཀྱི་ལྷ་རྣམས་ཀྱི་སྐུ་ལས་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ་བུམ་པ་བདུད་རྩིས་གང་བའི་ཆུས་ཕྱི་ནང་བཀྲུས་པས་ནད་ལ་སོགས་པ་ཞི། །མངོན་པར་འདོད་པ་ཐམས་ཅད་བསྒྲུབས་སྤྲུལ་པ་རང་ལ་འདུས་པར་བསམས་ནས། རང་གི་ལྷའི་སྔགས་ཀྱིས་སྲེག་བླུགས་བདུན་སྤྱི་བསྒོས་སུ་ཕུལ། ལྷག་མ་ཡི་གེ་གསུམ་སྔོན་དུ་འགྲོ་བས་ལྷ་རྫས་ལས་སྔགས་ཀྱི་མཐར་སྭཱ་ཧཱས་གོ་རིམ་བཞིན་དུ་སྲེག་གོ །དེ་ནས་མཐར། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ཀྱིས་བདག་གམ། འདི་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དམ་ཚིག་ཉམས་ཆགས་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པར་འགྱུར་བ་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། གདོན་བཟློག་ན། ལས་དང་ཉོན་མོངས་པའི་དབང་དེས་བྱུང་བའི་གདོན་ཆེན་པོ་བཅོ་བརྒྱད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལྟས་ངན་པ་དང་ཡེ་འབྲོག་དང་། ལོག་འདྲེན་དང་། གཟའ་དང་རྒྱུ་སྐར་དང་། བྱད་སྟེམས་དང་། ཕ་རོལ་གྱི་རིག་སྔགས་ལས་གྱུར་པའི་གནོད་པ། མི་ཤིས་པ་བཟློག་ན། མེ་དང་ཆུ་དང་ས་གཡོ་བ་དང་རླུང་གི་གནོད་པ་དང་ལོ་ཉེས་པ་དང་། བཀྲ་མི་ཤིས་པ་དང་བྱུར་དང་། སྐལ་བ་ངན་པ་དང་དབུལ་ཞིང་ཕོངས་པ་དང་། དགྲའི་གནོད་པ་ལ་སོགས་པའི་འཇིགས་པ་བརྒྱད་དང་། མུ་གེ་དང་ཕྱུགས་ནད་དང་། མི་ནད་དང་འཆི་བའི་སྡུག་བསྔལ་དང་དེ་དག་གི་རྒྱུ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་འདོད་པ་གསོལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། གཙོ་བོ་བདག་ཅག་ནུས་མེད་པས། །མ་འབྱོར་བ་དང་མ་རིག་དང་། །དམན་པའམ་ནི་ལྷག་པ་སྟེ། །གང་བགྱིས་དེ་ཁྱོད་བཟོད་པར་མཛོད།། དེ་ནས། བཛྭ་ས་ཏྭ་ཞེས་ལན་གསུམ་བརྗོད། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད་ཀྱི་ཚིགས་སུ་བཅད་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། དཀྱིལ་འཁོར་དང་འབྲེལ་ན་མེ་ཏོག་དང་བཅས་པས་དེ་ནས་གདན་དྲངས་སླར་དཀྱིལ་འཁོར་ཆེན་པོར་སྔར་ཇི་ལྟ་བ་བཞིན་བཞུགས་པར་གྱུར། དེ་ནས་ཐབ་ཏུ་མེ་ལྷ་འཁོར་དང་བཅས་པ་གསལ་བར་གྱུར་པ་ལ། ཆུྃ་གསུམྃ་རྣམྃ་ལྔ་རོལྃ་མོསྃ་མཆོད། །སྲེག་རྫས་ལྷག་མ་ཚོ་ཕུལ། །འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་འདུད་དམ། རྒྱས་པར། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པའི། །རིགས་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་འཕྲེང་འཛིན། །བདུད་རྩི་བཅུད་ལྡན་གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་གསོལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ།། གལ་ཏེ་གཞན་གྱི་དོན་དུ་ཡིན་ན་དེས་ཡོན་ཕུལ་ཏེ། དེའི་མཐེ་བོང་གཡས་པ་རང་གི་གཡོན་པའི་མཐེའུ་ཆུང་གིས་བཟུང་སྟེ། ཐབ་ཁུང་ལ་ལན་གསུམ་བསྐོར་བ་བྱས་ལ། བླུགས་གཟར་དེའི་མགོ་ལ་གཡས་སྐོར་དུ་བསྐོར་བས་བླུགས་གཟར་གྱིས་མར་ལན་བདུན་འབུལ་དུ་གཞུག། ཧཱུྃ་བཟླས་པའི་བསྲུང་སྐུད་དཀར་པོས་དཔུང་པ་བཅིང་། མེ་ལྷའི་ཞབས་དྲུང་ནས་བླངས་པའི་ཐལ་བ་ཅུང་ཟད་ཅིག་གིས་དཔྲལ་བར་ཐིག་ལེ་བྱས་ལ་བསང་གཏོར་གྱིས་བསྲུང་། དེ་ནས་མེ་ལྷ་ལ་མཆོྃད་ཡོྃན་ཕུལྃ་ལ་དངོས་གྲུབ་བླང་། ཉེས་པ་བཟོད་པར་གསོལ་ཏེ། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཅིང་། །བདག་ལ་དངོས་གྲུབ་ཀུན་འགྲུབ་མཛོད། །ཨོཾ་གཙྪ་གཙྪ་ཞེས་གཤེགས། ཐལ་བ་ལ་སོགས་པ་ལེགས་པར་ཕྱགས་ལ་ཕྱོགས་གཙང་ཞིང་དབེན་པར་བཞག་གོ །ཞི་བའི་སྦྱིན་སྲེག་གོ། །། ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། དགའ་བ་དང་ལྡན་པས་གཟའ་ཚེས་སྐར་མ་དུས་སྦྱོར་བཟང་པོའི་སྔ་དྲོ། ས་གཞི་སེར་པོའི་ཆ་གྲོང་ཁྱེར་སོགས་ཀྱི་བྱང་དུ། ས་ཆོག་སྔོན་དུ་འགྲོ་བས་ཐབ་ཁུང་རྒྱར་ཁྲུ་དོ། དཔངས་སུ་དེའི་ཕྱེད་ཟུར་བརྒྱད་པའམ་བཞི་པ། ནང་དུ་ཁྲུ་གང་ཐུར་དུ་བརྐོས་པ། ཁ་ནས་སོར་བརྒྱད་ཕྱིར་བསྐོར་བའི་ཕྱེད་ཁའི་འོག ཕྱེད་སྟེང་དུ་ཐོན་པ་ཁ་ཁྱེར་ཞེང་དཔངས་དང་མཉམ་པ། མཚན་མ་དེའི་ནང་ཁྱབ་པའི་འཁོར་ལོ་རྩིབས་བརྒྱད་སེར་པོ། དབུས་སུ་རྡོ་རྗེ་རིན་པོ་ཆེ་ཟུར་བརྒྱད་པ་བྲིས། ཁ་ཁྱེར་ལ་རིན་པོ་ཆེས་བསྐོར་བ་ཕྱིའི་གྲྭ་འདྲ། ས་སེར་གིའུ་ཝཾ་གུར་ཀུམ་ལ་སོགས་པའི་དྲིའི་ཁུ་བས་ཐབ་ཕྱི་ནང་སེར་པོར་བྱུགས། ནང་དུ་བུད་ཤིང་དགོན་པའི་ལྕི་སྐམ་མི་རུང་གཞན་ཞི་བ་བཞིན་བརྩིགས། མེ་ཏོག་སེར་པོ་གཅལ་དུ་བཀྲམ། སྒྲུབ་པ་པོའི་གཡས་སུ་སྲེག་རྫས་ཡཾ་ཤིང་ཞི་བ་ལྟ་བུ་ལ། ཤིང་དེའི་དབུས་ཀྱི་ཆ་ལས་བྱུང་བ་ཚད་ཁྲུ་གང་དྲི་སེར་པོའི་ཆུ་ཞོ་འོ་མ་མར་ལ་བསྔགས་པ། མངར་གསུམ་གྱིས་བསྒོས་པ། མར་ཁུ། ཞོ་ཟན། རིན་པོ་ཆེ་ལྔ་བགོ་བ་བཟང་པོ་ལ་སོགས་པ། དགང་བླུགས། མཆོད་པ་ལས་མཐུན་གཡོན། རྣལ་འབྱོར་གྱིས་ཡོ་བྱད་མདུན་ཟུར་དུ་བཀོད། བཟའ་བཏུང་ཞོ་ལ་སོགས་པ་ཕུན་སུམ་ཚོགས་པ། གོས་རྒྱན་སེར་པོ། སྟན་ཁྲིའུ་ཤིང་ལ་འཕོངས་བཞག་རྐང་མགོ་མཐིལ་དུ་ཕབ་པ་གཤིབས་པུས་མོ་ཅུང་ཟད་སྐྱེད་པ་བཟང་པོའི་འདུག་སྟངས། ཡང་ན་ཁྲི་འཇམ་པོར་རྐང་པ་གཡས་པ་སེམས་དཔའི་སྐྱིལ་ཀྲུང་གིས་གནས་ནས་གཡོན་པ་འགྱིང་བ་དང་བཅས་པས་རབ་ཏུ་བརྐྱང་བ་རོལ་པའི་འདུག་སྟངས་གང་བདེས་ཁ་བྱང་དུ་བལྟས་འདུག་ནས་བཞིན་འཛུམ་པས་བགེགས་ཞི་བའི་ཕྱིར་གཏོརྃ་མ་བཏངྃ་བསྐྲདྃ། གཞུང་གང་ཡིན་པའི་བདགྃ་བསྐྱེདྃ་བསྒོམྃས། བསྡུསྃ། དེ་ལས་ལངྃས་པའི་དུས་སུ་ལཾ་ལས་སའི་དཀྱིལ་འཁོར་པཾ་ལས་པདྨ། མ་ལས་ཉི་མའི་གདན་ལ་ཏྲཱཾ་ལས་རང་ཉིད་རིན་ཆེན་འབྱུང་གནས་སྐུ་མདོག་སེར་པོ་རིན་པོ་ཆེ་ཆ་དགུ་པ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་འཁོར་ལོས་བསྒྱུར་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། རྫས་གཉིས་ལས་ཐམས་ཅད་པས་བསངས། སྤོས་ཀྱིས་བདུག ཆུ་གསུམ་ལྷའི་སྔགས་ལ་བདག་གམ། གཞན་གྱི་དོན་གང་ཡིན་པ་ལ་ཆེ་གེ་མོའི་འཆད་འགྱུར་གྱི་འདོད་པ་པུཥྚིཾ་ཀུ་རུ་ཨོཾ་ལན་བདུན་བཟླས། ཉེར་སྤྱད་ལྔ། རྒྱལ་སྲིད་བདུན་ལ་སོགས་པ་ཧཱུྃ་ལས་བྱུང་བ། ཨོཾ་སྭཱ་ཧཱས་བཀྲུ། ཨོཾ་ཨཱཿསྭཱ་ཧཱ་ཡཾ་ཤིང་། ཨོཾ་ཤྲཱིཿསྭཱ་ཧཱ་ཞུན་མར། ཨོཾ་ཛྭིཾ་སྭཱ་ཧཱ་འབྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་དེ་ལས་གཞན་པའི་རྫས་ཐམས་ཅད་སྦྱངས། ཨོཾ་ཨཱཿཧཱུྃ་གིས་ཐམས་ཅད། ལྷ་རྫས་ཞལ་དུ་གསོལ་རྒྱུ་རྣམས་བདུད་རྩིར། ཡཾ་ཤིང་བྱང་ཆུབ་ཀྱི་ཤིང་དུ་བྱིན་གྱིས་བརླབ། དེ་ནས་ཀུ་ཤ་བསང་གཏོར་བྱས། སྐེད་པའི་ཆ་ནས་མཐེབ་སྲིན་སྦྱར་བས་བཟུང་སྟེ། ཀུ་ཤ་འདི་ནི་གཙང་ཞིང་དགེའི་ཚིགས་བཅད་རྫོགས་པའི་མཐར། ཕུན་ཚོགས་རྒྱས་པར་མཛད་དུ་གསོལ།། ཞེས་འདོན་པ་བསྒྱུར། ཨོཾ་བཛྭ་ས་ཏྭ་ཨཿ ཞེས་ལན་གསུམ་གྱིས། རང་གི་མདུན་ནས་རྩེ་བྱང་དུ་བསྟན་པས་ཐབ་ཀྱི་ཁ་ཁྱེར་ལ་གཡས་སྐོར་ནང་དུའང་བཀྲམ། རྒྱལ་པོའམ་དགེ་འདུན་གྱི་ཚང་ངམ། ཕྱུག་པོའི་ཁྱིམ་ནས་སམ། མེ་ཤེལ་ལས་བྱུང་བའི་མེ་བླངས། དེ་བསངས་ནས་ཐབ་ཀྱི་དབུས་སུ་མེ་ཕྱོགས་ནས། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ་ཞེས་བརྗོད་པས་བཅུག རླུང་གཡབ་ཀྱིས་སྦར། ཨོཾ་ཏྲཾ་སྭཱ་ཧཱ་འམ། ཏྲཾ་རང་ལན་བདུན་བརྗོད་པ་མར་གྱི་དགང་བླུགས་ཀྱིས་ལེགས་པར་སྤར། དེ་ནས་ཐབ་བསངས། བྷྲཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་ཟུར་བརྒྱད་པའམ། གྲུ་བཞི་པ། རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་ཁྱེར་རིན་པོ་ཆེས་བསྐོར་བ་ནང་དུ་འཁོར་ལོ། །ལྟེ་བར་རཾ་ལས་སྐྱེས་པའི་མེ་ལྷ་དབང་ཆེན་གསེར་སྦྱངས་པའི་མདོག་ཅན་སྐུ་ཤ་རྒྱས་པ་འཛུམ་པ་གཟི་བརྗིད་ཆེན་པོ། དྲང་སྲོང་གི་ཆ་བྱད་ཅན་ཕྱག་བཞིའི་གཡས་གཉིས་རྩེ་གསུམ་དང་བགྲང་འཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་ཅིང་རྒྱན་དང་ན་བཟའ་མཆོད་ཕྱིར་ཐོགས་སེར་པོ་ཅན། འོད་ཟེར་གུར་ཀུམ་གྱི་ཁུ་བ་ལྟ་བུས་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་བྱེད་པ་སེམས་དཔའི་སྐྱིལ་ཀྲུང་གིས་ར་སྐྱེས་ཀྱི་སྟེང་དུ་བཞུགས་པ་མེའི་ཁམས་ཀྱི་རང་བཞིན། ཨོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ།། ནས། མེའི་ལྷ་དབང་ཆེན་དྲང་སྲོང་གི་འཁོར། ཨོཾ་ཊཀྐི་ནི་མ་ཧེནྡྲ་ཧཱུྃ་ཛའམ། ཨོཾ་ཨགྣ་ཡེ་ནས་བསྟོད་པའི་བར་ཞི་བར་བཤད་པ་བཞིན་ལ། སེར་ཞིང་རྒྱས་པའི་བྱིན་དང་ལྡན།། དང་། ཤིན་ཏུ་གསེར་མདོག་མཛེས་པས་བརྒྱན། །ཕྱོགས་བཅུར་འོད་ཟེར་རྒྱས་པ་ཡིས། །ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད། །འགྲོ་བའི་རེ་བ་གང་མཛད་པ། །མ་ཧེནྡྲ་ལ་ཕྱག་འཚལ་བསྟོད།། ཅེས་འདོན་པ་བསྒྱུར་བ་ཙམ་མོ། །ཕྱྃག་རྒྱྃ་དང་། ཨོཾ་ཨ་ན་ལཱའི་སྔགས་ཀྱིས་མེ་ལྷ་དམ་ཚིག་ལ་གནས་ཏེ་རྒྱས་པའི་ལས་བཅོལ་བ་ཞལ་གྱིས་བཞེས། དེ་བསྒྲུབ་པ་ལ་འདུན་པར་གྱུར། དེ་ནས་རྡོ་རྗེ་བསྡམས་པའི་མཛུབ་མོ་བཀུག་པའི་སོར་མོ་མཉམ་པའི་ནོར་བུ་མཐེ་བོང་རྡོ་རྗེས་བཀབ་པ་རྡོ་རྗེ་ནོར་བུ། དེ་གཉིས་སུ་བྱས་པ་རིན་ཆེན་ཁུ་ཚུར་གྱིས་དགང་བླུགས་པུས་མོའི་ནང་མི་འདའ་བར་བཟུང་། སྤེལ་ཚིག ཚེ་རྒྱས་པའི་དོན་དུ་ཡིན་ན་མ་མ་ཨཱ་ཡུཿཔུཥྚི་ཀུ་རུ་ཨོཾ། བསོད་ནམས་རྒྱས་པ་ལ་པུཎྭ། དབང་ཐང་རྒྱས་པ་ལ་སཽ་བྷ་གྱཾ། ནོར་དང་འབྲུ་རྒྱས་པ་ལ་དྷ་ནྱཾ། ཞེས་བཏགས་པ་དང་། འཇིག་རྟེན་འདས་པ་ལ་མེ་པྲ་བརྟག བཟློག་དུས་མ་ཧེནྡྲ་གཞུག རྒྱས་པའི་ལས་བསྒྲུབ་པར་བཞེད་ནས་རྒྱས་པའི་ཉམས་འཛིན་པར་གྱུར། བསྒྲུབ་བྱ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་ཁར་གླང་པོ་ཆེ་ལ་ཞོན་པ་རྒྱན་གྱིས་བརྒྱན་པ་ལ། བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས་མེ་དབུས་ཀྱི་ལྷ་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་དེ་ལ་ཐིམ། མངོན་པར་འདོད་པ་ཐམས་ཅད་རྒྱས་པར་གྱུར་པར་བསམ་པ་དང་། མཐར། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ཀྱིས་བདག་གམ་འདིའི་ཚེ་དང་བསོད་ནམས་དང་དཔལ་དང་གཟི་བརྗིད་དང་སྟོབས་དང་མངའ་ཐང་དང་ནོར་དང་ལོངས་སྤྱོད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །དངོས་གྲུབ་སྒྲུབ་ན་གང་སྒྲུབ་པ་དེ་འགྲུབ་པར་གསོལ་བ་འདེབས་པ་ཡིན་ནོ།། དེ་ཙམ་འདོན་པ་བསྒྱུར། གཞན་ཐམས་ཅད་ཞི་བར་བཤད་པ་དང་ཇི་ལྟ་བ་བཞིན་དུ་བྱའོ། །རྒྱས་པའི་སྦྱིན་སྲེག་གོ །འགའ་ཞིག་དབང་དུ་བསྡུ་བའི་ཕྱིར། །ཆགས་པའི་སེམས་ཀྱིས། གཟའ་ཚེས་སྐར་མ་དུས་སྦྱོར་དབང་ལ་ཤིས་པ་ཡོད་པའི་མཚན་མོའི་དུས། ས་གཞི་དམར་པོའི་ཆ། གྲོང་ཁྱེར་ལ་སོགས་པའི་ནུབ་ཀྱི་ཕྱོགས་སུ་ས་ཆོག་ཐབ་ཁུང་སྐྱེ་གནས་ཀྱི་དབྱིབས་ལྟ་བུ་ཟུར་གསུམ་པའམ། ཟླ་གམ། རྒྱར་ཁྲུ་གང་། དཔངས་དེའི་ཕྱེད་ཁ་ཁྱེར་སོར་བཞི་པས་བསྐོར་བ། མཚན་མ་ནང་དུ་པདྨ་ཁ་ཁྱེར་ཡང་དེ་བཞིན། བུད་ཤིང་རོ་སྐྱུར་བ་མེ་ཏོག་དང་བཅས་པས་བརྩིག ཙན་དན་དམར་པོ་ལ་སོགས་པའི་དྲི་ཆུ་དམར་པོ་དང་། ཚོན་དམར་པོས་ཕྱི་ནང་དམར་པོར་བཏང་མེ་ཏོག་དམར་པོ་གཅལ་དུ་བཀྲམ། སྒྲུབ་པ་པོའི་གཡས་སུ་སྲེག་རྫས། ཡཾ་ཤིང་བུད་ཤིང་ལྟ་བུ་ལ། ཤིང་གང་གི་ཡལ་གའི་ཆ་ལ་བྱས་པ་སོར་ལྔ་པའི་ཚད། མེ་ཏོག་འབྲས་བུར་བཅས་པ། གཞན་ཞི་རྒྱས་བཞིན་ལ། ཙན་དན་དམར་པོ། མེ་ཏོག་དམར་པོའི་རིགས། མཆོད་རྫས་ལས་མཐུན་གཡོན། ཆོས་གོས་རྒྱན་དམར་པོ། འདུག་སྟངས་བརླ་གཡོན་པའི་སྟེང་དུ་རྐང་པ་གཡས་པ་བཞག་ལ། གཡོན་བརླ་གཡས་པའི་འོག་ཏུ་བཞག་པ་སེམས་སྐྱིལ་གྱིས་ཁ་ནུབ་ཏུ་བལྟས། བཞིན་འཛུམ་པ། བགེགས་ཞི་བའི་ཕྱིར་གཏོྃར་མ་བཏང་། གཞུང་གང་ཡིན་པའི་བྃདག་བསྐྱེདྃ་བསྒོམྃས། དེ་བསྡུསྃ་ནས་དེ་ལས་ལངྃས་པའི་དུས་རཾ་ལས། མེའི་དཀྱིལ་འཁོར། པཾ་ལས་པདྨ་མ་ལས་ཉི་མའི་གདན་ལ། སྲཱིཿ ལས་རང་ཉིད་རྡོ་རྗེ་ཆགས་པ་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་འཁོར་ལོས་བསྒྱུར་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། རྫས་གཉིས་ལྃས་ཐམས་ཅྃད་པས་བསངས། སྤོསྃ་ཀྱིས་བདུག ཆུ་གྃསུམ་ལྷའི་སྔགས་ཀྱི་མཐར། ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོཿ ཉེར་སྤྱད་ལྔ་ཧཱུྃ་ལས་བྱུང་བ། ཨོཾ་སྭཱ་ཧཱ་རྫས་རྣམས་བཀྲུས། ཨོཾ་ཨཱཿསྭཱ་ཧཱ་ཡཾ་ཤིང་། ཨོཾ་ཤྲཱི་སྭཱ་ཧཱ་ཞུན་མར། ཨོཾ་ཛྭིཾ་སྭཱ་ཧཱ་འབྲུ་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་དེ་ལས་གཞན་པ་རྣམས་སྦྱངས། ཨོཾ་ཨཱཿཧཱུྃ། ལྷ་རྫས་ཞལ་དུ་གསོལ་རྒྱུ་བདུད་རྩི། ཡཾ་ཤིང་ཨ་ཤོ་ཀའོ། །དེ་ནས་ཀུ་ཤ་བསངྃས་མཐེབ་སྲིན་གྱིས་དབུས་ཀྱི་ཆ་ནས་བཟུང་། ཀུ་ཤ་འདི་ནི་གཙང་ཞིང་དགེ། ཤླཽ་ཀ་རྫོགས་པའི་མཐར། ཆེ་གེ་མོ་དབང་དུ་བསྡུ་བར་མཛོད། །ཨོཾ་བཛྭ་ས་ཏྭ་ཨཿ ལན་གསུམ་བཟླས། རང་གི་གཡོན་ཕྱོགས་ནས། རྩེ་མོ་ནུབ་ཏུ་ཕྱོགས་པ་ཐབ་ལ་གཡས་སྐོར་དུ་བཀྲམ། ཚོང་འདུས་སམ་སྨད་འཚོང་མའི་ཁྱིམ་ནས་མེ་བླངས་ཏེ་བསངྃས། ཐབ་ཀྱི་བུད་ཤིང་གི་དབུས་སུ། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ། རླུང་གཡབ་ཀྱིས་སྦར། ཨོཾ་སྲཱིཿསྭཱ་ཧཱའམ། སྲཱིཿལན་གསུམ་བཟླས། དེ་ནས་ཐབ་བསངྃས། ཧཱུྃ་ལས་དབང་གི་ཐབ་ཁུང་དམར་པོ་ཟུར་གསུམ་མམ། ཟླ་གམ། རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་ཁྱེར་པདྨས་བསྐོར་བ། དེའི་དབུས་སུ་པཾ་ལས་པདྨ་ལ་རཾ་ལས་སྐྱེས་པའི་མེ་ལྷ་དམར་པོ་ལི་ཁྲི་ཁུ་བ་ལྟ་བུའི་མདོག་ཅན་ཤིན་ཏུ་ཆགས་པ་ཆེན་པོས་སྒེག་པ། དྲང་སྲོང་གི་ཆ་བྱད་ཅན། ཕྱག་བཞིའི་གཡས་གཉིས་རྡོ་རྗེ་རྩེ་གསུམ་དང་བགྲང་འཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་ཞིང་། རྒྱན་དང་ན་བཟའ་དང་མཆོད་ཕྱིར་ཐོགས་དམར་པོ་ཅན་འོད་ཟེར་དམར་པོ་ཁམས་གསུམ་པོ་ཐམས་ཅད་དབང་དུ་སྡུད་པ་སེམས་དཔའི་སྐྱིལ་ཀྲུང་གིས་ར་སྐྱེས་ཀྱི་སྟེང་དུ་བཞུགས་པ་མེའི་ཁམས་ཀྱི་རང་བཞིན། ཨོཾ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ།། ནས། མེའི་ལྷ་དམར་པོ་དྲང་སྲོང་གི་འཁོར། །ཨོཾ་ཊཊྚྷི་ནི་ཀ་མ་ཧཱུྃ་ཛ། བསྟོད་པའི་བར་འདྲ། བསྟོད་པའི། དམར་ཞིང་ཆགས་པའི་ཉམས་དང་ལྡན།། དང་། ཤིན་ཏུ་དམར་ཤིང་མཛེས་པས་བརྒྱན། །ཕྱོགས་བཅུར་འོད་ཀྱི་ལྕགས་ཀྱུ་ཡིས། །ཁམས་གསུམ་ཐམས་ཅད་དགུག་བྱེད་ཅིང་། །དབང་དུ་སྡུད་པར་མཛད་པ་ཡི། །དམར་པོ་ཁྱོད་ལ་ཕྱག་འཚལ་བསྟོད།། དམ་ཚིག་བརྗོད་པས། མེ་ལྷ་དམ་ཚིག་ལ་གནས་ཏེ་དབང་གི་ལས་བཅོལ་བ་ཞལ་གྱིས་བཞེས་ཏེ་སྒྲུབ་པ་ལ་འདུན་པར་གྱུར། དེ་ནས་དགང་བླུགས། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ། མཐེ་བོང་མཉམ་པར་བརྐྱང་ལ། དབུས་མ་གཉིས་ཕྱི་རོལ་དུ་གཤིབས་པ་དང་བཅས་བཞག་པ། དེ་གཉིས་སུ་བྱས་པ་པདྨའི་ཁུ་ཚུར་ཏེ། དེས་བཟུང་གྲུ་མོ་པུས་མོའི། ནང་མི་འདའ་བས། སྔགས་ཀྱི་མཐར་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར། འཇིག་རྟེན་ལས་འདས་པའི་སྐབས་དབང་གི་ལས་བསྒྲུབ་པར་བཞེད་ནས་ཆགས་པའི་ཉམས་འཛིན་པར་གྱུར། བསྒྲུབ་བྱ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལ་བུད་མེད་དུ་གནས་པ། བདག་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། མེ་དབུས་ཀྱི་ལྷ་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་གི་རྣམ་པར་སྤྲོས་བསྒྲུབ་བྱ་སྐྱེས་པའི་སྙིང་ཁར། བུད་མེད་ཀྱི་བྷ་གར་ལྕགས་ཀྱུ་བཏབ་ཞགས་པས་བཅིངས། ལྕགས་སྒྲོག་གི་རྣམ་པས་བསྡམས་ནས་དྲིལ་བུས་མཉེས། རླུང་གིས་བདག་གི་མདུན་དུ་གཟུགས་བརྙན་ལ་གཞུག དེ་ལ་རང་གི་ཐུགས་ཀའི་འོད་ཟེར་དམར་པོ་ཞུགས། ལུས་གང་དེའི་ལུས་ངག་ཡིད་གསུམ་བསྡུས་ནས་བདག་གི་སྙིང་ཁར་ཐིམ། དབང་དུ་འདུས་པར་བསམ། མེ་པྲ་བརྟག བཟློག་དུས་ཀ་མ་ལ་མིག་འབྲས་གཉིས་གཡོན་དུ་ཕྱོགས་པས་བསྲེག འདོད་གསོལ་ཆེ་གེ་མོ་བདག་གི་དབང་དུ་འདུ་བར་མཛད་དུ་གསོལ། ཞེས་སྦྱར། གཞན་ཞི་བ་བཞིན་ལ་སྦྱིན་བདག་བསྐོར་བ་མི་བྱེད། དབང་གི་སྦྱིན་སྲེག་གོ །གདུག་པ་ཅན་ལ་མངོན་སྤྱོད་ཀྱི་ལས་བྱ་བའི་ཕྱིར། སྡང་བའི་སེམས་ཀྱིས་དྲག་པོ་ལ་ཤིས་པའི་གཟའ་སྐར་ཚེས་དུས་སྦྱོར་གྱི་ཉིན་ཕྱེད་དམ་མཚན་ཕྱེད་ལ། ས་གཞི་རྩུབ་ཅིང་ཚ་སྒོ་ཅན། ཁ་དོག་ནག་ཅིང་གས་པ་དུར་སའམ་འཇིག་རྟེན་གྱི་མ་མོའི་གནས་ས། གྲོང་ཁྱེར་ལ་སོགས་པའི་ལྷོ། ཐབ་ཁུང་གྲུ་གསུམ་པ་རྒྱར་སོར་མོ་ཉི་ཤུ། ཕྱེད་ཀྱི་སྲིད་དང་ལྡན་པ། ནང་དུ་སོར་བཅུ་ཐུར་དུ་བརྐོས་པ། ཁ་ནས་སོར་གསུམ་ཕྱིར་བོར་བའི་ཁ་ཁྱེར་སོར་གསུམ་གྱི་དཔངས་ཞེང་ཅན། ས་ནག་པོ་དང་བོང་བུ་དང་རྔ་མོང་གི་སྦངས་དང་། རོ་ཐལ་དང་། ཕུབ་མ་དང་སོལ་ཕྱེ་བསྲེས་པས་ཕྱི་ནང་བྱུགས་དྲི་མི་ཞིམ་པའི་མེ་ཏོག་དང་། འབྲུ་ནག་དང་ཕུབ་མ་གཏོར། ནང་དུ་ཁྲོ་བོའི་རྡོ་རྗེ་རྩེ་གསུམ་སོར་བརྒྱད་པའི་ཚད། ཕྱི་ཟུར་ལ་སྣ་ཚོགས་རྡོ་རྗེ་མདུང་རྩེ་གསུམ་རྡོ་རྗེ་ཐོ་བ་བྲི། ཁ་ཁྱེར་རལ་གྲིས་བསྐོར། བུད་ཤིང་དྲི་མི་ཞིམ་པ་རོ་ཁ་བ་ཚེར་མ་རྣོ་བའི་ཤིང་དུར་ཁྲོད་དུ་སྐྱེས་པ་སྐམ་པོ་དང་། བོང་བུ་དང་རྔ་མོང་གི་སྦངས་སྐམ་པོ་དང་། ནིམ་པ་དང་སེང་ལྡེང་གི་ཤིང་འུག་པའི་སྒྲོ་དང་བཅས་པས་ཐབ་ལས་ཅུང་དམའ་བར་བརྩིག སྒྲུབ་པོའི་གཡོན་དུ་ཡཾ་ཤིང་། བུད་ཤིང་དུ་བཤད་པའི་ཤིང་རྙིངས་པ་རྩེ་ཉམས་པ་ཤུན་པ་མེད་ཅིང་གས་པ། ཐུང་རིང་སྦོམ། འཁྱོག་པོ། གྲུམ་ཆག་འབུས་ཟོས། སྲོག་ཆགས་ལྡན་པ་སྐམས་པ་རྣམས་ཀྱི་རྩ་བའི་ཆ་ལས་ཚད་སོར་བཅུ་གཉིས་པ་རྩེ་གཉིས་རྩུབ་པའམ་རྣོ་བ་དུག་ཁྲག་ཞག་ཆེན་པོས་སྦགས་པ། ཚ་བའམ་ཡུངས་ཀར་གྱི་མར་ཁུ། ཁྲག་དང་ལན་ཚྭ་དང་ནིམ་པའི་ལོ་མ་དུར་ཁྲོད་ཀྱི་རུས་ཐལ། བོང་བུ་རྔ་མོང་གི་སྦངས་དང་སྐྲ་དང་ཞག་བྱ་རོག་དང་འུག་པའི་སྒྲོ། བཤང་གཅི་ཤ་ཁྲག ལྷག་པར་སྒྲུབ་པ་བྱས་པའི་ལིངྒ་གཏུབས་ཏེ་རྐང་རྗེས་ཀྱི་ས་དང་ལྷན་ཅིག་བཏགས་པ་མིང་རུས་སྙིང་ཁར་བཀོད་པའི་ལིང་ཆུང་དྲུག་ཅུ་རྩ་བརྒྱད་བྱས། གཡས་སུ་ལྕགས་ཀྱི་སྣོད་དུ་ཁྲག་དང་ཀོ་ཊ་པའི་ཁུ་བ་དང་། མིའམ་བ་ལང་ངམ་བོང་བུའི་གཅིན་གྱི་མཆོད་ཡོན་སོགས་ལས་མཐུན་གྱི་ཉེར་མཆོད་རོལ་མོ་དང་བཅས་པ་བཤམ། དགང་བླུགས་དང་རྣལ་འབྱོར་ལ་དགོས་པའི་ཡོ་བྱད་ཀྱིས་བསྟར་ལ། བདུད་གིང་ལས་ལ་འཇུག་པའི་ཆས་སུ་ཞུགས་པའམ། གཅེར་བུ་སྐྲ་ལྷུག་པར་འཕྱང་བ། ཁ་ཟས་ཤ་ཟ་དཔའ་བོའི་བཏུང་བ་འཐུང་། སྟན་སྲ་ཞིང་རྩུབ་པའམ་རོ་གདན་བྲིས་པར་སྟང་སྟབས་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པར་བྱས། དེ་དང་ཉེ་བར་པུས་མོ་གཡས་པ་སྟེང་དུ་དྲང་པོར་བྱས་པ་ཁྲོ་བོའི་སྐྱིལ་ཀྲུང་བཅིངས་ནས། ཁ་ལྷོར་བལྟས་ཁྲོ་གཉེར་དང་བཅས་པའི་གདོང་། བགེགས་ལ་གཏོརྃ་མ་བཏངྃ་བསྐྲདྃ། བདགྃ་བསྐྱེད་གཞུང་བཞིན་བསྒོམས་ནས་བསྡུསྃ། དེ་ལས་ལངྃས་དུས་ཡཾ་ལས་རླུང་གི་དཀྱིལ་འཁོར་ལ་པཾ་ལས་པདྨ་དང་རཾ་ལས་ཉི་མ་དང་མི་རོའི་གདན་ལ་ཧཱུྃ་ལས་རང་ཉིད་རྡོ་རྗེ་ཁྲོ་བོ་མི་བསྐྱོད་པ་སྐུ་མདོག་མཐིང་ཁ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པ། རྒྱན་གྱིས་བརྒྱན་ནས་ཁྲོ་བོའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ལས་ཐམས་ཅད་པའི་ཆུས་རྫས་རྣམས་བསངས། ཤ་ཆེན་དང་གུ་གུལ་གྱིས་བདུགས། རང་གི་ལྷའི་སྔགས་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ྄་བཏགས་པ་ལན་བདུན་ཉེར་སྤྱད་ལྔ་ཧཱུྃ་ལས། ཨོཾ་སྭཱ་ཧཱས་རྫས་བཀྲུས། ཨོཾ་ཨཿསྭཱ་ཧཱ་ཡཾ་ཤིང་། ཨོཾ་ཤྲཱིཾ་སྭཱ་ཧཱ་མར་ཁུ། ཨོཾ་ཛྭིཾ་སྭཱ་ཧཱས་འབྲུ་རྣམས། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ལས་གཞན་པ་རྣམས་སྦྱངས། ཨོཾ་ཨཱཿཧཱུྃ། ལྷ་རྫས་ཞལ་དུ་གསོལ་རྒྱུ་བདུད་རྩི། ཡཾ་ཤིང་དེ་དག་ཉིད། དེ་ནས་ཀུ་ཤ་བསངྃས་གཏོར་བྱས། ཀུ་ཤ་འདི་ནི་གཙང་ཞིང་དགེ། ནས། ཆེ་གེ་འདི་ལ་མངོན་སྤྱོད་མཛོད། །ཨོཾ་བཛྭ་ས་ཏྭ་ཨཿ ལན་གསུམ་གྱིས་རང་གི་གཡས་ཕྱོགས་ནས་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་ལྷོར་བསྟན་ནས་གཡོན་སྐོར་དུ་བཀྲམ། གཤན་ར་ནས་མེ་བླངས་བསངྃས། ཨོཾ་ཛྷ་ལ་ཛྷ་ལ་ཧཱུྃ་ཞེས་པས་སྦར། ཨོཾ་ཧཱུྃ་སྭཱ་ཧཱའམ། ཧཱུྃ་ལན་བདུན་གྱིས་མར་ཁུ་བླུགས། ལེགས་པར་སྦར། དེ་ནས་ལས་ཐམས་ཅད་པས་ཐབ་བསངྃས། བྷྲཱུྃ་ལས་དྲག་པོའི་ཐབ་ཁུང་ཟུར་གསུམ་ནག་པོ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ་ཁ་ཁྱེར་རལ་གྲིས་མཚན་པ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་སྐྱེས་པའི་དྲག་པོའི་མེ་ལྷ་རླུང་མུན་པའི་མདོག་ཅན་ཤིན་ཏུ་ཁྲོ་ཞིང་གཏུམ་པ། སྦོམ་ཞིང་གེལ་བ་དྲང་སྲོང་གི་ཆ་བྱད་ཅན། ཕྱག་བཞིའི་གཡས་གཉིས་རྡོ་རྗེ་རྩེ་གསུམ་དང་བགྲང་འཕྲེང་། གཡོན་གཉིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་ཅིང་རྒྱན་དང་། ན་བཟའ་དང་མཆོད་ཕྱིར་ཐོགས་ནག་པོ་ཅན་འོད་ཟེར་མཐིང་ནག་སྣ་ལ་མཚོན་ཆ་སྣ་ཚོགས་སྐར་མདའ་ལྟ་བུར་འཕྲོ་བས་བསྟན་པ་ཉམས་པར་བྱེད་པའི་དགྲ་ལྷ་སྲུང་དང་བཅས་པ་བརླག་པར་བྱེད་པ། སེམས་དཔའི་སྐྱིལ་ཀྲུང་གིས་ར་སྐྱེས་ཀྱི་སྟེང་ན་བཞུགས་པ་མེའི་ཁམས་ཀྱི་རང་བཞིན། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ།། ནས། ཨོཾ་ཊཀྐི་ནི་ཀྲོ་དྷ་ཏེ་ཛ་ཧཱུྃ་ཛའམ། ཨོཾ་ཨགྣ་ཡེ་ནས། བསྟོད་པའི་བར། ནག་ཅིང་ཁྲོ་ལ་གཏུམ་པའི་སྐུ། །དང་། ཤིན་ཏུ་ནག་པས་མཛེས་པར་བརྒྱན། །ཕྱོགས་བཅུར་འོད་ཀྱི་སྐར་མདའ་ཡིས། །བསྟན་པ་འཇིག་པའི་དགྲ་བགེགས་འཇོམས། །ནག་པོའི་ཕྱོགས་རྣམས་རླག་བྱེད་པ། །རླུང་ཞེས་བྱ་ལ་ཕྱག་འཚལ་བསྟོད།། དམ་ཚིག་བརྗོད། མེ་ལྷ་དམ་ཚིག་ལ་གནས་ཏེ་དགྲ་བོ་ཆེ་གེ་མོ་ལ་མངོན་སྤྱོད་ཀྱི་ལས་བཅོལ་བ་སྒྲུབ་པར་བསམ། དེ་ནས་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་སྡིགས་མཛུབ་ཏུ་བྱས་པ། ཁྲོ་བོའི་ཁུ་ཚུར་དེས་དགང་བླུགས་གྲུ་མོ་པུས་མོ་ལས་ཕྱིར་ཕྱོགས་པས་བཟུང་། དགང་བླུགས་ཀྱི་ཁ་ལ། ཧཱུྃ་ཨོཾ་ཨཱཿཧཱུྃ་འོད་ཟེར་དང་མེ་ལྷ་ཞལ་ཆེར་གདངས་པར་རཾ་མེ་ལྷའི་སྔགས་ལ་དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ངམ་ཕཊ྄་བཏགས་པས། སྲེག་བླུགས་གཡོན་དུ་བསྐོར་བས་འབུལ། ཡི་གེྃ་གསུམྃ་སྔོནྃ་དུ་བཏང་། མེའི་སྔགས་ལ་ཨོཾ་བཛྭཱ་ཡ། སྤེལ་ཚིག ཡཾ་ཤིང་། ཨོཾ་ཨགྣ་ཡེ། མར་ནག འདིར་ལིངྒ་སྐད་ཅིག་གིས་བསྒྲུབ་བྱར་དམིགས་ནས་ཡི་གེ་གསུམ་མེ་ལྷའི་སྔགས་ཀྱི་མཐར་སྤེལ་ཚིག་ལྷག་མ་རྣམས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མེ་ལྷའི་བྱ་བ་བྱེད་པར་ཞལ་གྱིས་བཞེས། དགྲ་བོ་ཆེ་གེ་མོ་ལ་མངོན་སྤྱོད་ཀྱི་ལས་བསྒྲུབ་པར་བཞེད་ནས་དྲག་པོའི་ཉམས་འཛིན་པར་གྱུར། མེ་པྲ་བརྟག བཟློག་དུས། མེ་ལྷའི་མིང་ཀྲོ་དྷ་ཏེ་ཛ་གཞུག ཏིང་ངེ་འཛིན། ལིང་ག་རཾ་ལས་ཉི་མའི་དཀྱིལ་འཁོར་ལ། གཟས་པ་ལུས་གཅེར་བུ་ཁ་ལྷོར་བལྟས་པ་སྐྱོབ་བྱེད་དང་བྲལ་བས་ངུ་ཞིང་བརྒྱལ་བར་བསམ་ལ། ཁམས་གསུམ་གནོན་པའི་བསམ་པས་ཁ་མེ་ཕྱོགས་བལྟས། བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་བསྐུལ་བས་མེ་དབུས་ཀྱི་ལྷ་རྣམས་ཀྱི་སྐུ་ལས་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ། དེ་རྣམས་ཀྱིས་དགྲ་བོའི་བསྲུང་བའི་གུར་ཁང་བཤིག སྐྱོབ་བྱེད་ཀྱི་ཡེ་ཤེས་ལྷ་མཆོད། འདི་མ་རུངས་པས་སྐྱོབ་མི་རིགས་པར་གསོལ་བས་དེ་དག་གིས་སྤངས། འཇིག་རྟེན་པའི་ལྷ་རྒྱ་མཚོའི་ཕ་རོལ་ཏུ་བསྐྲད། དེའི་མགྲིན་པ་ནས་ཞགས་པས་བཅིངས། སྙིང་ཁར་ལྕགས་ཀྱུ་བཏབ། ཡན་ལག་ལྕགས་སྒྲོག་གིས་བསྡམས། རྒྱབ་ནས་ཁྲོ་བོས་རྡེག་ཅིང་ལས་ཀྱི་རླུང་དམར་གྱིས་དེད། འཇིགས་པའི་མུན་པས་བསུས་ནས་དམིགས་རྟེན་དེ་ལ་བསྟིམ། སྔགས་ལས་ཐམས་ཅད་པའི་ཤམ་བུར་ཛ་བཏགས་ལ་བཟླས། དེ་ནས། སླར་སྤྲོས་པའི་འོད་མེའི་ཁབ་ལྟ་བུ་དེའི་བཤང་ལམ་ནས་ཞུགས་ཚེ་རྟེན་བདག་ལ་ཕུལ། རང་གི་ཚེའི་གསོས། སྲོག་རྟེན་ཡི་གེ་ཧཱུྃ་མེ་དེས་སྦྱངས་ནས་འོག་མིན་དུ་སྤར། ལྔ་ཕུང་ཕོ་ཉ་རྣམས་ཀྱིས་གཏུབས་ལྷ་རྣམས་ཀྱི་ཞལ་གདངས་པ་དེར་ཕུལ་བར་བསམ་ལ། སྔགས་རེ་ལིང་ག་རེ་སྤེལ་གྱིན་སྲེག གཞན་ཞི་བ་བཞིན། འདོད་གསོལ། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་ཅིང་དཀོན་མཆོག་གསུམ་གྱི་དབུ་འཕང་སྨོད་པ་སྡིག་ཅན་གྱི་དགྲ་བོ་ཆེ་གེ་མོ་འདི་ལོ་དང་ཟླ་བར་མ་འགྱངས་ཞག་དང་ཟ་མ་འདི་ཉིད་དུ་རྟགས་ཕྱུངས་མཚན་མ་སྟོན་ལྔ་ཕུང་བཤིག ཡིད་རྟེན་ཆོས་ཀྱི་དབྱིངས་སུ་བསྒྲལ་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་སྦྱར་བ་ཙམ་མོ། །དེ་ལྟར་ལས་བཞི་ཉིད་དུ་ལས་གཞན་འདུ་བས་གལ་ཏེ་སོ་སོར་བྱ་བར་འདོད་ན། དེ་དང་དེའི་རྫས་དམིགས་པ། འདོད་གསོལ་བསྒྱུར་བ་ཙམ། ལས་ཐམས་ཅད་པ་ཞི་བར་གཙོ་བར་བྱེད་ན་དེ་བཞིན་ལ། ཡཾ་ཤིང་ལ་སོགས་པ་ལ་སོ་སོའི་ཕན་ཡོན་དང་བསྟུན་པའི་སྤེལ་ཚིག་སྦྱར་བ་ཙམ་སྟེ་བསྙེན་པའི་ཁ་སྐོང་། དེ་བཞིན་དངོས་གྲུབ་བསྒྲུབ་པ་རྣམས་རྒྱས་པའི་ལས་དང་བསྟུན་ནོ། །ཀུན་སྤངས་ལ། ཇི་སྐད་བཤད་པ་ཐམས་ཅད་ཡིད་ཀྱིས་བསམ་པས་འགྲུབ་པར་གསུངས་སོ། །རྒྱུད་གསུངས་བདག་ཉིད་ཆེས་བཀྲལ་བ། །མ་ནོར་འདི་ཞེས་མཛུབ་བཙུགས་པ། །རྨོངས་ཞེན་མིག་ཉམས་ངོར་མིན་གྱི། །འདོད་དོན་བསླུ་མེད་སྒྲུབ་འདོད་ལའོ། །ཞེས་ལས་བཞིའི་སྦྱིན་སྲེག་བཅའ་བདེ་བ་ཞིག་དགོས་ཞེས་གནམ་མཚོ་དོ་པ་སོགས་དོན་གཉེར་མང་པོས་བསྐུལ་ནས་རྒྱུན་རིང་། སླར་ཡང་ནན་ཏན་དུ་བྱེད་པ་དག་གི་ངོར་རྡོ་རྗེ་མཁའ་འགྲོའི་ལུང་མཛུབ་བཙུགས་སུ་བསྟན་པ་སྔགས་འཆང་པདྨ་དཀར་པོས་ཤར་ཀོང་པོ་ཟ་ཡུལ་བཀའ་བརྒྱུད་ཆོས་ལྡིངས་ཀྱི་དགོན་པར་སྦྱར་བ་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་བར་གྱུར་ཅིག་གུ། །།མངྒལཾ།། །།
བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཡན་ལག་བཞི་པའི་ཆོག་ཁྲིགས་གསལ་བར་བཀོད་པ་བདེ་ལེགས་གྲུབ་པའི་རྒྱ་མཚོ།
བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཡན་ལག་བཞི་པའི་ཆོག་ཁྲིགས་གསལ་བར་བཀོད་པ་བདེ་ལེགས་གྲུབ་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །ཀུན་ལ་ཉག་ཅིག་ཁྱབ་ཅིང་བཞུགས་པའི་སྐུ། །འགྱུར་མེད་ཡེ་ཀློང་རང་བཞིན་དེར་བཞེངས་ནས། །འཕོ་བཅས་འཕོ་མེད་ཆེན་པོར་རབ་གནས་པའི། །རྡོ་རྗེ་ཅན་གྱི་དཔལ་དེས་སྐྱོངས་གྱུར་ཅིག །འདིར་བདེ་མཆོག་བཅུ་གསུམ་མ་དང་འབྲེལ་བའི་རབ་གནས་ཡན་ལག་བཞི་པའི་ཆོ་ག་ཁྲིགས་ཆགས་སུ་གསལ་བར་འགོད་པ་ལ། སྟ་གོན་དང་དངོས་གཞིའི་རིམ་པ་གཉིས་ལས་སྟ་གོན་ནི། སྟེགས་བུའི་ཁར། བུམ་པ་དགུའམ། རྣམ་རྒྱལ་དང་། ལས་བུམ་གཉིས། རྣམ་རྒྱལ་གྱི་སྟེང་རྣམ་རྒྱལ་ཆེན་པོ་ཐོད་པའམ་དུང་ཆོས་བཀོད། མདུན་དུ་མཆོད་པ་དང་། སློབ་དཔོན་གྱི་མདུན་དུའང་བདག་མཆོད་བཤམས། འོག་ཏུ་དགོས་པའི་སྦྱང་རྫས་སོགས་ཡོ་བྱད་རྣམས་འདུ་བྱ། དེ་ནས་བསྟོད་ཚོགས་ཅི་རིགས་ནས། རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ་སོགས་བརྒྱུད་འདེབས། ཕྱོགས་བཅུར་བཞུགས་པ་ནས། མྱ་ངན་འདས་ལ་བཀོད་པར་སྐྱབས་སེམས་སོ་སོར་ལན་གསུམ། རང་གི་སྤྱི་བོར་ནས། རང་ལ་ཐིམ་པར་གྱུར་བར་གྱི་རྡོར་སེམས་སྒོམ་བཟླས་སོང་ནས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པ་གསལ་བར་གྱུར། ཨོཾ་སུཾ་བྷ་ནི་ནས། བསྐོར་བར་གྱུར། སྙིང་གའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་སོགས་ནས་བཟླས་པའི་བར་བདག་བསྐྱེད་སྒྲུབ་ཐབས་བཞིན་སོང་ནས། བུམ་བསྐྱེད། ཨོཾ་ཤཱུ་ནྱ་ཏྎ སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་བུམ་པ་བཟང་པོ་ནང་དུ་པད་ཉི་ལ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཞེས་པ་ནས། དབུ་རྒྱན་པར་གྱུར་བར་མངོན་རྟོགས་སྐབས་ནུབ་དང་ལས་བུམ་དུ་དུམ་སྐྱེས་མ་དམར་མོ་ཞེས་འདོན་པའང་བསྒྱུར། སྙིང་གའི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། ཞེས་པ་ནས། བུམ་ཆུ་དང་གཉིས་མེད་དུ་གྱུར་བར། རྣམ་རྒྱལ་ཆེན་པོའི་ཆུ་བུམ་ནང་དུ་ཅུང་ཟད་བླུག་གོ །དེ་ནས་སུཾ་བྷ་ནི་ཉེར་གཅིག་གིས་ཐུན་ལ་སྔགས། རང་ཉིད་བདེ་མཆོག་ཁམས་གསུམ་རྣམ་རྒྱལ་ཞལ་བཞི་པར་གསལ་བའི་མིག་གཡས་པར་མ་ལས་ཉི་མ་སོགས་ནས། འབར་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །ནས། གཞན་དུ་མིན། སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་པའི་སྟ་གོན་བྱ་ཡི། གང་སུ་ཡང་རུང་བ་ཞེས་ནས། འགྱུར་ཏ་རེ། རྟེན་རྣམས་ལ་ཐུན་བྲབ། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ། སུཾ་བྷ་ནིའི་སྔགས་ཀྱིས་བསྐྲད། ཞལ་བཞི་ནས་ཁྭ་གདོང་མ་སོགས་ནས། བསྐོར་བར་གྱུར་བར་སྲུང་འཁོར་བསྒོམ། རྟེན་གྱི་མདུན་དུ་སྦྱང་རྫས། ཡུངས་ཀར། ཆུ། ཁམ་ཕོར་དཀར་པོ། དུརྦའི་སྙིང་པོ་དང་བཅས་པའི་བ་ལྕིའི་ཆང་བུ་ཟན་ཆང་། སེང་རས་དང་དྲུག་པོ་སྣོད་བཞི་བཞི་བཤམས། འཁྱིལ་སྔགས། ཨོཾ་ཨཱ་བིགྷནནྟཀྲིཏཧཱུྃདང་། ཧཱུྃ་བདུན་བདུན་ནས་ཡུངས་ཀར་ལ་ཕུས་འདེབས། ཡུངས་ཀར་གཡས་དང་གཡོན་པའི་ཁུ་ཚུར་གྱིས་བཟུང་ནས་ཐོག་མར་གཡས་པས་རྟེན་གྱི་ཕྱོགས་སུ་གཡོན་བསྐོར་གཅིག གཡོན་པས་ཀྱང་གཡོན་བསྐོར་གཅིག་བྱ་བཞིན། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ས་ཏྭ་ཀྵྼ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཚར་གཉིས་བརྗོད། རེ་རེ་བཞིན་མེ་ནང་དུ་དོར། དེ་བཞིན་དུ་གཡས་སུ་བསྐོར་ཏེ་སྔགས་ལན་གཉིས་བརྗོད་མེ་ནང་དུ་དོར། དེ་ནས་ཆུ་བཞི་ཡང་སྔར་བཞིན་བསྐོར་ནས་མེ་ནང་དུ་བླུག ཁམ་ཕོར་བཞི་ཡང་སྔར་བཞིན་བསྐོར་ནས་གསོག་སྣོད་གཅིག་ཏུ་བཞག དུརྦའི་སྙིང་པོར་བཅས་པའི་བ་ལྕིའི་ཆང་བུ་བཞི་དང་། ཟན་ཆང་བཞི་དང་། སེང་རས་བཞི་པོ་ཡང་སྔར་བཞིན་སྔགས་དང་བཅས་པས་བསྐོར་ཏེ་གསོག་སྣོད་དུ་བླུག ཁམ་ཕོར་མན་ཆད་ལག་གཅིག་གིས་བསྐོར། དེ་དག་མེར་མི་བསྲེག རོལ་མོ་དང་བཅས་སུཾ་བྷ་ནི་བརྗོད་ཅིང་ཕྱིར་དོར། ཉེ་རེག་ནི་ལས་རྡོར་གྱིས་རྟེན་གྱི་མདུན་ཕྱོགས་སུ་ཙོག་པུར་འདུག ཁྱོར་བ་གཡོན་པར་ཆུ་གཙང་བླུག གཡས་པའི་གུང་སྲིན་གྱིས་བླངས་ཏེ་སྐུ་རྟེན་རྣམས་ཀྱི་ཞལ་དུ་བྱབ་པའི་སྟངས་ཀ་དང་། སྙན་གཉིས། སྤྱན་གཉིས། ཤངས་དང་སྤྱི་བོ་སོགས་སུ་རེག་པའི་སྟངས་ཀ་བྱས། པོ་ཏི་དང་མཆོད་རྟེན་སོགས་ལ་ཉེ་རེག་འདི་བྱ་མི་དགོས་ཞིང་། སྐུ་གཟུགས་ལ་ཡང་མཐའ་གཅིག་ཏུ་མི་དགོས་སོ། །ཨོཾ་ཤྲཱི་བཛྭ་ཧེ་རུ་རུ་ཀ་སོགས་གཙོ་སྔགས་བརྗོད་བཞིན་སྐུ་གཟུགས་དངོས་སམ་མེ་ལོང་གི་ནང་དུ་ཤར་བའི་ཐུགས་ཀར་དྲི་བཟང་གི་ཆུས་བྱུག ཡང་སྔགས་དེ་ཟློ་བཞིན་མེ་ཏོག་གི་འཕྲེང་བའི་མེ་ཏོག་རྐྱང་པས་དབུ་ལ་རེག ཡང་སྔགས་དེ་རྗོད་བཞིན་རྟེན་གྱི་མདུན་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བ་ནས་ཏིང་ཕོར་དུ་བླུག་ཏེ་མཆོད་ཡོན་ཕུལ། ཨོཾ་ཨཱ་བིགྷནནྟ་ཀྲི་ཏ་ཧཱུྃ། ལན་བདུན་བཟླས་ཞིང་མར་མེ་རྟེན་གྱི་ཕྱོགས་སུ་གཡས་སུ་བསྐོར། ཧཱུྃ་བདུན་གྱིས་སྤོས་དཀར་མར་དང་སྦྱར་བ་སྤོས་ཕོར་དུ་བསྲེགས་ཏེ་བདུག་པར་བྱའོ། །དེ་ནས་ཁྲུས་ནི། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ཁྲུས་ཀྱི་དཀྱིལ་འཁོར་གཞལ་མེད་ཁང་པ་ཡིད་དུ་འོང་བ་ཤེལ་གྱི་ས་གཞི་རིན་པོ་ཆེའི་ཀ་བས་བརྒྱན་པ། མུ་ཏིག་དང་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ། དངོས་སུ་བྲིས་པའམ་མོས་པ་གང་རུང་གི་ལྟེ་བར་མཉྫྱི་ལྟ་བུར་ཁྲུས་གཞོང་དང་། མཐའ་སྐོར་དུ་འདག་ཆལ། འདག་ཆལ་ནི་རྣམ་པ་ལྔ་ཏེ། བདུད་རྩི་ལྔ་དང་། བ་བྱུང་ལྔ་དང་། དྲི་བཟང་དང་། སྐྱུ་རུ་རའི་ཕྱེ་མ་དང་། ཡུང་བའི་ཕྱེ་མ་རྣམས་ཏེ། བདུད་རྩི་ལྔ། ཞོ། འོ་མ། མར། སྦྲང་རྩི། ཀ་ར་དཀར་པོ་རྣམས་ཡིན་ལ། བ་བྱུང་ལྔ་ནི། བ་དམར་ཟལ་གྱི་འོ་མ། ཞོ། །མར། ལྕི་བ། ཆུ་རྣམས་སོ། །དེ་ཐམས་ཅད་འཛོམ་ན་རབ། མ་འཛོམ་ན་ཇི་ཙམ་རྙེད་པ་དེ་ཙམ་གྱིས་ཆོག་གོ་གསུང་། དྲི་བཟང་གི་ཏིལ་མར། སྲན་ཕྱེ་དཀར་པོ། དུརྦ་འམ་ཀུ་ཤའི་པིར། ཕལ་ཁྲུས་ཀྱི་ཆུ་གཙང་བླུག་པའི་བུམ་པ། སྐུ་དབྱིའི་དར་ལ་དྲི་བཟང་གི་རི་མོ་པད་འདབ་བཞི་སྔགས་བཅས་བཀོད་པ་དང་། མེ་ལོང་གོས་བཟང་། མཆོག་ཁྲུས་སམ་གཙང་ཁྲུས་ཀྱི་ཆེད་དུ། བུམ་པ་ཐམས་ཅད་དམ་རྣམ་རྒྱལ་དང་ལས་བུམ་གྱི་ཆུ་བསྡུས་པའི་བུམ་པ་ཁྲུས་ཆས་རྣམས་བཤམས་ཏེ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། མེ་ལོང་སྐུ་གཟུགས་འཆར་བ་ལ་འདག་ཆལ་གྱིས་བྱུག་ཅིང་། རྒྱལ་བའི་སྐུ་ལ་ཉེས་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་དྲི་མ་སྦྱང་སླད་དུ། །ཆུ་གཙང་འདག་ཆལ་སྨན་སྤོས་ཁྲུས་བགྱིས་པས། །སེམས་ཅན་སྒོ་གསུམ་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཝཀྐ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཙིཏྟ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཨོཾ་མ་ལ་སཾ་ཤྭ་དྷ་ན་ཡེ་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དྲི་བཟང་ལྡན་པའི་ཏིལ་མར་གྱིས་བྱུག སྲན་ཕྱེ་བཏབ་ཆུ་གཙང་གིས་བཀྲུས། ཡང་འདག་ཆལ་པིར་གྱིས་བྱུག་ཞིང་། རྒྱལ་བའི་སྐུ་དང་ནས། ཤྲཱི་ཡེ་ཧཱུྃ། བར་གོང་བཞིན་ལན་གསུམ་བྱས། དེས་ཕལ་ཁྲུས་སྒྲུབ། དེ་ནས་མཆོག་ཁྲུས་སམ་གཙང་ཁྲུས་ནི། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་སྤྱན་དྲངས། དེ་རྣམས་ཀྱི་བུམ་པའི་ཆུས་ཁྲུས་མཛད། བཀྲ་ཤིས་ཀྱི་གླུ་དང་སྣ་ཚོགས་པའི་རོལ་མོའི་སྒྲ་ལ་སོགས་པས་མཆོད་པར་གྱུར། རྣམ་རྒྱལ་ལ་སོགས་པའི་ཆུ་བསྡུས་པའི་བུམ་པས་བཀྲུ་ཤིང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །མི་ལྡོག་པ་ཡིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཧཱུྃ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་ཁྲུས་གསོལ་ལོ། །ཚོར་བའི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་ཁྲུས་གསོལ་ལོ། །འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་ཁྲུས་གསོལ་ལོ། །འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་ནན་ཏན་ཡེ་ཤེས་ཀྱི། །དཔལ་ལྡན་འཕྲིན་ལས་ཁྲུས་གསོལ་ལོ། །རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་ཁྲུས་གསོལ་ལོ། །ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛེས་ལྷུམས་ནས་བལྟམས་ཚེ་ཁྲུས་གསོལ་ལྟར། །སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བཅས། །སྤྲུལ་སྐུ་ཡིད་འོང་རྣམས་ལ་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་པྲ་ཏི་ཤུདྷེ་སྭཱ་ཧཱ། དེ་ནས་གོས་གཙང་མས། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་སྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་སྲཱིཿཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཕྱི། སྔར་ཁྲུས་དཀྱིལ་དུ་གདན་དྲངས་པ་ཡིན་ན། སྔ་མའི་བཞུགས་སར་སྤོས། མིན་ན་དེར་རང་དུ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཤིགས་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་གྱི། །བདག་ཀྱང་རྡོ་རྗེ་སྐུ་ཐོབ་ཤོག །ཨོཾ་བཛྭ་ཝཧླ་ཡེ་ཨཱ་ཧཱུྃ། ཞེས་ན་བཟའ་བཟང་པོ་ཕུལ་ཏེ་བཞག དེ་ནས་རྟེན་བསྐྱེད་ནི། རྟེན་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་རཾ་བཾ་ལཾ་སུཾ་པཾ་ཧཱུཾ་པཾ་བརྩེགས་པ་རིམ་པ་བཞིན་ཞུ་བ་ལས། རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་བརྩེགས་པའི་སྟེང་དུ་རི་རབ་དང་། སྣ་ཚོགས་པདྨ་ལྷུན་པོའི་ཁ་ཁྱབ་པའི་དཀྱིལ་དུ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། དེའི་ལྟེ་བར་པདྨའི་སྡོང་པོ་གྱེན་དུ་འཕགས་པ་འདབ་མ་བརྒྱད་པའི་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་སྔོ། གེ་སར་དམར་སེར། ལྟེ་བ་མཐིང་ག གྲི་གུག་གི་འཕྲེང་བས་མུ་ཁྱུད་བྱས་པ། རང་གི་སྙིང་ག་ནས་ཧཱུྃ་ཡིག་འཐོན་དེའི་ལྟེ་བར་འཁོད། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཞེས་པ་ནས་ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། ཕེཾ་ཕེཾ་ཕེཾ་ནས་ཀཱོ་ཧཾ་བར། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱིས་རབ་ཏུ་གནས་པར་བྱ་བ་སྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སུཾ་བྷ་ནི་སོགས་ཕྱི་འབྲང་གི་བགེགས་བསྐྲད། ནམ་མཁར་གནས་པ་ལ། ཨོཾ་ཨཱ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄་སོགས་ཉེར་མཆོད་ལྔས་མཆོད། ས་མ་ཡ་ཧྶཾ། ས་མ་ཡ་ཧོཿ ལན་གསུམ་བརྗོད་པས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། མགོན་པོ་འདིར་ནི་བྱོན་པ་ལེགས། ནས་ཀ་མེ་ཤྭ་རི་ཁ་ག་ཧཱུྃ་ཧཱུྃ་ཕཊ྄་བར་མདུན་བསྐྱེད་གཞུང་བཞིན་བྱས། དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ལག་པ་གཡོན་པས་དྲིལ་བུ་གསིལ། གཡས་པས་སྤོས་ཕུལ། ལྕེ་ཧཱུྃ་ལས་རྡོ་རྗེར་གྱུར་པར་བསམ་ནས། །དག་པའི་རྡོ་རྗེ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །རྡོ་རྗེ་འཆང་ཆེན་བདག་གིས་ནི། །ཇི་ལྟར་ནུས་པའི་ངེས་སྤྱོད་ཀྱིས། །རིག་པའི་རྒྱལ་པོ་འཁོར་ལོ་སྡོམ། །སང་ནི་རབ་གནས་བགྱི་བར་འཚལ། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་འདས་ལ་གུས་བདག་ལ། །རྗེས་སུ་གནང་བ་མཛད་པར་རིགས། །སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་ཚོགས་ནི། །རྫོགས་སངས་རྒྱས་ཀྱི་བསྟན་པ་ལ། །དགའ་དང་རྡོ་རྗེའི་སྤྱན་མངའ་བ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེས་ཉེ་བར་བཟུང་ནས་སུ། །ཐུགས་རྗེ་ལྡན་རྣམས་རབ་གནས་མཛོད། །ཅེས་སྙན་གསན་ཕབ། ཨོཾ་བཛྭ་པུ་ནི་རཱ་ག་མ་ན་ཡ་མུཿཞེས་ཡེ་ཤེས་པ་དེ་ནས་གཤེགས་ཏེ་སྟེང་གི་ནམ་མཁར་བྱོན་པར་གྱུར། དམ་ཚིག་པ་རྟེན་དེ་ལ། ཧཱུྃ་བྷཱུཾ་ཤྲཱིཾ་ཞེས་གོས་ཀྱིས་གཏུམས་ལ་བཞག་གོ །རྟེན་སྟ་གོན་ནོ། །དངོས་གཞི་ལ། དཀྱིལ་འཁོར་བཅའ་གཤོམས་སོགས་བཀོད་པ་ཡིད་དུ་འོང་བར་བྱས་ནས། མདུན་བསྐྱེད། བུམ་བསྐྱེད། བདག་འཇུག་ལེན་པ། བདག་བསྐྱེད་བཟླས་པའི་བར། སྒྲུབ་མཆོད་ཀྱི་ཆོ་ག་ཇི་ལྟ་བ་བཞིན་བཟླས་པ་གྲུབ་མཚམས། དཀྱིལ་འཁོར་གྱི་ལྷ་ཚོགས་བདག་ལས་གཉིས་སུ་བྱེ་ནས་མདུན་གྱི་དཀྱིལ་འཁོར་ལ་སྔར་བཞིན་དུ་བཞུགས་པར་གྱུར། སུཾ་བྷ་ནི་ལན་བདུན་ནམ་ཉེར་གཅིག་གིས་ཐུན་ལ་འདེབས། ཨ་ཀཱ་རོས་བགེགས་ལ་གཏོར་མ་བསྔོས། ཧཱུྃ། ང་ནི་དཔལ་ལྡནྎ ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་རྟེན་འདི་ཉིད་རབ་ཏུ་གནས་པར་བྱ་ཡིས་ཞེས་བསྒྱུར་ནས་བགེགས་སྐྲོད་སྲུང་འཁོར་བྱས། སྦྱོང་རྫས། ཡུངས་ཀར། ཆུ་ཁམ་ཕོར་དུརྦའི་སྙིང་པོ་དང་བཅས་པའི་བ་ལྕིའི་ཆངས་བུ། ཟན་ཆང་སེང་རས་སོགས་རྟེན་ལ་གཡོན་དང་གཡས་སུ་སྔགས་དང་བཅས་བསྐོར་བ་ནས། རོལ་མོ་དང་བཅས་ཕྱིར་སྐྱེལ་བ་ཚུན་སྟ་གོན་སྐབས་བཞིན་བྱ། དེ་རྗེས་སྡིག་བསྲེག་ལ། རྟེན་གྱི་མདུན་དུ་མེ་ལོང་ལ་ཏིལ་གྱིས་སྡིག་གཟུགས་བཀོད་པ་བཤམས་ལ། རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ། སྙིང་གར་སྡིག་པའི་ས་བོན་པཾ་ནག་པོ་ལ། ལུས་ངག་ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་འདུས་སྟེ་ཡོད་པ། རླུང་གཡོས་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བས་སྙིང་གའི་པཾ་དེ་ཉིད་སྡིག་པ་རྭ་ཅན་གྱི་རྣམ་པར་སྣ་སྒོ་ནས་འཐོན་མདུན་གྱི་ཏིལ་ལ་ཐིམ་པར་གྱུར། མདུན་དུ་མེ་དང་ཆུ། ཨོཾ་ཁཎྜྻ་རོ་ཧེ་ཧཱུྃ་ཕཊ྄་ཀྱིས་བསངས། མེ་ནང་དུ་ཁྲོ་བོ་ཟ་བྱེད་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞལ་ཤིན་ཏུ་གདངས་པར་གྱུར། ཞེས་གསལ་གདབ། ཨོཾ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བསྐོར་ཞིང་ཏིལ་མེ་དང་ཆུ་གཉིས་སུ་དོར་རོ། །གལ་ཏེ་བསྡུས་པར་དགའ་ན་བགེགས་སྦྱང་སྡིག་སྦྱང་ཙམ་མམ་བྱུར་བསལ་བ་ཁོ་ན་བྱས་པས་རུང་ངོ་། །དེ་ནས་བཙོག་ཁྲུས་དང་གཙང་ཁྲུས་སྐུ་འཕྱི་བའི་བར་སྟ་གོན་སྐབས་བཞིན་ཏེ། རྒྱལ་བའི་སྐུ་ནས། ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། བར་རོ། རྟེན་བསྐྱེད་ནི། རྟེན་རྣམས་ཨོཾ་ཁཎྜྻ་རོ་ཧེ་དང་། ཨོཾ་སྭ་བྷཱ་ཝས་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་རཾ་ཝཾ་ལཾ་ནས་བཛྭ་ས་མཱ་ཛཿ ཡན་མདུན་བསྐྱེད་བཞིན། ཡེ་ཤེས་ཕྱིར་འབྲང་གི་བགེགས་རྣམས་ཕྱིར་དེངས་ཤིག ཨོཾ་སུཾ་བྷ་ནི་བརྗོད། སྟ་གོན་གྱི་དུས་ནམ་མཁར་བཏེག་པའི་ཡེ་ཤེས་ཀྱི་འཁོར་ལོ་དང་གཉིས་མེད་དུ་གྱུར་པར་བསམ། མགོན་པོ་འདིར་ནི་བྱོན་པ་ལེགས་ནས། ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ྄་བར་ཡང་མདུན་བསྐྱེད་བཞིན་བྱས་ལག་གཡོན་དྲིལ་བུ་གསིལ་གཡས་པས་སྤོས་ཕུལ་ཏེ། ལྕེ་ཧཱུྃ་ལས་རྡོ་རྗེར་གྱུར། དག་པའི་རྡོ་རྗེ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་ཆེ་བདག་ཉིད། །རྡོ་རྗེ་འཆང་ཆེན་རྣལ་འབྱོར་བདག །ཇི་ལྟར་ནུས་པའི་ངེས་སྤྱོད་ཀྱིས། །རིག་པའི་རྒྱལ་པོ་ཧེ་རུ་ཀས། །འགྲོ་ལ་ཕན་ཕྱིར་རབ་གནས་བགྱི། །ཐམས་ཅད་འདིར་ནི་རབ་བཞུགས་ནས། །ཐུགས་རྗེས་ཉེ་བར་བཟུང་ནས་སུ། །ཐུགས་རྗེ་ཅན་རྣམས་རབ་གནས་མཛོད། །ལན་གསུམ། ཛཿཡེ་ཤེས་པ་རྣམས་དམ་ཚིག་གི་འཁོར་ལོའི་སྟེང་དུ་བཀུག ཧཱུྃ་དེ་དག་ལ་གཞུག བཾ་གཉིས་མེད་དུ་བཅིངས། ཧོ་རོ་གཅིག་ཏུ་གྱུར། དེ་ནས་ལྷ་དབང་བསྡུས་པ། ཨོཾ་ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་ཡོན་བདག་གི་རང་དང་སྐུ་གཟུགས་ཀྱི་མེ་ཏོག་འཕྲེང་བ་བླངས་ཏེ་གཞུང་བཞིན་དུ་མཚོན་བྱེད་ཀྱི་དཀྱིལ་འཁོར་དུ་ཞུགས་པར་བསམ། འདིས་གསང་བའི་དལ་དུ་གཞུག་སྟེ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཆེན་པོ་བསྐུལ་བས་དེ་དག་འོད་ཟེར་གྱི་རྣམ་པས་རྟེན་བསྐྱེད་པ་ལ་ཐིམ་པར་གྱུར། ཨོཾ་ཨ་བེ་ཤ་ཧྶཾ་བྷ་ཡ་ར་ར་རཱ་རཱ་ཙ་ལ་ཡ་ཧཱུྃ་ཨ་ཧ་ཛྷྱཻཿཞེས་རོལ་མོ་དང་བཅས། དེ་ནས་མེ་ཏོག་པཱུ་ཙ་ཧོས་དོར། གང་ལ་ཕོག་པའི་ལྷས། པྲ་ཏི་གྲྀ་་ཏྭཾ་ཨི་མཾ་ས་ཧྶཾ་མ་ཧཱ་བ་ལ་དབུར་བཅིངས། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཀྱིས། གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ། ནས། ནཻ་ཝི་དྱཾ་ཧཱུྃ་བར་གྱིས་ཉེར་མཆོད་ལྔ་ཕུལ། ཐལ་སྦྱར་རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ལན་གསུམ་གསོལ་བ་བཏབ། དེ་བཞིན་གཤེགས་པ་རྣམས་རང་ཉིད་ཀྱི་ཤེས་རབ་དང་སྙོམས་པར་ཞུགས་པས་སྙིང་གའི་འོད་ཀྱིས་རྟེན་ལྷར་བསྐྱེད་པ་རྣམས་ཞལ་ནས་ཞུགས་ཆགས་པ་ཆེན་པོས་ཞུ་བ། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་གནས་པ་ལ་སླར་སངས་རྒྱས་རྣམས་རྣམ་སྣང་གི་སྒོ་ནས་ཞུགས་ཞུ་བའི་ཁུ་བས་རྡོ་རྗེའི་ལམ་ནས་པདྨར་གནས་པ་དེ་ལ་དབང་བསྐུར། དེ་ནས་པདྨ་ལས་དཀྱིལ་འཁོར་གྱི་ལྷའི་རྣམ་པ་སྔ་མ་ལྟ་བུར་གྱུར་པ་སྤྱི་བོར་འཐོན་ཏེ་དཀྱིལ་འཁོར་ལ་འཁོད་པར་གྱུར་པ་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རིག་མ་དང་བཅས་པ་རྣམས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ཕྱག་གིས་བཟུང་། གདུགས་དང་རྒྱལ་མཚན་དང་བ་དན་དང་གར་དང་གླུ་དང་རོལ་མོའི་སྒྲ་དང་མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཅེས་པའི་གླུ་ལེན། ཇི་ལྟར་བལྟམས་པ་སོགས་ནས་ཤྲཱི་ཡེ་ཧཱུྃ། ཨོཾ་བཛྭ་ཨུ་ད་ཀ་ཨ་བྷི་ཥིཉྩྨ་ཧཱུྃ་ཧཱུྃ། དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབ་པའི་དབུ་རྒྱན་བསྐོན། ཨོཾ་རཏྣ་ཨཾ། ཨོཾ་ཧཱུྃ་ཏྲཱྃ་སྲཱིཿཨཱཿ སྔགས་ཀྱིས་དར་དཔྱངས་བཅིངས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནས་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །སྣང་མཐའི་རྡོ་རྗེ་གཏད། །ཨོཾ་བཛྭ་ཨ་དྷི་པ་ཏིཧྶཾ་ཨ་བྷི་ཥིཉྩྨ་མི་ཏིཥྛ་བཛྭ་ས་མ་ཡ་ཧྶཾ་ཞེས་པས་དོན་གྲུབ་ཀྱི་དྲིལ་བུའི། ཨོཾ་བཛྭ་ས་ཏྭ་ཧྶཾ་ཨ་བྷི་ཥིཉྩྨ་མི་བཛྭ་ནཱ་མ་ཨ་བྷི་ཥེ་ཀ་ལྷ་གང་ཡིན་དེར་མིང་བཏགས། རྟེན་རྡོ་རྗེ་འཆང་རིགས་ཐམས་ཅད་ཀྱི་བདག་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་པར་གྱུར་པ་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རིག་མ་དང་བཅས་པ་རྣམས་ཀྱིས། བདུད་རྩིས་གང་བའི་བུམ་པ་དཀར་པོ་ཕྱག་གིས་བཟུང་། གདུགས་དང་རྒྱལ་མཚན་དང་བ་དན་དང་གར་དང་གླུ་དང་རོལ་མོའི་སྒྲ་དང་གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པས་དབང་བསྐུར། གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་ཀུན་གྱི་བདག་ཉིདྎ སེམས་ཅནྎ དེ་ནི་དེང་ཁྱོདྎ ཇི་ལྟར་བལྟམས་པྎ ཨ་བྷི་ཥིཉྩྨ་ཧཱུྃ། ཆུ་རྒྱུན་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་དབུ་བརྒྱན། དབང་ལྷ་རྣམས་དེ་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་ཞུགས་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྭེ་སྭཱ་ཧཱ། བྱིན་གྱིས་བརླབ་བུམ་དབང་ངོ་། །དེ་ནས་འཁོར་ལོའི་དབང་ཕྱུག་ཡབ་ཡུམ་སྙོམས་པར་ཞུགས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས། རྣམ་སྣང་གི་སྒོ་ནས་ཞུགས་པ་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་བྱང་ཆུབ་ཀྱི་སེམས་སུ་སྤྲོས་པ་ལྷའི་ཞལ་དུ་སྦྱིན་པ། ཨ་ཧོ་མ་ཧཱ་སུ་ཁ་ཞེས་དགྱེས་པར་གྱུར། འཁོར་ལོའི་དབང་ཕྱུག་དེས་ལྷ་མོ་གཏད། དེ་དང་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་མཛད། དེས་བག་ཆགས་སྦྱངས་བས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་དུ་རྫོགས་པར་གྱུར། དབང་གོང་མའོ། །འདི་བས་རྒྱས་པར་སྤྲོ་ན་དབང་ཆོག་ཇི་ལྟ་བ་བཞིན་ལ་བགེགས་སྐྲོད་མི་དགོས། རང་ཉིད་ཅེས་པ་ལྟ་བུའི་ཚིག་ཡོད་སར་རྟེན་རྣམས་ཅེས་བསྒྱུར་རོ། །དེ་ནས་མངའ་འབུམ་ནི། གསེར་གྱི་ཐུར་མས་དངུལ་གྱི་ཀོང་བུར་བླུག་པའི་མར་སྦྲང་བྱུགས་ནས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷ་ནི་སྭཱ་ཧཱ། བདག་ཅག་རྣམས་ལ་ཐུགས་རྗེ་གཟིགས་པ་ལྷུར་ལེན་པའི་སྤྱན་དུ་གྱུར། མེ་ལོང་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོགས་པ་མེད། །བཟུང་དུ་མེད་ཅི་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་རིགས་སྐྱེ། །དེ་ནས་སྙན་དབྱེ་བར་བྱ་སྟེ། གསེར་གྱི་རྣ་དྲུ་ཐོགས་ལ། སྒྲ་རྣམས་ཐོས་པས་འཕོངས་གྱུར་ལ། །རྒྱལ་བས་ཆོས་ཀྱི་རྔ་བརྡུང་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བགྱི། །ཨོཾ་དེ་བྱཱ་ཀརྞ་ཡེ་སྭཱ་ཧཱ། ཤངས་དབྱེ་བའི་གསེར་གྱི་རྨང་ཚེར་ཐོགས་ཏེ། ཟག་བཅས་ཕུང་པོའི་དྲི་སྤངས་པ། །རྣམ་པར་དག་པའི་དྲི་བརྙེས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་ཤངས་ནི་དབྱེ་བར་བགྱི། །ཨོཾ་དེ་བྱཱ་ན་ས་ཡེ་སྭཱ་ཧཱ། དེ་ནས་ཞལ་དབྱེ་བའི་ཕྱིར་ཐུར་མ་ཐོགས་སྟེ། ཆོས་ཀྱི་ཆོས་རོ་དགའ་བ་ནི། འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་འདི། །འབུལ་ཕྱིར་ཞལ་ནི་དབྱེ་བར་བགྱི། །ཨོཾ་དེ་བྱཱ་མུ་ཁ་ཡེ་སྭཱ་ཧཱ། སོ་ཤིང་འབུལ་བ། རིན་ཆེན་མཆོག་གྲུབ་ཀཱ་ར་ཝཱི་ར་ཡི། །བཀུར་སྟི་རིམ་གྲོས་ཚེམས་ཀྱི་དྲི་བསལ་ལྟར། །བདེ་གཤེགས་གསུང་གི་དངོས་གྲུབ་ཐོབ་གྱུར་ནས། །འགྲོ་ཀུན་སྐད་དུ་ཆོས་ཀྱི་དོན་སྟོན་ཤོག །ཨོཾ་དེ་བྱཱ་དནྟ་ཡེ་སྭཱ་ཧཱ། དེ་རྣམས་ནི་རབ་བྱུང་དང་ལོངས་སྐུའི་ཆ་བྱད་སོགས་སྐུ་སྤྱི་ལའོ། །བྱེ་བྲག་ལོངས་སྐུ་ཡིན་ན་སྐྲ་ཤད། དབུ་སྐྲ་ལྕང་ལོ་མཐོན་མཐིང་གཡས་འཁྱིལ་ལ། །རིན་ཆེན་འབར་བས་བརྒྱན་པ་རབ་ཏུ་མཛེས། །ལྷ་མི་ཀུན་གྱི་བལྟ་བས་མི་ངོམས་པའི། །བསོད་ནམས་ཐོབ་ཕྱིར་རྒྱལ་བའི་དབུ་སྐྲ་ཤད། །ཨོཾ་ཀེ་ཤ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། རྒྱན། བདེ་གཤེགས་སྐུ་ལ་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་ལགས་ཀྱང་། །རིན་ཆེན་དོ་ཤལ་སེ་མོ་དོ་ལ་སོགས། །རྒྱན་གྱི་དམ་པ་མཆོག་རྣམས་མཆོད་པར་འབུལ། །ཨོཾ་རཏྣ་ཨ་ལངྐ་ར་ཧཱུྃ། ན་བཟའ། ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར། །འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ངོ་ཚ་ཁྲེལ་ཡོད་གོས་མཆོག་འབུལ་བར་བགྱི། །ཨོཾ་དེ་བྱཱ་བ་ས་ན་ཡ་སྭཱ་ཧཱ། ཡང་རབ་བྱུང་ཡིན་ན། ཇི་ལྟར་རང་བྱུང་མཆོད་རྟེན་དྲུང་། །སྟོན་པས་ཁྱིམ་པའི་རྟགས་སྤངས་བཞིན། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །དེ་བཞིན་རྒྱལ་བའི་དབུ་སྐྲ་བཞར། །ཨོཾ་སརྦ་ཤྭ་དྷ་ནི་དུཿཁཙྪེ་ད་ཧཱུྃ། ན་བཟའ་ཆོས་གོས་གསུམ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་རྣམས། །སངས་རྒྱས་བརཏལ་ཞུགས་མཆོག་ལ་སྤྱོད་པར་ཤོག །མཁོ་བའི་ཡོ་བྱད་གཞན། འགྲོ་བ་སེམས་ཅན་དག་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེར་བཞེས་པ་བཞིན། །མཁོ་བའི་ཡོ་བྱད་རྣམས་ནི་འབུལ་བར་བགྱི། །ཨོཾ་སུ་ཁ་པ་རི་ཀ་རི་ཡེ་སྭཱ་ཧཱ། ཨོཾ་ཁཾ་སུ་ཁ་པ་རི་ཀ་རི་ཡེ་སྭཱ་ཧཱ། གཉིས་ཀ་ལ་ཐུགས་ཀར་རྡོ་རྗེ་བཟུང་། མཚན་དང་དཔེ་བྱད་ལ་སོགས་བསྐྱེད་པའི་ཕྱིར། །དུང་དང་དཔལ་བེའུ་གཡུང་དྲུང་འཁྱིལ་བ་དང་། །བཀྲ་ཤིས་རྫས་བརྒྱད་དག་གིས་རྣམ་བརྒྱན་པ། །རྒྱལ་བའི་ཐུགས་ལ་རྣམ་པར་བརྒྱན་པར་ཤོག །ཨོཾ་སྭསྟི་ཤ་མ་ཧཱ་པུ་རུ་ཥ་ཤ་ན་ཤྲཱི་ཨ་ནུ་ཏ་ར་བི་ཛ་ན་ཡེ་སྭཱ་ཧཱ། དེ་སྐུ་གཟུགས་ཀྱིའོ། །གསུང་རབ་པོ་ཏི་ལ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེ་གདན་ལ་བཞུགས་པར་ཤོག །ཨོཾ་བཛྭ་ས་ན་ཨཱ་ཧཱུྃ། གོས། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྭ་ཝཧླ་ཡེ་སྭཱ་ཧཱ། གླེགས་ཤིང་། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ལ། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་ཐོབ་པར་ཤོག །ཨོཾ་བཛྭཱ་པྲཛྙྱཱ་ཨུ་པཱ་ཡ་དྭཱ་ཡ་ཨཱཿཧཱུཾ། གླེགས་ཐག སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོ་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་ཐོབ་པར་ཤོག །ཨོཾ་བཛྭ་པུསྟ་ཀ་བནྡྷ་ཨཱ་ཧཱུྃ། ཡང་མཆོད་རྟེན་ཡིན་ན། སྲོག་ཤིང་། ཨོཾ་བཛྭ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག འཁོར་ལོ། ཨོཾ་པྲ་ཝཏྟ་ནཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་གྱུར་ཅིག རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག ཅོད་པཎ། ཨོཾ་པ་ཊཾ་ཀཱ་ལཾ་བཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་དར་གྱི་ཅོད་པན་དང་ལྷབ་ལྷུབ་ལ་སོགས་པས་མཆོད་པ་དང་བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། དེ་དག་གི་མཆོད་རྟེན་དང་། སྐུ་གཟུགས་དང་གསུང་རབ་ལ་སོགས་པ་དེ་དག་ལ་མཆོད་པ་བྱེད་པར་གྱུར་ཅིག འཕན། ཨོཾ་པ་ཏཾ་ཀེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་གྲགས་པ་དང་སྙན་པ་བསམ་གྱིས་མི་ཁྱབ་པར་གྱུར་ཅིག ཆུ་སྲིན་གྱི་རྒྱལ་མཚན། ཨོཾ་ཀུམྦྷི་ར་དྷྭ་ཛ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་འཁོར་བ་མི་གཏོང་ཞིང་མི་འཛིན་པས་བདུད་བཞི་ལས་རྒྱལ་བའི་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག ཨོཾ་བྷྲ་མ་ཎ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོར་གྱུར་ཅིག འཕྲེང་བ་ཕུལ། ཨོཾ་རཏྣ་མ་ལ་ཡེ་ཏྲཾ། ན་མཧླཻ་ཡ་དྷི་ཀ་ཨ་ནུ་ག་ཏ་པྲ་ཏིཥྛི་ཏེ་པུཥྤེ་ཀེ་ཏོ་བེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་ཏེ་སྐུ་བལྟ་བས་ཆོག་མི་ཤེས་པ་ཐོབ་པར་གྱུར་ཅིག ཨོཾ་བཛྭ་པུ་ན་དྷ་ནི་ཛ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཀྱི་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང་། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་རྟའི་གདན་དང་། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང་། ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་དང་། འགྲོ་བའི་དགོས་འདོད་ཡིད་བཞིན་དུ་སྐོང་བ་རིན་པོ་ཆེའི་གདན་དང་། ཆགས་པའི་སྐྱོན་ཐམས་ཅད་སྤངས་པ་པདྨའི་གདན་དང་། རང་བཞིན་གྱི་འོད་གསལ་བ་ཉི་ཟླའི་གདན་ཐོབ་པར་གྱུར་ཅིག དེ་དག་མཆོད་རྟེན་གྱིའོ། །སྐུ་གསུང་ཐུགས་རྟེན་གང་ལ་ཡང་ཐུན་མོང་གི་མངའ་འབུལ་མཎྜྻལ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རིར་བཅས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀང་སྟེ། །བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཡོངས་འབུལ་ན། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། །གུ་རུ་ཨི་དཾ་མཎྜྻལ་ཀཾ་ནིརྻ་ཏ་ཡཱ་མི། གདུགས་སོགས། ཐེག་མཆོག་བླ་བྲེ་གདུགས་དང་བ་དན་དང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་དར་འཕན་དང་། །གར་དང་རོལ་མོའི་མཆོད་པ་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མཛེས་པར་བགྱི། །རིན་ཆེན་བདུན། ཇི་ལྟར་མི་དབང་འཁོར་ལོ་བསྒྱུར་བ་ནི། །རིན་ཆེན་སྣ་བདུན་ཚོགས་དང་ལྡན་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱིས། །བཀྲ་ཤིས་རྫས་བརྒྱད། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱིས། །འདོད་ཡོན་ལྔ། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ལོངས་སྤྱོད་རྣམས། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྭ་དེ་ཝི་ཨན་ས་མ་དྷི་སྭཱ་ཧཱ། བིལ་བ་སོགས། འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བསྟེན་ནས། །བིལ་བ་སྟར་ཀ་བུམ་པ་བཟང་པོ་རས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་འབུལ་བར་བགྱི། །མཆོད་བསྟོད་ཀྱི་མངའ་འབུལ། །ཨོཾ་ཨཱཿཧཱུྃ་པྲོཀཀྵ་ཎཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན། ཨརྒྷཾ། པཱ་དྱཾ། ཨཉྩྨ་མ་ཎཾ་སྔོན་དུ་འགྲོ་བས། ཕྱི་མཆོད། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་སོགས་དང་། ནང་མཆོད། རྒྱལ་བ་ཀུན་གྱི་འདོད་འབྱུང་སོགས། གསང་མཆོད། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ་ལ་སོགས། །དེ་ཁོ་ན་ཉིད། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་སོགས་དང་། བསྟོད་པ་བཅོམ་ལྡན་མགོན་པོ་ནས། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། བར་ཏེ། མཆོད་བཞི་བསྟོད་པ་རྒྱས་བསྡུས་སྐབས་བསྟུན་བྱ། སྐབས་འདིར་རྒྱས་པའི་སྦྱིན་སྲེག་བྱ་བར་གསུངས་པས། རྒྱས་བསྡུས་གང་རུང་ལག་ལེན་དག་པར་བྱ་ཞིང་། འོན་ཀྱང་སྤྱིར་བསྡུས་པའི་སྐབས་དང་གལ་ཏེ་མ་གྲུབ་ཀྱང་འགལ་བ་ཆེར་མེད་པར་སེམས། སྦྱིན་སྲེག་འཇུག དེའི་མེ་མ་ཤི་བའི་ཐོག་ཏུ་ལྕགས་སྒྱེད་བཙུགས་སྟེང་སྣོད་གཙང་མ་ཕྱི་རྩི་དཀར་གྱིས་བྱུགས་པའི་ནང་དུ་འོ་མ་ལ་མར་སྦྲང་བུར་ཀ་ར་དང་། འབྲས་ཅུང་ཟད་བཏབ་པ་ཁ་བཀབ་པའི་སྣོད་ལ་མེ་ཏོག་གི་འཕྲེང་བ་བཏགས། དེའི་སྣེ་ནས་སློབ་དཔོན་གྱིས་བཟུང་སྟེ། རང་གི་བདག་པོའི་སྔགས་ཞེས་པ་གཡང་སྐྱོང་གི་སྔགས། ཨོཾ་ཤྲཱི་ཧེ་རུ་ཀ་ཡ་པདྨ་ཏེ་བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ྄། བརྒྱ་རྩ་བརྒྱད་ཀྱིས་བསྐོལ། རྟེན་གྱི་གཟུགས་བརྙན་མེ་ལོང་ལ་ཤར་དུ་བཅུག་པའི་ཞལ་དུ་བླུགས་གཟར་རམ་སྒྲོན་སྐྱོགས་ལྟ་བུས། ཨོཾ་དེ་བྱཱ་ཨནྣེ་ས་མཱ་དྷི་དྷྱ་ན་པྲི་ཎ་ནེ་སྭཱ་ཧཱ། ལན་ཉེར་གཅིག་ཙམ་གྱིས་ཕུལ་བས་ལྷ་རྣམས་ཀྱིས་གསོལ་བར་བསམ། དེ་ནས། ཨོཾ་ཧཱུྃ་ཏྲཱྃ་སྲཱིཿཨཱཿཞེས་པས་དམ་ཚིག་བསྒྲག ལྷག་མ་ཚོགས་པ་དང་ཡོན་བདག་ལ་བཀྱེ། ཚོགས་ཀྱི་ཡོ་བྱད་རྣམས་ལ། ཨོཾ་ཁཎྜྻ་རོ་ཧི་སོགས་བསངས་སྦྱངས་ནས། ཚོགས་མཆོད་དང་། འདས་གཏོར་འཇིག་རྟེན་པའི་ནང་གཏོར་མཇུག དགྲ་རྣམས་ཐམས་ཅད་ཕམ་པར་མཛོད་བར་སོང་རྗེས། རྟེན་བསྒྱུར་ནི། མདུན་གྱི་རྟེན་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལྷ་ཚོགས་སུ་གསལ་བ་འོད་དུ་ཞུ་བ་ལས་རྟེན་རང་རང་གི་རྣམ་པར་གྱུར་ཞེས་བརྗོད་ཅིང་། རབ་ཏུ་གནས་བྱའི་ལྷ་སོ་སོའི་སྐྱེད་ཆོག་བྱས་པ་ཡིན་ན་གོང་སྨོས་མ་ཐག་པ་འདི་ཟེར་མི་དགོས། དེ་ནས་ལག་པ་ཐལ་མོ་སྦྱར་ཏེ། བླ་མ་རྗེ་བཙུན་པ་དང་དཀོན་མཆོག་རིན་པོ་ཆེ་ཐམས་ཅད་དང་། ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ཀྱི་བཀའ་བདེན་པ་དང་། བདེན་པའི་བྱིན་རླབས་ཀྱིས། བདག་རྡོ་རྗེ་འཛིན་པ་དཔོན་སློབ་རྣམས་ཀྱིས་རབ་ཏུ་གནས་པར་བྱས་པའི་རྟེན་འདི་རྣམས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱག་གི་གནས་མཆོད་པའི་རྟེན་དུ་གྱུར་ནས་སྤྲུལ་པ་སྐུའི་མཛད་པ་མངོན་སུམ་དུ་མཛད་པར་གྱུར་ཅིག གསུམ་ཀ་སྐུ་གསུང་ཐུགས་འགྲོ་བའི་དོན་ལ་འཁོར་བ་ཇི་སྲིད་དུ་གནས་པར་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པར་གྱུར། དེ་ནས་སློབ་དཔོན་དང་ཡོན་བདག་གཉིས་ཀས་རྟེན་གྱི་གདན་ཁྲི་ནས་བཟུང་མེ་ཏོག་གི་འཕྲེང་བ་ཕུལ། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་པས་འཇིག་པར་དུ། །སྦྱིན་བདག་བསོད་ནམས་སྤེལ་བ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་གནས་སུ་རབ་ཞུགས་ནས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་བཞུགས་ལྟར། །དེ་ལྟར་འདིར་ནི་བཞུགས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བྱང་ཆུབ་སེམས་ནི་ཡོངས་འཕེལ་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཏེ། །མགོན་པོ་འདིར་ནི་རྟག་བཞུགས་མཛོད། །འཁྱིལ་བའི་སྔགས་བཟླ་ཞིང་སྐུ་གཟུགས་ལ་སོགས་པའི་འོག་བར་སྟེང་གི་ཆར་རྡོ་རྗེ་གསོར། ལན་གསུམ་བསྐོར། དེ་རྗེས་བསྟོད་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དཔའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་མཛད་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་ཤིན་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །ས་དང་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེའི་གསུང་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་ཅན། །དག་པའི་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཡེ་དྷརྨ་ལེགས་པར་སྔགས་པའི་འབྲུ་འཐོར་ཞིང་། ཤིས་བརྗོད་རྨད་དུ་བྱུང་བ་འདི་བྱ་སྟེ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེས་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཡི་ཉེ་བར་བསྟན་བའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །བཀྲ་ཤིས་དམ་པྎ དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །བཀྲ་ཤིས་དམ་པྎ སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་པོ། །དོན་རྣམས་ཐམས་ཅད་གྲུབ་པར་བརཏལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལེགས་སྐྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་བ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེསྎ ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦིའི་ཚལ། །ལྷ་མང་དག་གིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པ་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེསྎ གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩི་ཆུས་གཏོར་བ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེསྎ གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེན་པོར་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་བདེ་སྒྲུབ་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་། །བཀྲ་ཤིས་དེསྎ དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་ནས་ནི་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེསྎ རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང་། །བཻཌཱུརྻ་ལྟར་སྔོ་བའི་རྩ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང་། བཀྲ་ཤིས་དེསྎ ཆུ་བོའི་འགྲམ་ན་ཙི་རྐའི་འཕྲེང་བས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེསྎ ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཚེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིསྎ སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེ་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམ་བཏུལ་བ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིསྎ གྲོང་ཁྱེར་ཝཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང་། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་བ། །བཀྲ་ཤིསྎ བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་དག་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པ་སེང་གེའི་གང་གསུང་པ། །བཀྲ་ཤིསྎ མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང་། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག །ཉེ་བར་སྟོན་པ་རྒྱལ་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིསྎ འགྲོ་ལ་ཕན་ཕྱིར་མཐོ་རིས་གནས་ནས་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བས་བཀྲ་ཤིས་གང་། །བཀྲ་ཤིསྎ དེ་བཞིན་གཤེགས་པ་ཞི་བའི་མཆོག་ཏུ་ཉེར་གཤེགས་པ། །མནྡྷར་ཡི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་བསྟོད་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིསྎ ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནིྎ ཞི་བྱེད་ཤོག །ཅེས་པའམ། ཡང་ན་སྔགས་ལུགས་དང་འབྲེལ་བའི་བླ་མ་ཡི་དམ་གྱི་ཤིས་བརྗོད་སོགས་གང་རུང་སྐབས་དང་འབྲེལ་བ་བརྗོད་པར་བྱའོ། །རོལ་མོ་རྒྱས་པར་བྱ། ཆོས་སྐྱོང་བསྒོ་བ་སྲུང་མའི་གཏོར་བསྔོ་རྒྱས་བསྡུས་གང་རིགས་བྱས་པའི་མཇུག སྙིང་གའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་བྱེ་བྲག་གི་སའི་བདག་པོ་འཁོར་བཅས་ཨཱ་ཀརྵ་ཡ་ཛཿཞེས་པས་བཀུག་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་གསུམ་གྱིས་བསྔོས་ནས། འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་གྱུར་གྱི། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་པའི་གཟུགས་བརྙན་བསྲུང་བར་མཛོད། །ཡང་། རང་གི་སྙིང་གའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་ལྕང་ལོ་ཅན་ནས་གསང་བའི་བདག་པོ་འཁོར་དང་བཅས་པ་སྐད་ཅིག་གིས་བཛྭ་ས་མཱ་ཛཿཨོཾབཛྭ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། བདེ་བར་གཤེགས་པའི་སྤྲུལ་པའི་སྐུ་བསྲུང་བར་ཞལ་གྱིས་བཞེས་པས་ཇི་སྲིད་བཅོམ་ལྡན་འདས་བཞུགས་ཀྱི་བར་དུ་བསྲུང་བར་མཛད་དུ་གསོལ། །དེ་ནས་ཡོན་བདག་ལ་བསྒོ་ཏེ་སློབ་དཔོན་གྱི་མདུན་དུ་བཀྲ་ཤིས་པའི་རྫས་ཀྱི་ཙཀླི་སོགས་བཤམས། ཡོན་བདག་རྟེན་ལ་ཕྱག་འཚལ་དུ་བཅུག གདན་བཟང་པོ་ལ་བཞག་ནས། སློབ་དཔོན་གྱིས། རབ་གནས་ཀྱི་གཞུང་ལས། ཁྱོད་ཀྱི་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱི། །ཅི་བདེ་བར་ནི་མཆོད་པར་བགྱིས། །ཞེས་ཡོན་བདག་ལ་བསྒོ་བར་གསུངས་པ་ལྟར། །རྟེན་འདི་ཉིད་ལ་རབ་ཏུ་གནས་པ་ལེགས་པར་བྱས་པ་ཡིན་པས། དེང་ཕྱིན་ཆད་རྒྱན་དུ་མཆོད་པའི་བྱེ་བྲག་ཅི་འབྱོར་པས་མཆོད་པ་དང་། ཁྱད་པར་ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེར་མཛོད་ཅིག དེ་ནས་མཐའ་རྟེན་བཀྲ་ཤིས་པའི་དོན་དུ་བཀྲ་ཤིས་ཀྱི་རྫས་གཏོད་པ་ཕྱག་ལེན་དུ་མཆིས་པས་དེ་ལ་ཐོག་མར། ཡོན་གྱི་བདག་པོ་ཉིད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་གསལ་གདབ་དགོས་པས་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱིས་ཆུས་བསངས། ཨོཾ་ཁཎྜྻ་རོ་ཧེྎ སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡོན་གྱི་བདག་པོ་ཉིད་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ནས། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། གཙོ་བོའི་སྙིང་གར་ཨོཾ་ཧ་ནས་ཕཊ྄་ཕཊ྄་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་སྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་ཕེཾ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད། དེ་ནས་རྫས་རྣམས་ལ་ལས་བུམ་གྱི་ཆུ་འཐོར་བསངས་སྦྱངས། སྟོང་པའི་ངང་ལས། ཨོཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་རྣམས་མི་མཐུན་པའི་ཕྱོགས་ཐམས་ཅད་སེལ་ཞིང་བདེ་ལེགས་ཕུན་སུམ་ཚོགས་པ་བྱེད་པའི་ནུས་མཐུ་ཅན་གྱི་གྲུབ་པའི་རྫས་སུ་གྱུར། རྫས་བརྒྱད་རེ་རེ་བཞིན་ལག་ཏུ་ཐོགས་ཏེ། སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་ལྟར། དེང་འདིར་ཡང་རྟེན་འདི་ཉིད་བཀྲ་ཤིས་ཤིང་བྱིན་ཆེ་བས་འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་ཁྱད་པར་ཅན་འགྲུབ་པ་དང་། ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པའི་སླད་དུ། མེ་ལོང་གི་རྫས་ཕུལ་བ་ལ་བརྟེན་ནས། ཞེས་པའི་མཚམས་སུ་འདུས་པ་དམངས་མས་མཐུན་འགྱུར་གྱི་ཚུལ་དུ་བླངས་ཏེ་དཔོན་སློབ་ལྷན་ཅིག་པས། བཀྲ་ཤིས་པར་གྱུར་ཅིག་ཅེས་མེ་ཏོག་འཐོར་ཞིང་། མེ་ལོང་ཡེ་ཤེས་རྒྱ་མཚོ་ནས། བགེགས་རྣམས་ཞི་བར་ཤོག་བར། རྫས་ཀྱི་ཙཀླི་དང་པོར་རྟེན་ལ་འབུལ་ཚུལ་དང་། རྗེས་སུ་ཡོན་བདག་གི་མདུན་ལྕོག་རྩེའི་ཁར་འབྲུ་དཀར་གྱིས་གང་བའི་སྣོད་དུ་གཡས་བསྐོར་གྱིས་སྒྲིགས་ཏེ་བཞག དེ་བཞིན་གཟུགས་ཀྱི་ལྷ་མོའི་ཚབ་ཏུ། གཉིས་འཐུང་དབང་པོ་ས་སྲུང་གི་གིའུ་ཝཾ་ཕྱག་ཏུ་ཕུལ་བ་ཞེས་དང་། ཁྱིམ་བདག་བཟང་སྐྱོང་གིས་ཞོ། བྲམ་ཟེ་ཀུན་དྷ་ལིས་རྩ་དུརྦ། ནགས་ཚལ་གྱི་ལྷ་མོས་ཤིང་ཐོག་བིལ་བ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ། སའི་ལྷ་མོ་བརྟན་མས་ལི་ཁྲི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ་སོགས་བསྒྱུར་བ་མ་གཏོགས་ཀུན་འགྲེའོ། །རྒྱལ་སྲིད་སྣ་བདུན་ཡོད་ཅིང་སྤྲོ་ན། ཛམྦུའི་གསེར་ལས་སོགས་ལ་འཁོར་ལོ་རིན་ཆེན་དམ་པས་ཤིས་གྱུར་ཅིག ཅེས་བསྒྱུར་ཏེ་གཏོད། དེ་ནས་ཚོགས་ལ་ལོངས་སྤྱོད། ལྷག་གཏོར་བཏང་བ་སོགས་རྗེས་ཆོག་རྣམས་བདེ་མཆོག་དཀྱིལ་ཆོག་གཞུང་བཞིན་བྱའོ། །དེ་ལྟར་རབ་གནས་ཀྱི་ཆོ་ག་ཡན་ལག་བཞི་པ་བདེ་མཆོག་བཅུ་གསུམ་མ་དང་སྦྱར་བའི་ཆོག་ཁྲིགས་གསལ་བ་འདི་བཞིན་རིགས་ཀྱི་གཅུང་མི་ཕམ་བསྟན་འཛིན་འཕྲིན་ལས་ཀྱི་ཡང་ཡང་དགོས་ཞེས་སྨྲ་བའི་ངོར། རང་གཞན་མང་པོར་ཕན་པའི་སླད་དུ། ༧བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འགྱུར་མེད་ཡོངས་གྲུབ་དམ་ཆོས་ཉི་མས་ལྷས་བསྟན་གསང་སྔགས་ཆོས་ཀྱི་གླིང་དུ་སྦྱར་བ་བདེ་ལེགས་སུ་གྱུར་ཅིག། །།
སྔགས་བཏུའི་དཀྱིལ་འཁོར་གྱི་མདོ་སྦྱར།
སྔགས་བཏུའི་དཀྱིལ་འཁོར་གྱི་མདོ་སྦྱར་བཞུགས་སོ། །བླ་མ་དམ་པའི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ། །རྩ་རྒྱུད་ལས། དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ། །སྔགས་པས་ཆོ་ག་བཞིན་དུ་བྲི། །སྣ་ཚོགས་ནི་རེ་མིག་བཞི་བཅུ་རྩ་དགུ། །དེ་ལ་འགོད་རྒྱུའི་མི་ཤིགས་པ་ནི། །གཞོམ་དུ་མེད་པའི་སྒྲ་བརྙན་ཨཱ་ལི་ཀཱ་ལིའོ། །ཇི་ལྟར་བྲི་བ་ནི། ཐུབ་པ་མཆོག་གི་རེ་མིག་ལ། །དེར་གནས་དཔའ་བོ་བཏུ་བར་བྱ། །ཞེས་པས། ཐུབ་པ་ནི་འཕྲེང་བདུན་དུ་བཅས་པ་སྟེ། །སྡོམ་འབྱུང་ལས། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བ། །རི་མོ་གསུམ་གྱིས་ཕྱི་རོལ་བསྐོར། །དང་། འདོད་པ་དྲག་པོ་དེ་བཞིན་དུག །ཐུབ་པ་མདའ་དང་མེ་གཟུགས་ཉིད། །རེ་མིག་བཞི་བཅུ་རྩ་དགུར་ནི། །མན་ངག་བཞིན་དུ་དགོད་པར་བྱ། །ཨ་སོགས་ཡི་གེ་ནས་བརྩམས་ཏེ། །ཡི་གེ་ཧ་ཡི་བར་དུ་སྔགས། །གཡོན་སྐོར་རྣམ་པར་སྦྱར་བ་ནི། །གསང་བའི་བདག་པོ་ཤེས་པར་གྱིས། །དེ་བཞིན་སཾ་པུ་ཊར་གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །ཆོས་ཀྱི་རལ་དྲི་རྣམ་པར་འབྱུང་། །སོགས་ཀྱིས་བཤད་དོ། །ཞལ་བཞི་པའི་སྔགས་བཏུ་བ་ལ། །རྫ་རྔ་བཅིང་བ་ཞེས་གསུངས་ཏེ། །དེ་ནས་རྫ་རྔ་བཅིང་བྱ་སྟེ། །རི་མོ་དགུ་པ་ཡོངས་སུ་ཟླུམ། །ཡི་གེ་ཕྱི་མོ་མཉམ་བྱས་ལ། །ཤིན་ཏུ་མཉམ་གཞག་དགོད་པར་བྱ། །རྫ་རྔའི་སྐད་ངོད། མུར་ཉྫྱ་སྐུ་གསུམ་སྟེ་སྐོར་ཐིག་རིམ་པ་གསུམ། ད་དུངས་ཡོངས་སུ་ཟླུམ་པ་སྟེ། ཞེས་པ་རེ་མིག་ཞེ་དགུ་ཡོད་པ་ལ་དགོངས་པ་སྟེ། བཤད་རྒྱུད་མཁའ་འགྲོ་རྒྱ་མཚོར། ཆོས་འབྱུང་དག་གི་དབུས་སུ་ནི། དེ་ལྟར་འཁོར་ལོ་འདི་བྲིའོ། །དབུས་སུ་དུམ་བུ་ལྔའི་བདག་ཉིད། དེ་ཡི་ཕྱི་རོལ་བཅུ་གཉིས་བྲི། །ཟླུམ་པོ་སྦྱིན་པ་སླར་ཡང་དེ། །སྒོ་དང་གྲུ་ནི་བཞི་པའོ། །རྩིབས་བརྒྱད་པ་དང་ཟུར་བཞི་པའི། །ལེའུ་དབྱངས་དང་སྡེ་ཚན་ནོ། །སྡེ་མཚན་ལྔ་སོགས་ཡི་གེ་ནི། །དབུས་སུ་དེ་ནས་དབྱངས་བཅུ་གཉིས། །མ་ནིང་སྒོ་ནི་བཞི་རུ་སྟེ། །གྲྭ་གཉིས་པར་ཏེ་གཉིས་གཉིས་ཅན། །ཁྱབ་བདག་སྔགས་པས་མི་ལ་ནི། །སྩོགས་པ་ཤེས་བྱ་ཀ་དབུས་༼༢ན༣༽སུ། ཙ་ཤར་ཊ་ལྷོ་ཏ་ནུབ་ཏུ། པ་བྱང་རིམ་པ་ཇི་ལྟས་སོ། །ཞེས་གསུངས། །རྡོ་རྗེ་མཁའ་འགྲོར། དབུས་ཀྱི་རེ་མིག་སྟོང་པ་ལ། །དྲུག་པ་ཞེས་བྱའི་ཡི་གེ་ནི། །གནས་པ་དག་ནི་བྲི་བར་བྱ། །འཁོར་ལོ་རི་མོ་གཉིས་བསྐོར་ལ། །རི་མོའི་བར་དུ་རྣལ་འབྱོར་པས། །འཕེལ་བ་ལ་སོགས་བསྡུས་ཏེ་བཀོད། །ཕྱི་རོལ་པདྨ་འདབ་བརྒྱད་ལ། །དབང་པོར་ཀ་སྟེ་ལུས་ངན་ཙ། །ཆུ་དང་གཤིན་རྗེར་ཊ་དང་ཏ། རླུང་དང་མེ་དང་དབང་ཆེན་ཆུར། །དེ་ལྟར་ཡ་ར་ལ་ཝ་དགོད། །འབྱུང་བ་ཆེན་པོའི་ཁམས་ཞེས་བྱ། །སླར་ཡང་ཕྱི་རོལ་གྲུབ་བཞི་ཡི། །རླུང་དང་མེ་དང་བདུད་རྩི་སར། །གཤིན་རྗེ་འཇོམས་མ་ལ་སོགས་ཏེ། ཤ་ཥ་ས་ཧ་བརྟན་པར་དགོད། རྀ་རཱྀ་ལི་ལཱི་ཞེས་བྱ་བ། །མ་ནིང་ཞེས་བྱར་བསྟན་པ་བཞི། །སྒོ་བཞི་རུ་ནི་དགོད་པར་བྱ། །འཕེལ་བ། གཏི་མུག །བཟང་ཕོ། ཁྱུ་མཆོག །རུ་སྦལ། ཆུ་སྲིན། གས་མོ། རྨེ་བ། འདུགས་པ། འཕྱོ་བ། རྨི་ལམ། སའི་དབང་ཕྱུག་ཅེས་བྱ་བ་དབྱངས་བཅུ་གཉིས་ཀྱི་གན་དུ་བྱས་ནས་བཤད་དོ། །ཇི་ལྟར་བཏུ་ན། རྩ་རྒྱུད་ལས། ས་ཡི་ཆ་ནི་མཉམ་ཡིད་འོང་། ཙན་དན་གྱིས་ནི་ཉེ་བར་བྱུག །དྲི་བཟང་དྲི་ལྡན་ས་ལ་ནི། མེ་ཏོག་གསལ་མ་གཅལ་བཀྲམ་ཞིང་། མར་མེ་འཕྲེང་བ་ཡང་དག་དཀྲིགས། །སྤོས་ཀྱི་དྲི་ཡིས་ཉམས་དགའ་བར། །བདག་གིས་ཐམས་ཅད་བྱས་ནས་ནི། །ཕྱོགས་བཅིངས་པ་ནི་བྱས་ནས་སུ། །ཞེས་གསུངས། སྡོམ་འབྱུང་ལས། དེ་ནས་གཞན་ཡང་སྔགས་བཏུ་བའི། །ཆོ་ག་མཆོག་ནི་རབ་ཏུ་བཤད། །ས་ཡི་ཆ་ནི་ཡིད་འོང་བར། དྲི་ཡི་ཆུ་ཡི་ཉེ་བར་བྱུག །དབེན་པའི་གནས་སུ་ལེགས་སྦས་ཏེ། །མེ་ཏོག་སྤོས་ཀྱིས་ཉམས་དགར་བྱ། །སྔགས་པས་ཙཱ་རུའི་བཟའ་བ་སྤྱད། །དེ་བཞིན་བདུད་རྩིའི་བཏུང་བ་མྱང་། །རང་གི་ལྷག་པའི་ལྷར་སྦྱོར་བས། །སྔོན་དུ་གཏོར་མ་སྦྱིན་བྱ་སྟེ། །མཁའ་འགྲོ་མ་ཀུན་མཉམ་སྦྱོར་བའི། །སློབ་དཔོན་ལེགས་པར་མཉམ་གཞག་པས། །༼༢བ༤༽ཞེས་གསུངས་པ་བཞིན་དུ་བྱའོ། །བསྡུས་ཟིན་རྩ་སྔགས་ལ་རྩ་རྒྱུད་ལས། ཛྣྭཽཾ་ཛྣྭཽཾ་བྱུང་། སྡོམ་འབྱུང་དུ། ཛྙྱཽཾ་ཛྙྱཽཾ་བྱུང་བ་དང་། རྡོ་རྗེ་མཁའ་འགྲོར་གཉིས་ཀ་མེད་པ་དང་། རྩ་རྒྱུད་དུ། ཧི་ལི་ཧི་ལི། རྡོ་རྗེ་མཁའ་འགྲོར་དེའི་ཚབ་ཏུ་ཙི་ལི་ཙི་ལི་བཏུས་པ་དང་། དེ་བཞིན། དེར་ཨཱ་ཀཌྜྷ་ཡོ་ཞེས་ཡ་བཏགས་བཏུས། འདིར་མེད་པ་ལྟ་བུ་གཞུང་གང་བཞིན་བྱ་འདོད་པ་ལྟར་སྦྱར་ཞིང་། ཕན་ཚུན་བསྲེ་བའམ། ཅིག་ཤོས་ཀྱིས་གཞན་པ་སུབ་པར་མི་བྱ་སྟེ། སངས་རྒྱས་ལས་མཁས་པ་མེད་པའི་ཕྱིར་རོ། །བཏུ་དུས་ཨཾ་གྱི་ཨ་བརྗོད་དོན་ཡིན་པས་ཕྱི་རྗེས་སུ་ང་རོ་བཞག །ཞག་བཞི་བའི་སྔགས་ལ། རྒྱུད་ལ་གྲི་བཏུས། རྒྱ་དཔེ་ཕལ་ཆེར་ལ་རི་ཞུགས་བྱུང་། བུ་སྟོན་གྱིས་་བཏུམ་པ་དང་སྔོན་གྱི་དབྱངས་དང་བཅས་པ་སཾ་པྲ་ས་ར་ཎ་འགྱུར་བས་དབྱངས་རིར་སོང་བ་ཡིན་དང་། འི་བཏུ་བ་ལ་ན་བྱུང་། དེས་ན་དེ་གོང་གི་རའི་དབང་གིས་དབྱངས་དང་ཧ་བར་ན་ཡོད་ཀྱང་ཎ་རུ་འགྱུར་གསུངས། རྩ་རྒྱུད་ལས། བཛྭ་བཏུས། སྡོམ་འབྱུང་དུ་དེ་མེད་བི་དྱ་རཱ་ཛ་བཏུས་སོ།། །།མངྒ་ལཾ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླིགས་བུ་རེ་རེ་ལ། དངུལ་ཀྲ་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །