← Search

སྔ་འགྱུར་སྨིན་གླིང་དཔེ་ཚོགས།

རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི། ཚངས་སྲས་དགྱེས་པའི་བློ་གྲོས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ།

རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ།

p. 1

རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ་བཞུགས་སོ། །
ལོ་ཆེན་དྷརྨ་ཤྲཱི།

p. 2

རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ་བཞུགས་སོ། །
བོད་སྐད་དུ། རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ། བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་སུ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །གང་གི་གསུང་ཟེར་ཆ་ཙམ་ལྷུངས་པས་ཀྱང་། །དཔག་ཡས་སྙིང་གི་མུན་པ་རབ་བསལ་ནས། །ཡང་དག་བློ་ཡི་སྣང་བ་རྒྱས་མཛད་པ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་དུས། །སྲིད་ཞིའི་འཁོར་ལོ་ཀུན་འགྲོ་ཁྱབ་བདག་ཆེ། །གཉིས་མེད་ཡེ་ཤེས་དཔལ་ལྡན་དུས་འཁོར་ལོ། །དད་བརྒྱའི་གཙུག་གི་པདྨོས་རྟག་ཏུ་མཆོད། །རྒྱལ་ཕྲན་དགུ་བཅུ་རྩ་དྲུག་སྤྱི་བོ་ཡིས། །རབ་བརྟེན་གདོང་ལྔའི་ཁྲི་ལ་ཞབས་བཀོད་ནས། །གསང་ཆེན་རྡོ་རྗེའི་རྣལ་འབྱོར་གསལ་མཛད་པ། །ཆོས་རྒྱལ་རིགས་ལྡན་ཚོགས་ལའང་ཕྱག་བགྱིའོ། །རྣམ་དག་རྩིས་ཀྱི་གྲུབ་མཐའ་སྟོན་པའི་གཞུང་། །སྐྱེ་དགུ་ཀུན་གྱིས་བདེ་བླག་རྟོགས་པའི་ཆེད། །རྒྱུད་འགྲེལ་ལུང་རིགས་བླ་མའི་མན་ངག་ལ། །བརྟེན་ནས་ལེགས་བཤད་ཉིན་བྱེད་སྣང་བ་བརྩམས། །གང་འདི་ཕྱི་ནང་ཉུང་ངུའི་བྱེད་པ་ལ། །ཞེན་པའི་མཁས་རློམ་རྣམས་ཀྱི་སྤྱོད་ཡུལ་མིན། །བརླིང་ཞིང་རྟོགས་དཀའི་གྲུབ་མཐའ་སྐར་རྩིས་གནད། །འདི་ཡིས་གསལ་བར་སྟོན་ཕྱིར་བརྩམ་པར་རིགས། ༈ །སྔོན་འགྲོ་བྱ་བའི་རིམ་པ་དང་། །ཐ་སྙད་རྣམ་གྲངས་བསྟན་པ་དང་། །བསྟན་པའི་རྩིས་དང་རྩིས་འཕྲོ་དང་། །བྱེད་པ་གྲུབ་པའི་ཡན་ལག་ལྔ། །ལོ་བདག་ཟླ་འཕོ་སྒྲ་གཅན་དང་། །གཟའ་ལྔའི་ཉིན་ཞག་དལ་མྱུར་ལས། །ཁྱིམ་ཚེས་ངེས་མཚོན་དུ་བ་དང་། །ཉིན་ཟླར་སྒྲ་གཅན་འཇུག་པའི་ཚུལ། །ས་དང་ཁྱིམ་གྱི་གོ་ལ་དང་། །དུས་བཞི་དུས་སྦྱོར་ཡུལ་དུས་སྒྲིག །ཞག་གསུམ་དཀྱིལ་འཁོར་ལོངས་སྤྱོད་

p. 3

དང་། །ངེས་པ་སྡུད་དང་སྐྱེ་བའི་ཚུལ། །ཞར་བྱུང་ཡར་ལོག་ངེས་པ་དང་། །རེའུ་མིག་སྤེལ་བའི་ཁ་བྱང་དང་། །རཱྀ་ཐུ་སྦྱོར་གྲོལ་རྩིས་ཀྱི་འབྲས། །གནད་རྣམས་ལེགས་བཏུས་གོ་བདེ་བར། །དོན་གཉེར་རྣམས་ལ་བཤད་ཀྱིས་ཉོན། ༈ །སྔོན་འགྲོ་བྱ་བའི་རིམ་པ་ནི། །འདྲི་བགྲང་སྣོན་པ་གཡས་ནས་བརྩམ། །བསྒྱུར་བགོད་འབྲིད་པ་གཡོན་ནས་སོ། །སྒྱུར་བྱེད་མཐའི་ཐིག་གྲལ་མཐར་དགོད། །བགོད་བྱེད་ཐིག་ལེས་མ་མཐའ་བཀག །སྒྱུར་བྱེད་སྟོངས་ན་བསྒྱུར་བྱ་དབྱི། །བགོད་བྱེད་སྟོངས་ན་བགོ་བྱ་མེད། །བསྒྱུར་བགོད་བར་སྟོངས་ཐིག་ལེས་འཛིན། །བསྒྱུར་བྱའི་འོག་ཏུ་སྒྱུར་བྱེད་ཀྱི། །ཐ་མ་བཞག་ནས་རིམ་བཞིན་བསྒྱུར། །རྐྱང་བགོད་ཇི་ཙམ་ཐོབ་པ་ཁྱེར། །སྦྲག་བགོད་འོག་མའི་ཚོད་དང་སྦྱོར། །གཉིས་ལ་སོགས་པས་བསྒྱུར་བ་ན། །སྒྱུར་བྱེད་གྲངས་སུ་བསྒྱུར་བྱ་འཕེལ། །གཅིག་གིས་བསྒྱུར་ལ་འཕེལ་འགྲིབ་མེད། །བགོད་པའི་དོན་ནི་བགོ་བྱ་དེ། །བགོད་བྱེད་གྲངས་སུ་སྡུད་པ་ཡིན། ༈ །དགུ་གཅིག་གཅིག་དགུ་དགུ་རང་ཡིན། །དགུ་གཉིས་གཉིས་དགུ་བཅོ་བརྒྱད་ལ། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ། བརྒྱད་གཅིག་གཅིག་བརྒྱད་བརྒྱད་རང་ཡིན། །བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་སྟེ། །བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞི། །བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ། །བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ། །བདུན་གཅིག་གཅིག་བདུན་བདུན་རང་ཡིན། །བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག །བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། །བདུན་བདུན་བཞི་བཅུ་ཞེ་དགུའོ། །དྲུག་གཅིག་གཅིག་དྲུག་དྲུག་རང་ཡིན། །དྲུག་གཉིས་གཉིས་དྲུག་བཅུ་གཉིས་ལ། །དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་དོ། །དྲུག་བཞི་བཞི་དྲུག་

p. 4

ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ། །དྲུག་དྲུག་སུམ་ཅུ་སོ་དྲུག་གོ། ལྔ་གཅིག་གཅིག་ལྔ་ལྔ་རང་ཡིན། །ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །ལྔ་གསུམ་གསུམ་ལྔ་བཅོ་ལྔ་སྟེ། །ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །ལྔ་ལྔ་ཉི་ཤུ་རྩ་ལྔའོ། །བཞི་གཅིག་གཅིག་བཞི་བཞི་རང་ཡིན། །བཞི་གཉིས་གཉིས་བཞི་བརྒྱད་ཡིན་ནོ། །བཞི་གསུམ་གསུམ་བཞི་བཅུ་གཉིས་ལ། །བཞི་བཞི་དག་ནི་བཅུ་དྲུག་གོ། གསུམ་གཅིག་གཅིག་གསུམ་གསུམ་རང་ཡིན། །གསུམ་གཉིས་གཉིས་གསུམ་དྲུག་ཏུ་འགྱུར། །གསུམ་གསུམ་དག་ནི་དགུ་ཡིན་ནོ། །གཉིས་གཅིག་གཅིག་གཉིས་གཉིས་རང་ཡིན། །གཉིས་གཉིས་བཞི་རུ་ཤེས་པར་བྱ། །གཅིག་གཅིག་གཅིག་ཉིད་ཐིག་ལེ་སྟོང་། ༈ །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་ཏེ། །དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་རྟེན་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིང་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་བྱུང་སྟོབས་མིག་བྱམས་སྙིང་དགའ། །བཏང་སྙོམས་རྣམས་ཏེ་ཆེན་པོར་བཅས། །ལྔ་བཅུ་ཁུག་པའི་གྲངས་ཡིན་ཏེ། །གྲངས་མེད་པ་ནི་ཐ་མའོ། །གོང་ནས་གོང་དུ་བཅུ་འགྱུར་བསྒྲེ། ༈ །དབུགས་ནི་ཁུག་པ་དྲུག་ལ་སྲང་། །ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད། །ཆུ་ཚོད་དྲུག་ཅུར་ཉིན་ཞག་གཅིག །འབྱུང་སྟེ་དུས་ཀྱི་ཆུ་ཚོད་ཡིན། །ཁྱིམ་ཚེས་ཞག་ཀྱང་ཉིན་ཞག་དང་། །བསྟུན་ནས་བརྩི་བར་བྱ་དགོས་ཕྱིར། །སྒྱུར་འགོད་དེ་དང་མཐུན་པར་མཛད། །ཆུ་སྲང་ང་དྲུག་རྐང་བཅས་ལ། །ཆུ་ཚོད་གཅིག་ཏུ་མཛད་པ་ནི། །དུ་བའི་རྩིས་སོགས་གནས་སྐབས་འགར། །དགོངས་ནས་གསུངས་ཀྱི་གཞན་དུ་མིན། །རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི། །སྐར་ཁོངས་རེ་རེའི་ས་ཁྱོན་ལ། །དྲུག་ཅུར་བྱས་པའི་ཆུ་ཚོད་དེ། །ཡུལ་གྱི་དབང་དུ་བྱས་པ་ཡིན། །དེ་རེའི་ཁྱོན་ལ་དཔག་ཚད་གྲངས། །ཉིས་བརྒྱ་སོ་གཅིག་ལྷག་དང་བཅས། །དེ་ལས་སྔ་མ་ཆུ་ཚོད་དངོས། །ཕྱི་མ་བཏགས་མིང་ཆུ་ཚོད་ཡིན། །དེ་ལྟར་གྲངས་དང་རི་མོ་ལ། །འཇུག་པའི་ཡན་ལག་བཤད་པ་སྟེ། བྱིས་པ་རྣམས་ཀྱི་དོན་དུའོ། །རྩིས་ཀྱི་མན་ངག་ཉིན་

p. 5

བྱེད་སྣང་བ་ལས། སྔོན་འགྲོ་བྱ་བའི་རིམ་པ་བཤད་པའི་སྐབས་ཏེ་དང་པོའོ།། །།༈ ཐ་སྙད་རྣམ་གྲངས་བསྟན་པ་ལས། །ཐོག་མར་གྲངས་ཀྱི་བརྡ་ཆད་བཤད། །རང་བཞིན་གཟུགས་དང་བསེ་རུ་དང་། །ཟླ་བ་རི་བོང་ཅན་རྣམས་གཅིག །ལག་མིག་ཟུང་དང་བགྲོད་པ་དང་། །འཁྲིག་སྦྱོར་གཤིན་རྗེ་མཚེ་མ་གཉིས། །འཇིག་རྟེན་དུས་དང་ཡོན་ཏན་དང་། །མེ་དང་རྩེ་མོ་ཅན་རྣམས་གསུམ། །རྒྱ་མཚོ་ཆུ་གཏེར་ཆུ་བོ་དུས། །རིག་བྱེད་སྡེ་བ་ཟུང་ལྡན་བཞི། །མདའ་དབང་ཕུང་པོ་འབྱུང་བ་ལྔ། །རོ་དང་བྲོ་བ་དུས་མཚམས་དྲུག །གཟའ་གླིང་ཐུབ་རི་དྲང་སྲོང་བདུན། །ཀླུ་སྦྲུལ་ལག་འགྲོ་གདེངས་ཀ་ཅན། །ནོར་ལྷ་ནོར་དང་དབྱིག་རྣམས་བརྒྱད། །རྩ་བུག་གཟའ་གཏེར་སྲིན་པོ་དགུ། །ཕྱོགས་དང་སྒྲ་སྒྲོག་བཅུ་ཡི་མིང་། །དྲག་པོ་དབང་ཕྱུག་བདེ་བྱེད་དང་། །བདེ་འབྱུང་འཕྲོག་བྱེད་བཅུ་གཅིག་གོ། ཉིན་བྱེད་ཉི་མ་ཁྱིམ་བཅུ་གཉིས། །ལུས་མེད་དང་ནི་འདོད་པ་དང་། །མྱོས་བྱེད་སྣ་ཚོགས་བཅུ་གསུམ་མོ། །མ་ནུ་ཤེས་བུ་ཡིད་སྲིད་པ། །སྲིད་པའི་གནས་རྣམས་བཅུ་བཞིའོ། །ཚེས་ཞེས་བྱ་བ་བཅོ་ལྔའི་མིང་། །ཆ་ཤས་དང་ནི་རྒྱལ་པོ་དང་། །མི་བདག་ཅེས་པ་བཅུ་དྲུག་གོ། ཉེས་པ་སྐྱོན་ནི་བཅོ་བརྒྱད་དེ། །རྒྱལ་བ་ཞེས་པ་ཉེར་བཞིའོ། །ཉེར་ལྔ་ལ་ནི་དེ་ཉིད་དེ། །སྐར་མ་འཁོར་ལོ་ཉེར་བདུན་མིང་། །སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །གྲངས་ཀྱི་མིང་གི་རྣམ་གྲངས་སོ། ༈ །དེ་ནས་ལོ་ཡི་ཐ་སྙད་བཤད། །ཁྱིམ་ཟླ་བཅུ་གཉིས་བགྲོད་གཉིས་དང་། །ཉི་མས་རྒྱུ་སྐར་འཁོར་བ་དང་། །དུས་བཞིའི་འཁོར་ལོ་རྫོགས་པ་ལ། །ལོ་གཅིག་ཅེས་པའི་ཐ་སྙད་བཏགས། །ལོ་ཡི་ཐོག་མར་རབ་བྱུང་ཞེས། །རིག་བྱེད་ལུགས་ལ་བཤད་པ་བཞིན། །སྟོད་འགྲེལ་ལས་ཀྱང་འདི་སྐད་དུ། །རབ་བྱུང་རྣམ་བྱུང་དཀར་པོ་དང་། །རབ་མྱོས་སྐྱེ་བདག་ཨངྐི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་

p. 6

ངན་དང་། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་། །ཀུན་ལྡན་འཕར་བ་དགེ་བྱེད་དང་། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་ཡོད་ཀུན་དགའ་དང་། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་དམར་ཁྲོ་བོ་ཟད་པའོ། ༈ །རྒྱ་ནག་འཕྲུལ་གྱི་རྩིས་གཞུང་ལས། །བྱི་བ་ལ་སོགས་བཅུ་གཉིས་པོ། །དབང་ཐང་ཁམས་ལྔའི་རིམ་པ་དང་། །དབང་ཐང་ཁམས་རེར་ཕོ་དང་མོ། །ཕྱེ་སྟེ་སྦྱར་བས་དྲུག་ཅུ་འབྱུང་། །སྟོད་འགྲེལ་ལུགས་ཀྱི་རབ་བྱུང་དང་། །རྒྱ་རྩིས་པ་ཡི་མེ་མོ་ཡོས། །དོན་གཅིག་མིང་གི་རྣམ་གྲངས་ཏེ། །ལྷག་རྣམས་རིམ་པར་དེད་དེ་སྦྱར། ༈ །དེ་ནས་ཟླ་བའི་ཐ་སྙད་བཤད། །ཟླ་བའི་དཀར་ཆ་འཕེལ་དང་འགྲིབ། །བཅོ་ལྔ་རེ་སྟེ་ཞག་སུམ་ཅུར། །ལོངས་ཚེ་ཟླ་བའི་ཐ་སྙད་བཏགས། །ལོ་རེའི་ཟླ་བ་བཅུ་གཉིས་ལས། །ཟླ་བ་གང་དང་དེའི་ངོ་གཉིས། །གང་དང་གང་ལས་ལོ་ཡི་འགོ། འཛིན་པའི་འདོད་གཞུང་ལུགས་མང་ཡང་། །སྐར་རྩིས་ལུགས་འདིར་གཟའ་རྣམས་ཀྱི། །རྟག་ལོངས་ཐོག་མར་ལུག་ཁྱིམ་ནས། །སྤྱོད་པའི་ཕྱིར་དང་འཇིག་རྟེན་དུ། །ཟླ་བ་སྐྱེས་མ་ཐག་པ་ནས། །དཀར་ཆ་དང་པོར་འཕེལ་བའི་ཕྱིར། །ཡར་ངོ་སྔོན་འགྲོའི་ནག་ཟླ་ནས། །ལོ་འགོ་འཛིན་པ་གཙོ་བོར་བཞེད། །དེས་ན་དཔྱིད་འབྲིང་ནག་ཟླ་དང་། །ལྟོ་བསྒྲིགས་ཟླ་བ་རེ་རེ་བཞིན། །རྒྱ་རྩིས་རྟེན་འབྲེལ་ཧོར་དང་བོད། །འཕགས་ཡུལ་ཁྱིམ་ཟླའི་ངེས་པ་སྟེ། །ཐ་སྙད་དྲུག་དྲུག་སྒོ་ནས་འཆད། ༈ །རྒྱ་ནག་སྐད་དུ་མཱ་ཡོལ་ཞེས། །རྟ་ཟླ་དབྱར་འབྲིང་མིང་གཟུགས་ཟླ། །གསན་ཡོལ་ཧོར་ཟླ་གསུམ་པ་སྟེ། །དཔྱིད་ཟླ་འབྲིང་པོ་ལེགས་སྦྱར་སྐད། །ཙཻ་ཏྲི་ནག་པ་ལུག་གི་ཁྱིམ། ༈ །རྒྱ་ནག་སྐད་དུ་ཡང་ཡོལ་ཞེས། །ལུག་ཟླ་དབྱར་ཐ་སྐྱེ་མཆེད་ཟླ། །གསི་ཡོལ་ཧོར་ཟླ་བཞི་པ་སྟེ། །དཔྱིད་ཟླ་ཐ་ཆུང་བཻ་ཤཱ་ཁར། །འབོད་པ་ས་ག་གླང་གི་ཁྱིམ། ༈ །རྒྱ་ནག་སྐད་དུ་ཧུ་ཏུ་ཡོལ། །སྤྲེལ་ཟླ་སྟོན་ར་རེག་པའི་ཟླ། །འུ་ཡོལ་ཧོར་ཟླ་ལྔ་པ་སྟེ། །དབྱར་ཟླ་ར་བ་ཛྱཻཥྛ་ཞེས། །སྣྲོན་གྱི་ཟླ་བ་འཁྲིག་པའི་ཁྱིམ། ༈ །རྒྱ་ནག་སྐད་དུ་ཀྱི་ཡོལ་ཞེས། །བྱ་ཟླ་སྟོན་འབྲིང་ཚོར་བའི་ཟླ། །བླུ་ཡོལ་ཧོར་ཟླ་དྲུག་པ་

p. 7

སྟེ། །དབྱར་ཟླ་འབྲིང་པོ་ཨཱ་ཥཱ་དྷར། །འབོད་པ་ཆུ་སྟོད་ཀརྚའི་ཁྱིམ། ༈ །རྒྱ་ནག་སྐད་དུ་ག་འུ་ཡོལ། །ཁྱི་ཟླ་སྟོན་ཐ་སྲེད་པའི་ཟླ། །ཚེས་ཡོལ་ཧོར་ཟླ་བདུན་པ་སྟེ། །དབྱར་ཟླ་ཐ་ཆུང་ཤྲཱ་ཝ་ཎར། །འབོད་པ་གྲོ་བཞིན་སེང་གེའི་ཁྱིམ། ༈ །རྒྱ་ནག་སྐད་དུ་ཇུའི་ཡོལ་ཞེས། །ཕག་ཟླ་དགུན་ར་ལེན་པའི་ཟླ། །པཱ་ཡོལ་ཧོར་ཟླ་བརྒྱད་པ་སྟེ། །སྟོན་ར་བྷཱ་དྲ་པ་ད་ཞེས། །འབོད་པ་ཁྲུམས་ཟླ་བུ་མོའི་ཁྱིམ། ༈ །རྒྱ་ནག་སྐད་དུ་ཞུའི་ཡོལ་ཞེས། །བྱི་བ་དགུན་འབྲིང་སྲིད་པའི་ཟླ། །སྒྱིའུ་ཡོལ་ཧོར་ཟླ་དགུ་པ་སྟེ། །སྟོན་ཟླ་འབྲིང་པོ་ཨཱཤྩི་ནར། །འབོད་པ་དབྱུག་ཟླ་སྲང་གི་ཁྱིམ། ༈ །རྒྱ་ནག་སྐད་དུ་ནིའུ་ཡོལ་ཞེས། །གླང་ཟླ་དགུན་ཐ་སྐྱེ་བའི་ཟླ། །ཤིང་ཡོལ་ཧོར་ཟླ་བཅུ་པ་སྟེ། །སྟོན་ཟླ་ཐ་ཆུང་ཀཱརྟི་ཀར། །འབོད་པ་སྨིན་དྲུག་སྡིག་པའི་ཁྱིམ། ༈ །རྒྱ་ནག་སྐད་དུ་ལའུ་ཧུ་ཡོལ། །སྟག་ཟླ་དཔྱིད་ར་རྒ་ཤིའི་ཟླ། །དཔྱི་ཡོལ་ཧོར་ཟླ་བཅུ་གཅིག་པ། །དགུན་ར་མཱརྒ་ཤཱིཪྵ་ཞེས། །འབོད་པ་མགོ་ཟླ་གཞུ་ཡི་ཁྱིམ། ༈ །རྒྱ་ནག་སྐད་དུ་ཐུར་ཡོལ་ཞེས། །ཡོས་ཟླ་དཔྱིད་འབྲིང་མ་རིག་ཟླ། །ཤི་དབྲི་ཡོལ་ཞེས་བཅུ་གཉིས་པ། །དགུན་ཟླ་འབྲིང་པོ་སཽ་ཥྱ་དུ། །འབོད་པ་རྒྱལ་ཟླ་ཆུ་སྲིན་ཁྱིམ། ༈ །རྒྱ་ནག་སྐད་དུ་ལུང་ཡོལ་ཞེས། །འབྲུག་ཟླ་དཔྱིད་ཐ་འདུ་བྱེད་ཟླ། །བྱི་ཡོལ་ཧོར་ཟླ་དང་པོ་སྟེ། །དགུན་ཟླ་ཐ་ཆུང་མཱ་གྷ་ཞེས། །འབོད་པ་མཆུ་ཟླ་བུམ་པའི་ཁྱིམ། ༈ །རྒྱ་ནག་སྐད་དུ་ཞེ་ཡོལ་ཞེས། །སྦྲུལ་ཟླ་དབྱར་ར་རྣམ་ཤེས་ཟླ། །དབྲི་ཡོལ་ཧོར་ཟླ་གཉིས་པ་སྟེ། །དཔྱིད་ཟླ་ར་བ་ཕཱལྒུ་ནར། །འབོད་པ་དབོ་ཟླ་ཉའི་ཁྱིམ་མོ། ༈ །གཞན་ཡང་ཁྱིམ་ཟླ་བཅུ་གཉིས་མིང་། །གདན་བཞི་རྡོ་རྗེ་མཁའ་འགྲོ་ལས། །གསུངས་པ་རྒྱལ་ཟླ་ནས་བརྩམས་ཏེ། །རོ་ཧི་ཏ་དང་མོ་ཧི་ཏ། །དེ་བཞིན་བྷ་དྲ་རྀ་ཥ་བྷ། །ཀུརྨ་མ་ཀ་ར་ཧ་དང་། །རིཎྜ་མི་ཀི་བྷྲི་དྲི་ཀ། བྱཱ་ཀུ་ལི་དང་སཔྣ་དང་། །ཀ་མ་ཎ་དབང་བཅུ་དང་གཉིས། །ཞེས་གསུངས་བསྒྱུར་ན་འཕེལ་བ་དང་། །གཏི་མུག་བཟང་པོ་ཁྱུ་མཆོག་གོ། རུས་སྦལ་ཆུ་སྲིན་ཡུག་ས་མོ། །སྨེ་བ་འབུགས་པ་འཕྱོ་བ་དང་། །རྨི་ལམ་ས་ཡི་དབང་ཕྱུག་གོ། ༈དེ་ནས་ཚེས་ཀྱི་ཐ་སྙད་ནི། །དགའ་བ་བཟང་པོ་རྒྱལ་བ་དང་། །སྟོང་པ་རྫོགས་པ་རྣམ་པ་ལྔ། །ཟླ་བ་རེ་བཞིན་ལན་དྲུག་འཁོར། ༈ །གཟའ་ཡི་ཐ་སྙད་འདི་ལྟ་སྟེ། །ཉི་ཟླ་

p. 8

དམར་ལྷག་ཕུར་སངས་སྤེན། །རེས་ལ་འཆར་བའི་གཟའ་བདུན་ཡིན། །སྒྲ་གཅན་དུས་མེ་མཇུག་རིང་གསུམ། །བསྣན་པས་གཟའ་ནི་བཅུ་རུ་གྲགས། ༈ །གཟའ་ཡི་མིང་གི་རྣམ་གྲངས་ནི། །ནབས་སོ་སྐྱེས་དང་ཚ་ཟེར་ཅན། །པདྨའི་གཉེན་དང་ཀུ་མུད་དགྲ། །རྟ་བདུན་རྟ་ལྗང་མེ་སྦྱིན་སྐྱེས། །ནམ་མཁའི་ནོར་བུ་འོད་སྟོང་ལྡན། །ཉིན་བྱེད་ཉིན་མོའི་དབང་ཕྱུག་དང་། །འོད་ལྡན་རྣམས་ནི་ཉི་མའི་མིང་། །མཚན་མོའི་མགོན་པོ་རྒྱུ་སྐར་བདག །བསིལ་ཟེར་ཅན་དང་ཀུ་མུད་གཉེན། །པདྨའི་དགྲ་དང་རི་བོང་འཛིན། །འོད་དཀར་ཅན་སོགས་ཟླ་བའི་མིང་། །བཀྲ་ཤིས་ས་སྐྱེས་ས་ཡི་བུ། །དམར་པོ་དང་ནི་ལུས་དམར་དང་། །མཆུ་སྐྱེས་གཞོན་ནུ་ས་ལྷའི་བུ། །ཡན་ལག་དམར་རྣམས་མིག་དམར་མིང་། །ཟླ་སྐྱེས་ཟླ་སྲས་ཟླ་བའི་བུ། །ལྷ་མཚམས་སྐྱེས་དང་སྔོ་སངས་རྣམས། །ལྷག་པའི་མིང་གི་རྣམ་གྲངས་སོ། །བླ་མ་སྨྲ་མཁས་འཚོ་བྱེད་དང་། །ལྷ་ཡི་བླ་མ་སྒྲ་མཁན་དང་། །བློ་ལྡན་རྣམས་ནི་ཕུར་བུའི་མིང་། །སྦྱིན་བྱེད་ཁུ་བ་ནབས་སོ་སྐྱེས། །ལྷ་མིན་བླ་མ་སྙན་ངག་མཁན། །དཀར་པོ་རྣམས་ནི་པ་སངས་མིང་། །དལ་འགྲོ་ཉི་སྐྱེས་ཉི་མའི་བུ། །ཞི་འགྲོ་གཤིན་རྗེའི་བ་དན་རྣམས། །སྤེན་པའི་མིང་གི་རྣམ་གྲངས་སོ། །སྐབས་གསུམ་འཇིགས་བྱེད་ཉི་ཟླ་ཟ། །སྲིད་གསུམ་རྣམ་རྒྱལ་མིག་སྨན་མདོག །དྲག་པོའི་གཟུགས་ཅན་བདུད་རྩི་ཟ། །ནག་པ་སྐྱེས་རྣམས་སྒྲ་གཅན་མིང་། །མཇུག་མར་མེ་དང་དུས་མེ་ཟེར། །ཀེ་ཏུ་དུ་བ་མཇུག་ཕོད་དང་། །ཁྲུ་དོ་ཅན་རྣམས་མཇུག་རིང་མིང་། ༈ །དེ་ནས་སྐར་མའི་ཐ་སྙད་ནི། །ཐ་སྐར་བྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་ལག་ནབས་སོ་རྒྱལ། །སྐག་མཆུ་གྲེ་དབོ་མེ་བཞི་ནག །ས་རི་ས་ག་ལྷ་མཚམས་སྣྲོན། །སྣྲུབས་དང་ཆུ་སྟོད་ཆུ་སྨད་དང་། །གྲོ་བཞིན་མོན་དྲེ་མོན་གྲུ་དང་། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་སྟེ། །རྒྱུ་སྐར་ཉི་ཤུ་རྩ་བདུན་ཡིན། །བྱི་བཞིན་ཞེས་པ་གྲོ་བཞིན་མཐར། །སྦྱར་ན་ཉི་ཤུ་རྩ་བརྒྱད་འབྱུང་། །ཡུལ་ཕྱོགས་ལ་ལའི་ཐ་སྙད་ལ། །ཐ་སྐར་ལ་ནི་དབྱུག་པ་དང་། །སྨིན་དྲུག་ལ་ནི་སྤུན་དྲུག་དང་། །སྣར་མར་བི་རྫི་མགོར་སྨལ་པོ། །ནབས་སོར་རྒྱལ་སྟོད་རྒྱལ་རྒྱལ་སྨད། །སྐག་ཝ་མཆུ་ལ་རྟ་ཆེན་དང་། །གྲེ་ལ་རྟ་ཆུང་དབོ་ལ་ཁྲ། །བྱ་མ་མེ་བཞི་

p. 9

བྱིའུ་ནག་པ། །ས་གཉིས་ནམ་གོང་ནམ་འོག་ཟེར། །ལྷ་མཚམས་ལག་སོར་སྣྲོན་གདུ་བུ། །སྣྲུབས་ལ་སོགས་པའི་མིང་དུ་འབོད། །ཆུ་སྟོད་བྲེ་ལ་ཆུ་སྨད་ཕུལ། །གྲོ་བཞིན་ལ་ནི་བྱ་ཕོ་དང་། །བྱི་བཞིན་བྱ་གཞུག་མོན་དྲེ་ལ། །སྒྲོག་སྟོད་མོན་གྲུར་སྒྲོག་སྨད་དེ། །ནམ་གྲུ་ལ་ནི་ཤི་སར་འབོད། །དེ་སོགས་མིང་གི་རྣམ་གྲངས་དང་། །གཞན་ཡང་སྐར་མ་རེ་རེ་བཞིན། །བརྒྱུད་གྲངས་དབྱིབས་དང་རྟག་ལོངས་ཟས། །རིགས་ཀྱི་ལྷ་དང་དྲུག་དྲུག་ཏུ། །བཤད་མོད་གརྒའི་མདོ་སོགས་ལྟོས། ༈ །གཟའ་སྐད་འཕྲད་པའི་འཕྲོད་མིང་ནི། །ཀུན་དགའ་དུས་དབྱིག་དུལ་སྐྱེ་དགུ། །གཞོན་དང་བྱ་རོག་རྒྱལ་མཚན་དང་། །དཔལ་བེའུ་རྡོ་རྗེ་ཐོ་བ་གདུགས། །གྲོགས་ཡིད་འདོད་བྱ་འགལ་མེ་དང་། །རྩ་བཏོན་འཆི་བདག་མདའ་གྲུབ་མདུང་། །བདུད་རྩི་གཏུན་ཤིང་གླང་སྟག་མྱོས། །ཟད་པ་གཡོ་བརྟན་འཕེལ་རྣམས་སོ། ༈ །རྒྱུ་སྐར་ཁྱིམ་གྱི་ཐ་སྙད་ནི། །ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་པ་ཉ་རྣམས་སོ། །རྒྱུ་སྐར་རེ་ལ་རྐང་པ་བཞི། །རྒྱུ་སྐར་རྐང་པ་དགུ་དགུ་ལ། །ཁྱིམ་གཅིག་ཅེས་གྲགས་འདི་ལྟ་སྟེ། །ཐ་སྐར་དང་ནི་བྲ་ཉེ་དང་། །སྨིན་དྲུག་རྐང་གཅིག་ལུག་གི་ཁྱིམ། །སྨིན་དྲུག་རྐང་གསུམ་སྣར་མ་དང་། །མགོ་ཡི་ཕྱེད་ནི་གླང་ཞེས་བྱ། །མགོ་ཕྱེད་ལག་དང་ནབས་སོ་ཡི། །རྐང་པ་གསུམ་ནི་འཁྲིག་པར་དྲན། །ནབས་སོའི་རྐང་གཅིག་རྒྱལ་དང་སྐག །རྫོགས་པ་ཀརྐ་ཊ་ཞེས་བརྗོད། །མཆུ་གྲེ་དབོ་ཡི་རྐང་པ་གཅིག །སེང་གེའི་ཁྱིམ་ཞེས་བརྗོད་པ་ཡིན། །དབོ་ཡི་རྐང་གསུམ་མེ་བཞི་དང་། །ནག་པའི་ཕྱེད་བཅས་བུ་མོའི་ཁྱིམ། །ནག་པའི་ཕྱེད་དང་ས་རི་དང་། །ས་གའི་རྐང་གསུམ་སྲང་ཁྱིམ་ཡིན། །ས་གའི་རྐང་གཅིག་ལྷ་མཚམས་དང་། །སྣྲོན་རྫོགས་སྡིག་པའི་ཁྱིམ་ཞེས་བྱ། །སྣྲུབས་དང་ཆུ་སྟོད་ཆུ་སྨད་ཀྱི། །རྐང་གཅིག་གཞུ་ཡི་ཁྱིམ་དུ་ངེས། །ཆུ་སྨད་རྐང་གསུམ་གྲོ་བཞིན་དང་། །མོན་དྲེའི་རྐང་གཉིས་ཆུ་སྲིན་ཁྱིམ། །མོན་དྲེའི་ཕྱེད་དང་མོན་གྲུ་དང་། །ཁྲུམས་སྟོད་རྐང་གསུམ་བུམ་པར་བརྗོད། །ཁྲུམས་སྟོད་བཞི་ཆ་ཁྲུམ་སྨད་དང་། །ནམ་གྲུ་རྫོགས་པ་ཉ་ཡི་ཁྱིམ། ༈ །དེ་ནས་སྦྱོར་བའི་ཐ་སྙད་བཤད། །སེལ་བ་མཛའ་བོ་ཚེ་ལྡན་དང་། །སྐལ་བཟང་བཟང་པོ་ཤིན་ཏུ་

p. 10

སྐྲངས། །ལས་བཟང་འཛིན་པ་ཟུག་རྔུ་དང་། །སྐྲངས་དང་འཕེལ་བ་ངེས་པ་དང་། །ཀུན་འཇོམས་དགའ་བ་རྡོ་རྗེ་དང་། །དངོས་གྲུབ་ཤིན་ཏུ་ལྟུང་མཆོག་ཅན། །ཡོངས་འཇོམས་ཞི་བ་གྲུབ་པ་དང་། །བསྒྲུབ་བྱ་དགེ་བ་དཀར་པོ་དང་། །ཚངས་པ་དབང་པོ་ཁོན་འཛིན་ཏེ། །སྦྱོར་བ་ཉི་ཤུ་རྩ་བདུན་ཡིན། ༈ །བྱེད་པ་བཅུ་གཅིག་ཐ་སྙད་ནི། །ཡར་ངོའི་ཚེས་གཅིག་ཕྱི་ཆ་ནས། །བརྩམས་ཏེ་ཉེར་དགུའི་སྔ་ཆའི་བར། །གདབ་པ་དང་ནི་བྱིས་པ་དང་། །རིགས་ཅན་དང་ནི་ཏིལ་རྡུང་དང་། །ཁྱིམ་སྐྱེས་ཚོང་པ་བིཥྚི་རྣམས། །འཁོར་བས་འཕོ་བྱེད་བདུན་ཞེས་གྲགས། །ཉེར་དགུའི་ཕྱི་ཆ་བཀྲ་ཤིས་དང་། །གནམ་སྟོང་སྔ་ཆར་རྐང་བཞི་སྟེ། །དེ་ཡི་ཕྱི་ཆར་བྱེད་པ་ཀླུ། །ཚེས་གཅིག་སྔ་ཆར་མི་སྡུག་པ། །རྟག་པའི་བྱེད་པ་བཞི་ཡིན་ནོ། ༈ །རྟེན་འབྲེལ་བཅུ་གཉིས་མ་རིག་པ། །འདུ་བྱེད་རྣམ་ཤེས་མིང་གཟུགས་དང་། །སྐྱེ་མཆེད་རེག་ཚོར་སྲེད་ལེན་པ། །སྲིད་པ་སྐྱེ་དང་རྒ་ཤིའོ། ༈ །བཅུ་གཉིས་ཁྱིམ་གྱི་ཞིང་བདག་གཟའ། །ལུག་དང་སྡིག་པའི་མིག་དམར་ཏེ། །གླང་སྲང་གཉིས་ཀྱི་པ་ཝ་སངས། །འཁྲིག་པ་བུ་མོའི་ལྷག་པ་ཡིན། །ཀརྚའི་ཟླ་བ་སེང་གེའི་ཉི། །གཞུ་དང་ཉ་ཡི་ཕུར་བུ་སྟེ། །ཆུ་སྲིན་བུམ་པའི་སྤེན་པའོ། ༈ །དེ་ལྟར་རྩིས་ཀྱི་ལག་ལེན་ལ། །ཉེ་བར་མཁོ་བའི་ཐ་སྙད་དང་། །རྣམ་གྲངས་འགའ་ཞིག་བརྗོད་པ་སྟེ། །འདི་ཡང་བྱིས་པའི་དོན་དུའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཐ་སྙད་དང་རྣམ་གྲངས་བསྟན་པའི་སྐབས་ཏེ་གཉིས་པའོ།། །།༈ བསྟན་པའི་རྩིས་ཀྱི་རྣམ་བཞག་ལ། །མདོ་དང་རྒྱུད་ཀྱི་ལུགས་གཉིས་ཡོད། །རེ་རེ་ལ་ཡང་གནས་ཚད་དང་། །དེ་ཡི་སྟེང་ནས་འདས་ཚུལ་ལོ། ༈ །མདོ་ལུགས་བསྟན་པའི་གནས་ཚད་ནི། །བསྐལ་བཟང་འདུལ་ལུང་ཕྲན་ཚེགས་དང་། །འཕགས་པ་བློ་གྲོས་མི་ཟད་པས། །བསྟན་པའི་མདོ་ཡི་འགྲེལ་པ་དང་། །གསེར་ཕྲེང་ཅན་གྱི་རྟོགས་བརྗོད་དང་། །མཛོད་འགྲེལ་རྣམས་ལས་ཐུབ་པའི་བསྟན། །དངོས་བཏགས་ལྔ་བརྒྱ་ལྔ་བརྒྱ་སྟེ། །ལོ་སྟོང་བར་དུ་གནས་པར་གསུངས། །སྙིང་རྗེ་པདྨ་དཀར་པོ་ལས། །དངོས་སྟོང་བཏགས་པ་ལྔ་བརྒྱར་བཤད། །ཟླ་བ་སྙིང་པོས་ཞུས་པའི་མདོར། །ཉིས་སྟོང་གནས་པར་གསུངས་པ་དང་། །ཆོས་

p. 11

ཉིད་རང་ངོ་མི་གཡོ་བར། །ཐ་དད་སྣང་བའི་མདོ་དང་ནི། །རྡོ་རྗེ་གཅོད་པའི་འགྲེལ་པ་ལས། །ཉིས་སྟོང་ལྔ་བརྒྱར་གནས་པར་གསུངས། །དགའ་བའི་བཤེས་ཀྱི་རྟོགས་བརྗོད་ལས། །སྐྱེས་བུའི་ཚེ་ལོ་ཡར་འཕེལ་གྱི། །དྲུག་བརྒྱའི་བར་དུ་གནས་པར་བཤད། །དཾཥྚ་སེ་ནའི་འབུམ་ཌཱིཀ་དང་། །དབྱིག་གཉེན་ཞབས་ཀྱི་གནོད་འཇོམས་དང་། །སློབ་དཔོན་འཇམ་དཔལ་གྲགས་པ་རྣམས། །ལྔ་སྟོང་བར་དུ་གནས་པར་བཞེད། །དེ་ཡང་ལྔ་བརྒྱ་ཕྲག་བཅུ་ལས། །ལྔ་བརྒྱ་དང་པོར་དགྲ་བཅོམ་དང་། །དེ་བཞིན་གཉིས་པར་ཕྱིར་མི་འོང་། །གསུམ་པ་ལ་ནི་རྒྱུན་ཞུགས་ཏེ། །ཡེ་ཤེས་ཁོང་ཆུད་ལེའུ་གསུམ། །དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ། །རིམ་པར་ཤེས་རབ་ཏིང་འཛིན་དང་། །ཚུལ་ཁྲིམས་བསླབ་པ་གཙོ་སྟོན་གསུམ། །སྒྲུབ་པའི་དུས་ཀྱི་ལེའུ་ཟེར། །དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ། །མངོན་པ་མདོ་སྡེ་འདུལ་བ་རྣམས། །སྟོན་པ་མང་དུ་འབྱུང་བས་ན། །ལུང་གི་ལེའུ་གསུམ་དུ་གྲགས། །བཅུ་པ་ལྔ་བརྒྱ་ཐ་མ་ལ། །རབ་བྱུང་རྟགས་ཙམ་མ་གཏོགས་པ། །ལྟ་སྤྱོད་རྣལ་མ་མེད་པའི་ཕྱིར། །རྟགས་ཙམ་འཛིན་པའི་ལེའུར་བཞེད། །དེ་ལས་གཞན་རྣམས་དགོངས་པ་ཅན། །ལྔ་སྟོང་དོན་ལ་གནས་པར་བཟུང་། ༈ །དེ་ཡི་སྟེང་ནས་འདས་ཚུལ་ནི། །རྒྱལ་བ་མྱ་ངན་འདས་པའི་ལོ། །དེ་ནི་འདས་ལོའི་ཐོག་མ་ཡིན། །དེ་ནས་རབ་བྱུང་བཅུ་གཉིས་པའི། །ཤིང་ཕོ་རྟ་ལོ་འདི་ཡན་ལ། །ལོ་གྲངས་ཇི་ཙམ་འདས་ཤེ་ན། །བཞེད་ཚུལ་མི་འདྲ་འདི་ལྟར་མཐོང་། །བཞི་སྟོང་ཆིག་བརྒྱ་སོ་གསུམ་འདས། །ཆོས་རྒྱལ་སྲོང་བཙན་བཀའ་ཆེམས་ལུགས། །ཉིས་སྟོང་བཞི་བརྒྱ་རེ་གསུམ་འདས། །ཙནྡན་ཇོ་བོའི་ལོ་རྒྱུས་ལུགས། །ཉིས་སྟོང་བདུན་བརྒྱ་ཉེར་གཅིག་གམ། །ཡང་ན་དྲུག་ཅུ་སྐོར་གཅིག་གིས། །དམན་པ་ཐང་གི་ཡིག་ཚང་ལུགས། །སུམ་སྟོང་བརྒྱད་བརྒྱ་ང་དགུ་འདས། །འདུལ་འཛིན་ནེལྤ་པཎ་ཆེན་ལུགས། །ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་བདུན། །འདས་པར་སློབ་དཔོན་ཨ་བྷ་ཡ། །པཎ་ཆེན་ཤཱཀྱ་ཤྲཱི་དང་། །ནམ་མཁའ་བཟང་པོ་ལ་སོགས་བཞེད། །སུམ་སྟོང་བརྒྱད་བརྒྱ་ལྔ་བཅུ་རྣམས། །འདས་པ་དཱི་པཾ་ཀ་ར་དང་། །ཇོ་བོ་ཚུལ་འབར་ཞང་ཚེ་སྤོང་། །ཉ་བྲན་ཆ་པ་མཆིམས་ཆེན་ཞབས། །དབུས་པ་བློ་གསལ་

p. 12

ལ་སོགས་པ། །གངས་ཅན་མཁས་པ་མང་པོའི་ལུགས། །སུམ་སྟོང་བརྒྱད་བརྒྱ་ཞེ་དྲུག་འདས། །བདག་ཉིད་ཆེན་པོ་ས་པཎ་ལུགས། ༈ །དེ་ནས་རྒྱུད་ཀྱི་ལུགས་ལ་ཡང་། །སྤྱི་དང་ཁྱད་པར་རྣམ་གཉིས་ཡོད། །སྤྱི་ནི་བྱ་སྤྱོད་རྣལ་འབྱོར་དང་། །བླ་མེད་ཐབས་ཀྱི་རྒྱུད་རྣམས་ནི། །ཇི་སྲིད་ཐུབ་བསྟན་སྤྱི་གནས་པ། །དེ་སྲིད་གནས་པར་སྒྲོན་གསལ་དང་། །འཇམ་དཔལ་རྩ་རྒྱུད་སོགས་ལས་གསུངས། །མ་རྒྱུད་ནམ་ཡང་ནུབ་མི་འགྱུར། །དེ་ཡང་མཁའ་འགྲོ་རྒྱ་མཚོ་ལས། །ཤེས་རབ་རྒྱུད་ནི་རང་བྱུང་ཉིད། །རང་གི་རང་བཞིན་རྟག་ཏུ་གནས། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སུ། །མི་འཇིག་གོ་འཕང་རྗེས་འགྲོ་བ། །བསྐལ་པ་སྲེག་པའི་དུས་སུ་ནི། །གཞན་དུ་སོང་ནས་ཡང་དག་གནས། །ཞེས་གསུངས་རྫོགས་ཆེན་ཞིང་སོ་སོར། །བཙས་འཕར་དར་ནུབ་དུས་བདུན་བདུན། །བྱེད་པར་གསུངས་ཏེ་ཐལ་འགྱུར་ལས། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་སུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །ཞེས་སོགས་རྣམ་གཞག་རྒྱས་པར་གསུངས། །ངེས་པའི་དོན་དུ་གསེར་འོད་ལས། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བར་སྟོན། །སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །ཅེས་གསུངས་གསང་སྙིང་རྒྱུད་ལས་ཀྱང་། །དེ་དང་ཚིག་དོན་མཐུན་པར་གསུངས། །གཞན་ཡང་ཡིད་བཞིན་རྣམ་བཀོད་ལས། །སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་ཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད། །ཅེས་གསུངས་ཕྱིར་ན་ཚུལ་འདི་དག །ཁོང་དུ་ཆུད་པ་བློ་ལྡན་ཡིན། ༈ །ཁྱད་པར་དུས་འཁོར་བསྟན་རྩིས་ལ། །སྔར་འདས་ཕྱིས་ལུས་གནས་ཚད་གསུམ། །དེ་ལས་སྔར་འདས་རྣམ་གཞག་ལའང་། །ཐ་དད་བཞེད་པ་དུ་མ་མཐོང་། །སྟོན་པས་རྩ་རྒྱུད་གསུངས་

p. 13

པ་ནས། །ཉིས་སྟོང་ལྔ་བརྒྱ་གོ་གཉིས་འདས། །ཀུན་མཁྱེན་བུ་དང་བྱང་པའི་ལུགས། །ཉིས་སྟོང་ལྔ་བརྒྱ་དགུ་བཅུ་འདས། །ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ལུགས། །དེ་ལས་གཅིག་གིས་མང་བར་ནི། །འཇམ་དབྱངས་ཆོས་མགོན་ལ་སོགས་བཞེད། །སུམ་སྟོང་དྲུག་ཅུ་རེ་དྲུག་འདས། །འགོས་ལོ་གཞོན་ནུ་དཔལ་གྱི་ལུགས། །རྒྱལ་བ་མྱ་ངན་འདས་པ་ནས། །ཉིས་སྟོང་ཉིས་བརྒྱ་གྱ་བདུན་འདས། །དཔལ་ལྡན་བླ་མ་དམ་པའི་ལུགས། །ཉིས་སྟོང་སུམ་བརྒྱ་རེ་བཞི་འདས། །གྲུབ་ཐོབ་ཨོ་རྒྱན་པ་ཡི་ལུགས། །ཉིས་སྟོང་ལྔ་བརྒྱ་གོ་གཅིག་འདས། །གཡུང་སྟོན་ལུགས་ཡིན་དེ་ལས་གཅིག །ཕྲི་བ་བསྟན་འཛིན་བཟང་པོའི་ལུགས། །ཉིས་སྟོང་ཆིག་བརྒྱ་གྱ་བརྒྱད་འདས། །རོང་པ་ངག་དབང་གྲགས་པའི་ལུགས། །ཉིས་སྟོང་ལྔ་བརྒྱ་ཞེ་བརྒྱད་འདས། །ཐེལ་པ་ཀུན་དགའ་རྒྱལ་མཚན་ལུགས། །དེ་དག་ཀུན་ཀྱང་སྔ་ལོ་ཡི། །ཆུ་སྦྲུལ་ཡན་གྱི་ལོ་ཚོགས་ཏེ། །རེ་རེས་བསྟན་པའི་གནས་ཚད་ལ། །ཕྲི་ལྷག་མ་འོང་བསྟན་པའི་ཚད། །སོ་སོའི་ལུགས་རྣམས་ཚེགས་མེད་ཤེས། །དེ་ལྟར་གཞན་གྱི་ལུགས་འགའ་ཞིག །བརྟག་ཅིང་དཔྱད་པའི་གཞིར་བཀོད་ནས། །དུས་དང་སྐར་མ་གཟའ་འཛིན་སོགས། །མདོ་རྒྱུད་ལུང་བཞིན་ས་རིས་ཀྱིས། །གཏན་ཕབ་རང་ལུགས་ཞིབ་མོར་འཆད། ༈ །མཉམ་མེད་སྟོན་པ་ཟས་གཙང་སྲས། །དོན་གྲུབ་ཅེས་པ་ས་ལུག་ལོའི། །དབྱར་འབྲིང་ཆུ་སྟོད་ཟླ་བ་ཡི། །ཡར་ཚེས་བཅོ་ལྔའི་མཚན་མོའི་གུང་། །རྒྱལ་གྱི་ནུབ་པའིི་དུས་སྦྱོར་ལ། །གླང་པོའི་རྣམ་པས་ལྷུམས་སུ་ཞུགས། །འདི་ནི་ལུང་དང་མངོན་འབྱུང་ལས། །མཚན་གུང་ཞུགས་པར་གསུངས་པ་དང་། །རྒྱ་ཆེ་རོལ་པའི་མདོ་ལས་ཀྱང་། །སྐར་མ་རྒྱལ་གྱི་དུས་སུ་ཞེས། །གསུངས་པའི་ལུང་དོན་ཀུན་དང་འབྱོར། །གཞན་ཡང་ཉི་མའི་སྙིང་པོ་ལས། །ཆུ་སྟོད་དང་ནི་ལྷ་མཚམས་ལ། །མངལ་དུ་འཇུག་པར་བྱེད་པ་སྟེ། །དབོ་དང་ཡང་ནི་ཐ་སྐར་དང་། །ཆུ་སྨད་ལ་ནི་འཕེལ་བར་བྱེད། །སྣར་མ་ནག་པ་གྲོ་བཞིན་འཆི། །ཞེས་པས་རྒྱལ་ལ་སྐྱེས་པ་ཡི། །མངལ་ཞུགས་སྐར་མ་ཆུ་སྟོད་དུ། །བཤད་པ་དང་ཡང་སྒྲིག་པར་ནུས། །ཁ་ཅིག་ལྷུམས་ཞུགས་རྒྱ་རོལ་ལས། །དཔྱིད་ཐ་ས་གར་གསུངས་ཞེས་ཟེར། །དེ་འདྲ་མདོ་དེའི་དགོངས་པ་མིན། །དེ་ཡི་

p. 14

དགོངས་པ་བཤད་ཀྱིས་ཉོན། །དཔྱིད་ཐ་ས་གའི་དུས་ཀྱི་ཚེ། །རྫོགས་འཚང་རྒྱ་འགྱུར་དགོས་པའི་མཆོག །དེ་ཉིད་སྔོན་གཟིགས་བཅོ་ལྔ་ཡི། །རྒྱལ་ལ་ལྷུམས་སུ་ཞུགས་པ་རུ། །འཆད་པ་མདོ་དེའི་དགོངས་པ་ཡིན། ༈ །ལྷུམས་སུ་ཟླ་བ་དགུ་དང་ཞག །ཉི་ཤུ་གསུམ་སྟེ་ཟླ་ངོ་བཅུ། །འདས་པ་དྲག་པོ་ལྕགས་སྤྲེའི་ལོ། །ས་གའི་དཀར་ཕྱོགས་ཚེས་བདུན་གྱི། །མཚན་མོའི་གུང་ཐུན་ཆ་ལ་བལྟམས། །འདི་ཡང་རྒྱ་རོལ་འདུལ་ལུང་ཏོག །སྙིང་རྗེ་པད་དཀར་མདོ་སོགས་སུ། །མངལ་དུ་ཟླ་བ་བཅུ་བཞུགས་པར། །གསུངས་ཕྱིར་འདི་ལ་ཚད་མ་ཡིན། །དེ་ལ་ཁ་ཅིག་འདི་སྐད་དུ། །ལྷུམས་སུ་ཟླ་དགུ་ཞག་ཉེར་གསུམ། །བཞུགས་པ་ལྟར་ན་མདོ་ལས་ནི། །བྱང་ཆུབ་སེམས་དཔས་དགའ་ལྡན་ནས། །ཡུམ་གྱི་ཚེ་ལ་བརྟགས་པ་ན། །ཟླ་བཅུ་ཞག་བདུན་ལས་མེད་པར། །མཁྱེན་ནས་ལྷུམས་སུ་ཞུགས་པ་དང་། །བལྟམས་ནས་ཞག་གྲངས་བདུན་ལ་ཡུམ། །འདས་པར་གསུངས་དང་འགལ་ལོ་ཟེར། །དེ་ནི་འདི་ལྟར་བཤད་པས་ཆོག །ལྷུམས་སུ་འཇུག་ཀར་མི་ཡི་ཞག །བདུན་གྱི་སྔ་རོལ་ཡུམ་གྱི་ཚེར། །བརྟགས་པར་བཤད་ན་ཅི་ཞིག་སྐྱོན། །དེ་ཡི་ཉིན་རྩིས་གཟའ་གནས་སུ། །ཐིག་ལེ་དབྱུག་གུར་དབང་པོ་གཟུགས། །ཟླ་སྐར་ཐུབ་པ་ཆུ་ཚོད་མཁའ། །ཉི་སྐར་སྟོང་པ་ཆུ་ཚོད་དུ། །རི་འབྱུང་འཆར་ཕྱིར་ཏོག་ལས་ཀྱང་། །ཐུབ་པ་ཁྱོད་ནི་རྒྱལ་ལ་སྐྱེས། །ཞེས་གསུངས་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། །སྐར་མ་རྒྱལ་ལ་བབ་པ་ན། །དེ་སྲས་རྩིབ་མའི་ལོགས་ནས་ནི། །ཞེས་སོགས་ཚད་མའི་ལུང་དང་འབྱོར། །ད་ནི་དཔྱད་པའི་གནས་འདི་ཡོད། །དཔྱིད་ཟླ་ཐ་ཆུང་རྒྱུ་སྐར་རྒྱལ། །མཚན་མོའི་གུང་ལ་འཁྲུངས་པ་ནི། །འདུལ་ལུང་རྒྱ་རོལ་ལ་སོགས་པའི། །རྣམ་དག་ལུང་གིས་གྲུབ་ཕྱིར་དང་། །ལོ་དེའི་ས་གའི་ཚེས་གཞན་ལ། །རྒྱུ་སྐར་རྒྱལ་ནི་མི་འབྱུང་བ། །རི་མོས་གསལ་བར་སྟོན་ཕྱིར་དང་། །ས་གའི་བཅོ་ལྔར་འཁྲུངས་པ་ལ། །ཤེས་བྱེད་མ་མཐོང་དེ་ཡི་ཕྱིར། །འདུལ་བ་མདོ་རྩའི་འགྲེལ་ཆུང་དུ། །ཚེས་བདུན་ལ་ནི་བལྟམས་སོ་ཞེས། །གསུངས་ཕྱིར་ཚུལ་འདི་འཐད་པ་ཡིན། ༈ །དེ་ནས་དགུང་ལོ་ཉེར་དགུ་པ། །ཀུན་འཛིན་ས་ཕོ་བྱི་བའི་ལོར། །ཁྱིམ་ནས་བྱུང་སྟེ་ལོ་དྲུག་ཏུ། །དཀའ་སྤྱད་སོ་

p. 15

ལྔ་བཞེས་པ་ཡི། །ཤིང་རྟ་ས་གའི་ཉ་ཡི་མཚན། །སྐྱ་རེངས་འཆར་བར་རྩོམ་པ་ན། །བླ་ན་མེད་པའི་བྱང་ཆུབ་བརྙེས། །ཉ་དེའི་ཉིན་རྩིས་གཟའ་གཅིག་དང་། །ཆུ་ཚོད་ཀླུ་མེ་ཚེས་འཁྱུད་ཀྱི། །ཟླ་སྐར་བཅུ་དྲུག་ནམ་མཁའི་དབྱུག །གདོང་ལ་སྐར་མ་བཅུ་དྲུག་དང་། །ཆུ་ཚོད་བུག་མིག་འབྱུང་བའི་ཕྱིར། །འདུལ་བ་ལུང་དང་མངོན་འབྱུང་མདོར། །དེ་ཚེ་ཟླ་བ་སྒྲ་གཅན་གྱིས། །བཟུང་བར་གསུངས་པའི་ལུང་དང་འབྱོར། །དེ་ནས་ལོ་གྲངས་ཞེ་དྲུག་པར། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །རྫོགས་སངས་རྒྱས་ནས་བཞི་བཅུ་བདུན། །འཁྲུངས་ནས་རིལ་པོ་བརྒྱད་ཅུ་དང་། །ལོ་ངོ་བརྒྱད་ཅུ་རྩ་གཅིག་པ། །དཔའ་བོ་ལྕགས་འབྲུག་ནག་པའི་ཉར། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ། །འོག་ཏུ་ཆོས་དབྱིངས་གསུང་དབང་དང་། །སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི། །དཀྱིལ་འཁོར་སྤྲོས་ཏེ་བདེ་ཆེན་གནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེར། །སྟོན་པ་ཤཱཀྱ་སེང་གེ་ཉིད། །རྡོ་རྗེ་སེང་གེའི་ཁྲིར་བཞུགས་ནས། །དུས་ཀྱི་འཁོར་ལོའི་ཏིང་འཛིན་གྱིས། །ཟླ་བ་བཟང་པོ་ལ་སོགས་ལ། །རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་གསུངས། །དེ་ཡི་ཕྱི་ཟླ་ས་ག་ཡི། །ཡར་ཚེས་བཅོ་ལྔའི་མཚན་མོའི་ཐུན། །ཐ་མའི་འགོ་ལ་མྱ་ངན་ལས། །འདའ་ཚུལ་བསྟན་ཏེ་རྩ་རྒྱུད་དུ། །བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །དམ་པ་དང་པོའི་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །ལོ་འདི་ནས་ནི་དྲུག་བརྒྱའི་ལོ། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་འཇམ་དབྱངས་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་། །ཞེས་གསུངས་དྲི་མེད་འོད་ལས་ཀྱང་། །འཇམ་དཔལ་དབྱངས་ཀྱང་ང་འདས་ནས། །ཞེས་སོགས་འགལ་མེད་འགྲིག་པའི་ཕྱིར། །རྩ་རྒྱུད་འདའ་ཀར་ཞལ་ཆེམས་ཀྱི། །ཚུལ་དུ་གསུངས་འདི་འཐད་པ་ཡིན། །དེ་ལ་ཁ་ཅིག་འདི་སྙམ་དུ། །དྲི་མེད་འོད་དུ་སངས་རྒྱས་པའི། །ས་ག་ནས་བརྩམས་བཅུ་གཉིས་པ། །ནག་ཉར་རྩ་རྒྱུད་གསུངས་པ་ཡི། །ལུང་གིས་གནོད་པར་མི་འགྱུར་

p. 16

རམ། །ཞེ་ན་ལུང་འདིའི་དགོངས་པ་ནི། །མར་ངོ་སྔོན་འགྲོའི་དབང་བྱས་ཏེ། །ལུག་ཁྱིམ་ས་ག་དང་སྦྱར་བ། །དང་པོར་མཛད་པའི་རྣམ་གཞག་ཉིད། །ཡིན་གྱི་སྟོན་པ་སངས་རྒྱས་པའི། །ལོ་ངོ་གཉིས་པར་རྒྱུད་གསུང་པར། །འཆད་པ་ལུང་དེའི་དགོངས་པ་མིན། །ཡིན་ན་ཐེག་གསུམ་བསྟན་མཛད་ནས། །ཞེས་པའི་ལུང་དང་ནང་འགལ་འགྱུར། ༈ །ལྕགས་སྦྲུལ་དེ་ལ་ཟླ་བཟང་གིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ། །ལོ་ངོ་གསུམ་པ་སྐལ་ལྡན་ལ། །བཤད་ནས་ཆུ་ལུག་མ་ལ་ཡར། །དཀྱིལ་འཁོར་བཞེངས་ཏེ་སྤྲུལ་པ་བསྡུས། ༈ །དེ་འོག་ཤིང་ཕོ་སྤྲེལ་ལོ་ནས། །ལྷ་དབང་དང་ནི་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །རེ་རེས་ལོ་བརྒྱར་རྒྱུད་བསྟན་ཕྱིར། །དྲུག་བརྒྱ་འདས་པའི་ཤིང་སྤྲེ་ནས། །གྲགས་པས་ལོ་བརྒྱར་རྩ་རྒྱུད་བསྟན། །ལོ་བརྒྱ་རྫོགས་པ་མིག་དམར་ལོ། །བསྡུས་རྒྱུད་བསྡུས་ཏེ་གཤེགས་པར་གྱུར། ༈ །མིག་དམར་ཤིང་བྱིའི་ལོ་དེ་ལ། །པད་དཀར་ཁྲིར་འཁོད་འགྲེལ་ཆེན་བརྩམས། །དེ་ནས་བཟུང་སྟེ་བཟང་པོ་དང་། །རྣམ་རྒྱལ་བཤེས་གཉེན་བཟང་པོ་དང་། །རིན་ཆེན་ཕྱག་དང་ཁྱབ་འཇུག་སྦས། །ཉ ི་མ་གྲགས་དང་ཤིན་བཟང་སྟེ། །རིགས་ལྡན་བརྒྱད་ཀྱིས་བརྒྱད་བརྒྱའི་བར། །བསྡུས་རྒྱུད་འབྲེལ་བཅས་བསྟན་པའི་འོག །༈ཤིང་སྤྲེར་སྦྲང་རྩིའི་བློ་གྲོས་ནི། །མ་ཁར་ཞུགས་ཤིང་མུ་སྟེགས་པའི། །བྱེད་རྩིས་བྱུང་དང་དུས་མཉམ་པར། །རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ཏེ། །ལོ་བརྒྱ་གྱ་གཉིས་བར་དུ་བཞུགས། ༈ །དེ་འདས་མི་ཟད་མེ་ཁྱིའི་ལོར། །རྒྱལ་དཀའ་རྒྱལ་སར་ཕེབས་པ་དང་། །རང་ལུགས་བྱེད་པའི་རྩིས་མགོ་ཟུག །རྒྱལ་དཀས་ཉིས་བརྒྱ་ཉེར་གཅིག་བར། །ཆོས་བསྟན་ལོ་མཐའ་མེ་སྟག་ཡིན། །དེས་ན་ཀླ་ཀློ་ཞུགས་པ་དང་། །རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་ནས། །བརྩམས་ཏེ་མེ་སྟག་དེ་ཡན་ལ། །མེ་མཁའ་རྒྱ་མཚོའི་ལོ་ཞེས་གྲགས། ༈ །དེ་འོག་རབ་བྱུང་མེ་ཡོས་ལ། །རིགས་ལྡན་ཉི་མས་ཆོས་བསྟན་པའི། །ལོ་འདི་མེ་མཁའ་རྒྱ་མཚོ་ལ། །བསྲེ་རྒྱུའི་འདས་ལོའི་ཐོག་མ་དང་། །རྒྱུད་འདི་ཤཱི་ཏའི་ལྷོར་ཕེབས་ལོ། །དེ་ནས་རབ་བྱུང་བཅུ་གཉིས་པའི། །ཆུ་མོ་སྦྲུལ་ལོ་འདི་ཡན་ལ། །ལོ་གྲངས་

p. 17

དྲུག་བརྒྱ་གྱ་བདུན་འདས། །དེ་ཕྱིར་རིགས་ལྡན་ཉི་མ་དང་། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང་། །དཔལ་སྐྱོང་རྣམས་ཀྱིས་ལོ་དྲུག་བརྒྱ། །རིགས་ལྡན་སེང་གེ་ཁྲིར་ཕེབས་ནས། །གྱ་བདུན་འདས་པའི་ཤིང་རྟ་ཡིན། །དེས་ན་རིགས་ལྡན་ཉི་མ་ནས། །དྲག་པོ་འཁོར་ལོ་ཅན་གྱི་བར། །རིགས་ལྡན་བཅུ་བཞིས་ལོ་བརྒྱ་རེར། །ཆོས་བསྟན་ཕྱིར་ན་སྟོང་བཞི་བརྒྱ། །དེ་ཉིད་མེ་མཁའ་རྒྱ་མཚོ་ལ། །བསྣན་པས་ཀླ་ཀློའི་གནས་ཚད་ནི། །སྟོང་དང་བརྒྱད་བརྒྱར་གསུངས་པ་དང་། །འགྲིག་ཕྱིར་རྒྱུད་འགྲེལ་དགོངས་པ་ཡིན། །འདི་ཡི་ལྷག་པའི་ལོ་གསུམ་ནི། །རིགས་ལྡན་དྲག་པོས་ཀླ་ཀློའི་དཔུང་། །བཅོམ་ནས་གཤེགས་པའི་བར་དུ་གཟུང་། ༈ །དེ་ལྟར་སྟོན་པ་འཁྲུངས་པ་ནས། །ཉིས་སྟོང་དྲུག་བརྒྱ་དོན་བཞི་དང་། །རྫོགས་སངས་རྒྱས་ནས་ཉིས་སྟོང་དང་། །དྲུག་བརྒྱ་བཞི་བཅུ་འདས་པ་སྟེ། །མྱ་ངན་འདས་ནས་ཉིས་སྟོང་དང་། །ལྔ་བརྒྱ་དགུ་བཅུ་གོ་བཞིའོ། །འཇམ་དབྱངས་གྲགས་པ་བྱོན་པ་ནས། །ཆིག་སྟོང་དགུ་བརྒྱ་དགུ་བཅུ་ཐམ། །ཀླ་ཀློ་ཞུགས་ནས་སྟོང་དགུ་བཅུ། །རང་ལུགས་རྩིས་འགོ་ཟུག་པ་ནས། །དགུ་བརྒྱ་དང་ནི་བརྒྱད་འདས་ཏེ། །རྒྱུད་ཀྱི་རྒྱལ་པོའི་ལོ་དག་གོ། ༈རྒྱུད་འགྲེལ་ཤཱི་ཏའི་ལྷོར་ཕེབས་པའི། །རབ་བྱུང་དང་པོའི་མེ་ཡོས་ནས། །དྲུག་བརྒྱ་གྱ་བདུན་ལོ་ཡི་ཚོགས། །བསྲེ་བར་བྱ་བའི་འདས་ལོ་སྟེ། །འདི་རྣམས་སྔ་ལོའི་ཆུ་སྦྲུལ་མཐའ། །རྫོགས་པ་ཡན་གྱི་ལོ་གྲངས་ཡིན། ༈ །མ་འོངས་ཤིང་རྟའི་ལོ་འདི་ནས། །སེང་གེའི་ལོ་ལྷག་བཅུ་གསུམ་དང་། །དེ་ནས་རྣམ་གནོན་སྟོབས་པོ་ཆེ། །མ་འགགས་པ་དང་མིའི་སེང་གེ། དབང་ཕྱུག་མཐའ་ཡས་རྣམ་རྒྱལ་ཏེ། །དྲུག་གིས་བརྒྱ་བརྒྱར་ཆོས་བསྟན་པས། །དྲུག་བརྒྱ་བཅུ་གསུམ་འདས་པའི་འོག །རིགས་ལྡན་དྲག་པོ་རྒྱལ་སར་འཁོད། །གོ་དྲུག་བར་དུ་ཆོས་བསྟན་ནས། །ཤམྦྷ་ལ་ནས་གོ་བདུན་ལོར། །ཤཱི་ཏའི་ལྷོ་ཕྱོགས་འཕགས་ཡུལ་དུ། །ལྷ་ཆེན་བཅུ་གཉིས་དཔུང་དང་བཅས། །བྱོན་ནས་འཛམ་གླིང་ཆུང་ངུ་འདིར། །ཀླ་ཀློ་བཅོམ་ནས་གཡས་སྐོར་དུ། །བཅུ་གཉིས་དུམ་བུར་རིམ་བཞིན་དུ། །ལྷ་མིན་དགྲ་བོ་འཁོར་ལོ་ཅན། །རང་གི་ལོ་བརྒྱ་རྫོགས་པ་ན། །རང་སྲས་ཚངས་དང་ལྷ་དབང་

p. 18

གཉིས། །རྒྱབ་མདུན་སྟོན་པར་བསྐོས་ཏེ་གཤེགས། ༈ །དེ་ལྟར་འཁོར་ལོ་ཅན་གྱིས་སླར། །གསོས་པའི་བསྟན་པ་གནས་ཡུན་ཚད། །དུམ་བུ་བཅུ་གཉིས་ཀུན་བསྡོམ་པར། །མི་ལོ་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱའོ་དེ་ལ་ཉི་མ་ཡིས། །བགོས་པ་སྟོང་དང་བརྒྱད་བརྒྱ་རེ། །ཐོབ་པ་དུམ་བུ་རེ་རེའི་ཚད། །དེ་ཕྱིར་ལྷོ་གླིང་དབུས་མ་འདི། །གཞིར་བྱས་སྟོན་པས་རྩ་བའི་རྒྱུད། །བསྟན་ནས་སུམ་སྟོང་སུམ་བརྒྱ་བཞི། །རྒྱལ་བའི་བསྟན་པ་སྔ་དར་ཚད། །དེ་སྟེང་དྲག་པོས་སླར་གསོས་པའི། །གླིང་འདིའི་ཕྱི་དར་སྟོང་བརྒྱད་བརྒྱ། །བསྣན་པས་ལྔ་སྟོང་བརྒྱ་དང་བཞི། །དུམ་བུ་འདི་ཡི་གནས་ཚད་ཡིན། །ལྷག་མའི་དུམ་བུ་བཅུ་གཅིག་ཏུ། །སྔ་དར་ཕྱི་དར་གཉིས་ཀ་ཡང་། །སྟོང་དང་བརྒྱད་བརྒྱར་མཚུངས་པ་སྟེ། །ཅིའི་ཕྱིར་ཞེ་ན་དུམ་བུ་འདིར། །མ་ཁར་ཀླ་ཀློ་མ་ཞུགས་པའི། །གོང་འདས་ཆིག་སྟོང་ལྔ་བརྒྱ་དང་། །ཉག་བཞི་བཅས་པས་ལྷག་ཕྱིར་རོ། ༈ །དེ་ལྟའི་སྔ་དར་ཕྱི་དར་གྱི། །བསྟན་པའི་གནས་ཚད་སོ་སོ་ལ། །ཆུ་བོས་ཐོབ་ནོར་གང་ཡིན་པ། །རང་རང་དུས་བཞི་རེ་རེའི་ཚད། ༈ །སྟོན་པ་མྱ་ངན་འདས་པ་ནས། །བརྩམས་ཏེ་རབ་བྱུང་བཅུ་གཉིས་པའི། །ཆུ་སྦྲུལ་ཡན་ཆད་ལོ་ཚོགས་ལ། །ད་ལྟའི་ཤིང་རྟ་ལོ་སོགས་བསྲེ། །དེ་ཡིས་མདོ་སྔགས་གང་འདོད་ཀྱི། །གནས་ཚད་སོ་སོ་ལ་ཕྲི་བས། །མ་འོངས་ཇི་ཙམ་ལྷག་ལུས་རྟོགས། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བསྟན་རྩིས་བཤད་པའི་སྐབས་ཏེ་གསུམ་པའོ།། །།

p. 19

༈ དཔལ་ལྡན་རྒྱུད་ལས་གསུངས་པ་ཡི། །རྩིས་འཕྲོ་གནས་པའི་ལོ་དེ་ནི། །རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི། ཐོག་མའི་མེ་ཁྱི་དེའི་སྔུན་མ། །ས་སྐྱོང་ཤིང་མོ་བྱ་དེ་ཡིན། །ཤིང་བྱ་དེ་ཡི་དབོ་ཟླའི་མཐར། །སྐྱོན་བྲལ་གྲུབ་མཐའི་རྩིས་འཕྲོ་རྣམས། །ཅིག་ཅར་ཤར་བ་འདི་ཡིན་ཏེ། །ཟླ་བཤོལ་རྩིས་འཕྲོ་གཟུགས་རོ་ཡིན། །གཟའ་ཚེས་རྩིས་འཕྲོ་གཟའ་གནས་མཁའ། །ཆུ་ཚོད་མཁའ་འབྱུང་སྲང་ཆུ་མཚོ། །དབུགས་སུ་ལག་པ་རི་མཁའ་རིའི། །ཆ་ཤས་གནས་སུ་ཀླུ་མེའོ། །ཆ་རིལ་རྩིས་འཕྲོར་རིལ་པོ་མེ། །ཆ་ཤས་རི་བོ་བུ་ག་ཡིན། །ཉི་མའི་སྐར་གནས་རྒྱལ་བ་དང་། །རི་འབྱུང་དབྱུག་ལ་སྲང་དབང་པོ། །དབུགས་མིག་རི་རོའི་ཆ་མི་བདག །སྒྲ་གཅན་ཟླ་བའི་འཕྲོ་གཟུགས་ཉི། །གཟའ་ལྔའི་སྤྱི་ཡི་ཉིན་ཞག་འཕྲོ། །རེ་བཞི་ཆར་བུག་རི་མཁའ་རིའི། །ཆ་ལ་གཟུགས་མིག་བྲོ་བའོ། །མིག་དམར་རྩིས་འཕྲོ་སྦྲུལ་འདོད་པ། །ལྷག་པའི་ཉིན་ཞག་བརྒྱ་ཆའི་འཕྲོ། །མཚོ་རི་འབྱུང་བ་ཐུབ་པ་ཡིན། །ཕུར་བུའི་གཟུགས་མཁའ་རི་ཟླ་བ། །པ་སངས་བཅུ་ཆའི་མིག་རི་སྐྱོན། །སྤེན་པར་མེ་མིག་རྩ་འབྱུང་ཡིན། །དེ་རྣམས་ཇི་ལྟར་འཚོལ་བའི་ཚུལ། །གང་དུ་རང་རང་རྙེད་པའི་ལོ། །སྔ་མ་སྔ་མར་ཕྱི་མ་རྣམས། །རྙེད་པ་མིན་ཕྱིར་མི་འཚོལ་ཞིང་། །ཕྱི་མར་སྔ་མར་རྙེད་ཟིན་རྣམས། །འཆར་བ་ཀུན་ལ་ཤེས་པར་བྱ། །དེ་ཡང་སྟོང་འཇུག་གཅིག་བྱུང་ནས། །བརྩམས་ཏེ་བུག་རི་ཡོན་ཏན་མཐར། །ཟླ་བཤོལ་ཉི་མའི་རྩིས་འཕྲོ་འཆར། །ཚོགས་ཆེའི་ཆེད་དུ་མཁའ་ཀླུ་རི། །ཀླུས་བསྒྱུར་བུག་རི་ཡོན་ཏན་བསྲེས། །བུག་གཟུགས་དུས་རོའི་ལོ་ཡི་མཐར། །ཟླ་བཤོལ་ཉི་མ་རིལ་ཆ་འཆར། །གཟའ་ཚེས་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་དང་ནི་ནམ་མཁའ་རིས། །རིམ་བསྒྱུར་བུག་གཟུགས་དུས་རོ་བསྲེས། །བུག་གཟུགས་མཁའ་མིག་ཀླུ་དུས་མིག །དེ་མཐར་ཟླ་བཤོལ་ཉི་ཆ་རིལ། །གཟའ་ཚེས་སྤྱི་ཞག་བཅས་པ་འཆར། །སྒྲ་གཅན་མ་བྱུང་དེ་ཡི་ཆེད། །མཁའ་ཀླུ་རི་ནི་བུག་མཚོ་དང་། །གཟུགས་ཕྱོགས་འབྱུང་མདས་རིམ་བཞིན་བསྒྱུར། །དེ་ལ་བུག་གཟུགས་མཁའ་མིག་སོགས། །བསྲེས་པས་བུག་གཟུགས་གཟུགས་མཚོ་བུག །བུག་མཚོ་

p. 20

གཟུགས་མིག་ལོ་ཡི་མཐར། །ལྔ་སྒྲ་སྤྱི་ཞག་བཅས་པ་འཆར། །མིག་དམར་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་དང་ནི་གཟུགས་ཕྱོགས་དང་། །དབང་གཟུགས་ཟླ་དང་ཚེས་མིག་གིས། །རིམ་བསྒྱུར་བུག་གཟུགས་གཟུགས་མཚོ་སོགས། །བསྲེས་པས་བུག་གཟུགས་དུས་མེ་རྩེ། །བུག་ཀླུ་དབང་རོ་དབང་བུག་མཐར། །ལྔ་སྒྲ་སྤྱི་ཞག་མིག་དམར་འཆར། །ཕུར་བུའི་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་གཟུགས་ཕྱོགས་དབང་གཟུགས་ཟླ། །བུག་མིག་ལག་དང་མེ་ཐུབ་ཟླས། །རིམ་བསྒྱུར་དེ་ལ་སྔ་ལོས་བརྒྱན། །བུག་གཟུགས་རི་མེ་མཚོ་དབང་རི། །ཆུ་རོ་མིག་ཀླུ་དུས་རི་གཟུགས། །དེ་མཐར་ལྔ་སྒྲ་སྤྱི་ཞག་དང་། །བཀྲ་ཤིས་ཕུར་བུའི་རྩིས་འཕྲོ་འཆར། །སྤེན་པའི་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་གཟུགས་ཕྱོགས་དབང་གཟུགས་ཟླ། །བུག་མིག་ལག་དང་ཟུང་མིག་ཐུབ། །གཟུགས་མིག་རྒྱ་མཚོས་རིམ་པར་བསྒྱུར། །དེ་ལ་གོང་གི་ལོ་བསྲེས་པས། །བུག་གཟུགས་གཟུགས་མེ་ཀླུ་མེ་མཚོ། །བུག་མིག་མེ་ལག་གཟུགས་སྐྱོན་རྩ། །མཁའ་མེའི་ལོ་མཐར་ལྔ་སྒྲ་དང་། །སྤྱི་ཞག་དྲག་གསུམ་རྩིས་འཕྲོ་འཆར། །པ་སངས་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་གཟུགས་ཕྱོགས་དབང་གཟུགས་ཟླ། །བུག་མིག་ལག་དང་ཟུང་མིག་ཐུབ། །བུག་རོ་རི་དང་འབྱུང་རི་ཡིས། །རིམ་བསྒྱུར་དེ་ལ་སྔ་ལོས་བརྒྱན། །བུག་གཟུགས་གཟུགས་སྦྲུལ་རི་ནོར་ཀླུ། །དུས་མཚོ་རོ་རྩ་རོ་ཟླ་མེ། །གཟུགས་མཚོ་དུས་མིག་རིག་བྱེད་མཐར། །ལྔ་སྒྲ་སྤྱི་ཞག་དྲག་གསུམ་དང་། །པ་སངས་བཅུ་ཆའི་རྩིས་འཕྲོ་འཆར། །ལྷག་པའི་ཞག་གིས་བརྒྱ་ཆའི་ཆེད། །མཁའ་ཀླུ་རི་ནི་བུག་མཚོ་དང་། །གཟུགས་ཕྱོགས་ཚེས་གཟུགས་བུག་མིག་ལག །ཟུང་མིག་ཐུབ་དང་བུག་རོ་རི། །ཐུབ་པ་ཕྱོགས་དང་འདོད་པ་ཡིས། །རིམ་པར་བསྒྱུར་ལ་སྔ་ལོས་བརྒྱན། །བུག་གཟུགས་རི་ཀླུ་རི་བོ་ཟླ། །འབྱུང་མཚོ་བུ་ག་རོ་དང་མཚམས། །རི་ལག་མེ་ཟླ་དུས་དང་རི། །ཐུབ་ཟུང་གདེངས་ཅན་ལོ་ཡི་མཐར། །ལྷག་པ་དང་བཅས་བཙལ་བྱ་ཡི། །རྩིས་འཕྲོ་ཐམས་ཅད་ཅིག་ཅར་འཆར། །གཞན་ཡང་གྲུབ་མཐའ་ལས་བརྩམས་ཏེ། །བཙལ་བས་བྱེད་པ་དང་ཉེ་བར། །དོགས་པའི་རྩིས་འཕྲོ་གསུམ་སྣང་ཡང་། །འདིར་བཤད་ཁོ་ན་གྲུབ་མཐའ་ཡི། །རྣམ་དག་རྩིས་འཕྲོ་ངེས་རྙེད་ཕྱིར། །

p. 21

འདི་ལས་གཞན་པའི་ཉེ་བ་གསུམ། །མ་བཀོད་སྤྲོ་ན་གཞན་དུ་ལྟོས། །དེ་ནས་རྩིས་འཕྲོ་ཀུན་གནས་པའི། །ས་སྐྱོང་ཤིང་བྱ་དེའི་ཕྱི་ལོ། །མི་ཟད་མེ་ཁྱིའི་ལོ་དེ་ནས། །ད་ལྟའི་ཤིང་རྟ་འདི་ཡན་ལ། །ལོ་གྲངས་གདེངས་ཅན་མཁའ་བུག་ཡོད། །དེ་ཡི་ལོ་མཐའི་ཆུ་སྦྲུལ་མཐར། །འོག་ནས་འཆད་འགྱུར་གྲུབ་མཐའ་ཡི། །ལྔ་སྒྲ་གཟའ་ལྔའི་རྩིས་འཕྲོ་རྣམས། །རྣམ་པར་དག་པ་འཆར་བ་ཡིན། །གཞན་ཡང་ཞག་གསུམ་གཟའ་ལྔའི་འཕྲོ། །སྟོང་ཆེན་ལོ་ཚོགས་ལས་འཚོལ་ལམ། །ཡང་ན་གཅིག་བཙལ་ཞག་གསུམ་གྱི། །བར་ཁྱད་ལ་བརྟེན་ཅིག་ཤོས་གཉིས། །བཙལ་བས་གནས་སྐབས་བྱ་སླར་འགྱུར། ༈ །བསྡུས་རྒྱུད་དངོས་བསྟན་རྩིས་འཕྲོ་ནི། །ཟླ་བཤོལ་རྩིས་འཕྲོ་ནམ་མཁའ་དང་། །ཉེར་དྲུག་ང་བརྒྱད་ཉི་མའི་འཕྲོ། །གཟའ་ཚེས་ངེས་པ་མིག་སུམ་ཅུ། །ཚོགས་མདའ་ཆ་ཤས་བརྒྱ་བཅུ་གཉིས། །སྒྲ་གཅན་ཟླ་བ་བརྒྱ་ཉེར་གཉིས། །གཟའ་ལྔའི་སྤྱི་ཞག་རྩིས་འཕྲོ་ཐིག །མིག་དམར་ཉིན་ཞག་བརྒྱ་རེ་བདུན། །ལྷག་པར་མཚོ་རི་མི་བདག་གོ། ཕུར་བུ་མིག་མེ་ཐུབ་གཟུགས་འཕྲོ། །མེ་དུས་གཟུགས་མིག་པ་ཝ་སངས། །སྤེན་པའི་དུས་མཚོ་བུག་མདའ་འོ། ༈ །དེ་ལྟའི་སྤྱད་ཟིན་ངེས་པ་ལ། །ཟླ་བཤོལ་རྩིས་འཕྲོ་སྟོང་པ་དང་། །ཉི་མར་ཉེར་དྲུག་ང་བརྒྱད་དུ། །མཛད་པ་གཉིས་པོ་འགལ་ཕྱིར་དང་། །དེ་བཞིན་ཤིང་བྱའི་ལོ་མཐའ་ཡི། །ཟླ་བཤོལ་སྟོངས་པའང་མི་འཐད་ཅིང་། །ཉི་མའི་རྩིས་འཕྲོ་ཉེར་དྲུག་སོགས། །ཟླ་མཚམས་འཆར་བ་མི་སྲིད་ཕྱིར། །གཞན་ཡང་སྤྱི་ཞག་བར་འོག་གི། རྩིས་འཕྲོ་སྟོངས་དང་གཟའ་ཚེས་འཕྲོར། །ཆུ་ཚོད་སུམ་ཅུར་མཛད་པ་ཡང་། །འགལ་ཕྱིར་བྱེད་པའི་རྩིས་འཕྲོ་རྣམས། །བྱེད་པ་སྒྲིག་པའི་དགོས་པ་དང་། །རྩིས་ལ་མངོན་ཞེན་མུ་སྟེགས་པའི། །ང་རྒྱལ་གཞོམ་པ་སོགས་ཀྱི་ཆེད། །བཟོ་གཞི་གྲུབ་མཐའི་རྩིས་འཕྲོའི་སྟེང་། །སྤྱིར་བཏང་ཟླ་རེའི་ངེས་པ་བསྣན། །དེ་རྗེས་ཉིས་བརྒྱ་ཉེར་གཅིག་གི། སྐྱོན་འདོན་ཕྱིར་དང་དགོས་པའི་ཕྱིར། །བསྣོན་འབྲིད་ཅི་རིགས་ཀྱིས་བཅོས་པས། །ཉེས་སྐྱོན་ཅུང་ཟད་དང་བཅས་པའི། །རྩིས་འཕྲོ་ཡིན་པར་ཤེས་པར་བྱ། ༈ །དེ་བཞིན་སྤྱོད་འགྱུར་ལོངས་སྤྱོད་ཀྱི། །ངེས་པའང་སྦས་པས་མི་གསལ་ཏེ། །གཟའ་ཕལ་ཉི་མའི་རྗེས་འགྲོ་ལས། །ཉི་

p. 22

ཚེས་རེ་ཡི་ངེས་པ་ལ། །འདོད་ཆའི་རེ་བདུན་ཆ་ཞེ་བཞིས། །གྲུབ་པའི་མཐའ་ལས་མང་བ་དང་། །གཟའ་ཚེས་ལ་ནི་ཚེས་ཞག་རེར། །རི་མཁའ་རི་ཆ་བཅུ་དྲུག་གིས། །གྲུབ་པའི་མཐའ་ལས་ཉུང་བའི་ཕྱིར། །དེ་སྐྱོན་གསལ་བྱེད་འགྲེལ་ཆེན་ལ། །བརྟེན་ནས་དབྲི་བསྣོན་གཉེན་པོ་ཡིས། །ངེས་པ་གསར་དུ་སྤོ་བར་བྱ། །དེས་ནི་བྱེད་པ་བྱ་སླ་ཞིང་། །རྩིས་འཕྲོའི་མང་ཉུང་ཉེས་པའི་ཆ། །དག་པས་ངེས་པ་གསལ་བར་འགྱུར། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེད་པ་དང་གྲུབ་པའི་རྩིས་འཕྲོ་བཤད་པའི་སྐབས་ཏེ་བཞི་པའོ།། །།

p. 23

༈ མེ་མཁའ་རྒྱ་མཚོ་རྣམས་ལ་ནི། །རབ་བྱུང་ལ་སོགས་འདས་པ་བསྲེ། །ལག་པ་གདེངས་ཅན་ཟླ་བས་ཕྲི། །ལྷག་མ་ཉི་མས་བསྒྱུར་བ་ལ། །ནག་པ་ལ་སོགས་འདས་ཟླ་བསྲེ། །གནས་གཉིས་འོག་མ་ཆུ་བོས་བསྒྱུར། །མཁའ་མེ་ཟླ་བས་ཐོབ་པའི་ནོར། །སྟེང་བསྲེ་ཟླ་བ་རྣམ་པར་དག །མཁའ་མེ་ཟླ་བས་རྙེད་པའི་ནོར། །དེ་ནི་ལྷག་པའི་ཟླ་གྲངས་ཏེ། །བགོས་པའི་ལྷག་མས་ཟླ་བཤོལ་མཚམས། །རྟོག་པར་བྱེད་པའི་མན་ངག་ཡིན། ༈ །ཟླ་དག་གནས་གསུམ་དབུས་མ་དེ། །ལག་པ་མེས་བསྒྱུར་འོག་མ་ལ། །རོས་ཐོབ་ནོར་གྱི་བར་མར་སྦྱང་། །སྟེང་འོག་མིག་དང་སུམ་ཅུ་བསྲེ། །མཁའ་རོས་བགོས་ལྷག་ཆུ་ཚོད་དེ། །རྙེད་པ་སྟེང་བྱིན་ཐུབ་པས་བགོ། ལྷག་མ་ཚེས་གཟའི་དྷྲཱུ་ཝ་ཀ། ༈ཟླ་བ་དག་པར་ཉི་ཟླ་བསྲེ། །གནས་གཉིས་འོག་མར་དུས་ཉི་ཡིས། །བགོས་ཐོབ་ནོར་ལ་འབྱུང་བ་བསྲེ། །སྟེང་མ་ལག་པས་བསྒྱུར་ལ་བྱིན། །ཀླུ་ལག་གིས་དོར་ལྷག་མ་དག །རིལ་པོ་ཆ་ཤས་དྷྲཱུ་ཝ་འོ། ༈ །ཟླ་བ་དག་པ་གནས་གསུམ་བཞག །དེ་ཡི་དབུས་མ་དྲག་པོས་བསྒྱུར། །འོག་མར་བུག་མེས་ཐོབ་ནོར་ལ། །མིག་བསྲེ་དེ་ཡིས་དབུས་མར་སྦྱངས། །མཁའ་རོས་བགོས་ལྷག་ཆུ་ཚོད་ཡིན། །སྟེང་མ་མིག་བསྒྱུར་རྙེད་ནོར་བྱིན། །སྐར་མས་དོར་ལྷག་ཉི་དྷྲཱུའོ། ༈ །སྔ་དྷྲཱུའི་གཟའ་དབྱུག་གཟུགས་དང་སོ། །རིལ་ཆའི་གནས་སུ་མིག་དང་ཟླ། །ཉི་མའི་སྐར་དབྱུག་མིག་དང་དྲག །བྱིན་ལ་རང་རང་འཁོར་ལོས་སྒྲིལ། །ཕྱི་མ་ཕྱི་མའི་དྷྲཱུ་ཝར་འགྱུར། །གཟའ་ཡི་གནས་སུ་གང་བརྩིའི་ཚེས། །བྱིན་ལ་ཆུ་ཚོད་གནས་ནས་སྦྱང་། །རིལ་པོར་ཚེས་བསྲེ་ཆུ་ཟླས་བགོ། ཐོབ་པ་གཟུགས་མེ་མི་མཉམ་ཞིང་། །མིག་མཚོ་ཐིག་ལེ་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །མདའ་དབང་འབྱུང་མཚོ་མེ་མིག་གཟུགས། །སྔ་རྐང་དེ་ཡིན་ཕྱི་རྐང་ལྡོག །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་འདོད་པར་འབྱུང་བ་སྟེ། །མིག་དང་ཉི་མ་དག་ལ་ཕྱོགས། །མེ་དང་དྲག་པོར་ཚེས་ཞེས་བྱ། །ཕྱོགས་དང་ཆུ་གཏེར་བུ་ག་གཟུགས། །མདའ་དང་བུག་པར་ལག་པ་མིག །དུས་དང་ནོར་ལ་རྒྱལ་བ་སྟེ། །ཐུབ་པ་ལ་ནི་དེ་ཉིད་དོ། །རྐང་

p. 24

འཛིན་ཕྱིས་ལ་རྐང་བསྡོམས་བྲི། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་ཟིན་སྔུན་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་དང་པོ་ཡིས། །བསྒྱུར་ལ་དུས་ཉིས་ཐོབ་པའི་ནོར། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་ཐོབ་སྲང་། །སྔ་རྐང་ཆུ་ཚོད་གཉིས་པོ་བསྲེ། །ཕྱི་རྐང་ཕབ་ལ་རྒྱུ་བས་སྦྱང་། །གང་དེ་གཟའ་ཡི་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་འཕྲི། །དེ་ཡིས་གཟའ་ཕྱེད་དག་པའོ། ༈ །ཚེས་གྲངས་གནས་གཉིས་སྟེང་མ་ཆུས། །བསྒྱུར་ལ་འོག་མར་མེ་ཐོབ་བསྲེ། །སྟེང་མར་མཁའ་རོས་རྙེད་པའི་ནོར། །ཉི་དྷྲཱུའི་སྐར་མའི་གནས་སུ་བྱིན། །ལྷག་མ་ཆུ་ཚོད་གནས་བསྲེ་ཞིང་། །མེ་ཡིས་བགོས་ལྷག་མཁའ་མིག་གིས། །བསྒྱུར་བ་ཆུ་སྲང་གནས་སུ་བྱིན། །ཉི་མ་ཕྱེད་ནི་དག་པ་ཡིན། ༈ །གནས་གཉིས་བཀོད་པའི་གནས་གཅིག་ལ། །སྐར་དྲུག་ཆུ་ཚོད་ཞེ་ལྔས་སྦྱང་། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་ཉི་རྐང་བཟུང་། །དུས་མཚོ་ཟླ་བ་སྔ་རྐང་སྟེ། །ཕྱི་རྐང་དེ་ལྡོག་རྐང་གནས་དྲུག །༈སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་དབང་པོར་བྲོ་བ་སྟེ། །མིག་དང་ཆུ་བོ་དག་ལ་ཕྱོགས། །མེ་ལ་དྲག་པོ་བསྡོམ་པར་བྱ། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་སྔུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །རང་རང་འཁོར་ལོས་སྟེང་དུ་སྒྲིལ། །མདའ་ཡོན་ཟླས་ཐོབ་ཡང་དག་རྒྱུའི། །ཆུ་ཚོད་ཡིན་ཏེ་ལྷག་མཁའ་རོས། །བསྒྱུར་བཅུག་ཐོབ་པ་ཆུ་སྲང་ཡིན། །སྔ་རྐང་ཆུ་ཚོད་གཉིས་པོ་བསྲེ། །ཕྱི་རྐང་རྒྱུ་བས་སྦྱངས་ལྷག་རྣམས། །གཟའ་ཉི་ཕྱེད་དག་ལོངས་སྤྱོད་དུ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡིས་གཟའ་ཉི་རྣམ་པར་དག །༈ཉི་དག་གནས་གཉིས་གཅིག་ལ་ནི། །སྐར་མའི་གནས་སུ་ཚེས་གྲངས་བྱིན། །སླར་ཡང་ཚེས་གྲངས་ལོགས་སུ་རོས། །བསྒྱུར་ལ་གཟའ་ཡི་ལོངས་སྤྱོད་བསྲེ། །མཁའ་རོས་རྙེད་པས་སྐར་གནས་སྦྱངས། །ལྷག་མས་ཆུ་ཚོད་ལ་སོགས་སྦྱང་། །སྦྱངས་ལྷག་རེས་འགྲོགས་ཟླ་སྐར་ཡིན། ༈ །ཉི་ཟླ་གཉིས་བསྲེས་སྦྱོར་བའོ། ༈ །བྱེད་པ་ཚེས་གྲངས་མིག་གིས་བསྒྱུར། །གཟུགས་

p. 25

ཕྲི་རིས་དོར་ཕྱི་བྱེད་དོ། །དེ་ལྟར་གཟའ་དང་ཚེས་དང་ནི། །སྐར་མ་སྦྱོར་བ་བྱེད་པ་སྟེ། །ཡན་ལག་ལྔ་ཞེས་ཡོངས་གྲགས་པ། །ཇི་ལྟར་བརྩི་ཚུལ་བསྡུས་རྒྱུད་ཀྱི། །དངོས་བསྟན་ལག་ལེན་ལེགས་བཤད་ནས། ༈ །སླར་ཡང་སྲང་དབུགས་འདོད་ཆ་སོགས། །ཞིབ་རྩིས་འདོད་ཅིང་འདས་ལོའི་གྲངས། །བསྟུངས་ཕྱིར་ངེས་པ་སྤོ་བར་བྱ། །རབ་ཉིའི་ནང་གི་རྒྱལ་བ་སོགས། །འདས་ལོ་དག་པ་ཉི་མས་བསྒྱུར། །ནག་པ་ལ་སོགས་འདས་ཟླ་བསྲེ། །གནས་གཉིས་འོག་མ་ལག་པས་བསྒྱུར། །རི་གཟུགས་བསྲེས་ལ་མདའ་རོས་བགོ། རྙེད་པ་སྟེང་བྱིན་ཟླ་དག་གོ། ༈ཟླ་དག་གནས་གསུམ་རིམ་པ་བཞིན། །གཟུགས་དང་གཟུགས་མེ་མཁའ་མདས་བསྒྱུར། །ནམ་མཁའ་ཕྱོགས་དང་མཁའ་གཟུགས་བྱིན། །མཁའ་རོ་མཁའ་རོ་ཐུབ་པ་ཡིས། །གོང་དུ་སྒྲིལ་ལྷག་གཟའ་དྷྲཱུའོ། ༈ །ཟླ་དག་གནས་གཉིས་སྟེང་མ་མིག །འོག་མ་གཟུགས་ཀྱིས་བསྒྱུར་བ་ལ། །ཐུབ་པ་གཟུགས་དང་རྩེ་མོ་བྱིན། །དུས་ཉི་ཀླུ་ལག་གིས་སྒྲིལ་ལྷག །རིལ་པོ་དང་ནི་དེའི་ཆ་ཤས། ༈ །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །མིག་ཕྱོགས་ཀླུ་དབང་མིག་ཕྱོགས་བསྒྱུར། །ཐིག་དྲག་གཟུགས་དང་མེ་རྩེ་བྱིན། །འདོད་དུས་མཁའ་རོ་མཁའ་རོ་དང་། །འཁོར་ལོས་སྒྲིལ་ལྷག་ཉི་དྷྲཱུའོ། ༈ །སྔ་དྷྲཱུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མ་ཕྱི་མའི་དྷྲཱུ་བ་འཆར། ༈ །གཟའ་དྷྲཱུར་བུག་མདའི་ཆུ་ཚོད་དང་། །སྲང་མེ་དབུགས་མཚོ་ཉི་དྷྲཱུ་ལ། །ཆུ་ཚོད་རིག་བྱེད་སྲང་གཟུགས་མིག །དབུགས་འབྱུང་འདོད་ཆར་བུ་ག་རྣམས། །གང་བརྩིའི་ཚེས་ཀྱིས་བསྒྱུར་ལ་བྱིན། །གཟའ་ཉི་བར་པའོ་རྣམ་དག་ཆེད། །ཟླ་རྐང་ཉི་མའི་རྐང་ཆོག་སོགས། །ཞག་རེའི་ངེས་པ་བརྩི་ཚུལ་རྣམས། །འཆད་འགྱུར་གྲུབ་མཐའ་ཇི་བཞིན་ལས། །སྒོས་ཆོས་དབུགས་ཀྱི་ཆ་ཤས་དག །འདོད་པས་བརྗེས་ཏེ་བྱ་བ་ཉིད། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེད་པའི་ཡན་ལག་ལྔ་བཤད་པའི་སྐབས་ཏེ་ལྔ་པའོ།། །།

p. 26

༈ རྩ་བའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྣམ་དག་གྲུབ་པའི་ལྔ་བསྡུས་བཤད། །རབ་ཉིའི་རྒྱལ་བ་ལ་སོགས་པ། །འདས་ལོ་ཉིས་བསྒྱུར་ནག་པ་སོགས། །འདས་ཟླ་བསྲེས་པ་གནས་གཉིས་ཀྱི། །འོག་མ་མིག་བསྒྱུར་འདོད་པ་བྱིན། །མདའ་རོས་རྙེད་ནོར་སྟེང་མར་བསྲེ། །ཚེས་ཟླ་རྣམ་པར་དག་པ་སྟེ། །ལྷག་མས་ཟླ་བཤོལ་ལོངས་པའི་མཚམས། །སྟོན་ཅིང་སྒང་དབུགས་ལྡོག་གཉིས་སོགས། །དུས་གཟེར་བརྟག་པའི་གཞིར་ཡང་བཟུང་། ༈ །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །གཟུགས་དང་གཟུགས་མེ་མཁའ་མདའ་ཐིག །མཁའ་ཀླུ་ཆུ་བོས་བསྒྱུར་བ་ལ། །ནམ་མཁའ་མེ་མིག་འབྱུང་དབང་དང་། །གཟུགས་དང་མེ་ལག་དབང་པོ་བྱིན། །རི་མཁའ་རི་དང་དུས་མཁའ་རོ། །མཁའ་རོ་རིས་དོར་གཟའ་དྷྲཱུའོ། ༈ །ཟླ་དག་གནས་གཉིས་སྟེང་མ་མིག །འོག་མ་གཟུགས་ཀྱིས་བསྒྱུར་བ་ལ། །སྟེང་འོག་མི་བདག་ཚེས་གཟུགས་བསྲེ། །དུས་ཉི་ཀླུ་ལག་གིས་སྒྲིལ་ལྷག །ཚོགས་དང་དེ་ཡི་ཆ་ཤས་སོ། ༈ །ཟླ་དག་གནས་ལྔ་མིག་དང་ཕྱོགས། །ཀླུ་དབང་གཟུགས་དང་རི་ཟླ་ཡིས། །རིམ་བསྒྱུར་དུས་མིག་མེ་མེ་དང་། །ཀླུ་མཚོ་ལག་པ་ཕྱོགས་བྱིན་ལ། །རི་རོ་དུས་དང་མཁའ་རོ་དང་། །མཁའ་རོས་རིམ་སྒྲིལ་འཁོར་ལོ་ཡིས། །དོར་ལྷག་ཉི་མའི་དྷྲཱུ་ཝ་ཀ། ༈གཞན་ཡང་རི་མོའི་རྣམ་གྲངས་ལ། །ཟླ་དག་གནས་གཉིས་སྟེང་མ་གཟུགས། །འོག་མ་གཟུགས་མཁའ་ཐིག་མེས་བསྒྱུར། །སྟེང་མར་མཁའ་དང་འོག་མ་ལ། །འབྱུང་དབང་ལག་པ་མིག་བྱིན་པར། །དུས་མདའ་དུས་མདས་རྙེད་པའི་ནོར། །སྟེང་བྱིན་རིས་དོར་ལྷག་གཟའ་གནས། །འོག་མ་མཁའ་རོ་མཁའ་རོ་དང་། །དུས་དང་རི་མཁའ་རིས་བསྒྱུར་བར། །དུས་མདའ་དུས་མདས་རིམ་ཐོབ་ནོར། །སྔར་གྱི་འོག་བཀོད་གཟའ་དྷྲཱུའོ། ༈ །ཟླ་དག་མེ་དབང་ལག་པས་བསྒྱུར། །དེ་ལས་རི་བུག་འདོད་པ་སྦྱང་། །ཀླུ་ལག་འབྱུང་མེས་ཐོབ་པ་དོར། །ལྷག་མ་དུས་ཉིས་ཐོབ་པའི་ནོར། །རིལ་པོའོ་དེ་ལྷག་ཆ་ཤས་ཡིན། ༈ །ཟླ་དག་མདའ་རོས་བསྒྱུར་བ་ལ། །འདོད་པས་ཕྲི་ལ་ཆུ་མཁའ་ཀླུས། །ཐོབ་པ་དོར་ལྷག་གནས་གཉིས་ཀྱི། །སྟེང་མ་མིག་བསྒྱུར་འོག་

p. 27

མ་ལ། །རི་རོས་ཐོབ་པ་སྟེང་མར་བསྲེ། །སྟེང་མ་མཁའ་རོས་བགོས་ཐོབ་པ། །སྐར་མའོ་ལྷག་མ་ཆུ་ཚོད་ཡིན། །འོག་མའི་གནས་དེ་མཁའ་རོ་དང་། །དུས་བསྒྱུར་རིམ་ཐོབ་སྲང་དབུགས་ཏེ། །ལྷག་མ་རང་ཆ་ཉི་དྷྲཱུ་འོ། ༈ །སྔ་མའི་དྷྲཱུ་ཝར་རང་རང་གི། སྒྱུར་བྱེད་བྱིན་ལ་འཁོར་ལོས་སྒྲིལ། །ཕྱི་མ་ཕྱི་མའི་དྷྲཱུ་ཝ་འཆར། ༈ །ཉིན་རེའི་རྩིས་ལ་འཇུག་པའི་ཕྱིར། །གཟའ་དྷྲཱུ་བུག་མདའི་ཆུ་ཚོད་དང་། །སྲང་མེ་དབུགས་མཚོ་ཆ་མི་བདག །ཉི་དྷྲཱུར་ཆུ་ཚོད་རིག་བྱེད་དང་། །གཟུགས་མིག་སྲང་ལ་དབུགས་འབྱུང་བ། །མེ་མཚོའི་ཆ་རྣམས་གང་རྩི་ཡི། །ཚེས་གྲངས་ཀྱིས་བསྒྱུར་སོ་སོར་བྱིན། །དེ་ཡིས་གཟའ་ཉི་བར་པ་འགྲུབ། ༈ །རིལ་པོར་ཚེས་བསྲེ་ཆུ་ཟླས་བགོ། ཐོབ་པ་གཟུགས་མེ་མི་མཉམ་ཞིང་། །མིག་མཚོ་ཐིག་ལེ་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །མདའ་དབང་འབྱུང་མཚོ་མེ་མིག་གཟུགས། །སྔ་རྐང་དེ་ཡིན་ཕྱི་རྐང་ལྡོག །དེ་ཡང་སྔ་རྐང་ཟོས་ཟིན་དང་། །ཕྱི་རྐང་ཟ་རྒྱུ་བསྡོམ་བྱ་སྟེ། །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་འདོད་པར་འབྱུང་བ་སྟེ། །མིག་དང་ཉི་མ་དག་ལ་ཕྱོགས། །མེ་དང་དྲག་པོར་ཚེས་ཞེས་བྱ། །ཕྱོགས་དང་ཆུ་གཏེར་བུ་ག་གཟུགས། །མདའ་དང་བུག་པར་ལག་པ་མིག །དུས་དང་ནོར་ལ་རྒྱལ་བ་སྟེ། །ཐུབ་པ་ལ་ནི་དེ་ཉིད་སྡོམ། །རྐང་འཛིན་ཕྱིས་ལ་རྐང་བསྡོམས་བྲི། །རྐང་བཟུང་མདུན་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་དང་པོས་དང་། །མཁའ་རོ་དུས་དང་རི་མཁའ་རིས། །བསྒྱུར་ལ་དུས་ཉིས་རིམ་ཐོབ་ནོར། །རྒྱུ་བའི་ཆུ་ཚོད་ཆུ་སྲང་དང་། །དབུགས་དང་ཆ་སྟེ་རྐང་སྡོམ་ལ། །སྔ་རྐང་དུས་སུ་དེ་བྱིན་ཞིང་། །ཕྱི་རྐང་རིམ་ཕབ་དེ་ཡིས་སྦྱང་། །ཚོགས་དེ་གཟའ་བར་ལོངས་སྤྱོད་དུས། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཕྱེད་དག་པར་འགྱུར། ༈ །གལ་ཏེ་ཟླ་རྐང་ཞིབ་རྩིས་ཀྱིས། །འཚོལ་ན་རྐང་བསྡོམས་གྲུབ་པའི་རྗེས། །དྷྲཱུ་ཝའི་ཆ་ཤས་མཁའ་མེ་ཡིས། །བསྒྱུར་ལ་གང་བརྩིའི་ཚེས་གྲངས་བསྲེ། །དེ་ཉིད་རྐང་བཟུང་མདུན་མས་བསྒྱུར། །མཁའ་ཀླུ་རི་མེས་རྙེད་པའི་ནོར། །རྒྱུ་བའི་དབྱུག་གོ་ལྷག་མ་རྣམས། །མཁའ་རོ་དུས་དང་རི་སོགས་སམ། །དཀྱིལ་འཁོར་གྱི་ནི་མཁའ་སྐྱོན་ཆ། །གཟུགས་མིག་གིས་བསྒྱུར་རིམ་

p. 28

ཐོབ་ཚོགས། །སྔ་རྐང་ལ་བསྲེ་ཕྱི་རྐང་དུ། །དམན་པ་གཟའ་བར་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་དང་ཉི་ཆ་ཤེད་མཉམ་ཆེད། །གཟའ་ཡི་ཆ་ཤས་རི་རོས་བསྒྱུར། །རི་མཁའ་རིའམ་གཟུགས་མིག་གིས། །རྙེད་པ་སྟེང་བཀོད་གནས་དྲུག་བྱ། ༈ །དེ་ནས་གཟའ་ཉི་རྣམ་དག་ཆེད། །ཉི་བར་གནས་གཉིས་གཅིག་ལ་ནི། །སྐར་དྲུག་ཆུ་ཚོད་ཞེ་ལྔས་སྦྱང་། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱི་ཉི་རྐང་བཟུང་། །དུས་མཚོ་ཟླ་བ་སྔ་རྐང་སྟེ། །ཕྱི་རྐང་དེ་ལྡོག་རྐང་གནས་དྲུག །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་དབང་པོར་བྲོ་བ་སྟེ། །མིག་དང་ཆུ་བོ་དག་ལ་ཕྱོགས། །མེ་ལ་དྲག་པོ་བསྡོམ་པར་བྱ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །རང་འཁོར་སྒྲིལ་ལ་མདའ་ཡོན་ཟླས། །ཐོབ་པ་ཡང་དག་རྒྱུའི་ཆུ་ཚོད། །ལྷག་རྣམས་མཁའ་རོ་དུས་རི་རོས། །རིམ་བསྒྱུར་རང་རང་ཆ་རྣམས་བཅུག །མདའ་ཡོན་ཟླས་ཐོབ་རྒྱུ་བ་ཡི། །ཆུ་སྲང་དབུགས་དང་ཆ་ཤས་ཡིན། །སྔ་རྐང་ཆུ་ཚོད་གཉིས་པོ་བསྲེ། །ཕྱི་རྐང་རྒྱུ་བས་སྦྱངས་ལྷག་རྣམས། །གཟའ་ཉི་ཕྱེད་དག་ལོངས་སྤྱོད་དུ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡིས་གཟའ་ཉི་དག་པར་འགྱུར། ༈ །རེས་གཟའ་གང་ཤར་ཉིན་ཞག་རེར། །སྤྱོད་པས་ད་ནང་ནམ་ལངས་དུས། །སླེབས་ནས་སང་གི་ནམ་ལངས་འཕོ། །ལོངས་སྤྱོད་གནས་སུ་གང་ཤར་བ། །ནམ་ལངས་ནས་བརྩམས་ཟད་པའི་ཚེ། །དེ་རིང་ཚེས་རྫོགས་ཕྱི་མ་འཇུག །གཟའ་གཅིག་ལན་གཉིས་བལྡབས་གྱུར་ན། །ཆུ་ཚོད་མང་བའི་ཚེས་དེ་ཆད། །མཆོངས་ན་ཆུ་ཚོད་ཉུང་བ་ལྷག །དོན་དུ་ཚེས་ལ་ཆད་ལྷག་མེད། །དེ་ལྟར་སྣང་བའི་རྒྱུ་མཚན་ནི། །ཉིན་ཚེས་བསྟུན་ནས་རྩི་ཕྱིར་ཏེ། །ཉིན་ཞག་གཅིག་གིས་ཚེས་ཞག་ནི། །རིལ་པོ་གཅིག་དང་སྔ་ཕྱི་ཡི། །ངོ་མཐོང་རིལ་པོ་ཆད་ཅེས་བཏགས། །ཚེས་ཞག་གཅིག་གི་ཉིན་ཞག་ནི། །གསུམ་མཐོང་དེ་ལས་རིལ་པོ་དང་། །འགྲོགས་པའི་ཚེས་དེ་ལྷག་པར་བཏགས། །དེས་ན་རྐང་པའི་འཕེལ་འགྲིབ་ལས། །

p. 29

བྱུང་བའི་ཆད་ལྷག་ཁ་འགྲིགས་ཏེ། །དེ་ན་ཆད་པ་མང་བ་ནི། །ཉིན་ཚེས་ཞག་མི་ཐུབ་ཀྱི་ཆ། །ཉི་མའི་ལོངས་སྤྱོད་རང་ཉིད་ཀྱིས། །སྐར་གནས་དེ་སྟེང་སླེབས་པ་ནས། །བརྩམས་ཏེ་རགས་པར་དེ་ཉིན་གྱི། །ཚེས་ལོངས་རྫོགས་པར་སྤྱོད་པའི་གྲངས། ༈ །དེ་ནས་ཟླ་བའི་སྐར་མའི་ཆེད། །ཉི་དག་གནས་གཉིས་ཅིག་ཤོས་ལ། །ཆུ་ཚོད་མཚོ་དབང་ཚེས་བསྒྱུར་བར། །མཁའ་རོས་ལོངས་ཕུད་སྐར་གནས་སུ། །བཀོད་པའི་ཐུན་མིན་རྟག་ལོངས་བྱིན། །རང་འཁོར་སྒྲིལ་ལྷག་ཚེས་འཁྱུད་ཅེས། །རགས་པར་དེ་རིང་ཚེས་ཟད་པར། །སྤྱོད་པའི་ཟླ་སྐར་རྣམ་དག་ཡིན། །དེ་ལ་གཟའ་ཡིས་ལོངས་སྤྱོད་ཀྱིས། །སྦྱངས་ལྷག་རེས་འགྲོགས་ཟླ་སྐར་ཏེ། །སྐར་མ་དེ་སྟེང་ཟླ་བ་ཡིས། །སྔ་མའི་ཞག་ལ་སྤྱད་ཟིན་འཆར། །དེ་ཡིས་མཁའ་རོར་ཕྲི་བའི་ལྷག །ནམ་ལངས་ནས་བརྩམས་དེ་ཡུན་སྡོད། །དེ་ཟད་ཕྱི་མའི་སྐར་སྟེང་སླེབས། ༈ །ཉི་དག་རེས་འགྲོགས་ཟླ་སྐར་དག །བསྲེས་ནས་སྟེང་སྒྲིལ་འཁོར་ལོས་དོར། །སྦྱོར་བའི་རི་མོ་རྣམ་པར་དག །སྦྱོར་བ་དུས་ཀྱི་ལྷ་ཡིན་པས། །ཚེས་རེར་དབང་བྱེད་ཚུལ་དུ་འཆར། །ལོངས་སྤྱོད་གང་ཤར་ད་ནང་གི། ནམ་ལངས་ཕན་ཆད་འདས་ཟིན་ཡིན། ༈ །ཚེས་གྲངས་མིག་བསྒྱུར་གཟུགས་ཀྱིས་ཕྲི། །ཐུབ་པས་དོར་ལྷག་ཕྱི་བྱེད་ཡིན། །སྔ་བྱེད་དེ་ཡི་ཤུགས་ལས་རྟོགས། །དེ་ཡང་རྐང་པར་བཅས་པ་ཡི། །གང་བརྩིའི་ཚེས་ལོངས་དེ་དང་དེ། །ཕྱེ་མར་གཏུབས་པའི་ཆ་རེ་ནི། །བྱེད་པ་རེ་ཡི་ལོངས་སྤྱོད་དེ། །བརྟག་ཐབས་ཚེས་ལོངས་སྔ་མ་ཡིས། །མཁའ་རོའི་སྟེང་ནས་ཕྲི་བའི་ལྷག །ཉིན་ཞག་སྔ་མར་འདས་ཟིན་ཡིན། །ལྷག་དང་ད་ལྟའི་ཚེས་ལོངས་གཉིས། །བསྲེས་ལ་མིག་གིས་བགོས་ཐོབ་ནོར། །དུས་དེའི་བྱེད་པའི་ལོངས་སྤྱོད་དེ། །སྔ་ཆར་སྔ་མའི་ཚེས་ལོངས་དག །རྫོགས་ནས་དེ་ཡི་ཡུན་དུ་སྤྱོད། །ཕྱི་ཆར་ཚད་དེ་རྫོགས་པ་ནས། །བྱེད་པ་འཆར་བར་ཤེས་པར་བྱ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། གྲུབ་པའི་མཐའི་ཡན་ལག་ལྔ་བཤད་པའི་སྐབས་ཏེ་དྲུག་པའོ།། །།

p. 30

༈ གཟུགས་མིག་ལག་པར་རབ་བྱུང་སོགས། །འདས་ལོ་བསྲེས་པ་དག་པའི་ལོ། །དེ་ལ་ཀླུ་བསྲེས་གནས་གཉིས་བཞག །སྟེང་མ་མཁའ་མཁའ་ཆུ་བོ་ཡིས། །བསྒྱུར་ལ་འོག་མའི་ཚོགས་ཀྱིས་ཕྲི། །ལྷག་མ་རི་ཟླ་མེས་ཐོབ་གཟའ། །ཡང་ལྷག་མཁའ་རོ་མཁའ་རོ་དང་། །རོ་དང་རི་ཟླ་མེད་རྣམས་ཀྱིས། །རིམ་བསྒྱུར་སོ་སོར་རི་ཟླ་མེས། །བགོས་ཐོབ་རིམ་བརྩེགས་གཟའ་དབྱུག་སར། །མིག་དང་ནམ་མཁའ་ཡོན་ཏན་བྱིན། །རང་རང་འཁོར་ལོས་སྟེང་སྒྲིལ་ལ། །གཟའ་གནས་ཐུབ་པས་དོར་བའི་ལྷག །བྱེད་པའི་ལོ་ཡི་ངེས་པར་འགྱུར། ༈ །སླར་ཡང་དྲུག་ཅུ་སྐོར་རེ་ཡི། །ཉེས་སྐྱོན་དོར་ནས་རྣམ་དག་ཏུ། །སྒྲུབ་ཅིང་འདས་ལོ་གྲངས་ཉུང་ངུར། །བསྟུངས་ཕྱིར་ངེས་པ་སྤོ་བར་བྱ། །རྒྱལ་བ་ལ་སོགས་འདས་པའི་ལོར། །མིག་ཀླུ་ཟུང་བྱིན་གནས་གཉིས་སྟེང་། །མཁའ་མཁའ་ཆུས་བསྒྱུར་འོག་མས་ཕྲི། །རི་ཟླ་མེས་ཐོབ་གཟའ་གནས་བཞག །ལྷག་མ་མཁའ་རོ་མཁའ་རོ་རོས། །རིམ་བསྒྱུར་ཐོབ་པའི་ནོར་བརྩེགས་འོག །ལྷག་མ་བཞག་པ་ཆ་ཡི་གནས། །སྟེང་ནས་མེ་དང་མིག་མཚོ་དང་། །གཟུགས་མིག་བྱིན་ལ་རང་འཁོར་སྒྲིལ། །སྐྱོན་བྲལ་བྱེད་པའི་ལོ་འཕོ་ཡིན། །འདི་ཡང་དྲུག་ཅུའི་ལོ་ཡི་མཐར། །མཁས་པས་ངེས་པ་སྤོ་བར་བྱོས། །ལོ་འཕོའི་ངེས་པ་སྔ་མའི་སྟེང་། །གཟུགས་ཚེས་གཟུགས་མེ་གཟུགས་ཟླ་ཉི། །བྱིན་ལ་རང་མཁོར་སྒྲིལ་བ་ཡིས། །ཕྱི་མ་ཕྱི་མའི་ལོ་འཕོ་འཆར། ༈ །དེ་ནས་ཟླ་བའི་འཕོ་བ་བཤད། །བྱེད་ལོའི་གཟའ་དབྱུག་གནས་གཉིས་པོ། །བཅུ་གཉིས་བཀོད་ལ་རིམ་པ་བཞིན། །ལུག་ལ་གཟར་གཟུགས་རི་འབྱུང་དབྱུག །གླང་ལ་མཚོ་དང་མེ་དབང་པོ། །འཁྲིག་པར་ཟླ་བ་རི་གཟུགས་ཏེ། །ཀརྚར་རྒྱ་མཚོ་ཡོན་ཏན་མདའ། །སེང་གེར་བསེ་རུ་དང་ལག་མིག །བུ་མོར་རྒྱ་མཚོ་རྒྱལ་བའོ། །སྲང་དུ་རོ་དང་གཟུགས་འབྱུང་བ། །སྡིག་པར་ཟླ་བ་དང་རི་མཚོ། །གཞུར་ནི་མེ་དང་དུས་གཟུགས་སོ། །ཆུ་སྲིན་རྒྱ་མཚོ་རི་བོ་མེ། །བུམ་པར་དུས་དང་ཆུ་གཏེར་ཏེ། །ཉ་ལ་ཐིག་ལེ་མིག་འབྱུང་རྣམས། །བྱིན་ལ་མཁའ་རོ་རིས་དོར་ལྷག །ཁྱིམ་རྣམས་སོ་སོར་སླེབ་མཚམས་གཟའ། །རགས་པ་རྟོགས་

p. 31

པའི་མན་ངག་ཡིན། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེད་པའི་ལོ་འཕོ་དང་ཟླ་འཕོ་བཤད་པའི་སྐབས་ཏེ་བདུན་པའོ།། །།༈ རྒྱལ་བ་ལ་སོགས་དག་པའི་ལོར། །བསྒྲུབས་པའི་བྱེད་གྲུབ་གང་འདོད་ཀྱི། །ཟླ་དག་མེ་ཀླུས་བརྒྱན་པ་དེ། །ཕྱོགས་ཞག་ཟླ་བའི་ངེས་པ་གསུམ། །གང་འདོད་བཞིར་བཀོད་དང་པོའི་ཆེད། །མིག་བསྒྱུར་ཉར་གཟུགས་སྟོང་མིག་བྱིན། །མཁའ་དུས་ཆུ་བོས་ཐོབ་པ་དོར། །ལྷག་མ་སྐར་མ་མཁའ་རོ་དང་། །མཁའ་རོ་དུས་དང་མེ་མིག་གིས། །བསྒྱུར་ལ་མཁའ་དུས་ཆུ་བོ་ཡིས། །རིམ་ཐོབ་སྒྲ་གཅན་རྩ་བ་སྟེ། །དེ་ཡིས་འཁོར་ལོར་སྦྱངས་ལྷག་གདོང་། །གདོང་ལ་འཁོར་ཕྱེད་བསྲེས་པ་མཇུག །ཟླ་བ་ཕྱེད་པའི་སྒྲ་གཅན་ནོ། ༈ །གཉིས་པ་ཚོགས་དེ་མཁའ་མེས་བསྒྱུར། །ཚེས་བསྲེས་མཁའ་མཁའ་བུག་རོས་དོར། །ལྷག་མ་སྐར་མས་བསྒྱུར་བ་སོགས། །རྩ་གདོང་མཇུག་གི་ཆོ་ག་རྣམས། །སྔར་བཞིན་བྱས་པ་སྒྲ་གཅན་ནི། །ཚེས་གྲངས་གང་ལ་འཕོས་པ་རྟོགས། ༈ །གསུམ་པ་མཁའ་མེ་ལག་དོར་ལྷག །སྐར་མས་བསྒྱུར་སོགས་སྔར་ཇི་བཞིན། །བྱས་པས་ཟླ་རེའི་སྒྲ་གཅན་རྟོགས། ༈ །དེ་ལྟར་ཕྱོགས་ཞག་ཟླ་བ་ཡི། །ངེས་པ་དེ་སྟེང་རང་རང་གི། རྟག་ལོངས་རྩ་བ་ལ་བསྣན་ཅིང་། །གདོང་མཇུག་གཉིས་ལ་ཕྲི་བ་ཡིས། །ཕྱི་མ་ཕྱི་མའི་ངེས་པ་འཆར། །དེ་ལ་རང་རང་རྟག་ལོངས་ནི། །མེ་དབྱུག་གཟུགས་མེའི་སྲང་དབུགས་གཟུགས། །བུག་གཟུགས་ཆ་སྟེ་ཕྱོགས་ལོངས་ཡིན། །ཆུ་སྲང་མ་ནུ་ཆ་ཤས་ཉི། །སྒྲ་གཅན་ཞག་གི་རྟག་ལོངས་ཡིན། །དབྱུག་རི་སྲང་མིག་དབུགས་ཡོན་ཏན། །ཆ་ཤས་ཚེས་རྣམས་ཟླ་ལོངས་སོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། སྒྲ་གཅན་གྱི་ངེས་པ་བཤད་པའི་སྐབས་ཏེ་བརྒྱད་པའོ།། །།

p. 32

༈ གྲུབ་མཐའི་ཟླ་དག་མཁའ་མེ་ཡིས། །བསྒྱུར་ལ་གང་བརྩིའི་ཚེས་གྲངས་བསྲེ། །གནས་གསུམ་བར་འོག་ཀླུ་མེ་དང་། །མིག་མཚོ་ཡོན་ཏན་གྱིས་བརྒྱན་ལ། །འོག་མར་རི་མཁའ་རིས་ཐོབ་ནོར། །བར་བྱིན་དེ་ལ་ཆུ་རོ་ཡིས། །ཐོབ་པའི་ནོར་གྱིས་སྟེང་མ་ལ། །སྦྱངས་ལྷག་སྤྱིར་བཏང་མི་གསལ་ཞག །གསལ་བའི་དོན་དུ་གནས་གཉིས་བཀོད། །གཅིག་ལ་ཐིག་བྱིན་རིས་དོར་ལྷག །རེས་ཀྱི་གཟའ་དང་མཐུན་ནམ་བརྟག །མཐུན་ན་དག་མོད་མ་མཐུན་ཚེ། །ཉུང་ན་གཅིག་བྱིན་མང་ན་ཕྲི། །དེ་ལྟར་མཐུན་བྱས་གསལ་ཞག་སྟེ། །གཟའ་ལྔ་སྤྱི་ཡི་ཉིན་ཞག་ཡིན། ༈ །སྒོས་ཞག་དོན་དུ་སྤྱི་ཞག་དེ། །ཚར་དྲུག་བཀོད་ལ་རིམ་པ་བཞིན། །བཀྲ་ཤིས་དོན་དུ་འབྱུང་བ་བྱིན། །ཕུར་བུ་རི་ཚེས་རྒྱ་མཚོ་དང་། །སྤེན་པར་དབང་རོ་ཀླུ་མེ་བསྣན། །ལྷག་པའི་ཆེད་དུ་བརྒྱས་བསྒྱུར་ལ། །རི་ཀླུ་ནོར་མིག་པ་སངས་ལ། །བཅུས་བསྒྱུར་མཁའ་སྐྱོན་ལག་པས་བརྒྱན། །ཉི་མར་མིག་ཀླུ་མེ་སྐྱོན་གྱིས། །བསྒྱུར་ལ་འདོད་འབྱུང་རི་བུག་ཕྲི། །དེ་ལ་རང་རང་དཀྱིལ་འཁོར་གྱིས། །དོར་བར་བྱ་འོ་དཀྱིལ་འཁོར་ནི། །བཀྲ་ཤིས་ལ་ནི་རི་ཀླུ་རོ། །ཕུར་བུའི་སོ་མེ་རྒྱ་མཚོ་སྟེ། །སྤེན་པའི་དུས་མཚམས་རི་ཕྱོགས་སོ། །ལྷག་པའི་རི་བུག་རི་ཀླུ་དང་། །དཀར་པོར་རི་རྒྱལ་མིག་ཉི་མར། །མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས། །དོར་ལྷག་སོ་སོའི་སྒོས་ཞག་གོ། ༈རང་རང་སྒོས་ཀྱི་ཉིན་ཞག་དེ། །སྐར་མ་མཁའ་རོ་མཁའ་རོ་དུས། །རང་ཆ་སོ་སོས་བསྒྱུར་བ་ལ། །རིམ་བཞིན་རང་རང་དཀྱིལ་འཁོར་གྱི། །རྙེད་ནོར་བརྩེགས་པ་ཚར་དྲུག་ལས། །དང་པོ་ལྔ་པོ་གོ་རིམ་བཞིན། །དྲག་གསུམ་དལ་བར་ཞི་གཉིས་ཀྱི། །རྐང་འཛིན་བར་པ་སོ་སོ་སྟེ། །དྲུག་པ་དྲག་གསུམ་རྐང་འཛིན་དང་། །ཞི་གཉིས་དལ་བར་ཐུན་མོང་འགྱུར། །དེ་ལ་རང་རང་ཆ་ཤས་ནི། །དམར་པོའི་སུམ་ཆ་བུག་མིག་ལག །ལྷ་ཡི་བླ་མའི་བཅུ་གཉིས་ཆ། །གཟུགས་དུས་མེའོ་སྤེན་པ་ཡི། །གཉིས་ཆ་མེ་ཀླུ་མེ་འབྱུང་སྟེ། །ལྷག་པའི་རི་བུག་རི་ཀླུ་དང་། །དཀར་པོའི་སུམ་ཆ་བུག་མཚོ་ཐུབ། །ཉི་མའི་འབྱུང་བ་ཆུ་གཏེར་ཆ། །བུག་མཁའ་མིག་བུག་ཡིད་

p. 33

ཡིན་ནོ། ༈ །དེ་ནས་དལ་དག་བསྒྲུབ་པའི་ཆེད། །དྲག་གསུམ་རང་རང་དལ་བར་དང་། །ཞི་གཉིས་ཉིན་ཞག་ཉི་བར་དག །གནས་གཉིས་བཀོད་པའི་ཕྱོགས་གཅིག་ལ། །རང་རང་སྐྱེས་ཁྱིམ་སྦྱང་བར་བྱ། །བཀྲ་ཤིས་སྐར་བུག་མཁའ་མེའི་དབྱུག །མི་བདག་ཕྱེད་བཅས་ཟླ་བའི་བུ། །བླ་མར་རྒྱུ་སྐར་ཉི་མ་སྟེ། །པ་ཝ་སངས་ལ་སྐར་མ་དྲུག །སྤེན་པར་སྐར་མ་བཅོ་བརྒྱད་དོ། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་དལ་རྐང་འཛིན། ༈ །གཟུང་བྱའི་ཐ་དད་རྐང་པ་ནི། །ལུས་དམར་དེ་ཉིད་ཉེས་པ་རི། །ཟླ་སྐྱེས་ཕྱོགས་རི་རྩེ་མོ་ཅན། །སྒྲ་མཁན་བདེ་བྱེད་སྲིན་པོ་མེ། །དཀར་པོའི་མདའ་ཆུ་རི་བོང་ཅན། །དལ་འགྲོའི་ལག་མིག་ཚེས་མཚམས་ཏེ། །སྔ་རྐང་དེ་ཡིན་ཕྱི་རྐང་ལྡོག །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །མདའ་ཡོན་ཟླས་ཐོབ་ཡང་དག་རྒྱུའི། །ཆུ་ཚོད་ཡིན་ཏེ་ལྷག་མཁའ་རོ། །དུས་དང་རང་ཆ་སོ་སོ་ཡིས། །བསྒྱུར་བཅུག་ཐོབ་པ་སྲང་དབུགས་ཆ། །སྔ་རྐང་ཆུ་ཚོད་གཉིས་བསྲེ་ཞིང་། །ཕྱི་རྐང་ཕབ་ལ་རྒྱུ་བས་སྦྱང་། །དེ་དག་དལ་བར་ཅིག་ཤོས་ལ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡིས་དལ་བ་དག་པར་འགྱུར། ༈ །མྱུར་བའི་ལས་ཀྱི་ཆོ་ག་ནི། །རང་རང་དལ་དག་གནས་གཉིས་བཀོད། །དྲག་གཟའི་དལ་དག་གནས་གཅིག་གིས། །ཉི་མ་བར་པ་ལ་སྦྱང་ཞིང་། །ཞི་གཟའ་གཉིས་ཀྱི་དལ་དག་གིས། །རང་རང་རྐང་འཛིན་ལོངས་སྤྱོད་སྦྱང་། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མས་མྱུར་རྐང་ནི། །མ་དོར་རིམ་པ་ལུགས་འབྱུང་དང་། །དོར་ན་རིམ་མིན་ལུགས་ལྡོག་ཏུ། །བཟུང་ལ་འཛིན་བྱེད་སྐར་མ་དབྱི། །རིམ་མིན་རྐང་འཛིན་དག་པ་ལ། །སྐར་གནས་སྟོངས་ཤིང་ཆུ་ཚོད་དུ། །མཁའ་མེར་ལོངས་པ་ནས་བཟུང་སྟེ། །རིམ་མིན་ཇི་སྲིད་མ་རྫོགས་བར། །རྐང་འཛིན་དབྱུག་གུར་སླ་ཐབས་སུ། །མཁའ་མེ་བསྣན་ནས་འཛིན་པ་གཅེས། ༈ །གཟུང་བྱའི་ཐ་དད་རྐང་པ་ནི། །བཀྲ་ཤིས་རྒྱལ་བ་མེ་མིག་གསུམ། །གཟུགས་

p. 34

མིག་རྣམ་གཉིས་སྐྱོན་ཚེས་དྲག །མེའོ་རྩ་བར་དབང་ཕྱུག་དང་། །ཀླུ་མེ་མཁའ་ནོར་མེ་དབང་ངོ་། །༈ཟླ་སྐྱེས་མི་བདག་རྒྱལ་པོ་ཚེས། །ཡིད་འདོད་དྲག་པོ་རི་འབྱུང་མཁའ། །རྩ་བར་རྒྱ་མཚོ་དབང་ཕྱུག་དང་། །མཁའ་མིག་ནོར་ལག་ཆུ་མེའོ། ༈ །སྒྲ་མཁན་ཕྱོགས་ཕྱོགས་བུ་ག་ཀླུ། །དུས་རོ་མིག་གཟུགས་རྩ་བར་མེ། །བྲོ་བ་བུ་ག་དྲག་པོ་དང་། །ཆ་ཤས་ཅན་དང་ཐུབ་པའོ། ༈ །སྙན་ངག་མཁན་གྱི་དེ་ཉིད་གསུམ། །རྒྱལ་བ་གཉིས་དང་ལག་མིག་གཉིས། །སྐྱོན་ཚེས་ཀླུ་དང་རྩ་བར་རོ། །མཁའ་མེ་སྲིན་བུག་མེ་རིའོ། ༈ །དལ་འགྲོའི་དུས་འབྱུང་དབང་པོ་ཆུ། །རིག་བྱེད་ལག་པ་མིག་དང་མཁའ། །རྩ་བར་མཚེ་མ་སྡེ་པ་དབང་། །དུས་དང་གདེངས་ཅན་ཡོན་ཏན་ནོ། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །རང་འཁོར་སྒྲིལ་ལ་མཁའ་རོ་ཡིས། །ཐོབ་པ་ཡང་དག་རྒྱུའི་ཆུ་ཚོད། །ལྷག་མ་སྲང་དབུགས་ཆའི་དོན་དུ། །མཁའ་རོ་དུས་དང་ཤེས་སྙོམས་ཆས། །བསྒྱུར་བཅུག་མཁའ་རོས་རིམ་ཐོབ་བརྩེགས། །རིམ་པའི་ཕྱི་རྐང་ཐ་མ་དང་། །རིམ་མིན་སྔ་རྐང་དང་པོ་ལ། །རྐང་སྔུན་འཕོག་ཚེ་མཁའ་མེས་བགོ། ཁྱད་པར་ལྷག་སྤེན་རྐང་སྔུན་དེ། །ཐིག་ལ་བབས་ཚེ་བསྒྱུར་བྱའི་ལྷག །ཕྱིས་པས་རྒྱུ་བའི་རྐང་ལོངས་མེད། །སྔ་རྐང་ཆུ་ཚོད་གཉིས་པོ་བསྲེ། །ཕྱི་རྐང་ཕབ་ལ་རྒྱུ་བས་སྦྱང་། །ལོངས་ན་སྐར་གནས་ཕུད་པ་རྣམས། །རང་རང་དལ་དག་ཅིག་ཤོས་ལ། །འཁོར་ཕྱེད་དོར་ཕྲི་མ་དོར་བྱིན། །དབྲི་བྱ་ཉུང་ན་འཁོར་བསྣན་སྦྱངས། །ཡང་ན་ལྡོག་སྟེ་སྦྱངས་པ་ཡིས། །ལུགས་འབྱུང་ལུགས་ལྡོག་རི་མོ་འཆར། །རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། །རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ། །རིམ་མིན་ཕྱི་རྐང་འབྱུང་འགྲོས་བྱང་། །དེ་ལྟར་འགྲོས་བཞི་ལྡན་པ་སྟེ། །གཟའ་ལྔ་མཚུངས་པར་ཉི་མ་ལ། །ནུབ་རྗེས་རང་རང་དལ་བ་ལས། །མྱུར་བའི་འགྲོས་བཞི་བརྩམས་པའི་མཐར། །དལ་དག་ལ་གནས་ཉི་མར་ནུབ། །སླར་ཡང་རིམ་པ་གཞན་མེད་པས། །སྔར་ལྟར་འགྲོས་བཞི་རྩོམ་པ་ཡིན། ༈ །གཞན་ཡང་རི་མོའི་རྣམ་གྲངས་ལ། །གཟའ་ལྔའི་རང་རང་སྒོས་ཞག་རྣམས། །གནས་ལྔར་བཀོད་དེ་

p. 35

དྲག་གསུམ་ལ། །སོ་སོའི་ཉིན་ཞག་རྟག་ལོངས་དང་། །ཞི་གཉིས་བརྒྱ་ཆ་བཅུ་ཆ་ཡི། །ཉིན་ལོངས་ཀྱིས་བསྒྱུར་རང་འཁོར་སྒྲིལ། །དྲག་གསུམ་དལ་བར་ཞི་གཉིས་ཀྱི། །མྱུར་བར་འགྲུབ་བོ་ཐུན་མོང་ཆེད། །སྤྱི་ཞག་འཕྲོ་ཡི་རེ་བཞི་ཆ། །རི་མཁའ་རིས་བསྒྱུར་རང་ཆ་གཞུག །དེ་ཡང་མདའ་དུས་མིག་དབང་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། ཐོབ་པ་དབུགས་ཡིན་ལྷག་མ་ཆ། །དེ་ཉིད་ཚེས་ཞག་ཉི་བར་གྱི། །ཆ་ཤས་འཁོར་ལོ་ལག་མིག་གིས། །བསྒྱུར་བ་བུག་སོགས་ཆ་ལ་བསྲེ། །དེ་ལ་བུག་སོགས་རང་འཁོར་གྱིས། །བསྒྲིལ་བས་ཉིན་ཞག་ཉི་བར་འགྲུབ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཉིན་ཞག་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པའི་སྐབས་ཏེ་དགུ་པའོ།། །།

p. 36

༈ ཁྱིམ་ཚེས་ཞག་ལ་སྤྱོད་པ་ཡི། །གཟའ་ལྔའི་དལ་མྱུར་རྣམ་དག་ཏུ། །སྒྲུབ་བྱེད་སོ་སོའི་རྐང་ཆོག་རྣམས། །ཉིན་ཞག་དང་མཚུངས་དེས་མཚོན་པས། །འདིར་ནི་སྒོས་ཆོས་ཁྱིམ་ཚེས་ཀྱི། །དལ་མྱུར་བར་པ་སྒྲུབ་ཚུལ་བཤད། །ཐོག་མར་ཁྱིམ་ཞག་གཟའ་ལྔའི་ཆེད། །རབ་ཉིའི་རྒྱལ་བ་ལ་སོགས་པ། །ལོ་དག་གནས་དྲུག་ཚར་ལྔ་བཀོད། །དེ་ཉིད་གཟའ་ལྔ་སོ་སོ་ཡི། །ལོ་ཡི་ངེས་པས་བསྒྱུར་བར་བྱ། །དེ་ལ་ལོ་ཡི་ངེས་པ་ནི། །དམར་པོའི་ཡིད་དང་གཟུགས་ལག་པ། །མཁའ་མིག་ཟླ་བ་ཆུ་རོ་དང་། །རི་བོ་གཟུགས་བུག་ཡོན་ཏན་ནོ། །ལྷག་པའི་ཆུ་བོ་དུས་འབྱུང་མེ། །མེ་དང་རོ་ཆུ་ཡོན་ཏན་དུས། །རྩེ་མོ་མཚོ་ཀླུ་ཐུབ་པའོ། །བླ་མའི་མིག་དང་མི་བདག་དང་། །འབྱུང་མེ་རིག་བྱེད་ནོར་རི་མཚམས། །རྒྱ་མཚོ་དབང་འབྱུང་བྲོ་བ་འོ། །དཀར་པོའི་རྒྱལ་པོ་མེ་ཕུང་པོ། །འཁོར་ལོ་ཡོན་ཏན་བུག་མིག་མཚོ། །དུས་མཁའ་རིག་བྱེད་ལག་པའོ། །དལ་འགྲོའི་ནམ་མཁའ་ཆུ་ཕུང་པོ། །ཐུབ་པ་མདའ་དང་ཆུ་གཏེར་དང་། །ལག་པ་གདེངས་ཅན་ཀླུ་རྒྱ་མཚོ། །ནམ་མཁའ་ནོར་ལྷ་ཉི་མའོ། །དེ་རྣམས་ཀྱིས་བསྒྱུར་རྩིས་འཕྲོ་ནི། །བཀྲ་ཤིས་ནམ་མཁའ་དང་རྒྱལ་བ། །རི་གཟུགས་དབང་པོ་གཟུགས་བུག་གཟུགས། །དུས་ཀླུ་མཁའ་སྦྲུལ་བྱིན་པར་བྱ། །ལྷག་པར་ཕྱོགས་དང་སྲིན་པོ་ལག །མཁའ་མིག་མེ་དང་ལག་པ་ཚེས། །རི་རོ་དབང་པོ་གདེང་ཅན་བསྲེ། །སྒྲ་མཁན་དེ་ཉིད་དུས་དབང་པོ། །སོ་དང་བགྲོད་པ་བུག་མེ་མཚོ། །མེ་ཆུ་ནམ་མཁའ་རིག་བྱེད་བྱིན། །དཀར་པོར་དུས་མིག་བུག་མཚོ་དང་། །རོ་དབང་ལག་པ་དུས་ཟུང་རོ། །མིག་མེ་ཡོན་ཏན་ཐུབ་པས་བརྒྱན། །སྤེན་པར་སྲིན་པོ་དང་མིག་མཚོ། །ལག་པ་མིག་དང་རྒྱ་མཚོ་དང་། །ཆུ་གཏེར་རྩེ་མོ་རོ་ཟུང་དང་། །ཀླུ་མེ་བུག་ལག་གིས་བརྒྱན་ལ། །སོ་སོའི་འཁོར་ལོས་སྟེང་དུ་སྒྲིལ། །དེ་ཡང་ཕུར་བུའི་ཆ་གོང་མ། །ལག་མིག་ཐུབ་པའོ་གཟའ་གཞན་རྣམས། །ཉིན་ཞག་དང་འདྲ་ཐམས་ཅད་ཀྱི། །འོག་མ་གཟུགས་བུག་གཟུགས་བུག་ཡིན། །དེ་ཡིས་ལུག་གི་ཁྱིམ་ཟླ་ཡི། །དྲག་གསུམ་དལ་དྷྲཱུ་ཞི་གཉིས་ཀྱི། །རྐང་འཛིན་དྷྲཱུ་བ་རྣམ་པར་དག །སྔ་དྷྲཱུར་ཟླ་གཅིག་ངེས་

p. 37

པ་རྣམས། །རིམ་བརྩེགས་ཉ་ཁྱིམ་བར་དུ་སྤེལ། །དེ་ལ་ཟླ་གཅིག་ངེས་པ་ནི། །བཀྲ་ཤིས་གཟུགས་དྲག་དུས་མཚོ་ཆུ། །རྒྱལ་བ་དུས་ཚེས་རྒྱ་མཚོ་འོ། །ལྷག་པའི་བུ་ག་མཁའ་མིག་སོ། །ཕུང་པོ་དུས་ཉི་རི་བོ་དང་། །དབང་པོ་གཟུགས་མཁའ་བྲོ་བ་འོ། །ཕུར་བུའི་མཁའ་དྲག་ལག་མིག་དབང་། །ཀླུ་མདའ་རོ་སྦྲུལ་རི་མཁའ་མིག །དཀར་པོའི་མེ་དང་བུག་ཡོན་ཏན། །སྐར་མ་བསེ་རུ་རི་བུག་དབང་། །བྲོ་བ་བུ་ག་རི་མཚོ་འོ། །ཉི་བུའི་མཁའ་ཆུ་རིག་བྱེད་མེ། །སྡེ་པ་མིག་བུག་དབྱིག་ཆུ་བོ། །མཚོ་མེ་ལག་པ་དུས་རྣམས་སོ། ༈ །ཡང་ན་འདས་ལོ་ཉི་མས་བསྒྱུར། །འདས་པའི་ཁྱིམ་ཟླ་བསྲེས་པའི་ཚོགས། །རང་རང་ཟླ་གཅིག་ངེས་པས་བསྒྱུར། །རྩིས་འཕྲོ་བསྲེས་ལ་རང་འཁོར་སྒྲིལ། །སོ་སོའི་ཁྱིམ་ཟླའི་དྷྲཱུ་བ་འཆར། ༈ །དེ་ནས་ཞི་དྲག་དལ་མྱུར་དྷྲཱུ། །ཐུན་མོང་ཁྱིམ་ཞག་ཉི་དྷྲཱུ་ནི། །ཁྱིམ་ཟླ་སྔ་མའི་རྫོགས་ཚད་གང་། །ཕྱི་མ་ཕྱི་མའི་ཉི་དྷྲཱུ་སྟེ། །དེ་ཡང་འཁོར་ལོ་རྫོགས་པ་ནི། །ལུག་གི་ཁྱིམ་ཟླའི་དྷྲཱུ་བ་ཡིན། །དེ་སྟེང་སྐར་མིག་དབྱུག་གུར་ཚེས། །རིམ་བརྩེགས་བྱིན་ལ་ཉའི་བར་སྤེལ། །དེ་ནས་ཁྱིམ་གྱི་ཟླ་ཞག་དག །གར་ཡོད་བརྟག་ཕྱིར་འདས་ཟླ་ནས། །གཅིག་ཕབ་འོག་ཏུ་རི་རོ་ཆར། །བྱས་ལ་རང་རང་ཟླ་བཤོལ་འཕྲོས། །སྦྱངས་ལྷག་མཁའ་མེས་བསྒྱུར་བ་ལ། །གང་རྩིའི་ཚེས་གྲངས་མདའ་རོ་ཡིས། །བསྒྱུར་བ་བསྲེས་ལ་རི་རོས་བགོ། རྙེད་པ་ཞག་ཡིན་ལྷག་མ་དེ། །མཁའ་རོ་མཁའ་རོ་དུས་རི་རོས། །རིམ་བསྒྱུར་རི་རོས་ཐོབ་པ་བརྩེགས། །ཞག་ལ་མཁའ་མེས་ཐོབ་པའི་ནོར། །སྟེང་བསྲེས་དེ་ཡང་ཉི་མས་དོར། །རིམ་བཞིན་སྟེང་ནས་འདས་ཁྱིམ་དང་། །འདས་ཞག་དབྱུག་སྲང་དབུགས་ཆ་སྟོན། །དེ་ཡིས་ཚོད་ཟིན་བར་པའི་ཆེད། །གཟའ་ལྔ་ཉི་མར་བཅས་པ་ཡི། །རང་ཁྱིམ་ཟླ་བའི་དྷྲཱུ་བ་ལ། །བརྩི་བྱའི་ངོ་ཐོག་ཞག་གྲངས་ཀྱིས། །རང་རང་རྟག་ལོངས་བསྒྱུར་ལ་བྱིན། །གཟའ་ལྔའི་དལ་མྱུར་བར་པ་འགྲུབ། །དེ་ལ་རང་རང་རྟག་ལོངས་ནི། །བཀྲ་ཤིས་མཁའ་ཟུང་མེ་མིག་རྩེ། །ཐུབ་རི་ཆུ་རོ་འདོད་པའོ། །ལྷག་པའི་མཁའ་སྐྱོན་གཟུགས་མཚོ་མཁའ། །ལག་མིག་བགྲོད་པ་དབང་པོ་དང་། །དུས་བུག་དྲང་སྲོང་ཆུ་གཏེར་རོ། །སྒྲ་མཁན་མཁའ་མཁའ་ལག་མིག་མཚོ། །གཟུགས་མེ་ཆུ་དང་མིག་

p. 38

ཀླུ་དུས། །དཀར་པོར་མཁའ་རི་སྐྱོན་དབང་པོ། །རིག་བྱེད་སྡེ་པ་ཡོན་ཏན་དང་། །བུག་མཚོ་ཆུ་བོ་རྒྱ་མཚོ་འོ། །དལ་འགྲོར་མཁའ་མཁའ་བུ་ག་མཁའ། །ཐུབ་པ་གདེངས་ཅན་གཟུགས་དབང་པོ། །དུས་མཚོ་ནམ་མཁའ་ལག་པའོ། །ཉི་མར་མཁའ་མཚོ་མཁའ་མེ་འོ། ༈ །དེ་ནས་ཚེས་ཞག་གཟའ་ལྔའི་ཆེད། །སྔར་གྱི་གྲུབ་མཐའི་ཟླ་དག་དེ། །གནས་དྲུག་ཚར་ལྔ་བཀོད་པ་ལས། །དམར་པོར་གཟུགས་བུག་ཀླུ་མེ་མཁའ། །ཆུ་རི་གཟུགས་དང་ཀླུ་རིས་བསྒྱུར། །མཁའ་ཕྱོགས་ལག་མིག་ཟུང་བུག་གཟུགས། །འབྱུང་བ་དུས་མཚོས་བརྒྱན་པར་བྱ། །ལྷག་པར་བུག་མེ་ཀླུ་མཚོ་དབང་། །མིག་འབྱུང་རི་ཀླུ་བུག་རོས་བསྒྱུར། །ཀླུ་དང་མཁའ་མཚོ་རིག་བྱེད་མེ། །མཚོ་དང་གཟུགས་མིག་བུག་ཟླ་བ། །བསེ་རུ་ལག་པ་མིག་བྱིན་བྱ། །སྒྲ་མཁན་མཁའ་དྲག་མིག་དང་མེ། །མེ་མིག་མཚོ་དང་བུག་མེས་བསྒྱུར། །དེ་ཉིད་ཆུ་དབང་བུག་གཟུགས་དང་། །མདའ་དང་ཆུ་གཏེར་འབྱུང་བ་མེ། །བྲོ་བ་གདེངས་ཅན་དབང་པོ་བྱིན། །ཁུ་བར་མེ་སོ་མཚོ་འབྱུང་གཟུགས། །དུས་འབྱུང་ཡོན་ཏན་མེ་རིས་བསྒྱུར། །དུས་མིག་ཐུབ་པ་གཟུགས་ལག་པ། །མེ་དང་འབྱུང་དབང་ཕུང་པོ་དང་། །ཀླུ་མཁའ་རྒྱ་མཚོ་རྣམས་ཀྱིས་བརྒྱན། །དལ་འགྲོར་མཁའ་མཚོ་དུས་མིག་མེ། །མིག་མཁའ་ཐུབ་མེ་རི་དྲག་པོས། །བསྒྱུར་ལ་བུ་ག་གཟུགས་རྒྱ་མཚོ། །སྲིན་པོ་མིག་དང་ལག་པ་དང་། །ནམ་མཁའ་ཐུབ་པ་བུ་ག་མིག །ཆུ་མཚོ་ཡོན་ཏན་རྣམས་ཀྱིས་བརྒྱན། །ལྔ་ཀ་འོག་མ་རི་མཁའ་རིའི། །ཆའོ་གོང་མ་ཁྱིམ་ཞག་དང་། །འདྲ་བར་བྱས་ལ་རང་འཁོར་སྒྲིལ། །དེ་ཡིས་སོ་སོའི་དྷྲཱུ་ཝ་ཀ། སྔ་དྷྲཱུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མ་ཕྱི་མའི་དྷྲཱུ་ཝ་འཆར། ༈ །དེ་ནས་སོ་སོའི་དྷྲཱུ་ཝ་ལ། །བཀྲ་ཤིས་མཁའ་མིག་བུག་གཟུགས་ཟླ། །མེ་ཡིད་རྒྱ་མཚོ་མ་ནུ་འོ། །སྔོ་སངས་མཁའ་སྐྱོན་རི་བོ་མེ། །དུས་མེ་མཁའ་ཐུབ་མེ་རི་འོ། །བླ་མར་མཁའ་མཁའ་ལག་མིག་ཐིག །དབང་རི་མེ་དང་མིག་ཐུབ་བོ། །དཀར་པོར་མཁའ་རི་དབང་པོ་མཚོ། །དུས་མེ་རོ་དང་མཚམས་མིག་གོ། ཉི་བུར་མཁའ་མཁའ་གདེངས་ཅན་དབང་། །ཀླུ་མེ་རི་གཟུགས་མི་བདག་ལག །དེ་ལྟའི་རང་རང་རྟག་ལོངས་རྣམས། །གང་རྩིའི་ཚེས་བསྒྱུར་སོ་སོར་བྱིན། །དེ་ཡིས་དྲག་གསུམ་

p. 39

དལ་བར་དང་། །ཞི་གཉིས་རྐང་འཛིན་བར་པ་འགྲུབ། །ཐུན་མོང་དལ་མྱུར་ཉི་བར་ནི། །གྲུབ་པའི་ལྔ་བསྡུས་ནང་བཞིན་བྱ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཁྱིམ་ཚེས་ལ་སྤྱོད་པའི་གྲུབ་པའི་གཟའ་ལྔའི་སྒོས་ཆོས་བཤད་པའི་སྐབས་ཏེ་བཅུ་པའོ།། །།

p. 40

༈ དུ་བ་མཇུག་རིང་རྒྱུ་བ་ཡི། །རྟག་པའི་ལོངས་སྤྱོད་ཉི་མ་དང་། །མཚུངས་ཀྱང་འགྲོས་བཞི་རྩོམ་པ་ཡི། །རྐང་པའི་ཁྱད་ཀྱིས་འཆར་བ་སྟེ། །རིམ་པ་བདུན་དང་རིམ་མིན་ལ། །ཉི་མའི་རྒྱབ་ཏུ་མཐོང་བར་འགྱུར། ༈ །ལོ་གསུམ་ཟླ་བ་ཕྱེད་པ་གསུམ། །ཉིས་འགྱུར་ཟླ་བ་བདུན་ཅུ་ལྔས། །མྱུར་དང་དལ་བའི་འགྲོས་རྫོགས་འགྱུར། །སླར་ཡང་ཟླ་བ་དོན་ལྔ་ཡིས། །འཁྱོག་འབྱུང་གཉིས་ཀྱི་འགྲོས་རྫོགས་ཕྱིར། །མདའ་རི་ཉིས་འགྱུར་བརྒྱ་ལྔ་བཅུས། །དུ་བའི་འགྲོས་བཞི་རྫོགས་པ་ཡིན། །རྒྱུ་མཚན་འགྲོས་བཞི་རྫོགས་མཚམས་ནས། །བརྩམས་ཏེ་ལོ་གསུམ་ཕྱོགས་གསུམ་གྱིས། །མྱུར་འགྲོས་རྫོགས་མོད་ཕྱོགས་གཉིས་མཐར། །མདུན་འཆར་དེ་ནས་ཕྱོགས་གསུམ་དང་། །ལོ་གསུམ་དལ་བས་ཞིང་ལ་འཇུག །སླར་ཡང་ལོ་གསུམ་ཕྱོགས་གསུམ་གྱི། །འཁྱོག་འགྲོས་མཐའ་མར་རྒྱབ་ཏུ་འཆར། །དེ་རྗེས་ཕྱོགས་གསུམ་ལོ་གསུམ་གྱིས། །འབྱུང་འགྲོས་རྫོགས་མཐར་ཉི་མར་ཐིམ། ༈ །དེ་ཕྱིར་འགྲོས་བཞི་གང་ལ་ཡང། །ལོ་གསུམ་ལོངས་སྤྱོད་ཉིན་རེ་བཞིན། །ཆུ་སྲང་གཉིས་དང་དབུགས་གསུམ་རེས། །ཉི་མ་ལས་ནི་མདུན་རྒྱབ་ཏུ། །ནོར་དང་བུ་ལོན་ཚུལ་དུ་སྤྱོད། །ཕྱོགས་གསུམ་བར་དུ་ཉིན་རེ་བཞིན། །ཆུ་ཚོད་གཅིག་དང་ཆུ་སྲང་ནི། །ང་གཉིས་དབུགས་གསུམ་ཉི་མ་ལས། །ཚེས་ལྷག་ནོར་དང་བུ་ལོན་སྤྱོད། ༈ །ཚུལ་དེ་རི་མོས་གཏན་འབེབས་ན། །རབ་ཉིའི་རྒྱལ་བ་འདས་པའི་ལོར། །བྱས་པའི་བྱེད་པའི་ཟླ་དག་ལ། །ནམ་མཁའ་ཀླུ་བྱིན་མདའ་རིས་བགོ། ལྷག་མེད་གྱུར་ཚེ་དུ་བ་མཐོང་། །རྙེད་པ་འཕར་ཏེ་མི་མཉམ་ན། །ཐོ་རེངས་ཤར་གྱི་ཕྱོགས་སུ་བརྟག །རྙེད་པ་འཕར་ཏེ་མཉམ་པ་ན། །སྲོད་ལ་ནུབ་ཀྱི་ཕྱོགས་སུ་བརྟག །༈དེ་ནས་རྒྱུན་བཅས་ལོངས་སྤྱོད་དག །བརྟག་ཕྱིར་གོང་དུ་མདའ་རི་ཡིས། །བགོས་ལྷག་ཚོགས་དང་མིག་གིས་བསྒྱུར། །དེ་ལ་གང་རྩིའི་ཞག་གྲངས་ལ། །ཚེས་ཀྱིས་ཐོབ་ནོར་འདིར་བསྲེ་ཞིང་། །སླར་ཡང་མདའ་རོར་ལོངས་ན་དོར། །ནོར་མཉམ་དོར་བ་རིམ་མིན་སྔ། །མ་དོར་རིམ་པའི་ཕྱི་རྐང་སྟེ། །ནོར་མི་མཉམ་དོར་རིམ་པའི་སྔ། །མ་དོར་རིམ་མིན་ཕྱི་རྐང་ཡིན། །དོར་ལྷག་

p. 41

ཚེས་བསྒྱུར་སྔར་ཚེས་ཀྱིས། །བགོས་ལྷག་བསྲེས་པ་གནས་བཞི་བཀོད། །སྟེང་ནས་མཁའ་མཁའ་མིག་མེས་བསྒྱུར། །དུས་དང་མཁའ་རོས་སྒྲིལ་བའི་ཚོགས། །སྐབས་དེར་ཉི་དག་ལོངས་སྤྱོད་ལ། །རིམ་མིན་སྔ་རྐང་ལ་སྦྱང་ཞིང་། །རིམ་པའི་སྔ་རྐང་ཚེ་ན་བྱིན། །གལ་ཏེ་དོར་བའི་ལྷག་མ་ལ། །ལག་ཐུབ་ལོངས་ན་དོར་ལྷག་དེ། །ཚེས་བསྒྱུར་ལྷག་མ་སྔར་བཞིན་བསྲེ། །གནས་བཞི་སྟེང་ནས་མཁའ་དང་གཟུགས། །མིག་དབང་མེ་ཡིས་རིམ་པར་བསྒྱུར། །དུས་དང་མཁའ་རོ་མཁའ་རོས་སྒྲིལ། །དེ་ཉིད་དབྱུག་གུ་ཞེ་ལྔ་ལ། །བསྲེས་པ་ཉི་དག་ལོངས་སྤྱོད་དུ། །བྱིན་དོར་སྔར་བཞིན་བྱ་བ་ཡིན། །མདའ་རིས་དོར་བ་མ་ལྡངས་ཚེ། །དེ་ལ་རྩེ་མོ་ཅན་གྱིས་དབྲི། །གལ་ཏེ་དབྲི་བར་མ་ལྡངས་ན། །ཚེས་བསྒྱུར་སྔར་གྱི་ལྷག་མ་བསྲེ། །གནས་བཞི་མཁའ་གཟུགས་མིག་དབང་མེས། །བསྒྱུར་ལ་དུས་དང་མཁའ་རོ་དང་། །མཁའ་རོས་སྒྲིལ་བའི་ཚོགས་དེ་ཡི། །སྐར་མིག་དབྱུག་བུག་སྲང་ལག་མིག །དབུགས་མེ་རྣམས་ལ་སྦྱངས་པའི་ལྷག །ཉི་མ་དག་པའི་ལོངས་སྤྱོད་དུ། །རིམ་པའི་ཕྱི་རྐང་ལ་བྱིན་ཞིང་། །རིམ་མིན་ཕྱི་རྐང་ཚེ་ན་སྦྱང་། །རྩེ་མོས་སྦྱོང་བར་མ་ལྡངས་ཚེ། །ལྷག་མ་ཚེས་བསྒྱུར་སྔར་ལྷག་བསྲེ། །གནས་བཞི་མཁའ་མཁའ་མིག་མེས་བསྒྱུར། །དུས་དང་མཁའ་རོས་སྒྲིལ་བ་དེས། །དབྱུག་གུ་ཞེ་ལྔར་སྦྱངས་པའི་ལྷག །སྐབས་དེའི་ཉི་མ་དག་པ་ལ། །སྔར་བཞིན་བྱིན་དོར་བྱ་བ་ཡིན། །རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། །རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ། །རིམ་མིན་ཕྱི་རྐང་འབྱུང་འགྲོས་བྱང་། །དལ་འབྱུང་འགྲོས་མཐར་ནོར་བུ་ལོན། །ཁ་དག་ཉི་མར་ཐིམ་པར་འགྱུར། །མྱུར་འཁྱོག་འགྲོས་མཐར་རིམ་པ་བཞིན། །སྲོད་དང་ཐོ་རེངས་མཐོང་བར་འགྱུར། །མདོར་ན་ལོ་དྲུག་ཉི་མ་ཡི། །འོད་ཀྱིས་མནན་ཏེ་མཐོང་མི་འགྱུར། །དེ་རྗེས་ཟླ་གསུམ་ཐོག་ཐ་ལ། །སྐར་མའོ་བར་མ་དུ་བཅས་མཐོང་། །དེ་ནས་ལོ་དྲུག་མི་མཐོང་ཞིང་། །སླར་ཡང་ཟླ་གསུམ་བར་པ་ལ། །དུ་བ་མཐོང་བར་སྔར་བཞིན་ནོ། ༈ །འདི་ནི་རྟག་པའི་འགྲོས་ཅན་ཕྱིར། །དེ་ལས་རིམ་པ་གཞན་མེད་པས། །ལན་གཅིག་ཤར་ལ་ངེས་རྙེད་ན། །འཆར་བ་མཐའ་ཡས་དུས་ཤེས་འགྱུར། །རྩིས་

p. 42

ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། མཇུག་རིང་འཆར་བའི་ངེས་པ་བཤད་པའི་སྐབས་ཏེ་བཅུ་གཅིག་པའོ།། །།༈ དེ་ནས་ཉི་མ་ཟླ་བ་ལ། །སྒྲ་གཅན་འཇུག་པ་བཤད་པར་བྱ། །སྤྱིར་ན་དཀར་ནག་ཚིག་མཚམས་དང་། །ཁྱད་པར་ཟླ་བ་སྔར་བཟུང་ནས། །ཟླ་དྲུག་འདས་ཤིང་ཉི་མ་ལ། །དུས་ཚིགས་གསུམ་འདས་ཁྱིམ་ཟླ་ནི། །ལུག་འཁྲིག་ལ་སོགས་མི་མཉམ་པའི། །སྟོང་ལ་རྟེན་འབྲེལ་རེག་པའི་དབུས། །ཉི་རྐང་ཞུགས་པས་འཛིན་པར་གསུངས། ༈ །དེ་ཡང་སྒྲ་གཅན་སྐར་གནས་སུ། །ནམ་མཁའ་དབྱུག་གུར་གཟུགས་མེ་དང་། །སྲང་དུ་གཟུགས་ཆུ་དབུགས་རྒྱ་མཚོ། །མེ་མིག་ཆའི་གནས་མཁའ་ཟླ་རྣམས། །རྩ་བར་བྱིན་ཞིང་གདོང་མཇུག་ལ། །ཕྲི་བ་བསླུ་མེད་བརྟག་པའི་གཟེར། ༈ །དེ་ཕྱིར་ཉི་ཟླའི་ལོངས་སྤྱོད་དང་། །སྒྲ་གཅན་ནུར་བྱིན་གདོང་མཇུག་དག །གང་ཉེ་དེ་དང་བསྟུན་པར་བྱ། ༈ །དེ་ལ་ཐོག་མར་ཟླ་འཛིན་ནི། །བཅོ་ལྔའི་གྲུབ་མཐའི་ཚེས་འཁྱུད་ཀྱི། །ཟླ་སྐར་དང་ནི་གདོང་མཇུག་གཉིས། །གང་ཉེ་མང་ལ་ཉུང་གིས་སྦྱང་། །ལྷག་མ་སྐར་ཐིག་ཆུ་ཚོད་དུ། །མཁའ་འབྱུང་མན་ཆད་ངེས་པར་འཛིན། ༈ །ཆེ་ཆུང་སྦྱངས་ལྷག་ཆུ་ཚོད་ལ། །འབྱུང་བས་ཐོབ་ནོར་ཐིག་ལེ་ནས། །བཞི་ཡི་བར་ལ་རིལ་པོར་སྒྲིབ། །ལྔ་ཤར་དྲུག་ཆ་མ་གཏོགས་སྒྲིབ། །དྲུག་ལ་གསུམ་གཉིས་རི་ལ་ཕྱེད། །ཀླུ་ལ་གསུམ་ཆ་དགུར་དྲུག་ཆ། །བཅུ་ཐོབ་བརྒྱད་ཆ་ཙམ་ཞིག་སྒྲིབ། ༈ །སྒྲིབ་ཡུན་ཟླ་བ་བཅུ་དྲུག་ཚད། །གསུངས་ཕྱིར་གདོང་གིས་རིལ་འཛིན་ཚེ། །ཆུ་ཚོད་མི་བདག་མཇུག་འཛིན་ཚེས། །ཕྱེད་འཛིན་གདོང་ཀླུ་མཇུག་འཛིན་རི། །དེ་སོགས་རིགས་པས་དཔྱད་དེ་སྨྲ། ༈ །ཕྱོགས་ནི་ཟླ་བས་གདོང་སྦྱངས་སམ། །དུས་མེས་ཟླ་བར་སྦྱངས་པའི་ཚེ། །ནམ་ཕྱེད་དབང་ལྡན་ནས་འཛིན་ཞིང་། །ནམ་སྟོད་བྱང་ཉེ་ནམ་སྨད་ལ། །དབང་ལྡན་ཤར་ཉེའི་ཕྱོགས་ནས་འཛིན། །གདོང་གིས་ཟླ་བའམ་ཟླ་བས་མཇུག །སྦྱངས་ཚེ་ནམ་ཕྱེད་ཤར་ལྷོ་དང་། །སྲོད་དུས་ཤར་ཉེ་ཐོ་རེངས་དུས། །ཤར་ལྷོ་ཤར་ཉེའི་ཕྱོགས་ནས་འཛིན། །མཉམ་

p. 43

ན་ནམ་ཕྱེད་ཤར་དྲང་པོ། །སྲོད་ལ་དབང་ལྡན་ཐོ་རེངས་ལ། །ཤར་ལྷོར་ཉེ་བའི་ཤར་ནས་འཛིན། །དུས་ནི་དཀར་ནག་ཚིག་མཚམས་ཏེ། །གྲུབ་མཐའི་ཟླ་རྐང་ཞིབ་བཙལ་གྱིས། །བསྒྲུབས་པའི་ཚེས་ཀྱི་ལོངས་སྤྱོད་གྲངས། །ཟད་ཚེ་ཚེས་འཕོ་ཟླ་བ་འཛིན། །ཁྱད་པར་གནད་ཀྱི་ལག་ལེན་ནི། །ཚེས་ལོངས་སྔ་མས་མཁའ་རོ་ལ། །ཕྲི་ལྷག་ད་ལྟའི་ཚེས་ལོངས་དང་། །བསྲེས་པའི་ལོངས་སྤྱོད་གང་ཡིན་དེར། །ཆུ་རོ་ཤར་ན་དབྱུག་གུར་དབང་། །མེ་རོ་ཆུ་དབྱུག་མཁའ་མེའི་སྲང་། །མིག་དུས་ཤར་ན་དབྱུག་གུར་མཚོ། །གཟུགས་དུས་མེ་དབྱུག་སྲང་མཁའ་མེ། །མཁའ་རོ་ཆུ་ཚོད་རྩེ་མོ་ཅན། །ཀླུ་དབང་མིག་དབྱུག་མཁའ་མེའི་སྲང་། །རི་དབང་ལ་ནི་དབྱུག་གུར་ལག །དུས་འབྱུང་གཟུགས་དབྱུག་སྲང་མཁའ་མེ། །དབང་འབྱུང་དབྱུག་གུར་འོད་དཀར་ཅན། །མཚོ་དབང་ཤར་ཚེ་ནམ་མཁའ་རྣམས། །སྦྱིན་པ་ཟད་དུས་འཛིན་པར་ངེས། ༈ །ཁ་དོག་རིལ་པོར་སྒྲིབ་པ་ན། །གདོང་ལ་དམར་ནག་མཇུག་དམར་སྐྱ། །འཛིན་ཆ་ཆུང་ན་ནག་པོ་དང་། །རིལ་འཛིན་ལ་ནི་དམར་པོར་སྣང་། །སྐར་མ་མགོ་ལག་སྟེང་བཟུང་ན། །ནམ་མཁའི་མདོག་ཏུ་སྣང་ཞེས་གསུངས། ༈ །དེ་ནས་ཉི་འཛིན་བརྟག་པའི་ཕྱིར། །གྲུབ་མཐའི་གནམ་སྟོང་ཉི་དག་ནི། །གནས་གཉིས་བཀོད་པའི་ཕྱོགས་གཅིག་ལ། །སྔར་གྱི་སྒྲ་གཅན་བུལ་བ་བསྲེ། །གཅིག་དང་གདོང་མཇུག་གང་ཉེ་གཉིས། །ཉུང་གིས་མང་ལ་སྦྱང་བར་བྱ། །གདོང་གིས་ཉི་མར་སྦྱངས་པའི་ཚེ། །སྐར་གནས་སྟོངས་ཤིང་ཆུ་ཚོད་དུ། །མཁའ་འབྱུང་མན་ཆད་ངེས་པར་འཛིན། །གལ་ཏེ་ཉི་མས་གདོང་སྦྱངས་ལྷག །ཆུ་ཚོད་ལྔ་མན་འཛིན་ཟེར་ཡང་། །གདོང་ལ་ག་ལོག་འཛིན་མི་སྲིད། །མཇུག་མས་ཉི་མར་སྦྱངས་པ་ན། །སྐར་ཐིག་ཆུ་ཚོད་ཀླུ་མན་ཆད། །ག་ལོག་ཡིན་ཡང་འཛིན་པ་སྲིད། །ཉི་མས་མཇུག་མར་སྦྱངས་པའི་ཚེ། །སྐར་མ་སྟོངས་ཤིང་ཆུ་ཚོད་དུ། །མཁའ་མཚོ་མན་ཆད་ངེས་པར་འཛིན། །མདོར་ན་མཇུག་འཛིན་མ་ངེས་ཀྱང་། །གདོང་འཛིན་ཉི་མ་མང་བ་དགོས། །དེ་ཕྱིར་ཕན་ཚུན་སྦྱངས་ལྷག་དེས། །སྔར་གྱི་ཉི་བུལ་བསྲེས་དེ་ལ། །གདོང་འཛིན་སྦྱངས་ཞིང་མཇུག་འཛིན་བསྣན། །རང་འཁོར་སྒྲིལ་ལ་འཁོར་ཕྱེད་དོར། །གནས་ཀུན་སྟོངས་ན་ངེས་པར་འཛིན། །

p. 44

གཞན་ཡང་གོང་མའི་མྱོང་རྩིས་དང་། །བསྟུན་ན་བགྲོད་གཉིས་མཐར་ཉེ་ཚེ། །འཆར་ཀ་ནུབ་ཀར་ཉེ་བ་དང་། །དཔྱིད་མཉམ་ཕྱེད་གོང་ཡན་ཆད་དང་། །སྟོན་མཉམ་ཕྱེད་འོག་མན་ཆད་ལ། །འཛིན་པའི་རི་མོ་ཤར་ན་ངེས། །བར་རྣམས་རིགས་པས་དཔྱད་ཅེས་གསུངས། ༈ །ཆེ་ཆུང་ཕན་ཚུན་སྦྱངས་ལྷག་ལ། །གདོང་འཛིན་ཉེར་གཉིས་ཉེར་གསུམ་དང་། །མཇུག་འཛིན་བཅུ་དགུ་ཉི་ཤུ་ཙམ། །བྱུང་ཚེ་རིལ་པོར་སྒྲིབ་པ་སྟེ། །དེ་ལས་ཆེའམ་ཆུང་ཡང་རུང་། །རིམ་པ་ཇི་བཞིན་འཛིན་ཆ་ཆུང་། །དེ་ཕྱིར་རིགས་པས་དཔྱད་དེ་སྨྲ། ༈ །ཡུན་ནི་ཆ་རེས་ཆུ་ཚོད་རེ། །ཡིན་ཕྱིར་ཕྱེད་འཛིན་ཆུ་ཚོད་དྲུག །རིལ་འཛིན་ཆུ་ཚོད་ཉི་མ་སྟེ། །དེ་ཡིས་བར་རྣམས་འགྲེ་བར་བྱ། ༈ །ཕྱོགས་ནི་གདོང་དང་དུས་མེ་ཡིས། །ཉི་མར་སྦྱངས་ཚེ་ཉི་ཕྱེད་དུས། །ལྷོ་ནུབ་སྔ་དྲོ་ལྷོར་ཉེ་དང་། །ཕྱི་དྲོ་དུབ་ཉེའི་ཕྱོགས་ནས་ཏེ། །གལ་ཏེ་ཉི་མས་དུས་མེ་ལ། །སྦྱངས་ཚེ་ཉི་ཕྱེད་ལ་ནུབ་བྱང་། །སྔ་དྲོ་བྱང་ཉེ་ཕྱི་དྲོ་དུས། །ནུབ་ལ་ཉེ་བའི་ཕྱོགས་ནས་འཛིན། ༈ །དུས་ནི་ནམ་ལངས་ནས་བཟུང་སྟེ། །གྲུབ་མཐའི་ཚེས་ལོངས་ཟད་ཚེ་འཛིན། །དེ་ཡང་ཟླ་རྐང་ཞིབ་རྩིས་དང་། །བགྲོད་པའི་འཕེལ་འགྲིབ་ནུར་སྟེར་མཚམས། །ཟླ་བར་བཤད་བཞིན་འདིར་ཡང་དྲན། ༈ །ཁ་དོག་མཇུག་དམར་གདོང་དམར་ནག །ཆུང་འཛིན་སྔོ་ནག་རིལ་འཛིན་དམར། །ཕྱེད་འཛིན་ལ་ནི་དམར་ནག་སྟེ། །མགོ་ལག་སྟེང་བཟུང་སྔོ་སྐྱར་སྣང་། །གཞན་ཡང་ཚེས་ཀྱི་ཆད་ལྷག་དང་། །ཤར་ནུབ་རི་བོའི་མཐོ་དམའ་དང་། །ཉིན་མཚན་རིང་ཐུང་ལ་སོགས་པ། །སྒྲིན་པོའི་བློ་ཡིས་བརྟག་པ་གཅེས། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཉི་ཟླར་སྒྲ་གཅན་འཇུག་ཚུལ་བཤད་པའི་སྐབས་ཏེ་བཅུ་གཉིས་པའོ།། །།༈ གཟའ་རྣམས་གང་ལ་སྤྱོད་པའི་ཡུལ། །ཤེས་ཕྱིར་སྟེང་འོག་འཁོར་ལོ་བཤད། །དེ་ལ་སྤྱི་དང་བྱེ་བྲག་སྟེ། །སྤྱི་ནི་སྣོད་བཅུད་འཇིག་རྟེན་དང་། །བྱེ་བྲག་སྐར་ཁྱིམ་གོ་ལ་ཡིན། །སྤྱི་ལའང་སེམས་ཅན་སོ་སོ་ཡི། །ལས་སྣང་མཐུན་པའི་འཇིག་རྟེན་ཚད། །རྣམ་པ་དུ་མ་གསུངས་པ་ལས། །གང་འདིར་ཕྱི་ནང་གཞན་གསུམ་པོ། །དག་པ་གཅིག་འགྲིག་དུས་འཁོར་གྱི། །ལུགས་འདི་ཉིད་ཡིན་བཤད་པར་བྱ། ༈ །ཁམས་ལྔའི་རྡུལ་ཕྲན་སྤྱི་མཐུན་གྱི། །

p. 45

ལས་ཀྱིས་སོ་སོར་འདབ་འབྱར་བས། །ནམ་མཁའ་ལ་གནས་རླུང་དཀྱིལ་ནི། །ཐད་ཀར་དཔག་ཚད་འབུམ་ཕྲག་བཞི། །ཁོར་ཡུག་བཅུ་གཉིས་མཐུག་རྔམ་དུ། །སྟོང་ཕྲག་ལྔ་བཅུའོ་དེས་སྐྱོར་ནང་། །མེ་དཀྱིལ་ཐད་ཀར་འབུམ་ཕྲག་གསུམ། །ཁོར་ཡུག་དགུ་སྟེ་རི་བདུན་པ། །རྡོ་རྗེའི་རིའམ་རྟ་གདོང་མེ། །དེ་ནང་ཆུ་དཀྱིལ་ཐད་ཀའི་རྒྱར། །འབུམ་ཕྲག་གཉིས་དང་ཁོར་ཡུག་དྲུག །རྒྱ་མཚོ་བདུན་པ་ལན་ཚྭའི་མཚོ། །དེ་ནང་ས་དཀྱིལ་རྒྱར་ཆིག་འབུམ། །ཁོར་ཡུག་གསུམ་སྟེ་མཐུག་རྔམ་ཚད། །དཀྱིལ་འཁོར་གསུམ་ཀ་རླུང་དང་འདྲ། །དེ་ལྟར་དཀྱིལ་འཁོར་བཞི་པོ་ཡང་། །འོག་མ་འོག་མས་སྟེང་མའི་མཐའ། །སྐྱོར་ཏེ་བཞི་ཀའི་སྟེང་གི་ཆ། །ཁ་ད་ཆད་མཉམ་དབྱིབས་ཟླུམ་པོ། ༈ །དེ་རྗེས་འཛིན་སྲུབ་དབྱིབས་བྱེད་པའི། །རླུང་གིས་རི་གླིང་སོགས་གྲུབ་སྟེ། །ས་དཀྱིལ་དབུས་སུ་ལྷུན་པོ་དཔངས། །དཔག་ཚད་འབུམ་ཕྲག་གཅིག་པ་དང་། །དེ་ནས་མགྲིན་གདོང་གཙུག་ཏོར་གྱི། །ཐ་སྙད་ཀྱིས་ཕྱེ་ཡིད་གཟུགས་ཀྱང་། །རིམ་པར་སྟོང་ཕྲག་ཉེར་ལྔ་དང་། །ལྔ་བཅུ་པ་དང་ཉེར་ལྔ་སྟེ། །དཔག་ཚད་འབུམ་ཕྲག་གཅིག་ཡིན་ནོ། །ལྷུན་པོའི་རྩ་བ་ཟླུམ་པོའི་ཚད། །དབུས་ནས་ཕྱོགས་རེར་སྟོང་ཕྲག་བརྒྱད། །ཐད་ཀར་སྟོང་ཕྲག་བཅུ་དྲུག་མཐར། །འགྲམ་སྟེགས་སྟོང་ཕྲག་གཅིག་གིས་བསྐོར། །ལྷུན་པོར་བཅིངས་པའི་ར་ལྔ་པོ། །རག་སྡེར་ཁ་འཕྱང་འོག་མ་ལས། །སྟེང་མ་ཇེ་ཆེར་རྒྱས་པ་ལྟའི། །ར་ལྔ་པ་སྟེ་ཁ་ཁྱེར་གྱི། །ཐད་ཀར་སྟོང་ཕྲག་ལྔ་བཅུ་དང་། །ཁོར་ཡུག་ཁྲི་ཕྲག་བཅོ་ལྔའོ། །དེས་ཁྱབ་ཁོངས་ཀྱི་འོག་མཐའ་ནས། །རྩ་བའི་འགྲམ་སྟེགས་ཐུག་གི་བར། །དཔག་ཚད་སྟོང་ཕྲག་བཅུ་དྲུག་པོ། །ཆ་མཉམ་བཅོ་བརྒྱད་དུ་བགོས་པར། །ནང་ནས་ཟླ་བ་འོད་དཀར་དང་། །ཀུ་ཤ་མི་འམ་ཅི་ཁྲུང་ཁྲུང་། །དྲག་པོའི་གླིང་སྟེ་གླིང་དྲུག་གནས། །དེ་རེའི་ཕྱི་ནས་སྦྲང་རྩི་དང་། །མར་ཞོ་འོ་མ་ཆུ་ཆང་གི། མཚོ་དྲུག་གིས་བསྐོར་རེ་རེའི་མཐར། །རིམ་བཞིན་འོད་སྔོན་མནྡ་ར། །ནི་ཥ་ཊ་དང་ནོར་བུའི་འོད། །དྲོ་ཎ་བསིལ་རི་རྣམས་ཀྱིས་བསྐོར། །དེ་རྣམས་རེ་རེའི་ཞེང་དཔག་ཚད། །བརྒྱད་བརྒྱ་གྱ་བརྒྱད་ལྷག་དང་བཅས། །བསིལ་རིའི་རྩེ་དང་ལྷུན་པོའི་ར། །ལྔ་པ་ཐུར་འཕྱང་འཕྲད་པས་ན། །ནང་གི་རི་མཚོ་གླིང་

p. 46

གསུམ་ལ། །ཉི་ཟླའི་འོད་ཟེར་མི་ཕོག་ཀྱང་། །མི་རྣམས་རང་འོད་ཀྱིས་འཚོ་སོགས། །ལྷ་དང་ལོངས་སྤྱོད་མཉམ་པས་ན། །གླིང་དྲུག་ལོངས་སྤྱོད་ས་ཞེས་བྱ། །བསིལ་རིའི་ཕྱི་རོལ་གླིང་བདུན་པ། །འཛམ་གླིང་ཆེན་པོ་ལས་ཀྱི་ས། །ཁ་ཞེང་སྟོང་ཕྲག་ཉེར་ལྔ་པོ། །ཕྱོགས་རེར་གསུམ་གསུམ་བཅུ་གཉིས་བཅད། །ཤར་གླིང་ཤར་མ་དབུས་མ་དང་། །ནུབ་མ་ཞེས་སོགས་ཀུན་ལ་འགྲེ། །རེ་རེའང་ཕྱི་མཐའི་སྲིད་དུ་ནི། །སྟོང་ཕྲག་ཉེར་ལྔ་ནང་མཐའ་ལ། །སྟོང་ཕྲག་ཕྱེད་དང་བཅུ་གསུམ་མོ། །དབུས་གླིང་བཞིའི་དཀྱིལ་མཚན་མ་ནི། །ཤར་ནས་རིམ་བཞིན་ཟླུམ་པོ་ཕྱེད། །གྲུ་གསུམ་གྲུ་བཞི་ཟླུམ་པོས་མཚན། །ཁྱད་པར་ལྷོ་གླིང་དབུས་མ་འདི། །ཕྱེད་བཅད་བྱང་མ་དྲུག་ཏུ་བགོ། བྱང་ནས་རིམ་བཞིན་གངས་ལྡན་དང་། །ཤམྦྷ་ལ་དང་རྒྱ་ལི་བོད། །འཕགས་པའི་ཡུལ་ཏེ་ཡུལ་དྲུག་ཡིན། ༈ །དེར་གནས་བཅུད་ཀྱི་སེམས་ཅན་ནི། །གཟུགས་མེད་གཟུགས་དང་འདོད་ཁམས་གསུམ། །བཞི་དང་བཅུ་དྲུག་བཅུ་གཅིག་སྟེ། །སྲིད་པ་སུམ་ཅུ་རྩ་གཅིག་གོ། འདུ་ཤེས་མེད་མིན་ཅི་ཡང་མེད། །རྣམ་ཤེས་ནམ་མཁའ་མཐའ་ཡས་ཏེ། །གཟུགས་མེད་བཞི་པོ་རི་རབ་ཀྱི། །གཙུག་ཏོར་ནས་བཟུང་སྐྲ་མཚམས་བར། །དེ་འོག་གཟུགས་ཁམས་བཅུ་དྲུག་ནི། །དཔྲལ་བའི་ཆ་བཞི་རིམ་པ་བཞིན། །འོག་མིན་ཤིན་ཏུ་མཐོང་མི་གདུང་། །མི་ཆེ་བ་སྟེ་རླུང་བཞི་གནས། །སྣ་ཡི་ཆ་བཞིར་འབྲས་བུ་ཆེ། །བསོད་ནམས་སྐྱེས་དང་སྤྲིན་མེད་དང་། །དགེ་རྒྱས་ཞེས་བྱ་མེ་བཞིའོ། །ཀོས་ཀོའི་ཆ་བཞིར་ཚད་མེད་དགེ། དགེ་ཆུང་ཞེས་དང་འོད་གསལ་བ། །ཚད་མེད་འོད་དེ་ཆུ་བཞི་གནས། །མགྲིན་པའི་སུམ་གཉིས་ཆ་བཞི་ལ། །འོད་ཆུང་ཚངས་ཆེན་མདུན་ན་འདོན། །ཚངས་རིས་ཞེས་བྱ་ས་བཞི་གནས། །མགྲིན་པའི་སུམ་ཆ་བཞིར་བགོས་པར། །འདོད་ལྷ་དྲུག་ལས་གཞན་འཕྲུལ་དབང་། །འཕྲུལ་དགའ་དགའ་ལྡན་འཐབ་བྲལ་བཞི། །རི་རབ་སྟེང་ན་སུམ་ཅུ་གསུམ། །དཔུང་པ་མན་ནས་ས་མཚམས་བར། །རྒྱལ་ཆེན་རིས་བཞིའི་ལྷ་གནས་སོ། །ལོངས་སྤྱོད་ལས་སར་བཅས་པ་ཡི། །གླིང་བདུན་པོ་ལ་མི་རྣམས་གནས། །འོག་གཞིའི་དཀྱིལ་འཁོར་བཞི་པོ་ཡང་། །ཕྱེད་ཕྱེད་བགོས་པའི་གནས་བརྒྱད་ལ། །ས་དཀྱིལ་ཕྱེད་གོང་

p. 47

ཆ་གཉིས་ཀྱི། །སྟེང་མ་ལྷ་མིན་འོག་མ་ཀླུ། །དེ་འོག་བདུན་ལ་དམྱལ་བ་སྟེ། །:གསེབ་༼སེག༽མ་བྱེ་མ་འདམ་ཆུ་དང་། །དུ་བ་མེ་དང་མུན་པ་ཆེ། །ངུ་འབོད་ཆེ་སྟེ་བརྒྱད་པ་ཡང་། །དེ་མཐར་གནས་པས་གནས་གཞན་མེད། ༈ །དེ་ནས་འཇལ་བྱེད་རྡུལ་ཕྲ་རབ། །རྡུལ་ཕྲ་མོ་དང་སྐྲ་རྩེ་དང། །སྐེ་ཚེ་ཤིག་ནས་སོར་མོ་རྣམས། །གོང་ནས་གོང་དུ་བརྒྱད་འགྱུར་ཏེ། །སོར་མོ་ཉེར་བཞི་ལ་ཁྲུ་གང་། །དེ་བཞི་གཞུ་འདོམ་གཞུ་ཉིས་སྟོང་། །རྒྱང་གྲགས་དེ་བཞི་དཔག་ཚད་དོ། །ཆུ་ཞེང་རྔམ་རྣམས་དཔག་ཚད་རེར། །མཉམ་པ་གྲུ་བཞིའི་དོང་སྐྲ་རྩེས། །བཀང་ལས་ལོ་བརྒྱར་སྐྲ་རྩེ་རེ། །ཕྱུང་སྟོངས་བསྐལ་ཆུང་ཞག་གཅིག་སྟེ། །དེ་ཡི་ལོ་བརྒྱ་བསྐལ་ཆུང་ཚད། །དེ་རྣམས་རིམ་བཞིན་རང་གིས་རང་། །བསྒྱུར་བས་བར་བསྐལ་མཆོག་བསྐལ་དང་། །བསྐལ་པ་ཆེན་པོ་རྣམས་སུ་འགྱུར། ༈ །བྱེ་བྲག་སྐར་ཁྱིམ་གོ་ལ་ལའང་། །སྤྱི་དང་ཁྱད་པར་རྣམ་པ་གཉིས། །སྤྱི་ནི་ལྷ་ཡི་གཞལ་མེད་ཁང་། །འདེགས་བྱེད་བརྟན་གཡོའི་རླུང་ཇི་སྙེད། །སྐྱེ་ལས་ཁྱིམ་གྱི་འཁོར་ལོའི་དབྱིབས། །དབུས་མཐོ་རི་རབ་ལ་ཉེ་ཞིང་། །མཐའ་གཞོལ་མེར་ཉེ་དམའ་བ་སྟེ། །རི་རབ་སྟེང་ངོས་གདུགས་ཕུབ་བཞིན། །སྒང་གཤོང་ཉིད་ཀྱིས་གཡས་སྐོར་རྒྱུ། །དེ་ལྟར་འཁོར་གཞི་ཁྱིམ་ཆགས་རྗེས། །དེ་སྟེང་རྒྱུ་སྐར་ཉེར་བརྒྱད་སྐྱེས། །དེ་མ་ཐག་ཏུ་གཡས་འཁོར་བས། །གླིང་འདིར་ཐོག་མར་ཐ་སྐར་ཉིད། །ཤར་བས་སྒྱུ་སྐར་དང་པོར་དང་། །ལུག་ཁྱིམ་ཁྱིམ་གྱི་ཐོག་མར་བཞག །གྲོ་བཞིན་བྱི་བཞིན་ཁོངས་གཅིག་ཏུ། །བསྡུས་པའི་རྒྱུ་སྐར་ཉེར་བདུན་ལ། །ཡུལ་ཁྱོན་ཆུ་ཚོད་དྲུག་ཅུ་རེར། །བྱས་པའི་སྐར་མ་གཉིས་གཉིས་དང་། །བཞི་ཆ་རེ་ལ་ཁྱིམ་རེ་རེ། །ཡིན་ཕྱིར་བཞི་ཆ་རེ་རེ་ལ། །ཆུ་ཚོད་བཅོ་ལྔའོ་ཁྱིམ་གཅིག་ལ། །དེ་འདྲ་དགུ་སྟེ་བརྒྱ་སོ་ལྔ། །འདི་དག་མིང་དང་མཚན་གཞི་ནི། །གླིང་བཞི་ཀུན་ན་འགྱུར་བ་མེད། ༈ །བགྲོད་བྱ་ཁྱིམ་སྐར་ཆགས་པའི་རྗེས། །བགྲོད་བྱེད་གཟའ་རྣམས་སྐྱེས་པ་སྟེ། །ཤར་གླིང་དབུས་མའི་ཚངས་ཐིག་སྟེང་། །ཀརྚའི་ཐོག་མར་ཉི་མ་སྐྱེས། །དེ་མ་ཐག་ཏུ་གཡོན་འཁོར་གྱིས། །ཉི་མ་སོ་སོའི་སྐྱེས་སྐར་སྟེང་། །སླེབས་པ་ཤར་གླིང་དབུས་མ་ཡི། །ཚངས་ཐིག་ཐད་དུ་སླེབས་པ་དང་། །ལྷན་ཅིག་

p. 48

གཟའ་གཞན་རིམ་པར་སྐྱེས། །ཟླ་བ་ཐ་སྐར་མིག་དམར་མཆུ། །ལྷག་པ་ལྷག་མཚམས་ཕུར་བུ་ནི། །མེ་བཞི་པ་སངས་ནབས་སོ་དང་། །སྤེན་པ་སྣྲུབས་ཀྱི་སྟེང་སྐྱེས་ནས། །རང་རང་སྐྱེས་པའི་ཉིན་ཞག་ལ། །དབང་བྱས་པས་ན་རེས་གཟའ་གྲགས། །སྒྲ་གཅན་ནག་པ་མཇུག་ནམ་གྲུ། །མཇུག་རིང་ཆུ་སྨད་སྟེང་དུ་སྐྱེས། །རང་རང་ཞིང་དང་སྐྱེས་སྐར་ལ། །དགྲ་ཟླ་ཞུགས་ན་རྩོད་པར་བྱེད། །སྐར་ཁྱིམ་གོ་ལ་སྣང་འགྲོས་ཀྱིས། །གཡས་སྐོར་ཉིན་ཞག་རེ་ལ་འཁོར། །རང་འགྲོས་སྒྲ་གཅན་དུས་མེ་དག །གཡས་སྐོར་གཟའ་གཞན་གཡོན་སྐོར་གྱིས། །སྐར་ཁྱིམ་གཞི་ལ་སྤྱོད་པ་ཡིན། །དལ་རྐང་རང་རང་སྐྱེས་སྐར་དང་། །མྱུར་རྐང་དལ་བ་ལས་བརྩམས་ཏེ། །རིམ་དང་རིམ་མིན་རྐང་སྔ་ཕྱིས། །ནོར་དང་བུ་ལོན་དུ་སྤྱད་ནས། །སླར་ཡང་སྐྱེས་སྐར་ཉི་མའི་སྟེང་། །ནོར་དང་བུ་ལོན་ཁ་དག་འགྱུར། །ཟླ་ལྷག་པ་སངས་མཇུག་རིང་བཞི། །ཞི་བའི་གཟའ་ཡིན་གཡོན་ནས་ཏེ། །དྲག་གཟའ་དམར་ཕུར་སྤེན་པ་གསུམ། །ཉི་མའི་གཡས་ནས་འཆར་ནུབ་བྱེད། །འཕྲད་ཚེ་ཞི་གཡོན་དྲག་གཟའ་གཡས། །ནང་མཐུན་འཕྲད་ན་ངེས་མེད་རྒྱུ། །སྒྲ་གཅན་གདོང་ནས་དུས་མེའི་བར། །འཁོར་ཕྱེད་ལ་ཁྱབ་མཉམ་ལམ་རྒྱུ། །ཟེར་ཡང་ཉི་ཟླར་འཇུག་ཚུལ་ལ། །བརྟག་ན་བགྲོད་གཉིས་ཡོད་པར་གོ། ༈འཁོར་ཚུལ་ཁྱིམ་དང་ཁྱིམ་ཅན་དག །གཉིས་ཀ་འཕྱུགས་མེད་འདོད་པ་དང་། །ཁྱིམ་ཅན་འབའ་ཞིག་འཕྱུགས་པ་རུ། །འདོད་ཚུལ་མི་འདྲ་རྣམ་པ་གཉིས། །དང་པོ་རྨོག་བརྩེགས་མའི་ལུགས་ཏེ། །ཁྱིམ་སྐར་བཞིན་དུ་ཁྱིམ་ཅན་ཡང་། །ལྷོ་བྱང་བགྲོད་གཉིས་མི་བྱེད་པར། །སྟེང་ནས་སྟེང་དུ་བརྩེགས་ཞེས་ལོ། །འཕྱུགས་པར་འདོད་པའི་ལུགས་ལ་ཡང་། །ཕྱིར་བསྐྱེད་སྟེང་བསྐྱེད་ལྕགས་སྒྲོག་མ། །གྲུ་ཆགས་མ་སྟེ་དང་པོ་གཉིས། །གླིང་བཞིར་དུས་བཞི་མཉམ་པར་འདོད། །གསུམ་པས་གླིང་གཉིས་དབྱར་དུ་གཅིག །གཞན་གཉིས་དགུན་དུ་གཅིག་ཅེས་ཟེར། །བཞི་པ་དུས་བཞི་འཁོར་བའི་ལུགས། །འདི་ལའང་འདོད་ཚུལ་གསུམ་ཡོད་དེ། །མཁའ་ལ་ཁྱིམ་དང་སར་དུས་བཞི། །གཉིས་ཀ་གཡས་སྐོར་འདོད་པ་དང་། །དུས་གཡོན་ཁྱིམ་རྣམས་གཡས་སྐོར་དང་། །གཉིས་ཀ་གཡོན་སྐོར་འདོད་པ་གསུམ། །དང་པོ་གཉིས་

p. 49

ལ་རྒྱུད་འགྲེལ་གྱི། །ལུང་དང་རིགས་པའི་གནོད་བྱེད་འབབ། །ཐ་མ་རྒྱུད་འགྲེལ་དགོངས་པ་ཡིན། །དེས་ན་ཚུལ་དེ་འདིར་གསལ་བྱ། །ཇི་ལྟར་རིགས་པའི་གཞི་ངོས་ལ། །ཚངས་ཟུར་ཐིག་བཏབ་ལྟེ་བ་ནས། །ཇི་ཙམ་འཚམས་པའི་ཟླུམ་པོར་སྐོར། །དེ་ཕྱེད་གཉིས་ཀའང་ཕྱེད་ཕྱེད་བསྐོར། །ཕྱི་ནས་རིམ་བཞིན་རླུང་མེ་ཆུ། །ལས་ས་རྣམས་ཀྱི་ཕྱི་ཐིག་ཡིན། །ནང་མ་ཕྱེད་བསྐོར་ལྷུན་པོ་ཡི། །སྟེང་གི་རྒྱ་སྟེ་དེའི་སུམ་ཆར། །ཉེ་བ་ནང་བསྐོར་རྩ་བ་དང་། །དེ་བརྒྱད་ཆར་བྱས་ཆ་གཅིག་ནི། །དེའི་ཕྱིར་བསྐོར་བ་འགྲམ་སྟེགས་ཏེ། །དེ་ལྷག་དུམ་བུ་བཅོ་བརྒྱད་དུ། །བགོས་པ་ལོངས་སྤྱོད་ས་ཡིན་ནོ། །ལས་སའི་མཐའ་དང་ཚངས་ཐིག་བཞི། །འཕྲད་པའི་ས་ནས་གཡས་གཡོན་དུ། །ཚངས་ཟུར་བར་གྱི་སུམ་ཆ་གཟུང་། །དེ་སྟེང་ཐིག་བརྒྱད་པདྨ་ཡི། །གཅུས་ཐིག་བཞིན་བཏབ་གླིང་བཅུ་གཉིས། །ལྷོ་གླིང་དབུས་མ་ཕྱེད་བཅད་པའི། །བྱང་མ་དྲུག་བགོས་ཡུལ་དྲུག་ཡིན། །གླིང་རྣམས་ཀུན་གྱི་ནང་མཐའ་ཡི། །ཟླུམ་ཐིག་སོ་སོའི་དབུས་དྲང་སྟེང་། །གཟུང་སྟེ་དུམ་བུ་བདུན་པ་ཡི། །ཕྱེད་མཚམས་ནས་བསྐོར་རང་རང་གི། ལྷོ་བགྲོད་གཞན་ཕྱོགས་བྱང་བགྲོད་དང་། །ཕན་ཚུན་དཔྱིད་སྟོན་མཉམ་པ་སྟེ། །དེ་བཞིན་སྐོར་ཐེངས་བཅུ་གཉིས་ཀྱིས། །ཁྱིམ་ཟླ་བཅུ་གཉིས་འཁོར་ཚུལ་སྟོན། །ཁ་དོག་རི་རབ་དབུས་ལྗང་ཁུ། །ཤར་ནག་ལྷོ་དམར་ནུབ་སེར་པོ། །བྱང་དཀར་ལུག་དང་བུ་མོ་དཀར། །ཉ་སྲང་དམར་ཞིང་སྡིག་བུམ་ནག །གླང་སེང་སེར་ལ་ཀར་འཁྲིག་སྔོ། །གཞུ་དང་ཆུ་སྲིན་ལྗང་ཁུ་སྟེ། །གླིང་སོགས་ཇི་ལྟར་རིགས་པས་བསྒྱུར། ༈ །དེ་ཕྱིར་དུས་སྦྱོར་བཅུ་གཉིས་པོ། །རྒྱུ་ལམ་གཅིག་ལས་མི་འདའ་བར། །རྟག་ཏུ་འགྲོས་མཉམ་གཡས་སྐོར་རྒྱུ། །ལུག་ཁྱིམ་ཤར་དུ་བསིལ་རི་ལ། །ཉེར་མཐོ་ནུབ་ཏུ་མེར་ཉེ་དམའ། །ལྷོ་བྱང་གཉིས་སུ་མཉམ་པར་རྒྱུ། །ཀརྚ་ལྷོ་རུ་བསིལ་རི་ལ། །ཉེར་མཐོ་བྱང་དུ་མེར་ཉེ་དམའ། །ཤར་ནུབ་གཉིས་སུ་མཉམ་པར་རྒྱུ། །སྲང་ནི་ནུབ་ཏུ་བསིལ་རི་ལ། །ཉེར་མཐོ་ཤར་དུ་མེར་ཉེ་དམའ། །ལྷོ་བྱང་གཉིས་སུ་མཉམ་པར་རྒྱུ། །ཆུ་སྲིན་བྱང་དུ་བསིལ་རི་ལ། །ཉེར་མཐོ་ལྷོ་རུ་མེར་ཉེ་དམའ། །ཤར་ནུབ་གཉིས་སུ་མཉམ་པར་རྒྱུ། །དེ་བཞིན་ཁྱིམ་གཞན་བརྒྱད་ལའང་སྦྱར། ༈ །ཁྱད་

p. 50

པར་འཛམ་གླིང་ཆུང་ངུ་འདིའི། །སྟེང་ཐད་ཁྱིམ་གྱི་འགྲོ་ལམ་རྣམས། །རྟོགས་ཕྱིར་རྒྱ་མཚོའི་བཞི་ཆ་གཅིག །ནང་དོར་དེ་དང་ཚངས་ཐིག་གཉིས། །འཕྲད་སར་གཟུང་ནས་བསིལ་རི་དང་། །མེ་ལ་ཐུག་བར་ཟླུམ་པོར་བསྐོར། །དེ་ཡི་ཤར་ནུབ་དབུས་དྲང་པོར། །མཉམ་ལམ་མཚོན་བྱེད་རེ་ཁཱས་བཅད། །དེ་ཡི་ཤར་ཕྱེད་བྱང་མར་ལུག །ནུབ་ཕྱེད་བྱང་མར་བུ་མོའི་བར། །གཡོན་སྐོར་བཀོད་པ་བྱང་ཁྱིམ་དྲུག །དེ་བཞིན་ནུབ་ཕྱེད་ལྷོ་མར་སྲང་། །ཤར་ཕྱེད་ལྷོ་མར་ཉ་ཡི་བར། །གཡོན་སྐོར་བཀོད་པ་ལྷོ་ཁྱིམ་དྲུག །དེ་བས་ཉི་མ་ཁྱིམ་གང་དུ། །སླེབས་མ་ཐག་གི་ཉིན་མོ་དེའི། །ལྷོ་དབུས་ཚངས་ཐིག་སྟེང་ཐད་ཀྱི། །ཉི་མའི་ལམ་ཡང་དེ་དང་དེའི། །ཐོག་མའི་སྐར་མའི་འགྲོ་ལམ་ཉིད། །དེ་ཕྱིར་ལྷོ་བྱང་ཁྱིམ་དྲུག་དྲུག །ཟླུམ་པོ་ཕྱེད་པར་འདྲ་བ་ལ། །ལྷོ་ཁྱིམ་གཞུ་དབྱིབས་མེའི་ཕྱོགས་དང་། །བྱང་ཁྱིམ་པད་འདབ་བཟང་པོ་བཞིན། །བསིལ་རིའི་ཕྱོགས་སུ་གནས་ཞེས་གསུངས། །དུམ་བུ་ལྷག་མ་བཅུ་གཅིག་པོའི། །རང་རང་སྟེང་གི་གོ་ལ་ཡང་། །སྔར་བཞིན་ཟླུམ་སྐོར་མཉམ་ལམ་བཅད། །ལྷོ་གླིང་ཤར་ནས་གཡོན་སྐོར་གྱི། །སོ་སོའི་ཤར་ཕྱེད་བྱང་མ་རུ། །རིམ་བཞིན་ཉ་བུམ་ཆུ་སྲིན་གཞུ། །སྡིག་སྲང་བུ་མོ་སེང་ཀར་འཁྲིག །གླང་བཀོད་པ་ནས་འགོ་བརྩམས་ཏེ། །ཁྱིམ་རྣམས་གཡོན་སྐོར་བཀོད་པ་ཡིས། །དུམ་བུ་རང་རང་སྟེང་ཐད་ཀྱི། །འགྲོ་ལམ་མ་འདྲེས་རྟོགས་པར་འགྱུར། ༈ །ཚད་ལ་རྒྱ་དཔངས་མགྱོགས་བུལ་གསུམ། །རྒྱ་ཚད་མེ་ནས་བསིལ་རིའི་བར། །དཔག་ཚད་བདུན་ཁྲི་ལྔ་སྟོང་སྟེ། །སྐར་ཁྱིམ་འཁོར་བཅས་འགྲོ་བའི་ལམ། །དེ་ལས་ལྷོ་བྱང་དཔག་ཚད་ནི། །སྟོང་ཕྲག་ཕྱེད་དང་བཅུ་གསུམ་རེ། །དོར་དབུས་ལྔ་ཁྲི་ཉི་མའི་ལམ། །ཟླུམ་པོའི་མཐའ་ནི་སུམ་འགྱུར་ཡིན། ༈ །དཔངས་ལ་མཐོ་ཚད་བྱང་བགྲོད་མཐར། །ས་ལས་དཔག་ཚད་བརྒྱད་ཁྲི་དང་། །དྲུག་སྟོང་འཕགས་པའི་མཁའ་ལ་འཁོར། །དམའ་ཚད་ལྷོ་བགྲོད་མཐར་ཐུག་ཚེ། །བདུན་ཁྲི་ལྔ་སྟོང་འཕགས་པ་སྟེ། །སྟེང་འོག་མཐོ་དམན་བར་འགྱངས་ཁྱད། །སྟོང་ཕྲག་བཅུ་གཅིག་ཡོད་ཕྱིར་རོ། །གལ་ཏེ་ཉིན་མཚན་མཉམ་དུས་ཀྱི། །རི་མོའི་ལམ་དུ་འགྲོ་བའི་ཚེ། །བརྒྱད་ཁྲི་ལྔ་བརྒྱ་འཕགས་པར་འགྲོ། །ཕྱེད་བཅས་བརྒྱ་དང་གྱ་གཉིས་ཀྱི། །ཞག་ལ་སྟེང་

p. 51

འོག་ལྷོ་བྱང་འགྲོ། །དེ་ཡིས་སྟོང་ཕྲག་བཅུ་གཅིག་ལ། །བགོས་ཐོབ་ཞག་རེར་ཉི་མ་ཡི། །གདུང་བྱེད་སྟེང་འོག་འགྲོ་བའི་ཚད། །བདུན་ཁྲི་ལྔ་སྟོང་ལ་བགོས་ནོར། །གདུང་བྱེད་ལྷོ་བྱང་འགྲོ་བའི་ཚད། །ཞག་དུས་ལྔ་ཁྲིར་བགོས་པའི་ནོར། །ཉི་དཀྱིལ་ལྷོ་བྱང་འགྲོ་བའི་ཚེ། ༈ །མགྱོགས་བུལ་སྣང་འགྲོས་གཡས་སྐོར་དུ། །རྒྱུ་བ་ཆུ་ཚོད་རེའི་ཡུན་ལ། །དཔག་ཚད་དྲུག་སྟོང་ཕྱེད་སུམ་བརྒྱ། །འགྲོ་ཕྱིར་ཉིན་ཞག་གཅིག་ཡུན་ལ། །དཔག་ཚད་སུམ་འབུམ་བདུན་ཁྲི་དང་། །ལྔ་སྟོང་རེ་རེ་བགྲོད་པར་ནུས། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ས་དང་ཁྱིམ་གྱི་གོ་ལ་བཤད་པའི་སྐབས་ཏེ་བཅུ་གསུམ་པའོ།། །།

p. 52

༈ དེ་ལྟར་ཉི་མས་སྐར་ཁྱིམ་ལ། །སྤྱད་པས་ས་ལ་དུས་བཞི་འཁོར། །དེ་ལ་གནས་ཚུལ་འཁོར་ཚུལ་གཉིས། །གནས་ཚུལ་གཡོན་དུ་བསྐོར་བ་སྟེ། །ལྷོ་གླིང་གསུམ་ན་དཔྱིད་ཡོད་དུས། །ཤར་དུ་དབྱར་གནས་བྱང་དུ་སྟོན། །ནུབ་གླིང་གསུམ་ན་དགུན་གནས་ཏེ། །ཉི་མ་ལུག་ཁྱིམ་ཞུགས་པ་ཡི། །ཁྱིམ་ཟླ་གཅིག་པུ་ལ་མཚོན་ན། །ལྷོ་གླིང་དབུས་མར་དཔྱིད་འབྲིང་དང་། །བྱང་དབུས་སྟོན་འབྲིང་ཤར་དབུས་མར། །དབྱར་འབྲིང་ནུབ་དབུས་དགུན་འབྲིང་གནས། །དེ་བཞིན་ལྷོ་གླིང་ནུབ་མ་རུ། །དཔྱིད་ར་ཤར་མར་དཔྱིད་ཐ་སོགས། །གཡོན་དུ་རིམ་པར་བསྐོར་ཏེ་གནས། ༈ །འཁོར་ཚུལ་དུམ་བུ་རེ་རེ་ལ། །ལྟོས་ནས་དཔྱིད་དབྱར་སྟོན་དགུན་བཞི། །ར་འབྲིང་ཐ་མའི་རིམ་ཅན་དུ། །གཡས་སྐོར་ཚུལ་གྱིས་འཕོ་བ་ཡིན། །དཔེར་ན་ལྷོ་གླིང་དཔྱིད་ཟླ་གསུམ། །གནས་དུས་དབུས་མའི་དཔྱིད་འབྲིང་དེ། །ནུབ་ཏུ་འཕོ་ཞིང་ཤར་མ་ཡི། །དཔྱིད་ཐ་དབུས་མར་འཕོ་བ་སོགས། །གཡས་སུ་རིམ་པར་བསྐོར་ཏེ་འཕོ། །དེ་བས་དུམ་བུ་གང་གང་དུ། །དབྱར་ཉི་རིང་བ་མཐར་ཐུག་ཚེ། །དེ་ནས་བགྲངས་པའི་བདུན་པ་ན། །དགུན་ཉི་ཐུང་བ་མཐར་ཐུག་དང་། །གང་དུ་དཔྱིད་མཉམ་ཡོད་པ་ནས། །བགྲངས་པའི་བདུན་པར་སྟོན་མཉམ་མོ། ༈ །ཞིབ་ཏུ་གླིང་རེར་ཞག་རེ་བཞིན། །ལྡོག་མཉམ་འཕགས་པའི་ས་ཚིགས་ཀྱང་། །སུམ་ཅུ་ལྷག་ཙམ་ཡོད་པ་ལས། །རང་ཅག་གནས་པའི་ས་ཚིགས་འདིར། །ཉ་དང་བུ་མོར་མཉམ་གཉིས་དང་། །འཁྲིག་གཞུར་བགྲོད་མཐའ་གཉིས་འཕོག་ཅིང་། །ཞར་འཕྲོས་ཟླ་བའི་དབུགས་ཐོབ་དང་། །ཁྱིམ་སླེབ་སྒང་ཚད་བཅས་པ་ཡི། །དུས་གཟེར་ངེས་པ་འདིར་གསལ་བྱ། ༈ །ཁྱིམ་ཟླ་རེ་ལ་ཞག་སུམ་ཅུ། །དེ་ལས་ཁྱིམ་ཞག་བརྒྱད་པ་དང་། །ཉེར་གསུམ་པ་དང་སུམ་ཅུ་རྣམས། །རང་རང་སྒང་དུ་ཕྱི་མ་ཡི། །དབུགས་ཐོབ་ཉི་རྐང་འཕོ་མཚམས་དང་། །ཁྱད་པར་འཁྲིག་གཞུའི་ཞག་ལྔ་པས། །དབྱར་དགུན་ཉི་མ་ལྡོག་ཚིགས་སྟོན། །ཀུན་ཀྱང་རང་རང་ཁྱིམ་ཞག་གི། དུས་ལོངས་རྫོགས་པའི་ཚད་དང་བསྟུན། ༈ །དེ་རྣམས་རི་མོས་གཏན་འབེབས་ན། །དབུགས་ཐོབ་ཟླ་བ་སྔ་མ་དང་། །སྒང་

p. 53

ལ་གང་རྩིས་ལྡོག་གཉིས་ལ། །འདས་ཟླ་གཉིས་དང་བརྒྱད་བསྲེས་པའི། །ཟླ་བཤོལ་འཕྲོ་རྣམས་མཁའ་མེས་བསྒྱུར། །དེ་སྟེང་དབུགས་ཐོབ་གཟུགས་མཚོ་ཚེས། །སྒང་ལ་རོ་མེ་འབྱུང་བ་དང་། །ལྡོག་གཉིས་ལ་ནི་འབྱུང་ཡོན་མེ། །བསྲེས་ལ་མདའ་རོས་ཐོབ་ནོར་གྱིས། །རང་རང་ཟིན་པའི་ཚེས་གྲངས་སྟོན། །ནོར་ལ་མཁའ་མེ་ལོངས་ན་དོར། །དེ་ཚེ་ཕྱི་དྷྲཱུས་བསྒྲུབ་གཞི་བྱ། །མདའ་རོས་བགོས་ལྷག་གང་བྱུང་དེས། །རེ་ལྔ་ཆ་ཡི་རེའུ་མིག་གམ། །ཡང་ན་ལྷག་དེ་ལྔས་བགོས་པའི། །ནོར་གྱིས་བཅུ་གསུམ་ཆ་དང་ནི། །ལྷག་གིས་ལྔ་ཆའི་རེའུ་མིག །བཟུང་ལ་གནས་མཚུངས་བསྲེས་པ་དེ། །རང་རང་གང་ཟིན་ཚེས་དེ་ཡི། །གཟའ་ཉི་བར་པའི་སྟེང་བསྣན་པས། །སོ་སོའི་ཡུལ་དུས་ཚད་རྣམས་འཆར། །ཁྱིམ་སླེབ་གྲུབ་པའི་ཉི་དག་གིས། །སྟོན་མོད་ཚད་བཞིན་མ་ཤར་ན། །གང་ཉེའི་ལོངས་སྤྱོད་མང་བ་བཟུང་། །གང་མང་ཆུ་ཚོད་ཡིད་ཀྱིས་བསྒྱུར། །སྲང་ལ་རོས་ཐོབ་བསྲེས་པ་ཡིས། །དེ་ཉིན་རེས་གཟའི་དབྱུག་གུར་དམན། །མ་ལྡངས་གཟའ་ནས་ཕབ་ལ་སྦྱངས། །དེ་ཡི་ཚེ་ན་ཞག་སྔ་མའི། །དུས་དང་སྦྱར་ཏེ་བརྩི་བར་བྱ། །གཞན་ཡང་རྀ་ཥི་འཆར་བའི་དུས། །ཁྲུམས་ཟླའི་དབུགས་ཐོབ་ཀྱིས་སྟོན་ཅིང་། །ཕག་ཞག་བལྟ་ན་སྣྲོན་ཟླའི་འཕྲོ། །མཁའ་མེས་བསྒྱུར་ལ་བུག་མེ་དྲག །བསྲེས་ལ་བགོ་སོགས་སྔར་བཞིན་ནོ། །མདོར་ན་ས་འདིའི་ཉི་ལྡོག་ནས། །ཁྱིམ་ཞག་ཉེར་ལྔ་འདས་པའི་མཚམས། །ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ། །ལྡོག་ཚད་མཁའ་མིག་དབྱུག་ཚེས་དང་། །སྐར་དྲུག་ཞེ་ལྔ་འཆར་བ་ཡིན། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། དུས་བཞི་འཕྲོས་དོན་དང་བཅས་པའི་གཟེར་བཤད་པའི་སྐབས་ཏེ་བཅུ་བཞི་པའོ།། །།

p. 54

༈ དེ་ནས་ཉིན་ཞག་ཕྲུག་རེ་བཞིན། །མཁའ་ལ་དུས་སྦྱོར་བཅུ་གཉིས་པོ། །ས་འདིར་འོས་པའི་འཆར་རྩིས་བཤད། །དེ་ལ་ཐོག་མར་ཉིན་ཚད་ནི། །ཉ་དང་བུ་མོ་སུམ་ཅུར་མཉམ། །ཆུ་ཚོད་གཟུགས་མེ་ཆུ་སྲང་ཕྱོགས། །ལུག་སེང་ཚད་ཡིན་མིག་མེའི་དབྱུག །མཁའ་མིག་སྲང་སྟེ་གླང་ཀརྚ། །ཕྱེད་བཅས་མེ་རྩེའི་དབྱུག་འཁྲིག་པ། །ཀླུ་ལག་ཆུ་ཚོད་མཁའ་འབྱུང་སྲང་། །བུམ་སྲང་ཚད་དོ་འཁོར་ལོའི་དབྱུག །མཁའ་མཚོའི་ཆུ་སྲང་ཆུ་སྲིན་སྡིག །ཕྱེད་བཅས་རོ་མིག་གཞུའི་ཚད་དོ། །དེ་རྣམས་སོ་སོས་མཁའ་རོ་ལ། །ཕྲི་ལྷག་རང་རང་མཚན་ཚད་ཡིན། །ཉི་མའི་དལ་བར་སྐར་མ་གང་། །མཁའ་རོས་བསྒྱུར་ལ་ཆུ་ཚོད་བཅུག །མདའ་ཡོན་ཟླས་ཐོབ་འདས་པའི་ཁྱིམ། །ལྷག་མ་མཁའ་མེས་བསྒྱུར་བ་ལ། །ཆུ་སྲང་མིག་གིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་འདས་ཞག་སྟེ། །དེ་ནི་དོན་གྱི་ཁྱིམ་འཕོ་ཡིན། །འདས་ཞག་སྟེང་ནས་རི་ཡིས་སྦྱངས། །མ་ལྡངས་ཁྱིམ་ནས་ཕབ་སྦྱངས་ལྷག །འདས་པའི་ཁྱིམ་ཟླ་ཡིན་མོད་ཀྱང་། །ངོ་ཐོག་ཁྱིམ་དེ་རེ་ཞིག་བར། །རང་ཁྱིམ་ད་ལྟ་བར་འདོགས་པ་། །དེ་ནི་བྱེད་པ་སླ་ཕྱིར་ཡིན། །རི་ཡིས་ཕྲི་བའི་ཞག་ལྷག་གང་། །གནས་གཉིས་སྟེང་འོག་མིག་གིས་བསྒྱུར། །རོ་དང་མཁའ་རོས་སྟེང་བསྒྲིལ་བའི། །ཆུ་ཚོད་ཆུ་སྲང་དབུགས་གསུམ་གྱིས། །བྱེད་པ་སླ་བའི་ཁྱིམ་དེ་ཡི། །འཁྲིག་ཀར་བུ་མོ་སེང་སྲང་སྡིག །ཉིན་ཚད་ཆུ་ཚོད་སོགས་ལ་སྦྱང་། །གཞུ་དང་ཆུ་སྲིན་བུམ་ཉ་ལུག །གླང་རྣམས་ཉིན་ཚད་སྟེང་དུ་བསྣན། །གང་རྩིའི་དུས་དེའི་ཉིན་ཚད་ཡིན། །དེ་ཡིས་མཁའ་རོ་ལ་ཕྲི་མཚན། ༈ །དེ་ནས་དུས་སྦྱོར་སོ་སོ་ཡི། །འཆར་ཡུན་སྲང་ཚད་ངེས་བྱ་སྟེ། །འབྱུང་མཁའ་མེ་ནི་ཉ་བུམ་ཚད། །མཁའ་བུག་ལག་ནི་ལུག་ཆུ་སྲིན། །ནམ་མཁའ་མཁའ་མིག་གླང་དང་གཞུ། །སྟོང་པ་འཁོར་ལོ་འཁྲིག་པ་སྡིག །མཁའ་རོ་མེ་ནི་ཀརྚ་སྲང་། །འབྱུང་རི་མེ་ནི་སེང་གེ་དང་། །བུ་མོའི་འཆར་ཚད་སྲང་ཡིན་ནོ། །རི་ཡིས་ཕྲི་བའི་ཞག་ལྷག་དེ། །རང་གི་འཆར་ཡུན་སྲང་གིས་བསྒྱུར། །མཁའ་མེས་བགོས་ཐོབ་འདས་སྲང་སྟེ། །དེ་ཡིས་རང་གི་སྲང་ཚད་ལ། །ཕྲི་ལྷག་མ་འོངས་ཆུ་སྲང་ཡིན། །ཐུར་

p. 55

མའི་བགོད་གཞི་རགས་པ་ནི། །ཆུ་སྲང་མཁའ་མཁའ་མཁའ་བུག་ལ། །ལུག་སེང་མདའ་ཀླུ་དབང་པོ་སྦྱང་། །གླང་ཀར་མཁའ་མཚོ་ཉི་མ་ཕྲི། །འཁྲིག་པར་མདའ་རོ་བུག་གཟུགས་དམན། །ཉ་དང་བུ་མོ་རང་སར་བཞག །བུམ་པ་སྲང་དུ་ཚེས་མདའ་བྱིན། །ཆུ་སྲིན་སྡིག་པར་མཁའ་རོ་བུག །འབྱུང་མེ་འདོད་པ་གཞུར་བསྣན་ལ། །རང་ཆ་བདུན་བཅས་ཐུར་གྲིབ་ཀྱིས། །བགོས་པས་ཐོབ་པ་ཆུ་སྲང་ཡིན། །ལྷག་མ་རོས་བསྒྱུར་ཐོབ་པ་དབུགས། །སྲང་ལ་མཁའ་རོས་ཐོབ་པའི་ནོར། །ཆུ་ཚོད་གནས་སུ་བཞག་པ་ཡིས། །སྔ་འདས་ཕྱི་དྲོ་ལུས་པ་རྟོགས། །ཉིན་ཚད་སྟེང་ནས་དེ་རྣམས་ཀྱིས། །ཕྲི་ལྷག་སྔ་ལུས་ཕྱི་འདས་ཀྱི། །ཆུ་ཚོད་ལ་སོགས་རྟོགས་པར་འགྱུར། ༈ །དེ་ནས་ཏཏྐཱལ་ངོས་འཛིན་ནི། །ཐུར་བཙལ་འདས་དབྱུག་མཁའ་རོས་བསྒྱུར། །འོག་གི་སྲང་བཅུག་ཚོགས་དེ་ལ། །རང་གི་ཆུ་སྲང་མ་འོངས་པས། །ཐོག་མ་བྱས་ནས་རིམ་བཞིན་དུ། །ཉ་སོགས་དྲུག་ལ་ལུགས་འབྱུང་དང་། །བུ་མོ་སོགས་དྲུག་ལྡོག་སྟེ་ཕྲི། །གང་ཚེ་མ་ལྡངས་ཏཏྐཱལ། ༈ །ལྷག་དེ་མཁའ་མེས་བསྒྱུར་བ་ལ། །ཏཏྐཱལ་གང་བབས་སྲང་ཚད་ཀྱིས། །ཐོབ་པ་ཆ་ཤས་ལྷག་མ་རྣམས། །མཁའ་རོ་ལན་གཉིས་དུས་ཀྱིས་བསྒྱུར། །རིམ་ཐོབ་བརྩེགས་སྟེང་ཏཏྐཱལ་བཀོད། །སྟེང་ནས་རིམ་བཞིན་ཏཏྐཱལ། །ཆ་ཤས་ཆུ་ཚོད་སྲང་དབུགས་ཏེ། །དུས་སྦྱོར་གྱི་ནི་གནས་ལྔར་བཞེད། །གལ་ཏེ་དབུགས་ལྷག་དག་འདོད་ན། །རང་སྲང་ལྔ་ཆས་བསྒྱུར་ཐོབ་ཆ། ༈ །དེ་ནས་མི་མཉམ་དུམ་དྲུག་ལས། །གཅིག་པ་བརྟག་ཕྱིར་གནས་ལྔ་ཡི། །ཏཏྐཱལ་མཁའ་མེས་བསྒྱུར་ཆ་བཅུག །དེ་ཡང་མཁའ་རོས་བསྒྱུར་དབྱུག་བཅུག །ནམ་མཁའ་མཁའ་ཀླུ་གཟུགས་ཀྱིས་བགོ། ཐོབ་པ་དུས་སྦྱོར་ཏཏྐཱལ། ༈ །དེ་ལྷག་གང་བྱུང་ཕྱེད་པ་ནས། །སུམ་ཅུའི་ཆའི་བར་བགོད་གཞི་ཡིན། ༈ །ཕྱེད་པ་བརྟག་ཕྱིར་བགོད་གཞི་དེ། །མཁའ་མཁའ་བུ་གས་བགོ་བར་བྱ། །རྙེད་པ་ཡོད་དམ་མེད་ཀྱང་རུང་། །འདི་ནས་སུམ་ཅུ་ཆའི་བར་དུ། །ལྷག་མ་བྱུང་ན་གཅིག་བྱིན་བྱ། །རྙེད་པ་གཉིས་ལས་མང་མི་སྲིད། །གཅིག་བདག་ཉི་མ་གཉིས་ཟླ་བ། ༈ །སུམ་ཆ་བརྟག་ཕྱིར་བགོད་གཞི་དེ། །ནམ་མཁའ་སྟོང་པ་རོ་ཡིས་བགོ། རྙེད་པ་གསུམ་ལས་མང་མི་སྲིད། །གཅིག་ནི་ཏཏྐཱལ་

p. 56

ཞིང་བདག་སྟེ། །གཉིས་ནི་ཏཏྐཱལ་ནས་བགྲངས་ལྔ། །གསུམ་ནི་ཏཏྐཱལ་ནས་བགྲངས་པའི། །དགུ་པའི་ཞིང་བདག་གཟའ་འབྲས་འབྱུང་། ༈ །དགུ་ཆ་བརྟག་ཕྱིར་བགོད་གཞི་ལ། །མཁའ་མཁའ་མིག་ཐོབ་དགུ་ཆ་སྟེ། །ཏཏྐཱལ་གང་ཡིན་ངེས་བྱས་ལ། །ལུག་སེང་གཞུ་རྣམས་ལུག་ནས་བགྲང་། །ཆུ་སྲིན་བུ་མོ་གླང་རྣམས་ནི། །ཆུ་སྲིན་ཉིད་ནས་ཐོག་མ་བྱ། །འཁྲིག་བུམ་སྲང་གསུམ་སྲང་ནས་བགྲང་། །ཀརྐ་ཊ་དང་སྡིག་པ་ཉ། །ཀརྚ་ནས་བཟུང་དགུ་ཆ་བགྲང་། །གང་བབ་ཞིང་བདག་འབྲས་བུ་སྟོན། ༈ །བཅུ་གཉིས་ཆ་ལ་བགོད་གཞི་དེ། །མཁའ་ཚེས་ཀྱིས་ཐོབ་ཏཏྐཱལ་ནས། །བགྲངས་པའི་ཞིང་བདག་འབྲས་བུ་འབྱུང་། ༈ །སུམ་ཅུ་ཆ་ལ་བགོད་གཞི་དེ། །ནམ་མཁའ་རོ་ཡིས་བགོ་བར་བྱ། །དམར་སྤེན་ཕུར་བུ་ལྷག་སངས་ལྔ། །དབུས་བཞག་གཡས་གཡོན་གནས་གཉིས་ལ། །ལྔ་ལྔ་བརྒྱད་བདུན་ལྔ་རྣམས་བཀོད། །ལུག་སོགས་མི་མཉམ་རིམ་པ་གཡས། །གླང་སོགས་མཉམ་གཡོན་རིམ་མིན་བགྲང་། །གྲངས་མཐུན་དབུས་ཀྱི་བདག་འབྲས་སྟོན། ༈ །མཉམ་པ་ཉིན་ཞག་གཅིག་ལ་ནི། །དུས་སྦྱོར་ཉིན་དྲུག་མཚན་དྲུག་སྟེ། །བཅུ་གཉིས་རྫོགས་པར་འཆར་བ་ཡི། །དུམ་བུ་སོ་སོའི་ལོངས་སྤྱོད་བཤད། །ཞག་གཅིག་དབུགས་གྲངས་ཉི་ཁྲི་དང་། །ཆིག་སྟོང་དྲུག་བརྒྱར་ཉི་མ་ཡིས། །ཐོབ་ནོར་དུས་སྦྱོར་གཅིག་པའི་ཚད། །དེ་ལ་མིག་དང་རྩེ་མོ་དང་། །བུ་ག་ཉི་མ་མཁའ་མེ་ཡིས། །ཐོབ་ནོར་རིམ་བཞིན་ཕྱེད་པ་དང་། །སུམ་ཆ་དགུ་ཆ་བཅུ་གཉིས་ཆ། །སུམ་ཅུ་ཆ་ཡི་ལོངས་སྤྱོད་དེ། །རོ་དང་མཁའ་རོས་སྟེང་བསྒྲིལ་བས། །སོ་སོའི་ཆུ་ཚོད་ལ་སོགས་སྟོན། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། དུས་སྦྱོར་བཤད་པའི་སྐབས་ཏེ་བཅོ་ལྔ་པའོ།། །།

p. 57

༈ དེ་ནས་ཉི་མ་ཟླ་བ་དང་། །སྒྲ་གཅན་གདོང་མཇུག་གཟའ་ལྔ་ཡི། །ཡུལ་དུས་ལོངས་སྤྱོད་སྒྲིག་ཐབས་བཤད། །རང་རང་དཀྱིལ་འཁོར་མཁའ་རོས་བསྒྱུར། །རྒྱུ་སྐར་ཆུ་ཚོད་ཀྱིས་ཐོབ་དབྱུག །ལྷག་རྣམས་མཁའ་རོ་དུས་རང་ཆས། །བསྒྱུར་ཐོབ་ཆུ་ཚོད་བསྒྱུར་གཞིའོ། །དེ་ཉིད་གནས་གཉིས་ཕྱོགས་གཅིག་ལ། །མཁའ་རོས་རིམ་ཕྱེ་སྲང་བསྒྱུར་ཞིང་། །གནས་གཉིས་ཕྱོགས་གཅིག་དུས་དང་ནི། །དེ་ནོར་ཕྱོགས་གཅིག་རང་ཆ་ཡིས། །སོ་སོར་ཐོབ་པ་དབུགས་ཆའི་གཞི། ༈ །དེ་ནས་སྐབས་བབས་གཟའ་སོ་སོའི། །དལ་བ་བར་པའི་ཆུ་ཚོད་དང་། །སྲང་དབུགས་ཆ་ཡིས་བསྒྱུར་གཞི་རྣམས། །སོ་སོའི་གནས་རྣམས་ཆའི་བར་བསྒྱུར། །གནས་མཚུངས་བསྲེས་ལ་རང་འཁོར་གྱིས། །བསྒྲིལ་བས་དུས་ཀྱི་ལོངས་སྤྱོད་འཆར། ༈ །ཉི་ཟླ་དག་དང་སྒྲ་གཅན་གྱི། །ལོངས་སྤྱོད་གཟའ་ལྔའི་དལ་དག་དང་། །མྱུར་བ་དག་རྣམས་ཉིན་ཞག་ལ། །བརྩིས་པའི་ཞག་རེའི་ལོངས་སྤྱོད་དེ། །གནས་རྣམས་རིམ་བཞིན་མཁའ་རོས་ཕྱེ། །དེ་ནོར་སྔ་མ་སྔ་མ་ལ། །མཁའ་རོ་དུས་དང་ཆས་ཕྱེ་བའི། །ནོར་རྣམས་གང་རྩིའི་དུས་དེ་ཡི། །འདས་དབྱུག་སྲང་དབུགས་ཆས་རིམ་བཞིན། །སོ་སོའི་གནས་རྣམས་ཐམས་ཅད་བསྒྱུར། །བསྲེས་ལ་རང་འཁོར་བསྒྲིལ་བ་ཡིས། །དུས་དེའི་ཚེ་ན་ཡུལ་སྟེང་ནས། །གང་སྤྱད་བདེ་བླག་རྟོགས་པར་འགྱུར། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། གཟའ་རྣམས་ཀྱི་ཡུལ་དུས་སྒྲིག་པའི་གནད་རགས་ཞིབ་བཤད་པའི་སྐབས་ཏེ་བཅུ་དྲུག་པའོ།། །།

p. 58

༈ གྲུབ་མཐའི་ཞག་གསུམ་རྣམ་གཞག་ལ། །སྤྱིར་བསྟན་དེ་དབྱེ་རྣམ་པ་གཉིས། །སྤྱི་ནི་ཞག་གསུམ་སོ་སོ་ཡི། །ཐ་སྙད་ཡིན་ཏེ་ཉིན་ཞག་ནི། །ནམ་མཁའི་ཉི་མས་སའི་གླིང་ལ། །བྱ་བ་བྱེད་ཚུལ་གྱིས་འཇོག་པས། །ནམ་ལངས་ནས་ནི་ནམ་ལངས་བར། །ཉིན་ཞག་ཕྲུགས་གཅིག་དག་ལ་བརྗོད། །ཚེས་ཞག་ཟླ་བའི་དཀར་ནག་ཆ། །འཕེལ་འགྲིབ་བཅོ་ལྔ་བཅོ་ལྔ་ཡི། །ཆ་རེའི་ཡུན་ལ་བཏགས་པར་ཟད། །ཁྱིམ་ཞག་ཅེས་པ་ཉི་བར་གྱིས། །ཁྱིམ་རེ་འཕོ་བའི་ཡུན་ཚད་ལ། །སུམ་ཅུར་བྱས་པའི་ཆ་རེར་བཞག །༈དབྱེ་བ་ཞག་གསུམ་སོ་སོ་ཡི། །དུས་ཀྱི་ཚད་བཤད་དེའི་ཡུན་ལ། །སྐར་ཁྱིམ་ཡུལ་ལ་གཟའ་རྣམས་ཀྱིས། །སྤྱོད་པའི་དཀྱིལ་འཁོར་རྟག་ལོངས་སོ། ༈ །དེ་ལ་ཞག་གསུམ་དུས་ཀྱི་ཚད། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །ཆུ་ཚོད་སར་བསྒྲིལ་དྲུག་ཅུ་ནི། །ཉིན་ཞག་དུས་ཀྱི་རྟག་ལོངས་སོ། །དབུགས་གྲངས་དེ་ཉིད་རི་མཁའ་རིས། །བསྒྱུར་ལ་གནས་གསུམ་འོག་ནས་ཡར། །རི་མཁའ་རི་དང་ཆུ་རོ་ཡིས། །བསྒྲིལ་བའི་ནོར་གྱིས་སྟེང་མར་སྦྱང་། །སྦྱངས་ལྷག་རི་མཁའ་རི་དང་རོ། །མཁའ་རོས་བསྒྲིལ་བས་བུག་མདའི་དབྱུག །སྲང་མེ་དབུགས་མཚོ་ཆ་མི་བདག །ཚེས་ཞག་དུས་ཀྱི་རྟག་ལོངས་ཡིན། །དེ་ཉིད་རི་མཁའ་རིའི་བར་གསིལ། །གནས་གཉིས་འོག་མ་མིག་གིས་བསྒྱུར། །མདའ་རོས་ཐོབ་ནོར་སྟེང་མར་བསྲེ། །ཚོགས་དེ་རི་མཁའ་རི་དང་རོ། །མཁའ་རོས་བསྒྲིལ་བས་མཁའ་རོའི་དབྱུག །ཆུ་སྲང་མིག་འབྱུང་དབུགས་རྒྱ་མཚོ། །རི་མཁའ་རི་ཆ་ཀླུ་རོ་གཟུགས། །མདའ་རོའི་ཆ་ཤས་མཁའ་འབྱུང་རྣམས། །ཁྱིམ་ཞག་དུས་ཀྱི་རྟག་ལོངས་ཡིན། །གཞན་ཡང་རི་མོའི་རྣམ་འགྱུར་ལ། །ཉིན་ཞག་དུས་ལོངས་མཁའ་རོའི་དབྱུག །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། །ཉི་མ་འདོད་ཟླས་རིམ་བགོ་ཞིང་། །དབུགས་ལྷག་བཅུ་དྲུག་གིས་བགོས་པས། །ཚེས་ཞག་དུས་ཀྱི་རྟག་ལོངས་འཆར། །དེ་ལས་བསྒྱུར་བྱ་སྒྱུར་བྱེད་དག །ལྡོག་ལ་རི་མཁའ་རི་སོགས་ཀྱིས། །ཆུ་ཚོད་སར་བསྒྲིལ་བགོད་བྱེད་ཀྱང་། །ལྡོག་པས་ཉིན་ཞག་དུས་ལོངས་འཆར། །དེ་ལས་ཁྱིམ་ལོངས་བསྒྲུབ་འདོད་ན། །བུག་མཁའ་མིག་

p. 59

བུག་ཡིད་ཀྱིས་བསྒྱུར། །དུས་མདའ་མཁའ་རི་ཡིད་རྣམས་ཀྱིས། །རིམ་པར་བགོས་པས་ཁྱིམ་ལོངས་འབྱུང་། །བསྒྱུར་བྱ་སྒྱུར་བྱེད་དེ་ལྡོག་གིས། །བསྒྱུར་ལ་འཁོར་ལོས་དབྱུག་སར་སྒྲིལ། །བགོད་བྱེད་ལྡོག་པས་དེ་ལས་སླར། །ཉིན་ལོངས་གནས་སུ་ལྡོག་པར་འགྱུར། །ཚེས་ཞག་དུས་ལོངས་རི་རོ་ཡིས། །བསྒྱུར་ལ་མདའ་རོས་རིམ་བགོས་པས། །ཁྱིམ་ཞག་དུས་ཀྱི་རྟག་ལོངས་འཆར། །དེ་ཡི་རི་མཁའ་རིའི་ཆ་ཤས། །འདོད་བསྒྱུར་འོག་གི་རེ་ལྔ་ཆ། །ལྔས་བགོས་ཐོབ་ནོར་བསྲེས་པ་ཡིས། །གཟུགས་བུག་གཟུགས་བུག་ཆ་རུ་འགྱུར། །དེ་ལས་བསྒྱུར་བྱ་སྒྱུར་བྱེད་དག །ལྡོག་ལ་བགོད་བྱེད་ཀྱང་ལྡོག་པས། །རིམ་བགོས་ཚེས་ཞག་དུས་ལོངས་ཏེ། །དེ་ཡི་གཟུགས་བུག་གཟུགས་བུག་ཆ། །འདོད་པས་ཕུད་པ་རི་མཁའ་རིའི། །ཆ་ཤས་གང་ཡིན་སྟོན་པར་འགྱུར། །ཉིན་ཞག་དུས་ལོངས་གནས་གཉིས་གཅིག །ཐུབ་རི་ཟླ་བས་བསྒྱུར་བ་ལ། །ཉི་མ་འདོད་ཟླས་རིམ་བགོད་ཅིང་། །དབུགས་ལྷག་བཅུ་དྲུག་གིས་བགོས་ནས། །ཉིན་ལོངས་ཅིག་ཤོས་ལ་སྦྱངས་པས། །ཚེས་ཞག་དུས་ཀྱི་ལོངས་སྤྱོད་འཆར། །དེ་ཉིད་གནས་གཉིས་བཀོད་བྱས་པའི། །གཅིག་གི་གནས་ཀུན་ཐུབ་རི་ཟླས། །བསྒྱུར་ལ་འབྱུང་འདོད་དྲག་པོ་ཡིས། །རིམ་ཐོབ་ཅིག་ཤོས་ལ་བྱིན་ཏེ། །བསྒྲིལ་བས་ཉིན་ཞག་དུས་ལོངས་འཆར། །དེ་ཉིད་གནས་གཉིས་བཀོད་བྱས་པའི། །གནས་གཅིག་མེ་ཚེས་ལག་པས་བསྒྱུར། །དུས་མདའ་མཁའ་རི་ཡིད་རྣམས་ཀྱིས། །རིམ་པར་བགོད་ཅིང་དབུགས་ལྷག་དེ། །མི་བདག་གིས་ཕྱེ་ཅིག་ཤོས་ལ། །བྱིན་པས་ཁྱིམ་ཞག་དུས་ལོངས་འབྱུང་། །ཚོགས་དེ་གནས་གཉིས་གཅིག་གི་གནས། །མེ་ཚེས་ལག་པས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་རྣམས་ཀྱིས། །རིམ་བགོས་ནོར་གྱིས་ཅིག་ཤོས་ལ། །ཕྲི་བས་ཉིན་ཞག་དུས་ལོངས་འཆར། །ཚེས་ཞག་དུས་ལོངས་གནས་གཉིས་གཅིག །མིག་གིས་བསྒྱུར་ལ་མདའ་རོ་ཡིས། །རིམ་བགོས་ཐོབ་པ་ཅིག་ཤོས་ལ། །བསྣན་ཅིང་རི་མཁའ་རི་ཆ་དེ། །འདོད་བསྒྱུར་འོག་གི་མདའ་རོ་ཆ། །ལྔས་ཐོབ་བསྲེས་པས་ཁྱིམ་ལོངས་འཆར། །དེ་ཉིད་གནས་གཉིས་གཅིག་གི་གནས། །མིག་གིས་བསྒྱུར་ལ་རི་རོ་ཡིས། །རིམ་བགོས་ཐོབ་པ་ཅིག་ཤོས་ལ། །དབྲི་ཞིང་ཆ་དེ་འདོད་

p. 60

པ་ཡིས། །བགོས་པས་ཚེས་ཞག་དུས་ལོངས་འཆར། ༈ །ཉི་མས་སྐར་ཁྱིམ་འཁོར་ཡུན་ལ། །ཞག་གསུམ་ཚད་དེས་གཞལ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །ལོ་གཅིག་མཁའ་དུས་མེས་བསྒྱུར་བ། །རང་རང་ལོ་ཡི་ཞག་ཚད་དང་། །ཉི་མའི་འཕོ་ཞག་ཁྱིམ་དཀྱིལ་ཡིན། །དེ་ཉིད་གནས་གཉིས་འོག་མ་དེ། །མིག་བསྒྱུར་མདའ་རོས་ཐོབ་པའི་ནོར། །སྟེང་བསྲེས་ཞག་གོ་ལྷག་མ་དེ། །མཁའ་རོ་མཁའ་རོ་དུས་དང་ནི། །འདོད་པས་བསྒྱུར་ལ་མདའ་རོ་ཡིས། །རིམ་ཐོབ་གཟུགས་རི་རྩེ་མོའི་ཞག །ཆུ་ཚོད་རིག་བྱེད་དུས་མེའི་སྲང་། །འབྱུང་དབུགས་འདོད་ཆར་ཐུབ་པ་རྣམས། །ཉི་མའི་ཚེས་ཞག་དཀྱིལ་འཁོར་ཡིན། །ཚེས་དཀྱིལ་རི་མཁའ་རི་ཆར་གསིལ། །གནས་གསུམ་འོག་མ་རི་མཁའ་རིས། །བགོས་ནོར་བར་བྱིན་ཆུ་རོས་བགོ། ལྷག་མེད་ནོར་དེས་སྟེང་མར་སྦྱངས། །རི་མཁའ་རི་དང་འདོད་སོགས་ཀྱིས། །བསྒྲིལ་བས་མདའ་དུས་རྩེ་མོའི་ཞག །དབྱུག་གུར་མི་བདག་ཆུ་སྲང་ཡིད། །དབུགས་གཟུགས་འདོད་ཆར་ཉི་མ་དང་། །རི་མཁའ་རི་ཆར་གཟུགས་ཉི་རྣམས། །ཉི་མའི་ཉིན་ཞག་དཀྱིལ་འཁོར་ཡིན། །ཡང་ན་ཁྱིམ་ཞག་དཀྱིལ་འཁོར་དེ། །རི་རོས་བསྒྱུར་ལ་མདའ་རོ་ཡིས། །ཐོབ་པ་ཞག་སྟེ་ལྷག་འབྱུང་བ། །མདའ་རོ་ཆ་ཡིན་དེ་ལ་ལྔས། །ཕྱེ་ནོར་ཞག་གི་འདོད་ཆ་སྟེ། །ཉི་མའི་ཚེས་ཞག་དཀྱིལ་འཁོར་ཡིན། །དེ་ཡི་ཞག་གནས་མདའ་རོས་བསྒྱུར། །འདོད་ཆ་ལྔ་ཡིས་བསྒྱུར་བ་བསྲེ། །དེ་ལ་རི་རོས་བགོས་ཐོབ་པ། །ཁྱིམ་དཀྱིལ་ཡིན་ནོ་སླར་ཡང་དེ། །བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། ཐོབ་པ་ཞག་ཡིན་ལྷག་མ་དེ། །ཀླུས་ཐོབ་མིག་ཀླུ་མེ་སྐྱོན་ཆར། །དབང་པོ་རི་བོ་བུག་མཚོ་སྟེ། །ཉིན་དཀྱིལ་ཡིན་ཏེ་ཞག་གི་གནས། །དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར། །དེ་ལ་འོག་མ་ཀླུས་བསྒྱུར་བསྲེ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། ཐོབ་པ་ཁྱིམ་ཞག་དཀྱིལ་འཁོར་ཡིན། །ཉིན་ཞག་དཀྱིལ་འཁོར་ཞག་གི་གནས། །མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བར། །རང་ཆ་བཅུག་ལ་གདེངས་ཀ་ཡིས། །བསྒྱུར་ལ་འབྱུང་འདོད་དྲག་པོས་བགོ། ནོར་ལ་སླར་ཡང་འདོད་པ་ཡིས། །བགོས་པས་ཚེས་ཞག་དཀྱིལ་འཁོར་འཆར། །དེ་ཡི་ཞག་གནས་འདོད་པས་བསྣུན། །

p. 61

ཆ་བཅུག་འབྱུང་འདོད་དྲག་པོས་བསྒྱུར། །དུས་མདའ་མཁའ་རི་ཡིད་ཐོབ་ནོར། །ཉིན་དཀྱིལ་ཞག་གནས་ལྷག་མ་ཀླུས། །ཐོབ་པ་མིག་ཀླུ་མེ་སྐྱོན་ཆ། །ཚེས་ཞག་དཀྱིལ་འཁོར་གནས་གཉིས་གཅིག །ཐུབ་རི་ཟླས་བསྒྱུར་ཉི་འདོད་ཟླས། །ཐོབ་པ་ཞག་ཡིན་ལྷག་འདོད་པས། །བསྒྱུར་ལ་ཆ་བཅུག་ཐོབ་འདོད་ཆ། །དེ་ཡིས་ཅིག་ཤོས་ལ་སྦྱང་ཞིང་། །སླར་ཡང་འདོད་ཆ་ཉི་འདོད་ཟླས། །བསྒྱུར་ལ་ཆ་བསྲེས་ཀླུ་ཡིས་བགོ། ཉིན་དཀྱིལ་ཡིན་ཏེ་གནས་གཉིས་གཅིག །{ཐུབ་འདི་ཟླས་བསྒྱུར་འོག་མའི་ཚོགས། །}མིག་ཀླུ་མེ་སྐྱོན་གྱིས་བགོས་ནོར། །སྟེང་བསྲེས་དེ་ཡང་འབྱུང་འདོད་དྲག །གིས་ཐོབ་ཚོགས་དེའི་ལྷག་མ་ཡང་། །ཐུབ་རི་ཟླས་བསྒྱུར་འབྱུང་འདོད་དྲག །གིས་ཐོབ་ཅིག་ཤོས་ལ་བྱིན་ཞིང་། །དཔེ་གཅིག་ལ་འདི་ལྟར་འདུག །མཆན། མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ལ། །འོག་བཅུག་འབྱུང་སོགས་ཀྱིས་ཐོབ་ནོར། །ཉིན་དཀྱིལ་ཅིག་ཤོས་ལ་བྱིན་ཞིང་། །འོག་མ་མིག་ཀླུ་མེ་སྐྱོན་གྱིས། །བགོས་ཐོབ་སྟེང་བསྲེས་ལྷག་མ་ཡང་། །མ་ནུ་མ་ནུས་བགོས་ཐོབ་པ། །བཅུ་གསུམ་ཆ་སྟེ་ཚེས་དཀྱིལ་ལོ། ༈ །རྒྱུ་སྐར་མཁའ་རོས་བསྒྱུར་བ་ཡིས། །སྟོང་དང་དྲུག་བརྒྱ་ཉི་ཤུ་འབྱུང་། །གཟའ་རྣམས་ཀུན་གྱི་བགྲོད་བྱའི་གཞི། །རྒྱུ་སྐར་འཁོར་ལོའི་ཆུ་ཚོད་ཡིན། །དེ་ལ་སོ་སོའི་དཀྱིལ་འཁོར་གྱིས། །བགོས་པས་ཡུལ་གྱི་རྟག་ལོངས་འཆར། ༈ །ཉི་མའི་ཁྱིམ་ཞག་དཀྱིལ་འཁོར་གྱིས། །བགོས་ཐོབ་ཆུ་ཚོད་ལྷག་མཁའ་རོས། །བསྒྱུར་ལ་ཐོབ་པ་ཆུ་སྲང་སྟེ། །ཆུ་ཚོད་རྒྱ་མཚོ་སྲང་མཁའ་མེ། །ཉི་མའི་ཁྱིམ་ཞག་ཡུལ་ལོངས་ཡིན། །ཚེས་དཀྱིལ་འདོད་པའི་ཆར་བྱས་པས། །ཆུ་མིག་ཀླུ་མཚོ་འབྱུང་བ་དེས། །རྒྱུ་སྐར་ཆུ་ཚོད་ཤེས་མཚུངས་ལ། །རིམ་ཐོབ་དབུགས་ལྷག་མིག་རི་ཡིས། །བགོས་པས་ཆུ་ཚོད་རིག་བྱེད་དང་། །གཟུགས་མིག་སྲང་ལ་དབུགས་འབྱུང་བ། །རེ་བདུན་ཆ་ལ་མེ་མཚོ་རྣམས། །ཉི་མའི་ཚེས་ཞག་ཡུལ་ལོངས་སོ། །ཉི་མའི་ཉིན་ཞག་དཀྱིལ་འཁོར་དེ། །མིག་ཀླུ་མེ་སྐྱོན་ཆར་བྱས་པས། །མདའ་མཁའ་མཚོ་ཡིད་རི་མཚམས་འོང་། །དེ་ཡིས་རྒྱུ་སྐར་ཆུ་ཚོད་ཀྱང་། །ཤེས་མཚུངས་བྱས་པར་རིམ་ཐོབ་པ། །བརྩེགས་ལ་དབུགས་ལྷག་འབྱུང་མཚོ་ཡིས། །བགོས་པས་རྒྱ་མཚོའི་ཆུ་ཚོད་དང་། །དུས་མིག་སྲང་ལ་དབུགས་སྟོང་པ། །བུག་མཁའ་མིག་བུག་ཡིད་ཀྱི་ཆར། །

p. 62

དུས་ཚེས་མེ་བུག་ཉི་མ་ཡི། །ཉིན་ཞག་ཡུལ་གྱི་ལོངས་སྤྱོད་དོ། ༈ །མཁའ་མེས་རྒྱུ་སྐར་ཆུ་ཚོད་ལ། །ཐོབ་པ་ཐུན་མིན་ཡུལ་ལོངས་ཡིན། །དེ་ཉིད་ཐུན་མོང་ཉི་མ་ཡི། །ཚེས་ཞག་ཡུལ་ལོངས་སྟེང་བསྣན་པ། །ཆུ་ཚོད་ཀླུ་དབང་སྲང་གཟུགས་མིག །འབྱུང་དབུགས་རི་རོའི་ཆར་མེ་མཚོ། །ཟླ་བའི་ཚེས་ཞག་རྟག་ལོངས་སོ། །ཚོགས་དེ་ཆུ་འདོད་ཀྱིས་བསྒྲིལ་བས། །དབྱུག་སར་གཟུགས་མིག་ཀླུ་རི་འོང་། །དེ་ཡིས་རྒྱུ་སྐར་ཆུ་ཚོད་ཀྱང་། །ཤེད་མཚུངས་ལ་བགོས་ཉེར་བདུན་ཞག །ལྷག་དེ་བུ་གས་བགོས་ཐོབ་པ། །བུག་རོ་ཀླུ་ཆ་རི་དབང་དུས། །ཟླ་བའི་ཚེས་ཞག་དཀྱིལ་འཁོར་རོ། །དེ་ཉིད་བུག་རོ་ཀླུ་ཆར་གསིལ། །གནས་གཉིས་འོག་མ་མིག་གིས་བསྒྱུར། །རི་རོས་ཐོབ་པས་སྟེང་མར་སྦྱང་། །དེ་ལ་བུག་རོ་ཀླུས་བགོས་པས། །དུས་མིག་ཞག་དང་བུག་རོ་ཀླུའི། །ཆ་ལ་དུས་མཁའ་གདེངས་ཀ་ཅན། །ཟླ་བའི་ཁྱིམ་ཞག་དཀྱིལ་འཁོར་རོ། །ཚེས་དཀྱིལ་འབྱུང་འདོད་དྲག་པོས་བསྒྱུར། །འོག་མ་བུག་རོ་ཀླུས་ཐོབ་ནོར། །སྟེང་བྱིན་དེ་ལ་ཉི་འདོད་ཟླས། །ཐོབ་པ་ཉེར་བདུན་ཞག་ཡིན་ལ། །ལྷག་མ་བུག་རོ་ཀླུས་བསྒྱུར་བར། །ཆ་བསྲེས་ཀླུ་ཡིས་བགོས་ཐོབ་པ། །དུས་དུས་རི་ཀླུ་མིག་ཉིའི་ཆར། །མེ་མཚོ་མེ་དབང་བུག་མེ་རྣམས། །ཟླ་བའི་ཉིན་ཞག་དཀྱིལ་འཁོར་ཡིན། །ཁྱིམ་དཀྱིལ་བུག་རོ་ཀླུ་ཆར་གསིལ། །མཁའ་མཁའ་མཚོ་མེ་མིག་འཆར་བས། །རྒྱུ་སྐར་ཆུ་ཚོད་ཤེད་བསྙམས་ལ། །རིམ་བགོས་ཆུ་ཚོད་མཁའ་རོ་དང་། །ཆུ་སྲང་བུ་ག་དབུགས་རྒྱ་མཚོ། །མདའ་རོའི་ཆར་ཕྱོགས་ཟླ་བ་ཡི། །ཁྱིམ་ལོངས་ཡིན་ནོ་ཉིན་དཀྱིལ་ནི། །དུས་དུས་རི་ཀླུ་མིག་ཉིར་གསིལ། །འབྱུང་མིག་མཁའ་ལག་རི་བོ་དབང་། །རྩེ་མོ་མེ་འོང་བགོད་བྱེད་དེ། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །རིམ་ཐོབ་བུག་མདའི་ཆུ་ཚོད་དང་། །ཆུ་སྲང་རི་གཟུགས་དབུགས་ཡོན་ཏན། །དབུགས་ལྷག་འབྱུང་མིག་ལག་ཐོབ་པར། །བུག་མཁའ་མིག་བུག་ཡིད་ཀྱི་ཆར། །རི་རོ་མེ་དབང་བུ་ག་རྣམས། །ཟླ་བའི་ཉིན་ཞག་རྟག་ལོངས་ཡིན། ༈ །མཁའ་མཁའ་བུག་རོ་སྒྲ་གཅན་གྱི། །ཚེས་ཞག་དཀྱིལ་འཁོར་ཡིན་དེ་ལ། །སུམ་ཅུས་བགོས་པས་མཁའ་མེ་ལག །ཚེས་ཟླ་རིལ་པོའི་དཀྱིལ་འཁོར་ཏེ། །ཞག་དཀྱིལ་བཅོ་ལྔས་ཕྱེ་བའམ། །ཟླ་དཀྱིལ་མིག་

p. 63

བསྒྱུར་མཁའ་དུས་ཆུ། །ཚེས་ཟླ་ཕྱེད་པའི་དཀྱིལ་འཁོར་ཡིན། །ཚེས་ཞག་དཀྱིལ་འཁོར་མདའ་རོ་ཡིས། །བསྒྱུར་ལ་རི་རོས་བགོས་ཐོབ་པ། །དྲུག་སྟོང་དྲུག་བརྒྱ་གོ་བཞིའི་ཞག །རི་རོའི་ཆ་ཤས་ལག་པ་སྟེ། །སྒྲ་གཅན་ཁྱིམ་ཞག་དཀྱིལ་འཁོར་རོ། །ཚེས་ཞག་དཀྱིལ་འཁོར་འབྱུང་འདོད་དྲག །གིས་བསྒྱུར་ཉི་མ་འདོད་ཟླས་བགོ། ཐོབ་པ་མིག་བུག་རི་རོའི་ཞག །ལྷག་མ་བཞིས་ཐོབ་སྲིན་པོ་བུག །ཀླུ་ལག་ཀླུ་ལག་ཆ་ཡིན་ཏེ། །སྒྲ་གཅན་ཉིན་ཞག་དཀྱིལ་འཁོར་རོ། །གཞན་ཡང་ཁྱིམ་དཀྱིལ་རི་རོ་ཆར། །གསིལ་ལ་མདའ་རོས་ཐོབ་པ་ནི། །ཚེས་དཀྱིལ་ཡིན་ནོ་ཉིན་དཀྱིལ་གྱི། །ཞག་གནས་ཉི་མ་འདོད་ཟླས་བསྒྱུར། །དེ་ལ་འོག་མ་ཆུས་བསྒྱུར་བསྲེ། །འབྱུང་འདོད་དྲག་ཐོབ་ཚེས་དཀྱིལ་ལོ། །ཁྱིམ་ཞག་བུག་སོགས་ཀྱིས་བསྒྱུར་བར། །འོག་མ་འཁོར་ལག་མིག་བསྒྱུར་བསྲེ། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། ཐོབ་པ་ཉིན་ཞག་ལྷག་མ་དེ། །མིག་འབྱུང་གིས་རྙེད་བུག་རྩ་ནི། །ཀླུ་ལག་ཀླུ་ལག་ཆ་རུ་འགྱུར། །ཉིན་དཀྱིལ་དེ་ཡི་ཞག་གི་གནས། །དུས་མདའ་མཁའ་སོགས་ཀྱིས་བསྒྱུར་བར། །འོག་མ་མིག་འབྱུང་གིས་བསྒྱུར་བསྲེ། །བུག་མཁའ་མིག་སོགས་ཀྱིས་ཐོབ་ཞག །ལྷག་མ་འཁོར་ལོ་མིག་ལག་གིས། །ཐོབ་པ་རི་རོའི་ཆར་འགྱུར་ཏེ། །སྒྲ་གཅན་ཁྱིམ་ཞག་དཀྱིལ་འཁོར་ཡིན། ༈ །སྒྲ་གཅན་ཚེས་ཞག་ཚེས་ཟླ་དང་། །ཟླ་ཕྱེད་དཀྱིལ་འཁོར་གསུམ་པོ་ཡིས། །རྒྱུ་སྐར་ཆུ་ཚོད་ལ་བགོས་པས། །ཆུ་སྲང་ཡིད་དང་མེ་མིག་ཆར། །ཉི་མ་ཚེས་ཞག་རྟག་ལོངས་དང་། །དབྱུག་རི་སྲང་མིག་དབུགས་ཡོན་ཏན། །མེ་མིག་ཆར་ཚེས་ཟླ་ལོངས་ཏེ། །མེ་དབྱུག་གཟུགས་མེའི་སྲང་དབུགས་གཟུགས། །བུག་གཟུགས་ཆ་སྟེ་ཕྱོགས་ལོངས་ཡིན། །ཁྱིམ་ཞག་དཀྱིལ་འཁོར་རི་རོ་དང་། །ཉིན་དཀྱིལ་ཀླུ་ལག་ཀླུ་ལག་ཆར། །གསིལ་བ་སོ་སོས་རྒྱུ་སྐར་གྱི། །ཆུ་ཚོད་ཤེད་བསྙམས་ལ་བགོས་པས། །མ་ནུའི་ཆུ་སྲང་དབུགས་རྩེ་མོ། །མེ་མིག་ཆར་ལག་མདའ་རོའི་ཆར། །ཡོན་ཏན་དབང་པོ་ཁྱིམ་ལོངས་དང་། །ཆུ་སྲང་མ་ནུ་དབུགས་ཟླ་བ། །མེ་མིག་ཆ་ལ་བུ་ག་གཟུགས། །འབྱུང་འདོད་དྲག་ཆར་ཀླུ་མེ་མཁའ། །ཕྱོགས་རྣམས་སྒྲ་གཅན་ཉིན་ལོངས་ཡིན། ༈ །དེ་ནས་གཟའ་ལྔའི་དྲག་གསུམ་གྱིས། །རྒྱུ་སྐར་འཁོར་བའི་ཉིན་ཞག་

p. 64

དཀྱིལ། །བཀྲ་ཤིས་ལ་ནི་རི་ཀླུ་རོ། །ཕུར་བུའི་སོ་མེ་རྒྱ་མཚོ་སྟེ། །སྤེན་པའི་དུས་མཚམས་རི་ཕྱོགས་སོ། །ཞི་གཉིས་རྐང་པའི་ཉིན་ཞག་དཀྱིལ། །ལྷག་པའི་ཉིན་ཞག་རི་ཀླུ་དང་། །དེ་ཡི་རྒྱ་ཆ་རི་བུག་ཡིན། །དཀར་པོའི་ཉིན་ཞག་རྒྱལ་བ་མིག །ཞག་གི་བཅུ་ཆ་རི་བོ་སྟེ། །ཞག་གནས་བརྒྱ་དང་བཅུས་སོ་སོར། །བསྒྱུར་ལ་རང་རང་ཆ་བཅུག་པས། །ལྷག་པའི་རི་བུག་རི་ཀླུ་དང་། །པ་ཝ་སངས་ཀྱི་རི་རྒྱལ་མིག །ཞི་གཉིས་ཞག་གི་བརྒྱ་ཆ་དང་། །བཅུ་ཆའི་ཉིན་ཞག་དཀྱིལ་འཁོར་ཡིན། །ཡང་ན་ཞག་གནས་འདྲ་བ་ལ། །ལྷག་པར་ཆུ་ཚོད་ང་བརྒྱད་དང་། །ཆུ་སྲང་ཉི་འོ་པ་སངས་ལ། །མིག་མཚོའི་དབྱུག་སྟེ་བརྒྱ་དང་བཅུས། །བསྒྱུར་ལ་བསྒྲིལ་བས་སྔར་ལྟར་འཆར། །གཟའ་ལྔའི་ཉིན་དཀྱིལ་གནས་གཉིས་བཀོད། །འོག་མ་མེ་ཚེས་ལག་པས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། ཐོབ་པས་སྟེང་སྦྱངས་དེ་ལས་གཅིག །ཕབ་ལ་བུག་སོགས་ཆ་ཡིས་སྦྱང་། །རང་རང་ཁྱིམ་ཞག་དཀྱིལ་འཁོར་འཆར། །ཡང་ན་ཉིན་ཞག་དཀྱིལ་འཁོར་གང་། །དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། ཐོབ་པ་ཞག་སྟེ་ལྷག་རང་ཆ། །དེ་ལ་རང་རང་ཁྱིམ་དཀྱིལ་ནི། །ཐུབ་རི་དུས་ཞག་བུག་སོགས་འཆར། །བུག་རི་བུག་ཉི་བཀྲ་ཤིས་སོ། །དུས་ཀླུའི་ཞག་དང་དེའི་བརྒྱ་ཆར། །ནམ་མཁའ་རི་བོ་བུག་སོགས་ཆར། །མིག་མཁའ་དུས་བུག་ལྷག་པའོ། །བུག་རོ་མིག་མཚོའི་ཞག་དང་ཆར། །གཟུགས་རི་མེ་མེ་རི་ཕུར་བུ། །གཟུགས་མིག་ལག་ཞག་བཅུ་ཆར་མཚོ། །བུག་སོགས་ཆ་ལ་དུས་ཕྱོགས་དུས། །གདེངས་ཀ་ཅན་རྣམས་པ་སངས་སོ། །ཕྱོགས་དུས་ཕྱོགས་ཞག་བུག་སོགས་ཆར། །དུས་མཁའ་ཆུ་རི་བུག་སྤེན་པ། །དེ་རྣམས་བུག་སོགས་ཆར་གསིལ་ལ། །སྒྱུར་བྱེད་བགོད་བྱེད་ལྡོག་པ་ལས། །སོ་སོའི་ཉིན་ཞག་དཀྱིལ་འཁོར་འཆར། །ཡང་ན་ཁྱིམ་ཞག་དཀྱིལ་འཁོར་རྣམས། །གནས་གཉིས་བཀོད་པའི་ཕྱོགས་གཅིག་པོ། །མེ་ཚེས་ལག་པས་བསྒྱུར་བ་ལ། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། ནོར་དེ་གཅིག་ཤོས་ལ་བྱིན་པས། །ཉིན་ཞག་དཀྱིལ་འཁོར་འཆར་བ་ཡིན། །རང་རང་ཉིན་དཀྱིལ་གནས་གཉིས་བཀོད། །འོག་མ་ཐུབ་རི་ཟླ་བས་བསྒྱུར། །འབྱུང་འདོད་དྲག་པོས་ཐོབ་པའི་

p. 65

ནོར། །སྟེང་བྱིན་སོ་སོའི་ཚེས་དཀྱིལ་ལོ། །ཡང་ན་རང་རང་ཉིན་དཀྱིལ་གང་། །ཉི་མ་འདོད་ཟླས་བསྒྱུར་བ་ལ། །འབྱུང་འདོད་དྲག་པོས་ཐོབ་པའི་ནོར། །ཞག་ཡིན་འོག་མ་རང་གི་ཆ། །དེ་ལྟར་བསྒྲུབས་པའི་ཚེས་དཀྱིལ་ནི། །རི་བུག་རོའི་ཞག་འབྱུང་སོགས་ཆར། །བུ་ག་རྒྱལ་བ་ཕྱོགས་མིག་དམར། །བུག་ཀླུའི་ཞག་དང་དེའི་བརྒྱ་ཆར། །དུས་མེའོ་འབྱུང་འདོད་དྲག་པོའི་ཆར། །མཚོ་མཁའ་མེ་བུག་ལྷག་པའོ། །མཁའ་མཁའ་ཆུ་མཚོའི་ཞག་དང་ཆར། །མཚོ་ནོར་འབྱུང་བུག་ཕུར་བུའོ། །ཀླུ་ལག་མིག་ཞག་བཅུ་ཆར་འཁྲིག །འབྱུང་འདོད་དྲག་ཆར་རྒྱ་མཚོ་བུག །བུག་རི་རྣམས་ནི་པ་སངས་སོ། །རི་བོ་མེ་བུག་ཕྱོགས་ཞག་དང་། །ཆ་ལ་རི་བུག་ཡིད་སྤེན་པ། །དེ་ལས་ཉིན་དཀྱིལ་བསྒྲུབ་འདོད་ན། །ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ། །ཉི་མ་འདོད་ཟླས་བགོས་ཐོབ་པ། །སོ་སོའི་ཉིན་ཞག་དཀྱིལ་འཁོར་འགྲུབ། །ཡང་ན་ཚེས་དཀྱིལ་གནས་གཉིས་ཀྱི། །གཅིག་གི་གནས་ཀུན་ཐུབ་རི་ཟླས། །བསྒྱུར་ལ་ཉི་འདོད་ཟླས་ཐོབ་པ། །ཅིག་ཤོས་ལ་ཕྲི་ཉིན་དཀྱིལ་འགྲུབ། །གཞན་ཡང་ཁྱིམ་ཞག་དཀྱིལ་འཁོར་ལས། །ཚེས་དཀྱིལ་སྒྲུབ་ན་ཞག་གི་གནས། །རི་རོས་བསྒྱུར་ལ་མདའ་རོས་བགོ། ཐོབ་པ་ཞག་ཡིན་ལྷག་མ་གང་། །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། །འོག་མ་འབྱུང་བས་བསྒྱུར་བ་བསྲེ། །མདའ་རོས་ཐོབ་པ་འབྱུང་སོགས་ཆ། །ཡང་ན་ཁྱིམ་དཀྱིལ་གནས་གཉིས་ཀྱི། །གཅིག་གི་སྟེང་འོག་མིག་གིས་བསྒྱུར། །སྟེང་མར་མདའ་རོས་ཐོབ་པ་ཞག །ལྷག་མ་བུག་སོགས་ཀྱིས་བསྒྱུར་བར། །འོག་མར་བསྲེས་ལ་མདའ་རོ་ཡིས། །ཐོབ་པའི་ཆར་བཅས་ཅིག་ཤོས་ལ། །གནས་མཚུངས་བསྲེས་པའི་བར་པ་དེ། །ལྔས་བསྒྱུར་འོག་མ་འདོད་ཐོབ་བསྲེ། །རི་རོས་ཐོབ་པ་འབྱུང་སོགས་ཀྱི། །ཆ་ཡིན་རང་རང་ཚེས་དཀྱིལ་ལོ། །དེ་ཡི་སྟེང་འོག་མདའ་རོས་བསྒྱུར། །འོག་མར་འབྱུང་འདོད་དྲག་པོ་ཡིས། །ཐོབ་པ་སྟེང་བསྲེས་རི་རོས་བགོ། དེ་ལྷག་འབྱུང་འདོད་དྲག་པོས་བསྒྱུར། །རང་ཆ་བསྲེས་ལ་ལྔས་ཐོབ་པ། །བུག་སོགས་ཆ་སྟེ་ཁྱིམ་དཀྱིལ་ལོ། །ཡང་ན་ཚེས་དཀྱིལ་གནས་གཉིས་བཀོད། །གཅིག་གི་སྟེང་འོག་མིག་གིས་བསྒྱུར། །སྟེང་མར་རི་རོས་ཐོབ་པ་ཞག །ལྷག་མ་འབྱུང་འདོད་དྲག་པོ་ཡིས། །བསྒྱུར་བ་འོག་

p. 66

མ་བསྲེས་དེ་ལ། །རི་རོས་ཐོབ་པ་ལྷག་བཅས་པས། །ཅིག་ཤོས་ལ་སྦྱང་བར་པ་དེ། །རི་རོས་བསྒྱུར་ལ་འོག་མ་བསྲེ། །འབྱུང་བས་ཐོབ་པ་བུག་སོགས་ཀྱི། །ཆ་སྟེ་རང་རང་ཁྱིམ་དཀྱིལ་ལོ། །གཞན་ཡང་ཚེས་དཀྱིལ་ཞག་གི་གནས། །འབྱུང་འདོད་དྲག་པོའི་ཆར་གསིལ་བ། །སླར་ཡང་འདོད་པས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། རྙེད་པ་ལྷག་བཅས་ཁྱིམ་དཀྱིལ་ཏེ། །དེ་ཡང་བུག་སོགས་ཆར་གསིལ་ལ། །འདོད་ཐོབ་འབྱུང་འདོད་དྲག་པོས་བགོ། རྙེད་པ་ལྷག་བཅས་ཚེས་དཀྱིལ་ལོ། །དེ་དག་ཀུན་ལ་ཞི་གཉིས་ཀྱི། །ཞག་གསུམ་གཅིག་ལས་གཅིག་བསྒྲུབ་ཚེ། །ཞག་གནས་བརྒྱ་ཆ་བཅུ་ཆར་གསིལ། །ཅིག་ཤོས་བསྒྲུབས་རྗེས་གནས་སྟེང་མ། །བརྒྱ་དང་བཅུས་ཐོབ་ཞག་གནས་སོ། ༈ །དེ་ནས་གཟའ་ལྔའི་རྟག་ལོངས་ནི། །རང་རང་ཉིན་ཞག་དཀྱིལ་འཁོར་གྱིས། །དྲག་གསུམ་རྒྱུ་སྐར་ཆུ་ཚོད་དང་། །དེ་ཉིད་ཞི་བར་བརྒྱ་དང་བཅུས། །བསྒྱུར་བའི་ཚོགས་ལ་རིམ་བགོས་པས། །དྲག་གསུམ་དལ་བ་ཞི་གཉིས་ཀྱི། །རྐང་པའི་ཉིན་ཞག་རྟག་ལོངས་འཆར། །ཆུ་ཚོད་ལག་པ་སྲང་གཟུགས་མིག །དབུགས་ཟུང་བུག་མིག་ལག་པའི་ཆར། །ཀླུ་མཁའ་བགྲོད་པ་མིག་དམར་རོ། །ཆུ་ཚོད་ཉེས་པ་སྲང་རྒྱལ་བ། །དབུགས་སུ་དབང་པོ་དཀྱིལ་འཁོར་ཆར། །རི་ཀླུ་རོ་མཚོ་ལྷག་པའོ། །ལག་མིག་ཆུ་སྲང་དབུགས་མཚེ་མ། །གཟུགས་དུས་མེའི་ཆར་དུས་མིག་ལག །ཕུར་བུ་ཡིན་ནོ་ཆུ་ཚོད་རི། །ཆུ་སྲང་ཉི་མ་དབུགས་ཡོན་ཏན། །བུག་མཚོ་རི་ཆར་དབང་མཚོ་མེ། །པ་ཝ་སངས་སོ་ཆུ་སྲང་བུག །མཁའ་དབུགས་མེ་ཀླུ་མེ་མདའི་ཆར། །ཉེས་པ་བུག་རྣམས་སྤེན་པ་སྟེ། །སོ་སོའི་ཉིན་ཞག་ཡུལ་ལོངས་ཡིན། ༈ །གཟའ་ལྔ་རང་རང་ཁྱིམ་ཞག་གི། དཀྱིལ་འཁོར་རང་ཆར་གསིལ་བ་ཡིས། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །བགོས་པས་ཁྱིམ་ཞག་རྟག་ལོངས་ཏེ། །བྱ་སླའི་ཆེད་དུ་དབུགས་ལྷག་རྣམས། །བཀྲ་ཤིས་དཀར་པོར་ཀླུ་མཚོ་དང་། །ཕུར་བུར་དུས་བུག་ལྷག་མི་བདག །སྤེན་པར་སོ་ཡིས་ཐོབ་ནོར་ལ། །གཟུགས་བུག་གཟུགས་བུག་གིས་བགོས་པས། །སྟེང་མ་རང་ཆ་ཁྱད་པར་དུ། །ཕུར་བུར་ཉིས་འགྱུར་འོག་མ་རྣམས། །གཟུགས་བུག་གཟུགས་བུག་ཆ་ཡིན་ཏེ། །བཀྲ་ཤིས་མཁའ་ཟུང་མེ་མིག་

p. 67

རྩེ། །ཐུབ་རི་ཆུ་རོ་འདོད་པའོ། །ལྷག་པའི་མཁའ་སྐྱོན་གཟུགས་མཚོ་མཁའ། །ལག་མིག་བགྲོད་པ་དབང་པོ་དང་། །དུས་བུག་དྲང་སྲོང་ཆུ་གཏེར་རོ། །སྒྲ་མཁན་མཁའ་མཁའ་ལག་མིག་མཚོ། །གཟུགས་མེ་ཆུ་དང་མིག་ཀླུ་དུས། །དཀར་པོར་མཁའ་རི་སྐྱོན་དབང་པོ། །རིག་བྱེད་སྡེ་པ་ཡོན་ཏན་དང་། །བུག་མཚོ་ཆུ་བོ་རྒྱ་མཚོའོ། །དལ་འགྲོར་མཁའ་མཁའ་བུ་ག་མཁའ། །ཐུབ་པ་གདེངས་ཅན་གཟུགས་དབང་པོ། །དུས་མཚོ་ནམ་མཁའ་ལག་པ་སྟེ། །སོ་སོའི་ཁྱིམ་ཞག་རྟག་ལོངས་ཡིན། ༈ །གཟའ་ལྔའི་ཚེས་ཞག་དཀྱིལ་འཁོར་རྣམས། །རང་ཆར་གསིལ་བས་ཤེད་བསྙམས་ཀྱི། །རྒྱུ་སྐར་འཁོར་ལོ་ལ་བགོས་པས། །རང་རང་ཚེས་ཞག་རྟག་ལོངས་འཆར། །འདིར་ཡང་དབུགས་ལྷག་སྔར་ལྟར་དུ། །བགོས་ནོར་རི་མཁའ་རིས་ཐོབ་པས། །གོང་མ་སྔར་འདྲ་ཆ་འོག་མ། །རི་མཁའ་རི་ཡི་ཆ་ཡིན་ནོ། །བཀྲ་ཤིས་མཁའ་མིག་བུག་གཟུགས་ཟླ། །མེ་ཡིད་རྒྱ་མཚོ་མ་ནུའོ། །སྔོ་སངས་མཁའ་སྐྱོན་རི་བོ་མེ། །དུས་མེ་མཁའ་ཐུབ་མེ་རིའོ། །བླ་མར་མཁའ་མཁའ་ལག་མིག་ཐིག །དབང་རི་མེ་དང་མིག་ཐུབ་བོ། །དཀར་པོར་མཁའ་རི་དབང་པོ་མཚོ། །དུས་མེ་རོ་དང་མཚམས་མིག་གོ། ཉི་བུར་མཁའ་མཁའ་གདེངས་ཅན་དབང་། །ཀླུ་མེ་རི་གཟུགས་མི་བདག་ལག །སོ་སོའི་ཚེས་ཞག་རྟག་ལོངས་སོ། ༈ །དེ་ལྟར་ཉི་ཟླ་སྒྲ་གཅན་དང་། །གཟའ་ལྔའི་རང་རང་ཞག་གསུམ་གྱི། །ཡུལ་ལོངས་ཕན་ཚུན་གཅིག་ལས་གཅིག །འདོན་ཚུལ་ཆོ་ག་བསྡོམས་ཏེ་བཤད། །རང་རང་ཉིན་ལོངས་གནས་ཐམས་ཅད། །བུག་སོགས་ཀྱིས་བསྒྱུར་དབྱུག་སར་བསྒྲིལ། །དེ་ལ་དུས་མདའ་མཁའ་སོགས་ཀྱི། །རིམ་ཐོབ་སོ་སོའི་ཁྱིམ་ལོངས་ཏེ། །ཁྱད་པར་ཟླ་བར་དབུགས་ལྷག་དེ། །མདའ་རོས་བསྒྱུར་ཐོབ་རེ་ལྔ་ཆ། །དེ་བཞིན་གཟའ་ལྔར་རང་ཆ་རྣམས། །བཏོན་ལྷག་མི་བདག་གིས་ཐོབ་པ། །གཟུགས་བུག་གཟུགས་བུག་ཆ་ཡིན་ནོ། །དེ་ལས་སྒྱུར་བྱེད་བགོད་བྱེད་དག །ལྡོག་པས་སླར་ཡང་ཉིན་ལོངས་འཆར། །རང་རང་ཉིན་ལོངས་གནས་རྣམས་ཀུན། །འབྱུང་འདོད་དྲག་བསྒྱུར་ཉི་འདོད་ཟླས། །རིམ་ཐོབ་སོ་སོའི་ཚེས་ལོངས་འཆར། །འདིར་ཡང་གཟའ་ལྔའི་རང་ཆ་རྣམས། །བཏོན་པའི་ལྷག་མར་མི་བདག་གིས། །ཐོབ་པ་རི་

p. 68

མཁའ་རིའི་ཆ་ཡིན། །དེ་ཉིད་སྒྱུར་བྱེད་བགོད་བྱེད་དག །ལྡོག་པས་ཉིན་ཞག་ཡུལ་ལོངས་སྟོན། །རང་རང་ཁྱིམ་ལོངས་གནས་རྣམས་ཀུན། །མདའ་རོས་བསྒྱུར་ལ་རི་རོ་ཡིས། །རིམ་ཐོབ་ཚེས་ལོངས་ཆ་འོག་མར། །འདོད་ཐོབ་རི་མཁའ་རི་ཆར་འགྱུར། །དེ་ལས་སྒྱུར་བྱེད་བགོད་བྱེད་གཉིས། །ལྡོག་པས་རིམ་ཐོབ་རི་མཁའ་རིའི། །ཆ་དེ་འདོད་པས་བསྒྱུར་བ་ལ། །མདའ་རོའི་ལྷག་དེ་ལྔས་ཐོབ་བསྲེ། །གཟུགས་བུག་སོགས་ཆ་ཁྱིམ་ལོངས་སོ། །ཡང་ན་ཉིན་ལོངས་གནས་གཉིས་གཅིག །མེ་ཚེས་ལག་གིས་བསྒྱུར་བ་ལ། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། རང་ཆ་ཐོབ་པའི་ལྷག་མ་དེ། །མི་བདག་གིས་བགོ་ཐོབ་པ་ནི། །གཟུགས་བུག་གཟུགས་བུག་ཆ་ཡིན་ཏེ། །ཅིག་ཤོས་ལ་བྱིན་ཁྱིམ་ལོངས་འཆར། །དེ་ཉིད་གནས་གཉིས་བཀོད་པའི་གཅིག །མེ་ཚེས་ལག་བསྒྱུར་བུག་སོགས་ཀྱིས། །ཐོབ་པ་ཅིག་ཤོས་ལ་ཕྲི་བས། །རང་རང་ཉིན་ལོངས་གནས་སུ་ལྡོག །རང་རང་ཉིན་ལོངས་གནས་གཉིས་གཅིག །ཐུབ་རི་ཟླས་བསྒྱུར་ཉི་འདོད་ཟླས། །རིམ་ཐོབ་ཅིག་ཤོས་ལ་ཕྲི་བས། །སོ་སོའི་ཚེས་ཞག་ཡུལ་ལོངས་འཆར། །དེ་ཉིད་གནས་གཉིས་བཀོད་པའི་གཅིག །ཐུབ་རི་ཟླས་བསྒྱུར་འབྱུང་འདོད་དྲག །གིས་ཐོབ་ཅིག་ཤོས་ལ་བྱིན་པས། །སོ་སོའི་ཉིན་ལོངས་འཆར་བར་འགྱུར། །རང་རང་ཁྱིམ་ལོངས་གནས་གཉིས་གཅིག །མིག་བསྒྱུར་རི་རོས་རིམ་ཐོབ་པ། །ཅིག་ཤོས་ལ་ཕྲི་ཚེས་ལོངས་ཏེ། །སླར་ཡང་ཚེས་ལོངས་གནས་གཉིས་གཅིག །མིག་གིས་བསྒྱུར་ལ་:དམའ་༼མདའ༽རོ་ཡིས། །ཐོབ་པ་ཅིག་ཤོས་ལ་བྱིན་པས། །རང་རང་ཁྱིམ་ཞག་ཡུལ་ལོངས་འཆར། ༈ །གཞན་ཡང་ཞག་མ་ལོངས་པའི་ལྷག །དོར་ནས་རྟག་ལོངས་འཚོལ་ཚུལ་ཡང་། །ཞག་གསུམ་ཡུལ་དུས་ལོངས་སྤྱོད་རྣམས། །རང་རང་དཀྱིལ་འཁོར་གང་ཡིན་ཆར། །གཏུབས་པའི་ཆ་དེ་དཀྱིལ་འཁོར་གྱི། །རྗེས་འབྲང་གང་ཡོད་བསྒྱུར་བྱས་ནས། །རང་རང་འཁོར་ལོས་སྟེང་བསྒྲིལ་བས། །དུས་ལོངས་འཚོལ་ཚེ་ཉིན་དཀྱིལ་གྱི། །ཞག་གནས་དབྱུ་གུར་གསིལ་བར་སྦྱང་། །ཡུལ་ལོངས་འཚོལ་ཚེ་རྒྱུ་སྐར་གྱི། །ཆུ་ཚོད་ལ་སྦྱངས་དེ་གཉིས་ཀར། །རང་རང་དཀྱིལ་འཁོར་ཞག་གནས་ཀྱིས། །རིམ་ཐོབ་ཡུལ་དུས་རྟག་ལོངས་སྟོན། ༈ །གཟའ་རྣམས་ཡུལ་གྱི་རྟག་ལོངས་ལས། །

p. 69

དཀྱིལ་འཁོར་བསྒྲུབ་ན་རང་རང་གི། ཡུལ་ལོངས་དབྱུག་སར་བསྒྲིལ་བ་ཡིས། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །བགོས་པས་སོ་སོའི་དཀྱིལ་འཁོར་འཆར། །གོང་འོག་ཀུན་ཏུ་ཉེར་མཁོའི་ཕྱིར། །གང་ལ་དང་པོར་ཡོད་པའི་གནས། །གློ་བུར་བསྡུ་ན་གོང་མ་དེ། །འོག་མའི་ཆས་བསྒྱུར་རང་ཆ་བཅུག །གོང་མའི་ཆས་ཐོབ་ལྷག་མེད་ན། །དེ་ཚེ་རང་གནས་བསྡུས་པར་སོང་། །སྔར་མེད་གསར་དུ་གནས་བཟོ་ན། །འོག་མའི་གནས་དེ་གང་བཟོ་རྒྱུའི། །ཆས་བསྒྱུར་འོག་མའི་འཁོར་ལོས་བགོ། ཐོབ་པ་གློ་བུར་འཐོན་པའི་ཆ། །ལྷག་མ་བགོད་བྱེད་རང་ཆར་གནས། །དེ་ལྟར་ཞག་གསུམ་ལོངས་སྤྱོད་རྣམས། །ཞག་གི་དངོས་པོའི་ཆེ་ཆུང་གིས། །འཇོག་ཅིང་དེས་གཞལ་དཀྱིལ་འཁོར་གསུམ། །ཞག་གྲངས་མང་ཉུང་དག་གིས་འཇོག །དེ་ཕྱིར་ཕན་ཚུན་ནོར་བུ་ལོན། །འཇལ་བྱེད་རི་མོའི་རྣམ་འགྱུར་ཡང་། །མང་མོད་འདིར་ནི་མདོ་ཙམ་ཞིག །རིག་པའི་སྒོ་འབྱེད་ཚུལ་དུ་བརྗོད། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་རྣམ་པར་དབྱེ་བ་བཤད་པའི་སྐབས་ཏེ་བཅུ་བདུན་པའོ།། །།

p. 70

༈ གཟའ་རྣམས་རང་འཁོར་རྫོགས་པ་ལས། །ངེས་པ་དག་ཚུལ་བརྗོད་པར་བྱ། །དཔལ་ལྡན་རྒྱུད་ལས་གཟའ་ཐམས་ཅད། །མི་ལོ་ས་ཡ་ཕྲག་བཞི་དང་། །སུམ་འབུམ་ཉི་ཁྲིའི་ཚོགས་ལ་ལྔས། །ཐོབ་པ་གནས་བཞིར་བཀོད་པ་ཡི། །སྟེང་ནས་ཆུ་དང་མེ་དང་མིག །གཟུགས་ཀྱིས་བསྒྱུར་བས་རིམ་པ་བཞིན། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དང་། །རྩོད་དུས་ཚད་ཡིན་བསྡོམས་པའི་མཐར། །དག་པའི་སྟོང་རྩིས་གསུངས་པ་ནི། །དགོས་པའི་དབང་གིས་མ་དག་པ། །བྱེད་པ་བརྗོད་པའི་རྩིས་སུ་སྣང་། ༈ །འདིར་ནི་གྲུབ་མཐའ་ལས་བརྩམས་ཏེ། །དུས་མེ་མ་གཏོགས་གཟའ་ཀུན་གྱི། །ངེས་པའི་ཚོགས་རྣམས་ཟད་བྱེད་ལོའི། །དབོ་ཟླའི་སྟོང་ལ་ཉ་ཁྱིམ་མཐར། །ལྷན་ཅིག་རྣམ་པར་དག་ཚུལ་བཤད། ༈ །དེ་ལ་ཐོག་མར་སྟོང་རྩིས་ལ། །འཇུག་པའི་སྒོ་ནི་ཞག་གསུམ་པོ། །ལོ་ཡི་མཚམས་སུ་སྣ་མཉམ་ཞིང་། །དེ་སྟེང་རང་རང་འཁོར་ཚད་དང་། །དེ་ཡང་ཟད་བྱེད་ལོ་ཡི་མཐར། །ལྷན་ཅིག་འགྲིག་པ་ཞིག་དགོས་ཏེ། །སྟོང་ཆེན་དཀྱིལ་འཁོར་ཞེས་བཤད་པ། །ངེས་པའི་ཚོགས་རྣམས་ལྷན་ཅིག་ཏུ། །སྟོང་པར་ཞུགས་ལ་འཇོག་དགོས་ཕྱིར། ༈ །དེ་ལྟར་ངེས་པས་བྱེད་པ་ཡི། །ལོ་མཚམས་དང་བསྟུན་བརྩི་ཚུལ་ནི། །ཉི་མའི་ཚེས་དྷྲཱུ་ཟླ་བཤོལ་བཅས། །དྲུག་ཅུ་རྩ་ལྔའི་ལོ་མཐར་དག །ཚུལ་དེ་བཅུ་གཉིས་ཟློས་པ་ཡིས། །མཁའ་ཀླུ་རི་བོའི་ལོ་ཡི་མཐར། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། ༈ །ཟླ་རྐང་དག་ཚུལ་ཀླུ་ལག་ནི། །དུས་ཉིས་བསྒྱུར་བའི་ཚེས་ཟླའི་ཚོགས། །མདའ་རོས་བསྒྱུར་ལ་ཉི་མ་ཡིས། །ཐོབ་པ་མཁའ་དྲག་བུག་གཟུགས་ཀྱི། །ལོ་མཐར་ཆ་རིལ་འཁོར་བ་ཡིན། །ལོ་དེ་མིག་གིས་བསྒྱུར་བའམ། །མཁའ་ཀླུ་རི་བོ་ཞེ་དགུས་བསྒྱུར། །མཁའ་མིག་མིག་ཀླུ་མེའི་ལོ་མཐར། །ཟླ་བཤོལ་ཉི་མ་ཟླ་རྐང་བཅས། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། ༈ །གཟའ་ཚེས་ངེས་པ་དག་ཚུལ་ནི། །ནམ་མཁའ་མིག་ཀླུ་མེ་སྐྱོན་ལོར། །ཉིན་ཚེས་འགྲིག་སྟེ་ཉི་མ་ཡི། །ཉིན་ཞག་ངེས་པའང་ལོ་མཚམས་སུ། །རྣམ་པར་དག་མོད་གཟའ་འཁོར་ནི། །མ་དག་དག་ཕྱིར་རི་ཡིས་བསྒྱུར། །མཁའ་མཚོ་ཐུབ་རོ་ཀླུ་ཉིའི་

p. 71

ལོར། །གཟའ་དྷྲཱུ་དག་ཅིང་ལོ་དེ་ལ། །མིག་གིས་བགོས་ཐོབ་ལོ་དེའི་ཕྱེད། །མཁའ་རི་མེ་མེ་ཆུ་རོ་ཡི། །ལོར་ཡང་དག་སྟེ་འདྲ་བ་ཡིན། །ལོ་ཚོགས་སྔ་མ་མེས་བསྒྱུར་རམ། །ཕྱི་མ་རོ་ཡིས་བསྒྱུར་ཡང་རུང་། །མཁའ་མིག་མིག་མཁའ་དུས་ཀླུ་མེའི། །ལོ་མཐར་གཟའ་ཚེས་ངེས་པ་ནི། །དྲུག་ཅུ་སྐོར་གྱི་མཚམས་སུ་དག །སྔ་མ་རྣམས་དང་སྒྲིག་པའི་ཕྱིར། །མཁའ་མིག་མིག་ཀླུ་མེ་ཡི་ལོ། །གཟུགས་མཁའ་གཟུགས་ཀྱིས་བསྒྱུར་བྱས་པས། །གཟུགས་མཁའ་ཆུ་བོས་བསྒྱུར་བྱས་པས། ཞེས་པའང་འདུག །སྔར་ལྟར་མཁའ་མིག་མིག་མཁའ་སོགས། །འཆར་ཏེ་འདི་ལ་ལྔ་བསྡུས་རྣམས། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། ༈ །སྒྲ་གཅན་ཆེད་དུ་མཁའ་མེ་ལག །མིག་མཁའ་ཆུ་བོས་བསྒྱུར་བ་ལ། །ཟླ་བཤོལ་འཁོར་གྲངས་ཆུ་མཁའ་ཀླུས། །བགོས་པས་ལོར་འདྲིལ་འབྱུང་གཟུགས་ཟླ། །ལོ་དེ་མདའ་རོས་བསྒྱུར་བ་ཡིས། །འབྱུང་རི་མཚོ་ཐུབ་ལོ་ཡི་མཐར། །སྒྲ་གཅན་ཚེས་ཀྱི་ངེས་པ་དག །ལོ་དེ་ཉི་མས་བསྒྱུར་བ་ཡིས། །མཁའ་མཁའ་རི་བུག་ཀླུའི་ལོ་མཐར། །སྒྲ་གཅན་ཟད་བྱེད་ལོ་མཐར་འཁོར། །སྔ་མ་རྣམས་དང་སྒྲིག་པའི་ཕྱིར། །ལྔ་བསྡུས་འཁོར་བའི་ལོ་ཚོགས་དེ། །འབྱུང་གཟུགས་ཟླས་བསྒྱུར་མཁའ་མཁའ་མེ། །དེ་ཉིད་བུག་མེ་ཆུ་མཚོ་ཡི། །ལོ་མཐར་ལྔ་སྒྲ་ལྷན་ཅིག་ཏུ། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། ༈ །བཀྲ་ཤིས་ཆེད་དུ་རི་ཀླུ་རོ། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །དབང་མཚོ་རི་བུག་ཆུ་རོ་ཐུབ། །འབྱུང་མཁའ་ཕྱོགས་ཀྱིས་བསྒྱུར་བ་ལ། །ཉིན་ཚེས་འགྲིག་ནས་ལོར་འདྲིལ་བའི། །ཉིན་ཞག་དེ་ཉིད་མཁའ་མིག་རི། །དབང་མེ་མེས་ཐོབ་བུག་མིག་ལག །དེ་ནི་ཉིན་ཚེས་འགྲིག་པའི་ལོ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །མཁའ་བུག་མེ་རི་མཚོ་ཕྱོགས་མིག །ཡང་ན་ཉིན་ཞག་རི་ཀླུ་རོ། །ཉི་མ་འདོད་ཟླས་བསྒྱུར་བ་ཡིས། །ཆུ་མཚོ་འདོད་རི་ཐུབ་ཐུབ་ནི། །འཆར་བ་ཚེས་ཞག་གྲངས་ཡིན་དེ། །ལྔས་བསྒྱུར་མཁའ་མེས་ཐོབ་པའི་ཚོགས། །གཟུགས་མཁའ་ལག་གིས་བསྒྱུར་བ་ལ། །ཆུ་མཁའ་ཀླུས་ཐོབ་ཚོགས་མདའ་རོས། །བསྒྱུར་བས་མཁའ་བུག་མེ་རི་སོགས། །སྔར་ལྟར་འཆར་ཏེ་ལོ་འདིའི་མཐར། །བཀྲ་ཤིས་ངེས་པ་རྣམ་པར་དག །ལོ་དེ་རོས་བསྒྱུར་མཁའ་མཚོ་མེ། །

p. 72

ཆུ་ཀླུ་ལག་དུས་ཉི་མའི་ལོར། །དྲུག་ཅུ་སྐོར་གྱི་མཚམས་སུ་དག །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་རྣམས། །འཁོར་གྲངས་མཁའ་མཁའ་མེ་སོགས་ལོ། །བུག་མིག་ལག་པས་བསྒྱུར་བ་ཡིས། །སྟོང་པ་ཐིག་ལེ་ཐུབ་པ་མེ། །བུ་ག་ཀླུ་ནོར་དབང་པོ་དང་། །རྒྱལ་པོ་ཕྱོགས་ཀྱི་ལོ་ཡི་མཐར། །བཀྲ་ཤིས་དང་བཅས་ལྔ་སྒྲ་རྣམས། །ཟད་པའི་ལོ་མཐར་སྟོང་པར་འཇུག །༈ཕུར་བུ་སོ་མེ་རྒྱ་མཚོ་ནི། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །མཁའ་མིག་ཀླུ་དུས་མེ་ལག་ནོར། །མཚོ་འཆར་འབྱུང་མཁའ་ཕྱོགས་ཀྱིས་བསྒྱུར། །དེ་ཉིད་མཁའ་མིག་རི་སོགས་ཀྱིས། །ཐོབ་པ་རིག་བྱེད་རྒྱ་མཚོ་ཡིད། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་ལོ། །མཁའ་མཚོ་ཐིག་སྐྱོན་འཁོར་ལོ་འདོད། །འདིའི་མཐར་ཕུར་བུའི་ངེས་པ་དག །ལོ་དེ་མེས་བསྒྱུར་མཁའ་ཉི་ཆུ། །ཚེས་ཀླུ་བུག་མེའི་ལོ་ཡི་མཐར། །ཟད་བྱེད་མཐའ་རུ་རྣམ་པར་དག །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་དམར། །འཁོར་བའི་སྟོང་པ་ཐིག་ལེ་སོགས། །ལག་མིག་ཐུབ་པས་བསྒྱུར་བ་ཡིས། །སྟོང་པ་མཁའ་ཡིད་དེ་ཉིད་གཟུགས། །མིག་རི་རི་བུག་མེ་མེ་རིའི། །ལོ་མཐར་ལྔ་སྒྲ་མིག་ཕུར་འཁོར། ༈ །སྤེན་པར་དུས་མཚམས་རི་ཕྱོགས་ནི། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །ཕྱོགས་མཚོ་བུག་རི་ཀླུ་བུག་དྲག །འཆར་བ་ཚེས་མཁའ་མེས་བསྒྱུར་བར། །དེ་ཉིད་མཁའ་མིག་རི་སོགས་ཀྱིས། །བགོས་ཐོབ་དུས་རོ་རི་ཕྱོགས་དེ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །མཁའ་རོ་མཁའ་མེ་མཁའ་དབང་རྩ། །ཀླུ་བུག་ལོ་མཐར་དལ་འགྲོ་དག །ཚོགས་དེ་མེས་བསྒྱུར་མཁའ་སྐྱོན་བུག །མཁའ་དབང་ཀླུ་རོ་བུག་མིག་ལོར། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་དང་། །དམར་ཕུར་འཁོར་བའི་སྟོང་པ་མཁའ། །ཡིད་སོགས་བུག་རོ་རིས་བསྒྱུར་བས། །མཁའ་མཁའ་དུས་རོ་སོ་མིག་མཚོ། །དུས་རི་མཚོ་ཀླུ་ལག་པ་ཆུ། །རིག་བྱེད་དུས་འབྱུང་ལོ་ཡི་མཐར། །ལྔ་སྒྲ་དམར་ཕུར་སྤེན་པར་བཅས། །དྲུག་ཅུ་སྐོར་གྱི་ལོ་མཐར་དག །༈པ་ཝ་སངས་ལ་རི་རྒྱལ་མིག །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །དབང་མཚོ་མེ་མཁའ་མིག་ཐིག་འབྱུང་། །ལག་འཆར་འབྱུང་མཁའ་ཕྱོགས་ཀྱིས་བསྒྱུར། །དེ་ཉིད་མཁའ་མིག་རི་སོགས་

p. 73

ཀྱིས། །བགོས་པས་བུག་མཚོ་རི་ཐོབ་པ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །མཁའ་བུག་དབང་མཁའ་རིག་བྱེད་སྦྲུལ། །ཀླུ་རོའི་ལོ་འཆར་དཀར་པོ་ཡི། །མྱུར་བར་ལོ་མཚམས་རྣམ་པར་དག །ལོ་ཚོགས་དེ་རྣམས་རོས་བསྒྱུར་བས། །མཁའ་མཚོ་དབང་མེ་རིག་བྱེད་མཁའ། །ཡོན་ཏན་གཟུགས་ཆུའི་ལོ་གྲངས་མཐར། །དྲུག་ཅུ་སྐོར་གྱི་མཚམས་སུ་དག །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་དང་། །དྲག་གསུམ་འཁོར་བའི་ལོ་གྲངས་ནི། །མཁའ་མཁའ་དུས་སོགས་རི་ཕྱོགས་ཀྱིས། །བསྒྱུར་བས་མཁའ་སྟོང་མིག་དུས་ཆུ། །བུག་ཀླུ་ལག་ཐུབ་རི་བུག་རོ། །ཆུ་ཀླུ་མེ་བུག་མེ་མཁའ་རོར། །ལྔ་སྒྲ་དྲག་གསུམ་དཀར་པོར་བཅས། །ཟད་པའི་ལོ་མཐར་སྟོང་པར་འཇུག །༈ལྷག་པའི་རི་བུག་རི་ཀླུ་ནི། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །མདའ་བུག་དབང་མཚོ་མདའ་བུག་དང་། །རི་བུག་འཆར་དེ་ཚེས་མཁའ་མེས། །བསྒྱུར་ལ་དེ་ཉིད་མཁའ་སོགས་ཀྱིས། །བགོས་ཐོབ་རི་བུག་རི་ཀླུ་དེ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །ནམ་མཁའ་འཁོར་ལོ་སོ་དབང་ནོར། །མཁའ་ཀླུའི་ལོ་འཆར་ལྷག་པ་ཡི། །མྱུར་བར་ལོ་མཚམས་རྣམ་པར་དག །ཚོགས་དེ་རོ་ཡིས་བསྒྱུར་བ་ཡིས། །མཁའ་མིག་དུས་མེ་བུ་ག་དྲག །འབྱུང་ཀླུ་མཚོ་ཡི་ལོ་གྲངས་མཐར། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་དྲག །པ་སངས་འཁོར་བའི་ལོ་གྲངས་ནི། །མཁའ་སྟོང་མིག་སོགས་མེ་རོ་ཆུས། །བསྒྱུར་བས་མཁའ་མཁའ་དུས་མཁའ་བུག །མཁའ་མིག་ཐིག་དབང་ཀླུ་མཚོ་ཐིག །དབང་དྲག་འབྱུང་མེ་མིག་རོ་བུག །འཁོར་ལོ་འཆར་ཏེ་ལོ་འདིའི་མཐར། །ལྔ་སྒྲ་དྲག་གསུམ་ཞི་གཉིས་ཀྱི། །ངེས་པའི་ཚོགས་རྣམས་ཕྱོགས་གཅིག་ཏུ། །ཟད་བྱེད་ལོ་མཐར་རྣམ་པར་དག །དེ་ལས་འཁོར་ཚུལ་གཞན་མེད་པས། །སླར་ཡང་སྔར་བཞིན་འཁོར་བ་ཡིན། ༈ །དེ་ལྟར་རང་རང་ཟད་བྱེད་མཐར། །སྟོང་པར་འཇུག་ཐེངས་རེའི་ཡུན་ལ། །ལོ་མཚམས་དག་ཐེངས་འདི་ལྟ་སྟེ། །ཉི་མ་སྒྲ་གཅན་ལན་བཅུ་གཉིས། །རིལ་པོ་ཆ་ཤས་ལན་གཉིས་ཏེ། །ཚེས་གཟའི་དྷྲཱུ་བ་མིག་དམར་དང་། །ལྷག་པ་པ་སངས་ལན་དྲུག་རེ། །ཕུར་བུ་སྤེན་པ་ལན་གསུམ་མོ། ༈ །ཉི་མ་དག་པས་ཟླ་བ་དང་། །དུ་བ་ཞི་གཉིས་བཅས་པ་ཡི། །

p. 74

རྩ་བའི་ལོངས་སྤྱོད་དག་འགྱུར་ཞིང་། །དུས་མེ་དེ་ཚེ་ནག་པ་ཡི། །ཕྱེད་ན་གནས་པས་དག་པ་མེད། །དེ་ཕྱིར་རྩ་བའི་ལོངས་སྤྱོད་ལ། །བརྟེན་ནས་སྟོང་རྩིས་ལ་འཇུག་ན། །ལྔ་སྒྲ་དྲག་གསུམ་ལྷན་ཅིག་ཏུ། །དག་པའི་ལོ་གནས་བཅུ་བདུན་པས། །ཆོག་མོད་འོན་ཀྱང་རྩིས་འཕྲོ་ཡི། །ངེས་པ་རྟོགས་ཕྱིར་ཞི་གཉིས་ཀྱི། །རྐང་པ་དང་བཅས་ལྷན་ཅིག་ཏུ། །འཁོར་བའི་ལོ་གནས་ཉེར་གཉིས་བཀོད། །འདི་ལས་ད་ལྟའི་ཤིང་རྟ་ཡན། །འདས་ལོ་ཇི་ཙམ་སོང་བའི་གྲངས། །ལེའུ་བཞི་པར་སྔར་བཤད་དོ། །དེ་དག་སྟེང་དུ་འདས་ལོའི་གྲངས། །བསྣན་ཏེ་རྩིས་འཕྲོའི་ངེས་པ་འཚོལ། །དེ་ཡིས་སྟོང་ཆེན་ལོ་ཚོགས་ལ། །ཕྲི་བས་ད་ནས་ཇི་ཙམ་ན། །སྟོང་པར་འཇུག་པའི་དུས་ངེས་འགྱུར། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། རང་རང་གི་འཁོར་ལོས་སྟོངས་པས་ངེས་པ་སྡུད་པའི་ཚུལ་བཤད་པའི་སྐབས་ཏེ་བཅོ་བརྒྱད་པའོ།། །།

p. 75

༈ དེ་ལྟར་ཟད་པ་མེ་སྟག་ལོའི། །དབོ་ཟླའི་སྟོང་ལ་ཉ་ཁྱིམ་མཐར། །གཟའ་རྣམས་ངེས་པ་དག་པ་ལས། །སླར་ཡང་རབ་བྱུང་ལོའི་ནག་ཟླའི། །ཚེས་གཅིག་ནས་བཟུང་བརྩི་བ་ན། །དྷྲཱུ་བ་སྟོངས་པའི་གནས་རྣམས་སུ། །རང་རང་རྟག་ལོངས་གནམ་སྟོང་བར། །བརྩེགས་ལ་རྐང་རྩིས་ཚུལ་བཞིན་དུ། །བྱས་པས་ནག་པ་ཟླ་བ་ཡི། །ཚེས་གཅིག་རཱི་ཐུར་གཟའ་གཅིག་དང་། །ཆུ་ཚོད་བཅོ་ལྔ་ཉི་དག་ལ། །སྐར་མ་ནམ་མཁའ་ཆུ་ཚོད་ཚེས། །རེས་འགྲོགས་ཟླ་བར་སྐར་མ་ཐིག །ཆུ་ཚོད་མཚོ་དབང་སྦྱོར་བ་གཅིག །ཆུ་ཚོད་དགུ་ལ་སོགས་པ་དང་། །བྱེད་པར་གཅིག་ཡིག་རྣམས་འཆར་ཞིང་། །ནག་ཟླ་རྫོགས་ནས་ཟླ་བ་ཡི། །ངེས་པར་སྐྱེ་བས་བྱ་སླར་ཟད། །དེ་ཕྱིར་རྒྱུད་ལས་ལོ་རབ་བྱུང་། །ནག་ཟླ་དཀར་པོའི་ཚེས་གཅིག་དང་། །རེས་གཟའ་ཉི་མ་སྦྱོར་བ་སེལ། །བྱེད་པ་བ་བཾ་སོགས་ཐམས་ཅད། །དང་པོ་ཁོ་ན་འཆར་བ་རུ། །གསུངས་པ་ཇི་བཞིན་འགྲིག་པ་ཡིན། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། སླར་ཡང་ངེས་པ་སྐྱེ་ཚུལ་བཤད་པའི་སྐབས་ཏེ་བཅུ་དགུ་པའོ།། །།

p. 76

༈ འདས་ལོའི་ཐོག་མའི་རྩིས་འཕྲོ་རྣམས། །བདེ་བླག་རྟོགས་ཕྱིར་ཡར་ལོག་བཤད། །ད་ལྟའི་ལོ་ནས་གྱེན་སློག་ལོ། །གང་འདོད་ཉིས་བསྒྱུར་གནས་གཉིས་བཀོད། །འོག་མ་མིག་བསྒྱུར་མདའ་རོ་ཡི། །ཐོབ་པ་སྟེང་བྱིན་ལྷག་མ་དེས། །ད་ལྟའི་ཟླ་བཤོལ་འཕྲོ་ལ་སྦྱང་། །མ་ལྡངས་མདའ་རོ་བསྣན་ལ་སྦྱང་། །དེ་ཚེ་སྟེང་དུ་ཟླ་བ་གཅིག །སླར་ཡང་བསྣན་པས་ཚེས་ཟླ་དག །ཉིན་ཞག་དོན་དུ་ཟླ་དག་དེ། །མཁའ་མེས་བསྒྱུར་ལ་གནས་གསུམ་བཞག །རི་མཁའ་རི་དང་ཆུ་རོ་ཡིས། །བསྒྲིལ་བའི་ནོར་གྱིས་སྟེང་མར་སྦྱང་། །བར་འོག་ལྷག་གིས་ད་ལྟ་ཡི། །སྤྱི་ཞག་རྩིས་འཕྲོ་དག་ལ་སྦྱང་། །མ་ལྡངས་ཆུ་རོ་བསྣན་ལ་སྦྱང་། །དེ་ཚེ་སྟེང་ནས་ཉིན་ཞག་གཅིག །སླར་ཡང་སྦྱངས་པས་སྤྱི་ཞག་དག །དེ་ལྟར་བསྒྲུབས་པའི་ཟླ་ཞག་ལ། །གཟའ་ཉི་ཆ་རིལ་སྒྲ་གཅན་དང་། །ཞག་གསུམ་གཟའ་ལྔའི་ངེས་པ་རྣམས། །རྣམ་དག་འཕྲོ་བྲལ་བསྒྲུབས་པ་དེས། །ད་ལྟའི་རྩིས་འཕྲོ་སོ་སོར་སྦྱང་། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །ལྷག་གིས་འདས་ལོའི་ཐོག་མ་ཡི། །རྩིས་འཕྲོའི་ངེས་པ་རྣམ་དག་འཆར། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། དྷྲཱུ་ཝ་ཡར་ལོག་བཤད་པའི་སྐབས་ཏེ་ཉི་ཤུ་པའོ།། །།

p. 77

༈ དེ་ནས་ལྔ་བསྡུས་སྒྲ་གཅན་དང་། །ཞག་གསུམ་གཟའ་ལྔ་ལ་སོགས་པའི། །རེའུ་མིག་སྤེལ་ཚུལ་བཤད་པར་བྱ། །བྱེད་གྲུབ་གང་འདོད་ཉི་ཚེས་ཀྱི། །ཞག་གཅིག་ཡུལ་ལོངས་མདའ་ཡོན་ཟླའི། །ཆར་གསིལ་ཉི་རྐང་ཟླ་འབྲས་ཏེ། །གནས་གཉིས་དུས་དང་མཚོས་བསྒྱུར་བས། །ཉི་མའི་རྐང་འབྲས་གསུམ་པོ་འགྲུབ། །དེ་ཡིས་ཉིན་ཚེས་ཞག་གཅིག་གི། ཡུལ་དུས་གཉིས་ཀའི་ལོངས་སྤྱོད་ལ། །མགྱོགས་རྩིས་དུས་སུ་འཆད་འགྱུར་ལྟར། །དབྲི་བསྣན་བྱས་པས་རྩ་བ་ཡི། །བསྡུས་དོན་ཁྱིམ་དྲུག་རྣམ་པར་དག །༈དེ་ནས་བསྐལ་ལིའི་བྱ་ར་ནི། །གཟུགས་ནས་མིག་རི་མེ་བར་བཀོད། །བྱེད་པར་དེ་འོག་གནས་གསུམ་གྱི། །སྟེང་མར་ཉི་ཚེས་ཡུལ་ལོངས་དེ། །སྤེལ་ཞིང་བར་མར་གཟའ་ཚེས་དང་། །འོག་མར་ཉི་ཚེས་རྟག་ལོངས་ལ། །ཉི་རྐང་རྩ་སྒྲུབ་ལྟར་བཙལ་ཏེ། །བར་འོག་གཉིས་པོར་བསྣོན་དབྲི་བྱ། །དེ་ཡིས་ཁྱིམ་རེའི་ཐོག་མ་ཡི། །རེའུ་མིག་དང་པོ་འགྲུབ་པ་ཡིན། །དེ་ལ་རང་ཁྱིམ་བསྡུས་དོན་གྱིས། །རང་རང་རྐང་མཚམས་བར་དུ་སྤེལ། ༈ །གྲུབ་པར་སྟེང་བཀོད་ཉི་ཚེས་ཀྱི། །ལོངས་སྤྱོད་བར་པ་དོར་བྱས་ལ། །བྱ་རའི་འོག་གི་གནས་གསུམ་པོ། །མཐའ་གཉིས་གཟའ་ཚེས་ཉི་མ་དང་། །བར་པ་དོན་གྱི་ཁྱིམ་འཕོ་སྟེ། །ལུག་ལ་རེའུ་མིག་སུམ་ཅུ་དང་། །གཞན་རྣམས་སོ་གཅིག་རེ་ན་འཕོ། །སྤེལ་ལུགས་ཁྱིམ་རེའུ་ཐོག་མ་རུ། །རང་རང་ཁ་བྱང་རེའུ་མིག་དང་། །དེ་རྗེས་གྲངས་ཡིག་དང་པོ་དེས། །བསྒྱུར་བའི་ཉི་ཚེས་ཡུལ་དུས་ཀྱི། །རྟག་ལོངས་བཀོད་པ་བསྒྲུབ་གཞི་སྟེ། །གཉིས་པོ་བྱ་རར་མ་ལྟོས་པའི། །ཁྱིམ་མཚམས་རེའུ་མིག་གཉིས་རེར་འགྱུར། །རང་རང་བྱ་ར་དང་པོའི་འོག །བསྒྲུབ་གཞིར་ཉི་རྐང་ལོངས་སྤྱོད་ནི། །རྩ་སྒྲུབ་ལྟར་བཙལ་བསྣོན་དབྲི་དག །བྱས་པས་རེའུ་མིག་དང་པོ་འགྲུབ། །དེ་ལ་བསྡུས་དོན་ཁྱིམ་དྲུག་གིས། །རང་རང་རྐང་མཚམས་བར་དུ་སྤེལ། །སུམ་བརྒྱ་དོན་གཉིས་བྱ་རའི་འོག །འཁོར་རྫོགས་གཟའ་ཉིའི་ལོངས་སྤྱོད་ལ། །རྐང་ཆོག་བྱས་ཏེ་འགོད་པར་བྱ། ༈ །དོན་གྱི་ཁྱིམ་འཕོ་ཞག་གཅིག་གི། ཉི་ཚེས་ལོངས་སྤྱོད་ལས་བཙལ་བའི། །མཁའ་ཐིག་ཀླུ་དབང་དང་ཉི་

p. 78

མ། །མེ་དང་ཚེས་ཏེ་དང་པོར་བཀོད། །དེ་ཉིད་བྱ་ར་མ་རྫོགས་བར། །སྤེལ་བས་དོན་ཁྱིམ་རེའུ་མིག་འགྲུབ། ༈ །གྲུབ་རྩིས་སྤྱི་ནོར་ཁྱིམ་དྲུག་གི། རེའུ་མིག་བསྒྲུབ་ན་སྤེལ་བའི་གཞི། །ཉི་མའི་ཚེས་ཞག་ཡུལ་ལོངས་ལ། །ལོ་རེར་བཅུ་གསུམ་ཆ་རེ་རེ། །དམན་པའི་ཉི་རགས་བཅུ་གསུམ་པོར། །དུས་མཚོ་ཟླ་བའི་རྐང་ལོངས་དང་། །དོན་གྱི་ཁྱིམ་འཕོ་ལེགས་བཙལ་ཏེ། །རྐང་ལོངས་གསུམ་གྱིས་གཟའ་འཁོར་དང་། །བསྒྲུབ་གཞིའི་ཉི་མ་རགས་པ་ལ། །སྔར་བཞིན་བསྡུས་དོན་དྲུག་པ་བཟོ། །དེ་ལ་བྱ་ར་བཅུ་གསུམ་པོ། །ནག་པོ་ལུགས་འབྱུང་དམར་པོ་ལྡོག །༈རྒྱས་པར་ཉི་མའི་སྤྱི་ནོར་རྣམས། །དོར་ནས་ཆུ་མིག་ཀླུ་མཚོའི་མཐར། །སྤེལ་ན་ཆོ་ག་སྔར་བཞིན་ལས། །ཁྱད་པར་རེའུ་མིག་སུམ་ཅུ་པ། །ལོ་རེར་ཁྱིམ་རེ་ཕྱིར་འཕོས་པས། །ཐ་མ་ལུག་ཁྱིམ་ཉིད་ལ་འཁོར། ༈ །བྱེད་གྲུབ་གང་འདོད་ཆ་ཤས་ཀྱི། །རེའུ་མིག་དམར་ནག་འཁོར་མ་ནི། །སྤེལ་ན་ཆ་ཤས་གཅིག་པ་ནས། །རེ་གསུམ་བར་གྱི་བྱ་ར་དང་། །ཆ་ཤས་རེ་རེར་རེའུ་མིག །བཅུ་བཞི་ཡོད་པའི་གྲངས་འཛིན་ནི། །ཐིག་ནས་བཅུ་གསུམ་བར་དུ་བཀོད། །དེ་ནས་ཆ་ཤས་གཅིག་པ་ལ། །དུས་ཉིས་ཐོབ་པ་ཆུ་ཚོད་དེ། །ལྷག་མ་མཁའ་རོ་དུས་རི་རོ། །རི་མཁའ་རིས་བསྒྱུར་དུས་ཉི་ཡིས། །རིམ་ཐོབ་གྲུབ་པའོ་བྱེད་པ་ལ། །དབུགས་ལྷག་དགུས་ཐོབ་ཆར་བཞག་པ། །དེ་ནི་ཆ་ཤས་གཅིག་པ་ཡི། །བྱ་ར་དྲུག་པའི་ལོངས་སྤྱོད་ཡིན། །དེ་ཉིད་རང་རང་ཆ་ཤས་ཀྱིས། །བསྒྱུར་ལ་སོ་སོའི་དྲུག་པར་བཀོད། །དེ་རྣམས་ཟླ་རྐང་བཅུ་བཞི་པོས། །བསྒྱུར་ནས་རྐང་སྡོམ་དང་བཅས་པའི། །རང་རང་སྔ་རྐང་ལ་བསྲེ་ཞིང་། །ཕྱི་རྐང་ཕབ་ལ་སྦྱང་བར་བྱ། །དེ་ཡང་སོ་སོའི་རྐང་སྡོམ་ནི། །གྲངས་འཛིན་དང་བསྟུན་འདི་ལྟར་བཀོད། །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་འདོད་པར་འབྱུང་བ་སྟེ། །མིག་དང་ཉི་མ་དག་ལ་ཕྱོགས། །མེ་དང་དྲག་པོར་ཚེས་ཞེས་བྱ། །ཕྱོགས་དང་ཆུ་གཏེར་བུ་ག་གཟུགས། །མདའ་དང་བུག་པར་ལག་པ་མིག །དུས་དང་ནོར་ལ་རྒྱལ་བ་སྟེ། །ཐུབ་པ་ལ་ནི་དེ་ཉིད་དོ། །དེ་ལྟར་དྲུག་ཅུ་རེ་གསུམ་གྱིས། །ལུགས་འབྱུང་དམར་པོའི་རེའུ་མིག་འགྲུབ། །ནག་པོའི་བྱ་ར་རེ་བཞི་ནི། །དམར་པོའི་རེ་གཉིས་དང་སྤྲད་ལ། །རེ་ལྔ་ནས་བཟུང་བརྒྱ་ཉེར་

p. 79

ལྔའི། །བར་དུ་བྱ་ར་ནག་པོ་ལྡོག །དུས་ཉིའི་ཆ་ཤས་གཅིག་པུ་དེ། །རེ་གསུམ་ཐ་མར་ཟུར་དུ་བཞག །ཆ་ཤས་རེ་རེའི་རེ་འུ་མིག །བཅུ་བཞིར་ཐིག་ནས་བཅུ་གསུམ་བར། །ལུགས་ལྡོག་བྱ་ར་ནག་པོ་བཏབ། །དེ་ཡིས་དམར་ནག་འཁོར་མ་འགྲུབ། །ཁྱད་པར་འཁོར་ལོ་བསྒྲིལ་བའི་ཚེ། །བྱེད་པའི་ཆ་ཤས་མ་ནུས་བྱ། ༈ །རྒྱས་པར་སྤྲོས་འདོད་དུས་ཉིའི་བར། །སྤེལ་ན་བརྐྱང་པའི་རེའུ་མིག་འགྲུབ། ༈ །དེ་ནས་སྒྲ་གཅན་རེ་འུ་མིག །སྤེལ་ན་ཉར་གཟུགས་སྟོང་མིག་དེ། །འཁོར་ལོ་མཁའ་རོ་མཁའ་རོ་དུས། །མེ་མིག་གིས་བསྒྱུར་མཁའ་དུས་ཆུས། །རིམ་ཐོབ་ཉ་སྟོང་རྩ་བ་སྟེ། །དེ་ཡིས་འཁོར་ལོ་ལ་ཕྲི་གདོང་། །གདོང་ལ་འཁོར་ཕྱེད་བསྲེས་པ་མཇུག །སྟེང་མར་ཉ་ལ་འོག་མར་སྟོང་། །བཀོད་པས་རེའུ་མིག་དང་པོ་འགྲུབ། །དེ་ནས་སྔ་མ་སྔ་མའི་སྟེང་། །རྟག་ལོངས་མཁའ་རི་མིག་མེ་ཚེས། །རྩ་བར་བྱིན་ཞིང་གདོང་ལ་འཕྲོག །གདོང་ལ་འཁོར་ཕྱེད་བསྲེས་པ་འཇུག །སྟེང་འོག་ཉ་སྟོང་རེའུ་མིག་གི། བར་དུ་ཐུན་མོང་བྱ་ར་ནི། །གཅིག་ནས་ཉིས་བརྒྱ་སུམ་ཅུའི་བར། །བཀོད་པས་སྒྲ་གཅན་བསྐལ་པར་འཁོར། ༈ །དེ་ནས་གཟའ་ལྔའི་ཞག་གསུམ་གྱི། །རེའུ་མིག་སྤེལ་ཚུལ་བཤད་པར་བྱ། །རང་རང་ཞག་གསུམ་དལ་བ་ཡི། །ཞག་གཅིག་རྟག་པའི་ལོངས་སྤྱོད་དེ། །མདའ་ཡོན་ཟླ་བའི་ཆར་གསིལ་བ། །རང་རང་དལ་བའི་རྐང་པས་བསྒྱུར། །སོ་སོའི་རྐང་འབྲས་གསུམ་པོ་འགྲུབ། །དེ་ཡིས་རང་རང་ཞག་གསུམ་པོའི། །ཞག་གཅིག་དལ་ལོངས་གནས་དྲུག་གི། སྔ་མར་བྱིན་ཞིང་ཕྱི་མར་འཕྲོག །སོ་སོའི་རྐང་འབྲས་དྲུག་པོ་དག །༈དེ་ནས་དལ་བ་དག་པ་དང་། །མྱུར་བ་བར་པའི་བྱ་ར་ནི། །གཅིག་ནས་གཟའ་ལྔ་སོ་སོ་ཡི། །ཞག་གསུམ་དཀྱིལ་འཁོར་མཐའི་བར་བཀོད། །ཁྱད་པར་ཞག་སར་མ་འདྲིལ་བའི། །དཀྱིལ་འཁོར་རྣམས་ལ་རྗེས་འབྲང་ཆེད། །མཐའ་རུ་རེའུ་མིག་གཅིག་རེ་བསྣན། ༈ །དེ་ནས་དལ་དག་བྱ་རའི་འོག །རེའུ་མིག་སྟེང་འོག་གནས་གཉིས་ཀྱི། །སྟེང་མར་ཞི་གཉིས་ཉི་མ་དང་། །དྲག་གསུམ་རང་རང་ཡུལ་ལོངས་རྣམས། །བྱ་རའི་མཐར་སྤེལ་དལ་བར་འགྲུབ། །འོག་མར་སྟེང་བཀོད་བར་པ་ལ། །སོ་སོའི་དལ་རྐང་རྩ་སྒྲུབ་ལྟར། །བཙལ་ཏེ་བསྒྲུབས་པའི་དལ་དག་ནི། །རང་རང་རྐང་པ་གང་བབས་

p. 80

ཀྱི། །ཐོག་མའི་རེའུ་མིག་འགྲུབ་པ་ཡིན། །དེ་ལ་སོ་སོའི་རྐང་འབྲས་ཀྱིས། །རང་རང་རྐང་མཚམས་བར་སྤེལ་ཏེ། །དེ་ཡང་མ་དོར་སྔ་རྐང་དང་། །དོར་བའི་ཕྱི་རྐང་ལ་བབས་ཚེ། །སོ་སོའི་རྐང་འབྲས་བུ་ལོན་དང་། །དོར་སྔ་མ་དོར་ཕྱི་རྐང་ཚེ། །རྐང་འབྲས་ནོར་གྱིས་སྤེལ་བར་བྱ། །རང་རང་རྐང་པའི་འཕོ་མཚམས་ནི། །དལ་རྐང་ལོངས་སྤྱོད་འཚོལ་བའི་ཚེ། །རྐང་བཟུང་མདུན་མའི་བསྒྱུར་གཞི་དེར། །རང་རང་ཞག་གཅིག་དལ་བར་ཚད། །མ་ལོངས་འཕོ་མཚམས་འཁྲུལ་མེད་ཡིན། ༈ །ཞི་གཉིས་མྱུར་བར་བྱ་རའི་མཐར། །རང་རང་རྐང་འཛིན་ལོངས་སྤྱོད་སྤེལ། །དྲག་གསུམ་མྱུར་བར་སྔར་བཤད་ཀྱི། །ཉི་མ་བར་པས་སྟོན་པར་འགྱུར། ༈ །ཡང་ན་ཞི་གཉིས་དལ་བར་དང་། །དྲག་གཟའི་མྱུར་བར་ཐུན་མོང་ཕྱིར། །གནས་གསུམ་སྟེང་མར་ཉི་བར་བཀོད། །དེ་ཡི་བར་པར་ལྷག་པ་དང་། །འོག་མར་པ་སངས་དལ་དག་བཀོད། །ཞི་དྲག་ཐུན་མོང་རེའུ་མིག་ཡིན། །དེ་བཞིན་དྲག་གཟའི་དལ་བར་རྣམས། །དོར་བ་རེའུ་མིག་བསྡུས་པའོ། ༈ །ཤིན་ཏུ་བསྡུ་ན་དྲག་གསུམ་གྱི། །སོ་སོའི་ཞག་གྲངས་མཆོངས་ཏེ་སྤེལ། །སྐབས་དེའི་རྐང་འབྲས་ནོར་བུ་ལོན། །གང་མཆོངས་ཞག་བསྒྱུར་ལོགས་བཀོད་པ། །ཞག་རྩིས་སྟེར་བའི་རེའུ་མིག་ཡིན། ༈ །ཁྱད་པར་གཟའ་ལྔའི་ཞག་གསུམ་གྱི། །དཀྱིལ་འཁོར་རྗེས་འབྲང་ཅན་རྣམས་ལ། །སྤྱི་ནོར་སྤེལ་ནའང་རུང་མོད་ཀྱི། །འོན་ཀྱང་ཐམས་ཅད་འགྲུབ་དཀའ་བས། །ཚེས་ཞག་དྲག་པོའི་མྱུར་བར་ལ། །ཞག་གཅིག་བཅུ་གསུམ་ཆར་བྱས་པའི། །ལོངས་སྤྱོད་རང་གི་ཆའི་གྲངས་བརྩེགས། །དེ་དག་རེ་རེར་ཞི་གཉིས་ཀྱི། །རྐང་འབྲས་དྲུག་དྲུག་བཙལ་བ་ཡིས། །ཐུན་མོང་སྤྱི་ནོར་རེའུ་མིག་འགྲུབ། ༈ །ཞི་གཉིས་ཉིན་ཞག་མྱུར་བར་ཡང་། །ཉིན་ཞག་རྐང་འཛིན་རྟག་ལོངས་དེ། །ལྷག་པ་རི་ཀླུ་པ་སངས་ནི། །རྒྱལ་བ་མིག་གི་བར་སྤེལ་བས། །སོ་སོའི་རྐང་པའི་རེའུ་མིག་འགྲུབ། །རང་རང་ཞག་གཅིག་ལོངས་སྤྱོད་དེ། །བརྒྱ་དང་བཅུ་ཡི་ཆར་གསིལ་བ། །རང་རང་ཞག་ཚད་མ་ལོངས་བར། །སྤེལ་བས་སོ་སོའི་སྤྱི་ནོར་སྟོན། ༈ །དེ་ནས་གཟའ་ལྔའི་ཞག་གསུམ་གྱི། །ཐུན་མོང་མྱུར་དག་རྐང་པ་ཡི། །རེའུ་མིག་སྤེལ་ཚུལ་བཤད་པར་བྱ། །རིམ་པའི་གྲངས་འཛིན་

p. 81

ཐིག་ལེ་ནས། །བརྒྱད་བརྒྱ་བཅུའི་བར་ལུགས་འབྱུང་བཀོད། །ཐིག་འོག་རྐང་ལོངས་གནས་གསུམ་ཀ། སྟོང་པའོ་རེའུ་མིག་དང་པོ་ཡིན། །གྲངས་འཛིན་གཅིག་འོག་སྐར་དབྱུག་ཐིག །སྲང་དུ་གཟའ་ལྔ་རང་རང་གི། མྱུར་རྐང་དང་པོ་བཞག་པ་དེ། །དྲུག་ཅུའི་བར་དུ་སྤེལ་བ་ཡིས། །རྐང་པ་དང་པོའི་ལོངས་སྤྱོད་རྫོགས། །དེ་ནས་སྲང་དུ་མྱུར་རྐང་ནི། །གཉིས་པ་བཞག་ནས་སྤེལ་བ་སོགས། །རང་རང་སྔ་རྐང་བར་དུ་འགྲེ། །ཕྱི་རྐང་མཚམས་སུ་སླེབས་པ་ནས། །སྔ་མ་སྔ་མའི་རྐང་ལོངས་ལ། །ཕྲི་བས་ཕྱི་མ་ཕྱི་མ་འགྲུབ། །རང་རང་མྱུར་རྐང་བཅུ་གསུམ་པོ། །དྲུག་ཅུ་རེ་ན་རྐང་མཚམས་འཕོ། །རིམ་རྐང་ཐ་མ་རྐང་པ་ཕྱེད། །ཡིན་ཕྱིར་དབྲི་བྱེད་ཉིས་འགྱུར་དུ། །བྱས་པས་སུམ་ཅུའི་བར་དུ་སྤེལ། །དེ་རྣམས་འོག་ཏུ་རིམ་མིན་གྱི། །གྲངས་འཛིན་ལུགས་ལྡོག་ཚུལ་དུ་བཏབ། །དེ་ཡིས་གཟའ་ལྔའི་རྒྱུན་བཅས་ཀྱི། །མྱུར་རྐང་རེའུ་མིག་རྣམ་དག་འགྲུབ། །དེ་བཞིན་གཟའ་ལྔ་རང་རང་གི། དལ་མྱུར་གང་ལ་གནས་པ་ཡི། །ཞག་རེའི་མ་འདྲེས་ལོངས་སྤྱོད་རྣམས། །རྟོགས་ཕྱིར་ཞག་རེའི་མྱུར་དག་གིས། །རེའུ་མིག་སྤེལ་ཚུལ་བརྗོད་པར་བྱ། །གཟའ་ལྔ་སོ་སོར་སྔར་བཤད་ཀྱི། །རྐང་འབྲས་མིང་བརྟགས་དལ་དག་དྲུག །གནས་གཉིས་བཀོད་པའི་ཕྱོགས་གཅིག་གིས། །དྲག་གསུམ་ཉི་བར་ཞི་གཉིས་ཀྱི། །རང་རང་རྐང་འཛིན་བར་པ་ལ། །སྦྱངས་ལྷག་གང་བྱུང་གཟའ་སོ་སོའི། །རང་རང་རྐང་འཛིན་དག་པ་ཡིན། །རེ་རེའང་མྱུར་རྐང་བཅུ་བཞི་པོས། །བསྒྱུར་ལ་རྐང་རིལ་བཅུ་གསུམ་པོ། །མཁའ་རོའོ་ཕྱེད་པ་གཅིག་པུ་དེ། །མཁའ་མེས་དབྱུག་སྲང་དབུགས་ཆའི་བར། །རིམ་པར་བགོས་པའི་རྐང་ལོངས་རྣམས། །རང་རང་དལ་དག་ཅིག་ཤོས་ལ། །སྔ་རྐང་ལ་བྱིན་ཕྱི་རྐང་དུ། །ཕྲི་བའི་མྱུར་བ་རྣམ་དག་རྣམས། །རེའུ་མིག་བཅུ་བཞི་ལ་བཀོད་ཅིང་། །དེ་ལ་གྲངས་འཛིན་བྱ་ར་ནི། །སྟེང་དུ་རིམ་པ་ལུགས་འབྱུང་དང་། །འོག་ཏུ་རིམ་མིན་ལུགས་ལྡོག་བཀོད། །དེ་ལྟར་གཟའ་ལྔ་སོ་སོ་ཡི། །མྱུར་རྐང་བཅུ་བཞི་རང་རང་གི། དལ་དག་དྲུག་གིས་བསྒྱུར་བ་ཡིས། །གཟའ་རེར་མྱུར་རྐང་རེའུ་མིག །གྱ་བཞི་འབྱུང་བས་སོ་སོ་ཡིས། །ཞག་རེའི་མྱུར་རྐང་འཕེལ་འགྲིབ་རྟོགས། ༈ །བྱེད་པ་ལོ་འཕོའི་རེའུ་མིག་ནི། །གཟུགས་

p. 82

ཚེས་གཟུགས་མེ་གཟུགས་ཟླ་ཉིར། །གཟར་མིག་དབྱུག་གུར་མཁའ་མེ་བྱིན། །དེ་ཉིད་རེའུ་མིག་དང་པོ་ཡིན། །དེ་ལ་གཟུགས་ཚེས་གཟུགས་མེ་སོགས། །རིམ་པར་བྱིན་ལ་བྱ་རའི་གྲངས། །རི་ཟླ་མེ་ཡི་བར་དུ་སྤེལ། ༈ །དེ་ནས་དུས་སྦྱོར་བཅུ་གཉིས་ཀྱི། །འདས་ལུས་སྲང་གི་རེའུ་མིག་ནི། །འདས་སྲང་གྲངས་འཛིན་ཐིག་ལེ་ནས། །མཁའ་མེའི་བར་དུ་ལུགས་འབྱུང་བཀོད། །ཐིག་འོག་གནས་གཉིས་སྟོང་པ་སྟེ། །གཅིག་འོག་སྲང་ཚད་དྲུག་པོ་གང་། །མཁའ་མེས་བགོས་ཐོབ་ཆུ་སྲང་ཡིན། །ལྷག་མ་རོས་བསྒྱུར་ཐོབ་པ་དབུགས། །དེ་ཉིད་སུམ་ཅུའི་བར་དུ་བརྩེགས། །དབུགས་སུ་ལོངས་ཚེ་རོ་ཡི་བསྒྲིལ། །དེ་ཡིས་སོ་སོའི་འདས་སྲང་སྟོན། །དེ་རྣམས་འོག་ཏུ་མ་འདས་པའི། །སྲང་གི་བྱ་ར་ནམ་མཁའ་ནས། །མཁའ་མེའི་བར་དུ་ལུགས་ལྡོག་དང་། །རེའུ་མིག་རེ་རེའི་ཐོག་མ་རུ། །ཁྱིམ་མིང་གཉིས་གཉིས་ཁ་བྱང་དགོད། ༈ །དེ་ནས་གནས་ལྔ་དང་བཅས་པའི། །མི་མཉམ་དུམ་དྲུག་དུས་སྦྱོར་གྱི། །རེའུ་མིག་སྤེལ་ན་བྱ་ར་ནི། །གཅིག་ནས་རང་རང་སྲང་ཚད་བར། །བཏབ་རྗེས་བྱ་ར་དང་པོ་སྟེ། །མཁའ་མེ་མཁའ་རོ་མཁའ་རོ་དུས། །བགོད་བྱེད་ལྔ་ཆས་བསྒྱུར་བ་ལ། །རང་རང་ཁྱིམ་གྱི་སྲང་ཚད་ཀྱིས། །རིམ་བཞིན་ཐོབ་པ་གནས་ལྔའོ། །ཆུ་ཚོད་གནས་སུ་གང་ཤར་དེ། །དུམ་དྲུག་བགོད་གཞི་ཡིན་པའི་ཕྱིར། །ཆ་ཤས་སྟེང་དུ་རང་འདྲ་ཞིག །བཀོད་པ་སྤྱི་དྷྲཱུ་ཞེས་སུ་བཏགས། །དེ་ཡི་ཆ་ཤས་མན་ཆད་དེ། །བྱ་རའི་གྲངས་མཐར་བརྩེགས་ལ་སྤེལ། །གང་ལོངས་སྒྱུར་བྱེད་རང་རང་གི། འཁོར་ལོས་ཆུ་ཚོད་བར་བསྒྲིལ་བའི། །ཆུ་ཚོད་ཚར་གཉིས་བྱས་པའི་གཅིག །རང་གནས་བཞག་པ་རང་འཁོར་གྱིས། །ཆ་ཤས་གནས་སུ་བསྒྲིལ་བར་བྱ། །ཅིག་ཤོས་སྤྱི་དྷྲཱུའི་གནས་སུ་འཇོག །དེ་ཕྱིར་སྟེང་ནས་རིམ་པ་བཞིན། །སྤྱི་དྷྲཱུ་ཆ་ཤས་དབྱུག་སྲང་དབུགས། །བགོད་བྱེད་ཀྱི་ནི་ལྔ་ཆར་བཞག །༈དེ་ནས་བགོད་གཞིའི་སྤྱི་དྷྲཱུ་ལ། །ཕྱེད་པ་སུམ་ཆ་དགུ་ཆ་དང་། །བཅུ་གཉིས་ཆ་དང་སུམ་ཅུ་ཆའི། །སྔར་བཤད་བགོད་བྱེད་སོ་སོས་བགོ། རྙེད་པ་ཡོད་དམ་མེད་ཀྱང་རུང་། །ལྷག་མ་བྱུང་ན་གཅིག་བྱིན་བྱ། །རེའུ་མིག་ལྔ་ལ་ཡས་ནས་མར། །སོ་སོའི་བདག་པོའི་གཟའ་བཅས་བཀོད། །བསྡུ་ན་སྲང་ཚད་ཁྱིམ་གཉིས་རེ། །གཅིག་ཕྱིར་

p. 83

བསྡོམས་ཏེ་ཁ་བྱང་དང་། །དུམ་དྲུག་གཟའ་རྣམས་མི་འདྲེས་ཕྱིར། །དམར་ནག་མཚན་མས་བྲི་བར་བྱ། ༈ །དེ་ནས་ཁྱིམ་ཚེས་བར་ཁྱད་ཀྱི། །རེའུ་མིག་སྤེལ་ན་གཅིག་ནས་བཟུང་། །རེ་ལྔའི་བར་དུ་བྱ་ར་འགོད། །དེ་འོག་ཉི་མའི་ཡུལ་དུས་ཀྱི། །ཚེས་ཞག་གཅིག་གི་ཚད་དེ་ཉིད། །རེ་ལྔས་ཕྱེ་ནོར་དང་པོར་བཞག །དེ་ཉིད་རེ་ལྔའི་བར་དུ་བརྩེགས། །འོག་ཏུ་ལུགས་ལྡོག་བྱ་ར་འགོད། །དེ་ཡང་བསྡུ་ན་ཞག་གཅིག་གི། བཅུ་གསུམ་ཆ་དང་དེའི་ལྔ་ཆར། །སྤེལ་བས་དགོས་པ་འགྲུབ་པ་ཡིན། ༈ །ཉིན་ཚེས་བར་ཁྱད་རེའུ་མིག་ནི། །གྲངས་འཛིན་གཅིག་ནས་རེ་བཞིའི་བར། །བཀོད་འོག་ཉི་མའི་ཉིན་ཞག་གི། ཡུལ་ལོངས་ཆུ་རོས་ཕྱེ་ནོར་དེ། །རེ་བཞིའི་བར་དུ་བརྩེགས་ལ་སྤེལ། །དེ་ནས་རེ་བཞི་ཆའི་རེའུ་མིག །དང་པོ་དེ་ཉིད་བུག་སོགས་ཆར། །གསིལ་ལ་རི་མཁའ་རིས་ཐོབ་ནོར། །དང་པོའི་གནས་བཞག་རི་མཁའ་རིའི། །བྱ་རའི་གྲངས་བར་སྤེལ་བས་འགྲུབ། །དེ་ནས་བུག་མཁའ་མིག་བུག་ཡིད། །རི་རོས་ཕྱི་ནོར་དང་པོར་བཞག །དེ་ཡང་རེ་བདུན་བྱ་རའི་བར། །སྤེལ་བས་ཉིན་ཚེས་བར་ཁྱད་འགྲུབ། །དེ་ལྟར་རེའུ་མིག་སྤེལ་ཚུལ་གནད། །ཤེས་ན་སོ་སོའི་མ་འདྲེས་པའི། །ལོངས་སྤྱོད་རྣམ་གཞག་རྟོགས་པར་འགྱུར། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། རེའུ་མིག་སྤེལ་བའི་ཁ་བྱང་བཤད་པའི་སྐབས་ཏེ་ཉེར་གཅིག་པའོ།། །།

p. 84

༈ དེ་ནས་མགྱོགས་རྩིས་ལ་བརྟེན་ནས། །རཱི་ཐུ་སྦྱོར་དགྲོལ་བཤད་པར་བྱ། །བྱེད་པར་གང་བརྩིའི་ནག་ཟླ་ཡི། །ཉི་དྷྲཱུའམ་བཤོལ་རྗེས་དབོ་དྷྲཱུ་ལ། །གང་བབས་ཉི་ཚེས་རྟག་ལོངས་བྱིན། །ཞག་གཅིག་ལོངས་སྤྱོད་མ་ལོངས་ཙམ། །ཤར་བ་ལོ་དེའི་ཉི་རགས་ཡིན། །དེ་དང་ཞག་ཁྱད་མ་ཞུགས་པའི། །གཟའ་ཚེས་རྟག་ལོངས་གཟའ་དྷྲཱུ་ལ། །བྱིན་པས་གཟའ་ཡི་རགས་པ་འཆར། །ཡང་ན་ཉི་དྷྲཱུ་རང་ཉིད་ལས། །ཅུང་ཟད་གྲངས་ཉུང་ཉི་ཚེས་ཀྱི། །ཡུལ་ལོངས་ཀྱིས་སྦྱངས་ཉི་རགས་ཏེ། །གཟའ་ལའང་ཤེད་སྙོམས་སྔར་ལྟར་བཙལ། ༈ །གྲུབ་པར་འདས་ཟླ་མ་བསྲེས་པའི། །ཟླ་བཤོལ་རྩིས་འཕྲོ་མཁའ་མེས་བསྒྱུར། །མདའ་རོས་ཐོབ་ནོར་གང་ཡིན་དེ། །ཉིན་ཞག་ཉི་རགས་ཟིན་པའི་ཞག །ལྷག་མ་བྱུང་ཚེ་ནོར་ལ་གཅིག །བྱིན་པ་ཚེས་ཞག་ཉི་མ་ཡི། །རགས་པ་ཟིན་པའི་ཚེས་གྲངས་ཏེ། །གང་ཟིན་ཉི་ལོངས་ཉི་དྷྲཱུར་བསྣན། །ཉི་རགས་ཡིན་ཏེ་ཤེས་སྙོམས་ཀྱི། །གཟའ་ཡི་རགས་པ་སྔར་ལྟར་བསྒྲུབ། །སྔ་ལོའི་རགས་པ་རྣམ་དག་ལ། །བྱེད་པར་གཟུགས་དྲག་མཁའ་མཚོ་ལག །ཐིག་རྣམས་གཟར་བྱིན་ཉི་མ་ཡི། །སྲང་ནས་རི་གཟུགས་ཆ་ཤས་ནས། །མིག་ཕྲི་ཕྱི་མའི་རགས་པ་འཆར། །གྲུབ་པར་གཟུགས་དྲག་གཟུགས་མཚོ་ཆུ། །རོ་མིག་ཀླུ་རི་རྩེ་མོ་རྣམས། །གཟའ་རགས་ལ་བྱིན་ཉི་རགས་ནས། །མཁའ་མིག་སྲང་དང་མཁའ་རོའི་ཆས། །ཕྲི་བས་ཕྱི་མའི་རགས་པ་འགྲུབ། །ཉི་རགས་སྟོངས་པའི་ཕྱི་ལོའི་དུས། །གཟའ་ཉིའི་རྟག་ལོངས་བསྣན་པ་ལ། །དབྲི་བསྣན་བྱེད་པ་ཁྱད་པར་ཡིན། ༈ །བྱེད་གྲུབ་གང་བྱེད་ཉི་རགས་དེ། །མདའ་ཡོན་ཟླ་བས་ཆ་ཤས་བར། །རིམ་བགོས་ཉི་རྐང་ཟླ་འབྲས་ཏེ། །གནས་གཉིས་བཀོད་ལ་དུས་དང་མཚོས། །བསྒྱུར་བས་རྐང་འབྲས་གསུམ་པོ་འགྲུབ། །གཟའ་ཉིའི་རགས་པ་སྟེང་འོག་ཏུ། །གསུམ་གསུམ་དྲུག་བཀོད་དབྲི་སྣོན་ཆེད། །ཁྱིམ་མིང་གཉིས་རེའི་ཁ་བྱང་གདགས། །ལུག་དང་བུ་མོར་ཟླ་བའི་འབྲས། །དབྲི་ཞིང་ཉ་དང་སྲང་ལ་བྱིན། །གླང་སེང་གཉིས་ལ་མཚོའི་འབྲས་བུས། །སྦྱང་ཞིང་བུམ་སྡིག་གཉིས་ལ་བརྒྱན། །འཁྲིག་པ་ཀརྚར་དུས་དམན་ཞིང་། །ཆུ་སྲིན་

p. 85

གཞུ་ལ་བྱིན་པར་བྱ། །དེ་ཡིས་ཁྱིམ་དྲུག་སྤྱི་ནོར་དག །༈གྲུབ་པ་སྤྱི་ནོར་རེའུ་མིག་ལས། །འཛིན་འདོད་སྔར་བཤད་ཟླ་བཤོལ་འཕྲོ། །ཞག་གསིལ་མདའ་རོས་ཕྱེ་ལྷག་དེ། །ལྔ་ཡིས་བགོའམ་འདོད་པ་ཡིས། །བསྒྱུར་ལ་མདའ་རོས་བགོས་ཐོབ་དེས། །ཁྱིམ་དྲུག་སྤྱི་ནོར་རེའུ་མིག་བཟུང་། །དེ་ནང་ཁྱིམ་དྲུག་གཟའ་རྣམས་ལ། །ལོ་དེའི་གཟའ་རགས་བསྣན་པས་འགྲུབ། །བྱེད་གྲུབ་གང་བྱེད་སྔ་ལོ་ཡི། །རང་རང་སྤྱི་ནོར་རྣམ་དག་ལ། །གཟའ་ཉི་གཉིས་ཀ་སྦྱིན་བྱ་ཡི། །ཁྱིམ་དྲུག་རེའུ་མིག་སོ་སོར་བསྣན། །དེ་ཡིས་ཉི་རགས་སྟོངས་པའི་དུས། །མ་གཏོགས་ཕྱི་ལོའི་སྤྱི་ནོར་འཆར། །སྟོངས་པའི་ཕྱི་ལོ་སྦྱིན་བྱའི་སྟེང་། །རེའུ་མིག་སྤེལ་བའི་ཁྱིམ་དྲུག་གི། བསྡུས་དོན་བསྣན་ལ་སྦྱིན་པར་བྱ། ༈ །དེ་ནས་རེའུ་མིག་འཛིན་ཚུལ་ནི། །འདས་ཟླ་གང་ཡིན་མཁའ་མེས་བསྒྱུར། །གང་བརྩིའི་ཚེས་གྲངས་བྱིན་པ་ལ། །ཉི་རགས་ཟིན་པའི་ཞག་གིས་ཕྲི། །ལྷག་མས་བསྐལ་ལིའི་བྱ་ར་བཟུང་། །ཡང་ན་རེའུ་མིག་བྱ་རའི་དོད། །ཉི་བར་བཀོད་ལས་འཛིན་འདོད་ན། །གང་བརྩིའི་དུས་དེའི་ཉི་བར་ལ། །ཉི་རགས་ཀྱིས་ཕྲི་ལྷག་མས་བཟུང་། །དེ་ལྟར་ཟིན་པའི་རེའུ་མིག་གི། གཟའ་ཉི་གཡས་གཡོན་བཀོད་པ་ལ། །ཁ་བྱང་བཞིན་དུ་རང་རང་གི། ཁྱིམ་མཐུན་གཟའ་ཉིའི་སྤྱི་ནོར་བྱིན། །ཁྱད་པར་ཉི་རགས་ཟིན་པ་ཡི། །ཞག་གྲངས་བར་དུ་སྔ་ལོ་ཡི། །ཆོ་གས་འཛིན་དང་སྤྱི་ནོར་སྟེར། །དེ་ཡིས་གཟའ་ཕྱེད་ཉི་མ་དག །གྲུབ་པར་དབུས་གནས་རེའུ་མིག་ལ། །གང་ཟིན་ཁྱིམ་དྲུག་སྤྱི་ནོར་དང་། །ནང་མཐུན་རང་གི་སྤྱི་ནོར་ཉིད། །བྱིན་པས་དོན་གྱི་ཁྱིམ་འཕོ་སྟོན། ༈ །ཆ་ཤས་དྷྲཱུ་བ་དང་མཐུན་པའི། །བྱ་རས་ཆ་ཤས་རེའུ་མིག་བཟུང་། །རིལ་པོར་ཚེས་བསྲེས་ཆུ་ཟླས་བགོ། ནོར་གྱིས་སྣོན་འབྲིད་མཚན་མ་དང་། །ལྷག་མས་རེའུ་མིག་བཅུ་བཞི་པོའི། །བྱ་ར་ཆ་དང་ནང་མཐུན་བཟུང་། །གང་ཟིན་གཟའ་བར་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཚེས་རྣམ་པར་དག །༈ཉི་མ་དག་པར་ཟླ་ཚེས་ཀྱི། །ཐུན་མིན་རྟག་ལོངས་རེའུ་མིག་བྱིན། །ཚེས་ལོངས་ཀྱིས་སྦྱངས་རེས་འགྲོགས་དག །༈ཉི་ཟླ་གཉིས་བསྲེས་སྦྱོར་བ་དང་། །བྱེད་པ་ཚེས་གྲངས་རེའུ་མིག་འཛིན། ༈ །གྲུབ་མཐའི་རེའུ་མིག་རྒྱས་པ་ནི། །

p. 86

འཛིན་ན་རབ་ཉིའི་རྒྱལ་བ་ཡི། །ཟླ་དག་མཁའ་མེས་བསྒྱུར་བ་ལ། །གང་བརྩིའི་ཚེས་བྱིན་རོ་ཡིས་ཕྲི། །ཆུ་མིག་ཀླུ་མཚོས་ཐོབ་པའི་ནོར། །གནས་དྲུག་རིམ་བཞིན་མིག་གཟུགས་མེ། །དུས་དང་གཟུགས་དྲག་མཁའ་རྩེ་མེས། །བསྒྱུར་ལ་རོ་དང་སྐྱོན་རི་གཟུགས། །ཟླ་དང་ཀླུ་དབང་རི་རོ་མཚོ། །བྱིན་ལ་འཁོར་ལོས་བསྒྲིལ་ལྷག་དེས། །ལོ་གྲངས་འདོད་པའི་བར་རེ་ཡི། །གཟའ་རགས་རྣམ་དག་གྲུབ་པ་ཡིན། །ཡང་ན་ཉི་རགས་སྟོངས་པའི་ལོའི། །གཟའ་རགས་གོང་བཞིན་བསྒྲུབས་པས་འགྲུབ། །སྔར་གྱི་ཆུ་མིག་ཀླུ་མཚོ་ཡིས། །བགོས་པའི་ལྷག་མས་རེའུ་མིག་བཟུང་། །དེ་འོག་གནས་གསུམ་དབུས་གཡོན་གྱིས། །དོན་ཁྱིམ་དང་ནི་ཉི་དག་སྟོན། །གཡས་པར་སྔར་བཙལ་གཟའ་རགས་བྱིན། །དེ་སྟེང་རིལ་ཆའི་རེའུ་མིག་ནི། །འཛིན་སོགས་ལྷག་མ་སྔར་བཞིན་ནོ། ༈ །བསྡུ་ན་རེའུ་མིག་རྒྱས་པ་འདིའི། །ཁྱིམ་རེའི་ཐོག་མའི་རེའུ་མིག །ཅུང་ཟད་ཉུང་བ་བཟུང་བ་ལ། །ཞག་ཁྱད་བསྡུས་དོན་ཁྱིམ་དྲུག་སྟེར། །གཟའ་རགས་སྣོན་སོགས་སྔར་བཞིན་ནོ། ༈ །རེའུ་མིག་རྒྱས་བསྡུས་འདི་གཉིས་ལས། །དྷྲཱུ་བ་འཚོལ་ན་ཟླ་དག་ནི། །མཁའ་མེས་བསྒྱུར་ལ་རོ་ཡིས་ཕྲི། །ཆུ་མིག་ཀླུ་མཚོས་ཐོབ་པ་དོར། །ལྷག་གིས་རེའུ་མིག་མཐུན་པ་བཟུང་། །མི་མཐུན་ཅུང་ཟད་ཉུང་བ་དེ། །བཟུང་ལ་ཞག་ཆད་གཟའ་ཉི་ཡི། །རྟག་ལོངས་སྟེར་བ་ཁྱད་པར་ཡིན། །དེ་རྗེས་མཐུན་ནམ་ཉུང་ཡང་རུང་། །གཟའ་ལ་གཟའ་རགས་བྱིན་པར་བྱ། །དེ་ཡིས་གཟའ་ཉིའི་དྷྲཱུ་ཝ་འགྲུབ། ༈ །གཞན་ཡང་གཟའ་ཉིའི་རགས་པ་ནི། །སྔར་བཞིན་བསྒྲུབས་པས་ལུག་ཁྱིམ་གྱི། །རགས་པ་སྟོན་ཅིང་དེ་ཡི་སྟེང་། །གླང་སོགས་ཆེད་དུ་མིག་མཁའ་མེ། །མེ་འབྱུང་མཚོ་དང་རི་བོ་ཆུ། །མེ་རྣམས་གཟའ་རགས་ལ་བྱིན་ཞིང་། །མིག་ཚེས་མཁའ་མིག་ཐིག་མཁའ་རོ། །ཉི་རགས་ལ་བྱིན་འཁོར་ལོ་བསྒྲིལ། །དེ་ཡང་ཉི་རགས་ཟིན་ལྷག་གི། མདའ་རོའི་ལྷག་ལ་ལྔས་བགོས་པའི། །གྲངས་མཐུན་ཁྱིམ་ཟླ་རྫོགས་པར་སྟེར། །དེ་ལྟར་རྫོགས་རྗེས་ཁྱིམ་གཅིག་ལ། །གཟའ་ལ་གཟུགས་དང་གཟུགས་མེ་དང་། །མཁའ་མདའ་ཐིག་དང་དབང་པོ་མཚོ། །འབྱུང་མཚོ་མེ་སྟེར་ཉི་རགས་ལ། །མིག་ཕྱོགས་ཀླུ་དབང་གཟུགས་རི་ཟླ། །བྱིན་པས་རྣམ་དག་འཆར་

p. 87

བར་འགྱུར། །གང་བརྩིའི་ཁྱིམ་དྷྲཱུ་གནས་གཉིས་ཀྱི། །གཅིག་ལ་སྐྱེས་ཁྱིམ་སྦྱོང་བ་སོགས། །ཉི་རྐང་རྩ་སྒྲུབ་ལྟར་བསྒྲུབས་པས། །ཞག་དེའི་གཟའ་ཕྱེད་ཉི་མ་དང་། །དེ་ལ་ཁྱིམ་རྣམས་སོ་སོ་ཡི། །བསྡུས་དོན་རྐང་མཚམས་བར་དུ་བྱིན། །དེ་ནས་ཟླ་རྐང་ལོངས་སྤྱོད་ནི། །རེའུ་མིག་སྤེལ་དང་འཛིན་པ་སོགས། །ལྷག་རྣམས་སྔར་བཞིན་བྱས་པས་འགྲུབ། ༈ །རྒྱལ་བ་འདས་ལོར་བྱས་པ་ཡི། །ཟླ་བ་དག་པར་ཆུ་ཀླུ་བྱིན། །མཁའ་མེ་ལག་པས་དོར་ལྷག་གིས། །སྒྲ་གཅན་རེའུ་མིག་གཟུང་བར་བྱ། ༈ །དེ་ནས་ཟླ་བ་སོ་སོ་ཡི། །དབུགས་ཐོབ་སྒང་ཚད་ཁྱིམ་སླེབས་སོགས། །དུས་གཟེར་ལེའུ་བཅུ་བཞི་པར། །བཤད་པའི་ཆོ་གས་བསྒྲུབ་པར་བྱ། །༈གཟའ་ལྔའི་མགྱོགས་རྩིས་ནག་ཟླ་ཡི། །བཅོ་ལྔའི་སྤྱི་ཞག་སྔར་ལྟར་བསྒྲུབ། །དེ་ཡི་ཞག་གནས་ཆུ་རོ་དང་། །རི་མཁའ་རི་ཡི་ལྷག་གསུམ་གར། །བཅོ་ལྔ་རེ་བྱིན་ཉ་དང་སྟོང་། །རེ་མོས་སྤེལ་ལ་སྟེང་འོག་བཀོད། །གལ་ཏེ་ཆུ་རོའི་ཐོབ་ནོར་གྱིས། །སྟེང་ནས་ཕྲི་ཚེ་སྤྱི་ཞག་དེ། །མི་ནོར་མཚན་མར་མཚལ་གྱིས་བྲི། །ནག་ཟླའི་ཉ་ཡི་སྤྱི་ཞག་ལ། །གཟའ་ལྔ་ཉི་མ་དང་བཅས་པའི། །སོ་སོའི་ནག་ཉའི་སྒོས་ཞག་རྣམས། །ལེའུ་དགུ་པར་བཤད་བཞིན་བསྒྲུབ། །ཁྱད་པར་ཉི་མའི་སྒོས་ཞག་དེ། །སླར་ཡང་མིག་ཀླུ་མེ་སྐྱོན་གྱིས། །ཐོབ་པ་སྒོས་ཞག་གནས་སུ་བཀོད། །དེ་རྣམས་དབོ་ཟླའི་སྟོང་གི་བར། །བཅོ་ལྔ་རེའམ་སྤྱི་ཡི་ཞག །མཚལ་གྱིས་བྲིས་སར་བཅུ་བཞི་ཉིད། །བྱིན་ལ་སྤེལ་ལོ་ཞི་གཉིས་ལ། །ཚེས་དང་ཡིད་གཉིས་བརྒྱ་དང་བཅུས། །བསྒྱུར་ནས་སྟེར་བ་ཁྱད་པར་ཡིན། ༈ །ཉི་རགས་ཆེད་དུ་ཉི་མའི་ཞག །མིག་ཀླུ་མེ་སྐྱོན་གྱིས་དོར་བའི། །ལྷག་དེ་དུས་མེས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། ཐོབ་པ་ཆུ་ཚོད་ལྷག་མཁའ་རོ། །དུས་ཀྱིས་བསྒྱུར་ལ་རིམ་ཐོབ་པ། །ཆུ་སྲང་དབུགས་ཏེ་ལྷག་རང་ཆ། །སྔ་ལོའི་རགས་པ་རྣམ་དག་ལ། །གཟུགས་དབྱུག་སྲང་ཉི་དབུགས་ནམ་མཁའ། །ཆ་ཤས་ཉི་མ་ཐུབ་རི་ཟླས། །ཕྲི་བས་ཕྱི་ལོའི་རགས་པ་འཆར། །མ་ལྡངས་རྟག་ལོངས་བསྣན་ལ་སྦྱང་། །དེ་ནས་ཉི་རགས་མདའ་ཡོན་ཟླས། །རིམ་པར་ཕྱེ་བའི་རྙེད་ནོར་གང་། །ཞི་གཉིས་དལ་རྐང་གསུམ་པོ་ཡིས། །བསྒྱུར་བར་རང་རང་རྐང་འབྲས་

p. 88

ཡིན། །ཉི་རགས་གནས་དྲུག་ཚན་པ་གཉིས། །བཀོད་ལ་སོ་སོའི་རྐང་འབྲས་གསུམ། །སྔ་མར་བྱིན་ཞིང་ཕྱི་མར་འཕྲོག །ནོར་དང་བུ་ལོན་ཁ་བྱང་གདགས། །དེ་ཡིས་ཞི་གཉིས་སྤྱི་ནོར་དག །༈དེ་ནས་རེའུ་མིག་འཛིན་ཚུལ་ནི། །གཟའ་ལྔའི་དལ་དག་མྱུར་བར་རྣམས། །རྒྱས་པར་བྱ་ར་གང་མཐུན་པའི། །རང་རང་སྒོས་ཞག་སོ་སོས་བཟུང་། །གལ་ཏེ་རེའུ་མིག་བསྡུས་པ་ལ། །བརྟེན་ནས་དྲག་གསུམ་དལ་དག་གི། རེའུ་མིག་འཛིན་ཚེ་བྱ་ར་ཡིས། །མ་ཟིན་ཅུང་ཟད་ཉུང་བ་བཟུང་། །ཀ་ཐོ་དང་བསྟུན་ཞག་རྩིས་ཀྱི། །མང་ཁྱད་གྲངས་མཚུངས་བསྒྱུར་ལ་བྱིན། །ཞི་གཉིས་སྒོས་ཞག་བརྒྱ་དང་བཅུས། །ཐོབ་པས་རྐང་པའི་རེའུ་མིག་དང་། །ལྷག་མས་སྤྱི་ནོར་རེའུ་མིག་བཟུང་། །བསྲེས་པས་སོ་སོའི་མྱུར་བར་འགྲུབ། །གང་ཟིན་དྲག་གསུམ་མྱུར་བར་ལ། །ཉི་རགས་སྟེར་ཞིང་ཞི་གཉིས་ཀྱི། །དལ་བའི་སྟེང་དུ་རེའུ་མིག་གི། ཁ་བྱང་དང་མཐུན་སྤྱི་ནོར་རྣམས། །ནོར་དང་བུ་ལོན་མ་འདྲེས་པར། །བྱིན་པས་ཞི་གཉིས་དལ་བ་དག །སྔ་ལོའི་ཆོ་གས་བཟུང་བའི་ཚེ། །སྔ་ལོའི་རགས་དང་སྤྱི་ནོར་བྱིན། །དེ་ཡིས་གཟའ་ལྔ་ཉིན་ཞག་ལ། །སྤྱོད་པའི་དལ་བ་དག་པ་དང་། །མྱུར་བའི་རྐང་འཛིན་བར་པ་འགྲུབ། ༈ །དེ་ནས་གཟའ་ལྔ་ཁྱིམ་ཚེས་ཞག །གར་ཡོད་གསལ་ཞག་བརྟག་པ་ལ། །གཉིས་ལས་ཐོག་མར་ཁྱིམ་ཞག་ཆེད། །འདས་ཟླའི་སྟེང་ནས་གཅིག་ཕབ་པ། །འོག་ཏུ་རི་རོ་ཆར་བྱས་པར། །གང་བརྩིའི་ཟླ་བཤོལ་འཕྲོ་ཡིས་སྦྱང་། །སྦྱངས་ལྷག་མཁའ་མེས་བསྒྱུར་བ་ལ། །གང་བརྩིའི་ཚེས་གྲངས་མདའ་རོ་ཡིས། །བསྒྱུར་བ་བྱིན་ལ་རི་རོས་བགོ། རྙེད་པ་ཁྱིམ་ཡིན་ལྷག་ཞག་དེས། །གཟའ་ལྔ་སོ་སོའི་རྟག་ལོངས་འཛིན། །ཐོབ་པ་མཁའ་མེར་ལོངས་ན་བསྒྲིལ། །དེ་དང་ཤེད་མཚུངས་ལྔ་བསྡུས་ཀྱི། །གཟའ་ཚེས་བར་པ་ངོས་བཟུང་ལ། །སྐབས་དེའི་གཟའ་ཚེས་དག་པ་དང་། །བསྟུན་ཏེ་བར་པ་ཉུང་བའི་ཚེ། །ཁྱིམ་ཞག་སྟེང་དུ་གཅིག་སྣོན་ཞིང་། །སྔར་གྱི་རི་རོའི་ལྷག་མ་དེས། །རི་རོ་ཆ་ཡི་རེའུ་མིག་བཟུང་། །དེ་ཉིད་གཟའ་བར་སྟེང་དུ་བསྣན། །མང་ན་རི་རོའི་ལྷག་མ་དེས། །རི་རོ་ལ་ཕྲི་དེས་རེའུ་མིག །བཟུང་བས་གཟའ་བར་སྟེང་ནས་དབྲི། །དེ་ཡིས་སྐབས་དེའི་གསལ་ཞག་སྟོན། །གལ་ཏེ་རི་རོ་ཆའི་རེའུ་མིག །མ་

p. 89

འཛོམ་ལྷག་དེའམ་དེས་རི་རོར། །སྦྱངས་ལྷག་གང་ཡིན་ལྔས་བགོས་པའི། །ནོར་གྱིས་བཅུ་གསུམ་ཆ་དང་ནི། །ལྷག་མས་ལྔ་ཆའི་རེའུ་མིག་བཟུང་། །གཅིག་བསྲེས་སྔར་བཞིན་སྟེར་སྦྱང་བྱ། །དེ་ལྟར་བསྒྲུབས་སྟེང་ཁྱིམ་ཞག་གི། རྟག་ལོངས་མང་ན་བཅུ་བཞི་དང་། །ཉུང་ཚེ་བཅོ་ལྔ་བྱིན་པས་སྤེལ། ༈ །གཉིས་པ་ཚེས་ཀྱི་གསལ་ཞག་ནི། །གང་བརྩིའི་གཟའ་ཚེས་བར་པ་དང་། །དག་པ་བསྟུན་ཏེ་མ་མཐུན་ན། །གཟའ་ལྔའི་སྟེང་དུ་གཅིག་སྣོན་ནམ། །ཕྲི་བས་མཐུན་བྱས་གསལ་ཞག་སྟོན། ༈ །དེ་ནས་གཟའ་ལྔ་ཁྱིམ་ཚེས་ཀྱི། །ཞི་གཉིས་རྐང་འཛིན་ལོངས་སྤྱོད་དང་། །དལ་བར་ཅན་གྱི་དྲག་གསུམ་པོའི། །རེའུ་མིག་འཛིན་ན་རང་རང་གི། དལ་བར་ཚར་གཅིག་ཐོག་མར་བསྒྲུབ། །དེ་དང་རེའུ་མིག་དལ་བར་གཉིས། །མཐུན་ཤས་ཆེ་བའི་ཉུང་བ་བཟུང་། །དེ་ཡི་བྱ་ར་ནས་བརྩམས་ཏེ། །གང་བརྩིའི་ཞག་གྲངས་བསྣན་པ་ཡིས། །རང་རང་གཟུང་བྱའི་བྱ་ར་སྟོན། །དེ་ནས་ཐོག་མར་བཟུང་བ་ཡི། །རེའུ་མིག་གི་དལ་བར་དེས། །ཐོག་མའི་རྩ་སྒྲུབ་བར་པ་དེར། །སྦྱངས་པས་རེའུ་མིག་འཁོར་འཕྲོས་དེའི། །བར་གྱི་གཟའ་ལྔ་རང་རང་གི། སྤྱི་ནོར་རགས་པ་འགྲུབ་པར་འགྱུར། ༈ །གལ་ཏེ་རེའུ་མིག་རྒྱས་པ་ནི། །མ་འབྱོར་དལ་བ་བར་པ་ཡི། །དྲག་གསུམ་རེའུ་མིག་བསྡུས་པ་ལས། །ཚེས་སྤྱོད་རེའུ་མིག་འཛིན་ཚུལ་ནི། །དྲག་གསུམ་གང་བརྩིའི་ཉིན་ཞག་གི། སྒོས་ཞག་ཉི་མ་འདོད་ཟླས་བསྒྱུར། །སྤྱི་ཞག་ཆུ་རོའི་ལྷག་མ་དེ། །རི་མཁའ་རིས་བསྒྱུར་རང་ཆ་བཅུག །མཚོས་ཐོབ་ནོར་གྱིས་སྟེང་མའི་ཞག །ཉི་འདོད་ཟླ་ཆར་བྱས་དེར་སྦྱང་། །སྦྱངས་ལྷག་འབྱུང་འདོད་དྲག་པོས་བགོ། རྙེད་པས་རེའུ་མིག་བྱ་ར་བཟུང་། །སོ་སོའི་ལྷག་མ་གནས་དྲུག་གི། གསུམ་ཀའི་སྐར་དབྱུག་སྲང་དབུགས་གནས། །མཁས་བསྒྱུར་དེའི་འོག་གནས་གཉིས་ཀྱི། །མིག་དམར་རང་ཆ་རི་གཟུགས་དང་། །རི་མཁའ་རི་ཆ་གཟུགས་འདོད་དོ། །ཕུར་བུའི་ལག་མིག་ཐུབ་ཆ་ཀླུ། །རི་མཁའ་རི་ཆ་བུག་གཟུགས་ཆུ། །སྤེན་པའི་རང་ཆ་འབྱུང་བ་མིག །རི་མཁའ་རི་ཆ་མཁའ་འབྱུང་དབང་། །དེ་རྣམས་ཀྱིས་བསྒྱུར་རང་འཁོར་བསྒྲིལ། །སོ་སོའི་སྤྱི་ནོར་རགས་པ་འགྲུབ། །སྔ་མའི་རགས་པ་རྣམ་དག་ལ། །དམར་པོ་མཁའ་མིག་ཀླུ་དང་གཟུགས། །

p. 90

གཟུགས་མེ་དུས་མིག་ཕུར་བུ་ལ། །མཁའ་མཁའ་བུག་གཟུགས་ཐིག་མེ་མཚོ། །མེ་ཆུ་རོ་འོ་སྤེན་པ་ལ། །མཁའ་མཁའ་གཟུགས་དང་ཟླ་བ་དང་། །རྒྱལ་བ་སྲིན་པོ་མཁའ་མཚོ་མེས། །སྦྱངས་པས་ཕྱི་མ་ཕྱི་མ་ཡི། །སོ་སོའི་རགས་པ་འཆར་བར་འགྱུར། ༈ །ཁྱིམ་ཞག་རེའུ་མིག་འཛིན་ཚུལ་ནི། །དྲག་གསུམ་རང་རང་དལ་བར་རམ། །དལ་དག་ཚར་གཅིག་བསྒྲུབས་དེ་དང་། །རེའུ་མིག་དལ་བ་ནང་མཐུན་གྱི། །བར་པའམ་དག་པ་གང་ཡིན་གཉིས། །མཐུན་ཤས་ཆེ་བའི་ཉུང་བ་འཛིན། །དེ་ཡི་བྱ་ར་ནས་བརྩམས་ཏེ། །གང་བརྩིའི་ཞག་བསྣན་གཟུང་བྱ་ཡི། །བྱ་རའི་སྒོས་ཞག་སྟོན་པར་འགྱུར། ༈ །རགས་པའི་ཆེད་དུ་ཤིང་རྟ་ནས། །འགོ་བརྩམས་རང་རང་ཉིན་ཞག་གི། རྒྱུ་སྐར་འཁོར་གྲངས་གང་ཡིན་དེ། །མིག་དམར་མཁའ་མེ་མིག་དུས་འདོད། །ཕུར་བུ་ཀླུ་མེ་ཀླུ་འབྱུང་རི། །སྤེན་པ་མེ་མཁའ་སྐྱོན་འབྱུང་བས། །བསྒྱུར་ལ་མཚོ་བུག་མིག་མེ་ལག །བཀྲ་ཤིས་ལ་བྱིན་ཕུར་བུ་ལ། །ཀླུ་རི་འབྱུང་རོ་རྩེ་མོ་བསྣན། །སྤེན་པར་ཉེས་པ་རྒྱ་མཚོ་ཀླུ། །བྲོ་བ་བྱིན་ལ་གསུམ་ག་ཡང་། །བུག་མཁའ་མིག་བུག་ཡིད་ཀྱིས་དོར། །རང་རང་ལྷག་མ་གནས་དྲུག་གི། སྐར་དབྱུག་སྲང་དབུགས་ནམ་མཁས་བསྒྱུར། །དེའི་འོག་ཆ་ཡི་གནས་གཉིས་པོ། །བཀྲ་ཤིས་རང་ཆ་བསེ་རུ་དང་། །གཟུགས་བུག་གཟུགས་བུག་ཆར་བུག་འབྱུང་། །སྲིན་ལག་ཡིན་ཏེ་ཕུར་བུ་ལ། །ལག་མིག་ཐུབ་ཆར་ནམ་མཁའ་དང་། །གཟུགས་བུག་སོགས་ཆར་འབྱུང་རི་མཁའ། །མཚམས་སོ་ཉི་བུའི་རང་ཆར་གཟུགས། །གཟུགས་བུག་སོགས་ཆར་ཆུ་མེ་མཁའ། །བུག་པས་བསྒྱུར་ལ་རང་འཁོར་བསྒྲིལ། །སོ་སོའི་སྤྱི་ནོར་རགས་པ་འགྲུབ། །སྔ་མའི་རགས་པ་རྣམ་དག་ལས། །དམར་པོར་མཁའ་མཁའ་ཉི་མ་མིག །དྲག་མིག་མེ་རོ་ཀླུ་ཆུ་བོ། །ཕུར་བུར་མཁའ་ཐིག་དྲག་པོ་གཟུགས། །མིག་ཉི་བུག་ཀླུ་མཁའ་ལག་གོ། སྤེན་པ་མཁའ་མཁའ་དབང་པོ་འབྱུང་། །མེ་ཆུ་ཐུབ་པ་མཚོ་དང་ལག །ཀླུ་ཕྱོགས་རྣམས་ཀྱིས་ཕྲི་བ་ཡིས། །རང་རང་རགས་པ་ཕྱི་མ་འཆར། ༈ །དེ་ནས་ཁྱིམ་ཞག་དྲག་གསུམ་དང་། །ཚེས་ཞག་གཟའ་ལྔ་རང་རང་གི། རགས་པ་ཟླ་ཡོན་ཟླ་བ་ཡིས། །ཕྱེ་ནོར་སོ་སོའི་དལ་རྐང་གིས། །བསྒྱུར་བས་རྐང་འབྲས་གསུམ་པོ་དག །དེ་ཡིས་རང་རང་

p. 91

རགས་པ་ནི། ཚར་དྲུག་བཀོད་པར་བྱིན་འཕྲོག་བྱ། །ནོར་དང་བུ་ལོན་ཁ་བྱང་གདགས། ༈ །དེ་ནས་དལ་བའི་རེའུ་མིག །སྔར་བཟུང་སྟེང་དུ་རང་རང་གི། སྤྱི་ནོར་དྲུག་པོ་ནོར་བུ་ལོན། །མ་འདྲེས་སོ་སོར་བྱིན་པ་ཡིས། །ཁྱིམ་ཚེས་གཟའ་ལྔའི་དལ་བ་དག །༈དེ་ནས་གཟའ་ལྔའི་ཞག་གསུམ་གྱི། །མྱུར་རྐང་རེའུ་མིག་འཛིན་ཚུལ་བཤད། །རང་རང་དལ་དག་ཚར་གཉིས་བཀོད། །དྲག་གསུམ་དལ་དག་གནས་གཅིག་གིས། །ཉི་མ་བར་པ་ལ་བྱང་ཞིང་། །ཞི་གཟའ་གཉིས་ཀྱི་དལ་དག་གིས། །རང་རང་རྐང་འཛིན་ལོངས་སྤྱོད་སྦྱང་། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ཆུ་སྲང་གནས་སུ་སུམ་ཅུ་ལས། །ལྷག་ན་དབྱུག་སར་གཅིག་བྱིན་བྱ། །སྐར་གནས་མཁའ་རོས་བསྒྱུར་དབྱུག་བཅུག །དེ་ཡིས་མྱུར་རྐང་རེའུ་མིག་ལས། །མ་དོར་རིམ་པ་ལུགས་འབྱུང་དང་། །དོར་ན་རིམ་མིན་ལུགས་ལྡོག་འཛིན། །གང་ཟིན་དལ་དག་ཅིག་ཤོས་ལ། །རིམ་པ་བསྣན་ལ་རིམ་མིན་ཕྲི། །དེ་ཡིས་མྱུར་བ་རྣམ་པར་དག །རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། །རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ། །རིམ་མིན་ཕྱི་རྐང་འབྱུང་འགྲོས་བྱང་། །འགྲོས་བཞི་སོ་སོའི་ཁ་བྱང་གདགས། ༈ །བྱེད་ལོའི་རེའུ་མིག་འཛིན་འདོད་ན། །ཤིང་རྟ་ལ་སོགས་འདས་པའི་ལོར། །མིག་ཀླུ་ཟུང་བྱིན་རི་ཟླ་མེས། །དོར་བའི་ལྷག་མས་རེའུ་མིག་གི། བྱ་ར་བཟུང་བས་བསྡུས་རྒྱུད་ཀྱི། །དངོས་བསྟན་བྱེད་ལོ་སྟོན་པར་འགྱུར། །དེ་ཡི་གཟའ་དབྱུག་སྲང་གསུམ་དུ། །གཟུགས་ཉི་ཟླ་མིག་བྱིན་པ་ཡིས། །སྐྱོན་བྲལ་བྱེད་པའི་ལོ་བདག་འཆར། ༈ །ཉིན་ཞག་གཟའ་ལྔའི་ཐུན་མོང་གི། བར་ཁྱད་རེའུ་མིག་འཛིན་ལུགས་ནི། །སྤྱི་ཞག་བསྒྲུབ་པའི་བར་འོག་གི། ཆུ་རོ་རི་མཁའ་རེའི་ལྷག་མས། །སོ་སོའི་རེའུ་མིག་བྱ་ར་བཟུང་། །གྲུབ་རྩིས་ཚེས་ཞག་ཉི་བར་གྱི། །ཆ་ཤས་ཀྱིས་ཀྱང་རི་རོ་ཆའི། །རེའུ་མིག་བཟུང་ལ་གཅིག་ཏུ་བསྲེ། །དེ་ཉིད་གྲུབ་རྩིས་ཉི་བར་གྱི། །ཆ་ཤས་དོར་བའི་སྟེང་དུ་བསྣན། །དེ་ཡིས་ཉིན་ཞག་ཉི་བར་འགྲུབ། ༈ །དུས་སྦྱོར་རེའུ་མིག་འཛིན་འདོད་ན། །དོན་གྱི་ཁྱིམ་འཕོ་ལྔ་བསྡུས་སྐབས། །བཤད་བཞིན་བཟུང་རྗེས་འདས་ཞག་གིས། །འདས་ལུགས་སྲང་

p. 92

གི་རེའུ་མིག་འཛིན། །ཐུར་འདས་དབྱུག་སོགས་སྤྱི་ལྟར་བཙལ། །མ་འོངས་ནས་བརྩམས་རང་རང་གི། སྲང་ཚད་ཀྱིས་ཕྲི་ལྷག་མ་ཡིས། །མི་མཉམ་དུམ་དྲུག་རེའུ་མིག་འཛིན། ༈ །དེ་ནས་རྩིས་ཕྲན་འགའ་ཞིག་གི། རི་མོའི་བྱ་བ་བརྗོད་པར་བྱ། །རྒྱལ་བ་ལ་སོགས་འདས་པའི་ལོ། །རྩེ་མོས་བསྒྱུར་ལ་གནས་གཉིས་བཞག །སྟེང་མཁའ་འོག་མར་མེ་ཡིས་བརྒྱན། །རི་ཡིས་ཐོབ་ནོར་སོ་སོར་དོར། །སྟེང་རྒྱལ་འོག་མ་བློན་པོ་སྟེ། །མཚོ་ཡིས་ཕྲིའམ་མེ་བྱིན་པས། །ཕྱི་མ་ཕྱི་མའི་རྒྱལ་བློན་འཆར། ༈ །བྱེད་པའི་ཀ་ར་མྱང་རྩིས་ནི། །དུས་མེ་རོ་གཟུགས་རི་མོ་ལ། །རྒྱལ་བ་ལ་སོགས་འདས་ལོ་བསྲེ། །དེ་ནི་ཤ་ཀའི་ལོ་རུ་གྲགས། །དེ་ཉིད་རྩེ་མོ་ཅན་གྱིས་བསྒྱུར། །ཐུབ་པས་བགོས་ནོར་ཟུར་དུ་བཞག །ལྷག་མ་མིག་བསྒྱུར་འབྱུང་བ་བསྲེ། །ནོར་ལ་དེ་ལྟར་དགུ་ཡི་བར། །མེས་བསྒྱུར་རིས་བགོས་ལྷག་མ་རྣམས། །མིག་བསྒྱུར་འབྱུང་བསྲེས་རིམ་བཞག་པས། །ཆར་འབྲུ་རྩྭ་བསིལ་རླུང་དང་དྲོད། །སྐྱེ་རྒུ་འཕེལ་ཟད་རྒྱལ་པོ་འཁྲུག །བཅུ་བདུན་མང་མཐའ་ལྔ་ཉུང་མཐའ། །བཅུ་གཅིག་བར་ཡིན་མང་ཉུང་དང་། །སྦྱར་ཏེ་གང་ཉེའི་ལུང་བསྟན་བྱ། །ཤ་ཀ་དྲག་སྦྱངས་ཆུ་བོས་དོར། །ལྷག་མ་གཅིག་གཉིས་གསུམ་དང་ཐིག །བྱུང་ཚེ་རིམ་བཞིན་ཆར་མི་འབབ། །ལ་ལར་འབེབས་དང་ཁྱབ་པར་འབེབས། །ཆར་ཆེན་ཆུ་ཐོག་འབབ་ཅེས་སྟོན། །ནཻ་པཱ་ལ་ཡི་མན་ངག་ཡིན། ༈ །དེ་ལྟར་རི་མོའི་བྱ་བ་རྣམས། །སྐྱོན་མེད་ལོ་འཁོར་བསྒྲུབས་པའི་མཐར། །སྐར་རྩིས་འབྱུང་རྩིས་ཟུང་བསྡེབས་པའི། །རཱི་ཐུ་དགྲོལ་བའི་གོ་རིམ་བཤད། །རྣམ་དཀར་ལས་བརྩམ་དེའི་སྔུན་དུ། །དམ་པའི་ཡུལ་ལ་མཆོད་བརྗོད་བྱ། །བརྩོན་པའི་མི་མཐུན་ཕྱོགས་སྤོང་དང་། །སྤྲོ་ཕྱིར་ཁས་བླང་དམ་བཅའ་འགོད། །འདས་ལོའི་གནས་རྣམས་ཤེས་བྱའི་ཆེད། །ཇི་ལྟར་རིགས་པའི་གཏན་ཚིགས་བྲི། །ལོ་རྒན་དྲུག་ཅུའི་ནང་ཚན་གྱི། །གནམ་ལོ་གང་ཡིན་ངོས་བཟུང་ལ། །དེ་ཡི་སྲོག་ལུས་དབང་ཀླུང་དང་། །ལུས་སྨེར་བཅས་པའི་འབྱུང་གྲངས་བརྩི། །ཁ་ཡན་ཁོང་ནོང་སོགས་ལྔ་དང་། །གཟའ་བཞི་གང་གི་ཀླུང་ཡིན་དང་། །ཕོ་བྲང་དབུས་སྨེ་གང་བབ་འགོད། །ཉི་མ་ཉ་རྫོགས་ལུག་ཁྱིམ་དུ། །སླེབས་པའི་ཞག་དེའི་གྲུབ་མཐའ་ཡི། །རེས་གཟའ་ལོ་ཡི་བདག་པོ་

p. 93

དང་། །ལུག་ཏུ་སླེབས་པའི་ཉིན་ཞག་དེར། །ལྷ་ཡི་བླ་མས་ལོངས་སྤྱོད་པའི། །སྐར་མ་གང་ཡིན་ལོ་སྐར་རོ། །དེ་བཞིན་བྱེད་པའི་ལོ་བདག་གཟའ། །རྒྱལ་བློན་ཀ་ར་མྱང་རྩིས་དང་། །ཤ་ཀ་དྲག་སྦྱངས་གཟའ་ལྔ་ཡི། །ཕྱིར་ལྡོག་ལ་སོགས་འབྲས་བུ་རྣམས། །རྒྱས་བསྡུས་སྐབས་དང་བསྟུན་ཏེ་བཀོད། །ལོ་དེར་ཟླ་བའི་བཤོལ་ཐོན་ཚེ། །འདི་ལྷག་ཅེས་བརྗོད་བཤོལ་འདོན་ཚུལ། །ཟླ་བ་གང་ཡང་རུང་བ་ཡི། །གནམ་གང་དེ་མ་ཐག་པ་ཡི། །ཚེས་གཅིག་དག་ལ་ཟླ་བ་ནི། །སྔ་ཕྱིའི་སྒང་ཚད་ཤར་བའི་ཚེ། །སྔ་མ་གཉིས་བརྩེགས་ཕྱི་མ་བཤོལ། །མདོར་ན་སྒང་བྲལ་ཟླ་ཐེབ་ཡིན། །འདི་ནི་འབྱུང་རྩིས་ཚེས་རྒྱུ་ཡི། །ཉི་མ་ས་བདག་དང་བསྟུན་ཕྱིར། །གཙུག་ལག་སྤོར་ཐང་རྩིས་པའི་ལུགས། ༈ །དེ་ནས་ཟླ་བཤད་ལག་ལེན་ནི། །གསུམ་པ་ལ་སོགས་མིང་གི་མཐར། །ཉ་སྐར་དང་སྦྱར་དུས་བཞི་ཡི། །ར་འབྲིང་ཐ་དང་རྟེན་འབྲེལ་ཟླ། །སྤོར་ཐང་ལུགས་བཞིན་ལོ་ཟླ་ཡི། །དབང་ཐང་མ་བུ་བརྩིས་བྱས་པའི། །རྟ་ཟླ་ལ་སོགས་ཆེ་ཆུང་བལྟ། །ཉིན་ཞག་སུམ་ཅུར་ལོངས་ན་ཆེ། །ཉེར་དགུའི་ཞག་ལ་ཆུང་ཞེས་བརྗོད། །དེ་རྗེས་སྒང་དབུགས་ཁྱིམ་སླེབ་དང་། །ལྡོག་གཉིས་ཕག་ཞག་རྀ་ཥི་རྣམས། །སྔ་རིམ་ནས་བཀོད་རང་རང་གི། དུས་གཟེར་དང་བཅས་འདྲི་བར་བྱ། །ཁྱད་པར་སྒང་ལ་ཉིན་མཚན་ཚད། །ཁྱིམ་སླེབ་རྗེས་སུ་ཉི་མ་ནི། །ཁྱིམ་གང་གནས་བསྟུན་ལས་བཞིའི་འབྲས། །ལུག་སྡིག་དགུག་དང་གླང་སྲང་དབང་། །འཁྲིག་པ་བུ་མོ་རྒྱས་པ་སྟེ། །ཀརྚ་སེང་གེ་ཞི་བའི་ལས། །ཆུ་སྲིན་བུམ་པ་བསད་ལས་དང་། །གཞུ་ཉ་བསྐྲད་པའི་ལས་ལ་བསྔགས། །དེ་བཞིན་ཁྱིམ་སླེབ་དུས་ཤར་བའི། །རེས་གཟའ་ཟླ་བའི་བདག་པོ་སྟེ། །ཉི་མའི་ལྷ་ནི་དྲག་མོས་རྩུབ། །ཟླ་བ་བྱ་རོག་མ་ཡིས་འཇམ། །མིག་དམར་གསུས་པོ་ཆེ་ཡིས་རྩུབ། །ལྷག་པ་གངྒཱ་མ་ཡིས་འཇམ། །ཕུར་བུའི་ལྷ་ནི་དལ་མས་འཇམ། །པ་སངས་སྣ་ཚོགས་མདོག་ཅན་འཇམ། །སྤེན་པ་སྲིན་པོའི་རྣལ་འབྱོར་རྩུབ། །དེ་ལྟའི་ཟླ་བདག་འཇམ་རྩུབ་དང་། །བུམ་སྟོང་གནས་ཕྱོགས་བཅས་པ་འདྲི། །དེ་རྗེས་བསོད་ནམས་ཚོགས་རྟེན་གྱི། །རྒྱལ་བའི་དུས་ཆེན་ངོས་འཛིན་དང་། །ཉི་ནག་འབྲས་བུ་དང་བཅས་བརྗོད། །ཟླ་ནག་འབྱུང་རྩིས་རང་གཞུང་ལས། །གནམ་ལོ་

p. 94

གང་ཤར་ཡས་མར་གྱི། །བཞི་གཤེད་ནག་པར་གསུངས་པ་ལྟར། །རྒྱ་རྩིས་ལོ་འགོ་དང་སྦྱར་ནས། །མ་འཁྲུགས་བཀོད་རྗེས་སྐྱོར་ཁ་དང་། །སྡེ་བརྒྱད་དང་ནི་ཀླུའི་ཐེབས་བཟློག །ལྷ་ལྔ་ལྔ་དགུ་ཉིན་ཚེས་གཉིས། །བསྟུན་ནས་ཆད་ལྷག་འདི་ཡོད་འདྲི། །དེ་ནས་གཟའ་ཡི་དར་གུད་ནི། །སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །བྱི་འབྲུག་སྤྲེལ་གསུམ་དམར་པོས་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །འདི་ནི་འབྱུང་རྩིས་གཏན་ལེ་དང་། །སྦྱར་བ་རགས་པའི་རྣམ་བཞག་ཡིན། །ཞིབ་པར་ཟླ་བ་སོ་སོ་ཡི། །ཚེས་གཅིག་ལ་ཤར་རེས་ཀྱི་གཟས། །ཚེས་ཕྱིར་དེ་ཡི་ཁམས་སྦྱར་ཏེ། །གང་ཚེས་དེ་དར་དེའི་བུ་དར། །མ་ཞུད་དགྲ་གྱོད་གྲོགས་གུད་དོ། །ཟླ་འཕོའི་རི་མོ་དང་བསྟུན་ནས། །དེ་དང་ཁྱིམ་སླེབས་རེས་གཟའ་གཉིས། །མང་ཉུང་བལྟས་ལ་དབང་ཕྱུག་དང་། །ཨུ་མ་མཇལ་བའི་འབྲས་བུ་ཡང་། །མཉམ་ན་གཟིམས་མཇལ་ཟླ་འཕོའི་གཟའ། །མང་ན་བཞུགས་ཏེ་མཇལ་བས་ངན། །ཁྱིམ་སླེབ་གཟའ་མང་བཞེངས་མཇལ་དགེ། དེ་ནས་བྱེད་གྲུབ་དྷྲཱུ་ཝ་དང་། །ཉ་སྟོང་གཟའ་ལྔ་སྒྲ་གཅན་བཅས། །ལོ་དེར་ཟླ་ཉི་སྒྲ་གཅན་གྱིས། །འཛིན་ན་དུས་ཆ་ཡུན་སོགས་དང་། །མཇུག་རིང་ལོངས་སྤྱོད་བཅས་པ་རྣམས། །རྒྱས་བསྡུས་ཇི་ལྟར་རིགས་པ་འགོད། ༈ །དེ་ནས་ཕྱེད་འགྲོལ་དངོས་གཞི་ནི། །ཚེས་ཁོངས་སོ་སོའི་རེའུ་མིག་ནང་། །ཉིན་རེའི་ཚེས་རྩིས་རི་མོ་དང་། །གཞན་ཡང་དབུགས་ཐོབ་ཁྱིམ་འཕོ་སྒང་། །ལྡོག་གཉིས་ཆད་ལྷག་མཚན་མ་བཅས། །རང་རང་ཚེས་ཁོངས་གར་ཡོད་བཀོད། །ཁྱད་པར་ལྷག་པའི་ཚེས་སྔ་མའི། །རཱི་ཐུ་བསྒྲུབ་ན་གང་མཆོངས་ཀྱི། །གཟའ་འདྲི་དབྱུག་གུར་མཁའ་རོ་བཀོད། །ཚེས་དེའི་ཉི་མར་མཚོ་མདའ་ནི། །ཚེས་བསྒྱུར་བྱིན་ལ་ཚེས་ལོངས་ཀྱི། །སྦྱངས་ལྷག་རེས་འགྲོགས་ཟླ་སྐར་ཏེ། །ལྷག་མ་རིགས་འགྲེ་ཤེས་པར་བྱ། །ལྔ་བསྡུས་རི་མོའི་གཡས་གཡོན་དུ། །བྱེད་པའི་སྤྱོད་དང་སྐར་མའི་སྤྱོད། །ཟླ་སྐར་སྟེང་དུ་གཟའ་རྣམས་ཀྱི། །མཆེ་གདོང་མཚན་མ་བཅས་པ་བཀོད། ༈ །ཇི་ལྟར་འགྲོལ་བའི་གོ་རིམ་ནི། །དང་པོར་ཚེས་ཀྱི་ཨངྐི་དང་། །དེ་རྗེས་ཡར་ངོའི་ཚེས་གཅིག་ནས། །བརྩམས་ཏེ་དགའ་ཨ་བཟང་ཨི་དང་། །རྒྱལ་རྀ་སྟོང་ཨུ་རྫོགས་

p. 95

ལྀ་ཞེས། །ཚེས་དབྱངས་ལྔ་སྦྲགས་དྲུག་སྐོར་འདྲི། །དེ་ནས་ས་རིས་ཨངྐི་དང་། །བསྟུན་ཏེ་གྲུབ་པའི་རེས་གཟའ་དང་། །རེས་འགྲོགས་ཟླ་སྐར་བཅས་པ་འགྲོལ། །ཉིན་མོའི་ཆ་ལ་སྐར་མ་གཉིས། །འདུག་ན་གཉིས་ཀ་འགྲོལ་བར་བྱ། །གཟའ་སྐར་འཕྲད་པའི་འཕྲོད་འདྲི་ཞིང་། །ཉིས་སྦྱོར་ཡོད་ནའང་གོ་རིམ་བཞིན། །འཕྲོད་ལ་གཉིས་ལས་ཐུན་མོང་ནི། །རེས་གཟའ་ཉི་མ་དབྱུག་པ་དང་། །ཟླ་བ་མགོ་དང་མིག་དམར་སྐག །ལྷག་པ་མེ་བཞི་ཕུར་ལྷ་མཚམས། །པ་སངས་ཆུ་སྨད་སྤེན་མོན་གྲུ། །བདུན་པོ་རྣམས་ནི་ཀུན་དགའ་ཡིན། །དེ་ལྟར་བདུན་པོས་ཐོག་དྲངས་ཏེ། །རྒྱུ་སྐར་ཉེར་བརྒྱད་བཀོད་བྱས་ནས། །དུས་དབྱིག་ལ་སོགས་རིམ་པར་སྦྱར། །དེ་ཡང་རི་མོས་གཏན་འབེབས་ན། །རེས་གཟའ་གང་ཡིན་གནས་གཉིས་བཀོད། །འོག་མར་གཟུགས་ཕྲི་འབྱུང་བས་བསྒྱུར། །སྟེང་མར་གྲོ་བཞིན་བྱི་བཞིན་གཉིས། །སོ་སོར་ཕྱེ་བའི་ཟླ་སྐར་གྱིས། །བརྒྱན་ལ་འོག་མའི་ཚོགས་ཀྱིས་ཕྲི། །མ་ལྡངས་ཀླུ་ལག་བསྣན་ལ་སྦྱང་། །ལྷག་མར་གཅིག་བྱུང་ཀུན་དགའ་སྟེ། །དེ་བཞིན་རིམ་པར་དེད་དེ་བརྩི། །ཐུན་མིན་འཕྲོད་ལ་རྣམ་པ་བརྒྱད། །ཉི་མ་མེ་བཞི་ཟླ་གྲོ་བཞིན། །བཀྲ་ཤིས་ཐ་སྐར་ལྷག་ལྷ་མཚམས། །ཕུར་རྒྱལ་པ་སངས་ནམ་གྲུ་དང་། །སྤེན་པ་སྣར་མ་རྣམས་འགྲུབ་སྦྱོར། །ཉི་མ་ལྷ་མཚམས་ཟླ་སྨིན་དྲུག །མིག་དམར་མོན་གྲུ་ལྷག་དབྱུག་པ། །ཕུར་བུ་མགོ་དང་པ་སངས་སྣར། །སྤེན་པ་མེ་བཞི་རྣམས་འཆི་སྦྱོར། །ཉི་མ་མཆུ་དང་ཟླ་ས་ག །བཀྲ་ཤིས་ལག་དང་ལྷག་པ་སྣྲུབས། །བླ་མ་མོན་དྲེ་དཀར་པོ་སྣར། །དལ་འགྲོ་ཆུ་སྟོད་རྣམས་སྲེག་སྦྱོར། །ཉི་མ་སྨིན་དྲུག་ཟླ་བ་དབོ། །ལུས་དམར་སྐག་དང་ལྷག་ཆུ་སྟོད། །སྒྲ་མཁན་མགོ་དང་སྦྱིན་བྱེད་རྒྱལ། །ཉི་སྐྱེས་མོན་གྲུ་རྣམས་བདུད་ཉི། །ཉི་མ་སྣྲུབས་དང་ཟླ་གྲོ་བཞིན། །ས་སྐྱེས་ཁྲུམས་སྨད་ལྷག་སྨིན་དྲུག །ཕུར་བུ་ནབས་སོ་པ་སངས་གྲེ། །ཞི་འགྲོ་ས་རི་རྣམས་བདུད་རྒྱལ། །འོད་ལྡན་ས་ག་ཟླ་བ་སྣྲོན། །བཀྲ་ཤིས་ནམ་གྲུ་ལྷག་མེ་བཞི། །བླ་མ་སྣར་མ་སངས་ནབས་སོ། །སྤེན་པ་བྲ་ཉེ་རྣམས་འཇིག་ཉི། །ཉི་མ་མོན་དྲེ་ཟླ་ས་ག །མིག་དམར་ལྷ་མཚམས་ཟླ་སྲས་སྣྲོན། །ཕུར་བུ་གྲོ་བཞིན་དཀར་པོ་སྣར། །སྤེན་པ་གྲེ་རྣམས་མི་འཕྲོད་ཉི། །ཉི་མ་སྣྲོན་དང་ཟླ་ཁྲུམས་སྨད། །

p. 96

དམར་པོ་ཁྲུམས་སྟོད་ལྷག་བྲ་ཉེ། །ཕུར་བུ་ལྷ་མཚམས་པ་སངས་མཆུ། །ཉི་མའི་བུ་དང་ནམ་གྲུ་རྣམས། །མི་མཐུན་པ་ཡི་ཉི་མ་ཡིན། །དྲག་གཟའ་རྣམས་ཀྱི་འཁྱུད་པ་དང་། །དེ་སྟེང་གདོང་མཇུག་དུ་སོལ་བཅས། །ཟླ་སྐར་དང་བསྟུན་འཕྲོད་རྗེས་འདྲི། །དེ་ནས་རྣམ་སེལ་ལ་སོགས་པ། །སྦྱོར་བ་རིམ་དགྲོལ་མཆོངས་པའི་ཚེ། །སྔ་མར་ཉིས་བརྩིགས་ཡང་བལྡབས་ན། །གཅིག་པོ་སྔ་ཕྱི་གཉིས་ཀར་འདྲི། །དེ་ནས་བྱེད་པ་གྲངས་བཞིན་ནམ། །བསྡུ་ན་བིཥྚི་ཙམ་ཞིག་འགོད། །དེ་ཡི་འཆར་གཞིའི་ཚེས་གྲངས་ནི། །མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི། །ཀླུ་ཚེས་ལག་མིག་ཉེར་དགུ་སྔ། །དེ་ནས་ཚེས་གཟའ་འཛོམ་པའི་འཕྲོད། །ཐུན་མིན་བསྲེག་ཚེས་བཅུ་བཞི་ནི། །ཉི་མ་བཅུ་གཉིས་ཉི་ཤུ་བདུན། །ཟླ་བ་བཅུ་གཅིག་ཉི་ཤུ་དྲུག །མིག་དམར་བཅུ་དང་ཉི་ཤུ་ལྔ། །ལྷག་པ་ཚེས་གསུམ་བཅོ་བརྒྱད་དེ། །ཕུར་བུ་དྲུག་དང་ཉི་ཤུ་གཅིག །པ་སངས་གཉིས་དང་བཅུ་བདུན་ཏེ། །སྤེན་པ་བདུན་དང་ཉི་ཤུ་གཉིས། །འཛོམ་ཚེ་བསྲེག་ཚེས་ཞེས་པ་འདྲི། །གལ་ཏེ་རེས་གཟའ་སྔོན་ཐལ་ན། །དེ་ཡི་ཚེས་ལོངས་རྫོགས་ནས་འཇུག །དེ་ལ་མིང་མཐར་སུ་ཡིག་སྦྱོར། །དེ་ནས་རྟེན་འབྲེལ་འཆར་ཚུལ་འགོད། །འཆར་གཞི་ཟླ་བ་བཅུ་གཉིས་ལ། །ཉིན་ཞག་སུམ་ཅུའམ་ཉེར་དགུ་སྟེ། །ངོ་རེར་བཅོ་ལྔའམ་བཅུ་བཞི་དང་། །རེས་འགའ་བཅུ་དྲུག་འབྱུང་བའང་སྲིད། །ཟླ་བ་ཀུན་གྱི་ངོ་གཉིས་ཀའི། །ཚེས་གཅིག་རང་རང་ཟླ་བདག་འཆར། །དེ་ཡང་གསུམ་པར་མིང་གཟུགས་དང་། །བཞི་པར་སྐྱེ་མཆེད་ལྔ་པར་རེག །དྲུག་པར་ཚོར་བ་བདུན་པར་སྲེད། །བརྒྱད་པར་ལེན་པ་དགུ་པར་སྲིད། །བཅུ་པར་སྐྱེ་བ་བཅུ་གཅིག་པར། །རྒ་ཤི་བཅུ་གཉིས་པར་མ་རིག །དང་པོར་འདུ་བྱེད་གཉིས་པ་ལ། །རྣམ་ཤེས་རྣམས་འཆར་ཟླ་བའི་བདག །དེ་ནས་འགོ་བཟུང་རང་རང་གི། ཚེས་གཉིས་སོགས་ནས་རིམ་པ་ལྟར། །ནག་པ་ལ་སོགས་མི་མཉམ་པའི། །ཟླ་བ་དྲུག་གི་ཟླ་སྟོད་ལ། །ལུགས་ལྡོག་ཟླ་སྨད་ལུགས་འབྱུང་དང་། །ས་གའི་ཟླ་སོགས་མཉམ་དྲུག་ལ། །ཟླ་སྟོད་ལུགས་འབྱུང་ཟླ་སྨད་ལ། །ལུགས་ལྡོག་སྦྱར་བས་ཚེས་གྲངས་ནི། །བཅུ་གཉིས་བར་གྱིས་རྟེན་འབྲེལ་རྫོགས། །བཅུ་གསུམ་བཅུ་བཞི་བཅོ་ལྔ་ལ། །རང་རང་གསུམ་བཞི་ལྔ་པ་དང་། །རེས་འགའ་

p. 97

ཉིན་ཞག་བཅུ་དྲུག་གམ། །བཅུ་བཞི་བྱུང་ཚེ་རིམ་པ་ལྟར། །དྲུག་པ་སྦྱོར་ཞིང་བཅོ་ལྔ་འདོར། །ཟླ་ལྷག་ཡོད་ཚེ་གྲུབ་རྩིས་ཀྱི། །ཟླ་དག་འཕར་བ་དང་བསྟུན་ཏེ། །ལྷག་པའི་ཕྱི་མར་བལྡབས་ཏེ་འདྲི། །དེ་རྗེས་ཉི་མ་སྤར་སྨེ་དང་། །ས་བདག་ཐེབས་བཟློག་གནམ་སྒོ་རྣམས། །ཤོག་ཁྲ་བཞིན་དུ་དག་པར་བཤུ། །ཟླ་ལྷག་ཡོད་ཚེ་སྒང་དོར་ཟླར། །ཟླ་བཤད་ཉི་ནག་ཟླ་ནག་དང་། །ལྔ་དགུ་ཚེས་ཀྱི་ཉི་མ་དང་། །སྤར་སྨེ་ས་བདག་ལ་སོགས་པ། །སྔ་མ་དེ་ཀ་བལྡབས་ཏེ་འདྲི། །འདི་ནི་རྩིས་པ་ཕལ་ཆེ་བའི། །ལག་ལེན་འབྲིང་པོའི་རཱི་ཐུ་སྟེ། །གཞན་དུ་རྒྱས་དང་བསྡུས་པ་ལ། །མོས་ན་སྦྱོར་བ་བཀག་པ་མེད། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། མགྱོགས་རྩིས་ལ་བརྟེན་ནས་རཱི་ཐུ་སྦྱོར་དགྲོལ་བཤད་པའི་སྐབས་ཏེ་ཉེར་གཉིས་པའོ།། །།

p. 98

༈ ཇི་ལྟ་ཇི་སྙེད་ཀུན་མཁྱེན་པས། །ཕྱི་ནང་རྟེན་འབྲེལ་བླང་དོར་རྣམས། །སྟོན་མཛད་བླ་མ་ལ་བཏུད་ནས། །ད་ནི་རྩིས་ཀྱི་འབྲས་བུ་བསྟན། ༈ །ཚེས་དབྱངས་གཟའ་དང་སྐར་མ་འཕྲོད། །སྦྱོར་བྱེད་རྟེན་འབྲེལ་ཉི་སྤར་སྨེ། །ས་བདག་ཐེབས་བཟློག་གནམ་སྒོ་དང་། །རྩིས་འབྲས་སྣ་ཚོགས་གཟའི་ཡུལ་འབྲས། །ཚེ་ཡི་གནས་སྐབས་དུས་སྦྱོར་དང་། །དུས་ལྷ་འཆར་རྩིས་གཡུལ་གྱི་སྟོབས། །གཟའ་འཛིན་ས་གཡོས་གློ་བུར་ལྟས། །རྩིས་ཕྲན་ངོ་ལོན་བཅས་པ་རྣམས། །རྣམ་དག་གཞུང་ལས་བཏུས་ཏེ་བཤད། ༈ །དང་པོ་ཚེས་ཀྱི་བླང་དོར་ལ། །སྤྱི་དང་བྱེ་བྲག་ཐོར་བུ་གསུམ། །སྤྱི་ནི་ཡར་ངོ་མར་ངོ་ཡི། །ཚེས་བརྒྱད་བཅུ་བཞི་བཅོ་ལྔ་དང་། །ལ་ལར་ཚེས་གཅིག་རྣམ་པ་གཉིས། །དུས་བཟང་ཡིན་ཏེ་དགེ་བའི་ལས། །བསྒྲུབས་ན་འགྱུར་སྟོབས་ཆེ་བར་བཤད། །ཁྱད་པར་རྣལ་འབྱོར་མའི་རྒྱུད་དུ། །ཚེས་བཅུ་རྣམ་གཉིས་མཆོག་ཏུ་བསྔགས། །གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། །ཚེས་གསུམ་ལྔ་བདུན་བཅུ་བཅུ་གསུམ། །བཅོ་ལྔ་དགེ་བའི་ལས་ལ་ཤིས། །དཀྱིལ་འཁོར་འདྲི་དང་ཡུལ་གཞན་བགྲོད། །བདེ་བའི་བྱ་བ་གཞན་ལའང་དགེ། དུས་ཀྱི་འཁོར་ལོའི་རྒྱུད་ལས་ཚེས། །དགའ་བཟང་རྒྱལ་སྟོང་རྫོགས་པ་རྣམས། །མཁའ་རླུང་མེ་ཆུ་ས་ཡི་ཁམས། །ཡིན་ཕྱིར་སོ་སོའི་ཁམས་མཐུན་གྱི། །ཞི་རྒྱས་དབང་དྲག་ལས་རྣམས་བྱ། །དེ་ཡང་ཟླ་བའི་དཀར་ཕྱོགས་ཁམས། །སྐྱེ་བའི་རིམ་པས་འབྱུང་བའི་ཕྱིར། །སྐྱེ་ཞིང་འཕེལ་བའི་ལས་ལ་དགེ། ནག་ཕྱོགས་སྡུད་རིམ་གྱིས་འབྱུང་བས། །འགོག་ཅིང་འགྲིབ་པའི་ལས་རྣམས་ཤིས། ༈ །བྱེ་བྲག་སོ་སོའི་བླང་དོར་ནི། །ཚེས་གཅིག་དཀར་ཕྱོགས་འགོ་འཛུགས་དང་། །ལམ་ཞུགས་དོན་གཉེར་ས་ཁ་དབྱེ། །དཀྱིལ་འཁོར་སྒྲུབ་མཆོད་ཞི་ལས་བཟང་། །བྲན་བསྟེན་ནོར་ཕྱུགས་ཉོ་བ་འབྲིང་། །ཆོས་ཉན་སྐྲ་འཁྲུ་ནོར་ཕྱིར་གཏོང་། །སྲི་མནན་བཟློག་པ་ལྷ་གསོལ་དང་། །གཤིན་གྱི་ལས་དང་བག་མ་ངན། །ཚེས་གཉིས་རབ་གནས་རྒྱལ་སར་འཇུག །ཐབ་བཅའ་འབྲུ་འདེབས་རྫིང་ཁྲོན་འདྲུ། །ཕྱུགས་ཉོས་སྟོང་འཕེལ་རྒྱས་ལས་བཟང་། །སྐྲ་འཁྲུ་ལམ་ཞུགས་དོན་གཉེར་

p. 99

བ། །ཆུ་རགས་རྒྱག་དང་སྦྱིན་སྲེག་ངན། །ཚེས་གསུམ་རབ་གནས་དཀྱིལ་འཁོར་འདྲི། །རབ་བྱུང་ལམ་ཞུགས་སྦྱིན་སྲེག་དང་། །དོན་གཉེར་རྒྱལ་ས་ཁང་ཁྱིམ་འཛིན། །སྐྲ་འཁྲུ་ཕྱུགས་ཉོ་རྒྱས་ལས་བཟང་། །རྫིང་ཡུར་ཁྲོན་འདྲུ་བག་མ་དང་། །བྲན་གཡོག་བསྟེན་རྣམས་ངན་པ་ཡིན། །ཚེས་བཞི་སྐྲ་འཁྲུ་བྲན་གཡོག་བསྟེན། །ཕྱག་བྱ་ཤིང་གཅོད་ཚོང་བྱ་བ། །ཆང་ཚོང་དཀར་ཕྱོགས་ཞི་ལས་བཟང་། །རབ་བྱུང་རབ་གནས་དམག་འདྲེན་དང་། །ཞལ་ལྕེ་གཅོད་དང་ལམ་ཞུགས་དང་། །འབྲུ་འདེབས་བག་མ་གཏར་སྲེག་དང་། །རྫིང་ཁྲོན་འདྲུ་རྣམས་ངན་པས་སྤང་། །ཚེས་ལྔ་རབ་བྱུང་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལམ་ཞུགས་བྲན་གཡོག་བསྟེན། །ནོར་ཕྱུགས་ཉོ་དང་ཞི་ལས་བཟང་། །གཤིན་གྱི་ལས་དང་བག་མ་ངན། །ཚེས་དྲུག་སྐྲ་འཁྲུ་རྒྱས་ལས་བཟང་། །རབ་བྱུང་ལམ་ཞུགས་ཆོས་ཉན་བྲན། །བག་མ་མཁར་ལས་ཕྱུགས་ཉོ་ངན། །ཚེས་བདུན་དཀྱིལ་འཁོར་མཁར་ལས་ལམ། །རྫིང་ཡུར་ཁྲོན་འདྲུ་ཁྱིམ་གསར་འཛིན། །ཐབ་བཅའ་གཤིན་དང་རྒྱས་ལས་བཟང་། །སྐྲ་འཁྲུ་རབ་བྱུང་བྲན་བསྟེན་བག །ཞལ་ལྕེ་གཅོད་དང་ཕྱུགས་ཉོ་སྤང་། །ཚེས་བརྒྱད་དཀྱིལ་འཁོར་སྒྲུབ་མཆོད་དང་། །རབ་གནས་རྒྱལ་ས་ལྷ་རྟེན་བཞེང་། །ཞལ་ལྕེ་དགྲར་རྒོལ་དགྲ་བྲུབ་རྐུན། །མནའ་སྐྱེལ་སྲི་མནན་ཐབ་བཅའ་བཟང་། །སྐྲ་བཀྲུ་གོས་དྲ་བག་མ་ལེན། །རབ་བྱུང་གཏར་ཁ་འབྲུ་འདེབས་ཁྲུས། །ཕྱུགས་ཉོ་རྫིང་ཡུར་ཁྲོན་འདྲུ་ངན། །ཚེས་དགུ་རྒྱལ་ས་སྲི་མནན་དང་། །ལམ་ཞུགས་ཞི་བའི་ལས་རྣམས་བཟང་། །སྐྲ་འཁྲུ་བག་མ་གཡོག་བསྟེན་པ། །ནོར་ཕྱུགས་ཉོ་དང་གཤིན་ལས་ངན། །ཚེས་བཅུ་རབ་བྱུང་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལྷ་ཁང་མཆོད་རྟེན་རྩིག །རྟེན་བཞེང་རྒྱལ་ས་ཞིང་འདེབས་པ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །ལམ་ཞུགས་གཡོག་བསྟེན་གཤིན་ལས་དང་། །ནོར་ཕྱུགས་ཉོ་རྣམས་ངན་པས་སྤང་། །བཅུ་གཅིག་རབ་བྱུང་སྐྲ་འཁྲུ་ཁྲུས། །འབྲེལ་འདོགས་རྒྱལ་ས་དཀྱིལ་འཁོར་ལས། །ལྡུམ་ར་འཆུ་དང་སྟོན་མོ་ལམ། །བུ་ལོན་འཇལ་དང་ས་ཁ་འབྱེད། །གཏར་སྲེག་དྲག་པོའི་ལས་རྣམས་བཟང་། །འབྲུ་གདབ་བྲན་བསྟེན་ཕྱུགས་ཉོ་བ། །རྟ་གླང་འདུལ་བ་རྣམས་ངན་ནོ། །བཅུ་གཉིས་ལྷ་ཁང་རྟེན་བཞེང་བ། །

p. 100

རྒྱལ་ས་ཐབ་བཅའ་རྫིང་ཡུར་འདྲུ། །ས་བོན་འདེབས་དང་ཞི་ལས་བཟང་། །རབ་བྱུང་སྐྲ་འཁྲུ་སྦྱིན་སྲེག་དང་། །ལམ་ཞུགས་བྲན་བསྟེན་ཕྱུགས་ཉོ་ངན། །བཅུ་གསུམ་རབ་གནས་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལམ་ཞུགས་རྒྱལ་ས་འཛིན། །ལྷ་ཁང་རྟེན་བཞེང་ཆུ་རགས་རྩིག །སྦྱིན་སྲེག་རྒྱས་པའི་ལས་རྣམས་བཟང་། །རྫིང་ཁྲོན་ཕྱུགས་ཉོ་བྲན་བསྟེན་ངན། །བཅུ་བཞི་དཀྱིལ་འཁོར་རབ་བྱུང་མཁར། །སྐྲ་འཁྲུ་ཕྱུགས་ཉོ་དབང་ལས་བཟང་། །འབྲུ་གདབ་ལམ་ཞུགས་བྲན་བསྟེན་ངན། །བཅོ་ལྔ་རབ་གནས་དཀྱིལ་འཁོར་སྒྲུབ། །དབང་བསྐུར་ཆོས་སྤྱོད་ལྷ་གསོལ་ལམ། །རྒྱལ་ས་སྐྲ་འཁྲུ་གཡང་ནོར་བསྒྲུབ། །མཁར་ལས་རྟེན་བཞེང་ཁྱིམ་གསར་འཛིན། །གཤིན་ལས་བཟློག་པ་ས་བོན་གདབ། །ཕྱུགས་ཉོ་ཞི་རྒྱས་ལས་རྣམས་བཟང་། །རབ་བྱུང་བག་མ་བུ་འབོགས་པ། །མནའ་སྐྱེལ་བུ་ལོན་འཇལ་རྣམས་ངན། །བཅུ་དྲུག་སྐྲ་འཁྲུ་བྲན་ནོར་ཉོ། །ས་ཁ་འབྱེད་དང་ཞི་ལས་བཟང་། །ལམ་ཞུགས་རབ་གནས་རྒྱལ་སར་འཇུག །མཁར་ལས་ཇག་དང་ཁ་སྨྲས་ངན། །བཅུ་བདུན་ལམ་ཞུགས་གཤིན་ལས་དང་། །ཐབ་བཅའ་མཁར་ལས་རྫིང་ཁྲོན་འདྲུ། །ས་བོན་འདེབས་དང་རྒྱས་ལས་བཟང་། །ཆུ་རགས་སྐྲ་འཁྲུ་སྦྱིན་སྲེག་དང་། །ཕྱུགས་ཉོ་བ་དང་བག་མ་ངན། །བཅོ་བརྒྱད་སྐྲ་འཁྲུ་རབ་བྱུང་དང་། །དགེ་ལས་ཐབ་བཅའ་ས་བོན་འདེབས། །རྟེན་བཞེང་ཆུ་རགས་སྦྱིན་སྲེག་དང་། །སྲི་མནན་དྲག་པོའི་ལས་རྣམས་བཟང་། །སྒོ་འཛུགས་ཐོག་དབུབ་ལམ་ཞུགས་བག །གཤིན་ལས་རྒྱལ་ས་གཏར་སྲེག་དང་། །ཕྱུགས་ཉོ་རྫིང་ཡུར་ཁྲོན་འདྲུ་ངན། །བཅུ་དགུ་སྐྲ་འཁྲུ་ས་ཁ་འབྱེད། །ལམ་ཞུགས་སྲི་མནན་ཞི་ལས་བཟང་། །རབ་གནས་གཤིན་ལས་རྒྱལ་ས་བག །ལྷ་ཁང་རྟེན་བཞེང་ཕྱུགས་ཉོ་ངན། །ཉི་ཤུ་རྒྱས་པའི་ལས་ལ་བཟང་། །རབ་གནས་སྐྲ་འཁྲུ་རྒྱལ་སར་བསྐོ། །ལྷ་རྟེན་བཞེང་དང་ལམ་ཞུགས་ངན། །ཉེར་གཅིག་ཞིང་འདེབས་ལམ་དུ་འཇུག །ཕྱུགས་ཉོ་དབང་གི་ལས་ལ་བཟང་། །རབ་གནས་རྒྱལ་ས་བྲན་བསྟེན་བག །ལྷ་ཁང་རྟེན་བཞེང་སྐྲ་འཁྲུ་ངན། །ཉེར་གཉིས་བཟོ་རིག་ཡིག་རྩིས་སློབ། །ཆུ་འདྲུ་གཏད་རྒྱག་སྲི་མནན་དང་། །ཞིང་འདེབས་ཐབ་བཅའ་སྐྲ་འཁྲུ་བ། །ཕྱུགས་ཉོ་དྲག་པོའི་ལས་ཀུན་བཟང་། །རྒྱལ་

p. 101

ས་རྟེན་བཞེང་རབ་གནས་ལམ། །འདུན་མ་ཁང་ས་དུར་ས་འཚོལ། །རྐང་འགྲོས་འདུལ་དང་བྲན་གཡོག་བསྟེན་། །བག་མ་ནོར་ཉོ་ཁང་གསར་འཛིན། །སྦྱིན་སྲེག་ཤྭ་རགས་རྩིག་པ་ངན། །ཉེར་གསུམ་སྐྲ་འཁྲུ་རབ་བྱུང་ལམ། །འབྲུ་འདེབས་མཁར་ཐབ་ཆུ་རགས་བཅའ། །སྦྱིན་སྲེག་ཞི་དྲག་ལས་ལ་བཟང་། །རབ་གནས་རྒྱལ་ས་རྫིང་ཡུར་འདྲུ། །བྲན་བསྟེན་ནོར་ཕྱུགས་ཉོ་བ་ངན། །ཉེར་བཞི་འབྲུ་འདེབས་བྲན་གཡོག་བསྟེན། །ཕྱུགས་ཉོ་དབང་རྒྱས་ལས་ལ་བཟང་། །རབ་གནས་རྒྱལ་ས་སྐྲ་འཁྲུ་བ། །ལམ་དུ་འཇུག་པ་རྣམས་ལ་ངན། །ཉེར་ལྔ་ཞིང་ཉོ་ས་ཁ་འབྱེད། །མཁར་རྩིག་གཤིན་ལས་ས་བོན་གདབ། །སྲི་མནན་དྲག་པོའི་ལས་ལ་བཟང་། །ནོར་འཇལ་དམག་འདྲེན་དགྲ་ལ་རྒོལ། །རབ་གནས་རྒྱལ་ས་བྲན་བསྟེན་པ། །ཕྱུགས་ཉོ་སྐྲ་འཁྲུ་རྣམས་ངན་ནོ། །ཉེར་དྲུག་སྐྲ་འཁྲུ་ུས་ཁ་འབྱེད། །ས་བོན་འདེབས་དང་དྲག་ལས་བཟང་། །ལམ་ཞུགས་རབ་གནས་རྒྱལ་ས་བྲན། །མཁར་ལས་ནོར་ཕྱུགས་ཉོ་བ་ངན། །ཉེར་བདུན་ལམ་ཞུགས་སྐྲ་འཁྲུ་གཤིན། །འབྲུ་འདེབས་ཐབ་བཅའ་རྒྱས་ལས་བཟང་། །རབ་གནས་རྒྱལ་ས་ལྷ་རྟེན་བཞེང་། །བྲན་བསྟེན་ནོར་ཉོ་བག་མ་དང་། །སྦྱིན་སྲེག་ཤྭ་རགས་རྩིག་པ་ངན། །ཉེར་བརྒྱད་ལ་ནི་སྦྱིན་སྲེག་དང་། །ཆུ་རགས་རྩིག་དང་དབང་ལས་བཟང་། །ལམ་ཞུགས་སྐྲ་འཁྲུ་བག་མ་དང་། །གཤིན་ལས་བྲན་བསྟེན་རྫིང་ཡུར་འདྲུ། །རབ་གནས་རྒྱལ་ས་ས་བོན་འདེབས། །ནོར་ཕྱུགས་ཉོ་རྣམས་ངན་པས་སྤང་། །ཉི་ཤུ་དགུ་ལ་ལམ་ཞུགས་དང་། །དགྲ་འདུལ་ཧོཾ་སྤོར་ཐོག་སེར་དབབ། །བཟློག་པ་སྲི་མནན་དྲག་ལས་བཟང་། །ཆོས་བྱ་ཆང་བཙོ་ས་བོན་འདེབས། །སྐྲ་འཁྲུ་བྲན་བསྟེན་རྐང་འགྲོས་འདུལ། །རབ་གནས་བག་མ་རྒྱལ་ས་གཤིན། །གཏར་སྲེག་རྟེན་བཞེང་ཕྱུགས་ཉོ་ངན། །གནམ་གང་ལ་ནི་ས་བོན་འདེབས། །དབང་དང་དྲག་པོའི་ལས་རྣམ་བཟང་། །སྐྲ་འཁྲུ་ལམ་ཞུགས་རབ་གནས་བག །རྒྱལ་ས་གཤིན་ལས་གཏར་སྲེག་དང་། །བྲན་བསྟེན་ནོར་ཕྱུགས་ཉོ་བ་ངན། ༈ །དེ་ནས་ཚེས་འབྲས་ཐོར་བུ་བཤད། །རྒྱུད་ལས་ལུས་ཀྱི་གཡས་གཡོན་ཆ། །བཅུ་དྲུག་གནས་སུ་ཁམས་རྣམས་ནི། །ཡི་གེའི་རྣམ་པར་གནས་པ་ལ། །ཚེས་ཀྱི་དབང་གིས་རིམ་པ་ལྟར། །

p. 102

ནུས་པ་འཕོ་ལ་བླ་གནས་ཞེས། །བརྩི་ཚུལ་གསུངས་པ་འདི་ལྟ་སྟེ། །ཡར་ངོ་སྔོན་འགྲོའི་དབང་བྱས་ནས། །སྐྱེས་པའི་གཡོན་དང་བུད་མེད་ཀྱི། །གཡས་ཕྱོགས་ནས་བརྩམས་ཚེས་གཅིག་ལ། །རྐང་སོར་ཚིགས་པ་དང་པོར་ཨཿ། གཉིས་པར་ཨེ་དང་གསུམ་པར་རྀ། །བཞི་པར་ལོང་བུར་ཨུ་ཡིག་སྟེ། །ལྔ་པར་པུས་མོར་ལྀ་ཡིག་གོ། དྲུག་པར་དཔྱི་མཚམས་ཨའི་ཡི་གེ། བདུན་པར་ལག་སོར་དང་པོར་ཨེ། །བརྒྱད་པར་སོར་ཚིགས་གཉིས་པར་ཨར྄། །དགུ་པར་སོར་ཚིགས་གསུམ་པར་ཨོ། །བཅུ་པར་མཁྲིག་མའི་མཚམས་སུ་ཨལ྄། །བཅུ་གཅིག་གྲུ་མོར་ཧ་ཞེས་བྱ། །བཅུ་གཉིས་པ་ལ་དཔུང་མགོར་ཡ། །བཅུ་གསུམ་པ་ལ་མགྲིན་པར་ར། །བཅུ་བཞི་པ་ལ་མཚོག་མར་ཝ། །བཅོ་ལྔ་པ་ལ་དཔྲལ་བར་ལ། །དཀར་ནག་ཚིགས་མཚམས་སྤྱི་བོར་ཨཾ། །སླར་ཡང་བཅུ་དྲུག་ལྟག་པར་ལཱ། །བཅུ་བདུན་པ་ལ་གཉའ་བར་ཝཱ། །བཅོ་བརྒྱད་སྙིང་གར་རཱ་ཡིག་གོ། བཅུ་དགུ་དཔུང་པའི་ཚིགས་སུ་ཡཱ། །ཉི་ཤུ་པ་ལ་གྲུ་མོར་ཧཱ། །ཉེར་གཅིག་ལ་ནི་མཁྲིག་མར་ཨཱལ྄། །ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། །ཉེར་གསུམ་སོར་ཚིགས་གཉིས་པར་ཨཱར། །ཉེར་བཞི་སོར་ཚིགས་དང་པོར་ཨཱཻ། །ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། །ཉེར་དྲུག་པ་ལ་པུས་མོར་ལཱྀ། །ཉེར་བདུན་པ་ལ་ལོང་བུར་ཨཱུ། །ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། །ཉེར་དགུ་སོར་ཚིགས་གཉིས་པར་ཨཱི། །གནམ་གང་སོར་ཚིགས་དང་པོར་ཨཱ། །དཀར་ནག་ཚིགས་མཚམས་རྐང་མཐིལ་ཨཿ། འདི་དང་སྤྱི་བོའི་ཨཾ་གི་དུས། །ལུས་ཀུན་ཁྱབ་པས་ཤིན་ཏུ་གཉན། །གཞན་ཡང་ཧེ་རུ་ཀ་ཀལྤོ། །སྡོམ་འབྱུང་མཁའ་འགྲོ་རྒྱ་མཚོ་ལས། །དབྱངས་ཡིག་བཅུ་དྲུག་དང་སྦྱར་གསུངས། །དེ་བཞིན་སྲིད་པའི་གཏེར་ཁྱིམ་དུ། །དུས་ཚོད་དང་སྦྱར་བརྩི་ཚུལ་ཡང་། །གསུངས་མོད་འདིར་ནི་མ་བརྗོད་དོ། །དེང་སང་རྩིས་པ་ཕལ་ཆེ་བས། །བཞེད་པའི་མི་རྟའི་བླ་གནས་ཀྱང་། །ཚེས་གཅིག་མི་ཡི་རྐང་པ་ཡི། །མཐེ་བོང་རྟ་སོགས་རྐང་མཐིལ་ལ། །གཉིས་ལ་མི་ཡི་རྐང་བོལ་ཚིགས། །རྟ་ལ་སོགས་པའི་ཚེལ་ལ་གནས། །གསུམ་པར་མི་ཡི་བྱིན་པའི་ཉྭ། །རྟ་ལ་སོགས་པའི་ངར་གདོང་ཡིན། །བཞི་ལ་མིའི་སྐེད་རྟའི་སྲེ་ལོང་། །ལྔ་ལ་མི་ཡི་སྒྱིད་ཁུང་དང་། །རྟ་ལ་སོགས་

p. 103

པའི་སེ་ར་རུས། །དྲུག་ལ་མི་ཡི་བརླའི་སུལ་དང་། །རྟ་སོགས་དཔྱི་མིག་ལ་གནས་སོ། །བདུན་ལ་མི་ཡི་དཔྱི་མིག་ཚིགས། །རྟ་ལ་སོགས་པའི་གྲུ་མགོར་གནས། །བརྒྱད་ལ་མི་ཡི་མཁལ་མ་དང་། །རྟ་ལ་སོགས་པའི་མཁལ་ཁུང་ཡིན། །དགུ་ལ་མི་ཡི་རྩིབ་ལོགས་དང་། །རྟ་ལ་སོགས་པའི་ལག་པའི་མཐིལ། །བཅུ་ལ་མི་ཡི་དཔུང་སོག་སྟེང་། །རྟ་ལ་སོགས་པའི་ལག་མཐིལ་ལ། །བཅུ་གཅིག་མི་ཡི་ལག་ངར་སྟེང་། །རྟ་ལ་སོགས་པའི་ཚེལ་ལ་གནས། །བཅུ་གཉིས་མི་ཡི་ལག་མཐིལ་དང་། །རྟ་ལ་སོགས་པའི་ལག་ངར་རོ། །བཅུ་གསུམ་མི་ཡི་སྐེ་མགུལ་དང་། །རྟ་ལ་སོགས་པའི་རྩ་དཀར་ལ། །བཅུ་བཞི་མི་ཡི་རྣ་ལྟག་དང་། །ཟ་འགྲམ་རྟ་སོགས་དཔུང་པར་གནས། །བཅོ་ལྔར་མི་ཡི་སོག་པ་དང་། །རྟ་ལ་སོགས་པའི་ལུས་སྤྱི་ལ། །བཅུ་དྲུག་མི་ཡི་ལྟག་ཟ་འགྲམ། །རྟ་ལ་སོགས་པའི་སྐེ་མཇིང་ལ། །བཅུ་བདུན་མི་རྟའི་སྐེ་མཇིང་ངོ་། །བཅོ་བརྒྱད་མི་ཡི་ལག་མཐིལ་དང་། །རྟ་ལ་སོགས་པའི་ཟེ་བར་གནས། །བཅུ་དགུར་མི་ཡི་ལག་ངར་དང་། །རྟ་ལ་སོགས་པའི་ལྟག་སྒོར་གནས། །ཉི་ཤུར་མི་ཡི་དཔུང་སོགས་དང་། །རྟ་ལ་སོགས་པའི་དཔུང་པའོ། །ཉེར་གཅིག་མིའི་རྩིབ་རྟ་སོགས་སོ། །ཉེར་གཉིས་མིའི་མཁལ་རྟ་སོགས་རྐན། །ཉེར་གསུམ་མི་ཡི་དཔྱི་མིག་ཚིགས། །རྟ་ལ་སོགས་པའི་ལྕེ་ལ་གནས། །ཉེར་བཞི་མི་ཡི་བརླ་སུལ་ལ། །རྟ་སོགས་མིག་དང་དཔྲལ་བར་གནས། །ཉེར་ལྔ་མི་ཡི་སྒྱིད་ཁུང་དང་། །རྟ་ལ་སོགས་པའི་བྲང་ཟེ་ལ། །ཉེར་དྲུག་མི་ཡི་པུས་མོ་དང་། །རྟ་ལ་སོགས་པའི་ཨོ་སྟོང་ལ། །ཉེར་བདུན་མི་ཡི་བྱིན་པའི་ཉྭ། །རྟ་ལ་སོགས་པའི་མཚན་མར་གནས། །ཉེར་བརྒྱད་མི་ཡི་ལོང་བུའི་ཚིགས། །རྟ་ལ་སོགས་པའི་སྒྲོ་བར་གནས། །ཉེར་དགུ་མི་ཡི་ངར་གདོང་དང་། །རྟ་ལ་སོགས་པའི་སྦངས་ཁུངས་ལ། །གནམ་གང་མི་རྟའི་ལུས་སྤྱིར་ཁྱབ། །དེ་ལྟར་བརྟགས་ཏེ་ཚེས་གང་ལ། །གང་དུ་གནས་པ་དེ་དང་དེར། །གཏར་སྲེག་ལ་སོགས་སྤང་བར་བྱ། ༈ །ལམ་རྩིས་ཉི་མ་དྲུག་སྐོར་ནི། །ཚེས་གཅིག་བདུན་དང་བཅུ་གསུམ་དང་། །བཅུ་དགུ་ཉེར་ལྔ་དབང་ཐང་གི། ཉི་མར་ཤར་མིན་ཕྱོགས་གཞན་ལ། །ཕྱིན་ན་བསམ་པའི་དོན་འགྲུབ་ཅིང་། །སྙིང་སྡུག་མཛའ་བཤེས་དང་འཕྲད་འགྱུར། །ཁྱད་པར་

p. 104

སྟག་ཉི་ལམ་འཇུག་བཟང་། །ཚེས་གཉིས་བརྒྱད་དང་བཅུ་བཞི་དང་། །ཉི་ཤུ་ཉེར་དྲུག་ཆུ་ཚགས་ཀྱི། །ཉི་མར་རྟ་འཆི་སྒ་ཆག་ཅིང་། །དགྲ་རྐུན་དང་འཕྲད་ནོར་འཆོར་རོ། །ཁྱད་པར་ཡོས་ཉི་ལམ་འཇུག་ངན། །ཚེས་གསུམ་དགུ་དང་བཅོ་ལྔ་དང་། །ཉེར་གཅིག་ཉེར་བདུན་གྱིམ་ཧང་གི། ཉི་མར་ལྷོ་མིན་ཕྱོགས་གཞན་ལ། །ཕྱིན་ན་ཚོང་རྒྱལ་བསམ་པ་འགྲུབ། །ཁྱད་པར་འབྲུག་ཉི་ལམ་འཇུག་བཟང་། །ཚེས་བཞི་བཅུ་དང་བཅུ་དྲུག་དང་། །ཉེར་གཉིས་ཉེར་བརྒྱད་ཞུན་ཡང་གི། ཉི་མར་ནུབ་མིན་ཕྱོགས་གཞན་དུ། །ཕྱིན་ན་མི་ཆེན་དང་འཕྲད་ཅིང་། །དོན་འགྲུབ་ནོར་ཕྱུགས་འཕེལ་བ་ཡིན། །ཁྱད་པར་སྦྲུལ་ཉི་ལམ་འཇུག་བཟང་། །ཚེས་ལྔ་བཅུ་གཅིག་བཅུ་བདུན་དང་། །ཉེར་གསུམ་ཉེར་དགུ་ཞི་གཡང་གི། ཉི་མར་ནུབ་མིན་ཕྱོགས་གཞན་དུ། །ཕྱིན་ན་ཤ་ཆང་དང་འཕྲད་འབྲིང་། །ཁྱད་པར་རྟ་ཉིར་ལམ་འཇུག་བཟང་། །ཚེས་དྲུག་བཅུ་གཉིས་བཅོ་བརྒྱད་དང་། །ཉེར་བཞི་གནམ་གང་རཱ་ཧུ་ལ། །མི་རྒོད་དང་འཕྲད་ཉི་མ་ལ། །རང་རྨས་ནོར་འཆོར་ཁྱད་པར་དུ། །ཤར་དང་ལུག་ཉིར་ཤིན་ཏུ་ངན། ༈ །གཉིས་པ་དབྱངས་འཆར་བླང་དོར་ནི། །འཆར་རྒྱུ་རང་བྱུང་ཡི་གེ་ལྔ། །ཨ་ཨི་རྀ་ཨུ་ལྀ་རྣམས་ཡིན། །གང་ལ་འཆར་གཞིའི་གཙོ་བོ་ནི། །ཚེས་གྲངས་དགའ་བཟང་རྒྱལ་སྟོང་རྫོགས། །དབྱངས་ཚེས་གཉིས་དང་གཟའ་སྐར་དག །འཕྲད་པའི་འབྲས་བུ་འདི་ཡིན་ཏེ། །དགའ་བའི་ཚེས་ལ་ཨ་འཆར་དུས། །རེས་གཟའ་ཉི་མ་དང་ལྷན་ཅིག །ཟླ་སྐར་སྨིན་དྲུག་འཛོམ་པ་ན། །མིང་ཡིག་དང་པོར་ཨ་ཡོད་པའི། །སྐྱེས་བུ་རྣམས་ལ་ངན་པ་ཡིན། །བཟང་པོ་ཨི་དང་ལྷག་མཆུ་འཛོམ། །མིག་ཐོག་ཨི་ཡིག་ཅན་ལ་ངན། །རྒྱལ་བར་རྀ་ཡིག་ཕུར་སྐག་འཛོམ། །མིང་ཐོག་རྀ་ཡིག་ཅན་ལ་ངན། །སྟོང་པར་ཨུ་སངས་མོན་གྲུ་འཛོམ། །མིང་ཐོག་ཨུ་ཡིག་ཅན་ལ་ངན། །རྫོགས་པ་ལྀ་སྤེན་བྲ་ཉེ་འཛོམ། །མིང་ཐོག་ལྀ་ཡིག་ཅན་ལ་ངན། །དེས་ན་ཚེས་དབྱངས་གཟའ་སྐར་མ། །དེ་རྣམས་འཛོམ་དུས་དབྱངས་རང་རང་། །མིང་གི་དང་པོར་ཡོད་པ་དེ། །ནད་ཀྱིས་བཏབ་བམ་གཡུལ་ཞུགས་ན། །འཆི་བའི་འཇིགས་པ་འབྱུང་བར་འགྱུར། །དེ་བཞིན་དགའ་བར་ཨ་འཆར་དུས། །ཉི་མ་ཤར་ན་ཨ་མིང་ཅན། །བཟང་པོར་ཨི་འཆར་དུས་ཟླ་བ། །

p. 105

ཤར་ན་ཨི་ཡིག་མིང་ཅན་དང་། །ཡང་ཡིག་གིས་བསྡུས་རྒྱལ་བ་ལ། །དམར་སྐག་འཛོམ་ན་རྀ་མིང་ཅན། །སྟོང་པར་ལྷག་པ་མོན་གྲུ་འཛོམ། །ཨུ་མིང་ཅན་དང་རྫོགས་པ་ལ། །པ་སངས་བྲ་ཉེ་འཛོམ་པ་ན། །ལྀ་ཡིག་མིང་གི་ཐོག་མ་ཅན། །དེ་རྣམས་གཡུལ་ཞུགས་རྨ་འབྱུང་ལ། །ནད་བཏབ་ནད་ཚབས་ཆེན་པོར་འགྱུར། །དེ་བཞིན་ལམ་དུ་འཇུག་པ་དང་། །བག་མ་ལེན་ལའང་མི་དགེའོ། །དེ་དག་ཚེས་རེར་དབྱངས་རེ་རེ། །འཆར་བའི་རྣམ་གཞག་ཕྲ་བ་སྟེ། །རགས་པ་ཕྱོགས་དང་ཟླ་བ་དང་། །བགྲོད་པ་ལོ་གཅིག་ལོ་དྲུག་ཅུར། །དབྱངས་ལྔ་ཚར་རེ་འཆར་ཚུལ་གསུངས། །ཕྲ་རགས་ཀུན་ལ་དབྱངས་དང་པོ། །འཆར་བའི་དུས་ལ་དགའ་བ་དང་། །གཉིས་པ་འཆར་དུས་བཟང་སོགས་འདྲ། །དགའ་བ་ལ་སོགས་ཚེས་ལྔ་ལ། །ཨ་སོགས་དབྱངས་ལྔ་འཆར་བ་ཡང་། །མཁའ་རླུང་མེ་ཆུ་སའི་ཁམས་དང་། །སྒྲ་རེག་རོ་གཟུགས་དྲི་ལྔ་ཡི། །རང་ཚེས་ཡོན་ཏན་དབང་གིས་ཏེ། །བྱིས་གཞོན་དར་བབ་རྒན་ནུབ་ལྔ། །རང་རང་འཆར་དུས་དེ་བྱིས་པ། །དེ་ལས་གཉིས་གཞོན་གསུམ་དར་བབ། །བཞི་རྒན་ལྔ་པར་ནུབ་པའོ། །གཞན་ཡང་ཡར་ངོའི་ཚེས་གཅིག་ནས། །བཅོ་ལྔའི་བར་གྱི་ལྔ་ཚན་གསུམ། །དང་པོར་ཨ་ཨི་རྀ་ཨུ་ལྀ། །བར་པར་ཨ་ཨེ་ཨར྄་ཨོ་ཨལ྄། །གསུམ་པར་ཧ་ཡ་ར་ཝ་ལ། །འཆར་ཞིང་མར་ངོའི་ཚེས་གཅིག་ནས། །དེ་རྣམས་རིང་པོ་ལུགས་ལྡོག་འཆར། །དེ་མཐུན་གསལ་བྱེད་འཆར་ཚུལ་ཡང་། །ཀར་སེང་བུ་སྲང་སྡིག་གཞུ་སྟེ། །ལྷོ་བགྲོད་ཁྱིམ་ཟླ་དྲུག་པོ་ལ། །ཀ་ཙ་ཊ་པ་ཏ་ས་ཡི། །སྡེ་པའི་ཡི་གེ་ལྔ་ལྔ་པོའི། །ལྔ་པ་ནས་བགྲངས་ཡི་གེ་རེར། །ཨ་ཨི་རྀ་ཨུ་ལྀ་ཨཾ་དྲུག །ཞུགས་པས་སྡེ་རེར་སུམ་ཅུ་སྟེ། །ཟླ་རེར་སྤྲོ་བའི་རིམ་པས་འཆར། །དེ་བཞིན་ཆུ་བུམ་ཉ་ལུག་གླང་། །འཁྲིག་སྟེ་བྱང་བགྲོད་ཁྱིམ་ཟླ་ལ། །སྡེ་པ་གོ་ལྡོག་ཉིས་བརྩེགས་དྲུག །རེ་རེའི་ཡི་གེ་ལྔ་ལྔ་པོའི། །དང་པོ་ནས་བགྲངས་ཡི་གེ་རེར། །ཨཱཿལཱྀ་ཨཱུ་རཱྀ་ཨཱི་ཨཱ་དྲུག །ཞུགས་པའི་སུམ་ཅུས་ཟླ་བ་རེར། །སྡུད་རིམ་ཚུལ་དུ་འཆར་བ་ཡིན། །གཞན་ཡང་ཞག་རེར་ཡུད་ཙམ་པ། །སུམ་ཅུར་བྱས་ལ་དེ་རེ་རེར། །དབྱངས་གསལ་དེ་རྣམས་རིམ་འཆར་སོགས། །གསུངས་ཀྱང་འདིར་ནི་མ་སྤྲོས་སོ། ༈ །གསུམ་པ་རེས་གཟའི་འབྲས་བུ་

p. 106

ལ། །སྤྱི་དང་བྱེ་བྲག་ཐོར་བུ་གསུམ། །དང་པོ་འཇམ་དཔལ་རྩ་རྒྱུད་ལས། །ཟླ་བ་ལྷག་པ་ཕུར་བུ་དང་། །པ་སངས་བཞི་ལ་ལམ་དུ་འཇུག །སྦྱིན་སྲེག་སྔགས་སྒྲུབ་ལ་སོགས་པ། །དགེ་ལས་བདེ་བའི་བྱ་བར་བཟང་། །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དུ། །ཟླ་བ་ལྷག་པ་པ་སངས་གསུམ། །མཆོག་ཏུ་བདེ་བྱེད་ཞི་གཟའ་སྟེ། །ཞི་རྒྱས་ལས་དང་དགེ་ལས་བཟང་། །ཉི་དམར་སྤེན་གསུམ་དྲག་གཟའ་སྟེ། །དབང་དྲག་ལས་ལ་བཟང་བར་བཤད། །ཕུར་བུ་ལུས་དྲག་བསམ་པ་ཞི། །དེ་ཕྱིར་དགེ་བའི་ལས་ལ་བཟང་། ༈ །བྱེ་བྲག་སོ་སོའི་བླང་དོར་ནི། །ཉི་མ་ལྷའི་གཟའ་སྐྱེས་པ་དང་། །རྒྱལ་པོའི་བླ་གཟའ་རྒྱལ་རིགས་ཏེ། །ཞི་བ་དམར་སྐྱ་མེ་ཡི་ཁམས། །ལྷ་གསོལ་སྐྱེས་པས་བསྒྲུབ་པའི་ལས། །ཁྱད་པར་རྒྱལ་པོར་བསྐོ་བ་དང་། །ཕོ་བྲང་འདེབས་སོགས་རྒྱལ་སྲིད་དང་། །རྒྱལ་རིགས་ཀྱིས་སྒྲུབ་བྱ་བའི་ལས། །མི་ཆེན་མཇལ་དང་ཕྱག་འབུལ་བ། །མེའི་ལས་ཁྱད་པར་དབང་དྲག་ཧོཾ། །ཐབ་བཅའ་བུ་བཙས་རབ་ཏུ་བྱུང་། །སྨན་སྦྱོར་ཁྲུས་དང་དྲི་ཡི་ལས། །དངོས་པོ་ཚུར་ལེན་རྟ་ཕྱུགས་འདུལ། །གསེར་ཤིང་རུས་པ་པགས་པའི་བཟོ། །འབྲོག་དགོན་ནགས་ཁྲོད་འགྲོ་བ་དང་། །གསོན་སྟོན་ཡོ་ལང་དགེ་ཤིས་སོགས། །གསོན་པོའི་བྱ་བ་སྒྲུབ་པ་བཟང་། །ཁྱད་པར་ཉིན་མོ་ཟླ་བའི་སྨད། །བྱང་བགྲོད་དུས་དང་སེང་ཁྱིམ་སླེབས། །དར་བའི་དུས་སུ་སྟོབས་ཆེའོ། །ལྷ་ཁང་ཁང་གསར་རྨང་གཞི་འདིང་། །ཕྱིར་གཏོང་ལམ་ཞུགས་མནའ་སྐྱེལ་དགག །ནད་འདྲི་བག་མ་གོས་དྲ་གྱོན། །མི་ཤི་གཤིན་ཆོས་ཤིད་རོ་འདོན། །སྐྲ་སེན་འདྲེག་དང་སྦྲ་ཕྱར་འཚེམ། །གཏར་སྲེག་སྲི་མནན་བསྡུམས་བྱེད་པ། །རྫིང་ཡུར་ས་ཁ་ཞིང་འདེབས་དང་། །མེ་ཏོག་ཤིང་འཛུགས་རབ་གནས་སྐྱས། །ཁྱིམ་འཛིན་བང་མཛོད་རྩིག་རྣམས་ངན། ༈ །ཟླ་བ་ཀླུ་གཟའ་བུད་མེད་བླ། །རྗེ་རིགས་དཀར་སེར་ཆུ་ཁམས་ཞི། །ལྷ་ཁང་རྨང་འདིང་རྟེན་བཞེངས་བཟོ། །དཀྱིལ་འཁོར་འདྲི་སྒྲུབ་རབ་གནས་བྱ། །བླ་མར་ཕྱག་ཡོན་ཀླུ་སྨན་གསོལ། །ཆར་དབབ་རྫིང་ཡུར་སོགས་ཆུའི་ལས། །གཉེན་བག་རྒྱན་འདོགས་བུད་མེད་ལས། །ཁྱད་པར་རྗེ་རིགས་དང་བཙུན་མོའི། །ལས་སྒྲུབ་སྨན་དཔྱད་བཅུད་ལེན་གཡང་། །ཆང་བཙོ་ཁྲུས་དང་སྐྲ་སེན་འདྲེག །

p. 107

ཕོ་མོ་བཙས་དང་གོས་འདྲ་བྲན། །མེ་ཏོག་ཤིང་འཛུགས་ས་ཁ་འབྱེད། །ཞིང་འདེབས་ཁྱིམ་འཛིན་ཐབ་བཅའ་བ། །ལྟད་སྟོན་བསྡུམས་བྱ་རྟ་གླང་འདུལ། །དགེ་ཤིས་ཞི་རྒྱས་ལས་རྣམས་བཟང་། །ཁྱད་པར་ཕྱོགས་གཉིས་མཚན་མོ་དང་། །བྱང་བགྲོད་ཀརྚའི་ཁྱིམ་དུ་སླེབས། །དར་བའི་དུས་སུ་སྟོབས་ཆེར་བརྗོད། །རབ་བྱུང་ཆོས་ཉན་གཡང་ཅན་ནོར། །ཕྱིར་གཏོང་ལམ་ཞུགས་གོས་གྱོན་པ། །མཁར་ལས་ཆུ་རགས་རོ་སྲེག་པ། །སྲི་མནན་ཁ་མཆུ་དགྲར་རྒོལ་བ། །དབང་དང་དྲག་པོའི་ལས་རྣམས་ངན། ༈ །མིག་དམར་ལྷ་མིན་སྐྱེས་པ་དང་། །དམག་དཔོན་བླ་གཟའ་རྒྱལ་རིགས་ཏེ། །དྲག་པོ་དམར་ནག་མེ་ཁམས་ལ། །དམག་དཔོན་བསྐོ་དང་དམག་དྲང་བ། །དགྲ་གཞོམ་ཁ་མཆུ་རྐུན་ཇག་བྱ། །སྐྱེས་པའི་ལས་དང་ཁྱད་པར་དུ། །རྒྱལ་སར་འཇུག་དང་སྒྱུ་རྩལ་འཕོང་། །བུ་ལོན་སྙེགས་དང་གྲི་མཚོན་ལས། །ཡུལ་འཛིན་ཆུ་རགས་དྲག་པོའི་ཧོཾ། །བཟློག་པ་མཐུ་གཏད་མདོས་ཟོར་འཕེན། །གྲོང་བཤིག་ཕྲ་མ་མེ་བཙའ་རྒྱག །རྟ་རྒྱུག་སྒ་རྒྱག་ཁྱི་གསོ་བ། །དབང་དང་མཆོག་ཏུ་དྲག་ལས་བཟང་། །ཁྱད་པར་ཕྱོགས་གཉིས་ལྷོ་བགྲོད་མཚན། །འཁྱོག་འགྲོས་དར་དུས་ལུག་སྡིག་གི། ཁྱིམ་དུ་དགུག་ལས་སྟོབས་ཆེན་དྲན། །རབ་བྱུང་དབང་རབ་བག་མ་ཁྲུས། །དུར་ཤིད་གསང་གྲོས་ནོར་ཕྱིར་གཏོང་། །མཁར་ལས་ལྷ་རྟེན་བཞེང་ཆོས་ཉན། །སྨན་སྦྱོར་འདུ་འཚོག་དྲ་གྱོན་བཟོ། །ལམ་ཞུགས་ལྟད་སྟོན་སྐྲ་སེན་འདྲེག །ལྷ་མཆོད་ཐབ་བཅའ་བང་མཛོད་འཛིན། །རྫིང་ཡུར་ས་ཁང་ཞིང་གི་ལས། །མེ་ཏོག་ཤིང་འཛུགས་གཡང་བསླན་ཚོང་། །བུ་བཙས་བྲན་བསྟེན་བསྡུམས་བྱ་སྐྱས། །དཀར་ཕྱོགས་ཞི་རྒྱས་ལས་རྣམས་ངན། ༈ །ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན། །སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམས་བྱ་འབྲེལ་སྙེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེང་བ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན་བྲན་བསྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །

p. 108

མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ། །རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོའི་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང་། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི། །ཁྱིམ་དུ་སླེབ་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང་། ༈ །ཕུར་བུ་བྱང་སེམས་སྐྱེས་པ་བློན། །བནྡེའི་བླ་གཟའ་བྲམ་ཟེའི་རིགས། །ཞི་དྲག་འདྲེས་མ་རླུང་གི་ཁམས། །རབ་བྱུང་སྡོམ་འབོགས་དབང་བསྐུར་བ། །དཀྱིལ་འཁོར་སྔགས་བཟླ་རབ་ཏུ་གནས། །སྦྱིན་སྲེག་སྤྱི་དང་སྒོས་རོ་སྲེག །འཆད་ཉན་རྟེན་བཞེང་རྒྱལ་སར་འདོན། །སྐྱེས་བློན་ཁྱད་པར་བནྡེ་ཡི། །བྱ་བ་སྒྲུབ་དང་དྲ་གྱོན་བག །ལྷ་ཁང་ཁང་རྨང་འདིང་ཐབ་བཅའ། །མཐུ་གཏད་བཟློག་མནན་རྒྱན་འདོགས་ཚོང་། །རིན་ཆེན་ལྔའི་ལས་རྟ་གླང་འདུལ། །བྲན་བསྟེན་དོན་གཉེར་ལམ་དུ་ཞུགས། །གསོན་གཤིན་སྟོན་མོ་སྐྲ་འཁྲུ་བ། །གཏར་སྲེག་མོ་རྩིས་ཁྱིམ་གསར་འཛིན། །ཆང་བཙོ་སྦྲ་ཕྱར་འཚེམ་འཕོ་སྐྱས། །བ་དན་མེ་ཏོག་སྐྱེ་ཤིང་འཛུགས། །ཞིང་སོགས་ས་བོན་གདབ་པ་དང་། །རྟ་དྲེལ་སྒ་རྒྱག་བསྡུམས་མདུན་གྲོས། །བརྟན་ལས་དགེ་ཤིས་རྒྱས་ལས་བཟང་། །ཟླ་བའི་ཡར་ངོ་ཉིན་མོ་དང་། །དར་དུས་ལྷོ་བགྲོད་མྱུར་བའི་འགྲོས། །ཉ་དང་གཞུར་སླེབས་སྟོབས་ལྡན་ཞིང་། །ཁྱད་པར་བསྐྲད་ལས་སྟོབས་ཆེར་དྲན། །མོ་སྐྱེས་ནད་བཏབ་ཐོག་འབུབས་པ། །མནའ་སྐྱེལ་ཕྱུགས་གཏོང་བཙོན་དུ་ཚུད། །སྐྲ་སེན་འདྲེག་རྣམས་ངན་པས་སྤང་། ༈ །པ་སངས་སྟག་གཟིག་རྒྱལ་བློན་དང་། །བུད་མེད་བླ་གཟའ་བྲམ་ཟེའི་རིགས། །ཞི་བ་ས་ཁམས་སྣ་ཚོགས་མདོག །ཆོས་འཆད་རབ་བྱུང་རབ་གནས་དང་། །དཀྱིལ་འཁོར་སྔགས་སྒྲུབ་ལྷ་རྟེན་བཞེང་། །ལྷ་གསོལ་གཉེན་སྒྲིག་བག་མ་ཚོང་། །ལམ་ཞུགས་ཁང་རྨང་སྦྲ་ཁྱིམ་འབུབས། །རྒྱལ་སར་འཇུག་སོགས་རྒྱལ་བློན་དང་། །བུད་མེད་ཀྱིས་བསྒྲུབ་བྱ་

p. 109

བའི་ལས། །དྲ་གྱོན་ལྟད་སྟོན་རྫིང་ཡུར་འདྲུ། །གྲོགས་བཙལ་འཁོར་བསྟེན་དྲི་སྨན་སྦྱོར། །གཏར་སྲེག་གཤིན་གྱི་བྱ་བ་སྤྱི། །ཆང་བཙོ་སྟོན་མོ་སྐྲ་འཁྲུ་འདྲེག །ས་ཁ་སོ་ནམ་ས་བོན་གདབ། །རིན་ཆེན་ལྔའི་བཟོ་ཁྱིམ་འཛིན་པ། །མོ་རྩིས་རིག་སློབ་བསྡུམས་ཐབ་བཅའ། །རྟ་རྒྱུག་སྒ་རྒྱག་རྩེད་མོ་གྲོས། །རྒྱན་འདོགས་བུད་མེད་དག་ལ་བགྲོད། །ཆུ་རགས་དཀར་ཕྱོགས་རིམ་གྲོ་སོགས། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་ཕྱོགས་དར་དུས་ལྷོ་བགྲོད་ཉིན། །དལ་འགྲོས་སྟོབས་ཆེ་ཁྱད་པར་དུ། །གླང་སྲང་ཁྱིམ་དུ་དབང་ལས་འགྲུབ། །འཕོ་སྐྱས་ཤགས་འདེབས་འཁོན་བར་པ། །ནད་ཐེབས་ཇག་རྐུན་དུར་སྦ་སྲེག །བུ་ལོན་འཇལ་དང་དྲག་ལས་ངན། ༈ །སྤེན་པ་དབུལ་པོ་མ་ནིང་བྲན། །བྱིས་པའི་བླ་གཟའ་དམངས་རིགས་ཏེ། །དྲག་པོ་མདོག་ནག་སའི་ཁམས་ལ། །ཁང་པ་རྩིག་བཟུང་ཞལ་བསྲོ་བ། །ས་ཁ་ལམ་འཕྲང་རྫིང་ཡུར་འཆོས། །ཚེ་གཡང་འགུགས་དང་ནོར་ཕྱུགས་ལེན། །ནོར་སྒྲུབ་སྒྱེད་འཛུགས་རྐུན་ཇག་དམག །ཞིང་ལས་མེ་ཏོག་སྐྱེ་ཤིང་འཛུགས། །ལྕགས་དང་མདའ་མཚོན་ནག་པོའི་ལས། །སྲི་མནན་རྒྱལ་མཚན་བང་མཛོད་འཛིན། །ཡུལ་མཁར་མིང་འདོགས་བུད་མེད་བགྲོད། །ཁྱི་གསོ་ས་བོན་འདེབས་དང་རྩིས། །དབུལ་འཕོངས་བྲན་དང་བྱིས་པ་ཡིས། །བསྒྲུབ་བྱའི་ལས་དང་དྲག་ལས་བཟང་། །ནག་ཕྱོགས་དར་དུས་ལྷོ་བགྲོད་མཚན། །དལ་འགྲོས་སྟོབས་ཆེ་ཁྱད་པར་དུ། །ཆུ་བུམ་ཁྱིམ་གནས་བསད་ལས་འགྲུབ། །རབ་བྱུང་རབ་གནས་ཁྲིམས་ལུགས་འཆའ། །འཆད་ཉན་སྨན་སྦྱོར་གོས་དྲ་གྱོན། །རྒྱན་འདོགས་ལྷ་གསོལ་རྒྱལ་ས་འཛིན། །ནོར་ཕྱུགས་ས་ཞིང་ཡུལ་མཁར་རྣམས། །ཕྱིར་གཏོང་སྐྲ་འཁྲུ་སྐྲ་སེན་འདྲེག །གསོན་དགེ་བག་མ་གཤིན་གྱི་ལས། །གཏར་སྲེག་ཕྲུ་སློག་ཟློག་པ་ཚོང་། །ལྷ་ཁང་རྟེན་བཞེང་བྲན་བསྟེན་བསྡུམས། །རྟ་དྲེལ་སྒ་རྒྱག་སྦྲ་ཕྱར་འཚེམ། །རྒྱལ་པོར་ཕྱག་མཆོད་ཞལ་ཆེ་སྐྱས། །ཞི་དང་རྒྱས་པའི་ལས་རྣམས་ངན། ༈ །དེ་ནས་གཟའ་འབྲས་ཐོར་བུ་ནི། །རང་གཟའ་བླ་གཟའ་ཤར་བའི་ཚེ། །ཤགས་འདེབས་ཚོང་བྱ་སྟོབས་འགྱེད་དང་། །ཤོ་རྒྱན་རྟ་རྒྱུག་རྩལ་འགྲན་པ། །གཡུལ་འཇུག་དགྲ་བོ་གཞོམ་རྣམས་བཟང་། །ཉི་ཟླ་ཕུར་བུར་ཕྱིར་རྒོལ་དང་། །

p. 110

དམར་སངས་སྤེན་གསུམ་སྔ་རྒོལ་རྒྱལ། །ཁྱད་པར་དྲག་གཟའ་དར་ཚེ་རྒོལ། །རྒྱལ་ཞིང་ཞི་གཟའ་དར་བ་དང་། །དྲག་གཟའ་གུད་དུས་བཏང་སྙོམས་སོ། །གཟའ་བདུན་གང་ལ་རེས་བབ་ཀྱང་། །གྲོགས་ཕྱོགས་དོན་འགྲུབ་ནོར་དང་འཕྲད། །མ་ཕྱོགས་གཏམ་སྙན་ཐོས་པའི་ས། །རང་ཕྱོགས་ཁ་མཆུ་མྱ་ངན་འོང་། །བུ་ཕྱོགས་བྱེ་བྲལ་སྟོར་བརླག་ཡོང་། །དགྲ་ཕྱོགས་རྩོད་དང་འཐབ་པའི་རྒྱུ། །འདུ་འཚོག་བྱ་བ་གང་བྱེད་ཀྱང་། །ཕྱོགས་ཀྱི་གནད་འདི་ཤིན་ཏུ་གཅེས། །ཁྱད་པར་རྩལ་འགྲན་དྲག་ལས་དུས། །མ་རྒྱབ་གྲོགས་མདུན་གཏོད་པ་གནད། ༈ །གཞན་ཡང་ལམ་ཞུགས་འཁོར་ལོ་ནི། །ཤར་ནས་མེར་བརྩམས་གཡས་བསྐོར་དུ། །ཉི་མ་པ་སངས་དམར་རཱ་ཧུ། །སྤེན་ཟླ་ལྷག་ཕུར་རིམ་པ་བཞིན། །དབང་ལྡན་མཐར་ཐུག་འགོད་པར་བྱ། །ཉི་མ་ཤར་དགེ་ནུབ་ཏུ་ངན། །དེ་ཡིས་ཀུན་ལ་ཤེས་བྱ་སྟེ། །རང་ཕྱོགས་བཟང་ཞིང་ཐད་ཀར་ངན། །རེས་གཟའ་གང་ལ་བབ་པ་དེའི། །དར་ཞུད་གྱོད་གུད་ལེགས་བརྟགས་ནས། །དར་བ་ལ་ནི་ནད་གཞི་མེད། །ཞུད་ལ་ཆོ་ག་ཕྲ་མོས་འཚོ། །གྱོད་ལ་གཏོ་ཆོག་ཆེ་བར་དགོས། གུད་ལ་ཤི་ཆད་ནད་གཞི་ཆེ། །གསོན་གཤིན་བྱ་བ་གང་ལ་ཡང་། །དེ་ཡི་བཅོས་དང་རིམ་གྲོ་བྱ། །ཞི་དྲག་གང་ལའང་དར་བ་བཟང་། །དར་ཡང་དམིགས་བསལ་སྤང་བྱ་ནི། །ཉི་མ་དར་ཡང་ཤིད་མི་བྱ། །ཟླ་བ་དར་ཡང་ཧོཾ་མི་སྤོར། །མིག་དམར་དར་ཡང་གྲི་མི་འདུལ། །ལྷག་པ་དར་ཡང་དུར་མི་གདབ། །ཕུར་བུ་དར་ཡང་ཟོར་མི་འཕེན། །པ་སངས་དར་ཡང་ཕྱུགས་མི་སྐྱེལ། །སྤེན་པ་དར་ཡང་ནོར་མི་གཏོང་། ༈ །བཞི་པ་རྒྱུ་སྐར་འབྲས་བུ་ལ། །སྤྱི་དང་བྱེ་བྲག་ཐོར་བུ་གསུམ། །དང་པོ་འཇམ་དཔལ་རྩ་རྒྱུད་དུ། །ཐ་སྐར་སྣར་མ་རྒྱལ་ནམ་གྲུ། །ཁྲུམས་སྟོད་ཁྲུམས་སྨད་ལྷ་མཚམས་ལ། །བཟླས་པ་བྱ་དང་དཀྱིལ་འཁོར་འདྲི། །སྒྲུབ་པའི་བྱ་བ་བཟང་བར་གསུངས། །སྟག་རྣའི་མདོ་ལས་བདེ་བྱེད་བཞི། །དབོ་དང་ཆུ་སྨད་ཁྲུམས་སྨད་སྣར། །རྒྱལ་པོར་དབང་བསྐུར་གནས་རྩིག་དང་། །བཤིག་སྲེག་བཅིང་སོགས་བྱ་བ་བཟང་། །དེར་སྐྱེས་བཀྲ་ཤིས་འབྱོར་པར་ལྡན། །མེ་བཞི་བྱི་བཞིན་ཐ་སྐར་རྒྱལ། །བཞི་པོའང་བདེ་བྱེད་སྐར་མ་སྟེ། །ཁ་ཏོན་མཆོད་སྦྱིན་ལམ་ཞུགས་དང་། །རྟ་

p. 111

འདུལ་མཚོན་ཆ་སྨན་གྱི་ལས། །བཤིག་སྲེག་བཅིང་དང་མྱུར་ལས་བཟང་། །འདི་ལ་གང་སྐྱེས་རྒྱལ་པོ་ཡི། །མདུན་ན་འདོན་དུ་འགྱུར་བ་ཡིན། །གྲེ་དང་ཆུ་སྟོད་ཁྲུམས་སྨད་མཆུ། །བྲ་ཉེ་དྲག་པོའི་རྒྱུ་སྐར་ལྔར། །བཤིག་སྲེག་བཅིངས་ན་གྲོལ་མི་འགྱུར། ༈ །ལུ་གུ་གདོང་གི་འབྲས་རྩིས་སུ། །ལས་མཐུན་ཕྱོགས་བསྡེབས་འདི་སྐད་བཤད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །མི་བརྟན་འགྱུར་བའི་སྐར་མ་བཞི། །དེ་བཞིན་རབ་ཏུ་བརྟན་པ་བཞི། །མྱུར་ཞིང་བཟང་བ་རྣམ་པ་བཞི། །འབྲས་བུ་ཤིན་ཏུ་ངན་པ་བཞི། །མྱུར་བར་འགྱུར་བའི་སྐར་མ་ལྔ། །དེ་བཞིན་བརྟན་པའི་དོན་གྲུབ་ལྔ། །བཏང་སྙོམས་བྱེད་པ་གཉིས་ཡོད་དོ། །དེ་རྣམས་ལས་དང་ཡོན་ཏན་བཤད། །མི་བརྟན་འགྱུར་བ་རྣམ་བཞི་ནི། །རྒྱལ་དང་ཐ་སྐར་མེ་བཞི་དང་། །ནམ་གྲུ་རྣམས་ལ་མཆོད་ཆོག་དང་། །ཆོས་འཆད་སྡོམ་པ་འབོགས་པ་དང་། །གོང་མར་ཞུ་ནོར་འབུལ་བ་སོགས། །རང་དོན་མྱུར་པོ་སྒྲུབ་རྣམས་བཟང་། །དེ་ལ་ཆར་བབས་ཐན་པ་འབྱུང་། །འདི་ལ་སྐྱེས་པའི་ཁྱེའུ་དེ། །ཚེ་ལོ་བརྒྱད་ཅུའི་བར་དུ་འཚོ། །ལྕེ་བདེ་གཟུགས་བཟང་ལག་པ་བཟོ། །བློ་ལུས་མི་བརྟན་འདུག་མི་ཚུགས། །རང་བཞིན་ཤིན་ཏུ་ངན་པ་ཡིན། །ནད་ནི་ཆུང་ངུ་འབྱུང་འགྱུར་ཏེ། །བཏབ་མ་ཐག་ཏུ་འཚོ་བར་འགྱུར། །རབ་ཏུ་བརྟན་པའི་སྐར་མ་བཞི། །སྣར་མ་དབོ་དང་ཆུ་སྨད་དང་། །མོན་གྲུ་རྣམས་ལ་ཡུལ་གསར་བཟུང་། །གནས་གཞི་འཛུགས་དང་དཔོན་པོ་བྱེད། །ཤིང་དང་མེ་ཏོག་བསྐྲུན་པ་དང་། །ལྡུམ་ར་ཀུན་དགའ་ར་བ་སོགས། །བརྟན་ཞིང་ཡུན་དུ་གནས་རྣམས་བྱ། །དེ་ཚེ་ཆར་བྱུང་ཆར་མང་འབབ། །དེར་སྐྱེས་ལོ་ནི་བརྒྱར་འཚོ་ཞིང་། །ཕྱུག་ཅིང་སྦྱིན་ལ་དགའ་བ་སྟེ། །རང་གཞན་ཟས་སྦྱོར་གསོང་པོར་སྨྲ། །རང་བཞིན་ཤིན་ཏུ་ངན་ན་ཡང་། །ནད་ཀྱིས་བཏབ་ན་མྱུར་དུ་འཚོ། །མྱུར་ཞིང་བཟང་བ་རྣམ་བཞི་ནི། །མགོ་དང་ནག་པ་ལྷ་མཚམས་དང་། །ཁྲུམས་སྨད་རྣམས་ལ་ཞིང་ལས་དང་། །གོས་རྒྱན་བཟོ་སོགས་མྱུར་ལས་བཟང་། །དེ་ལ་ཆར་བབས་སླར་མྱུར་འབབ། །དེར་སྐྱེས་ལོ་ནི་ཉེར་བརྒྱད་དམ། །དགུ་བཅུའི་བར་འཚོ་སྨྲ་ལྕེ་བདེ། །བློ་རྣོ་གཟུགས་བཟང་བདེན་པར་སྨྲ། །སྙན་གྲགས་ལྡན་ཞིང་སེམས་མྱུར་ལ། །མི་གཞན་དེ་ལ་དགའ་བ་

p. 112

དང་། །ངག་བཙན་ཉི་ཤུ་སུམ་ཅུའི་བར། །རང་བཞིན་ངན་ཡང་སླར་འགྱུར་ནས། །རབ་ཏུ་བཟང་སྟེ་དགེ་བར་འགྱུར། །ནད་བཏབ་རིམ་གྱིས་ཞི་བར་འགྱུར། །འབྲས་བུ་ངན་པ་བཞི་པོ་ནི། །ལག་སྐར་སྣྲོན་དང་སྣྲུབས་ཞེས་བྱ། །གྲོང་འཇོམས་དམག་དྲང་གསོད་རྐུ་སོགས། །དྲག་པོའི་ལས་དང་ངན་སྤྱོད་བཟང་། །དེ་ལ་ཆར་བབ་ཇེ་ཆུང་འགྲོ། །དེར་སྐྱེས་སུམ་ཅུ་ལྔ་བཅུ་དང་། །དྲུག་ཅུ་བདུན་ཅུའི་བར་དུ་འཚོ། །བྱ་བ་བཟང་པོ་མི་བྱེད་དེ། །ངན་པའི་ལས་ལ་རབ་ཏུ་བརྩོན། །མ་ཤིའི་བར་དུ་རང་བཞིན་ངན། །ནད་ཀྱིས་བཏབ་ན་འཚོ་བ་སླ། །མྱུར་བར་འགྱུར་བ་ལྔ་པོ་ནི། །ནབས་སོ་ས་རི་གྲོ་བཞིན་དང་། །བྱི་བཞིན་མོན་དྲེ་ཞེས་བྱ་སྟེ། །གཞན་ཡུལ་ཐག་རིང་འགྲོ་བ་དང་། །ཚོང་སོགས་བརྟན་མིན་ཐམས་ཅད་དང་། །མྱུར་བར་འགྲུབ་པའི་ལས་རྣམས་བྱ། །དེའི་ཚེ་ཆར་བབས་མྱུར་མང་འབབ། །དེར་སྐྱེས་ལོ་ནི་དྲུག་ཅུར་འཚོ། །སེམས་ནི་རབ་ཏུ་བཟང་བ་སྟེ། །རང་བཞིན་གཉེན་གཤིན་ཡང་བ་དང་། །བགྲོད་པ་དང་ནི་བརྩོན་ལ་སྤྲོ། །ན་ཚ་ཆུང་ངུ་ཆུང་ངུ་ཡང་། །རང་བཞིན་ཉིད་ཀྱིས་ཞི་བར་འགྱུར། །རྟག་ཏུ་རྫུན་སྨྲ་རང་བཞིན་ངན། །བརྟན་པའི་དོན་གྲུབ་སྐར་མ་ལྔ། །མཆུ་གྲེ་བྲ་ཉེ་ཆུ་སྟོད་དང་། །ཁྲུམས་སྟོད་རྣམས་ལ་གཉེན་སྦྱོར་དང་། །ཉོ་ཚོང་འཁོར་བསྟེན་ཁང་རྨང་འདིང་། །དབང་བསྐུར་རབ་གནས་སྦྱིན་སྲེག་དང་། །བཟོ་བྱ་དགེ་བའི་ལས་རྣམས་བཟང་། །དེ་ལ་ཆར་བབས་སླར་ཡང་འབབ། །དེར་སྐྱེས་ལོ་ནི་གོ་ལྔ་འཚོ། །བཟོ་ཡི་རིག་བྱེད་མཁས་པ་དང་། །མ་ཤིའི་བར་དུ་རང་བཞིན་ངན། །ནད་ཀྱིས་བཏབ་ཚེ་ཉེས་མི་འབྱུང་། །འདི་དང་བྲ་ཉེའི་སྒོས་འབྲས་དག །འགལ་ཚབས་ཆེ་བས་དཔྱད་པར་བྱ། །བཏང་སྙོམས་བྱེད་པའི་སྐར་མ་གཉིས། །སྨིན་དྲུག་དང་ནི་ས་ག་སྟེ། །དེ་ལ་དོན་གཉེར་བཏང་སྙོམས་བྱེད། །རིན་ཆེན་ལྔ་དང་ས་ཡི་བཟོ། །དེ་སོགས་བཟོ་དང་སྦྱིན་སྲེག་བཟང་། །དེ་གཉིས་ལ་སྐྱེས་ཚེ་སྟོད་ལ། །ངན་ཡང་ཚེ་སྨད་བཟང་པོར་འགྱུར། །ནད་ཀྱིས་བཏབ་ཀྱང་གསོ་བ་སླ། ༈ །བྱེ་བྲག་སོ་སོའི་བླང་དོར་ནི། །༧དབྱུག་གུ་དགྲ་སྐར་རླུང་གི་ཁམས། །མི་བརྟན་འགྱུར་བ་རྐུན་པོའི་བླར། །ཆོས་འཆད་སྡོམ་འབོགས་དཀྱིལ་འཁོར་ལས། །ལྷ་མཆོད་གཡང་འགུགས་དྲ་གྱོན་ཚོང་། །

p. 113

རྟ་གླང་འདུལ་སྦྱོར་བུ་ལོན་ལས། །ཐབ་བཅའ་ས་བོན་སྨན་སྦྱོར་གཏོང་། །སྲི་མནན་ཤིད་རོ་འདོན་དང་དམག །དོན་གཉེར་རྒྱལ་མཚན་བ་དན་འཛུགས། །བོན་ཆོག་བཟློག་པ་བྱོལ་ཟོར་འཕེན། །སྐྲ་འཁྲུ་འདྲེག་དང་རྫིང་ཡུར་འདྲུ། །དགྲ་འདུལ་གཡུལ་བསྐྲད་རྐུན་ཇག་བསྡུམས། །གཏམ་ཁུངས་དཔྱད་དང་བན་བོན་རྫོང་། །མིང་འདོགས་རིམ་གྲོ་ལྟད་མོ་ལམ། །ཕྱིར་འཇལ་རྒྱས་དང་དྲག་ལས་བཟང་། །ས་ཁ་འདུ་ལོང་ཆེན་པོའི་ལས། །རྒྱན་འདོགས་གསོན་ལས་གཏར་སྲེག་མཁར། །གཉེན་སྒྲིག་བག་མ་ཚེ་འགུགས་སྐྱས། །མི་ཤི་བུ་སྲིང་ཕྱིར་གཏོང་ངན། །༧བྲ་ཉེ་མེ་སྐར་མེ་ཡི་ཁམས། །འཕུང་བྱེད་ར་ཡི་བླ་སྐར་ལ། །བྲན་བསྟེན་རང་ཐག་སྒྱེད་པུ་འཛུགས། །བྲེས་རྩིག་ར་ཕྱུགས་ལེན་དང་ཉོ། །དགྲ་ལིང་འདྲི་དང་མནན་ཟོར་འཕེན། །འདྲེ་བསྐྲད་ཡུགས་སྐྲ་འཁྲུ་བ་དང་། །རིགས་ངན་གཉེན་སྦྱོར་གཏད་སེལ་འཛུགས། །རྐུན་མ་ལིངས་བྱེད་རིགས་ངན་ཤིད། །གཞི་རྩོད་དྲག་པོའི་ལས་ཀུན་བཟང་། །ལམ་ཞུགས་ལྷ་གསོལ་ས་བོན་འདེབས། །མཁར་ལས་ལྷ་ཁང་རྟེན་བཞེངས་བ། །རྒྱལ་ས་ཆེ་འདོན་གོས་དྲ་གྱོན། །མོ་རྩིས་བུ་བཙས་དུས་འདེབས་བག །བང་མཛོད་རྩིག་དང་ས་ཁ་འབྱེད། །ར་ཕྱུགས་ཕྱིར་གཏོར་གཡང་བསླན་སྨན། །རིམ་གྲོ་གཏར་སྲེག་སྐྱེ་ཤིང་འཛུགས། །རྒྱལ་མཚན་བ་དན་འཕྱར་འཛུགས་བཟོ། །རབ་གནས་ལ་སོགས་ཞི་རྒྱས་དང་། །དཀར་ཕྱོགས་དགེ་བའི་ལས་རྣམས་ངན། །༧སྨིན་དྲུག་ཟློས་སྐར་མེ་ཡི་ཁམས། །བཏང་སྙོམས་ཅན་དེ་བུད་མེད་བླར། །ཆོས་སློབ་ལྷ་ཁང་མཆོད་རྟེན་གསོ། །ལྷ་གསོལ་ཚེ་གཡང་རྒྱལ་སར་བསྐོ། །ཚུར་ལེན་སྐྱིད་སྟོན་སྦྲ་ཁྱིམ་འབུབས། །ཐབ་བཅའ་སླས་རྩིག་ར་ལུག་ཉོ། །སྦྱིན་སྲེག་རིན་ཆེན་བཞུ་དང་བཟོ། །མཚོན་ཆ་ཁྱིམ་འཛིན་གོས་གྱོན་པ། །རྐུན་མ་ཕྱུགས་འགྱེད་རྟ་བོང་སྒ། །སྐྲ་འཁྲུ་རྒྱན་འདོགས་བུད་མེད་བསྟེན། །བུ་བཙས་ལྟད་མོ་གཉེན་འཕྲད་དང་། །ཆུ་རགས་ཡོན་འབུལ་སྨན་སྦྱོར་རྩིས། །མེ་ལས་དྲག་པོའི་ལས་སྒྲུབ་བཟང་། །གོས་ཉོ་ཕར་འཇལ་ལམ་ཞུགས་བག །གཤིན་ལས་གོས་དྲ་འཕོ་སྐྱས་མཁར། །རྒྱལ་མཚན་འཕན་འཛུགས་བང་མཛོད་དབྱེ། །རྫིང་ཡུར་ས་ཁ་ས་བོན་འདེབས། །བུ་འབོགས་སྐྱེ་ཤིང་འཛུགས་རྣམས་

p. 114

ངན། །༧སྣར་མ་གཡང་སྐར་ས་ཡི་ཁམས། །རབ་ཏུ་བརྟན་པ་ཕྱུགས་ཀྱི་བླར། །ཡུལ་གསར་གནས་གཞི་བཟུང་བ་དང་། །ཁང་པ་སླས་རྩིག་རབ་ཏུ་བྱུང་། །རབ་གནས་རྒྱལ་ས་འཆད་ཉན་བྱེད། །ཚེ་གཡང་སྐྱོབ་དང་ནོར་ཕྱུགས་ལེན། །ཕྱུགས་སྦྱོར་རྟ་འདུལ་སྒ་རྒྱག་རྒྱུག །སྨན་སྦྱོར་གཏར་སྲེག་ས་ཁ་འབྱེད། །ས་བོན་སྐྱེ་ཤིང་མེ་ཏོག་འཛུགས། །ཀུན་ར་ལྡུམ་ར་ཆུ་རགས་རྩིག །དྲ་གྱོན་སྐྲ་འཁྲུ་བང་མཛོད་བཅའ། །སྦྲ་ཁྱིམ་འབུབས་སོགས་བརྟན་ལས་བཟང་། །བུ་ལོན་འདེད་དང་སྟོན་མོ་ལམ། །ཆང་བཙོ་ནོར་ཕྱུགས་འཇལ་དམག་ཇག །གཉེན་སྒྲིག་བག་མ་གཤིན་གྱི་ལས། །འཕོ་སྐྱས་བུ་སྲིང་རྫོང་རྣམས་ངན། །༧མགོ་ནི་དམེ་སྐར་རླུང་གི་ཁམས། །མྱུར་ཞིང་བཟང་བ་རྩད་པོའི་བླར། །རབ་བྱུང་རབ་གནས་ཆོས་འཆད་གཉིས། །ལྷ་གསོལ་ཚེ་གཡང་ཁྱིམ་སྒོ་འཛུགས། །རྒྱལ་ས་མཁར་ལས་ལྷ་རྟེན་བཞེངས། །གྲོས་ཀྱི་གཞི་འདིང་ས་ཁ་དབྱེ། །ཞིང་ལས་བག་མ་ཚུར་ལེན་དང་། །རྟ་ཕྱུགས་འདུལ་དང་སྒ་རྒྱག་བཅོས། །སྨན་སྦྱོར་དམག་ཇག་དགྲ་འདུལ་སོགས། །རྩུབ་ལས་ཐབ་བཅའ་འདུ་ལོང་ཁྲུས། །བཟློག་པ་སྲི་མནན་སྐྲ་སེན་འདྲེག །ལྟད་སྟོན་མོ་རྩིས་མིང་འདོགས་ཚོང་། །གསོན་ཆོས་རྒྱས་དང་དྲག་ལས་བཟང་། །མི་ནོར་ཕྱིར་གཏོང་ལམ་དུ་འཇུག །དྲ་གྱོན་རྒྱན་འདོགས་དུར་འདེབས་ཤིད། །ཁ་སྨྲས་ཞལ་ཆེ་འཕོ་སྐྱས་ངན། །༧ལག་ནི་དགྲ་སྐར་ཆུ་ཡི་ཁམས། །འབྲས་བུ་ངན་པ་བཤན་པའི་བླར། །རབ་བྱུང་རབ་གནས་བཟོ་ཡིག་སློབ། །ཞལ་ཆེ་སྲི་མནན་ས་བོན་འདེབས། །ཁྲོན་འོབས་རྫིང་འདྲུ་ཆང་འཚོང་བ། །སྣུམ་འཚིར་ཕྱུགས་ཉོ་ཚེ་གཡང་འགུགས། །རྒྱན་སྤྲོད་སྐྲ་འཁྲུ་བོན་ཆོག་བྱ། །དགེ་ལས་རོ་ལམ་འཇལ་ལེན་བྱེད། །ཞུ་འབུལ་ཐུག་འགྱེད་དམག་ཇག་དང་། །གསོད་རྐུ་དགྲ་སྲི་བྲུབས་པ་སོགས། །ངན་སྤྱོད་དྲག་པོའི་ལས་རྣམས་བཟང་། །གཉེན་སྦྱོར་བག་མ་ཕྱུགས་འཇལ་བ། །ལྷ་གསོལ་གཤིན་ལས་གོས་དྲ་གྱོན། །ལམ་ཞུགས་རྒྱལ་ས་བསྡུམས་དང་སྐྱས། །ལྷ་ཁང་རྟེན་བཞེངས་བ་དན་འཛུགས། །གཏར་སྲེག་ཐབ་བཅའ་ཆུ་རགས་རྒྱག །སྦྲ་ཕྱར་འཚེམ་པ་ལ་སོགས་ངན། །༧ནབས་སོ་གཡང་སྐར་རླུང་གི་ཁམས། །མྱུར་ཞིང་འགྱུར་བ་ལུག་གི་བླར། །རབ་བྱུང་རབ་གནས་ཆོས་འཆད་

p. 115

ཉན། །སྦྱིན་སྲེག་ལྷ་གསོལ་གཡང་འགུགས་པ། །དཀྱིལ་འཁོར་འདྲི་སྒྲུབ་ས་བོན་འདེབས། །ལྷ་ཁང་མཁར་རྨིང་འདིང་ཐོག་འབུབས། །རྟེན་བཞེངས་ཚུར་ལེན་གོས་དྲ་གྱོན། །དོན་གཉེར་རྒྱན་སྤྲོད་རྒྱལ་སར་བསྐོ། །བག་མ་ལེན་དང་གཙུག་ཕུད་འཇོག །སྒྱེད་འཛུགས་ཐུག་འགྱེད་བུ་ལོན་འཇལ། །ཞུ་གསོལ་བཟློག་ཟོར་འཐབ་མོ་ཤིད། །བ་ལང་སྦྱིན་དང་བང་མཛོད་བཅའ། །ས་ཁ་ཞིང་འདེབས་སྦྲ་ཕྱར་འཚེམ། །ཁྱིམ་འཛིན་བྲན་བསྟེན་ལམ་ཞུགས་ཚོང་། །རྟ་བོང་སྒ་རྒྱག་གཏར་སྲེག་བཅོས། །མིང་འདོགས་ལུག་ལེན་གསོན་སྟོན་དང་། །ཡང་ཡང་བྱ་བ་རྣམས་ལ་བཟང་། །བུ་འབོགས་རོ་འདོན་འབྲིང་པོ་སྟེ། །དམག་ཇག་ཕར་རྒོལ་ལུག་ཕྱིར་འཇལ། །ནོར་གཏོང་ས་འཛིན་སྐྱེ་ཤིང་འཛུགས། །ཐབ་བཅའ་སྡིག་ལས་བྱ་བ་ངན། །༧རྒྱལ་ནི་གྲུབ་སྐར་མེ་ཡི་ཁམས། །མི་བརྟན་འགྱུར་བ་ལུག་གི་བླར། །དཀྱིལ་འཁོར་འདྲི་སྒྲུབ་དབང་རབ་གནས། །རབ་བྱུང་ཆོས་འཆད་བླ་མ་བཀུར། །རྒྱལ་བློན་བསྐོ་དང་མཆོད་ཆོག་བྲན། །ལྷ་གཡང་ཚེ་བསྲིང་གོས་དྲ་གྱོན། །རྒྱན་འདོགས་སྐྲ་འདྲེག་གཙུག་ཕུད་འཇོག །མིང་འདོགས་བག་མ་ཚུར་ལེན་ལམ། །སྨན་སྦྱོར་གཏར་ཁ་རྟ་གླང་འདུལ། །སྒ་རྒྱག་སྐྱེ་ཤིང་རྒྱལ་མཚན་འཛུགས། །ལྷ་ཁང་རྟེན་བཞེངས་ཐབ་མཛོད་བཅའ། །ཆུ་རགས་མོ་རྩིས་ནོར་ཕྱུགས་ལེན། །གོང་མར་ཞུ་འབུལ་རང་གི་དོན། །མྱུར་སྒྲུབ་གསོན་གཤིན་ལས་ཀུན་དང་། །བསོད་ནམས་སྙན་གྲགས་ལ་སོགས་པ། །མཆོག་གི་བྱ་བ་ཐམས་ཅད་དང་། །ཞི་རྒྱས་ཁྱད་པར་དབང་ལས་བཟང་། །འཁོན་དང་འཐབ་མོ་ཞལ་ཆེ་ཚོང་། །གཡང་མི་ཕྱུགས་ལུག་ཕྱིར་གཏོང་སྐྱས། །སྲི་མནན་སྐྲ་འཁྲུ་སྟོན་མོ་མཁར། །རྐུན་ཇག་རྔོན་པ་ཞིང་ལས་ངན། །༧སྐག་ནི་མགྲོན་སྐར་ཆུ་ཡི་ཁམས། །འབྲས་བུ་ངན་པ་ཁྱི་གཅན་བླར། །དཀྱིལ་འཁོར་འདྲི་སྒྲུབ་གྲོང་ཁྱེར་གཞོམ། །དམག་ཇག་གསོད་གཅོད་སེར་བ་དབབ། །རྒྱན་བརྡུང་རྫིང་ཡུར་འདྲུ་ལམ་འཆོས། །ར་བ་རགས་རྩིག་ཞུ་གསོལ་ཚོང་། །དགྲ་བྲུབ་སྲི་མནན་བུ་ལོན་འཇལ། །མི་ཤི་སྒབ་ཆོག་གཤིན་ཆོས་དང་། །གསེབ་གཏོང་གྲོས་ཐག་གཅོད་ཆུ་སྒྱུར། །ཕ་རོལ་གཡོ་བསླུས་སྐྱེ་ཤིང་འཛུགས། །ཞི་བའི་ལས་དང་ཁྱད་པར་དུ། །མངོན་སྤྱོད་དྲག་པོའི་ལས་ཀུན་བཟང་། །རབ་

p. 116

གནས་ལྷ་གསོལ་སྨན་སྦྱོར་སྐྱས། །དྲ་གྱོན་རྒྱན་འདོགས་རྒྱལ་སར་བསྐོ། །མཁར་ལས་ལྷ་ཁང་རྟེན་བཞེངས་བ། །མོ་རྩིས་དོན་གཉེར་ཁྱིམ་གསར་འཛིན། །ཕྱུགས་འདུལ་འབྲེལ་སྙེག་ལམ་དུ་འཇུག །ཐབ་བཅའ་སྦྲ་ཕྱར་ར་ཕྱིར་གཏོང་། །རྟ་བོང་སྒ་བཅོས་ཞལ་ཆེ་བག །རོ་འདོན་ལྟད་མོ་ཐག་ཁྲི་འཛུགས། །དགེ་ཆོས་བརྟན་པའི་ལས་རྣམས་ངན། །༧མཆུ་ནི་དགྲ་སྐར་མེ་ཡི་ཁམས། །བརྟན་པའི་དོན་འགྲུབ་ཕྱུག་ཇག་བླར། །དཀྱིལ་འཁོར་འདྲི་སྒྲུབ་དབང་རབ་བྱུང་། །འཆད་ཉན་སྨྲ་མཆུ་ལྷ་རྟེན་བཞེངས། །མོ་རྩིས་ཡིག་སློབ་ཁྱིམ་གསར་འཛིན། །རྒྱན་སྤྲོད་ས་འཛིན་བྲན་གཡོག་བསྟེན། །མཛོད་བཅའ་ས་བོན་གདབ་འབྲུ་བསྡུ། །ནོར་ལེན་གཡང་བསླན་རྟ་ཕྱུགས་ཉོ། །བཟོ་དང་ཞུ་བ་སྐྲ་སེན་འདྲེག །བཤིག་སྲེག་བཅིང་སོགས་ཕར་རྒོལ་ལས། །མཐུ་གཏད་བཟློག་ཟོར་སྲི་མནན་ཧོཾ། །གཏར་སྲེག་ཕ་མའི་དགེ་སྒྲུབ་སོགས། །དཀར་ཕྱོགས་ཁྱད་པར་དབང་ལས་བཟང་། །རབ་གནས་རྒྱལ་ས་ལམ་ཞུགས་སྐྱས། །མཁར་ལས་ཐབ་བཅའ་ལྷ་གསོལ་བསྡུམས། །དགེ་བཤེས་ཆེ་འདོན་ལྷ་གསོལ་དང་། །སྐྲ་འཁྲུ་བག་མ་གོས་དྲ་གྱོན། །ཆུ་རགས་རྫིང་ཁྲོན་ས་ཁ་འབྱེད། །རྟ་བོང་འདུལ་དང་སྒ་རྒྱག་བཅོས། །མི་ཤི་གཤིན་ལས་སྦྲ་ཕྱར་འཚེམ། །བོན་ཆོག་ནོར་རྫས་ཕྱིར་གཏོང་ངན། །༧གྲེ་ནི་དམེ་སྐར་མེ་ཡི་ཁམས། །བརྟན་པའི་དོན་འགྲུབ་ཇག་པའི་བླར། །རབ་བྱུང་འཆད་ཉན་དཀྱིལ་འཁོར་དབང་། །སྦྱིན་སྲེག་ལྷ་གསོལ་ས་འཛིན་མཁར། །གཉེན་སྦྱོར་གཉེན་འཕྲད་ནོར་ཕྱུགས་ལེན། །ཚེ་གཡང་མདོས་གཏོར་བང་མཛོད་དབྱེ། །ཐུག་འགྱེད་ཚུར་འགུགས་གཞིས་ཚོང་བ། །རྒྱན་སྤྲོད་མོ་རྩིས་གསོན་ལས་དང་། །འབྲས་ལྡན་ཤིང་གདབ་ཞིང་ལས་ཁྲུས། །ཐབ་བཅའ་ཆུ་རགས་བརྟན་པའི་ལས། །དགེ་ཞིང་ཞི་བའི་ལས་རྣམས་བཟང་། །རབ་གནས་སྟོན་མོ་གཤིན་ལས་ཤིད། །རྟ་ཉི་དགྲ་འདུལ་ལམ་ཞུགས་བག །གཏར་སྲེག་བོང་བུ་ནོར་ཕྱིར་གཏོང་། །རྟ་བོང་སྒ་བཅོས་བང་མཛོད་བཅའ། །རྫིང་ཡུར་ས་ཁ་གོས་དྲ་གྱོན། །སྨན་བཅོས་བུ་ལོན་འཇལ་ཕྱུགས་འདུལ། །སྦྲ་ཕྱར་འཚེམ་འབུབས་མིང་འདོགས་དང་། །རྒྱལ་མཚན་འཕན་འཛུགས་དྲག་ལས་ངན། །༧དབོ་ནི་དགྲ་སྐར་རླུང་གི་ཁམས། །རབ་ཏུ་བརྟན་

p. 117

པ་ལུག་གི་བླར། །རབ་གནས་ཡུལ་གསར་གནས་གཞི་བཟུང་། །རྒྱལ་སར་བསྐོ་དང་ལྷ་རྟེན་བཞེངས། །འཆད་ཉན་ལྷ་གསོལ་ཚེ་གཡང་འགུགས། །མཁར་ལས་ཐབ་བཅའ་རགས་བྲེས་རྩིག །སྦྲ་ཕྱར་འཚེམ་དང་རྒྱལ་མཚན་འཛུགས། །གཉེན་སྦྱོར་བག་མ་གཏོང་ལེན་དང་། །སྒྱེད་འཛུགས་བུ་འབོགས་མོ་རྩིས་བྱ། །སྐྲ་འཁྲུ་རྒྱན་འདོགས་བཟློག་ཟོར་འཕེན། །མིང་འདོགས་སྟོན་མོ་རྟ་ཕྱུགས་འདུལ། །རྟ་བོང་སྒ་རྒྱག་མདུན་གྲོས་དང་། །དོན་གཉེར་འཕོ་སྐྱས་རྫས་ཕྱིར་གཏོང་། །རྩུབ་ལས་གསོད་གཅོད་དྲག་པོའི་ལས། །བརྟག་ཅིང་བརྟན་པའི་ལས་རྣམས་བཟང་། །གོས་དྲ་གོས་གྱོན་བུ་སྲིང་རྫོང་། །རྫིང་ཡུར་ཁྲོན་འདྲུ་སྦྲ་ཁྱིམ་འབུབས། །རོ་འདོན་ས་ཀ་ས་བོན་འདེབས། །མེ་ཏོག་ཤིང་འཛུགས་ལམ་ཞུགས་བསྡུམས། །འབྲི་གནག་ར་ལུག་ཕྱིར་གཏོང་བ། །བཟོ་དང་སྐྲ་སེན་འདྲེག་རྣམས་ངན། །༧མེ་བཞི་གཤིན་སྐར་རླུང་གི་ཁམས། །མི་བརྟན་འགྱུར་བ་ལུག་གི་བླར། །རབ་བྱུང་དཀྱིལ་འཁོར་འདྲི་སྒྲུབ་དབང་། །རབ་གནས་འཆད་ཉན་སྡོམ་པ་འབོགས། །མཆོད་འབུལ་ལྷ་གཡང་རྒྱལ་སར་བསྐོ། །སྨན་སྦྱོར་དྲ་གྱོན་རྒྱན་འདོགས་པ། །མཁར་ལས་ཐབ་བཅའ་ཡུལ་ཁྱིམ་འཛིན། །གཉེན་སྦྱོར་དགའ་སྟོན་མདུན་གྲོས་བྱ། །ས་ཁ་ཞིང་ལས་ས་བོན་གདབ། །རྫིང་འདྲུ་ཕར་རྒོལ་དམག་ཇག་རྐུན། །ཕྱུགས་འདུལ་ཕྱུགས་བསྲེལ་གླང་ཆེན་ཞོན། །རྟ་བོང་ཟེ་རྔོག་འདྲེག་སྒ་རྒྱག །གནག་ལུག་ཁྱུ་འཛུགས་ཤྭ་རགས་བསྡུམས། །རྫིང་འདྲུ་མནན་པ་སྐྲ་སེན་འདྲེག །ཡིག་སློབ་བཟོ་དང་སྦྲ་ཕྱར་འཚེམ། །མོ་རྩིས་ཞུ་ནོར་འབུལ་བ་སོགས། །རང་དོན་མྱུར་སྒྲུབ་དྲག་ལས་བཟང་། །ཕྱུགས་མ་ནང་ལེན་ལུག་ཕྱིར་གཏོང་། །བང་བ་ཁ་འབྱེད་རྫས་ཕྱིར་འཇལ། །སྦྲ་ཁྱིམ་འབུབས་དང་ལམ་དུ་འཇུག །ཤིད་རོ་འདོན་སྲེག་ཕྱུགས་གཉའ་སྲོ། །ལྷ་ཁང་རྟེན་བཞེངས་ལྟད་མོ་སྐྱས། །ཚོང་དང་མེ་ཏོག་ཤིང་འཛུགས་ངན། །༧ནག་པ་ཟློས་སྐར་རླུང་གི་ཁམས། །མྱུར་བཟང་གནག་ཕྱུགས་ར་ཡི་བླར། །རྟེན་བཞེངས་དཀྱིལ་འཁོར་འདྲི་སྒྲུབ་དབང་། །རབ་བྱུང་ཆོས་ཉན་ཚེ་གཡང་འགུགས། །མདུན་གྲོས་དྲ་གྱོན་རྒྱན་འདོགས་པ། །སྨན་སྦྱོར་སྐྲ་འཁྲུ་བཟོ་ཡི་རིགས། །ར་དང་གནག་ཕྱུགས་ཚུར་ལེན་པ། །ཞིང་ལས་ས་བོན་ཕྱུགས་འདུལ་རྒྱུག །

p. 118

ཁང་གསར་འཛིན་དང་མདོས་གཏོར་འཕང་། །གཡོས་བྱ་གསོན་གྱི་དགེ་ལས་དང་། །དབང་རྒྱས་དྲག་དང་མྱུར་ལས་བཟང་། །ལྷ་གསོལ་རབ་གནས་རྒྱལ་སར་བསྐོ། །དགེ་བཤེས་ཆེ་འདོན་ཞུ་བ་བྱེད། །ར་ཕྱུགས་ཕར་འཇལ་ལམ་དུ་འཇུག །རྒྱལ་སྲིད་བྱ་བ་བསྙེན་བཀུར་དང་། །དགྲ་འཐབ་ཞལ་ཆེ་བུ་འབོགས་བག །དུར་འདེབས་དུར་ཁ་འབྱེད་ཤིད་སྐྱས། །རྐུན་ཇག་རྫིང་ཡུར་བང་མཛོད་དབྱེ། །ལྟད་མོ་ཆུ་རགས་མིང་འདོགས་པ། །དོན་གཉེར་མོ་རྩིས་ཞི་ལས་ངན། །༧ས་རི་གཡང་སྐར་རླུང་གི་ཁམས། །མྱུར་བར་འགྱུར་བ་འབྲུ་གནག་བླར། །རབ་བྱུང་དགེ་ལས་དཀྱིལ་འཁོར་དབང་། །འཆད་ཉན་སྨན་སྦྱོར་ཚེ་གཡང་འགུགས། །ལྷ་སྒྲུབ་གཉེན་སྦྱོར་བག་མ་དང་། །ས་ཁ་ཞིང་ལས་ས་བོན་འདེབས། །ཞལ་གསོ་རྟེན་བཞེངས་བཟློག་མནན་བསྡུམས། །རྒྱལ་ས་ཞལ་ཆེ་བང་མཛོད་འཛིན། །དྲ་གྱོན་ཆུ་རྒལ་ལམ་དུ་འཇུག །རྟ་གླང་འདུལ་བཅོས་སྟོན་མོ་ཁྲུས། །ས་ཞིང་ཡུལ་མཁར་ཚུར་ལེན་པ། །སྦྲ་ཁྱིམ་འབུབས་དང་ཁྱིམ་དུ་འཇུག །ཆུ་རགས་གཏར་སྲེག་ལྡུམ་ར་འདེབས། །གསོན་གཤིན་ལས་ཕལ་དྲག་ལས་དང་། །ཚོང་སོགས་མྱུར་སྒྲུབ་ལས་རྣམས་བཟང་། །ས་ཞིང་ཡུར་མཁར་ཕྱིར་གཏོང་དང་། །ཕར་འཇལ་དོན་གཉེར་འབྲུ་བང་འགྱེད། །དུར་འདེབས་རྟ་རྒྱུག་ལྟད་མོ་སྐྱས། །མཁར་རྩིག་རྐུན་ཇག་ལས་རྣམས་ངན། །༧ས་ག་གྲུབ་སྐར་མེ་ཡི་ཁམས། །བཏང་སྙོམས་ཅན་དེ་ཞིང་གི་བླར། །དཀྱིལ་འཁོར་འདྲི་སྒྲུབ་དབང་རབ་བྱུང་། །སྦྱིན་སྲེག་འཆད་ཉན་གཉེན་སྦྱོར་བ། །བག་མ་ལེན་དང་བུ་ལོན་འཇལ། །བཟོ་དང་ཁྱིམ་གསར་བང་མཛོད་འཛིན། །དྲ་གྱོན་སྲི་མནན་རྟ་ཕྱུགས་འདུལ། །ས་ཁ་ས་བོན་ཞིང་གི་ལས། །ཆུ་རགས་སྐྲ་སེན་འདྲེག་དགྲ་འདུལ། །དྲག་ལས་ཁྱད་པར་དབང་ལས་བཟང་། །ས་ཞིང་ཡུལ་མཁར་ཕྱིར་གཏོང་དང་། །མཁར་ལས་ཁྱིམ་འབུབས་བང་མཛོད་དབྱེ། །ཤིད་དང་དུར་འདེབས་མགྲོན་འགྲོ་ལམ། །ལྷ་གཡང་ཞུ་གསོལ་ལྷ་རྟེན་བཞེངས། །རྒྱལ་ས་སྨན་སྦྱོར་འབྲུ་འཇལ་སྐྱས། །ཁ་མཆུ་སྐྲ་འཁྲུ་སྟོན་མོ་བསྡུམས། །མོ་རྩིས་མེ་ཏོག་ཤིང་འཛུགས་པ། །ཞི་དང་རྒྱས་པའི་ལས་རྣམས་ངན། །༧ལྷ་མཚམས་ཟློས་སྐར་ས་ཡི་ཁམས། །མྱུར་ལ་བཟང་བ་བནྡེའི་བླར། །རབ་བྱུང་རབ་

p. 119

གནས་ལྷ་གཡང་སྨན། །དགེ་ལས་ཆོས་སྟོན་མཆོད་རྟེན་གསོ། །ཞིང་ལས་སོན་གདབ་ཚེ་སྒྲུབ་པ། །དྲ་གྱོན་རྒྱན་འདོགས་རྒྱལ་སར་བསྐོ། །གཏར་སྲེག་སྐྲ་འཁྲུ་རི་མོ་བཟོ། །ནོར་ལེན་ཁ་མཆུ་ཤེ་སྡུད་པ། །རྩེད་འཇོ་ལམ་ཞུགས་ནོར་ཕྱུགས་ལེན། །དམག་ཇག་ཕར་རྒོལ་གཏད་དྲག་ལས། །རྩོད་བསྡུམས་མཚོན་དང་མྱུར་ལས་བཟང་། །ཁྱིམ་འབུབས་གཤིན་ལས་ཤིད་བག་མ། །ཕྱིར་འཇལ་མདུན་གྲོས་མཁར་ལས་དང་། །ཡུལ་ཁྱིམ་གསར་འཛིན་ས་ཁ་དབྱེ། །སྟོན་མོ་བཟློག་མནན་བུ་འབོགས་པ། །རྟ་བོང་དྲེའུ་འདུལ་བཅོས་བྱེད། །ཐབ་བཅའ་ཞི་བའི་ལས་རྣམས་ངན། །༧སྣྲོན་ནི་མགྲོན་སྐར་ས་ཡི་ཁམས། །འབྲས་བུ་ངན་པ་ར་ཡི་བླར། །རབ་བྱུང་དཀྱིལ་འཁོར་འདྲི་སྒྲུབ་དང་། །རབ་གནས་རྒྱལ་སར་བསྐོ་བ་སོགས། །རྒྱལ་པོའི་ལས་དང་ལྷ་གཡང་ཚེ། །བཀྲ་ཤིས་ཞུ་གསོལ་དགེ་ལས་སོན། །སློབ་གཉེར་རྒྱན་སྤྲོད་བུ་ལོན་སྙེགས། །སྐྱེ་ཤིང་ཟམ་འཛུགས་ཆུ་རྐ་ལེན། །ཁང་བཟང་འཇུག་དང་ཡུལ་གྲོང་འཛིན། །ནོར་བླང་གཏར་སྲེག་ཐུག་འགྱེད་དང་། །རྟ་ཕྱུགས་ཁྱུར་གཏོང་གསོན་གྱི་ལས། །ཕུར་སྒྲུབ་གཏད་མནན་འཇོམས་འཕྲོག་རྐུ། །དམག་སོགས་དྲག་ལས་ངན་ཐབས་བཟང་། །གོས་དྲ་གོས་གྱོན་རྟེན་བཞེངས་པ། །མོ་རྩིས་སྨན་སྦྱོར་འཐབ་མོ་བསྡུམས། །བྲན་བསྟེན་ར་ཕྱུགས་ཕྱིར་གཏོང་དང་། །མིང་འདོགས་དོན་གཉེར་བཤས་བྱེད་པ། །བག་མ་གཏོང་ལེན་གཤིན་ལས་ངན། །༧སྣྲུབས་ནི་དམེ་སྐར་ཆུ་ཡི་ཁམས། །འབྲས་བུ་ངན་པ་དམངས་པོའི་བླར། །དམག་དྲང་བསད་དྲག་གྲོང་ཁྱེར་གཞོམ། །རབ་གནས་ཚེ་གཡང་རྟེན་བཞེངས་ཚོང་། །འཕོ་སྐྱས་ལྷ་གསོལ་ཞལ་གསོ་དང་། །ཁྲུས་བྱ་མཁར་ལས་བང་བ་རྩིག །སྒོ་འཛུགས་སྟོན་མོ་གཏམ་གཏོང་བ། །ཐུག་འགྱེད་མོ་རྩིས་ས་བོན་འདེབས། །ནོར་རྫས་ཚུར་ལེན་ཆུ་སྲུང་གཏོང་། །བྲན་བསྟེན་གཤིན་དགེ་མདོས་གཏོར་མནན། །དབང་དྲག་མངོན་སྤྱོད་ལས་རྣམས་བཟང་། །ཕར་འཇལ་ལམ་ཞུགས་རྒྱལ་སར་འཇུག །དྲ་གྱོན་བག་མ་དུར་གདབ་པ། །སྡུད་ཁ་ཟ་འགོ་འཛུགས་མིང་འདོགས། །སྦྲ་ཕྱར་ཐབ་བཅའ་རྒྱལ་མཚན་འཛུགས། །ཆུ་རགས་ཁྱིམ་འཛིན་ཆེན་པོའི་ལས། །སྦྱིན་སྲེག་ཞི་རྒྱས་ལས་རྣམས་ངན། །༧ཆུ་སྟོད་གཡང་སྐར་ཆུ་ཡི་ཁམས། །

p. 120

བརྟན་པའི་དོན་གྲུབ་ནས་ཀྱི་བླར། །རབ་བྱུང་དབང་བསྐུར་རབ་གནས་དང་། །བཀྲ་ཤིས་ཞལ་གསོ་ལྷ་གཡང་ཚེ། །གཉེན་སྦྱོར་འཁོར་བསྟེན་རྒྱལ་སར་བསྐོ། །ཞུ་གསོལ་ཉོ་ཚོང་ཁང་རྨང་འདིང་། །ཆུ་སྒྱུར་རྫིང་ཁྲོན་ཆུ་འཆུ་བ། །ས་ཀ་ས་བོན་ནོར་ཕྱུགས་ལེན། །སྐྲ་འཁྲུ་རྒྱན་སྤྲོད་མིང་འདོགས་པ། །བཟློག་རིམ་སྦྱིན་སྲེག་བང་མཛོད་བཅའ། །ལྟད་མོ་ལམ་ཞུགས་བཟོ་ཡི་རིགས། །དགེ་བའི་ལས་དང་གསོན་ལས་བཟང་། །འབྲུ་ནོར་ཕྱིར་གཏོང་བང་བ་འབྱེད། །གཤིན་ལས་ཐབ་བཅའ་གོས་དྲ་གྱོན། །འཕོ་སྐྱས་རྟ་རྒྱུག་སྟོན་མོ་བག །རགས་རྩིག་ཞི་རྒྱས་ལས་ཕལ་ངན། །༧ཆུ་སྨད་གྲུབ་སྐར་ས་ཡི་ཁམས། །རབ་ཏུ་བརྟན་པ་འབྲུ་ཡི་བླར། །རབ་གནས་བསྙེན་སྒྲུབ་འཆད་ཉན་དབང་། །སྡོམ་ལེན་རྒྱལ་ས་གནས་གཞི་འཛུགས། །ཡུལ་གསར་འཛིན་དང་བྲན་གཡོག་བསྟེན། །འབྲུ་ནོར་:ཚུལ་༼ཚུར༽ལེན་གོས་དྲ་བ། །རྟེན་བཞེངས་ལྷ་གསོལ་ཚེ་གཡང་འགུགས། །མཁར་ལས་མེ་ཏོག་ཤིང་སྒྱེད་འཛུགས། །གྲོང་དཔོན་ཚོང་དཔོན་ཕྱུགས་རྫི་བསྐོ། །མོ་རྩིས་ས་བོན་གདབ་མཛོད་བཅའ། །མདུན་གྲོས་བག་མ་གཤིན་ལས་སྨན། །སྐྱས་བསྡུམས་རྫིང་ཡུར་སྦྲ་ཕྱར་དྲུབ། །རྟ་བོང་དྲེའུ་སྒ་རྒྱག་བཅོས། །མིང་འདོགས་རྒྱལ་མཚན་བ་དན་འཛུགས། །ཞི་རྒྱས་དབང་གི་ལས་ཕལ་དང་། །གསོན་ལས་བརྟན་པའི་ལས་ཀུན་བཟང་། །དགྲར་རྒོལ་གོས་གྱོན་སྦྲ་ཁྱིམ་འབུབས། །ཕྱུགས་དང་མར་ནས་ཕྱིར་གཏོང་བ། །བང་མཛོད་ཁ་འབྱེད་ལམ་དུ་འཇུག །རོ་སྲེག་དུར་སྦ་སྐྲ་སེན་འདྲེག །ཆུ་རགས་གཞན་ཡུལ་དོན་གཉེར་ངན། །༧གྲོ་བཞིན་ཟློས་སྐར་ས་ཡི་ཁམས། །མྱུར་བར་འགྱུར་བ་བོན་པོའི་བླར། །རབ་གནས་རྟེན་བཞེངས་རྒྱལ་སར་བསྐོ། །བློ་གྲོས་གཞི་གདིང་རྫིང་ཡུར་འདྲུ། །ཆུ་ལས་སོ་ནམས་སྐྱིད་སྟོན་དང་། །དགེ་ལས་ཚེ་གཡང་གཉེན་སྒྲིག་པ། །བག་མ་ཚུར་ལེན་ལྷ་གསོལ་བ། །དྲ་གྱོན་རྒྱན་འདོགས་ཁྱིམ་གསར་འཛིན། །ཕར་རྒོལ་བང་མཛོད་རྩིག་དང་འབྱེད། །བཟློག་རིམ་མོ་རྩིས་འཐབ་མོ་བསྡུམས། །སྨན་སྦྱོར་གཏར་སྲེག་ས་ཁ་དབྱེ། །ས་བོན་ནོར་འཇལ་རྟ་གླང་འདུལ། །ལམ་ཞུགས་ཚོང་སོགས་བརྟན་མིན་དང་། །མྱུར་འགྲུབ་རྒྱས་པའི་ལས་རྣམས་བཟང་། །རབ་བྱུང་བོན་ཆོག་བུ་ལོན་འཇལ། །

p. 121

གསོན་ཆོས་མཁར་ལས་སྲི་མནན་དང་། །རྐུན་ཇག་ཤིད་ཀྱི་སྟོན་མོ་ངན། །༧བྱི་བཞིན་གཤིན་སྐར་ས་ཡི་ཁམས། །མྱུར་བར་འགྱུར་བ་བོན་པོའི་བླར། །ཚངས་པའི་ལྷ་མཆོད་རབ་གནས་དང་། །སྐྲ་འདྲེག་སེལ་བྱེད་དགྲ་ལྷ་གསོལ། །དགྲར་རྒོལ་ཕྱིར་འཇལ་གསོན་དགེ་དང་། །མཁར་ལས་ཆང་བཙོ་ཚེ་འགུགས་པ། །སོན་གདབ་མོ་འདེབས་སྲི་མནན་དང་། །ལམ་ཞུགས་ཚོང་སོགས་མྱུར་ལས་བཟང་། །མདུན་གྲོས་དོན་གཉེར་རྒྱལ་སར་བསྐོ། །ཐུག་འགྱེད་གསེབ་གཏོང་གོས་དྲ་གྱོན། །བག་མ་གཏོང་ལེན་གཤིན་སྟོན་ངན། །༧མོན་དྲེ་མགྲོན་སྐར་ཆུ་ཡི་ཁམས། །མྱུར་བར་འགྱུར་བ་རྟ་བོང་བླར། །རབ་བྱུང་རབ་གནས་དབང་བསྐུར་བ། །རྒྱལ་སར་འཇུག་སོགས་དཔོན་བསྐོ་དང་། །ལྷ་གསོལ་གཡང་འགུགས་སྨན་སྦྱོར་ཚོང་། །རྟེན་བཞེངས་མཁར་ལས་ཁྱིམ་གསར་འཛིན། །རྟ་བོང་བཅོས་བྱེད་ཚུར་ལེན་པ། །གོས་དྲ་གོས་གྱོན་རྒྱན་འདོགས་དང་། །བྲེས་རྩིག་དོན་གཉེར་ཞུ་བ་གསོལ། །སྐྲ་འཁྲུ་གསོན་ལས་ཆོས་སྟོན་འདྲེན། །ལམ་ཞུགས་ཞིང་འདེབས་ས་ཁ་དབྱེ། །དམག་སོགས་དྲག་པོའི་ལས་རྣམས་བཟང་། །རྟ་བོང་ནོར་རྫས་ཕྱིར་གཏོང་བ། །བཟློག་མནན་ཐབ་བཅའ་སྐྱས་དང་གཉེན། །བག་མ་གཏོང་ལེན་གཤིན་ལས་ངན། །༧མོན་གྲུ་མགྲོན་སྐར་ས་ཡི་ཁམས། །རབ་ཏུ་བརྟན་པ་རྟ་བོང་བླར། །རབ་བྱུང་ཆོས་འཆད་དབང་རབ་གནས། །རྒྱལ་སར་བསྐོ་དང་གནས་གཞི་བཟུང་། །གཞན་གྱི་སློབ་དཔོན་རྟེན་བཞེངས་པ། །བང་མཛོད་ས་ཁ་ས་བོན་འདེབས། །ལམ་ཞུགས་རྟ་བོང་འདུལ་བཅོས་ཉོ། །ཚུར་ལེན་སྨན་སྦྱོར་གཤིན་ཆོས་བསྡུམས། །ལྷ་གཡང་དོན་གཉེར་སྒྲུབ་མཆོད་དམག །ས་ཞིང་ཡུལ་འཛིན་རྒྱས་ལས་བཟང་། །དྲ་གྱོན་རྒྱན་འདོགས་རྫིང་ཡུར་འདྲུ། །བཟློག་པ་ཟོར་དང་སྐྲ་སེན་འདྲེག །རྟ་བོང་ཕྱིར་གཏོང་སྣོད་ཁ་འབྱེད། །ཤིད་སྟོན་བག་མ་གཏོང་ལེན་ངན། །༧ཁྲུམས་སྟོད་གཤིན་སྐར་མེ་ཡི་ཁམས། །བརྟན་པའི་དོན་གྲུབ་བནྡེའི་བླར། །དབང་བསྐུར་རབ་གནས་སྦྱིན་སྲེག་དང་། །གཉེན་སྦྱོར་ཚེ་འགུགས་ཁང་རྨང་འདིང་། །ལྷ་གསོལ་མདུན་གྲོས་སྨན་སྦྱོར་བསྡུམས། །རྟ་ཕྱུགས་ཉོ་འདུལ་ནོར་ཚུར་ལེན། །ཐབ་བཅའ་རྒྱལ་མཚན་ལྗོན་ཤིང་འཛུགས། །བྲན་བསྟེེན་ས་འཛིན་

p. 122

ས་བོན་འདེབས། །གཤིན་ལས་སེལ་འཛུགས་བཟོ་རིག་ཚོང་། །སྦྲ་ཕྱར་རགས་རྩིག་དགེ་བའི་ལས། །མིང་འདོགས་གསོན་པོའི་བྱ་བ་དང་། །དྲག་པོའི་སྦྱོར་བ་ཐམས་ཅད་བཟང་། །ནོར་འཇལ་ཞལ་ཆེ་ཁ་སྨྲས་དང་། །ལམ་ཞུགས་དྲ་གྱོན་རྫིང་ཡུར་འདྲུ། །སྐྲ་འཁྲུ་ས་ཁ་སོ་ནམ་འཛུགས། །དོན་གཉེར་ཐག་རིང་སྟོན་མོ་དང་། །རྐུན་ཇག་བག་མ་གཏོང་ལེན་ངན། །༧ཁྲུམས་སྨད་གཤིན་སྐར་ཆུ་ཡི་ཁམས། །མྱུར་ཞིང་བཟང་བ་གཤིན་གྱི་བླར། །རབ་གནས་འཆད་ཉན་དབང་སྡོམ་ལེན། །རྒྱལ་ས་བྲན་བསྟེན་སྨན་སྦྱོར་ལམ། །འབྲུ་ནོར་སྡུད་དང་ཕྱུགས་འཇལ་ལེན། །གོས་རྒྱན་བཟོ་བྱ་གྱོན་ཞིང་འདོགས། །མདུན་མ་ཉོ་ཚོང་གཤིན་ལས་ཤིད། །ས་ཁ་སྐྱེ་ཤིང་མེ་ཏོག་འཛུགས། །རྫིང་ཡུར་ཞིང་ལས་ས་བོན་གདབ། །རྟེན་བཞེངས་བཟློག་མནན་སྐྲ་འཁྲུ་བ། །ཆང་བཙོ་ཞི་ལས་མྱུར་སྒྲུབ་བཟང་། །ལྷ་གསོལ་གཡང་འགུགས་འདུ་ལོང་བྱེད། །མཁར་ལས་ཁྱིམ་འཛིན་ཐབ་བཅའ་བ། །སྦྲ་ཕྱར་འཚེམ་དང་གཏར་སྲེག་བསྡུམས། །བག་མ་གཏོང་ལེན་སྐྲ་སེན་འདྲེག །གསོན་ལས་དོན་གཉེར་ལྟད་སྟོན་དང་། །ཆུ་རགས་བུ་བཙས་དུར་འདེབས་ངན། །༧ནམ་གྲུ་གྲུབ་སྐར་ཆུ་ཡི་ཁམས། །མི་བརྟན་འགྱུར་བ་རྩིས་པའི་བླར། །རབ་བྱུང་ཆོས་འཆད་རབ་གནས་དབང་། །ལྷ་སྒྲུབ་སྡོམ་འབོགས་རྒྱལ་སར་བསྐོ། །མཁར་ལས་ཞལ་ཆེ་ལྷ་གཡང་སྨན། །མཆོད་ཆོག་གོང་མར་ཞུ་ནོར་འབུལ། །དགེ་ལས་སྟོན་མོ་ཕྱུགས་འགྱེད་ཚོང་། །ས་ཁ་ས་བོན་སྐྱེ་ཤིང་འཛུགས། །རོ་དྲང་གཤིན་ལས་ཤིད་དང་སྐྱས། །མིང་འདོགས་གཏར་སྲེག་སྐྲ་འཁྲུ་བ། །རིན་ཆེན་འབྲུ་སྒྲུབ་བང་མཛོད་བཅའ། །གོས་གྱོན་དབྱིག་བླང་ཁྱིམ་གསར་འཛིན། །ཆུ་བསྒྱུར་ལམ་འཆོས་གསོན་གྱི་ལས། །རང་དོན་མྱུར་སྒྲུབ་ལས་རྣམས་བཟང་། །གོས་འདྲ་ལམ་ཞུགས་ཆུ་རགས་བསྡུམས། །འདྲུ་ནོར་ཕྱིར་གཏོང་བུ་འབོགས་པ། །དམག་ཇག་འཕྲོག་འཇོམས་བརྟན་ལས་དང་། །ཐབ་བཅའ་བཟློག་རིམ་སྦྲ་ཕྱར་འཚེམ། །ཐུག་འགྱེད་གསེབ་སྤྲོད་བག་མ་ངན། ༈ །དེ་ནས་སྐར་འབྲས་ཐོར་བུ་ནི། །ཁྲོམ་རྩིས་ལེའུ་བརྒྱད་ཅུ་པར། །ནག་པ་གྲོ་བཞིན་བྲ་ཉེ་མཆུ། །རྒྱལ་ས་ཆེ་འདོན་རབ་གནས་སྤང་། །མོན་དྲེ་ལྷ་མཚམས་ནམ་གྲུ་སྨིན། །ཆུ་སྟོད་ཆུ་སྨད་ལག་མེ་བཞིར། །

p. 123

བག་མ་བླངས་ན་ཁྱོ་དེ་འཆི། །ཆུ་སྟོད་ལྷ་མཚམས་ཁྲུམས་སྟོད་སྣར། །སྟོན་མོ་བྱས་ན་ཤུལ་དེ་འཕུང་། །བྱི་བཞིན་བྲ་ཉེ་སྐག་ས་གར། །ཤིད་བྱས་ལོན་ནི་མི་འགོར་འཆི། །ནབས་སོ་དབོ་དང་ནམ་གྲུ་སྣར། །འཇམ་སྐར་ཡིན་ཏེ་ཀླད་པ་མེད། །དམག་ཇག་བྱས་ན་མི་ཐོབ་ཕམ། །རྒྱལ་དང་ནབས་སོ་ཆུ་སྟོད་དབོ། །མེ་བཞི་ནམ་གྲུ་ཆུ་སྨད་མགོ། ཕན་པ་བཀྲ་ཤིས་སྐར་མ་བརྒྱད། །རྒྱལ་སར་འདོན་དང་རབ་གནས་བྱ། །མགོ་དང་ས་ག་ཆུ་སྨད་རྣམས། །བག་མའི་ལས་ལ་ཤིས་པ་ཡིན། །ནབས་སོ་དབྱུག་པ་ས་རི་རྣམས། །ཤིད་ཀྱི་ལས་ལ་ཤིས་པ་ཡིན། །ལག་དང་མེ་བཞི་ཁྲུམས་སྨད་རྣམས། །དམག་ཇག་ལས་ལ་ཤིས་པ་ཡིན། །གཞན་ཡང་ལམ་ཞུགས་ཕྱོགས་རིགས་ནི། །གྲོ་བཞིན་སྣྲུབས་ལ་ཤར་དུ་སྤང་། །དབྱུག་པ་ཆུ་སྨད་ལྷོ་ཕྱོགས་སྤང་། །སྣར་མ་རྒྱལ་ལ་ནུབ་ཏུ་སྤང་། །མེ་བཞི་དབོ་ལ་བྱང་དུ་སྤང་། །དེ་ལྟར་ངན་པའི་ཕྱོགས་ལ་འཛེམ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལས། །ས་ག་ཆུ་སྨད་ནམ་གྲུ་རྒྱལ། །གྲུབ་སྐར་བཞི་ཡི་གང་ཡང་བཟང་། །བྲ་ཉེ་མགོ་བྲེ་སྣྲུབས་བཞི་ནི། །དམེ་སྐར་ཡིན་ཏེ་གང་ཡང་ངན། །ནབས་སོ་ས་རི་ཆུ་སྟོད་སྣར། །གཡང་སྐར་བཞི་སྟེ་ནོར་མི་འཇལ། །ཐ་སྐར་ལག་མཆུ་དབོ་བཞི་པོ། །དགྲ་སྐར་ཡིན་པས་དགྲ་ལ་རྒོལ། །སྐག་སྣྲོན་མོན་དྲེ་མོན་གྲུ་བཞི། །མགྲོན་སྐར་ཡིན་ཏེ་ལམ་དུ་འཇུག །མེ་བཞི་བྱི་བཞིན་ཁྲུམས་སྟོད་སྨད། །གཤིན་སྐར་བཞི་སྟེ་གཤིན་ལས་བྱ། །སྨིན་དྲུག་ལྷ་མཚམས་གྲོ་བཞིན་ནག །ཟློས་སྐར་བཞི་ཡིན་ཤིད་སོགས་སྤང་། །མེ་རླུང་ངན་ཞིང་ས་ཆུ་བཟང་། །རང་སྐྱེས་སྐར་མ་གང་ཡིན་ལ། །སྐྲ་གཞར་དོན་གཉེར་ལ་སོགས་ངན། །སེམས་དགེ་བསོད་ནམས་གསོག་པ་བཟང་། །ལས་གཞན་གང་ཡང་བྱར་མི་རུང་། །མདོར་ན་གཟའ་དང་སྐར་མ་གཉིས། །སྐར་བཟང་དེ་སླེབས་གཟའ་ཡིས་སྒྱུར། །གཟའ་བཟང་དེ་སླེབས་ཁྱིམ་གྱིས་སྒྱུར། །དེ་ཕྱིར་རིག་པའི་འཕྲུལ་འཁོར་བསྐོར། །ཕྱོགས་རེར་ཞེན་པ་བློ་གྲོས་དམན། །བློ་ལྡན་རིག་པ་མཁའ་འདྲ་སྟེ། །བཟང་ངན་ཀུན་ཤོང་དེ་དོན་ཕྱིར། །ཞིབ་མོར་དཔྱད་པས་ལེགས་པར་འགྲུབ། ༈ །ལྔ་པ་འཕྲོད་ལ་སྐར་རྩིས་དང་། །འབྱུང་རྩིས་པ་ཡི་ལུགས་གཉིས་ཡོད། །སྐར་རྩིས་ལུགས་ལའང་ཐུན་མོང་དང་། །ཐུན་མོང་མིན་པ་རྣམ་པ་

p. 124

གཉིས། །དང་པོ་ཐུན་མོང་དྲང་སྲོང་གི། ལུགས་ལའང་གསུམ་ལས་འབྱུང་འཕྲོད་ནི། །ཉི་མ་མིག་དམར་མེ་ཡི་ཁམས། །ཟླ་བ་ལྷག་པ་ཆུ་རུ་འདོད། །ཕུར་བུ་སྒྲ་གཅན་རླུང་ཡིན་ལ། །པ་སངས་སྤེན་པ་ས་ཡི་ཁམས། །སྨིན་དྲུག་རྒྱལ་དང་མཆུ་དང་གྲེ། །ས་ག་ཁྲུམས་སྟོད་བྲ་ཉེ་མེ། །སྣར་མ་ལྷ་མཚམས་སྣྲོན་ཆུ་སྨད། །གྲོ་བཞིན་བྱི་བཞིན་མོན་གྲུ་ས། །མགོ་དང་ནབས་སོ་དབོ་མེ་བཞི། །ནག་པ་ས་རི་ཐ་སྐར་རླུང་། །ལག་སྐར་སྣྲུབས་དང་ཆུ་སྟོད་དང་། །མོན་དྲེ་ཁྲུམས་སྨད་ནམ་གྲུ་ཆུ། །ས་གཉིས་ནང་འཕྲད་དངོས་གྲུབ་སྦྱོར། །དངོས་གྲུབ་སྦྱོར་བས་ཅི་བསམ་འགྲུབ། །རྟེན་བཞེངས་མཁར་རྩིག་ཞིང་ཉོ་བ། །རྒྱས་པའི་ལས་རྣམས་བྱ་བ་དང་། །མདུན་མ་བྱེད་སོགས་བརྟན་ལས་བཟང་། །ཆུ་གཉིས་ནང་འཕྲད་བདུད་རྩི་སྦྱོར། །བདུད་རྩི་སྦྱོར་བས་ཚེ་སྟོབས་འཕེལ། །སྨན་སྦྱོར་ཁྲུས་བྱེད་བག་མ་ལེན། །ཚེ་དབང་ཚེ་སྒྲུབ་ཆོ་ག་དང་། །གཉེན་དང་ཚོང་བསྐྱེད་འཕེལ་ལས་བཟང་། །ས་ཆུ་འཕྲད་པས་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད། །དགའ་སྟོན་བྱ་ཞིང་ཆེ་སར་འདོན། །གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་། །མེ་གཉིས་ནང་འཕྲད་འཕེལ་འགྱུར་སྦྱོར། །འཕེལ་འགྱུར་སྦྱོར་བས་ཟས་གོས་རྙེད། །ཚོང་བྱ་སྦྱིན་གཏོང་ས་བོན་འདེབས། །ནོར་རྒྱུན་མ་སྒྲུབ་ཆུ་སྦྱིན་སྟེར། །ནོར་ལྷ་མཆོད་ཅིང་དངོས་གྲུབ་ཞུ། །རླུང་གཉིས་ནང་འཕྲད་ཕུན་ཚོགས་སྦྱོར། །ཕུན་ཚོགས་སྦྱོར་བས་བསམ་མྱུར་འགྲུབ། །འགྲུལ་བྱ་དོན་གཉེར་ཁ་མཆུ་བསྡུམས། །གཡོ་དྲག་མྱུར་བའི་ལས་རྣམས་བཟང་། །མེ་རླུང་འཕྲད་པས་སྟོབས་ལྡན་སྦྱོར། །སྟོབས་ལྡན་སྦྱོར་བས་བཀྲ་ཤིས་བྱེད། །རིམ་གྲོ་ལྷ་གསོལ་ཆོས་སྤྱོད་བྱ། །ཞི་རྒྱས་དབང་གི་ལས་རྣམས་འགྲུབ། །ས་རླུང་འཕྲད་པས་མི་འཕྲོད་སྦྱོར། །མི་འཕྲོད་སྦྱོར་བས་ཟས་ནོར་འཛད། །རྐུན་ཇག་འཇོམས་འཕྲོག་བྱེད་པ་སོགས། །མྱ་ངན་འོང་བས་དོན་མི་འགྲུབ། །ཆུ་རླུང་འཕྲད་པས་མི་མཐུན་སྦྱོར། །མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད། །དབྱེན་དང་ཕྲ་མ་གཞུག་པ་དང་། །དགྲ་བོ་དབྱུང་བའི་ལས་རྣམས་བྱ། །ས་མེ་འཕྲད་པས་སྲེག་པའི་སྦྱོར། །སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད། །དམག་འདྲེན་དགྲ་གཞོམ་དྲག་ལས་རྩོད། །ཕ་རོལ་སྡུག་བསྔལ་བསྐྱེད་ཀུན་བྱ། །

p. 125

མེ་ཆུ་འཕྲད་པས་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཕ་རོལ་གསོད་དང་དུག་སྦྱོར་དང་། །མཐུ་གཏད་ལ་སོགས་རིག་པས་སྒྲུབ། །འདིར་ནི་བཟང་གསུམ་གསོ་ཐུབ་གསུམ། །ངན་གསུམ་ཐ་ཆད་གཅིག་དང་བཅུས། །བྱ་བ་ཀུན་ལ་བཟང་ངན་བྱེད། ༈ །གཉིས་པ་འཕྲོད་སྦྱོར་ཉེར་བརྒྱད་ནི། །ཀུན་དགའ་ལ་ནི་ནོར་རྙེད་འགྱུར། །དུས་ཀྱི་དབྱིག་ལ་འཇིགས་པ་ཆེ། །དུལ་བས་ནོར་མང་ཕྱུག་པོར་འགྱུར། །སྐྱེ་དགུ་ལ་ནི་སྐྱེ་དགུ་བདེ། །གཞོན་ལ་བྱ་བ་ཐམས་ཅད་འགྲུབ། །བྱ་རོག་ཁ་འཐབ་འཇིགས་ཤིང་བཀྲེས། །རྒྱལ་མཚན་གོས་དང་ནོར་ཐོབ་འགྱུར། །དཔལ་བེ་ལ་ནི་རིན་ཆེན་འདུ། །རྡོ་རྗེར་ཐོག་འབེབས་འཇིགས་པ་སྐྱེ། །ཐོ་བས་འཆི་བའི་འཇིགས་པ་འབྱུང་། །གདུགས་ལ་དགྲ་བོ་འཇོམས་པར་འགྱུར། །གྲོགས་ཀྱིས་གྲོགས་དང་འཕྲད་པར་བྱེད། །ཡིད་ལ་དཔལ་ནི་རྙེད་པར་འགྱུར། །འདོད་བྱས་ཡིད་ལ་སྨོན་པ་འགྲུབ། །འགལ་མེ་ལ་ནི་འཐབ་རྩོད་འབྱུང། །རྩ་བཏོན་ལ་ནི་ཚེ་ཟད་འགྱུར། །འཆི་བདག་འཆི་བའི་འཇིགས་པ་རྩོམ། །མདའ་ལ་སྣ་དང་ཡན་ལག་ཉམས། །གྲུབ་ལ་བྱ་བ་གང་བརྩམས་འགྲུབ། །མདུང་ལ་ནད་ཀྱི་འཇིགས་པ་འབྱུང་། །བདུད་རྩི་ལ་ནི་དགྲ་བོ་འཕུང་། །གཏུན་ཤིང་མགོ་ཆག་འཇིགས་པ་སྟེར། །གླང་པོ་ལ་ནི་དོན་ཀུན་འགྲུབ། །སྟག་མྱོས་ལ་ནི་བཞོན་པ་རྙེད། །ཟད་ལ་ནོར་དང་སྐྱེ་བོ་འཛད། །གཡོ་ལ་རྒྱལ་པོའི་བྱ་བ་འགྲུབ། །བརྟན་ལ་སྲིད་སྡེ་འཕུང་བར་བྱེད། །འཕེལ་བས་ནོར་དང་ལོངས་སྤྱོད་འཕེལ། །འདི་ནི་དྲང་སྲོང་བདུན་གྱི་ལུགས། ༈ །གསུམ་པ་སྲེག་སྦྱོར་བདུན་པོ་ནི། །ལས་རྣམས་ཀུན་ལ་མི་དགེ་སྟེ། །ཁྱད་པར་གཏར་སྲེག་འཛེམ་པར་བྱ། ༈ །གཉིས་པ་རྒྱུད་འགྲེལ་ལས་གསུངས་པའི། །ཐུན་མོང་མ་ཡིན་འཕྲོད་གསུམ་གྱི། །དག་པའི་གཟའ་ཞེས་འགྲུབ་སྦྱོར་བདུན། །གང་ཤར་བདུད་རྩིའི་སྦྱོར་བ་སྟེ། །བྱ་བའི་ལས་རྣམས་ཅི་བསྒྲུབ་བཟང་། །འཆི་སྦྱོར་བདུན་པོ་གང་ཤར་བ། །མ་དག་པ་ཡི་གཟའ་ཞེས་བྱ། །ལས་དང་བྱ་བ་གང་ཡང་ངན། །སྲེག་ཚེས་བཅུ་བཞི་གང་ཤར་ཡང་། །དགེ་བའི་ལས་དང་གཏར་སྲེག་འཛེམ། །འོན་ཀྱང་མི་དགེའི་ལས་སྒྲུབ་ཤིས། ༈ །གཉིས་པ་འབྱུང་རྩིས་པའི་ལུགས་ཀྱི། །འཕྲོད་ལའང་ལྔ་ལས་བདུད་ཉི་

p. 126

བདུན། །དྲག་པོའི་ལས་ལ་ཤིས་པ་ཡིན། །ལམ་ཞུགས་བག་མ་ཤིད་ལས་དང་། །དབང་པོའི་བྱ་བ་ཐམས་ཅད་ངན། །ཁྱད་པར་ཉི་མ་སྨིན་དྲུག་འཛོམ། །ལྷ་གསོལ་བདུད་ཀྱི་ཉི་མ་ཡིན། །དེ་བཞིན་ཟླ་དབོ་མོ་བཙུན་དང་། །མིག་དམར་སྐག་འཛོམ་དམག་དཔོན་ཏེ། །ལྷག་པ་ཆུ་སྟོད་ནས་འཇལ་དང་། །ཕུར་བུ་མགོ་འཛོམ་བན་བོན་ལས། །པ་སངས་རྒྱལ་འཛོམ་ཆེ་བཙན་དང་། །སྤེན་པ་མོན་གྲུར་རྟ་ཚོང་སྟེ། །རང་རང་ལས་ལ་འཛེམ་པར་བྱ། །བདུད་ལས་རྒྱལ་བ་རྣམ་པ་བདུན། །བྱ་བ་ཀུན་དང་ཁྱད་པར་དུ། །ཕར་རྒོལ་དྲག་པོའི་ལས་ལ་བཟང་། །འཇིག་ཉི་དང་ནི་མི་འཕྲོད་ཉི། །མི་མཐུན་པ་ཡི་ཉི་རྣམས་ལ། །བག་མ་ཤིད་ཀྱི་བྱ་བ་འཛེམ། །གཟའ་སྐར་སོ་སོ་བཟང་ན་ཡང་། །འཕྲོད་ངན་དེ་ཡི་འབྲས་བུར་འགྱུར། །གལ་ཏེ་གཟའ་སྐར་གཉིས་ངན་ཡང་། །འཕྲོད་བཟང་གྱུར་ན་དེ་འབྲས་འགྲུབ། །དེ་ཕྱིར་གཟའ་དང་སྐར་ཚེས་ཀྱི། །འཕྲོད་སྦྱོར་སྤྱི་དང་ཁྱད་པར་དུ། །ཐུན་མོང་མ་ཡིན་འཕྲོད་གསུམ་གྱི། །འབྲས་བུ་ཞིབ་བརྟགས་སྤང་བླང་གཅེས། །༧དྲུག་པ་སྦྱོར་བའི་འབྲས་བུ་ལ། །སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ལ་བཟང་ངན་ཕྱོགས་བསྡེབས་དང་། །སྤང་བྱའི་ཆུ་ཚོད་གྲངས་བཤད་པའོ། །དེ་ལ་བཟང་ངན་ཕྱོགས་བསྡེབས་ནི། །སེལ་བ་ཤིན་ཏུ་སྐྲངས་ཟུག་རྔུ། །སྐྲངས་དང་ཀུན་འཇོམས་རྡོ་རྗེ་དང་། །ཤིན་ཏུ་ལྟུང་དང་ཡོངས་འཇོམས་དང་། །ཁོན་འཛིན་དགུ་པོ་ངན་པ་སྟེ། །དེ་ལྷག་བཅོ་བརྒྱད་བཟང་པོར་བཤད། །བཟང་བ་རྣམས་ལ་དགེ་ལས་དང་། །ངན་པ་རྣམས་ལ་སྡིག་ལས་ཤིས། །དགུ་པོ་རང་རང་སླེབས་མཚམས་ནས། །བརྩམས་ཏེ་ཆུ་ཚོད་སྤང་བྱའི་གྲངས། །སེལ་བའི་གསུམ་དང་ཟུག་རྔུའི་ལྔ། །སྐྲངས་དང་ཤིན་ཏུ་སྐྲངས་ཀྱི་དྲུག །ཀུན་འཇོམས་རྡོ་རྗེའི་ཆུ་ཚོད་དགུ། །ཤིན་ལྟུང་ཡོངས་འཇོམས་ཁོན་འཛིན་གསུམ། །ངན་པས་ཆུ་ཚོད་གྲངས་ཀུན་སྤང་། ༈ །བྱེ་བྲག་སོ་སོའི་བླང་དོར་ནི། །སེལ་བར་ལམ་སེལ་བྱེད་པ་བཟང་། །མཛའ་བོ་ཀུན་དང་མཛའ་བར་འགྱུར། །ཚེ་ལྡན་ཚེ་རིང་དཔལ་ཐོབ་བོ། །སྐལ་བཟང་ཕུན་སུམ་ཚོགས་པ་ཡིན། །བཟང་པོ་ཀུན་གྱི་ཡིད་དུ་འོང་། །ཤིན་ཏུ་སྐྲངས་ལ་ནོར་ཕྱུགས་འཛད། །ལས་བཟང་ཕྱི་མའི་ལམ་སྣ་ཟིན། །འཛིན་པ་བུ་ནོར་

p. 127

ལོངས་སྤྱོད་རྙེད། །ཟུག་རྔུ་དོན་བྱས་གནོད་པ་ཆེ། །སྐྲངས་ནི་ཀླུ་ནད་ལྡང་བ་ཡིན། །འཕེལ་ལ་ཟས་ནོར་འཕེལ་བར་བཤད། །ངེས་པ་དགྲ་བོ་གཏན་དུ་འཇོམས། །ཀུན་འཇོམས་ལ་ནི་མཛེ་ནད་ལྡང་། །དགའ་བ་འབྲིང་སྟེ་ཚེ་ལ་དགའ། །རྡོ་རྗེ་འདོད་པ་ཐམས་ཅད་འཇོམས། །དངོས་གྲུབ་ཅི་བསམ་འགྲུབ་པ་ཡིན། །ཤིན་ཏུ་ལྟུང་ལ་བྱེས་འགྲོ་ངན། །མཆོག་ཅན་དགྲ་ལས་རྒྱལ་བ་ཡིན། །ཡོངས་འཇོམས་བཙོན་དུ་འཆིང་བར་འགྱུར། །ཞི་བ་འབྲས་བུ་ངེས་པར་སྟེར། །གྲུབ་པ་བསམ་པ་ཐམས་ཅད་འགྲུབ། །བསྒྲུབ་བྱ་ཚོང་ལ་འགྲོ་བ་བཟང་། །དགེ་བ་གསོན་སྟོན་བྱེད་པ་བཟང་། །དཀར་པོ་འགྲོ་འདུག་བྱེད་པ་བཟང་། །ཚངས་པ་ལྷ་ཡི་གོ་འཕང་ཐོབ། །དབང་པོ་སློབ་གཉེར་བྱེད་པ་བཟང་། །ཁོན་འཛིན་བུད་མེད་མཛའ་དང་འབྲལ། ༈ །བདུན་པ་བྱེད་པ་བཅུ་གཅིག་ལས། །འཕོ་བྱེད་བདུན་གྱི་འབྲས་བུ་ནི། །གདབ་པར་སྨན་སྦྱོར་རྒྱས་པའི་ལས། །དགེ་བ་དང་ནི་བརྟན་གཡོའི་ལས། །ཆོས་སྤྱོད་པ་དང་རྩོད་པའི་དོན། །སྔགས་བཟླ་བ་རྣམས་རབ་ཏུ་བཟང་། །བྱིས་པར་སློབ་དཔོན་བསྙེན་བཀུར་སོགས། །ཞབས་ཏོག་བྱ་ཞིང་རབ་ཏུ་བྱུང་། །གཙང་སྦྲ་ལ་སོགས་བྲམ་ཟེའི་དོན། །ཕ་མའི་དོན་དང་སྦྱིན་སྲེག་དང་། །བ་ལང་གི་ནི་ལས་རྣམས་བཟང་། །རིགས་ཅན་ལ་ནི་རང་གཞན་གྱི། །ལས་ཀུན་འགྲུབ་སྟེ་ཁྱད་པར་དུ། །སྐུ་གཟུགས་བཞེངས་དང་རབ་གནས་སོགས། །མི་གཡོ་བརྟན་པའི་ལས་ཀུན་དང་། །རྩོད་དང་ཚོང་དང་དབང་གི་ལས། །ནོར་རྫས་སྤོ་བའི་ལས་རྣམས་བཟང་། །ཏིལ་རྡུང་དབང་སྡུད་བཀྲ་ཤིས་གསོལ། །དབང་དང་རྒྱས་པའི་ལས་ཀུན་བཟང་། །ཁྱིམ་སྐྱེས་ལ་ནི་ཞིང་ལས་དང་། །ཁྱིམ་རྩིག་འཛིན་སོགས་ལས་ཀུན་བཟང་། །ཚོང་པ་ལ་ནི་ཉོ་ཚོང་དང་། །བརྟན་པར་བྱེད་པའི་ལས་རྣམས་བཟང་། །བིཥྚི་ལ་ནི་གཞན་གསོད་དང་། །དུག་སྦྱོར་རྩུབ་པའི་ལས་རྣམས་བྱ། །དགེ་ལས་དབང་བསྐུར་རབ་གནས་དང་། །དོན་གཉེར་བག་མ་ལ་སོགས་ངན། །དྲག་ལས་བཟང་ཡང་གདོང་ལ་འཛེམ། །རྟག་བྱེད་བཞི་ཡི་འབྲས་བུ་ནི། །བཀྲ་ཤིས་ལ་ནི་སྨན་སྦྱོར་དང་། །སྔགས་དང་དམོད་པ་རྒྱས་ལས་བཟང་། །རྐང་བཞི་ལ་ནི་བྲམ་ཟེ་མཆོད། །རྒྱལ་སྲིད་བྱ་བ་བ་ལང་ལས། །མཚུན་གཏོར་ལ་སོགས་བྱ་བ་

p. 128

བཟང་། །ཀླུ་ལ་གཏད་དང་མི་ཟད་ལས། །བཤེས་འབྱེད་ཕྲ་མའི་ལས་རྣམས་བཟང་། །མི་སྡུག་པ་ལ་དགེ་ལས་དང་། །བསད་འཕྲོག་སྐལ་བ་བཟང་པོའི་ལས། །མངོན་འདོད་རྒྱས་ལས་དབང་བསྐུར་བཟང་། ༈ །བརྒྱད་པ་རྟེན་འབྲེལ་བཅུ་གཉིས་འབྲས། །ཐུན་མོང་མིན་པ་དུས་འཁོར་དང་། །ཐུན་མོང་རྒྱུད་གཞན་ལས་བཤད་པའོ། །དང་པོ་ཐུན་མིན་རྒྱུད་འགྲེལ་ལུགས། །མ་རིག་རྣམ་ཤེས་སྐྱེ་མཆེད་དང་། །ཚོར་ལེན་དྲུག་གི་ཡན་ལག་ནི། །མི་མཉམ་པའི་འབྲས་དགེ་བ་སྟེ། །ཞི་རྒྱས་དབང་དང་དགེ་ལས་ཤིས། །འདུ་བྱེད་མིང་གཟུགས་རེག་སྲེད་སྲིད། །རྒ་ཤི་དྲུག་གི་ཡན་ལག་ནི། །མཉམ་པའི་འབྲས་བུ་མི་དགེ་བས། །དབང་དང་བགྲོད་པ་བག་མ་སོགས། །ཞི་ཞིང་དགེ་བའི་ལས་ཀུན་ངན། །གཡུལ་དང་མནན་གཏད་འཕྲོག་འཇོམས་སོགས། །དྲག་པོའི་ལས་ལ་ཤིས་པར་འགྱུར། ༈ །གཉིས་པ་ཐུན་མོང་རྒྱུད་གཞན་དུ། །རྟེན་འབྲེལ་བརྟག་པ་མང་གསུངས་ལས། །ལས་དང་ཕྱོགས་འབྲས་ཙམ་ཞིག་འདྲི། །༧མ་རིག་པ་ཡི་ཉི་མ་ལ། །མཆོད་སྦྱིན་ཞིང་ས་ཁང་ས་བརྩམ། །ལུས་འཁྲུ་ཤར་དང་བྱང་འགྲོ་བཟང་། །མི་ཆེན་མཇལ་དང་གོས་གྱོན་པ། །ལྷོ་དང་ནུབ་ཏུ་འགྲོ་བ་ངན། །༧འདུ་བྱེད་རིག་པ་ཡི་གེ་བསླབ། །མདའ་གཞུ་བཟུང་དང་བག་མ་ལེན། །དགའ་བའི་ལས་དང་ཁྲུས་བྱ་བ། །དགྲ་བོ་ཚར་གཅོད་ཁང་པ་རྩིག །ཤར་ལྷོ་ནུབ་བྱང་གར་ཕྱིན་བཟང་། །གལ་ཏེ་མགོ་བཀྲུས་གོས་གསར་པ། །གྱོན་ན་ནད་དང་ཡེ་འདྲོག་འོང་། །༧རྣམ་ཤེས་ཉི་མར་དགྲ་འདུལ་བ། །རྒྱལ་པོར་དབང་བསྐུར་གྲོང་ཁྱེར་གཞོམ། །མགོ་འཁྲུ་གོས་གསར་གྱོན་པ་དང་། །ལྷོ་དང་བྱང་ཕྱོགས་འགྲོ་བ་བཟང་། །ལུས་བཀྲུ་ཤར་དང་ནུབ་འགྲོ་ངན། །༧མིང་གཟུགས་ཉི་མར་འཇིགས་ལས་འབྲོས། །བླ་མའི་དྲུང་ནས་བཀྲ་ཤིས་བརྗོད། །སྐྲ་དང་ཁ་སྤུ་སེན་མོ་འདྲེག །ཤར་དང་ལྷོ་ཕྱོགས་འགྲོ་བ་བཟང་། །མགོ་ལུས་འཁྲུ་དང་གོས་བགོ་བ། །ནུབ་དང་བྱང་དུ་འགྲོ་བ་ངན། །༧སྐྱེ་མཆེད་དྲུག་ལ་གྲོང་ཁྱེར་འཛིན། །རྒྱལ་པོ་ཁྲུས་བྱེད་ཁྱིམ་དུ་ཡིབ། །གཏེར་སྦེད་མགོ་འཁྲུ་གོས་བགོ་བ། །ཕྱོགས་བཞི་གར་ཡང་འགྲོ་རྣམས་བཟང་། །གཞན་ལ་ཕྱག་བྱ་ལུས་བཀྲུ་ངན། །༧རེག་པར་རྐུ་འཕྲོག་སྲོག་གཅོད་

p. 129

སོགས། །དྲག་ཅིང་རྩུབ་པའི་ལས་རྣམས་བཟང་། །ཕྱོགས་ནི་ལྷོར་སོང་མཛེས་པ་དང་། །བྱང་དུ་ནོར་རྙེད་ཡུན་རིང་འགོར། །མགོ་དང་ལུས་འཁྲུ་གོས་གྱོན་ངན། །གལ་ཏེ་གྱོན་ན་དགེ་སློང་གི། མདུན་དུ་ཕྱག་བྱས་བགོ་བར་བྱ། །ཤར་དང་ནུབ་ཏུ་འགྲོ་བའང་ངན། །༧ཚོར་བར་ཡིད་འོང་མཛའ་གཅུགས་དང་། །ཚོང་བྱ་འཁོར་ནོར་སྡུད་པ་དང་། །ཞི་ལས་ཆུ་རྒལ་གོས་གྱོན་པ། །ཤར་དང་བྱང་དུ་འགྲོ་བ་བཟང་། །མགོ་དང་ལུས་འཁྲུ་ལྷོ་ཕྱོགས་དང་། །ནུབ་ཏུ་འགྲོ་བ་ངན་པར་བཤད། །༧སྲེག་པར་ནོར་འབྲུ་རྫས་བསྡུ་བ། །མྱུར་ལས་ཤར་ལྷོ་བྱང་གསུམ་དུ། །དོན་གཉེར་འགྲོ་བ་བཟང་བ་སྟེ། །མགོ་ལུས་འཁྲུ་དང་ནུབ་འགྲོ་ངན། །༧ལེན་པར་མི་སྨྲའི་བརྟུལ་ཞུགས་དང་། །སྐྲ་དང་ཁ་སྤུ་སེན་མོ་འདྲེག །སྨན་སྦྱོར་གཞན་གྱི་བུད་མེད་བགྲོད། །མགོ་དང་ལུས་འཁྲུ་ཕོ་ཉ་གཏོང་། །ལྷོ་དང་བྱང་དུ་འགྲོ་རྣམས་བཟང་། །གོས་གྱོན་ཤར་ནུབ་འགྲོ་བ་ངན། །༧སྲིད་པར་བུད་མེད་མཛའ་བོ་འགུགས། །གཞན་ཡང་ལས་ཀུན་འགྲུབ་འགྱུར་ཞིང་། །མགོ་དང་ལུས་འཁྲུ་ལྷོ་བྱང་དུ། །འགྲོ་བ་བཟང་ཞིང་འཐབ་རྩོད་དང་། །ཤར་དང་ནུབ་ཏུ་འགྲོ་བ་ངན། །གོས་གྱོན་མཛེས་ཀྱང་བགོ་མི་བྱ། །༧སྐྱེ་བའི་ཉི་མར་ཁྱིམ་བཅོས་དང་། །རྒྱལ་བློན་ཁྱིམ་བདག་གི་ནི་ལས། །མགོ་ལུས་འཁྲུ་དང་བྱང་ལྷོ་ནུབ། །འགྲོ་བཟང་གོས་གྱོན་ཤར་འགྲོ་ངན། །༧རྒ་ཤིར་ཕྱུག་པོའི་ནོར་རྐུ་སོགས། །ཚུར་ལེན་མགོ་འཁྲུ་གོས་གྱོན་པ། །ནུབ་ཏུ་འགྲོ་རྣམས་ངན་པས་སྤང་། ༈ །དགུ་པ་ཉི་མ་བཅུ་གཉིས་ལ། །སོ་སོའི་བླང་དོར་བཤད་པ་དང་། །བདུན་ཟུར་ཕྱོགས་བསྡེབས་འབྲས་བུའོ། །དང་པོ་སོ་སོའི་འབྲས་བུ་ནི། །༧སྟག་ཉིར་རབ་གནས་སྦྱིན་སྲེག་དང་། །གཡང་སློན་མཁར་ལས་བ་གམ་གདགས། །དམག་དྲང་གསོད་སོགས་དྲག་ལས་བཟང་། །ལྷ་གསོལ་ཇག་ཆོམ་སྨན་ཁྲུས་གཉེན། །དབང་བསྐུར་གླུད་དང་བོན་ཆོག་ངན། །༧ཡོས་ལ་གླང་ལུག་ལས་རྣམས་དང་། །ཞུ་གསོལ་རྒྱལ་ས་བཟུང་བ་བཟང་། །དམག་དང་མཁར་ལས་གཉེན་སྒྲིག་པ། །ས་རྐོ་རྡོ་སློག་རྫིང་ཡུར་འདྲུ། །ཤིད་དང་གཡང་སློན་སྟོན་མོ་དང་། །ས་བོན་རྨོས་བྱ་ཆུ་རགས་སྐྱས། །ཆུ་མིག་འདྲུ་དང་ཡོ་ལང་སྤང་། །༧འབྲུག་ལ་དགེ་ལས་

p. 130

ཐོག་སེར་དབབ། །ལྷ་གསོལ་དྲག་ལས་དགྲ་འདྲེ་འདུལ། །ཡུལ་འཕྲོག་ལྟད་མོ་རྔ་འབུབས་བཟང་། །གྲུ་གཟིངས་ཟམ་འཕྲང་རང་འཐག་བཟོ། །གཏར་སྲེག་བརྐོ་འདྲུ་རོ་འདོན་པ། །མྱ་ངན་ངུ་སྐད་སྒྲོག་རྣམས་ངན། །༧སྦྲུལ་ལ་ཕྱུགས་གཏོང་ཀླུ་ཆོག་དང་། །ནད་པ་ཕྱོགས་འདོན་སྐྱེལ་བསུ་བྱེད། །དམག་དང་བུ་ལོན་གཏོང་བ་བཟང་། །ཤིང་ནག་གཅོད་འདྲེན་སྨན་དཔྱད་གཤིན། །རྒྱལ་པོ་བན་བོན་ལ་འཁོན་བྱེད། །ཆུ་བསུབ་བག་མ་གཏོང་ལེན་སྐྱས། །ཧོཾ་སྦར་མནན་རིམ་ཉོ་ཚོང་དང་། །རྒྱལ་ས་ཐབ་བཅའ་ས་ཁ་འབྱེད། །ནོར་འཇལ་དྲག་པོའི་ལས་རྣམས་ངན། །མྱ་ངན་བྱས་ན་རོ་ཟླ་འོང་། །༧རྟ་ལ་གསང་གྲོས་རྩེ་ལྷ་གསོལ། །གྲོགས་བཙལ་རྒྱལ་ས་མནའ་བཀར་བཟང་། །ཁང་ཁྱིམ་འབུབས་དང་འཐབ་རྩོད་བག །ཞལ་ཆེ་རྟ་ཡི་ཉོ་ཚོང་བཅོས། །དོན་གཉེར་སྨྲེང་དང་གཤིན་ལས་ངན། །༧ལུག་ལ་ལྷ་གསོལ་ལུག་རྫི་འཛུགས། །མཁར་ལས་ཕྱུགས་འགྱེད་ཕྲུ་སློག་དང་། །བག་མ་ཟས་སྦྱོར་སྟོན་མོ་བཟང་། །སྡོམ་ལེན་གཏར་སྲེག་དབྱུག་དཔྱད་དང་། །སྨན་སྦྱོར་དམག་སྐྱས་དོན་གཉེར་ངན། །༧སྤྲེའུར་བག་མ་སྐྱེ་ཤིང་འཛུགས། །ལྡུམ་ར་བསྐྱེད་དང་རྒྱན་སྤྲོད་པ། །རོལ་རྩེད་དར་ཕྱར་ཇག་ཆོམས་བཟང་། །གོས་གསར་དྲ་གྱོན་བཟོ་རིག་དང་། །སྦྲ་འཚེམ་སྐྱེས་པ་ཕོ་ཆས་གཞུག །མདུན་གྲོས་བྱེད་རྣམས་ངན་པས་སྤང་། །༧བྱ་ལ་ནད་པ་སྲིའུ་ཡི། །སྨན་དཔྱད་བྱས་ན་བདུད་རྩིར་འགྱུར། །ཤིང་འཛུགས་ཚོང་ཇག་དོན་གཉེར་བཟང་། །གསང་གྲོས་སྟོན་མོ་དགེ་རྩ་དང་། །སྦྱིན་གཏོང་མནན་པ་ལྟད་མོ་ངན། །༧ཁྱི་ལ་བུ་འབོགས་བཟོ་རིག་སློབ། །ཡོ་ལང་ཞལ་ཆེ་ཞུ་གསོལ་འདེབས། །ཧོཾ་སྤོར་རྔོན་པར་འགྲོ་བ་བཟང་། །བག་མ་དོན་གཉེར་འཕོ་སྐྱས་དང་། །གསང་གྲོས་བྱི་གཤོར་སྒྱེད་པུ་འཛུགས། །རྐུ་འཕྲོག་འཐབ་མོ་སྐྲ་འཁྲུ་ངན། །༧ཕག་ལ་དབང་བསྐུར་ཆོས་སྟོན་དྲང་། །ཁྱེའུ་དགའ་སྟོན་རབ་བྱུང་བཟང་། །དུར་གདབ་བརྐོ་སློག་རི་མོ་འདྲི། །བོན་ཆོག་མཁར་ལས་ས་ཁ་དབྱེ། །མནན་པ་ཤིད་དང་ཁྲོན་འདྲུ་ངན། །༧བྱི་བར་སྒོ་འཛུགས་རྐུན་ཇག་ཚོང་། །དོན་གཉེར་བྱི་གཤོར་ནལ་ཕྲུག་བླང་། །བྱི་གསོ་བུད་མེད་འཕྲོག་པ་བཟང་། །དམར་ལས་བུ་སྲིང་རྫོངས་པ་དང་། །མོ་འདེབས་རྟ་རྒྱུག་ལ་

p. 131

སོགས་ངན། །༧གླང་ལ་ཕྱུགས་ཉོ་མཁར་རྩིག་པ། །མཚོན་བཟོ་མགར་ཐབ་ཞལ་ཆེ་བཟང་། །ཚོང་དང་རིག་པ་སློབ་པ་དང་། །བག་མ་ནས་བང་ཁ་འབྱེད་ངན། །༧གཉིས་པ་བདུན་ཟུར་ཕྱོགས་བསྡེབས་ནི། །སྟག་སྤྲེ་གཉིས་ལ་མདུན་ཁྲོམ་སྤང་། །བྱ་ཡོས་གཉིས་ལ་ལྟད་སྟོན་སྤང་། །ཁྱི་འབྲུག་གཉིས་ལ་དམག་ཇག་སྤང་། །ཕག་སྦྲུལ་ཤིད་དང་ས་བརྐོ་སྤང་། །བྱི་རྟར་རྟ་རྒྱུག་དམར་བཤས་སྤང་། །གླང་ལུག་ཁྲི་བརྩིག་དར་འཕྱར་སྤང་། ༈ །བཅུ་པ་སྤར་ཁ་ཚེས་འཆར་བའི། །བཟང་ངན་བླང་དོར་འབྲས་བུ་ནི། །༧ལི་ལ་ལྕགས་རྫའི་ཞུན་གཏོང་བ། །རྒྱན་འགྱེད་མཚུན་གསོལ་ཧོཾ་སྤར་བཟང་། །མཐུན་སྦྱོར་བག་མ་དམར་ལས་དང་། །རྐུན་ཇག་རོ་ཡི་ལས་རྣམས་ངན། །༧ཁོན་ལ་ས་སྒོ་སྡོམ་པ་དང་། །ཤིང་འཛུགས་སྒབ་གཅོད་སྲི་མནན་བཟང་། །ཁང་རྨང་འདིང་དང་འཁོན་བར་འགྲོ། །རོ་སྦ་མདུན་མ་ཁྲུས་གསོལ་ངན། །༧དྭ་ལ་ཤིང་གཅོད་ཤར་དུ་འགྲོ། །མནའ་བགག་ལིངས་དང་རྐུན་ཇག་བཟང་། །བུ་ཚ་རྐང་འཛུགས་མཛེ་རོ་བསྲེག །དམག་འདྲེན་ལ་སོགས་ངན་པས་སྤང་། །༧ཁེན་ལ་གནམ་སྒོ་སྡོམ་རྒྱལ་མདོས། །མི་ཆེན་མཇལ་དང་དགེ་ལས་བཟང་། །ནད་པ་ཐོག་འདོན་ལྷ་ཁང་ཉལ། །མཁར་རྨང་ཐོག་འབུབས་འཕོ་སྐྱས་དང་། །ཕྱི་ཡི་ཉོ་ཚོང་བྱེད་རྣམས་ངན། །༧ཁམ་ལ་ལྷ་ཀླུ་མཆོད་སེར་འབེབས། །བཟློག་པ་ལྕགས་བཟོ་བྱ་བ་བཟང་། །ཆུ་ཆེན་བརྒལ་དང་ས་གཉན་འདུལ། །ཉ་གཤོར་མནའ་སྐྱེལ་རྫིང་ཡུར་འདྲུ། །དགྲར་རྒོལ་དགྲ་སར་འགྲོ་བ་ངན། ༧། གིན་ལ་ལྷ་གསོལ་ཆོས་སྒོར་འཇུག །ཕུར་བཟློག་མནན་པ་རྟ་གླང་འདུལ། །ཁང་རྨང་འདིང་དང་ཁྱིམ་འབུབས་བཟང་། །ཆེ་འདོན་ཆོས་ཀློག་ཉོ་ཚོང་ངན། །༧ཟིན་ལ་ལྷ་གསོལ་རྒྱན་འདོགས་པ། །ཤིང་འཛུགས་ཁང་རྨང་འདིང་བ་བཟང་། །ཤིང་གཅོད་མནའ་བཀར་བྱེད་པ་ངན། །༧ཟོན་ལ་སྔགས་བཟླ་བཟློག་པ་དང་། །དྲག་ལས་སྨྱོན་པ་འདུལ་བ་བཟང་། །རང་འཐག་འཛུགས་དང་མནའ་བཀར་བྱེད། །འདུ་ལོང་བྱ་བ་ཕལ་ཆེར་ངན། ༈ །བཅུ་གཅིག་སྨེ་བ་དགུ་ཚེས་ལ། །འཆར་བའི་བླང་དོར་བཤད་པར་བྱ། །༧གཅིག་དཀར་ལ་ནི་ཁྲུས་བྱེད་པ། །ལྷ་ཀླུ་གསོལ་མཆོད་བྱ་བ་བཟང་། །བྱིས་པ་རྐང་

p. 132

འཛུགས་སྒོར་འཁྲིད་ངན། ༧། གཉིས་ནག་བདུད་དང་མ་གཤིན་མཆོད། །མཐུ་གཏད་མནན་པ་བཟློག་པ་བཟང་། །མྱ་ངན་ངུ་འབོད་མཚན་འགྲོས་བྱེད། །ལྷ་གསོལ་བག་མའི་ལས་རྣམས་ངན། །༧གསུམ་མཐིང་ཆབ་གཏོར་ཀླུ་གཏོར་དང་། །ཀླུ་གཉན་ས་སྨན་བསེན་མཆོད་བཟང་། །ས་བརྐོ་ཕྲུ་སློག་ཤིང་གཅོད་རྫིང་། །ཁྲོན་འདྲུ་ལྷ་གསོལ་བག་མ་ངན། །༧བཞི་ལྗང་སྨན་སྦྱོར་ཀླུ་བརྒྱད་དང་། །མཆོད་སྦྱིན་ལྷ་གསོལ་གཏད་བྱེད་བཟང་། །ཡུགས་ས་མོ་ཡི་སྐྲ་བཀྲུ་དང་། །བྱིས་པ་སྒོར་འཁྲིད་བྱེད་པ་ངན། །༧ལྔ་སེར་རྒྱལ་གསོལ་ལྷ་ཁང་གསོ། །རབ་གནས་རབ་བྱུང་ཆོས་སྟོན་བཟང་། །ས་འདྲ་སྟོན་མོ་ཁྱི་ཉོ་ངན། །༧དྲུག་དཀར་ལྷ་གསོལ་གཡང་འགུགས་ཁྲུས། །བཤགས་པ་བག་མ་འཕོ་སྐྱས་བཟང་། །མྱ་ངན་སྨྲེ་སྔགས་འདོན་པ་དང་། །བཙོག་མནོལ་འཁོན་གྱི་ལས་རྣམས་ངན། །༧བདུན་དམར་ལ་ནི་གཟའ་དང་བཙན། །དམུ་དང་ལྷ་རྣམས་གསོལ་བ་བཟང་། །དམག་ཇག་ཧོཾ་བསྲེག་དམར་ཐབ་ངན། །༧བརྒྱད་དཀར་ལྷ་གསོལ་ཁྲུས་དང་བསངས། །བསྐང་བཤགས་བག་མ་ཤིས་བརྗོད་དང་། །སྲུང་མར་གཏང་རག་གཏོང་རྣམས་བཟང་། །ཐབ་གཞོབ་མནོལ་ཡུགས་ལས་རྣམས་ངན། །༧དགུ་དམར་ལ་ནི་ཚེ་སྒྲུབ་དང་། །གཡང་འགུགས་ཚུར་ལེན་བྱ་བ་བཟང་། །འོད་ཅན་ཕྱིར་གཏོང་ཕར་འཇལ་དང་། །རྒན་རྒོན་ཤི་ན་གཡང་རལ་ངན། ༈ །བཅུ་གཉིས་ཚེས་ཀྱི་ས་བདག་གི། བཟང་ངན་བྱེ་བྲག་བཤད་པར་བྱ། །༧ངམ་ཤིང་དགེ་བཤེས་ཆེ་འདོན་གྱི། །ཁྲི་བརྩིག་བཤད་གསར་དམག་ལས་སྤང་། །༧དབུལ་ལག་མཁར་ལས་མགོ་འཛུགས་དང་། །བཤད་གསར་རྟེན་བཞེངས་རབ་ཏུ་གནས། །བག་མ་བུ་འབོགས་སྒྱེད་པུ་འཛུགས། །ལྟད་སྟོན་ཐོག་འབུབས་དར་འཕྱར་བ། །ནོར་ཕྱུགས་ཕྱིར་གཏོང་བང་མཛོད་འབྱེད། །རོ་འདོན་ཞིང་འདེབས་ལ་སོགས་པ། །གསོན་གཤིན་ལས་རྣམས་ངན་པས་འཛེམ། །གཟའ་རྒོད་འབྱུང་བ་ཟས་འཚོལ་དུས། །བག་མ་གཏོང་ལེན་རོ་དྲང་བ། །བུ་བཙས་ནད་ཐེབས་དྲག་ལས་ངན། །༧ཟླ་ནག་མཐུ་གཏད་མནན་སེལ་དང་། །དགྲ་ལིང་འདྲི་སོགས་དྲག་ལས་བཟང་། །མཁར་ལས་བཤུ་འབུབས་རྟེན་བཞེངས་བ། །རབ་གནས་རབ་བྱུང་བག་མ་དང་། །

p. 133

ནོར་གཏོང་གསོན་གཤིན་ལས་ཕལ་ངན། །༧ཉི་ནག་ངན་བྱེད་དྲག་ལས་ལ། །བཟང་བ་ཙམ་སྟེ་དེ་ལས་གཞན། །གསོན་གཤིན་བྱ་བ་ཅི་བྱས་ངན། །ཁྱད་པར་དབང་རབ་བག་མ་མཁར། །དགེ་བཤེས་ཆེ་འདོན་དུར་གདབ་ཚོང་། །ནོར་རྫས་ཕྱིར་གཏོང་ལ་སོགས་ངན། །བྱེ་བྲག་དམིགས་བསལ་སྤང་བྱ་ནི། །ཟླ་བཤད་ནང་བཞིན་འཛེམ་པ་གཅེས། །བར་༽བར་གནམ་ཧལ་ཁྱི་རྒྱུ་བའི་དུས། །བག་མ་ཐོག་འབུབས་རོ་སྲེག་པ། །རྟེན་བཞེངས་རབ་གནས་སྒྱེད་པུ་འཛུགས། །ལྟད་སྟོན་མཁར་ལས་དོན་གཉེར་སོགས། །ལས་རྣམས་ཀུན་དང་དར་ཕྱར་འཛེམ། །༧ཧལ་ཁྱི་ཟས་འཚོལ་དུས་སུ་ཡང་། །ཁྱི་ལེན་མཁར་ལས་བག་མ་སྐྱས། །ལྟད་སྟོན་དམག་རོ་ཤིད་ལས་འཛེམ། །༧གནམ་ཁྱི་ལ་ནི་རོ་གཏོང་བ། །ཆུང་དུར་མཁར་ལས་ཁྲོམ་ཤིད་དམག །འབྲེལ་འཇལ་ལྟད་སྟོན་འཕོ་སྐྱས་སོགས། །ལས་ཀུན་ངན་ཞིང་ཁྱད་པར་དུ། །བག་མ་གཏོང་ལེན་འཛེམ་པར་བྱ། །༧ཀི་ཀང་མཁར་ལས་ལྟད་སྟོན་ཤིད། །གཤིན་ལས་བག་མ་བུ་བཙས་དམག །བུ་ལོན་འཇལ་དང་ལེན་པ་ངན། །༧པི་ལིང་འཕར་མ་ཞེས་བྱ་བ། །ས་བདག་རྗེ་བློན་བཅུ་གཅིག་པོ། །བཟང་ངན་ཀུན་ལ་ཀོ་ལོང་སྡོམ། །མནན་གཏད་ཟོར་འཕེན་སེར་བ་དབབ། །སེལ་དང་རླུང་འཁོར་འཛུགས་མདོས་གཏོར། །ཕར་རྒོལ་དྲག་པོའི་ལས་ཀུན་བཟང་། །ཁོ་དང་བསྡོངས་ན་ཤིན་ཏུ་ཐེབས། །མཁར་ལས་མཆོད་རྟེན་བརྩིག་པ་དང་། །གཤིན་ལས་ཤིད་བྱ་ཆེ་སར་འདོན། །བག་མ་བུ་བཙས་རབ་གནས་དང་། །ལྟད་སྟོན་ས་ལས་དུར་གདབ་སྐྱས། །འཕན་ཤིང་འཛུགས་དང་དཀྱིལ་འཁོར་འདྲི། །དེ་སོགས་དགེ་བའི་ལས་ཀུན་འཛེམ། །༧ཉི་མ་ངན་དང་ཟླ་འཁོར་ནི། །སྟོན་མོ་ལ་ནི་བརྩི་བར་བྱ། །ས་སྒོ་གནམ་སྒོ་དུར་ཉི་དང་། །ས་བདག་རྣམས་ལ་མཁར་ལས་འཛེམ། །གནམ་ཁྱི་བསྟན་མ་ཐེ་ཁྱིམ་དང་། །སྐར་ངན་རྣམས་ལ་བག་མ་སྤང་། །གཟའ་བདུན་ཟས་འཚོལ་ཕོ་ཉ་འགྱེད། །ལྟད་སྟོན་ཤིད་བག་མཁར་ལས་སྐྱས། །ཁྱེའུ་དགའ་སྟོན་ས་ལས་དང་། །བྱིས་པ་སྒོར་ཁྲིད་རོ་འདྲེན་ངན། །༧ཕུང་པོ་ཟོར་ཐོགས་ཉི་མ་ལ། །རོ་དྲང་དུར་གདབ་འཕུང་སར་འགྲོ། །སྒྲུབ་པ་དབང་བསྐུར་སྡོམ་པ་འབོགས། །ཆོས་འཆད་མཁར་ཐབ་རང་འཐག་འཛུགས། །དོན་

p. 134

གཉེར་བྱིས་པ་སྒོ་ཁྲིད་བག །དགེ་ལས་སྟོན་ཤིད་འདུ་ལོང་སོགས། །གསོན་གཤིན་བྱ་བ་ཕལ་ཆེར་འཛེམ། །ནག༽ནག་ཆུང་སྟོན་མོ་བག་མ་ཤིད། །རབ་གནས་དཀར་ཕྱོགས་སྒྱེད་འཛུག་དང་། །ལམ་ཞུགས་ནོར་རྫས་ཕྱིར་གཏོང་བ། །བུ་བཙས་གསོན་གཤིན་ལས་ཀུན་འཛེམ། །༧རཱ་ཧུ་ནག་པོའི་འབྲས་རྩིས་ནི། །དྲག་ལས་མ་གཏོགས་ཀུན་ལ་ངན། །དྲ༽དྲ་ཆེན་རྒྱུ་དུས་བག་མ་དང་། །སྟོན་མོ་དམག་རོ་བསྒུལ་བསྐྱོད་སྤང་། །༧གནམ་སྦྱོར་བཟའ་གསར་མཉམ་སྦྱོར་དང་། །རོ་དུར་བག་མའི་ལས་རྣམས་འཛེམ། །༧ས་བདག་ཟིན་འཕུང་ནག་པོ་ནི། །ལས་དང་བྱ་བ་ཀུན་ལ་ངན། །བུ་སྐྱེས་འཆི་ཞིང་ཕ་མ་འབྲལ། །དྲག་པོའི་ལས་ལ་འདི་དང་བསྟུན། །གདོང་ཐུག་མི་བྱ་ངེས་པར་ཐེབས། །༧ལྷ་དགུ་འཚོག་སར་ཟོར་གཏད་དང་། །རོ་དང་བག་མ་ལ་སོགས་འཛེམ། །༧ལྷ་ལྔ་འཚོག་སར་གསོན་གཤིན་ལས། །ཁྲོམ་གྱི་འདུ་ཚོགས་སྤང་བྱ་ཞིང་། །ཟོར་གཏད་ཁྲམ་སེར་དྲག་ལས་བཟང་། །༧ཚེས་ནག་བྱ་བ་སྤྱི་ལ་བྱོལ། །༼ཀ༽ཚེས་གཉན་གསོན་གཤིན་བྱ་བར་ཟློས། །ཞག་ངན་འདུས་བྱས་བྱ་བའི་རིགས། །ཁྱད་པར་ནོར་རྫས་མི་བཏང་ངོ་། །སྤྱིར་ན་ཉི་ཚེས་དུས་ཚོད་ལ། །དབང་བའི་དྲག་པོའི་ས་བདག་རྣམས། །དགེ་ལས་གསོན་གཤིན་བྱ་བར་འཛེམ། །དྲག་ལས་རྒྱུ་ཕྱོགས་བསྟུན་པས་ཐེབས། ༈ །བཅུ་གསུམ་ཐེབས་བཟློག་འབྲས་བུ་ནི། །སྡེ་བརྒྱད་ཐེབས་དུས་མདོས་གཏོར་ཟོར། །མཐུ་གཏད་སྲེག་མནན་དམག་ཇག་སོགས། །ཕར་རྒོལ་དྲག་པོའི་ལས་རྣམས་བཟང་། །བཟློག་དུས་དེ་རྣམས་སྤང་བར་བྱ། །༧ཀླུ་ཐེབས་དུས་སུ་ཆར་དབབ་པ། །ཀླུ་ཆོག་ཀླུ་གཏོར་གཏོང་བ་དང་། །ཀླུ་ལ་མནན་གཏད་སྐྱེལ་སོགས་བཟང་། །ཀླུ་བཟློག་དུས་སུ་དེ་རྣམས་འཛེམ། ༈ །བཅུ་བཞི་གནམ་སྒོའི་འབྲས་བུ་ནི། །མགྲོན་གྱི་གནམ་སྒོར་དོན་གཉེར་དང་། །མགྲོན་བྱས་ཁྱིམ་དེ་གུད་པར་འགྱུར། །ཚོང་གི་གནམ་སྒོར་ཚོང་བྱས་ན། །ཚོང་ཉེས་གོད་ཁ་རྒྱུན་མི་ཆད། །བུ་ཆུང་གནམ་སྒོར་བུ་བཙས་དང་། །སྒོ་ཁྲིད་བྱས་ན་བར་ཆད་འོང་། །དམག་གི་གནམ་སྒོར་དམག་དྲངས་ན། །གཡུལ་འཕམ་གཡུལ་ཉེས་ལན་དགུ་ཟློས། །གཉེན་གྱི་གནམ་སྒོར་གཉེན་བྱས་འགྲས། །སྟོན་མོ་བྱས་ན་སྟོར་

p. 135

བརླག་ཡོང་། །མཁར་གྱི་གནམ་སྒོར་མཁར་གྱི་ལས། །བྱས་ན་འཕྲལ་དུ་གྱོད་འབྱུང་ངོ་། །བག་མའི་གནམ་སྒོར་བག་མ་ཡི། །གཏོང་ལེན་བྱས་ན་ཡུགས་ས་འབབ། །དུར་གྱི་གནམ་སྒོར་དུར་བཏབ་ན། །དུར་སྲི་བཏུད་ཅིང་ཐ་མར་འཕུང་། །ཤིད་ཀྱི་གནམ་སྒོར་ཤིད་སྟོན་དག །བྱས་ན་འཕྲལ་དུ་གཤིན་ལས་འབབ། །སྤྱི་ཡི་གནམ་སྒོའི་དུས་སུ་ནི། །ལས་དང་བྱ་བ་ཅི་བྱས་འཕུང་། །ཁྱད་པར་སྤྱི་ཡི་མདུན་གྲོས་འཛེམ། ༈ །བཅོ་ལྔ་པ་ནི་ཉེར་མཁོ་ཡི། །འབྲས་རྩིས་སྣ་ཚོགས་བཏུས་པ་ལས། །དྲུག་ཅུ་སྐོར་གྱི་ལོའི་འབྲས་བུ། །དུས་བསྟན་དྲང་སྲོང་ཕུར་བུའི་རྩིས། །རྒྱ་ནག་སྟག་རྣ་ཆེ་ཆུང་ལས། །ཕྱོགས་གཅིག་བསྡུས་ཏེ་བརྗོད་པར་བྱ། །རབ་བྱུང་མེ་མོ་ཡོས་ཀྱི་ལོར། །ཆར་འབབ་ཐང་ཤིང་ལོ་ཏོག་རྒྱས། །བྲ་སྲན་གནག་ལེགས་དཀར་མོ་ཉེས། །ཡུལ་འགར་ཐན་པ་ནམ་སྨད་ཞོད། །ཚ་བའི་ནད་སོགས་ཁྲེའུར་འོང་། །ཚོང་འཕེལ་དམག་འཁྲུག་འཚེ་བ་འབྱུང་། །རྣམ་བྱུང་ས་འབྲུག་ནད་འཁྲུག་ལྡང་། །འབྲུ་འཕེལ་ཁྱད་པར་སོ་ཟར་ལེགས། །གནག་འབྲིང་བཞོན་ལེགས་ཟོང་གསར་མོད། །རྗེ་བློན་གཡོ་ཞིང་ཡུལ་ཐོན་མང་། །སྤྱིར་ན་བཀྲ་ཤིས་བཟང་བར་བརྗོད། །དཀར་པོ་ས་སྦྲུལ་ལ་ཆར་འབབ། །ལོ་མཇུག་ངན་ཞིང་མི་ཕྱུགས་ལ། །ནད་འབྱུང་བྲ་སྲན་མི་སྨིན་ཞིང་། །དཀར་མོ་ལེགས་ལ་འཁྲུག་པ་འོང་། །སྔར་མེད་ཡ་མཚན་ལྟད་མོ་འབྱུང་། །རབ་མྱོས་ལྕགས་རྟར་ཆར་པ་ཆེ། །འབྲུ་རྒྱས་ཁྱད་པར་སོ་ཟར་ལེགས། །ནད་ལས་ལེགས་ཐར་བདེ་བར་སྤྱོད། །སྐྱེས་བདག་ལྕགས་ལུག་ཆར་པ་ཆེ། །ཆུས་ཉེན་རེས་ཐན་གཤོངས་ཞིང་འཕམ། །ནད་རྣམས་རིམ་ཞི་རྩོད་པ་འདུམས། །བཞོན་ལེགས་ལོ་ཏོག་ངང་གིས་བཟང་། །ཨངྐི་ར་ཞེས་ཆུ་སྤྲེའུ་ལོར། །ལོ་ལེགས་ཕྱུགས་ནད་ཡུལ་འགར་འཁྲུག །ནམ་སྟོད་ཐན་ལ་ནམ་སྨད་ཞོད། །འབྲུ་ནོར་འཕེལ་ཞིང་བདེ་སྐྱིད་ལྡན། །དཔལ་གདོང་ཆུ་བྱར་ཕྱུགས་ནད་འབྱུང་། །ཆར་འབབ་འཁྲུལ་པ་ཁྲེའུར་འོང་། །སྐྱ་རྒྱལ་བཀྲ་ཤིས་བདེ་བར་འཚོ། །དངོས་པོ་ཤིང་ཁྱིར་ནམ་སྨད་ཞོད། །འབྲུ་རྒྱས་ཁྱད་པར་སྔ་བཏབ་ལེགས། །ཕྱུགས་ནད་འཐབ་མོ་འཁོལ་བུར་ལྡང་། །སྤྱི་ཙམ་དུ་ནི་བདེ་བར་སྤྱོད། །ན་ཚོད་ལྡན་པ་ཤིང་ཕག་ལོར། །སྔ་ཆར་འབབ་ཅིང་རེས་འགའ་

p. 136

ཐན། །མི་འབྲུ་སྙི་དང་མུ་གེ་འབྱུང་། །བཞོན་ངན་ནད་རིམས་ཁྲེའུར་འོང་། །རྒྱལ་བློན་འཐབ་ཅིང་བུ་ཚ་འཕེལ། །འཛིན་བྱེད་མེ་བྱིར་བར་ཐན་འོང་། །གནག་འབྲིང་དཀར་ལེགས་འཐབ་རྩོད་མང་། །སེར་ཐན་ལ་སོགས་ལོ་དགྲ་དང་། །རིམས་ཕྲན་རྐུན་པོའི་འཇིགས་པ་འབྱུང་། །དབང་ཕྱུག་མེ་གླང་ཆར་པ་ཆུང་། །ནད་མེད་འབྲུ་དཀོན་ཕྱུགས་རྣམས་ཉེས། །རས་ཚྭ་སྦྲང་བུར་ཆང་རྣམས་དཀོན། །གློ་བུར་དུ་ནི་འཁྲུག་པ་འོང་། །འབྲུ་མང་ས་སྟག་རླུང་ལྡང་ཞིང་། །ཆར་འབབ་འབྲུ་འཕེལ་ཕྱུགས་ནི་འབྲིང་། །ཁྲིམས་བཙན་འབངས་མཐུན་མི་འཁྱམས་འགའ། །འཁོན་ཞིང་རྐུན་པོ་ཁོལ་བུར་འོང་། །ནད་མེད་སྤྱི་ཙམ་བདེ་བར་འགྱུར། །མྱོས་ལྡན་ས་ཡོས་ཐན་པ་ཆེ། །ནད་འཁྲུག་དར་ཞིང་མུ་གེ་འབྱུང་། །རྣམ་གནོན་ལྕགས་འབྲུག་ལོ་ཏོག་ལེགས། །དགྲ་རྐུན་འཇིགས་མེད་ནམ་སྨད་ཞོད། །ཟོང་དཀོན་ཀུན་ལ་བཟང་ཞིང་དགེ། ཁྱུ་མཆོག་ལྕགས་སྦྲུལ་ནད་ཕྲན་འབྱུང་། །འབྲས་སོ་བྲ་སྲན་ལེགས་ཁྲེ་ཉེས། །སྤྱིར་ན་ཀུན་ལ་བཟང་ཞིང་ལེགས། །སྣ་ཚོགས་ཆུ་རྟར་ནམ་སྟོད་ཐན། །གྲོ་ནས་ངན་ཞིང་སོ་ཟར་ལེགས། །རིམས་ཕྲན་ལྷོ་ཕྱོགས་མུ་གེ་འབྱུང་། །དགྲ་ཡི་འཇིགས་མེད་སྐྱེ་བོ་རྣམས། །ཡིད་བདེ་སྤྱིར་ན་འབྲིང་དུ་བརྗོད། །ཉི་མ་ཆུ་ལུག་དམག་འཁྲུག་དང་། །མི་ཕྱུགས་ནད་འོང་སྔ་ཐན་ཆེ། །གཤོངས་ཞིང་འཕམ་ཞིང་ཕྱུགས་རྣམས་འབྲིང་། །འབྲས་སོ་ཁྲེ་ལེགས་སད་འོང་ངན། །ཉི་སྒྲོལ་བྱེད་ཅེས་ཤིང་སྤྲེ་ལ། །ནམ་གཞུག་ཆར་ཆེ་འབྲུ་རྣམས་ཉམས། །མི་ཕྱུགས་ནད་མང་ཚོང་འཕེལ་འགྱུར། །ས་སྐྱོང་ཤིང་བྱར་ཆར་འབབ་ཅིང་། །གྲོ་ནས་ཅུང་ངན་ལོ་ཕྱུགས་འབྲིང་། །སད་འབྱུང་ནད་རིམས་ཁྲེའུ་འོང་། །ཡུལ་ཕྱོགས་སྤྱི་ཙམ་བདེ་བར་འགྱུར། །མི་ཟད་མེ་ཁྱིར་ལོ་འབྲས་ལེགས། །ཕྱུགས་འཕེལ་ལ་ལར་ཐན་པ་དང་། །དགྲ་རྐུན་འཇིགས་པས་འཚེ་བར་བྱེད། །ཐམས་ཅད་འདུལ་ཞེས་མེ་ཕག་ལ། །ཆར་སྙོམས་ལོ་ལེགས་ཕྱུགས་རྣམས་འཕེལ། །ནད་འཁྲུག་ལ་སོགས་འཇིགས་པ་འབྱུང་། །ཀུན་འཛིན་ས་བྱིར་རིམས་ནད་དང་། །ཆོམ་རྐུན་དར་ཞིང་འབྲས་སོ་ཉེས། །གནག་འབྲིང་ལོ་ལེགས་བཟང་བ་ཡིན། །འགལ་བ་ས་གླང་ནམ་སྟོད་ཐན། །ནད་རིམས་ཁྲེའུར་འཁྲུག་འཇིགས་འོང་། །ལོ་ཏོག་འབྲིང་པོ་ཙམ་དུ་བརྗོད། །

p. 137

རྣམ་འགྱུར་ལྕགས་སྟག་ལོ་ལེགས་ཤིང་། །ཕྱུགས་ཉེས་རིམས་ནད་ལྷོ་ཕྱོགས་སུ། །དམག་འཁྲུག་གིས་འཇིགས་བུད་མེད་བདེ། །བོང་བུ་ལྕགས་ཡོས་སད་སེར་དང་། །བྱ་བྱིའི་གནོད་པས་ལོ་རྣམས་འབྲིང་། །ཆོམ་རྐུན་འཇིགས་དང་ཡུལ་ཤོལ་མང་། །དགའ་བ་ཞེས་པ་ཆུ་འབྲུག་ལ། །སྐྱ་རྒྱལ་ནད་འཁྲུག་ཅུང་ཟད་འོང་། །བཞོན་ལེགས་སྤྱིར་ན་བཟང་བར་བརྗོད། །རྣམ་རྒྱལ་ཆུ་སྦྲུལ་ནད་འཁྲུག་དང་། །ཐན་པ་བག་ཙམ་འབྱུང་ན་ཡང་། །གནག་ལེགས་གྲོ་དང་དཀར་མོ་འབྲིང་། །སྐྱ་ཡང་ཅུང་ཟད་འཕམ་པར་འགྱུར། །རྒྱལ་བ་ཤིང་རྟ་ལོ་འགོ་ནས། །རྒྱལ་ཞིང་སད་འབྱུང་ནམ་སྨད་ཞོད། །གཤོངས་ཞིང་ངན་ལ་ཕྱུགས་རྣམས་ཉེས། །དཔྱིད་ཀྱི་ར་འབྲིང་ནད་འཁྲུག་ལྡང་། །མྱོས་བྱེད་ཤིང་ལུག་འབྲས་སོ་ཉེས། །ཆར་ཆུང་མཐའ་ལེགས་སད་ཕྲན་འབྱུང་། །མི་ཕྱུགས་ནད་རྒོད་ཤར་ཕྱོགས་སུ། །མུ་གེ་འབྱུང་ཞིང་སྤྱི་ཙམ་འབྲིང་། །གདོང་ངན་མེ་སྤྲེར་གྲོ་ནས་འབྲིང་། །ཏིལ་རྒྱས་གནག་ལེགས་དགྲ་མང་ལ། །སྔ་ཐན་འཁྲུག་དང་སྤྱིར་ངན་ནོ། །གསེར་འཕྱང་མེ་བྱར་ཆར་མི་འབབ། །ལོ་ཉེས་ཁྱད་པར་སོ་ཟར་ཉེས། །ཕྱི་བཏབ་ཅུང་ལེགས་འབངས་ཀྱིས་རྗེར། །རྒོལ་ཞིང་མི་འབྲུ་སྙི་བས་ངན། །རྣམ་འཕྱང་ས་ཁྱིར་སྔ་ཐན་དང་། །སད་ཀྱིས་ལོ་ངན་ཕྱུགས་རྣམས་ཉེས། །རྒྱལ་པོ་ཆོམ་རྐུན་འཇིགས་པས་མནར། །འཁྲུག་པ་ཡམས་ནད་བག་ཙམ་འོང་། །སྒྱུར་བྱེད་ས་ཕག་ཁ་ཆར་ཆེ། །ལོ་འབྲིང་སྐྱ་རྒྱལ་ནད་འཁྲུག་འོང་། །ཆོམ་རྐུན་གྱིས་འཇིགས་སྤྱིར་འབྲིང་ཉིད། །ཀུན་ལྡན་ལྕགས་བྱིར་ནད་རིམས་འོང་། །སྟོན་འབྲིང་ཐན་པས་མུ་གེ་ལྡང་། །ཉོ་ཚོང་མེད་ཅིང་དགྲ་རྐུན་དར། །འཕར་བ་ལྕགས་གླང་ཞོད་མི་སྙོམས། །གྲོ་ནས་འབྲིང་སྟེ་སྐྱ་རྒྱལ་ལ། །ནད་མཚོན་དར་ཡང་སྤྱི་ལ་བཟང་། །དགེ་བྱེད་ཆུ་སྟག་རིན་ཆེན་འབྲུ། །འཕེལ་ཞིང་ཇུ་ཙེ་གནག་རྣམས་འབྲིང་། །དབྱར་སྟོད་ཐན་དང་བྱང་ཕྱོགས་ནས། །འཁྲུག་པ་ལྡང་ཡང་སྤྱིར་བཟང་ངོ་། །མཛེས་བྱེད་ཆུ་ཡོས་ནད་འཁྲུག་དང་། །མུ་གེ་ཁོལ་བུར་འབྱུང་ན་ཡང་། །སྐྱ་རྒྱལ་སྤྱི་ལ་བཟང་བར་བརྗོད། །ཁྲོ་མོ་ཤིང་འབྲུག་སྔ་ཐན་འོང་། །ཞོད་ཆེ་ལོ་ལེགས་ཕ་བུ་འཁྲུག །ནད་དང་དགྲ་རྐུན་འཚེ་བ་མང་། །སྣ་ཚོགས་དབྱིག་ཅེས་ཤིང་སྦྲུལ་ལོར། །ཇུ་ཚེ་ཕལ་རྒྱས་འབྲས་སོ་གྲོ། །དཀར་

p. 138

མོ་འབྲིང་ལ་ནད་འཁྲུག་འབྱུང་། །ཟིལ་གནོན་མེ་རྟར་ལོ་ཕྱུགས་ལེགས། །ལ་ལར་ནད་འབྱུང་རྗེ་དཔོན་གྱི། །ཆད་པས་ཁོལ་ཞིང་སྤྱིར་ན་འབྲིང་། །སྤྲེའུ་མེ་ལུག་ཆར་པ་སྙོམས། །ཅུང་ཟད་སད་ལྡང་སྤྱིར་ལོ་ལེགས། །ཁྱད་པར་བོད་ཡུལ་བདེ་བར་བྱེད། །ཕུར་བུ་ས་སྤྲེར་འབྲས་སོ་འབྲིང་། །ཁྲེ་ཉེས་གནག་ལེགས་བྱང་ཤར་དུ། །མུ་གེ་འཁྲུག་པ་ཅུང་ཟད་འབྱུང་། །འོན་ཀྱང་བོད་ཁམས་བདེ་བར་འགྱུར། །ཞི་བ་ས་བྱར་ནད་འཁྲུག་འོང་། །ནས་བཟང་སོ་ཟར་འབྲས་རྣམས་ཉེས། །ཕྱི་བཏབ་ལེགས་ཀྱང་སྐྱ་འཕམ་འགྱུར། །ཐུན་མོང་ལྕགས་ཁྱིར་སྔ་ཐན་ཡང་། །འབྲུ་ལེགས་སྐྱ་རྒྱལ་ནད་ཁྲེའུར། །འོང་ཞིང་རྒྱལ་པོའི་ཆད་པས་འཇིགས། །འགལ་བྱེད་ལྕགས་ཕག་ཆར་མི་སྙོམས། །སྤྱིར་ན་ལོ་འབྲིང་སྐྱ་རྒྱལ་ཡང་། །ལྷོ་ཕྱོགས་མུ་གེ་ཅུང་ཟད་འོང་། །ཡོངས་འཛིན་ཆུ་བྱིར་ཆར་འབྲིང་ལ། །ཤྭ་འོད་གྲོ་དང་དཀར་མོ་དག །ཉེས་ཀྱང་སྐྱ་རྒྱལ་ནད་འཁྲུག་ལྡང་། །འཕགས་ཡུལ་རྗེ་འབངས་རྣམས་ལ་གནོད། །བག་ཡོད་ཆུ་གླང་ཆར་ལྷགས་ཆེ། །སོ་ཟར་བཟང་ཞིང་དཀར་མོ་ངན། །གནག་འབྲིང་སྐྱ་རྒྱལ་མི་ཆེན་དང་། །ཕྱུགས་རྣམས་ལ་ངན་འཁྲུག་པ་ལྡང་། །ནད་རིམས་ཁོལ་བུར་འོང་ཞེས་བརྗོད། །ཀུན་དགའ་ཤིང་སྟག་ཐན་པ་ཆེ། །དཔོན་རྩོད་གནག་ལེགས་འབྲས་སོ་རྒྱས། །སྐྱ་རྒྱལ་མེ་ཏོག་དམར་འབྲས་ཉམས། །རྐུན་དར་ཤར་ཕྱོགས་མུ་གེ་འབྱུང་། །སྲིན་པོ་ཤིང་ཡོས་སྔ་ཐན་ཞིང་། །གཤོངས་ཞིང་ལོ་ལེགས་སྐྱ་རྒྱལ་ལ། །ལོ་དགྲ་ཕྲན་འོང་སྤྱིར་བཟང་ངོ་། །མེ་ཞེས་མེ་འབྲུག་ལ་རིམས་འོང་། །ཅུང་ཟད་སྐྱ་འཕམ་སོ་ཟར་ལེགས། །དཀར་མོ་གནག་འབྲིང་སེར་བ་རྒོད། །དམར་སེར་ཅན་ཞེས་མེ་སྦྲུལ་ལོར། །ཞོད་ན་ནད་འབྱུང་ཐན་ནད་དཀོན། །གནག་ལེགས་ཕྱི་བཏབ་བཟང་སྐྱ་རྒྱལ། །དམག་འོང་ཤར་ཕྱོགས་མུ་གེ་ལྡང་། །དུས་ཀྱི་ཕོ་ཉ་ས་རྟ་ལ། །སྔ་ཐན་ལོ་ལེགས་སད་ཕྲན་འབྱུང་། །ཕྱུགས་ཉེས་རིམས་ནད་ཁྲེའུར་འོང་། །དོན་གྲུབ་ས་ལུག་སྔ་ཐན་ཞིང་། །ལོ་ལེགས་སྐྱ་རྒྱལ་ཕ་སྤུན་འཁྲུག །རིམས་དང་ཁྱད་པར་རྟ་ནད་འབྱུང་། །དྲག་པོ་ལྕགས་སྤྲེལ་སྔ་བཏབ་ལེགས། །འགྲོ་ཀུན་ནད་འཚེ་འཁྲུག་པ་འོང་། །བློ་ངན་ལྕགས་བྱར་སྔ་ཐན་པས། །ལོ་སྤྱིར་ཉེས་ཀྱང་ཕྱི་བཏབ་ལེགས། །ཡམ་རིམས་གོད་ཁ་ལྷོ་ཕྱོགས་

p. 139

སུ། །སྐྱ་འཕམ་རྐུན་མ་འཁྲུག་རྩོད་འོང་། །རྔ་ཆེན་ཆུ་ཁྱིར་ཆར་པ་ཆེ། །ལོ་ལེགས་རྒྱལ་པོར་དམངས་ཀྱིས་རྒོལ། །ཕྱུགས་ནད་ཐོར་བུ་འབྱུང་བར་འགྱུར། །ཁྲག་སྐྱུག་ཆུ་ཕག་ནམ་སྨད་ཞོད། །སད་སེར་རྒོད་ཀྱང་ལོ་ཏོག་ལེགས། །ནད་འཁྲུག་ཁོལ་བུ་འོང་ཞེས་ཐོས། །མིག་དམར་ཤིང་བྱིར་ནས་འབྲིང་ལ། །འབྲས་སོ་ལེགས་ཤོང་ཆོམ་རྐུན་རྒོད། །འཁྲུག་རྩོད་དར་ལ་མི་འབྲུ་སྙི། །ཁྲོ་བོ་ཤིང་གླང་སྔ་ཐན་ལ། །ཕྱི་ཞོད་ལོ་ལེགས་འཁྲུག་པར་ལྡང་། །ནད་རྐུན་མང་ཡང་སྤྱིར་བཟང་ངོ་། །ཟད་བྱེད་མེ་སྟག་ལོ་འབྲིང་ལ། །ཕྱུགས་ཉེས་སྔ་ཐན་དཔྱིད་ལྷགས་འབྱུང་། །ས་གཡོ་མི་མ་ཡིན་གྱིས་འཚེ། ༈ །དེ་ནས་གྲུབ་མཐའི་ལོ་གཟའི་འབྲས། །བྱེད་ལོ་རྒྱལ་བློན་བཅས་པ་ཡི། །གཟའ་ལའང་ཁ་བསྒྱུར་བཀོད་ཆོག་པའི། །འབྲས་བུ་བསྡོམས་ཏེ་བཤད་པར་བྱ། །ཉི་མ་ལ་ནི་ཐན་པ་ཆེ། །རྩི་ཤིང་ངན་ཞིང་ལོ་ནད་མང་། །གཟའ་སྐར་འོད་དམན་སྨན་སྟོབས་ཆུང་། །ཡུལ་འཁྲུག་མི་ནད་ཕྱུགས་ནད་འབྱུང་། །ཟླ་བ་ལ་ནི་ཆར་པ་ཆེ། །རྩི་ཤིང་ལོ་ཏོག་བཞོན་རྣམས་རྒྱས། །སྨན་རྣམས་བཅུད་ལྡན་མི་ཕྱུགས་དར། །མི་བདག་ཁྲིམས་བཙན་ཡུལ་ཁམས་བདེ། །མིག་དམར་ལ་ནི་ཆར་པ་ཆུང་། །རྩི་ཤིང་ལོ་ཏོག་འབྲས་བུ་ངན། །ཆོམ་རྐུན་འཐབ་རྩོད་ནད་ཀྱིས་འཚེ། །མི་བདག་བྱམས་པས་འབངས་མི་སྐྱོང་། །ལྷག་པ་ལ་ནི་ཆར་ཞོད་སྙོམས། །སྨན་བཅུད་ལྡན་ཞིང་ལོ་འབྲས་རྒྱས། །ངོ་མཚར་སྒྱུ་མས་འགྲོ་བ་བསླུ། །རྒྱལ་ཁྲིམས་བཙན་ཞིང་འབངས་ཀུན་བདེ། །བསྟན་བཅོས་མངོན་ཤེས་བློ་ལྡན་འགྱུར། །ཕུར་བུ་ལ་ནི་ཆར་པ་ཆེ། །ལོ་ལེགས་མེ་ཏོག་རྩི་ཤིང་རྒྱས། །མི་ཕྱུགས་ཀུན་བདེ་ཡ་རབས་དང་། །རྒྱལ་པོ་གཞིར་གནས་འཐབ་རྩོད་བྲལ། །མཆོད་སྦྱིན་རྣམ་པར་འཕེལ་ཞིང་རྒྱས། །པ་ཝ་སངས་ལ་ཆར་ཆུ་སྙོམས། །ལོ་ལེགས་འབྲུ་དང་རྩི་ཐོག་རྒྱས། །དགའ་སྟོན་རྣམས་འཕེལ་ཕས་རྒོལ་སྡེ། །འཇོམས་ཤིང་སྐྱེ་དགུ་བདེ་སྐྱིད་ལྡན། །སྤེན་པ་ལ་ནི་ཐན་པ་ཆེ། །ནོར་དང་འབྲུ་རྣམས་མི་འཕེལ་ཞིང་། །སྐྱེ་བོ་ཀུན་རྩོད་ཆོམ་རྐུན་དང་། །ནད་མུག་འཇིགས་པས་ཀུན་ཏུ་མནར། །དེ་ཡང་ཉི་མ་ལོར་ཞུགས་སོགས། །རང་རང་ཁ་བསྒྱུར་ཁྱད་པར་དུ། །རྒྱལ་བློན་གང་ཡིན་འབྲས་བཤད་རྗེས། །རྒྱལ་ཁ་བློན་གྱིས་བསྒྱུར་

p. 140

བའི་ཕྱིར། །རྒྱལ་པོ་ལས་ཀྱང་བློན་པོ་ཡི། །འབྲས་བུ་གཙོ་བའི་ཁ་བྱང་གདགས། ༈ །དེ་ནས་ལོ་སྐར་འབྲས་བུ་ནི། །ཐ་སྐར་བྲ་ཉེ་ཆར་ཆེན་འབབ། །རྒྱལ་པོ་སྟོབས་ཆེ་འབྲུ་རྣམས་རྒྱས། །ཡུལ་ཁམས་བདེ་སྐྱིད་ལྡན་པར་འགྱུར། །སྨིན་དྲུག་སྣར་མར་ཤིང་མཁན་དང་། །མགར་བ་བ་གླང་ནད་ཀྱིས་འཇིགས། །མི་རྣམས་བདེ་ཞིང་ལོ་ལེགས་ལ། །མེ་ཏོག་དཀར་སེར་ལས་སྐྱེས་པའི། །འབྲས་བུ་རྣམས་རྒྱས་རྒྱལ་པོ་རྩོད། །མགོ་ལག་ཆར་འབབ་རྒྱལ་པོ་འཁྲུག །རིར་གནས་སྒོང་སྐྱེས་སེམས་ཅན་དག །མི་དགེ་སྐྱ་ཡང་ཅུང་ཟད་འཕམ། །ནབས་སོ་རྒྱལ་ལ་རྩོད་པ་འདུམས། །ལོ་ལེགས་སྔགས་བོན་དར་བར་འགྱུར། །སྐག་མཆུ་གྲེ་ལ་ཆར་ཆུ་དང་། །ལོ་ལེགས་ཀུན་མཛའ་བདེ་བར་སྤྱོད། །དབོ་དང་མེ་བཞིར་ལོ་ལེགས་ཉེས། །མི་སྙོམས་ཆོམ་རྐུན་རྒྱལ་པོས་འཇིགས། །ནག་པ་ས་རིར་ཆར་མི་འབབ། །འབྲུ་དཀོན་མུ་གེས་མནར་བར་འགྱུར། །ས་ག་ལྷ་མཚམས་ལ་ལོ་ལེགས། །འགྲོ་ཀུན་ཆོས་སྤྱོད་འཇིགས་དང་བྲལ། །སྣྲོན་སྣྲུབས་གཉེན་གྱི་དམ་པ་ནི། །ཕུ་ནུར་བཅས་པ་ལོངས་སྤྱོད་རྒྱས། །རྒྱལ་ཁམས་ཀུན་བདེ་ལོ་ལེགས་ལ། །ཆོས་སྤྱོད་སྐྱེས་བུར་ནད་ཕྲན་འབྱུང་། །ཆུ་སྟོད་ཆུ་སྨད་ཆར་དང་ལོ། །མི་སྙོམས་དགེ་སྡིག་འདྲེས་མར་སྤྱོད། །གྲོ་བྱི་བཞིན་དང་མོན་དྲེ་ལ། །ལོ་ལེགས་མེ་ཏོག་སྨིན་པའི་སར། །ནད་འོང་གཞན་ཀུན་བདེ་བར་སྤྱོད། །མོན་གྲུ་ཁྲུམས་སྟོད་གཉིས་པོ་ལ། །ལོ་ལེགས་སྐྱ་རྒྱལ་བདེ་བར་འགྱུར། །ཁྲུམས་སྨད་ནམ་གྲུར་ཡུལ་ཁྲེའུར། །ལོ་ལེགས་རྒྱལ་ཁྲིམས་བཙན་ཞིང་དགེ། ༈སྨེ་བ་དབུས་ཞུགས་འབྲས་བུ་ནི། །གཅིག་དཀར་དབུས་ཞུགས་ཡུལ་ཁམས་འཁྲུག །ཆུ་ཆེ་ཡུལ་འཕོ་མི་འབྲུ་སྙི། །གཉིས་ནག་དབུས་ཞུགས་ཡུལ་འཕོ་མང་། །ཆུ་ཆེ་སྐྱེས་པ་མི་འབྲུ་སྙི། །འབྲས་བུ་མི་སྨིན་གཟེར་ནད་དང་། །འཁྲུག་པ་ཆེན་པོ་ལྡང་བར་འགྱུར། །གསུམ་མཐིང་སྐྲང་ལོ་ལྷོག་ནད་འོང་། །ཤིང་འབྲས་སྐེམས་ཤིང་བྱིས་པར་ངན། །བཞི་ལྗང་བུད་མེད་ལ་ངན་ཞིང་། །འབྲུམ་རིམས་མ་མོའི་ནད་ཡམས་འོང་། །ལྔ་སེར་དགེ་བཤེས་ཆེན་པོར་ངན། །རྒྱལ་པོ་དམངས་འབེབས་ལོ་ཉེས་འཁྲུག །དྲུག་དཀར་མི་ལ་གཟའ་ནད་འབྱུང་། །ཡ་རབས་གོང་མ་རྣམས་ལ་ངན། །བདུན་དམར་ལ་འཁྲུག་དམར་

p. 141

ངོ་ཆེ། །ཕྱུགས་དང་རྐང་ཕྲན་རྣམས་ལ་ངན། །བརྒྱད་དཀར་ཐན་ཆེ་རླུང་དམར་ལྡང་། །རྩད་པོའི་བུར་ངན་འཐབ་མོ་འབྱུང་། །དགུ་དམར་རྒྱལ་པོ་རྒན་རིམ་དང་། །བུད་མེད་ལ་ངན་ལོར་བཙའ་འོང་། །མི་འབྲུ་སྙི་ཞིང་ཕྱུགས་རྣམས་ཉེས། །བྱིས་པ་རྣམས་ནི་དྭ་བོར་ལུས། །ཁྱད་པར་སྟག་སྤྲེལ་ཕག་སྦྲུལ་བཞིའི། །ལུས་སྨེ་གཉིས་ནག་དབུས་ཞུགས་ཚེ། །ལོ་ནག་ཅེས་གྲགས་དེ་ཡི་དུས། །ཁང་གསར་རྨང་འདིང་ཁང་རྙིང་བཤིག །རྟེན་ཆེན་བཞེངས་དང་ཆུ་འདྲུ་བ། །རི་བརྡལ་བྲག་གཤག་ཤིང་གཅོད་དང་། །བག་མ་གཏོང་ལེན་དམག་ཇག་སོགས། །འདུ་ལོང་གལ་ཆེན་བྱ་བ་འཛེམ། །གསུམ་མཐིང་དབུས་ཞུགས་ནག་ཆུང་སྟེ། །འབྲས་བུ་སྔར་དང་ཆ་འདྲ་ཡང་། །ཅུང་ཟད་ཉེས་པ་ཆུང་བར་བཤད། ༈ །གཞན་ཡང་ཁྱིམ་སླེབས་གཟའ་འབྲས་ནི། །དྲག་མོ་ལ་ནི་དམངས་རིགས་དང་། །ཚོང་པ་ཐམས་ཅད་བདེ་བར་བྱེད། །བྱ་རོག་མ་ལ་རྗེ་རིགས་བདེ། །གསུས་པོ་ཆེ་ལ་རྐུན་མ་མང་། །ཐམས་ཅད་བདེ་བར་མི་འགྱུར་རོ། །མཐོ་རིས་གངྒཱ་མ་ཡིས་ནི། །མི་བདག་ཐམས་ཅད་བདེ་བར་བྱེད། །དལ་མས་བྲམ་ཟེ་ཀུན་བདེར་བྱེད། །སྣ་ཚོགས་མ་ཡིས་ཕྱུགས་རྣམས་བདེ། །ཕྱུགས་ཀྱི་ལས་ཀུན་དེ་ལ་བྱ། །སྲིན་པོའི་རྣལ་འབྱོར་མས་གཏུམ་སྟེ། །གདོལ་པ་ཐམས་ཅད་བདེ་བར་བྱེད། ༈ །དེ་ནས་བུམ་སྟོང་འབྲས་བུ་ནི། །ལུག་སེང་གཞུ་གསུམ་ཤར་ན་གནས། །གླང་དང་བུ་མོ་ཆུ་སྲིན་ལྷོ། །འཁྲིག་པ་སྲང་དང་བུམ་པ་ནུབ། །ཀརྚ་སྡིག་པ་ཉ་རྣམས་བྱང་། །ཁྱིམ་གང་ཉི་མ་གནས་པའི་ཕྱོགས། །བུམ་སྟོང་ཕྱོགས་གཞན་གསུམ་པོ་ནི། །གང་བའི་བུམ་པའོ་འབྲས་བུ་ཡང་། །བུམ་སྟོང་ཕྱོགས་དེར་ལྟད་མོ་དང་། །ལམ་ཞུགས་གཏམ་གཏོང་དམག་ཤགས་འགྱེད། །དགེ་བཤེས་ཁྲི་ཁ་བསྟན་སོགས་ལ། །འཆི་ལ་ཐུག་པའི་ཉེས་པ་འབྱུང་། །གང་བའི་བུམ་པའི་ཕྱོགས་ཕྱིན་ན། །མི་མཐུན་ལས་རྒྱལ་བཀྲ་ཤིས་སོ། །ཁྱད་པར་གང་བའི་བུམ་པའི་སར། །བསོད་ནམས་གཟའ་དང་རང་ཉིད་ཀྱི། །སྐྱེས་མིང་སྐར་མ་སྣང་གྱུར་བ། །ཕྱོགས་དེར་དགྲ་ཐུལ་རྙེད་པ་ཐོབ། །དོན་ཀུན་འགྲུབ་པས་བཟང་བར་བརྗོད། །དེ་ལས་བཟློག་ནས་བུམ་སྟོང་སར། །རང་གི་སྐྱེས་མིང་སྐར་མ་དང་། །དྲག་གཟའ་འཛོམ་ན་མི་དགེའོ། ༈ །རྀ་ཥི་

p. 142

ཤར་ནས་ཞག་བདུན་བར། །ཆུ་རྣམས་བདུད་རྩིར་འགྱུར་བའི་འབྲས། །ཉི་མའི་འོད་ཀྱིས་གདུངས་བྱས་ཤིང་། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥི་ཤར་བས་དུག་མེད་བྱས། །ཉིན་མཚན་གཉིས་ཀར་སྦྱང་ཆུ་བཏུང་། །ཞེས་སོགས་ཡན་ལག་བརྒྱད་པར་བཤད། ༈ །ཕག་ཞག་འབྲས་བུ་ཞག་བདུན་བར། །ཆར་བབ་དུག་ཆར་འབྲུ་བཅུད་ཉམས། །བཞོན་མ་ཕྱིར་གཏོང་སྨན་དཔྱད་དང་། །ཆུ་ཡི་ལས་རྣམས་ངན་པས་འཛེམ། ༈ །དབང་ཕྱུག་མཇལ་འཕྲད་འབྲས་བུ་ནི། །གཟིམས་མཇལ་སྐར་མདའ་ས་གཡོས་རླུང་། །ཐོག་དང་རྒྱལ་པོའི་ཆད་པས་འཇིགས། །དམག་འཁྲུག་རྐུན་པོ་མང་བ་དང་། །ཉི་ཟླ་གཟའ་སྐར་འོད་མི་འབྱིན། །བཞུགས་མཇལ་ཐམས་ཅད་བློ་མི་བདེ། །ནད་མང་འཇིགས་དང་གྲོད་པ་ཆེ། །རྫུན་མང་མཛའ་བོ་འཐབ་པར་འགྱུར། །བཞེངས་མཇལ་ཆར་ཆུ་ལོ་འབྲས་ལེགས། །མུ་གེ་བྲལ་ཞིང་འཁྲུག་པ་མེད། །རྒྱལ་པོ་དགེ་བྱེད་སྟོབས་དང་ལྡན། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད། ༈ །དེ་ནས་ཉེ་བར་མཁོ་བ་ཡི། །སྒོས་འབྲས་ཐོར་བུ་འགའ་ཞིག་བཤད། ༈ །རབ་བྱུང་འཆད་ཉན་བྱེད་པའི་རྩིས། །ཉི་མ་ཕུར་བུ་པ་སངས་བཟང་། །དམར་སྤེན་ངན་ཞིང་ཟླ་ལྷག་གཉིས། །རབ་བྱུང་ངན་ཡང་འཆད་ཉན་བཟང་། །སྐར་མ་མགོ་ལག་ནབས་སོ་རྒྱལ། །མཆུ་དང་མེ་བཞི་ནག་ས་རི། །ས་ག་མོན་དྲེ་མོན་གྲུ་དང་། །ཆུ་སྟོད་རྣམས་བཟང་རབ་བྱུང་ནི། །སྣྲོན་འབྲིང་གྲོ་བཞིན་ངན་པ་སྟེ། །འཆད་ཉན་ལ་ནི་གྲེ་དབོའང་བཟང་། །ལུག་གླང་ཆུ་སྲིན་སེང་གེ་བུམ། །ཉ་བཟང་འཁྲིག་གཞུ་བུ་མོ་ངན། །ཚེས་གྲངས་གསུམ་ལྔ་བཅུ་བཅུ་གཅིག །བཅུ་བཞི་ཉེར་གསུམ་བཟང་བ་ཡིན། །ཉི་མ་འབྲུག་དང་ཕག་གཉིས་དགེ། ལུག་གླང་གཉིས་པོ་ངན་པ་ཡིན། ༈ །དཀྱིལ་འཁོར་འདྲི་དང་སྒྲུབ་མཆོད་ནི། །ཧོར་ཟླ་དགུ་པའི་བཅོ་ལྔ་ནས། །བཞི་པའི་ཉའི་བར་བདུན་པོ་ཡི། །ཡར་ངོའི་ཚེས་གཅིག་གསུམ་ལྔ་བདུན། །བརྒྱད་བཅུ་བཅུ་གཅིག་བཅུ་གསུམ་དང་། །བཅུ་བཞི་བཅོ་ལྔ་གཟའ་ཕུར་བུ། །ཟླ་བ་པ་སངས་ཉི་མ་བཞི། །སྐར་མ་རྒྱལ་སྐག་ས་ག་དང་། །མེ་བཞི་ཐ་སྐར་སྣྲོན་རྣམས་བཟང་། །ཁྱད་པར་ཡར་ངོའི་ཚེས་བརྒྱད་དང་། །གཟའ་ཕུར་སྐར་མ་རྒྱལ་རྣམས་ལ། །མཆོག་ཏུ་བཟང་ཞིང་གཟའ་

p. 143

སྐར་དག །ལེགས་ན་མར་ངོ་ལ་ཡང་རུང་། །སྦྱོར་ངན་དགུ་དང་བིཥྚི་རྣམས། །སྤངས་ནས་དཀྱིལ་འཁོར་འདྲི་བསྒྲུབ་བྱ། ༈ །རབ་གནས་བྱ་བའི་རྩིས་འབྲས་ནི། །དགུན་ཉི་ལོག་ནས་བྱང་བགྲོད་ཀྱི། །ཟླ་བ་དྲུག་པོའི་ཡར་ངོ་ཡི། །ཚེས་གཉིས་གསུམ་བརྒྱད་བཅུ་གསུམ་དང་། །བཅོ་ལྔ་རྣམས་བཟང་གཟའ་སྐར་དང་། །འཛོམ་ན་ཉེར་དགུ་གནམ་གང་གཉིས། །སྤངས་པའི་མར་ངོའི་ཕྱོགས་ལའང་རུང་། །གཟའ་ནི་ཕུར་ལྷག་སངས་ཟླ་བཟང་། །སྐར་མ་སྣར་མགོ་ལག་རྒྱལ་དབོ། །མེ་བཞི་ལྷ་མཚམས་སྣྲོན་དང་སྣྲུབས། །ཆུ་སྟོད་ཆུ་སྨད་ཁྲུམས་སྨད་བཟང་། །གཟའ་ཚེས་འཕྲོད་སྦྱོར་བཟང་བ་ནི། །ཚེས་གསུམ་དྲུག་པ་བདུན་པ་དང་། །བཅུ་དང་བཅུ་གཅིག་ཟླ་བ་ཤིས། །གཉིས་བཞི་བརྒྱད་བཅུ་བཅུ་གཅིག་ལྷག །གཉིས་བདུན་དགུ་དང་བཅུ་གཅིག་ཕུར། །དྲུག་བདུན་བཅུ་ངོར་པ་སངས་དགེ། ཞེས་པ་དེ་རྣམས་རབ་གནས་རྒྱུད། །རིག་པ་མཆོག་ལས་གསུངས་པ་ཡིན། །གཞན་ལས་དེ་སྟེང་ཚེས་ལྔ་བཅུ། །གཟའ་ནི་ཉི་མ་སྐར་མ་ཡང་། །བྱི་བཞིན་ཁྲུམས་སྟོད་བཟང་བར་བཤད། །དུས་སྦྱོར་གླང་སེང་སྡིག་བུམ་ཤིས། །ཉི་མ་གླང་སྟག་ཡོས་འབྲུག །་བཟང་། །བིཥྚི་སྲེག་ཚེས་འཆི་སྦྱོར་དང་། །ས་བདག་ངན་རྣམས་སྤངས་ཏེ་བྱ། ༈ །རྒྱལ་སར་བསྐོ་སོགས་ཆེ་འདོན་རྩིས། །ཉི་མ་ཕུར་བུ་བཀྲ་ཤིས་བཟང་། །ཟླ་ལྷག་སངས་འབྲིང་སྤེན་པ་ངན། །སྣར་མགོ་རྒྱལ་སྣྲོན་ལྷ་མཚམས་དང་། །ཆུ་སྨད་མོན་གྲུ་དབོ་ཁྲུམས་སྨད། །ནམ་གྲུ་སྨིན་དྲུག་ས་རི་དང་། །ནབས་སོ་མེ་བཞི་ཆུ་སྟོད་བཟང་། །གྲོ་བཞིན་བྱི་བཞིན་སྣྲུབས་ས་ག །བྲ་ཉེ་ལག་སྐག་མཆུ་ནག་པ། །མོན་དྲེ་རྣམས་ནི་ངན་པས་སྤང་། །ཚེས་གཅིག་གཉིས་བརྒྱད་དགུ་བཅུ་དང་། །བཅུ་གཅིག་བཅུ་གཉིས་བཅུ་གསུམ་པ། །བཅོ་ལྔ་བཅོ་བརྒྱད་རྣམས་ལ་བཟང་། །ཉི་མ་སྟག་ཡོས་འབྲུག་རྟ་དགེ། སྦྲུལ་སྤྲེ་ངན་ལ་དུས་སྦྱོར་ནི། །སེང་གེ་བཟང་ཞིང་གཞུ་བུམ་ཉ། །རུང་བ་ཙམ་སྟེ་ཆུ་སྡིག་ངན། ༈ །བྲན་གཡོག་བསྟེན་པའི་རྩིས་འབྲས་ནི། །ཟླ་བ་ལྷག་པ་པ་སངས་བཟང་། །ཉི་ཕུར་འབྲིང་སྟེ་དམར་སྤེན་ངན། །སྐར་མ་ནབས་སོ་རྒྱལ་མཆུ་དབོ། །སྣྲུབས་དང་ཆུ་སྟོད་ཆུ་སྨད་དང་། །ཁྲུམས་སྟོད་ཁྲུམས་སྨད་རྣམས་བཟང་སྟེ། །གྲེ་དང་སྣྲོན་ངན་ཚེས་གྲངས་ནི། །

p. 144

བཞི་ལྔ་བཅུ་དྲུག་ཉེར་བཞི་བཟང་། །གཅིག་གཉིས་བརྒྱད་དང་ཉ་བཅུ་དྲུག །བཅུ་བདུན་བཅོ་བརྒྱད་བཅུ་དགུ་རྣམས། །བཏང་སྙོམས་དེ་ལྷག་ཀུན་ངན་ནོ། །དུས་སྦྱོར་ལུག་གླང་སེང་གེ་གཞུ། །ཆུ་སྲིན་བཟང་ལ་ཀར་སྲང་ངན། །ཉི་མ་རྟ་བཟང་སྦྲུལ་ཉི་དང་། །སྤར་ཁོན་ས་ཡི་འཕུང་བྱེད་ངན། ༈ །བྱིས་པ་སྒོ་ཁྲིད་བྱེད་པའི་རྩིས། །དྲག་གཟའ་གསུམ་དང་སྨིན་དྲུག་སྐག །བྲ་ཉེ་སྤངས་པའི་ཡར་ངོ་ཡི། །གཟའ་སྐར་འཕྲོད་སྦྱོར་བཟང་པོར་བྱ། །དེ་བཞིན་སྲས་བུ་ལ་སོགས་པ། །གནས་རྒྱུའི་ས་བདག་ངན་པ་དང་། །ཁྱད་པར་བུ་ཆུང་གནམ་སྒོ་མེད། །སྤར་ཁའི་གཉན་དུས་གཅིག་དཀར་དང་། །འདྲེ་ལྔ་བདུད་གཅོད་སྒྲ་གཅན་སོགས། །དྲག་པོའི་གདོང་ཐུག་ཕྱོགས་རྣམས་འཛེམ། ༈ །བག་མ་གཏོང་ལེན་བྱེད་པའི་རྩིས། །ཟླ་བ་ཕུར་བུ་པ་སངས་བཟང་། །ཉི་མ་མིག་དམར་ལྷག་སྤེན་ངན། །ས་རི་ཆུ་སྨད་དབོ་གསུམ་བཟང་། །གྲོ་བཞིན་ཚུར་ལེན་བཟང་བ་སྟེ། །ནབས་སོ་མགོ་རྒྱལ་ས་ག་བཞི། །ལེན་པར་བཟང་ཡང་གཏོང་བ་ངན། །དེ་ལྷག་ཐམས་ཅད་ངན་པས་སྤང་། །དུས་སྦྱོར་གླང་འཁྲིག་སེང་གཞུ་ཉ། །བུ་མོ་རྣམས་བཟང་ལུག་སྲང་སྡིག །ཆུ་སྲིན་རྣམས་ནི་ངན་པ་ཡིན། །རྟེན་འབྲེལ་འདུ་བྱེད་སྐྱེ་མཆེད་ཚོར། །ལེན་སྲེད་རྣམས་བཟང་ཉི་མ་ནི། །ཡོས་ལུག་སྤྲེའུ་བཟང་སྟག་སྦྲུལ་ཁྱི། །བྱི་བ་གླང་རྣམས་ངན་པ་ཡིན། །བིཥྚི་རྒྱུ་དང་འཆི་སྦྱོར་དང་། །འཇིག་བདུད་མི་འཕྲོད་མི་མཐུན་ཉི། །སྤར་ལི་གཉིས་ནག་གསུམ་མཐིང་འཆར། །ལོ་ཟླ་ཉི་མ་ནག་པ་སོགས། །ལོ་ཟླ་ཞག་དུས་གནས་རྒྱུ་ཡི། །ས་བདག་ངན་པའི་ཕྱོགས་སུ་འཛེམ། །གདགས་ཀྱི་ལྷ་དྲུག་གནས་ཕྱོགས་དང་། །བདུད་རྩི་ཐུན་མཚམས་གཟའ་སྐར་གྱི། །འཕྲོད་སྦྱོར་བཟང་པོ་རྣམས་ལ་བྱ། ༈ །སྐྲ་འཁྲུ་བ་དང་ཁྲུས་བྱེད་རྩིས། །ཟླ་ལྷག་པ་སངས་ཕུར་བུ་བཟང་། །མིག་དམར་སྤེན་པ་ངན་པ་ཡིན། །ཉི་མར་ཁྲུས་བཟང་སྐྲ་འཁྲུ་ངན། །དབྱུག་སྨིན་སྣར་མགོ་ལག་ས་རི། །ལྷ་མཚམས་ཆུ་སྟོད་ཆུ་སྨད་ནག །བྱི་བཞིན་མོན་དྲེ་ཁྲུམས་སྨད་དང་། །ནམ་གྲུ་རྣམས་ནི་སྤྱིར་བཟང་ཞིང་། །ཁྱད་པར་གྲོ་བཞིན་སྐྲ་འདྲེག་བཟང་། །བྲ་ཉེ་རྒྱལ་མཆུ་གྲེ་ས་ག །ཁྲུམས་སྟོད་རྣམས་ངན་གཞན་བཏང་སྙོམས། །བུ་མོ་ཆུ་སྲིན་བུམ་ཉ་བཟང་། །སྲང་དང་ཀརྚ་ངན་

p. 145

པ་ཡིན། །ཚེས་གསུམ་བཞི་ལྔ་དྲུག་བརྒྱད་བཅུ། །དྲག་འདོད་ཚེས་དང་མི་བདག་སྐྱོན། །བཅུ་དགུ་ཉེར་གཉིས་ཉེར་གསུམ་དང་། །ཉེར་དྲུག་རྣམས་བཟང་ལྷག་རྣམས་ངན། །ཉི་མ་སྟག་ཁྱི་གཉིས་པོར་འཛེམ། ༈ །གོས་དྲ་གོས་གྱོན་རྒྱན་འདོགས་རྩིས། །ལྷག་ཕུར་སངས་གསུམ་དྲ་གྱོན་བཟང་། །ཉི་ཟླ་དམར་སྤེན་ངན་པར་བརྗོད། །སྣར་མ་ནབས་སོ་རྒྱལ་མེ་བཞི། །ས་རི་ས་ག་ལྷ་མཚམས་ནག །མོན་དྲེ་ཁྲུམས་སྨད་ཆུ་སྨད་དང་། །གྲོ་བཞིན་དབྱུག་གུར་དྲ་གྱོན་དང་། །ནམ་གྲུར་གྱོན་བཟང་དེ་ལྷག་ངན། །གླང་འཁྲིག་བུ་མོ་སེང་བཞི་པོ། །དྲ་གྱོན་སྤྱིར་བཟང་བྱེ་བྲག་ཉ། །འདྲ་དང་གཞུ་ནི་གྱོན་པར་བཟང་། །ཆུ་སྲིན་དྲ་དང་ཀར་སྡིག་གཉིས། །གྱོན་པར་ངན་ལ་ཁྱི་ཉི་ནི། །འདྲར་བཟང་ཚེས་གྲངས་བརྒྱད་པ་དང་། །སྤྲེའུ་ཉི་དྲ་གྱོན་གཉིས་ཀར་ངན། །རྒྱན་འདོགས་པ་ལ་ཉི་ཟླ་ལྷག །སངས་ཕུར་བཟང་ཞིང་དམར་སྤེན་ངན། །སྨིན་དྲུག་མགོ་ལག་ནབས་སོ་རྒྱལ། །མཆུ་གྲེ་དབོ་དང་མེ་བཞི་ནག །ལྷ་མཚམས་སྣྲོན་སྣྲུབས་ཆུ་སྟོད་སྨད། །གྲོ་བཞིན་བྱི་བཞིན་མོན་དྲེ་དང་། །ཁྲུམས་སྨད་རྣམས་བཟང་བྲ་ཉེ་དབྱུག །སྐག་དང་མོན་གྲུ་ངན་པ་ཡིན། །གླང་འཁྲིག་བུ་མོ་གཞུ་སེང་གེ། ཉ་ཡི་དུས་སྦྱོར་རྟ་སྤྲེའི་ཉི། །བདུད་རྩི་ཐུན་མཚམས་ཟིན་ཚེས་འཆར། །རྟེན་འབྲེལ་འདུ་བྱེད་འབྱུང་འཕྲོད་ནི། །ས་ཆུ་འཕྲད་པ་རྣམས་བཟང་ངོ་། ༈ །རྟ་ཕྱུགས་འདུལ་བཅོས་བྱེད་པའི་རྩིས། །རྟ་འདུལ་ཉི་མིག་སངས་ཕུར་བཟང་། །ཟླ་ལྷག་འབྲིང་ལ་སྤེན་པ་ངན། །བཅོས་བྱེད་ཟླ་ལྷག་བཟང་བ་སྟེ། །ཉི་སྤེན་ངན་ལ་མིག་དམར་ནི། །མེ་རྒྱག་བཟང་ཡང་བཅོས་གཞན་ངན། །སྨིན་དྲུག་སྣར་མ་མེ་བཞི་ནག །རྟ་འདུལ་བཟང་ཞིང་ཆུ་སྨད་དང་། །མོན་དྲེ་མོན་གྲུ་ས་རི་རྣམས། །བཅོས་བྱེད་ལ་བཟང་མགོ་ནབས་སོ། །གྲོ་བྱི་བཞིན་རྣམས་འདུལ་བཅོས་བཟང་། །ས་རི་མོན་གྲུ་ཁྲུམས་སྟོད་དང་། །ཆུ་སྟོད་འདུལ་ངན་ལྷ་མཚམས་སྐག །བཅོས་ངན་མཆུ་གྲེ་གཉིས་ཀར་ངན། །མེ་བཞི་ཟེ་རྔོག་འདྲེག་པ་དང་། །ནམ་གྲུ་སྐག་ལ་བྱ་གཅོད་བཟང་། །གྲོ་བཞིན་བྱི་བཞིན་བྱ་གཏོང་ངན། །དུས་སྦྱོར་གླང་སེང་གཞུ་བཟང་སྟེ། །ཀར་བུམ་གཉིས་ངན་ཉི་མ་ནི། །ཡོས་བཟང་བྱི་རྟ་ངན་པར་དྲན། །གནག་ཕྱུགས་འདུལ་བ་ཟླ་ལྷག་སངས། །ཕུར་སྤེན་བཟང་

p. 146

ལ་ཉི་མིག་ངན། །ཐ་སྐར་མེ་བཞི་ས་རི་སྣར། །ས་ག་ཆུ་སྟོད་གྲོ་བྱི་བཞིན། །མགོ་རྒྱལ་ནག་པ་ཁྲུམས་སྟོད་དང་། །མོན་དྲེ་ནམ་གྲུ་ཕྱུགས་འདུལ་བཟང་། །ནབས་སོ་མོན་གྲུ་གཉིས་འབྲིང་སྟེ། །བྲ་ཉེ་སྨིན་དྲུག་སྐག་མཆུ་གྲེ། །དབོ་དང་ལྷ་མཚམས་རྣམས་ལ་ངན། །དུས་སྦྱོར་སྲང་གཞུ་བུམ་ཉ་དང་། །ཉི་མ་ཡོས་བཟང་ཚེས་དྲུག་དྲག །མི་བདག་བཅུ་དགུ་ཉེར་ལྔ་དང་། །ཉེར་དྲུག་རྣམས་ལ་བཟང་བ་ཡིན། ༈ །གསོན་དགེ་བྱ་བའི་འབྲས་རྩིས་ནི། །ལྷག་ཕུར་སངས་བཟང་ཟླ་ཉི་འབྲིང་། །མིག་དམར་སྤེན་པ་ངན་པར་བརྗོད། །སྣར་མགོ་ལག་དང་ནབས་སོ་རྒྱལ། །མེ་བཞི་ས་རི་མོན་དྲེ་དབོ། །མོན་གྲུ་བྱི་བཞིན་ཁྲུམས་སྟོད་སྣྲོན། །མཆུ་གྲེ་ནག་པ་ནམ་གྲུ་བཟང་། །བྲ་ཉེ་ཁྲུམས་སྨད་གྲོ་བཞིན་དང་། །སྐག་ངན་དུས་སྦྱོར་གླང་སེང་གཞུ། །བུམ་པ་བུ་མོ་བཟང་བ་སྟེ། །སྲང་སྡིག་ཆུ་སྲིན་ལུག་རྣམས་ངན། །ཉི་མ་འབྲུག་དགེར་བྱ་ཉིར་འཛེམ། ༈ །གཤིན་ལས་བྱེད་པའི་འབྲས་རྩིས་ནི། །ཟླ་ལྷག་ཕུར་སངས་གཤིན་ལས་སྤྱིར། །བཟང་ཡང་ལྷག་པར་དུར་སྤོ་འདེབས། །པ་སངས་མེར་བསྲེག་སར་སྦ་དང་། །ཉི་མིག་སྤེན་གསུམ་ཀུན་ལ་ངན། །ཕུར་བུར་རོ་བསྲེག་བཟང་བ་སྟེ། །གཟའ་གཞན་རྣམས་ལ་རོ་སྲེག་འཛེམ། །སྐར་མ་ཐ་སྐར་ནབས་སོ་དང་། །ནམ་གྲུ་རྣམས་ནི་སྤྱི་ལ་བཟང་། །ཁྲུམས་སྨད་སྣྲུབས་རྒྱལ་སྐག་ས་རི། །ནག་པར་ཤིད་བཟང་དུར་ལས་ངན། །མོན་གྲུ་ཁྲུམས་སྟོད་བྱི་བཞིན་ལ། །ཤིད་ངན་དུར་གྱི་ལས་རྣམས་བཟང་། །སྨིན་དྲུག་བྲ་ཉེར་གཞན་ངན་ཡང་། །སྲེག་བཟང་ཆུ་སྨད་སྲེག་སྦ་ངན། །རྒྱལ་ལ་སྐྱེས་པའི་ཕུང་པོ་དང་། །ནམ་གྲུར་བུད་མེད་ཕུང་པོ་ལ། །བསྒུལ་བསྐྱོད་བྱེད་པ་གཏན་བཀག་ཡིན། །དབོ་ལ་གཤིན་ལས་འབྲིང་པོ་སྟེ། །སྣར་མ་མགོ་ལག་མཆུ་དང་གྲེ། །མེ་བཞི་ས་ག་ལྷ་མཚམས་སྣྲོན། །ཆུ་སྟོད་གྲོ་བཞིན་མོན་གྲེ་ལ། །གཤིན་གྱི་ལས་ཀུན་འཛེམ་པར་བྱ། །ཉི་མ་སྟག་སྤྲེ་ཁྱི་གསུམ་བཟང་། །བྱ་ཡོས་སྦྲུལ་ཕག་ཤིད་སྟོན་དང་། །འབྲུག་ལ་རོ་འདོན་ཕག་ཉི་ལ། །དུར་འདེབས་ངན་ཞིང་ཚེས་གྲངས་ནི། །གསུམ་བདུན་བཅོ་ལྔ་ཉེར་ལྔ་བཟང་། །གཅིག་ལྔ་བཅུ་དང་ཉི་ཤུ་དང་། །ཉེར་གཉིས་ཉེར་བརྒྱད་གནམ་གང་ངན། །བིཥྚི་སྲེག་ཚེས་བདུད་ཉི་སོགས། །འཕྲོད་སྦྱོར་ངན་དང་སྤར་ཁ་

p. 147

ལི། །སྨེ་བ་བདུན་དམར་གཉིས་ནག་དང་། །གནས་རྒྱུའི་ས་བདག་ངན་པའི་རིགས། །ཤིད་ཀྱི་གནམ་སྒོར་བཅས་པ་འཛེམ། ༈ །ལམ་ཞུགས་དོན་གཉེར་འབྲས་བུ་ནི། །ཉི་མ་མིག་དམར་སྤེན་གསུམ་ངན། །ཟླ་བ་ལྷོར་བཟང་ཕྱོགས་གཞན་ངན། །ཕུར་ལྷག་སངས་གསུམ་སྤྱིར་བཟང་ཡང་། །ཕུར་བུ་ནུབ་དང་ལྷག་དབང་ལྡན། །པ་སངས་ལྷོ་དང་ནུབ་ཕྱོགས་ངན། །དབྱུག་གུ་ནབས་སོ་རྒྱལ་ས་རི། །ལྷ་མཚམས་གྲོ་བཞིན་ཆུ་སྟོད་དང་། །མོན་དྲེ་མོན་གྲུ་ཁྲུམས་སྨད་བཟང་། །བྲ་ཉེ་སྨིན་དྲུག་སྣར་མ་མགོ། ལག་སྐག་མཆུ་གྲེ་དབོ་མེ་བཞི། །ནག་པ་ས་ག་སྣྲོན་དང་སྣྲུབས། །ཆུ་སྨད་ཁྲུམས་སྟོད་ནམ་གྲུ་ངན། །ཕྱོགས་འབྲས་མགོ་ལག་སྣར་ནབས་རྒྱལ། །མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་ཐ་སྐར་ཤར་དང་བྱང་། །དོན་འགྲུབ་ལྷོ་དང་ནུབ་འགྲོ་ངན། །གྲེ་དབོ་མེ་བཞི་ལྷ་མཚམས་སྣྲོན། །སྣྲུབས་ཆུ་སྟོད་སྨད་གྲོ་བྱི་བཞིན། །ལྷོ་དང་ནུབ་དགེ་ཤར་བྱང་ངན། །ནག་པ་ས་རི་ས་ག་མཆུ། །བྲ་ཉེ་སྨིན་དྲུག་སྐག་རྣམས་ལ། །ཕྱོགས་མཚམས་གང་དུ་ཕྱིན་ཀྱང་ངན། །ཚེས་གྲངས་གསུམ་བདུན་བཅུ་གཅིག་དང་། །བཅུ་བདུན་བཅུ་དགུ་ཉེར་གསུམ་དང་། །ཉེར་བདུན་རྣམས་ལ་བཟང་བར་བཤད། །གཞན་ཡང་ཉི་མ་དྲུག་སྐོར་སོགས། །ལམ་རྩིས་ཚེས་གྲངས་སྔར་བཤད་བཞིན། །དུས་སྦྱོར་ཆུ་སྲིན་བུ་མོ་གཞུ། །ཉ་རྣམས་བཟང་ཞིང་དེ་ལྷག་ངན། ༈ །ཉོ་ཚོང་བྱེད་པའི་འབྲས་རྩིས་ནི། །ལྷག་པ་ཕུར་བུ་པ་སངས་བཟང་། །ཉི་ཟླ་འབྲིང་ལ་དམར་སྤེན་ངན། །ཐ་སྐར་སྣར་མགོ་ནབས་སོ་སྐག །ས་རི་ཆུ་སྟོད་མོན་དྲེ་སྣྲུབས། །གྲོ་བཞིན་བྱི་བཞིན་ཁྲུམས་སྨད་དང་། །ནམ་གྲུ་རྣམས་བཟང་བྱེ་བྲག་ཏུ། །ཁྲུམས་སྟོད་གྲེ་ལ་གཞིས་ཚོང་བཟང་། །ཁྲུམས་སྟོད་མོན་གྲུ་མཆུ་རྣམས་ལ། །རྟ་ཕྱུགས་ཉོ་བ་བཟང་བ་ཡིན། །མེ་བཞི་མོན་དྲེ་རྒྱལ་རྣམས་ལ། །ཉོ་ཚོང་སྤྱི་ངན་ས་གར་ཞིང་། །ཚོང་དང་ལག་ལ་ཕྱུགས་ཉོ་ངན། །དུས་སྦྱོར་གླང་འཁྲིག་སེང་སྲང་སྡིག །བུ་མོ་རྣམས་བཟང་ལུག་ལ་ངན། །གླང་ཉིར་གླང་ཚོང་ངན་པ་སོགས། །རང་ཉིད་རང་རང་ཉོ་ཚོང་ངན། ༈ །ནོར་རྫས་གཏོང་ལེན་བྱེད་པའི་རྩིས། །ཉི་སྤེན་གཏོང་ངན་ལེན་པ་བཟང་། །ཕུར་བུ་སྤྱིར་འབྲིང་ཕྱུགས་གཏོང་ངན། །མིག་དམར་ལྷག་པ་ཕྱིར་གཏོང་ངན། །ཚུར་ལེན་

p. 148

འབུན་འདེད་བཟང་བ་ཡིན། །ཟླ་སངས་གཏོང་ལེན་གཉིས་ཀ་ངན། །བྲ་ཉེ་སྨིན་སྣར་མགོ་ནབས་རྒྱལ། །མཆུ་གྲེ་སྣྲོན་སྣྲུབས་ཆུ་སྟོད་དང་། །མོན་གྲུ་ཁྲུམས་སྟོད་ནམ་གྲུ་ལ། །ཕྱིར་གཏོང་ངན་ལ་ཚུར་ལེན་བཟང་། །ལག་ལ་ཕྱུགས་མིན་གཏོང་ལེན་དང་། །སྐག་ལ་འབུན་འཇལ་ར་ལེན་པ། །མཆུ་ལ་རྟ་ཕྱུགས་ཉོ་བ་དང་། །གྲོ་བྱི་བཞིན་དབྱུག་ཕྱིར་གཏོང་དང་། །བྲ་ཉེར་ས་ཞིང་ཚོང་རྣམས་བཟང་། །མེ་བཞི་དབོ་ནག་མོན་དྲེ་ལ། །ཕྱིར་གཏོང་ཀུན་ངན་ཁྱད་པར་ཕྱུགས། །བྲ་ཉེ་སྐག་ལ་ར་གཏོང་ངན། །ཁྲུམས་སྨད་ཕྱུགས་ཀྱི་འཇལ་ལེན་དང་། །འབྲུ་ནོར་ཚུར་ལེན་བཟང་བ་སྟེ། །ས་ག་འབྲུ་འཇལ་འབུན་གཏོང་ངན། །ཁྱད་པར་སོ་སོའི་གཡང་སྐར་ལ། །རང་རང་གཏོང་ངན་ལེན་འགུགས་བཟང་། །བུ་ལོན་གཏོང་ལེན་དམར་ལྷག་དགེ། པ་སངས་བུ་ལོན་འཇལ་བ་ངན། །སྣར་ལག་ནབས་སོ་སྐག་རྣམས་བཟང་། །སྣྲོན་ལ་སྙེག་བཟང་ས་རི་དང་། །ས་ག་ལྷ་མཚམས་སྣྲུབས་གྲོ་བཞིན། །གཏོང་དང་ཕྱིར་འཇལ་ངན་པ་ཡིན། ༈ །མཁར་ལས་རྩིག་བཟོའི་འབྲས་བུ་ནི། །ཉི་ཟླ་དམར་སྤེན་སྤྱིར་ངན་ཡང་། །བྱེ་བྲག་ཉི་མར་རྒྱལ་པོ་ཡི། །ཕོ་བྲང་ཟླ་བར་ལྷ་ཁང་བཞེངས། །ཉི་ཟླ་གཉིས་ལ་ཐབ་བརྩིག་དང་། །ཉི་མིག་ཆུ་རགས་སྤེན་པ་ལ། །ས་ཡི་ལས་རྣམས་དགེ་བ་ཡིན། །ལྷག་ཕུར་པ་སངས་སྤྱིར་བཟང་ཡང་། །ཕུར་བུར་ཐོག་འབུབས་ཟླ་ལྷག་ལ། །ཆུ་རགས་བརྩིག་པ་ངན་པར་བཤད། །མགོ་དབོ་ནབས་སོ་གྲེ་ཁྲུམས་སྟོད། །མོན་དྲེ་ནམ་གྲུ་ཆུ་སྟོད་སྨད། །སྣྲུབས་རྣམས་སྤྱིར་བཟང་བྱེ་བྲག་ཏུ། །སྣར་མ་ཁྲུམས་སྨད་དབོར་རགས་དང་། །ར་བ་ལྡུམ་ར་བརྐོ་རྣམས་བཟང་། །བྲ་ཉེ་རྒྱལ་སྐག་ཁྲུམས་སྨད་དང་། །སྨིན་དྲུག་ས་རི་ལྷ་མཚམས་མཆུ། །གྲོ་བཞིན་སྤྱིར་ངན་ཁྱད་པར་དུ། །རྒྱལ་ལ་ཁང་རྨང་ཐབ་མོན་གྲུར། །ཀུན་ར་ནབས་སོ་མགོ་སྣྲུབས་ལ། །སྒོ་འཛུགས་སྨིན་སྣར་ས་རི་ལ། །སྦྲ་ཁྱིམ་འབུབས་དང་སྨིན་དྲུག་མཆུ། །གྲོ་བཞིན་ས་རི་ས་ག་དང་། །ཁྲུམས་སྟོད་རྣམས་ལ་རགས་བརྩིག་བཟང་། །ས་ག་སྣྲོན་དབྱུག་ཀུན་ར་དང་། །སྣྲུབས་ལ་ཁྱིམ་དཀྱུས་དབོ་མེ་བཞི། །ས་ག་ཆུ་སྨད་བཞི་པོ་ལ། །སྦྲ་ཁྱིམ་འབུབས་རྣམས་ངན་པས་འཛེམ། །གླང་སེང་བུ་མོ་གཞུ་བུམ་བཟང་། །ལུག་སྡིག་ཀར་སྲང་

p. 149

ཆུ་སྲིན་ངན། །འཁྲིག་པར་མཁར་དང་ཉར་ལྷ་ཁང་། །ངན་ཞིང་དེ་གཉིས་ལྡོག་ན་བཟང་། །རྟེན་འབྲེལ་མ་རིག་འདུ་བྱེད་སྐྱེ། །ཉི་མ་གླང་སྟག་ལུག་གསུམ་པོ། །སྤྱིར་བཟང་བྱ་ལ་སྒོ་འཛུགས་དང་། །སྤྲེའུར་ལྡུམ་ར་བསྐྱེད་པ་དགེ། ཡོས་འབྲུག་ཁྱི་ཕག་སྤྱི་ལ་ངན། །བྱེ་བྲག་སྦྲུལ་ལ་ཤིང་གཅོད་དང་། །རྟ་ལ་ཐོག་འབུབས་འཛེམ་པར་བྱ། །ཚེས་གསུམ་བདུན་དྲག་འདོད་ཡིད་ཚེས། །བཅུ་བདུན་ཉེར་གསུམ་ཉེར་ལྔ་བཟང་། །རོ་སྐྱོན་ཉེར་གཉིས་སྤྱི་གནམ་དང་། །མཁར་གྱི་གནམ་སྒོར་ངན་པས་འཛེམ། ༈ །བང་མཛོད་བཅའ་དང་ཁ་འབྱེད་ནི། །ལྷག་སྤེན་བཟང་ལ་ཉི་མིག་ངན། །ཟླ་ཕུར་སངས་གསུམ་འབྲིང་པོ་ཡིན། །ནབས་སོ་སྣར་རྒྱལ་གྲོ་བྱི་བཞིན། །ས་རི་སྣྲུབས་བཟང་ས་ག་དང་། །ཆུ་སྟོད་ཆུ་སྨད་མོན་གྲུ་ལ། །བཅའ་བ་བཟང་ཡང་ཁ་འབྱེད་ངན། །བྲ་ཉེ་སྨིན་གྲེར་མཛོད་བཅའ་དང་། །མཆུ་གྲེ་ས་རི་ནག་པ་ལ། །བང་མཛོད་དབྱེ་བ་ངན་པ་ཡིན། །གླང་བུམ་ཉ་བཟང་ཀར་སྡིག་ངན། །ཉི་མ་ལུག་ཁྱི་བྱི་བ་བཟང་། །ཕག་སྦྲུལ་བྱ་གླང་ངན་པ་ཡིན། །དབུལ་པོ་ལག་སྟོང་དུས་ལ་འཛེམ། ༈ །རྒྱལ་མཚན་བ་དན་འཛུགས་པའི་རྩིས། །ཉི་ཕུར་སྤེན་བཟང་མིག་དམར་ངན། །ཟླ་ལྷག་སངས་འབྲིང་ཐ་སྐར་མགོ། རྒྱལ་དབོ་ཁྲུམས་སྟོད་ཆུ་སྨད་བཟང་། །བྲ་སྨིན་ལག་མཆུ་གྲེ་སྣྲུབས་ངན། །དུས་སྦྱོར་གླང་འཁྲིག་སེང་གཞུ་བཟང་། །ཆུ་སྲིན་སྡིག་སྲང་ཀརྚ་ངན། །ཉི་མ་གླང་ལུག་གཉིས་པོར་འཛེམ། ༈ །ཁྱིམ་གསར་འཛིན་པར་བྱེད་པའི་རྩིས། །ཉི་མ་ངན་ལ་གཟའ་གཞན་དགེ། སྣར་མགོ་ནབས་རྒྱལ་མཆུ་གྲེ་དབོ། །མེ་བཞི་ས་རི་ས་ག་ནག །ཆུ་སྨད་གྲོ་བཞིན་མོན་དྲེ་དང་། །མོན་གྲུ་ཁྲུམས་སྟོད་ནམ་གྲུ་བཟང་། །ཐ་སྐར་ལྷ་མཚམས་ཁྲུམས་སྨད་སྐག །སྣྲུབས་ངན་དུས་སྦྱོར་བུམ་གླང་དགེ། ཚེས་གསུམ་བདུན་དྲག་འདོད་ཡིད་ཉ། །བཅུ་བདུན་བཅུ་དགུ་ཉེར་ལྔ་བཟང་། །ཉེར་གཉིས་དང་ནི་སྤྱི་གནམ་ངན། ༈ །ས་ཁ་ལུད་ཁ་འབྱེད་པའི་རྩིས། །ཟླ་ལྷག་སངས་སྤེན་བཟང་བ་སྟེ། །ཕུར་བུ་འབྲིང་ལ་ཉི་མིག་ངན། །མེ་བཞི་ས་རི་ས་ག་སྣར། །མོན་དྲེ་ཆུ་སྟོད་གྲོ་བཞིན་མགོ། ནམ་གྲུ་ནབས་སོ་མོན་གྲུ་དང་། །ཁྲུམས་སྨད་རྣམས་བཟང་ཐ་སྐར་དང་། །བྲ་ཉེ་སྨིན་དྲུག་ལྷ་མཚམས་མཆུ། །གྲེ་དབོ་ཁྲུམས་

p. 150

སྟོད་སྐག་རྣམས་ངན། །དུས་སྦྱོར་སྲང་གཞུ་བུམ་ཉ་བཟང་། །ཚེས་གྲངས་གཅིག་དྲུག་དྲག་བཅུ་དྲུག །བཅུ་དགུ་ཉེར་ལྔ་ཉེར་དྲུག་བཟང་། །བརྐོ་མཁན་ས་ཁོན་དུར་ཞུགས་མེད། །ཉི་མ་ཡོས་སྦྲུལ་ཕག་གསུམ་དང་། །ལྔ་སེར་འཆར་དང་ཕྱོགས་ལ་འཛེམ། ༈ །རྫིང་ཡུར་ཁྲོན་པ་འདྲུ་བ་ནི། །ཟླ་ལྷག་སངས་སྤེན་བཟང་བ་སྟེ། །ཕུར་བུ་འབྲིང་ལ་ཉི་མིག་ངན། །དབྱུག་ལག་སྐག་དབོ་གྲོ་བཞིན་དང་། །བྱི་བཞིན་ས་རི་ཆུ་སྨད་སྣྲོན། །ཁྲུམས་སྨད་རྣམས་བཟང་སྨིན་དྲུག་མཆུ། །མེ་བཞི་ནག་པ་གྲེ་མོན་གྲུ། །ཁྲུམས་སྟོད་རྣམས་ངན་དུས་སྦྱོར་གླང་། །འཁྲིག་ཀར་ཆུ་སྲིན་གཞུ་བུམ་བཟང་། །ལུག་སེང་གཉིས་ངན་ཉི་མ་ནི། །ལུག་བཟང་འབྲུག་སྦྲུལ་ཕག་ཡོས་ངན། །ཚེས་གྲངས་གཉིས་བདུན་བཅུ་གཉིས་དང་། །བཅུ་བདུན་ཉེར་གཉིས་ཉེར་བདུན་བཟང་། །གསུམ་བརྒྱད་བཅུ་གསུམ་བཅོ་བརྒྱད་དང་། །ཉེར་གསུམ་ཉེར་བརྒྱད་ངན་པ་ཡིན། ༈ །ཞིང་ལས་ས་བོན་གདབ་པའི་རྩིས། །ཟླ་ལྷག་ཕུར་སངས་སྤེན་པ་བཟང་། །ཉི་མིག་ངན་ལ་ནབས་སོ་སྣར། །མགོ་མཆུ་མེ་བཞི་ནག་པ་ལག །མོན་དྲེ་མོན་གྲུ་གྲོ་བྱི་བཞིན། །ས་རི་ནམ་གྲུ་ཆུ་སྟོད་སྨད། །སྣྲོན་དང་སྣྲུབས་རྣམས་བཟང་ཞིང་དགེ། བྲ་ཉེ་སྨིན་རྒྱལ་ས་ག་དབོ། །ཁྲུམས་སྟོད་རྣམས་ངན་ལྷ་མཚམས་དང་། །ཁྲུམས་སྨད་ས་བོན་འདེབས་པ་ལ། །བཟང་ཡང་ཞིང་ས་རྨོ་བ་ངན། །གླང་སྲང་ཆུ་སྲིན་བུམ་ཉ་བཟང་། །ལུག་སྡིག་ཀར་ངན་ཚེས་གཉིས་བཅུ། །ཉི་ཉ་བཅུ་དྲུག་བཅུ་བདུན་སྐྱོན། །བཅུ་དགུ་ཉེར་གཅིག་ཉེར་གཉིས་དང་། །ཉེར་གསུམ་ཉེར་བཞི་ཉེར་ལྔ་པ། །ཉེར་དྲུག་ཉེར་བདུན་གནམ་གང་བཟང་། །བཞི་བརྒྱད་བཅུ་བཞི་ཉེར་བརྒྱད་དང་། །ཉེར་དགུ་རྣམས་ངན་ཉི་མ་ནི། །ལུག་ཁྱི་གླང་བཟང་ཡོས་འབྲུག་སྦྲུལ། །ཕག་ངན་གཞན་རྣམས་བཏང་སྙོམས་སོ། ༈ །ཆར་པ་དབབ་པའི་རྩིས་འབྲས་ནི། །ཟླ་བ་པ་སངས་ལྷག་པ་བཟང་། །སྤེན་འབྲིང་ཉི་མིག་ཕུར་གསུམ་ངན། །བྲ་ཉེ་མགོ་ལག་ནབས་སོ་གྲེ། །ས་ག་ལྷ་མཚམས་ཆུ་སྟོད་དབོ། །ཆུ་སྨད་གྲོ་བཞིན་མོན་དྲེ་ནག །མོན་གྲུ་ཁྲུམས་སྟོད་རྣམས་ལ་བཟང་། །སྨིན་རྒྱལ་མེ་བཞི་སྣྲོན་སྣྲུབས་མཆུ། །ནམ་གྲུ་སྐག་ངན་གཞན་བཏང་སྙོམས། །ཉི་མ་བྱི་ཕག་བྱ་སྤྲེེ་བཟང་། །རྟ་སྦྲུལ་ཁྱི་འབྲུག་གླང་ལུག་ངན། །

p. 151

དུས་སྦྱོར་ཀརྚ་ཆུ་སྲིན་བུམ། །ཉ་བཟང་ལུག་སྲང་སྡིག་རྣམས་ངན། །ཀླུ་དང་སྡེ་བརྒྱད་ཐེབས་དུས་བཟང་། །དེ་རྣམས་བཟློག་དུས་སྤང་བར་བྱ། ༈ །སྨན་སྦྱོར་གཏར་སྲེག་རྩིས་འབྲས་ལ། །སྨན་སྦྱོར་ཉི་ཟླ་སངས་ཕུར་བཟང་། །ལྷག་སྤེན་འབྲིང་ལ་མིག་དམར་ངན། །སྨིན་སྣར་མགོ་རྒྱལ་མེ་བཞི་ནག །ས་རི་གྲོ་བཞིན་ཁྲུམས་སྟོད་སྨད། །མོན་དྲེ་མོན་གྲུ་ཆུ་སྨད་དང་། །ནམ་གྲུ་རྣམས་བཟང་ནབས་སོ་དང་། །ལྷ་མཚམས་བྱི་བཞིན་འབྲིང་ཡིན་ཏེ། །བྲ་ཉེ་སྐག་སྣྲོན་གྲེ་ས་ག །ཐ་སྐར་རྣམས་ངན་གཞན་བཏང་སྙོམས། །བུ་མོ་འཁྲིག་གཞུ་ཉ་རྣམས་བཟང་། །ཆུ་སྲིན་སྡིག་པ་ཀརྚ་ངན། །ཉི་མ་བྱ་ཁྱི་གཉིས་བཟང་ལ། །སྟག་སྦྲུལ་ལུག་གསུམ་ངན་པ་ཡིན། །བདུད་རྩི་ཐུན་མཚམས་འཆར་དུས་དང་། །གཟའ་སྐར་ས་ཆུ་འཕྲད་པ་བཟང་། །རིགས་ལྡན་འཆར་དུས་ངན་པས་སྤང་། །གཏར་སྲེག་ཟླ་ལྷག་སངས་ཕུར་བཟང་། །ཉི་སྤེན་ངན་ཞིང་མིག་དམར་ལ། །གཏར་ཁ་ངན་ཞིང་མེ་བཙའ་བཟང་། །ལྷ་མཚམས་ནམ་གྲུ་གྲོ་བྱི་བཞིན། །སྣར་མ་ནབས་སོ་རྒྱལ་ས་རི། །མཆུ་སྣྲོན་རྣམས་བཟང་ལག་ཁྲུམས་སྨད། །གྲེ་དབྱུག་བྲ་ཉེ་ངན་པར་དཔྱད། །གླང་འཁྲིག་བུ་མོ་ཉ་བཟང་ཞིང་། །ཀར་སེང་སྲང་གཞུ་འབྲིང་པོ་སྟེ། །ལུག་སྡིག་ཆུ་སྲིན་བུམ་པ་ངན། །ཚེས་གྲངས་བཅུ་གཅིག་བཅོ་བརྒྱད་བཟང་། །བཞི་བརྒྱད་ཉེར་དགུ་གནམ་གང་ངན། །བྱ་ཁྱི་བཟང་ཞིང་འབྲུག་སྦྲུལ་དང་། །ལུག་ཉི་རྣམས་ངན་སོ་སོ་ཡི། །བླ་གནས་འཕོ་བའི་གནས་རྣམས་འཛེམ། ༈ །མདུན་གྲོས་བྱེད་པའི་རྩིས་འབྲས་ནི། །སངས་ཕུར་བཟང་ལ་མིག་སྤེན་ངན། །ཟླ་ལྷག་འབྲིང་སྟེ་ཉི་མ་ལ། །རྒྱལ་པོའི་གྲོས་བཟང་གཞན་བཏང་སྙོམས། །སྐར་མ་སྣར་མགོ་སྐག་མོན་གྲུ། །མེ་བཞི་མོན་དྲེ་ཁྲུམས་སྟོད་སྨད། །ནམ་གྲུ་ཆུ་སྨད་ནག་དབོ་བཟང་། །ལྷ་མཚམས་བྱི་བཞིན་སྣྲུབས་རྣམས་ངན། །གླང་སེང་བུ་མོ་གཞུ་བུམ་བཟང་། །ལུག་ཀར་སྲང་སྡིག་ཆུ་སྲིན་ངན། །འཁྲིག་ཉ་འབྲིང་ཡིན་ཉི་མ་ནི། །རྟ་བཟང་སྟག །་སྤྲེ་བྱ་ཁྱི་ངན། །ཚེས་གྲངས་ཉེར་གཉིས་ངན་པས་འཛེམ། ༈ །དམག་འདྲེན་རྩལ་སྤྲོད་བྱེད་པའི་རྩིས། །མིག་དམར་མཆོག་ཡིན་སྤེན་པ་བཟང་། །ཉི་ཕུར་ངན་ཞིང་ཟླ་ལྷག་གཉིས། །ཤིན་ཏུ་ངན་པས་འཛེམ་པར་བྱ། །པ་སངས་དམག་འབྲིང་རྩེད་མོ་

p. 152

བཟང་། །ཐ་སྐར་མཆོག་ཡིན་མགོ་ལག་སྐག །བྱི་བཞིན་མེ་བཞི་ལྷ་མཚམས་དབོ། །ཆུ་སྟོད་མོན་གྲུ་སྣྲོན་དང་སྣྲུབས། །ཁྲུམས་སྨད་ས་ག་མཆུ་རྣམས་བཟང་། །བྲ་ཉེ་སྨིན་དྲུག་ནབས་སོ་དབོ། །ནག་པ་ནམ་གྲུ་གྲེ་རྣམས་ངན། །སྣར་མ་གྲོ་བཞིན་དམག་ངན་ཡང་། །དགྲ་ལ་རྒོལ་བ་བཟང་བ་ཡིན། །དུས་སྦྱོར་ལུག་ཀར་སེང་གཞུ་བཟང་། །བུ་མོ་སྡིག་བུམ་ཉ་རྣམས་ངན། །ཉི་མ་སྟག་འབྲུག་གླང་བཟང་སྟེ། །ཡོས་སྦྲུལ་ལུག་སྤྲེ་ཁྱི་རྣམས་ངན། །སྤྲེའུར་ཆོ་ལོ་རྩེད་རྒྱན་བཟང་། །ཚེས་གཅིག་བདུན་དང་ཉེར་ལྔ་ལ། །ཤར་མིན་ཕྱོགས་གཞན་གསུམ་ལ་བཟང་། །གསུམ་དགུ་བཅུ་ལ་ལྷོ་མིན་བཟང་། །བཅུ་གཉིས་ལྷོ་ནུབ་མ་གཏོགས་བཟང་། །བརྒྱད་དང་བཅུ་གཅིག་ཉེར་དགུ་བཟང་། །སྤྱི་དང་དམག་གི་གནམ་སྒོར་འཛེམ། །གཞན་ཡང་གནས་རྒྱུའི་ས་བདག་དང་། །ཐེབས་བཟློག་གནད་རྣམས་ཤེས་པར་བྱ། ༈ །འགྲས་པ་སྡུམ་པར་བྱེད་པའི་རྩིས། །ཟླ་ལྷག་སངས་ཕུར་བཟང་ཞིང་དགེ། ཉི་མ་མིག་དམར་སྤེན་པ་ངན། །ཐ་སྐར་ས་རི་ཁྲུམས་སྟོད་དབོ། །ཆུ་སྨད་མེ་བཞི་གྲོ་བྱི་བཞིན། །མོན་གྲུ་ལྷ་མཚམས་རྒྱལ་རྣམས་བཟང་། །མགོ་ལག་སྐག་མཆུ་ས་ག་སྣྲོན། །ནག་པ་ཆུ་སྟོད་ཁྲུམས་སྨད་དང་། །ནམ་གྲུ་རྣམས་ངན་དུས་སྦྱོར་ནི། །ལུག་སེང་བུ་མོ་ཉ་བཟང་སྟེ། །ཀར་སྡིག་ཆུ་སྲིན་ངན་པར་བརྗོད། །ཚེས་བརྒྱད་བཟང་ལ་ཚེས་བཞི་ངན། །ཉི་མ་ཁྱི་དང་གླང་བཟང་ངོ་། ༈ །བཟློག་པ་རིམ་གྲོ་བྱེད་པའི་རྩིས། །མནན་སྲེག་ལ་སོགས་དྲག་ལས་ལ། །མིག་དམར་ཕུར་བུ་བཟང་བ་ཡིན། །འོན་ཀྱང་ཕུར་བུར་ཟོར་འཕེན་འཛེམ། །ཟླ་སངས་ལྷག་པར་འཇམ་པོ་ཡི། །རིམ་གྲོ་བཟང་ཡང་ལྷག་པ་ལ། །བཟློག་པའི་རིགས་རྣམས་ཐམས་ཅད་སྤང་། །ཉི་མ་ལ་ནི་ཞི་དྲག་གི། རིམ་གྲོ་བཟང་ཞིང་སྤེན་པ་ལ། །བསད་ལས་བཟང་ཡང་བཟློག་པ་ངན། །ལག་དང་ནབས་སོ་རྒྱལ་སྣྲོན་སྣྲུབས། །གྲོ་བཞིན་ཁྲུམས་སྨད་ཆུ་སྟོད་སྨད། །ནག་པ་མཆུ་དབོ་བཟློག་རིམ་བཟང་། །མགོ་ལ་དགེ་ཆོས་བཟློག་པ་དང་། །སྨིན་དྲུག་ཁྲུམས་སྟོད་གྲོ་བཞིན་གྲེར། །ཞི་བའི་རིམ་གྲོ་བྱ་བ་ཤིས། །དེ་དག་དྲག་པོའི་རིམ་གྲོར་སྤང་། །ས་རི་དབྱུག་པ་དྲག་ལས་དང་། །བྲ་ཉེ་ཟོར་འཕེན་བསྐྲད་ལས་བཟང་། །མོན་དྲེ་མོན་གྲུ་ལྷ་མཚམས་སྣར། །བྲ་

p. 153

ཉེ་ནམ་གྲུར་བཟློག་པ་ངན། །འཁྲིག་སེང་གླང་གཞུར་ཞི་བ་བཟང་། །དྲག་པོའི་ལས་ཀྱང་གཏུབ་པ་ཙམ། །ཀར་སྡིག་དྲག་ལས་བཟང་ན་ཡང་། །ཞི་བའི་རིམ་གྲོར་ངན་པ་ཡིན། །བཅོ་ལྔ་ཉེར་གཉིས་ཉེར་དགུ་བཟང་། །ཚེས་གཅིག་ངན་ཞིང་ཉི་མ་ནི། །སྟག་འབྲུག་བཟང་ལ་ཡོས་སྦྲུལ་ངན། ༈ །ཚེ་གཡང་འགུགས་དང་ནོར་སྒྲུབ་རྩིས། །སྤེན་པ་མཆོག་ཡིན་ལྷག་པ་བཟང་། །ཟླ་སངས་ཕུར་འབྲིང་ཉི་མིག་ངན། །སྣར་མ་ལག་རྒྱལ་ནབས་སོ་གྲེ། །དབོ་ནག་ས་རི་ལྷ་མཚམས་སྣྲོན། །ཆུ་སྟོད་ཆུ་སྨད་གྲོ་བྱི་བཞིན། །ཁྲུམས་སྟོད་སྣྲུབས་རྣམས་བཟང་བ་ཡིན། །ཐ་སྐར་བྲ་ཉེ་སྐག་གསུམ་ངན། །དུས་སྦྱོར་གླང་དང་འཁྲིག་པ་བཟང་། །ལུག་ཀར་སྡིག་པ་ཆུ་སྲིན་ངན། །ཉི་མ་འབྲུག་བཟང་བྱི་བ་སྤྲེ། །བྱ་རྣམས་འབྲིང་སྟེ་ལུག་ངན་ནོ། །གཟའ་སྐར་ཆུ་ནང་འཕྲད་པ་དང་། །བདུད་རྩི་ཐུན་མཚམས་རྟེན་འབྲེལ་ནི། །རྣམ་ཤེས་མིང་གཟུགས་ཚོར་སྲེད་དགེ། བྱང་བགྲོད་ཡར་ངོའི་ཚེས་གྲངས་ནི། །དྲུག་བདུན་དགུ་སྤང་གཞན་ཀུན་བཟང་། ༈ །རྣམ་སྣང་མངོན་བྱང་ལས་གསུངས་པའི། །ལས་བཞི་སོ་སོའི་འབྲས་རྩིས་ནི། །ཡར་ངོའི་ཚེས་བཞི་ལྔ་དང་བཅུ། །ཟླ་བ་ཉ་ལ་ཞི་བ་བྱ། །ཁྲུམས་སྨད་གྲེ་དང་སྐག་དང་མཆུ། །བཞི་པོ་ཞི་བའི་རྒྱུ་སྐར་ཡིན། །ཟླ་བ་པ་སངས་ཞི་བའི་གཟའ། །ཚེས་གསུམ་བདུན་དང་ཟླ་བ་ཉ། །རྒྱུ་སྐར་གྲོ་བཞིན་མོན་གྲུ་དང་། །དབྱུག་པ་རྣམས་ལ་རྒྱས་པའི་ལས། །གཟའ་ལྷག་ཕུར་བུས་རྒྱས་པར་བྱེད། །མར་ངོའི་ཚེས་དགུ་དབང་གི་དུས། །རྒྱུ་སྐར་རྒྱལ་དང་སྨིན་དྲུག་དང་། །མཆུ་དང་ས་གར་དབང་གི་ལས། །གཟའ་ནི་ཉི་མ་མིག་དམར་འདོད། །དྲག་ཤུལ་སྤྱོད་པའི་དུས་ཚིགས་ནི། མར་ངོའི་བརྒྱད་དང་བཅུ་བཞི་སྟེ། །མེ་བཞི་ནག་པ་ཐ་སྐར་དབོ། །ནབས་སོ་ས་རི་དྲག་ལས་སྐར། །རེས་གཟའ་མིག་དམར་སྤེན་པར་ཤིས། །དེ་ལྟར་ལོ་ཟླ་ཞག་ལ་སོགས། །མ་ཕྱེ་བར་ནི་ཉེར་མཁོ་ཡི། །སྒོས་འབྲས་སྣ་ཚོགས་བཏུས་པ་ཡིན། ༈ །བཅུ་དྲུག་པ་ནི་གཟའ་རྣམས་ཀྱི། །རང་རང་འགྲོས་ཀྱི་སྐར་ཁྱིམ་ལ། །སྤྱད་ལས་མི་ཡི་འཇིག་རྟེན་དུ། །བཟང་ངན་འབྲས་བུ་འབྱུང་ཚུལ་བཤད། །ཐོག་་མར་ཉི་དག་སྐར་མ་དང་། །ཚེས་འཁྱུད་ཟླ་སྐར་གཟའ་ལྔ་ཡི། །མྱུར་དག་སྒྲ་གཅན་གདོང་དུས་མེ། །མཇུག་རིང་

p. 154

བཅས་པའི་ཡུལ་ལོངས་བཙལ། །རང་ཁྱིམ་གར་གནས་བརྟག་པའི་ཕྱིར། །གང་བརྩིའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །ཐོབ་པ་ཉི་ཟླ་གཟའ་ལྔ་དང་། །མཇུག་རིང་བཅས་པ་ལུག་ཁྱིམ་ནས། །བརྩམས་ཏེ་ལུགས་འབྱུང་བགྲངས་པ་ཡི། །རང་རང་ཁྱིམ་ཟླ་འདས་པའི་གྲངས། །གདོང་མཇུག་གཉིས་པོ་ཉ་ཁྱིམ་ནས། །ལུགས་ལྡོག་བགྲངས་པ་འདས་ཁྱིམ་སྟེ། །ངོ་ཐོག་རང་ཁྱིམ་ད་ལྟར་བའོ། ༈ །དུས་སྦྱོར་གཟའ་དང་འབྲེལ་བའི་སྟོབས། །ཏཏྐཱ་ལ་ཡི་དུས་སྦྱོར་རམ། །དེ་ལས་གཡས་བསྐོར་བདུན་པ་རུ། །གལ་ཏེ་དུས་མེ་ཤར་བ་ན། །དེ་ཚེ་དགེ་བའི་བྱ་བ་གང་། །དོན་དུ་གཉེར་རྣམས་འཆི་བར་འགྱུར། །ཉི་མ་ཡོད་ན་ནད་ཀྱིས་ཐེབས། །མིག་དམར་ཡོད་ན་རྨ་འབྱུང་འགྱུར། །སྤེན་པ་ཡོད་ན་ནོར་རྣམས་ཉམས། །དེ་ཕྱིར་མཁས་པས་འདི་དག་སྤང་། །དེ་བཞིན་འཆར་དང་བདུན་པ་ལ། །སྒྲ་གཅན་ཡོད་ན་དགྲ་བོ་ཉམས། །ཟླ་བ་རང་ཉིད་རྒྱས་པར་འགྱུར། །ལྷག་པ་ཡོད་ན་གཡུལ་ལས་རྒྱལ། །པ་སངས་ནོར་དང་བུད་མེད་ཐོབ། །ཕུར་བུ་ལ་ནི་བཏང་སྙོམས་སོ། ༈ །དེ་ནས་སྐར་མའི་སྟོབས་བརྟག་པ། །བརྩི་བྱའི་སྐྱེས་བུ་རང་རང་གི། སྐྱེས་སྐར་རམ་མིང་སྐར་ནས་བརྩམས་ཏེ། །སྐར་མ་ཉི་ཤུ་རྩ་བདུན་པོ། །དགུ་ཚན་གསུམ་བཅད་སྐྱེས་མིང་གི། སྐར་མ་ནས་བརྩམས་ཚན་གསུམ་ཀའི། །གསུམ་ལྔ་བདུན་པ་དགུ་པ་རྣམས། །མི་མཉམ་པའི་གནས་སྐར་མ་སྟེ། །དེ་རྣམས་གང་རུང་གཅིག་གི་སྟེང་། །ཉི་མིག་སྤེན་པ་དུས་མེ་བཞི། །གང་རུང་ཟླ་བ་དག་དང་འཛོམ། །ནད་པའམ་གཡུལ་དུ་ཞུགས་པ་འཆི། །གཉིས་བཞི་དྲུག་དང་བརྒྱད་པ་སྟེ། །མཉམ་པའི་གནས་ཀྱི་སྐར་མ་ལ། །གདུག་པའི་གཟའ་བཞི་གང་རུང་ཞིག །ཟླ་བ་དང་ནི་ལྷན་ཅིག་འཛོམ། །ནད་པ་འཚོ་ཞིང་གཡུལ་ཞུགས་རྒྱལ། ༈ །དེ་ནས་གདེངས་ཅན་འཁོར་ལོ་ལ། །གསུམ་ལས་འཁྱོག་པོ་ལྔ་པ་ནི། །རྩ་གསུམ་ལྡན་པ་འཁྱོག་ལྔ་པའི། །སྦྲུལ་ལ་ཐ་སྐར་ནས་བརྩམས་ཏེ། །རྒྱུ་སྐར་ཉེར་བདུན་རྩ་རེ་རེར། །བཀོད་ལ་ཉི་མིག་སྤེན་དུས་མེ། །གང་རུང་ཟླ་བ་དང་ལྷན་ཅིག །སྐྱེས་མིང་སྐར་མ་དང་བཅས་པ། །ནད་ཀྱིས་བཏབ་དང་རྩོད་པའི་ཚེ། །རྩ་རྒྱུད་གཅིག་ལ་གནས་པ་ན། །མི་དེ་འཆི་བས་ངན་པར་བརྗོད། །ཁྱོ་

p. 155

ཤུག་དཔོན་གཡོག་འདུ་བ་ན། །སྐྱེས་མིང་སྐར་གནས་རྩ་རྒྱུད་ལ། །ཉི་མིག་སྤེན་པ་སྒྲ་གཅན་གནས། །འཆི་དང་ནོར་ཉམས་གཉེན་དང་བྲལ། །གཞན་དུ་ཕྱོགས་དང་སྡུག་བསྔལ་འགྱུར། །བསོད་ནམས་གཟའ་གནས་བདེ་བ་བསྐྱེད། །དཔོན་གཡོག་གཉིས་ཀྱི་སྐྱེས་མིང་སྐར། །རྩ་རྒྱུད་གཅིག་གནས་མཐུན་ཞིང་དགེ། ཁྱོ་ཤུག་སྐྱེས་མིང་སྐར་ལྷན་ཅིག །རྩ་གཅིག་ལ་གནས་སྐྱེས་པ་འཆི། ༈ །རྩ་གསུམ་ལྡན་པ་འཁྱོག་བཞི་པའི། །སྦྲུལ་ལ་ཐོག་མར་སྨིན་དྲུག་ནས། །བརྩམས་ཏེ་གསུམ་གསུམ་རྩ་ལ་གནས། །རེ་རེ་བར་ཁུག་རྩ་མེད་ལ། །བཀོད་པས་རྒྱུ་སྐར་ཉེར་བདུན་འགྲིག །༈ཡང་ན་འཁྱོག་གསུམ་རྩ་གསུམ་པའི། །སྦྲུལ་ལ་ལག་ནས་འགོ་བརྩམས་ཏེ། །རྩ་དང་ཁུག་པ་ཐམས་ཅད་ལ། །གསུམ་གསུམ་བཀོད་པས་ཉེར་བདུན་འགྲིག །ཟླ་བ་གང་ལ་སོང་བ་བརྟག །འདི་གཉིས་ཀྱི་ནི་རྩ་རྒྱུད་ལ། །སྐྱེས་མིང་སྐར་མ་དང་ཟླ་བ། །ལྷན་ཅིག་སོང་ན་སྔར་རྒོལ་རྒྱལ། །ཕྱི་རོལ་གནས་ན་ཕྱིར་རྒོལ་རྒྱལ། ༈ །པ་ཝ་སངས་དང་ཕུར་བུ་གཉིས། །གང་རུང་ཉི་མ་དང་ལྷན་ཅིག །འཛོམ་ན་རབ་ཏུ་གནས་པ་དང་། །བག་མའི་བྱ་བ་སྤང་བར་བྱ། །མདོ་སྡེ་མིག་ནི་བཅུ་གཉིས་པར། །ཟླ་བའི་ཟུར་དང་ཕུར་བུ་འཕྲད། །ནོར་ཉམས་སྤེན་པས་འཇིགས་པ་ཆེ། །རྒྱལ་པོའི་སྐྱེས་སྐར་སྟེང་དུ་ནི། །མཇུག་རིང་ཟླ་བ་འཛོམ་པ་ན། །རྒྱལ་པོ་ཕན་ཚུན་འཐབ་པ་སྟེ། །མཐར་ནི་དེ་ཉིད་འཇིག་པར་འགྱུར། །སྣར་མ་དང་ནི་སྨིན་དྲུག་ལ། །སྤེན་པ་ཤར་ན་གནོད་པ་ཆེ། །མཆུ་དང་གྲེ་ལ་ཟླ་བ་དང་། །པ་སངས་འཛོམ་ན་ལོ་ཏོག་འཇོམས། །ཕུར་བུ་དང་ནི་པ་ཝ་སངས། །ཁ་དོག་དམར་ན་ཡུལ་དེ་འཇིག །རྒྱལ་གྱི་སྟེང་དུ་མཇུག་རིང་ཤར། །ཕྱོགས་བཞི་ནས་ནི་དམག་འབྱུང་ངོ་། །ཕུར་བུ་དང་ནི་མིག་དམར་དག །གྲོ་བཞིན་སྟེང་དུ་འཛོམ་པ་ན། །ལོ་གསུམ་བར་དུ་འཇིགས་པ་འབྱུང་། །ཕུར་སྤེན་ས་གའི་སྟེང་འཛོམ་ན། །འཐབ་ཅིང་འཆི་བའི་འཇིགས་པ་འབྱུང་། །གཞན་རྣམས་འབྲས་བུ་བཏང་སྙོམས་སོ། ༈ །གཞན་ཡང་ཕྱིར་བཟློག་ལ་སོགས་པའི། །འབྲས་བུ་འགའ་ཞིག་བརྗོད་པར་བྱ། །མིག་དམར་ཁྱིམ་གཅིག་བསྡད་པའམ། །གལ་ཏེ་ཕྱིར་ནི་ལོག་པ་ན། །མི་དང་ར་ལུག་འཆི་འགྱུར་ཞིང་། །ནད་ཡམས་དམག་འཁྲུག་ཆེན་པོ་འབྱུང་། །

p. 156

ལྷག་པ་ཕྱིར་ལོག་ཆར་མི་འབབས། །ནད་འཁྲུག་མུ་གེའི་འཇིགས་པ་ཆེ། །སྤྲིན་རྣམས་སར་འབྱར་མུན་ནག་འབྱུང་། །ཕུར་བུ་ཕྱིར་ལོག་ནད་མཚོན་དང་། །མུ་གེའི་འཇིགས་པ་འབྱུང་བར་བཤད། །པ་སངས་ཁྱིམ་གཅིག་བསྡད་ན་ཡང་། །དགྲ་མང་མེས་འཇིག་རྩི་ཤིང་བསྐམས། །བུད་མེད་ནད་འབྱུང་བུ་ཡང་འཆོར། །གལ་ཏེ་ཕྱིར་ལོག་སྐྲན་འབྲས་དང་། །གཉན་སོགས་ནད་ཡམས་མུ་གེ་འབྱུང་། །ཁྱད་པར་རྒྱལ་བློན་རྣམས་ལ་ངན། །སྤེན་པ་ཕྱིར་ལོག་གླང་ཆེན་དང་། །མ་ཧེ་ཕག་དང་སྤྲེའུ་ལ། །ནད་ཀྱི་འཇིགས་པ་ཆེན་པོ་འབྱུང་། །ཟླ་བ་ཕྱེད་དང་གཉིས་ཀྱི་བར། །མི་ཕྱུགས་ནད་དང་འཆི་བས་མནར། །གླིང་བཞིའི་སེམས་ཅན་རྣམས་ལ་ངན། །པ་སངས་ཕུར་བུ་ཁྱིམ་གཅིག་ཏུ། །ཚོགས་ན་ཆར་དང་འཁྲུག་པ་འོང་། །སྤེན་པ་སྒྲ་གཅན་སྐར་མ་ནི། །གཅིག་གི་སྟེང་ཚོགས་འཁྲུག་རྩོད་དང་། །སྐྲན་དང་ཚད་ཡམས་ནད་མུག་འབྱུང་། །གལ་ཏེ་ཁྱིམ་གཅིག་ཚོགས་པ་ན། །ཡུལ་ཆེན་དྲུག་ཏུ་ནད་ཡམས་འབྱུང་། །ཆུ་བོ་ཆེན་པོ་འབྲི་ཆད་དང་། །སྟག་གཟིག་ཁ་ཆེའི་ཡུལ་རྣམས་སུ། །ནད་ཡམས་ཆེན་པོ་འབྱུང་བར་བཤད། །ཞུགས་ཚེ་ཆར་དང་རླུང་འཚུབ་གཡོ། །དེ་ཡང་ལུག་དང་ཀརྚ་གཞུ། །གསུམ་ལ་ཉི་མ་ཡོད་པ་དང་། །ལྷན་ཅིག་གནས་ན་ཞོ་ལ་ངན། །རྩ་ཤིང་མེ་ཏོག་བསྐམས་པ་དང་། །བུད་མེད་ར་ལུག་བུ་ཚ་འཆོར། །སེང་གེ་བུ་མོ་སྲང་གསུམ་ལ། །ཉི་སངས་ལྷག་ཕུར་བཞི་འཛོམ་ན། །སད་སེར་དུས་མིན་ཆར་རླུང་དང་། །རྒྱལ་པོའི་ཆད་པས་སྲོག་འཕྲོག་མང་། །བྲ་ཉེ་ལ་ཚོགས་རླུང་འཚུབ་འོང་། །དབོ་ལ་ཆར་ཆེ་སྐག་ལོ་ལེགས། ༈ །གཞན་ཡང་མིག་དམར་སེང་གེའི་ཁྱིམ། །མཆུ་ཡི་སྐར་མའི་ཕྱེད་དུ་སྐྱེས། །ཞིང་ནི་ལུག་དང་སྡིག་པ་སྟེ། །དགུག་དང་དྲག་པོའི་ལས་ལ་བཟང་། །གཟའ་ལྷག་ཁྱིམ་ནི་སྡིག་པ་སྟེ། །སྐར་མ་ལྷ་མཚམས་ཕྱེད་དུ་སྐྱེས། །ཞིང་ནི་འཁྲིག་པ་བུ་མོའོ། །རྒྱས་པའི་ལས་ལ་བསྔགས་པ་ཡིན། །ལྷ་ཡི་བླ་མ་བུ་མོའི་ཁྱིམ། །མེ་བཞིའི་ཐོག་མར་སྐྱེས་པ་སྟེ། །ཞིང་ནི་གཞུ་དང་ཉ་ཡི་ཁྱིམ། །བསྐྲད་པའི་ལས་རྣམས་འགྲུབ་པར་བྱེད། །པ་སངས་སྐྱེས་ཁྱིམ་འཁྲིག་པ་ཡི། །ནབས་སོའི་ཐོག་མར་སྐྱེས་པ་ཡིན། །ཞིང་ནི་གླང་དང་སྲང་ཡིན་ནོ། །དབང་གི་ལས་ལ་རབ་ཏུ་བསྔགས། །སྤེན་པའི་སྐྱེས་ཁྱིམ་

p. 157

གཞུ་ཡི་ཁྱིམ། །སྣྲུབས་ཀྱི་ཐོག་མར་སྐྱེས་པ་སྟེ། །ཞིང་ནི་ཆུ་སྲིན་བུམ་པར་བརྗོད། །བསད་པའི་ལས་ལ་རབ་ཏུ་བསྔགས། །མཇུག་རིང་གཞུའི་མཐའ་ཆུ་སྨད་ཀྱི། །རྐང་པ་བཞི་ཆ་གཅིག་མཚམས་སྐྱེས། །ཞིང་ནི་ཀརྐ་ཊ་རུ་དྲན། །རེངས་དང་རྨོངས་པའི་ལས་ལ་ཤིས། །དེ་བཞིན་ཉི་མ་ཀརྚའི་ཁྱིམ། །ནབས་སོའི་བཞི་གསུམ་འདས་མཚམས་སྐྱེས། །ཞིང་ནི་སེང་གེའི་ཁྱིམ་ཡིན་ལ། །ཟླ་བ་ལུག་ཁྱིམ་ཐ་སྐར་གྱི། །ཐོག་མར་སྐྱེས་ཏེ་ཞིང་ཀརྚ། ༈ །མིག་དམར་དང་ནི་ལྷག་པ་གཉིས། །ཕན་ཚུན་དགྲ་ཟླ་ཡིན་པའི་ཕྱིར། །རང་རང་ཞིང་དང་ཁྱིམ་ལ་རྩོད། །དེ་བཞིན་ཕུར་བུ་ལ་སངས་དང་། །སྤེན་པ་མཇུག་རིང་དགྲ་ཡིན་རྩོད། །ཉི་ཟླ་གཉིས་པོ་དེ་དག་དང་། །འཐབ་པ་མེད་ཀྱང་ཟླ་བ་ཡི། །ཞིང་ལ་སྤེན་པ་ཞུགས་པ་ན། །དེ་ཚེ་མཇུག་རིང་གིས་རྩོད་ཅིང་། །ཉི་མའི་ཞིང་ལ་མཇུག་རིང་ཞུགས། །དེ་ཚེ་སྤེན་པས་རྩོད་བྱེད་དེ། །དེ་དེ་ཉི་ཟླའི་རིགས་ཡིན་ཕྱིར། །དེ་ལས་གཞན་དུ་རྩོད་མི་བྱེད། །རང་ཞིང་ཁྱིམ་དུ་བདག་པོ་ཞུགས། །དུས་དེར་རང་རང་ལས་མཐུན་གྱི། །འབྲས་བུ་འཁྲུལ་མེད་འགྲུབ་པ་ཡིན། །གལ་ཏེ་གཟའ་གཞན་ཞུགས་ན་འབྲས། །ཕྱོགས་མཐུན་ཙམ་ལས་མི་སྟོན་ནོ། །རང་རང་བགྲོད་གཉིས་རྒྱུ་ལམ་ལས། །གཞན་དུ་སྤྱོད་ན་འཇིག་རྟེན་དུ། །དགེ་དང་མི་དགེ་བའི་འབྲས་བུ། །གསར་པ་རེ་རེ་ལུང་སྟོན་འགྱུར། ༈ །བྱང་བགྲོད་ཉི་མ་སྟོབས་འཕེལ་བས། །དེ་ཚེ་དྲག་གཟའ་སྟོབས་ཆེ་ཞིང་། །ལྷོ་བགྲོད་ཟླ་བ་སྟོབས་འཕེལ་བས། །ཞི་བའི་གཟའ་རྣམས་སྟོབས་དང་ལྡན། །སྒྲ་གཅན་གདོང་དང་མཇུག་མ་ནི། །རྣམ་པ་ཀུན་ཏུ་སྟོབས་ལྡན་ནོ། ༈ །ལྷག་པ་ཕུར་བུ་མྱུར་འགྲོས་ལ། །སྤེན་པ་པ་སངས་དལ་འགྲོས་ལ། །མིག་དམར་མཇུག་རིང་འཁྱོག་འགྲོས་ལ། །སྟོབས་ཆེ་གཞན་ལ་བཏང་སྙོམས་སོ། ༈ །ཉི་ཕུར་སངས་གསུམ་ཉིན་སྟོབས་ཆེ། །ཟླ་མིག་རཱ་ཧུ་སྤེན་མཚན་མོ། །གཟའ་ལྷག་གཉིས་ཀར་སྟོབས་དང་ལྡན། ༈ །ཕུར་སངས་དཀར་པོའི་ཕྱོགས་ལ་སྟེ། །ཉི་སྤེན་ནག་ཕྱོགས་གཉིས་ཀ་ལ། །དམར་ལྷག་ཟླ་བ་སྟོབས་དང་ལྡན། །ཟླ་སངས་གླང་སོགས་མོ་ཁྱིམ་ལ། །གཟའ་གཞན་ཕོ་ཁྱིམ་ལ་སྟོབས་ཆེ། ༈ །གཞན་ཡང་སྡིག་གཟའི་འཁྱུད་པ་དང་། །དུ་སོལ་མཆེ་གདོང་གནོད་པ་བཤད། །གཟའ་

p. 158

གང་རྒྱུ་སྐར་གང་གི་སྟེང་། །གནས་པ་རང་རང་འཁྱུད་པ་སྟེ། །ཟོས་ཟིན་སོལ་བ་ཟ་རྒྱུ་དུ། །མཆེ་གདོང་གནོད་པ་གཟའ་གང་ཞིག །ཐ་སྐར་ལ་གནས་མཆེ་གཡས་སྣྲོན། །གཡོན་སྣར་གྲེ་ལ་གདོང་ཚུགས་སོ། །བྲ་ཉེ་ལ་གནས་མཆེ་གཡས་གཡོན། །ལྷ་མཚམས་སྨིན་དྲུག་གདོང་ཚུགས་མཆུ། །སྨིན་གནས་མཆེ་གཡས་བྲ་ཉེ་དང་། །མཆེ་གཡོན་ས་ག་གདོང་ཇི་བཞིན། །སྣར་མའི་སྟེང་གནས་མཆེ་གཡས་དབྱུག །མཆེ་གཡོན་ས་རི་གྲོ་བཞིན་གདོང་། །མགོར་གནས་མཆེ་གཡས་ནམ་གྲུ་སྟེ། །མཆེ་གཡོན་ནག་པ་གདོང་ཆུ་སྨད། །ལག་གནས་མཆེ་གཡས་ཁྲུམས་སྨད་དང་། །གཡོན་པ་མེ་བཞི་ཆུ་སྟོད་གདོང་། །ནབས་སོར་གནས་པའི་མཆེ་བ་གཡས། །ཁྲུམས་སྟོད་གཡོན་དབོ་གདོང་ཚུགས་སྣྲུབས། །རྒྱལ་གནས་མཆེ་གཡས་མོན་གྲུ་དང་། །མཆེ་གཡོན་གྲེ་ལ་གདོང་ཚུགས་སྣྲོན། །སྐག་གནས་མཆེ་གཡས་མོན་དྲེ་དང་། །གཡོན་མཆུ་གདོང་ཚུགས་ལྷ་མཚམས་སོ། །མཆུར་གནས་མཆེ་གཡས་སྐག་ཡིན་ཏེ། །གཡོན་པ་བྱི་བཞིན་གདོང་ཚུགས་གྲེ། །གྲེར་གནས་མཆེ་གཡས་རྒྱལ་གཡོན་པ། །གྲོ་བཞིན་གདོང་ཚུགས་ཐ་སྐར་རོ། །དབོར་གནས་མཆེ་གཡས་ནབས་སོ་དང་། །མཆེ་གཡོན་ཆུ་སྨད་གདོང་ནམ་གྲུ། །མེ་བཞི་ལ་གནས་མཆེ་གཡས་ལག །གཡོན་པ་ཆུ་སྟོད་གདོང་ཁྲུམས་སྨད། །ནག་པའི་སྟེང་གནས་མཆེ་གཡས་མགོ། གཡོན་སྣྲུབས་ཁྲུམས་སྟོད་ལ་གདོང་ཚུགས། །ས་རི་ལ་གནས་མཆེ་གཡས་སྣར། །གཡོན་སྣྲོན་གདོང་ཚུགས་མོན་གྲུའོ། །ས་ག་ལ་གནས་མཆེ་གཡས་སྨིན། །གཡོན་པ་ལྷ་མཚམས་མོན་གྲེ་གདོང་། །ལྷ་མཚམས་ལ་གནས་མཆེ་བ་གཡས། །ས་ག་གཡོན་གྲེ་གདོང་ཚུགས་སྐག །སྣྲོན་གནས་མཆེ་གཡས་ས་རི་དང་། །མཆེ་གཡོན་ཐ་སྐར་གདོང་ཚུགས་རྒྱལ། །སྣྲུབས་གནས་མཆེ་གཡས་ནག་པ་ལ། །མཆེ་གཡོན་ནམ་གྲུ་གདོང་ནབས་སོ། །ཆུ་སྟོད་ལ་གནས་མཆེ་བ་གཡས། །མེ་བཞི་མཆེ་གཡོན་ཁྲུམས་སྨད་དང་། །ལག་ལ་གདོང་ཚུགས་གནོད་པའོ། །ཆུ་སྨད་ལ་གནས་མཆེ་གཡས་དབོ། །མཆེ་གཡོན་ཁྲུམས་སྟོད་མགོར་གདོང་ཚུགས། །གྲོ་བཞིན་ལ་གནས་མཆེ་གཡས་གྲེ། །མཆེ་གཡོན་མོན་གྲུ་གདོང་སྣར་མ། །བྱི་བཞིན་ལ་གནས་མཆེ་གཡས་མཆུ། །མཆེ་གཡོན་མོན་དྲེ་གདོང་སྨིན་དྲུག །

p. 159

མོན་དྲེ་ལ་གནས་མཆེ་བ་གཡས། །བྱི་བཞིན་གཡོན་སྐག་གདོང་ས་ག །མོན་གྲུ་ལ་གནས་མཆེ་བ་གཡས། །གྲོ་བཞིན་གཡོན་རྒྱལ་གདོང་ས་རི། །ཁྲུམས་སྟོད་ལ་གནས་མཆེ་བ་གཡས། །ཆུ་སྨད་གཡོན་ནབས་གདོང་ཚུགས་ནག །ཁྲུམས་སྨད་ལ་གནས་མཆེ་བ་གཡས། །ཆུ་སྟོད་གཡོན་ལག་གདོང་མེ་བཞི། །ནམ་གྲུ་ལ་གནས་མཆེ་གཡས་སྣྲུབས། །མཆེ་གཡོན་མགོ་དང་གདོང་ཚུགས་དབོ། །དེ་རྣམས་འབྲས་བུ་མདོར་བསྡུས་ནི། །སོལ་བས་འཆི་ལ་ཐུག་པ་སྟེ། །འཁྱུད་པས་ལུས་ལ་ནད་འབྱུང་ཞིང་། །དུ་བས་འདོད་པ་མེད་པར་བྱེད། །གདོང་ཚུགས་རྒྱལ་པོ་ལ་སོགས་པའི། །འཇིག་པས་སྨད་པའི་གནས་སུ་འགྱུར། །སྐྱེས་མིང་སྐར་མར་སྡིག་གཟའ་ཡི། །མཆེ་བ་གཅིག་ཟུག་དོན་ཉམས་ཤིང་། །གཉིས་ཀྱིས་ནད་འབྱུང་གསུམ་གྱིས་འཆི། །ཞི་གཟའ་གཅིག་གཉིས་ཟས་སྐོམ་མེད། །གསུམ་ཟུག་རིམས་དང་ནོར་ཉམས་འགྱུར། །དྲག་གཟའི་གཡས་གཡོན་མཆེ་བ་དང་། །གདོང་ཚུགས་བཅས་ཏེ་གསུམ་ཟུག་ན། །གླང་ཆེན་མྱོས་པའི་མཆེ་བ་ཡིས། །བཟུང་ནས་ཟ་དང་འདྲ་བའི་ཕྱིར། །མི་དེ་འཆི་བར་ཐེ་ཚོམ་མེད། །གཞན་ཡང་རྒྱུ་སྐར་སོ་སོ་ཡི། །རྐང་པའི་ཚད་དང་ཡི་གེ་དང་། །སྡིག་བསོད་གཟའ་རྣམས་རང་རང་གི། མཐོང་སའི་གནོད་པ་ལ་སོགས་པ། །མ་བརྗོད་སྤྲོ་ན་གཞན་དུ་ལྟོས། ༈ །བཅུ་བདུན་པ་ནི་གཟའ་རྣམས་ཀྱི། །ཚེ་ཡི་གནས་སྐབས་འབྲས་བུ་བཤད། །འཁོར་ལོ་རྩིབས་བརྒྱད་བྲིས་པ་ལ། །ཤར་ནས་བརྩམས་ཏེ་དབང་ལྡན་བར། །ཉི་སོགས་གཟའ་བརྒྱད་ཀྱིས་སྤྱོད་པའི། །ཚེའི་ལོ་བརྒྱ་རྩ་བརྒྱད་རྣམས་དགོད། །དེ་ཡང་ཉི་མའི་ལོ་དྲུག་དང་། །ཟླ་བའི་ཚེས་དང་དམར་པོའི་ཀླུ། །ལྷག་པའི་རི་གཟུགས་དལ་འགྲོའི་ཕྱོགས། །བླ་མའི་བུག་གཟུགས་སྒྲ་གཅན་ཉི། །སྙན་ངག་མཁན་གྱི་གཟུགས་མིག་སྟེ། །ཕྱོགས་རྣམས་ཉུང་བ་ཁ་འཆམ་དང་། །མཚམས་རྣམས་མང་བ་ཁ་འཁྱར་བ། །གཉིས་ཀར་གཉིས་རེ་འཕེལ་བར་མཛད། །དེ་བཞི་ཤར་དུ་ཉི་མ་ཡིས། །བདག་བྱེད་སྐར་མ་ཐ་སྐར་དང་། །བྲ་ཉེ་སྨིན་དྲུག་སྣར་མ་ཡི། །ཕྱེད་དེ་རྒྱུ་སྐར་ཕྱེད་དང་བཞི། །ཉི་མའི་ཁམས་ཀྱི་ཡི་གེ་ནི། །ཨ་ཨི་རྀ་ཨུ་ལྀ་ལྔ་དགོད། །ཤར་ལྷོ་སྣར་མའི་ཕྱེད་ནས་བཟུང་། །ནབས་སོའི་བར་གྱི་ཕྱེད་དང་བཞི། །ཟླ་བའི་ཁམས་ཀྱི་ཡི་

p. 160

གེ་ནི། །ཧ་ཡ་ར་ཝ་ལ་ལྔ་དགོད། །ལྷོ་རུ་རྒྱལ་ནས་གྲེའི་ཕྱེད་བར། །མིག་དམར་མཁའ་ཁམས་ཡི་གེ་ནི། །ང་གྷ་ག་ཁ་ཀ་ལྔ་དགོད། །ལྷོ་ནུབ་མཚམས་སུ་གྲེའི་ཕྱེད་ནས། །ནག་པའི་བར་དང་ལྷག་པ་ཡི། །རླུང་ཁམས་ཉ་ཛྷ་ཛ་ཚ་ཙའི། །ཡི་གེ་ལྔ་དགོད་ནུབ་ཕྱོགས་སུ། །ས་རི་ནས་བརྩམས་སྣྲོན་ཕྱེད་བར། །སྤེན་པའི་མེ་ཁམས་ཎ་ཌྷ་ཌ། །ཋ་ཊའི་ཡི་གེ་ལྔ་རྣམས་དགོད། །རླུང་དུ་སྣྲོན་ཕྱེད་ནས་བརྩམས་ཏེ། །ཆུ་སྨད་བར་དང་ཕུར་བུ་ཡི། །ཆུ་ཁམས་མ་བྷ་བ་ཕ་པའི། །ཡི་གེ་ལྔ་དགོད་བྱང་ཕྱོགས་སུ། །གྲོ་བཞིན་ནས་བརྩམས་མོན་གྲུ་ཡི། །ཕྱེད་པར་སྒྲ་གཅན་ས་ཁམས་ཡིག །ན་དྷ་ད་ཐ་ཏ་ལྔ་དགོད། །བྱང་ཤར་མོན་གྲུའི་ཕྱེད་ནས་བརྩམས། །ནམ་གྲུའི་བར་དང་པ་སངས་ཀྱི། །ཡེ་ཤེས་ཁམས་ཀྱི་ཡི་གེ་ནི། །ྈྐ་ཤ་ཥ་༷༵ྉྤ་ས་ལྔ་དགོད། །དབུས་སུ་ཡོན་ཏན་དང་འཕེལ་བའི། །ཡི་གེ་ཨེ་ཨཻ་ཨོ་ཨཽ། །ཨར་ཨཱར་ཨལ་ཨཱལ་རྣམས་དགོད་དོ། །དེ་ལྟར་བདག་པོའི་གཟའ་བརྒྱད་ཀྱི། །ལོ་གྲངས་གཅིག་བསྡོམས་སྐྱེས་བུ་ཡི། །ཚེ་ལོ་བརྒྱ་དང་བརྒྱད་ཐུབ་པའི། །དབང་དུ་བྱས་པས་སྐྱེས་བུ་དེ། །གང་སྐྱེས་སྐར་མའི་རེའུ་མིག་གི། བདག་པོའི་གཟའ་ནས་འགོ་བརྩམས་ཏེ། །རིམ་པར་བསྐོར་བས་ཉི་མའི་རིང་། །ཉི་མའི་ཁམས་ཀྱི་ཡི་གེ་ལྔ། །སྤྱད་པ་ལ་སོགས་རིགས་འགྲེ་སྦྱར། །དབྱངས་རེས་ཇི་ཙམ་སྤྱོད་པ་ཡང་། །རང་རང་ལོ་གྲངས་མཁའ་རོ་མེས། །བསྒྱུར་ལ་ལྔས་བགོས་ནོར་གྱིས་ཤེས། །གཞན་ཡང་ནང་གསེས་སོ་སོ་ལ། །ཉི་མའི་ཉི་མ་ཉི་མའི་ཟླ། །དེ་བཞིན་ཟླ་བའི་ཟླ་བ་དང་། །ཟླ་བའི་མིག་དམར་ལ་སོགས་པ། །གང་ཞིག་གང་ལ་དབང་བྱེད་པ། །དེ་ཉིད་དང་པོར་ལོངས་སྤྱོད་སོགས། །གཟའ་གཞན་བདུན་པོ་ཀུན་ལ་འགྲེ། །ནང་ཚན་བགོ་ཚུལ་གཟའ་བརྒྱད་པོའི། །རང་རང་ལོ་གྲངས་མཁའ་རོ་མེས། །བསྒྱུར་ལ་ཀླུ་ཡིས་བགོས་ཐོབ་པར། །མཁའ་མེས་རྙེད་པ་ཟླ་བ་སྟེ། །ལྷག་མ་ཞག་གི་གནས་སུ་འགྱུར། །འབྲས་བུ་ཉི་མིག་སྤེན་སྒྲ་སྟེ། །ཕྱོགས་ཀྱི་ལོངས་སྤྱོད་རྣམས་སྤྱོད་རིང་། །སྐྱེས་བུ་དེ་ལ་ནད་མང་ཞིང་། །ལོངས་སྤྱོད་ཉམས་སོགས་འཚེ་བ་འབྱུང་། །ལྷག་པ་ཟླ་བ་ཕུར་སངས་ཏེ། །མཚམས་བཞིར་སྤྱོད་རིང་སྐྱེས་བུ་དེ། །མི་མཐུན་ལས་རྒྱལ་དགེ་བར་འགྱུར། །གལ་ཏེ་སྐྱེས་སྐར་མི་ཤེས་

p. 161

ན། །མིང་གི་སྐར་མའམ་དྲི་ཚིག་གི། ཐོག་མ་ངེས་གཟུང་བརྟག་པར་བྱ། །ཡང་ན་དམོད་བོར་འཁོར་ལོ་ལ། །མེ་ཏོག་འཇོག་ཏུ་བཅུག་པ་ཡིས། །གང་བབས་དེ་ཡི་འབྲས་བུ་སྟོན། ༈ །དབྱངས་འཆར་རྒྱུད་དུ་རེའུ་མིག །དགུ་འཕྲེང་རིམ་པ་བཞི་བརྩེགས་ཀྱི། །སྟེང་མར་ཉི་མའི་ལོ་མཚམས་དང་། །ཟླ་བའི་ལོ་ཕྱོགས་མིག་དམར་ཐུབ། །སྒྲ་གཅན་སྐྱོན་དང་ལྷའི་བླ་མར། །མི་བདག་དལ་འགྲོར་བུག་གཟུགས་དང་། །ལྷག་པར་རི་གཟུགས་མཇུག་རིང་རི། །དཀར་པོའི་ལོངས་སྤྱོད་མཁའ་མིག་དགོད། །རེའུ་མིག་གཉིས་པར་སྨིན་དྲུག་སོགས། །དགུ་དང་གསུམ་པར་དབོ་སོགས་དགུ། །བཞི་པར་ཆུ་སྨད་སོགས་དགུ་དགོད། །གང་བརྩི་སྐྱེས་པའི་ཟླ་སྐར་གྱི། །ཆུ་ཚོད་གཅིག་ནས་བཅོ་ལྔའི་བར། །སྐྱེས་པ་མཆོག་ཚེ་བརྒྱ་ཉི་ཤུ། །བཅུ་དྲུག་ནས་བརྩམས་སུམ་ཅུའི་བར། །སྐྱེས་པ་དབུ་མའི་ཚེ་ལོ་བརྒྱ། །སོ་གཅིག་པ་ནས་ཞེ་ལྔའི་བར། །སྐྱེས་པ་འབྲིང་ཚེ་ལོ་བརྒྱད་ཅུ། །ཞེ་དྲུག་ནས་བཟུང་དྲུག་ཅུའི་བར། །སྐྱེས་པ་ཐ་མའི་ཚེ་བཞི་བཅུ། །རང་གི་སྐྱེས་སྐར་རྐང་པའི་དབྱུག །གཟུགས་ནས་ཚེས་བར་འདས་པ་རྣམས། །མཁའ་མིག་ཟླས་བསྒྱུར་མཁའ་བུག་གིས། །རྙེད་པ་ཚེ་ཚད་སོ་སོར་ཕྲི། །ལྷག་མ་སྐྱེས་བུའི་ཚེ་ཚད་དེ། །འཆི་སླུས་བསླུས་ན་བསྣོན་རྒྱུའི་ཚེ། །ཆ་ཤས་དང་པོར་བསྣོན་པ་མེད། །གཉིས་པར་འབྱུང་བ་གསུམ་པར་ཕྱོགས། །བཞི་པར་འབྱུང་གཟུགས་བསྣོན་པར་བྱ། །དེ་ཡི་རིགས་འགྲེ་ད་ལྟ་ཡི། །སྐྱེས་བུའི་ཚེ་ཚད་ལ་སྦྱར་ན། །རིང་མཐའ་མཆོག་ལོ་གོ་ལྔ་དང་། །དབུ་མ་དོན་ལྔ་འབྲིང་ང་ལྔ། །ཐ་མ་སོ་ལྔའི་དབང་བྱས་ཏེ། །འདས་རྣམས་དབང་བུག་གིས་བསྒྱུར་ལ། །མཁའ་རོས་ཐོབ་ནོར་གང་ཡིན་དེས། །སྐབས་སུ་བབས་པའི་ཚེ་ཚད་ལ། །དབྲི་ཞིང་བསླུས་ན་བསྣོན་པ་ཡང་། །གཉིས་པར་མེ་དང་གསུམ་པར་རོ། །བཞི་པར་རྩ་བསྣན་ཚེ་ཡི་ཚད། །དེ་ནས་གཟའ་དགུ་ཕྲ་བའི་རྩིས། །རང་རང་ལོ་གང་མཁའ་དུས་མེས། །བསྒྱུར་བ་སླར་ཡང་རང་རང་ལོས། །བསྒྱུར་ལ་སྐབས་བབས་ཚེ་ཚད་ཀྱིས། །བགོས་ནོར་སླར་ཡང་མཁའ་མེས་བགོ། རྙེད་པ་ཉི་མའི་ཉི་མ་སོགས། །རང་རང་དབང་བྱེད་ཟླ་བའི་གྲངས། །ལྷག་མ་ཞག་གི་གནས་སུ་འགྱུར། །དེ་ཡིས་ནང་གསེས་སོ་སོ་ཡི། །གནས་སྐབས་

p. 162

འབྲས་བུ་གསལ་བར་སྟོན། ༈ །བཅོ་བརྒྱད་པ་ནི་དུས་སྦྱོར་གྱི། །འབྲས་བུ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ཡི་འབྲས་བུ་ནི། །ལུག་ཀར་སྲང་དང་ཆུ་སྲིན་བཞི། །གཡོ་བ་ཡིན་པས་དེ་ཡི་དུས། །ལས་ཚོགས་སྒྲུབ་སོགས་མྱུར་ལས་བྱ། །གླང་སེང་སྡིག་བུམ་བརྟན་པ་སྟེ། །རབ་གནས་མཆོད་རྟེན་བརྩིག་པ་སོགས། །བརྟན་པའི་ལས་རྣམས་བྱ་བར་ཤིས། །འཁྲིག་པ་བུ་མོ་གཞུ་ཉ་བཞི། །གཉིས་ཀའི་རང་བཞིན་འབྲིང་པོ་སྟེ། །དེ་ཚེ་ལམ་དུ་འདེགས་སོགས་བཟང་། །འདི་དག་བྱ་བ་བྱེད་པ་དང་། །དེ་བཞིན་འདྲི་བའི་དུས་ལའང་སྦྱར། །གཉིས་པ་བྱེ་བྲག་འབྲས་བུ་ནི། །དུས་སྦྱོར་རེ་ལ་འཆར་བའི་ཡུན། །རགས་པར་ཆུ་ཚོད་ལྔ་ལྔ་སྟེ། །ལུག་འཁྲིག་སེང་སྲང་གཞུ་བུམ་གྱི། །ཆུ་ཚོད་ལྔ་ལ་རིམ་པ་བཞིན། །མཁའ་རླུང་མེ་ཆུ་ས་ལྔ་པོ། །བསྐྱེད་པའི་རིམ་པས་འབྱུང་བ་ཡིན། །དེ་ལ་རིམ་བཞིན་སྒྲ་གཅན་ཟླ། །ལྷག་སངས་མཇུག་རིང་བདག་པོར་འཆར། །དེ་བཞིན་གླང་ཀར་བུ་མོ་སྡིག །ཆུ་སྲིན་ཉ་ཡི་ཆུ་ཚོད་ལྔར། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །སྡུད་རིམ་གྱིས་འབྱུང་དེ་རྣམས་ལ། །སྤེན་ཕུར་མིག་ཉི་དུས་མེ་འཆར། །གང་ཚེ་ཕོ་ཉས་དགེ་མི་དགེའི། །འབྲས་བུ་གཡུལ་གྱི་སླད་འདྲི་ན། །དུས་མེར་འཐབ་མོ་བ་རྣམས་འཆི། །ཉི་མར་གཡུལ་འཕམ་ས་སྐྱེས་ལ། །རྨ་འབྱུང་བླ་མར་ཕན་ཚུན་འདུམས། །སྤེན་པས་འཐབ་མོ་ཞི་བར་བྱེད། །གལ་ཏེ་ནད་པའི་ཆེད་འདྲི་ན། །རིམ་བཞིན་འཆི་དང་ཉོན་མོངས་དང་། །རྨ་དོད་བཅོས་འཚོ་ནད་ཡུན་རིང་། །དེ་བཞིན་བག་མ་བྱེས་འགྲོ་སོགས། །ཞི་དང་རྒྱས་པའི་ལས་རྣམས་ཀུན། །འདི་དག་ལ་ནི་སྤང་བར་བྱ། །མི་མཉམ་བསྐྱེད་རིམ་དུས་སྦྱོར་ལ། །དམག་གི་ཆེད་དུ་འདྲི་བ་ན། །སྒྲ་གཅན་ལ་ནི་ཕས་རྒོལ་འཇོམས། །ཟླ་བས་དགྲ་བོ་གནད་ཅིང་འཕམ། །ལྷག་པ་དགྲ་ཉམས་རྨས་པར་འགྱུར། །པ་སངས་རང་གི་དོན་རྙེད་ལ། །མཇུག་རིང་དགྲ་བོ་རང་དབང་འགྱུར། །གཞན་པ་ནད་པ་འཚོ་ཞིང་བདེ། །བག་མ་བྱེས་འགྲོ་ལ་སོགས་པ། །དགའ་སྟོན་འཇིག་རྟེན་བྱ་བ་ཡི། །ཞི་རྒྱས་ལས་ཀུན་འགྲུབ་པས་དགེ། དེ་ལྟར་ལུང་སྟོན་མཁན་པོ་ལ། །དུས་སྦྱོར་ཆུ་ཚོད་དེ་དང་དེ། །འཆར་ཚེ་གཞན་གྱིས་དྲིས་ནའང་། །དུས་དེར་ལས་འགོ་བརྩམས་ཀྱང་རུང་། །ཇི་ལྟར་རིགས་པར་ལུང་སྟོན་

p. 163

ཅིག །ཕྲ་མོའི་རྣལ་འབྱོར་རླུང་སྦྱོར་གནད། །ཤེས་པས་གཡོན་གཡས་སྣ་བུག་གི། ལམ་ནས་བསྐྱེད་སྡུད་རིམ་པ་ཡི། །རྒྱུ་ཚུལ་གང་ཚེ་སྣ་བུག་གི། ཀ་བ་ལྷུན་པོའི་རང་བཞིན་ཏེ། །ས་ནི་མཐུར་རྒྱུ་ཆུ་ཀ་ཕྱོགས། །མེ་ནི་འགྲམ་ཕྱོགས་རླུང་སྟེང་ནས། །དབུས་ནས་ནམ་མཁའི་རླུང་འབབ་བོ། །གཡས་ཕྱོགས་གླང་སོགས་མཉམ་པ་དང་། །གཡོན་ཕྱོགས་ལུག་སོགས་མི་མཉམ་པའི། །དུས་སྦྱོར་ཡིན་པས་གང་གི་ཚེ། །གཡོན་ནས་རྒྱུ་དུས་ངེས་པར་འགྲུབ། །གཡས་ཕྱོགས་མི་འགྲུབ་ངན་པ་སྟེ། །དབུ་མར་བཏང་སྙོམས་ལས་རྣམས་འགྱང་། །དེ་དག་རྣམས་ལ་འབྱུང་བ་དང་། །བདག་པོའི་གཟའ་རྣམས་སྦྱར་བྱས་ཏེ། །སྔར་ལྟར་ལུང་རྣམས་མ་འདྲེས་སྟོན། །གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། །དུས་སྦྱོར་སོ་སོའི་སྐར་མ་ལ། །སྐྱེས་པ་རྣམས་ཀྱི་ཚེ་ཚད་སོགས། །ལྟས་མཚན་མང་དུ་བཤད་པ་དང་། །གདན་བཞིར་རོ་ཧི་ཏ་ལ་སོགས། །མིང་འདོགས་ཟུར་པ་རེ་མཛད་ནས། །དེར་སྐྱེས་ཚེ་ཚད་ལོངས་སྤྱོད་གཤིས། །བཟང་ངན་ལ་སོགས་གསུངས་ན་ཡང་། །འདིར་ནི་ལས་དང་བྱ་བ་ཡི། །འབྲས་བུ་མདོ་ཙམ་བཏུས་ཏེ་བཤད། །ལུག་ལ་དགྲར་རྒོལ་དབང་བསྐུར་དང་། །འབད་རྩོལ་ལས་དང་རང་གཞན་འབྲེལ། །ཁམས་སོགས་སྦ་དང་རྫུན་སྨྲ་སོགས། །དགུག་དང་གཡོ་བའི་ལས་རྣམས་བཟང་། །གླང་ལ་ཞིང་འདེབས་གཉེན་སྦྱོར་བག །མཁར་ལས་སྦྱིན་སྲེག་རྟ་ཚོང་དང་། །རྒྱན་གོས་སྒྲུབ་དང་ཞིང་ཉོ་བ། །དབང་དང་བརྟན་པའི་ལས་རྣམས་བཟང་། །འཁྲིག་པར་སྒྱུ་རྩལ་བཟོ་དང་རྒྱན། །སྨན་སྦྱོར་སྒོམ་པ་དེ་ལས་གཞན། །གླང་ལ་བཤད་ཀུན་ཁྱད་པར་དུ། །གཉིས་ཀའི་ལས་དང་རྒྱས་ལས་བཟང་། །ཀརྐ་ཊ་ལ་གྲུ་གཟིངས་ཟམ། །འཛུགས་དང་རྫིང་ཁྲོན་འདྲུ་ཆུ་བསྒྱུར། །མཐར་འདོན་གྲུབ་ལས་ཁྱད་པར་དུ། །ཞི་དང་གཡོ་བའི་ལས་ལ་ཤིས། །སེང་གེར་གདོན་བགེགས་གཞོམ་པ་དང་། །རྒྱལ་སར་དབང་བསྐུར་མི་བདག་མཆོད། །བུད་མེད་བགྲོད་དང་ཚོང་བྱེད་དང་། །བརྩོན་འགྲུས་རྩོམ་དང་དེ་ལས་གཞན། །ལུག་ལ་བཤད་ཀུན་བཟང་བ་སྟེ། །ཁྱད་པར་ཞི་དང་བརྟན་ལས་དགེ། བུ་མོར་སྨན་སྦྱོར་རབ་ཏུ་བྱུང་། །ཆུ་ལ་འགྲོ་ཞིང་ཚོང་དང་བཟོ། །སྟན་འདིང་དགེ་སྒྲུབ་ཞིང་གི་ལས། །རྒྱས་དང་གཉིས་ཀའི་

p. 164

ལས་རྣམས་བཟང་། །སྲང་ལ་ཚོང་དང་སོ་ནམ་ལས། །སྲང་ལ་གཞལ་དང་རི་མོ་འདྲི། །ཚོང་འདུས་འགྲོ་དང་མི་ངན་འགྲོགས། །བུད་མེད་དོན་དང་གྲོགས་པོའི་དོན། །རྒྱལ་པོའི་གྲོགས་རྣམས་བྱ་བ་དང་། །དབང་དང་གཡོ་བའི་ལས་ལ་བཟང་། །སྡིག་པར་འབད་རྩོལ་ལས་དང་ནི། །རྒྱལ་པོར་བསྙེན་བསྐུར་དབང་བསྐུར་དང་། །དཔའ་བོ་མཚོན་ཆའི་ལས་རྣམས་དང་། །ཀླུ་ཡི་དོན་དང་དུག་སྦྱོར་དང་། །གསོད་དང་འཇིག་སོགས་དྲག་པོའི་ལས། །དགུག་དང་བརྟན་པའི་ལས་ལ་བཟང་། །གཞུ་ལ་རྒྱལ་པོའི་བྱ་བ་དང་། །ཡུལ་གཞན་འཛིན་དང་བག་མའི་ལས། །ཕྱུགས་འདུལ་སྒོམ་དང་བཅའ་ཁྲིམས་དང་། །མདོ་འདོན་སྨན་སྦྱོར་རྟ་ཕྱུགས་འདུལ། །གཉིས་ཀའི་ལས་དང་བསྐྲད་ལས་བཟང་། །ཆུ་སྲིན་དུས་སུ་ཞིང་ལས་དང་། །བརྟེན་ས་བཙལ་དང་ཆུ་ལས་འགྲོ། །བཅིངས་པ་དགྲོལ་དང་ཆུ་བརྟོལ་བ། །བྲན་བསྟེན་རྐང་བཞི་ཕྱུགས་ཀྱི་ལས། །ཤོག་ཕྲིན་རྫུན་དང་འཇོམས་པའི་ལས། །གཡོ་དང་བསད་པའི་ལས་ལ་བཟང་། །བུམ་པར་ཆུ་བྱིན་ས་བོན་སྡུད། །གྲུ་དང་གཡོག་བསྟེན་མགོ་བསྐོར་དང་། །ངན་ལས་ཡུར་བ་འདྲུ་བ་དང་། །བརྟན་པའི་ལས་དང་བསད་ལས་བཟང་། །ཉ་ལ་རྩོམ་པ་ཆོས་སློབ་པ། །རྒྱན་འདོགས་སོ་ནམ་ཕྱུགས་ལྷས་དང་། །བག་མ་གཏོང་ལེན་བཟའ་བ་དང་། །ཆོས་དང་ལས་སློབ་འཕོ་བ་དང་། །གཉིས་ཀའི་ལས་དང་བསྐྲད་ལས་བཟང་། ༈ །དུམ་དྲུག་དུས་སྦྱོར་བྱེད་ལས་ནི། །སྤྱིར་ན་གང་ཡིན་བདག་འབྲས་འབྱུང་། །བྱེ་བྲག་དུས་སྦྱོར་གཅིག་པ་ཡིས། །རྙེད་དང་མི་རྙེད་འགྲུབ་མི་འགྲུབ། །བདེ་སྡུག་ལ་སོགས་བལྟ་བར་བྱ། །དུས་སྦྱོར་ཕྱེད་པའི་འབྲས་བུ་ནི། ༈ །སྦྲུམ་མའི་སྐྱེ་བ་བརྟག་པ་སྟེ། །གཅིག་གི་བདག་པོ་ཉི་མ་ཡིན། །དེ་ཚེ་བུ་ནི་སྐྱེ་བར་བརྗོད། །གཉིས་བདག་ཟླ་བས་བུ་མོ་སྐྱེ། །སུམ་ཆས་སྤྱི་ཁྱབ་འབྲས་གསུམ་སྟོན། །གཅིག་ནི་ཏཏྐཱ་ལ་ཡིན་ཏེ། །དེ་ཚེ་རེ་བའི་འབྲས་བུ་སྟེར། །གཉིས་བྱུང་ལྔ་པའི་དུས་སྦྱོར་ཏེ། །དོགས་པའི་འབྲས་བུ་སྟེར་བ་ཡིན། །གསུམ་བྱུང་དགུ་པའི་དུས་སྦྱོར་ཏེ། །རེ་དོགས་གང་ཡང་མེད་པར་སྟོན། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །དགུ་ཆའི་འབྲས་བུ་རྐུན་མ་དང་། །རྨི་ལམ་ལ་སོགས་རྒྱས་པར་བཤད། །བཅུ་གཉིས་ཆས་

p. 165

ནི་བདག་གཞན་གྱི། །ཚོང་གི་འབྲས་བུ་ལ་སོགས་སྟོན། །དེ་ཡང་ཏཏྐཱལ་ནས་བགྲངས་པའི། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །སུམ་ཅུ་ཆས་ནི་རྐུན་མ་དང་། །རྨི་ལམ་རྨི་བ་ལ་སོགས་པའི་། །དུས་ཀྱི་བྱེ་བྲག་སྟོན་པ་སྟེ། །དབུས་ཀྱི་བདག་པོའི་འབྲས་བུ་འབྱུང་། །མདོར་ན་དུམ་དྲུག་དུས་སྦྱོར་གྱི། །བཟང་ངན་འབྲས་བུ་ཁྱིམ་བདག་ཡིན། །རང་རང་ཁྱིམ་བདག་ཤར་ན་དགེ། གྲོགས་བཟང་དགྲ་ངན་གཞན་བཏང་སྙོམས། །དེ་ལ་སོགས་པའི་སྤྲོས་པ་ནི། །རྒྱས་པར་དངོས་དོན་བཅུ་གཉིས་སུ། །རྣམ་པར་ཕྱེ་ནས་དབང་ཕྱུག་གིས། །བཤད་མོད་འདིར་ནི་མ་བརྗོད་དོ། ༈ །གཞན་ཡང་དྲིས་པའི་དབྱངས་གྲངས་ལས། །བཟང་ངན་བྱེ་བྲག་བརྗོད་པར་བྱ། །ཕོ་ཉས་སྨྲས་པའི་དབྱངས་གྲངས་རྣམས། །ཕྱོགས་ཀྱིས་བསྒྱུར་ལ་ཉི་མ་བསྲེ། །སླར་ཡང་འབྱུང་བས་བསྒྱུར་བ་ལ། །རང་མ་གཏོགས་པའི་དྲུང་གནས་ཀྱི། །སྐྱེས་བུ་ཇི་སྙེད་ཡོད་པ་བསྲེ། །རི་བོས་དོར་བའི་ལྷག་མ་ལ། །གཟུགས་མེ་འབྱུང་བ་མཁའ་ཤར་ན། །དྲག་གཟའ་ཡིན་པས་དོན་མི་འགྲུབ། །མིག་དང་རྒྱ་མཚོ་རོ་ཤར་ན། །ཞི་གཟའ་ཡིན་པས་དོན་རྣམས་འགྲུབ། །བྱེ་བྲག་ཉི་མས་ནོར་རྣམས་ཉམས། །རེག་པ་ཙམ་གྱིས་འཕུང་བར་བྱེད། །དམར་ངོ་ཁྲག་ངོ་ཡམས་ནད་སོགས། །སྡུག་བསྔལ་མང་པོས་མནར་བར་འགྱུར། །རིམ་གྲོར་འབུམ་འདོན་སྡོང་རྒྱན་སྒྲོག །སཱཙྪ་བཏབ་པས་ཉེས་པ་ཞི། །ཟླ་བ་ཤར་ན་དགོས་འདོད་འབྱུང་། །ཅི་བསམ་དོན་ཀུན་འགྲུབ་པར་བཤད། །མིག་དམར་ཤར་ན་མེའི་འཇིགས་པས། །བསྲེག་ཅིང་ནད་དང་ཁ་སྨྲས་འོང་། །མཛའ་བོ་དགྲར་ལྡང་ངན་སྦྱོར་བྱེད། །བསམ་པའི་དོན་ལ་བར་ཆད་འབྱུང་། །རིམ་གྲོ་ལམ་འཕྲང་བསལ་བ་དང་། །ཚེ་ཡི་དབང་ཞུ་སྲོག་བསླུ་བྱེད། །གཙུག་ཏོར་ལོ་གྲངས་སྒྲོག་ན་བཟང་། །ལྷག་པར་ནོར་རྙེད་ཅི་བསམ་འགྲུབ། །ཕུར་བུར་ཚེ་མཐུ་ལོངས་སྤྱོད་ཉམས། །བསམ་པའི་དོན་ལ་བར་གཅོད་ལྡང་། །རིམ་གྲོར་དགེ་སློང་བཞི་སྡེ་མཆོད། །དབུ་དུམ་བཞི་དང་སྟོང་ཆེན་དང་། །འཇམ་དཔལ་མཚན་བརྗོད་འདོན་པར་བྱ། །པ་ཝ་སངས་ལ་ལུས་སེམས་བདེ། །འབྲུ་གོས་རྐང་བཞི་ལོངས་སྤྱོད་འཕེལ། །བུ་ཚ་འཁོར་འདབ་རྒྱས་པར་འགྱུར། །སྤེན་པར་ཡམས་རིམས་ཀླུ་ནད་དང་། །གཞོགས་ཕྱེད་

p. 166

ནད་ཀྱིས་གདུང་བར་བྱེད། །ཡུལ་གཞན་འཕོ་དང་བྱེ་བྲལ་འོང་། །རབ་བྱུང་ཡིན་ན་སྡོམ་པ་འཆོར། །གོང་མའི་ཞལ་ཆེ་ངན་པས་མནར། །མ་མགོན་གཏོར་སྒྲུབ་གཟུངས་འདུས་དང་། །གཙུག་ཏོར་ལོ་གྲངས་བཀླགས་ན་བཟང་། ༈ །བཅུ་དགུ་པ་ནི་དུས་ལྷ་རྣམས། །འཆར་བའི་རྩིས་ཀྱི་ངེས་པ་བརྗོད། །འདི་ལ་བདུན་ལས་དང་པོ་ནི། །ཁྱིམ་ཟླར་ལྟོ་འཕྱེ་འཁོར་ཚུལ་བཤད། །ཉིན་གུང་ཐུར་ཤིང་བཙུགས་པ་ཡིས། །ཕྱོགས་བཙལ་ཚངས་ཟུར་ཐིག་བཏབ་སྟེ། །ལོགས་བཞིར་བཅད་པའི་ཕྱོགས་རེ་ལ། །ཆ་མཉམ་གསུམ་གསུམ་བགོས་པ་ཡིས། །བཅུ་གཉིས་འབྱུང་བ་ཁྱིམ་ཟླ་སྟེ། །རེ་རེ་བཞིན་ཡང་སུམ་ཅུ་རེར། །གསིལ་བས་ཁྱིམ་ཞག་གྲངས་སུ་འགྱུར། །ཁྲུམས་ཉ་སྟོན་རར་བརྩིས་པ་ཡི། །བུ་མོའི་ཁྱིམ་ཟླ་ནས་བརྩམས་ཏེ། །སྟོན་གསུམ་མགོ་ཤར་དགུན་གསུམ་ལྷོ། །དཔྱིད་གསུམ་ནུབ་ལ་དབྱར་གསུམ་བྱང་། །གཞོགས་གཡོན་འོག་བཅུག་གཡས་སྐོར་གྱིས། །ཞག་རེར་རེའུ་མིག་རེ་རེ་འཕོ། །ལྟོ་བའི་ཐད་ནས་བརྐོ་བར་བཤད། །དེ་ཕྱིར་བརྐོ་ས་གློ་བུར་དུ། །བརྟག་པའི་ཐིག་གི་གདབ་ལུགས་ནི། །ས་གཞི་གང་ཡིན་བསྙམས་བྱས་ལ། །ཚངས་ཟུར་ཐིག་གིས་ཕྱོགས་བཙལ་ནས། །ཇི་ཙམ་འོས་པའི་ལོགས་བཞི་བཅད། །དེ་ཡི་སྟེང་ནས་ལྟོ་འཕྱེ་ཡི། །མགོ་བོ་གར་གནས་ཟླ་ཞག་བཙལ། །དེ་དང་ཐད་དྲང་ཕྱོགས་གཞན་སྟེང་། །ཐིག་བཏབ་བརྩི་བྱའི་ཚངས་ཐིག་སྟེ། །དེ་ཡི་དཀྱིལ་ནས་གདེངས་ཀའི་བར། །ཆ་མཉམ་ལྔ་རུ་བགོས་བྱས་ལ། །དེ་ཡི་ཆ་གཅིག་གིས་ཚད་པས། །གདེངས་ཀའི་རྩེ་ནས་མར་གསུམ་དང་། །ཚངས་ཐིག་མདུན་དུ་ཕྱེད་དང་གཉིས། །དོར་བའི་ཡས་མར་ཆ་གཅིག་དང་། །འཕྲེད་ལ་ཆ་ཕྱེད་གནས་པ་དེ། །ལྟོ་བའི་ཐད་ཡིན་བརྐོ་བའི་ས། །ཁྱིམ་གྱི་ཟླ་ཞག་འཚོལ་ལུགས་ནི། །གང་བརྩིའི་ཉ་སྐར་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་པ་མདའ་ཡོན་ཟླས། །ཐོབ་པ་ལུག་ཁྱིམ་ནས་བརྩམས་ཏེ། །ཁྱིམ་ཟླ་འདས་པའི་གྲངས་ཡིན་ནོ། །ལྷག་མ་མཁའ་མེས་བསྒྱུར་བ་ལ། །ཆུ་སྲང་མིག་གིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་བརྩི་བཞིན་པའི། །ཞག་འདི་དང་བཅས་ད་ལྟར་བའི། །ཁྱིམ་གྱི་འདས་ཞག་རྟོག་པར་འགྱུར། །ལུག་གླང་འཁྲིག་ཀར་སེང་བུ་མོ། །སྲང་སྡིག་གཞུ་ཆུ་བུམ་ཉ་རྣམས། །

p. 167

དཔྱིད་འབྲིང་ནག་ཟླ་ནས་བཟུང་སྟེ། །ལྟོ་འབྱོར་ཁྱིམ་ཟླ་བཅུ་གཉིས་མིང་། ༈ །གཉིས་པ་དུས་སྦྱོར་ཕྱེད་བདག་གཟའ། །བརྩི་ཚུལ་ཉིན་ཚད་མཚན་ཚད་གང་། །ཉི་མས་ཐོབ་ནོར་ཕྱེད་པའི་ཚད། །ཕྱེད་རེར་རེས་གཟའ་ནས་བརྩམས་ཏེ། །ཉིན་མོ་དྲུག་སྐོར་མཚན་མོ་ལ། །ལྔ་སྐོར་ཚུལ་གྱིས་འཆར་བ་ཡིན། །བརྟག་ཐབས་གང་བརྩིའི་དུས་ཡན་ཆད། །འདས་པའི་ཕྱེད་པ་ངོས་བཟུང་ལ། །ཚོགས་དེ་ཉིན་མོ་འབྱུང་བ་དང་། །མཚན་མོ་མཚོས་བསྒྱུར་བརྩི་ཉིན་གྱི། །རེས་གཟའི་གྲངས་བསྣན་ཐུབ་པས་དོར། །ལྷག་མ་གང་བྱུང་ཕྱེད་བདག་གཟའ། །སྤྱིར་ན་ཞི་གཟའ་དགེ་བ་སྟེ། །དྲག་གཟའ་ཤར་ན་མི་དགེ་ཞིང་། །ཁྱད་པར་ཕུར་བུ་ཤར་བའི་ཚེ། །བདུད་རྩི་ཐུན་མཚམས་འཆར་བ་ཡིན། །འབྲས་བུ་དྲག་ལས་མ་གཏོགས་པ། །ལས་རྣམས་ཐམས་ཅད་འགྲུབ་པས་དགེ། ༈གསུམ་པ་རིགས་ལྡན་འཆར་རྩིས་ནི། །ཕྱེད་བདག་སྤེན་པ་ཤར་བའི་ཚེ། །རིགས་ལྡན་གཞན་དུས་འཆར་བ་ཡིན། །དེ་ཡང་སྤེན་པའི་ཐོག་དབུས་མཐའི། །ཆུ་སྲང་འཆར་ཚད་རེས་གཟས་སྟོན། །རེས་གཟའ་ཉི་ཟླ་ཕུར་གསུམ་ལ། །དབུས་ནས་ཉི་མར་སྲང་མི་བདག །ཟླ་ཀླུ་ཕུར་བུར་དུས་རྩེ་མོ། །རེས་གཟའ་མིག་དམར་ལྷག་པ་ཡི། །ཐོག་མ་ནས་བརྩམས་ཆུ་སྲང་ཚད། །མིག་དམར་རོ་དང་ལྷག་པ་མིག །རེས་གཟའ་པ་སངས་སྤེན་པའི་དུས། །ཐ་མའི་ཆུ་སྲང་བཞི་རེ་ལ། །རིགས་ལྡན་དྲག་པོ་འཆར་བར་འགྱུར། ༈ །རིགས་ལྡན་རང་དུས་ལ་འཆར་རྩིས། །ཐུན་ཕྱེད་རེ་ལ་གཟའ་རེ་དང་། །ལྷན་ཅིག་ཀླུ་རེ་འཆར་བ་སྟེ། །ཉི་མ་མཐའ་ཡས་ཟླ་ནོར་རྒྱས། །མིག་དམར་འཇོག་པོ་ལྷག་སྟོབས་རྒྱུ། །ཕུར་བུ་པདྨ་སངས་པད་ཆེན། །སྤེན་པ་དུང་སྐྱོང་བཅས་རྫོགས་རྗེས། །སྒྲ་གཅན་རིགས་ལྡན་ལྷན་ཅིག་འཆར། །དེ་ཡང་རེས་གཟའ་ཉི་མའི་དུས། །ཐུན་ཕྱེད་བདུན་པ་འདས་ནས་འཆར། །དེ་བཞིན་ཟླ་བའི་རེས་ལ་དྲུག །མིག་དམར་འབྱུང་བ་ལྷག་པར་མཚོ། །ཕུར་མེ་སངས་མིག་སྤེན་པར་གཟུགས། །འདས་མཚམས་རེས་གཟའ་རང་རང་གི། རིགས་ལྡན་འཆར་བའི་ཐུན་ཕྱེད་དོ། །ཐུན་ཕྱེད་ཚད་ནི་གང་བརྩི་ཡི། །ཉིན་ཚད་མཚན་ཚད་ཀླུས་བགོས་པའི། །རྙེད་པ་གང་བྱུང་ཚད་དང་བསྟུན། །རིགས་ལྡན་ཤར་དུས་གང་བརྩམས་པའི། །ལས་ཀུན་ཉམས་

p. 168

ཤིང་བརླག་པར་འགྱུར། །ཁྱད་པར་བཟའ་བཏུང་སྤྱད་པ་དང་། །ནད་པས་སྨན་བསྟེན་དུག་ཏུ་འགྱུར། །དེ་ཕྱིར་ཤིན་ཏུ་གཟབས་ཏེ་སྤང་། ༈ །བཞི་པ་རྣལ་འབྱོར་མ་བརྒྱད་ཀྱི། །འཆར་ལུགས་དཀར་ནག་ཕྱོགས་གཉིས་ཀའི། །ཚེས་གཅིག་ཤར་དུ་ཚངས་མ་སྟེ། །གཉིས་ལ་བྱང་དུ་དྲག་མོའོ། །གསུམ་ལ་ཤར་ལྷོར་གཞོན་ནུ་མ། །བཞི་ལ་ལྷོ་ནུབ་ཁྱབ་འཇུག་མ། །ལྔ་ལ་ལྷོ་ཕྱོགས་ཕག་མོ་སྟེ། །དྲུག་ལ་ནུབ་ཏུ་དབང་མོའོ། །བདུན་ལ་ནུབ་བྱང་ཙཱ་མུཎྜ། །བརྒྱད་ལ་བྱང་ཤར་དཔལ་མོ་ཆེ། །དགུ་ལ་ཤར་ཕྱོགས་ཚངས་མ་དང་། །བཅུ་ལ་བྱང་དུ་དྲག་མོའོ། །བཅུ་གཅིག་མེ་མཚམས་གཞོན་ནུ་མ། །བཅུ་གཉིས་སྲིན་པོར་ཁྱབ་འཇུག་མ། །བཅུ་གསུམ་གཤིན་རྗེར་ཕག་མོ་དང་། །བཅུ་བཞི་པ་ལ་ཆུར་དབང་མོ། །ཉ་དང་གནམ་སྟོང་སྔ་ཆ་ལ། །ནུབ་བྱང་མཚམས་སུ་ཙཱ་མུཎྜ། །ཕྱི་ཆར་འབྱུང་པོར་དཔལ་མོའོ། །མདོར་ན་རགས་པ་ཚེས་རེ་དང་། །ཕྲ་བ་ཉིན་བརྒྱད་མཚན་བརྒྱད་ཀྱི། །དང་པོ་ཚེས་བདག་ནས་བརྩམས་ཏེ། །རིམ་བཞིན་བརྒྱད་པོ་ལན་གཉིས་འཁོར། །འདི་ཉིད་གཡས་དང་རྒྱབ་བཞག་ན། །ཕ་རོལ་འཇོམས་པའི་སྟོབས་དང་ལྡན། ༈ །ལྔ་པ་བིཥྚི་འཆར་ཚུལ་ནི། །ཚེས་བཞིའི་ཕྱི་ཆར་ཤར་ཕྱོགས་སུ། །བརྒྱད་ཀྱི་སྔ་ཆར་ལྷོ་རུའོ། །བཅུ་གཅིག་ཕྱི་ཆར་ནུབ་ཏུ་སྟེ། །བཅོ་ལྔའི་སྔ་ཆར་བྱང་དུ་འཆར། །བཅོ་བརྒྱད་ཕྱི་ཆར་ཤར་ལྷོ་དང་། །ཉེར་གཉིས་སྔ་ཆར་ལྷོ་ནུབ་ཏུ། །ཉེར་ལྔའི་ཕྱི་ཆར་ནུབ་བྱང་ཕྱོགས། །ཉེར་དགུའི་སྔ་ཆར་བྱང་ཤར་དུ། །འཆར་ཚད་ཚེས་ལོངས་དག་ལ་ལྟོས། །རང་གི་གཡས་དང་རྒྱབ་ཕྱོགས་སུ། །བཞག་ནས་དྲག་ལས་བྱ་བར་བཟང་། ༈ །དྲུག་པ་དྲག་པོ་འཆར་ཚུལ་ནི། །ཉི་མའི་འཕོ་བ་ལ་བརྟགས་ནས། །བྱང་བགྲོད་ཆུ་སྲིན་ཁྱིམ་ཟླ་དང་། །བུམ་པའི་ཟླ་ཕྱེད་ཤར་དུ་འཆར། །དེ་ཚེ་ནུབ་ཀྱི་ཕྱོགས་སུ་རྒྱུ། །བུམ་ཕྱེད་ཉ་ཁྱིམ་བྱང་ཤར་དུ། །ལུག་དང་གླང་ཕྱེད་བྱང་དུའོ། །གླང་ཕྱེད་འཁྲིག་པར་ནུབ་བྱང་དུ། །འཆར་བ་བྱང་ཁྱིམ་དྲུག་ལ་ཡིན། །དེ་ནས་ཉི་མ་ལྷོ་བགྲོད་ཚེ། །ཀརྐ་ཊ་དང་སེང་ཕྱེད་ནུབ། །སེང་ཕྱེད་བུ་མོར་ལྷོ་ནུབ་སྟེ། །སྲང་དང་སྡིག་པའི་ཕྱེད་ལ་ལྷོ། །སྡིག་ཕྱེད་གཞུ་ལ་ཤར་ལྷོར་འཆར། །ཕན་གནོད་སྔར་བཤད་འདིར་ཡང་དྲན། ༈ །བདུན་པ་ཐུན་ཕྱེད་སྒྲ་གཅན་ནི། །ཉིན་མཚན་

p. 169

ཐུན་ཆེན་བཞི་བཞི་སྟེ། །དེ་ཉིད་ཕྱེད་ཕྱེད་གཏུབས་བྱས་པས། །ཉིན་མཚན་ཐུན་ཕྱེད་བརྒྱད་རེར་རྒྱུ། །རྒྱུ་སའི་ཕྱོགས་ནི་ཤར་ནས་རླུང་། །དེ་ནས་ལྷོ་དང་དབང་ལྡན་དང་། །དེ་ནས་ནུབ་དང་དེ་ནས་མེ། །དེ་ནས་བྱང་དང་དེ་ནས་སྲིན། །དེ་ནས་སླར་ཡང་ཤར་དུ་འཁོར། །ཉིན་མཚན་གཉིས་ཀར་རེས་གཟའ་ནས། །འོག་བརྩམས་གཡོན་སྐོར་གྱིས་རྒྱུ་བས། །ཉི་མའི་རེས་ལ་ཤར་ནས་བརྩམས། །དེ་བཞིན་ཟླ་བར་ཤར་ལྷོ་ནས། །བཀྲ་ཤིས་ལྷོ་དང་ལྷག་པ་སྲིན། །ཕུར་བུ་ནུབ་དང་པ་སངས་རླུང་། །སྤེན་པ་བྱང་དང་མཇུག་རིང་ནི། །དབང་ལྡན་མཚམས་ནས་མགོ་རྩོམ་ཞིང་། །ཁྱད་པར་རེས་གཟའ་སྤེན་པའི་དུས། །ཉིན་མོ་སྤེན་པ་ནས་འཛིན་ཏེ། །མཚན་མོ་མཇུག་རིང་ཐོག་མར་སྦྱར། །ཉིན་མཚན་ཚད་ནི་གང་ཡིན་པ། །བརྒྱད་ཀྱིས་བགོས་པའི་ཐོབ་ནོར་དེ། །ཐུན་ཕྱེད་སོ་སོའི་ཚད་དུ་འགྱུར། །རྩ་བའི་སྒྲ་གཅན་མ་གཏོགས་པ། །འདི་དང་སྟོབས་མཚུངས་དུས་ལྷ་གཞན། །མེད་པར་གསུངས་ཕྱིར་རྒྱུ་ཕྱོགས་སུ། །དྲག་ལས་བརྩམས་ན་རྣམ་པར་རྒྱལ། ༈ །ཉི་ཤུ་པ་ནི་གཡུལ་རྒྱལ་གྱི། །རྩིས་ལ་མིང་དང་ས་སྟོབས་གཉིས། །ཐོག་མར་མིང་གི་སྟོབས་བཤད་བྱ། །སོ་སོར་རྩོད་པར་བྱེད་པ་ན། །ཕན་ཚུན་རྩོད་པར་བྱེད་པ་པོའི། །གཙོ་བོའམ་དམག་དཔོན་མིང་ལ་བརྟག །མིང་གི་དབྱངས་ཡིག་ཇི་སྙེད་པ། །གཅིག་གིས་གཅིག་ལ་དབྲི་བར་བྱ། །ལྷག་མ་གང་བྱུང་རྒྱལ་བར་འགྱུར། །གལ་ཏེ་གྲངས་ཙམ་མཉམ་གྱུར་ཀྱང་། །དབྱངས་ཡིག་ཐུང་ངུ་རིང་པོས་འཇོམས། །རིང་པོའང་ཤིན་ཏུ་རིང་པོས་སོ། །དབུགས་ནི་ནང་དུ་འཇུག་པའི་ཚེ། །ཕོ་ཉས་གང་མིང་བརྗོད་དེ་རྒྱལ། །ཕྱིར་འཐོན་ལ་བརྗོད་དེ་འཆི་འགྱུར། །ཕོ་ཉས་བརྗོད་པའི་མིང་གཉིས་ལས། །དང་པོར་བརྗོད་པ་དེ་རྒྱལ་ཞིང་། །ཕྱིས་བརྗོད་མིང་ཅན་ཕམ་པར་སྟོན། ༈ །གཉིས་པ་ས་སྟོབས་བརྟག་པ་ནི། །ཁྱིམ་གནས་འཁོར་ཚུལ་ལེགས་ཤེས་པས། །ལྔ་བསྡུས་གཟའ་ལྔ་སྒྲ་གཅན་དང་། །མཇུག་རིང་རྣམས་་ནི་རྩིས་བྱས་ནས། །གཟའ་རྣམས་རྒྱུ་སྐར་གང་ལ་གནས། །བརྟགས་ཏེ་གཡུལ་དུ་འཇུག་པའི་ཚེ། །ཉི་མིག་མཇུག་རིང་སྤེན་པ་སྟེ། །གདུག་པའི་གཟའ་ཀུན་རང་ཉིད་ཀྱི། །གཡས་དང་རྒྱབ་ཀྱི་ཕྱོགས་སུ་གནས། །ཟླ་ལྷག་ཕུར་སངས་ཞི་བ་སྟེ། །རང་གི་

p. 170

གཡོན་དང་མདུན་དུ་ཡོད། །བདག་རྒྱལ་དགྲ་རྣམས་འཆི་བར་འགྱུར། །དེ་བཞིན་རྣལ་འབྱོར་མ་བརྒྱད་དང་། །བིཥྚི་དྲག་པོ་ཐུན་ཕྱེད་བཅས། །རང་གི་གཡས་དང་རྒྱབ་ཏུ་གནས། །དེ་ཚེ་དགྲ་རྣམས་འཆི་བར་བྱེད། །ཞི་དྲག་ཕྱེད་ཕྱེད་སྤེལ་མར་གནས། །གཉིས་ཀའི་དཔུང་རྣམས་འཇོམས་པར་འགྱུར། །གཞན་ཡང་རང་གི་སྐྱེས་སྐར་ལ། །ཟླ་བས་སྤྱོད་པར་བྱེད་པའམ། །སྐྱེས་སྐར་འཆར་བའི་དུས་སྦྱོར་དང་། །མིང་ཡིག་འཆར་ཞིང་ལང་ཚོར་བབས། །དགྲ་བོའི་དབྱངས་གསལ་ནུབ་པའི་དུས། །དེ་ཚེ་དགྲ་ལ་རྒོལ་བར་བྱ། ༈ །ཁྱད་པར་རྩ་བའི་སྒྲ་གཅན་གྱི། །ལྟ་བ་དང་ནི་ལྟོ་བ་ཡི། །གནས་ལུགས་ངེས་པ་ཤེས་པ་གཅེས། །རྒྱུ་སྐར་ཉི་ཤུ་རྩ་བདུན་ལ། །སྒྲ་གཅན་ལུས་ཀྱིས་ནོན་པ་ཡི། །རྒྱུ་སྐར་བཅུ་གསུམ་ཕྱེད་དང་བཅས། །འཇིགས་བྱེད་གཡས་འཁོར་རྒྱུ་བ་ཡི། །ཤར་གདོང་ནུབ་ཏུ་མཇུག་ཡོད་ཚེ། །ལྷོར་ལྟ་བྱང་དུ་ལྟོ་བ་གནས། །དེ་གཉིས་ཆ་ནས་སྤང་བྱ་ནི། །གདོང་མཇུག་ནས་བརྩམས་ལྟ་བ་དང་། །ལྟོ་བ་གཉིས་ཀྱི་ཆ་ནས་ནི། །རྒྱུ་སྐར་བཞི་བཞི་བཅུ་དྲུག་ཡོད། །དེ་ལྷག་ཕྱེད་དང་དྲུག་དྲུག་པོ། །འཐབ་མོའི་ས་ཡིན་འཐབ་ཚུལ་ནི། །རང་གི་གཡོན་དུ་སྒྲ་གཅན་གདོང་། །མཇུག་གཡས་ལྟོ་བར་རྒྱབ་གཏད་དེ། །ལྟ་བར་ཁ་བལྟས་གཡུལ་གཤོམས་ན། །ཕ་རོལ་ཁྱབ་འཇུག་སྟོབས་ལྡན་ཡང་། །ལྟ་བར་གནས་ཕྱིར་ངེས་པར་འཇོམས། །གཞན་དང་བྱ་བ་གལ་ཆེན་ལ། །འཇུག་དང་གཏོར་ཟོར་འཕེན་པ་སོགས། །སྲིད་གསུམ་རྣམ་རྒྱལ་དུས་སྦྱོར་དང་། །འགྲིག་པས་བྱ་བ་འགྲུབ་ཅིང་རྒྱལ། །གལ་ཏེ་གདོང་མཇུག་གང་རིགས་ལ། །ཁ་བལྟས་གཉིས་ཀའི་དཔུང་བརླག་འགྱུར། །བརྟག་ལུགས་གདོང་མཇུག་ཉི་སྐར་རྣམས། །ངེས་བྱས་སྐར་ཁོངས་གཞལ་བས་ཤེས། །བྱ་སླའི་ཆེད་དུ་འབྱུང་རྩིས་བཞིན། །ལོ་འགྲོས་གནས་ལུགས་འཁོར་ལོའི་དབུས། །ཁྱིམ་གནས་རྒྱུ་སྐར་བཅས་པ་དང་། །དེ་དབུས་སྒྲ་གཅན་ལུས་ཚད་བཞིན། །སུམ་བརྩེགས་ལྟ་བའི་ཐད་ཀ་ལ། །མདའ་གཞུ་བཀང་བའི་མདེའུ་རྩེ་གཏད། །བརྩི་དུས་ཉི་སྐར་དུས་ཚོད་ཐོག །བཀོད་ལ་གདོང་མཇུག་སྐར་མ་ཡང་། །གར་ཡོད་སྟེང་དུ་བཞག་བྱས་པས། །མདེའུའི་རྩེ་ཐད་ཐེབས་ཕྱོགས་ཡིན། །དེ་ལྟར་བརྟགས་ནས་གཡུལ་འགྱེད་པའི། །

p. 171

བློ་ལྡན་གང་ཞིག་ཕམ་མི་སྲིད། །བིཥྚི་དྲག་པོ་ལ་སོགས་པ། །བཟང་ངན་མཐུན་པར་མ་གྱུར་ན། །རྩིས་གཞན་འདི་ཡིས་ཟིལ་གྱིས་གནོན། །དེ་ཕྱིར་དུས་ལྷ་དབྱངས་འཆར་སོགས། །བཏང་ནས་འདི་ཉིད་གཅིག་པུ་བཟུང་། ༈ །གཞན་ཡང་རྫོང་གི་འཁོར་ལོ་ནི། །གྲུབ་བཞི་ར་བ་རིམ་པ་གསུམ། །ལྟེ་བ་དང་བཅས་བྲིས་པ་ལ། །བྱང་ཤར་ནས་བརྩམས་སྨིན་དྲུག་སོགས། །མཚམས་བཞི་ནང་འཇུག་ཕྱོགས་བཞི་པོ། །ཕྱིར་འཐོན་གཡས་སྐོར་ཚུལ་དུ་འདྲི། །ཁྱིམ་ཡང་ཕྱོགས་རེར་གསུམ་གསུམ་སྟེ། །ཤར་ནས་གཡོན་སྐོར་རིམ་བཞིན་དགོད། །ར་བ་ཕྱི་ནང་བར་གསུམ་ལ། །ཀཱ་ལ་རཱུ་ཏྲ་ཨ་པར་བརྗོད། །དམག་དཔོན་སྐྱེས་མིང་སྐར་མ་གང་། །ཀཱ་ལར་གནས་ན་འཆི་བར་འགྱུར། །ཨ་པར་ཡོད་ན་སྟོབས་ཆུང་སྟེ། །རཱུ་ཏྲ་ལ་གནས་རྫོང་ཐོབ་འགྱུར། །ར་བ་ནང་མར་དྲག་གཟའ་ཡོད། །རྫོང་ཐོབ་ཕྱི་རོལ་དམག་མིར་དགེ། དྲག་གཟའ་བར་གནས་ཕྱི་ནང་གཉིས། །ཤིན་ཏུ་འཁྲུག་འགྱུར་རིང་བས་ཐོབ། །ར་བ་ཕྱིར་སོང་དམག་མི་རྣམས། །ཚོགས་པ་དོན་མེད་རྫོང་མི་ཐོབ། །མཚམས་ལ་དྲག་གནས་ཕྱི་བར་དགེ། ཕྱོགས་ལ་སོང་ན་ནང་བར་ཤིས། །དེ་ལྡོག་བསོད་ནམས་གཟའ་ཤར་ན། །འབྲས་བུ་ལྡོག་སྟེ་སྨྲ་བར་བྱ། །བྱིས་པ་སྐྱོང་གི་རྫོང་འཁོར་རོ། ༈ །གཞན་ཡང་རིམ་པ་གསུམ་ལྡན་བྲི། །དབང་ལྡན་ནས་བརྩམས་སྨིན་དྲུག་རྒྱལ། །སྐག་མཆུ་ས་རི་ས་ག་དང་། །ལྷ་མཚམས་གྲོ་བཞིན་བྱི་བཞིན་དང་། །མོན་དྲེ་ཐ་སྐར་བྲ་ཉེ་རྣམས། །ར་བ་ཕྱི་མའི་མཚམས་སུ་ནི། །རེ་རེ་ཕྱོགས་སུ་གཉིས་གཉིས་བཀོད། །སྣར་མ་ནབས་སོ་གྲེ་ནག་སྣྲོན། །ཆུ་སྨད་མོན་གྲུ་ནམ་གྲུ་བརྒྱད། །ར་བ་བར་མའི་ཕྱོགས་མཚམས་དང་། །མགོ་ལག་དབོ་དང་མེ་བཞི་སྣྲུབས། །ཆུ་སྟོད་ཁྲུམས་སྟོད་ཁྲུམས་སྨད་རྣམས། །ར་བ་ནང་མའི་ཕྱོགས་མཚམས་སུ། །རེ་རེ་བཀོད་ལ་རཱ་ཧུ་ནི། །ར་བ་ནང་མར་སོང་བ་ན། །ཕྱི་རོལ་དམག་མིས་རྫོང་ཐོབ་འགྱུར། །ར་བ་ཕྱི་མར་རཱ་ཧུ་སོང་། །དཔུང་གིས་བསྐོར་ཀྱང་རྫོང་མི་ཐོབ། །ར་བ་བར་མར་རཱ་ཧུ་སོང་། །ཕྱི་ནང་རྒྱལ་ཕམ་མཉམ་པར་གྲགས། །སྦྲང་རྩི་སྐྱོང་གི་རྫོང་འཁོར་ཏེ། །དེ་སོགས་སྤྲོས་པ་དབང་ཕྱུག་གིས། །བཤད་མོད་འདིར་ནི་མདོ་ཙམ་མོ། ༈ །ཉེར་གཅིག་ཉི་ཟླ་སྒྲ་གཅན་གྱིས། །

p. 172

བཟུང་བའི་འབྲས་བུ་བརྗོད་པར་བྱ། །ཟླ་བ་དྲུག་དྲུག་སྒྲ་གཅན་གྱིས། །ཉི་ཟླ་འཛིན་པས་དཀྱིལ་འཁོར་ནི། །མ་ལུས་རབ་ཏུ་ཟིན་གྱུར་ན། །མཚོན་ཆའི་ལས་སོགས་རྣམ་མང་པོའི། །མི་བཟད་བགེགས་ཀྱི་འཇིགས་པ་འབྱུང་། །ཐ་སྐར་བྲ་ཉེ་སྨིན་སྣར་མར། །ཟིན་ན་ལུས་ཅན་ཕལ་ཆེར་དང་། །ཁྱད་པར་བྱིས་པར་ནད་ཡམས་འབྱུང་། །མགོ་ལག་ནབས་སོ་རྒྱལ་སྐག་ལ། །མ་གྷ་དྷ་ཡི་རྒྱལ་བློན་དང་། །ཡུལ་མི་ཀུན་ལ་འཇིགས་པས་མནར། །མཆུ་གྲེ་དབོ་དང་མེ་བཞི་ནག །ས་རི་ས་གར་ཤར་ཕྱོགས་དང་། །ལཱ་ཊ་ཨཾ་ག་མ་གྷ་དྷའི། །རྒྱལ་པོ་རྣམས་ལ་མིག་ནད་དམ། །བུ་འཆི་དགྲ་ལྡང་འཇིགས་པས་གདུང་། །ལྷ་མཚམས་སྣྲོན་ལ་ཡུལ་ཀུན་ཏུ། །ནད་དང་གནོད་པ་དུ་མ་འབྱུང་། །སྣྲུབས་ལ་ཤར་ཕྱོགས་རྒྱལ་པོར་ངན། །ཀླ་ཀློའི་དབང་པོ་ཤར་དུ་གསོད། །ཨོ་ཊའི་ཡུལ་ལ་ཅུང་ཟད་ངན། །ཆུ་སྟོད་ཆུ་སྨད་གྲོ་བཞིན་ལ། །ཟིན་ན་མུ་གེའི་གནོད་པ་འབྱུང་། །བྱི་བཞིན་མོན་གྲེ་མོན་གྲུ་དང་། །ཁྲུམས་སྟོད་ལ་ཟིན་མུ་གེ་དང་། །རྒྱལ་པོ་རྐུན་མའི་འཇིགས་པས་མནར། །ཁྲུམས་སྨད་ནམ་གྲུ་ལ་ཟིན་ན། །མ་གྷ་དྷ་པ་རྣམས་ལ་ངན། །ཉི་ཟླའི་དཀྱིལ་འཁོར་ཕྱོགས་གང་ནས། །ཟིན་པ་དེ་དང་དེའི་ཕྱོགས་སུ། །དགེ་དང་མི་དགེ་འབྱུང་བར་འགྱུར། །ཞེས་པ་འཇམ་དཔལ་རྩ་རྒྱུད་ལས། །གསུངས་པའི་ཚིག་སྣ་བསྡུས་ཏེ་བཀོད། །གཞན་ཡང་ཁ་ཆེ་པཎ་ཆེན་ལུགས། །ལུ་གུ་གདོང་གི་འབྲས་རྩིས་ལས། །བྲ་ཉེ་སྨིན་དྲུག་རྒྱལ་མཆུ་བྲེ། །ས་ག་ཁྲུམས་སྟོད་བདུན་པོ་ནི། །མེ་ཡི་མཚན་མ་ཡིན་པས་ན། །མེས་འཇིག་ནད་མུག་ཐན་པ་ཆེ། །བཞོན་བསྐམས་རྒྱལ་པོའི་སྲིད་ཉམས་འགྱུར། །ཐ་སྐར་མགོ་དང་ནབས་སོ་དབོ། །མེ་བཞི་ནག་པ་ས་རི་བདུན། །རླུང་གི་མཚན་མར་ཡིན་པས་ངན། །རླུང་ཆེན་དུས་འཁྲུག་ནད་མུག་དར། །བཞོན་ཉེས་ཁང་ཁྱིམ་ཡུལ་གྲོང་འཇིག །རྒྱལ་པོ་རྟ་གླང་ན་འཆིས་འཚེ། །སྣར་མ་ལྷ་མཚམས་སྣྲོན་གྲོ་བཞིན། །བྱི་བཞིན་ཆུ་སྨད་མོན་གྲུ་བདུན། །ས་ཡི་མཚན་མ་ཡིན་པས་བཟང་། །ལོ་ལེགས་འབྲུ་འཕེལ་འདོད་ཀུན་འགྲུབ། །ཆོས་འདུན་ཆོས་ཉན་ཆར་པ་སྙོམས། །འཇིག་རྟེན་ཁམས་ཀུན་བདེ་བར་འགྱུར། །ལག་སྐག་སྣྲུབས་དང་ཆུ་སྟོད་དང་། །མོན་དྲེ་ཁྲུམས་སྨད་ནམ་གྲུ་བདུན། །ཆུ་ཡིས་མཚན་མ་

p. 173

ཡིན་པས་བཟང་། །ཆར་ཆེ་རྩི་ཤིང་ལོ་འབྲས་འཕེལ། །བཟའ་བ་རྙེད་ཅིང་དགྲ་ལས་རྒྱལ། །དྲང་སྲོང་གཞུང་ལས་གཟས་བཟུང་རྗེས། །དང་པོའི་ཞག་ལ་ཆར་བབས་ན། །རྒྱལ་པོ་རྒྱལ་བར་འགྱུར་བ་སྟེ། །གཉིས་པར་བདེ་ཞིང་ལོ་ལེགས་འབྱུང་། །གསུམ་པར་རྐང་བཞིའི་ཕྱུགས་རྣམས་འཕེལ། །བཞི་པར་ཆར་བབས་དགྲ་དང་འཐབ། །ལྔ་པར་ཆར་བབས་མུ་གེ་འོང་། །དྲུག་པར་ཆར་བབས་ཐམས་ཅད་དགེ། ཞག་བདུན་བར་དུ་ཆར་མེད་ན། །མུ་གེ་ནད་ཀྱིས་ཡུལ་འཁོར་འཇིག །ཞར་བྱུང་དགེ་བའི་འགྱུར་ཁྱད་ནི། །ཇོ་བོས་མཛད་པར་གྲགས་པ་ལས། །ཉ་སྟོང་ཚེས་བརྒྱད་བརྒྱ་འགྱུར་དང་། །ཟླ་འཛིན་སྟོང་དང་ཉི་འཛིན་ཁྲི། །དུས་ཆེན་བཞི་ལ་འབུམ་འགྱུར་བཞེད། །མྱང་འདས་སིལ་བུར་དུས་ཆེན་བཞིར། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །འཇམ་དཔལ་རྩ་བའི་རྒྱུད་ལས་ནི། །ཉ་སྟོང་ཚེས་བརྒྱད་བྱེ་བ་དང་། །ཟླ་བཟུང་བྱེ་བ་བདུན་འགྱུར་ཏེ། །ཉི་བཟུང་བྱེ་བ་འབུམ་ཞེས་གསུངས། ༈ །ཉེར་གཉིས་ས་གཡོས་འབྲས་བུ་དང་། །གློ་བུར་ལྟས་བཅས་འཇམ་དཔལ་གྱི། །རྩ་བའི་རྒྱུད་ལས་ཐ་སྐར་མཆུ། །ནབས་སོར་ས་གཡོས་ཡུལ་དབུས་ཀྱི། །རྐུན་མ་ལྷོ་ཕྱོགས་རྒྱལ་པོར་གནོད། །བྲ་ཉེ་སྨིན་སྣར་མགོར་ནུབ་ཕྱོགས། །རྒྱལ་པོ་འཆི་ཞིང་ཀླ་ཀློའི་རྐུན། །འབིགས་བྱེད་སྟེང་གནས་རྣམས་ལ་ངན། །ལག་སྐག་རྒྱལ་གྲེ་དབོར་གཡོས་ན། །རྒྱལ་པོ་རྩོད་ཅིང་ནད་མུག་འབྱུང་། །མེ་བཞི་ནག་པ་ས་རི་སྣྲོན། །ལྷ་མཚམས་ལ་གཡོས་བལ་ཡུལ་དང་། །ཁ་བ་ཅན་ནས་ཀླ་ཀློ་དང་། །ཁ་ཤའི་དཔོན་རྣམས་རྩོད་ཅིང་འཁྲུག །ཆུ་སྟོད་ཆུ་སྨད་སྣྲུབས་ལ་གཡོས། །པནྡྲེ་ཨོ་ཌཱ་ཀ་མ་རུ། །བྷངྒ་ལའི་རྒྱལ་ཤར་ཕྱོགས་མི། །གོ་ཌཱའི་བདག་དང་གངྒཱ་དང་། །རྒྱ་མཚོའི་འགྲམ་གནས་རྣམས་ལ་ངན། །གྲོ་བཞིན་མོན་དྲེ་མོན་གྲུ་དང་། །ཆུ་སྟོད་ཆུ་སྨད་ནམ་གྲུ་ཡི། །ཉི་ཕྱེད་ས་འགུལ་ལྷོ་དང་ནུབ། །བྱང་ཕྱོགས་གནས་པའི་རྒྱལ་པོ་འཁྲུག །མུ་གེས་ཡུལ་འཁོར་འབྱེད་པར་འགྱུར། །རྒྱུ་སྐར་གཞན་རྣམས་བཏང་སྙོམས་སོ། ༈ །དུས་ནི་ཐོ་རེངས་ས་འགུལ་ན། །ཚེ་རིང་ལོ་ལེགས་ནད་མེད་ཅིང་། །བཀྲ་ཤིས་འོན་ཀྱང་གྲོང་ཁྱེར་དུ། །མེ་ཡི་འཇིགས་པ་འབྱུང་བར་ཤེས། །ཉི་ཤར་དུས་གཡོས་ཨངྒ་དང་། །མ་གྷ་དྷ་པ་རྣམས་ལ་ངན། །ཉི་ཕྱེད་

p. 174

དུས་སམ་ཕྱི་དྲོ་འགུལ། །བདུན་པའི་རིམས་གྱིས་རབ་བྱུང་འཚེ། །ཕྱི་དྲོའི་མཐར་གཡོས་བྲམ་ཟེ་དང་། །རྒྱལ་བློན་མཁས་རིགས་ཀུན་ལ་ངན། །ཉི་མ་ནུབ་དང་དེ་ནས་ཀྱང་། །ཅུང་ཟད་སོང་ནས་ས་འགུལ་ན། །སེམས་ཅན་འདྲེས་དང་དུད་འགྲོ་དག །མི་ཡི་གཙོ་བོ་རྣམ་པར་འཇིག །མཚན་ཐུན་དང་པོར་དུད་འགྲོ་སོགས། །སེམས་ཅན་སྣ་ཚོགས་མིའི་རྗེར་ངན། །ཅུང་ཟད་ཐུན་དེ་བྲི་ནས་འགུལ། །རླུང་དང་ཆར་པའི་འཇིགས་པ་འབྱུང་། །ཐུན་དེ་ཟད་མཐར་ནུབ་ཕྱོགས་ཀྱི། །རྒྱལ་པོར་ཕ་རོལ་དམག་ཚོགས་འབྱུང་། །མཚན་ཐུན་གཉིས་པའི་དང་པོར་འགུལ། །དམག་འཁྲུག་ནད་དང་འཆི་བས་འཇིགས། །གཉིས་པ་ཐུན་དཀྱིལ་རླུང་ཆེན་ལྡང་། །ཤིང་དང་ཡང་ཐོག་ཁང་པ་འགྱེལ། །དུད་འགྲོ་རྣམས་ཀྱང་ལྟུང་བར་འགྱུར། །མཚན་ཕྱེད་ལ་འགུལ་མུ་གེ་འབྱུང་། །ཤར་ཕྱོགས་རྒྱལ་པོའམ་དེའི་བུ་འཆི། །བར་མའི་ཐུན་བྲི་མཐར་ཉེར་འགུལ། །ཞི་ཞིང་ནད་མེད་དགེ་བར་འགྱུར། །མཚན་ཕྱེད་མཐར་གྱུར་ས་འགུལ་ན། །ཆར་ཆེ་ཡུལ་དབུས་རྒྱལ་པོར་ངན། །ཕན་ཚུན་འཐབ་རྩོད་འབྱུང་བར་འགྱུར། །མཚན་ཐུན་གསུམ་པར་བྱིས་པ་བདེ། །ཕྱེ་ལེབ་སྦྲང་བུ་རྐུན་པོར་ངན། །ས་གཡོས་བྱུང་རྗེས་སྐར་མ་རྣམས། །ཁ་དོག་དཀར་ཞིང་སྐར་མདའ་དཀར། །བྱུང་ན་ངན་པའི་མཚན་མ་འཇོམས། ༈ །དེ་ནས་གློ་བུར་འབྱུང་བའི་ལྟས། །མཇུག་རིང་ལྷ་དང་ལྷ་མིན་འཐབ། །སྐར་མདའ་དམར་རམ་ནག་པོ་དང་། །གནམ་ལྕགས་ཉི་ཟླ་འོད་མེད་དུ། །རྡུལ་དང་ཁུག་སྣས་འཐུག་པོར་ཁེབས། །གནམ་གྲུམ་མཁའ་ལ་བུག་པ་མཐོང་། །མཚན་མོ་འཇའ་ཚོན་ཤར་བ་དང་། །བྱ་རོག་འདབ་མ་དཀར་རམ་གཞན། །ཕྱིན་ཅི་ལོག་གིས་དུས་སྒྲ་དང་། །ཕྱིན་ཅི་ལོག་གི་བྱ་རྣམས་དང་། །ཕྱིན་ཅི་ལོག་གི་དུད་འགྲོ་དང་། །ཁྱི་ནི་གྱེན་བལྟས་ཡང་ཡང་ཟུག །དེ་ལྟར་གང་དུ་བྱུང་བ་ཡི། །ཡུལ་དེར་གནོད་པ་འབྱུང་བར་བཤད། །རྒྱས་པར་འཇམ་དཔལ་རྩ་རྒྱུད་དང་། །སྟག་རྣའི་རྟོགས་པ་བརྗོད་པའི་མདོ། །མིག་བཅུ་གཉིས་པ་གརྒའི་ལྟས། །དུས་བསྟན་མདོ་སྡེ་གསང་བ་སོགས། །ལྟས་ཀྱི་བྱེ་བྲག་སྟོན་པ་ཡི། །གཙུག་ལག་རྣམས་ལ་བལྟ་བར་བྱོས། ༈ །ཉེར་གསུམ་བྱིས་པ་རྣམས་དོན་དུ། །རྩིས་ཕྲན་འགའ་ཞིག་བརྗོད་པར་བྱ། །ཁྱིམ་འཕོའི་དུས་ཀྱི་

p. 175

ཉི་སྐར་ལ། །ཚེས་གྲངས་བསྲེས་ལ་རེས་གཟས་བསྒྱུར། །མིང་ཡིག་དང་པོའི་གསལ་བྱེད་ནི། །རང་ཡན་རིམ་བསྲེ་མེས་དོར་བའི། །ལྷག་མའི་གྲངས་ཀྱིས་ཟོང་དཀོན་མོད། །རིན་གྱི་བྱེ་བྲག་སྟོན་པ་སྟེ། །ཟོང་དཀོན་རིན་མོད་ལྷག་མར་གཟུགས། །ལྷག་ལ་མིག་ཤར་འབྲིང་མཉམ་ལ། །ཐིག་གྱུར་ཟོང་མོད་རིན་དཀོན་འགྱུར། །ཁྱིམ་ཟླ་རེ་བཞིན་བརྟགས་ཏེ་སྨྲ། ༈ །གཞན་ཡང་རྐུན་མ་ངོས་འཛིན་ནི། །རང་ཉིད་གང་ལ་དོགས་པ་ཡི། །སྐྱེས་བུ་ཇི་སྙེད་སྣང་གྱུར་པ། །མི་རྣམས་རྒན་རིམ་བཞིན་མིང་གི། དབྱངས་དང་གསལ་བྱེད་ཇི་སྙེད་པ། །སོ་སོར་བསྡོམས་ལ་གསལ་བྱེད་ཚོགས། །གཉིས་ཀྱིས་བསྒྱུར་ལ་དབྱངས་ཀྱིས་ཕྲི། །སྐྱེས་བུའི་གྲངས་ཀྱིས་དོར་ལྷག་ལ། །གཅིག་བྱུང་རྒན་སོགས་རིམ་བཞིན་དུ། །བགྲངས་པས་གང་མཐུན་དེ་ཡིན་ནོ། །དེས་ཀྱང་གཅེར་འཕོག་མ་ཤེས་ན། །སླར་ཡང་སྐྱེས་བུ་ཇི་སྙེད་ཀྱི། །མིང་གི་དབྱངས་གསལ་རང་ཡན་ལ། །གང་ཡོད་རིམ་བགྲངས་རེ་རེ་བྲི། །གསལ་བྱེད་གཉིས་བསྒྱུར་དབྱངས་ཀྱིས་ཕྲི། །སྐྱེས་བུས་བགོས་ལྷག་ཐེ་ཚོམ་མེད། ༈ །དེ་ནས་དོན་ཆ་བརྟག་པ་ནི། །དྲི་ཚིག་གསལ་བྱེད་རང་རང་ཡན། །རིམ་བགྲངས་རེ་རེ་བྲིས་པ་བསྡོམས། །གསུམ་གྱིས་བགོས་པའི་ལྷག་མ་ལ། །གཅིག་བྱུང་དོན་རྙེད་གཉིས་བར་མ། །ཐིག་ལེ་ཤར་ན་དོན་ཉམས་འགྱུར། ༈ །གཞན་ཡང་སེ་བ་ཙཀྲ་བཤད། །མི་ཡི་གཟུགས་བྲི་བརྩི་ཡུལ་གྱི། །བླ་དཔོན་སྐྱེས་མིང་སྐར་མ་ནས། །བརྩམས་ཏེ་མགོ་དང་རྒྱབ་སྙིང་ག །རྐང་པར་བདུན་བདུན་རིམ་པར་བཀོད། །རང་གི་སྐྱེས་མིང་སྐར་མ་དེ། །མགོ་བོར་སོང་དགེ་ཁྱད་པར་དུ། །བླ་དཔོན་སྐར་མར་སོང་ན་མཆོག །མཆོད་འགྱུར་ལེགས་སྟེར་རྗེས་འཛིན་འགྱུར། །རྒྱབ་སོང་བསམ་པའི་བཅུ་ཆ་རྙེད། །སྙིང་སོང་རང་ཉིད་དེའི་དབང་འགྱུར། །རྐང་པར་སོང་ན་ཕན་མི་ཐོགས། །དེ་ཚེ་གཉུག་མར་གནས་པའམ། །གཞན་དང་གཞན་དུ་རྟེན་འབྲེལ་སྒྲིག །༈དེ་ནས་གཞན་ཡང་སྐྱེས་བུ་ཡི། །བརྩི་ཡུལ་མིང་གི་གསལ་བྱེད་ཀྱི། །དང་པོར་ཁ་སོགས་མཉམ་པ་ཡི། །ཡི་གེ་སྣང་ཚེ་གཡོན་སྔོན་འགྲིབ། །མི་མཉམ་ཀ་སོགས་ཡོང་གྱུར་ན། །མིག་གཡས་དང་པོར་འགྲིབ་པར་འགྱུར། །དེ་ལས་གཞན་ཡང་ཁྱོ་ཤུག་གཉིས། །སྔོན་ལ་གང་འཆི་བརྟག་

p. 176

འདོད་ན། །སོ་སོའི་མིང་ཡིག་ཇི་སྙེད་པ། །དབྱངས་དང་གསལ་བྱེད་སོ་སོར་ཕྱེ། །གཅིག་བསྡོམས་གསུམ་གྱིས་དོར་ལྷག་ལ། །གཟུགས་དང་ཐིག་ཤར་སྐྱེས་པ་སྔོན། །མིག་ཤར་བུད་མེད་སྔོན་ལ་འཆི། །གཞན་ཡང་དེ་ཡི་ཆོ་ག་བཤད། །གྱེན་དུ་རེ་ཁཱ་དགུ་འཐེན་ལ། །འཕྲེད་ལ་གསུམ་འཐེན་རེའུ་མིག །བརྒྱད་བརྒྱད་འབྱུང་བའི་སྟེང་བརྒྱད་པོར། །ཨ་ཀ་ཙ་ཊ་ཏ་པ་ཡ། །ཤ་བཀོད་འོག་མ་བརྒྱད་པོ་ལ། །རིམ་བཞིན་ཀླུ་འབྱུང་རོ་ཆུ་ཐུབ། །གཟུགས་མེ་ལག་རྣམས་བྲིས་བྱས་ལ། །ཁྱོ་ཤུག་མིང་གི་ཡི་གེ་རྣམས། །སྟེང་མའི་སྡེ་ཚན་གར་གཏོགས་བརྟག །དབྱངས་རྣམས་བརྒྱད་ཀྱིས་བསྒྱུར་བ་སོགས། །རེའུ་མིག་འོག་མའི་གྲངས་ཀྱིས་བསྒྱུར། །དེ་ལྟར་དབྱངས་གསལ་ཐ་དད་དུ། །བསྒྱུར་བའི་གྲངས་རྣམས་སོ་སོར་བསྡོམས། །དབྱངས་མཚོ་གསལ་བྱེད་མིག་གིས་བསྒྱུར། །གཅིག་བསྡོམས་མེས་དོར་ལྷག་མ་ལ། །མཁའ་དང་གཟུགས་ཤར་སྐྱེས་པ་སྔོན། །གཉིས་ཤར་བུད་མེད་སྔོན་ལ་འཆི། །གཞན་ཡང་མིང་ཡིག་དང་པོ་ལ། །རིང་བའི་དབྱངས་ལྔ་ཀ་ཡིག་ནས། །དའི་བར་བཅོ་ལྔ་གང་རུང་ཡོད། །དེ་ཚེ་ནག་པོའི་ཕྱོགས་ལ་འཆི། །ཐུང་བའི་དབྱངས་ལྔ་གསལ་བྱེད་ནི། །དྷ་ནས་ཧའི་བར་གང་རུང་ཡོད། །དཀར་པོའི་ཕྱོགས་ལ་འཆི་བ་ཡིན། །སྦྲུམ་མའི་སྐྱེ་བ་བརྟག་པ་ནི། །མ་ཡི་ལོ་བདག་བྱི་བ་སོགས། །ཕོ་ལོ་དྲུག་སྟེ་གླང་སོགས་དྲུག །མོ་ལོ་ཡིན་པ་ངེས་བྱས་ནས། །མ་དེས་དུ་ལོན་ལོ་དང་བསྟུན། །དེ་ཡང་བཅུ་བཞི་ནས་ཞེ་བརྒྱད། །བར་གྱི་གྲངས་ཆ་ལ་ལོ་བདག །ཕོ་ལོ་ཡིན་ན་བུ་སྐྱེ་ལ། །མོ་ལོ་ཡིན་ན་བུ་མོ་སྐྱེ། །དེ་བཞིན་བཅོ་ལྔ་ནས་ཞེ་དགུའི། །བར་གྱི་གྲངས་ཡར་ཕོ་ལོ་ལ། །བུ་མོ་སྐྱེ་ཞིང་མོ་ལོ་ལ། །བུ་སྐྱེ་དེ་ཡང་མངལ་ཞུགས་ཀྱི། །ལོར་བརྩི་ལོ་འགོ་སྤོར་ཐང་ལུགས། །འདི་དག་བྱིས་པ་དྲང་བའི་ཆེད། །རྣམ་པར་བཏུས་ཏེ་བཤད་པའོ། ༈ །ཉེར་བཞི་པ་ནི་དེ་ཀུན་གྱི། །ངོ་ལོན་ཆོ་ག་བཤད་པར་བྱ། །དེ་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ནི་ཀུན་གྱི་གཙོར་གྱུར་པ། །ཕྱི་ནང་སྒྲ་གཅན་ངོ་ལོན་ཏེ། །ནང་གི་སྒྲ་གཅན་འཁྲུགས་པ་ལ། །བདག་མེད་དེ་བཞིན་ཉིད་བསྒོམ་ཞིང་། །དེ་ནས་རྡོ་རྗེའི་བཟླས་པའམ། །བཙན་ཐབས་བུམ་ཅན་སྦྱོར་བ་ཡིས། །རླུང་ཉམས་གསོས་པས་འཆི་ལས་རྒྱལ། །

p. 177

ཕྱི་ཡི་སྒྲ་གཅན་གཉེན་པོ་ལ། །ལྷ་ཡི་བསྐྱེད་རྫོགས་རྣལ་འབྱོར་བསྒོམ། །དེ་མ་ནུས་ལ་ཐུན་མོང་དུ། །བསྲུང་བའི་འཁོར་ལོ་བྲི་བ་ནི། །མུ་ཁྱུད་བཅུ་གཅིག་བསྐོར་བ་ལ། །ཕྱི་ནས་རྡོ་ར་རྟེན་སྙིང་དང་། །གསལ་བྱེད་དབྱངས་བཀོད་དེ་ནང་གི། ནག་དམར་དཀར་སེར་ཟླུམ་སྐོར་བཞི། །རླུང་མེ་ཆུ་སའི་དཀྱིལ་འཁོར་ཡིན། །དེ་ནང་ཟླུམ་སྐོར་དཀར་དམར་ནག །ཟླ་བ་ཉི་མ་སྒྲ་གཅན་ཏེ། །ལྟེ་བ་སྒྲ་གཅན་ནག་པོའི་དབུས། །ཚེག་དྲག་ལྡན་པའི་ཧྃཿཡིག་བཀོད། །ཡེ་དྷར་མཇུག་ཏུ་འཆང་བ་ལ། །གཟའ་སྐར་དུས་སྦྱོར་སྒྲ་གཅན་གྱི། །གནོད་པ་སྲུངས་ཤིག་ཅེས་པ་བྲི། །རྡོ་རྗེ་ཤུགས་ཀྱི་ང་རྒྱལ་གྱི། །གཟའ་སྐར་དུས་སྦྱོར་སྒྲ་གཅན་ལ། །གཏོར་མ་བྱིན་ནས་བཀའ་བསྒོས་ལ། །རབ་གནས་བྱས་ཏེ་སྲད་བུ་ལྔས། །བཅིངས་ལ་རྒྱ་སྐྱེགས་ཀྱིས་གཏུམས་ཏེ། །བསྲུང་བྱའི་མགུལ་དུ་བཏགས་པ་ན། །གཟའ་སྐར་དུས་སྦྱོར་གནོད་པ་ཀུན། །ཞི་བྱེད་རྟེན་འབྲེལ་ཆེ་བ་ཡིན། ༈ །བྱེ་བྲག་སོ་སོའི་ངོ་ལོན་ལ། །ཐུན་མིན་ཐུན་མོང་རྣམ་པ་གཉིས། །ཐུན་མིན་གཟའ་སྐར་དུས་ལྷ་ཡི། །རང་རང་ངོ་ལོན་ཆོ་ག་བཤད། །གཟའ་ཡི་ཉེས་པར་གཟའ་ཡུམ་སོགས། །གཟའ་རྣམས་སོ་སོའི་གཟུངས་སྔགས་འདོན། །སྡེ་དྲུག་སྲུང་མའི་ནང་ནས་གཟའི། །ཆོ་གའམ་གཟའ་ཡུམ་མཆོད་ཆོག་བཞིན། །སོ་སོའི་གཏོར་མ་ལེགས་པར་བྱིན། །དྲག་པོ་གདོང་ཐུག་ཉེས་པ་ལ། །དྲག་པོ་མདུན་བསྒོམས་གཏོར་མ་བྱིན། །དེ་བཞིན་ཀླུ་བརྒྱད་ལ་ཡང་སྟེ། །གཉིས་ཀ་སྡེ་དྲུག་ནང་ལྟར་རོ། །ཚངས་སོགས་རྣལ་འབྱོར་མ་བརྒྱད་ལ། །གསུང་གི་ལྷ་མོའི་ཆོ་གས་སོ། །རྒྱུ་སྐར་རྣམས་ལ་རང་རང་གི། ཁ་ཟས་མཐུན་པའི་གཏོར་མ་རྣམས། །སོ་སོའི་སྔགས་ཀྱིས་སྦྱིན་པར་བྱ། །ཆུ་ཚོད་སྲང་དབུགས་ལ་འཆར་ལྷ། །རྡོ་རྗེའི་ཕོ་ཉ་དྲུག་ཅུ་བཞི། །ཡིན་ཕྱིར་གཏོར་མས་ཚིམ་པར་བྱ། །ལུག་ཁྱིམ་ནས་བརྩམས་ཉའི་བར་གྱི། །ཁྱིམ་ཟླ་དེ་དེའི་ཚེས་ལྷའི་གཙོ། །རིམ་པར་རླུང་ལྷ་མེ་ཡི་ལྷ། །གདོང་དྲུག་རྒྱ་མཚོ་ཚོགས་ཀྱི་བདག །དབང་པོ་ཚངས་པ་དྲག་པོ་དང་། །གནོད་སྦྱིན་ཁྱབ་འཇུག་དང་གཤིན་རྗེ། །བདེན་བྲལ་རྣམས་བསྒོམས་གང་གནོད་ཀྱི། །རང་རང་གཏོར་མ་སྦྱིན་པ་ཡིས། །དུས་སྦྱོར་ངན་པ་ཟློག་པར་བྱེད། །ཀ་ཀི་རྡོ་རྗེ་ལ་སོགས་པ། །ཚེས་ལྷ་སོ་སོ་བསྒོམས་

p. 178

བྱས་ནས། །གཏོར་མ་སྦྱིན་ན་ཞག་རྣམས་ལ། །འཆར་བའི་དབྱངས་གསལ་ཉེས་པ་ཟློག །ཐུན་མོང་གཞུང་གཞན་ལས་བྱུང་བའི། །བཅོས་ཐབས་མཁྱུད་སྤྱད་འགའ་ཞིག་བཤད། །ལམ་དུ་འཇུག་ཚེ་གར་འགྲོ་བའི། །ཕྱོགས་དེར་ཐལ་མོ་སྦྱར་བྱས་ནས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེས་གྲངས་དང་རྒྱུ་སྐར་ཡུད་ཙམ་གྱི་བདག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ནཀྵ་ཏྲེ་ནཀྵ་སརྦ་ཏི་ཐི་མཱུརྟུ་ནཀྵ་ཏྲེ་ན་མ་ས་དུནྟེ་ནི་བྷ་ཝནྟུ་སྭཱ་ཧཱ། ལན་གསུམ་བརྗོད་པས་དོན་འགྲུབ་བོ། །གཞན་ཡང་རྟག་ཏུ་བཟང་བ་ཡི། །སྙིང་པོ་འདི་ཡང་བཟླ་བར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མསྶ་ཧ་རཱ་ཛེ་བྷྱོ་དེ་ཝ་སུ་ཏ་ས་ཧུ་ཏ་ན་ཏ་རེ་སུ་ཏི་ནི་སྭཱ་ཧཱ། བཟླས་པས་གར་འགྲོ་ན་ཡང་དགེ། ལམ་དུ་འཇུག་ཁར་ལག་མཐིལ་དུ། །ཡི་གེའི་རྟེན་འབྲེལ་འདྲི་བ་ནི། །ནམ་མཁའ་ཞེས་བྲིས་དགྲ་མི་ཡོང་། །འབྲུག་ཅེས་བྲིས་པས་རྙེད་པ་ཐོབ། །སྟག་ཅེས་བྲིས་པས་དམག་ལས་རྒྱལ། །ཆོས་འཚོལ་བ་ལ་ལྷ་ཞེས་བྲི། །དེ་ཡང་ཁྱིམ་ནས་མདའ་རྒྱང་ཙམ། །བྱས་པས་འདོད་དོན་འགྲུབ་པར་འགྱུར། ༈ །དེ་ནས་གཟའ་ཡི་སྒྲིབ་ཤིང་བཤད། །ཉི་མ་གྲོད་པའི་ནང་དུ་ཆུ། །བླུག་ཅིང་དེ་ལ་ཉི་དཀྱིལ་བྲི། །ཕག་ཐོད་དང་བཅས་འཕྱར་བས་ཐུབ། །ཟླ་བར་རས་སྒྱེའུར་ས་སེར་བླུག །ལུག་ཐོད་དར་སྣས་བརྒྱན་ཏེ་འཕྱར། །མིག་དམར་བྱི་བའི་རླིད་བུ་དང་། །བྱི་ཐོད་ཆུས་བཀང་འཕྱར་བས་སྒྲིབ། །ལྷག་པར་གླང་ཐོད་མཁའ་ལ་འཕྱར། །ལུག་ཐོད་ལག་ཏུ་བཟུང་བས་སྒྲིབ། །ཕུར་བུ་སྤྲེལ་ཐོད་ལྕགས་ཀྱི་མདའ། །བྱའི་གསོབ་གའུའི་ནང་བཅུག་སྒྲིབ། །པ་སངས་སྦྲུལ་ཐོད་མཁའ་ལ་འཕྱར། །རྔ་མོང་ཐོད་པ་བཙོན་བཟུང་སྒྲིབ། །སྤེན་པ་གཅན་གཟན་ཐོད་པ་དང་། །སྟག་ལྤགས་དར་སྣས་བརྒྱན་ཏེ་འཕྱར། །སྒྲ་གཅན་གདུག་པ་སྒྲིབ་པ་ན། །ར་ཐོད་བོང་ཐོད་གཡག་རུའི་ནང་། །སྡེ་བརྒྱད་འཁོར་ལོ་བཅུག་པ་དང་། །ཕྱག་རྡོར་སྐུ་བསྟན་ཉེས་པ་ཐུབ། །ལམ་ཞུགས་གཟའ་ཡི་ངོ་ལོན་ནི། །གླང་རྭ་གཡས་ནང་སྡིག་པའི་རྭ། །གཡས་བཅུག་འགྲོ་ཕྱོགས་ལམ་དེ་ཡི། །གཡས་སུ་བཞག་པས་ཉེས་པ་ཐུབ། ༈ །དེ་ནས་རྒྱུ་སྐར་སྒྲིབ་ཐབས་བཤད། །སྨིན་སྣར་མགོ་ལག་ནབས་རྒྱལ་ལ། །

p. 179

རིམ་བཞིན་སྤྲེའུ་ཁྱི་དང་ཝ། །བ་དང་ཕག་པ་ར་དྲུག་གི། ཐོད་པ་ཤར་ཕྱོགས་འཕྱར་བས་སྒྲིབ། །སྐག་ལ་བྱི་ཐོད་ཤར་ལྷོར་འཕྱར། །མཆུ་གྲེ་དབོ་དང་མེ་བཞི་ནག །ས་རི་རིམ་བཞིན་སྦྲུལ་བྱིའུ། །དོམ་དང་མ་ཧེ་སྟག་ཤ་བ། །དྲུག་པོའི་ཐོད་པ་ལྷོར་འཕྱར་སྒྲིབ། །ས་གར་སྟག་ཐོད་ལྷོ་ནུབ་འཕྱར། །ལྷ་མཚམས་སྣྲོན་སྣྲུབས་ཆུ་སྟོད་སྨད། །གྲོ་བཞིན་རིམ་ལྟར་ཁྲི་སྙན་སྤྲེལ། །རྨ་བྱའི་ཐོད་པ་ཆུ་སྲིན་གཟུགས། །དྲེད་དང་གླང་ཐོད་ནུབ་ཕྱོགས་འཕྱར། །བྱི་བཞིན་ཤ་ཐོད་རླུང་དུའོ། །མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་ཐ་སྐར་རིམ་པ་བཞིན། །རྟ་དང་འུག་པ་རབས་ཆད་སྦྲུལ། །བུད་མེད་རབས་ཆད་རྣམས་ཀྱི་ཐོད། །རྟ་གཟུགས་བྱང་ཕྱོགས་འཕྱར་ཏེ་སྒྲིབ། །བྲ་ཉེ་གླང་ལུག་གང་རུང་ཐོད། །བྱང་ཤར་མཚམས་འཕྱར་ཉེས་པ་ཐུབ། ༈ །སྲེག་ཚེས་མར་དཀར་གསུར་གཏོང་ཞིང་། །རེས་གཟའི་ཁམས་མཐུན་དར་འཕྱར་སྒྲིབ། ༈ །བིཥྚིའི་གནོད་པ་བཅོས་ཐབས་ནི། །ཕོ་ཤིང་དབྱུག་ཐོའི་རྣམ་པ་ལ། །མོ་ཤིང་རྩ་རྩེ་མ་ལོག་ཡུ། །དབྱུག་ཐོའི་ཕྱོགས་བཞིར་ཤར་ནས་བརྩམས། །རིམ་བཞིན་བོང་བུའི་རྒྱབ་རྩེ་གསུམ། །སེང་གེའི་རྒྱབ་ཏུ་རལ་གྲི་དང་། །སྟག་གི་རྒྱབ་ཏུ་འཕང་མདུང་དང་། །ཁྭ་ཏའི་རྒྱབ་ཏུ་གཡུང་དྲུང་བྲིས། །མགོ་བོའི་ཕྱོགས་མཚམས་ཤར་ནས་བརྩམས། །ཨ་ཀ་ཙ་ཊ་ཏ་པ་དང་། །ཡ་ཤ་བརྒྱད་པོ་རིམ་པར་བྲི། །ཟུར་བཞིར་སྦྲུལ་གཟུགས་མཐུར་རྒྱུག་བྲི། །དབྱུག་ཐོའི་མགོ་བོར་རིང་བསྲེལ་གཞུག །ཚེས་སོགས་བིཥྚིའི་གནོད་པ་སྲུང་། ༈ །བུམ་སྟོང་ཉེས་པ་སྒྲིབ་པ་ལ། །རིན་ཆེན་བུམ་པ་གཉིས་ཀྱི་ནང་། །འབྲུ་སྣ་རིན་ཆེན་སྣ་ཚོགས་བླུག །གྲོ་གའམ་ནི་ཤོག་གུ་ལ། །ༀ་བཛྲ་སུཪྱ་ཙནྡྲ་མཾ་ག་ལཾ་བུདྡྷ་བྲྀ་ཧ་སྤ་ཏི་ཤུ་ཀྲ་ནཻཤྩ་རཱ་ཡ་མ་མ་རཀྵཿཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བྲིས་སྒྲིལ་ལ་བུམ་ནང་གཞུག །གཅིག་ནི་བུམ་སྟོང་ཕྱོགས་སུ་བཞག །ཅིག་ཤོས་བསྲུང་བྱའི་མགུལ་ལམ་ལག །ཡང་ན་ཕྱོགས་དེར་བཞག་ཀྱང་རུང་། །དེ་ཡིས་བསམ་དོན་འགྲུབ་པར་འགྱུར། །ཡང་ན་རིན་ཆེན་བུམ་པའི་ནང་། །འབྲུ་སྨན་རིན་ཆེན་སྣ་ལྔ་དང་། །ཆང་གིས་བཀང་ལ་རྨ་བྱའི་སྒྲོས། །ཁ་བརྒྱན་བུམ་སྟོང་གནས་ཕྱོགས་བཞག །༈རང་གི་སྐྱེས་མིང་སྐར་མ་ལ། །དྲག་གཟའི་གདོང་ཚུགས་བྱུང་བ་ན། །མལ་སྤོ་དགེ་སློང་བཞི་སྡེ་མཆོད། །

p. 180

འཇམ་དཔལ་མཚན་བརྗོད་གསེར་མདོ་འདོན། །འཁྱུད་པ་ལ་ནི་ལུས་དང་མིང་། །བསྒྱུར་ཞིང་སྡོམ་པ་བླངས་ཏེ་བསྲུང་། །སོལ་བར་ནོར་རྣམས་སྦྱིན་པར་གཏོང་། །གསེར་འོད་དམ་པ་རྒྱལ་མཚན་གཟུངས། །གཟའ་ཡུམ་ཚེ་གཟུངས་འདོན་པར་བྱ། །དུ་བ་ལ་ནི་མི་གཙང་བསྲུང་། །ཁྲུས་དང་སྦྱིན་སྲེག་ཆོ་ག་བྱ། །མཆེ་བ་ཟུག་ན་ཆུ་གཏོར་གཏོང་། །བཀྲས་བརྩེགས་གསེར་འོད་དམ་པ་སྒྲོག །༈དེ་ནས་ཉི་མ་སྤར་སྨེ་དང་། །ཚེས་ཀྱི་ས་བདག་སྒྲིབ་ཐབས་ལ། །སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱི་ལ་བསྲུང་བཟློག་སྒྲིབ་ཐབས་གསུམ། །འཁོར་ལོ་འཆང་བ་བསྲུང་བ་སྟེ། །གྲོ་གའམ་ཤོག་བུར་རིན་པོ་ཆེའི། །ཁུ་བས་ཉེས་པ་ཀུན་སེལ་གྱི། །འབྱུང་ལྔའི་འཁོར་ལོ་རྒྱས་བསྡུས་བྲི། །ཁམས་མཐུན་ཚོན་བསྒྱུར་རབ་གནས་བྱ། །བལྟབ་བམ་བསྒྲིལ་ལ་སྲད་བུ་ལྔས། །ནང་ནས་དགྲ་འདེད་ཚུལ་གྱིས་བཅིངས། །དེ་དང་ལྷན་ཅིག་མཐིང་ཤོག་ལ། །གསེར་གྱི་རྡོ་རྗེ་བྲིས་པ་གཉིས། །རུས་སྦལ་ཁོག་པའི་ནང་བཅུག་ལ། །བསྲུང་བྱར་འདོགས་སམ་ཕྱོགས་ཅི་བདེར། །འཕྱར་བས་ཉེས་ཀུན་བསྲུང་བའི་མཆོག །སྔགས་བཟླ་བ་ནི་བཟློག་པ་སྟེ། །རང་ཉིད་འཇམ་དཔལ་དབྱངས་ལྟ་བུ། །ཡི་དམ་གང་ཡིན་ང་རྒྱལ་གྱིས། །ཀོན་ཁཾ། ཡང་ཡང་། ཤིང་ཀོམ། ༀ་ས་ཏོ་བྱེད་སྭཱ་ཧཱ། བཟློག་བཟློག །ཅེས་པ་བརྒྱའམ་སྟོང་བཟླས་རྗེས། །སྣང་བརྒྱད་སྙིང་པོ་བརྒྱ་རྩ་བཟླ། །དེ་ཡིས་མི་བཟློག་གང་ཡང་མེད། །ཏིང་འཛིན་བསྒོམས་པས་སྒྲིབ་པ་སྟེ། །ལྷ་ཡི་སྐུར་བསྒོམ་ང་རྒྱལ་བྱ། །ཡང་ན་སྒྲིབ་ཤིང་ཡང་རྩེ་ནི། །སྟོང་ཉིད་ངང་ལ་གནས་པ་སྟེ། །ཉེས་པ་ཀུན་ལས་རྣམ་པར་རྒྱལ། །བྱེ་བྲག་སོ་སོའི་སྒྲིབ་ཤིང་ལས། །ཉི་མ་བཅུ་གཉིས་སྒྲིབ་ཐབས་ལ། །སྤྱིར་ནི་ལོ་ཟླ་ཞག་དུས་ཚོད། །བཅུ་གཉིས་གང་ཡིན་གནོད་པ་དང་། །ཕྱོགས་དེར་ལས་བརྩམས་ངན་པ་ན། །སྟག་ཡོས་གཉིས་དང་ཤར་ཕྱོགས་ཀྱི། །གནོད་པ་སཱཙྪ་དཀར་པོ་ནི། །བཞིའམ་བརྒྱད་དམ་དྲུག་ཅུ་བཏབ། །ཁྱིམ་གྱི་གོང་ལའི་ཤར་ཕྱོགས་སམ། །ཁྱིམ་ནང་ཕྱོགས་དེར་བཞག་པས་ཐུབ། །དེ་བཞིན་སྦྲུལ་དང་རྟ་གཉིས་པོར། །སཱཙྪ་ནག་པོ་ཕྱོགས་ལྷོ་དང་། །བྱ་སྤྲེལ་ནུབ་ཕྱོགས་སཱཙྪ་དམར། །བྱི་ཕག་བྱང་དུ་སཱཙྪ་སེར། །མཚམས་བཞིར་སཱཙྪ་ལྗང་གུ་སྟེ། །གྲངས་

p. 181

དང་རང་ཕྱོགས་འཇོག་པ་འགྲེ། ༈ །དེ་ནས་བྱ་བ་བྱེ་བྲག་པར། །ལྟོས་པའི་སོ་སོའི་སྒྲིབ་ཤིང་བཤད། །སྟག་ཉི་སྟག་ལྤགས་རས་མའམ། །མདའ་ལ་ལྷམ་ཀྲད་བཏགས་པས་ཐུབ། །ཡོས་ཉི་གཙོད་རུར་སྤྲང་ཞྭ་གཡོགས། །བོང་བུར་སྦྱིན་བདག་གོས་བཀལ་སྒྲིབ། །འབྲུག་ཉི་སྒྲིབ་ན་བག་ཟན་ལ། །མི་ལུས་འབྲུག་མགོར་ཟོར་བ་བཙུགས། །ནས་བྲེ་གང་དང་མདའ་དང་བཅས། །ཤར་ལྷོར་བཞག་པས་ཉེས་པ་ཐུབ། །སྦྲུལ་ཉིར་བག་མའི་ཞྭ་ནང་དུ། །ཁྱོ་ཡི་གླུད་བཅུག་རྩིས་མཁན་གྱི། །གདན་གྱི་འོག་ཏུ་བཅུག་པས་ཐུབ། །རྟ་ཉི་ཡུལ་དཔོན་རྐང་རྗེས་ས། །རང་གི་མལ་འོག་མནན་པས་སྒྲིབ། །ལུག་ཉིར་སྨན་ཕུད་སྨན་པར་བྱིན། །སྨན་དེ་ནད་པའི་འཕོངས་འོག་འདོན། །སྤྲེལ་ཉིར་སྣམ་སྣར་ཁྱི་ལུད་བཏགས། །དེ་བཅད་ནུབ་སྨད་ཕྱོགས་སུ་བསྐྱུར། །བྱ་ཉི་སྒྲིབ་ན་སྒོམ་ཆེན་གྱི། །ཞྭ་ནང་དེ་ཕོ་བཅུག་པ་ལ། །བཅུ་གཉིས་ལོ་ཡི་འཁོར་ལོ་བཏགས། །གྲལ་དཔོན་གཡས་ཟུར་བཞག་པས་ཐུབ། །ཁྱི་ཉིར་སྦང་ཟན་ཁྱི་ལ་བྱིན། །ཁྱི་གཞན་གཅིག་ལ་མི་ཁའི་རྫས། །བཀལ་ལ་གར་འགྲོའི་ཕྱོགས་སུ་བསྟན། །ཕག་ཉིར་སྤེན་མ་ཉག་གཅིག་དང་། །འཇག་མ་ཉག་གསུམ་བུད་མེད་ཀྱི། །དོར་རྟ་ཚལ་བུས་གཏུམས་བྱས་པ། །རྒྱ་ལམ་མནན་སྟེང་ཐོ་བརྩིགས་པར། །ཕ་ཚན་ཞྭ་མོ་གཡོགས་པས་ཐུབ། །བྱི་བའི་ཉི་མར་འབྲུ་སྣ་དང་། །བལ་སྐུད་ཁྱི་ཡི་སྐེར་བཏགས་སྒྲིབ། །གླང་ཉིར་ས་སེར་བྲེ་གང་ནང་། །གང་ཉོ་དངོས་པོའི་སྤུ་མིང་གཞུག །༈དེ་ནས་སྤར་སྨེའི་སྒྲིབ་ཤིང་ནི། །ལི་ལ་བཤན་ཐོད་ཆུ་སྲིན་བསྐྱོན། །ཁོན་ནི་ཤིང་མཁན་ཐོད་པ་ལ། །སྡིག་པ་ཞོན་པའི་གཟུགས་ཀྱིས་སྒྲིབ། །དྭ་ནི་དམེ་ཐོད་སྦྲུལ་ཞོན་སྒྲིབ། །ཁེན་ནི་མཛེ་ཐོད་ཕག་ཞོན་སྒྲིབ། །ཁམ་ནི་རབས་ཆད་ཐོད་པ་ལ། །གླང་ཆེན་ཞོན་པས་སྒྲིབ་པར་བྱ། །གིན་ནི་ཤོ་རེའི་ཐོད་པ་ལ། །ཕུར་བུ་བཙུགས་པས་སྒྲིབ་པར་བྱ། །ཟིན་ནི་མགར་ཐོད་སྤྱང་ཞོན་སྒྲིབ། །ཟོན་ནི་སྨྱོན་པའི་ཐོད་པ་ལ། །རྩངས་པའི་གཟུགས་བསྐྱོན་དེ་ཡིས་སྒྲིབ། །གཅིག་དཀར་མི་དམར་རྟ་དམར་དང་། །གཉིས་ནག་ཁྱི་ནག་ཕོ་རྟགས་ཏེ། །གསུམ་མཐིང་གླང་ཆེན་སྦྲུལ་ཞོན་སྒྲིབ། །བཞི་ལྗང་སྤྲེལ་དཀར་ཁྱི་དམར་ཞོན། །ལྔ་སེར་སྟག་ཐོག་ཚེར་མ་བཙུགས། །དྲུག་དཀར་ཝ་ལ་

p. 182

སྦྲུལ་ཞོན་སྒྲིབ། །བདུན་དམར་ཆུ་གླང་སྔོན་པོ་ལ། །ལྷ་སྨན་བཟང་པོ་ཞོན་པས་སྒྲིབ། །བརྒྱད་དཀར་རྭ་ཅན་བཞི་ཡིས་སྒྲིབ། །དགུ་དམར་བཙད་པོ་ཕག་ཞོན་སྒྲིབ། ༈ །ཞག་དུས་ས་བདག་སྒྲིབ་ཐབས་ལ། །སྤྱིར་རྒྱུག་སྔར་གྱི་འཁོར་ལོ་ནི། །རུས་སྦལ་ཁོག་པ་བཅུག་དེ་དང་། །ལྷན་ཅིག་སྦ་ལྕག་ཚིགས་གསུམ་པ། །སེང་ལྡེང་ཕུར་བུ་རྨ་བྱའི་མདོངས། །བཅངས་སམ་ཡང་ན་འཕྱར་ཡང་རུང་། །ནམ་མཁའ་སྟོང་འདྲ་མཐོང་བར་འགྱུར། ༈ །བྱེ་བྲག་སོ་སོའི་བཅོས་ཐབས་ནི། །དབུལ་ལག་སྒྲིབ་ན་ལག་པའི་གཟུགས། །བཅོས་པ་རུས་སྦལ་ཁོག་པར་བཅུག །ལྔ་སེར་སྟེང་དུ་མནན་པས་ཐུབ། །གཟའ་རྒོད་རེས་གཟའི་ཁམས་མཐུན་དར། །འཕྱར་ཞིང་མར་དཀར་གསུར་གྱིས་སྒྲིབ། །ཟླ་ནག་སྒྲིབ་ན་དར་རམ་རས། །དཀར་པོ་ཁ་ཚར་ཉམས་མེད་འཕྱར། །མར་དཀར་གསུར་གཏོང་ཕྱོགས་བཞི་ལ། །ས་དམར་གཏོར་ཞིང་གཡག་གམ་ལུག །མགོ་དཀར་དར་སྣ་བཏགས་པས་སྒྲིབ། །ཆུ་གཏོར་གཟུངས་འདུས་བཀླགས་པས་ཐུབ། །ཉི་ནག་སྒྲིབ་ན་མར་དཀར་དང་། །ཤ་ཡི་གསུར་བཏང་ཉེས་པ་ཐུབ། །བར་ཁྱི་ཧལ་ཁྱི་འབྲུ་སྣ་ཡི། །ཟན་ལ་ཁྱི་ནག་གཟུགས་བཅོས་པ། །ཧལ་ཁྱིའི་ཕྱོགས་སུ་བསྟན་པས་ཐུབ། །གནམ་ཁྱིར་ཁྱི་ནག་གཟུགས་བྱས་ལ། །སྤྱིར་དགུ་དོ་གལ་ཐམས་ཅད་ནི། །སྡིགས་ཤིག་བྱས་ལ་དེ་ཕྱོགས་བཏང་། །རང་ཉིད་ཡོལ་བའི་ཕག་ཏུ་ཡིབ། །ཀི་ཀང་རྨ་བྱའི་མདོངས་ཀུ་ཤ། ལ་ཆ་བལ་གྲི་རེ་བས་སྒྲིལ། །ཚེས་ལ་གནས་པའི་ཕྱོགས་སུ་གཟུག །རྣམ་འཇོམས་གཟུངས་དང་གཟའ་ཡུམ་འདོན། །པི་ལིང་དར་སེར་འཕྱར་བས་ཐུབ། །ཡང་ན་ཁྱི་ལུད་དུད་པ་གཏོང་། །གཟའ་བདུན་ཕོ་ཉ་འགྱེད་པ་ལ། །ཉི་མའི་རེས་ལ་དར་སྔོན་འཕྱར། །ཆུ་གཏོར་གཏོང་སོགས་རེས་གཟའ་ཡི། །ཨུར་གནོན་བྱ་ཞིང་གཟའ་ཡུམ་འདོན། །ཕུང་ཟོར་སྒྲིབ་ན་དབྱུག་པའི་རྩེར། །རབས་ཆད་ཟོར་བ་རྨ་བྱའི་སྒྲོ། །བསྡམས་པ་ཁ་ཕྱིར་བསྟན་ལ་འཛུགས། །ནག་ཆུང་ཟན་ལ་ལྷོར་སྟག་གཟུགས། །ནུབ་རྟ་བྱང་ལུག་ཁྱི་གཟུགས་ཤར། །དེ་ཉིན་ཉི་མ་གར་གནས་འཛུགས། །རཱ་ཧུ་ཕྱག་རྡོར་སྐུ་བསྟན་སྒྲིབ། །གནམ་སྦྱོར་གནམ་ཁྱི་བཞིན་དུ་བཅོས། །ཟིན་ཕུང་སྒྲིབ་ན་ར་མགོ་ལ། །མེ་ལོང་བཏགས་པར་གླིང་དགུ་བྲིས། །ཕྱོགས་དེར་

p. 183

འཕྱར་བས་ཉེས་པ་ཐུབ། །ལྷ་ལྔ་ལྷ་དགུ་སྒྲིབ་པ་ན། །སཱཙྪའི་ནང་དུ་སྔགས་འདི་གཞུག །ཀྒྷཾཨཾསག །སྨཾཿསྒོ་ཡི་ཡ་ཐེམ་བཞག་པས་ཐུབ། ༈ །གནམ་སྒོ་བཅུ་པོ་འདི་ལྟར་སྒྲིབ། །མགྲོན་གྱི་གནམ་སྒོ་སྒྲིབ་པ་ན། །ལྷ་ལ་ཡོན་དབུལ་མི་ཁ་བརྡེག །འདྲེ་མིང་རང་འཐག་འོག་ཏུ་མནན། །རང་འཐག་ལྟེ་ཕྱེ་གནམ་ལ་གཏོར། །བྱ་གསོབ་བྱང་གི་ནམ་མཁར་ཕྱར། །རྒྱལ་ཐེ་བཟློག་པའི་སྔགས་འདི་བགྲངས། །ༀ་རུ་རུ་ཧ་ཧཱ་རྦད། ཆོས་ནི་ཏོག་གི་སྙིང་པོ་འདོན། །ཚོང་གི་གནམ་སྒོ་སྒྲིབ་པ་ན། །སྒ་ལ་གླང་གི་རྨིག་པ་བཀལ། །བོང་གཟུགས་འོག་ཏུ་མིང་བྲིས་མནན། །བྲེ་དང་སྲང་གཉིས་སཱཙྪས་མནན། །ཁྲོལ་མ་སྦང་མས་བཀང་ལ་བཞག །ལྷམ་ནང་ཚོང་པའི་ཟ་བྱེ་བླུག །གཡག་རུའི་འོག་ཏུ་མནན་བྱས་ལ། །ཟར་མའི་བཅའ་ཡོས་གནམ་ལ་གཏོར། །རྡོ་རྗེ་མཆུ་སྒྲོག་པུསྟི་འཕྱར། །ཚོང་རུཾ་རུཾ་གྷ་རུཾ་རུཾ་ས་བྲེ་ཧཱུྃ་ཧཱུྃ་ཝ་དེ་པ་ལ་སྭཱ་ཧཱ། བུ་ཆུང་གནམ་སྒོ་སྒྲིབ་པ་ན། །ཆུང་རོ་གྲོད་པའི་ནང་དུ་བཅུག །མི་བཟད་མཚོན་གྱིས་དེ་ལ་བརྡེག །ༀ་བུ་སོད་ཚོང་ཤིག་ནོར་འཕྲོགས་ཏི་ཏི་ཀུ་རུ་ཡེ་སྭཱ་ཧཱ། རྡོ་རྗེ་གནམ་ལྕགས་མཆུ་གཟུངས་འདོན། །མི་ཁ་བཙོང་མོའི་ཁྱིམ་དུ་ཐོང་། །དམག་གི་གནམ་སྒོ་སྒྲིབ་པ་ན། །དམག་དཔོན་མིང་བྱང་བཙོན་དུ་བཟུང་། །གོ་ཆའི་སྣེ་མོ་མེ་ལ་བསྲེག །རྟ་ཕོའི་རྣ་བའི་རྩེ་མོ་གཅོད། །སྐྱ་མི་ཕྱིན་ཁ་ལྡོག་ལ་བསྐྱོན། །གྲི་མདུང་བཞི་དང་དར་འཕྱར་ཞིང་། །དམག་མི་གསོད་པའི་སྔགས་འདི་བགྲང་། །ༀ་མ་ཙི་ལ་ཁྲོཾ་ར་ཁྲ་ནག་པོ་སོད། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འདོན། །གཉེན་སྒོ་སྒྲིབ་ན་བྱ་ཕོ་ཡི། །ཡན་ལག་བཅིངས་ལ་ཚ་ལུར་གཞུག །དེ་ལ་མ་རབས་ལྷམ་གཡོག་ཅིང་། །དོན་མེད་གཅིག་ལ་གཉེན་ལབ་བྱ། །བཀྲ་ཤིས་བརྩེགས་པ་ཆོས་སུ་འདོན། །སྤྲང་པོར་ཟས་བཟང་མི་ཁ་བྱིན། །ཡ་བོ་གཅིག་ལ་ཆོས་སྟོན་དྲོངས། །ལྟག་སྒོར་བུ་མོ་ཆེན་མོ་དེ། །སྤྲེལ་ལོ་མ་ལ་གཉེན་ཁ་ལབས། །མཁར་ལས་གནམ་སྒོ་སྒྲིབ་པ་ན། །ཟོ་བ་གོག་པོ་གནམ་དུ་འཕྱར། །བྲེ་ཡི་ནང་དུ་སྲན་ཟན་ལ། །མི་རྒན་ལོང་བའི་གཟུགས་བཅོས་པའི། །ཁོང་པར་དགྲ་འདྲེའི་མིང་བཅུག་སྟེ། །གྲོང་པའི་ཕྱུགས་རའི་རྩིག་རྨང་དུ། །མནན་ལ་རྣམ་འཇོམས་གཟུངས་སྔགས་བཟླ། །དྲུག་གསུམ་བཟློག་པའི་ཡང་སྙིང་བགྲང་། །དུ་རུ་དུ་རུ་

p. 184

ཧྲི་ད་ཀྲེནྟ་ཝ། །བག་མའི་གནམ་སྒོ་སྒྲིབ་པ་ན། །རྒན་མོ་གཅིག་ལ་ཆས་བཟང་གཡོགས། །ཁ་རུ་ཁྲག་ཟན་བྲ་ཟན་སྟེར། །མི་ཁ་བྲེ་ལ་གཞལ་ཏེ་འདེབས། །དག་པ་གསེར་གྱི་མདོ་ཐིག་འདོན། །དུར་སྒོ་སྒྲིབ་ན་སྤྱང་ཐོད་འཕྱར། །ཕག་གི་ཐོད་པ་ས་འོག་སྦེད། །ཟན་ཆང་འདྲེ་ལ་སྟེར་བར་བྱ། །མྱ་ངན་མི་ལ་འབེབས་པ་དང་། །སྣང་བརྒྱད་གཟུངས་དང་ཡང་སྙིང་བཟླ། །ཐོད་ངན་མགལ་པ་སྲི་རུ་མནན། །མ་ཧཱ་དེ་བའི་གཟུངས་ཀྱང་འདོན། །ཤིད་སྒོ་སྒྲིབ་ན་ཝ་ཐོད་ལ། །སྲིན་མོ་ནག་མོའི་གཟུགས་བསྐྱོན་ཞིང་། །ལྷ་མོ་ནག་མོའི་གཟུངས་ཀྱང་འདོན། །དུར་སེལ་མཚུན་སེལ་གྲོང་ལ་གྱིས། །འཁོར་ལོ་དགུ་བརྩེགས་གཟུངས་ཀྱང་འདོན། །ས་ཡི་སྙིང་པོའི་ཡང་སྙིང་བཟླ། །བྷེ་བྷེ་སརྦ་ཨ་ཁ་ཛཿཧཱ། ར་ག་ཛ་ཡ་མ་ཏི་སྭཱ་ཧཱ། །སྤྱི་ཡི་གནམ་སྒོ་སྒྲིབ་པ་ན། །སྟག་ཐོད་ནག་པོ་ནམ་མཁར་འཕྱར། །དོམ་བུ་གསའ་མེས་ཝ་གཡིའི་ཐོད། །ཤར་ནས་བརྩམས་ཏེ་ཕྱོགས་བཞིར་འཕྱར། །སཱཙྪའི་ཡང་སྙིང་བཟླ་བར་བྱ། །གཙུག་ཏོར་དཀར་མོ་ཆོས་སུ་འདོན། །དབང་པོ་ཡན་ལག་མ་ཚང་བའི། །སྐྱེས་པ་བུད་མེད་གང་རུང་ལ། །ངན་དགུ་དུག་ཆུ་སྟེར་བ་དང་། །སྣང་བརྒྱད་འཇམ་དཔལ་མཚན་བརྗོད་འདོན། ༈ །གཞན་ཡང་ནད་ཀྱིས་གདུངས་པའི་འགྲོར། །ཕན་ཕྱིར་མདོ་སྡེ་སྟག་རྣ་ལས། །གསུངས་པའི་སྐར་མའི་མཁྱུད་སྤྱད་དང་། །དེ་བཞིན་རྒྱ་ནག་རྩིས་གཞུང་གི། གཟའ་དང་སྐར་མའི་མཁྱུད་སྤྱད་སོགས། །ནད་ཀྱི་གཉེན་པོའི་ཆོ་ག་བྱ། ༈ །མདོར་ན་དགེ་བ་ཅི་བགྱིས་ཀྱང་། །མཐར་ཐུག་འབྲས་བུ་སྨིན་འགྱུར་ན། །གནས་སྐབས་འགལ་རྐྱེན་ཕྲ་མོ་ཙམ། །སེལ་བར་མི་ནུས་ཅི་ཞིག་ཡོད། །འོན་ཀྱང་གང་ལ་གང་བསྔགས་པའི། །མཆོད་སྦྱིན་ལ་སོགས་གཙོ་བོར་གཅེས། །གཞན་ཡང་རྒྱལ་བའི་གསུང་རབ་སྒྲོག །སྲོག་འདོན་སྔགས་བཟླ་སཱཙྪ་འདེབས། །དེ་སོགས་དགེ་ལ་འབད་བྱས་པས། །སྔོན་ལས་སྟུག་པོ་མ་གཏོགས་པ། །གཟའ་དང་སྐར་མ་སྦྱོར་བྱེད་དང་། །དུས་ལྷ་འབྱུང་པོའི་གནོད་གདུག་རྣམས། །ཞི་ཞིང་བཟློག་པར་འགྱུར་བ་སྟེ། །ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་གི། རང་བཞིན་ཅན་དུ་གྲུབ་ཕྱིར་དང་། །རྟེན་འབྲེལ་དེ་ཡང་རང་སེམས་ཀྱི། །རྣམ་རྟོག་ལས་གཞན་ཡོད་མིན་ཕྱིར། །ཐམས་ཅད་མཁྱེན་པ་བཅོམ་

p. 185

ལྡན་འདས། །སྲས་བཅས་རྣམས་ཀྱི་བཀའ་ཇི་བཞིན། །ཀུན་རྫོབ་རྟེན་འབྲེལ་བསླུ་མེད་དུ། །རྟོགས་པར་འགྱུར་ཕྱིར་འདིར་བཤད་དོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པའི་སྐབས་ཏེ་ཉེར་གསུམ་པའོ། །༈ སྐར་རྩིས་རིག་ལམ་རྟོགས་དཀའི་གནས་གྱུར་ཅིང་། །བདག་བློ་ཞན་ཡང་འཛེམ་མེད་སྨྲས་འདི་ལ། །ཅི་ཉེས་བྱིས་པ་ཅི་དགར་སྨྲ་བ་ལ། །མ་ཡིས་ཇི་བཞིན་མཁས་རྣམས་བཟོད་པར་མཛོད། །ཆོས་ཀུན་དོན་དམ་གཤིས་ཀྱི་གནས་ལུགས་ལ། །རྩིས་དང་འབྲས་བུའི་སྤྲོས་པ་ཀུན་བྲལ་ཡང་། །ཀུན་རྫོབ་རྟེན་འབྲེལ་མི་བསླུར་གསུངས་པའི་ཕྱིར། །བདག་ལེགས་འདོད་པ་རྣམས་ཀྱིས་བླང་བར་འོས། །འདིར་འབད་ལས་བྱུང་བསོད་ནམས་ཆུ་ཡི་གཏེར། །བསྲུབས་སྐྱེས་ལེགས་བཤད་ཉིན་མོར་བྱེད་པའི་དཔལ། །ཤར་བ་ཡིས་ནི་མ་རིག་མུན་པའི་དཔུང་། །མཐར་བྱེད་སྣང་བ་བླ་ན་མེད་གྱུར་ཅིག །རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ་འདི་ནི་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རང་ལོ་ཉེར་བརྒྱད་པ་རབ་དྲག་གི་ལྕགས་མོ་བྱའི་ལོ་ལ་བརྩམས་པ་ལས་རིང་ཞིག་ནས་ཚིག་དོན་གཉིས་ཀའི་ཆ་ལ་ཞུས་དག་གི་དཔྱད་པ་བྱེད་འདུན་བློར་གཅགས་ནའང་དུས་དབང་གིས་ལེའུ་ཁོལ་བཏོན་གྱི་རི་མོ་ཙམ་ལས་ཡིག་ཆ་ཚད་མར་ལྟ་རྟོག་འཇུག་མི་ཉུང་བ་བཅས་བཏང་སྙོམས་སུ་ལུས་པར་གྱུར་ཅིང་། ཕྱིས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་། སྐུའི་སྲས་སྡོམ་བརྩོན་གནས་ལྔ་རིག་པའི་མཁས་པ་ཆེན་པོ་ཞབས་དྲུང་སྐུ་མཆེད་རྣམས་ཀྱི་བཀའ་ལུང་ལྕི་བ་སྤྱི་བོར་ལྷུང་བ་གུས་པའི་ཡིད་ཀྱིས་མཆོད་ནས་དཔྱད་པ་བྱེད་པའི་འགོ་བརྩམས་པའི་ཚེ་དད་པ་དང་གཏོང་བ་སོགས་དམ་པའི་ཡོན་ཏན་གྱིས་བརྒྱན་པ་ཤར་ཕྱོགས་ཀོང་ཡུལ་ནས་རྒྱལ་སྐོར་སྡེ་པ་ཨོ་རྒྱན་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་གིས་ཚུལ་འདི་བློ་གསར་རྣམས་ལ་ཕན་པའི་ཆེད་དུ་པར་དུ་བརྐོ་བར་འདོད་པས་ཕྲལ་དུ་སྒྲུབས་ཤིག་ཅེས་བསྐུལ་ཞིང་། ཐ་སྙད་ཀྱི་རིག་པ་སྤྱི་དང་ཁྱད་པར་སྐར་རྩིས་ལ་བློ་མཐུ་གྲུབ་པ་

p. 186

དགེ་སློང་ཨོ་རྒྱན་དཔལ་འབྱོར་གྱིས་ཀྱང་རི་མོའི་གྲོགས་བྱས་ཏེ། རབ་བྱུང་བཅུ་གཉིས་པའི་ནང་གི་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་ནས་རྩིས་འགོ་གཟུང་ཆོག་པའི་འདས་ལོ་སྤོས་ཤིང་རི་མོའི་གནད་འགྲོལ་བའི་རྣམ་འགྱུར་དང་རྩིས་ཕྲན་ཉེར་མཁོ་འགས་ཀྱང་བརྒྱན་ནས་ཚིག་དོན་གཉིས་ཀའི་ཆ་ལ་དབྲི་བསྣན་ཆེས་ཆེ་བའི་ཞུས་དག་རང་ལོ་དྲུག་ཅུའི་ཁར་སླེབས་པ་རྣམ་རྒྱལ་ཆུ་མོ་སྦྲུལ་གྱི་ལོ་དབོ་ཟླའི་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་མཁས་པ་དང་གྲུབ་པའི་སྐྱེས་བུས་ཡོངས་སུ་གང་བའི་ཆོས་གྲྭ་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་དུ་གྲུབ་པར་སུག་ལས་སུ་བགྱིས་པ་སྟེ། འདིས་ཀྱང་ཕྱི་དང་ནང་གི་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་གཞན་དུས་ཀྱི་འཁོར་ལོ་བདེ་གཤེགས་སྙིང་པོའི་དབྱིངས་ལུས་ཅན་ཀུན་གྱིས་རྟོགས་པའི་རྒྱུར་གྱུར་ཅིག །

རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ།

p. 187

རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
ལོ་ཆེན་དྷརྨ་ཤྲཱི།
རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །གདོད་ནས་མི་འགྱུར༵་སྒྲིབ་བྲལ་བདེ་བ་ཆེ། །རིས་མེ༵ད་ཀུན་ཁྱབ་སྒྱུ་འཕྲུལ་རྡོ༵་རྗེ༵འི་གར། །རྣམ་ཀུན་མཆོག་ལྡན་རོལ་པར་བསྒྱུར་མཁས་པ། །བླ་མ་དུས་ཀྱི་འཁོར་ལོའི་ངོ་བོར་འདུད། །སྐར་རྩིས་གཞུང་བཟང་ཉིན་མོར་བྱེད་པ་ཡི། །སྣང་བས་ཆེས་གསལ་ནུས་པའི་ལག་ལེན་གནད། །བུ་ཡིག་ངོ་མཚར་རིན་ཆེན་རབ་འབར་བའི། །དཔག་ཡས་འོད་ཀྱི་ཕྲེང་བ་དེང་འདིར་སྤྲོ། །འདི་ལ་གསུམ་སྟེ།

ལག་རྩིས་པར་ཉེ་བར་མཁོ་བའི་བསྟན་རྩིས།

p. 188

ལག་རྩིས་པར་ཉེ་བར་མཁོ་བའི་བསྟན་རྩིས། རཱི་ཐུ་དགྲོལ་བ་དང་། འབྲས་རྩིས་ངོ་ལོན་བཅས་པ་ལས་འཕྲོས་པའི་ཤོག་ཁྲའི་རིམ་པ་ཆེ་ལོང་ཙམ་ཞིག་བསྡུས་ཏེ་བསྟན་པ་ལས། ཐོག་མར་བསྟན་རྩིས་ནི། ༀ་སྭ་སྟི། དྲི་མེད་རྒྱལ་བའི་བསྟན་པ་དང་། །དེ་འཛིན་བླ་མ་དམ་པ་ལ། །གུས་པས་ཕྱག་བཙལ་རྒྱུད་འགྲེལ་ལས། །ཆོས་རྒྱལ་རིགས་ལྡན་བྱོན་པའི་རབས། །རིམ་པར་ངེས་བསྟན་སྲོག་ཤིང་ལ། །བརྟེན་ནས་གནས་སྐབས་ལག་རྩིས་པར། །ཉེར་མཁོའི་བསྟན་རྩིས་རྣམ་གྲངས་འགའ། །རི་མོས་བདེ་བླག་རྩི་ཐབས་བཤད། །འབྱུང་རི་རོ་མིག་ལོ་ཚོགས་ལ༢༦༧༥། །རབ་བྱུང་བཅུ་གཉིས་པའི་ནང་གི། ཤིང་རྟ་ལ་སོགས་འདས་པ་བསྲེ། །སྟོན་མཆོག་དམ་པ་ས་ལུག་གི། ཆུ་སྟོད་ཟླ་བའི་བཅོ་ལྔ་ལ། །ལྷུམས་སུ་ཞུགས་པ་ཕྱིན་གྱི་ལོ། །དེ་ལ་༡གཟུགས་སྦྱངས་ལྕགས་སྤྲེ་ཡི། །ས་གའི་ཚེས་བདུན་བལྟམས་ནས་ལོ༢༦༧༤། །ཀླུ་ལག་༢༨གིས་སྦྱངས་ས་བྱི་ལ། །ཁབ་སྤངས་རབ་ཏུ་བྱུང་བའི་ལོ༢༦༤༦། །རོས་༦ཕྲི་ཤིང་རྟ་ས་གའི་ཉའི། །

p. 189

ཐོ་རེངས་རྫོགས་སངས་རྒྱས་པ་དང་། །ལོ་དེའི་ཆུ་སྟོད་ཚེས་བཞི་ནས། །ཆོས་འཁོར་ཐོག་མར་བསྐོར་བའི་ལོ༢༦༤༠། །དེ་ལས་དུས་མཚོ་༤༦དམན་པའི་ལྷག །ལྕགས་འབྲུག་ནག་ཉར་རྩ་བའི་རྒྱུད། །ལེགས་བསྟན་ཕྱི་ཟླ་ས་གའི་ཉར། །མྱ་ངན་ལས་འདས་དབྱར་འབྲིང་ཟླར། །བཀའ་བསྡུ་དང་པོ་བྱས་ནས་ལོ༢༥༧༤། །༡གཟུགས་ཕྲི་ལྕགས་སྦྲུལ་ཟླ་བཟང་གིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ༢༥༧༣། །སླར་ཡང་༢མིག་སྦྱངས་ཆུ་ལུགས་ལ། །གཞལ་མེད་ཁང་བཞེངས་གཤེགས་པའི་ལོ༢༥༧༡། །དེ་ལས་༡གཟུགས་དམན་ཤིང་སྤྲེ་ལ། །ལྷ་དབང་སྟོན་པར་ཕེབས་པ་དང་། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །སིན་དྷཱུའི་མཚོ་གླིང་བལྟམས་ནས་ལོ༢༥༧༠། །༢༤མཚོ་མིག་ཕྲི་ལྷག་ས་སྤྲེའི་ལོར། །རིགས་ཅན་ལྔ་ལ་གསང་བདག་གིས། །ཆོས་འཁོར་བསྐོར་ཞིང་རྒྱལ་པོ་ཛར། །གསང་སྔགས་གླེགས་བམ་བབས་ནས་ལོ༢༥༦༦། །མིག་༧༢ཐུབ་སྦྱངས་པའི་ལྕགས་སྤྲེ་ལ། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ཚལ་ཆགས་ནས་ལོ༢༤༧༤། །དེ་ནས་མཚོས་སྦྱངས་ཤིང་བྱི་ལ། །གཟི་བརྗིད་ཅན་གྱི་ཆོས་བསྟན་ལོ༢༤༧༠། །༦བྲོ་བ་སྦྱངས་ལྷག་ལྕགས་རྟ་ལ། །བཀའ་བསྡུ་བར་པ་བྱས་པའི་ལོ༢༤༨༤། །༩༤ཆུ་བུག་སྦྱངས་ལྷག་ཤིང་འབྲུག་ལོར། །ཟླ་བས་བྱིན་དང་༢༣༧༠མཁའ་༡༠༠མཁའ་གཟུགས། །ཕྲི་ལྷག་ཤིང་སྤྲེར་ལྷའི་དབང་ཕྱུག །༢༢༧༠ཁྲིར་ཕེབས་དེ་ལས་གཟུགས་མཚོ་དམན༤༡། །ཤིང་གླང་དགའ་རབ་རྡོ་རྗེ་འཁྲུངས༢༢༤༧། །དེ་ལས་༥༥འབྱུང་དབང་ཕྲི་བའི་ལྷག །ལྕགས་སྤྲེར་འཕགས་པ་ཀླུ་སྒྲུབ་འཁྲུངས༢༡༧༤། །༤ཆུ་གཏེར་གྱིས་སྦྱངས་ཤིང་བྱི་དང་། །དེ་ནས་༡༠༠བརྒྱ་༡༠༠བརྒྱ་སྦྱངས་པ་ཡིས། །ཤིང་འབྲུག་ཤིང་སྤྲེར་རིམ་པ་བཞིན། །༢༡༧༠སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན༢༠༧༠། །གྲགས་པ་རྣམས་ཀྱིས་ཆོས་བསྟན་ཅིང་༡༩༧༠། །སླར་ཡང་༡༠༠བརྒྱ་སྦྱངས་ཤིང་བྱི་ལ། །གྲགས་པས་རྒྱུད་བསྡུས་སྲས་པད་དཀར། །ཁྲིར་འཁོད་འགྲེལ་ཆེན་བརྩམས་པའི་ལོ༡༨༧༠། །༥༠མཁའ་འབྱུང་ཕྲི་བའི་ཤིང་སྟག་ལ། །གཉའ་ཁྲི་བཙན་པོ་བོད་རྗེར་བྱོན༡༨༤༠། །༥༠ཐིག་དབང་སྦྱངས་ལྷག་ཤིང་འབྲུག་ལ། །བཟང་པོ་ཁྲིར་ཕེབས་ཕྱིན་གྱི་ལོ༡༧༩༠། །༩༦རོ་བུག་སྦྱངས་

p. 190

པའི་ལྕགས་འབྲུག་ལ། །འཕགས་པ་ཐོགས་མེད་འཁྲུངས་ནས་ལོ༡༦༧༤། །དེ་ནས་༤མཚོ་དང་༡༠༠བརྒྱ་ལན་གསུམ། །རིམ་སྦྱངས་ཤིང་གི་སྤྲེལ་བྱི་འབྲུག །སྤྲེལ་ལོ་རྣམས་ལ་རིམ་པ་ལྟར། །༡༦༧༠རྣམ་རྒྱལ་བཤེས་བཟང་༡༥༧༠རིན་ཆེན་ཕྱག༡༤༧༠། །ཁྱབ་འཇུག་སྦས་རྣམས་ཁྲིར་ཕེབས་ལོ༡༣༧༠། །༥༠མཁའ་དབང་སྦྱངས་ལྷག་ཤིང་ཁྱི་ལ། །ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས༡༣༤༠། །༥༠ཐིག་དབང་སྦྱངས་པའི་ཤིང་བྱི་ལ། །ཉི་མ་གྲགས་པ་ཁྲིར་ཕེབས་ལོ༡༢༧༠། །༩བུག་སྦྱངས་ཆུ་བྱར་ཡུམ་བུ་ཡི། །མཁར་སྟེང་ཙིནྟ་མ་ཎི་སོགས། །བབས་ཏེ་ཆོས་ཀྱི་དབུ་བརྙེས་ལོ༡༢༨༡། །༦༠མཁའ་རོ་ཕྲི་ལྷག་ཆུ་བྱ་ལ། །ཐོ་རི་གཉན་བཙན་གཤེགས་ནས་ལོ༡༢༢༡། །༣༡གཟུགས་མེས་སྦྱངས་པའི་ཤིང་འབྲུག་ལ། །ཤིན་ཏུ་བཟང་པོ་ཁྲིར་ཕེབས་ལོ༡༡༧༠། །༨༠ཐིག་ཀླུ་དམན་ལྷག་ཤིང་བྱི་ལ། །གནམ་རི་སྲོང་བཙན་འཁྲུངས་ནས་ལོ༡༡༡༠། །༡༦མི་བདག་སྦྱངས་པའི་ལྕགས་འབྲུག་གིས། །འབྲས་དུས་ལྔ་བརྒྱ་ཕྲག་གསུམ་རྫོགས༡༠༧༤། །༤རིག་བྱེད་སྦྱངས་པའི་ཤིང་སྤྲེ་ལ། །རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་ཅིང་། །མ་ཁར་ཀླ་ཀློ་ཞུགས་པ་དང་། །ཕྱི་རོལ་བྱེད་པའི་རྩིས་འགོ་ཟུག༡༠༧༠། དེ་ལ་༥ལྔས་སྦྱངས་ས་གླང་ལ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་བལྟམས༡༠༨༥། །༢༢ལག་མིག་ཕྲི་ལྷག་ལྕགས་ཕག་ལ། །ར་ས་འཕྲུལ་སྣང་བཏབ་ནས་ལོ༡༠༦༣། །༡༥༡གཟུགས་ཚེས་སྦྱངས་པའི་ཆུ་རྟ་ལ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་འཁྲུངས༩༡༢། །༤ཆུ་གཏེར་གྱིས་སྦྱངས་མེ་ཁྱི་ལ། །རྒྱལ་དཀའ་ཁྲིར་ཕེབས་རང་ལུགས་ཀྱི། །བྱེད་པའི་རྩིས་འགོ་ཟུག་ནས་ལོ༩༠༨། །༡༦དུས་གཟུགས་སྦྱངས་པའི་ཆུ་སྟག་ལ། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །གངས་ཅན་ལྗོངས་འདིར་ཕེབས་པ་དང་། །བསམ་ཡས་བཏབ་པ་ཕྱིན་གྱི་ལོ༨༩༢། །དེ་ལ་༤ཆུས་སྦྱངས་མེ་རྟ་ལ། །རབ་གནས་མངའ་གསོལ་མཛད་ནས་ལོ༨༨༨། །༡གཟུགས་སྦྱངས་མེ་ལུག་སད་མི་བདུན། །རབ་ཏུ་བྱུང་བ་ཕྱིན་གྱི་ལོ༨༨༧། །༡༧རི་གཟུགས་ཕྲི་བའི་ཤིང་བྱི་ལ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་འཁྲུངས༨༧༠། །༢༢ལག་མིག་སྦྱངས་པའི་མེ་ཁྱི་ལ། །མངའ་བདག་ཁྲི་རལ་འཁྲུངས་ནས་ལོ༨༤༨། །༡༠ཕྱོགས་སྦྱངས་མེ་སྤྲེར་ཨོ་རྒྱན་རྗེ། །རྔ་ཡབ་གླིང་དུ་

p. 191

གཤེགས་ནས་ལོ༨༣༨། །༡༦རྒྱལ་པོ་སྦྱངས་པའི་ཆུ་བྱི་ལ། །བསྟན་པའི་ཉི་མ་བླ་ཆེན་འཁྲུངས༨༢༢། །༩བུག་སྦྱངས་ལྕགས་བྱར་གླང་དར་མས། །བསྟན་པ་བསྣུབས་པ་ཕྱིན་གྱི་ལོ༨༡༣། །༥༢ཟུང་དབང་གིས་ཕྲི་ཆུ་གླང་དེ། །བསྟན་པ་ཕྱི་དར་ཐོག་མར་ངེས༧༦༡། །༥འབྱུང་བ་སྦྱངས་པའི་ས་རྟ་ལ། །ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས༧༥༦། །དེ་ལ་༡༥ཚེས་སྦྱངས་ཆུ་བྱ་དེ། །ཕྱི་དར་ཐོག་མར་བུ་སྟོན་བཞེད༧༤༡། །དེ་ལ་༥ལྔས་སྦྱངས་ས་སྟག་དེ། །ཕྱི་དར་ཐོག་མར་འབྲོམ་སྟོན་བཞེད། །ཁྱུང་པོ་རྣལ་འབྱོར་འཁྲུངས་ལོ་ཡིན༧༣༦། །དེ་ལ་༤མཚོས་དམན་ཆུ་རྟ་ལ། །ཇོ་བོ་དཱི་པཾ་ཀ་ར་འཁྲུངས༧༣༢། །༢༢ལག་མིག་སྦྱངས་པའི་ཤིང་འབྲུག་ལ། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་འཁྲུངས༧༡༠། །དེ་ལ་༨ཀླུས་སྦྱངས་ཆུ་བྱི་ལ། །མངའ་བདག་མར་པ་ལོ་ཙཱ་དང་། །གྲྭ་པ་མངོན་ཤེས་འཁྲུངས་ནས་ལོ༧༠༢། །༢མིག་སྦྱངས་ཤིང་སྟག་ཟུར་ཆུང་བལྟམས༧༠༠། །དེ་ལ་༡༣འདོད་སྦྱངས་མེ་ཡོས་ནི། །རབ་བྱུང་དང་པོའི་ཐོག་མ་སྟེ། །རིགས་ལྡན་ཉི་མ་ཁྲིར་ཕེབས་ཤིང་། །རྒྱུད་འགྲེལ་འཕགས་བོད་ཕེབས་པའི་ལོ༦༨༧། ༈ །སླར་ཡང་༡༣འདོད་སྦྱངས་ལྕགས་འབྲུག་ལ། །མི་ལ་བཞད་པ་རྡོ་རྗེ་འཁྲུངས༦༧༤། །དེ་ལ་༡༢ཉི་སྦྱངས་ཆུ་འབྲུག་ལ། །འཛེང་སྒོམ་དྷརྨ་བོ་དྷི་འཁྲུངས༦༦༢། །༥ལྔས་ཕྲི་མེ་བྱར་ར་སྒྲེང་བཏབ༦༥༧། །༢མིག་སྦྱངས་ས་ཕག་རྔོག་ལོ་འཁྲུངས༦༥༥། །དེ་ལ་༡༤མ་ནུ་ཕྲི་བ་ཡིས། །ཆུ་མོ་གླང་ལ་གསང་ཕུ་དང་། །དཔལ་ལྡན་ས་སྐྱ་བཏབ་ནས་ལོ༦༤༡། །དེ་ལ་༡གཟུགས་སྦྱངས་ཤིང་སྟག་ལ། །གསང་བདག་ཤཱཀྱ་སེང་གེ་འཁྲུངས༦༤༠། །༥ལྔས་སྦྱངས་ས་མོ་ལུག་གི་ལོ། །དྭགས་པོ་ཟླ་འོད་གཞོན་ནུ་འཁྲུངས༦༣༥། །༨གདེངས་ཀས་སྦྱངས་པའི་མེ་ཡོས་ཏེ། །རབ༵་བྱུང༵་གཉིས༵་པ༵འི་ཐོག་མ་ཡིན༦༢༧། ༈ །༤མཚོས་སྦྱངས་ལྕགས་ལུག་བྱ་འདུལ་བལྟམས༦༢༣། །ལོ་དེར་དམ་པ་དིང་རིར་ཕེབས། །༡གཟུགས་སྦྱངས་ཆུ་སྤྲེར་ས་ཆེན་འཁྲུངས༦༢༢། །དེ་ལས་༢མིག་སྦྱངས་ཤིང་ཁྱི་ལ། །ལྕེ་སྟོན་རྒྱ་ནག་འཁྲུངས་ནས་ལོ༦༢༠། །༣ཡོན་ཏན་གྱིས་སྦྱངས་མེ་གླང་ལ། །ཞང་སྟོན་བཀྲ་ཤིས་རྡོ་རྗེ་འཁྲུངས༦༡༧། །དེ་ལ་༡༢ཁྱིམ་སྦྱངས་ས་གླང་ལ། །ཆ་པ་འཁྲུངས་ཤིང་རྔོག་ལོ་གཤེགས༦༠༥། །༡བསེ་རུ་

p. 192

སྦྱངས་པའི་ལྕགས་སྟག་ལ། །ཕག་གྲུ་དུས་མཁྱེན་རྣམ་གཉིས་འཁྲུངས༦༠༤། །༡༣འདོད་སྦྱངས་ཆུ་ཡོས་ཞང་གཡུ་བྲག །༥༩༡བལྟམས་ཤིང་༡གཟུགས་དམན་ཤིང་འབྲུག་ལ། །ཉང་རལ་ཉི་མ་འོད་ཟེར་འཁྲུངས༥༩༠། །༢ལག་ཕྲི་མེ་རྟར་དབུས་ཞིག་དང་། །ལྷ་རྗེ་ཡོན་ཏན་གཟུངས་གཉིས་འཁྲུངས༥༨༨། །༡ཟླ་བས་དམན་པའི་མེ་ལུག་ལ། །པཎ་ཆེན་ཤཱཀྱ་ཤྲཱི་དང་། །ཏེ་ནེ་བལྟམས་ཤིང་ཤམྦྷ་ལའི། །སེང་ཁྲིར་སྣ་ཚོགས་གཟུགས་ཕེབས་ལོ༥༨༧། །༡གཟུགས་ཕྲི་ས་སྤྲེར་གླིང་རས་པ། །༥༨༦འཁྲུངས་ཤིང་༡༤ཡིད་སྦྱངས་ཆུ་ཁྱི་ལ། །སློབ་དཔོན་བསོད་ནམས་རྩེ་མོ་དང་། །སྟག་ལུང་ཐང་པ་འཁྲུངས་ནས་ལོ༥༧༢། །དེ་ལ་༡གཟུགས་དམན་ཆུ་ཕག་ལ། །འབྲི་གུང་འཇིག་རྟེན་གསུམ་མགོན་འཁྲུངས༥༧༡། །༤ཆུས་སྦྱངས་རབ་བྱུང་གསུམ་པ་ཡི། །མེ་ཡོས་རྗེ་བཙུན་གྲགས་རྒྱལ་འཁྲུངས༥༦༧། ༈ །དེ་ལ་༢མིག་སྦྱངས་ས་སྦྲུལ་ལ། །ཞིག་པོ་བདུད་རྩི་འཁྲུངས་ལོ་ཡིན༥༦༥། །དེ་ཡི་སྟེང་ནས་༩བུ་གས་སྦྱངས། །ས་སྟག་མཁས་པ་ཉི་འབུམ་འཁྲུངས༥༥༦། །༣རྩེ་མོ་སྦྱངས་པའི་ལྕགས་སྦྲུལ་ལ། །འགྲོ་མགོན་གཙང་པ་རྒྱ་རས་འཁྲུངས༥༥༣། །༥འབྱུང་བ་སྦྱངས་པའི་མེ་ཁྱི་ལ། །རོག་གི་མཁས་པ་ཤེར་འོད་འཁྲུངས༥༠༨། །སླར་ཡང་༥ལྔས་སྦྱངས་ལྕགས་ཡོས་ལ། །ཞིག་པོ་ཉི་མ་སེང་གེ་འཁྲུངས༥༤༣། །༡༡དྲག་པོ་ཕྲི་བའི་ཆུ་སྟག་ལ། །ས་སྐྱ་པཎ་ཆེན་འཁྲུངས་ནས་ལོ༥༣༢། །དེ་ལ་༧ཐུབ་སྦྱངས་ས་བྱ་ལ། །རྒོད་ཚང་མགོན་པོ་རྡོ་རྗེ་འཁྲུངས༥༢༥། །སླར་ཡང་༧བདུན་སྦྱངས་མེ་འབྲུག་ལ། །གུ་རུ་ཇོ་འབེར་བལྟམས་ནས་ལོ༥༡༨། །༡༠ཕྱོགས་སྦྱངས་མེ་སྟག་པཀྴི་འཁྲུངས༥༠༨། །དེ་ལས་གཟུགས་༡ཕྲི་མེ་ཡོས་དེ། །རབ་འབྱུང་བཞི་པའི་ཐོག་མ་ཡིན༥༠༧། ༈ །༥འབྱུང་བས་སྦྱངས་པའི་ཆུ་སྤྲེ་ལ། །གུ་རུ་ཆོས་ཀྱི་དབང་ཕྱུག་བལྟམས༥༠༢། །༤རིག་བྱེད་ཕྲི་བའི་མེ་བྱི་ལ། །སྙེ་མདོ་ཐམས་ཅད་མཁྱེན་པ་འཁྲུངས༤༩༨། །༩བུ་ག་སྦྱངས་པའི་ཤིང་བྱ་ལ། །བྱང་རྡོར་གཉིས་ཀྱི་ཆོས་སྡེ་བཙུགས༤༨༩། །དེ་ལས་༢མིག་སྦྱངས་མེ་ཕག་ལ། །རིགས་ལྡན་ཟླ་འོད་སྟོན་པར་ཕེབས༤༨༧། །༨ནོར་ལྷ་སྦྱངས་པའི་ཤིང་ལུག་ལ། །འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས༤༧༩། །དེ་ལས་༡གཟུགས་ཕྲི་མེ་སྤྲེ་ལ། །སྐལ་

p. 193

ལྡན་ཡར་ཀླུངས་སྤྲུལ་སྐུ་འཁྲུངས༤༧༨། །༣རྩེ་མོ་སྦྱངས་པའི་ས་ཕག་ལ། །གྲུབ་ཐོབ་མན་ལུང་གུ་རུ་འཁྲུངས༤༧༥། །༤རིག་བྱེད་སྦྱངས་པའི་ཆུ་ཡོས་ལ། །གྲུབ་ཆེན་མེ་ལོང་རྡོ་རྗེ་དང་། །ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་བལྟམས༤༧༡། །༡༠ཕྱོགས་སྦྱངས་ཆུ་གླང་ས་སྐྱ་པས། །བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར༤༦༡། །༡༣མྱོས་བྱེད་སྦྱངས་པའི་མེ་སྟག་ལ། །རིག་འཛིན་ཀུ་མཱ་རཱ་ཛ་འཁྲུངས༤༤༨། །དེ་ལ་༡བསེ་རུ་སྦྱངས་པ་ཡིས། །མེ་ཡོས་རབ་བྱུང་ལྔ་པར་སླེབས༤༤༧། ༈ །༩བུག་སྦྱངས་མེ་ཁྱིར་དཔང་ལོ་འཁྲུངས༤༣༨། །༧རི་སྦྱངས་ཆུ་ལུག་ཟུར་བྱམས་སེང་། །༤༣༡འཁྲུངས་ཤིང་༡གཟུགས་ཕྲི་ཤིང་སྤྲེ་ལ། །ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། །གཡུང་སྟོན་རྡོ་རྗེ་དཔལ་གཉིས་བལྟམས༤༣༠། །དེ་ལས་༦དུས་སྦྱངས་ལྕགས་སྟག་ལ། །ཐམས་ཅད་མཁྱེན་པ་བུ་སྟོན་འཁྲུངས༤༢༤། །༢ལག་པས་དམན་པའི་ཆུ་འབྲུག་ལ། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་འཁྲུངས༤༢༢། །སླར་ཡང་༢མིག་སྦྱངས་ཤིང་རྟ་ལ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་འཁྲུངས༤༢༠། །༡གཟུགས་སྦྱངས་ཤིང་ལུག་ཐོགས་མེད་དང་༤༡༩། །༧རི་སྦྱངས་ཆུ་སྟག་བྱང་རྩེ་བལྟམས༤༡༢། །དེ་ལ་༦རོས་སྦྱངས་ས་སྤྲེ་ལ། །ཀུན་མཁྱེན་དྲི་མེད་འོད་ཟེར་འཁྲུངས༤༠༦། །༤རིག་བྱེད་སྦྱངས་པའི་ཆུ་བྱི་ལ། །དཔལ་ལྡན་བླ་མ་དམ་པ་འཁྲུངས༤༠༢། །༡༥ཚེས་སྦྱངས་རབ་བྱུང་དྲུག་པ་ཡི། །ཐོག་མའི་མེ་མོ་ཡོས་དེ་ལ། །རིགས་ལྡན་མཐའ་ཡས་སེང་ཁྲིར་ཕེབས༣༨༧། ༈ །༡༩བུག་གཟུགས་སྦྱངས་པའི་མེ་ཁྱི་ལ། །རྡོ་རྗེ་གླིང་པ་འཁྲུངས་ནས་ལོ༣༦༨། །དེ་ལས་༢མིག་སྦྱངས་ས་བྱི་ལ། །ཀུན་མཁྱེན་གཡག་པ་འཁྲུངས་ནས་ལོ༣༦༦། །༡གཟུགས་སྦྱངས་ས་གླང་ཕག་གྲུ་ཡི། །ཏཱ་སིས་བོད་ཁམས་ཁ་ལོ་བསྒྱུར༣༦༥། །དེ་ལས་༡གཟུགས་དམན་ལྕགས་སྟག་ལ། །སྒྲོལ་ཆེན་སངས་རྒྱས་རིན་ཆེན་འཁྲུངས༣༦༤། །དེ་ལ་༧རི་སྦྱངས་མེ་བྱ་ལ། །འཇམ་མགོན་བློ་བཟང་གྲགས་པ་འཁྲུངས༣༥༧། །དེ་ལས་༡༠ཕྱོགས་སྦྱངས་མེ་ལུག་ལ། །རོང་སྟོན་ཤཱཀྱ་རྒྱལ་མཚན་འཁྲུངས༣༤༧། །༦བྲོ་བ་ཕྲི་བའི་ཆུ་གླང་ལ། །པཎ་ཆེན་འཇིགས་མེད་གྲགས་པ་འཁྲུངས༣༤༡། །༩བུ་ག་སྦྱངས་པའི་ཆུ་ཁྱི་ལ། །ངོར་ཆེན་ཀུན་དགའ་བཟང་པོ་དང་། །

p. 194

རྫོང་པ་ཀུན་དགའ་རྒྱལ་མཚན་འཁྲུངས༣༣༢། །༢མིག་གིས་ཕྲི་བའི་ཤིང་བྱི་ལ། །པཎ་ཆེན་ནགས་ཀྱི་རིན་ཆེན་འཁྲུངས༣༣༠། །དེ་ལས་༡གཟུགས་དམན་ཤིང་གླང་ལ། །གྲུབ་ཆེན་ཐང་སྟོང་རྒྱལ་པོ་འཁྲུངས༣༢༩། །༢ལག་པ་སྦྱངས་པའི་མེ་ཡོས་དེ། །རབ་བྱུང་བདུན་པའི་དང་པོ་ཡིན༣༢༧། ༈ །༤རིག་བྱེད་ཕྲི་ལྷག་ལྕགས་ལུག་ལ། །པཎ་ཆེན་དགེ་འདུན་གྲུབ་པ་འཁྲུངས༣༢༣། །དེ་ལས་༡གཅིག་དམན་ཆུ་སྤྲེ་ལ། །འགོས་ལོ་གཞོན་ནུ་དཔལ་བ་འཁྲུངས༣༢༢། །༨གདེངས་ཀས་སྦྱངས་པའི་ལྕགས་འབྲུག་ལ། །པཎ་ཆེན་བསོད་ནམས་རྣམ་རྒྱལ་འཁྲུངས༣༡༤། །༣རྩེ་མོས་སྦྱངས་པའི་ཆུ་ལུག་ལ། །རཏྣ་གླིང་པ་འཁྲུངས་ནས་ལོ༣༡༡། །དེ་ལས་༦དུས་སྦྱངས་ས་གླང་ལ། །ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས། །རི་བོ་དགའ་ལྡན་ཆོས་གྲྭ་བཏབ༣༠༥། །༣ཡོན་ཏན་གྱིས་སྦྱངས་ཆུ་འབྲུག་ལ། །བྱམས་ཆེན་རབ་འབྱམས་འཁྲུངས་ནས་ལོ༣༠༢། །༤བཞི་སྦྱངས་མེ་སྤྲེར་འབྲས་སྤུངས་དང་༢༩༨། །༣མེས་སྦྱངས་ས་ཕག་སེ་ར་བཏབ༢༩༥། །༥འབྱུང་བ་སྦྱངས་པའི་ཤིང་འབྲུག་ལ། །ལོ་ཆེན་བསོད་ནམས་རྒྱ་མཚོ་འཁྲུངས༢༩༠། །༣རྩེ་མོས་སྦྱངས་པའི་མེ་ལུག་ལ། །རིགས་ལྡན་ས་སྐྱོང་སེང་ཁྲིར་ཕེབས༢༨༧། །༡ཟླ་བས་ཕྲི་བའི་ས་སྤྲེ་ལ། །པཎ་ཆེན་ཤཱཀྱ་མཆོག་ལྡན་འཁྲུངས༢༨༦། །༡གཟུགས་ཕྲི་ས་བྱར་གོ་རམས་པ། །བལྟམས་ཤིང་ངོར་གྱི་ཆོས་སྡེ་བཏབ༢༨༥། །༣རྩེ་མོས་སྦྱངས་པའི་ཆུ་བྱི་ལ། །ཐུ་སྟོན་ཀུན་དགའ་རྣམ་རྒྱལ་འཁྲུངས༢༨༢། །དེ་ལས་༩བུག་སྦྱངས་ལྕགས་བྱ་ལ། །ལོ་ཆེན་ཆོས་སྐྱོང་བཟང་པོ་འཁྲུངས༢༧༣། །༦རོས་སྦྱངས་རབ་༵བྱུང༵་བརྒྱད༵་པ༵འི་འགོར། །བཀྲ་ཤིས་ལྷུན་པོའི་སྡེ་བཏབ་ཅིང་། །པད་དཀར་ཞལ་ལུང་བརྩམས་པའི་ལོ༢༦༧། ༈ །༢མིག་སྦྱངས་ས་སྦྲུལ་སྐྱེད་ཚལ་བཏབ༢༦༥། །༡གཟུགས་ཕྲི་ལྕགས་རྟར་པད་གླིང་འཁྲུངས༢༦༤། །༣རྩེ་མོས་སྦྱངས་པའི་ཆུ་བྱ་ལ། །སྤྱན་སྔ་ཆོས་ཀྱི་གྲགས་པ་འཁྲུངས༢༦༡། །༡༡དྲག་པོས་སྦྱངས་པའི་ཤིང་སྤྲེ་ལ། །རྡོ་རྗེ་གདན་གྱི་ཆོས་གྲྭ་བཏབ༢༥༠། །༡༢ཉི་མས་སྦྱངས་པའི་མེ་སྤྲེ་ལ། །པཎ་ཆེན་དགེ་འདུན་རྒྱ་མཚོ་བལྟམས༢༣༨། །༡༨སྐྱོན་སྦྱངས་ཤིང་སྟག་ཚར་ཆེན་དང་། །སྣ་ཚོགས་རང་གྲོལ་འཁྲུངས་ནས་ལོ༢༢༠། །༡༣འདོད་

p. 195

སྦྱངས་རབ་དགུ་ཤར་བ་ཡི། །མེ་ཡོས་ཀུན་དགའ་གྲོལ་མཆོག་དང་། །མི་བསྐྱོད་རྡོ་རྗེ་འཁྲུངས་ནས་ལོ༢༠༧། ༈ །༢༠མཁའ་མིག་གིས་དམན་མེ་ཕག་ལ། །རིགས་ལྡན་དཔལ་སྐྱོང་ཁྲིར་ཕེབས་ཤིང་། །འབྲུག་པ་པདྨ་དཀར་པོ་འཁྲུངས༡༨༧། །༩བུག་སྦྱངས་མེ་སྤྲེ་བསྟན་འཛིན་གྲགས༡༧༨། །གཟུགས་ཕྲི་མེ་བྱར་དར་གླིང་བཏབ༡༧༧། །༦དུས་སྦྱངས་ཆུ་ཡོས་ཐམས་ཅད་མཁྱེན། །བསོད་ནམས་རྒྱ་མཚོ་འཁྲུངས་ནས་ལོ༡༧༡། །དེ་ལས་༢༤ཆུ་མིག་སྦྱངས་པ་ཡིས། །རབ་བཅུའི་མེ་ཡོས་ཤར་བ་ཡིན༡༤༧། ༈ །༩བུ་ག་སྦྱངས་པའི་མེ་བྱི་ལ། །སྨྱོས་སྟོན་བསྟན་འཛིན་བཟང་པོ་འཁྲུངས༡༣༨། །༡༣འདོད་པ་སྦྱངས་པའི་ས་གླང་ལ། །རྒྱལ་བ་ཡོན་ཏན་རྒྱ་མཚོ་འཁྲུངས༡༢༥། །༩བུ་ག་སྦྱངས་པའི་ས་ཁྱི་ལ། །གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་འཁྲུངས༡༡༦། །༡༣མེ་གཟུགས་སྦྱངས་པའི་ལྕགས་ཕག་ལ། །གསང་བདག་ཕྲིན་ལས་ལྷུན་གྲུབ་འཁྲུངས༡༠༣། །༦དེ་ལས་དུས་སྦྱངས་མེ་སྦྲུལ་ལ། །རྒྱལ་མཆོག་ལྔ་པ་ཐམས་ཅད་མཁྱེན། །ངག་དབང་བློ་བཟང་རྒྱ་མཚོ་འཁྲུངས༩༧། །༡༠ཕྱོགས་སྦྱངས་རབ་དྲག་མེ་ཡོས་ལ། །རིགས་ལྡན་སེང་གེ་སྟོན་པར་ཕེབས༨༧། ༈ །༡༤རིག་བྱེད་གཟུགས་སྦྱངས་ལྕགས་སྦྲུལ་ལ། །རིག་འཛིན་པདྨ་ཕྲིན་ལས་དང་། །ཐུགས་སྲས་བསྟན་འཛིན་འགྱུར་མེད་འཁྲུངས༧༣། །གོ་ཤྲཱིའི་དཔུང་གིས་བོད་ཁམས་ཀུན། །དབང་བསྡུས་༡གཟུགས་ཕྲི་ཆུ་རྟ་ལ། །གོང་མ་ལྔ་པ་ཆེན་པོར་ཕུལ༧༢། །དེ་ལས་༤མཚོས་སྦྱངས་མེ་ཁྱི་ལ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཁྲུངས༦༨། །༢ལག་པས་ཕྲི་བའི་ས་བྱི་ལ། །རྒྱལ་སྲས་བསྟན་པའི་ཉི་མ་འཁྲུངས༦༦། །༡༤མ་ནུ་སྦྱངས་པའི་ཆུ་སྟག་ལ། །པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་། །གསང་བདག་ཕྲིན་ལས་ལྷུན་གྲུབ་གཤེགས༥༢། །དེ་ལས་༡གཟུགས་ཕྲི་ཆུ་ཡོས་ལ། །པཎ་ཆེན་མཆོག་གི་སྤྲུལ་སྐུ་དང་། །བསྟན་འཛིན་གཞན་ཕན་དབང་པོ་འཁྲུངས༥༡། །༧རི་སྦྱངས་ལྕགས་ཁྱིར་སྨིན་གྲོལ་གླིང་། །བཙུགས་༤༤ཤིང་༦དུས་སྦྱངས་མེ་འབྲུག་ལ། །བཞུགས་གནས་གཙུག་ལག་ཁང་ཆེན་བཏབ༣༨། །༣མེས་སྦྱངས་ས་ལུག་ལྷ་སྲས་ཉིད། །སླར་ཡང་བོད་རྗེར་བྱོན་པའི་ལོ༣༥། །༡གཟུགས་ཕྲི་ལྕགས་སྤྲེར་རྗེ་བླ་མས། །ཤ་འུག་ཟབ་གཏེར་
བཞེས་པའི་ལོ༣༤། །༡གཟུགས་སྦྱངས་ལྕགས་བྱར་རྩིས་ཀྱི་གཞུང་། །ཉིན་བྱེད་སྣང་བ་བརྩམས་པའི་ལོ༣༣། །དེ་ནས་༡གཟུགས་ཕྲི་ཆུ་ཁྱི་ལ། །རྒྱལ་མཆོག་ལྔ་པ་གཤེགས་པའི་ལོ༣༢། །༤མཚོ་སྦྱངས་མེ་སྟག་རྒྱལ་བའི་སྲས། །པདྨ་འགྱུར་མེད་རྒྱ་མཚོ་བལྟམས༢༨། །༡གཟུགས་སྦྱངས་རབ་ཉི་མེ་ཡོས་ནས། །བཻཌཱུར་དཀར་པོའི་རྩིས་འགོ་བཟུང་༢༧། ༈ །༤རྒྱ་མཚོ་སྦྱངས་པའི་ལྕགས་ལུག་ལ། །སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས། །འགྱུར་མེད་ཡིད་བཞིན་ལེགས་གྲུབ་འཁྲུངས༢༣། །༣རྩེ་མོས་སྦྱངས་པའི་ཤིང་ཁྱི་ལ། །ལྷ་ལྡན་ཚོགས་མཆོད་ཆེན་མོ་བཙུགས༢༠། །༡༢ཉི་མ་སྦྱངས་པའི་མེ་ཁྱི་ལ། །བསྟན་འཛིན་ཇིང་གིར་རྒྱལ་པོ་ཡིས། །བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར༨། །དེ་ལ་༨གདེངས་ཅན་སྦྱངས་པ་ཡིས། །ཤིང་རྟ་འདི་ཡི་སྟེང་སླེབས་ཏེ། །ཉིན་བྱེད་སྣང་བའི་འདས་ལོའི་གྲངས། །བསྟུངས་ནས་དབྲི་བསྣན་གྱིས་བཅོས་པའི། །ལོ་ཡིན་རིམ་རྩིས་མ་ཁོམ་ན། །རབ་བྱུང་སྐོར་རེའི་མཚམས་བཟུང་ནས། །མཆོངས་ཏེ་༦༠མཁའ་རོས་སྦྱངས་པ་ཡིས། །ཚེགས་མེད་བདེ་བླག་རྟོགས་པར་འགྱུར། །འདི་ཡང་དྷརྨ་ཤྲཱི་ཞེས། །སྨྱོས་བཙུན་རྒན་པོ་དེ་ཡིས་སྦྱར། །དགེ་དེས་འགྲོ་ཀུན་མ་ལུས་པ། །དུས་གསུམ་དུས་མེད་དབྱིངས་གྲོལ་ཤོག། །། དགེའོ། །

གཉིས་པ་རཱྀ་ཐུ་དགྲོལ་བ་ལ་མཁོ་བའི་ཤོག་ཁྲའི་རིམ་པ།

p. 196

༈ གཉིས་པ་རཱྀ་ཐུ་དགྲོལ་བ་ལ་མཁོ་བའི་ཤོག་ཁྲའི་རིམ་པ་ནི། ༀ་སྭ་སྟི། ལོ་ཟླ་ཞག་གསུམ་དུས་ཀྱི་སྐྱེད་ཚལ་དུ། །རྒྱུ་སྐར་འདབ་བརྒྱ་བཞད་པའི་གེ་སར་ལས། །ལེགས་བཤད་གཟའ་ཚོགས་བུང་བས་བླངས་པའི་བཅུད། །བླང་དོར་སྦྲང་རྩིའི་དགའ་སྟོན་ཅིར་ཡང་སྟེར། །དེ་ཕྱིར་རྩིས་ཀྱི་བསྒྱུར་བགོད་གོམས་སྟོབས་ཀྱིས། །ལྷ་ལམ་གོ་ལའི་ཁྱོན་ཀུན་བདེ་བླག་ཏུ། །གཞལ་ནས་འབྲས་བུའི་རྟེན་འབྲེལ་འཆར་ཚུལ་རྣམས། །སྒྲིབ་མེད་སྟོན་པར་མཛད་དེ་རྒྱལ་རྒྱུར་ཅིག །ཚུལ་དེ་ངག༵་གི་ལུང་སྟོན་རྟེན། །བླང་དོར་གནས་ལ་དབ༵ང་བསྒྱུར་བའི། །རཱྀ་ཐུ་དགྲོལ་བའི་ཆོ༵ས་ལུགས་ལ། །མཁོ་བའི་ཤོག་ཁྲའི་དཔ༵ལ་འདི་བྱིན། །

p. 197

རེའུ་མིག

p. 198

རེའུ་མིག

p. 199

རེའུ་མིག

p. 200

རེའུ་མིག

p. 201

རེའུ་མིག

p. 202

རེའུ་མིག

p. 203

རེའུ་མིག

p. 204

རེའུ་མིག

p. 205

རེའུ་མིག

p. 206

རེའུ་མིག

p. 207

རེའུ་མིག

འབྲས་རྩིས་ངོ་ལོན་བཅས་པ་ལས་འཕྲོས་པའི་ཤོག་ཁྲའི་རིམ་པ།

p. 208

རེའུ་མིག

p. 209

རེའུ་མིག

p. 210

རེའུ་མིག

p. 211

རེའུ་མིག

p. 212

རེའུ་མིག

p. 213

རེའུ་མིག

p. 214

རེའུ་མིག

p. 215

རེའུ་མིག

p. 216

དཔལ་ལྡན་རྒྱུད་འགྲེལ་རྒྱ་མཚོ་ལས་ཐོན་པའི། །གྲུབ་མཐའི་སྐར་རྩིས་མན་ངག་ཉིན་མོར་བྱེད། །ལེགས་པར་བཤད་པའི་སྣང་བ་འབུམ་འཕྲོ་བས། །འགྲོ་འདིའི་མི་ཤེས་མུན་པ་ཕ་མཐར་བསྐྲད། །དེ་ལྟ་ན་ཡང་ཆེས་ཆེར་བློ་དམན་གྱི། །བུ་ག་ཕྲ་མོར་འཇུག་པའི་སྐབས་བྲལ་བར། །ལག་ལེན་ངོ་མཚར་རྡོ་རྗེས་ཕུག་པའི་ལམ། །ཡངས་པོར་འོད་སྣང་ཕྲེང་བ་འཕྲོ་མིན་ནམ། །དགེ་འདིས་ངག་གི་དབང་ཕྱུག་མཁྱེན་པའི་གཏེར། །གང་གིས་ཆོས་ཀུན་གཟིགས་པའི་སྤྱན་ཇི་བཞིན། །དཔལ་གྱི་འབྱུང་གནས་ཤེས་བྱའི་གནས་མཐའ་དག །རྟོགས་ནས་ལུས་ཅན་རྒྱ་མཚོའི་མགོན་གྱུར་ཅིག །ཅེས་པ་འདིའང་ཤར་ཕྱོགས་ཀོང་ཡུལ་ནས་རིགས་གཟུགས་དཔལ་འབྱོར་གྱིས་མངོན་པར་མཐོ་བའི་རྒྱལ་སྐོར་སྡེ་པ་ཨོ་རྒྱན་ཚེ་བརྟན་ཕུན་ཚོགས་ཀྱིས་དད་པ་དང་གཏོང་བ་ཆེན་པོས་སྐར་རྩིས་ཉིན་བྱེད་སྣང་བའི་གཞུང་པར་དུ་བརྐོ་བའི་བདག་རྐྱེན་མཛད་པ་ལེགས་པར་གྲུབ་རྗེས། དེའི་ཆ་ལག་ཏུ་བུ་ཡིག་གི་ཤོག་ཁྲ་བལྟས་ཆོག་མ་འདི་ལྟ་བུ་ཞིག་འཕྲལ་དུ་རྩོམ་དགོས་ཞེས་ནན་ཏན་ཆེན་པོའི་གསུང་གིས་ཡང་ཡང་བསྐུལ་བའི་ངོར། རྗེ་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རིགས་བདག་ཏུ་ཐོབ་པའི་རྩིས་པ་རྒན་པོ་དྷརྨ་ཤྲཱིས་སུག་ལས་སུ་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།

སྐར་རྩིས་ཀྱི་སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ།

p. 217

སྐར་རྩིས་ཀྱི་སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །
ལོ་ཆེན་དྷརྨ་ཤྲཱི།

p. 218

སྐར་རྩིས་ཀྱི་སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །
སྐར་རྩིས་ཀྱི་གྲུབ་པའི་མཐའ་གཏན་ལ་འབེབས་པར་བྱེད་པའི་སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ་ཞེས་བྱ་བ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །ཀུན་མཁྱེན་རྒྱལ་བ་ཕྱག་ན་པད་དཀར་ཅན། །བཀའ་དྲིན་མཉམ་མེད་གཏེར་ཆེན་ཆོས་ཀྱི་རྗེ། །རྣམ་གསུམ་དབྱེར་མེད་རིགས་ཀྱི་བདག་པོར་མཆོད། །༡སྲིད་ཞིའི་རྡུལ་བྲལ་མཁའ་ལ་རྟག་འཆར་བའི། །མི་འགྱུར་བདེ་ཆེན་རྫོགས་པ་ཉི་མའི་སྐུ། །མཁྱེན་པའི་ཡེ་ཤེས་འོད་བརྒྱས་རིགས་ལྡན་གྱི། །པདྨོ་དགའ་བྱེད་དུས་ཀྱི་འཁོར་ལོར་འདུད། །༢དཔལ་ལྡན་རྒྱུད་ཀྱི་དགོངས་དོན་པད་ཚལ་ལས། །ངེས་དོན་སྦྲང་རྩིའི་ལེགས་བཤད་རབ་བཀྱེ་བས། །སྐལ་བཟང་བུང་བའི་ཚོགས་ལ་འདོད་སྟེར་མཁན། །ཆོས་རྒྱལ་རིགས་ལྡན་རྒྱ་བོད་མཁས་རྣམས་རྒྱལ། །༣དང་པོའི་སངས་རྒྱས་གསང་འཛིན་ཟླ་བ་བཟང་། །སྐྱེ་རྒུའི་བསོད་ནམས་རྒྱ་མཚོར་རབ་ཤར་བའི། །དགེ་མཚན་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། །མི་རྗེ་འཇམ་མགོན་གཉིས་པ་རྒྱལ་གྱུར་ཅིག །༤ཐུབ་བསྟན་ཆུ་སྐྱེས་འདབ་སྟོང་བཞད་པའི་གཉེན། །སྨྲ་མཁས་ཉི་མ་པཎ་ཆེན་རྒྱལ་བའི་སྲས། །རྒྱུད་དོན་གྲུབ་མཐའ་ཡིད་བཞིན་དབང་རྒྱལ་ལས། །རྩིས་རིགས་འདོད་རྒུའི་ཆར་འབེབས་ཟླུམ་པོ་པ། །༥དེ་དག་དྲིན་ལས་ཞག་གསུམ་དུས་ཀྱི་མཚོར། །རྒྱུ་སྐར་འདབ་བརྒྱའི་དོ་རར་བགྲོད་པའི་གར། །རྩེ་བའི་གཟའ་ཚོགས་བུང་བའི་འཕུར་ལྡིང་ལ། །རྣམ་དཔྱོད་མིག་གིས་བལྟ་བའི་སྐལ་བ་རྙེད། །༦དེ་ཚེ་རང་བཞིན་གྱིས་གྲུབ་སྤོབས་པའི་
ལུས། །མང་ཐོས་རྒྱན་གྱིས་རབ་མཛེས་བཤེས་གཉེན་ཆེའི། །གསུང་གིས་བསྐུལ་ལས་ལེགས་བཤད་འདོད་པའི་འབྲས། །སྟེར་བྱེད་ཡོངས་འདུའི་སྙེ་མ་དེངས་འདིར་འཁྲུངས། །༧དེ་ལ་ཕྱི་ནང་གཞན་གསུམ་གྱི་རྩིས་ཐམས་ཅད་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་སྟེ། སྟོན་པས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་ཇི་སྐད་གསུངས་པའི་སྐར་རྩིས་ཀྱི་རྣམ་པར་བཞག་པ་ལས། རེ་ཞིག་འདིར་ཕྱི་ཡི་རྩིས་ཀྱི་རྒྱུ་མཚན་ཅུང་ཟད་འཆད་པར་བྱེད་པ་ལ།

གང་ལ་ལོངས་སྤྱོད་པའི་གཞི།

རྣམ་པར་འཇོག་བྱེད་ཀྱི་རྒྱུ།

p. 219

གང་ལ་ལོངས་སྤྱོད་པའི་གཞི། གང་གིས་སྤྱོད་པར་བྱེད་པ་པོ། ཇི་ལྟར་ལོངས་སྤྱོད་པའི་ཚུལ། དེ་ལྟར་སྤྱད་པའི་ལག་རྗེས་དང་བཞིའོ། །དང་པོ་ལ། རྣམ་པར་འཇོག་བྱེད་ཀྱི་རྒྱུ་དང་། དེ་ལ་བརྟེན་ནས་རྣམ་པར་བཞག་པ་དངོས་སོ། །དང་པོ་ལ། ཡུལ་གྱི་དབང་དུ་བྱས་ཏེ་དཔག་ཚད་ལ་སོགས་པའི་ཚད་དང་། ཡུལ་དུས་གཉིས་ཀའི་དབང་དུ་བྱས་ཏེ་ཆུ་ཚོད་གཉིས་བཤད་པའོ། །དང་པོ་ནི། རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། སྐྲ་རྩེ་དང་། སྐེ་ཚེ་དང་། ཤིག་དང་། ནས་དང་། སོར་མོ་རྣམས་རིམ་པར་བརྒྱད་འགྱུར་དང་། སོར་མོ་ཉེར་བཞི་ལ་ཁྲུ། དེ་བཞི་ལ་གཞུ་འདོམ། དེ་ཉིས་སྟོང་ལ་རྒྱང་གྲགས། རྒྱང་གྲགས་བཞི་ལ་དཔག་ཚད་དེ། དེས་འཇིག་རྟེན་གྱི་ཁམས་ཀྱི་ཚད་རྣམ་པར་འཇོག་པ་ཡིན་ནོ། །གཉིས་པ་ལ། དུས་ཀྱི་དང་། ཡུལ་གྱི་ཆུ་ཚོད་གཉིས། དང་པོ་ནི། རྒྱུད་ལས། ཕྲ་དབུགས་དྷྲཱུ་ཞེས་པའི་འགྲེལ་པར། མིའི་དབུགས་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་གཅིག་ལ་ཕྲ་མོའི་དབུགས་གཅིག །དེ་དྲུག་ལ་སྲིན་བུའི་རིགས་སོགས་ཀྱི་ཆུ་སྲང་གཅིག །དེ་དྲུག་ཅུ་ལ་སྲིན་བུའི་རིགས་སོགས་ཀྱི་ཆུ་ཚོད་གཅིག །དེ་འདྲའི་ཆུ་ཚོད་དྲུག་ཅུ་ལ་སྲིན་བུའི་རིགས་སོགས་ཀྱི་ཉིན་ཞག་གཅིག་སྟེ། མིའི་དབུགས་གཅིག་གོ། དེ་འདྲ་བའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་མིའི་ཉིན་ཞག་གཅིག་སྟེ། དབུགས་དྲུག་ལ་ཆུ་སྲང་དང་། དེ་དྲུག་ཅུ་ལ་ཆུ་ཚོད། ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་ཏུ་རྫོགས་པའི་ཕྱིར། དེ་ལྟར་ཡང་རྩ་རྒྱུད་ལས། དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ། ཞེས་སོ། །དེ་ཡང་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་དང་། ཆུ་ཚོད་གཅིག་ལ་ཆུ་སྲང་དྲུག་ཅུར་བྱེད་པ་འདི་ནི་འཕོ་བ་བཅུ་གཉིས་

p. 220

པའི་དབང་དུ་བྱེད་པ་སྟེ། དེ་ཉིད་གྲགས་ཆེ་ཞིང་ཤས་ཆེ་བའི་དབང་གིས་གསུངས་ཀྱི། མཐའ་གཅིག་ཏུ་དེར་མ་ངེས་ཏེ། འཕོ་བ་བཅུ་དྲུག་པའི་དབང་དུ་བྱས་ནས་ཞག་གཅིག་ལ་ཆུ་ཚོད་རེ་བཞི་དང་། ཆུ་ཚོད་གཅིག་ལ་བཞི་ཆ་གཅིག་དང་བཅས་པའི་ཆུ་སྲང་ང་དྲུག་རེར་བྱས་པའང་བཤད་པའི་ཕྱིར། གཉིས་པ་ནི། སྟོང་དང་དྲུག་བརྒྱ་ཉི་ཤུ་སྟེ། གྲོ་བཞིན་བྱི་བཞིན་གཉིས་གཅིག་ཏུ་བསྡོམས་པའི་རྒྱུ་སྐར་ཉེར་བདུན་པོ་རེ་རེའི་ས་ཁྱོན་ལ་ཆུ་ཚོད་དྲུག་ཅུ་རེ་ཡོད་པར་གསུངས་པའི་ཕྱིར། དེ་ལྟར་ཡང་རྒྱུད་ལས། ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང་། །ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། །ཞེས་སོ། །འོ་ན་ཡུལ་གྱི་ཆུ་ཚོད་རེའི་ས་ཁྱོན་ལ་དཔག་ཚད་སོགས་ཅི་ཙམ་ཡོད་ཅེ་ན། ཉི་མས་ལོ་རེ་ལ་རང་འགྲོས་ཀྱིས་གོ་ལ་འཁོར་བ་དང་། རྒྱུ་སྐར་གྱི་འཁོར་ལོ་རླུང་འགྲོས་ཀྱིས་ཉིན་ཞག་རེ་ལ་འཁོར་བའི་ས་ཁྱོན་གྱི་ཟླུམ་སྐོར་གྱི་ཚད་ལ། རྒྱུ་སྐར་གྱི་ཆུ་ཚོད་དང་། ཆུ་ཚོད་རེའི་ཆུ་སྲང་གི་གྲངས་སོགས་ཀྱིས་བགོས་པས་ཐོབ་པ་ནི་ཡུལ་གྱི་ཆུ་ཚོད་ལ་སོགས་པའི་ཚད་དུ་འགྱུར་ཏེ། དེ་བདེ་བླག་ཏུ་རྟོགས་པའི་ཕྱིར་སྨྲས་པ། མཁའ་སྟོང་ཐིག་འབྱུང་རི་མེ་ལ། །མཁའ་ཟུང་མི་བདག་གིས་བགོས་ལྷག །བཞི་དང་གཉིས་སྟོང་མཚོ་རྒྱལ་བ། །དེ་ལྷག་རྣམས་ནི་གདེངས་ཀ་ཡིས། །རིམ་བསྒྱུར་རྒྱུ་སྐར་ཆུ་ཚོད་ཀྱིས། །བགོས་ཐོབ་དཔག་ཚད་གཟུགས་མེ་ལག །རྒྱང་གྲགས་གཅིག་དང་གཞུ་འདོམ་ནི། །གཟུགས་འབྱུང་སྐྱོན་དང་རྩེ་མོའི་ཁྲུ། །སོར་དགུ་ནས་དྲུག་ལྷག་དང་བཅས། །༢༣༡ཡུལ་གྱི་ཆུ་ཚོད་རེ་རེའི་ཁྱོན། །དེ་ལ་དྲུག་ཅུས་རིམ་བགོས་པས། །དཔག་ཚད་གསུམ་དང་རྒྱང་གྲགས་གསུམ། །ཆུ་རོ་ཀླུའི་འདོམ་ཁྲུ་ནམ་མཁའ། །སོར་སྐྱོན་ནས་༧བདུན་ལྷག་བཅས་ནི། །༣ཡུལ་གྱི་ཆུ་སྲང་རེ་རེའི་ཁྱོན། །དེ་ལ་རོས་བགོས་རྒྱང་གྲགས་མིག །གཞུ་འདོམ་ཆུ་མཚོ་དྲག་པོ་དང་། །སོར་གསུམ་ནས་གང་ལ་སོགས་པ། །༠དབུགས་ཡིན་དེ་ལ་བུག་མཁའ་མིག །བུ་ག་ཡིད་ཀྱིས་རིམ་བགོས་པས། །སོར་གསུམ་ནས་གཉིས་ལྷག་དང་བཅས། །༠ཡུལ་གྱི་དབུགས་སོགས་ས་ཁྱོན་ནོ། །ཞེས་སོ། །

རྣམ་པར་བཞག་པ་དངོས།

ཡུལ་གྱི་ལོངས་སྤྱོད་ཀྱི་གཞི་གོ་ལ།

གཞི་འཇིག་རྟེན་ཁམས་ཀྱི་བཀོད་པ།

p. 221

གཉིས་པ་རྣམ་པར་བཞག་པ་དངོས་ལ། ཡུལ་གྱི་ལོངས་སྤྱོད་ཀྱི་གཞི་གོ་ལ་དང་། དུས་ཀྱི་ལོངས་སྤྱོད་ཀྱི་གཞི་ལོ་ཟླ་ཞག་གསུམ་བཤད་པའོ། །དང་པོ་ལའང་གཞི་འཇིག་རྟེན་ཁམས་ཀྱི་བཀོད་པ་དང་། བྱེ་བྲག་སྐར་ཁྱིམ་གྱི་བཀོད་པ་གཉིས། དང་པོ་ནི། སེམས་ཅན་རྣམས་ཀྱི་སྣང་གྱུར་ཐུན་མོང་པའི་ལས་ལ་བརྟེན་ནས་བྱུང་བའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་གསུང་རབ་གཞན་རྣམས་སུ་རྣམ་པ་དུ་མ་ཞིག་གསུངས་པ་ལས། འདིར་ཁྱད་པར་དུ་གྱུར་པ་དག་བཤད་ན། འཇིག་རྟེན་གྱི་ཁམས་ཀྱི་ཚད་རྒྱ་དཔངས་གཉིས་ཀ་འབུམ་ཕྲག་བཞི་པར་མཉམ་པ་སྟེ། རྒྱ་ལ་རླུང་གི་མཐའ་ནས་མཐའ་ཅིག་ཤོས་ཀྱི་བར་དང་། དཔངས་ལ་རླུང་གི་འོག་མཐའ་ནས་རི་རབ་ཀྱི་སྐྲ་རྩེའི་བར་ལ་འབུམ་ཕྲག་བཞི་རེ་ཡོད་པའི་ཕྱིར་ཏེ། རླུང་མེ་ཆུ་སའི་དཀྱིལ་འཁོར་བཞིའི་ཐད་ཀར་རིམ་བཞིན་དཔག་ཚད་འབུམ་ཕྲག་བཞི་དང་། གསུམ་དང་། གཉིས་དང་། གཅིག་རྣམས་ཡོད་པ་གང་ཞིག །མཐུག །་རྔམས་སུ་དཀྱིལ་འཁོར་བཞི་ལ་སྟོང་ཕྲག་ལྔ་བཅུ་ལྔ་བཅུ་སྟེ་འབུམ་ཕྲག་གཉིས་དང་། དེ་ཡི་དབུས་སུ་རི་རབ་ཀྱི་དཔུང་པ་མན་ལ་འབུམ་ཕྲག་གཅིག་དང་། དེ་ནས་མགྲིན་གདོང་གཙུག་ཏོར་གྱི་ཐ་སྙད་བྱེད་པའི་ཡིད་གཟུགས་དཔག་ཚད་འབུམ་ཕྲག་གཅིག་སྟེ། བསྡོམས་པས་རི་རབ་ཀྱིས་མཚམས་ཡན་ཆད་ལའང་འབུམ་ཕྲག་གཉིས་ཡོད་པའི་ཕྱིར་རོ། །དེ་ལྟར་དཀྱིལ་འཁོར་བཞི་བརྩེགས་པའི་མཐུག །་རྔམས་སུ་སྟོང་ཕྲག་ལྔ་བཅུ་རེར་ངེས་ཀྱང་། འོག་མ་འོག་མ་གྱེན་དུ་ལོངས་པས་ནང་མ་ནང་མ་སྐྱོར་ཏེ་བཞི་ཀ་སྟེང་ནས་ངོས་མཉམ་པར་བཤད་པའི་ཕྱིར་རོ། །དཀྱིལ་འཁོར་འོག་མ་གསུམ་པོའི་མཐའ་ལོངས་པའི་ཚད་དང་། རླུང་གི་རྔམས་ལ་འབུམ་ཕྲག་གཉིས་དང་། མེ་ལ་ཕྱེད་གཉིས། ཆུ་ལ་འབུམ་ཕྲག་གཅིག་རྣམས་ཡོད་ཅིང་། དཀྱིལ་འཁོར་བཞིའི་ཟླུམ་སྐོར་གྱི་ཚད་ཀྱང་། ཟླུམ་མཐའ་སུམ་འགྱུར་གྱི་རིམ་པས། རླུང་མེ་ཆུ་ས་བཞི་ལ་རིམ་པར་འབུམ་ཕྲག་བཅུ་གཉིས་དང་། དགུ་དང་། དྲུག་དང་། གསུམ་རྣམས་སུ་འགྱུར་རོ། །ལྷུན་པོའི་རྩ་བ་ཟླུམ་པོ་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་པ། འགྲམ་སྟེགས་ལྟ་བུའི་དཔག་ཚད་སྟོང་ཕྲག་གཅིག་གིས་བསྐོར་བའི་ཕྱི་རོལ་དུ། གླིང་མཚོ་རི་གསུམ་བདུན་བདུན་སྤེལ་ཏེ་གནས་པ་ལས། ནང་མ་དྲུག་པོ་རྩ་བ་ལས་སྟེང་ངོས་རིམ་གྱིས་འཕེལ་བའི་རི་རབ་ཀྱི་རྭ་

p. 222

ལྔ་པའམ། སྟེང་གི་ཐད་ཀའི་རྒྱ་དཔག་ཚད་སྟོང་ཕྲག་ལྔ་བཅུ་བསིལ་རིའི་ཐོད་དུ་ཕྱིར་གྱེས་པའི་འོག་གི་ཁོང་སེང་ན་གནས་ཏེ། རྩ་བ་བསྐོར་བའི་འགྲམ་སྟེགས་ཀྱི་ཕྱི་རོལ་ནས་བསིལ་རིའི་བར་གྱི་དཔག་ཚད་སྟོང་ཕྲག་བཅུ་དྲུག་པོ་ཆ་བཅོ་བརྒྱད་དུ་བགོས་པ་ལ། ནང་ནས་རིམ་བཞིན་དུ། ཟླ་བ་དང་། འོད་དཀར་དང་། ཀུ་ཤ་དང་། མིའམ་ཅི་དང་། ཁྲུང་ཁྲུང་དང་། དྲག་པོའི་གླིང་སྟེ་གླིང་དྲུག་དང་། དེ་རེ་རེའི་མཐར་སྦྲང་རྩི་དང་། མར་དང་། ཞོ་དང་། འོ་མ་དང་། ཆུ་དང་། ཆང་གི་མཚོ་སྟེ་མཚོ་དྲུག་དང་། དེ་རེ་རེའི་མཐར་ཡང་། འོད་སྔོན་པོ་དང་། མནྡྷ་ར་དང་། ཎིཥ་ཊ་དང་། ནོར་བུའི་འོད་དང་། དྲོ་ཎ་དང་། བསིལ་བའི་རི་སྟེ་རི་དྲུག་གིས་རིམ་པར་བསྐོར་བའི་ཕྱིར་རོ། །རི་མཚོ་གླིང་རྣམས་རེ་རེའི་ཞེང་ཚད་ནི། རྒྱུད་ལས་དཔག་ཚད་བརྒྱད་བརྒྱ་བརྒྱད་ཅུ་རྩ་དགུར་གསུངས་པ་རགས་རྩིས་ཏེ། ཞིབ་མོར་རྩིས་ན་སྟོང་ཕྲག་བཅུ་དྲུག་ལ། དྲུག་གསུམ་བཅོ་བརྒྱད་ཀྱིས་ཕྱེ་བའི་ཐོབ་ནོར་སོ་སོའི་ཚད་དུ་ངེས་པའི་ཕྱིར། དེའི་སྡོམ་ནི། དཔག་ཚད་ཀླུ་ནོར་གདེངས་ཀ་ཅན། །རྒྱང་གྲགས་མེ་དང་གཞུ་འདོམ་ལ། །བསེ་རུ་གཟུགས་དྲག་སོར་མོ་བཅུ། །སོར་མོའི་སུམ་ཆ་གཉིས་རེའོ། །དེ་རྣམས་ཀྱི་དཔངས་ཚད་རྒྱུད་ལས་དངོས་སུ་མ་གསུངས་ཀྱང་། རི་དྲུག་པ་བསིལ་རི་དང་། རི་རབ་ཀྱི་རྭ་ལྔ་པ་ཐུར་འཕྱང་འཕྲད་པའི་སར་བྱང་བགྲོད་མཐར་ཐུག་གི་ཉི་མའི་གདུང་བྱེད་རེག་པར་བཤད་པའི་ཕྱིར། །བསིལ་རིའི་དཔངས་ལ་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་ཡོད་པར་འགྱུར་ལ། དེའི་རིགས་པས་རི་ནང་མ་ནང་མ་ལས་ཕྱི་མ་ཕྱི་མ་དཔངས་མཐོ་བར་གྲུབ་ཅིང་། ལྷོ་བགྲོད་ཀྱི་ཚེ་ཉི་མའི་གདུང་བྱེད་མེ་ལ་རེག་པར་གསུངས་པའི་ཕྱིར། གོང་དུ་བཤད་པ་ལྟར་དཀྱིལ་འཁོར་བཞི་ཀ་སྟེང་ངོས་མཉམ་པར་བཞེད་པ་ནི་མེ་དཀྱིལ་དངོས་ལ་དགོངས་ཀྱི། དེ་ལས་གྱེན་དུ་འབར་བས་འཕགས་པ་རྒོད་མ་ཁའི་མེ་ནི་དཔག་ཚད་བདུན་ཁྲི་ལྔ་སྟོང་གི་བར་དུ་འགྲོ་བ་དང་། ལྷུན་པོའི་རྭ་ལྔ་པ་ཐུར་འཕྱང་གི་ཚད་ཀྱང་དཔག་ཚད་སྟོང་ཕྲག་བཅུ་བཞི་པར་དོན་གྱིས་གོ་ནུས་སོ། །དེ་ཡང་རི་རབ་ཀྱི་དབྱིབས་ནི། ཟླུམ་པོ་དཀར་ཡོལ་སློང་བ་ལྟར་རྩ་བ་དཔག་ཚད་ཁྲི་དྲུག་སྟོང་ནས། སྟེང་ཚད་ལྔ་ཁྲིའི་བར་ཇེ་ཆེར་སྦོམ་

p. 223

དུ་སོང་བ་རྭ་ལྔ་པའི་རྣམ་པ་ཅན་ཏེ། རྭ་འོག་མ་ལྷུན་པོ་ལ་སྐ་རགས་བཅིངས་པ་ལྟར་སྟོང་ཕྲག་གཅིག་འཁོར་ཞིང་འཕྱང་བ། འགྲམ་སྟེགས་དང་ཕྱི་མཐའ་མཉམ་ཞིང་། རྭ་ལྔ་པ་གྱེས་ཏེ་འཕྱང་བ་དང་བསིལ་རི་གཉིས་ཕྲད་དེ་སྲུབ་བར་མེད་པ། རྭ་བར་མ་གསུམ་གྱི་འོག་ན་ཆང་གི་མཚོ་ཕན་ཆད་ཆུད་པས་ནང་གི་གླིང་རྣམས་ལ་ཉི་ཟླའི་འོད་མི་ཕོག་ཀྱང་། དེར་གནས་ཀྱི་མི་རྣམས་རང་འོད་ཀྱིས་འཚོ་བ་སོགས་ཡིན་པའི་ཕྱིར་ལོངས་སྤྱོད་ས་པར་གྲགས་སོ། །རི་རབ་ཀྱི་དཔུང་པ་མན་ཆད་ཀྱི་རྒྱུ་ནི་རིན་པོ་ཆེ་སྣ་ལྔ་སྟེ། མཁའ་རླུང་མེ་ཆུ་སའི་རང་བཞིན། དབུས་ལྗང་། ཤར་ནག །ལྷོ་དམར། ནུབ་སེར། བྱང་དཀར་པོ། ཀུན་ཁྱབ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པའི་རགས་པའོ། །མགྲིན་པ་ཡན་ཆད་ནི། རྒྱུའི་ཁམས་ཇེ་ཕྲར་གྱུར་པ་སྟེ། རིམ་པར་ས་ཆུ་མེ་རླུང་སྤངས་པའི་ཁམས་ལྔ་ལྡན་ནས་གཉིས་ལྡན་གྱི་བར་སྦྱར་རོ། །བསིལ་རིའི་ཕྱི་རོལ་ན། གླིང་བདུན་པ་ལས་ཀྱི་ས་འཛམ་གླིང་ཆེན་པོ། ཞེང་དུ་ནང་མཐའ་ནས་ཕྱི་མའི་མཐའི་བར་དཔག་ཚད་ཉི་ཁྲི་ལྔ་སྟོང་པས་བསྐོར་བའི་སའི་ཁོར་ཡུག་སུམ་འབུམ་གྱི་ཁྱོན་ལ། ཕྱོགས་བཞིར་ཆ་མཉམ་པ་གསུམ་གསུམ་སྟེ་དུམ་བུ་བཅུ་གཉིས་སུ་བཅད་པས། རེ་རེའི་ཕྱི་མཐའི་སྲིད་དུ་དཔག་ཚད་ཉི་ཁྲི་ལྔ་སྟོང་དང་། ནང་མཐའ་ལ་ཁྲི་ཉིས་སྟོང་ལྔ་བརྒྱ་རེ་ཡོད་པའི་གླིང་བཅུ་གཉིས་ཏེ། ལྷོ་གླིང་གསུམ། ནུབ་གླིང་གསུམ། བྱང་གླིང་གསུམ། ཤར་གླིང་གསུམ་རྣམས་སུ་འགྱུར་བའི་ཕྱིར། དེ་རྣམས་ཀྱི་མིང་ཡང་། ལྷོ་གླིང་ཤར་མ་དང་། དབུས་མ་དང་། ནུབ་མ་ཞེས་འདོད་ཀྱི་མངོན་པ་ལྟར་རྔ་ཡབ་ལ་སོགས་པའི་མིང་འདོགས་དང་། གླིང་གཡོག་ཆུང་བ་སོགས་འདིར་མི་བཞེད་དོ། །གླིང་དབུས་མ་བཞི་ཡི་དཀྱིལ་ན། ལྷོར་དཔག་ཚད་སྟོང་ཕྲག་བརྒྱད་པའི་མཚན་མ་གྲུ་གསུམ་པ་རྩེ་ནང་བསྟན། ནུབ་ཏུ་གྲུ་བཞི་སྟོང་ཕྲག་བཅུ་པ། བྱང་དུ་ཟླུམ་པོ་སྟོང་ཕྲག་དགུ་པ། ཤར་དུ་ཟླ་གམ་སྟོང་ཕྲག་བདུན་པའི་ཚད་ཅན་ནོ། །ཁྱད་པར་ལྷོ་གླིང་དབུས་མའི་ཕྱེད་བྱང་མ་ལ་དུམ་བུ་དྲུག་ཏུ་བྱས་པ་ནི་ཡུལ་དྲུག་སྟེ། བྱང་ནས་རིམ་པར། གངས་ལྡན་དང་༡། ཤམྦྷ་ལ་དང་༢། རྒྱ་ནག་དང་༣། ལི་དང་༤། བོད་དང་༥། འཕགས་ཡུལ༦་རྣམས་སུ་གྱུར་པའི་ཕྱིར། དེ་རྣམས་དང་ས་ཁྱོན་

p. 224

མཚུངས་པའི་རྣམ་གཞག་དུམ་བུ་གཞན་རྣམས་ལ་ཡང་སྦྱར་ཤེས་པར་བྱའོ། །ལས་སའི་ཕྱི་རོལ་དུ་མཚོ་བདུན་པ་བ་ཚྭའི་མཚོ་དང་། རི་བདུན་པ་རྟ་གདོང་གི་མེ་དང་། རླུང་དཀྱིལ་རྣམས་རེ་རེ་ལའང་དཔག་ཚད་ལྔ་ཁྲིའི་ཚད་ཅན་གྱི་མུ་ཁྱུད་ཀྱིས་ཀུན་ནས་བསྐོར་བའོ། །དེ་ལྟ་བུའི་རྟེན་སྣོད་ཀྱི་འཇིག་རྟེན་ལ་བརྟེན་པ་བཅུད་ཀྱི་སེམས་ཅན་ནི། སྲིད་པ་སུམ་ཅུ་རྩ་གཅིག་སྟེ། འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་ན་རིམ་པ་ལྟར། བཅུ་གཅིག་དང་། བཅུ་དྲུག་དང་། བཞི་རྣམས་ཡོད་པའི་ཕྱིར། དང་པོ་འདོད་ཁམས་ན་བཅུ་གཅིག་ཡོད་དེ། དེའི་སྡོམ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་དང་ལྷ་མིན་འདོད་ལྷ་དྲུག །ཅེས་སོ། །དེ་དག་གི་གནས་ཚུལ་ནི། འོག་གཞིའི་དཀྱིལ་འཁོར་བཞིའི་མཐུག །་རྔམས་ལ་ཕྱེད་ཕྱེད་དུ་བགོས་པའི། ས་དཀྱིལ་གྱི་ཕྱེད་མན་ཆད་ཆ་བདུན་ལ། སྟེང་ནས་རིམ་པར། གསེག་མ་བྱེ་མ་འདམ་ཆུ་དང་། །དུ་བ་མེ་དང་མུན་པ་ཆེ། །ངུ་འབོད་ཆེ་སྟེ་རྣམ་བདུན་ནོ། །བརྒྱད་པ་རྡོ་རྗེ་མེ་ལྕེ་དང་བཅས་པའི་དམྱལ་བ་ནི། བདུན་པ་ལས་གནས་གཞན་ལོགས་ན་མེད་ཀྱང་། སྡུག་བསྔལ་གྱི་ཚོར་བ་ཐ་དད་པས་དེར་བཞག་གོ། ས་དཀྱིལ་གྱི་ཕྱེད་གོང་མ་ལའང་ཆ་གཉིས་སུ་བྱས་པའི་སྟེང་མར་ལྷ་མིན་དང་། འོག་མར་ཀླུ། ལོངས་སྤྱོད་དང་ལས་སའི་གླིང་རྣམས་ལ་མི་རྣམས་ཏེ། ཡི་དྭགས་དང་དུད་འགྲོ་ལ་འདིར་གནས་ལོགས་པ་མ་བཤད་དོ། །འདོད་ལྷ་དྲུག་ནི། རི་རབ་ཀྱི་དཔུང་པ་ནས་ས་མཚམས་ཀྱི་བར་རྒྱལ་ཆེན་བཞི་དང་། རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ། དེའི་སྟེང་མགྲིན་པ་གསུམ་ཆར་བཅད་པའི། འོག་མ་ཆ་བཞིར་ཕྱེ་བ་ལ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་སོ། །གཉིས་པ་གཟུགས་ཁམས་ན་བཅུ་དྲུག་སྟེ། རི་རབ་ཀྱི་དཔྲལ་བའི་ཆ་བཞི་ལ། འོག་མིན། ཤིན་ཏུ་མཐོང་། མི་གདུང་། མི་ཆེ་བ་སྟེ་རླུང་བཞི། སྣ་ལ། འབྲས་བུ་ཆེ་བ། བསོད་ནམས་སྐྱེས། སྤྲིན་མེད། དགེ་རྒྱས་ཏེ་མེ་བཞི། ཀོས་ཀོ་ལ། ཚད་མེད་དགེདགེ་ཆུང་། འོད་གསལ། ཚད་མེད་འོད་དེ་ཆུ་བཞི། མགྲིན་པའི་སུམ་གཉིས་ཀྱི་ཆར། འོད་ཆུང་། ཚངས་ཆེན། མདུན་ན་འདོན། ཚངས་རིས་ཏེ་ས་བཞི་རྣམས་གནས་པའི་ཕྱིར་
རོ། །གསུམ་པ་གཟུགས་མེད་ན་བཞི་སྟེ། རི་རབ་ཀྱི་གཙུག་ཏོར་སྐྲ་མཚམས་ཡན་ཆད་དུ་རིམ་པར། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་བཞིས་བསྡུས་པའི་སེམས་ཅན་རྣམས་གནས་པའི་ཕྱིར་རོ། །

བྱེ་བྲག་སྐར་ཁྱིམ་བཀོད་པ།

p. 225

གཉིས་པ་སྐར་ཁྱིམ་གྱི་བཀོད་པ་ལ། ཁྱིམ་གྱི་གོ་ལ་སྤྱིར་བཤད་པ་དང་། ཉི་མའི་གོ་ལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལྷའི་གཞལ་མེད་ཁང་རྣམས་འདེགས་བྱེད་ཀྱི་བརྟན་གཡོའི་རླུང་ཇི་སྙེད་པ་སྟེ། རཱ་ཤའི་སྒྲ་ལས་དྲངས་ན་ཁྱིམ་ནི་ཚོགས་པའམ་ཕུང་པོའི་དོན་ཡིན་པའི་ཕྱིར། དེ་རྣམས་ཀྱི་ནང་ནས་ཀྱང་། གཙོ་བོར་འཇིག་རྟེན་དུ་ཕན་གནོད་དངོས་སུ་སྟོན་པའི་ཁྱིམ་ནི་བཅུ་གཉིས་ཏེ། ལུག་གླང་འཁྲིག་པ་ཀརྐ་ཊ། སེང་གེ་བུ་མོ་སྲང་སྡིག་གཞུ། ཆུ་སྲིན་བུམ་པ་ཉ་རྣམས་སོ། །གནས་ཚུལ་ཡང་། བསིལ་རི་ནས་རྟ་གདོང་གི་མེ་རི་ལ་ཐུག་གི་བར་དཔག་ཚད་བདུན་ཁྲི་ལྔ་སྟོང་གི་ཚད་ཅན། དབྱིབས་ཟླུམ་པོར་གནས་པ་ཡིན་པས། མེ་རིའི་ནང་མཚམས་དང་གོ་ལའི་ཕྱི་མཐའ་འཕྲད་མཚམས་ཀྱི་ཟླུམ་སྐོར་ལ་དཔག་ཚད་འབུམ་ཕྲག་དྲུག་དང་། བསིལ་རིའི་ཕྱོགས་ཀྱི་གོ་ལའི་ནང་མཐའི་ཟླུམ་སྐོར་ལ་ཆིག་འབུམ་ལྔ་ཁྲི་ཡོད་པའི་བར་གྱི་ནམ་མཁའ་ལ་གཡས་སྐོར་དུ་རྒྱུ་ཤིང་། དེ་ལ་བརྟེན་པའི་རྒྱུ་སྐར་རྣམས་རེ་རེ་ཞིང་དུམ་བུ་གཅིག་ལ་ལྟོས་ཏེ་མཐོ་དམན་མེད་ཀྱང་། དུམ་བུ་བཅུ་གཉིས་པོ་ཐམས་ཅད་ལ་ལྟོས་ཏེ་མཐོ་དམའི་རྣམ་པ་ཅན་དུ་འཁོར་བའི་ཕྱིར་སྒང་གཤང་འཁོར་ལོ་ཞེས་བྱའོ། །དེ་ལྟར་འཁོར་གཞི་ཁྱིམ་ལ་བརྟེན་པའི་སྐར་མའི་ཕུང་པོ་ནི་མཐའ་ཡས་པ་སྟེ། དུང་གཉིས་བྱེ་བརྒྱད་ས་ཡ་ལྔ། །སྐར་མའི་གྲངས་སུ་ཤེས་པར་བྱ། །ཞེས་དྲང་སྲོང་སྐར་མ་ལ་དགའ་བས་བཤད་ཀྱང་། འདིར་བླང་དོར་གྱི་འབྲས་བུ་ལུང་སྟོན་པའི་རྩིས་ཀྱི་འཇུག་པ་ཡོད་པའི་རྒྱུ་སྐར་ནི་ཉི་ཤུ་རྩ་བདུན་ཏེ། ཐ་སྐར་བྲ་ཉེ་སྨིན་དྲུག་སྣར། །མགོ་ལག་ནབས་སོ་རྒྱལ་སྐག་མཆུ། །གྲེ་དབོ་མེ་བཞི་ནག་ས་རི། །ས་ག་ལྷ་མཚམས་སྣྲོན་དང་སྣྲུབས། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་རྣམས་ཏེ་ཉེར་བདུན་ནོ། །དེ་ཡང་ཡུལ་གྱི་ཆུ་ཚོད་བརྒྱ་སོ་ལྔ་རེ་ལ་ཁྱིམ་རེ་རེར་འཇོག་པའི་ཕྱིར། སྐར་མ་རེ་ལ་

p. 226

ཆུ་ཚོད་བཅོ་ལྔ་བཅོ་ལྔ་རེ་ཡོད་པའི་རྐང་པ་བཞི་བཞི་དང་། དེ་འདྲའི་རྐང་པ་དགུ་དགུའི་བདག་ཉིད་ཅན་གྱི་བཞི་ཆ་གཅིག་དང་བཅས་པའི་སྐར་མ་གཉིས་རེ་ནི་ཁྱིམ་རེའི་ཚད་དེ། དཔེར་ན། ཐ་སྐར། བྲ་ཉེ། སྨིན་དྲུག་གི་བཞི་ཆ་གཅིག་རྣམས་ལུག་ཁྱིམ་ན་གནས་པ་བཞིན་ནོ། །འདིར་ཁྱིམ་གྱི་དང་པོར་ལུག་དང་། རྒྱུ་སྐར་གྱི་དང་པོར་ཐ་སྐར་འཇོག་པའི་རྒྱུ་མཚན་ཡོད་དེ། ཉི་མའི་རྟག་ལོངས་ཐོག་མར་ལུག་ཁྱིམ་ནས་སྤྱོད་པ་གང་ཞིག །དེའང་བྲ་ཉེ་དང་སྨིན་དྲུག་ནས་མི་སྤྱོད་ཀྱིས་ཐ་སྐར་ནས་སྤྱོད་པའི་ཕྱིར་རོ། །སྐར་ཁྱིམ་འཁོར་བཅས་རྒྱུ་ལམ་གཅིག་ལས་མི་འདའ་ཞིང་མགྱོགས་བུལ་མེད་པར་རྟག་ཏུ་གཡས་སྐོར་གྱིས་རྒྱུ་བའི་ཕྱིར། ཁྱིམ་བཅུ་གཉིས་པོ་འཁོར་ཚུལ་ལ་མཐོ་དམན་མེད་མོད། འོན་ཀྱང་དེར་གནས་པའི་རྒྱུ་སྐར་རྣམས་ལ་མཐོ་དམའ་ཡོད་དེ། ཐ་སྐར་སོགས་ལུག་ཁྱིམ་ན་གནས་པའི་རྒྱུ་སྐར་རྣམས། ཤར་གླིང་དབུས་མའི་ཚངས་ཐིག་ཏུ་བསིལ་རི་ལ་ཉེ་བས་མཐོ་བར་འཁོར་ཞིང་། ནུབ་གླིང་དབུས་མའི་ཚངས་ཐིག་ཏུ་མེར་ཉེ་བར་འཁོར་བས་དམའ་ལ། ལྷོ་བྱང་གི་ཚངས་ཐིག་ཏུ་མཉམ་པར་རྒྱུ་བའི་ཕྱིར། དེ་བཞིན་དུ་ལྷོར་ཀརྐ་ཊ་དང་། ནུབ་ཏུ་སྲང་དང་། བྱང་དུ་ཆུ་སྲིན་རྣམས་མཐོ་ཞིང་། རང་ནས་དྲངས་པའི་བདུན་པའི་ཕྱོགས་སུ་དམའ་བ་དང་། ཕན་ཚུན་གཉིས་མཉམ་པ་སྟེ། དེའི་རིགས་པ་ཁྱིམ་གཞན་བརྒྱད་ལའང་སྦྱར་བའོ། །གཉིས་པ་ལ། རྒྱའི་ཚད། དཔངས་ཀྱི་ཚད། མགྱོགས་བུལ་གྱི་ཚད་དང་གསུམ། དང་པོ་ནི། དཔག་ཚད་བདུན་ཁྲི་ལྔ་སྟོང་གི་ཁྱོན་ལ་ལྷོ་བྱང་དུ་བགྲོད་པའི་མཐར། བྱང་བསིལ་རི་དང་། ལྷོ་རྟ་གདོང་གི་མེ་ལ་རེག་པར་གསུངས་པ་ནི། འཇིག་རྟེན་སྤྱིའི་ལུགས་ཀྱི་གོ་ལའི་རྒྱ་སྟེ། དེའི་དབུས་མཉམ་གཉིས་ཀྱི་རྒྱུ་ལམ་ཕོགས་ནས་བལྟས་པའི་བསིལ་རིའི་ཕྱོགས་སུ་གནས་པའི་བྱང་ཁྱིམ་དྲུག་པད་འདབ་ཕྱེད་པ་དང་། མེ་རིའི་ཕྱོགས་སུ་གནས་པའི་ལྷོ་ཁྱིམ་དྲུག་འོད་མའི་གཞུའི་དབྱིབས་སུ་གནས་པར་བཤད་པ་ནི། འཛམ་གླིང་ཆུང་ངུ་འདིའི་སྟེང་ཐད་ཀྱི་ཁྱིམ་རྣམས་ཀྱི་འགྲོ་ལམ་རྟོགས་བྱེད་དོ། །དེ་ཡང་བསིལ་རི་ནས་རྟ་གདོང་གི་མེ་ཡི་བར་ཟླུམ་པོར་བསྐོར་བ་དེའི་ཤར་ནུབ་ཏུ་མཉམ་ལམ་གྱི་རེ་ཁས་བཅད་ལ། ཤར་ཕྱེད་བྱང་མར་ལུག་བཀོད་པ་ནས་བཟུང་སྟེ་

p. 227

རིམ་པར་བྱང་ཤར་ནས་གླང་སོགས་གཡོན་སྐོར་དུ། ཕྱོགས་རེར་ཁྱིམ་གཉིས་གཉིས་དང་མཚམས་སུ་རེ་རེ་བཀོད་པས། ལུག་གླང་འཁྲིག་ཀརྚ་སེང་གེ་བུ་མོ་སྟེ་བྱང་ཁྱིམ་དྲུག་དང་། སྲང་སྡིག་གཞུ་ཆུ་སྲིན་བུམ་པ་ཉ་སྟེ་ལྷོ་ཁྱིམ་དྲུག་གོ། དེ་ལྟར་ན་ཉི་བར་ཁྱིམ་གང་དང་གང་དུ་སླེབ་མ་ཐག་པའི་ཉིན་དེའི་ལྷོ་གླིང་དབུས་མའི་ཚངས་ཐིག་གི་སྟེང་གི་ཉི་མའི་འགྲོ་ལམ་ཡང་ཁྱིམ་དེ་དང་དེའི་ཐོག་མའི་སྐར་མའི་འགྲོ་ལམ་ཉིད་ཡིན་ཏེ། དཔེར་ན། ཉི་བར་ལུག་ཁྱིམ་དུ་སླེབ་པའི་ཉིན་དེ་ལྷོ་གླིང་དབུས་མའི་ཚངས་ཐིག་གི་སྟེང་གི་མཉམ་ལམ་དུ་འགྲོ་བ་བཞིན་ནོ། །དེའི་ཕྱིར་ལྷོ་བྱང་གི་ཁྱིམ་དྲུག་དྲུག་ཟླུམ་པོ་ཕྱེད་པའི་དབྱིབས་ཅན་དུ་གནས་པར་འདྲ་ནའང་། སྡེབ་སྦྱོར་གྱི་དབང་གིས་བྱང་ཁྱིམ་དྲུག་པད་འདབ་དང་། ལྷོ་ཁྱིམ་དྲུག་གཞུའི་རྣམ་པར་གསུངས་སོ། །གཞན་ཡང་ལྷོ་གླིང་དབུས་མའི་གོ་ལ་བྱེ་བྲག་ཏུ་བཤད་པ་འདི་ལ་བརྟེན་ནས། དུམ་བུ་གཞན་བཅུ་གཅིག་པོའི་སྟེང་གི་གོ་ལའི་འཁོར་ཚུལ་ཡང་དཔག་ནུས་ཏེ། དུམ་བུ་རང་རང་གི་སྟེང་ཐད་ཀྱི་ནམ་མཁའ་ལ་སྔར་བཞིན་ཟླུམ་སྐོར་མཉམ་ལམ་དང་བཅས་པ་བྲིས་པ་ལས། ཁྱིམ་བཀོད་ཚུལ་ནི། ལྷོ་གླིང་ནུབ་མ་ནས་གཡས་སྐོར་དུ་དུམ་བུ་སོ་སོའི་ཤར་ཕྱེད་བྱང་མར་རིམ་བཞིན། ཉ་བུམ་ཆུ་སྲིན་གཞུ་སྡིག་སྲང་། །བུ་མོ་སེང་ཀར་འཁྲིག་པ་གླང་། །ཞེས་པ་ལྟར་བཀོད་པ་ནས་འགོ་དྲངས་ཏེ། དུམ་བུ་སོ་སོ་ལ་ཁྱིམ་བཅུ་གཉིས་པོ་གཡོན་སྐོར་དུ་བཀོད་པས་རང་རང་གི་སྟེང་ཐད་ཀྱི་ཁྱིམ་བཅུ་གཉིས་པོའི་འགྲོ་ལམ་མ་འདྲེས་པར་སོ་སོར་རྟོགས་པར་འགྱུར་རོ། །དེ་ལྟར་གོ་ལའི་རྒྱ་ཚད་ཀྱང་དཔག་ཚད་བདུན་ཁྲི་ལྔ་སྟོང་དུ་བཤད་པ་དེ་ནི། སྐར་ཁྱིམ་འཁོར་དང་བཅས་པའི་འགྲོ་ལམ་གྱི་དབང་དུ་བྱས་པ་སྟེ། བགྲོད་མཐར་མེ་དང་བསིལ་རི་ལ་རེག་པར་གསུངས་པའང་ཉི་མའི་གདུང་བྱེད་རེག་པ་ཡིན་གྱི་དཀྱིལ་འཁོར་རེག་པར་མི་བཟུང་ངོ་། །འོ་ན་ཉི་མའི་དཀྱིལ་འཁོར་ལྷོ་བྱང་དུ་འགྲོ་བའི་བར་འགྱངས་ཀྱི་ཚད་གང་ཞེ་ན། བསིལ་རི་དང་ཆུའི་མཐའ་གཉིས་ཀ་ནས་གདུང་བྱེད་ཀྱི་ཚད་དཔག་ཚད་ཁྲི་ཉིས་སྟོང་ལྔ་བརྒྱ་རེ་ལྷོ་བྱང་དུ་དོར་བའི་བར་གྱི་དཔག་ཚད་ལྔ་ཁྲི་ཡོད་པ་དེ་ཡིན་ཏེ། ལྷོ་བགྲོད་མཐར་ཐུག་གི་ཚེ་ཉི་མའི་འགྲོ་ལམ་གྱི་ཕྱི་རོལ་ན་

p. 228

སྐར་མ་མང་དུ་སྣང་བ་དང་། བྱང་ནས་རྩིས་པའི་ཡུལ་ལྔ་པ་བོད་ཀྱི་ས་འདིར་ཡང་བྱང་བགྲོད་མཐར་ཐུག་གི་ཚེ་ཐུར་གྲིབ་བྱང་དུ་ཅུང་ཟད་ལུས་འོང་བས་དེའི་ཚེ་ཉི་མ་ས་འདིའི་ལྷོ་ཕྱོགས་ཀྱི་སྟེང་ཐད་ཀྱི་ནམ་མཁའ་ལ་འགྲོ་བར་གྲུབ་ལ། ངེས་པ་དེས་ཡུལ་དྲུག་པ་འཕགས་ཡུལ་གྱི་མཐར་རང་གྲིབ་རང་ལ་འཁོར་བ་ཙམ་འོང་བར་དཔག་ནུས་པའི་ཕྱིར་དང་། ཡེ་ལེར་ཡང་། བགྲོད་པ་དག་ལས་དཔག་ཚད་སྟོང་ཕྲག་དག་ནི་ལྔ་བཅུའོ། །ཞེས་པའི་ལུང་གིས་ཀྱང་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་བགྲོད་གཉིས་ཀྱི་མཐར། བྱང་ལྷུན་པོའི་རྭ་དང་། ལྷོར་རྟ་གདོང་གི་མེ་ལ་གདུང་བྱེད་རེག་པའི་ཞག་དེའི་ཁྱིམ་ལོངས་རྫོགས་མཚམས་སུ་ཕྱིར་བཟློག་པས་གདུང་བྱེད་བཟློག་རྐྱེན་དུ་བཞག་ཅིང་། དེའང་ཉིན་ཞག་རེ་ལ་གདུང་བྱེད་ལྷོ་བྱང་གཉིས་ཀར་རེག་པ་རེ་རེ་འབྱུང་བའི་ཕྱིར། ས་དུམ་བུ་བཅུ་གཉིས་པོའི་ཁྱོན་མཐའ་དག་ལ་ལྟོས་ཏེ་ཉིན་རེ་བཞིན་ལྡོག་པས་ཉི་ལྡོག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་དང་། ས་དུམ་བུ་གཅིག་ལ་ལྟོས་ཏེ་སུམ་ཅུ་ལྷག་ཙམ་རེ་འབྱུང་བ་ཡིན་ནོ། །གདུང་བྱེད་རེག་པ་དང་། དཀྱིལ་འཁོར་རེག་པའི་ཕྱོགས་གཉིས་ཀ་ལ། གོ་ལའི་ཟླུམ་སྐོར་གྱི་ཐད་ཀར་ལ་དཔག་ཚད་འབུམ་ཉི་ཁྲི་ལྔ་སྟོང་དང་། མཐའ་སྐོར་ལ་སུམ་འབུམ་བདུན་ཁྲི་ལྔ་སྟོང་ཡོད་པར་མཚུངས་པ་ཉིད་དེ། དཀྱིལ་འཁོར་མེ་ལ་རེག་པའི་ཕྱོགས་ལ། རྒྱ་མཚོའི་བཞི་ཆའི་ཚད་དེ་ཙམ་ཞིག་དུམ་བུ་བདུན་པའི་ལས་སའི་ཕྱེད་བྱང་མར་ནང་དུ་འོང་ནས་བསིལ་རི་ལ་རེག་དགོས་པའི་ཕྱིར་རོ། །གཉིས་པ་ནི། དུམ་བུ་རང་རང་གི་ཉིན་ཕྱེད་ཀྱི་བྱང་བགྲོད་མཐར་ཐུག་པའི་ནམ་མཁའ་ལ་འགྲོ་བའི་ཚེ། ལས་ས་ནས་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་དང་། ལྷོ་བགྲོད་མཐར་ཐུག་གི་ཚེ། དཔག་ཚད་བདུན་ཁྲི་ལྔ་སྟོང་འཕགས་པའི་ཐད་དུ་འཁོར་ཏེ། སྟེང་འོག་མཐོ་དམན་གྱི་ཚུལ་དུ་འཁོར་བའི་བར་འགྱངས་ལ་དཔག་ཚད་སྟོང་ཕྲག་བཅུ་གཅིག་གི་ཁྱད་ཡོད་པའི་ཕྱིར། གལ་ཏེ་མཉམ་ལམ་དུ་འགྲོ་བ་ན་བརྒྱད་ཁྲི་ལྔ་བརྒྱ་འཕགས་པའི་ཐད་ནས་འགྲོ་སྟེ། བར་ཁྱད་སྟོང་ཕྲག་བཅུ་གཅིག་པོ་ཕྱེད་དུ་གཏུབ་པའི་གྲངས་ལྔ་སྟོང་ལྔ་བརྒྱས་མཐོ་ཚད་ནས་དབྲི་བའམ། དམའ་ཚད་ལ་བསྣན་པ་ན་དེ་ལྟར་འབྱུང་བའི་ཕྱིར། ཡང་ཉིན་ཞག་རེ་ལ་སྟེང་འོག་ཏུ་འགྲོ་བའི་
ཚད་ནི། ཕྱེད་བཅས་བརྒྱ་གྱ་གཉིས་ཡིན་པས། དེའི་བར་ཁྱད་སྟོང་ཕྲག་བཅུ་གཅིག་ལ་བགོས་ན་རྟོགས་པར་འགྱུར་ཏེ། དེའི་ལག་ལེན་ནི། ལག་སྐྱོན་མིག་བསྒྱུར་ཟླ་བ་བསྲེ། །མདའ་རོ་མེ་འབྱུང་བགོད་བྱེད་ཡིན། །དེ་ཡིས་མཁའ་མཁའ་མཁའ་དྲག་པོ། །མིག་བསྒྱུར་ཉི་ཁྲི་ཉིས་སྟོང་ལ། །བགོས་ཐོབ་དཔག་ཚད་མཁའ་རོ་དང་། །རྒྱང་གྲགས་ཟླ་བ་གཞུ་འདོམ་ནི། །ཟླ་བུག་བསེ་རུ་ཁྲུ་གསུམ་དང་། །སོར་གཉིས་ལྷག་བཅས་ཉིན་རེ་བཞིན། ༦༠། གདུང་བྱེད་སྟེང་འོག་འགྲོ་བའི་ཚད། །ཞག་དེས་ལྔ་ཁྲི་ཤེད་མཚུངས་ཕྱིར། །མིག་བསྒྱུར་འབུམ་ཕྲག་ལ་བགོས་པས། །དཔག་ཚད་མེ་འཁོར་རྒྱང་གྲགས་གསུམ། །མཁའ་ཀླུ་རི་གཟུགས་གཞུ་འདོམ་སྟེ། །ཁྲུ་གསུམ་སོར་དྲུག་ལྷག་དང་བཅས། ༢༧༣། ཞག་རེར་ཉི་དཀྱིལ་ལྷོ་བྱང་དུ། །འགྲོ་བའི་ཚད་ཡིན་གདུང་བྱེད་ལ། །བརྟགས་ན་བདུན་ཁྲི་ལྔ་སྟོང་པོ། །མིག་བསྒྱུར་ཆིག་འབུམ་ལྔ་ཁྲི་ལ། །བགོས་པས་དཔག་ཚད་ཕྱོགས་མཚོ་དང་། །མེ་ཡི་རྒྱང་གྲགས་གཞུ་འདོམ་ནི། །གཟུགས་རི་མི་བདག་ཁྲུ་ནམ་མཁའ། །སོར་མོ་ལག་མིག་ལྷག་དང་བཅས། ༤༡༠། གདུང་བྱེད་ལྷོ་བྱང་འགྲོ་བའི་ཚད། །ཅེས་སོ། །གསུམ་པ་ནི། ཉི་མས་གོ་ལའི་རླུང་འགྲོས་ལ་བརྟེན་ནས་སྣང་འགྲོས་གཡས་སྐོར་དུ་རྒྱུ་བའི་མགྱོགས་ཁྱད་དེ་གང་ཞེ་ན། དུས་ཀྱི་ཆུ་ཚོད་རེའི་ཡུན་ལ་དཔག་ཚད་དྲུག་སྟོང་ཉིས་བརྒྱ་ལྔ་བཅུ་རེ་འགྲོ་ནུས་པ་ཡིན་ཏེ། དེ་ཉིད་ཞག་གི་ཆུ་ཚོད་དྲུག་ཅུས་བསྒྱུར་བས་ཉི་མའི་རྒྱུ་ལམ་ཟླུམ་པོའི་ཚད་སུམ་འབུམ་བདུན་ཁྲི་ལྔ་སྟོང་འབྱུང་བའི་ཕྱིར་རོ། །

དུས་ཀྱི་ལོངས་སྤྱོད་ཀྱི་གཞི་ལོ་ཟླ་ཞག་གསུམ་བཤད་པ།

ཐོག་མར་ཇི་ལྟར་རྩོམ་ཚུལ།

p. 229

གཉིས་པ་ལོ་ཟླ་ཞག་གསུམ་བཤད་པ་ལ། ཐོག་མ་ནས་ཇི་ལྟར་རྩོམ་ཚུལ། དེ་ལྟར་རྩོམ་པའི་རྣམ་གཞག་དངོས་སོ། །དང་པོ་ནི། དབུགས་ཁུག་པ་དྲུག་ལ་ཆུ་སྲང་གཅིག །དེ་དྲུག་ཅུ་ལ་ཆུ་ཚོད། དེ་བསགས་པ་ལས་ཞག་རིགས་གསུམ་དུ་འགྱུར་ཏེ། ཚེས་ཞག་ནི། ཟླ་བའི་ཆ་འཕེལ་འགྲིབ་ཀྱིས་བཞག་པའི་ཞག་གང་ཞིག །ཡུན་ཚད་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པ། ཉིན་ཞག་ནི། རེས་གཟའི་འཕོ་མཚམས་ཀྱིས་བཞག་པའི་ཞག་གང་ཞིག །ཡུན་ཚད་ཆུ་ཚོད་དྲུག་ཅུ། ཁྱིམ་ཞག་ནི། ཉི་ཁྱིམ་འཕོ་བའི་དབང་གིས་བཞག་པའི་ཞག་གང་ཞིག །
ཡུན་ཚད་ཆུ་ཚོད་དྲུག་ཅུ་རྗེས་འབྲང་དང་བཅས་པའོ། །དེ་གསུམ་གྱིས་ཟླ་བ་དང་ལོ་རྩོམ་པའི་ཚེ་ཤུགས་ཆེ་ཆུང་གིས། ཟླ་བར་མ་ལོངས་ཀྱི་བར་དུ་ཉིན་ཞག་གཙོ་ཆེ་སྟེ། ཁྱིམ་ཚེས་གཉིས་ཀྱང་ཉིན་ཞག་དང་ལྟོ་བསྟུན་ཏེ་བརྩི་དགོས་པའི་ཕྱིར་རོ། །ཟླ་བར་ལོངས་ནས་ཚེས་ཞག་གཙོ་ཆེ་སྟེ། ཚེས་ཞག་སུམ་ཅུར་ལོངས་པ་ན་ཉིན་ཞག་སུམ་ཅུ་མ་ལོངས་ཀྱང་ཟླ་བ་རྫོགས་པར་འདོད་དགོས་པའི་ཕྱིར་ཏེ། ཚེས་ཞག་སུམ་བརྒྱ་དོན་གཅིག་ལ། ཉིན་ཞག་སུམ་བརྒྱ་རེ་ལྔས་ཕྲི་བས་ལྷག་མ་དྲུག་ལུས་པ་དེ་ལོ་གཅིག་གི་ཞག་མི་ཐུབ་ཀྱི་ཆ་ཡིན་པས་འདོར་དགོས་པའི་ཕྱིར། དེ་ལྟར་ཡང་མཛོད་ལས། ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་སོ། །ལོར་ལོངས་ནས་ཁྱིམ་ཞག་གཙོ་ཆེ་སྟེ། ལོ་མཚན་ཉིད་པ་ཡིན་ན། བགྲོད་གཉིས་ཀྱི་དུས་བཞི་ཕྲུག་གཅིག་རྫོགས་དགོས་པ་གང་ཞིག །དེ་རྫོགས་པ་ལ་ཉི་མས་ཁྱིམ་ཞག་སུམ་ཅུའི་བདག་ཉིད་ཅན་གྱི་ཁྱིམ་ཟླ་བཅུ་གཉིས་པོ་འཁོར་དགོས་པའི་ཕྱིར་ཏེ། རྡོ་རྗེ་མཁའ་འགྲོ་ལས། ཉི་མ་འགྲོ་ལྡོག་གཉིས་ལས་ནི། །ལོ་གཅིག་ཅེས་ནི་བརྗོད་པ་ཡིན། །ཞེས་སོ། །དེ་བས་ན་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་དང་། ཁྱིམ་ཟླ་བཅུ་གཉིས་ལས་མི་མང་ཞིང་མི་ཉུང་བའི་ཕྱིར། ཉིན་ཚེས་གཉིས་རང་རང་གི་ཞག་སུམ་ཅུའི་བདག་ཉིད་ཅན་གྱི་ཟླ་བ་བཅུ་གཉིས་རེ་རྫོགས་པ་ན་ལོ་མི་འཁོར་ཏེ། དེའི་སྟེང་དུ་ཚེས་ཞག་ལ་ཞག་བཅུ་གཅིག་ལྷག་བཅས་དང་། ཉིན་ཞག་ལ་ཞག་ལྔ་རྗེས་འབྲང་དང་བཅས་པ་བསྣན་ནས་ཁྱིམ་ལོ་དང་བསྟུན་དགོས་པའི་ཕྱིར་རོ། །

དེ་ལྟར་རྩོམ་པའི་རྣམ་གཞག་དངོས།

ལོ་བཤད་པ།

ལོའི་ཐ་སྙད་སྤྱིར་བཤད་པ།

p. 230

གཉིས་པ་ལ། ལོ་དང་། ཟླ་བ་དང་། ཞག་བཤད་པའོ། །དང་པོ་ལའང་། ལོའི་ཐ་སྙད་སྤྱིར་བཤད། འདས་ལོ་དག་པ་བྱེ་བྲག་ཏུ་བཤད་པ་དང་གཉིས། དང་པོ་ནི། ཉི་མས་རྒྱུ་སྐར་གྱི་འཁོར་ལོ་ལན་གཅིག་འཁོར་བ་ལ་ལོར་འཇོག་པའི་ཕྱིར། ཉི་མ་ནམ་སྐྱེས་པ་ནས་ལོའི་དང་པོ་བྱུང་ལ། དེའི་མིང་རབ་བྱུང་ཞེས་བཏགས་པར་ཚངས་པའི་སྔོན་གྱི་རིག་བྱེད་ལས་བཤད་པར་གྲགས་པའི་ཕྱིར། ལོ་དེ་དྲུག་ཅུ་སྐོར་གྱི་ལོའི་དང་པོར་བཞག་གོ། དེ་ཡང་དྲུག་ཅུ་སྐོར་ནི། བདེ་མཆོག་སྟོད་འགྲེལ་ལས། རབ་བྱུང་རྣམ་བྱུང་དཀར་པོ་དང་། །རབ་
མྱོས་སྐྱེས་བདག་ཨཾ་ཀི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང་། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་། །ཀུན་ལྡན་འཕར་བ་དགེ་བྱེད་དང་། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་མེད་ཀུན་དགའ་དང་། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་དམར་ཁྲོ་བོ་ཟད་བྱེད་དོ། །ཞེས་གསུངས་པ་ལྟར་རོ། །དྲུག་ཅུ་སྐོར་དེ་རྣམས་དང་། རྒྱ་རྩིས་པའི་བྱི་བ་སོགས་ལོ་བཅུ་གཉིས་པོ། ཤིང་། མེ། ས། ལྕགས། ཆུ་ལྔར་ཕྱེ་བའི་ལོ་རྒན་དྲུག་ཅུ་པོ་དུས་ངེས་ཀྱི་ལྟོ་སྦྱོར་བའི་ཚེ། ལོ་འགོ་འཛིན་ཚུལ་མི་མཐུན་ཡང་། ལོ་སྐོར་བཅུ་གཉིས་པོ་ངོ་བོ་དོན་གཅིག་མིང་གི་རྣམ་གྲངས་ཏེ། སྟོད་འགྲེལ་པའི་རབ་བྱུང་དང་། རྒྱ་རྩིས་པའི་མེ་ཡོས་ཀྱི་ལོ་དོན་གཅིག་པ་ནས་རིམ་པར་དེད་པས་ཟད་བྱེད་དང་མེ་སྟག་གི་ལོའི་བར་དུ་དོན་གཅིག་པའི་ཕྱིར་རོ། །

འདས་ལོ་དག་པ་བྱེ་བྲག་ཏུ་བཤད་པ།

སྟོན་པས་རྒྱུད་གསུངས་པ།

p. 231

གཉིས་པ་ལ། སྟོན་པས་རྒྱུད་གསུངས་པ། བསྡུ་བ་པོས་བསྡུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་པ། ཀླ་ཀློ་ཞུགས་པ། རྩིས་འགོ་ཟུག་པ་ཕྱིན་གྱི་འདས་ལོ་དང་བཞི། དང་པོ་ནི། བདག་ཅག་གི་སྟོན་པ་འདི་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཉ་ལ་ཡུམ་གྱི་ལྷུམས་སུ་ཞུགས་ནས། ཟླ་བ་བཅུ་ཕལ་ཆེར་རྫོགས་པ་དྲག་པོ་ཞེས་པ་ལྕགས་སྤྲེལ་ས་གའི་ཚེས་བདུན། རྒྱུ་སྐར་རྒྱལ་ལ་བབས་པའི་ཚེ་སྐུ་བལྟམས། དེ་ནས་དགུང་ལོ་ཉེར་དགུ་པ་ས་ཕོ་བྱི་བ་ལ་ཁྱིམ་ནས་ཕྱུང་སྟེ། དཀའ་བ་ལོ་དྲུག་སྤྱད། དགུང་ལོ་སོ་ལྔ་པ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་ས་ག་ཟླ་བའི་ཉའི་ཐོ་རེངས་ཟླ་བ་སྒྲ་གཅན་གདོང་གིས་བཟུང་བ་དང་མཉམ་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས། དགུང་ལོ་རིལ་པོ་བརྒྱད་ཅུ་པ་དང་། ལོ་ངོ་གྱ་གཅིག་པ་རྣམ་གནོན་ལྕགས་
འབྲུག་གི་ལོ། ལུག་ཁྱིམ་ས་ག་དང་སྦྱར་ཏེ་མར་ངོ་སྔོན་འགྲོའི་དབང་དུ་བྱས་པའི་ཟླ་བ་བཅུ་གཉིས་པ་དཔྱིད་འབྲིང་ནག་ཟླའི་ཡར་ཚེས་བཅོ་ལྔ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ། འོག་ཏུ་ཆོས་དབྱིངས་གསུང་དབང་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ཏེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་བདག་པོའི་རྣམ་པས། ཟླ་བ་བཟང་པོ་སོགས་ལ་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཏེ། ཕྱི་ཟླ་ས་གའི་ཉ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེ་ལྟར་ཡང་རྩ་རྒྱུད་ལས། བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །དམ་པ་དང་པོའི་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་དང་། འགྲེལ་ཆེན་ལས། འཕགས་པའི་ཡུལ་འདིར་དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་མཐར་ནག་པོའི་ཚེས་གཅིག་འཇུག་པ་ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ཐེག་པ་གསུམ་བསྟན་པར་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་ཟླའི་ཉ་ལ་ཤྲཱི་དྷཱ་ནྱ་ཀ་ཊ་ཀར། ཞེས་གསུངས་པའི་ཕྱིར་རོ། །

བསྡུ་བ་པོས་བསྡུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་པ།

p. 232

གཉིས་པ་ལ། རྩ་རྒྱུད་དང་། བསྡུས་རྒྱུད་གཉིས་ལས། དང་པོ་ནི། སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་ལྕགས་སྦྲུལ་ལ་ཟླ་བཟང་གིས་རྩ་རྒྱུད་བསྡུས་ཤིང་ཤམྦྷ་ལའི་ཡུལ་དུ་གླེགས་བམ་ལ་བཀོད་པ་ན་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་སྡེབ་སྦྱོར་གྱིས་བཅིངས་པའི་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་བྱུང་བའི་ཕྱིར་དེར་གྲགས་སོ། །དེ་ནས་འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་པ་མཛད་ཅིང་བསྟན་ནས་ལོ་གསུམ་པ་ཆུ་ལུག་ལ་མ་ལ་ཡའི་སྐྱེད་ཚལ་དུ་གཞལ་ཡས་ཁང་བཞེངས་ཏེ་གཤེགས་པའི་འོག་ཏུ། ཤིང་སྤྲེལ་ནས་ལྷ་དབང་སོགས་ཆོས་རྒྱལ་དྲུག་གི་ལོ་བརྒྱ་བརྒྱ་སྟེ། དྲུག་བརྒྱའི་བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན་ཏོ། །
དེ་ལྟར་ཡང་རྩ་རྒྱུད་ལས། ཟླ་བཟང་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །ཞེས་སོ། །གཉིས་པ་ནི། རགས་རྩིས་ལ་དེ་བཞིན་གཤེགས་པས་རྩ་རྒྱུད་གསུངས་ནས་ལོ་དྲུག་བརྒྱའམ། ཞིབ་མོར་བརྩིས་ན་དྲུག་བརྒྱ་དང་གསུམ་འདས་པའི་ཤིང་སྤྲེ་ནས། འཇམ་དབྱངས་གྲགས་པས་ལོ་བརྒྱའི་བར་དུ་རྩ་རྒྱུད་བསྟན་ཏེ། མིག་དམར་ཤིང་བྱི་ལ་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྗེས་སུ་བཟུང་བའི་ཕྱིར་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་བསྡུས་ཤིང་རིགས་བཞི་རིགས་གཅིག་ཏུ་མཛད་དེ་གཤེགས་སོ། །དེ་ལྟར་ཡང་སྔ་མ་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་འཇམ་དབྱངས་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་། །ཞེས་དང་། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་པར་འགྱུར། །སྡུད་པར་བྱེད་པ་པོ་ཡང་དེ། །ཞེས་སོ། །མིག་དམར་གྱི་ལོ་དེ་ལ་པད་དཀར་གྱིས་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་འདི་བརྩམས་ནས། དེ་སོགས་རིགས་ལྡན་བརྒྱད་པོ་རེ་རེས་ཀྱང་ལོ་བརྒྱ་བརྒྱ་སྟེ་བརྒྱད་བརྒྱའི་བར་དུ་བསྡུས་རྒྱུད་འགྲེལ་ཆེན་དང་བཅས་པ་སྟོན་པར་མཛད་དོ། །དེ་ལྟར་ཡང་། གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་རིན་ཆེན་ཕྱག །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང་། །ཞེས་སོ། །

ཀླ་ཀློ་ཞུགས་པ།

p. 233

གསུམ་པ་ནི། དེའི་འོག་ཏུ་ཉི་སྒྲོལ་བྱེད་ཤིང་ཕོ་སྤྲེལ་ལ་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད། ལོ་དེ་ལ་མ་གའི་ཡུལ་དུ་ཀླ་ཀློ་ཞུགས་ཤིང་སྦྲང་རྩིའི་བློ་གྲོས་ཀླ་ཀློའི་སྟོན་པར་གྱུར་པ་དང་། མུ་སྟེགས་པའི་ཉུང་ངུའི་བྱེད་པ་རྩོམ་པ་རྣམས་དུས་མཉམ་པ་ཡིན་ཏེ། བསྡུས་རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་གའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུགདེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིགས་པར་བྱ། །ཞེས་སོ། །

རྩིས་འགོ་ཟུག་པ་ཕྱིན་གྱི་འདས་ལོ།

p. 234

བཞི་པ་ནི། དེ་ལྟར་རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་གྱ་གཉིས་ལ་ཆོས་བསྟན་པའི་མཐར། མི་ཟད་པ་མེ་ཁྱིའི་ལོ་ལ་རྒྱལ་དཀའ་སྟོན་པ་པོར་ཕེབས་མ་ཐག་རྒྱལ་བས་ལུང་བསྟན་པ་ལྟར། དུས་དེར་ད་ལྟར་བའི་ཚུལ་གྱིས་ཕྱག་ལེན་ལ་བཏབས་ནས་རང་ལུགས་ཀྱི་ཉུང་ངུའི་བྱེད་རྩིས་འགོ་བཟུང་། དེ་ནས་བཟུང་སྟེ་རབ་བྱུང་དང་པོའི་སྔ་ལོགས་ཀྱི་ཟད་པ་མེ་སྟག་གི་བར་གྱི་ལོ་ཉིས་བརྒྱ་ཉེར་གཅིག་ཏུ་ཆོས་བསྟན་ཏོ། །དེ་ལྟར་ན་ཡབ་སྲས་གཉིས་པོའི་ལོ་དེ་ལ་མེ་མཁའ་རྒྱ་མཚོ་ཞེས་གྲགས་ཤིང་། དེའི་འོག་ཏུ་རབ་བྱུང་མེ་ཡོས་ལ་རིགས་ལྡན་ཉི་མ་སྟོན་པ་པོར་ཕེབས་པའི་ལོ་འདི་མེ་མཁའ་རྒྱ་མཚོ་ལ་བསྲེ་རྒྱུའི་འདས་ལོ་དང་པོ་དང་། རྒྱུད་འདི་ཆུ་བོ་ཤཱི་ཏའི་ལྷོར་ཕེབས་པའི་ལོ་སྟེ། དེ་ནས་དྲུག་ཅུ་སྐོར་བཅུ་གཅིག་དང་ལོ་རྐྱང་བཞི་འདས་པའི་ལྔ་པ་ནི་ད་ལྟའི་སྐྱེས་བདག་ལྕགས་ལུག་གི་ལོ་འདི་ཉིད་དོ། །དེས་ན་ཀླ་ཀློ་ཞུགས་ནས་ད་ལྟ་ཡན་ལ་ལོ་ཆིག་སྟོང་དྲུག་ཅུ་རྩ་བདུན་འདས་པའི་ཕྱིར། ཡབ་སྲས་གཉིས་ཀྱི་ལོ་བྱེ་བྲག་པ་མེ་མཁའ་རྒྱ་མཚོའི་སྟེང་དུ། ཉི་མ་སོགས་རིགས་ལྡན་དྲུག་གིས་ལོ་དྲུག་བརྒྱ་དང་། སེང་གེ་ཁྲིར་ཕེབས་ནས་ལོ་དྲུག་ཅུ་རྩ་བཞི་འདས་པ་ཡིན་ལ། ལྕགས་ལུག་འདི་ནས་ལོ་སོ་དྲུག་འདས་པའི་འོག་ཏུ་རྣམ་གནོན་ཕེབས་པ་ནས་བཟུང་སྟེ། མཐའ་ཡས་རྣམ་རྒྱལ་གྱི་བར་རིགས་ལྡན་དྲུག་གིས་ལོ་དྲུག་བརྒྱ་དང་། དྲག་པོས་ཆོས་བསྟན་ནས་ལོ་གོ་བདུན་ཡན་གྱིས་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱ་རྫོགས་པར་འགྱུར་རོ། །དེ་ཡང་མ་ཁར་ཀླ་ཀློ་ཞུགས་པ་ཕྱིན་གྱི་རིགས་ལྡན་བཅུ་དྲུག་ནི། རྩ་རྒྱུད་ལས། རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང་། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང་། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང་། །གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །
ཞེས་སོ། །དེ་དག་བདེ་བླག་ཏུ་བརྩི་བར་འདོད་ན། གང་བརྩིའི་འདས་ལོ་དག་པའི་ཚོགས་བཀོད་ལ། སྔ་ཕྱིའི་བར་ཁྱད་ཀྱི་དུས་གྲངས་གང་ཡིན་དེས། སྔ་མ་སྔ་མ་ལ་ཕྲི་བས་ཕྱི་མ་ཕྱི་མའི་དུས་མཚམས་ནས་རྩོམ་པའི་འདས་ལོ་དག་པ་སྟོན་པར་འགྱུར་ཏེ། དེའི་ལག་ལེན་ནི། གཟུགས་འབྱུང་དུས་མིག་ལོ་ཚོགས་ལ། །རབ་ཉིའི་སྐྱེས་བདག་ལ་སོགས་བསྲེ། །བདག་ཅག་རྣམས་ཀྱི་སྟོན་མཆོག་དེ། །དྲག་པོ་ལྕགས་སྤྲེལ་ལ་འཁྲུངས་ནས། །ད་ལྟའི་བར་དུ་འདས་པའི་ལོ། །དེ་ཡི་སྟེང་ནས་ཆུ་མེས་ཕྲི། །ཤིང་རྟར་མངོན་སངས་རྒྱས་ནས་ལོ། །དེ་ལ་དུས་མཚོས་དམན་པའི་ལྷག །ལྕགས་འབྲུག་རྩ་རྒྱུད་གསུངས་པ་དང་། །མྱ་ངན་འདས་པ་ཕྱིན་གྱི་ལོ། །དེ་ལ་གཟུགས་ཕྲི་ལྕགས་སྦྲུལ་ལ། །ཟླ་བས་རྩ་རྒྱུད་བསྡུས་པ་དང་། །སླར་ཡང་མིག་སྦྱངས་གཤེགས་ལོ་སྟེ། །བསེ་རུས་དམན་པའི་ཤིང་སྤྲེ་ལ། །ལྷ་དབང་སྟོན་པར་ཕེབས་ནས་ལོ། །མཁའ་མཁའ་རོས་ཕྲི་གྲགས་པ་ཡིས། །ཤིང་སྤྲེ་ཆོས་བསྟན་ཕྱིན་གྱི་ལོ། །དེ་ལས་མཁའ་མཁའ་བུ་ག་སྦྱངས། །རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ཤིང་། །མ་ཁར་ཀླ་ཀློ་ཞུགས་ནས་ལོ། །མིག་སྐྱོན་ཕྲི་བས་མེ་ཁྱི་ལ། །རྒྱལ་དཀས་རྩིས་འགོ་རྩོམ་ནས་ཏེ། །དེ་ལས་གཟུགས་ལག་མིག་སྦྱངས་པས། །རབ་བྱུང་དང་པོ་ཟུག་པ་ནས། །ད་ལྟའི་བར་གྱི་འདས་ལོ་སྟེ། །ཆུ་རོ་རོས་ཕྲི་སྐྱེས་བདག་ཅེས། །ལྕགས་ལུག་འདི་ཡི་སྟེང་དུ་སླེབས། །ཞེས་སྨྲས་པ་ནི་མཚོན་པ་ཙམ་སྟེ། འདས་ལོ་རྣམ་པར་དག་པ་འདི་ཉིད་ཀྱི་སྲོག་ཤིང་ལ་བརྟེན་ནས། སྔོན་གྱི་དེབ་ཐེར་ལས་བྱུང་བའི་བསྟན་རྩིས་ཀྱི་རབས་གང་དང་གང་བརྩི་འདོད་པ་དེ་དང་དེ་རྣམས་ཀྱང་བརྩི་ཚུལ་ཤེས་པར་བྱའོ། །

ཟླ་བ་བཤད་པ།

ཐ་སྙད་སྤྱིར་བསྟན་པ།

p. 235

གཉིས་པ་ཟླ་བ་བཤད་པ་ལའང་ཐ་སྙད་སྤྱིར་བཤད་པ་དང་། ཟླ་དག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཟླ་བའི་དཀར་ཆ་འཕེལ་འགྲིབ་བཅོ་ལྔ་རེ་རྫོགས་པ་ལ་ཟླ་གཅིག་ཏུ་འཇོག་པའི་ཕྱིར། ཚེས་ཞག་སུམ་ཅུ་རེའི་བདག་ཉིད་ཅན་ནི་ཟླ་བ་མཚན་ཉིད་པ་ཡིན་ལ། ཁྱིམ་ཞག་དང་ཉིན་ཞག་སུམ་ཅུ་སུམ་ཅུ་ལ་རང་རང་གི་ཟླ་བ་རེར་བྱས་པ་ནི་ཟླ་བོ་ཚེས་ཟླ་ལས་བཏགས་པར་ཟད་དོ། །དེ་ཡང་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཏེ། བོད་ཀྱི་ཐ་སྙད་དང་

p. 236

བསྟུན་ན། དཔྱིད་དབྱར་སྟོན་དགུན་བཞི་རེ་རེ་ལའང་ར་འབྲིང་ཐ་གསུམ་དུ་ཕྱེ་བས་དེ་ལྟར་འབྱུང་བའི་ཕྱིར་དང་། འཕགས་ཡུལ་ལ་སོགས་པའི་ཐ་སྙད་དང་བསྟུན་ནའང་། ཉ་སྐར་བཅུ་གཉིས་པོ་གང་དང་གང་གིས་ཉ་བ་དེ་དང་དེའི་མིང་འདོགས་པས་དེ་ལྟར་འབྱུང་བའི་ཕྱིར་ཏེ། བཤོལ་མེད་པའི་དུས་སུ་ནག་པས་ཉ་བ་ལ་ནག་ཟླར་འཇོག་པ་ནས་རིམ་པར་དབོས་ཉ་བ་ལ་དབོ་ཟླར་འཇོག་པ་དེའི་ཕྱིར། གལ་ཏེ་བཤོལ་ལོངས་པའི་དུས་སུ་དེར་མ་ངེས་ཏེ། ནག་ཟླ་ལ་ས་རིས་ཉ་བ་དང་། དབོ་ཟླ་ལ་ནག་པས་ཉ་བ་སྲིད་པའི་ཕྱིར། ཉ་སྐར་ནི། དབོ་ནག་ས་ག་དཔྱིད་གསུམ་སྟེ། །སྣྲོན་དང་ཆུ་སྟོད་གྲོ་བཞིན་དབྱར། །ཁྲུམས་དང་ཐ་སྐར་སྨིན་དྲུག་སྟོན། །མགོ་རྒྱལ་མཆུ་གསུམ་དགུན་དུས་ཉིད། །ཅེས་སོ། །དེ་དག་འབྱུང་རྩིས་པའི་ཟླ་བ་དང་དུས་ངེས་ཀྱིས་ལྟོ་སྒྲིག་པའི་ཚེ་ནག་ཟླ་དང་། འབྱུང་རྩིས་པའི་རྟ་ཟླ་ཧོར་ཟླ་གསུམ་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ནས། དབོ་ཟླ་དང་སྦྲུལ་ཟླ་ཧོར་ཟླ་གཉིས་པ་གཉིས་དོན་གཅིག་པའི་བར་ལྟོ་འབྱོར་བ་ཡིན་ནོ། །གཞན་ཡང་། ཟླ་བ་བཅུ་གཉིས་པོ་རེ་རེ་ཞིང་། ཁྱིམ་ཟླ་དང་། དེ་དག་གི་མིང་མ་རྒྱུད་རྣམས་སུ་གསུངས་པའི་རོ་ཧི་ཏ་སོགས་དང་། དེ་ལ་འཆར་བའི་རྟེན་འབྲེལ་རྣམས་ལྟོ་སྦྱར་ཚུལ་ཡང་ཤེས་པར་བྱ་སྟེ། དེ་ཡང་མཁའ་འགྲོ་རྒྱ་མཚོ་ལས། ཐོག་མར་མ་རིག་ཆུ་སྲིན་དང་། །རོ་ཧི་ཏའོ་དེ་བཞིན་གཞན། །གཉིས་པར་མོ་ཧི་ཏ་བུམ་པ། །འདུ་བྱེད་དུ་ནི་གསལ་བར་འགྲོ། །གསུམ་པར་བཟང་པོ་དང་ནི་ཉ། །རྣམ་པར་ཤེས་པ་དེ་རིག་བྱ། །བཞི་པར་ཁྱུ་མཆོག་དང་ནི་ལུག །མིང་དང་གཟུགས་སུ་འདོད་པར་བྱ། །ལྔ་པ་དུ་ནི་རུས་སྦལ་ཏེ། །བྲྀ་ཥ་སྐྱེ་མཆེད་དྲུག་མཆོག་གོ། དྲུག་པ་ཆུ་སྲིན་དང་འཁྲིག་པ། །རྟག་ཏུ་རེག་པ་རུ་ནི་འགྲོ། །བདུན་པ་རཱཎྜ་ཀརྐ་ཊ། །དེ་བཞིན་དུ་ནི་ཚོར་བ་མཆོག །བརྒྱད་པར་མི་ཀི་ར་སེང་གེ། མཆོག་ཏུ་མཐུན་པ་སྲེད་པའོ། །དགུ་པར་འབུགས་པ་དང་བུ་མོ། །ཉེ་བར་ལེན་པ་དུ་ནི་འདོད། །བཅུ་པར་སེམས་གཡེང་བ་དང་སྲང་། །སྲིད་པ་དུ་ནི་རབ་ཏུ་བརྗོད། །བཅུ་གཅིག་པ་རུ་རྨི་ལམ་དང་། །བྲྀཥྩི་ཀ་དང་སྐྱེ་དེ་བཞིན། །བཅུ་གཉིས་པ་རུ་ས་དབང་ཕྱུག །གཞུ་དང་རྒས་ཤིང་ཤི་བའོ། །ཞེས་གསུངས། དེ་དག་ཀྱང་དགུན་

p. 237

འབྲིང་རྒྱལ་ཟླ་ནས་འགོ་བརྩམས་ཏེ། རྡོ་རྗེ་མཁའ་འགྲོ་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཉི་མ་བྱང་དུ་བགྲོད་པའི་དུས། །ཟླ་བ་རྣམ་པ་བཅུ་གཉིས་ནི། །རིམ་ནས་རིམ་པ་བཞིན་དུ་བཞག །ཅེས་གསུངས་པའི་ཕྱིར་རོ། །འོ་ན་འདིར་ཡང་དགུན་འབྲིང་ནས་བརྩམས་ཏེ་ལོ་འགོ་འཛིན་ནམ་སྙམ་ན། མ་ཡིན་ཏེ། སྔར་བཤད་པ་ལྟར་ཁྱིམ་གྱི་དང་པོ་ལུག་ཡིན་པས་དེར་ཉི་མ་ཐོག་མར་ཞུགས་པ་ནས་ལོ་འགོ་འཛིན་དགོས་ལ། དེ་ཡང་ཧོར་ཟླ་གསུམ་པ་དང་འགྲིག་པས་དེ་ནས་འཛིན་དགོས་ཏེ། ཡར་ངོ་སྔོན་འགྲོའི་དབང་དུ་བྱས་ཏེ་ལུག་ཁྱིམ་ནག་ཟླ་དང་། མར་ངོ་སྔོན་འགྲོའི་དབང་དུ་བྱས་ཏེ་ལུག་ཁྱིམ་ས་ག་དང་སྦྱོར་བའི་ལུགས་གཉིས་ཀ་ལྟར་ཡང་ཧོར་ཟླ་གསུམ་པ་ལས་མི་འདའ་བའི་ཕྱིར་ཏེ། དེའི་དཀར་ཚེས་གཅིག་ནས་གནམ་གང་གི་བར་གང་རུང་ལ་ཉི་བར་ལུག་ཁྱིམ་དུ་འཇུག་ངེས་པའི་ཕྱིར། གལ་ཏེ་ཟླ་ཐེབ་ཡོད་པའི་ཚེ། དབོ་ཟླའི་ཉེར་བརྒྱད། ཉེར་དགུ། གནམ་གང་རྣམས་ལ་ལུག་ཁྱིམ་དུ་འཇུག་པའི་རི་མོ་འཆར་བ་ཡོད་དོ་ཞེ་ན། ཁྱིམ་སླེབ་ཉི་དག་ལ་བྱས་པའི་ཚེ་དེ་འདྲ་བ་སྲིད་པ་བདེན་ཡང་། འདིར་ཉི་དག་ལ་བྱེད་པ་འོག་ཏུ་འགོག་པ་ལྟར་མི་འཐད་པའི་ཕྱིར་སྲིད་པ་མ་ཡིན་ནོ། །དེ་ལས་འདིར་ལག་རྩིས་ཀྱིས་འདས་ལོ་དག་པ་བརྩི་བའི་ཚེ། ནག་ཟླའི་དཀར་ཕྱོགས་ཁོ་ན་ནས་འགོ་འཛིན་དགོས་ཏེ། ཉི་དྷྲཱུ་སྟོང་པའི་ཚེ། སླར་ཡང་ནག་ཟླའི་དཀར་ཚེས་གཅིག་ནས་བརྩམས་ཏེ་ངེས་པར་འཆར་བའི་ཕྱིར་རོ། །གཞན་དུ་ན་ནག་ཟླའི་སྨད་ལ་ཉི་མ་ལུག་ཁྱིམ་དུ་ཞུགས་པའི་རི་མོ་འཆར་བ་དེའི་ཚེ། ལུག་ཁྱིམ་ས་ག་དང་སྦྱར་ཏེ་ནག་ཟླའི་ཚེས་བཅུ་དྲུག་ན་འགོ་འཛིན་པའང་བཤད་དེ། འགྲེལ་ཆེན་ལས། ལྷུན་པོའི་ལྷོ་ཡི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པ་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་ཕྱེད་དོ། །ཞེས་པ་དང་། དབང་ལེའི། ནག་པོའི་མཐར་ནི་དཀར་པོའི་ཚེས་ལ། ཞེས་པའི་འགྲེལ་པར། འཕགས་པའི་ཡུལ་འདིར་དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་མཐར། ནག་པོའི་ཚེས་གཅིག་འཇུག་པ། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཞེས་སོ། །

ཟླ་དག་བྱེ་བྲག་ཏུ་བཤད་པ།

p. 238

གཉིས་པ་ལ། ཁྱིམ་ཟླ་དག་པ་དང་། ཚེས་ཟླ་དག་པ་གཉིས། དང་པོ་ནི། རྩིས་གཞི་གང་ཡིན་དེའི་ལོ་དག་པ་བཅུ་གཉིས་ཀྱིས་བསྒྱུར་བས་ཁྱིམ་ཟླའི་ཕུང་པོར་འགྱུར་ཏེ། ལོ་རེ་ལ་ཁྱིམ་ཟླ་བཅུ་གཉིས་རེ་ཆད་ལྷག་མེད་པར་ཡོད་པའི་ཕྱིར། དེ་ལ་འགོ་ཐོག་གི་ལོ་གང་ཡིན་དེར་མ་ལོངས་པའི་ནག་ཟླ་ནས་མཆུ་ཟླའི་བར་གྱི་འདས་ཟླ་དུ་སོང་བསྲེ་དགོས་ཏེ། མ་བསྲེས་ན་ནག་དྷྲཱུ་ཁོ་ན་ལས་ས་ག་ལ་སོགས་པའི་དྷྲཱུ་བ་གཞན་རྣམས་མི་སྟོན་པའི་ཕྱིར། གལ་ཏེ་དབོ་ཟླ་རྫོགས་པ་ན་འདས་ཟླ་བཅུ་གཉིས་པ་དེ་བསྲེ་དགོས་པ་མ་ཡིན་ཏེ། དེའི་ཚེ་ལོར་ལོངས་པས་འདས་ལོ་བསྲེས་པ་ཉིད་ཀྱིས་དེ་བསྲེས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཁྱིམ་ཟླའི་ཚོགས་དེ་ལས་ཚེས་ཟླ་བསྒྲུབ་དགོས་ཏེ། ཡན་ལག་ལྔའི་ངེས་པ་གཙོ་བོར་ཚེས་ཞག་ལས་བརྩམས་ཏེ་འཆར་བ་གང་ཞིག །ཁྱིམ་ཟླས་ཚེས་རྩིས་རྟོགས་པར་མི་ནུས་པའི་ཕྱིར་རོ། །དེས་ན་ཚེས་ཟླ་བསྒྲུབ་པའི་ཆེད་དུ་ཁྱིམ་ཟླའི་ཚོགས་དེ་གནས་གཉིས་སུ་འཇོག་སྟེ། སྟེང་མ་ཟླ་ལྷག་བསྣོན་པའི་གཞི་དང་། འོག་མ་འཚོལ་གཞིར་ངེས་པའི་ཕྱིར། དེ་ཡང་ཟླ་ལྷག་འོངས་མཚམས་ནི། ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་སོང་བའི་ཚེ། ཚེས་ཟླ་གཅིག་ལྷག་པའི་ཁྱད་ཀྱིས་ཕྱེད་བཅས་སོ་གསུམ་དུ་འགྱུར་ལ། དེའི་གནད་ཀྱིས་འོག་མ་ལ་ཕྱེད་བཅས་སོ་གཉིས་ཀྱིས་བགོད་དགོས་ཀྱང་། ཕྱེད་པ་དེས་བགོད་མ་བདེ་བས་དེ་སོ་གཉིས་ལ་གཞུགས་པའི་ཕྱིར། རིལ་པོ་སོ་གཉིས་པོ། གཉིས་ཀྱིས་བསྒྱུར་ཏེ་ཕྱེད་པའི་ཕུང་པོར་བྱས་པ་ལ། ཕྱེད་པ་གཅིག་པོ་བཅུག་སྟེ་བགོད་བྱེད་རེ་ལྔར་བྱས་ན། དེ་དང་ཤེད་མཚུངས་པའི་ཕྱིར་བགོད་གཞི་ཡང་གཉིས་ཀྱིས་བསྒྱུར་ལ་བགོ་བར་བྱ་བ་ཡིན་མོད། རྒྱུད་དུ་ནི། རེ་ལྔ་ཡང་ཕྱེད་པའི་ཕུང་པོར་གསིལ་ཏེ་དཀྱིལ་འཁོར་མཁའ་མེ་ཟླ་བར་མཛད་པའི་གནད་ཀྱིས་སྒྱུར་བྱེད་ཀྱང་བཞིས་མཛད་དོ། །དེ་ལྟར་གནས་འོག་ལ་མདའ་རོས་བགོས་པའི་ཐོབ་ནོར་ནི། རྩིས་གཞི་བརྩམས་ནས་ད་ལྟའི་བར་དུ་ཟླ་བཤོལ་ཅི་ཙམ་སོང་བའི་གྲངས་ཡིན་པའི་ཕྱིར། དེ་སྟེང་མ་ལ་སྦྱིན་པས་ཚེས་ཟླ་དག་པར་འགྱུར་ཤིང་། ལྷག་མ་ནི་ཟླ་བཤོལ་གྱི་རྩིས་འཕྲོ་སྟེ། ཟླ་ཐེབ་ཕྱི་མ་དེ་དོར་བ་ནས་བརྩམས་ཏེ། ཟླ་བ་དུ་སོང་གི་གྲངས་ཡིན་པས་དེས་

p. 239

མདའ་རོར་སྦྱངས་པའི་ལྷག་མ་དེ་ལ་གཉིས་ཀྱིས་བགོས་པའི་ནོར་གྱིས། ད་ནས་ཅི་ཙམ་ན་ཟླ་ཐེབ་འབྱུང་བའི་གྲངས་སྟོན་པ་ཡིན་ལ། དེ་ཡང་ཟླ་དག་འཕར་བའི་ཚེ། ཟླ་བ་སྔ་མ་དེ་ཟླ་ཐེབ་ཏུ་འདོན་ཞིང་། དེའི་ཚེ་ཟླ་བཤོལ་གྱི་འཕྲོར་ཐིག་བྱུང་ན། བཤོལ་གྱི་ཟླ་བ་དེ་རྫོགས་པ་དང་ཟླ་དག་འཕར་བའི་ཟླ་བ་དེ་ཤར་བས་ན་མཐའ་ནས་བཤོལ་བའི་ཐ་སྙད་དང་། གལ་ཏེ་གཅིག་ལུས་ན་འཕར་བའི་ཟླ་བ་དེ་ཤར་བའི་ཚེ་ཟླ་བཤོལ་ཐོན་ནས་ཟླ་བ་ཕྱེད་སོང་བ་ཡིན་པས་དབུས་ནས་བཤོལ་ཞེས་ཐ་སྙད་གདགས་སོ། །འདིར་རྒྱུད་ལས་རྩིས་འཕྲོ་བསྲེ་སྦྱངས་གང་ཡང་མ་གསུངས་པ་ནི། བྱེད་པ་ལ་ལྟོས་ཏེ་བཤོལ་ཟླ་བ་གཉིས་ཀྱི་སྔ་ནུར་ནས་འདོན་པར་མཛད་པའི་དབང་གིས་ཡིན་ལ། གྲུབ་མཐའ་ལྟར་དག་པར་བརྩི་ན། དུས་དེར་མདའ་རོ་ལྷག་དྲུག་ཅུ་རེ་གཅིག་རྩིས་འཕྲོར་བསྲེ་དགོས་པ་ཡིན་ཏེ། ལོ་རེ་ལྔ་ལ་ཟླ་བཤོལ་ཉི་བར་དང་བཅས་པ་ལོ་མཚམས་དང་། དེ་ལན་བཅུ་གཉིས་བལྡབས་པའི་བདུན་བརྒྱ་བརྒྱད་ཅུའི་མཐར་དྲུག་ཅུ་སྐོར་གྱི་མཚམས་སུ་འཁོར་བ་གང་ཞིག །རྒྱལ་དཀས་རྩིས་གཞི་གཟུང་བའི་དུས་མཚམས་ནི། མེ་ཁྱི་དེའི་སྔོན་མ་ཤིང་བྱའི་མཐའ་དེར་ངེས་པའི་ཕྱིར་དང་། ལོ་དེ་ཉིད་ཀྱང་རབ་བྱུང་མེ་ཡོས་ནས་བརྩམས་ཏེ་ལོ་མཚམས་སུ་དག་ཐེངས་ལན་ལྔ་དང་ལོ་རྐྱང་ང་བཞི་པའི་སྟེང་དུ་སླེབ་པ་སུམ་བརྒྱ་དོན་དགུའི་མཐའི་ཤིང་བྱ་དེ་ཡིན་པར་གྲུབ་སྟེ། དེ་ནས་ལོ་བཅུ་གཅིག་འདས་པའི་མེ་སྤྲེལ་ལ་འཁོར་ཐེངས་དྲུག་པ་རྫོགས་པའི་ཕྱིར་དང་། རྒྱུད་དངོས་བསྟན་གྱི་ཟླ་བཤོལ་རྩིས་འཕྲོ་སྟོང་པ་དང་། ཉི་དྷྲཱུ་དོན་གྱི་ཉེར་དྲུག་ང་བརྒྱད་དུ་གསུངས་པ་འདི་ལོ་རེ་ལྔ་ལ་ཟླ་བཤོལ་ཉེར་བཞི་འཁོར་བའི་ནང་ནས་ས་ག་བཤོལ་བ་གཉིས་ཡོད་པ་ལས། ཟླ་བཤོལ་ཉི་ཤུ་པ་ས་ག་ཐ་ནས་བཤོལ་བ་དང་འགྲིགས་པའི་ཤིང་བྱ་དེ་ཉིད་མ་གཏོགས་ཤིང་བྱ་གཞན་ལས་མི་འགྲུབ་པའི་ཕྱིར་རོ། །གཞན་ཡང་ཁྱིམ་ཚེས་ཀྱི་བར་ཁྱད་ལས་ཟླ་ཐེབ་འདོན་པའི་རྒྱུ་མཚན་ཞིབ་མོ་དང་། ཉི་ཚེས་རིལ་ཆའི་ཟླ་དྷྲཱུ་རྣམས་ཀྱི་རྒྱུ་མཚན་ཡང་སྐབས་འདི་ཉིད་དུ་འཆད་པར་རིགས་མོད་ཀྱི། འོན་ཀྱང་སྔ་མ་ནི་ཞག་གི་དབྱེ་བ་འཆད་པ་ལས་ཤེས་པར་འགྱུར་ཞིང་། ཕྱི་མ་ཡང་འོག་ཏུ་ལོངས་སྤྱོད་ཀྱི་སྐབས་སུ་བཤད་ན་མ་
འཛིང་པས་བློ་ལ་འཆར་བདེ་བར་སྣང་བའི་ཕྱིར་མ་སྤྲོས་སོ། །འདིར་སྨྲས་པ། ཁྱིམ་ཟླ་ཕྱེད་བཅས་སོ་གཉིས་ན། །ཚེས་ཟླ་ཕྱེད་བཅས་སོ་གསུམ་སྟེ། །ཟླ་བཤོལ་རྩིས་འཕྲོ་ལོ་མཚམས་སུ། །འཁོར་བའི་ལོ་གྲངས་རེ་ལྔ་ལ། །ཟླ་ཐེབ་ཉི་ཤུ་རྩ་བཞིར་ངེས། །དེ་ཕྱིར་ཟླ་བཤོལ་འབྱུང་བའི་དུས། །བདེ་བླག་བརྟགས་པའི་ལག་ལེན་ནི། །རབ་ཉིའི་ནང་གི་སྐྱེས་བདག་སོགས། །འདས་ལོ་ཉིས་བསྒྱུར་འདས་ཟླ་བསྲེས། །གནས་གཉིས་འོག་ཆ་ལག་པས་བསྒྱུར། །དུས་མཚོ་བསྲེས་ལ་མདའ་རོས་བགོ། ཐོབ་པ་སྟེང་བྱིན་ཚེས་ཟླར་འགྱུར། །ཞེས་སོ། །

ཞག་བཤད་པ།

ཐ་སྙད་སྤྱིར་བཤད་པ།

p. 240

གསུམ་པ་ཞག་བཤད་པ་ལ། ཐ་སྙད་སྤྱིར་བསྟན་པ་དང་། དབྱེ་བ་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཞག་ལ་རིགས་གསུམ་དུ་འགྱུར་ཏེ། ཉིན་ཞག །ཚེས་ཞག །ཁྱིམ་ཞག་གསུམ་དུ་ངེས་པའི་ཕྱིར། དེ་ལ་ཉིན་ཞག་ནི། རེས་གཟའི་འཕོ་མཚམས་སམ་ཉི་མས་གླིང་ལ་བྱ་བ་བྱེད་ཚུལ་གྱི་སྒོ་ནས་འཇོག་པ་ཡིན་ཏེ། ད་ལྟ་ཡོངས་གྲགས་ལྟར་གླིང་འདིར་ད་ནངས་ནམ་ལངས་ནས་སང་ནམ་མ་ལངས་མཚམས་ཀྱི་བར་ལ་ཞག་རེར་བྱས་པ་འདི་ལ་འཇོག་ཅིང་། དེ་ཉིད་ལ་མིའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པར་གསུངས་ལ། དེ་ཆུ་སྲང་དུ་དྲིལ་ན་སུམ་སྟོང་དྲུག་བརྒྱ། དེའང་ཆུ་ཚོད་དུ་དྲིལ་ན་ཆུ་ཚོད་དྲུག་ཅུ་རེ་ཡོད་པའི་ཕྱིར། ཚེས་ཞག་ནི། ཟླ་བའི་ཆ་སྐྱེ་འབྲིའི་སྒོ་ནས་འཇོག་སྟེ། ཡར་ངོ་ལ་འཕེལ་ཆ་བཅོ་ལྔ་དང་། མར་ངོ་ལ་འགྲིབ་ཆ་བཅོ་ལྔ་ཡོད་ཅིང་། འཕེལ་འགྲིབ་ཀྱི་ཆ་བཅོ་ལྔ་བཅོ་ལྔར་ཕྱེ་བའི་ཆ་རེའི་ཡུན་ལ་ཞག་གཅིག་ཏུ་འཇོག་པ་གང་ཞིག །དེ་ཉིད་ལ་ཆུ་ཚོད་ང་དགུ། སྲང་གསུམ། དབུགས་བཞི། དབུགས་ཀྱི་རི་མཁའ་རི་ཆ་བཅུ་དྲུག་རྣམས་ཡོད་པའི་ཕྱིར། ཁྱིམ་ཞག་ནི། ཉི་བར་གྱི་ཁྱིམ་རེ་འཕོ་བའི་སུམ་ཅུ་ཆ་རེར་འཇོག་སྟེ། ཁྱིམ་རེ་རྫོགས་པར་སྤྱོད་པའི་ཡུན་ལ་ཁྱིམ་ཞག་སུམ་ཅུ་སུམ་ཅུ། དེ་རེ་རེ་ལ་ཡུན་ཚད། ཆུ་ཚོད་དྲུག་ཅུ། སྲང་ང་གཉིས། དབུགས་བཞི། རི་མཁའ་རི་ཆ་བརྒྱ་རེ་བརྒྱད། དེའི་འདོད་ཆ་བཅུའམ་མདའ་རོ་ཆ་ལྔ་བཅུ་རྣམས་ཡོད་པའི་ཕྱིར། དེ་ལྟར་ན་ཁྱིམ་ཞག་ཡུན་རིང་། ཉིན་ཞག་འབྲིང་། ཚེས་ཞག་ཐུང་བའི་ཕྱིར། ལོངས་སྤྱོད་དེས་བརྩམ་པའི་ཞག་གྲངས་འདྲེན་པའི་ཚེ། ཁྱིམ་ཞག་གྲངས་ཉུང་།
ཉིན་ཞག་འབྲིང་། ཚེས་ཞག་མང་བར་འགྱུར་ཏེ། གཞལ་བྱའི་ཕུང་པོ་གཅིག་ལ་འཇལ་བྱེད་ཆེ་འབྲིང་ཆུང་གསུམ་གྱིས་གཞལ་བ་ན་ཆུང་རིམ་ནས་གྲངས་མང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དེས་ན་ཉི་མས་རྒྱུ་སྐར་འཁོར་བའི་ཡུན་ཚད་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུའི་ཕུང་པོ་གཅིག་ཉིད་ལ། ཉིན་ཞག་གི་ཚད་ཀྱི་གྲངས་ནི། ཞག་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅུ་དྲུག །སྲང་བཅུ་བཞི། དབུགས་གཅིག །འདོད་ཆ་བཅུ་གཉིས། རི་མཁའ་རི་ཆ་བརྒྱ་ཉེར་གཅིག་རྣམས་སུ་འགྱུར་ལ། གལ་ཏེ་ཚེས་ཞག་གི་ཚད་ཀྱི་གྲངས་ནི། ཞག་སུམ་བརྒྱ་དོན་གཅིག །ཆུ་ཚོད་བཞི། སྲང་སོ་དྲུག །དབུགས་ལྔ། འདོད་ཆ་བདུན་རྣམས་འོང་བ་ཡིན་ནོ། །

དབྱེ་བ་རྒྱས་པར་བཤད་པ།

ལོངས་སྤྱོད་ལས་ལོངས་སྤྱོད་འཚོལ་བའི་རིགས་པས་ཞག་གསུམ་གྱི་ཚད་རྣམ་པར་བཞག་པ།

p. 241

གཉིས་པ་ལ། ལོངས་སྤྱོད་ལས་ལོངས་སྤྱོད་འཚོལ་བའི་རིགས་པས་ཞག་གསུམ་གྱི་ཚད་རྣམ་པར་བཞག་པ། ཞག་གྲངས་ཐ་དད་པའི་དབང་གིས་དཀྱིལ་འཁོར་གསུམ་དུ་རྣམ་པར་བཞག་པ། དེ་གསུམ་ཉི་མའི་དཀྱིལ་འཁོར་དུ་འགྱུར་ཚུལ་བཤད་པས་དོན་བསྡུ་བའོ། །དང་པོ་ལ། ཉིན་ཞག་ལས་བརྩམས་ཏེ་ལུགས་འབྱུང་དང་། རྩ་རྒྱུད་ལས་དཀྱིལ་འཁོར་གསུངས་པའི་རིམ་པ་དང་མཐུན་པར་དེ་ལས་ལྡོག་སྟེ་འཚོལ་ཚུལ་ལོ། །དང་པོ་ནི། ཞག་གྲངས་བརྩི་བ་ན་སྐྱེ་བོ་ཐམས་ཅད་ཉིན་མཚན་གྱིས་ཕྱེ་བའི་ཞག་དུ་སོང་འདྲེན་པ་ལྟར། ཐོག་མར་ཉིན་ཞག་ལས་བརྩམས་ཏེ་འཚོལ་ན། ཉིན་ཞག་ཕྲུག་རེ་ལ་ཆུ་ཚོད་དྲུག་ཅུ་དང་། དེ་དབུགས་སུ་གསིལ་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་ངེས་ཏེ། ཉིན་ཞག་གཅིག་གི་དུས་ལོངས་སོ། །དེ་ལས་ཚེས་ཞག་གི་ཚད་འཚོལ་བའི་རིགས་པ་ནི། ཉིན་ཞག་གི་དབུགས་གྲངས་དེ་ཉིད་རི་མཁའ་རིས་བསྒྱུར་བའི་ཚོགས་གནས་གསུམ་དུ་བཀོད་ལ། འོག་ནས་རི་མཁའ་རི་དང་། །ཆུ་རོས་དྲིལ་བའི་ལྷག་མེད་ཅིང་། ནོར་དེས་སྟེང་མར་སྦྱངས་པས་ཚེས་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར་ཏེ། རི་མཁའ་རི་སོགས་འཁོར་ལོས་ཕུད་པས་ཚེས་ཞག་གི་ཚད་༠རྣམ་པར་དག་པ་འཆར་རོ། །དེ་ལྟར་ཉིན་ཞག་གཅིག་གི་རེ་བཞི་ཆ་དང་། དེའི་རི་མཁའ་རི་ཆ་བསྡོམས་པས་ཚེས་ཞག་ལ་བུ་ལོན་དུ་འགྲོ་བའི་རྒྱུ་མཚན་ཡང་འདི་ཡིན་ཏེ། ཉིན་ཞག་ལ་ཚེས་ཞག་གིས་ཕྲི་བས་ལྷག །ཆུ་སྲང་ང་དྲུག །དབུགས་གཅིག །རི་མཁའ་རི་ཆ་དྲུག་བརྒྱ་

p. 242

གོ་གཅིག་རྣམས་ལུས་པ་དེ་ཉིད་ཚེས་ཞག་དང་ཉིན་ཞག་གཉིས་ཀྱི་བར་ཁྱད་ཡིན་པ་གང་ཞིག །དེ་ཉིན་ཞག་གི་ལོངས་སྤྱོད་ལ་ཆུ་རོས་བགོས་པའི་ནོར་༠དང་། དེ་ལ་རི་མཁའ་རིས་བགོས་པའི་ནོར་༠གཉིས་གནས་མཚུངས་སུ་བསྲེས་པ་ལས་དེ་ལྟར་འབྱུང་བའི་ཕྱིར་རོ། །ཡང་དེ་ལས་ཁྱིམ་ཞག་གི་ཚད་འཚོལ་བ་ན། ཚེས་ཞག་གི་ཚད་དེ་རི་མཁའ་རིའི་བར་དུ་གསིལ་བ་གནས་གཉིས་སུ་བཞག་པའི་འོག་མ་གཉིས་ཀྱིས་བསྒྱུར་ལ་མདའ་རོས་བགོས་པས་ལྷག་ལྔ་བཅུ་ལུས་ཤིང་། ཐོབ་ནོར་སྟེང་དུ་བསྲེས་པས་ཁྱིམ་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར། དེ་སྔར་གསིལ་བའི་ཆས་དྲིལ་བས་ཁྱིམ་ཞག་གི་ཚད་༠རྣམ་པར་དག་པ་འཆར་རོ། །ཆོ་ག་དེ་ལྟར་བྱས་པའི་རྒྱུ་མཚན་ཡང་ཡོད་དེ། ཁྱིམ་ལོངས་ལ་ཚེས་ལོངས་ཀྱིས་ཕྲི་བས་ལྷགཆུ་ཚོད་གཅིག །ཆུ་སྲང་ཞེ་དགུ། དབུགས་ཐིག །རི་མཁའ་རི་ཆ་བརྒྱ་ང་གཉིས། རེ་ལྔ་ཆ་ལྔ་བཅུ་ལུས་པ་དེ་ཞག་གཉིས་པོའི་བར་ཁྱད་དུ་ངེས་པ་གང་ཞིག །དེ་ཚེས་ཞག་རྟག་ལོངས་ལ་རེ་ལྔས་བགོས་པའི་ནོར་༠ཉིས་འགྱུར་དུ་བྱས་པའམ། ཡང་ན་ཕྱེད་བཅས་སོ་གཉིས་ཆ་སྟེ་ཚེས་ལོངས་གཉིས་ཀྱིས་བསྒྱུར་བ་ལ། མདའ་རོས་རིམ་པར་བགོས་པས་བར་ཁྱད་དེ་ཉིད་འབྱུང་བའི་ཕྱིར། འདིར་ཕྱེད་བཅས་སོ་གཉིས་ཀྱིས་བགོད་མ་བདེ་བས་ཕྱེད་པར་བྱས་པ་སོགས་ནི་ཟླ་དག་གི་སྐབས་སུ་བཤད་པ་ལྟར་རོ། །གཉིས་པ་ནི། ཉི་མའི་ཉིན་ཞག་དཀྱིལ་འཁོར་ལ་ཁྱིམ་ཞག་དཀྱིལ་འཁོར་གྱིས་རིམ་པར་བགོས་པས་ཁྱིམ་ལོངས་༠རྣམ་དག་འཆར་རོ། །དེ་ལྟར་རིགས་པའང་ཡིན་ཏེ། ཆུ་ཚོད་དྲུག་ཅུ་ལ་ཞག་ཏུ་བྱས་པའི་དུས་ཀྱི་ལོངས་སྤྱོད་ལོ་གཅིག་གི་བར་དུ་སྤུངས་པའི་ཉིན་ཞག་དཀྱིལ་འཁོར་ལས། ལོ་གཅིག་གི་ཁྱིམ་ཞག་གི་ཕུང་པོས་རང་གི་ཐོབ་སྐལ་བླངས་པ་ངེས་པའི་ཕྱིར། དེ་ལས་ཚེས་ཞག་གི་ཚད་འཚོལ་ན། ཁྱིམ་ལོངས་རི་མཁའ་རིའི་བར་གསིལ་བ་གནས་གཉིས་སུ་བྱས་པའི་འོག་མ་མིག་གིས་བསྒྱུར་ནས། རི་རོས་བགོས་པའི་ནོར་གྱིས་གནས་སྟེང་མར་ཕྲི་ལྷག་ཚེས་ཞག་གི་ཆ་ཡི་ཕུང་པོར་འགྱུར་བའི་ཕྱིར། དེ་སྔར་གང་དུ་བཤིག་པའི་ཆ་ཤས་ནས་བརྩམས་ཏེ་འཁོར་ལོས་དྲིལ་བས་ཚེས་ཞག་གི་ཚད་༠འཆར་རོ། །དེ་ལྟར་འཆར་བའི་ཤེས་བྱེད་ཡོད་དེ། ཞག་གཉིས་པོའི་

p. 243

བར་ཁྱད། ཆུ་ཚོད་གཅིག །སྲང་ཞེ་དགུ། དབུགས་ཐིག །འདོད་ཆ་གཉིས། རི་མཁའ་རི་ཆ་ལྔ་བརྒྱ་དོན་གཉིས་ཡོད་པ་གང་ཞིག །དེའི་ཁྱིམ་ལོངས་ལ་རེ་བདུན་གྱིས་ཕྱེ་བའི་ནོར་༠ཉིས་འགྱུར་དུས་བྱས་པའམ། ཡང་ན་ཕྱེད་བཅས་སོ་གཉིས་ཆ་སྟེ་ཁྱིམ་ལོངས་ཉིས་འགྱུར་ལ་རི་རོས་ཕྱེ་ན་ཡང་བར་ཁྱད་དེ་ལྟར་འབྱུང་བའི་ཕྱིར། ཡང་དེ་ལས་ཉིན་ཞག་གི་ཚད་འཚོལ་ན། ཚེས་ལོངས་ཆ་ཤས་ཀྱི་བར་དུ་གསོལ་བ་གནས་བཞིར་བཞག་ལ། འོག་ནས་འབྱུང་འདོད་དྲག་པོ་དང་། རོ་བུག་རོ་དང་། མེ་རོ་རྣམས་ཀྱིས་དྲིལ་བའི་ཐོབ་ནོར་སྟེང་མར་བསྲེས་པའི་ཚོགས་དེ་ཉིན་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར། དེ་རི་མཁའ་རི་དང་། འདོད་པ་སོགས་ཀྱིས་ཆུ་ཚོད་ཀྱི་སར་དྲིལ་བས་གནས་འོག་མ་ཀུན་སྟོང་ནས་ཆུ་ཚོད་དུ་དྲུག་ཅུ་འོང་སྟེ་ཉིན་ཞག་གི་ཚད་༠རྣམ་པར་དག་པའོ། །ཆོ་ག་དེ་ལྟར་རིགས་པའི་རྒྱུ་མཚན་ནི་འདི་ཡིན་ཏེ། ཞག་གཉིས་པོའི་བར་ཁྱད་ལ། སྲང་ང་དྲུག །དབུགས་གཅིག །འདོད་ཆ་བཅུ་གཉིས། རི་མཁའ་རི་ཆ་བཞི་བརྒྱ་གོ་དགུ་རྣམས་ཡོད་པ་གང་ཞིག །དེ་ཚེས་ཞག་གཅིག་གི་རེ་གསུམ་ཆ་༠དང་། དེའི་རོ་བུག་རོ་ཆ་༠དང་། དེའི་ཡང་འབྱུང་འདོད་དྲག་ཆ་༠རྣམས་གནས་མཚུངས་སུ་བསྲེས་པ་ལ། རོ་བུག་རོ་དང་། མེ་རོ་དང་། རི་མཁའ་རི་སོགས་འཁོར་ལོས་དྲིལ་བས་བར་ཁྱད་དེ་ལྟར་འབྱུང་བའི་ཕྱིར་རོ། །དེ་ལྟར་ནའང་། ཁྱིམ་ཚེས་ཀྱི་རྟག་ལོངས་ལུགས་ལྡོག་གིས་བཙལ་བའི་རིགས་པ་འདི་དང་། གོང་དུ་ལུགས་འབྱུང་གི་རིགས་པས་བཙལ་བའི་ལོངས་སྤྱོད་གཉིས་ཆ་ཤས་ཀྱི་རི་མོའི་རྣམ་འགྱུར་མི་འདྲ་ཡང་དོན་འདྲ་བ་སྟེ། ཁྱིམ་ཞག་གི་ཆ་གོང་འོག་གཉིས་གནས་གཅིག་ཏུ་བསྡུས་ན་མཚོ་བུག་གཟུགས་མིག་འོང་བར་མཚུངས་པའི་ཕྱིར་རོ། །དེས་མཚོན་ནས། གཞི་གང་དང་གང་ལའང་དང་པོར་ཡོད་པའི་གནས་གློ་བུར་དུ་བསྡུ་བ་དང་། མེད་པ་གློ་བུར་དུ་བཟོ་བའི་རིགས་པ་གོང་འོག་ཀུན་ཏུ་འཁྱེར་ཤེས་པར་བྱ་སྟེ། དེ་ལས་དང་པོ་ནི། གོང་མ་འོག་མའི་འཁོར་ལོས་བསྒྱུར་ལ་རང་ཆ་བཅུག་ནས། གོང་མའི་འཁོར་ལོས་བགོས་པས་ལྷག་མ་མ་ལུས་ན་རང་གནས་སུ་བསྡུས་པར་སོང་སྟེ། དཔེར་ན། ཚེས་ལོངས་ཀྱི་ཆུ་སྲང་དང་། རི་མཁའ་རི་ཆའི་བར་དུ་དབུགས་
མེད་པར་བྱེད་ན། དབུགས་བཞི་པོ་རི་མཁའ་རིས་བསྒྱུར་ལ་བཅུ་དྲུག་པོ་བཅུག །དེ་ལ་དབུགས་ཀྱི་འཁོར་ལོ་དྲུག་གིས་བགོས་ནོར་ཆུ་རི་རྒྱ་མཚོ་འོང་སྟེ། ཆུ་སྲང་གཅིག་གི་རི་མཁའ་རི་ཆའོ། །གཉིས་པ་ནི། གནས་འོག་མ་དེ་གང་བཟོ་འདོད་པའི་ཆའི་འཁོར་ལོས་བསྒྱུར་ལ། འོག་མའི་འཁོར་ལོས་བགོས་པའི་ཐོབ་པ་ནི། གློ་བུར་དུ་བཟོས་པའི་འཁོར་ལོའི་ཆ་དང་། ལྷག་མ་ནི་དེའི་ཆ་གཅིག་གི་འོག་མའི་རང་ཆར་གནས་པ་ཡིན་ཏེ། དཔེར་ན། ཚེས་ལོངས་ཀྱི་དབུགས་དང་། རི་མཁའ་རིའི་བར་དུ། འདོད་ཆ་གློ་བུར་དུ་འདོན་ན། བཅུ་དྲུག་པོ་འདོད་པས་བསྒྱུར་ལ་རི་མཁའ་རིས་ཐོབ་པ་ཐིག་ལེ་ནི་འདོད་ཆ་དང་། ལྷག་ཀླུ་མཁའ་མིག་ནི་དེའི་རི་མཁའ་རི་ཆའོ། །དེ་བཞིན་དུ་ཆ་འོག་མ་མེད་པར་བྱས་ཏེ། གོང་མ་ལས་སྟེང་དུ་ཆ་གང་འདོད་གློ་བུར་དུ་འདོན་ནའང་། གོང་མ་སྟེང་དུ་གང་འདོན་གྱི་འཁོར་ལོས་བསྒྱུར། སྒྱུར་བྱེད་དེས་འོག་མའི་འཁོར་ལོ་གང་ཡིན་ལ་བགོས་པས་ལྷག་མེད་དུ་སོང་ན། དེའི་ཐོབ་ནོར་དེ་འོག་མའི་གནས་ལ་བགོས་པའི་ནོར་རམ། གལ་ཏེ་ལྷག་མེད་དུ་མ་སོང་ན། འོག་མའི་གནས་ན་གང་ཡོད་དེ་ཉིད་ལ་བསྲེས་ནས་རང་གནས་ཀྱི་འཁོར་ལོས་ཕུད་པས་ཐོབ་ནོར་གྱི་ཆ་གློ་བུར་དུ་ཐོན་ཅིང་། གནས་འོག་མ་བསྡུ་ཐུབ་པ་སྟེ། ཁྱིམ་ལོངས་གོང་མའི་ལུགས་འབྱུང་གི་ཆ་ཤས་ལ་དཔེར་མཚོན་ན། མདའ་རོ་ལ་འདོད་པས་ཕྱེ་བས་ནོར་ལྔ་འོང་བ་དེ་མདའ་རོ་ཆ་ལྔའམ་བཅུ་གསུམ་ཆ་གཅིག་ཡིན་པའི་ཕྱིར། དེས་མདའ་རོ་ཆ་ལྔ་བཅུ་ལ་བགོས་ནོར་བཅུ་ཐོབ་པ་དེ། བརྒྱ་རེ་བརྒྱད་འདོད་པས་བསྒྱུར་བ་ལ་སྦྱིན་པས་རེ་ཞིག་འདོད་ཆའི་ཕུང་པོར་འགྱུར་ལ། དེ་ལ་འོག་མའི་ཆ་གང་བྱེད་ཀྱི་འཁོར་ལོ་རི་མཁའ་རིས་བགོས་པས་ནོར་གསུམ་ཐོབ་པ་འདོད་པའི་ཆ་དང་། ལྷག་བདུན་ཅུ་དོན་གསུམ་པོ་རི་མཁའ་རི་ཆ་ཡིན་པ་བཞིན་ནོ། །

ཞག་གྲངས་ཐ་དད་པའི་དབང་གིས་དཀྱིལ་འཁོར་གསུམ་དུ་རྣམ་པར་བཞག་པ།

དཀྱིལ་འཁོར་གསུམ་དུ་རྣམ་པར་བཞག་པ་དངོས།

p. 244

གཉིས་པ་དཀྱིལ་འཁོར་གསུམ་གྱི་རྣམ་གཞག་ལ། དངོས་དང་། དེས་ཟླ་བཤོལ་དང་ཞག་མི་ཐུབ་པ་བཤད་པའོ། །དང་པོ་ལ། ལུགས་འབྱུང་དང་། དེ་ལས་ལྡོག་སྟེ་འཚོལ་ཚུལ་གཉིས་ལས། དང་པོ་ནི། རྩ་རྒྱུད་དུ་གསུངས་པའི་གོ་རིམ་ལྟར་ཐོག་མར་ཁྱིམ་ཞག་ལས་

p. 245

བརྩམས་ཏེ་བཤད་ན། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ནི། དེའི་དཀྱིལ་འཁོར་ཡིན་ཏེ་ཉི་མའི་རང་འགྲོས་ཀྱིས་རྒྱུ་སྐར་གྱི་དཀྱིལ་འཁོར་འཁོར་བའི་གྲངས་ཆད་ལྷག་དང་བྲལ་བར་ལུང་རིགས་ཚད་མས་གྲུབ་པའི་ཕྱིར། ལུང་གིས་གྲུབ་སྟེ། རྩ་རྒྱུད་ལས། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། ཞེས་གསུངས་པས་སོ། །ས་རིས་ཀྱི་རིག་པས་ཀྱང་གཏན་ལ་ཕེབས་ཏེ། ཉི་མས་ཁྱིམ་ཞག་རེ་ལ་ཡུལ་སྟེང་ནས་སྤྱོད་པའི་རྟག་ལོངས་༠ཆུ་སྲང་གི་ཕུང་པོར་བྱས་པས། བགྲོད་གཞི་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་པོ་ཤེད་མཚུངས་སུ་བྱས་པ་ལ། བགོས་པས་ཁྱིམ་ཞག་དཀྱིལ་འཁོར་རྣམ་དག་༣༦༠འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཉིན་ཚེས་གཉིས་ལའང་མཚོན་ཏེ། རང་རང་གི་ཡུལ་ལོངས། ༠༠བུག་མཁའ་མིག་བུག་ཡིད་དང་། ༦༦༡༧༥༢ཆུ་འདོད་ཆར་དྲིལ་བས། ༥༨༥རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས། སོ་སོའི་དཀྱིལ་འཁོར་འཆར་བར་འགྱུར་རོ། །དེ་ནས་ཁྱིམ་ཞག་དཀྱིལ་འཁོར་ལས་ཚེས་ཞག་གི་དཀྱིལ་འཁོར་འཚོལ་ན། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་གནས་གཉིས་སུ་བྱས་ཏེ། འོག་མ་མིག་གིས་བསྒྱུར་ནས་མདའ་རོས་རྙེད་པ་སྟེང་མར་སྦྱིན་པས་ལོ་གཅིག་གི་ཚེས་ཞག་གི་གྲངས་སྟོན་ལ། ལྷག་མར་ལྔ་ལུས་པ་ནི། ཚེས་ཞག་གཅིག་གི་བཅུ་གསུམ་ཆ་གཅིག་དང་། མདའ་རོ་ཆ་ལྔའི་གཞི་མཐུན་གྱི་ཚད་ཡིན་ཏེ། ཚེས་ཞག་གཅིག་གི་བཅུ་གསུམ་ཆའི་ལྔ་ཆ་གཅིག་དང་། མདའ་རོ་ཆ་གཅིག་དོན་གཅིག་པའི་ཕྱིར་རོ། །དེས་ན་ལྷག་མ་དེ་འདོད་པས་བསྒྱུར་ནས། མདའ་རོས་བགོས་པས་བཅུ་གསུམ་ཆ་གཅིག་ཐོབ་སྟེ་དག་མོད་ཀྱི། དེ་ལྟ་ནའང་རྩ་རྒྱུད་ལས། གནས་གཉིས་འོག་མ་མིག་གིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །སྟེང་གི་ཕུང་པོར་ནོར་དུ་སྦྱིན། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ཡི་འོག་ཏུ་ཡང་། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ལས་ཀྱང་འོག་སྟེ། །སླར་ཡང་ལྷག་མ་དྲུག་གིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །དབུགས་ཀྱི་ཚོགས་ཏེ་མི་ཡི་བདག །དེ་ཡི་ཡང་ནི་འོག་ཏུ་བཞག །ཅེས་དབུགས་ཀྱི་བར་གསུངས་ཤིང་། ད་དུང་དབུགས་ཀྱི་ལྷག་སོ་ལྔ་ལུས་པ་དེར་འདོད་ཆར་བྱས་པས་ལྷག་མ་མེད། ༣༧༡

p. 246

ཚེས་ཞག་གི་དཀྱིལ་འཁོར་རྣམ་པར་དག་པའོ། །ཆོ་ག་དེ་ལྟར་བྱེད་པའི་རྒྱུ་མཚན་ཡང་། ཁྱིམ་ཞག་ཕྱེད་བཅས་སོ་གཉིས་ན། ཚེས་ཞག་གི་གྲངས་གཅིག་ལྷག་པར་ལོངས་པའི་དོན་གྱིས་ཡིན་ཏེ། ཁྱིམ་ཚེས་ལོངས་སྤྱོད་ཀྱི་བར་ཁྱད། ཆུ་ཚོད་གཅིག །སྲང་ཞེ་དགུ། དབུགས་ཐིག །འདོད་ཆ་གཉིས། རི་སོགས་ཆ་ལྔ་བརྒྱ་དོན་གཉིས་པོ་གནས་གཉིས་བཀོད་པའི། གཅིག་གི་གནས་ཐམས་ཅད་སོ་གཉིས་ཀྱིས་བསྒྱུར་༠དང་། གཅིག་ལ་མིག་གིས་རིམ་པར་བགོས་པའི་ནོར་༠གཉིས་གནས་མཚུངས་སུ་བསྲེས་པས་ཚེས་ཞག་གཅིག་ཏུ་༠ལོངས་པའི་ཕྱིར་རོ། །འདིར་ཚེས་ཞག་དཀྱིལ་འཁོར་གྱི་རྗེས་འབྲང་། ཆུ་ཚོད་བཞི། སྲང་སོ་དྲུགདབུགས་ལྔ། འདོད་ཆ་བདུན་རྣམས་ཞག་རེར་ཆུ་ཚོད་དྲུག་ཅུར་བྱས་པ་ལྟ་བུའི་ཆུ་ཚོད་སོགས་མཚན་ཉིད་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། གལ་ཏེ་ཡིན་ན། ཚེས་ཞག་གཅིག་གི་ཚད་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པའི་གནས་ཐམས་ཅད་སུམ་བརྒྱ་དོན་གཅིག་གིས་བསྒྱུར་བ་ལ། དཀྱིལ་འཁོར་གྱི་རྗེས་འབྲང་། ཆུ་ཚོད་བཞི། སྲང་སོ་དྲུག་སོགས་གནས་མཚུངས་སུ་བསྲེས་ཏེ་འཁོར་ལོར་དྲིལ་བས་ཉིན་ཞག་དཀྱིལ་འཁོར་རྗེས་འབྲང་དང་བཅས་པ་འབྱུང་རིགས་པ་ལས། དེ་ལྟར་མི་འབྱུང་བ་རི་མོས་སྟོན་པའི་ཕྱིར་རོ། །དེས་ན་ཆུ་ཚོད་མཚན་ཉིད་པའི་དབང་དུ་བྱས་ན། སྔར་ཁྱིམ་ཚེས་གཉིས་ཀྱི་དཀྱིལ་འཁོར་གྱི་བར་ཁྱད་ཞག་ཐོབ་ཀྱི་ལྷག་ལྔ་ལུས་པ་དེ། ཚེས་ཞག་གཅིག་གི་བཅུ་གསུམ་ཆ་གཅིག་ཡིན་པའི་རྒྱུ་མཚན་གྱིས། འདིར་ཚེས་ཞག་གི་ཚད་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པ་བཅུ་གསུམ་གྱིས་རིམ་པར་ཕྱེ་བས། ཆུ་ཚོད་བཞི། སྲང་སོ་གཉིས། དབུགས་གསུམ། འདོད་ཆ་བདུན། རི་མཁའ་རི་ཆ་བཅུ་དྲུག་རྣམས་འོང་བ་ཡིན་ཏེ། ཚེས་ཞག་གི་ཚད་དེ་སུམ་བརྒྱ་དོན་གཅིག་གིས་བསྒྱུར་བ་ལ། དེ་རྣམས་སྦྱིན་ཏེ་འཁོར་ལོས་དྲིལ་བས་ཉིན་དཀྱིལ་རྣམ་དག་༣༦༥འཆར་བའི་ཕྱིར་རོ། །འོ་ན་ཆུ་སྲང་སོ་དྲུག་སོགས་མེད་པ་ལ་ཡོད་པར་བྱས་པས་དཀྱིལ་འཁོར་མ་དག་གོ་སྙམ་ན། སྐྱོན་མེད་དེ། ཚེས་ཞག་གི་ཚད་ཆུ་ཚོད་ང་དགུ་སོགས་ཀྱི་བདག་ཉིད་ཅན་གྱི་ཚེས་ཞག་དཀྱིལ་འཁོར་ཞག་སུམ་བརྒྱ་དོན་གཅིག་དང་། དེ་འདྲའི་ཞག་གི་བཅུ་གསུམ་

p. 247

ཆ་གཅིག་ཡིན་ཡང་། ཞག་གཞན་གཉིས་ཀྱི་གྲངས་ལས་ཚེས་ཞག་གི་གྲངས་དང་། ཚེས་ཞག་གི་གྲངས་ལས་གཞན་གཉིས་ཀྱི་གྲངས་འཚོལ་བའི་ཚེ། ཆུ་ཚོད་ང་དགུ་ལ་སོགས་པའི་བདག་ཉིད་ཅན་དུ་གྱུར་པའི་ཚེས་ཞག་རེ་ལ་ཆུ་ཚོད་དྲུག་ཅུ་དང་། དེ་འདྲའི་ཆུ་ཚོད་རེ་ལ་སྲང་དྲུག་ཅུ་ལ་སོགས་པར་བྱས་ན་རྟག་ལོངས་ལ་སོགས་པའི་སྐབས་དོན་གྱི་གྲུབ་འབྲས་ལ་སྐྱོན་ཆེར་མི་བསྐྱེད་ཅིང་། གནས་སྐབས་སུ་བྱ་སླ་བའི་དགོས་པ་གཟིགས་ནས་དེར་མཛད་པའི་ཕྱིར་རོ། །ཡང་ཚེས་ཞག་དཀྱིལ་འཁོར་ལས་ཉིན་ཞག་དཀྱིལ་འཁོར་འཚོལ་ན། རྒྱུད་དུ་ཚེས་དཀྱིལ་དབུགས་ཡན་མ་གཏོགས་འདོད་ཆར་གསིལ་བ་དངོས་སུ་ུམ་གསུངས་ཀྱང་དོན་གྱིས་ཐོབ་ཅིང་། འདོད་ཆའི་ཕུང་པོ་དེ་ཡང་རི་མཁའ་རིས་བསྒྱུར་དགོས་ཏེ། གནས་གསུམ་གྱི་འོག་མ་ལྷག་མེད་དུ་བྱེད་པའི་རིགས་པ་ཡིན་པའི་ཕྱིར། དེ་ལྟར་ཚེས་དཀྱིལ་རི་མཁའ་རིར་གསིལ་བའི་ཕུང་པོ་དེ་གནས་གསུམ་དུ་བྱས་ལ། འོག་ནས་རི་མཁའ་རི་དང་། ཆུ་རོས་དྲིལ་བས་ལྷག་མེད་ཅིང་། ཐོབ་ནོར་གྱིས་གནས་སྟེང་མ་ལ་སྦྱངས་པས་ཉིན་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར། དེ་རི་མཁའ་རི་སོགས་སྔར་གང་དུ་བཤིག་པའི་ཆའི་འཁོར་ལོས་ཞག་སར་དྲིལ་བས་ཉིན་ཞག་གི་དཀྱིལ་འཁོར་༣༦༥རྣམ་དག་འཆར་བ་ཡིན་ནོ། །འདིར་ཆོ་ག་དེ་ལྟར་བྱས་པའི་ཤེས་བྱེད་ཀྱང་། ཚེས་ཞག་རེ་བཞིན་ཉིན་ཞག་རེ་ཆད་པར་མ་ཟད། ཉིན་ཞག་གི་རི་མཁའ་རི་ཆ་དེ་ཡང་ཆད་ཡོད་པའི་དོན་གྱིས་ཡིན་ཏེ། ཉིན་ཚེས་ལོངས་སྤྱོད་ཀྱི་བར་ཁྱད། ཆུ་སྲང་ང་དྲུག །དབུགས་གཅིག །རི་མཁའ་རི་ཆ་དྲུག་བརྒྱ་གོ་གཅིག་གི་གནས་ཐམས་ཅད་རེ་བཞིས་བསྒྱུར་ཏེ་དྲིལ་བས། ཆུ་ཚོད་དྲུག་ཅུ། སྲང་ལྔ། དབུགས་ཐིག །རི་མཁའ་རི་ཆ་མཁའ་བུག་ཡོན་ཏན་རྣམས་འོང་བ་གང་ཞིག །དེའི་ཆུ་ཚོད་དྲུག་ཅུ་པོ་ཉིན་ཞག་གཅིག་གི་ཚད་དང་། རྗེས་འབྲང་རྣམས་ཉིན་ཞག་གི་རྟག་ལོངས་ལ་རི་མཁའ་རིས་ཕྱེ་བའི་ཐོབ་ནོར་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྩ་རྒྱུད་ལས། ཉིན་ཞག་ཆུ་ཚོད་ཆུ་སྲང་རྣམས། དབུགས་སུ་བྱས་ནས་རྣམ་གསུམ་སླར། །འོག་མ་རི་མཁའ་རིས་ཐོབ་པ། །དབུགས་ཀྱི་ཕུང་པོར་ནོར་དུ་ཕྱིན། །དེ་ལ་དྲུག་ཅུ་རྩ་བཞིས་ཐོབ། །སྟེང་གི་ཕུང་པོར་

p. 248

བུ་ལོན་འཕྲོག །ལྷག་མ་འདིར་ནི་ཉིན་ཞག་དང་། །ཆུ་ཚོད་ཆུ་སྲང་དག་དང་དབུགས། །ཞེས་སོ། །གཉིས་པ་ལུགས་ལྡོག་གི་འཚོལ་ཚུལ་ནི། ཁྱིམ་ཞག་གི་ཚད་ཀྱི་༠གནས་ཐམས་ཅད་ཁྱིམ་དཀྱིལ་གྱིས་བསྒྱུར་ཏེ་དྲིལ་བས་ཉིན་ཞག་གི་དཀྱིལ་འཁོར་༣༦༥འཆར་ཞིང་། ༧མིག་ཀླུ་མེ་སྐྱོན་གྱི་ཆས་བསྡུས་པའི་ཉིན་ཞག་དཀྱིལ་འཁོར་༣༦༥ཡིན། མཆན། དེ་ལས་ཚེས་ཞག་གི་དཀྱིལ་འཁོར་འཚོལ་ན། ཉིན་དཀྱིལ་ཆ་ཕྲ་མོའི་བར་གསིལ་བའི་ཚོགས་གནས་བཞིར་བཞག་ལ། འོག་ནས་འབྱུང་འདོད་དྲག་པོ་དང་། རོ་བུག་རོ་དང་། མེ་རོ་རྣམས་ཀྱིས་དྲིལ་བའི་ནོར་སྟེང་མར་སྦྱིན་པས་ཚེས་ཞག་གི་ཆའི་ཚོགས་སུ་འགྱུར་ལ། དེ་སྔར་གོང་དུ་གསིལ་བའི་འཁོར་ལོས་ཞག་སར་ཕུད་པས་ཚེས་དཀྱིལ་༣༧༡འཆར་ཏེ། ༧འདོད་ཆར་བསྡུས་པའི་ཚེས་དཀྱིལ་༣༧༡ཡིན། མཆན། དེའི་ཤེས་བྱེད་ཀྱང་། ཉིན་ཚེས་ཀྱི་བར་ཁྱད། ཆུ་སྲང་ང་དྲུག །དབུགས་གཅིག །འདོད་ཆ་བཅུ་གཉིས། རི་སོགས་ཆ་བཞི་བརྒྱ་གོ་དགུ་རྣམས་བསགས་པ་ལས། ཞག་རེ་གསུམ་ན་ཚེས་ཞག་གི་རོ་བུག་རོ་ཆ་༠དང་། དེའི་འབྱུང་འདོད་དྲག་ཆ་༠གཅིག་དང་བཅས་པའི་ཚེས་ཞག་གི་ཚད་དུ་ལོངས་བའི་དོན་གྱིས་ཏེ། ཞག་གི་བར་ཁྱད་དེ་རེ་གསུམ་གྱིས་བསྒྱུར་བའི་ཚོགས་༠ལ། རོ་བུག་རོ་ཆ་དང་འབྱུང་འདོད་དྲག་ཆ་བསྡོམས་པའི་ཚད་༠ཀྱིས་ཕྲི་བས། ཚེས་ཞག་གི་ཚད་ཆུ་ཚོད་ང་དགུ་སོགས་གཙང་མར་འཆར་རོ། །ཡང་དེ་ལས་ཁྱིམ་དཀྱིལ་བཟོ་ན། ཚེས་དཀྱིལ་འདོད་ཆའི་བར་དུ་གསིལ་བའི་ཚོགས་གནས་གཉིས་སུ་བྱས་ཏེ། འོག་མ་མིག་གིས་བསྒྱུར་ལ་རི་རོས་བགོས་པའི་ནོར་གྱིས་སྟེང་མ་ལ་སྦྱངས་པས་ཁྱིམ་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར། དེ་འདོད་དུས་སོགས་འཁོར་ལོས་ཞག་སར་དྲིལ་བས་ཁྱིམ་དཀྱིལ་རྣམ་དག་༣༦༠འཆར་ཏེ། དེ་ལྟར་འོང་བའི་རྒྱུ་མཚན་ཡང་ཁྱིམ་ཚེས་ཀྱི་བར་ཁྱད། ཆུ་ཚོད་གཅིག །ཆུ་སྲང་ཞེ་དགུ་ལ་སོགས་པ་དེ་བསགས་པ་ལས། ཞག་ཕྱེད་བཅས་སོ་གསུམ་ན་ཁྱིམ་ཞག་གཅིག་ཏུ་ལོངས་པའི་དོན་གྱིས་ཏེ། ཁྱིམ་ཚེས་ཀྱི་བར་ཁྱད་༠དེ་གནས་གཉིས་སུ་བྱས་པའི་གཅིག་གི་གནས་རྣམས་སོ་གསུམ་གྱིས་བསྒྱུར་བ་༠དང་། གཅིག་ལ་མིག་གིས་བགོས་པའི་ནོར་༠གཉིས་གནས་མཚུངས་སུ་བསྲེས་པས་ཁྱིམ་ཞག་

p. 249

ཏུ་ལོངས་པའི་ཕྱིར་རོ། །གཞན་ཡང་ཞག་གསུམ་ཕན་ཚུན་བརྟེན་ཏེ་རི་མོའི་གཟུགས་བརྙན་འདོན་ཚུལ་མཐའ་ཡས་མོད་ཀྱི། དེ་ལྟར་ནའང་འདིར་ཞག་གང་དང་གང་ལས་དེ་དང་དེ་གློ་བུར་དུ་བསྒྲུབ་པ་སོགས་རི་མོས་གཏན་ལ་འབེབས་པ་ལ་དོགས་པ་སྤངས་པའི་ཆེད་དུ་སྔར་མ་བརྗོད་པའི་ལག་ལེན་རྒྱུག་ཆེ་བ་འགའ་ཞིག་འཆད་དེ། དེ་ཡང་ཉིན་ཚེས་གཉིས་ཀྱི་བར་ཁྱད་འཚོལ་བ་ནི། འཚོལ་གཞི་ཞག་གང་དང་གང་ཡིན་པ་དེ་གནས་གཉིས་སུ་བྱས་ཏེ། འོག་མ་ཐུབ་རི་ཟླ་བས་བསྒྱུར་ལ། བགོད་བྱེད་ཚེས་ཞག་ལས་ཉིན་ཞག་བསྒྲུབ་པའི་ཚེ། ཉི་མ་འདོད་ཟླས་བགོས་ནོར་གྱིས་སྟེང་ནས་སྦྱང་བ་དང་། ཡང་ཉིན་ཞག་ལས་ཚེས་ཞག་བསྒྲུབ་པའི་ཚེ། འབྱུང་འདོད་དྲག་པོས་ཐོབ་པ་སྟེང་མར་སྟེར་དགོས་པ་ཡིན་ཏེ། དང་པོའི་རྒྱུ་མཚན་ནི། ཉིན་ཚེས་ཀྱི་བར་ཁྱད་ཆུ་སྲང་ང་དྲུག་ལ་སོགས་པ་དེ་ཐུབ་རི་ཟླ་བའི་ཆ་བརྒྱ་རེ་གཅིག་དང་བཅས་པའི་རེ་གསུམ་དུ་བསགས་པ་ལས་ཉིན་ཞག་ཏུ་ལོངས་པའི་དོན་གྱིས་ཏེ། བར་ཁྱད་༠དེ་ཉིད་གནས་གཉིས་སུ་བྱས་པའི་གཅིག་ལ་ཐུབ་རི་ཟླ་བས་བགོས་པའི་ནོར་༠རྣམས་བརྒྱ་རེ་གཅིག་གིས་བསྒྱུར་བ་༠དང་། ཅིག་ཤོས་ཀྱི་གནས་རྣམས་རེ་གསུམ་གྱིས་བསྒྱུར་བ་༠གཉིས་སྟོབས་མཚུངས་སུ་བསྲེས་པས་ཉིན་ཞག་གི་ཚད་དུ་༠ལོངས་པའི་ཕྱིར། གཉིས་པའི་ཤེས་བྱེད་ནི། བར་ཁྱད་དེ་ཐུབ་རི་ཟླ་ཆ་བརྒྱ་རེ་གཅིག་དང་བཅས་པའི་རེ་གཉིས་སུ་བསགས་པ་ལས་ཚེས་ཞག་ཏུ་ལོངས་པའི་དོན་གྱིས་ཏེ། ཆུ་སྲང་ང་དྲུག་ལ་སོགས་པའི་བར་ཁྱད་དེ་གནས་གཉིས་སུ་བྱས་པའི་གཅིག་གི་གནས་རྣམས་རེ་གཉིས་ཀྱིས་བསྒྱུར་ཏེ་དྲིལ་བའི་ཚོགས་༠དང་། ཅིག་ཤོས་ཐུབ་རི་ཟླ་ཆ་བརྒྱ་རེ་གཅིག་ཏུ་བསགས་ལུགས་བཤད་མ་ཐག་པ་ལྟར་བྱས་པ་དེ་གཉིས་བསྲེས་པས་ཚེས་ཞག་གཅིག་གི་ཚད་དུ་༠ལོངས་པའི་ཕྱིར་རོ། །དེས་ན་བརྒྱ་རེ་གཅིག་དང་བཅས་པས་བགོད་མ་བདེ་བས། རེ་གསུམ་དང་། རེ་གཉིས་གཉིས་ཀ་ཐུབ་རི་ཟླ་བས་བསྒྱུར་ལ། བརྒྱ་རེ་གཅིག་བཅུག་པས་བགོད་བྱེད་གཉིས་པོ་འབྱུང་ཞིང་། དེ་དང་ཤེད་མཚུངས་པའི་ཕྱིར་འོག་མ་ཐུབ་རི་ཟླ་བས་བསྒྱུར་བ་ཡིན་ནོ། །ཡང་། ཁྱིམ་ཉིན་གཉིས་ཀྱི་བར་ཁྱད་འཚོལ་བ་ན། འཚོལ་གཞི་ཞག་

p. 250

གང་དང་གང་ཡིན་པ་དེ་གནས་གཉིས་སུ་བྱས་ཏེ། འོག་མ་མེ་ཚེས་ལག་པས་བསྒྱུར་བ་ལ། བགོད་བྱེད། ཉིན་ཞག་ལས་ཁྱིམ་ཞག་འཚོལ་བའི་ཚེ། བུག་མཁའ་མིག་བུག་ཡིད་ཀྱི་ཐོབ་ནོར་གྱིས་སྟེང་ནས་སྦྱངས་པ་དང་། ཡང་ཁྱིམ་ཞག་ལས་ཉིན་ཞག་འཚོལ་བའི་ཚེ། དུས་མདའ་མཁའ་རི་ཡིད་ཀྱིས་རྙེད་པ་གོང་མར་སྟེར་དགོས་པ་ཡིན་ཏེ། དང་པོའི་ཤེས་བྱེད་ནི། ཁྱིམ་ཞག་དང་ཉིན་ཞག་གི་བར་ཁྱད། ཆུ་སྲང་ང་གཉིས། དབུགས་བཞི། འདོད་ཆ་གསུམ། རི་མཁའ་རི་ཆ་དོན་གསུམ་རྣམས། མེ་ཚེས་ལག་ཆ་དྲུག་བརྒྱ་ང་གཉིས་དང་བཅས་པའི་རེ་དགུར་བསགས་པ་ལས་ཁྱིམ་ཞག་ཏུ་ལོངས་པའི་དོན་གྱིས་ཏེ། བར་ཁྱད་དེ་ཉིད་གནས་གཉིས་སུ་བྱས་པའི་གཅིག་ལ་མེ་ཚེས་ལག་པས་ཕྱེ་བའི་ནོར་༠རྣམས་དྲུག་བརྒྱ་དང་ང་གཉིས་ཀྱིས་བསྒྱུར་བ་༠དང་། ཅིག་ཤོས་ཀྱི་གནས་རྣམས་རེ་དགུས་བསྒྱུར་བ་༠གཉིས་བསྲེས་པས་ཁྱིམ་ཞག་གཅིག་ཏུ་༠ལོངས་པའི་ཕྱིར། གཉིས་པའི་ཤེས་བྱེད་ནི། མེ་ཚེས་ལག་ཆ་དྲུག་བརྒྱ་ང་གཉིས་དང་བཅས་པའི་རེ་བརྒྱད་དུ་བསགས་པའི་ཉིན་ཞག་ཏུ་ལོངས་པའི་དོན་གྱིས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་སྲང་ང་གཉིས་ལ་སོགས་པ་དེ་གནས་གཉིས་སུ་བྱས་པའི་གཅིག་གི་གནས་རྣམས་རེ་བརྒྱད་ཀྱིས་བསྒྱུར་བ་༠དང་། ཅིག་ཤོས་ལ་མེ་ཚེས་ལག་ཆ་དྲུག་བརྒྱ་ང་གཉིས་སུ་བསགས་ལུགས་སྔར་ལྟར་བྱས་པ་གཉིས་བསྲེས་པས་ཉིན་ཞག་གཅིག་ཏུ་༠ལོངས་པའི་ཕྱིར་རོ། །དེས་ན་དྲུག་བརྒྱ་ང་གཉིས་དང་བཅས་པས་བགོད་མ་བདེ་བས། རེ་དགུ་དང་། རེ་བརྒྱད་མེ་ཚེས་ལག་པས་བསྒྱུར་ལ། དྲུག་བརྒྱ་དང་ང་གཉིས་བསྲེས་པས་བགོད་བྱེད་གཉིས་པོ་འབྱུང་བའི་ཕྱིར། བགོད་གཞི་ཡང་ཤེད་མཚུངས་ཀྱི་རིགས་པས་མེ་ཚེས་ལག་པས་བསྒྱུར་བ་ཡིན་ནོ། །དེ་ལྟར་ངེས་པར་བྱས་ནས། སྐབས་སུ་བབས་པའི་ཞག་གང་དང་གང་ལས་དེ་དང་དེ་གློ་བུར་དུ་འཚོལ་བའི་ལག་ལེན་གྱི་སྡོམ་ནི། ༈ །ཉིན་ཞག་གྲངས་ལས་ཚེས་ཞག་གྲངས། །བསྒྲུབ་ན་ཉིན་ཞག་གནས་གཉིས་བཀོད། །འོག་མ་ཐུབ་རི་ཟླས་བསྒྱུར་བཞག །འབྱུང་འདོད་དྲག་པོས་ཐོབ་པའི་ནོར། །སྟེང་བསྲེ་ལྷག་རྣམས་མཁའ་རོ་སོགས། །རང་ཆས་བསྒྱུར་ཐོབ་ཚེས་ཞག་གོ། ༈ཉིན་ཞག་ལས་ནི་ཁྱིམ་ཞག་

p. 251

གྲངས། །འཚོལ་ན་ཉིན་ཞག་གནས་གཉིས་བཞག །འོག་མ་མེ་ཚེས་ལག་པས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། རྙེད་པས་སྟེང་ཕྲི་ལྷག་བྱུང་ན། །ཞག་ནས་གཅིག་ཕོབ་དེ་ཡིས་སྦྱངས། །སྐབས་དེའི་ཁྱིམ་ཞག་གྲངས་ཡིན་ནོ། ༈ །ཚེས་ཞག་ལས་ཀྱང་ཁྱིམ་ཞག་གྲངས། །འཚོལ་ན་ཚེས་ཞག་གནས་གཉིས་འོག །མིག་གིས་བསྒྱུར་ལ་རི་རོས་བགོད། །རྙེད་པས་སྟེང་ཕྲི་ལྷག་བྱུང་ན། །ཞག་ནས་གཅིག་ཕོབ་ལྷག་གིས་སྦྱངས། །དེ་ཡིས་སྐབས་དེའི་ཁྱིམ་ཞག་འགྲུབ། ༈ །ཚེས་ཞག་ལས་ནི་ཉིན་ཞག་གྲངས། །འཚོལ་ན་ཚེས་ཞག་གནས་གཉིས་ཀྱི། །འོག་མ་ཐུབ་རི་ཟླས་བསྒྱུར་ལ། །ཉི་མ་འདོད་ཟླས་ཐོབ་པ་ཡི། །ནོར་གྱིས་སྟེང་ཕྲི་ལྷག་ལུས་ན། །ཞག་ནས་གཅིག་ཕོབ་རང་གི་ཆར། །བྱས་པ་ལ་ཕྲི་ཉིན་ཞག་གོ། ༈ཁྱིམ་ཞག་གྲངས་ལས་ཚེས་ཞག་གྲངས། །འཚོལ་ན་ཁྱིམ་ཞག་གནས་གཉིས་འོག །མིག་བསྒྱུར་མདའ་རོས་ཐོབ་པའི་ནོར། །སྟེང་བསྲེ་ལྷག་རྣམས་རང་ཆ་ཡིས། །རིམ་བསྒྱུར་ཐོབ་པ་ཚེས་ཞག་ཡིན། ༈ །ཁྱིམ་ཞག་གྲངས་ལས་ཉིན་ཞག་གྲངས། །བསྒྲུབ་ན་ཁྱིམ་ཞག་གནས་གཉིས་བཀོད། །འོག་མ་མེ་ཚེས་ལག་པས་བསྒྱུར། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། རྙེད་པ་སྟེང་བྱིན་ཉིན་ཞག་གོ། ཞེས་སོ། །མདོར་ན་ཞག་གི་གྲངས་ལ་ནོར་བུ་ལོན་དུ་འགྱུར་ཚུལ་དེ་ལྟར་ལས། ལོངས་སྤྱོད་ལ་དེ་ལས་བཟློག་སྟེ་ནོར་བུ་ལོན་དུ་འགྱུར་ཚུལ་ཡང་ཤེས་པར་བྱ་སྟེ། ལོངས་སྤྱོད་ཀྱི་ནོར་བུ་ལོན་ནི། ཞག་གི་དངོས་པོ་ཆེ་ཆུང་དང་། དཀྱིལ་འཁོར་གསུམ་གྱི་ནོར་བུ་ལོན་ནི་གྲངས་མང་ཉུང་གིས་འཇོག་པ་དེའི་ཕྱིར་དང་། གང་དང་གང་གི་ལོངས་སྤྱོད་ལ་ནོར་དུ་གྱུར་ན་དཀྱིལ་འཁོར་ལ་བུ་ལོན། དཀྱིལ་འཁོར་ལ་ནོར་དུ་གྱུར་ན་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་བ་དང་། དེ་དག་གི་བར་ཁྱད་འཇལ་བའི་བགོད་བྱེད་ཀྱང་། ལོངས་སྤྱོད་ལས་ལོངས་སྤྱོད་འཚོལ་བའི་ཚེ། བར་ཁྱད་དེ་འཚོལ་གཞི་གང་ཡིན་དེའི་ལོངས་སྤྱོད་ཀྱི་གྲངས་ཇི་ཙམ་ཞིག་ཡིན་པའི་གྲངས་དེས་བགོད་པ་དང་། ཡང་གྲངས་ལས་གྲངས་འཚོལ་བ་ན། བར་ཁྱད་བསགས་པ་ལས་བཙལ་བྱར་གྱུར་པའི་ཞག་དེ་ཇི་ཙམ་ན་ལོངས་པའི་གྲངས་དེས་བགོད་པ་ཡིན་ཏེ། སྔར་ཆ་ཙམ་སྨྲས་པ་དེ་དག་ལ་བརྟགས་ནས་ཤེས་པར་བྱའོ། །

དེས་ཟླ་བཤོལ་དང་ཞག་མི་ཐུབ་པ་བཤད་པ།

p. 252

གཉིས་པ་ལ། ཁྱིམ་ཚེས་ཀྱི་བར་ཁྱད་ལ་བརྟེན་ནས་ཟླ་ཐེབ་བཤད་པ་དང་། ཉིན་ཚེས་ཀྱི་བར་ཁྱད་ལ་བརྟེན་ནས་ཞག་མི་ཐུབ་པ་བཤད་པའོ། །དང་པོ་ནི། ཁྱིམ་ཚེས་གཉིས་ཀྱི་ཞག་རེའི་བར་ཁྱད། ཆུ་ཚོད་གཅིག །ཆུ་སྲང་ཞེ་དགུ་ལ་སོགས་པ་དེ། ཕྱེད་བཅས་སོ་གཉིས་སུ་བསགས་པ་ན་ཚེས་ཞག་གཅིག་ཏུ་ལོངས་པའི་ཕྱིར། ཁྱིམ་ཞག་ཕྱེད་བཅས་སོ་གཉིས་ན། ཚེས་ཞག་གཅིག་ཐེབ་ཏུ་ཐོན་ཅིང་། དེ་བསགས་པ་ལས་ལོ་གཅིག་གི་བར་ཁྱད། ཞག་བཅུ་གཅིག །ཆུ་ཚོད་བཞི། ཆུ་སྲང་སོ་དྲུག །དབུགས་ལྔ། འདོད་ཆ་བདུན་འོང་སྟེ་ཟླ་བཤོལ་གྱི་རྒྱུའོ། །དེ་རྣམས་བསགས་པ་ལས་ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་ན་ཚེས་ཟླ་གཅིག་བཤོལ་དུ་འཐོན་པ་ཡིན་ཏེ། ལོ་གཅིག་གི་ཁྱིམ་ཚེས་ཀྱི་བར་ཁྱད་ཞག་བཅུ་གཅིག་ལ་སོགས་པ་དེ་ལོ་གསུམ་གྱིས་བསྒྱུར་བ་༣༣ལ། ཟླ་བ་ཕྱེད་དང་བཞི་ལྷག་པས་དེ་དམན་པའི་ཆེད་དུ། ཟླ་བ་གསུམ་པོ་ཞག་གི་ཕུང་པོར་བྱས་པ་ལ། ཟླ་བ་ཕྱེད་པའི་ཞག་བཅོ་ལྔ་པོ་བསྲེས་ནས་མིག་གིས་བསྒྱུར་ཏེ། མདའ་རོས་བགོས་པས་ཞག་གསུམ་ཐོབ། ལྷག་མ་བཅོ་ལྔ་ལུས་པ་བཅུ་གསུམ་ཆ་གསུམ་དུ་བྱས་ཀྱང་རུང་མོད། འོན་ཀྱང་ཆུ་ཚོད་སོགས་བྱ་ན། དེ་དག་གི་འཁོར་ལོས་རིམ་པར་བསྒྱུར་ལ་མདའ་རོས་བགོས་པས་ཆུ་ཚོད་བཅུ་གསུམ་སོགས་༣ཐོབ་ཅིང་། ཞག་གསུམ་དང་ཆུ་ཚོད་བཅུ་གསུམ་ལ་སོགས་པ་དེས་སྔར་གྱི་ལོ་གསུམ་གྱི་བར་ཁྱད་ཞག་སོ་གསུམ་སོགས་ལ་ཕྲི་བས། ལྷག་མར་ཚེས་ཞག་སུམ་ཅུ་འོང་སྟེ། ཟླ་བཤོལ་གྱི་ཞག་གྲངས་སོ། །དེ་ལྟར་ན་ལོ་གཉིས་དང་། ཟླ་བ་བརྒྱད་དང་། ཞག་བཅོ་ལྔ་ན་ཚེས་ཟླ་ཐེབ་རེ་ལོངས་པ་ཡིན་ཏེ། དཔེར་ན་ཟླ་བཤོལ་ལོ་མཚམས་སུ་སྟོང་པ་གཅིག་ནས་བཟུང་སྟེ། ལོ་གཉིས་དང་། ཟླ་བ་ཕྱེད་དང་དགུ་སོང་མཚམས་མགོ་ཟླའི་དབུས་དང་། ལོ་ལྔ་དང་ཟླ་བ་ལྔ་སོང་མཚམས་གྲོ་བཞིན་ཟླ་བའི་མཐར་ཟླ་བཤོལ་འབྱུང་བ་ཡིན་ནོ། །དེས་ན་རྩོམ་བྱེད་ཀྱི་ཟླ་བ་ཕྱེད་པ་དེ་ཁ་ལོངས་མ་ལོངས་ཀྱི་ཁྱད་པར་གྱིས། དབུས་མཐའི་ཟླ་བཤོལ་སྤེལ་ཏེ་སྟོང་རྩིས་ཀྱི་ལོར་འཁོར་བའི་ཟླ་བཤོལ་ལ་གྲངས་ཉི་ཤུ་རྩ་བཞི་ཉིད་དུ་ཆད་ལྷག་མེད་ཅིང་། དེའང་ཟླ་བ་དག་པ་བསྒྲུབ་པ་ན། མདའ་རོ་ལྷག་གཅིག་འབྱུང་ཚེ་དབུས་བཤོལ་དང་། ཐིག་
བྱུང་ཚེ་མཐའ་ནས་བཤོལ་བའོ། །གཉིས་པ་ལ། ལོངས་སྤྱོད་ཀྱིས་ལོངས་སྤྱོད་ལ་དང་། གྲངས་ཀྱིས་གྲངས་ལ་མ་ཐུབ་པའོ། །དང་པོ་ནི། ཚེས་ཞག་གིས་ཉིན་ཞག་ལ་མ་ཐུབ་སྟེ། ཚེས་ཞག་གི་ཚད་ཆུ་ཚོད་ང་དགུ་ལ་སོགས་པ་དེས་ཉིན་ཞག་གི་ཚད་ཆུ་ཚོད་དྲུག་ཅུར་མ་ལོངས་པ་དེའི་ཕྱིར། གཉིས་པ་ནི། ཉིན་ཞག་གིས་ཚེས་ཞག་ལ་མ་ཐུབ་སྟེ། འཇལ་བྱེད་ཆེ་བས་གཞལ་བའི་ཉིན་ཞག་གི་གྲངས་ཀྱིས། ཆུང་བས་གཞལ་བའི་ཚེས་ཞག་གི་གྲངས་སུ་མ་ལོངས་པའི་ཕྱིར། དཔེར་ན། ཉིན་ཞག་གི་ཚད་ལས་ཚེས་ཞག་གི་ཚད་ཡུན་ཐུང་བས་ཞག་ལྷག་འབྱུང་བ་ཡིན་ཏེ། ལོངས་སྤྱོད་ལ་བུ་ལོན་དུ་གྱུར་ན་དཀྱིལ་འཁོར་ལ་ནོར་དུ་འགྱུར་བའི་རིགས་པ་དེའི་ཕྱིར། དོན་དེས་གང་ལྷག་པའི་ཞག་གི་ངོ་བོ་ཡང་ཚེས་ཞག་ཡིན་ཏེ། ཉིན་ཞག་གི་དཀྱིལ་འཁོར་ལས་གྲངས་མང་ཆར་གྱུར་པའི་ཚེས་ཞག་གི་གྲངས་ཡིན་པའི་ཕྱིར། འོ་ན་ལོ་གཅིག་གི་ཞག་མི་ཐུབ་ཀྱི་ཆ་ལ་ཇི་ཙམ་ཡོད་ཅེ་ན། ཞག་ལྔ། ཆུ་ཚོད་ཞེ་བརྒྱད། སྲང་ཉེར་གཉིས། དབུགས་གསུམ། འདོད་ཆ་བདུན། རི་མཁའ་རི་ཆ་ལྔ་བརྒྱ་གྱ་དྲུག་རྣམས་ཡོད་དེ། ཚེས་དཀྱིལ་ལ་ཉིན་ཞག་དཀྱིལ་འཁོར་གྱིས་ཕྲི་བས་དེ་ལྟར་འབྱུང་བའི་ཕྱིར། དེ་བས་ན་འདུལ་བ་པའི་གསོ་སྦྱོང་བཅུ་བཞི་པ་དང་། མཛོད་ཀྱི་དགོངས་པ་གོང་དུ་བཤད་པ་གཉིས་མཐུན་པར་ལོ་རེ་ལ་ཞག་མི་ཐུབ་པ་དྲུག་རེ་འདོན་པར་མཛད་པ་ནི་རགས་པའི་དབང་དུ་སྟེ། ཆུ་ཚོད་བཅུ་གཅིག་ལྷག་ཙམ་གཅིག་གིས་ཞག་དྲུག་ཏུ་མ་ལོངས་པའི་ཕྱིར་རོ། །

དེ་གསུམ་ཉི་མའི་དཀྱིལ་འཁོར་དུ་འགྱུར་ཚུལ་བཤད་པ།

p. 253

གསུམ་པ་ཉི་མའི་དཀྱིལ་འཁོར་དུ་འགྱུར་ཚུལ་བཤད་པས་དོན་བསྡུ་བ་ནི། གོང་དུ་བཤད་མ་ཐག་པའི་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ། ཉིན་ཞག་སུམ་བརྒྱ་རེ་ལྔ་དང་། ཚེས་ཞག་སུམ་བརྒྱ་དོན་གཅིག་གཉིས་རྗེས་འབྲང་དང་བཅས་པ་དེ་རྣམས་ནི་ཉི་མའི་ཞག་གསུམ་གྱི་དཀྱིལ་འཁོར་ཡིན་ཏེ། ཉི་མའི་རང་འགྲོས་ཀྱིས་རྒྱུ་སྐར་གྱི་འཁོར་ལོ་འཁོར་བའི་ཡུན་ཚད་ལ་ཞག་གསུམ་གྱི་ཚད་སོ་སོས་གཞལ་བའི་གྲངས་ཡིན་པའི་ཕྱིར། དེ་ལྟར་ཡང་རྩ་རྒྱུད་ལས། འདི་དག་འཁོར་ལོའི་ལོངས་སྤྱོད་པས། །ཉི་མའི་དཀྱིལ་འཁོར་དུ་འགྱུར་རོ། །ཞེས་སོ། །དཔེར་ན་ཡུལ་གྱི་ལོངས་སྤྱོད་དེ་རང་གིས་འཁོར་ཚད་ཀྱི་དུས་ཀྱི་དཀྱིལ་འཁོར་གྱིས་བསྒྱུར་
བས་འཁོར་གྲངས་རྒྱུ་སྐར་གྱི་འཁོར་ལོ་གཙང་མར་སྟོན་པའི་ཕྱིར་ཏེ། ཁྱིམ་ཞག་གི་ཡུལ་ལོངས་༠ཉིད་ཁྱིམ་དཀྱིལ་༣༦༠གྱིས་བསྒྱུར་བས་འཁོར་ལོར་འདྲིལ་འགྲོ་བ་གང་ཞིག །ཉིན་ཞག་རྟག་ལོངས་༠སུམ་བརྒྱ་རེ་ལྔས་བསྒྱུར་བའི་སྟེང་དུ། ལོངས་སྤྱོད་དེ་མིག་ཀླུ་མེ་སྐྱོན་གྱི་ཆར་བསྟུན་པ་༠ཉིད་དཀྱིལ་འཁོར་རྗེས་འབྲང་རྣམས་དེ་དང་ཤེད་མཉམ་གྱི་ཆར་དྲིལ་བས་བསྒྱུར་བའི་ཚོགས་༠བསྣན་པ་དང་། ཚེས་ཞག་ལ་རང་གི་ལོངས་སྤྱོད་༠སུམ་བརྒྱ་དོན་གཅིག་གིས་བསྒྱུར་བའི་སྟེང་ཞག་གི་འདོད་ཆ་གཅིག་༠བསྣན་ཏེ་དྲིལ་བས་འཁོར་ལོར་འདྲིལ་༢༧བའི་ཕྱིར་རོ། །

གང་གིས་ལོངས་སྤྱོད་པ་པོ།

p. 254

གཉིས་པ་གང་གིས་ལོངས་སྤྱོད་པ་པོ་ནི། གཟའ་ཆེན་པོ་བཅུ་སྟེ། དེ་དག་གིས་རྒྱུ་སྐར་གྱི་འཁོར་ལོ་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར། དེའི་སྡོམ་ནི། ཉི་ཟླ་དམར་ལྷག་ཕུར་སངས་སྤེན། །རེས་གཟའ་བདུན་དུ་གྲགས་པ་ཡིན། །མཇུག་རིང་སྒྲ་གཅན་གདོང་མཇུག་གསུམ། །བསྣན་པས་གཟའ་ནི་བཅུ་རུ་འགྱུར། །ཞེས་སོ། །དེ་ཡང་ཉི་མ་ནས་མཇུག་རིང་གི་བར་བརྒྱད་ནི་རང་འགྲོས་གཡོན་སྐོར་དང་། སྒྲ་གཅན་དང་དུས་མེ་གཉིས་གཡས་སྐོར་དུ་རྒྱུ་སྐར་འཁོར་ལོ་ལ་སྤྱོད་ཅིང་། ཐམས་ཅད་ཀྱང་ཁྱིམ་འཁོར་བའི་དབང་གིས་རླུང་འགྲོས་སམ་སྣང་འགྲོས་སུ་གྲགས་པ་ནི། ཞག་རེ་ཞིང་རི་རབ་ལ་གཡས་སྐོར་རེ་བྱེད་པར་མཚུངས་ཤིང་། དེ་ལྟར་དབང་པོའི་མངོན་སུམ་གྱིས་གཏན་ལ་འབེབས་པའི་ཕྱིར། དེ་རྣམས་ལས། ཉི་མ། མིག་དམར། ཕུར་བུ། སྤེན་པ་བཞི་ནི་དྲག་གཟའ་དང་། ཟླ་བ། ལྷག་པ། པ་སངས། མཇུག་རིང་བཞི་ནི་ཞི་བའི་གཟའ་སྟེ། ཞི་དྲག་འཕྲད་པའི་ཚེ་ན། དྲག་པོ་གཡས་དང་ལྷོ། ཞི་བ་གཡོན་ནས་རྒྱུ་བྱང་ཞིང་། ཞི་དྲག་གཉིས་སོ་སོར་ནང་མཐུན་པ་འཕྲད་ན། གཡས་གཡོན་ངེས་མེད་དུ་རྒྱུ་བར་བྱེད་དོ། །དེ་དག་ཀྱང་ཁྱིམ་སོ་སོ་ལ་བདག་པོར་གྱུར་པའི་ཚུལ་གྱིས་དབང་བྱེད་ཅིང་། དེས་ན་གཟའ་དེ་དང་དེའི་ཞིང་དུ་གྱུར་པ་ནི་འདི་དག་ཡིན་ཏེ། ལུག་དང་སྡིག་པ་མིག་དམར་ཞིང་། །ལྷག་པའི་འཁྲིག་པ་བུ་མོའོ། །ཕུར་བུའི་གཞུ་ཉ་པ་སངས་ཀྱི། །གླང་སྲང་སྤེན་པའི་ཆུ་སྲིན་བུམ། །སེང་གེའི་ཁྱིམ་ནི་ཉི་མའི་སྟེ། །ཟླ་བའི་ཀརྐ་ཊ་ཉིད་དོ། །ཞེས་སོ། །དེ་ཡང་སྐར་ཁྱིམ་གྲུབ་པའི་རྗེས་ཐོགས་

p. 255

སུ་གཟའ་རྣམས་སྐྱེས་པ་ཡིན་ཏེ། རང་རང་གི་སྐྱེས་སྐར་གསུངས་པའི་རྒྱུ་མཚན་གྱིས་སོ། །ཇི་ལྟར་སྐྱེས་པའི་རིམ་པ་ཡང་། ཉི་མ་ནི། ཤར་གླིང་དབུས་མའི་ཚངས་ཐིག་གི་ཐད་དུ་ཀརྐ་ཊའི་ཁྱིམ་གྱི་ཐོག་མར་ནབས་སོ་རྐང་པ་ཐ་མའི་སྟེང་དུ་སྐྱེས་ལ། དེ་ནས་སོ་སོའི་སྐྱེས་ཁྱིམ་ཉི་མ་དང་བཅས་པ་ཤར་གླིང་དབུས་མའི་ཚངས་ཐིག་གི་ཐད་ཀར་སླེབ་པ་དང་མཉམ་དུ་གཟའ་གཞན་རྣམས་རང་རང་གི་སྐྱེས་སྐར་གྱི་སྟེང་དུ་རིམ་བཞིན་སྐྱེས་པ་ཡིན་ཏེ། དེའི་ཚེ་ཉི་མ་ཤར་གླིང་དབུས་མའི་ཚངས་ཐིག་ཏུ་སླེབ་པ་ནི་ལྷོ་གླིང་དབུས་མའི་རེས་གཟའ་འཕོ་མཚམས་ཀྱིས་རྟོགས་པ་གང་ཞིག །དེའི་འཕོ་མཚམས་ནམ་ལངས་ཡིན་པར་གསུངས་པའི་ཕྱིར་དང་། ཉི་མ་སྐྱེས་སྐར་དེ་དང་དེའི་སྟེང་དུ་ཡོད་པའི་ཚེ་གཞན་རྣམས་སྐྱེས་པའང་གྲུབ་སྟེ། ཟླ་བ་སྐྱེས་པ་ནི། དཀར་ཆ་དང་པོར་འཕེལ་བའི་འགོ་རྩོམ་པ་དང་། གཞན་རྣམས་ཀྱང་སྐྱེས་སྐར་ནས་བརྩམས་ཏེ་རིམ་པའི་སྔ་རྐང་སྤྱོད་ཅིང་། ཉི་མ་ལས་འཆར་དགོས་པའི་ཕྱིར་རོ། །སོ་སོའི་སྐྱེས་སྐར་ཡང་། ཐ་སྐར་གྱི་ཐོག་མར་ཟླ་བ། མཆུའི་ཕྱེད་དུ་མིག་དམར། ལྷ་མཚམས་ཀྱི་ཕྱེད་དུ་ལྷག་པ། མེ་བཞིའི་ཐོག་མར་ཕུར་བུ། ནབས་སོའི་ཐོག་མར་པ་སངས། སྣྲུབས་ཀྱི་ཐོག་མར་སྤེན་པ། ཆུ་སྨད་ཀྱི་རྐང་པ་བཞི་ཆ་གཅིག་གི་མཚམས་སུ་མཇུག་རིང་། ནག་པའི་ཕྱེད་དུ་སྒྲ་གཅན། ནམ་གྲུའི་མཐར་དུས་མེ་རྣམས་སྐྱེས་ཏེ། ཉི་མ་སོགས་བདུན་པོ་ནི། རང་རང་གི་སྐྱེས་པའི་ཉིན་ཞག་དེ་དང་དེར་དབང་བྱས་ནས་ཕྱི་མ་མ་སྐྱེས་ཀྱི་བར་དེ་སྲིད་དུ་གཉིས་རེས་གསུམ་རེས་སོགས་དང་། སྤེན་པ་སྐྱེས་ནས་བདུན་རེས་ཀྱིས་བདག་བྱས་པས་ན་རེས་གཟའ་ཞེས་གྲགས་སོ། །གཟའ་དེ་རྣམས་ཀྱང་རང་རང་གི་ཞིང་དང་། སྐྱེས་སྐར་གྱི་སྟེང་དུ་རང་རང་གི་དགྲ་ཟླ་ཞུགས་ན་འཐབ་པས་འཇིག་རྟེན་དུ་འཐབ་རྩོད་ལ་སོགས་པའི་ལྟས་སྟོན་ཏོ། །དེ་ལ་དགྲ་ཟླ་ནི་འདི་ཡིན་ཏེ། མིག་དམར་དང་ལྷག་པ། ཕུར་བུ་དང་པ་སངས། སྤེན་པ་དང་མཇུག་རིང་རྣམས་སོ། །ཉི་ཟླ་གཉིས་དེ་དག་དང་འཐབ་པ་མེད་ཀྱང་། ཟླ་བའི་ཞིང་ལ་སྤེན་པ་ཞུགས་ན་མཇུག་རིང་གིས་རྩོད་ཅིང་། ཉི་མའི་ཞིང་ལ་མཇུག་རིང་ཞུགས་ན་སྤེན་པས་རྩོད་དེ། དེ་དང་དེ་གཉིས་ཉི་མ་དང་ཟླ་བའི་རིགས་ཅན་ཡིན་པའི་
ཕྱིར། དེ་རྣམས་སུ་རང་གི་བདག་པོ་ཞུགས་ན། དུས་སྦྱོར་དེ་གང་དུ་ཤར་ནས་ནུབ་པའི་བར་དེར་ཁྱིམ་རང་རང་གི་ལས་མཐུན་གྱི་འབྲས་བུ་འཁྲུལ་མེད་དུ་འགྲུབ་ལ། གལ་ཏེ་གཟའ་གཞན་དང་གཞན་དག་ཞུགས་ན་འབྲས་བུ་ཕྱོགས་མཐུན་ཙམ་ལས་མི་སྟོན་ནོ། །སྐར་ཁྱིམ་ལ་སྤྱོད་པའི་ཚེ། གཟའ་ཐམས་ཅད་ལ་ལྷོ་བྱང་དུ་བགྲོད་པ་ཡོད་ཅིང་། གལ་ཏེ་བགྲོད་གཉིས་ཀྱི་རྒྱུ་ལམ་ལས་གཞན་དུ་སྤྱོད་པ་ན་འཇིག་རྟེན་དུ་དགེ་མི་དགེའི་འབྲས་བུ་གསར་པ་རེ་ལུང་སྟོན་པར་ཡང་གསུངས་སོ། །དེ་ལྟ་བུའི་བགྲོད་པ་རེ་ལ་གཟའ་ཞག་ཕྱེད་དང་། བགྲོད་གཉིས་རྫོགས་པ་ལ་གཟའ་ཞག་རེའི་ཐ་སྙད་མཛད་ཅིང་། དེ་ཡང་སྐར་ཁྱིམ་འཁོར་བའི་དུས་ནི་གཟའ་ཐམས་ཅད་ཡུན་མཚུངས་པ་མ་ཡིན་ཏེ། སོ་སོའི་རྐང་པའི་མྱུར་བུལ་གྱིས་རང་རང་གི་རྒྱུ་སྐར་འཁོར་བའི་ཞག་གྲངས་ཀྱི་དཀྱིལ་འཁོར་སོ་སོར་སྣང་བའི་ཕྱིར། གཞན་ཡང་སྐར་ཁྱིམ་ལ་རང་རང་གི་དལ་མྱུར་གྱི་རྐང་པས་ནོར་བུ་ལོན་དུ་སྤྱོད་པ་ལས། རྟག་པའི་ལོངས་སྤྱོད་ཉིད་ཀྱི་སྟེང་དུ་བྲི་གང་མེད་པར་གནས་ཚུལ་དང་། གཟའི་འཆར་ནུབ་ལ་སོགས་པ་རྣམས་ནི་འོག་ཏུ་འཆད་པར་འགྱུར་རོ། །

ཇི་ལྟར་ལོངས་སྤྱོད་པའི་ཚུལ།

གཟའ་རྣམས་ཀྱི་ཞག་གསུམ་གྱི་རྟག་པའི་ལོངས་སྤྱོད་བཤད་པ།

ལོངས་སྤྱོད་འཚོལ་བྱེད་སོ་སོའི་དཀྱིལ་འཁོར།

p. 256

གསུམ་པ་ཇི་ལྟར་ལོངས་སྤྱོད་པའི་ཚུལ་ལ། གཟའ་རྣམས་ཀྱི་ཞག་གསུམ་གྱི་རྟག་པའི་ལོངས་སྤྱོད་བཤད་པ་དང་། དེ་ལ་བརྟེན་ནས་རྐང་པའི་ལོངས་སྤྱོད་དག་པར་བྱེད་པའོ། །དང་པོ་ལ། ལོངས་སྤྱོད་འཚོལ་བྱེད་སོ་སོའི་དཀྱིལ་འཁོར། སྤྱད་བྱ་ཡུལ། དེ་ལས་རྟག་ལོངས་བཙལ་བ་དང་གསུམ། དང་པོ་ནི། ཉི་མའི་ཞག་གསུམ་གྱི་དཀྱིལ་འཁོར་བཤད་པ་གྲུབ་ཅིང་། དེ་ལས་གཞན་པ་དག་བཤད་ན། ཟླ་བའི་དཀྱིལ་འཁོར་ནི། ཐོག་མར་ཡུལ་གྱི་ཚེས་ལོངས་སླ་ཐབས་ཀྱིས་བཙལ་ལ། དེའི་སྒོ་ནས་དཀྱིལ་འཁོར་འཚོལ་བ་རྩ་རྒྱུད་ཀྱི་དགོངས་པ་ཡིན་ཏེ། དེ་ལ། ཟླ་བའི་དཀྱིལ་འཁོར་བཤད་བྱ་ལ། །འཁོར་ལོའི་ཆུ་ཚོད་ཉི་ཆུ་ཚོད། །ཟླ་བའི་ལོངས་སྤྱོད་བསྲེས་པ་དག །སུམ་ཅུ་ཆས་ཐོབ་ཟླ་ལོངས་སྤྱོད། །ཉིན་ཞག་སོ་སོའི་ཆུ་ཚོད་འགྱུར། །ཟླ་བས་ཉིན་ཞག་ཆུ་ཚོད་དང་། །ཆུ་སྲང་དབུགས་ནི་གང་དག་གིས། །འཁོར་ལོའི་ཆུ་ཚོད་མཐར་སྤྱོད་པ། །དེ་ནི་དེ་ཡི་དཀྱིལ་འཁོར་འགྱུར། །ཞེས་གསུངས་པའི་

p. 257

ཕྱིར་རོ། །དེ་ཡང་ཉི་མའི་ཚེས་ཟླ་གཅིག་གི་ལོངས་སྤྱོད་ཀྱི་དབྱུག་གུའི་གནས་སུ་རྒྱུ་སྐར་གྱི་ཆུ་ཚོད་བསྲེས་ལ། སུམ་ཅུས་རིམ་པར་བགོས་པའི་ཆོ་གས་ཟླ་བའི་ཚེས་ལོངས་བརྟག་པར་གསུངས་མོད། དེ་ནས་བྱ་སླ་བའི་ཆོ་ག་ལ་དགའ་ན། རྒྱུ་སྐར་ཆུ་ཚོད་ལ་སུམ་ཅུས་བགོས་པས་ང་བཞི་ཐོབ་སྟེ། དེ་དང་ཉི་མའི་ཚེས་ཞག་གཅིག་གི་རྟག་ལོངས་༠བསྲེས་པས་རྣམ་པར་དག་པ་༠འཆར་རོ། །དེ་ལྟར་བགོད་བྱེད་སུམ་ཅུས་བྱེད་ན། དེ་ཉིད་ཟླ་བའི་དཀྱིལ་འཁོར་ཡིན་ནམ་སྙམ་ན་མ་ཡིན་ཏེ། ཟླ་བས་རྒྱུ་སྐར་འཁོར་བའི་ཞག་གྲངས་ཀྱི་ཕུང་པོ་ཉིད་རང་གི་དཀྱིལ་འཁོར་དུ་འགྱུར་བ་ལས། ཞག་སུམ་ཅུ་ལ་ནི་རྒྱུ་སྐར་གྱི་འཁོར་ལོ་འཁོར་ལྷག་དང་བཅས་པའི་ཕྱིར། དེས་ན་བཤད་མ་ཐག་པའི་ཡུལ་གྱི་ཚེས་ལོངས་དེས་རྒྱུ་སྐར་གྱི་ཆུ་ཚོད་ལ་བགོས་པས་རང་གི་ཚེས་དཀྱིལ་དུ་འགྱུར་ལ། ཇི་ལྟར་བགོ་ན། ཚེས་ལོངས་ཆུ་འདོད་ཀྱི་ཆར་དྲིལ་བས། ཤེད་མཚུངས་ཀྱི་བགོད་གཞི་ལ་བགོས་པས་ཚེས་དཀྱིལ་རྣམ་པར་དག་གོ། ཚེས་དཀྱིལ་དེ་ཉིད་བུག་རོ་ཀླུ་ཆར་དྲིལ་བ་ལས། ཞག་གཞན་གཉིས་འཚོལ་ན། གནས་གཉིས་འོག་མ་ཉིས་འགྱུར། རེ་བདུན་གྱིས་ཕྱེ་བའི་ནོར་དང་། གནས་གསུམ་འོག་ནས་གཉིས་ཀྱིས་བསྒྱུར་བ་མ་ནུ་མ་ནུ་དང་། ཆུ་རོས་དྲིལ་བའི་ནོར་གྱིས་སྟེང་མའི་གནས་སོ་སོ་ནས་ཕྲི་བའི་ལྷག་མ་བུག་རོ་ཀླུས་བགོས་ནོར་ཞག་གི་གནས་སུ་བཞག་པས། སྔ་མས་ཁྱིམ་ཞག་དང་། ཕྱི་མས་ཉིན་ཞག་གི་དཀྱིལ་འཁོར་འཆར་ཏེ། དེ་རྣམས་ཀྱི་སྡོམ་ནི། ཚེས་ཞག་ཉེར་བདུན་མདའ་ཆུའི་དབྱུག །གཟུགས་མིག་སྲང་ལ་དབུགས་རྒྱ་མཚོ། །བུག་རོ་ཀླུ་ཆ་མཁའ་མེ་མཚོ། ༢༧། ཚེས་དཀྱིལ་ཡིན་ནོ་ཉེར་དྲུག་ཞག །བུག་རོ་ཀླུ་ཆ་དུས་མཁའ་ནོར། ༢༦། ཟླ་བའི་ཁྱིམ་ཞག་དཀྱིལ་འཁོར་རོ། །ཞག་གནས་ཉེར་བདུན་བུག་རོ་ཀླུའི། །ཆ་ལ་བུག་རི་ལག་པ་དང་། །རི་མེ་རེ་བཞིའི་ཆ་ཤས་ཏེ། །མ་ནུ་མ་ནུའི་ཆ་ཤས་ལ། །མཁའ་འབྱུང་ཉི་མ་ཉིན་དཀྱིལ་༢༧ལོ། །ཞེས་སོ། །དེ་ནས་སྒྲ་གཅན་གྱི་དཀྱིལ་འཁོར་ནི། རྩ་རྒྱུད་ལས། ཉིན་ཞག་སྟོང་ཕྲག་དྲུག་དང་ནི། །དགུ་བརྒྱ་སྒྲ་གཅན་དཀྱིལ་འཁོར་ཏེ། །ཞེས་པས། ཚེས་ཞག་དྲུག་སྟོང་དགུ་བརྒྱ་ནི། སྒྲ་གཅན་གྱི་ཚེས་དཀྱིལ་རྣམ་དག་ཡིན་ཏེ། རྒྱུ་སྐར་གྱི་འཁོར་ལོ་

p. 258

ཆད་ལྷག་མེད་པར་འཁོར་བའི་ཚེས་ཞག་གི་གྲངས་ཡིན་པའི་ཕྱིར། དེ་ལ་སུམ་ཅུ་དང་བཅོ་ལྔས་ཕྱེ་བས། ཚེས་ཟླ་དང་ཚེས་ཟླ་ཕྱེད་པའི་དཀྱིལ་འཁོར་དུ་འགྱུར་བ་ཡིན་ནོ། །འདིར་ཡང་ཚེས་དཀྱིལ་ལས་ཞག་གཞན་གཉིས་ཀྱི་དཀྱིལ་འཁོར་བསྒྲུབ་ན། གནས་གཉིས་འོག་མ་ཉིས་འགྱུར་དུ་བྱས་ལ། རི་རོས་བགོས་པ་དང་། གནས་གསུམ་གྱི་འོག་ནས་རི་མཁའ་རི་དང་། ཆུ་རོས་དྲིལ་བའི་ནོར་གྱིས་སོ་སོའི་གནས་སྟེང་མར་ཕྲི་ལ། དེ་ལས་ཀྱང་གཅིག་ཕབས་ཏེ། འོག་མའི་ཆ་རྣམས་ཀྱིས་ཀྱང་སྦྱངས་པས་སྒྲ་གཅན་གྱི་ཁྱིམ་དཀྱིལ་དང་ཉིན་དཀྱིལ་རྣམ་པར་དག་པ་འཆར་ཏེ། དེ་རྣམས་ཀྱི་སྡོམ་ནི། མཁའ་མཁའ་བུག་རོ་ཚེས་དཀྱིལ་ཏེ། །མཁའ་མེ་ལག་ནི་ཚེས་ཟླའི་དཀྱིལ། །མཁའ་དུས་ཆུ་བོ་ཟླ་ཕྱེད་དོ། །ཆུ་བུག་དུས་རོའི་ཁྱིམ་ཞག་དང་། །རི་རོའི་ཆ་ཤས་ལག་པ་ནི། ༦༦༩༤། ཁྱིམ་དཀྱིལ་ཡིན་ཏེ་ཉིན་ཞག་ནི། །མིག་བུག་རི་རོ་ཆུ་རོའི་ཆར། །མིག་སྟེ་རི་མཁའ་རི་ཡི་ཆར། ༦༧༩། མཁའ་རི་ཟླ་རྣམས་ཉིན་དཀྱིལ་ལོ། །ཞེས་སོ། །དེ་ནས་གཟའ་ལྔའི་དཀྱིལ་འཁོར་བཤད་པ་ནི། རྩ་རྒྱུད་ལས། མིག་དམར་ལ་སོགས་དཀྱིལ་འཁོར་ནི། །རང་རང་རྒྱུ་བ་ལས་རབ་གྲུབ། །ཅེས་པས། མིག་དམར་སོགས་གཟའ་ལྔ་པོའི་དཀྱིལ་འཁོར་ནི། རང་རང་གི་རྒྱུ་བ་ལ་ལྟོས་ནས་གཉིས་གཉིས་སུ་འགྱུར་ཏེ། རྒྱུ་སྐར་གྱི་འཁོར་ལོ་འཁོར་བའི་ཞག་གྲངས་ཀྱི་དཀྱིལ་འཁོར་དང་། བུ་ལོན་དང་བཅས་པའི་མྱུར་རྐང་རྫོགས་པའི་ཞག་གྲངས་ཀྱི་དཀྱིལ་འཁོར་གཉིས་སུ་ངེས་པའི་ཕྱིར། གང་ཞེ་ན། དྲག་གཟའ་གསུམ་གྱི་རྐང་པའི་དཀྱིལ་འཁོར་ནི། ཉི་མའི་དཀྱིལ་འཁོར་ཉིད་ཡིན་ཏེ། དེ་གསུམ་གྱི་མྱུར་བའི་འགྲོས་བཞི་རྫོགས་པ་དང་། ཉི་མས་རྒྱུ་སྐར་འཁོར་བ་གཉིས། སོ་སོའི་དལ་དག་གིས་གང་སྤྱད་བུ་ལོན་དུ་འགྱུར་བ་ཙམ་མ་གཏོགས་གནད་གཅིག་པའི་ཕྱིར། ཞི་གཟའ་གཉིས་ཀྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་ཡང་དེ་ཉིད་ཡིན་ཏེ། རྒྱུ་སྐར་འཁོར་བའི་ཡུན་ཚད་ཉི་མ་དང་མཚུངས་པའི་ཕྱིར། དེས་ན་དྲག་གཟའ་གསུམ་གྱི་རྐང་པའི་དཀྱིལ་འཁོར་དང་། ཞི་གཟའ་གཉིས་ཀྱིས་རྒྱུ་སྐར་གྱི་དཀྱིལ་འཁོར་གཉིས་ནི། འདིར་ལོགས་སུ་བཤད་མི་དགོས་ལ། དེ་ལས་གཞན་དྲག་གཟའི་དཀྱིལ་འཁོར་གྱི་འཁོར་ལོ་ནི།

p. 259

མིག་དམར་གྱི་རི་ཀླུ་རོ། ཕུར་བུའི་སོ་མེ་རྒྱ་མཚོ། སྤེན་པའི་དུས་མཚམས་རི་ཕྱོགས་རྣམས་ཡིན་ཏེ། གཟའ་དེ་གསུམ་གྱིས་ཉིན་ཞག་གི་གྲངས་དེ་དང་དེ་ལ་རྒྱུ་སྐར་གྱི་འཁོར་ལོ་ལྷག་ཆད་མེད་པར་འཁོར་བའི་ཕྱིར། ཞི་གཟའ་གཉིས་ཀྱི་རྐང་པའི་དཀྱིལ་འཁོར་ནི། ལྷག་པའི་ཉིན་ཞག་གི་བརྒྱ་ཆ་རི་བུག་རི་ཀླུ་དང་། པ་སངས་ཀྱི་ཉིན་ཞག་གི་བཅུ་ཆ་རི་རྒྱལ་མིག་གཉིས་ཡིན་ཏེ། ཉིན་ཞག་གཅིག་བརྒྱ་ཆ་དང་བཅུ་ཆར་གསིལ་བའི་གྲངས་དེ་དང་དེ་ལ་བུ་ལོན་དང་བཅས་པའི་འགྲོས་བཞི་རྫོགས་པའི་ཕྱིར། འོ་ན་ཆ་དེ་གཉིས་ཇི་ལྟར་ཞེ་ན། ལྷག་པ་ལ། ཉིན་ཞག་བརྒྱད་ཅུ་རྩ་བདུན། ཆུ་ཚོད་ང་བརྒྱད། སྲང་བཅུ་གཉིས་རྣམས་བརྒྱས་བསྒྱུར་ཏེ། ཞག་སར་དྲིལ་བའམ། ཞག་གྱ་བདུན་དང་། ཞག་གི་བརྒྱ་ཆ་གོ་བདུན་ཏེ། དེ་བརྒྱ་ཆར་གསིལ་བས་ཀྱང་དཀྱིལ་འཁོར་དེ་ལྟར་འབྱུང་བའི་ཕྱིར། པ་སངས་ཀྱི། ཉིན་ཞག་ཉིས་བརྒྱ་ཉེར་བཞི། ཆུ་ཚོད་ཞེ་གཉིས་ཀྱི་གནས་གཉིས་ཀ་བཅུས་བསྒྱུར་ཏེ་དྲིལ་བའམ། ཉིན་ཞག་ཉིས་བརྒྱ་ཉེར་བཞི་དང་། ཞག་གི་བཅུ་ཆ་བདུན་ཏེ། དེ་བཅུ་ཆར་གསིལ་བས་ཀྱང་དཀྱིལ་འཁོར་དེ་ལྟར་འབྱུང་བའི་ཕྱིར་རོ། །འདིར་ཡང་གཟའ་ལྔ་སོ་སོའི་ཉིན་ཞག་གི་དཀྱིལ་འཁོར་ལས། ཞག་གཞན་གཉིས་ཀྱི་དཀྱིལ་འཁོར་འཚོལ་ན། ཉིན་ཞག་གི་དཀྱིལ་འཁོར་གནས་གཉིས་ཚན་པ་གཉིས་སུ་བཞག་ལ། གཅིག་གི་གནས་འོག་མེ་ཚེས་ལག་པས་བསྒྱུར་ནས་བུག་མཁའ་མིག་བུག་ཡིད་ཀྱི་རྙེད་པས་སྟེང་མར་སྦྱངས་ཤིང་། དེ་ལས་ཀྱང་གཅིག་ཕབ་སྟེ་འོག་མའི་ཆས་སྦྱངས་པས་སོ་སོའི་ཁྱིམ་དཀྱིལ་དང་། ཅིག་ཤོས་ཀྱི་གནས་འོག་མ་ཐུབ་རི་ཟླ་བས་བསྒྱུར་ཏེ། འབྱུང་འདོད་དྲག་པོས་ཐོབ་པ་སྟེང་མར་སྦྱིན་པས་སོ་སོའི་ཚེས་དཀྱིལ་འཆར་ཞིང་དེ་རྗེས་ཞི་གཟའ་གཉིས་ལ་ཞག་གནས་བརྒྱ་དང་བཅུས་འབུད་པ་ཙམ་ཁྱད་པར་རོ། །དེ་རྣམས་ཀྱི་སྡོམ་ནི། མིག་དམར་དཀྱིལ་འཁོར་རི་ཀླུ་རོ། ༦༨༧། ལྷག་པའི་རི་བུག་རི་ཀླུ་སྟེ། ༨༧༩༧། ཕུར་བུའི་སོ་མེ་རྒྱ་མཚོའོ། ༤༣༣༢། པ་བ་སངས་ཀྱི་རི་རྒྱལ་མིག༢༢༤༧། སྤེན་པའི་དུས་མཚམས་རི་ཕྱོགས་རྣམས། ༡༠༧༦༦། སོ་སོའི་ཉིན་ཞག་དཀྱིལ་འཁོར་ཡིན། །ཐུབ་རི་དུས་ཞག་བུག་སོགས་ཆར། །བུག་རི་བུག་ཉི་མིག་དམར་དཀྱིལ། ༦༧༧། དུས་
ཀླུའི་ཞག་དང་དེའི་བརྒྱ་ཆར། །ནམ་མཁའ་རི་བོ་བུག་སོགས་ཆར། །ལག་ཐིག་དུས་བུག་ལྷག་པའི་དཀྱིལ། ༨༦། བུག་རོ་མིག་ཆུའི་ཞག་དང་ཆར། །གཟུགས་རི་མེ་ཡོན་རི་ཕུར་བུ། ༤༢༦༩། གཟུགས་མིག་ལག་ཞག་བཅུ་ཆར་མཚོ། །བུག་སོགས་དུས་ཕྱོགས་དུས་ཀླུ་སངས། ༢༢༡། ཕྱོགས་དུས་ཕྱོགས་ཞག་བུག་སོགས་ཆར། །དུས་མཁའ་ཆུ་རི་བུག་སྤེན་ཏེ། ༡༠༦༡༠། སོ་སོའི་ཁྱིམ་ཞག་དཀྱིལ་འཁོར་རོ། །རི་བུག་རོ་ཞག་བུག་སོགས་ཆར། །བུ་ག་རྒྱལ་བ་ཕྱོགས་མིག་དམར། ༦༩༧། བུག་ཀླུའི་ཞག་དང་དེའི་བརྒྱ་ཆར། །བྲོ་བ་ཡོན་ཏན་འབྱུང་སོགས་ཆ། །ཆུ་ཐིག་མེ་བུག་ལྷག་པ་སྟེ། ༨༩། མཁའ་ཐིག་ཆུ་མཚོའི་ཞག་འབྱུང་སོགས། །ཆ་རུ་མཚོ་ནོར་འབྱུང་བུག་ཕུར། ༤༤༠༠། ཀླུ་ལག་མིག་ཞག་བཅུ་ཆར་འཁྲིག །འབྱུང་སོགས་ཆུ་བུག་བུག་རི་སངས། ༢༢༨། རི་མེ་བུག་ཕྱོགས་ཞག་འབྱུང་སོགས། །ཆ་རུ་རི་བུག་ཡིད་སྤེན་ཏེ། ༡༠༩༣༧། སོ་སོའི་ཚེས་ཞག་དཀྱིལ་འཁོར་ཡིན། །ཞེས་སོ། །

སྤྱད་བྱ་ཡུལ་དང་དེ་ལས་རྟག་ལོངས་བཙལ་བ།

p. 260

གཉིས་པ་སྤྱད་བྱ་ཡུལ་ནི། རྩ་རྒྱུད་ལས། ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང་། །ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། །ཞེས་པས། ཉིན་ཞག་གཅིག་རྒྱུ་སྐར་གྱི་འཁོར་ལོ་ཉེར་བདུན་གྱིས་བསྒྱུར་དགོས་ཏེ། གཟའ་རྣམས་རང་རང་གི་དཀྱིལ་འཁོར་གྱི་མཐར་རང་འགྲོས་ཀྱིས་འཁོར་བའི་ཡུལ་ཁྱོན་དང་། སྣང་འགྲོས་ཀྱིས་ཉིན་ཞག་རེ་ལ་འཁོར་བའི་ས་ཁྱོན་ཆེ་ཆུང་མེད་པར་མཉམ་ཞིང་། དེ་ཉིད་རྒྱུ་སྐར་ཉེར་བདུན་གྱི་འཁོར་ལོ་ཡིན་པའི་ཕྱིར་རོ། །བགྲོད་པར་བྱ་བའི་གཞི་རྒྱུ་སྐར་གྱི་འཁོར་ལོ་གཅིག་པོ་འདི་ཡང་། ཆུ་ཚོད་ཀྱི་ཕུང་པོར་བྱ་བའི་ཆེད་དུ་དྲུག་ཅུས་བསྒྱུར་དགོས་ཏེ། རྒྱུ་སྐར་རེ་ལ་རྐང་པ་བཞི་བཞི་དང་། རྐང་པ་རེ་ལ་ཆུ་ཚོད་བཅོ་ལྔ་བཅོ་ལྔ་སྟེ་དྲུག་ཅུ་རེ་ཡོད་པའི་ཕྱིར། དེས་ན་སྐར་མ་ཉེར་བདུན་ཆུ་ཚོད་ཀྱི་ཕུར་པོར་བྱས་པས་སྟོང་དྲུག་བརྒྱ་ཉི་ཤུ་འབྱུང་སྟེ། བགྲོད་བྱ་རྒྱུ་སྐར་གྱི་འཁོར་ལོ་ཡོངས་སུ་རྫོགས་པའི་ཡུལ་གྱི་ཆུ་ཚོད་ཡིན་ནོ། །གསུམ་པ་དེ་ལས་རྟག་ལོངས་འཚོལ་བ་ནི། རྩ་རྒྱུད་ལས། ཉིན་གཅིག་རྒྱུ་སྐར་རྣམས་ཀྱིས་བསྒྱུར། །དཀྱིལ་འཁོར་གྱིས་ནི་རྣམ་པར་དབྱེ། །ཞེས་གསུངས་པ་ལྟར། གཟའ་རྣམས་ཀྱི་ཞག་གསུམ་གྱི་དཀྱིལ་འཁོར་གྱིས་ཡུལ་གྱི་ཆུ་ཚོད་དེ་ལ་བགོས་པས་རང་རང་གི་ཞག་གསུམ་སོ་སོའི་རྟག་

p. 261

ལོངས་སུ་འགྱུར་ཏེ། དཀྱིལ་འཁོར་རྣམས་ནི་གཟའ་སོ་སོའི་རྒྱུ་སྐར་འཁོར་བའི་ཞག་གྲངས་ཆད་ལྷག་མེད་པ་ཡིན་ལ། དེ་འདྲའི་ཞག་རེ་ལ་ཡུལ་སྟེང་ནས་ཅི་ཙམ་སྤྱོད་པའི་ཆ་ནི་ཡུལ་གྱི་རྟག་ལོངས་རྣམས་ཡིན་པའི་ཕྱིར་ཏེ། དཔེར་ན་ཉི་མའི་ཁྱིམ་ཞག་ཡུལ་ལོངས་ཀྱི་གནས་གཉིས་ཀ་ཁྱིམ་དཀྱིལ་གྱིས་བསྒྱུར་ཏེ། དྲིལ་བས་སྐར་མ་ཉེར་བདུན་ཆད་ལྷག་མེད་པར་འཆར་བ་བཞིན་ནོ། །དེ་ལ་ཐོག་མར་ཉི་མའི་ཞག་གསུམ་གྱི་རྟག་ལོངས་ནི། ཉི་མའི་ཁྱིམ་དཀྱིལ་སུམ་བརྒྱ་དྲུག་ཅུ། ཚེས་དཀྱིལ་འདོད་ཆ་དང་། ༤༨༢༤ཉིན་ཞག་དཀྱིལ་འཁོར་མིག་ཀླུ་མེ་སྐྱོན་ཆར་དྲིལ་བ་༦༧༡༤༤༠༥རྣམས་ཀྱིས། བགོད་བྱ་རྒྱུ་སྐར་གྱི་ཆུ་ཚོད་ཤེད་མཚུངས་སུ་བྱས་པ་ལ་རིམ་པར་བགོས་པས་ཉི་མའི་ཞག་གསུམ་གྱི་ཡུལ་གྱི་རྟག་ལོངས་རྣམས་འཆར་ཏེ། དེའི་སྡོམ་ནི། མཚོ་དབྱུག་མཁའ་མེ་སྲང་ཁྱིམ་ཞག །༠། མཚོ་དབྱུག་ཟླ་མིག་སྲང་འབྱུང་དབུགས། །མེ་མཚོའི་རེ་བདུན་ཆ་ཚེས་ཞག །༠། མཚོ་དབྱུག་དུས་མིག་སྲང་དབུགས་ཐིག །བུག་མཁའ་མིག་བུག་ཡིད་ཀྱི་ཆར། །དུས་ཚེས་མེ་བུག་ཉིན་ལོངས་ཡིན། ༠། ཞེས་སོ། །ཡང་ན་ཉིན་ཚེས་གཉིས་ལ་དབུགས་ཀྱི་འདོད་ཆ་བརྒྱད་རེ་དང་། དེའི་འོག་ཏུ་ཚེས་ཞག་ལ་རི་རོ་ཆ་ཉེར་གསུམ་དང་། ཉིན་ཞག་ལ་བུག་སོགས་ཆ་དུས་འབྱུང་མེ་རི་གཟུགས་རྣམས་སུ་བྱས་པའམ། ཚེས་ཞག་ལ་དབུགས་ཀྱི་བུག་སོགས་ཆ་གཟུགས་དུས་རི་དབང་བུ་གར་བསྡུས་ཀྱང་རུང་སྟེ། ཞག་གཉིས་སོ་སོའི་བར་ཁྱད་བརྟགས་པ་སོགས་ལ་ཆ་སྟོབས་མཚུངས་པས་ལེགས་པ་ཡིན་ནོ། །དེ་ནས་ཟླ་བའི་རྟག་ལོངས་ནི། ཁྱིམ་དཀྱིལ་བུག་རོ་ཀླུ་ཆར་གསིལ་བ་དང་། ༢༣༤༠༠ཉིན་དཀྱིལ་དུས་དུས་རི་ཀླུ་མིག་གཉིས་བསྒྲིལ་བའི་ཚོགས་ཀྱིས་༣༣༥༧༢༠༢༥རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས་སོ་སོའི་རྟག་ལོངས་འཆར་ཏེ། དེའི་སྡོམ་ནི། ཆུ་ཚོད་མཁའ་རོ་སྲང་བུ་ག །རྒྱ་མཚོའི་དབུགས་ལ་མདའ་རོའི་ཆར། །མཁའ་གཟུགས་ཟླ་བའི་ཁྱིམ་ལོངས་སོ། ༠། ང་དགུའི་ཆུ་ཚོད་རི་གཟུགས་སྲང་། །དབུགས་མེ་བུག་སོགས་ཆར་རི་རོ། །མེ་འབྱུང་བུག་པ་ཉིན་ལོངས་ཡིན། ༠། ཞེས་སོ། །གོང་མ་རྣམས་ཀྱིས་ཞག་འདི་གཉིས་ཀྱི་ཆ་ཤས་དཀྱིལ་འཁོར་ཆར་མཛད་ཀྱང་། འཇམ་དཔལ་

p. 262

དབྱངས་མིའི་དབང་པོས་ལེགས་བཤད་བཻ་ཌཱུར་དཀར་པོར་མདའ་རོ་དང་། བུག་མཁའ་མིག་བུག་ཡིད་ཆར་མཛད་པ་ཉིད་ལེགས་པས་འདིར་ཡང་དེ་བཞིན་དུ་བཀོད་དོ། །དེ་ནས་སྒྲ་གཅན་གྱི་རྟག་ལོངས་ནི། ཚེས་ཞག་གི་དཀྱིལ་འཁོར། ཚེས་ཟླ་རིལ་པོ་དང་ཕྱེད་པའི་དཀྱིལ་འཁོར། ཁྱིམ་དཀྱིལ་རི་རོ་ཆར་གསིལ་བ། ༤༤༨༥༠༠ཉིན་དཀྱིལ་ཀླུ་ལག་ཀླུ་ལག་གི་ཆར་དྲིལ་བ་༡༩༢༠༧༨༧༥རྣམས་ཀྱིས། རང་དང་ཤེད་མཉམ་གྱི་རྒྱུ་སྐར་ཆུ་ཚོད་ལ་སོ་སོར་བགོས་པས་སྒྲ་གཅན་གྱི་ཡུལ་གྱི་རྟག་ལོངས་རྣམས་འཆར་ཏེ། དེའི་སྡོམ་ནི། ཆུ་སྲང་ཡིད་དང་མེ་མིག་ཆར། །ཉི་མ་ཚེས་ཞག་རྟག་ལོངས་ཡིན། ༠། དབྱུག་རི་སྲང་མིག་དབུགས་རྩེ་མོ། །མེ་མིག་ཆར་ཚེས་ཟླ་ལོངས་ཏེ། ༠། མེ་དབྱུག་གཟུགས་མེའི་སྲང་དབུགས་གཟུགས། །བུག་ཟླའི་ཆ་རྣམས་ཕྱོགས་ལོངས་ཡིན། ༠། སྲང་ཡིད་དབུགས་མེ་མདའ་ནོར་ཆུ། །མཚོའི་ཆ་བུག་ཆུ་དབང་ཁྱིམ་ལོངས། ༠། ཡིད་སྲང་ཟླ་དབུགས་དབང་ཕྱོགས་དུས། །མདའ་ལག་ཆར་མེ་མཁའ་མི་བདག །ལག་མིག་སྒྲ་གཅན་ཉིན་ལོངས་སོ། ༠། ཞེས་སོ། །དེ་ནས་གཟའ་ལྔའི་རྟག་ལོངས་ནི། རང་རང་གི་ཉིན་དཀྱིལ་གྱིས། དྲག་གསུམ་ལ་རྒྱུ་སྐར་ཆུ་ཚོད་དང་། ཞི་གཉིས་ལ་དེ་ཉིད་བརྒྱ་དང་བཅུས་བསྒྱུར་བའི་ཚོགས་ལ་རིམ་པར་བགོས་པས་དྲག་པོའི་དལ་བ་དང་། ཞི་བའི་རྐང་པའི་ཉིན་ཞག་ལོངས་སྤྱོད་རྣམས་འཆར་ཏེ། སྡོམ་ནི། ཆུ་ཚོད་ལག་པ་སྲང་གཟུགས་མིག །དབུགས་ཟུང་བུག་མིག་ལག་པའི་ཆར། །ཀླུ་མཁའ་བགྲོད་པ་མིག་དམར་རོ། ༠། ཆུ་ཚོད་ཉེས་པ་སྲང་རྒྱལ་བ། །དབུགས་འབྱུང་དཀྱིལ་འཁོར་ཆར་རི་ཀླུ། །བྲོ་བ་རྒྱ་མཚོ་ལྷག་པ་སྟེ། ༠། ལག་མིག་ཆུ་སྲང་དབུགས་བགྲོད་པ། །གཟུགས་དུས་མེ་ཆ་དུས་མིག་ལག །༠། ཕུར་བུའོ་དབྱུག་རི་སྲང་ཉི་མ། །དབུགས་མེ་བུག་མཚོ་རི་ཡི་ཆར། །དབང་པོ་ཆུ་མེ་པ་ཝ་སངས། ༠། སྲང་བུག་མེ་ཀླུ་མེ་མདའི་ཆར། །སྐྱོན་རྩ་སྤེན་པའོ་༠དེ་རྣམས་ནི། །སོ་སོའི་ཉིན་ཞག་ཡུལ་ལོངས་ཡིན། །ཡང་གཟའ་ལྔ་སོ་སོའི་ཁྱིམ་ཞག་དཀྱིལ་འཁོར་རྣམས་རང་ཆར་གསིལ་བས། བུག་མཁའ་མིག་བུག་ཡིད་ཀྱིས་གསིལ་བས། མཆན། རང་ཤེད་མཚུངས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་བགོས་པས་ཁྱིམ་ཞག་གི་རྟག་ལོངས་རྣམས་འཆར་ཏེ། དེའི་སྡོམ་ནི། ལག་པའི་
ཆུ་ཚོད་མེ་མིག་སྲང་། །མེ་དབུགས་རང་ཆ་རི་བོ་ཐུབ། །གཟུགས་བུག་གཟུགས་བུག་ཆ་ཤས་སུ། །ཆུ་རོ་འདོད་པ་མིག་དམར་པོ། ༠། སྐྱོན་དབྱུག་གཟུགས་མཚོའི་སྲང་དབུགས་ཐིག །རང་ཆ་ལག་མིག་ཟུང་དབང་པོ། །གཟུགས་བུག་སོགས་ཆར་བྲོ་བ་བུག །རི་བོ་རྒྱ་མཚོ་ལྷག་པའོ། ༠། ཆུ་ཚོད་ནམ་མཁའ་སྲང་ལག་མིག །དབུགས་མཚོ་རང་ཆར་ཚེས་མིག་དང་། །མིག་ཀླུ་མེ་སྐྱོན་ཆ་ཤས་སུ། །མེ་རི་ཀླུ་བུག་ཕུར་བུའོ། ༠། རི་དབྱུག་སྲང་སྐྱོན་དབུགས་དབང་པོ། །རང་ཆ་ཆུ་མཚོ་རྩེ་མོ་ཅན། །གཟུགས་བུག་སོགས་ཆར་རྩ་རིག་བྱེད། །ཆུ་གཏེར་རྒྱ་མཚོ་པ་ཝ་སངས། ༠། སྲང་བུག་དབུགས་ཐིག་རང་གི་ཆར། །རི་སྐྱོན་འབྱུང་བ་གཟུགས་བུག་ཆར། །དུས་མཚོ་མཁའ་མིག་སྤེན་པ་སྟེ། ༠། སོ་སོའི་ཁྱིམ་ཞག་རྟག་ལོངས་ཡིན། །ཞེས་སོ། །གོང་མ་རྣམས་ཀྱིས་ཁྱིམ་ལོངས་ཀྱི་ཆ་འདི་དག་རང་ཆ་ལས་གཞན་དུ་དྲིལ་བ་མ་མཐོང་ཡང་། འདིར་ཡིད་གཞུང་པའི་གྲོགས་ཀྱི་རི་མོའི་བྱ་བ་ལག་ཏུ་བླངས་ཏེ་བསྒྲིལ་བ་ཡིན་ནོ། །ཡང་གཟའ་ལྔ་པོའི་ཚེས་ཞག་གི་དཀྱིལ་འཁོར་རྣམས་རང་ཆར་གསིལ་བས། འབྱུང་འདོད་དྲག་པོའི་ཆས། མཆན། ཤེད་མཉམ་གྱི་རྒྱུ་སྐར་འཁོར་ལོ་ལ་བགོས་པས་ཚེས་ཞག་རྟག་ལོངས་རྣམས་འཆར་ཏེ། དེའི་སྡོམ་ནི། མིག་དབྱུག་བུག་གཟུགས་སྲང་ཟླ་དབུགས། །རང་ཆར་མེ་ཡིད་རི་མཁའ་རིའི། །ཆ་ལ་ཆུ་མཚོ་གཟུགས་མིག་དམར། ༠། སྐྱོན་དབྱུག་སྲང་རི་དབུགས་ཡོན་ཏན། །རང་ཆར་དུས་མེ་ཐིག་རི་བོ། །རི་སོགས་ཆ་ཤས་མེ་རི་ལྷག །༠། ལག་མིག་ཆུ་སྲང་དབུགས་ཐིག་ལེ། །རི་སྐྱོན་རང་ཆའོ་ཡིད་མ་ནུའི། །ཆ་ལ་བུག་རི་ཐུབ་༠ཕུར་བུ། །རི་དབྱུག་སྲང་མདའ་དབུགས་ཆུ་གཏེར། །རང་ཆར་དུས་མེ་རོ་རི་སོགས། །ཆར་ནི་དུས་མིག་པ་ཝ་སངས། ༠། ཀླུ་སྲང་འབྱུང་དབུགས་རང་གི་ཆར། །ཀླུ་མེ་ཐུབ་གཟུགས་རི་སོགས་ཆར། །མི་བདག་ལག་པ་སྤེན་པ་སྟེ། ༠། སོ་སོའི་ཚེས་ལོངས་རྣམ་པར་དག །ཅེས་སོ། །

རྐང་པའི་ལོངས་སྤྱོད་དག་པར་བྱེད་པ།

ཡན་ལག་ལྔའི་ལོངས་སྤྱོད་བཤད་པ།

གཞི་རྒྱུན་བཅས་ཀྱི་རྟག་ལོངས་སྤྱོད་ཚུལ།

འདས་མ་ཐག་པའི་ཟླ་བའི་ངེས་པས་རྩིས་གཞི་འཛིན་པ།

p. 263

གཉིས་པ་རྐང་པའི་ལོངས་སྤྱོད་དག་པར་བྱེད་པའི་ཆོ་ག་ལ། ཡན་ལག་ལྔའི། སྒྲ་གཅན་གྱི། གཟའ་ལྔའི། མཇུག་རིང་གི་ལོངས་སྤྱོད་བཤད་པའོ། །དང་པོ་ལ། གཞི་རྒྱུན་བཅས་ཀྱི་རྟག་ལོངས་སྤྱོད་ཚུལ་དང་། དེ་ལ་བརྟེན་ནས་རྐང་ལོངས་དག་པར་བྱེད་པའི་ཚུལ་གཉིས།

p. 264

དང་པོ་ལའང་། འདས་མ་ཐག་པའི་ཟླ་བའི་ངེས་པས་རྩིས་གཞི་འཛིན་པ། དེ་ལ་ཞག་རེའི་རྟག་ལོངས་བསྣན་ཏེ་བརྩི་བཞིན་པའི་བར་པ་བསྒྲུབ་པའོ། །དང་པོ་ནི། བརྩི་བཞིན་པའི་ཟླ་བ་དག་པའི་ཚོགས་གཟའ་ཉི་ཆ་རིལ་གྱི་ཟླ་བའི་ངེས་པས་སོ་སོར་བསྒྱུར་ལ། རྩིས་གཞི་རང་རང་གི་འཁོར་ལོར་མ་ལོངས་པའི་རྩིས་འཕྲོ་རྣམས་བསྲེས་ཏེ། མས་ནས་ཡར་རང་རང་གི་འཁོར་ལོས་དྲིལ་བས་གཟའ་ཉི་ཆ་རིལ་གྱི་དྷྲཱུ་ཝ་ཀ་རྣམ་པར་དག་པ་འཆར་རོ། །དེ་ཡང་ཟླ་དག་གི་ཚོགས་སོ་སོའི་ཟླ་བའི་ངེས་པས་བསྒྱུར་དགོས་ཏེ། དེ་ལྟ་བུའི་ཟླ་བའི་ཚོགས་ཀྱི་ཟླ་བ་རེའི་སྟེང་ནས་གཟའ་ཉི་ཆ་རིལ་གྱི་ངེས་པའི་ཚོགས་དེ་ཙམ་ཞིག་གནས་པའི་ཕྱིར། དེ་ལྟར་གནས་པའི་རྒྱུ་མཚན་ཡང་། ཚེས་ཞག་གཅིག་གི་ཚད་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པ་སུམ་ཅུས་བསྒྱུར་བས། གཟུགས་དང་གཟུགས་མེ་སོགས་གཟའ་དྷྲཱུའི་སྒྱུར་བྱེད་རྣམས་འབྱུང་བའི་ཕྱིར་དང་། ཡང་ཟླ་རྐང་ལ་ཞག་རེ་ཞིང་རྐང་པ་རིལ་པོ་རེ་དང་། རིལ་པོ་རེའི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་རེ་གནས་ལ། དེ་གཉིས་ཟླ་བ་གཅིག་གི་བར་དུ་བསགས་པས་རྐང་པ་རིལ་པོ་སུམ་ཅུ་དང་། རྐང་པའི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་ཀྱང་སུམ་ཅུ་འབྱུང་ཞིང་། སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་པོ་ཞག་གི་འཁོར་ལོ་ཡིན་པའི་ཕྱིར། དེ་སུམ་ཅུས་དྲིལ་བས་དུས་ཉི་འབྱུང་སྟེ། ཟླ་བ་གཅིག་གི་ཆ་ཤས་ཀྱི་འཁོར་ལོའོ། །དེས་ན་ཟླ་བ་གཅིག་གི་རྐང་པ་རིལ་པོ་སུམ་ཅུ་ལ་ཟླ་རྐང་གནས་བཅུ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་སྤྱོད་པའི་འཁོར་ལོ་ཀླུ་ལག་གིས་བགོས་པས་ལྷག་མར་གཉིས་ལུས་པའི་ཕྱིར་དེས་གནས་གོང་མ་དང་། སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་སུམ་ཅུ་སུམ་ཅུ་ལ་དུས་ཉིའི་ཆ་ཤས་གཅིག་རེ་ཡིན་པའི་ཕྱིར་གནས་འོག་མ་གཅིག་གིས་བསྒྱུར་བ་ཡིན་ལ། དེ་བཞིན་དུ་ཉི་མའི་ཚེས་ཞག་གཅིག་གི་ཡུལ་གྱི་ལོངས་སྤྱོད། ཆུ་ཚོད་བཞི། སྲང་ཉེར་གཅིག་ལ་སོགས་པ་དེ་སུམ་ཅུས་བསྒྱུར་བས། མིག་ཕྱོགས་སོགས་ཉི་དྷྲཱུའི་སྒྱུར་བྱེད་རྣམས་འབྱུང་བ་ཡིན་ལ། དེ་ལྟར་ཟླ་བ་སྔ་མ་སྔ་མའི་གཟའ་ཉི་ཆ་རིལ་གྱི་དྷྲཱུ་བ་ཀ་རྣམ་པར་དག་པའི་སྟེང་དུ་སོ་སོའི་སྒྱུར་བྱེད་རྣམས་བྱིན་ཏེ། རང་རང་གི་འཁོར་ལོས་དྲིལ་བས་ཟླ་བ་ཕྱི་མ་ཕྱི་མའི་

p. 265

ངེས་པ་རྣམ་པར་དག་པ་འཆར་རོ། །དེ་དག་གི་ལག་ལེན་སྡོམ་ཚིག་ཏུ་སྨྲས་པ། རབ་ཉིའི་སྐྱེས་བདག་འདས་ལོ་རུ། །བྱས་པའི་ཟླ་དག་གནས་ལྔ་དང་། །གནས་གཉིས་གནས་ལྔ་རིམ་པར་བཀོད། དང་པོ་གཟུགས་དང་གཟུགས་མེ་དང་། །མཁའ་འབྱུང་ཐིག་ལེ་མཁའ་ཀླུ་ཆུས། །བསྒྱུར་ལ་དབང་ཕྱོགས་མེ་འབྱུང་ཐིག །ཆུ་རི་གཟུགས་སྦྱིན་རི་མཁའ་རི། །དུས་དང་མཁའ་རོ་ལན་གཉིས་དང་། །ཐུབ་པས་དྲིལ་ལྷག་གཟའ་དྷྲཱུའོ། །གཉིས་པ་སྟེང་མིག་འོག་མའི་གནས། །གཟུགས་བསྒྱུར་ཆུ་དང་འོག་ཀླུ་བྱིན། །དུས་ཉི་ཀླུ་ལག་གིས་དྲིལ་ལྷག །ཚོགས་དང་ཆ་ཤས་དྷྲཱུ་བ་ཀ། གསུམ་པ་མིག་ཕྱོགས་ཀླུ་དབང་གཟུགས། །རི་བོ་ཟླས་བསྒྱུར་དེ་ཉིད་དང་། །འཁོར་ལོ་སྐྱོན་མཚོ་དུས་འབྱུང་བྱིན། །རི་རོ་དུས་དང་མཁའ་རོ་གཉིས། །འཁོར་ལོས་དྲིལ་ལྷག་ཉི་དྷྲཱུའོ། །སྔ་དྷྲཱུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མ་ཕྱི་མའི་དྷྲཱུ་བ་འཆར། །ཞེས་སོ། །དེ་རྣམས་ཀྱིས་ལྔ་བསྡུས་ལས། གཟའ་ཚེས་སྐར་སྦྱོར་རྣམས་སྒྲུབ་པའི་གཞི་ཟླ་བའི་ངེས་པ་བསྟན་པ་སྟེ། བྱེད་པ་ལ་ནི་ཚེས་གྲངས་ངེས་ན་ཟླ་བ་མ་ངེས་ཀྱང་འགྲུབ་པའི་ཕྱིར། ཟླ་བའི་དྷྲཱུ་བ་བཙལ་མི་དགོས་སོ། །འོ་ན། འདིར་གཟའ་དྷྲཱུའི་གནས་དང་པོས་ཉིན་ཞག་ལ་དབང་བྱེད་ཀྱི་རེས་གཟའ་དང་། ཆུ་ཚོད་མན་ཆད་ཀྱིས་ཚེས་ཀྱི་འཕོ་མཚམས་ཏེ། ཡན་ལག་ལྔ་ཡི་ཡ་གྱལ་གྱི་གཟའ་ཚེས་གཉིས་འདིའི་ཐུན་མོང་དུ་སྟོན་པའི་གནད་གང་ཞེ་ན། འདི་ཡིན་ཏེ་ཚེས་ཞག་ལས་ཉིན་ཞག་སྒྲུབ་པའི་ཚེ། གནས་གསུམ་འོག་མའི་ཆ་གཉིས་ཀྱིས་སྟེང་མར་ཞག་མི་ཐུབ་སྟོན་པའི་ཉིན་ཞག་གི་ཚོགས་དང་། རེས་གཟའི་གནས་འཇུག་པ་གཅིག་པ་གང་ཞིག །གནས་འོག་མ་གཉིས་ཀྱི་ཆ་དང་ཚེས་ཀྱི་ལོངས་སྤྱོད་འཇུག་པ་གཅིག་པའི་ཕྱིར། དཔེར་ན་ཚེས་ཟླ་གཅིག་གི་ཞག་གྲངས་སུམ་ཅུ་པོ་གནས་གསུམ་དུ་བཞག་ལ། འོག་ནས་རི་མཁའ་རི་དང་ཆུ་རོས་མ་ཐོབ་པ་ཞག་ས་ནས་གཅིག་ཕབ་སྟེ་རང་རང་གི་ཆའི་འཁོར་ལོར་བྱས་པ་ལ་སྦྱངས་པའི་ཚོགས་ལས། ༢༩འོག་མའི་གནས་གཉིས་ཀ་དབྱུག་སྲང་དབུགས་ཆའི་དོན་དུ། མཁའ་རོ་ལན་གཉིས་དང་། རོ་དང་། རི་མཁའ་རིས་རིམ་པར་བསྒྱུར་བ་ལ། རི་མཁའ་རི་དང་ཆུ་རོས་རིམ་བཞིན་དྲིལ་བའི་ནོར་ཞག་གི་འོག་ཏུ་བརྩེགས་ཏེ། ཞག་གནས་
བདུན་གྱིས་ཕུད་པའི་ལྷག་མར་གཟའ་ཚེས་ཀྱི་ཟླ་བའི་ངེས་པ་གཟུགས་དང་གཟུགས་མེ་སོགས་འཆར་བའི་ཕྱིར་རོ། །

དེ་ལ་ཞག་རེའི་རྟག་ལོངས་བསྣན་ཏེ་བརྩི་བཞིན་པའི་བར་པ་བསྒྲུབ་པ།

p. 266

གཉིས་པ་ནི། གཟའ་ཉིའི་དྷྲཱུ་བ་ཀ་སོ་སོ་ལ། རང་རང་གི་རྟག་ལོངས་གང་རྩིའི་ཚེས་ཀྱིས་བསྒྱུར་ནས་སྟེར་བའམ། ཡང་ན་རྟག་ལོངས་གཅིག་ཐོག་གཅིག་བརྩེགས་ཀྱིས་སྤེལ་བའི་རེའུ་མིག་སུམ་ཅུ་ལས་གང་འདོད་དང་། ཟླ་རྐང་གི་དྷྲཱུ་བའི་རིལ་པོའི་གནས་སུ་ཚེས་རེ་ལ་རྐང་པ་རིལ་པོ་རེ་སྤྱོད་པའི་དོན་དུ་གང་རྩིའི་ཚེས་གྲངས་ཉིད་སྦྱིན་པས་འགྲུབ་སྟེ། དྷྲཱུ་བ་ཀ་ནི་འདས་མ་ཐག་པའི་གནམ་སྟོང་གི་བར་པ་ཡིན་པ་གང་ཞིག །དེ་ལ་བརྩི་བཞིན་པའི་ཞག་རེའི་རྟག་ལོངས་བསྣན་པས་ངེས་པ་ད་ལྟ་བར་འགྱུར་བའི་ཕྱིར་རོ། །

རྐང་ལོངས་དག་པར་བྱེད་ཚུལ།

ཟླ་རྐང་ལ་བརྟེན་ནས་གཟའ་ཚེས་ཕྱེད་དག་ཏུ་བསྒྲུབ་པ།

p. 267

གཉིས་པ་རྐང་ལོངས་དག་པར་བྱེད་ཚུལ་ལ། ཟླ་རྐང་ལ་བརྟེན་ནས་གཟའ་ཚེས་ཕྱེད་དག་ཏུ་བསྒྲུབ་པ། ཉི་རྐང་ལ་བརྟེན་ནས་གཟའ་ཉི་རྣམ་དག་ཏུ་བསྒྲུབ་པ། ཉི་མ་དང་ཚེས་ལ་བརྟེན་ནས་རེས་འགྲོགས་ཀྱི་ཟླ་སྐར་བསྒྲུབ་པ། ཟླ་ཉི་ལ་བརྟེན་ནས་སྦྱོར་བ་བསྒྲུབ་པ། ཕྱི་ཆའི་བྱེད་པ་བརྩི་བའོ། །དང་པོ་ནི། རིལ་པོའི་ངེས་པ་ད་ལྟར་བ་དེ་ལ། ༡༤བཅུ་བཞིས་བགོ་དགོས་ཏེ། ཟླ་རྐང་གི་རིམ་རིམ་མིན་གང་རུང་རེ་ལ་རྐང་གནས་ཀྱི་གྲངས་བཅུ་བཞི་རེ་ངེས་པའི་ཕྱིར། ཐོབ་ནོར་ཟུར་དུ་འཇོག་པ་ནི། བསྣོན་འབྲིད་བྱེད་པའི་མཚན་མ་སྟེ། འོག་ཏུ་རྐང་ལོངས་རྣམས་གཟའ་བར་པ་ལ་ནོར་མཉམ་ན་བསྣན་ཞིང་། མི་མཉམ་ན་དབྲི་དགོས་པའི་ཕྱིར། ལྷག་མས་རྐང་པ་འཛིན་པའི་བྱ་བ་བྱེད་པ་སྟེ། ཟོས་མ་ཟོས་ཀྱི་རྐང་མཚམས་ཡིན་པའི་ཕྱིར། གཟུང་བྱའི་རྐང་གནས་ནི་བཅུ་བཞིར་ངེས་ཏེ། མདའ་དབང་འབྱུང་མཚོ་མེ་མིག་གཟུགས་ཏེ་བདུན་པོ་ལུགས་འབྱུང་ལྡོག་ཏུ་གནས་པའི་ཕྱིར། འཛིན་ཚུལ་ནི། འཛིན་བྱེད་སྟོང་ན་རྐང་སྡོམ་དུ་ཐིག་ལེ་བྲི་སྟེ། རྐང་པ་མ་ཟོས་པ་ཡིན་པའི་ཕྱིར། གལ་ཏེ་འཛིན་བྱེད་གཅིག་ནས་བཅུ་གསུམ་གྱི་བར་གང་བྱུང་ཡང་། སྔ་རྐང་ལ་ཟོས་ཟིན་དང་། ཕྱི་རྐང་ལ་ཟ་རྒྱུ་སྡོམ་སྟེ། དཔེར་ན། བཅུ་བཞིས་བགོས་པའི་ལྷག་མར་བཅུ་གསུམ་བྱུང་ན། མ་ཟོས་པའི་རྐང་པ་ལྔ་པ་དང་། གཅིག་བྱུང་ན་ཟོས་པའི་རྐང་པ་ལྔ་པ་བསྡོམས་པ་བཞིན་ནོ། །ཆོ་
ག་དེས་ནི་རིལ་ཆ་གཉིས་སྡོམ་པའི་ལོངས་སྤྱོད་ཚེ་རེ་ལ་སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་རྩ་གཅིག་རེ་སྤྱོད་པ་ལས། སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་སྤྱོད་པ་དེ་རྟོགས་མོད་ཀྱི། འོན་ཀྱང་ད་དུང་ཆ་གཅིག་པོ་མ་ཚང་བ་དེ་ཤེས་པའི་ཕྱིར་ཆ་ཤས་སོ་སོར་བརྩི་དགོས་ཏེ། ཆ་ཤས་ཀྱི་གནས་ན་གང་འདུག་རྐང་བཟུང་མདུན་མས་བསྒྱུར་ལ། དུས་ཉིས་ཐོབ་པ་ཡང་དག་རྒྱུ་བའི་ཆུ་ཚོད་དང་། ལྷག་རྣམས་སྲང་དབུགས་རི་མཁའ་རིར་བྱས་ཏེ། ཐོབ་ནོར་རྣམས་ཀྱིས་སྔར་གྱི་རྐང་སྡོམ་ཆུ་ཚོད་ལ་སྔ་རྐང་ལ་ནོར་དང་ཕྱི་རྐང་ལ་བུ་ལོན་དུ་བྱས་པའི་ཚོགས་ནི་ཟླ་རྐང་གི་ལོངས་སྤྱོད་དོ། །དེས་གཟའ་བར་པའི་ལོངས་སྤྱོད་ལ་སྔར་གྱི་ནོར་མཉམ་མི་མཉམ་གྱིས་བསྲེ་སྦྱངས་བྱ་བ་ཡིན་ནོ། །འདིར་ཆ་ཤས་ཀྱི་འཁོར་ལོ་དུས་ཉིས་མཛད་པ་ནི་རགས་པ་སྟེ། ཞག་གི་ཆ་ཤས་སུམ་ཅུའི་བར་ཆད་པས་ཉེས་པ་ཆེར་མི་བསྐྱེད་ཅིང་། སུམ་ཅུར་ལོངས་ནས་དུས་ཉིའི་ཆ་རེ་བསྲེས་པས། ཆ་ཤས་སུམ་ཅུ་པོ་བསྲེས་པར་འགྱུར་བའི་ཕྱིར། རྒྱུན་ལ་བརྟེན་པའི་ཉེས་པ་ནི་དེ་བས་ཀྱང་མེད་དོ། །དེ་ལྟར་ནའང་། བློ་ལྡན་དག་ཞིབ་རྩིས་བྱ་བར་འདོད་ན། དྷྲཱུ་བའི་ཆ་ཤས་ཀྱི་གནས་ན་གང་འདུག་སུམ་ཅུས་བསྒྱུར་ལ། གང་རྩིའི་ཚེས་བསྲེས་ཏེ། རྐང་བཟུང་མདུན་མས་བསྒྱུར། དེ་ལ་ཆ་ཤས་ཀྱི་ཞག་གི་འཁོར་ལོ་སུམ་སྟོང་བདུན་བརྒྱ་བརྒྱད་ཅུས་བགོ་བ་སོགས་ཀྱིས་རྐང་ལོངས་བརྟག་པར་བྱ་བ་ཡིན་ནོ། །དཔེར་ན། ནག་དྷྲཱུ་སྟོང་པའི་ཚེས་གཅིག་གི་རྩིས་བྱེད་པ་ན། རིལ་ཆ་གཉིས་ཀའི་གནས་སུ་ཚེས་གྲངས་གཅིག་རེ་སྦྱིན་པས། རིལ་པོ་གཅིག་གིས་རིམ་རྐང་དང་པོ་ཆུ་ཚོད་ལྔ་པ་ཟིན་ཅིང་། ཆ་ཤས་གཅིག་གིས་རྐང་བཟུང་མདུན་མ་ཆུ་ཚོད་ལྔ་པ་དེའི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་གཅིག་ལ། དབུགས་ཀྱི་ཉེར་གཅིག་ཆ་བཅུ་བྱུང་བ་གཉིས་མཉམ་དུ་བྱས་ཏེ། གཟའ་དྷྲཱུ་སྟོང་པའི་གནས་སུ་ཚེས་གཅིག་གི་རྟག་ལོངས་༠བསྣན་པ་ལ་རིམ་པའི་སྔ་རྐང་ཡིན་པའི་ཕྱིར་སྦྱིན་པས། ཆུ་ཚོད་དྲུག་ཅུ་རྩ་བཞི། སྲང་གསུམ། དབུགས་བཞི། ཉེར་གཅིག་ཆ་བཅུ། རི་མཁའ་རི་ཆ་སུམ་བརྒྱ་སོ་དྲུག་རྣམས་འབྱུང་བ་ཡིན་ནོ། །དེ་དག་གི་ལག་ལེན་ཡང་། གཟའ་དྷྲཱུར་གང་རྩིའི་རྟག་ལོངས་སྦྱིན། །རིལ་པོར་ཚེས་བསྲེས་མ་ནུས་བགོ། ཐོབ་པ་གཟུགས་མེ་
མི་མཉམ་ཞིང་། །མིག་མཚོ་ཐིག་ལེ་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །མདའ་དབང་འབྱུང་མཚོ་མེ་མིག་གཟུགས། །ལྡོག་པ་དང་བཅས་ཡིད་ཀྱི་གནས། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་དང་པོ་དང་། །མཁའ་རོ་དུས་དང་རི་མཁའ་རིས། །བསྒྱུར་ལ་དུས་ཉིས་རིམ་ཐོབ་ནོར། །རྒྱུ་བའི་དབྱུག་སྲང་དབུགས་ཆ་སྟེ། །དེ་ཡིས་རྐང་སྡོམ་ཆུ་ཚོད་ལ། །སྔ་རྐང་བསྲེ་ཞིང་ཕྱི་རྐང་དམན། །ཚོགས་དེ་གཟའ་ཡི་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་དབྲི། །གལ་ཏེ་ཞིབ་མོར་རྩི་འདོད་ན། །དྷྲཱུ་བའི་ཆ་ཤས་མཁའ་མེ་ཡིས། །བསྒྱུར་ལ་གང་རྩིའི་ཚེས་གྲངས་བསྲེ། །དེ་ཉིད་རྐང་བཟུང་མདུན་མས་བསྒྱུར། །མཁའ་ཀླུ་རི་མེས་བགོས་ཐོབ་པ། །ཡང་རྒྱུའོ་ལྷག་རྣམས་མཁའ་རོ་དུས། །གཟུགས་མིག་གིས་བསྒྱུར་ཐོབ་པའི་ཚོགས། །སྔ་ཕྱི་རྐང་དང་གཟའ་ལོངས་ལ། །མཉམ་དང་མི་མཉམ་དབྲི་བསྣན་རྣམས། །སྔར་བཞིན་བྱས་པས་གཟའ་ཕྱེད་དག །ཅེས་སོ། །

ཉི་རྐང་ལ་བརྟེན་ནས་གཟའ་ཉི་རྣམ་དག་ཏུ་བསྒྲུབ་པ།

ཉི་མའི་རྒྱུན་བཅས་ཀྱི་ལོངས་སྤྱོད།

p. 268

གཉིས་པ་ཉི་རྐང་ལ་བརྟེན་ནས་གཟའ་ཉི་རྣམ་དག་ཏུ་བསྒྲུབ་པ་ལ། ཉི་མའི་རྒྱུན་བཅས་ཀྱི་ལོངས་སྤྱོད་དང་། ཞག་རེའི་ལོངས་སྤྱོད་དག་པར་བྱེད་པའི་ཚུལ་གཉིས། དང་པོ་ནི། ཉི་མའི་ངེས་པ་ད་ལྟར་བ་དེ་གནས་གཉིས་སུ་བཀོད་པའི་ཕྱོགས་གཅིག་ལ་སྐྱེས་ཁྱིམ་སྦྱང་དགོས་ཏེ། དུས་ཀྱི་ཐོག་མ་ལུག་ཁྱིམ་ནས་རྩོམ་ལ། ཉི་མ་ནི་ཀརྐ་ཊ་ཡི་ཁྱིམ་གྱི་ཐོག་མར་སྐྱེས་པས། རང་མ་སྐྱེས་གོང་གི་ཁྱིམ་ལུག་གླང་འཁྲིག་གསུམ་གྱི་རྒྱུ་སྐར་སྒང་པོ་དྲུག་དང་། རྐང་པ་གསུམ་གྱི་ཆུ་ཚོད་ཞེ་ལྔ་པོ་སྦྱངས་དགོས་པའི་ཕྱིར་ཏེ། རང་སྐྱེས་པ་ན་རྐང་ལོངས་ཀྱི་ཐོག་མ་རྩོམ་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། ཁྱིམ་གྱི་ཐོག་མ་ལུག་ཁྱིམ་ནས་རང་མ་སྐྱེས་གོང་གི་ཁྱིམ་གསུམ་མ་སྦྱངས་ན་རང་གི་རྐང་མཚམས་མི་རྟོགས་པའི་ཕྱིར་རོ། །གལ་ཏེ་སྐྱེས་ཁྱིམ་སྦྱོང་དུ་མ་ལྡང་ན་ནི་སྐར་གནས་སུ་རྒྱུ་སྐར་གྱི་འཁོར་ལོ་བསྲེས་ནས་གོང་བཞིན་སྦྱངས་དགོས་ཏེ། འཁོར་ལོ་ནི་བགྲོད་བྱའི་ཡུལ་ཡིན་པ་གང་ཞིག །རང་གི་དང་པོར་གང་བསྐྱེད་དྷྲཱུ་བའི་སྐབས་སུ་འཁོར་ལོ་དོར་བ་དེའི་སྟེང་ནས་སྦྱངས་པས། རྐང་རྒྱུན་རྟོགས་པའི་ཆེད་ཡིན་པའི་

p. 269

ཕྱིར། སྦྱངས་རྗེས་འཁོར་ལོ་ཕྱེད་ལྷག་ན་དོར་བས་ཆོག་སྟེ། རང་སྐྱེས་པའི་ཁྱིམ་ནས་འགོ་བཟུང་བའི་ཀརྐ་ཊ་སེང་གེ་བུ་མོ་གསུམ་དུ་རིམ་པའི་སྔ་རྐང་ལ་སྤྱད་པའི་གུན། སྲང་སྡིག་གཞུ་གསུམ་དུ་རིམ་པའི་ཕྱི་རྐང་ལ་སྤྱད་པ་དེས་བསབས་པས་ནོར་བུ་ལོན་ཁ་དག་ནས་རྟག་པའི་ལོངས་སྤྱོད་ལ་བྲི་གང་མེད་པར་གནས་པའི་ཕྱིར། དེ་བས་ན་འཁོར་ལོ་མ་བསྣན་པར་འཁོར་ཕྱེད་དོར་ན་རིམ་མིན་གྱི་སྔ་རྐང་ཆུ་བུམ་ཉ་གསུམ་དང་། བསྣན་ནས་དོར་ན་རིམ་མིན་གྱི་ཕྱི་རྐང་ལུག་གླང་འཁྲིག་གསུམ་གང་རུང་ལ་གནས་ཤིང་། གལ་ཏེ་འཁོར་ཕྱེད་མ་དོར་ན་རིམ་པའི་སྔ་རྐང་ཀར་སེང་བུ་མོ་གསུམ་དང་། དེའི་ཕྱི་རྐང་སྲང་སྡིག་གཞུ་གསུམ་གང་རུང་ལ་གནས་པ་ཡིན་ནོ། །དེ་ལྟར་སྐྱེས་ཁྱིམ་སྦྱངས་པ་སོགས་བྱས་པའི་ལྷག་མ་ནི་རྐང་འཛིན་དག་པ་སྟེ། དེའི་སྐར་གནས་ཆུ་ཚོད་ཀྱི་གནས་སུ་གསིལ་བ་ལ་ཁྱིམ་རེའི་ཆུ་ཚོད་ཀྱི་གྲངས་བརྒྱ་སོ་ལྔས་བགོད་དགོས་ཏེ། རྐང་མཚམས་ནས་བགྲངས་པའི་ཁྱིམ་ཇི་ཙམ་འདས་བརྟག་དགོས་པའི་ཕྱིར། དེའང་འཁོར་ཕྱེད་དོར་ནས་ཆུ་སྲིན་དང་། མ་དོར་ན་ཀརྐ་ཊ་ནས་རྐང་མཚམས་འཛིན་དགོས་པས། འདིར་དོར་བའི་དབང་དུ་བྱས་ཏེ། ཐོབ་པ་ལ་བཞི་ལྟ་བུ་བྱུང་བའི་ཚེ། དེ་བཞི་ནི་ཆུ་བུམ་ཉ་ལུག་བཞི་ཡིན་ལ། ཐོབ་པ་དེས་རྐང་པ་འཛིན་པའི་ཚེ། མ་འོངས་པ་ན་སྤྱོད་རྒྱུའི་གླང་གི་ཆུ་ཚོད་བཞི་དང་། འཁྲིག་པའི་དྲུག་སྡོམ་པའི་ཆུ་ཚོད་བཅུ་སྡོམ་པ་ཡིན་ཏེ། སྔ་རྐང་ལ་སྤྱད་ཟིན་དང་། ཕྱི་རྐང་ལ་སྤྱོད་འགྱུར་སྡོམ་དགོས་པ་གང་ཞིག །འདིར་དོར་བ་རིམ་མིན་གྱི་ཕྱི་རྐང་ཡིན་པའི་ཕྱིར། དེའི་རྗེས་སུ་ལྷག་མ་རྣམས་རྐང་བཟུང་མདུན་མས་བསྒྱུར་ནས་རང་རང་གི་འཁོར་ལོས་ཆུ་ཚོད་དུ་དྲིལ་བ་ལ། བརྒྱ་སོ་ལྔས་བགོས་པས་ཐོབ་པ་ནི་ཡང་དག་རྒྱུ་བའི་ཆུ་ཚོད་དེ། རང་ཟ་བཞིན་པའི་རྐང་པ་དེའི་སྟེང་དུ་ཉི་མས་སླེབ་ནས་གང་རྩིས་ཚེས་དེ་རྫོགས་པ་ཡན་ལ་སྤྱད་པའི་རྐང་པའི་ཆུ་ཚོད་དོ། །ལྷག་མ་དྲུག་ཅུ་དང་། དྲུག་དང་། རི་རོས་བསྒྱུར་ནས་རང་རང་གི་ཆ་བཅུག་ལ་བརྒྱ་སོ་ལྔས་བགོས་པའི་ཐོབ་པ་རྣམས་ནི་ཡང་དག་རྒྱུ་བའི་ཆུ་སྲང་ལ་སོགས་པའོ། །དེ་ནས་ཡང་དག་རྒྱུ་བའི་ལོངས་སྤྱོད་དེ་རྣམས་ཀྱིས་སྔ་རྐང་ཡིན་ན་རྐང་སྡོམ་ལ་བསྣན་ཅིང་། ཕྱི་རྐང་ཡིན་

p. 270

ན་རྐང་སྡོམ་ནས་དབྲི་དགོས་ཏེ། རྐང་སྡོམ་ནི་སྔ་རྐང་ལ་སྤྱད་ཟིན་དང་། ཕྱི་རྐང་ལ་སྤྱོད་འགྱུར་ཡིན་པས། སྔ་རྐང་དུ་ནོར་རམ་བུ་ལོན་འཕེལ་བ་དེ། ཕྱི་རྐང་དུ་དབྲི་བས་དག་ཚད་ཡིན་པའི་ཕྱིར། དེ་ལྟར་བྱས་པའི་རྐང་རྒྱུན་རྣམས་རེས་གཟའ་ཕྱེད་དག་དང་། ཉི་བར་ཅིག་ཤོས་ལ་འཁོར་ཕྱེད་དོར་ན་བྱིན་ཞིང་། མ་དོར་ན་དབྲི་དགོས་ཏེ། ཀརྐ་ཊ་ནས་གཞུའི་བར་རིམ་པའི་ཁྱིམ་དྲུག་ལ་རྐང་ལོངས་རྣམས་རྟག་ལོངས་ལ་བུ་ལོན་དང་། ཆུ་སྲིན་ནས་འཁྲིག་པའི་བར་རིམ་མིན་གྱི་ཁྱིམ་དྲུག་ལ་ནོར་དུ་འགྲོ་བའི་ཕྱིར། འོ་ན་འདིར་གཟུང་བྱའི་རྐང་པ་ལ་དུས་མཚོ་ཟླ་བ་འོང་བའི་རྒྱུ་མཚན་གང་ཞེ་ན། ཚེས་ཞག་སོ་གཅིག་ཅུང་མེད་རེ་ལ་ཉི་ཁྱིམ་ལོངས་པའི་དོན་གྱིས་ཡིན་ཏེ། ཚེས་ཞག་གཅིག་༠གི། ཟླ་༠ཆུ་༠དུས་༠འབྲས་རྣམས་སུམ་ཅུས་བསྒྱུར་བའི་སྟེང་དུ། ཚེས་ཞག་གཅིག་གི་བཅུ་གསུམ་ཆ་བཅུ་གཉིས་པའི། ཟླ་༠ཆུ་༠དུས་༠འབྲས་སོ་སོར་བསྣན་པས་ཆུ་ཚོད་ཀྱི་སར་རང་རང་གི་རྐང་པའི་ཆུ་ཚོད་ཀྱི་གྲངས་གསལ་པོར་སྟོན་པའི་ཕྱིར། དེ་དག་གི་ལག་ལེན་ཡང་། ཉི་བར་གནས་གཉིས་གཅིག་ལ་ནི། །སྐར་དྲུག་ཆུ་ཚོད་ཞེ་ལྔས་སྦྱངས། །མ་ལྡང་འཁོར་ལོ་བསྣན་ལ་སྦྱངས། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། ༡༣། ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་ཉི་རྐང་བཟུང་། །དུས་མཚོ་ཟླ་བ་སྔ་རྐང་སྟེ། །ཕྱི་རྐང་དེ་ལྡོག་རོ་ཡི་གནས། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་དང་བཟུང་རང་འཁོར་དྲིལ། །མདའ་ཡོན་ཟླས་ཐོབ་ཡང་རྒྱུའི་དབྱུག །ལྷག་མ་མཁའ་རོ་དུས་རི་རོས། །བསྒྱུར་བཅུག་ཐོབ་པ་སྲང་དབུགས་ཆ། །སྔ་རྐང་ཆུ་ཚོད་གཉིས་བསྲེ་ཤིང་། །ཕྱི་རྐང་རྒྱུ་བས་སྦྱངས་ལྷག་རྣམས། །གཟའ་ཉི་ཕྱེད་དག་ལོངས་སྤྱོད་དུ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡིས་གཟའ་ཉི་རྣམ་པར་དག །རེས་གཟའ་གང་ཤར་ཉིན་ཞག་རེར། །སྤྱད་པས་སང་གི་ནམ་ལངས་འཕོ། །དེ་ལོངས་གནས་སུ་གང་ཤར་བ། །རྫོགས་ཚེ་ཕྱི་མའི་ཚེས་ཞག་འཇུག །གཟའ་གཅིག་ལན་གཉིས་ལྡབ་གྱུར་ན། །ཆུ་ུཚོད་མང་བའི་ཚེས་དེ་ཆད། །མཆོངས་ན་ཆུ་ཚོད་ཉུང་བ་ལྷག །ཉི་མའི་ལོངས་སྤྱོད་
རང་ཉིད་ཀྱིས། །སྐར་གནས་དེ་སྟེང་སླེབ་པ་ན། །དེ་ཉིད་ཚེས་ལོངས་རྫོགས་རྫོགས་ཡན། །སྤྱད་ཟིན་འདས་པའི་ལོངས་སྤྱོད་འཆར། །ཞེས་སོ། །

ཞག་རེའི་ལོངས་སྤྱོད་དག་པར་བྱེད་པའི་ཚུལ།

p. 271

གཉིས་པ་ཁྱིམ་རང་རང་གི་ཞག་རེའི་ཉི་མའི་རྐང་ལོངས་དག་པར་བྱེད་པའི་ཚུལ་ནི། ཉི་མའི་ཚེས་ཞག་རེའི་ཡུལ་ལོངས། ༠རྣམས་གནས་གསུམ་དུ་བྱས་པའི། གཅིག་གི་གནས་ཐམས་ཅད་རྐང་པ་དྲུག་པས་བསྒྱུར་ནས་ཆུ་ཚོད་དུ་དྲིལ་བ་ལ་བརྒྱ་སོ་ལྔས་རིམ་པར་བགོས་པའི་རྐང་ལོངས་༠རྣམས། རྟག་ལོངས་གནས་གཉིས་མ་ལ་སྦྱིན་པས། ཉི་བར་གཞུ་ཆུ་སྲིན་གྱི་ཁྱིམ་ན་གནས་པའི་ཚེ་ཚེས་ཞག་རེ་ལ་སྤྱོད་པའི་ལོངས་སྤྱོད་༠དང་གནས་གསུམ་པ་ལ་ཕྲི་བས་འཁྲིག་ཀར་གཉིས་ཀྱི་ལོངས་སྤྱོད་༠དེ་རྐང་པ་དྲུག་པའི་བྱ་བའོ། །ཡང་རྟག་ལོངས་གནས་གསུམ་གྱི་དང་པོ་རྐང་པ་བཞི་པས་བསྒྱུར་ནས་བརྒྱ་སོ་ལྔས་བགོ་བ་སོགས་སྔར་བཞིན་བྱས་པའི་རྐང་ལོངས་༠རྣམས། གནས་གཉིས་པ་ལ་སྦྱིན་པས་སྡིག་བུམ་གྱི་ལོངས་སྤྱོད་༠དང་། གསུམ་པ་ལ་ཕྲི་བས་གླང་སེང་གི་ལོངས་སྤྱོད་༠དེ་རྐང་པ་གཉིས་པའི་བྱ་བའོ། །ཡང་རྟག་ལོངས་གནས་གསུམ་གྱི་དང་པོ་རྐང་པ་གཅིག་པས་བསྒྱུར་ལ་བརྒྱ་སོ་ལྔས་བགོ་བ་སོགས་བྱས་པའི་རྐང་ལོངས་༠རྣམས། གནས་གཉིས་པ་ལ་སྦྱིན་པས་སྲང་དང་ཉ་ཁྱིམ་གྱི་ལོངས་སྤྱོད་༠དང་། གསུམ་པ་ལ་ཕྲི་བས་ལུག་དང་བུ་མོའི་ལོངས་སྤྱོད་༠དེ་རྐང་པ་གཅིག་པའི་བྱ་བའོ། །དེ་དག་གི་སྡོམ་ཡང་། རྐང་པ་དྲུག་པའི་ལོངས་སྤྱོད་དག །ཆུ་སྲིན་གཞུར་སྦྱིན་འཁྲིག་ཀར་དམན། །བཞི་པའི་ལོངས་སྤྱོད་བུམ་སྡིག་ལ། །བསྣན་ཅིང་གླང་སེང་གཉིས་ལ་ཕྲི། །གཅིག་པའི་རྐང་ལོངས་ཉ་སྲང་ལ། །སྟེར་ཞིང་ལུག་དང་བུ་མོར་དམན། །ཞེས་སོ། །

ཉི་མ་དང་ཚེས་ལ་བརྟེན་ནས་རེས་འགྲོགས་ཀྱི་ཟླ་སྐར་བསྒྲུབ་པ། #div6 ཟླ་ཉི་ལ་བརྟེན་ནས་སྦྱོར་བ་བསྒྲུབ་པ།

p. 272

གསུམ་པ་ཉི་མ་དང་ཚེས་ལ་བརྟེན་ནས་རེས་འགྲོགས་ཟླ་སྐར་བསྒྲུབ་པ་ནི། ཉི་དག་གནས་གཉིས་སུ་བྱས་པའི་གནས་གཅིག་ལ་ཆུ་ཚོད་ང་བཞི་གང་བརྩིའི་ཚེས་ཀྱིས་བསྒྱུར་ནས་སྟེར་དགོས་ཏེ། ཉི་མས་ཡུལ་སྟེང་ནས་ཞག་རེ་ཞིང་སྤྱོད་པའི་ཆུ་ཚོད་བཞི། སྲང་ཉེར་གཅིག་སོགས་ཟླ་བས་ཀྱང་སྤྱོད་པ་གང་ཞིག །དེའི་སྟེང་དུ་རང་གི་ཐུན་མོང་མ་ཡིན་པའི་རྟག་ལོངས་ཆུ་ཚོད་ང་བཞི་རེས་ཉི་མ་ལས་ལྷག་པོར་སྤྱོད་པའི་ཕྱིར། དེས་ན་རང་གི་ཐུན་མིན་
རྟག་ལོངས་ནི་ཆད་ལྷག་མེད་པར་རྣམ་པ་ཐམས་ཅད་དུ་སྤྱོད་ལ། ཐུན་མོང་པའི་རྟག་ལོངས། ཆུ་ཚོད་བཞི། སྲང་ཉེར་གཅིག་སོགས་ནི་རྒྱུན་ལ་ལྟོས་ནས་གཅིག་གུན་གཅིག་གིས་བསབས་པས། སྤྱད་པ་ལྟར་སྣང་བ་མ་གཏོགས་ཉི་རྐང་འཕེལ་འགྲིབ་ཀྱི་དབང་གིས་རྟག་ཏུ་ཆད་ལྷག་མེད་པར་སྤྱོད་པ་མ་ཡིན་ཏེ། ཟླ་ཉི་གཉིས་གནམ་སྟོང་ལ་གཞི་གཅིག་ཏུ་གནས་ནས་ཉི་འོད་ཀྱིས་ཟླ་འོད་ཐམས་ཅད་ཟིལ་གྱིས་མནན་པ་ལས། ཚེས་གཅིག་ནས་ཉི་མ་ལས་དཀར་ཆ་གཅིག་འཆར་བའི་འགོ་རྩོམ་པའི་ཚེ། ཉི་རྐང་གི་འཕེལ་འགྲིབ་དང་བཅས་པའི་རྟག་ལོངས་ཉི་མ་དང་ཐུན་མོང་དུ་སྤྱད་པའི་སྟེང་དུ་རང་གི་ཐུན་མིན་རྟག་ལོངས་ཆུ་ཚོད་ང་བཞི། ཉིན་རེ་བཞིན་སྤྱད་པས་ཚེས་བཅོ་ལྔའི་རང་གི་རྟག་ལོངས་སྤྱད་མཐར་དཀར་ཆ་རྫོགས་ནས་ཉ་གང་བར་སྣང་བ་གང་ཞིག །ཡང་ཚེས་བཅུ་དྲུག་ནས་ཐུན་མིན་ལོངས་སྤྱོད་ཀྱི་དབང་གིས་ཉི་མ་དང་ཅུང་ཟད་ཉེ་བའི་འགོ་རྩོམ་པས་ནག་ཆ་རེ་འཕེལ་བར་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་དབང་མདོར་བསྟན་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་མཉམ་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །ཞེས་དང་། མཛོད་ལས་ཀྱང་། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་ཟླ་བ་ལ་རང་སྟོབས་ཀྱི་རྐང་པ་མེད་ཀྱང་། ཉི་རྐང་གི་ནོར་བུ་ལོན་ལ་བརྟེན་ནས་འཕེལ་འགྲིབ་ཡོད་པར་འདོད་དགོས་ཏེ། དཔེར་ན་ཉི་རྐང་གིས་ཚེས་ལ་ནོར་བུ་ལོན་དུ་འགྱུར་བ་བཞིན་ནོ། །དེ་ལྟར་ཉི་དག་ལ་རང་གི་ཐུན་མིན་གྱི་རྟག་ལོངས་བསྣན་པ་ནི་ཚེས་འཁྱུད་ཟླ་སྐར་ཞེས་བྱ་སྟེ། ཚེས་དེ་ཟད་ཚུན་ཆད་ཀྱི་ལོངས་སྤྱོད་ཡིན་ཞིང་། ཉིན་ཞག་སྔ་ཕྱི་གཉིས་ཀའི་རེས་གཟའ་དང་འགྲོགས་པའི་ཆ་ཡོད་དོ། །དེའི་སྟེང་ནས་གང་བརྩིའི་ཚེས་ཀྱི་ལོངས་སྤྱོད་མན་ཆད་ཀྱིས་སྦྱངས་པས། ཞག་དེའི་ནམ་ལངས་ཕན་ལ་སྤྱད་ཟིན་ལོངས་སྤྱོད་འཆར་བའི་ཕྱིར། ལྷག་དེས་བརྩི་བཞིན་པའི་ཉིན་ཞག་དེའི་ཚད་དྲུག་ཅུ་ལ་སྦྱངས་ལྷག་རྣམས་ནི་རི་མོར་ཤར་བའི་སྐར་མ་དེའི་སྟེང་དུ་ཟླ་བས་སྤྱད་ནས་འཕོ་བ་ཡ ིན་པས་རེས་འགྲོགས་ཟླ་སྐར་ཞེས་བྱའོ། །དེ་ལྟ་ནའང་ཚེས་ཀྱི་དུས་ལོངས་དང་ཟླ་བའི་ཡུལ་
ལོངས་གཉིས་སྟོབས་མི་མཚུངས་པའི་སྐྱོན་ཡོད་དོ་ཞེ་ན། ཟླ་བ་རང་གི་དཀར་ཆ་འཕེལ་འགྲིབ་རེ་བཞག་པའི་ལོངས་སྤྱོད་ལ་ཡུལ་དུས་གཉིས་ལས། དུས་ཀྱི་ཚེས་ལོངས་ང་དགུ་སོགས་ཀྱི་ཡུན་ཚད་དང་། ཡུལ་སྟེང་ནས་བགྲོད་པའི་ལོངས་སྤྱོད་ང་བརྒྱད་སོགས་རགས་རྩིས་ལ་སྟོབས་མཚུངས་པས་སྐྱོན་མེད་དེ། ཞིབ་མོར་འདོད་ན་ཡུལ་དུས་ཀྱི་ཆ་རྩིས་ནས་བརྟགས་པས་ཤེས་པར་འགྱུར་རོ། །དེ་དག་གི་ལག་ལེན་ནི། ཉི་དག་གནས་གཉིས་གཅིག་ལ་ནི། །ཆུ་ཚོད་མཚོ་དབང་ཚེས་བསྒྱུར་སྦྱིན། །འཁོར་དྲིལ་ཚེས་འཁྱུད་ཟླ་སྐར་ཏེ། །དེ་ལ་ཚེས་ཀྱི་ལོངས་སྤྱོད་ཀྱིས། །སྦྱངས་ལྷག་རེས་འགྲོགས་ཟླ་སྐར་ཡིན། །ལྷག་དེས་དྲུག་ཅུ་ལ་ཕྲི་ལྷག །ཟད་ཚེ་ཕྱི་མའི་སྐར་མས་སླེབས། །ཞེས་སོ། །

ཟླ་ཉི་ལ་བརྟེན་ནས་སྦྱོར་བ་བསྒྲུབ་པ།

p. 273

བཞི་པ་ཟླ་ཉི་ལ་བརྟེན་ནས་སྦྱོར་བ་བསྒྲུབ་པ་ནི། ཉི་དག་དང་རེས་འགྲོགས་ཟླ་སྐར་གཉིས་གནས་མཚུངས་སུ་བསྲེས་ནས་རང་འཁོར་དྲིལ་ལ། སྟེང་མ་ཉེར་བདུན་གྱིས་དོར་ལྷག་ནི་སྦྱོར་བ་དག་པ་སྟེ། ཉི་ཟླ་གཉིས་ཀྱི་རྟག་ལོངས་བསྲེས་པའི་ཆུ་ཚོད་རེ་གཉིས་རྗེས་འབྲང་དང་བཅས་པ་ནི་སྦྱོར་བའི་༠རྟག་ལོངས་ཡིན་པ་གང་ཞིག་དེ་ཉི་རྐང་གིས་ཉི་ཟླའི་ལོངས་སྤྱོད་གཉིས་ཀ་ལ་ནོར་བུ་ལོན་དུ་བྱས་པས་དེ་ཙམ་ཞིག་སྦྱོར་བའི་རྟག་ལོངས་དེའི་སྟེང་ནས་ཀྱང་འཕེལ་འགྲིབ་བྱེད་པས་རྒྱུན་ལ་ལྟོས་ནས་སྤྱོད་པའི་རྟག་ལོངས་ཡིན་པའི་ཕྱིར་ཏེ། ཚེས་ཞག་རེ་ལ་ཉི་མ་དང་ཟླ་བས་གང་སྤྱད་སྡོམ་པའི་གྲངས་དེ་ཙམ་ཞིག་སྤྱོད་པར་སྣང་བའི་ཕྱིར། དེ་ཡང་ཆུ་ཚོད་མན་ཆད་ནས་ནམ་ལངས་ཕན་ལ་འདས་པའི་གྲངས་ཏེ། རེས་འགྲོགས་ཟླ་སྐར་དང་ཉི་དག་བསྲེས་པའི་གནད་ཀྱིས་སོ། །ལག་ལེན་ནི། ཉི་དག་རེས་འགྲོགས་ཟླ་སྐར་དག །བསྲེས་ནས་སྟེང་དྲིལ་འཁོར་ལོས་དོར། །སྦྱོར་བའི་རི་མོ་རྣམ་པར་དག །ཅེས་སོ། །འདིར་སྦྱོར་བ་ཉེར་བདུན་གྱི་མིང་གང་ཞེ་ན། དེའི་སྡོམ་ནི། སེལ་མཛའ་ཚེ་ལྡན་སྐལ་བཟང་བཟང་། །ཤིན་སྐྲངས་དུས་ལས་བཟང་འཛིན་ཟུག་རྔུ། །སྐྲངས་འཕེལ་ངེས་པ་ཀུན་འཇོམས་དགའ། །རྡོ་རྗེ་གྲུབ་དང་ཤིན་ཏུ་ལྟུང་། །མཆོག་ཅན་ཡོངས་འཇོམས་ཞི་གྲུབ་པ། །བསྒྲུབ་བྱ་དགེ་དཀར་ཚངས་དབང་པོ། །འཁོར་འཛིན་རྣམས་ཏེ་ཉི་ཤུ་བདུན། །ཞེས་སོ། །

ཕྱི་ཆའི་བྱེད་པ་བརྩི་བ།

p. 274

ལྔ་པ་ཕྱི་ཆའི་བྱེད་པ་བརྩི་བ་ནི། གང་བརྩིའི་དུས་ཀྱི་ཚེས་གྲངས་གང་ཡིན་གཉིས་ཀྱིས་བསྒྱུར་དགོས་ཏེ། བྱེད་པ་བཅུ་གཅིག་པོ་ཐམས་ཅད་ཚེས་ཀྱི་ཆ་སྔ་ཕྱི་ལ་སྤྱོད་པའི་ཚེས་རེ་ལ་བྱེད་པ་གཉིས་གཉིས་འཆར་བའི་ཕྱིར་རོ། །དེ་ལས་རྟག་བྱེད་བཞི་པོ་ལ་རྟོགས་བྱེད་ཀྱི་རི་མོ་བྱ་མི་དགོས་ཏེ། ཉེར་དགུའི་ཕྱི་ཆ་ནས་ཚེས་གཅིག་གི་སྔ་ཆའི་བར་ཚེས་ཞག་ཕྱེད་ཆ་བཞི་ལ་ལོངས་སྤྱོད་པ་ལས་གཞན་དུ་མི་འཕོ་བའི་ཕྱིར། དེ་ཡང་རྟག་བྱེད་བཞི་ནི། བཀྲ་ཤིས་རྐང་བཞི་ཀླུ་མི་སྡུག །ཅེས་སོ། །གཉིས་ཀྱིས་བསྒྱུར་རྗེས་སུ་གཅིག་གིས་འབྲིད་དགོས་ཏེ། དེ་ལྷག་གིས་ཚེས་ཀྱི་སྔ་ཆ་ཕྱི་ཆ་ལ་འཕོ་བྱེད་བདུན་ལན་གྲངས་བརྒྱད་འཁོར་བའི་ཐོག་མ་ཚེས་གཅིག་གི་ཕྱི་ཆ་ནས་འཆར་བའི་ཕྱིར་སྔ་ཆའི་བྱེད་པ་ཕྲི་བའོ། །དེ་ལ་བདུན་གྱིས་བགོད་དགོས་ཏེ། འཕོ་བྱེད་ལ་བདུན་དུ་གྲངས་ངེས་པའི་ཕྱིར་ཏེ། གདབ་བྱིས་རིགས་ཅན་ཏིལ་བརྡུང་དང་། །ཁྱིམ་སྐྱེས་ཚོང་པ་བིཥྚིའོ། །དེ་དག་གི་ལག་ལེན་ནི། ཚེས་གྲངས་མིག་བསྒྱུར་གཟུགས་ཀྱིས་དམན། །ཐུབ་པས་དོར་ལྷག་ཕྱི་བྱེད་དེ། །སྔ་བྱེད་ཤུགས་ལས་རྟོགས་པར་འགྱུར། །དེ་ཡང་རྐང་པར་བཅས་པ་ཡི། །གང་བརྩིའི་ཚེས་ལོངས་དེ་དང་དེའི། །ཕྱེད་མར་བཅས་པའི་ཆ་རེ་ནི། །བྱེད་པ་རེ་ཡི་ལོངས་སྤྱོད་དེ། །བརྟགས་ཐབས་ཚེས་ལོངས་སྔ་མ་ཡིས། །མཁའ་རོར་ཕྲི་བའི་ལྷག་མ་དེ། །ཉིན་ཞག་སྔ་མར་འདས་པ་ཡིན། །ལྷག་དེ་དེ་རིང་ཚེས་ལོངས་སྟེང་། །བསྣན་ལ་མིག་གིས་བགོས་པའི་ནོར། །དུས་དེའི་བྱེད་པའི་ལོངས་སྤྱོད་དེ། །སྔ་ཆར་སྔ་མའི་ཚེས་ལོངས་དག །རྫོགས་ནས་དེ་ཡི་ཡུན་དུ་སྤྱོད། །ཕྱི་ཆར་ཚད་དེ་རྫོགས་པ་ནས། །བྱེད་པ་འཆར་བར་ཤེས་པར་བྱ། །ཞེས་སོ། །

སྒྲ་གཅན་གྱི་ལོངས་སྤྱོད།

p. 275

གཉིས་པ་སྒྲ་གཅན་གྱི་ལོངས་སྤྱོད་ལ། བུལ་བའི་ལོངས་སྤྱོད་བཙལ་བ་དང་། དེ་ལས་གདོང་མཇུག་གི་ལོངས་སྤྱོད་བཙལ་བའོ། །དང་པོ་ནི། ཟླ་དག་ལ་རྩིས་གཞི་གང་ཡིན་གྱི་རྩིས་འཕྲོ་བསྲེས་ནས། དེ་ལ་མཁའ་མེ་ལག་པས་བགོ་བ་སོགས་བྱས་ནའང་ཟླ་བ་རིལ་པོ་ལ་སྤྱོད་པའི་ངེས་པ་རྟོགས་མོད་ཀྱི། འོན་ཀྱང་ཉི་ཟླ་ལ་སྒྲ་གཅན་འཇུག་པའི་དུས་ནི་ཚིགས་
མཚམས་གཉིས་ཡིན་པའི་ཕྱིར། དེའི་དབང་གིས་ཟླ་བའི་ཚོགས་དེ་གཉིས་ཀྱིས་བསྒྱུར་དགོས་ཏེ་འདས་མ་ཐག་པའི་ཟླ་བའི་ཕུང་པོ་དེ་ཕྱོགས་ཀྱི་ཕུང་པོར་བྱ་བའི་ཆེད་ཡིན་པའི་ཕྱིར། དེའི་སྟེང་དུ་ཉ་ལ་གཅིག་དང་སྟོང་ལ་གཉིས་བསྲེ་དགོས་ཏེ། ཕྱོགས་གཅིག་དང་གཉིས་བསྲེ་བས་ངེས་པ་ད་ལྟར་བར་འབྱུང་བའི་ཕྱིར། དེ་ལ་བཞི་བརྒྱ་དང་དྲུག་ཅུས་བགོད་དགོས་ཏེ། དེ་ཕྱོགས་ཀྱི་འཁོར་ལོ་ཡིན་པའི་ཕྱིར། ཐོབ་པའི་ནོར་ནི་རྩིས་འཕྲོ་དང་བཅས་པའི་ལོ་དག་འདིའི་བར་ལ་རྒྱུ་སྐར་འཁོར་གྲངས་ཡིན་པས་དོར་ནས། ལྷག་མ་སྐར་མ་དང་། མཁའ་རོ་ལན་གཉིས་དང་། དུས་དང་། མེ་མིག་རྣམས་ཀྱིས་བསྒྱུར་བ་ལ་རིམ་པར་ཕྱོགས་ཀྱི་འཁོར་ལོས་བགོས་པའི་ནོར་རྣམས་ནི། སྒྲ་གཅན་གདོང་གིས་ནམ་གྲུ་ནས་གཡས་སྐོར་གྱིས་སྤྱད་ཟིན་འཆར་ཏེ་བུལ་བའམ་རྩ་བ་ཞེས་བྱའོ། །གཉིས་པ་ནི། བུལ་བའི་རི་མོ་དེས་གང་བརྩིའི་ཚེས་དེ་རྫོགས་པར་ཡན་ལ་སྤྱད་ཟིན་གྱི་གདོང་ནམ་གྲུ་ནས་གཡས་སྐོར་གྱིས་གང་ན་ཡོད་དང་། དེ་ནས་འཁོར་ཕྱེད་གཡས་སྐོར་དུ་བགྲངས་པ་ན་དུས་མེ་ཡོད་པར་རྟོགས་མོད་ཀྱི། དེ་ལྟ་ན་ཡང་འཇུག་པ་བདེ་བའི་ཆེད་དུ། རྩ་བའི་ལོངས་སྤྱོད་ལ་གང་ཤར་བ་དེས་རྒྱུ་སྐར་གྱི་འཁོར་ལོ་སྦྱངས་ལྷག་གིས་གདོང་དང་། དེ་ལ་འཁོར་ཕྱེད་བསྲེས་པས་མཇུག་གི་ལོངས་སྤྱོད་དུ་འགྱུར་ཏེ། གཉིས་ཀ་ཐ་སྐར་ནས་གཡོན་སྐོར་དུ་བགྲངས་པའི་སྤྱོད་འགྱུར་ལོངས་སྤྱོད་རྣམས་འཆར་བ་ཡིན་ནོ། །དེའི་ལག་ལེན་ཡང་། ཟླ་བ་དག་པར་ཀླུ་ལག་བསྲེ། །མིག་བསྒྱུར་ཉ་གཟུགས་སྟོང་མིག་སྦྱིན། །མཁའ་དུས་རྒྱ་མཚོས་དོར་བའི་ལྷག །སྐར་མ་མཁའ་རོ་ལན་གཉིས་དུས། །མེ་མིག་གིས་བསྒྱུར་མཁའ་དུས་ཆུས། །རིམ་ཐོབ་སྒྲ་གཅན་རྩ་བ་སྟེ། །དེ་ཡིས་འཁོར་ལོར་སྦྱངས་ལྷག་གདོང་། །གདོང་ལ་འཁོར་ཕྱེད་བསྲེས་པས་མཇུག །ཅེས་སོ། །

གཟའ་ལྔའི་ལོངས་སྤྱོད་བཤད་པ།

སྤྱི་ཞག་བཙལ་བ།

p. 276

གསུམ་པ་གཟའ་ལྔའི་ལོངས་སྤྱོད་ལ་སྤྱི་ཞག་བཙལ་བ་དང་། སོ་སོའི་ངེས་པ་བཤད་པ་གཉིས། དང་པོ་ནི། ཚེས་ཟླ་དག་པའི་ཚོགས་ཞག་གི་ཕུང་པོར་བྱ་བའི་ཆེད་དུ། སུམ་ཅུས་བསྒྱུར་ལ། གང་བརྩིའི་ཚེས་བསྲེས་པས་ནི། རྩིས་འཕྲོ་དང་བཅས་པའི་ལོ་དག་པ་དེའི་
ཐོག་མར་ནས་རྩི་བཞིན་པ་ཡན་གྱི་ཚེས་ཞག་གི་གྲངས་སུ་འགྱུར་རོ། །དེ་ལས་ཉིན་ཞག་བསྒྲུབ་པའི་ཕྱིར་གནས་གསུམ་དུ་བཀོད་པའི་བར་འོག་གཉིས་ལ་རྩིས་གཞི་གང་ཡིན་དེའི་རྩིས་འཕྲོ་བསྲེས་ལ། འོག་ནས་རི་མཁའ་རི་དང་ཆུ་རོས་དྲིལ་བའི་ནོར་གྱིས་སྟེང་མར་སྦྱངས་པ་ནི་ཉིན་ཞག་གི་ཚོགས་སུ་འགྱུར་ཏེ། ཞག་མི་ཐུབ་དང་བཅས་པའི་ཕྱིར་མི་གསལ་བའི་ཉིན་ཞག་ཅེས་བྱའོ། །དེ་ལ་གཟའ་ལྷག་པོ་གང་ལ་ཤར་བའི་ཉིན་ཞག་ཕྱི་མ་དེ་དོར་ནས་བརྩིས་པས་གསལ་ཞག་ཏུ་འགྱུར་ཏེ། ཚེས་ཞག་རེ་བཞིན་ཉིན་ཞག་རེ་གསུམ་འོང་བས་མཚམས་དེར་ཞག་རེ་འདོར་དགོས་པའི་ཕྱིར། དཔེར་ན། ངེས་པ་སྟོང་རྗེས་ཀྱི་ཟླ་བ་གཉིས་དང་ཞག་གཉིས་འདས་པའི་སྣྲོན་ཟླའི་ཚེས་གསུམ་པ་དང་བཞི་པ་གཉིས་ལ་གཟའ་ལྡབ་པས་ཕྱི་མ་དོར་ནས་ཚེས་ལྔའི་རྩིས་ལ་འཇུག་དགོས་པ་བཞིན་ནོ། །ལག་ལེན་ནི། ཟླ་བ་དག་པ་མཁའ་མེ་ཡིས། །བསྒྱུར་ལ་གང་བརྩིའི་ཚེས་གྲངས་བསྲེ། །གནས་གསུམ་བར་འོག་མིག་འབྱུང་དང་། །དུས་རི་ལག་པ་སྦྱིན་བྱས་ལ། །རི་མཁའ་རི་དང་ཆུ་རོ་ཡིས། །དྲིལ་བའི་ནོར་གྱིས་སྟེང་མར་སྦྱངས། །མི་གསལ་ཞག་གོ་དེ་གསལ་ཆེད། །ཉིན་ཞག་ལྡབ་པའི་ཕྱི་མ་དམན། །གལ་ཏེ་གློ་བུར་བརྟགས་འདོད་ན། །བར་པ་ཆུ་རོས་བགོས་པའི་ལྷག །སྟོང་ཚེ་ཞག་དེ་དོར་བ་ཡིས། །ཕལ་ཆེར་དགོས་པ་འགྲུབ་པར་བཞེད། །ཅེས་སོ། །གཉིས་པ་ལ་སྒོས་ཞག་ལ་བརྟེན་ནས་གཞི་རྒྱུན་བཅས་ཀྱི་ལོངས་སྤྱོད་བར་པ་བསྒྲུབ་པ། དལ་རྐང་ལ་བརྟེན་ནས་དལ་དག་བསྒྲུབ་པ། མྱུར་རྐང་ལ་བརྟེན་ནས་མྱུར་དག་བསྒྲུབ་པའོ། །དང་པོ་ལའང་། དྲག་གཟའ་གསུམ་གྱི་དལ་བ་བར་པ། ཞི་གཟའ་གཉིས་ཀྱི་རྐང་འཛིན་བར་པ། ཐུན་མོང་གི་ལོངས་སྤྱོད་ཉེ་བར་བསྒྲུབ་པའོ། །དང་པོ་ནི། སྤྱིའི་གསལ་ཞག་གི་ཚོགས་ལ་དྲག་གཟའ་གསུམ་པོ་རང་རང་གི་རྩིས་འཕྲོ་བསྲེས་ནས། སོ་སོའི་དཀྱིལ་འཁོར་གྱིས་བགོས་པའི་ལྷག་མས་རང་རང་གི་སྒོས་ཞག་གྲུབ་སྟེ། ཐོབ་ནོར་ནི་རྩིས་གཞི་འདི་ལ་ལྟོས་པའི་རྒྱུ་སྐར་འཁོར་ཟིན་གྱི་གྲངས་ཡིན་པས་བརྩི་མི་དགོས་པའི་ཕྱིར་དོར་བས་ཆོག་གོ། དེ་ལྟ་བུའི་སྒོས་ཞག་རྣམས་སྐར་མ་དང་། མཁའ་རོ་ལན་གཉིས་དང་། རོ་དང་། རང་

p. 277

ཆ་སོ་སོས་བསྒྱུར་ལ། རང་རང་གི་དཀྱིལ་འཁོར་གྱིས་རིམ་པར་ཐོབ་པ་རྣམས་ནི་གཟའ་རང་རང་གི་གང་བརྩིའི་ཞག་དེ་ཡན་ཆད་ལ། ཇི་ཙམ་སྤྱད་པ་རྟོགས་པའི་ཞག་དེ་དང་དེའི་རྒྱུན་བཅས་ཀྱི་དལ་བར་དུ་འགྱུར་ཏེ། སྒོས་ཞག་ཇི་སྙེད་ཡོད་པའི་ཞག་རེ་རེའི་སྟེང་ན་རང་རང་གི་ཉིན་ཞག་རྟག་ལོངས་རེ་ཡོད་པའི་ཕྱིར་ཏེ། དཔེར་ན་སྒོས་ཞག་གཅིག་སྐར་མས་བསྒྱུར་བ་སོགས་སྔར་བཞིན་བྱས་པས་གཟའ་སོ་སོའི་ཉིན་ཞག་རྟག་ལོངས་འཆར་བ་གང་ཞིག །དེ་གཅིག་ཐོག་ཏུ་གཅིག་བརྩེགས་པའི་རྟག་ལོངས་དང་། སྒོས་ཞག་གཉིས་སོགས་ལ་བསྒྲུབས་པའི་ལོངས་སྤྱོད་གཉིས་རིགས་པ་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། སྤྱིའི་གསལ་ཞག་དེ་ལྷག་པའི་དོན་དུ་བརྒྱ་དང་། པ་སངས་ཀྱི་དོན་དུ་བཅུས་བསྒྱུར་བ་ལ་སོ་སོའི་རྩིས་འཕྲོ་བསྲེས་ནས་རང་རང་གི་དཀྱིལ་འཁོར་གྱིས་དོར་ལྷག་སྒོས་ཞག་དང་། དེ་སྐར་མས་བསྒྱུར་བ་སོགས་སྔར་བཞིན་བྱས་པས་ཞི་གཟའ་གཉིས་ཀྱི་ཞག་དེ་དང་དེའི་རྒྱུན་བཅས་ཀྱི་རྐང་འཛིན་བར་པ་འགྲུབ་པ་ཡིན་ནོ། །སྔ་ཕྱི་གཉིས་ཀའི་ལག་ལེན་ནི། སྤྱི་ཞག་ཚར་ལྔ་རིམ་པ་བཞིན། །བཀྲ་ཤིས་དོན་དུ་མཁའ་མིག་འབྱུང་། །ཕུར་བུ་མེ་རི་སྤེན་པ་ལ། །ཚེས་མིག་རོས་བརྒྱན་ལྷག་པའི་ཆེད། །བརྒྱས་བསྒྱུར་བུག་རྩ་རི་འབྱུང་དང་། །པ་སངས་བཅུས་བསྒྱུར་བུག་འབྱུང་དྲག །བྱིན་ལ་རང་རང་དཀྱིལ་འཁོར་གྱིས། །དོར་རོ་བཀྲ་ཤིས་རི་ཀླུ་རོ། ༦༨༧། ཕུར་བུའི་སོ་མེ་རྒྱ་མཚོ་སྟེ། ༤༣༣༢། སྤེན་པའི་དུས་མཚམས་རི་བོ་ཕྱོགས། ༡༠༧༦༦། ལྷག་པའི་རི་བུག་རི་ཀླུ་དང་། ༨༧༩༧། པ་སངས་རི་རྒྱལ་མིག་༢༢༤༧རྣམས་ཀྱིས། །ཐོབ་ནོར་དོར་ལྷག་སྒོས་ཞག་སྟེ། །དེ་ཉིད་སྐར་མ་མཁའ་རོ་དང་། །མཁའ་རོ་དུས་དང་སོ་སོའི་ཆས། །བསྒྱུར་ལ་རང་རང་དཀྱིལ་འཁོར་གྱིས། །ཐོབ་པ་དྲག་གསུམ་དལ་བར་དང་། །ཞི་གཉིས་རྐང་འཛིན་བར་པ་ཡིན། །དེ་ལ་རང་རང་ཆ་ཤས་ནི། །བཀྲ་ཤིས་བུག་མིག་ལག་པའི་ཆ། ༢༢༩། ལྷ་ཡི་བླ་མ་གཟུགས་དུས་མེ། ༣༦༡། སྤེན་པའི་མེ་ཀླུ་མེ་འབྱུང་བ། ༥༣༨༣། ལྷག་པའི་རི་བུག་རི་ཀླུ་དང་། ༨༧༩༧། པ་སངས་བུག་མཚོ་ཐུབ་པའོ། ༧༤༩། ཞེས་སོ། །གསུམ་པ་ནི། ཚེས་གྲངས་མ་བསྲེས་པའི་གསལ་ཞག་གི་ཚོགས་རྣམས་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་

p. 278

དགོས་ཏེ། བགོད་བྱེད་དང་ཤེད་མཚུངས་པར་བྱ་བའི་ཕྱིར། དེ་ལ་རང་འཁོར་མ་ལོངས་པའི་རྩིས་འཕྲོ་བསྲེ་བའམ། ལྷག་གྱུར་དོར་བ་གང་རིགས་བྱས་རྗེས། མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས་ཐོབ་པ་དོར་དགོས་ཏེ། མདའ་མཁའ་སོགས་ནི་ཉིན་ཞག་གི་དཀྱིལ་འཁོར་རྗེས་འབྲང་དང་བཅས་པ། མིག་ཀླུ་མེ་སྐྱོན་གྱི་ཆར་དྲིལ་བའི་དཀྱིལ་འཁོར་ཡིན་པ་གང་ཞིག །དེས་ཐོབ་པ་ནི་འཁོར་ལོ་ལོངས་པའི་གྲངས་ཡིན་པས་དོར་ཆོག་པའི་ཕྱིར་རོ། །དེ་ལྷག་རྣམས་སྐར་དབྱུག་སྲང་དབུགས་ཀྱི་འཁོར་ལོ་དང་། བུག་སོགས་ཀྱི་ཆས་རིམ་པར་བསྒྱུར་ནས། མདའ་མཁའ་སོགས་ཀྱིས་བགོས་ནོར་ནི་ཉི་དྷྲཱུ་ཡིན་ལ། དེའི་སྟེང་དུ་ཉི་མའི་ཉིན་ཞག་རྟག་ལོངས་གང་རྩིས་ཚེས་ཀྱིས་བསྒྱུར་ཏེ་སྦྱིན་པས་ཉིན་ཞག་གི་ཉི་མ་བར་པར་འགྱུར་རོ། །ལག་ལེན་ནི། ཚེས་གྲངས་མ་བསྲེས་གསལ་ཞག་ཚོགས། །མིག་ཀླུ་མེ་སྐྱོན་༡༨༣༨༢གྱིས་བསྒྱུར་ལ། །མཁའ་དྲག་བུག་དུས་མེ་༣༦༩༡༡༠ཡིས་ཕྲི། །མདའ་མཁའ་མཚོ་ཡིད་རི་མཚམས་༦༧༡༤༤༠༥ཀྱིས། །ཐོབ་པ་དོར་ལྷག་སྐར་མ་དང་། །མཁའ་རོ་ལན་གཉིས་བྲོ་བ་དང་། །བུག་མཁའ་མིག་བུག་ཡིད་ཀྱི་ཆས། །རིམ་བསྒྱུར་མདའ་མཁའ་ལ་སོགས་ཀྱིས། །བགོས་པས་ཐོབ་པའི་ཉི་དྷྲཱུ་སྟེ། །མཚོ་དབྱུག་དུས་མིག་སྲང་དབུགས་ཐིག །དུས་ཚེས་མི་བུག་ཆ་ཤས་རྣམས། ༠། ཚེས་བསྒྱུར་སྦྱིན་པ་དྲག་གསུམ་གྱི། །རྐང་འཛིན་ཞི་གཉིས་དལ་བ་སྟེ། །གཟའ་ལྔ་ཐུན་མོང་ལོངས་སྤྱོད་དོ། །ཞེས་སོ། །གཉིས་པ་ལ། རྒྱུན་བཅས་ཀྱི་རྐང་ལོངས་དང་། ཉིན་ཞག་རེའི་རྐང་ལོངས་དག་ཚུལ་གཉིས། དང་པོ་ནི། དྲག་གཟའ་གསུམ་གྱི་རང་རང་གི་དལ་བར་དང་། ཞི་གཉིས་ཀྱི་དལ་བར་ནི་རྒྱུན་ལ་ལྟོས་ནས་ཉི་མ་དང་མཚུངས་པའི་ཕྱིར་ཉིན་ཞག་ཉི་བར་ཏེ། དེ་ལྟ་བུའི་སོ་སོའི་ལོངས་སྤྱོད་རྐང་བྲལ་གནས་གཉིས་སུ་བཀོད་པའི་ཕྱོགས་གཅིག་ལ་གཟའ་རང་རང་གི་སྐྱེས་ཁྱིམ་སྦྱངས་ཤིང་། གལ་ཏེ་སྦྱང་དུ་མ་ལྡང་ན་འཁོར་ལོ་བསྣོན་པ་སོགས་གཟའ་སོ་སོའི་གཟུང་བྱའི་རྐང་པ་ཐ་དད་པ་ཙམ་ལས་གཞན་རྐང་པའི་ལས་ཀྱི་ཆོ་ག་ཐམས་ཅད་ཉི་མ་དང་འདྲ་བར་བྱས་པས་གཟའ་རང་རང་གི་རྒྱུན་གྱི་དལ་བ་རྣམ་པར་དག་པར་འགྱུར་ཏེ།

p. 279

དེའི་ལག་ལེན་ནི། དྲག་གསུམ་རང་རང་དལ་བར་དང་། །ཞི་གཉིས་ཉིན་ཞག་ཉི་བར་དག །གནས་གཉིས་གཅིག་ལ་སྐྱེས་ཁྱིམ་སྦྱངས། །བཀྲ་ཤིས་དགུ་དང་མཁའ་མེ་དང་། ༩། མི་བདག་ཕྱེད་བཅས་ལྷག་པ་སྟེ། ༡༦། ཕུར་བུར་རྒྱུ་སྐར་བཅུ་གཉིས་སོ། ༡༢། པ་ཝ་སངས་ལ་སྐར་མ་དྲུག །༦། སྤེན་པར་སྐར་མ་བཅོ་བརྒྱད་དོ། ༡༨། མ་ལྡང་འཁོར་ལོ་བསྣན་ལ་སྦྱངས། །སྦྱངས་ཤུལ་འཁོར་བྱེད་ལྷག་ན་དོར། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་དལ་རྐང་བཟུང་། །འཛིན་བྱའི་ཐ་དད་རྐང་པ་ནི། །བཀྲ་ཤིས་དེ་ཉིད་ཉེས་པ་རི། ༢༥། ལྷག་པ་ཕྱོགས་རི་རྩེ་མོ་ཅན། ༡༠། ཕུར་བུའི་བདེ་བྱེད་བུ་ག་མེ། ༡༡། དཀར་པོའི་མདའ་ཆུ་རི་བོང་ཅན། ༥། སྤེན་པའི་ལག་མིག་ཚེས་མཚམས་ཏེ། ༢༢། སྔ་རྐང་དེ་ཡིན་ཕྱི་རྐང་ལྡོག །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་དང་བསྒྱུར་མདའ་ཡོན་ཟླས། །ཐོབ་པ་ཡང་རྒྱུའི་དབྱུག་གོ་ལྷག །མཁའ་རོ་དུས་དང་སོ་སོའི་ཆས། །བསྒྱུར་བཅུག་ཐོབ་པ་སྲང་དབུགས་ཆ། །སྔ་རྐང་ཆུ་ཚོད་གཉིས་བསྲེ་ཞིང་། །ཕྱི་རྐང་རྒྱུ་བས་ཕབ་ལ་སྦྱངས། །དེ་དག་དལ་བར་ཅིག་ཤོས་ལ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །སོ་སོའི་དལ་བ་རྣམ་པར་དག །ཅེས་སོ། །དེ་ལྟ་བུའི་དལ་དག་གི་སྟེང་དུ། དེ་དང་རྐང་མཚུངས་ཀྱི་ཉིན་ཞག་རེའི་དལ་དག་འཆད་འགྱུར་ཉིད་ཉིན་རེ་བཞིན་གཅིག་ཐོག་ཏུ་གཅིག་བསྣན་པས་རྐང་པ་སོ་སོ་མ་འཕོས་ཀྱི་བར་དེ་སྲིད་དུ་ཞག་སོ་སོའི་རྒྱུན་གྱི་དལ་བ་རྣམ་པར་དག་པར་འགྱུར་ཏེ། དེའི་རིགས་པ་ཉི་མ་ལའང་ཁྱེར་ཤེས་པར་བྱའོ། །འོ་ན་འདིར་དལ་བའི་རྐང་ལོངས་རྣམས་དལ་བར་ལ་ཉི་མ་ལྟར་དོར་བའི་སྔ་རྐང་དང་མ་དོར་བའི་ཕྱི་རྐང་ལ་ནོར་དང་། དོར་བའི་ཕྱི་རྐང་དང་མ་དོར་བའི་སྔ་རྐང་ལ་བུ་ལོན་ཤ་སྟག་ཏུ་སྣང་བས། ཅི་ཞེ་ན། དེ་ཤེས་པའི་ཡན་ལག་ཏུ་རིམ་རིམ་མིན་གྱི་རྐང་མཚམས་རྣམས་ཀྱང་བཤད་པར་བྱ་སྟེ། དེ་ཡང་གཟའ་རྣམས་སོ་སོའི་སྐྱེས་སྐར་ནས་འགོ་བཟུང་སྟེ། རང་རང་གི་དལ་བར་ལ་སྐར་མིག་དབྱུག་ཚེས་སོགས་ཁྱིམ་རེའི་རྫོགས་ཚད་ཤར་ཚེ་རིམ་རྐང་དང་པོ་རྫོགས་པ་སོགས་གཟའ་ལྔ་པོ་ཐམས་ཅད་ལ་ངེས་པ་སྟེ། དེའི་

p. 280

སྡོམ་ནི། གཟའ་རྣམས་སོ་སོའི་སྐྱེས་སྐར་ནས། །འགོ་བཟུང་རང་རང་དལ་བར་ལ། །སྐར་མིག་དབྱུག་ཚེས་ཤར་བའི་བར། ༢། རིམ་པའི་སྔ་རྐང་དང་པོ་སྟེ། །རིག་བྱེད་མཁའ་མེའི་བར་གཉིས་པ། ༤། བྲོ་བ་ཞེ་ལྔའི་བར་ཐ་མ། ༦། དེ་ནས་དགུ་དང་ནམ་མཁའི་བར། ༩། རིམ་པའི་ཕྱི་རྐང་དང་པོ་སྟེ། །དྲག་པོ་བཅོ་ལྔའི་བར་གཉིས་པ། ༡༡། བཅུ་གསུམ་སུམ་ཅུའི་བར་མཐའ་མ། ༡༣། དེ་ཡིས་མ་དོར་རིམ་པ་རྫོགས། །དེ་ནས་བཅོ་ལྔ་ཞེ་ལྔའི་བར། ༡༥། རིམ་མིན་སྔ་རྐང་དང་པོ་སྟེ། །བཅོ་བརྒྱད་ཐིག་ལེའི་བར་གཉིས་པ། ༡༨། ཉི་ཤུ་བཅོ་ལྔའི་བར་ཐ་མ། ༢༠། དེ་ནས་ཟུང་མིག་སུམ་ཅུའི་བར། ༢༢། རིམ་མིན་ཕྱི་རྐང་དང་པོ་སྟེ། །རྒྱལ་བ་མདའ་ཆུའི་བར་གཉིས་པ། ༢༤། འཁོར་ལོ་རྫོགས་པ་ཐ་མ་སྟེ། ༢༧། དོར་བ་རིམ་མིན་རྐང་པ་རྫོགས། །ཞེས་སོ། །གཉིས་པ་ཉིན་ཞག་རེའི་རྟག་ལོངས་དག་ཚུལ་ནི། གཟའ་ལྔ་ཀ་ལ་དལ་རྐང་རིགས་མི་འདྲ་བ་གསུམ་རེ་ཡོད་པའི་དོན་གྱིས། རྐང་ལོངས་མི་འདྲ་བ་གསུམ་དུ་འགྱུར་ལ། དེས་རང་རང་གིས་དལ་བ་ལ་ནོར་བུ་ལོན་དུ་བྱས་པའི་ཉིན་ཞག་རེའི་དལ་དག་ཀྱང་དྲུག་དྲུག་ཏུ་འགྱུར་བ་ཡིན་ནོ། །དེ་ཡང་མིག་དམར་ལ་རང་གི་ཉིན་ཞག་རེའི་ཡུལ་གྱི་ལོངས་སྤྱོད་༠རྣམས་གནས་གསུམ་དུ་བྱས་པའི་གཅིག་གི་གནས་ཐམས་ཅད་དལ་རྐང་གསུམ་པོས་བསྒྱུར་ལ་བརྒྱ་སོ་ལྔས་བགོ་བ་སོགས་ཉི་མ་ལྟར་བྱས་པའི་རྐང་ལོངས་གསུམ་ལས། དེ་ཉིད་ཀྱི་རྐང་ལོངས་༠ཀྱི་དལ་བར་གནས་གཉིས་པ་ལ་སྦྱིན་པས་རིམ་པའི་ཕྱི་རྐང་ཐ་མ་དང་། རིམ་མིན་གྱི་སྔ་རྐང་དང་པོའི་ལོངས་སྤྱོད་༠དུ་འགྱུར་ཞིང་། གནས་གསུམ་པ་ལ་ཕྲི་བས་རིམ་རིམ་མིན་གྱི་དང་ཐ་སྔ་མ་ལས་གོ་ལྡོག་པ་ལ་གནས་པའི་ཚེ་སྤྱོད་པའི་ལོངས་སྤྱོད་དོ། ༠། ཡང་ཉེས་པའི་རྐང་ལོངས་༠ཀྱི་དལ་བར་གནས་ཅིག་ཤོས་ལ་སྦྱིན་པས་༠རིམ་པའི་ཕྱི་རྐང་དང་རིམ་མིན་གྱི་སྔ་རྐང་གི་རྐང་པ་གཉིས་པ་གཉིས་དང་། ཕྲི་བས་༠སྔ་མ་ལས་གོ་ལྡོག་པའི་རྐང་པ་གཉིས་པའི་ལོངས་སྤྱོད་དོ། །ཡང་རིའི་རྐང་ལོངས་༠ཀྱི་དལ་བར་ལ་སྦྱིན་པས་༠རིམ་པའི་ཕྱི་རྐང་དང་པོ་དང་རིམ་མིན་གྱི་སྔ་རྐང་ཐ་མ་དང་། ཕྲི་བས་༠རིམ་སྔའི་ཐ་དང་རིམ་མིན་གྱི་ཕྱི་རྐང་དང་པོའི་ལོངས་སྤྱོད་དོ། །དེ་དག་གི་སྡོམ་ཡང་།

p. 281

རིམ་ཕྱི་ཐ་དང་རིམ་མིན་གྱི། །སྔ་རྐང་དང་པོ་དེ་ཉིད་ནོར། །རིམ་མིན་ཕྱི་ཐ་རིམ་པ་ཡི། །སྔ་རྐང་དང་པོ་དེའི་བུ་ལོན། །རིམ་ཕྱི་གཉིས་པ་རིམ་མིན་གྱི། །སྔ་རྐང་གཉིས་པ་ཉེས་པའི་ནོར། །རིམ་མིན་ཕྱི་གཉིས་རིམ་སྔ་ཡི། །གཉིས་པར་ཉེས་པའི་བུ་ལོན་ནོ། །རིམ་ཕྱི་དང་པོ་རིམ་མིན་གྱི། །སྔ་རྐང་ཐ་མ་རི་བོའི་ནོར། །རིམ་མིན་ཕྱི་རྐང་དང་པོ་དང་། །རིམ་སྔའི་ཐར་གནས་རིའི་བུ་ལོན། །ཞེས་སོ། །དེའང་གཟའ་བཀྲ་ཤིས་འདི་སེང་ཁྱིམ་གྱི་རྐང་པ་གཉིས་འདས་མཚམས་སུ་སྐྱེས་པས་རྐང་པའི་འཕོ་མཚམས་ཀྱང་ཁྱིམ་སོ་སོའི་རྐང་པ་གཉིས་གཉིས་འདས་ནས་འཕོ་ཤིང་། དེ་ལྟར་འཕོ་ཞག་གི་ཁྱིམ་ཁྱོན་རེ་ལ་ཞག་གི་བཞི་ཆ་རེ་དང་བཅས་པའི་ཉིན་ཞག་ང་བདུན་རེ་ཡོད་དེ། རང་གི་རྒྱུ་སྐར་འཁོར་བའི་ཉིན་ཞག་གི་གྲངས་རི་ཀླུ་རོ་ལ་བཅུ་གཉིས་ཀྱིས་ཕྱེ་བས་ཉིན་ཞག་ང་བདུན་ཐོབ་པ་གང་ཞིག །ལྷག་གསུམ་ལུས་པ་ཞག་ལ་བཅུ་གཉིས་ཀྱི་ཆར་ཕྱེ་བའི་བཞི་ཆ་གཅིག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕུར་བུ་ལ། རང་གི་ཉིན་ལོངས་༠གནས་གསུམ་གྱི་གཅིག་ལ་སྔར་བཞིན་བདེ་བྱེད་བུ་ག་མེའི་རྐང་ལོངས་བཙལ་ལ་༠༠༠དེས་གནས་གཞན་གཉིས་པོར་སྟེར་འབྲི་བྱས་པས་རྟོགས་པར་འགྱུར་ཏེ། དེ་དག་གི་སྡོམ་ནི། རིམ་ཕྱི་ཐ་དང་རིམ་མིན་གྱི། །སྔ་རྐང་དང་པོ་བདེ་བྱེད་ནོར། ༠། རིམ་མིན་ཕྱི་ཐ་རིམ་པ་ཡི། །སྔ་རྐང་དང་པོ་དེའི་བུ་ལོན། ༠། རིམ་ཕྱི་གཉིས་པ་རིམ་མིན་གྱི། །སྔ་རྐང་གཉིས་པ་བུ་གའི་ནོར། ༠། རིམ་མིན་ཕྱི་གཉིས་རིམ་སྔ་ཡི། །གཉིས་པར་བུ་གའི་བུ་ལོན་ནོ། ༠། རིམ་ཕྱི་དང་པོ་རིམ་མིན་གྱི། །སྔ་རྐང་ཐ་མ་མེ་ཡི་ནོར། ༠། རིམ་མིན་ཕྱི་རྐང་དང་པོ་དང་། །རིམ་སྔའི་མཐར་གནས་མེའི་བུ་ལོན། ༠། ཞེས་སོ། །གཟའ་འདི་བུ་མོའི་ཁྱིམ་གྱི་དབོའི་རྐང་པ་གསུམ་འདས་པ་མེ་བཞིའི་ཐོག་མར་སྐྱེས་པས་ཁྱིམ་སོ་སོའི་རྐང་པ་གསུམ་གསུམ་འདས་ནས་འཕོ་ཞིང་དེའི་ཁྱོན་རེ་ལ། ཉིན་ཞག་གཟུགས་དུས་མེ་རེ་ཡོད་དོ། །ཡང་སྤེན་པ་ལ། རང་གི་ཉིན་ལོངས་༠གནས་གསུམ་གྱི་གཅིག་ལས། ལག་མིག་ཚེས་མཚམས་ཀྱི་རྐང་ལོངས་བཙལ་ནས་༠༠༠གཞན་གཉིས་པོ་ལ་བསྣོན་འབྲིད་བྱས་པས་རྟོགས་ཏེ། དེ་དག་གི་སྡོམ་ནི། རིམ་ཕྱི་ཐ་དང་རིམ་མིན་གྱི། །སྔ་རྐང་དང་པོ་ལག་མིག་ནོར། ༠། རིམ་

p. 282

མིན་ཕྱི་ཐ་རིམ་པ་ཡི། །སྔ་རྐང་དང་པོ་དེའི་བུ་ལོན། ༠། རིམ་ཕྱི་གཉིས་པ་རིམ་མིན་གྱི། །སྔ་རྐང་གཉིས་པ་ཚེས་ཀྱི་ནོར། ༠། རིམ་མིན་ཕྱི་གཉིས་རིམ་སྔ་ཡི། །གཉིས་པར་ཚེས་ཀྱི་བུ་ལོན་ནོ། ༠། རིམ་ཕྱི་དང་པོ་རིམ་མིན་གྱི། །སྔ་རྐང་ཐ་མ་མཚམས་ཀྱི་ནོར། ༠། རིམ་མིན་ཕྱི་རྐང་དང་པོ་དང་། །རིམ་སྔའི་ཐ་གནས་མཚམས་ལོན་ནོ། ༠། ཞེས་སོ། །གཟའ་འདི་གཞུ་ཡི་ཁྱིམ་སྣྲུབས་ཀྱི། །ཐོག་མར་སྐྱེས་པས་ཉི་མ་ལྟར། ཁྱིམ་མཚམས་སུ་རྐང་པ་འཕོ་ཞིང་། དེའི་ཁྱོན་རེ་ལ་ཉིན་ཞག་དྲུག་ཆ་དང་བཅས་པའི་རི་བུག་རི་ཀླུ་ཡོད་དོ། །ཡང་ཞི་གཟའ་གཉིས་ལ་ཐུན་མོང་གི་དལ་བར་ཉི་མའི་ཡུལ་ལོངས་༠གནས་གསུམ་གྱི་གཅིག་ལ་ལྷག་པའི་ཕྱོགས་རི་རྩེ་མོ་དང་༠༠༠པ་ཝ་སངས་ཀྱི་མདའ་ཆུ་རི་བོང་ཅན་གྱི་རྐང་ལོངས་༠༠༠བཙལ་ལ། དེས་གནས་གཞན་གཉིས་པོར་བསྣོན་འབྲིད་བྱས་པས་ཞི་ག །ཉིས་སོ་སོའི་ཞག་རེའི་ལོངས་སྤྱོད་རྟོགས་པར་འགྱུར་ཏེ། དེའི་སྡོམ་ནི། རིམ་ཕྱི་ཐ་དང་རིམ་མིན་གྱི། །སྔ་རྐང་དང་པོ་ལྷག་པ་ཡི། ༠། ཕྱོགས་ནོར་པ་སངས་མདའ་ཡི་ནོར། ༠། རིམ་མིན་ཕྱི་ཐ་རིམ་པ་ཡི། །སྔ་རྐང་དང་པོ་ལྷག་ཕྱོགས་ལོན། ༠། དཀར་པོའི་མདའ་ཡི་བུ་ལོན་ནི། ༠། རིམ་ཕྱི་གཉིས་པ་རིམ་མིན་གྱི། །སྔ་རྐང་གཉིས་པ་ལྷག་རི་ནོར། ༠། པ་ཝ་སངས་ཀྱི་ཆུ་ནོར་རོ། ༠། རིམ་མིན་ཕྱི་གཉིས་རིམ་སྔ་ཡི། །གཉིས་པར་ལྷག་པའི་རིའི་བུ་ལོན། །༠པ་སངས་ཆུ་བོའི་བུ་ལོན་འགྱུར། ༠། རིམ་ཕྱི་དང་པོ་རིམ་མིན་གྱི། །སྔ་རྐང་ཐ་མ་ལྷག་རྩེ་ནོར། ༠། པ་སངས་རི་བོང་ཅན་གྱི་ནོར། ༠། རིམ་མིན་ཕྱི་རྐང་དང་པོ་དང་། །རིམ་སྔའི་ཐ་མ་ལྷག་རྩེ་ལོན། ༠། དཀར་པོའི་རི་བོང་ཅན་བུ་ལོན། ༠། ཞེས་སོ། །དེ་ཡང་ལྷག་པ་ནི། སྡིག་ཁྱིམ་གྱི་རྐང་པ་གསུམ་འདས་པ་ལྷ་མཚམས་ཀྱི་ཕྱེད་དུ་སྐྱེས་པས་ཁྱིམ་རེའི་རྐང་པ་གསུམ་འདས་ནས་དལ་རྐང་འཕོ་བ་ཕུར་བུ་དང་འདྲ་ལ། པ་སངས་ནི་འཁྲིག་ཁྱིམ་གྱི་རྐང་པ་དྲུག་འདས་པ་ནབས་སོའི་འཐོག་མར་སྐྱེས་པས་ཁྱིམ་སོ་སོའི་རྐང་པ་དྲུག་འདས་ནས་དལ་རྐང་འཕོ་ཤིང་། གཉིས་ཀའི་འཕོ་བ་ཞག་གི་ཁྱིམ་ཁྱོན་རེ་ལ་ཆུ་ཚོད་ཉེར་དྲུག་དང་བཅས་པའི་ཉིན་ཞག་སུམ་ཅུ་ལྷག་ཙམ་རེ་དགོས་པར་མཚུངས་ཏེ། ཉིན་ཞག་སུམ་བརྒྱ་རེ་ལྔ་ལ་བཅུ་གཉིས་ཀྱིས་ཕྱེ་བས་དེ་

p. 283

ལྟར་འབྱུང་བའི་ཕྱིར་རོ། །འདིས་མཚོན་ནས་གཟའ་ལྔ་ཀའི་དལ་རྐང་འཕོ་བའི་ཞག་གྲངས་ཁྱིམ་ཚེས་གཉིས་ལའང་སྦྱར་ཤེས་པར་བྱའོ། །གསུམ་པ་ལ་རྒྱུན་བཅས་ཀྱི་མྱུར་བ་དང་། ཞག་རེའི་མྱུར་བ་དག་པར་བྱེད་པའི་ཚུལ་གཉིས། དང་པོ་ནི། གཟའ་ལྔ་པོ་རང་རང་གི་དལ་བ་དག་པ་གནས་གཉིས་སུ་བཀོད་པའི་ཕྱོགས་གཅིག་གིས་རང་རང་གི་མྱུར་རྐང་གང་ལ་གནས་ངོ་ཤེས་པའི་ཆེད་དུ། དྲག་གསུམ་ལ་སྐབས་སུ་བབ་པའི་ཉི་བར་དང་། ཞི་གཉིས་ལ་རང་རང་གི་རྐང་འཛིན་བར་པ་ལ་སྦྱངས་པའི་ལྷག་མ་སོ་སོའི་རྐང་འཛིན་དག་པར་འགྱུར་ཏེ། དྲག་པོའི་ཉི་བར་དང་ཞི་བའི་རྐང་འཛིན་བར་པ་ནི་རང་རང་གི་རྐང་འཛིན་ལོངས་སྤྱོད་བུ་ལོན་དང་བཅས་པ་ཡིན་པ་གང་ཞིག །རང་རང་གི་དལ་དག་ནི་བུ་ལོན་ལེན་བྱེད་ཡིན་པའི་ཕྱིར་ཏེ། བུ་ལོན་མེད་ན། དྲག་གསུམ་ལ་རང་གི་རྐང་དཀྱིལ་ཉི་མའི་ཉིན་ཞག་དཀྱིལ་འཁོར་དང་། ཞི་གཉིས་ལ་རང་རང་གི་རྐང་དཀྱིལ་སྒོས་ཞག་གི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་གཉིས་པོ་དེའི་དུས་ལ་འགྲོས་བཞི་རྫོགས་དགོས་རྒྱུ་ལ། རང་རང་གི་དལ་དག་གིས་ཇི་ཙམ་སྤྱད་པ་དེ་ཙམ་སྤྱད་པ་དེ་ཙམ་ཞིག་རྐང་འཛིན་ལོངས་སྤྱོད་ལ་བུ་ལོན་དུ་སོང་བའི་ཆས་དུས་དེར་འགྲོས་བཞི་མ་རྫོགས་པ་ཡིན་པའི་ཕྱིར། དེ་ཡང་དལ་དག་གིས་ཇི་ཙམ་སྤྱོད་པའི་ཆ་རྐང་འཛིན་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་དགོས་པ་ཡིན་ཏེ། གཟའ་རང་རང་གི་འགྲོས་བཞི་རང་རང་གི་དལ་དག་ལས་བརྩམས་ཏེ་བྱེད་དགོས་པས་དལ་དག་དང་རྐང་འཛིན་གྱི་ཐུན་མོང་དུ་སྤྱད་པའི་ལོངས་སྤྱོད་རྣམས་ཀྱིས་མྱུར་རྐང་འཛིན་པ་ལ་སོགས་པ་བྱར་མི་རིགས་པའི་ཕྱིར་རོ། །དེ་ལྟར་དལ་དག་གིས་རྐང་པའི་ལོངས་སྤྱོད་ལ་སྦྱང་དུ་མ་ལྡང་ན་ནི་འཁོར་ལོ་བསྲེས་པ་ལས་སྦྱངས་དགོས་ཏེ། རིམ་པའི་སྔ་རྐང་དང་པོ་ནས་ཀྱི་འཕྲོ་རྟོགས་པའི་ཆེད་ཡིན་པའི་ཕྱིར་ཏེ། སྦྱངས་ལྷག་མེད་ན་རིམ་མིན་གྱི་རྐང་གནས་བཅུ་བཞི་པོ་སྤྱད་ཚར་ནས་རིམ་རྐང་དང་པོ་ནས་ལོངས་སྤྱོད་པའི་ཕྱིར་རོ། །དེ་ལྟར་འཁོར་ལོ་བསྣན་པའམ་མ་བསྣན་ཀྱང་རུང་། སྦྱངས་རྗེས་སུ་འཁོར་ཕྱེད་ལྷག་ན་དོར་བས་ཆོག་སྟེ། རྐང་འཛིན་དག་པས་དལ་བ་ལས་ལྷག་པོར་འཁོར་ཕྱེད་སོང་བའི་

p. 284

མཚམས་སུ་རིམ་པའི་རྐང་སྔ་ཕྱིའི་ནོར་བུ་ལོན་གཅིག་གུན་གཅིག་གིས་བསབས་ནས་དལ་དག་ཉིད་དུ་བྲི་གང་མེད་པས། དེ་ཡན་གྱི་འཕྲོ་བརྩི་མི་དགོས་པའི་ཕྱིར། དེ་ཡང་སྐར་མ་ཕྱེད་དང་བཅུ་བཞི་ལ་ལྟོས་ནས་མྱུར་རྐང་གནས་བཅུ་བཞིར་མཛད་པས་སྐར་གནས་ནས་བཅུ་གསུམ་འདོར་བ་རིམ་པའི་སྔ་རྐང་དང་པོ་ནས་བཟུང་སྟེ་རྐང་པ་བཅུ་གསུམ་པའི་བར་དང་། ཆུ་ཚོད་ནས་སུམ་ཅུ་འདོར་བ་ནི་རྐང་གནས་ཐ་མ་བཅུ་བཞི་པ་དེ་འདོར་བ་ཡིན་ནོ། །འཁོར་ཕྱེད་དོར་ན་རིམ་མིན་དང་། མ་དོར་ན་རིམ་པར་བྱེད་པ་དལ་བ་དང་འདྲ་ཞིང་། དོར་མ་དོར་གང་ཡིན་ཡང་རུང་། དལ་དག་གིས་རྐང་འཛིན་ལ་སྦྱངས་པའི་ལྷག་མའི་སྐར་མ་ལ་སོགས་པས་མྱུར་རྐང་འཛིན་དགོས་ཏེ། སྦྱངས་ལྷག་དེ་རྐང་འཛིན་དག་པ་ཡིན་པ་གང་ཞིག །དེས་སྤྱད་པའི་སྐར་མ་རེའི་ཁྱོན་ལ་མྱུར་བའི་རྐང་པ་རེ་གནས་པའི་ཕྱིར་མཐའ་གཅིག་ཏུ་ནི་མ་ངེས་ཏེ། རིམ་པའི་ཕྱི་རྐང་ཐ་མ་དང་རིམ་མིན་གྱི་སྔ་རྐང་དང་པོ་འཛིན་པའི་ཚེ་སྐར་མ་ཕྱེད་ཀྱིས་འཛིན་དགོས་པའི་ཕྱིར་ཏེ་དེ་ག །ཉིས་སྡོམ་པས་རྐང་པ་རིལ་པོ་གཅིག་ཡིན་པའི་ཕྱིར། དེ་བས་ན་རིམ་པའི་རྐང་པ་འཛིན་ཚུལ་ལ་དཀའ་བ་མེད་ཀྱང་། རིམ་མིན་གྱི་སྔ་རྐང་དང་པོ་དེ་རྐང་པ་ཕྱེད་པར་སོང་བའི་གནད་ཀྱིས་རྐང་འཛིན་དག་པ་ལ་སྐར་མ་ཐིག་དང་ཆུ་ཚོད་སུམ་ཅུར་མ་ལོངས་ཀྱི་བར་རྐང་གནས་དང་པོ་ཉིད་རྒྱུ་བས་སླ་ནའང་། དེ་ནས་དམིགས་བསལ་གྱིས་འཛིན་ལུགས་ཤེས་དགོས་ཏེ། དཔེར་ན། སྐར་མ་ཐིག་དང་ཆུ་ཚོད་དུ་སོ་གཅིག་ལྟ་བུ་བྱུང་ན། སུམ་ཅུས་རིམ་མིན་གྱི་རྐང་པ་དང་པོ་འཛིན། གཅིག་པོ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ། དེ་བཞིན་དུ་སྐར་མ་གཅིག་ལྟ་བུ་བྱུང་ན། སྐར་མ་ཕྱེད་ཀྱིས་རིམ་མིན་གྱི་སྔ་རྐང་དང་པོ་འཛིན། ཕྱེད་ཆུ་ཚོད་དུ་ཕོབ་ལ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ། ཡང་སྐར་མ་བཅུ་གསུམ་ལྟ་བུ་བྱུང་ན། ཕྱེད་དང་བཅུ་གསུམ་གྱིས་རྐང་པ་འཛིན། ཕྱེད་པོ་ཆུ་ཚོད་དུ་ཕོབ་ལ་རྒྱུ་བས་བསྒྱུར་བ་སོགས་བྱ་དགོས་མོད། འོན་ཀྱང་འཕྲལ་རྩིས་དག་ཅིང་ལག་ལེན་བདེ་བའི་ཆེད་དུ། འཁོར་ཕྱེད་དོར་ནས་རྐང་འཛིན་དག་པ་ལ་སྐར་གནས་ཐིག་ལེ་དང་། ཆུ་ཚོད་སུམ་ཅུར་ནམ་ལོངས་པ་ནས་བཟུང་སྟེ། རིམ་མིན་ཇི་སྲིད་མ་རྫོགས་ཀྱི་བར་དེ་སྲིད་དུ་

p. 285

རྐང་འཛིན་ལོངས་སྤྱོད་ལ་ཆུ་ཚོད་དུ་སུམ་ཅུ་རེ་བསྣན་རྗེས། སྐར་མ་རེ་རེས་རྐང་པའི་ས་རེ་བཟུང་པས་ཆོག་སྟེ། སྔ་མ་དང་དོན་འདྲའོ། །གཟུང་བྱའི་རྐང་པ་ནི་གཟའ་ལྔ་པོ་རེ་རེ་ལ་རང་རང་གི་རྐང་པ་རིམ་རིམ་མིན་དུ་སྤྱོད་པའི་རྐང་གནས་ཕྱེད་དང་བཅུ་བཞི་པ་རེ་ཡོད་དེ། དཔེར་ན་མིག་དམར་རིམ་པའི་སྔ་རྐང་དང་པོར་རྒྱུ་བས་མྱུར་འགྲོས་ཀྱིས་ཉི་མའི་འོག་ནས་འཆར་བའི་འགོ་རྩོམ་ཞིང་། རྐང་འཛིན་དག་པས་རང་གི་དལ་བ་ལས་སྐར་མ་གཅིག་སྤྱོད་པའི་བར་གྱི་མགྱོགས་ཁྱད་ཀྱི་ཆུ་ཚོད་རྣམས་བསྡོམས་པས་ཉི་ཤུ་རྩ་བཞི་འབྱུང་བའི་ཕྱིར། རིམ་པའི་སྔ་རྐང་དང་པོ་ལ་ཉེར་བཞི་བྲིས་པ་བཞིན་ནོ། །དེ་ལྟར་རིམ་རིམ་མིན་རང་རང་གི་སྔ་རྐང་ལ་ཟོས་ཟིན་དང་། ཕྱི་རྐང་ལ་ཟ་རྒྱུའི་རྐང་པ་རྣམས་བཟུང་ཚར་བའི་རྗེས་སུ་ལྷག་མ་ཆུ་ཚོད་ལ་སོགས་པ་རྣམས་རྐང་པ་གང་བཟུང་བ་དེའི་མདུན་མས་བསྒྱུར་བར་བྱ་སྟེ། རྒྱུ་བཞིན་པའི་རྐང་པ་དེའི་སྟེང་ནས་ཇི་ཙམ་སྤྱད་ཤེས་དགོས་པའི་ཕྱིར། དེ་ལ་དྲུག་ཅུས་བགོད་དགོས་ཏེ་ཆུ་ཚོད་དྲུག་ཅུ་རེ་ལ་མྱུར་རྐང་རེ་འཕོ་བའི་ཕྱིར། དམིགས་བསལ་ལ་རྐང་པ་བཅུ་བཞི་པ་རྒྱུ་བའི་ཚེ་སུམ་ཅུས་བགོད་དགོས་ཏེ། རྐང་འཛིན་དག་པ་ཆུ་ཚོད་སུམ་ཅུར་ལོངས་པ་ན། རིམ་པའི་ཕྱི་རྐང་ཐ་མ་དང་རིམ་མིན་གྱི་སྔ་རྐང་དང་པོའི་རྐང་གནས་གཉིས་འཕོ་བའི་ཕྱིར་ཏེ། རྐང་འཛིན་དག་པས་བགྲོད་བྱའི་ཡུལ་ལ་རྒྱུ་སྐར་ཉེར་བདུན་ལས་མེད་ལ། མྱུར་རྐང་ལ་གནས་ཉེར་བརྒྱད་ཡོད་པའི་ཕྱིར་རོ། །དེ་ལྟར་བགོས་པས་ཐོབ་པ་ནི་རྒྱུ་བཞིན་པའི་ཆུ་ཚོད་དེ། ལྷག་མ་སྲང་དབུགས་ཆ་རྣམས་ཀྱི་འཁོར་ལོས་བསྒྱུར་བ་ལ་རང་རང་གི་ཆ་བཅུག་ནས་རྐང་གནས་འཕོ་བའི་ཆུ་ཚོད་ཀྱིས་སྔར་བཞིན་ཐོབ་པ་ནི་རྒྱུ་བའི་སྲང་ལ་སོགས་པའོ། །རྒྱུ་བཞིན་པའི་རྐང་ལོངས་དེ་རྣམས་སྔ་རྐང་ཡིན་ན་རྐང་རྒྱུན་གྱི་སྡོམ་འདས་པ་ལ་བསྣན། ཕྱི་རྐང་ཡིན་ན་རྐང་རྒྱུན་གྱི་སྡོམ་མ་འོངས་པ་ལ་ཕྲི་ནས། དེས་དལ་བ་དག་པ་ཅིག་ཤོས་ལ་རིམ་པའི་ཚེ་བསྣན། རིམ་མིན་ལ་དབྲི་བར་བྱའོ། །དེ་དག་གི་རྒྱུ་མཚན་ཡང་། མ་དོར་བ་རིམ་པར་སྤྱོད་པའི་ཚེ། སྔ་རྐང་དུ་སྦྱིན་བྱའི་ནོར་འཕེལ་བས་ཇེ་མང་ལ་བཏང་ནས་དལ་དག་ལ་བསྣན་པ་ཡིན་ལ། དེའི་ཚེ་འགྲོས་བཞི་ལས་མྱུར་བའི་འགྲོས་ཏེ། ཁ་ཤར་དུ་

p. 286

རིམ་གྱིས་ཕྱོགས་ནས་དལ་བ་ལ་མགྱོགས་པར་སྤྱོད་པའི་འགྲོས་ཡིན་པའི་ཕྱིར། རིམ་པའི་ཕྱི་རྐང་དུ་སྦྱིན་བྱའི་ནོར་འབྲིད་པས་ཇེ་ཉུང་ལ་བཏང་ནས་དལ་དག་ལ་སྟེར་བ་ཡིན་ཞིང་། དེའི་ཚེ་དལ་འགྲོས་ཏེ་ཁ་ལྷོར་ཕྱོགས་ནས་དལ་བ་དང་ཅུང་ཟད་བསྟུན་ནས་སྒུག་པའི་འགྲོས་ཡིན་པའི་ཕྱིར། དོར་བ་རིམ་མིན་དུ་སྤྱོད་པའི་སྔ་རྐང་དུ་འབྲི་བྱེད་བུ་ལོན་འཕེལ་བས་ཇེ་མང་དུ་བཏང་ནས་དལ་དག་ལ་འབྲིད་པ་དེའི་ཚེ་འཁྱོག་འགྲོས་ཏེ། ཁ་ནུབ་ཏུ་ཕྱོགས་ནས་དལ་བ་ལས་འཁྱོག་པོར་སྤྱོད་པའི་འགྲོས་ཡིན་པའི་ཕྱིར། རིམ་མིན་གྱི་ཕྱི་རྐང་དུ་འབྲི་བྱེད་བུ་ལོན་འབྲིད་པས་ཇེ་ཉུང་ལ་བཏང་ནས་འབྲིད་པ་དེའི་ཚེ་འབྱུང་འགྲོས་ཏེ། ཁ་བྱང་དུ་རིམ་གྱིས་ཕྱོགས་ནས་དལ་དག་གི་ངོས་སུ་སླར་འབྱུང་བའི་འགྲོས་ཡིན་པའི་ཕྱིར། གལ་ཏེ་རིམ་མིན་གྱི་སྐབས་ལ་ལར། དལ་དག་ལ་རྐང་ལོངས་ཀྱིས་སྦྱང་དུ་མ་ལྡང་བའི་ཚེ། སྤྱི་འགྲོས་ལྟར་སྐར་མ་ལུགས་འབྱུང་དུ་འཆར་བ་ལ་དགའ་ན་འཁོར་ལོ་ཕབ་ནས་སྦྱངས་ལ། གཞན་དུ་ལྡོག་ནས་དལ་དག་གིས་རྐང་ལོངས་ལ་སྦྱངས་ན་ནམ་གྲུ་ནས་ལུགས་ལྡོག་གི་སྐར་མ་སོགས་འཆར་རོ། །དེའང་རིམ་རིམ་མིན་གཉིས་ཀྱི་རྐང་པ་དང་པོ་རྒྱུ་བའི་ཚེ་བསྡམ་བྱའི་རྐང་པ་མེད་ཀྱང་རྒྱུ་བཞིན་པའི་རྐང་པས་གང་སྤྱད་ཀྱི་རྐང་ལོངས་ཙམ་ཞིག་དལ་བ་ལ་ནོར་བུ་ལོན་དུ་འགྲོ་བ་ཡིན་ཞིང་། ཁྱད་པར་ལྷག་སྤེན་གཉིས་ཀྱི་རིམ་པའི་སྔ་རྐང་ཐ་མ་དང་རིམ་མིན་གྱི་ཕྱི་རྐང་དང་པོ་རྒྱུ་བའི་ཚེ་སྔར་སྤྱད་པའི་རྐང་རྒྱུན་མ་གཏོགས་རྒྱུ་བཞིན་པའི་རྐང་ལོངས་ཀྱིས་དལ་དག་གི་སྟེང་དུ་སྐྱེ་འབྲི་མི་བྱེད་དེ། དེའི་ཚེ་མྱུར་བའི་རྐང་པ་སྟོང་པ་ཡིན་པའི་ཕྱིར་རོ། །དེ་དག་གི་ལག་ལེན་ཡང་། དལ་དག་གནས་གཉིས་གནས་གཅིག་གིས། །དྲག་གསུམ་ཉི་བར་ཞི་གཉིས་ཀྱི། །རང་རང་རྐང་འཛིན་ལོངས་སྤྱོད་དག །ཆ་ཤས་ཤེད་མཚུངས་བྱས་ལ་སྦྱངས། །མ་ལྡང་འཁོར་ལོ་བསྣན་ལ་སྦྱངས། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མས་མྱུར་རྐང་ནི། །མ་དོར་རིམ་པ་ལུགས་འབྱུང་དང་། །དོར་ན་རིམ་མིན་ལུགས་ལྡོག་ཏུ། །བཟུང་ལ་འཛིན་བྱེད་སྐར་མ་དབྱི། །སྐར་ཐིག་དབྱུག་གུ་ནམ་མཁའ་མེར། །ལོངས་ཕན་རིམ་མིན་དུས་ཀུན་ཏུ། །རྐང་འཛིན་དབྱུག་གུར་སླ་ཐབས་སུ། །

p. 287

མཁའ་མེ་བསྣན་ལ་བཟུང་བ་གཅེས། ༈ །འཛིན་བྱའི་ཐ་དད་རྐང་པ་ནི། །མིག་དམར་རྒྱལ་བ་མེ་མིག་གསུམ། །གཟུགས་མིག་གཉིས་དང་སྐྱོན་ཚེས་དྲག །མེའོ་རྩ་བར་དབང་ཕྱུག་དང་། །ཀླུ་མེ་མཁའ་ཀླུ་མེ་དབང་ངོ་། །ལྷག་པ་མི་བདག་རྒྱལ་པོ་ཚེས། །ཡིད་འདོད་དྲག་པོ་རི་འབྱུང་མཁའ། །རྩ་བར་ཆུ་གཏེར་དབང་ཕྱུག་དང་། །མཁའ་མིག་ཀླུ་ལག་ཆུ་མེའོ། །ཕུར་བུ་ཕྱོགས་ཕྱོགས་བུ་ག་ཀླུ། །དུས་རོ་མིག་གཟུགས་རྩ་བར་མེ། །བྲོ་བ་བུ་ག་དྲག་པོ་དང་། །ཆ་ཤས་ཅན་དང་ཐུབ་པའོ། །པ་སངས་དེ་ཉིད་རྣམ་པ་གསུམ། །རྒྱལ་བ་ལན་གཉིས་ལག་མིག་གཉིས། །སྐྱོན་ཚེས་ཀླུ་དང་རྩ་བར་རོ། །མཁའ་མེ་སྲིན་བུག་མེ་རིའོ། །སྤེན་པའི་དུས་འབྱུང་དབང་པོ་ཆུ། །རིག་བྱེད་ལག་པ་མིག་དང་མཁའ། །རྩ་བར་མིག་དང་རྒྱ་མཚོ་འབྱུང་། །དུས་དང་ཀླུ་དང་ཡོན་ཏན་ནོ། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་དང་བསྒྱུར་རང་འཁོར་དྲིལ། །མཁའ་རོས་ཐོབ་པ་རྒྱུ་བའི་དབྱུག །ལྷག་མ་སྲང་དབུགས་ཆར་གསིལ་ལ། །རིམ་པར་མཁའ་རོས་ཐོབ་པ་བརྩེགས། །རིམ་པའི་ཕྱི་རྐང་ཐ་མ་དང་། །རིམ་མིན་སྔ་རྐང་དང་པོ་ལ། །རྐང་སྔུན་འཕོག་ཚེ་མཁའ་མེས་བགོ། ཁྱད་པར་ལྷག་སྤེན་རྣམ་གཉིས་ཀྱི། །རྐང་སྔུན་སྟོང་པར་བབ་པ་ན། །ལྷག་ཕྱིས་རྒྱུ་བའི་རྐང་ལོངས་མེད། །སྔ་རྐང་ཆུ་ཚོད་གཉིས་པོ་བསྲེ། །ཕྱི་རྐང་ཕབ་ལ་རྒྱུ་བས་སྦྱངས། །ལོངས་ན་སྐར་མར་ཕུད་པ་རྣམས། །རང་རང་དལ་དག་ཅིག་ཤོས་ལ། །འཁོར་ཕྱེད་དོར་དམན་མ་དོར་སྦྱིན། །དབྲི་བྱ་ཉུང་ན་འཁོར་བསྣན་སྦྱངས། །ཡང་ན་ལྡོག་སྟེ་སྦྱང་བར་བྱ། །རིམ་པའི་སྔ་རྐང་མྱུར་འགྲོ་ཤར། །རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། །རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ། །རིམ་མིན་ཕྱི་རྐང་འབྱུང་འགྲོས་བྱང་། །ཞེས་སོ། །དེ་ལྟ་བུའི་མྱུར་དག་གི་སྟེང་དུ་དེ་དང་དལ་མྱུར་གྱི་རྐང་པ་མཚུངས་པའི་ཞག་རེའི་མྱུར་དག་འཆད་འགྱུར་ཉིད་བསྣན་པས་རྐང་པ་མ་འཕོས་ཀྱི་བར་དེ་སྲིད་དུ་ཕྱི་མ་ཕྱི་མའི་རྒྱུན་གྱི་མྱུར་བ་རྣམ་དག་འཆར་ཏེ། ཉིན་རེ་བཞིན་དལ་མྱུར་གྱི་རྐང་པ་འཛིན་པ་སོགས་ཀྱི་ཚེགས་དང་བྲལ་བ་ཡིན་ནོ། །

སོ་སོའི་ངེས་པ་བཤད་པ།

p. 288

གཉིས་པ་ནི། གཟའ་ལྔ་ཀ་ལ་ཞག་རེའི་དལ་དག་དྲུག་དྲུག་རེ་ཡོད་པ་ལས། དེ་རྣམས་ཀྱི་དྲག་གསུམ་ལ་ཉི་མའི་ཉིན་ཞག་རྟག་ལོངས་དང་ཞི་གཉིས་ལ་རང་རང་གི་རྐང་འཛིན་བར་པའི་ལོངས་སྤྱོད་ལ་སྦྱངས་པའི་རྐང་འཛིན་དག་པའང་དྲུག་དྲུག་ཏུ་ངེས་ཤིང་། དེ་ལྟ་བུའི་རྐང་འཛིན་དག་པ་རེ་རེའང་སོ་སོའི་མྱུར་རྐང་བཅུ་བཞི་པོས་བསྒྱུར་ལ། རྐང་པ་རིལ་པོ་བཅུ་གསུམ་པོ་ལ་མཁའ་རོ་དང་། ཕྱེད་པ་གཅིག་པོ་ལ་སུམ་ཅུས་བགོ་བ་སོགས་བྱས་ཏེ་བསྒྲུབ་པའི་མྱུར་བའི་རྐང་ལོངས་རྣམས་རང་རང་གི་དལ་དག་ཅིག་ཤོས་ལ། སྔ་རྐང་ལ་སྦྱིན་ཞིང་ཕྱི་རྐང་ལ་ཕྲི་བའི་ཚོགས་ནི། རིམ་པའི་མྱུར་བ་དག་པ་སྟེ་རེའུ་མིག་ལ་བཀོད་ཅིང་། དེ་ཉིད་ལ་གྲངས་ཡིག་ལུགས་ལྡོག་ཏུ་བཏབ་པས་ནི་རིམ་རིམ་མིན་གྱི་མྱུར་དག་ཀྱང་སྟོན་ཏོ། །དེ་བས་ན་གཟའ་རེ་རེ་ལ་མྱུར་རྐང་གི་གནས་བཅུ་བཞི་བཅུ་བཞི་རེར་ངེས་ལ། དེས་དལ་དག་དྲུག་པོ་བསྒྱུར་བས་མྱུར་རྐང་གི་རེ་མིག་བརྒྱད་ཅུ་རྩ་བཞི། དེ་ལ་རིམ་རིམ་མིན་གཉིས་ལུགས་འབྱུང་ལྡོག་ཏུ་གནས་པའི་ཆ་གྲངས་ནི་བརྒྱ་རེ་བརྒྱད་དུ་འགྱུར་ཏེ། སོ་སོའི་གྲུབ་འབྲས་རྣམས་ཡི་གེར་བཀོད་ན་དལ་མྱུར་གང་ལ་གནས་པའི་ཞག་རེའི་མ་འདྲེས་པའི་ལོངས་སྤྱོད་རྣམས་བདེ་བླག་ཏུ་ཤེས་པར་འགྱུར་མོད་ཀྱི། འོན་ཀྱང་ཡི་གེ་མང་བས་འཇིགས་ཏེ་དེ་ཙམ་མོ། །དེས་ན་གཟའ་ལྔ་སོ་སོའི་འགྲོས་བཞི་རྫོགས་པའི་དཀྱིལ་འཁོར་ཡང་། རང་རང་གི་རྐང་འཛིན་དག་པས་འཁོར་ལོ་ནམ་ལོངས་པའི་དུས་ཉིད་ཡིན་ཞིང་། རྐང་འཛིན་དག་པ་དེ་ཡང་སྦྱོང་བྱེད་དལ་དག་མི་འདྲ་བ་དུ་མ་ཡོད་པའི་ཁྱད་ཀྱིས། འགྲོས་བཞི་རྫོགས་པའི་དཀྱིལ་འཁོར་ཡང་མི་འདྲ་བ་དུ་མར་འགྱུར་ཏེ། དེ་ཡང་དཔེར་མཚོན་ན། གཟའ་རང་རང་གི་སོ་སོའི་སྐྱེས་སྐར་གྱི་ཐོག་མར་འགྲོས་བཞི་རྫོགས་ཏེ། སླར་ཡང་མྱུར་འགྲོས་རྩོམ་པའི་དབང་དུ་བྱས་ནས་སྦྱར་ན། གཟའ་ལྔ་པོའི་རིམ་པའི་སྔ་རྐང་དང་པོར་སྤྱོད་པའི་དལ་དག་དང་འཐབ་པའི་རང་རང་གི་ཞག་གི་རྐང་འཛིན་དག་པའི་ལོངས་སྤྱོད་རྣམས། དལ་རྐང་དེ་ཇི་ཙམ་ན་འཕོ་བའི་ཞག་གྲངས་ཀྱིས་བསྒྱུར་བ་དང་། དེ་བཞིན་དུ་རིམ་པའི་སྔ་རྐང་གཉིས་པའི་དལ་དག་སོགས་ལའང་སྦྱར་བ་རྣམས་གཅིག་ཐོག་ཏུ་གཅིག་བསྣན་པས་སྐར་མ་ཉེར་བདུན་ནམ་ལོངས་པའི་ཞག་གྲངས་དང་ཆུ་ཚོད་སོགས་སྐབས་དེ་དང་དེའི་རང་རང་
གི་འགྲོས་བཞི་རྫོགས་པའི་དཀྱིལ་འཁོར་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་འགྲོས་བཞི་རྫོགས་པའི་དཀྱིལ་འཁོར་མི་འདྲ་བའི་ཁྱད་ཀྱིས་རང་རང་གི་མྱུར་རྐང་འཕོ་བའི་ཞག་གྲངས་ཀྱང་དུ་མར་འགྱུར་ཏེ། དལ་རྐང་གང་དང་གང་ལ་ལྟོས་པའི་རྐང་འཛིན་དག་པས་སྐར་མ་རེར་ནམ་ལོངས་པའི་ཞག་ལ་སོགས་པ་རྣམས། དལ་རྐང་དེ་དང་དེ་ལ་ལྟོས་པའི་མྱུར་རྐང་འཕོ་བའི་དུས་ཡིན་པའི་ཕྱིར་རོ། །

མཇུག་རིང་གི་ལོངས་སྤྱོད་བཤད་པ།

p. 289

བཞི་པ་མཇུག་རིང་གི་ལོངས་སྤྱོད་ནི། གཟའ་འདིའི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་ཉི་མ་དང་མཚུངས་ཏེ། ལོ་གཅིག་ལ་འཁོར་མོད་ཀྱང་། འགྲོས་བཞི་རྫོགས་པའི་དཀྱིལ་འཁོར་ནི་དེར་མ་ངེས་ཏེ། ལོ་བཅུ་གཉིས་དང་ཟླ་བ་དྲུག་རེ་དགོས་པའི་ཕྱིར་ཏེ། འགྲོས་བཞི་རེ་རེ་བཞིན་དུ་ལོ་གསུམ་ཕྱོགས་གསུམ་རེ་དགོས་པའི་ཕྱིར་རོ། །དེ་ཡང་དུ་བ་ལ་རང་སྟོབས་ཀྱི་དལ་རྐང་མེད་ཀྱང་། ཉི་རྐང་གི་ནོར་བུ་ལོན་ལ་བརྟེན་ནས་འཕེལ་འགྲིབ་ཡོད་ཅིང་། དེའི་སྟེང་དུའང་རང་གི་ཐུན་མོང་མ་ཡིན་པའི་ལོ་དང་ཕྱོགས་ཀྱི་རྐང་ལོངས་ལ་བརྟེན་ནས་འགྲོས་བཞི་དང་འཆར་ནུབ་བྱེད་དགོས་ཏེ། འགྲོས་བཞི་ཀ་ལ་ལོ་གསུམ་པོའི་རིང་། ཆུ་སྲང་གཉིས་དང་། དབུགས་གསུམ། ཕྱོགས་གསུམ་པོའི་རིང་། ཆུ་ཚོད་གཅིག །སྲང་ང་གཉིས་དབུགས་གསུམ་རྣམས་ཉིན་རེ་བཞིན་ཉི་མ་ལས་ལྷག་པོར་སྤྱོད་པ་གང་ཞིག །དེས་འགྲོས་བཞི་དང་འཆར་ནུབ་བྱེད་པའི་ཕྱིར་ཏེ། མྱུར་འཁྱོག་གཉིས་ལ་ལོའི་རྐང་ལོངས་༠ཀྱི་རྗེས་སུ། ཕྱོགས་ཀྱི་རྐང་ལོངས་༠སྤྱད་པས་མྱུར་འགྲོས་ཀྱི་མཐར་སྲོད་ལ་ནུབ་ཀྱི་ཕྱོགས་དང་། འཁྱོག་འགྲོས་ཀྱི་མཐར་ཐོ་རེངས་ཤར་གྱི་ཕྱོགས་དུ་ཕོད་དང་བཅས་པ་འཆར་ཏེ། མྱུར་འགྲོས་ནི་ཁ་ཤར་དུ་བལྟས་ནས་རྩོམ་པས་ཉི་མའི་ཤར་ཕྱོགས་སུ་འཕགས་ནས་མཐོང་བ་གང་ཞིག །འཁྱོག་འགྲོས་ནི་ཁ་ནུབ་ཏུ་ཕྱོགས་ཏེ་རྩོམ་པས་ཉི་མའི་ནུབ་ངོས་སུ་འཕགས་ནས་མཐོང་བའི་ཕྱིར་རོ། །དལ་འབྱུང་ག །ཉིས་ལ་ཕྱོགས་ཀྱི་རྐང་ལོངས་ཀྱི་རྗེས་སུ་ལོའི་རྐང་ལོངས་སྤྱད་པས་ཉི་མ་ལ་ནུབ་པ་ཡིན་ཏེ། དལ་བའི་མཐར་ཉི་མས་དུ་བའི་རྗེས་ཟིན་པ་གང་ཞིག །འབྱུང་འགྲོས་ཀྱི་མཐར་དུ་བས་ཉི་མའི་རྗེས་ཟིན་ཏེ་ཉི་དུ་ལྷན་ཅིག་ཏུ་འཛོམས་ནས་
ནུབ་པའི་ཕྱིར་རོ། །མདོར་ན་དུ་བ་ལན་གཅིག་མཐོང་ནུབ་ནས་རྩོམ་ཟླ་བ་བདུན་ཅུ་དོན་བཞི་རེའི་རྗེས་སུ་ཟླ་གཅིག་གི་བར་དུ་དུ་ཕོད་དང་བཅས་ཏེ་ཤར་ནུབ་སྤེལ་མར་མཐོང་ཞིང་། དུ་བ་དང་བཅས་མཐོང་བའི་སྔ་ཕྱིའི་ཟླ་བ་རེ་རེ་ལའང་སྐར་མ་ཕལ་པར་སྣང་ནས་མཐོང་ནུབ་བྱེད་ཀྱང་ངོ་ཤེས་པར་དཀའོ། །

དེ་ལྟར་སྤྱད་པའི་ལག་རྗེས།

འཁོར་ཚུལ་གྱི་དབང་གིས་ས་ལ་དུས་བཞི།

p. 290

བཞི་པ་དེ་ལྟར་སྤྱད་པའི་ལག་རྗེས་ལ། འཁོར་ཚུལ་གྱི་དབང་གིས་ས་ལ་དུས་བཞི་དང་། མཁའ་ལ་དུས་སྦྱོར་འཆར་རྩིས། རང་རང་གི་རྐང་པའི་དབང་གིས་འཆར་ནུབ་བྱེད་ཚུལ། བསྐོར་ཕྱོགས་ཀྱི་དབང་གིས་ཉི་ཟླ་དང་སྒྲ་གཅན་འཕྲད་ཚུལ། རང་རང་གི་ལོངས་སྤྱོད་ལ་སྤྱད་པའི་དབང་གིས་ངེས་པ་འཕོ་སྡུད་སྐྱེ་ཚུལ་ལོ། །དང་པོ་ལའང་། དུས་བཞི་གནས་ཚུལ་དང་འཁོར་ཚུལ་གཉིས། དང་པོ་ནི་གཡོན་སྐོར་ཏེ། ལྷོའི་དུམ་བུ་གསུམ་ན་དཔྱིད་ཡོད་པའི་དུས་སུ། ཤར་ན་དབྱར། བྱང་ན་སྟོན། ནུབ་ན་དགུན་གྱི་དུས་ཡོད་པའི་ཕྱིར་ཏེ། ལྷོ་གླིང་དབུས་མ་ན་དཔྱིད་འབྲིང་ཡོད་པའི་དུས་སུ། ལྷོ་གླིང་ཤར་མར་དཔྱིད་ཐ། ཤར་གླིང་ནུབ་མར་དབྱར་ར། ཤར་གླིང་དབུས་མར་དབྱར་འབྲིང་སོགས་རིམ་པར་གཡོན་སྐོར་དུ་གནས་པའི་ཕྱིར། གཉིས་པ་ནི། གཡས་སྐོར་ཏེ། དུམ་བུ་རེ་རེ་ལ་ལྟོས་ནས་དཔྱིད་རྗེས་སུ་དབྱར། དབྱར་རྗེས་སུ་སྟོན། སྟོན་རྗེས་སུ་དགུན། དགུན་རྗེས་སུ་དཔྱིད་རིམ་ཅན་དུ་འབྱུང་བའི་ཕྱིར་ཏེ། ལྷོ་གླིང་དབུས་མའི་དཔྱིད་འབྲིང་དེ་ལྷོ་གླིང་ནུབ་མར་འཕོ་ཤིང་། ལྷོ་གླིང་ཤར་མའི་དཔྱིད་ཐ་ལྷོ་གླིང་དབུས་མ། ཤར་གླིང་ནུབ་མའི་དབྱར་ར་ལྷོ་གླིང་ཤར་མར་འཕོ་བ་སོགས། རིམ་པར་གཡས་སྐོར་དུ་འཁོར་ནས་འགྲོ་བའི་ཕྱིར། དེས་ན་དུམ་བུ་གང་དང་གང་ན། དབྱར་ཉི་རིང་བ་མཐར་ཐུག་ཡོད་པའི་ཚེ། དེ་ནས་བགྲངས་པའི་བདུན་པ་ན་དགུན་ཉི་ཐུང་བ་མཐར་ཐུག །གང་ན་དཔྱིད་ཉིན་མཚན་མཉམ་པ་ཡོད་པའི་ཚེ། དེ་ནས་བགྲངས་པའི་བདུན་པ་ན་སྟོན་ཉིན་མཚན་མཉམ་པ་ཡོད་དེ། རང་གར་ཡོད་དང་དེ་ནས་གཞལ་བའི་དུམ་བུ་བདུན་པ་གཉིས་སོ་སོ་ཕན་ཚུན་ལྟོས་ནས་གཅིག་ན་ཡོད་པའི་དོ་ཟླ་དེ་ཅིག་ཤོས་ན་ཡོད་པའི་ཕྱིར། དེ་ལྟར་ཡང་འགྲེལ་ཆེན་ལས། ཕན་ཚུན་ལྟོས་པ་ལས་གང་གི་ཕྱིར་སའི་
དུམ་བུ་དང་པོ་ལས་རི་ཞེས་པ་སའི་དུམ་བུ་བདུན་པ་ལ་སྟེ། ལྷུན་པོའི་ལྷོ་ནས་བྱང་དང་བྱང་ནས་ལྷོར་སའི་དུམ་བུ་བདུན་པ་ལ་ཉིན་མཚན་མཉམ་པར་འགྱུར་རོ། །ཞེས་སོ། །བྱེ་བྲག་ཏུ་སྦྱར་ན། ལྷོ་གླིང་དབུས་མར་ལུག་ཁྱིམ་དུ་དཔྱིད་མཉམ་ཡོད་པའི་ཞག་དེ་ལ། བྱང་གླིང་དབུས་མར་སྟོན་མཉམ་པ་དང་། དེ་བཞིན་སྲང་ཁྱིམ་དུ་ལྷོ་བྱང་གི་དུམ་བུར་སྟོན་དཔྱིད་མཉམ་པ་སྔ་མ་ལས་ལྡོག་པ་སོགས་སྦྱར་བ་ལས། ཁྱད་པར་རང་ཅག་རྣམས་གནས་པའི་ས་འདིར། ཉ་དང་བུ་མོར་མཉམ་གཉིས་དང་། འཁྲིག་གཞུ་ལ་བགྲོད་མཐའ་གཉིས་འཕོག་ཅིང་། དེ་ཡང་ཁྱིམ་ཞག་བརྒྱད་པ་ལ་འགྲིག་པའི་ཕྱིར། དུམ་བུ་བཅུ་གཉིས་པོ་རེ་རེར་རིམ་བཞིན་ཉིན་ཞག་རེ་ལ་ལྡོག་མཉམ་གྱི་ཚིག་རེ་འཕོག་པའི་དུམ་བུ་སུམ་ཅུ་རེ་ཡོད་པ་ལས། ས་འདི་ལྷོ་གླིང་དབུས་མའི་ཚངས་ཐིག་ནས་ཤར་ཕྱོགས་སུ་དུམ་ཕྲན་ཉེར་གཉིས་བགྲངས་པའི་ཉེར་གསུམ་པ་ཡིན་པར་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །

མཁའ་ལ་དུས་སྦྱོར་འཆར་རྩིས།

p. 291

གཉིས་པ་མཁའ་ལ་དུས་སྦྱོར་འཆར་རྩིས་ནི། རང་རང་གི་བཞི་ཆ་དང་བཅས་པའི་རྒྱུ་སྐར་གཉིས་རེ་སྤྱོད་པའི་བར་ལ་དུས་སྦྱོར་གཅིག་ཏུ་བཞག་སྟེ། གཟའ་ཐམས་ཅད་ལ་དུས་སྦྱོར་བཅུ་གཉིས་ཚང་ནའང་། གཙོ་བོར་ཉི་མ་ལ་སྦྱར་ནས་ལོ་རེ་ལ་དུས་སྦྱོར་བཅུ་གཉིས་སུ་གསུངས་པ་དང་། བྱེ་བྲག་ཞག་རེ་ལ་སྐར་ཁྱིམ་ཚར་རེ་རྫོགས་པར་འཆར་བ་ལས། བཞི་ཆ་གཅིག་དང་བཅས་པའི་སྐར་མ་གཉིས་གཉིས་ཏེ། ལུག་ལ་སོགས་པ་ཁྱིམ་རེའི་འགོ་ཤར་ནས་མཇུག་རྫོགས་རྫོགས་ཀྱི་བར་ལ་དུས་སྦྱོར་དུ་བཞག་ནས་བརྩི་བ་ཉིད་གྲགས་ཆེ་ཞིང་། སྐབས་དོན་ལ་ཉེ་བར་མཁོ་བའི་ཕྱིར་བཤད་ན། དེ་ཡང་དུམ་བུ་བཅུ་གཉིས་པོ་ཐམས་ཅད་ཀྱི་ཕྱེད་བྱང་མ་ལ་ཁྱོན་མཚུངས་པའི་ཡུལ་དྲུག་གི་རྣམ་བཞག་བྱས་ལ། དེ་རྣམས་ཀྱི་བགྲོད་ཞག་གི་ཉིན་མཚན་འཕེལ་འགྲིབ་རིམ་པས་བྱེད་ནའང་། བྱ་སླ་བའི་ཆེད་དུ་རགས་རྩིས་སུ་དུམ་བུ་རེའི་འཕེལ་འགྲིབ་གསུངས་ཏེ། འགྲེལ་ཆེན་ལས། འདིར་གཡས་དང་གཡས་མིན་དག་ཏུ་ཟླ་བ་གསུམ་པོ་རྣམས་ཀྱི་ཉིན་ཞག་སོ་སོ་ལ་ཉིན་མོ་མཚན་མོ་འཕེལ་བའམ་འགྲིབ་པ་ནི་དབུགས་གཉིས་དང་ཆུ་སྲང་གསུམ་མོ། །ཚད་འདི་ནི་ཀཻ་ལ་ཤའི་དུམ་བུ་ལ་ཡིན་

p. 292

གྱི་འཕགས་པའི་ཡུལ་ལ་སོགས་པ་ལ་མ་ཡིན་ནོ། །འཕགས་པའི་ཡུལ་དུའང་ཉིན་མཚན་སོ་སོ་ལ་ཆུ་སྲང་གཉིས་འཕེལ་བའམ་འགྲིབ་པ་རིགས་པར་བྱ་སྟེ། ཞེས་ཀཻ་ལ་ཤའི་དུམ་བུ་དང་འཕགས་ཡུལ་གྱི་ཚད་དངོས་སུ་གསུངས་པས་གཞན་རྣམས་མཚོན་པ་སྟེ། འདི་ལྟར་ཀཻ་ལ་ཤའི་བྱང་གངས་ལྡན་དུ་སྲང་གསུམ་དང་དབུགས་བཞི། ཀཻ་ལ་ཤའི་དུམ་བུ་ཤམྦྷ་ལར་སྲང་གསུམ་དང་དབུགས་གཉིས། རྒྱ་ནག་དུ་སྲང་གསུམ། ལིར་སྲང་གཉིས་དང་དབུགས་བཞི། བོད་དུ་སྲང་གཉིས་དང་དབུགས་གཉིས། འཕགས་ཡུལ་དུ་སྲང་གཉིས་རྣམས་ཀྱིས་ཞག་རེ་བཞིན་འཕེལ་འགྲིབ་བྱེད་པ་ཡིན་ཏེ། བྱང་ནས་རིམ་བཞིན་འཕེལ་འགྲིབ་ཇེ་ཆུང་དུ་སོང་བའི་ཚད་ཡུལ་རེར་དབུགས་གཉིས་གཉིས་སུ་ངེས་པའི་ཕྱིར། དེས་ན་བོད་འདིར་ཟླ་བ་སོ་སོ་ལ་ཆུ་ཚོད་གཅིག་དང་། སྲང་བཅུས་འཕེལ་འགྲིབ་བྱེད་པས། ས་འདིའི་མཉམ་གཉིས་ཀྱི་གཟེར་འཕོགས། ཉ་དང་བུ་མོའི་ཁྱིམ་ཟླ་ནས་བརྩམས་ཏེ། སོ་སོའི་ཉིན་ཚད་ཀྱི་སྡོམ་ཡང་། ཉ་དང་བུ་མོར་སུམ་ཅུར་མཉམ། ༣༠། ལུག་སེང་བསེ་རུ་མེ་དང་ཕྱོགས། ༣༡། སོ་དང་མཁའ་མིག་གླང་ཀརྚ། ༣༢། ཕྱེད་བཅས་སོ་གསུམ་འཁྲིག་པའོ། ༣༣། ཀླུ་ལག་ལྔ་བཅུ་བུམ་སྲང་ཚད། ༢༨། འཁོར་ལོ་མཁའ་མཚོ་ཆུ་སྲིན་སྡིག །༢༧། ཕྱེད་བཅས་ཉེར་དྲུག་གཞུའི་ཚད་དེ། ༣༠། སོ་སོས་མཁའ་རོར་སྦྱངས་པའི་ལྷག །རང་རང་མཚན་མོའི་ཚད་དུ་འགྱུར། །ཞེས་སོ། །དེ་ལྟར་ཉིན་མཚན་རིང་ཐུང་སྣ་ཚོགས་ཤིག་འབྱུང་བ་ནི། ས་དུམ་བུ་བཅུ་གཉིས་དང་ཡུལ་དྲུག་སོ་སོར་ཁྱིམ་རྣམས་ཀྱི་མགོ་མཇུག་གི་འཆར་ས་གཅིག་ནས་ཤར་ན། དུས་སྦྱོར་བཅུ་གཉིས་པོ་ཐམས་ཅད་འཆར་ཡུན་ཆུ་སྲང་སུམ་བརྒྱ་རེར་མཉམ་མོད་ཀྱང་། འཆར་ས་ཐ་དད་པ་སྣ་ཚོགས་པའི་སྔ་ཕྱི་ལ་བརྟེན་ནས། དུས་སྦྱོར་སོ་སོའི་འཆར་ཡུན་རྣམས་ཀྱང་། མི་འདྲ་བ་སྣ་ཚོགས་པར་འགྱུར་བའི་དབང་གིས་ཡིན་ཏེ། ཁྱིམ་ཟླ་གང་ཡིན་ལས་ཐོག་མར་བརྩམས་ཏེ། ཁྱིམ་དྲུག་གི་འཆར་ཚད་བསྡོམས་པས་རང་རང་གི་ཉིན་ཚད་དང་། བདུན་པ་ནས་བརྩམས་ཏེ་དྲུག་བསྡོམས་པས་རང་རང་གི་མཚན་ཚད་སྟོན་དགོས་པའི་ཕྱིར་ཏེ། ཉིན་མཚན་རིང་ཐུང་གང་ཡིན་ཡང་དུས་སྦྱོར་ཉིན་དྲུག་མཚན་དྲུག་འཆར་དགོས་པར་མཚུངས་

p. 293

པའི་ཕྱིར། དེ་ལྟར་ཡང་འགྲེལ་ཆེན་ལས། ཉིན་མཚན་གྱི་དབྱེ་བས་དུས་སྦྱོར་དྲུག་དང་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་ཉིན་མོའི་དུས་སུ་འགྱུར་རོ། །དུས་སྦྱོར་དྲུག་དང་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་མཚན་མོའི་དུས་སུ་འགྱུར་རོ། །ཞེས་སོ། །དེ་ལྟར་ན་ཉིན་གྱི་སྔ་དྲོ་ཕྱི་དྲོ་ལའང་དུས་སྦྱོར་གསུམ་གསུམ་རེ་འཆར་རམ་ཞེ་ན། མ་ཡིན་ཏེ། ལྷོ་གླིང་དབུས་མར་བྱང་བགྲོད་མཐར་ཐུག །ཤར་ན་སྟོན་མཉམ། ནུབ་ན་དཔྱིད་མཉམ་ཡོད་པ་ལྟ་བུ་ལ་མཚོན་ན། ཤར་དུ་ཞག་དེའི་སྔ་དྲོ་ཀར་སེང་གཉིས་དང་བུ་མོའི་ཕྱེད། ཕྱི་དྲོ་བུ་མོའི་འཕྲོ་དང་སྲང་སྡིག་གཞུ་རྣམས་འཆར་དགོས་པ་བཞིན་ཏེ། དེའི་ཚེ་བྱང་གི་ལྷོ་བགྲོད་མཐར་ཐུག་པའི་ཕྱི་དྲོ་དང་ཤར་གྱི་སྔ་དྲོ། ཤར་གྱི་ཕྱི་དྲོ་དང་ལྷོའི་བྱང་བགྲོད་མཐར་ཐུག་གི་སྔ་དྲོ་རགས་པར་ན་མཚུངས་དགོས་པའི་ཕྱིར་ཏེ། སྔར་སྨོས་པ་ལྟར་འཆར་ས་ཐ་དད་པའི་དབང་གིས་སོ། །དེ་ལྟར་ན་རྒྱུད་ལས། ལམ་ཕྱེད་འབུམ་ཕྲག་གསུམ་པོ་དག་ལ་ཉི་མའི་མདུན་དུ་ཉིན་མོ་དང་ནི་རྒྱབ་ཏུ་མཚན་མོའོ། །ཞེས་དང་། མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པའི་ལུང་རྣམས་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ལུང་དོན་དེ་དག་གིས་ཞག་རེ་ལ་དེ་འདྲའི་དུས་རེ་འབྱུང་བར་སྟོན་པ་ཡིན་གྱི། ཚངས་ཐིག་གི་སྟེང་ལྟ་བུ་ས་ཚིགས་ངེས་པ་ཅན་གཅིག་ཏུ་གུང་གཉིས་དང་འཆར་ནུབ་འགྲིགས་དགོས་པར་སྟོན་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་ཁྱིམ་སོ་སོའི་འཆར་ཚད་མ་འདྲེས་པ་ལ། དབྱངས་འཆར་ལས། ནམ་མཁའ་མཁའ་ཟུང་ལུག་གི་ཚད། ༢༠༠། ནམ་མཁའ་རིག་བྱེད་མཚེ་མ་གླང་། ༢༤༠། སྟོང་པ་ནོར་ལྷ་ཟུང་འཁྲིག་པ། ༢༨༠། མཁའ་སོ་ཀརྐ་ཊ་རུ་དྲན། ༣༢༠། ཞེས་སོགས་གསུངས་པ་ནི། ཀཻ་ལ་ཤའི་བྱང་གི་ཁ་བ་ཅན་གྱི་བར་དུ་བྱང་བགྲོད་མཐར་ཐུག་གི་དུས་ཉིན་ཚད་ཆུ་ཚོད་སོ་དྲུག་དང་། ལྷོ་བགྲོད་མཐར་ཐུག་གི་ཚེ་ཉིན་ཚད་ཉེར་བཞི་འཆར་བའི་དབང་དུ་བྱས་པ་སྟེ། འདིའི་ལུག་འཁྲིག་གཉིས་ཆུ་སྲང་དྲང་སྲོང་གིས་དཀྲུགས་ཏེ་སྦས་པ་ཡིན་པས་གོ་ལྡོག་དགོས་པར་བཞེད་དོ། །རྒྱུད་འགྲེལ་ལས། ལུག་ལ་ཉིས་བརྒྱ་དང་དགུ་བཅུ། གླང་ལ་ཉིས་བརྒྱ་དང་དྲུག་བཅུ། འཁྲིག་པར་ཉིས་བརྒྱ། ཀརྐ་

p. 294

ཊར་སུམ་བརྒྱ། སེང་གེར་སུམ་བརྒྱ་དང་དྲུག་ཅུ། བུ་མོར་སུམ་བརྒྱ་གོ་དགུ། སྲང་སོགས་དྲུག་ལ་དེ་ཉིད་གོ་ལྡོག་པ་སྟེ། འདི་ནི་ཀཻ་ལ་ཤའི་དུམ་བུ་ཤམྦྷ་ལར། ཉིན་མོ་རིང་དུས་ཆུ་ཚོད་སོ་ལྔ་དང་། ཐུང་དུས་ཉི་ཤུ་རྩ་ལྔ་འཆར་བའི་དབང་དུ་བྱས་པའོ། །དེས་ན་ཡུལ་གང་དང་གང་དུ་རྩིས་བྱེད་པ་དེ་ལ་ལྟོས་ནས་འཆར་ཚད་སྣ་ཚོགས་པར་འགྱུར་བ་ལས། རང་ཅག་རྣམས་གནས་པའི་ས་འདིའི་དབང་དུ་བྱས་པའི་འཆར་ཡུན་གྱི་སྲང་ཚད་ནི་འདི་ཡིན་ཏེ། འབྱུང་མཁའ་མེ་ནི་ཉ་ཡི་ཚད། ༣༠༥། མཁའ་བུག་ལག་པ་ལུག་ཡིན་ཏེ། ༢༩༠། ནམ་མཁའ་མཁའ་མིག་གླང་དུ་ངེས། ༢༠༠། སྟོང་པ་འཁོར་ལོ་འཁྲིག་པར་དྲན། ༢༧༠། མཁའ་དུས་མེ་ནི་ཀརྐ་ཊ། ༣༦༠། མདའ་རི་རྩེ་མོ་ཅན་སེང་གེ༣༧༥། བུ་མོ་ལ་སོགས་ལྡོག་པར་བྱ། །ཞེས་སོ། །དེ་ལྟར་ངེས་པར་བྱས་ནས་དུས་སྦྱོར་བརྩི་བའི་ཚེ། གང་བརྩིའི་ལོ་དེའི་ནང་ནས་འདས་ཁྱིམ་དང་། ཁྱིམ་ཟླ་ད་ལྟ་བའི་སྟེང་ནས་ཞག་ཇི་ཙམ་འདས་བརྩིས་པ་གཞིར་བྱས་ཏེ། ས་འདིར་བགྲོད་མཉམ་གྱི་གཟེར་བཞི་ཁྱིམ་ཞག་བརྒྱད་པ་ལ་འཕོག་པའི་དབང་གིས་བགྲོད་པའི་འཕེལ་འགྲིབ་ཀྱི་མཚམས་བདེ་བླག་ཏུ་རྟོགས་ཕྱིར་འདས་ཞག་ནས་བདུན་འཕྲིས་ལ་བརྩི་བཞིན་པའི་ཞག་དེའི་ཉིན་མཚན་གྱི་ཚད་བརྩི་བ་དང་། ཆ་བདུན་ཐུར་མ་བཙུགས་ཏེ་དུས་དེ་ཕན་ལ་སྔ་ཕྱིའི་ཆུ་ཚོད་སོགས་ཇི་ཙམ་འདས་པ་དང་ལུས་པ་གང་ཡིན་དང་། དེ་ལྟར་བརྩིས་པའི་སྔར་འདས་ཀྱི་ཆུ་ཚོད་ཆུ་སྲང་གི་ཕུང་པོར་བྱས་པ་ལ་རང་རང་གི་ཆུ་སྲང་མ་འོངས་པས་འགོ་དྲངས་ཏེ། དུས་སྦྱོར་འཆར་ཚད་ཀྱི་སྲང་སོ་སོས་རིམ་པར་འཕྲི་བས་གང་གིས་འབྲིར་མ་ལྡང་པ་དེའི་ཚེ་དེའི་དུས་སྦྱོར་དུ་ཤེས་པར་བྱའོ། །དེ་དག་གི་ལག་ལེན་ཡང་། ཉི་མའི་དལ་བར་སྐར་མ་གང་། །མཁའ་རོས་བསྒྱུར་ལ་ཆུ་ཚོད་གཞུག །མདའ་ཡོན་ཟླས་ཐོབ་ཁྱིམ་ཟླའི་གྲངས། །ལྷག་རྣམས་དབྱུག་སར་ཆུ་འདོད་ཆས། །དྲིལ་ལ་མེ་མཁའ་རོ་ཡིས་བགོ། ཐོབ་པའི་ནོར་ནི་འདས་ཞག་སྟེ། །ལྷག་མ་མཁའ་རོ་མཁའ་རོ་དུས། །རི་རོས་བསྒྱུར་ལ་མེ་མཁའ་རོས། །རིམ་ཐོབ་དབྱུག་སྲང་དབུགས་ཆ་སྟེ། །དེ་ནི་དོན་གྱི་ཁྱིམ་འཕོ་ཡིན། །འདས་ཞག་སྟེང་ནས་རི་ཡིས་སྦྱངས། །མ་ལྡང་ཁྱིམ་ནས་ཕབ་སྦྱངས་ལྷག །འདས་པའི་ཁྱིམ་ཟླ་

p. 295

ཡིན་མོད་ཀྱང་། །ངོ་ཐོག་ཁྱིམ་དེ་རེ་ཞིག་བར། །རང་ཁྱིམ་ད་ལྟ་བར་སྒྲོག་པ། །དེ་ནི་བྱེད་པ་སླ་ཕྱིར་ཡིན། །རི་ཡིས་འཕྲི་བའི་ཞག་ལྷག་གང་། །གནས་གཉིས་སྟེང་འོག་མིག་གིས་བསྒྱུར། །འོག་ནས་རོ་དང་མཁའ་རོ་ཡིས། །དྲིལ་བའི་དབྱུག་སྲང་དབུགས་གསུམ་གྱི། །བྱེད་པ་སླ་བའི་ཁྱིམ་དེ་ཡི། །འཁྲིག་ཀར་བུ་མོ་སེང་སྲང་སྡིག །ཉིན་ཚད་ཆུ་ཚོད་སོགས་ལ་སྦྱངས། །གཞུ་དང་ཆུ་སྲིན་བུམ་ཉ་ལུག །གླང་གི་ཉིན་ཚད་སྟེང་དུ་བསྣན། །དེ་རྣམས་མཁའ་རོ་ལ་ཕྲི་མཚན། །དེ་ནས་དུས་སྦྱོར་སོ་སོ་ཡི། །འཆར་ཡུན་སྲང་ཚད་ངེས་བྱས་ནས། །རི་ཡིས་ཕྲི་བའི་ཞག་ལྷག་དེ། །རང་གི་ཆུ་སྲང་དག་གིས་བསྒྱུར། །མཁའ་མེས་བགོས་ཐོབ་འདས་པའི་སྲང་། །དེ་ཡིས་རང་གི་ཆུ་སྲང་ལ། །ཕྲི་ལྷག་མ་འོངས་ཆུ་སྲང་ཡིན། །ཐུར་མའི་བགོད་གཞི་རགས་པ་ནི། །སྟོང་ཐིག་མཁའ་བུག་ཆུ་སྲང་ལ། ༩༠༠༠། ལུག་དང་སེང་གེར་མདའ་ཀླུ་དབང་། ༥༨༥། གླང་དང་ཀརྚར་མཁའ་མཚོ་ཉི། ༡༢༤༠། འཁྲིག་པར་མདའ་རོ་བུག་གཟུགས་ཕྲི། ༡༩༦༥། ཉ་དང་བུ་མོ་རང་སར་བཞག །བུམ་པ་སྲང་དུ་ཚེས་མདའ་སྦྱིན། ༥༡༥། ཆུ་སྲིན་སྡིག་པར་མཁའ་རོ་བུག༩༦༠། གཞུ་ལ་མདའ་མེ་འདོད་བསྣན་ལ། ༡༣༣༥། ཐུར་གྲིབ་རང་ཆར་བཅས་པ་ཡིས། །ཐོབ་པ་སྲང་ཡིན་ལྷག་རོས་བསྒྱུར། །ཐོབ་པ་དབུགས་ཀྱི་གནས་སུ་བསྐྱུར། །སྲང་ལ་མཁའ་རོས་ཐོབ་པའི་ནོར། །ཆུ་ཚོད་གནས་སུ་བཞག་པ་ཡིས། །སྔ་འདས་ཕྱི་དྲོ་ལུས་པ་རྟོགས། །ཉིན་ཚད་སྟེང་ནས་དེ་རྣམས་ཀྱིས། །ཕྲི་ལྷག་སྔ་ལུས་ཕྱི་འདས་ཀྱི། །ཆུ་ཚོད་ལ་སོགས་རྟོགས་པར་འགྱུར། །དེ་ནས་ཏཏྐཱལ་ངོས་འཛིན་ནི། །ཐུར་བཙལ་འདས་དབྱུག་མཁའ་རོས་བསྒྱུར། །ཆུ་སྲང་སྟེང་བཅུག་ཚོགས་དེ་ལ། །རང་གི་ཆུ་སྲང་མ་འོངས་པས། །ཐོག་དྲངས་ཉ་ལ་སོགས་པའི་སྲང་། །ལུགས་འབྱུང་བུ་མོ་སོགས་ལྡོག་པས། །རིམ་པར་ཕྲི་བས་གང་གི་ཚེ། །འབྲིད་པར་མ་ལྡང་ཏཏྐཱལ་ཏེ། །དེ་ཡི་སྟེང་ནས་གནས་ལྔ་དང་། །དེ་ལས་དུམ་དྲུག་བརྩི་འདོད་རྣམས། །གཞན་ལས་འབྱུང་བཞིན་བླང་བར་མཛོད། །ཅེས་སོ། །དེ་ཡང་དུས་སྦྱོར་གྱི་རྩིས་གཞི་ཉི་བར་ལ་མཛད་པ་བཞིན་དུ་ཟླ་བ་སོ་སོའི་དབུགས་ཐོབ་དང་། སྒང་ཚད་ཀྱང་ཉི་བར་ལ་བྱ་ཞིང་། ཁྱིམ་སོ་སོའི་སླེབ་རྫོགས་ཀྱི་ཚད་ནི། དེང་
སང་རྩིས་པ་ཕལ་མོ་ཆེས་ཉི་དག་ལ་བརྟེན་པའི་ཕྱོགས་ཕྱག་ལེན་དུ་མཛད་པ་མང་བ་ལྟར། ཁོ་བོས་ཀྱང་ཡི་གེ་སྔ་མ་རྣམས་སུ་དེ་ལྟར་བཀོད་མོད། འོན་ཀྱང་ཉི་དག་ལ་བྱས་པའི་ཚེ། ཁྱིམ་སོ་སོའི་ཉི་མའི་རྐང་པ་རྣམས་འཕོ་བའི་མཚམས་དང་མི་འགྲིག་པར་ཤས་ཆེ་ཞིང་། ཉི་དྷྲཱུ་སྟོང་པའི་རྗེས་ཀྱི་ནག་ཟླའི་ཚེས་གཅིག་གི་ཉི་དག་ལ་ལུག་ཁྱིམ་དུ་ཉི་མས་སླེབས་ནས་ཞག་བཞི་བག་མེད་ཙམ་སོང་བ་རི་མོར་འཆར་བ་སོགས་རང་གིས་བཞག་པའི་སུག་བྲིས་རྣམས་ཀྱིས་རང་ལ་གནོད་པ་ཆེན་པོ་སྟོན་པའི་ཕྱིར་ན། ཁྱིམ་སླེབ་ཀྱང་ཉི་བར་ལ་བརྟེན་པའི་ཕྱོགས་ལེགས་པར་མཐོང་སྟེ། བཤད་མ་ཐག་པའི་སྐྱོན་རྣམས་མི་འབྱུང་བར་མ་ཟད། དུས་སྦྱོར་གྱི་འདས་ཞག་སོགས་དང་ཡང་བསྒྲིག་པར་ནུས་པ་ཡིན་ནོ། །

འཕྲོས་དོན་དུས་སྦྱོར་ལ་འཆར་བ་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་བཞག

p. 296

འཕྲོས་དོན་དུས་སྦྱོར་ལ་འཆར་བ་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་བཞག་ཅུང་ཟད་བཤད་ན། རགས་པ་ཟླ་བ། འབྲིང་ཕྱོགས། ཕྲ་བ་ཞག་རེ་ལ་རྟེན་འབྲེལ་རེ་རེ་འཆར་བར་གསུངས་ཏེ། ཆུ་སྲིན་གྱི་ཟླ་བར་མ་རིག་པ་འཆར་བ་ནས། གཞུའི་ཁྱིམ་ཟླ་ལ་རྒ་ཤིའི་བར་འཆར་བས་ལོ་གཅིག་ལ་རྟེན་འབྲེལ་བཅུ་གཉིས་ཚར་གཅིག་རྫོགས་པར་གསུངས་པ་གང་ཞིག །རྒྱལ་ཟླའི་མར་ངོ་ལ་མ་རིག་པ། མཆུ་ཟླའི་ཡར་ངོར་འདུ་བྱེད་དང་། མར་ངོར་རྣམ་ཤེས། དབོ་ཟླའི་ངོ་གཉིས་ལ་མིང་གཟུགས་དང་སྐྱེ་མཆེད་སོགས་སྦྱར་ཏེ། ལོ་གཅིག་ལ་རྟེན་འབྲེལ་བཅུ་གཉིས་ཚར་གཉིས་རྫོགས་པར་གསུངས་པའི་ཕྱིར་དང་། རགས་པ་ཟླ་བ་ལ་འཆར་བའི་རྟེན་འབྲེལ་ཉིད་ཟླ་བ་དེའི་ངོ་གཉིས་ཀའི་ཚེས་གཅིག་ལ་སྦྱར་ལ། དེ་ནས་རྒྱལ་ཟླ་སོགས་མཉམ་པའི་ཁྱིམ་དྲུག་ལ་ཡར་ངོ་སྤྲོ་རིམ་དང་། མར་ངོ་སྡུད་རིམ། མཆུ་ཟླ་སོགས་མི་མཉམ་པའི་ཁྱིམ་དྲུག་ལ་ཡར་ངོ་སྡུད་རིམ་དང་མར་ངོ་སྤྲོ་རིམ། བཅུ་གསུམ་བཅུ་བཞི་བཅོ་ལྔ་རྣམས་ལ་རིམ་པར་གསུམ་བཞི་ལྔ་པའི་རྟེན་འབྲེལ་དང་། རེས་འགའ་བཅུ་དྲུག་པ་ལ་དྲུག་པའི་རྟེན་འབྲེལ་སྦྱོར་ཚུལ་རྣམས་རྒྱུད་འགྲེལ་ལས་དངོས་སུ་གསུངས་ཤིང་། དེའི་རིགས་པས་རེས་འགའ་བཅོ་ལྔ་པ་འདོར་ཚུལ་ཡང་ཤུགས་ཀྱིས་བསྟན་པར་འཆད་དགོས་པའི་ཕྱིར་རོ། །དེ་ཡང་རགས་པར་ཆུ་སྲིན་རྒྱལ་ཟླ་དང་འབྱོར་ཡང་རྒྱུད་ལས། རྒྱལ་དང་མཆུ་ཡི་མཚམས་

p. 297

སུ་ཆུ་སྲིན་དག་ལ་ཉི་མ་གནས་པའི་གཟའ་དེ་ལ་ནི་མ་རིག་པའོ། །ཞེས་པས་མར་ངོ་སྔོན་འགྲོའི་དབང་དུ་བྱས་ཏེ། ཧོར་ཟླ་བཅུ་གཉིས་པའི་ཡར་ངོའི་བཅོ་ལྔས་རྒྱལ་ཟླ་རྫོགས་ནས། དེའི་མར་ངོའི་ཚེས་གཅིག་ནས་མཆུ་འཇུག་པས་དོན་ལ་མཆུ་ཟླ་ཆུ་སྲིན་གྱི་ཁྱིམ་ལ་མ་རིག་པ་སྦྱར་བར་སོང་མོད་ཀྱང་། འགྲེལ་ཆེན་ལས། རྒྱལ་གྱི་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་མ་རིག་པའོ། །ཞེས་གསུངས་པ་ལྟར། དོན་ལ་རྒྱལ་ཟླའི་ཕྱོགས་གཉིས་ཀའི་ཚེས་གཅིག་ལ་མ་རིག་པ་དང་། མཆུ་ཟླའི་ཕྱོགས་གཉིས་ཀའི་ཚེས་གཅིག་ལ་འདུ་བྱེད་འཆར་བ་སོགས་ཡིན་པས། ཡར་ངོ་སྔོན་འགྲོའི་རྒྱལ་ཟླ་རིལ་པོ་ལ་མ་རིག་པ་འཆར་བ་སོགས་ཟླ་བ་ཐམས་ཅད་ལ་སྦྱར་རོ། །མདོར་ན་ཞག་གི་རྟེན་འབྲེལ་གང་ལ་འཆར་བའི་གཞི་དེ་གཟའ་དང་། ངོ་དང་། ཁྱིམ་གསུམ་ལ་སྦྱར་ནས་གསུངས་པའི་གནད་ཀྱིས་ཀྱང་ཤེས་པར་བྱ་སྟེ། གཟའ་དང་སྦྱར་ཞིང་ཉིན་ཞག་བཅུ་དྲུག་པའི་རྟེན་འབྲེལ་གསུངས་པས། རྟེན་འབྲེལ་ངོ་བོ་ཉིན་ཞག་ལ་འཆར་བ་དང་། དེ་ཁྱིམ་དང་སྦྱར་བས་ཟླ་བཤོལ་གྱི་རྟེན་འབྲེལ་གཞན་དུ་མི་འཕྱུག་པའི་གཟེར་གདབ་པ་དང་། དེ་ལྟར་ན་ཁྱིམ་སླེབ་ནས་བརྩམས་ཏེ། ཁྱིམ་ཞག་ཁོ་ན་དང་སྦྱར་དགོས་སམ་སྙམ་པའི་དོགས་པ་གཅོད་པའི་ཕྱིར་ཟླ་བའི་ངོ་གཉིས་དང་སྦྱར་ནས་གསུངས་པ་ཡིན་ནོ། །གཞན་དུ་ུན་ཟླ་བཤོལ་གྱི་རྟེན་འབྲེལ་ཆུ་འབབས་སུ་འགྲིགས་པས་ཚིམས་ཏེ་ཁྱིམ་ཞག་ལ་སྦྱོར་བ་དང་། ངོ་ལ་སྐྱེད་སྡུད་ཀྱི་འཆར་ཚུལ་གསུངས་པས་ཚིམས་ཏེ་ཚེས་ཞག་དང་སྦྱོར་བའི་ལག་ལེན་རྣམས་ཕྱོགས་རེ་ལ་ཞེན་ནས་རྒྱུད་འགྲེལ་དང་མ་བསྟུན་པར་རང་རང་གི་གང་དྲན་སུག་ལས་སུ་བསྟར་བར་རིགས་པར་བྱའོ། །འདིར་ཟླ་ཞག་ལ་འཆར་ཚུལ་ཧོར་ཟླ་དང་སྦྱར་ཏེ་སྡོམ་ཚིགས་སུ་བཀོད་པ་ནི། རྒྱལ་ཟླ་ཧོར་ཟླ་བཅུ་གཉིས་པ། །ཆུ་སྲིན་ཁྱིམ་ལ་མ་རིག་འཆར། །དང་པོ་མཆུ་ཟླ་བུམ་འདུ་བྱེད། །གཉིས་པ་དབོ་ཉ་རྣམ་པར་ཤེས། །གསུམ་པ་ནག་ཟླ་ལུག་མིང་གཟུགས། །བཞི་པ་ས་ག་གླང་སྐྱེ་མཆེད། །ལྔ་པ་སྣྲོན་ཟླ་འཁྲིག་ཁྱིམ་རེག །དྲུག་པ་ཆུ་སྟོད་ཀརྚ་ཚོར། །བདུན་པ་གྲོ་བཞིན་སེང་ཁྱིམ་སྲེད། །བརྒྱད་པ་ཁྲུམས་ཟླ་བུ་མོ་ལེན། །དགུ་པ་དབྱུག་ཟླ་སྲང་ཁྱིམ་སྲིད། །བཅུ་པ་སྨིན་
དྲུག་སྡིག་ཁྱིམ་སྐྱེ། །བཅུ་གཅིག་མགོ་གཞུ་རྒ་ཤིའོ། །དེ་ཡང་ཟླ་བ་ངོ་རེ་བཞིན། །ཉིན་ཞག་བཅོ་ལྔ་བཅོ་ལྔ་སྟེ། །རེས་འགའ་བཅུ་བཞིའམ་བཅུ་དྲུག་སྲིད། །ཟླ་བ་ཀུན་གྱི་ངོ་གཉིས་ཀའི། །ཚེས་གཅིག་ལ་ནི་རང་རང་གི། ཟླ་བའི་བདག་འཆར་ཚེས་གཉིས་ནས། །ཆུ་སྲིན་ལ་སོགས་མཉམ་ཁྱིམ་དྲུག །ཟླ་སྟོད་ལུགས་འབྱུང་ཟླ་སྨད་ལྡོག །བུམ་སོགས་མི་མཉམ་ཁྱིམ་དྲུག་ལ། །ཟླ་སྟོད་ལུགས་ལྡོག་ཟླ་སྨད་ལ། །ལུགས་འབྱུང་སྦྱར་བས་ཚེས་གྲངས་ནི། །བཅུ་གཉིས་བར་གྱི་རྟེན་འབྲེལ་རྫོགས། །བཅུ་གསུམ་བཅུ་བཞི་བཅོ་ལྔ་ལ། །རང་རང་གསུམ་བཞི་ལྔ་པ་དང་། །རེས་འགའ་ཉིན་ཞག་བཅུ་དྲུག་གམ། །བཅུ་བཞི་བྱུང་ཚེ་རིམ་པ་ལྟར། །དྲུག་པ་སྦྱར་ཞིང་བཅོ་ལྔ་འདོར། །ཟླ་བཤོལ་ཡོད་ཚེ་གྲུབ་མཐའ་ཡི། །ཟླ་དག་འཕར་བ་དང་བསྟུན་ཏེ། །ལྷག་པའི་ཕྱི་མ་ལྡབ་སྟེ་བགོད། །མ་རིག་ལ་སོགས་དྲུག་ཡན་ལག །མི་མཉམ་པ་སྟེ་ཞི་ལས་དགེ། འདུ་བྱེད་སོགས་དྲུག་མཉམ་པ་སྟེ། །དྲག་པོའི་ལས་ལ་ཤིས་པར་འགྱུར། །ཞེས་སྨྲས་ཏེ། འདི་ཉིད་རྒྱུད་འགྲེལ་དུ་ཤིན་ཏུ་གསལ་ཡང་། དེང་སང་ལག་ལེན་དུ་འདེབས་མཁན་ཆེས་ཉུང་བའི་ཕྱིར་ཕྱིན་ཆད་དར་དུ་རེ་ནས་ཡི་གེ་འདིར་འཕྲོས་དོན་དུ་བཀོད་པའོ། །

རང་རང་གི་རྐང་པའི་དབང་གིས་འཆར་ནུབ་བྱེད་ཚུལ།

p. 298

གསུམ་པ་རང་རང་གི་རྐང་པའི་དབང་གིས་འཆར་ནུབ་བྱེད་ཚུལ་ནི། སྤྱིར་གཟའ་ཐམས་ཅད་ཉི་མ་ལ་བརྟེན་ནས་འཆར་ནུབ་ཏུ་སྣང་བ་ཡིན་ཏེ། ཉི་མ་དང་ལྷན་ཅིག་ཏུ་འཛོམ་ནས་སྐར་ཁྱིམ་ལ་སྤྱོད་པའི་ཚེ་མིག་ལམ་དུ་མི་སྣང་བ་ལ་ནུབ་པ་དང་། ཉི་མ་ལས་ཐལ་ཏེ་སྔོན་དུ་སོང་ངམ། ཕྱིར་ལུས་པ་ན་མིག་ལམ་དུ་སྣང་བ་ལ་གཟའ་དེ་ཤར་བ་ཞེས་བྱའོ། །དེ་ལྟར་ཡང་འགྲེལ་ཆེན་ལས། གང་དག་སུ་ཞིག་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཞུགས་གཟའ་དེ་དག་ཀྱང་ངེས་པར་ནུབ་པར་འགྱུར། ཞེས་པ་སྟེ། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་གྱིས་མི་མཐོང་བའི་ཕྱིར་ནུབ་པར་གྱུར་པ་ཞེས་བརྗོད་ཀྱི། གཟའ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ནོ། །ཉི་མ་བཏང་ནས་འཆར་བར་འགྱུར་ཏེ་ཞེས་པ་ནི་ནུབ་པར་གྱུར་པའི་གཟའ་དེ་ཉིད་ཀྱི་རང་གི་རྒྱུ་བའི་དབང་གིས་ཉི་མ་བཏང་བར་གྱུར་པ་ན་འཆར་བར་འགྱུར་ཏེ། ཉི་མའི་འོད་ཟེར་གྱིས་ཡོངས་སུ་བཏང་བའི་ཕྱིར་རོ། །ཞེས་སོ། །དེ་ཡང་གཟའ་ལྔ་ཉི་མ་དང་
བཅས་པའི་དལ་རྐང་རྣམས་རང་རང་གི་སྐྱེས་སྐར་ནས་བརྩམས་ཏེ། རིམ་པའི་སྔ་རྐང་དང་རིམ་མིན་གྱི་ཕྱི་རྐང་དུ་རྐང་པ་རྣམས་བུ་ལོན། དེ་དང་དེའི་ཕྱི་རྐང་དང་སྔ་རྐང་དུ་ནོར་དུ་སྤྱད་པས་རང་རང་གི་སྐྱེས་སྐར་གྱི་ཐོག་ཏུ་རྐང་པའི་ནོར་བུ་ལོན་ཁ་འགྲིག་ནས་རྟག་ལོངས་ཀྱི་སྟེང་དུ་བྲི་གང་མེད་པར་གནས་ཤིང་། གཟའ་ལྔའི་མྱུར་རྐང་རྣམས་ནི། རྐང་པ་རིམ་རིམ་མིན་གྱི་ནོར་བུ་ལོན་བྱེད་ཚུལ་དལ་རྐང་ལས་ལྡོག་སྟེ་སྤྱད་པས་རང་རང་གི་རྐང་འཛིན་དག་པ་སྟོང་པའི་ཚེ་མྱུར་རྐང་གི་ནོར་བུ་ལོན་ཁ་དག་སྟེ། དལ་དག་གི་སྟེང་དུ་བྲི་གང་མེད་པར་གནས་ན་དལ་བའང་ཉི་མ་ལ་ནུབ་བོ། །གལ་ཏེ་གཟའ་ལྔ་པོ་རང་རང་གི་སྐྱེས་སྐར་གྱི་སྟེང་དུ་ཉི་མ་ལ་ནུབ་ན་དལ་མྱུར་གྱི་རྐང་པ་གཉིས་ཀའི་ནོར་བུ་ལོན་ཁ་དག་པ་ཡིན་ནོ། །ཉི་མ་ལས་འཆར་ནུབ་བྱེད་ཚུལ་ཀྱང་སོ་སོའི་བགྲོད་པའི་དབང་གིས་ཐ་དད་པ་སྟེ། ཟླ་བ་ནི་ཉི་མ་ལས་མགྱོགས་པའི་ཕྱིར་སྔོན་ལ་ཐལ་བས་ཚེས་གཅིག་ལ་ཉི་མའི་མདུན་ནས་ཤར་ཏེ་གནམ་གང་ལ་རྒྱབ་ཏུ་ནུབ། དྲག་གཟའ་གསུམ་པོ་ནི་མྱུར་འགྲོས་ཀྱི་དུས་སུའང་ཉི་མ་ལས་བུལ་བའི་དབང་གིས་ཕྱིར་ལུས་པས་ཉི་མའི་རྒྱབ་ཏུ་ཤར་ནས་མདུན་དུ་ནུབ་ཅིང་། འགྲོས་བཞི་ཚར་གཅིག་གི་བར་ལ་དལ་བ་ལ་ཐིམ་པ་གཉིས་དང་ཉི་མ་ལ་ནུབ་པ་རེ་རེ་འོང་ངོ་། །ཞི་གཟའ་གཉིས་དང་མཇུག་རིང་ནི་འགྲོས་བཞི་ཚར་གཅིག་གི་བར་དུ་ཉི་མ་ལའང་ནུབ་པ་གཉིས་གཉིས་འོང་ཞིང་། འཆར་ནུབ་ཀྱང་ཉི་མའི་རྒྱབ་མདུན་ཅི་རིགས་པ་ནས་བྱེད་དོ། །གཡས་གཡོན་གང་ནས་འཆར་ནུབ་བྱེད་པའང་ལྷག་སངས་དུ་གསུམ་ཉི་མའི་གཡོན་དང་། དམར་ཕུར་སྤེན་གསུམ་གཡས་ཕྱོགས་ནས་འཆར་ནུབ་བྱེད་པར་བཤད་དོ། །

བསྐོར་ཕྱོགས་ཀྱི་དབང་གིས་ཉི་ཟླ་དང་སྒྲ་གཅན་འཕྲད་ཚུལ།

p. 299

བཞི་པ་བསྐོར་ཕྱོགས་ཀྱི་དབང་གིས་ཉི་ཟླ་དང་སྒྲ་གཅན་འཕྲད་ཚུལ་ནི། གཟའ་རྣམས་ཀྱིས་སྐར་ཁྱིམ་ལ་གཡས་གཡོན་ཅི་རིགས་པར་སྤྱད་པའི་ལག་རྗེས་སུ་ཉི་ཟླ་གཉིས་སྒྲ་གཅན་གྱིས་འཛིན་པ་དེ་འབྱུང་བ་ཡིན་ཏེ། སྒྲ་གཅན་ནི་ཁྱིམ་བཞིན་དུ་རང་འགྲོས་གཡས་སྐོར་དང་། གཟའ་གཞན་རྣམས་རང་འགྲོས་ཀྱིས་སྐར་ཁྱིམ་ལ་གཡོན་སྐོར་དུ་འཁོར་བའི་གནད་ཀྱིས་ཉི་ཟླ་དང་སྒྲ་གཅན་འཕྲད་པའི་མཚན་མ་མིའི་འཇིག་རྟེན་དུ་མངོན་སུམ་དུ་སྟོན་པའི་ཕྱིར།

p. 300

འོ་ན་ཉི་ཟླ་དང་སྒྲ་གཅན་སྐར་མ་གཅིག་གི་སྟེང་དུ་འཕྲད་རེས་ཀྱིས་འཛིན་ནམ་སྙམ་ན་མ་ཡིན་ཏེ། ཟླ་དྲུག་དུས་གསུམ་དང་ཚིགས་མཚམས་སོགས་དུས་གནད་དུ་མ་ཚོགས་དགོས་པའི་ཕྱིར་ཏེ། གཞན་དུ་ཟླ་བ་དང་གདོང་མཇུག་འཕྲད་རེས་ཀྱི་འཛིན་ན་ཟླ་བ་རེ་རེ་ལ་ཟླ་འཛིན་གཉིས་རེ་འབྱུང་དགོས་པ་དང་། བྱང་གླིང་དུ་ཟླ་བ་བཟུང་བའི་ཉ་དེ་ལ་དེ་དང་ཐད་ཀའི་ལྷོ་གླིང་དུ་གདོང་མཇུག་གང་རུང་ཅིག་ཤོས་དེས་ཉི་མ་འཛིན་དགོས་པ་སོགས་ཀྱིས་གནོད་པའི་ཕྱིར་རོ། །དེ་བས་ན་གཟའ་འཛིན་སྔ་མ་བྱུང་ནས་ཟླ་བ་དྲུག་དུས་གསུམ་རེ་འདས་དགོས་པ་ནི། རྒྱུད་ལས། ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་འཛིན་པར་འགྱུར་ཏེ། ཞེས་སོ། །དུས་ཚིགས་རེ་ལའང་ཟླ་བ་གཉིས་གཉིས་དགོས་པའི་ཕྱིར་དུས་ཚིགས་གསུམ་ཡང་དོན་ལ་ཟླ་བ་དྲུག་ཡིན་པས་ཟློས་པར་འགྱུར་རམ་སྙམ་ན། མ་ཡིན་ཏེ། ནང་དུ་མུན་པ་ཆེན་པོའི་རླུང་གིས་ཁམས་དྲུག་རྫོགས་མཐར་རྐྱང་མ་དང་། སྙིང་རྡུལ་མུན་གསུམ་གྱི་མཐར་རོ་མའི་སྟོབས་འཕྲོག་པའི་གནད་ཀྱིས་ཕྱི་རོལ་དུ་ཟླ་འཛིན་ལ་ཟླ་བ་དྲུག་དང་། ཉི་འཛིན་ལ་དུས་གསུམ་ཟད་དགོས་པར་གསུངས་པའོ། །དེ་ཡང་དཀར་ནག་གི་ངོ་གཉིས་ཀའི་ཚེས་བཅོ་ལྔ་དང་གཅིག་གཉིས་ཀྱི་ཚིགས་མཚམས་ལས་གཞན་དུ་མི་འཛིན་ཏེ། རྩ་རྒྱུད་ལས། ཚིགས་མཚམས་དཀར་པོ་ནག་པོ་ལ། །ཚེས་གྲངས་གཉིས་ཀའི་དབུས་སུ་ནི། །ཟླ་བ་ཉི་མ་མཉམ་འཛོམས་པ། །སྒྲ་གཅན་འཇུག་པའི་ཚེས་གྲངས་སོ། །ཞེས་དང་། འགྲེལ་ཆེན་ལས། ད་ནི་ཟླ་བའི་དཀྱིལ་འཁོར་ལ་སྒྲ་གཅན་འཇུག་པའི་མཚན་ཉིད་གསུངས་པ། ཚིགས་མཚམས་ཞེས་པ་ལ་སོགས་པ་སྟེ། ཚིགས་མཚམས་ནི་ཉའི་མཐའ་མ་གནམ་སྟོང་གི་མཐར་རོ། །ཞེས་སོ། །ཁྱད་པར་ཉི་འཛིན་ལ་རྟེན་འབྲེལ་རེག་པའི་དུས་སུ་ཉི་རྐང་ཞུགས་པའང་དགོས་ཏེ། རྒྱུད་ལས། རེག་པའི་ཡན་ལག་དབུས་མ་དེར། །ཞེས་སོ། །དེ་ཡང་ཡེ་ལེར་གསུངས་པ་ལྟར། ལུག་གི་ཁྱིམ་ཟླ་ནས་བརྩམས་ཏེ། ཟླ་བ་གཉིས་གཉིས་ལ་ཡན་ལག་རེར་བཞག་པའི་ཡན་ལག་རེ་རེའི་ཉིན་ཞག་དང་པོ་ལ་མ་རིག་པ། གཉིས་པར་འདུ་བྱེད་སོགས་ལུགས་འབྱུང་དུ་འཁོར་བ་ལས། དེའི་གནམ་སྟོང་ལ་རེག་པ་དང་། ཡང་ཚེས་གཅིག་ལ་དེ་འཕྲོས་ཀྱི་ཚོར་

p. 301

བ་ནས་གནམ་གང་ལ་རྒ་ཤི་སྟེ། མདོར་ན་གནམ་གང་ལ་རེག་རྒ་གཉིས་སྤེལ་མར་འཆར་བ་ལས། རེག་པ་ལ་རེས་བབ་པའི་ཚེ་འཛིན་པར་བཞེད་དོ། །གཞན་ཡང་མྱོང་རྩིས་རྣམས་སུ་ཉི་རྐང་གཟུགས་ལ་སྤྱོད་པའི་ཚེ་མི་བསླུ་བ་དང་། དུས་ལ་འཛིན་དཀའ་བར་འདོད་པ་དང་། བགྲོད་མཐའི་ཚེ་འཆར་ཀ་ནུབ་ཀ་དང་། མཉམ་གཉིས་ཀྱི་ཚེ་གུང་གཉིས་ལ་འཛིན་ན་མི་བསླུ་བར་འདོད་པ་སྟེ། སྔ་མའི་བཞེད་དོན། ཉི་རྐང་གི་རྐང་པའི་འཕེལ་འགྲིབ་ཆེ་ཆུང་ལ་བརྟེན་ནས་འཛིན་དཀའ་སླར་བཞེད་ན་བརྟག་བྱར་ལུས་མོད། གཞན་དུ་དེ་གཉིས་ཀའི་ཞེ་འདོད་སྒྲ་གཅན་མཉམ་ལམ་ཁོ་ན་ལས་གཞན་དུ་མི་འགྲོ་བར་བཞེད་པ་ལྟར་ན། འགྲེལ་ཆེན་ལས། དེ་ཉིད་སྒྲ་གཅན་འཁོར་བའི་དབང་གིས་ཤེས་པར་བྱ་སྟེ། བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་པའི་ཕྱིར། འདིར་བཅོམ་ལྡན་འདས་འཇམ་དཔལ་གྱིས་འབད་པ་མ་མཛད་དོ། །ཞེས་དང་། རྩ་རྒྱུད་དམ་གཞན་གྱི་བྱེད་པ་ལའང་སྒྲ་གཅན་འཁོར་བ་ལ་སོགས་པ་ཤེས་པར་བྱའོ། །ཞེས་པས་ཉི་ཟླ་སྒྲིབ་ཚུལ་ཇི་ལྟ་བ་བཞིན་རྟོགས་པ་སྒྲ་གཅན་འཁོར་ཚུལ་ཤེས་པ་ལ་རག་ལུས་ཤིང་། དེའི་འཁོར་ཚུལ་རྩ་རྒྱུད་དང་ཕྱི་རོལ་པའི་བྱེད་པར་ཁ་འཕང་མཛད་ནས་འདིར་མ་གསུངས་པ་དང་། ཡང་དེ་ལས། འདིར་ཁྱིམ་གྱི་འཁོར་ལོ་ལ་གཟའ་ཐམས་ཅད་བྱང་དུ་འགྲོ་བ་དང་། ལྷོར་འགྲོ་བ་ཡོད་དེ། ཞེས་གཟའ་ཐམས་ཅད་ལ་བགྲོད་གཉིས་ཡོད་པར་གསུངས་པ་སོགས་ལ་བརྟགས་པས་བཞེད་པ་དེ་དག་ལུང་དང་འགལ་ཞིང་། མངོན་སུམ་པའི་ཚད་མས་ཀྱང་གནོད་དེ། བགྲོད་མཐའི་གུང་དང་མཉམ་པའི་འཆར་ནུབ་ལ་བཟུང་བའི་མྱོང་བྱང་གི་གའུ་ལེ་ཡང་མང་དུ་སྣང་བའི་ཕྱིར་རོ། །དེས་ན་སྔར་བཟུང་བའི་མྱོང་བྱང་དང་རི་མོ་མཐུན་པ་ལ་ཕྱིས་དེ་ལྟར་མ་བཟུང་བ་སོགས་མཐའ་གཅིག་ཏུ་གཟེར་གདབ་དཀའ་བའང་སྒྲ་གཅན་འཁོར་ཚུལ་གྱི་ཞིབ་ཆ་དང་། བྱེད་པའི་སྐྱོན་འདོན་སོགས་མ་ཤེས་པས་ལན་ནམ་སྙམ་མོ། །དེ་ལྟར་ངེས་པར་བྱས་ནས་ཉི་ཟླར་སྒྲ་གཅན་འཇུག་ཚུལ་བརྟགས་པ་ལ། བསྒྲིབ་བྱ་སྒྲིབ་བྱེད་གཉིས་སྐར་ཁོང་གཅིག་ཏུ་ཉེ་བ་ཙམ་འཚོགས་དགོས་པའི་ཕྱིར་ལོངས་སྤྱོད་ཕལ་ཆེར་མཉམ་དགོས་པས་ཉུང་གིས་མང་ལ་སྦྱངས་ལྷག་

p. 302

གིས་འཛིན་མི་འཛིན་བརྟགས་པ་དང་། རྒྱུད་ལས། རྣམ་དག་གྱུར་ན་ཐམས་ཅད་འཛིན་ཏེ། ཞེས་དང་། ཕྱེད་དག་འགྱུར་ན་ཕྱེད་འཛིན་ཞེས་པས་ཉི་མ་བཅུ་གཉིས་ཆ་དང་ཟླ་བ་བཅུ་དྲུག་ཆར་བྱས་པའི་རིལ་འཛིན་ཕྱེད་འཛིན་སོགས་སྦྱངས་ལྷག་གིས་ཇི་ཙམ་འཛིན་པའི་ཆ་ཤས་ཀྱང་བརྟགས་པ་དང་། འགྲེལ་ཆེན་ལས། ཆ་གཅིག་གི་བཞི་ཆའི་བར་དུ་གཟའ་དང་འགྲོགས་པར་ཤེས་པར་བྱའོ། །ཞེས་པས་རིལ་འཛིན་ལ་ཆུ་ཚོད་དྲུག་ཅུའི་བཞི་ཆ་བཅོ་ལྔའི་བར་སྒྲིབ་པ་སོགས་ཇི་ཙམ་སྒྲིབ་པའི་ཡུན་བརྟགས་པ་དང་། ཟླ་བའི་དཀར་ཆ་རྫོགས་པ་དང་དཀར་ཆའི་དང་པོ་འཆར་བའི་ཕྱོགས་ནས་སམ། ཡང་ན་རྩ་རྒྱུད་ལས། མདུན་གྱིས་ཉ་བ་ཟླ་བ་སྟེ། །རྒྱབ་ཀྱིས་ཉ་བ་ཉི་མའོ། །ཞེས་པས་རང་ཉ་བའི་ཕྱོགས་ཏེ། ཟླ་བ་ཤར་དང་ཉི་མ་ནུབ་ནས་སྤྱིར་འཛིན་ཅིང་། བྱེ་བྲག་ཟླ་ཉི་འཁོར་བའི་འགྲོ་ལམ་གྱི་དབང་གིས་ཉིན་མཚན་གྱི་ཆ་སྟོད་སྨད་ལ་ཤར་ནུབ་ཀྱི་ཕྱོགས་ལས་ལྷོ་བྱང་གཉིས་སུ་ཅུང་ཟད་འཆུས་ཏེ་འཛིན་པ་སོགས་གང་ནས་སྒྲིབ་པའི་ཕྱོགས་ལ་བརྟགས་པ་དང་། ཚིགས་མཚམས་སུ་འཛིན་པར་གསུངས་པའི་གནད་ཀྱིས་ཉ་སྟོང་གི་ཚེས་ལོངས་རྫོགས་པ་དང་སྒྲ་གཅན་འཇུག་པར་ངེས་པའི་ཕྱིར་ནམ་གྱི་ཚེ་འཛིན་པའི་དུས་བརྟགས་པ་དང་། དེ་ཉིན་གྱི་ཚེས་ལོངས་དེ་དུས་དེའི་ཉིན་ཚད་ལས་ཉི་འཛིན་ལ་ཉུང་ཞིང་ཟླ་འཛིན་ལ་མང་བ་མེད་ན་འདིར་མི་མཐོང་བའི་ཕྱིར། འཛིན་པའི་རི་མོ་ཤར་ཡང་མཐོང་མི་མཐོང་བརྟགས་དགོས་པ་དང་། སྒྲིབ་བྱེད་ཀྱི་གདོང་ཆུའི་རང་བཞིན་མུན་པ་དང་། མཇུག་མ་མེའི་ཁམས་རང་བཞིན་དམར་པོ་འབར་བའི་རང་བཞིན་ཅན་ཡིན་པའི་ཕྱིར། གདོང་འཛིན་ནག་ཅིང་མཇུག་འཛིན་དམར་བ་དང་། སྒྲིབ་ཆ་ཆེ་ཆུང་སོགས་ལའང་བརྟེན་ནས་ཇི་ཙམ་བཟུང་བའི་ཁ་དོག་ལ་བརྟགས་པ་སྟེ། དེ་ལྟར་བརྟགས་པ་བདུན་གྱི་སྒོ་ནས་བརྩི་བར་བྱ་དགོས་ཀྱང་། རྒྱུད་འགྲེལ་དུ་སྒྲ་གཅན་འཁོར་ཚུལ་སོགས་ཞིབ་མོར་མ་གསུངས་པས་མྱོང་བྱང་གི་གའུ་ལེ་དང་ཡང་བསྒྲིགས་ནས་འཆད་དགོས་པའི་ཕྱིར་ཡི་གེས་འཇིགས་ཏེ་རེ་ཞིག་དེ་ཙམ་མོ། །

རང་རང་གི་ལོངས་སྤྱོད་ལ་སྤྱད་པའི་དབང་གིས་ངེས་པ་འཕོ་སྡུད་སྐྱེ་ཚུལ།

ལོ་དག་བསྟུང་སྟེ་དྷྲཱུ་ཝ་འཕོ་ཚུལ།

p. 303

ལྔ་པ་རང་རང་གི་ལོངས་སྤྱོད་ལ་སྤྱད་པའི་དབང་གིས་ངེས་པ་འཕོ་སྡུད་སྐྱེ་ཚུལ་ལ། ལོ་དག་བསྟུང་སྟེ་དྷྲཱུ་ཝ་འཕོ་ཚུལ། ཕན་ཚུན་ལྟོས་པས་ཞག་དུ་མ་འདྲིལ་བའི་སྤྱི་ནུར་ལ་བརྟེན་ཏེ་ལོ་རེའི་རྀ་ཐུ་འཕོ་ཚུལ། རང་རང་གི་འཁོར་ལོ་རྫོགས་པས་སྟོང་པར་འཇུག་ཚུལ། དེ་ལས་སླར་ཡང་ངེས་པ་སྐྱེ་བའི་ཚུལ་དང་བཞི། དང་པོ་ནི། རྩིས་འགོར་གཟུང་བྱའི་ལོ་དག་པ་གང་དང་གང་ལ་སྦྱིན་བྱའི་རྩིས་འཕྲོ་ཡིན་ན། འདས་མ་ཐག་པའི་ལོ་དེའི་མཐའི་དབོ་ཟླའི་གནམ་གང་ལ་ཤར་བའི་ངེས་པ་གང་ཞིག །ལོ་དག་པ་རང་ཉིད་ཀྱི་ནག་པའི་དྷྲཱུ་ཝ་ཡིན་པས་ཁྱབ་པའི་ཕྱིར། ལོ་གང་གི་ནག་དྷྲཱུ་སྟོང་པའི་ལོ་དེ་ནས་རྩིས་གཞིའི་ལོ་དག་གི་འགོ་འཛིན་ན་རྩིས་འཕྲོ་བསྲེ་སྦྱངས་གང་ཡང་མི་དགོས་ལ། གཞན་དུ་ན་རང་རང་གི་སྟོང་རྩིས་ལས་བརྩམས་ཏེ་བརྩི་བཞིན་པའི་བར་གྱི་འདས་ལོ་དག་པ་ལས་ངེས་པ་གསར་སྤོའི་རྩིས་འཕྲོ་རྣམས་འཚོལ་དགོས་པ་ཡིན་ནོ། །དེ་ལ་རྒྱུད་ཀྱི་འདས་ལོ་ཉིས་བརྒྱ་ཉེར་གཅིག་གི་ཐོག་མའི་རྩིས་འགོ་ཟུགས་པའི་ལོ་དེ་མི་ཟད་པ་མེ་ཁྱི་ཡིན་ལ། དེའི་ནག་དྷྲཱུ་གང་ཡིན་པ་དེ་རྒྱུད་ཀྱི་བྱེད་པའི་རྩིས་འཕྲོ་བཟོ་བའི་གཞིར་གྱུར་བའི་གྲུབ་མཐའི་རྩིས་འཕྲོ་སྟེ། ཟླ་བཤོལ་འཕྲོ་རེ་གཅིག །གཟའ་ཚེས་ཀྱི་རྩིས་འཕྲོ་གཟའ་ཐིག་དང་། ཆུ་ཚོད་ལྔ་བཅུ་སོགས་དང་། ༠རིལ་པོ་གསུམ། ཆ་ཤས་གོ་བདུན། ཉི་མའི་རྩིས་འཕྲོ་སྐར་མ་ཉེར་བཞི་དང་ཆུ་ཚོད་ང་བདུན་སོགས་དང་། ༢༤སྒྲ་གཅན་གྱི་རྩིས་འཕྲོ་ལ་ཟླ་བ་བརྒྱ་ཉེར་གཅིག །གཟའ་ལྔའི་སྤྱི་ཞག་གི་རྩིས་འཕྲོ་རེ་བཞི་ཆ་དགུ་དང་། རི་མཁའ་རི་ཆ་དྲུག་བརྒྱ་ཉེར་གཅིག །བཀྲ་ཤིས་ཀྱི་ཉིན་ཞག་ཀླུ་མེ་ཟླ་བ། ༡༣༨ཕུར་བུའི་གཟུགས་མཁའ་རི་ཟླ། ༡༧༠༡སྤེན་པའི་མེ་མིག་བུག་འབྱུང་། ༥༩༢༣ལྷག་པའི་ཞག་གི་བརྒྱ་ཆ་ཆུ་རི་མདའ་ཐུབ། ༧༥༧༤དཀར་པོའི་ཞག་གི་བཅུ་ཆ་མིག་རི་སྐྱོན་༡༨༧༢རྣམས་སོ། །དེ་རྣམས་ཤིང་བྱའི་ལོ་མཐར་ལྷན་ཅིག་ཏུ་འཚོགས་པའི་ལོ་དག་པའི་ཚོགས་ནི་འདི་ཡིན་ཏེ། ༨༢༧༧༦༡༣༢༧༦༦༩༤༥༡༧༨༧༡༩བུག་གཟུགས་རི་ཀླུ་རི་བོ་ཟླ། །འབྱུང་མཚོ་བུག་རོ་དུས་རི་ལག །འདོད་དུས་རི་འཁོར་གདེངས་ཅན་ཏེ། །རྩིས་ལོའི་གནས་ནི་ཉི་ཤུར་ངེས། །ཞེས་སོ། །དེ་ཉིད་ལ་རང་རང་དྲུག་ཅུ་སྐོར་དང་མཐུན་པར་ངེས་པ་ལ་འཇུག་པའི་ལོ་ཚོགས་ཀྱིས་དོར་ལྷག་ནི་སོ་སོའི་ལོ་དག་པར་འགྱུར་ཏེ། ཇི་ལྟར་
རིགས་པ་ལག་ཏུ་བླངས་སོ། །དེ་ལྟ་བུའི་རྩིས་འགོའི་མེ་ཁྱི་དེ་ནས་བརྩམས་ཏེ་ད་ལྟའི་བར་གྱི་འདས་ལོ་བརྒྱད་བརྒྱ་དང་བརྒྱད་ཅུ་གྱ་ལྔ་ལ་རྩིས་འགོའི་ངེས་པ་བསྣན་ཏེ་བསྒྲུབ་པའམ། ཡང་ན་བརྒྱད་བརྒྱ་གྱ་ལྔ་པོ་སྔར་གྱི་རྩིས་འཕྲོ་གནས་པའི་ལོ་ལ་བསྲེས་ནས་ངེས་བྲལ་གྱི་དྷྲཱུ་ཝ་ཀ་བསྒྲུབས་ཀྱང་རུང་སྟེ། རབ་བྱུང་ཉི་མ་དེའི་རབ་མྱོས་ལྕགས་རྟའི་ལོ་མཐར་ཤར་བའི་ད་ལྟའི་ལྕགས་ལུག་གི་རྩིས་འཕྲོ་སྔར་བཀོད་པ་རྣམས་འཆར་བ་ཡིན་ནོ། །དེ་བཞིན་དུ་ལོ་འོག་མ་རྣམས་ལའང་ལོ་དག་བསྟུང་སྟེ་རྩིས་གཞི་སྤོ་ཚུལ་དང་། གཞན་ཡང་ཁྱིམ་ཞག་དང་ཚེས་ཞག་ལ་ལོངས་སྤྱོད་པའི་གཟའ་ལྔའི་རྩིས་འཕྲོ་རྣམས་ཀྱང་འདིའི་རིགས་པས་དཔག་སྟེ། འཚོལ་ལུགས་ཤེས་པར་བྱའོ། །གལ་ཏེ་འདས་ལོའི་ཐོག་མའི་རྩིས་འཕྲོ་ལ་བརྟགས་པའི་ཚེ་ཡར་ལོག་བྱ་བར་འདོད་ན། ད་ལྟའི་ལོ་ནས་གང་འདོད་གྱེན་དུ་བགྲངས་པའི་ལོ་ཚོགས་ལ་ངེས་བྲལ་གྱི་དྷྲཱུ་ཝ་ཀ་བསྒྲུབས་ཏེ། དེས་ད་ལྟའི་ནག་དྷྲཱུ་ལ་སྦྱངས་པའི་ལྷག་མས་འདས་ལོའི་ཐོག་མའི་རྩིས་འཕྲོ་རྣམས་སྟོན་པར་འགྱུར་རོ། །

ཕན་ཚུན་ལྟོས་པས་ཞག་དུ་མ་འདྲིལ་བའི་སྤྱི་ནུར་ལ་བརྟེན་ཏེ་ལོ་རེའི་རྀ་ཐུ་འཕོ་ཚུལ།

p. 304

གཉིས་པ་སྤྱི་ནུར་ལ་བརྟེན་ཏེ་ལོ་རེའི་བསྐལ་ལི་འཕོ་ཚུལ་ནི། ཉི་མས་སྐར་ཁྱིམ་འཁོར་བའི་ཡུན་ལ་ཚེས་ཞག་སུམ་བརྒྱ་དོན་གཅིག་གིས་མ་ཆོག་པར། དོན་གཉིས་པའི་ཞག་སྟེང་ནས་ཀྱང་ཞག་གི་བཅུ་གསུམ་ཆ་རེ་བླངས་ནས་སྤྱད་པའི་སྟོབས་ཀྱིས་ལོ་རེ་བཞིན་ཉི་མའི་སྤྱི་ནུར་སྔ་མ་སྔ་མ་ལས་བཅུ་གསུམ་ཆ་རེ་བུ་ལོན་དུ་བླངས་ཏེ་ཞག་ལ་ནོར་དུ་སོང་བས་ལོ་བཅུ་གསུམ་གྱི་མཐར་ཞག་ཏུ་ལོངས་ནས་ཉི་མའི་སྤྱིར་ནུར་སྟོང་པ་ཡིན་ཏེ། ཉི་མའི་སྤྱི་ནུར་ངེས་ཞུགས་ཀྱི་ལོ་ཕྱི་མ་དེའི་སྤྱི་ནུར་ལ་བཅུ་གསུམ་ཆ་བཅུ་གཉིས་པ་དེ་འཆར་བས་ཚེས་ཞག་གཅིག་གི་སྟེང་ནས་བཅུ་གསུམ་ཆ་གཅིག་ཆད་པ་གསལ་པོར་སྟོན་པའི་ཕྱིར་རོ། །དེས་ན་ནག་ཟླའི་འགོར་གཟའ་ཉི་སྤྱི་ནུར་ལྷན་ཅིག་ཏུ་སྟོང་པ་ཞིག་ནས་བརྩི་ན། སྟོང་པའི་ལོ་དེ་ལ་གཟའ་ཉི་གཉིས་ཀ་ལ་སྤྱི་ནུར་མེད་ཅིང་། དེའི་ལོ་ཕྱི་མའི་སྤྱི་ནུར་ནི། ཚེས་ཞག་སུམ་བརྒྱ་དོན་གཉིས། གཟའ་དང་༡༥༠༣༢༢༥༠ཉི་མའི་རྟག་ལོངས་༡༠༥༣༠༠རང་རང་གི་ཆར་གསིལ་བས་བསྒྱུར་ལ་རང་འཁོར་དྲིལ་ལྷག་གིས་ཉི་མ་དང་། ༠གཟའི་སྤྱི་ནུར་༢གཉིས་སོ་
སོར་སྟོན་ལ། དེའི་སྟེང་དུ་ཚེས་ཞག་སུམ་བརྒྱ་དོན་གཅིག་རང་རང་གི་རྟག་ལོངས་ཀྱིས་བསྒྱུར་ཏེ་དྲིལ་ལྷག་གིས་གཟའ་༠དང་། ཉི་མ་༢༦གཉིས་སོ་སོར་བསྣོན་པའམ། ཡང་ན་དེ་གཉིས་ཀྱི་ལྷག་གྱུར་དོར་ལྷག་གི་གཟའ་༥དང་། ཉི་མ་༠གཉིས་ཀྱིས་ཕྲི་ནའང་རུང་སྟེ། ལོ་གསུམ་པ་དེའི་སྤྱི་ནུར་རོ། །དེ་བཞིན་དུ་ལོ་རེ་བཞིན། སྔ་མ་སྔ་མ་ལ་བསྣོན་ཕྲི་ཅི་རིགས་པར་བྱས་པས་ཕྱི་མ་ཕྱི་མའི་སྤྱི་ནུར་འཆར་རོ། །དེ་ལྟར་བྱས་ནས་ལོ་བཅུ་གསུམ་རེའི་མཐར་ཉི་མའི་སྤྱི་ནུར་ངེས་པ་ལ་འཇུག་ཅིང་། དེའི་དུས་ཀྱི་གཟའ་ཡི་སྤྱི་ནུར་ལ་སྔར་གྱི་ཚེས་ཞག་སུམ་བརྒྱ་དོན་གཉིས་ལས་བསྒྲུབ་པའི་ལོ་གཉིས་པོའི་སྤྱི་ནུར་དེ་ལན་རེ་སྦྱིན་རྗེས། ཡང་བཅུ་གཉིས་ཀྱི་བར་དུ་ཚེས་ཞག་སུམ་བརྒྱ་དོན་གཅིག་ལས་བསྒྲུབ་པ་དེ་ཁོ་ནས་སྔ་མ་སྔ་མར་བསྣོན་ཕྲི་ཅི་རིགས་པ་བྱས་པས་ཕྱི་མ་ཕྱི་མའི་གཟའི་སྤྱི་ནུར་དུ་འགྱུར་ཏེ། ཚུལ་དེ་ཁོ་ནས་སྔར་ནག་ཟླའི་འགོར་གཟའ་ཉིའི་སྤྱི་ནུར་སྟོང་པ་དེ་ནས་ལོ་གྲངས་མཁའ་རི་མེ་རྩེ་ཆུ་རོ་༦༤༣༣༧༠སོང་ཞིང་། དེ་ལ་བཅུ་གསུམ་གྱིས་བགོས་པས་ཉི་རགས་སྟོང་པར་འཇུག་ཐེངས་མཁའ་བུག་ཆུ་བུག་རྒྱ་མཚོ་༤༩༤༩༠དང་། དེ་ལས་ལྔས་བགོས་པས་ནག་ཟླའི་འགོར་ཉི་དྷྲཱུ་དང་མཉམ་དུ་ཉི་རགས་སྟོང་ཐེངས་སྦྲུལ་རྩ་ཀླུ་བུག་༩༨༩༨སོང་མཐར་གཟའ་ཉིའི་རགས་པ་ལྷན་ཅིག་ཏུ་སྟོང་པར་འཇུག་པ་ཡིན་ནོ། །དེ་ལྟར་ལོ་རེའི་གཟའ་ཉིའི་རགས་པ་བཙལ་ཏེ། དེ་ལ་བརྟེན་ནས་ཉི་རྐང་གི་སྤྱི་ནུར་ཁྱིམ་དྲུག་མ་བཟོ་བ་དང་། དེ་རྗེས་བསྐལ་ལི་བཟུང་ནས་སྤྱི་ནུར་སྟེར་གྱིས་རྀ་ཐུ་བསྒྲུབ་པ་ལ་སོགས་པ་ནི་ལག་རྩིས་པ་སྤྱི་ལ་གྲགས་པ་ལྟར་ལག་ཏུ་བླངས་པས་ཆོག་སྟེ་འདིར་མ་སྤྲོས་སོ། །

རང་རང་གི་འཁོར་ལོ་རྫོགས་པས་སྟོང་པར་འཇུག་ཚུལ།

p. 305

གསུམ་པ་རང་རང་གི་ལོངས་སྤྱོད་རྫོགས་པས་སྟོང་པར་འཇུག་ཚུལ་ནི། རྒྱུད་ལས། སྟོང་པ་སྟོང་པ་ནམ་མཁའ་ཀླུ་དང་ལག་པ་ཐུབ་པ་རི་བོང་ཅན་རྣམས་རྫོགས་ལྡན་དུས་ཀྱི་ཚད། ༡༧༢༨༠༠༠། གསུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ལོ་ཡི་གྲངས་སུ་རབ་ཏུ་གྲགས། ༡༢༩༦༠༠༠། སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་གཉིས་ལྡན་ལོར་ནི་ཡང་དག་སྟེ། ༨༦༤༠༠༠། སྟོང་པ་ནམ་མཁའ་མཁའ་མིག་

p. 306

ཡོན་ཏན་ཆུ་གཏེར་རྣམས་ཀྱི་ལོ་ཡི་གྲངས་ནི་རྩོད་པའི་དུས་ལ་འགྱུར། ༤༣༢༠༠༠། ལོ་ནི་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་སྟོང་པ་དག་ལ་གནས། །ཞེས་དང་། འགྲེལ་ཆེན་ལས། དུས་བཞི་པོ་རྣམས་ཀྱི་ལོའི་གྲངས་ཏེ། མི་རྣམས་ཀྱི་ལོ་ཁྲི་ཕྲག་གཉིས་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་སྟེ། ཞེས་པས། དུས་བཞི་བསྡོམས་པའི་གྲངས་ས་ཡ་ཕྲག་བཞི་དང་སུམ་འབུམ་ཉི་ཁྲིའི་མཐར་སྟོང་པར་འཇུག་ཚུལ་གསུངས་པ་ནི། བྱེད་པ་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པར་ཟད་ལ། འདིར་རྣམ་པར་དག་པ་གྲུབ་མཐའི་རྩིས་ལས་བརྩམས་ཏེ་གཟའ་ཐམས་ཅད་ཉ་ཁྱིམ་གྱི་མཐར་དུས་གཅིག་ཏུ་ངེས་པ་ལ་འཇུག་པའི་སྟོང་འཇུག་གི་དཀྱིལ་འཁོར་ནི་འདི་ཡིན་ཏེ། མཁའ་མཁའ་དུས་མཁའ་བུག་མཁའ་ལག །མཁའ་དབང་ཀླུ་མཚོ་མཁའ་ཚེས་གཟུགས། །དབང་མེ་མིག་རོ་བུག་སྐར་མ། ༢༧༩༦༢༣༥༡༡༥༠༤༨༥༠༢༠༩༠༦༠༠། ལོ་གནས་ཉི་ཤུ་རྩ་གཉིས་ཏེ། །གཟའ་ཀུན་དུས་གཅིག་ཟད་བྱེད་མཐར། །ངེས་འཇུག་སྟོང་ཆེན་དཀྱིལ་འཁོར་ཡིན། །ཞེས་སོ། །དེའང་རྒྱུད་འགྲེལ་ལས། སྟོང་འཇུག་གི་དཀྱིལ་འཁོར་ལ་དུས་བཞི་སོ་སོའི་ཚད་གསུངས་པའི་རིགས་པ་ཁྱེར་ཏེ། འདི་ལའང་དུས་བཞིའི་རུང་མཐུན་བརྩི་ན། མཁའ་མཁའ་མེ་དབང་ཆུ་མཁའ་གཟུགས། །དེ་ཉིད་རྒྱལ་བ་དབང་རི་མདའ། །འབྱུང་རི་དྲག་པོ་ཀླུ་བུག་འདོད། ༡༣༩༨༡༡༧༥༥༧༥༢༤༢༥༡༠༤༥༣༠༠། དུས་བཞི་ཆེན་པོའི་ཚད་ཡིན་ནོ། །དེ་ལ་འབྱུང་བས་བགོས་ཐོབ་པ། །གནས་བཞི་སྟེང་ནས་རྒྱ་མཚོ་དང་། །མེ་དང་མིག་དང་གཟུགས་ཀྱིས་བསྒྱུར། །རིམ་བཞིན་རྫོགས་ལྡན་༡༡༡༨༤༩༤༠༤༦༠༡༩༤༠༠༨༣༦༢༤༠གསུམ་ལྡན་དང་། ༨༣༨༨༧༠༥༣༤༥༡༤༥༥༠༦༢༧༡༨༠། གཉིས་ལྡན་༥༥༩༢༤༧༠༢༣༠༠༩༧༠༠༤༡༨༡༢༠རྩོད་དུས་ཚད་༢༧༩༦༢༣༥༡༡༥༠༤༨༥༠༢༠༩༠༦༠ཡིན་ཏེ། །བཞི་ཀ་བསྡོམས་པས་སྔར་སྨོས་པའི། །སྟོང་ཆེན་དཀྱིལ་འཁོར་འཆར་བར་འགྱུར། །ཞེས་སོ། །སྟོང་ཆེན་རེ་ལ་རབ་བྱུང་གྲངས། །ཕྱོགས་ཚེས་མཁའ་རི་གཟུགས་ཡིད་མཚོ། །ཀླུ་དབང་སྐྱོན་རྩ་མེ་མཁའ་རོ། །བཟང་པོ་ཆུ་གཏེར་རྫོགས་པར་འགྲོ། ༤༦༦༠༣༩༡༨༥༨༤༡༤༡༧༠༡༥༡༠མཆན། དེ་ལ་སྤྱི་སྟོང་རྩིས་ལ་འཇུག་པའི་སྒོ་ནི། ཞག་གསུམ་སྣ་མཉམ་ཚུལ་གྱི་ངེས་པ་ལ་ལྟོས་དགོས་

p. 307

ཏེ། ཁྱིམ་ཚེས་གཉིས་སྣ་མ་མཉམ་ན་ཟླ་བཤོལ་གྱི་རྩི་འཕྲོ་དང་། ཉིན་ཚེས་གཉིས་སྣ་མ་མཉམ་ན་སྤྱི་ཞག་གི་རྩི་འཕྲོ་མི་སྟོང་ཞིང་། རྩིས་གཞི་དེ་གཉིས་མ་སྟོང་ན་བརྩི་བྱ་གཟའ་སོ་སོའི་ངེས་པ་སྟོང་པར་འཇུག་མི་སྲིད་པའི་ཕྱིར་དང་། ཉིན་ཚེས་གཉིས་ཀའང་ཁྱིམ་ཞག་དང་སྣ་མ་མཉམ་ན་ལོ་མཚམས་དང་མི་འགྲིགས་པའི་ཕྱིར། དེས་ན་གཟའ་རྣམས་ཀྱི་ནག་དྷྲཱུ་སྟོང་པ་ལ་ཞག་གསུམ་པོ་ལོ་མཚམས་སུ་སྣ་མཉམ་པ་ཞིག་ངེས་པར་དགོས་ཤིང་། དེའི་སྟེང་དུ་རང་རང་གིས་དྷྲཱུ་བའི་འཁོར་ཚད་དང་། དེ་ཡང་ཟད་བྱེད་ཀྱི་ལོ་མཐར་སོ་སོའི་དཀྱིལ་འཁོར་འཁོར་ཚད་དུས་གཅིག་ཏུ་འགྲིག་པ་ཞིག་དགོས་ཏེ། སྟོང་ཆེན་གྱི་དཀྱིལ་འཁོར་ནི་སོ་སོར་སྟོང་པ་ཙམ་ལ་བཞག་པ་མ་ཡིན་པའི་ཕྱིར་ཏེ། གཟའ་ཀུན་དུས་གཅིག་ལ་ཟད་པ་མེ་སྟག་དང་རབ་བྱུང་མེ་ཡོས་ཀྱི་ལོ་མཚམས་སུ་སྟོང་པར་ཞུགས་པ་ལ་འཇོག་དགོས་པའི་ཕྱིར་རོ། །དེ་ལ་ཞག་གསུམ་སྣ་མཉམ་ཚུལ་གྱི་གོ་བ་རགས་པ་ཙམ་ཞིག་འགོད་ན། ཁྱིམ་ཚེས་ནི། ཚེས་ཞག་རེ་བདུན་ན། ཁྱིམ་ཞག་རེ་ལྔ། དེ་བཞིན་དུ་ཚེས་ཟླ་རེ་བདུན་ན་ཁྱིམ་ཟླ་རེ་ལྔ། ཚེས་ལོ་རེ་བདུན་ན་ཁྱིམ་ལོ་རེ་ལྔར་བྱས་ཏེ་སྣ་མཉམ་ཞིང་། ཉིན་ཚེས་གཉིས་ནི་ཚེས་ཞག་ཉི་མ་འདོད་ཟླ་ལ་ཉིན་ཞག་འབྱུང་འདོད་དྲག་པོ་འབྱུང་ཞིང་། དེའི་འགྲོས་ཀྱིས་ཟླ་བ་དང་ལོ་ལའང་འགྲེ་མོད་ཀྱི། འོན་ཀྱང་དུས་དེར་ཁྱིམ་ཞག་དང་སྣ་མ་མཉམ་པས། དེ་དང་བསྒྲིག་པ་ལ་ཚེས་ཟླ་ཉི་མ་འདོད་ཟླའི་ཚོགས་གཟུགས་མཁའ་ལག་གི་བར་དུ་ཟློས་པ་ན། ཁྱིམ་ཟླར་འདྲིལ་འགྲོ་སྟེ། དེ་ལྟར་ཟློས་པའི་ཚེས་ཟླ་དེ་ཉིད་ཉི་མས་ཚེས་ལོར་དྲིལ་བའི་ཚོགས་ལ་ཚེས་ཞག་ལས་ཁྱིམ་ཞག་གློ་བུར་དུ་སྒྲུབ་པའི་རིགས་པས་གནས་གཉིས་འོག་མ་མིག་གིས་བསྒྱུར་ལ་རི་རོས་ཕྱེ་ནོར་གྱིས་སྟེང་ནས་སྦྱངས་པས་ཞག་གསུམ་སྣ་མཉམ་པའི་ལོ་ནམ་མཁའ་མིག་ཀླུ་མེ་སྐྱོན་འཆར་ཏེ་མཚོན་པ་ཙམ་མོ། །དེ་ལྟར་ངེས་པའི་སྒོ་ནས། གཟའ་སོ་སོའི་སྟོང་རྩིས་ཀྱི་རི་མོ་བྱ་ཚུལ་རྣམས་ཕྱོགས་རེ་ཙམ་མ་ཡིན་པར། ཞག་དང་ཟླ་བ་དང་ལོ་མཚམས་རྣམས་སུ་རང་རང་གི་ལོངས་སྤྱོད་རྣམ་པར་དག་ཚུལ་སོ་སོའི་འཁོར་ཚད་དང་སྦྱར་ཏེ་རེ་རེ་ནས་རྒྱས་པར་བཤད་ན་དགེ་མོད་ཀྱང་ཡི་གེས་འཇིགས་པས་འདིར་ཅུང་ཟད་

p. 308

བསྡུས་ཏེ་བཤད་ན། དེ་ཡང་རྒྱུད་དུ་ཟད་བྱེད་ཀྱི་ལོ་མཐར་གཟའ་ཐམས་ཅད་ལྷན་ཅིག་ཏུ་ངེས་པ་ལ་འཇུག་ཚུལ་གསུངས་པའི་གནད་ཀྱིས། རབ་བྱུང་ནས་ཟད་བྱེད་ཀྱི་ལོ་མཐར་འཁོར་བའི་སོ་སོའི་སྟོང་འཇུག་གི་ལོ་ཚོགས་རྣམས་སྟོང་རྩིས་ཀྱི་དཀྱིལ་འཁོར་དུ་འགྱུར་བའི་ཕྱིར་དང་། གནས་སྐབས་སུ་རྩིས་འཕྲོ་འཚོལ་བའི་ལོ་དག་བརྟགས་པ་སོགས་ལའང་ཉེ་བར་མཁོ་བའི་ཕྱིར། དྲུག་ཅུ་སྐོར་དང་མཐུན་པའི་སོ་སོའི་འཁོར་ཚད་ཙམ་ཞིག་སྡོམ་ཚིག་ཏུ་བཀོད་པ་ནི་འདི་ལྟ་སྟེ། ཉི་མའི་ཚེས་དྷྲཱུ་ཟླ་བཤོལ་བཅས། །མཁའ་ཀླུ་རི་བོའི་ལོ་མཐར་འཁོར། ༧༨༠། རིལ་པོ་ཆ་ཤས་ངེས་པ་ནི། །མཁའ་ཟུང་མིག་ཀླུ་མེ་མཐར་འཁོར། ༣༨༢༢༠། གཟའ་ཚེས་ངེས་པ་ནམ་མཁའ་ལག །མིག་དང་མཁའ་རོ་ཀླུ་མེར་འཁོར། ༣༨༦༠༢༢༠། སྒྲ་གཅན་ཚེས་ཀྱི་ངེས་པ་ནི། །མཁའ་མཁའ་རི་བུག་ཀླུ་མཐར་འཁོར། ༨༩༧༠༠། དམར་པོའི་ཉིན་ཞག་ངེས་པ་ནི། །མཁའ་མཚོ་མེ་ཆུ་ཀླུ་ལག་དང་། །དུས་མིག་གཟུགས་ཀྱི་ལོ་མཐར་འཁོར། ༡༢༦༢༨༤༣༤༠། སྒྲ་མཁན་ཉིན་ཞག་མཁའ་ཉི་ཆུ། །ཚེས་ཀླུ་བུག་མེའི་ལོ་མཐར་འཁོར། ༣༩༨༡༥༤༡༢༠། སྤེན་པ་མཁའ་སྐྱོན་བུག་མཁའ་དབང་། །ཀླུ་དུས་བུག་མིག་ལོ་མཐར་འཁོར། ༢༩༦༨༥༠༩༡༨༠། པ་སངས་རྐང་འཛིན་མཁའ་མཚོ་དབང་། །མེ་ཆུ་མཁའ་འདོད་མཚོ་མཐར་འཁོར། ༤༡༣༠༤༣༥༤༠། ལྷག་པ་མཁའ་མིག་དུས་མེ་བུག །དྲག་དབང་ཀླུ་ཆུའི་ལོ་མཐར་འཁོར། ༤༨༥༡༡༩༣༦༢༠། ཞེས་སོ། །དེ་ལྟར་དྲུག་ཅུ་སྐོར་གྱི་མཚམས་སུ་སྟོང་པར་འཇུག་ཐེངས་རེ་རེའི་ཡུན་ལ་རང་རང་ལོ་མཚམས་སུ་སྟོང་པར་འཇུག་ཐེངས་ཇི་ཙམ་བྱེད་པའི་སྡོམ་ནི། ཉི་མ་སྒྲ་གཅན་ལན་བཅུ་གཉིས། །ཚོགས་དང་ཆ་ཤས་ལན་གཉིས་ཏེ། །རེས་གཟའ་དང་ནི་མིག་དམར་དང་། །ཞི་གཟའ་གཉིས་བཅས་ལན་དྲུག་རེ། །ཕུར་སྤེན་རྣམ་གཉིས་ལན་གསུམ་མོ། །ཞེས་སོ། །ཡང་སྔ་མ་སྔ་མ་དང་བསྒྲིགས་ཏེ་མཐའ་ངེས་པ་ཐམས་ཅད་ལྷན་ཅིག་ཏུ་སྟོང་པར་འཇུག་ཚུལ་གྱི་སྡོམ་ནི། མཁའ་ཀླུ་རི་བོ་ཞེ་དགུས་བསྒྱུར། །ཉི་མ་ཟླ་རྐང་བཅས་པ་འཁོར། །དེ་ཉིད་གཟུགས་ཕྱོགས་ཀྱིས་བསྒྱུར་བས། །ཟླ་རྐང་ཉི་བཅས་རེས་གཟའ་འཁོར། །དེ་ཉིད་འབྱུང་གཟུགས་ཟླ་བས་བསྒྱུར། །ལྔ་བསྡུས་སྒྲ་གཅན་
ལྷན་ཅིག་འཁོར། །དེ་ཉིད་བུག་མིག་ལག་པས་བསྒྱུར། །ལྔ་སྒྲ་མིག་དམར་བཅས་པ་འཁོར། །དེ་ཉིད་ལག་པ་མིག་རིས་བསྒྱུར། །ལྔ་སྒྲ་དམར་ཕུར་ལྷག་གིས་འཁོར། །དེ་ཉིད་བུ་ག་རི་བོས་བསྒྱུར། །ལྔ་སྒྲ་དྲག་གསུམ་ངེས་པས་འཁོར། །དེ་ཉིད་ཐུབ་པ་ཕྱོགས་ཀྱིས་བསྒྱུར། །ལྔ་སྒྲ་དྲག་གསུམ་དཀར་པོ་འཁོར། །དེ་ཉིད་མེ་རོ་རྒྱ་མཚོས་བསྒྱུར། །ལྔ་སྒྲ་གཟའ་ལྔར་བཅས་པ་རྣམས། །ལྷན་ཅིག་ཟད་པའི་ལོ་མཐར་འཁོར། །དེ་ནས་རིམ་པ་གཞན་མེད་ཀྱིས། །སླར་ཡང་རབ་བྱུང་ནས་རྩོམ་སྟེ། །ཟད་པའི་ལོ་མཐར་ངེས་པའི་ཚོགས། །ལྷན་ཅིག་སྔར་བཞིན་འཁོར་བར་འགྱུར། །ཞེས་སྨྲས་པ་ལྟར་ལག་ཏུ་བླངས་པས་རྟོགས་པར་འགྱུར་རོ། །

སླར་ཡང་ངེས་པ་སྐྱེ་བའི་ཚུལ།

p. 309

བཞི་པ་སླར་ཡང་ངེས་པ་སྐྱེ་བའི་ཚུལ་ནི། དེ་ལྟར་གཟའ་རྣམས་ཀྱི་ངེས་པ་ཟད་པ་མེ་སྟག་གི་དབོ་ཟླའི་གནམ་སྟོང་ལ་ཉ་ཁྱིམ་གྱི་མཐར་རྣམ་པར་དག་པ་ལས། སླར་ཡང་རབ་བྱུང་གི་ལོའི་ནག་ཟླའི་ཚེས་གཅིག་ནས་རྩིས་ལ་འཇུག་པ་ན། རང་རང་གི་དྷྲཱུ་ཝ་ཀ་སྟོང་པའི་གནས་རྣམས་སུ་ནག་ཟླ་མ་རྫོགས་ཀྱི་བར་དེ་སྲིད་དུ། སོ་སོའི་ཞག་གཅིག་གི་རྟག་ལོངས་ཚེས་གྲངས་དང་མཐུན་པར་བརྩེགས་པ་རྣམས་ཞག་རེ་བཞིན་བསྣན་ལ། རྐང་རྩིས་ཚུལ་བཞིན་དུ་བྱས་པས་ནག་ཟླའི་ཚེས་གཅིག་གི་རྀ་ཐུ་ལ། གཟའ་གཅིག་དང་། ཆུ་ཚོད་བཅོ་ལྔ་སོགས་དང་། ཉི་སྐར་ཐིག་དང་། ཆུ་ཚོད་བཅོ་ལྔ་སོགས་དང་། རེས་འགྲོགས་ཟླ་སྐར་ལ་སྐར་གནས་ཐིག་དང་། ཆུ་ཚོད་ང་བཞི་སོགས་དང་། སྦྱོར་བའི་གནས་སུ་གཅིག་དང་། ཆུ་ཚོད་དགུ་སོགས་དང་། བྱེད་པར་གཅིག་ཡིག་རྣམས་འབྱུང་ཞིང་། ནག་ཟླ་རྫོགས་ནས་ཟླ་བའི་ངེས་པ་སྐྱེ་བའི་ཕྱིར་སླ་བར་ཟད་དོ། །དེ་ལྟར་ཡང་རྒྱུད་ལས། སླར་ཡང་ཐ་སྐར་ལ་སོགས་དག་དང་རབ་བྱུང་ཞེས་དང་དེ་བཞིན་ནག་པའི་ཟླ་བ་ལ་སོགས་དང་། གཟའ་དང་སྦྱོར་བ་ཚེས་དང་བྱེད་པ་རྣམས་ཀྱང་དེ་བཞིན་དང་པོ་དག་སྟེ། ཞེས་དང་། འགྲེལ་ཆེན་ལས། གཟའ་ཉི་མ་དང་། སྦྱོར་བ་སེལ་བ་དང་། ཚེས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་དང་། བྱེད་པ་བ་བཾ་ཞེས་པ་དང་པོ་དག་སྟེ། ཞེས་གསུངས་པ་དང་འགྲིགས་པ་ཡིན་ནོ། །འོ་ན་རི་མོ་འདིའི་དབང་དུ་བྱས་ན། གཟའི་ཆུ་ཚོད་བཅོ་ལྔ་རྫོགས་ནས་ཚེས་གཅིག་ཟད་པ་དང་། ཟླ་བའི་

p. 310

ཆུ་ཚོད་དྲུག་རྫོགས་ནས་བྲ་ཉེའི་སྟེང་དུ་སླེབ་པ་དང་། ཉི་མས་ཐ་སྐར་གྱི་སྟེང་དུ་སླེབས་ནས་ཞག་བཞི་མ་ལོངས་ཙམ་ཞིག་སོང་བར་སྣང་བས་རྒྱུད་འགྲེལ་དང་ཇི་བཞིན་པར་བསྒྲིགས་པར་མི་ནུས་ཏེ། རྒྱུད་འགྲེལ་གྱི་དགོངས་པ་ནི། ནག་པོའི་ཚེས་གཅིག་གི་ཐོག་མ་དེར་ཞག་གསུམ་སྣ་མཉམ་པས་དུས་དེའི་ཉིན་ཞག་དེ་དང་ཚེས་ཞག་གི་ཚེས་གཅིག་གཉིས་ལྷན་ཅིག་ཏུ་འགོ་རྩོམ་པ་དང་། གཟའ་རྣམས་ཀྱང་ཐ་སྐར་གྱི་སྟེང་ནས་དང་པོར་སྤྱོད་པ་ཞིག་ཏུ་གནས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདིར་ཚེས་གཅིག་གི་རྀ་ཐུའི་རི་མོར་གཟའ་སྐར་ལ་སོགས་པའི་གནས་སུ་དང་པོ་ཁོ་ན་འཆར་བས་དེ་ལ་དགོངས་ནས་འཇིག་རྟེན་གྱི་གྲགས་པ་ལྟར་མ་དཔྱོད་པའི་ངོར་རགས་རྩིས་ཙམ་དུ་གསུངས་པར་ཟད་པའི་ཕྱིར་དང་། སོ་སོའི་རྟག་ལོངས་རྣམས་ངེས་པ་ལ་ཞུགས་ཀྱང་། རྐང་པ་རྣམས་རང་གི་རྐང་པའི་འགོ་རྩོམ་པ་དེ་དང་། དེ་ནས་འཁོར་ཕྱེད་སོང་མཚམས་མ་གཏོགས་རྐང་རྒྱུན་གྱི་ནོར་བུ་ལོན་ཁ་དག་པ་ནམ་དུའང་མི་སྲིད་པའི་ཕྱིར། འདི་ལས་གཞན་གང་དུའང་བསྒྲིག་ཏུ་མེད་པས་ཞིབ་རྩིས་ཀྱི་ཐ་སྙད་ཀྱིས་རགས་རྩིས་སུ་གསུངས་པ་རྣམས་བཤིག་པར་བྱ་བ་མ་ཡིན་ནོ། །གཞན་དུ་ད་ལྟའི་ལག་རྩིས་པ་རྣམས་སྦྱོར་བའི་གནས་སུ་ཐིག་ཤར་ན་སེལ་བར་འདོད་པ་རྣམས་ལ་ནི་འགྲེལ་ཆེན་གྱི་ལུང་དང་འདིའི་ས་རིས་གོ་བསྟུན་ཏེ་བརྟགས་པས་གནོད་པར་མཐོང་སྟེ། རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་དཔྱད་པར་མཛོད་ཅིག་གུ། །དཔལ་ལྡན་རྒྱུད་འགྲེལ་སྐབས་གསུམ་སྐྱེད་ཚལ་དུ། །རྣམ་དཔྱོད་བརྩོན་པའི་དྲོད་གཤེར་གྱིས་སྨིན་པའི། །ཟད་མེད་འདོད་པའི་འབྲས་སྟེར་སྐར་རྩིས་ཀྱི། །ལེགས་བཤད་ཡོངས་འདུའི་སྙེ་མ་འདི་ན་ཤར། །༡ཚུལ་འདི་མཁས་མཆོག་རྣམས་ཀྱིས་གསལ་མཛད་ཕྱིར། །དེ་བས་ལྷག་པ་བདག་ལྟས་ཅི་བྱར་ཡོད། །དེ་ལྟར་མོད་ཀྱི་རྣམ་དཔྱོད་བགྲོད་པ་ཡིས། །རབ་འབྱམས་ཤེས་བྱའི་ཕ་རོལ་མཐར་སོན་པ། །༢བདག་ཉིད་ཆེན་པོ་ཆགས་པ་ཆོས་འཕེལ་གྱི། །གསུང་གིས་བསྐུལ་ངོར་དྷརྨ་ཤྲཱིས་སྦྱར། །ནོངས་པ་གྱུར་གང་དམ་པ་རྣམས་དང་ནི། །ཁྱད་པར་བསྐུལ་བ་པོ་ལ་བཟོད་པར་གསོལ། །༣འདིར་འབད་རབ་དཀར་དགེ་བ་གང་

p. 311

ཐོབ་དེས། །བདག་དང་འགྲོ་བའི་མི་ཤེས་རྨོངས་མུན་ཚོགས། །མེ་ཏོག་མདའ་ཅན་དཔུང་དང་ལྷན་ཅིག་ཏུ། །བཅོམ་ནས་རྫོགས་པའི་སངས་རྒྱས་ཉིད་གྱུར་ཅིག །༤སྐར་རྩིས་ཀྱི་སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ་ཞེས་བྱ་བ་འདི་ནི་དྲེགས་ལྡན་མཐའ་དག་གི་གཙུག་གི་ནོར་བུ་ལ་ཞབས་བརྟེན་གྱིས་པདྨོའི་གེ་སར་རྣམ་པར་འགོད་པས་འཆི་མེད་བདག་པོའི་ཁེངས་པ་འཕྲོག་པར་མཛད་ཅིང་། སྟོབས་བཅུ་མངའ་བའི་བསྟན་པ་རིན་པོ་ཆེ་ནོར་འཛིན་གྱི་གཞི་ལ་སྟོབས་ཀྱིས་འཛིན་པའི་མི་རྗེ་ཆོས་ཀྱི་རྒྱལ་པོ་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཀུན་མཁྱེན་ཆེན་པོ་དཔལ་སངས་རྒྱས་རྒྱ་མཚོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་གང་གི་ཞབས་རྡུལ་ལ་རེག་པ་ལས་ཕྱི་ནང་གི་རིག་པའི་གནས་གྲངས་མེད་པ་ལ་མངའ་དབང་འབྱོར་བའི་བཤེས་གཉེན་དམ་པ་ཆགས་པ་ཆོས་འཕེལ་གྱི་གསུང་གིས་བསྐུལ་བའི་ངོར། རྡོ་རྗེ་འཆང་གཏེར་ཆེན་བླ་མ་རིགས་ཀྱི་ཅོད་པན་དུ་ཐོབ་པའི་སྨྱོས་ཀྱི་བན་ཆུང་དྷརྨ་ཤྲཱིས་སློབ་དཔོན་མཁས་པ་རྣམས་ཀྱི་དྲིན་ལས་ཅུང་ཟད་ངེས་པ་རྣམས་སུག་བྲིས་སུ་སྦྱར་བ་སྟེ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་ཆེན་པོར་མགོ་ཟླའི་དགུན་ཆོས་ཀྱི་ཐོག་ཏུ་གྲུབ་པར་བགྱིས་པ་ཤུ་ུབྷཾ། མངྒ་ལཾ།། །།ཨེ་མ། ལྔ་རིག་དབྱིག་འཛིན་བརྒལ་དཀའི་གཏམ། །རྣ་བར་ཐོས་པས་ཞུམ་པའི་སེམས། །མྱ་ངན་ཟུག་རྔུ་གོམས་པའི་མཐུས། །ཡན་ལག་ཆུ་ཕྲན་ལ་ཡང་སྡང་། །༡དེ་ཕྱིར་བག་མེད་དབང་གྱུར་ནས། །ཤེས་རབ་དང་བཅས་ཐར་པའི་སྲོག །བཏང་བར་བྱས་འདི་འབྱུང་པོའི་གདོན། །ཡིད་ཀྱི་ཁོང་བུར་ཞུགས་དོགས་ཤིང་། །༢དེས་ན་བསྟན་འགྲོའི་ཕན་བདེ་ལ། །ལྷག་པར་སྤྲོ་བ་དང་བཅས་པས། །ཐོས་བསམ་ལ་འབད་བརྩོན་འགྲུས་ཀྱི། །བསོད་ནམས་རིན་ཐང་བརྗོད་པས་ཕོངས། །༣དེ་བས་ནོར་འཛིན་ཡངས་པའི་ཁྱོན། །སྨྲ་མཁས་པད་ཚལ་རྒྱས་པའི་ཆེད། །སྐར་རྩིས་ལེགས་བཤད་ཉལ་འགྲོའི་རྒྱུན། །རྣམ་དཀར་ཡུར་བའི་ལམ་ནས་དྲངས། །༤དེ་ཡི་བསོད་ནམས་འདོད་རྒུའི་ནོར། །དུམ་དྲུག་ས་འདིར་མ་ཆུད་པར། །དྲག་པོའི་དཔུང་དུ་བརྫུས་པའི་ཟོལ། །བཅུ་གཉིས་གླིང་དུ་ཁྱབ་ལ་སྨོན། །༥དེ་མཐུས་ས་གསུམ་སྐྱེ་རྒུའི་ཚོགས། །རྫོགས་ལྡན་གསར་པ་ལ་གུས་པའི། །ངོ་མཚར་འབྱུང་གནས་ཐུབ་བསྟན་ཉིད། །ངེས་པས་ཆོས་ལ་ལྷག་པར་སྤྲོ། །༦དེ་སྐབས་ལུང་རྟོགས་གདུགས་དཀར་པོ། །མཁའ་དབྱིངས་ཀུན་ཁྱབ་ཕྲིན་ལས་ཅན། །དཔུང་པས་བཏེགས་པའི་བྱེད་པོ་རུ། །འགྲོ་བའི་བླ་མར་བདག་གྱུར་ཅིག །༧ཅེས་རྣམ་དཀར་བྱེད་པོས་སོ།། །།

ཞག་གསུམ་རྣམ་དབྱེའི་གྲངས་འཚོལ་ཚུལ་གྱི་ལྷན་ཐབས།

p. 312

ཞག་གསུམ་རྣམ་དབྱེའི་གྲངས་འཚོལ་ཚུལ་གྱི་ལྷན་ཐབས་ཞལ་ལུང་རྣམ་གསལ་བཞུགས་སོ། །
འདིར་པདྨ་དཀར་པོའི་ཞལ་ལུང་གི་ཞག་གསུམ་གྱི་རྣམ་དབྱེའི་སྐབས་ཀྱི་ཟིན་བྲིས་ཞིབ་མོར་བཀོད་པ་ལ། ཐོག་མ་ཚེས་ཞག་དང་། ཁྱིམ་ཞག་གནས་ཉུང་བ་ལ་མོས་ན་ཞེས་པ། དེའི་བྱ་ཚུལ་ནི་ཚེས་ཞག་གནས་མང་བ་འདི། ༠ཆུ་སྲང་མན་ནམ་མཁའ་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བ་ལ། རི་མཁའ་རི་སོགས་རང་རང་འཁོར་ལོས་དྲིལ་བས། ཆུ་ཚོད་ང་དགུ། ༥༩དེའི་མིག་ཀླུ་མེ་སྐྱོན་གྱི་ཆ་དབང་རྒྱལ་དྲག་པོ་ཞེས་རི་མོ་འདི་༡༡༢༤༥འཆར་རོ། །དེ་བཞིན་དུ་ཁྱིམ་ཞག་གནས་མང་བ་འདིའི་༠ཆུ་སྲང་མན་ནམ་མཁའ་མིག་ཀླུ་མེ་སྐྱོན་གྱིས་སྒྱུར། འོག་མ་མདའ་རོ། རི་མཁའ་རི་སོགས་རང་རང་འཁོར་ལོས་ཆུ་ཚོད་སར་བསྒྲིལ་བས། ཆུ་ཚོད་༦༠ཆུ་ཚོད་ཀྱི་མིག་ཀླུ་མེ་སྐྱོན་ཆ། དབང་རི་ཡིད་མཚམས་ཟླ་བ་ཞེས་རི་མོ་འདི་༡༦༡༤༧༥འཆར་རོ། ༈ །དེ་ནས་ཉིན་ཞག་ལས་ཚེས་ཞག་སྒྲུབ་ཚུལ་ནི། ཉིན་ཞག་གི་དབུགས་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། རི་མཁའ་རིས་བསྒྱུར་བ་གནས་གསུམ་བྱས་པའི་འོག་མ་རི་མཁའ་རིས་བགོད། ནོར་བར་མར་སྦྱིན་པ་ཆུ་རོས་བགོས་ནོར་གྱིས་སྟེང་དུ་སྦྱངས་པའི་ལྷག་རི་མཁའ་རིས་བགོ་བ་སོགས་རང་རང་འཁོར་ལོས་དྲིལ་བའི་ལྷག་མ་རྣམས་བཞག་པས། ཚེས་ཞག་གི་ཚད་འདི་༠འཆར་རོ། །༧ཡང་ལུགས་གཅིག་ལ། གོང་གི་དབུགས་གྲངས་རི་མཁའ་རིས་བསྒྱུར་བ་འདི་༡༥༢༧༡༢༠༠གནས་གསུམ་བྱས་པའི་གཅིག་ཀླུ་རྒྱལ་དབང་ཆུས་བགོད་པའི་ནོར་༣༣༧དང་། གཅིག་ཆུ་རོས་བགོད་པའི་ནོར་༢༣༨༦༡༢གཉིས་བསྲེས་པ་དང་། ཀླུ་རྒྱལ་དབང་ཆུས་བགོས་ལྷག་ཆུ་རོས་བསྒྱུར། དེ་ཀླུ་རྒྱལ་དབང་ཆུས་བགོས་པས་

p. 313

ནོར་༣༢ཐོབ་ཅིང་ལྷག་མེད། ཆུ་རོས་བགོས་ལྷག་༣༢འདི་ལ་༣༢བསྲེས་པས་ཆུ་རོ་ལོངས་པའི་ནོར་༡འདི་ཀླུ་རྒྱལ་དབང་ཆུ་དང་ཆུ་རོའི་ནོར་བསྲེས་པ་ལ་སྦྱིན་པ་འདིས་༢༣༨༩༥༠གནས་གཅིག་ལ་སྦྱངས། སྦྱངས་ཤུལ་རི་མཁའ་རིས་བགོ་བ་སོགས་སོ་སོའི་འཁོར་ལོས་ཕུད་ལྷག་བཞག་པས་དོན་གཅིག །༧ཡང་ལུགས་གཅིག་ལ། དབུགས་གྲངས་བསྒྱུར་བ་གནས་གཉིས་བྱས་པའི་གཅིག་རེ་བཞིས་བགོས། བགོས་ནོར་རི་མཁའ་རིས་བགོས། བགོས་ལྷག་རེ་བཞིས་བསྒྱུར་བར་རེ་བཞིའི་བགོས་ལྷག་སོ་གཉིས་བྱིན། དེ་རི་མཁའ་རིས་བགོས་པའི་ནོར་རྣམས་བསྲེས་པ་གནས་གཅིག་ལ་འབྲིད་པ་སོགས་གོང་བཞིན་བྱས་པས་ཚེས་ཞག་གི་ཚད་འཆར་བ་ཡིན་ནོ། ༈ །ཡང་ཚེས་ཞག་ཆུང་བའི་རྒྱུ་མཚན་གྱི་རི་མོ་འདི་བྱེད་ན། གོང་བཞིན་བྱས་པའི་ནོར་འདི་༢༣༨༩༥༠རི་མཁའ་རིས་བགོས་པའི་ནོར་དེ་ཡང་རི་མཁའ་རིས་བགོས་ལྷག་རྣམས་སོ། །༧ཡང་ལུགས་གཅིག་ལ། དབུགས་གྲངས་རི་མཁའ་རིས་བསྒྱུར་བའི་ཉིན་ཞག་གི་ཚོགས་དེ་གནས་གཉིས་བྱས་པའི་འོག་མ་ཉི་མ་འདོད་ཟླས་བགོད། ནོར་ཐུབ་རི་ཟླ་བས་བསྒྱུར་བ་བའི་སྟེང་མར་སྦྱངས་པས་རི་མོ་ཁྱད་པར་མེད་དོ། ༈ །དེ་ནས་ཚེས་ཞག་ལས་ཁྱིམ་ཞག་སྒྲུབ་ཚུལ་ནི། ཚེས་ཞག་གི་ཚད་འདི་༠ཆུ་ཚོད་དྲུག་ཅུས་སྒྱུར། ཆུ་སྲང་གཞུག །ཡང་རོས་བསྒྱུར་བ་སོགས་ཀྱི་རི་མཁའ་རིའི་བར་གསིལ་བའི་ཚོགས་༡༥༠༣༢༢༥༠གནས་གཉིས་བྱས། འོག་མ་མིག་གིས་བསྒྱུར་མདའ་རོས་ཐོབ་པ་སྟེང་དུ་བསྲེ། ལྷག་༥༠རྙེད་ནོར་དེ་རི་མཁའ་རིས་བགོས་ལྷག་༡༦༨ཡང་དྲུག་གིས་བགོས་ལྷག །༤དེ་དྲུག་ཅུས་བགོས་པས་ལྷག་༥༢ཡོང་བས་ཁྱིམ་ཞག་གི་རི་མོ་འདི་༠འཆར་རོ། །༧ཡང་ཆ་ཤས་ཉུང་བ་ལ་མོས་ན། ཁྱིམ་ཞག་གི་རི་མཁའ་རི་ཆ་བརྒྱ་རེ་བརྒྱད་ཡོད་པ་འདི་བཅུ་གསུམ་གྱིས་བསྒྱུར། འོག་གི་ལྔ་བཅུ་ཡོད་པ་ལྔས་བགོས་ནོར་སྟེང་དུ་སྦྱིན། དེ་རི་མཁའ་རིས་བགོས་པས་འདོད་ཆ་གསུམ་རི་མཁའ་རི་ཆ་དོན་གསུམ་༠འབྱུང་ངོ་། །༧ཡང་ལུགས་གཅིག་ལ་ཚེས་ཞག་གི་ཚད་འདི་༠གནས་གཉིས་བྱས་པའི་གཅིག་གི་གནས་ཐམས་ཅད་

p. 314

མིག་གིས་བསྒྱུར་ལ་འཁོར་ལོ་ལོངས་ན་ཕུད། དེ་ལྷག་རྣམས་ཆུ་ཚོད་མཁའ་རོས་བསྒྱུར། འོག་གི་ཆུ་སྲང་སྟེང་དུ་བསྣན། མདའ་རོས་བགོས་ལྷག་རོས་བསྒྱུར་ཆ་བཅུག །བགོས་ལྷག་རི་མཁའ་རིས་བསྒྱུར་ཆ་བཅུག་མདའ་རོས་བགོས་པའི་ཁྱིམ་ཚེས་ཀྱི་བར་ཁྱད་འདི་བྱུང་། ༠འདི་གོང་གི་གནས་གཅིག་ལ་བྱིན་པས་ཁྱིམ་ཞག་༠འཆར། ༧མདའ་རོ་ཡོང་ལུགས་སོ་གཉིས་མིག་གི་བསྒྱུར་ཕྱེད་སོ་གསུམ་ཡོད་པའི་ཕྱེད་པོ་འདི་༡སྦྱིན་པས་མདའ་རོ་ཡོང་བ་བགོད་བྱེད་དོ། ༈ །ཡང་ཁྱིམ་ཞག་འཚོལ་ལུགས་ལ། གོང་གི་ཚེས་ཞག་གི་ཚད་རི་མཁའ་རིའི་བར་གསིལ་བའི་ཚོགས་འདི། ༡༥༠༣༢༢༥༠མདའ་རོས་བསྒྱུར་རམ་བཅུ་གསུམ་གྱིས་བསྒྱུར་ཀྱང་བཅུ་གསུམ་གྱིས་སྒྱུར་བ། ༡༩༥༤༡༩༢༥༠གནས་གསུམ་བྱས་པའི་འོག་མ་མདའ་རོས་བགོས། ལྷག་མེད། ནོར་བར་པར་བྱིན་པ་སོ་གསུམ་གྱིས་བགོས། ལྷག་མེད། ནོར་སྟེང་མར་བྱིན་པ། རི་མཁའ་རིས་བགོས་པའི་ནོར་བཅུ་གསུམ་གྱིས་བགོས་པའི་ནོར་དུས་དང་མཁའ་རོས་ཕུད་པས་གོང་དང་རི་མོ་གཅིག་པ་འདི་༠འཆར་རོ། ༈ །ཡང་ཚེས་ཞག་ལས་ཁྱིམ་ཞག་བསྒྲུབ་ཚུལ་ལུགས་གཅིག་ལ། ཚེས་ཞག་གི་ཚད་འདི་༠གནས་གཉིས་བྱས་པའི་གཅིག་སྐར་གནས་སར་མ་ཐོབ་པས་ནོར་ཐིག །གི་ཆུ་ཚོད་སུམ་ཅུ་སོ་གསུམ་གྱི་བགོས་ནོར་ཕྱོགས་གཅིག་བཞག་ནས། དེ་ལྷག་དྲུག་ཅུས་བསྒྱུར་ཆ་བཅུག་སོ་རི་མཁའ་རིའི་བར་བྱས་པ་སོགས་གསུམ་གྱིས་རིམ་པ་བཞིན་བགོས་ལྷག་ཉི་ཤུ་རྩ་བཞི་འབྱུང་བ་རེ་ལྔས་བསྒྱུར། དེ་སོ་གསུམ་གྱི་བགོས་པས་ལྷག་ལུས་པས་ན་གོང་དུ་གཅིག་བྱིན་པས་༤༨བྱུང་། སོ་གསུམ་གྱིས་བགོས་ནོར་འདི་༠ཆུ་གཅིག་སྦྱིན་པས་ཞེ་བརྒྱད་ཡིན། ཚོད་དྲུག་ཅུས་བསྒྱུར་ཆ་བཅུག་མདའ་རོས་རིམ་པ་བཞིན་བགོ་བ་སོགས་རི་མཁའ་རིའི་བར་བྱ། ལྷག་གཉིས་ལུས་པ་སོ་གསུམ་གྱིས་བསྒྱུར། རེ་ལྔས་བགོས་པས་ལྷག་བྱུང་བས་གོང་དུ་༡བྱིན་པས་༢རེ་ལྔའི་བགོས་ནོར་འདི་༠དང་། སོ་གསུམ་གྱི་བགོས་ནོར་བསྲེས་པ་འདི་༠ཚེས་ཞག་གི་ཚད་གནས་གཅིག་ལ་སྦྱིན་པས་རི་མོ་འདི་༠དོན་གཅིག་པའོ། ༈ །ཡང་ལུགས་གཅིག་ལ། ཉི་མའི་ཉིན་ཞག་

p. 315

དཀྱིལ་འཁོར་འདི་རྣམས་༣༦༥ཁྱིམ་ཞག་དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུས་བགོས། བགོས་ལྷག་མཁའ་རོ་མཁའ་རོ་དུས་དང་འདོད་པ་རི་མཁའ་རིས་བསྒྱུར་བ། ཁྱིམ་ཞག་དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུས་རིམ་པར་བགོས་པས་དོན་གཅིག་པ་འོང་། ༠དིར་ཞག་གནས་སུ་གཅིག་ཐོབ་འོང་བ་ཆུ་ཚོད་སར་ཕབ་པས་དོན་འོང་། འདིའི་དབུགས་མན་མི་གཅིག་ཙམ་འོང་བ་འདོད་ཆ་དང་རེ་ལྔ་ཆའི་ཁྱད་ཡིན། ༈ཡང་ཁྱིམ་ཞག་ལས་ཚེས་ཞག་སྒྲུབ་པའི་རི་མོ་ནི། ཁྱིམ་ཞག་འདི་༠རི་མཁའ་རིའི་བར་གསིལ་བས་འདི་༢༠༡༤༣༢༡༥༠གནས་གཉིས་འོག་མ་མིག་གིས་བསྒྱུར། རི་རོས་བགོས་ནོར་གྱིས་སྟེང་ནས་ཕྲི་བའི་ལྷག་༡༩༥༤༡༩༢༥༠རི་མཁའ་རི་དང་། འདོད་སོགས་ཀྱིས་བགོས་པས་ཚེས་ཞག་འདི་༠འཆར། ༈ཡང་ལུགས་གཅིག་ལ། ཁྱིམ་ཞག་གི་རི་མོ་འདི་༠གནས་གཉིས་བྱས་པའི་གནས་གཅིག་གནས་ཐམས་ཅད་མིག་གིས་བསྒྱུར། ཆུ་ཚོད་ནས་རི་རོས་ཕུད། ཡང་མཁའ་རོས་བསྒྱུར་ཆ་བཅུག་རི་རོས་ཕུད་པ་སོགས་འདོད་ཆ་ནས་རི་མཁའ་རིའི་བར་བྱས་པས་ནོར་ལ་རི་མོ་འདི་༠འཆར་བས། ཁྱིམ་ཞག་གཅིག་གི་གནས་སོ་སོར་སྦྱངས་པ་ཚེས་ཞག་འདི་༠འཆར། ༈ །སྭ་སྟི། ཡང་ཁྱིམ་ཞག་ལས་ཚེས་ཞག་སྒྲུབ་ཚུལ་གཅིག་ལ་༠ཁྱིམ་ཞག་མཁའ་རོ་ནས་འདོད་པ་རི་མཁའ་རིའི་བར་གསིལ་བ་འདི་༢༠༡༤༣༢༡༥༠གནས་གསུམ་བྱས་པའི་འོག་མ་རི་རོས་བགོད་ལྷག་མེད། ནོར་བར་མར་སྦྱིན། སོ་བཞིས་བགོ་ལྷག་མེད། ནོར་གྱིས་སྟེང་ནས་སྦྱངས་ལྷག །རི་མཁའ་རིས་བགོ། ཡང་ལྷག་བཅུ་གསུམ་གྱི་བགོ་བ་སོགས་མཁའ་རོའི་བར་བགོས་པས། ཚེས་ཞག་གཅིག་པ་འོང་། ༠༈ཡང་ལུགས་གཅིག་ལ། ཁྱིམ་ཞག་གནས་གཉིས་བྱས་པའི་གཅིག་སོ་བཞིས་བགོས་ལྷག་མཁའ་རོས་བསྒྱུར་བ་དང་སོ་བཞིས་བགོ་བ་སོགས་འདོད་ཆ་ནས་རི་མཁའ་རིའི་བར་བྱས་པས་ནོར་འདི་འབྱུང་། ༠འདི་རི་རོས་བགོས་པས་ཞག་གནས་དང་ཆུ་ཚོད་སར་ཐིག །དེ་ནས་མཁའ་རོ་ནས་འདོད་པ་རི་མཁའ་རིའི་བར་གསིལ་བ་རིམ་པར་བགོས། འདི་ལ་རི་རོས་བགོ་བ་སོགས་གོང་དུ་བྱེད་ཚུལ་འདྲ་བ་བྱས་པས་ནོར་འདི་༠འབྱུང་། ནོར་

p. 316

གཉིས་བསྲེས་པས་འདི་༠འབྱུང་། འདིས་ཁྱིམ་ཞག་གཅིག་པོར་ཕྲི་བས་ཚེས་ཞག་༠འཆར་རོ། །༈དེ་ནས་ཚེས་ཞག་ལས་ཉིན་ཞག་སྒྲུབ་ཚུལ། ཚེས་ཞག་གསིལ་བ་འདི་༡༥༠༣༢༢༥༠ལ། ཉིན་ཞག་བསྒྲུབ་ཚུལ་ཞལ་ལུང་མ་ལས་གོ་བདེར་ཡོད་པས་ཟིན་བྲིས་སུ་མ་བཀོད། རི་མོ་འདི་༠འོ། ༈ །ཡང་ལུགས་གཅིག་ལ། ༠ས་ཞག་གནས་གཉིས་བསྒྲུབ་པ་སོགས་ཞལ་ལུང་ལས་ཐོན་པ་ཡོད་ཀྱང་། མེ་རོ། རོ་བུག་རོ། འབྱུང་འདོད་དྲག་པོ་སོགས་ཀྱིས་བགོས། རེ་གསུམ་ཆ་༠༡བྱིན་པས་དགུ་ཡོང་། ༠རོ་བུག་རོ་ཆ། ༠འབྱུང་འདོད་དྲག་ཆ། ལུས་པས་ལྷག་མ་བྱུང་ན་གཅིག་མེ་རོའི་ལྷག་མ་གཅིག་བྱིན་བྱེད་གཞན་གཉིས་ལ་མི་བྱེད། སྦྱིན་བྱ་ཞེས་པའི་གོ་བས། རི་མཁའ་རིའི་གནས་སུ་གཅིག་སྦྱིན་པས་ཉིན་ཞག་གི་ཚད་༠འཆར། ༈ཡང་ཚེས་ཞག་གསིལ་བ་༡༥༠༣༢༢༥༠གནས་གཉིས་བཞག །འོག་མ་འབྱུང་འདོད་དྲག་པོས་བགོས་པའི་ནོར་ཐུབ་རི་ཟླ་བས་བསྒྱུར་སྟེང་ལ་སྦྱིན་པ། རི་མཁའ་རི་ནས་མཁའ་རོའི་བར་ཆོ་ག་བྱས་པས་ཀྱང་ཉིན་ཞག་འདི་༠འཆར། ༈ཡང་ཁྱིམ་ཞག་གི་ལོངས་སྤྱོད་ལས་ཉིན་ཞག་འཚོལ་བ་ནི། ཁྱིམ་ཞག་བསིལ་བའི་ཚོགས་༢༠༡༤༣༢༡༥༠གནས་གཉིས་སུ་བྱས། འོག་མ་བུག་མཁའ་མིག་བུག་སོགས་ཀྱིས་བགོས་ལྷག་མེད། ནོར་༡༣༥༠མེ་ཚེས་ལག་པས་བསྒྱུར་བ་སྟེང་མ་ལ་སྦྱངས་ལྷག་༡༩༨༥༢༥༦༠༠རྣམས་རི་མཁའ་རི་སོགས་འདོད་དུས་མཁའ་རོ། འཁོར་ལོས་ཕུད་པས་ཀྱང་༠འཆར། ༈ཡང་ཉིན་ཞག་ལས་ཁྱིམ་ཞག་བྱེད་ན། ཉིན་ཞག་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་བཅུ་གསུམ་གྱིས་བསྒྱུར། ཡང་རི་མཁའ་རིས་བསྒྱུར་བ་༡༩༨༥༢༥༦༠༠གནས་གཉིས་བྱས། འོག་མ་དུས་མདའ་མཁའ་རི་ཡིད་ཀྱིས་བགོས་ནོར། མེ་ཚེས་ལག་པས་བསྒྱུར་བ་དེ་༢༩༠༦༥༥༠གོང་དུ་སྦྱིན་ཏེ་༢༠༡༤༣༢༡༥༠རང་རང་འཁོར་རི་མཁའ་རི་འདོད་དུས་མཁའ་རོ། ལོས་ཕུད་པས་ཁྱིམ་ཞག་འདི་༠འཆར། ༈ཁྱིམ་ཞག་ལས་ཉིན་ཞག་གི་གྲངས་འཚོལ་ན། ཁྱིམ་ཞག་གི་གསིལ་ཚོགས་གནས་གཉིས་བྱས་ཏེ། འོག་མ་མེ་ཚེས་ལག་པས་བསྒྱུར། དུས་མདའ་

p. 317

མཁའ་རི་ཡིད་ཀྱིས་བགོས། ནོར་སྟེང་དུ་སྦྱིན་པ་རི་མོ་འདི། ༢༠༤༈ཡང་ཉིན་ཞག་ལས་ཁྱིམ་ཞག་ནི། ཉིན་ཞག་༢༡༦༠༠རི་མཁའ་རིས་བསྒྱུར་བ་འདི་༡༥༢༧༡༢༠༠གནས་གཉིས་བྱས་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ། དུས་མདའ་མཁའ་རི་སོགས་ཀྱིས་བགོས་ནོར་གྱིས་སྟེང་ནས་སྦྱང་། ལྷག་བྱུང་སྟེང་ནས་གཅིག་ཕབ་སྟེ་འོག་མ་དུས་མདའ་སོགས་ཀྱི་སྦྱངས་པས་༡༥༠༤༧༦༢༡འདི་བྱུང་། ཞིབ་པར་ན་མདའ་རོས་བགོས་ལྷག་ལྔ་འབྱུང་སྟེ། དེ་མདའ་རོ་ཆ་ཡིན། ལྔ་པོ་༦༠༦༠༦༡༣རྣམས་ཀྱིས་བསྒྱུར་བ་མདའ་རོས་སོ་སོ་ནས་བགོས་ནོར་རྣམས་ཚེས་ཞག །༈ཡང་ཞག་སོ་སོའི་གྲངས་ལས་གྲངས་འཚོལ་བ་ནི། ཐོག་མར་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ། གནས་གཉིས་བྱས་པའི་འོག་མ་མིག་གིས་བསྒྱུར། མདའ་རོས་ཐོབ་ནོར་སྟེང་བསྲེས་པས་ཚེས་ཞག༣༧༡༈ཡང་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་པོ་གནས་གསུམ་བྱས་པའི་འོག་མ་རེ་ལྔས་བགོས། ནོར་བར་སྦྱིན། དེ་སོ་གསུམ་གྱིས་བགོས་ནོར་སྟེང་དུ་བྱིན་པས། སྟེང་ཚེས་ཞག་གི་གྲངས་དང་། བར་པ་སོ་གསུམ་ཆ་དང་། འོག་མ་རེ་ལྔ་ཆ་དེ། ༣༧༡༈ཡང་ཁྱིམ་ཞག་གཉིས་སུ་བྱས་པའི། གཅིག་སོ་གསུམ་བགོས་པའི་ནོར་༡༠དེ་རེ་ལྔས་བགོ་བའི་ནོར་མ་ཐོབ། གཉིས་བསྲེས་པ་གོང་དུ་བྱིན་པས་ཚེས་ཞག་གཅིག་པ་འཆར་ཟེར་བ་ཞལ་ལུང་ལས་གསུངས་པ་གོ་བ་ལ་ཕན་ཕྱིར་ཡིན་གསུང་། ཡོད་དེ། ནོར་རེ་ལྔས་བགོ། མ་ཐོབ་པར་སོ་གསུམ་གྱིས་བགོས་ལྷག་བྱུང་བས། གོང་དུ་གཅིག་སྦྱིན་པས་ཀྱང་འགྲུབ་བོ། ༣༧༡། ༈ཚེས་ཞག་ལ་ཉིན་ཞག་གི་གྲངས་འཚོལ་ན། ཚེས་ཞག་སུམ་བརྒྱ་དོན་གཅིག་གནས་གསུམ་བྱས་པའི། འོག་མ་རི་མཁའ་རིས་བགོ་བ་མ་ཐོབ་པ། བར་པ་རེ་བཞིས་བགོ། ནོར་གྱིས་སྟེང་ནས་ཕྲི། ཡང་སྟེང་ནས་གཅིག་ཕོབ་སྟེ། བར་རེ་བཞིས་སྦྱངས། འོག་མ་རི་མཁའ་རིས་སྦྱངས་པས་ཉིན་ཞག་གི་གྲངས་དང་། ཆུ་རོའི་ཆ་དང་། རི་མཁའ་རིའི་ཆ་སྟོན་པའོ། ༣༦༥། ༈ཡང་ཚེས་ཞག་ལས་ཉིན་ཞག་སྒྲུབ་ན། ཚེས་ཞག་དཀྱིལ་འཁོར་འདི་༣༧༡༦༠༦༠༦༡༣༧༠༧བར་གསིལ་བའི་ཚོགས། ༧༣༦༦༨༢༦༨༨༠༠གནས་གསུམ་བྱས་པའི་

p. 318

འོག་མ་རི་མཁའ་རིས་བགོ། ལྷག་མེད། ནོར་བར་བྱིན། བར་པ་རེ་བཞིས་བགོ། ནོར་གྱིས་སྟེང་ནས་ཕྲི་ལྷག་༧༢༥༡༥༥༧༤༠༠༠རི་མཁའ་རི་དང་འདོད་དུས་མཁའ་རོ་མཁའ་རོས་རིམ་བཞིན་ཕུད་པས་ཉིན་ཞག་དཀྱིལ་འཁོར་འདི་༣༦༥འཆར། ༈ཡང་ཚེས་ཞག་༣༧༡འདི་གནས་གཉིས་བྱས་འོག་མ་ཐུབ་རི་ཟླ་བས་བསྒྱུར། དེ་ཉི་མ་འདོད་ཟླས་བགོས། ནོར་གྱིས་སྟེང་ནས་ཕྲི་ལྷག་ནས་གཅིག་ཕབ་སྟེ། འོག་མ་ཉི་མ་འདོད་ཟླས་སྦྱངས་པས་ཀྱང་། སྟེང་ཉིན་ཞག་གྲངས་དང་། འོག་མ་ཉི་མ་འདོད་ཟླའི་ཆ་གྲངས་སྟོན་པ་འདི། ༣༦༥ཉི་མ་འདོད་ཟླ་སྒྲུབ་ཚུལ། རེ་གསུམ་ཐུབ་རི་ཟླ་བས་བསྒྱུར། འོག་ནས་བརྒྱ་རེ་གཅིག་བསྲེས་པས་འདི་༡༡༣༡༢འོང་། རང་གཞན་ལ་ཕན་པའི་ལྷག་བསམ་གྱིས་སྨྱོས་སྟོན་ངག་དབང་ཆོས་དཔལ་དུ་འབོད་པ་དེས་འདུམ་པོ་བཀྲ་ཤིས་མཐོང་སྨོན་གྱི་གཞིས་ཁར་སྦྱར་བའོ། །ཤུ་ུབྷ་མསྟུ་སརྦ་ཛ་ག་ཏཱཾ།། །།

ལིའུ་ཐོ་སྒྲུབ་པའི་ཕྱག་ལེན་ཟིན་བྲིས་སུ་བྱས་པ་བློ་གསལ་དགའ་སྟོན།

p. 319

ལོ་ལོ་བཞིན་རྩིས་པ་རྣམས་ལ་མེད་ཐབས་མེད་པ་ལིའུ་ཐོ་སྒྲུབ་པའི་ཕྱག་ལེན་ཟིན་བྲིས་སུ་བྱས་པ་བློ་གསལ་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །
བི་ཛ་ཡནྟུ། གང་ཞིག་ཁྱོད་མཚན་ཐོས་པ་ཙམ་གྱིས་ཀྱང་། །སྲིད་པའི་གདུང་བ་མ་ལུས་གཏན་བཅོམ་ནས། །ཚེ་གཅིག་ཉིད་ལ་ཟུང་འཇུག་ཕྱག་རྒྱ་ཆེ། །མངོན་སུམ་སྟོན་མཛད་འགྱུར་མེད་རྡོ་རྗེས་སྐྱོངས། །ཆུ་གཏེར་དབུས་སུ་གསེར་གྱི་ཆུ་སྐྱེས་ཡལ་འདབ་རྣམ་པར་གཡོ་བའི་སྟེང་། །ལང་ཚོ་རབ་རྒྱས་ངོ་མཚར་ལང་ལིང་གཡོ་བའི་རྒྱན་གྱིས་མཛེས་པར་སྤུད། །ངག་ལ་དབང་བའི་ལྷ་མཆོག་ངག་ལ་སྤོབས་པ་གཡོ་མེད་སྩོལ་དེ་ལ། །སྙིང་ནས་འདུད་དོ་བདག་གི་སྙིང་ལ་རྟག་ཏུ་གཡོ་མེད་རོལ་དང་ཀྱེ། །གོང་མའི་སྙན་ནས་སྙན་དུ་ལེགས་བརྒྱུད་པའི། །ཕྱག་ལེན་རྩིས་རིག་སྨྲ་བའི་སྐྱེ་བོ་ལ། །ཉེ་བར་མཁོ་བའི་ལེགས་བཤད་སྦྲང་རྩིའི་རོ། །བློ་གསལ་བུང་བའི་དགའ་སྟོན་འདི་ན་མཆིས། །དེ་ཡང་དེང་སང་གི་དུས་འདིར་རྩིས་རིག་སྨྲ་བ་ཆེན་པོར་ཞལ་གྱིས་འཆེས་པ་རྣམས་ནི་འདི་དག་གི་ཕྱག་ལེན་ཞིབ་སྤྱོད་མི་མཛད་པར་གནད་ཆུང་དུ་ལུས་པ་མང་ལ། གྲོང་དུ་འཕྱན་པའི་བླ་ཆེན་རྣམས་ནི་སྐྱེ་བོའི་མགོ་བསྐོར་གྱི་ཕྱིར་གང་ཐོད་ཐོད་ཀྱི་ལག་ལེན་བྱེད་པ་ལས། རྣམ་པར་དག་པའི་ལིའུ་ཐོ་ཉིན་སྐར་ལྟར་ཉུང་བ་དག་མཐོང་བས་ཡིད་དབྱུང་ཞིང་། དེའི་ཕྱིར་མཁས་དབང་སྔ་མའི་ཕྱག་ལེན་རྣམས་བརྗེད་པར་འཕངས་པ་དང་། བློ་གསལ་འགའ་ཞིག་གིས་ཡང་ཡང་བསྐུལ་ཕྱིར་ཚུལ་འདི་བརྗོད་པར་བྱའོ། །དེ་ལ་གཉིས། སྦྱོར་བ་སྤྱི་ནོར་སྒྲུབ་པ་དང་། ལིའུ་ཐོ་བསྒྲུབ་པའི་ཚུལ་ལོ། །དང་པོ་ལའང་ཡན་ལག་ལྔ་སྒྲ་གཅན་རྗེས་འབྲང་དང་བཅས་པ་སྒྲུབ་ཚུལ་དང་། གཟའ་ལྔ་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། ཐོག་

p. 320

མར་སྦྱོར་བ་སྤྱི་ནོར་བསྒྲུབ་པར་བྱ་སྟེ། དེ་ཡང་ལོ་གང་དང་གང་གི་ནག་པ་སྟེ་ཟླ་བ་གསུམ་པའི་ཉི་དྷྲཱུའམ། ཟླ་བཤོལ་ཡོད་ཚེ་ལོ་སྔ་མའི་དབོ་ཟླ་སྟེ་ཟླ་བ་གཉིས་པའི་ཉི་དྷྲཱུ་ལ། ཉི་ཚེས་ཀྱི་རྟག་ལོངས་གང་འགབ་བལྟས་པའི་ཕལ་ཆེར་ལོ་སྔ་མར་ཟིན་པ་ནས་བཅུ་གཅིག་ལུགས་འབྱུང་གྲངས་པའི་བཅུ་གཉིས་པར་ཟིན་འོང་ཤས་ཁ་བས། ཞིབ་ཏུ་བལྟས་ནས་གང་འགབ་ཅིག་བྱིན་པས། ཉི་མའི་ཞག་གཅིག་གི་རྟག་པའི་ལོངས་སྤྱོད་མ་ལོངས་ཙམ་ཞིག་ཤར་འོང་སྟེ། དེ་ནི་ལོ་དེའི་སྤྱི་ནོར་རགས་པ་ཡིན་ནོ། །འདི་ལ་ཁ་ཅིག་སྐར་གནས་སྟོང་ཞིང་ཆུ་ཚོད་དུ་གསུམ་ལས་མང་བ་མེད་གྱུར་ན་ཞེས་ཟེར་བ་དུས་རྟག་ཏུ་མ་ངེས་ཏེ། སྐབས་འགའ་ཞིག་ཏུ་ཆུ་ཚོད་བཞིར་ལོངས་ནས་ཆུ་སྲང་ཉེར་གཅིག་སོགས་སུ་ལོངས་པ་དེ་ཁས་ཡོང་བའི་གབ་ལེ་ཡོད་དེ་སྤྱི་ནོར་སྟོང་པའི་ཕྱི་ལོའི་སྤྱི་ནོར་དེ་ལ། ཆུ་ཚོད་ཆུ་སྲང་གཅིག་ལ་སོགས་པའི་ཕྱིར་ཆུ་ཚོད་རྗེས་འབྲང་དང་བཅས་པ་མ་མངོན་པས་ཆོག་པར་མངོན་ནོ། །དེ་ལྟར་ཟིན་པའི་ནག་དབོའི་གཟའ་དྷྲཱུ་གང་ཡིན་པ་དེ་ལ། གོང་དང་ཚེས་གྲངས་གཅིག་པའི་གཟའ་ཚེས་རྟག་ལོངས་བསྣན་པས་གཟའ་རགས་འཆར་བ་ཡིན་ནོ། །དེ་ལ་ནག་དབོ་དང་ཚེས་གྲངས་གང་ལ་ཟིན་པ་དེ་མ་ནོར་བར་ངེས་པར་བྱས་ནས་དེ་ལ་ཟིན་ཞེས་ཡིག་མཆན་འགོད་པའི་ཕྱག་ལེན་ཡང་ཡོད་དོ། །གཟའ་ཉིའི་རགས་པ་གཉིས་པོ་འདི་ལ་སྔ་མའི་རགས་པ་རྣམ་དག་ལ་དབྲི་བསྣན་བྱས་པས་ཕྱི་ལོའི་རགས་པ་འཆར་བའི་མན་ངག་ཡིན་ནོ། །བྱེད་པར་གཟའ་གཅིག་དབྱུག་གུར་དྲག །སྲང་དུ་མཁའ་མཚོ་དབུགས་ལག་པ། །ཆ་ཤས་ཐིག་རྣམས་གཟའ་ལ་བྱིན། ༡། སྐར་དབྱུག་ཐིག་ལེ་སྲང་བཅུ་བདུན། །དབུགས་ཐིག་ཆ་ཤས་མཚེ་མ་རྣམས། ༠། ཉི་མར་ཕྲི་བས་རྣམ་དག་འཆར། །གྲུབ་མཐར་གཟའ་གཅིག་དྲག་པོའི་དབྱུག །སྲང་དུ་གཟུགས་མཚོ་དབུགས་རིག་བྱེད། །རི་རོའི་ཆ་ཤས་དུས་མིག་དང་། །རི་མཁའི་ཆ་ཤས་ཀླུ་རི་མེ། ༡། གཟའ་རགས་སྔ་མར་བྱིན་པར་བྱ། །སྐར་དབྱུག་ཐིག་ལེ་སྲང་མཁའ་མིག །དབུགས་མཁའ་ཆ་ཤས་མཁའ་རོ་རྣམས། ༠། ཉི་རགས་སྔ་མར་ཕྲི་བས་འགྲུབ། །ཉི་རགས་སྟོང་པའི་ཕྱི་ལོའི་དུས། །བྱེད་རྩིས་དང་ནི་གྲུབ་རྩིས་ཀྱི། །རང་རང་གཟའ་ཉིའི་རྟག་ལོངས་བསྣན། །

p. 321

དེ་ལ་གོང་བཞིན་དབྲི་བསྣན་བྱ། །ཞེས་སོ། །དེ་ལྟར་རགས་པ་འགྲུབ་ནས། དེ་ནས་ཟླ་ཆུ་དུས་ཀྱི་འབྲས་བུ་བཟོ་ལུགས་ནི། གོང་དུ་སྒྲུབ་པའི་ཉི་རགས་དེ་ཉིད་གནས་གསུམ་དུ་བཞག་པའི། གཅིག་གི་གནས་ཐམས་ཅད་ཟླ་བས་བསྒྱུར། དེ་བཞིན་དུ་གནས་གཉིས་པ་ཆུ་དང་། གསུམ་པ་དུས་ཀྱིས་ཆུ་ཚོད་ནས་ཆ་ཤས་བར་དུ་བསྒྱུར། དེ་གསུམ་ཀར་འཁོར་ལོར་ལོངས་འདུག་ན། རི་རོ་དུས་དང་མཁའ་རོ་སོགས་དང་། བྱེད་པར་འདོད་པ་སོགས་ཀྱིས་སྟེང་དུ་དྲིལ། དེ་གསུམ་ཀའི་ཆུ་ཚོད་མཁའ་རོས་བསྒྱུར་ལ་ཆུ་སྲང་བཅུག་སྟེ་མདའ་ཡོན་ཟླ་བས་བགོས་ནོར་སྲང་ཡིན་ཞིང་། ཡང་ལྷག་རོས་བསྒྱུར་དབུགས་བཅུག་མདའ་ཡོན་ཟླས་ཐོབ་ནོར་དབུགས་དང་། དེའི་ལྷག་མ་བྱེད་རྩིས་ཡིན་ན་འདོད་པ་དང་། གྲུབ་རྩིས་ཡིན་ན་རི་རོས་བསྒྱུར། སོ་སོའི་ཆ་བཅུག་མདའ་ཡོན་ཟླ་བས་ཐོབ་པའི་ནོར་ཆ་ཤས་ཀྱི་གནས་ཏེ། སྐར་དབྱུག་གཉིས་ཀར་དུས་རྟག་ཏུ་ཐོབ་ནོར་མེད་པས་ཐིག་དང་། དེ་རྗེས་ནོར་རྣམས་སོ་སོར་མ་འདྲེས་པར་བཞག་པས་ཟླ་ཆུ་དུས་འབྲས་འགྲུབ་པ་ཡིན་ནོ། །ད་ནི་སྤྱི་ནོར་ཁྱིམ་དྲུག་མ་སྒྲུབ་པའི་ཚུལ་ནི། ཡང་གོང་གི་གཟའ་ཉིའི་རགས་པ་དེ་གཡས་སུ་གཟའ་དང་གཡོན་དུ་ཉི་མ་ཡོད་པ་དེ་ཉིད་གནས་དྲུག་ཏུ་བཀོད་ལ། དེ་ལ་སོ་སོར་ཁྱིམ་གྱི་མིང་མ་ནོར་བར་ཡིག་མཆན་དུ་བྱས། དེ་ལ་གོང་གི་ཟླ་ཆུ་དུས་འབྲས་ཀྱིས་དབྲི་བསྣན་བྱ་དགོས་པས་འདི་ལྟ་སྟེ། ཟླ་བའི་འབྲས་བུས་ལུག་དང་བུ་མོའི་གཟའ་ཉི་གཉིས་ཀ་ལ་ཕྲི་ཞིང་། ཉ་སྲང་གཉིས་ལ་བྱིན། དེ་བཞིན་ཆུའི་འབྲས་བུས་གླང་སེང་གཉིས་པོར་ཕྲི་ཞིང་། བུམ་སྡིག་གཉིས་ལ་བྱིན། །དུས་ཀྱི་འབྲས་བུས་འཁྲིག་པ་ཀརྚ་གཉིས་ལ་ཕྲི་ཞིང་། གཞུ་དང་ཆུ་སྲིན་གཉིས་ལ་བྱིན་པས་ཁྱིམ་དྲུག་གི་སྤྱི་ནོར་རྣམ་པར་དག་པ་འཆར་ཞིང་། བྱེད་གྲུབ་ཀྱི་ཁྱད་པར་ནི་གོང་གི་རིགས་པས་ཤེས་སླ་ལ། གྲུབ་རྩིས་སྐབས་སུ་གཟའི་རགས་པ་ལ་གནས་དྲུག་བཅོས་པ་དེའི་ཚེ་ན། འབྲས་བུ་གསུམ་གྱི་སྟེར་དབྲི་རྣམས་ཆ་གོང་མ་ཡན་ལ་རྫོགས་པར་བྱས་ནས། རི་མཁའ་རིའི་ཆ་ནི་ཁྱིམ་ཐམས་ཅད་ཀྱི་ཉི་རགས་ཀྱི་དེ་ཁ་རང་སོར་བཞག་པ་ཙམ་གྱི་ཡོང་བས་ཞིབ་མོའི་བྱ་བ་གཞན་བཅོས་མི་དགོས་སོ། །དེ་ལྟར་སྤྱི་ནོར་སྒྲུབ་པ་ལ་སོགས་སྦྱོར་བ་རྣམས་ཟིན་ནས།

p. 322

ད་ནི་དངོས་གཞི་ལིའུ་ཐོ་བསྒྲུབ་པར་བྱ་སྟེ། དེ་ཡང་རེའུ་མིག་འཛིན་ཚུལ་ནི། ཟླ་བ་གསུམ་པ་ལ་སོགས་པ་ཟླ་བ་གང་དང་གང་གི་ལིའུ་ཐོ་བསྒྲུབ་རྒྱུའི་ཟླ་བ་དེའི་ཉི་མའི་དྷྲཱུ་བ་ལ། ཚེས་གང་དང་གང་གི་ཉིན་རྩིས་བསྒྲུབ་རྒྱུའི་ཚེས་དེའི་ཉི་མའི་རྟག་ལོངས་བྱིན་པའི་ཉི་བར་དེ་ལ། གོང་གི་ཉི་མ་རགས་པ་དེས་ཕྲི་བའི་ལྷག་མ་དེ་བསྐལ་ལིའི་ཉི་མ་ཕྱེད་དག་གང་རུང་ཞིག་དང་མཐུན་པར་གྱུར་ན་དེར་ཟིན་པ་ཡིན་ནོ། །དེ་ཡང་ལོ་སྔ་མའི་ཉ་ཁྱིམ་དུ་རེའུ་མིག་ལྷག་ལུས་ཚེ་ད་ལོའི་ཉི་བར་དེ་ལ་སྔ་ལོའི་ཉི་རགས་ཀྱིས་མ་ཕྲིས་ན་ཟིན་མི་ཡོང་བས་དེ་ལྟར་བྱ་དགོས་ལ། དེའི་ཚེ་ཉ་ཁྱིམ་གྱི་རེའུ་མིག་དེ་མ་རྫོགས་ཀྱི་བར་དུ་སྤྱི་ནོར་ཁྱིམ་དྲུག་ཀྱང་སྔར་ལོའི་དེ་ཁ་སྟེར་དགོས་སོ། །དེ་ལྟར་ཉི་མ་ཕྱེད་དག་དང་མཐུན་པའི་རེའུ་མིག་གི་བར་མ་གཟའ་དང་། འོག་མ་ཉི་མ་ཡིན་པས། གཟའ་གཡས་དང་ཉི་མ་གཡོན་དུ་སོ་སོར་བཀོད། བསྐལ་ལིའི་ཁྱིམ་གང་ཡིན་བལྟས་ཏེ། དེ་དང་མཐུན་པའི་ཁྱིམ་དྲུག་སྤྱི་ནོར་བསྐལ་ལིའི་ཁྱིམ་དེ་ཀ་མ་རྫོགས་ཀྱི་བར་དུ་གཟའ་ཉི་གཉིས་པོར་རང་རང་གི་དེ་མ་ནོར་བར་བྱས་ཏེ་སོ་སོར་བྱིན་པས་ཉི་མ་དག་ཅིང་། གཟའ་ཕྱེད་དག་པར་འགྱུར་རོ། །དཔེར་ན། བསྐལ་ལིའི་ལུག་ཁྱིམ་གྱི་རེའུ་མིག་སོ་གཅིག་པོ་གང་རུང་ཞིག་གི་སྟེང་མའི་ཉི་མ་ཕྱེད་དག་ནས་ཟིན་བྱུང་ན་ཁྱིམ་གྱི་རེའུ་མིག་སོ་གཅིག་པོ་དེ་མ་རྫོགས་ཀྱི་བར་དུ་ལུག་གི་སྤྱི་ནོར་སྟེར་བ་བཞིན་ནོ། །དེ་ནས་ཆ་ཤས་ཀྱི་རེའུ་མིག་དམར་ནག་འཁོར་མ་འཛིན་དགོས་ཏེ། དེ་ཡང་གང་རྩིའི་དྷྲཱུ་བའི་ཆ་ཤས་ཀྱི་གྲངས་ཀྱི་དམར་ནག་འཁོར་མའི་གཅིག་ནས་རེ་གསུམ་གྱི་བར་མཚལ་གྱི་གྲངས་འཛིན་ནས་ཟིན་ཚེ་ལུགས་འབྱུང་དང་། དེ་ནས་དུས་ཉིའི་བར་བྱ་ར་ནག་པོ་ནས་ཟིན་བྱུང་ཚེ་ལུགས་ལྡོག་ཏུ་བྱ་དགོས་ལ། དེ་ལྟར་དྷྲཱུ་བའི་ཆ་ཤས་དང་བྱ་ར་དེ་རྣམས་གང་མཐུན་ཞིག་ཟིན་ལ། དེ་རྗེས་གང་བརྩིའི་ཟླ་བ་དེའི་དྷྲཱུ་བའི་རིལ་པོར་གང་རྩིའི་ཚེས་གྲངས་བྱིན་ལ། དེ་ཉིད་བཅུ་བཞིས་བགོས་པའི་ལྷག་མ་དེས་གོང་དུ་ཟིན་པའི་རེའུ་མིག་རེ་ལ་རེའུ་མིག་བཅུ་བཞི་རེ་ཡོད་པའི་གོང་དུ་ཆ་ཤས་ནག་པོ་ནས་ཟིན་ན་ནི་རེའུ་མིག་བཅུ་བཞི་པོའི་ཡང་བྱ་ར་ནག་པོ་ནས་གང་ཟིན་ཞིག་བཟུང་། དེ་བཞིན་བྱ་ར་དམར་པོ་ཡང་དེ་དང་མཐུན་ལ། དེ་ལྟར་

p. 323

ཟིན་པའི་ཟླ་རྐང་གི་ལོངས་སྤྱོད་དེ་གོང་དུ་བཅུ་བཞིས་ཕྱེ་བའི་ནོར་ལ། མིག་མཚོ་ཐིག་གསུམ་པོ་བྱུང་ན་གཟའ་ཡི་ལོངས་སྤྱོད་མན་ཆད་དུ་བྱིན་ཞིང་། གཅིག་དང་གསུམ་བྱུང་ན་གཟའི་ལོངས་སྤྱོད་མན་ཆད་ལ་ཕྲི་བས་རེས་གཟའ་རྣམ་པར་དག་པར་འགྱུར་རོ། །གོང་གི་ཉི་མ་དག་པ་གནས་གཉིས་སུ་བཞག་པའི་གཅིག་གི་སྐར་དབྱུག་གཉིས་པོར་གང་རྩིའི་ཟླ་ཚེས་ཀྱི་རེའུ་མིག་བྱིན་ལ། གཟའ་ཡི་ལོངས་སྤྱོད་མན་ཆད་ཀྱིས་གནས་མཚུངས་སུ་སྦྱངས་པས་ཟླ་སྐར་རྣམ་དག་འཆར་རོ། །ཉི་སྐར་དང་ཟླ་སྐར་གཉིས་སྐར་གནས་ནས་ཆ་ཤས་ཀྱི་བར་གནས་མཚུངས་སུ་བསྲེས་ལ་འཁོར་ལོ་དྲིལ་བས་སྦྱོར་བའི་རི་མོ་འཆར་རོ། །བྱེད་པ་ནི་ཚེས་གྲངས་ཀྱི་རེའུ་མིག་བཟུང་བ་རང་གིས་ཡོང་ཞིང་། དེང་སང་བིཥྚི་ཙམ་མ་གཏོགས་བྱེད་པ་གཞན་རྣམས་ནི་ལིའུ་ཐོར་འགོད་པ་མི་མཛད་དོ། །ད་ནི་སྒྲ་གཅན་གྱི་རེའུ་མིག་གཟུང་བར་བྱ་སྟེ། དེ་ཡང་རྩིས་གཞི་གང་དང་གང་གི་ཟླ་བ་དག་པ་ལ་གཟུགས་བྱིན་ཞིང་། དེ་ལ་རྩིས་གཞི་དེ་ཉིད་ནས་འབྱུང་བའི་སྒྲ་གཅན་གྱི་རྩིས་འཕྲོ་བྱིན་པ་དེ་མཁའ་མེ་ལག་པས་ཐོབ་ནོར་དོར་བའི་ལྷག་མའི་གྲངས་ཀྱིས་རེའུ་མིག་སྟེང་འོག་གི་བྱ་ར་ཐུན་མོང་དུ་ཟིན་པའི་རེའུ་མིག་སྟེང་མ་ཉ་དང་འོག་མ་སྟོང་གི་ཡིན་ལ། རེའུ་མིག་རེའི་ནང་གི་གནས་གསུམ་པོ་རྩ་གདོང་མཇུག་རྣམས་རིམ་གྱིས་ཡིན་ཞིང་། དེ་ལྟར་ཟིན་པ་ནས་ཟླ་བ་རེ་བཞིན་ལུགས་འབྱུང་དུ་བགྲངས་པས་ཡོང་ངོ་། །ད་ནི་ལྔ་བསྡུས་ཀྱི་རྗེས་སུ་འབྲང་པའི་རི་མོའི་བྱ་བ་ལ་གཉིས། དབུགས་ཐོབ་སྒང་ཚད་ཁྱིམ་སླེབས་ཀྱང་རི་མོ་བྱ་ཚུལ་དང་། ཞར་བྱུང་རི་མོའི་བྱ་བ་ཐོར་བུ་གཞན་བསྟན་པའོ། །དང་པོ་ནི། སྒང་དབུགས་གཉིས་བཟོ་ལུགས་ལ། ཟླ་བ་སོ་སོའི་ཉི་དྷྲཱུ་ལ། སྒང་དབུགས་ཀྱི་ཤོག་ཁྲའི་ཚད་དང་བསྟུན་ཏེ་རྟག་ལོངས་གང་བབས་བྱིན་པས། སྐར་གནས་སྒང་དབུགས་ཀྱི་ཤོག་ཁྲ་ཇི་ལྟ་བ་ལ། ཆུ་ཚོད་དུ། ༡༢༣༤ཙམ་གྱིས་ཉུང་བ་ཤར་འོང་། དེ་ལ་བཅུ་གསུམ་ཆ་གང་བབས་ཤིག་བསྣན་པས། ཆ་ཤས་སུ་ལྔ་བཅུ་ང་ལྔ། དབུགས་སུ་ལྔ། སྒང་གི་ཆུ་སྲང་དུ་ལྔ་བཅུ་ང་ལྔ་དང་། དབུགས་ཐོབ་ཀྱི་ཆུ་སྲང་དུ་ཉེར་ལྔ་རྣམས་ཤར་འོང་། དེ་སྟེང་ལྔ་ཆ་གང་བབས་ཤིག་བསྣན་པས། སྒང་དབུགས་གཉིས་ཀྱི་ཚད་ཤར་ནས་ཆུ་སྲང་

p. 324

མན་ཆད་སྟོང་དགོས་རྒྱུ་ལ། སྒང་གི་སྐར་དབྱུག་དུ་ཚད་ཁོ་ན་ཤར་ནས་ཆུ་སྲང་མན་ཆད་སྟོངས་ཤིང་། དབུགས་ཐོབ་ལ་སྐར་དབྱུག་ཚད་དུ་ལོངས་ནས་རྣམ་པ་ཀུན་ཏུ་ཆུ་སྲང་དུ་སུམ་ཅུ་རེ་ལུས་ཡོང་གི་འདུག །སྒང་དབུགས་གཉིས་ཀྱི་གཟའ་ནི། གང་རྩིའི་གཟའ་དྷྲཱུ་ལ། ཉི་མ་གང་ལ་ཟིན་པའི་ཚེས་དེའི་གཟའི་རྟག་ལོངས་དང་། དེ་སྟེང་བཅུ་གསུམ་ཆ་དང་ལྔ་ཆའང་ཉི་མ་ལ་གང་བྱིན་གྱི་སྟེང་མ་དེ་བསྣན་པ་རང་གིས་འོང་། བཅུ་གསུམ་ཆ་འདི་དང་པོ་གང་འགབ་བལྟ་དགོས། དེ་ནས་ཟླ་རེ་བཞིན་ལུགས་ལྡོག་ཏུ་འགྲོ། ལྔ་ཆ་ནི་དེང་སང་གཅིག་པའི་ལོངས་སྤྱོད་ཁོ་ན་བྱིན་པ་རང་གི་ཡོང་གི་འདུག་གོ། ལིའུ་ཐོར་ཚེས་འདི་ལ་དབུགས་ཐོབ། འདི་ལ་སྒང་ཞེས་ཡིག་མཆན་བྱེད་པ་ནི་རྟག་ལོངས་གང་ལ་བབས་པའི་ཚེས་དེ་ལ་ངོས་འཛིན་དགོས་སོ་ཨང་། ཁྱིམ་སླེབས་རྒྱག་ལུགས་ནི། ཐོག་མར་མདའ་དུས་སྦྱངས་པའི་རེའུ་མིག་འཛིན་ལུགས་ལ། གང་རྩིའི་ཟླ་བའི་ཉི་དྷྲཱུ་ལ། །གང་རྩིའི་ཚེས་ཀྱི་རྟག་ལོངས་བྱིན། །དེ་ལ་ཉི་མ་རགས་པས་ཕྲི། །ཞེས་པས་གྲུབ་རྩིས་ཀྱི་ཉི་དྷྲཱུར་ཚེས་གཅིག་གི་ཉི་མའི་རྟག་ལོངས་བྱིན་ནས་ཉི་རགས་ཀྱིས་ཕྲི་བ་སོགས་གྲུབ་རྩིས་ཇི་ལྟ་བ་བཞིན་བྱས་པས་མདའ་དུས་སྦྱངས་པའི་བསྐལ་ལིའི་ཉི་མ་ཕྱེད་དག་དང་གང་མཐུན་གཅིག་ཚེས་གཅིག་ལ་ངོས་འཛིན་པའི་དེ་ནས་ཁྱིམ་སླེབས་རང་གི་ཤོག་ཁྲ་དང་བསྟུན་པའི་ཤོག་ཁྲ་གང་མཐུན་གྱི་ཉི་བར་ལ་ཁྱིམ་སོ་སོའི་ཁྱིམ་དྲུག་གི་སྤྱི་ནོར་སྦྱིན་པས་ཤོག་ཁྲ་ཇི་ལྟ་བ་བཞིན་ཤར་ན་སྨོས་མ་དགོས། ཁྱིམ་འཕོའི་ཚད་དེ་མ་ཤར་ན། ཅུང་ཟད་མང་བའི་རེའུ་མིག་འཛིན་དགོས་པས། དེ་ཡང་ཤོག་ཁྲ་ལས་༡༢༣༤ཙམ་གྱིས་མང་ན། ཆུ་ཚོད་ཀྱིས་མང་བ་ཟུར་དུ་བཏོན་ཏེ་མ་ནུས་བསྒྱུར་བ་ལ། ཆུ་སྲང་བཞིས་བགོས་ནོར་བྱིན་པ་དེས་གཟའི་ཆུ་ཚོད་ནས་འབྲི་ཐུབ་ན་ཁྱིམ་མིང་དང་རི་མོ་དངོས་གཞི་གཉིས་ཚེས་གྲངས་གཅིག་གི་སྟེང་དུ་འགྲིབ། ཆུ་ཚོད་དུ་འབྲིད་པར་མ་ལྡང་ན་གཟའ་ནས་ཕབ་ཅིང་གཟའ་ཡང་འཁོར་ལོ་རྫོགས་ན་བསྣན་པར་བྱ་དགོས་ལ། དེ་ལྟར་གཟའི་ཆུ་ཚོད་ལས་མང་སྟེ་གཟའ་ནས་འབེབས་དགོས་བྱུང་ན་ཁྱིམ་སླེབས་ཀྱི་རི་མོ་དང་ཁྱིམ་མིང་ཁ་ཕྲལ་ཏེ་རྒྱག །དེ་རྣམས་བྱ་མ་དགོས་པར་ཉི་བར་ལ་སྤྱི་ནོར་སྦྱིན་

p. 325

པ་དེ་ཁ་ཤོག་ཁྲ་དང་མཐུན་བྱུང་ན་ཁ་འབྲལ་མི་དགོས་པ་ལགས་སོ། །གཟའ་ནི་ཉི་མའི་རྗེས་སུ་འབྲང་འོང་ཞིང་སྤྱི་ནོར་ཁྱིམ་དྲུག་གཟའ་རང་གི་དེ་སྦྱིན་སྟེང་གྲུབ་རྩིས་ཀྱི་ཆ་ཤས་རེའུ་མིག་དམར་ནག་འཁོར་མ་ནས་གང་བབས་ཤིག་དབྲི་བསྣན་ལྔ་བསྡུས་བཞིན་བྱས་པས་རྣམ་པར་དག་པ་འཆར་རོ། །ད་ནི་ཞར་བྱུང་རི་མོའི་བྱ་བ་ཐོར་བུ་གཞན་བསྟན་པ་ནི། ཐོག་མར་བྱེད་པ་ལོ་བདག་ནི། རི་མོའི་བྱ་བ་ཉུང་ངུར་གྱུར་པའི་ཕྱིར་རྩ་སྒྲུབ་བྱས་ཀྱང་ཡོང་ལ། ཡང་རྣམ་གྲངས་ཙམ་དུ་རེའུ་མིག་འཛིན་ན། ཤིང་བྱི་ལ་སོགས་འདས་པའི་ལོ། །རི་ཟླ་མེས་ཕུད་བྱ་ར་བཟུང་། །དེ་འོག་རེའུ་མིག་གང་ཡིན་དེའི། །ཡས་རིམ་དུས་དང་བུ་ག་དང་། །དུས་དབང་གཟུགས་དང་གོ་གཅིག་བྱིན། །འཁོར་ལོ་དྲིལ་ལྷག་ལོ་གཟའ་ཡིན། །ཞེས་གསུངས་པ་ལྟར་རོ། །ད་ནི་འདི་ལ་བརྟེན་ཏེ་དེ་ཝ་ཨུ་མའི་བཞེངས་བཞུགས་ཀྱི་རི་མོ་ཡང་བྱ་དགོས་ཏེ། དེ་ཡང་བྱེད་པ་ལོ་བདག་དེའི་གཟའ་གནས་དང་ཆུ་ཚོད་གཉིས་གནས་བཅུ་གཉིས་སུ་བཀོད་ལ། རིམ་བཞིན་ལུག་༡༥༧གླང་༤༥༣འཁྲིག་པ་༡༡༢ཀརྚ༤༥༣སེངྒེ་༡༢༡བུ་མོ་༤༢༤སྲང་༦༥༡སྡིག་༡༤༧གཞུ་༢༡༦ཆུ་སྲིན་༤༣༧བུམ་པ་༦༤ཉའོ། ༠༥༢། འདི་རྣམས་བྱིན་པའི་ཚེས་གཟའ་དང་། གོང་དུ་མདའ་དུས་སྦྱངས་པའི་རེའུ་མིག་ལས་བསྒྲུབས་པའི་ཁྱིམ་འཕོའི་གཟའ་གཉིས་མང་ཉུང་བལྟས་ལ། མཉམ་ན་གཟིམས་ཏེ་མཇལ། ཚེས་གཟའ་མང་ན་བཞེངས་ཏེ་མཇལ། ཁྱིམ་འཕོའི་གཟའ་མང་བཞུགས་ཏེ་མཇལ་བ་སོགས་སོ་སོའི་འབྲས་བུ་དང་བཅས་བལྟ་བར་བྱའོ། །རྒྱལ་བློན་ནི། རྩ་སྒྲུབ་བྱས་ཀྱང་སླ་ལ། རེའུ་མིག་འཛིན་ན་རིན་ཆེན་དཔལ་བཟང་གིས་རེའུ་མིག་བཀོད་པར། ཆུ་ཕག་འདས་ལོ་ཐུབ་པས་བགོ། ལྷག་མ་གྲངས་འཛིན་དག་དང་བསྟུན། །སྟེང་རྒྱལ་འོག་མ་བློན་པོའོ། །བསྐལ་པའི་བར་དུ་འདི་བཞིན་འཁོར། །ཞེས་སོ། །གྲུབ་པའི་ལོ་གཟའ་དང་ལོ་སྐར་ནི། །རི་མོའི་བྱ་བ་གཞན་ནས་བཙལ་མི་དགོས་ཏེ། དེ་ཡང་ལོ་གཟའ་ནི། གོང་དུ་བརྗོད་པའི་ཁྱིམ་སླེབས་ཀྱི་རི་མོ་ལ་བལྟས་ཏེ། ལུག་ཁྱིམ་དུ་ཐོག་མར་སླེབས་པའི་ཉིན་གྱི་རེས་གཟའ་དེ་ཉིད་ཡིན་ཞིང་། ལོ་སྐར་ནི། འོག་ནས་འབྱུང་བ་ལྟར་གཟའ་ལྔའི་མྱུར་

p. 326

དག་ལ་བལྟས་ཏེ། ཉི་མ་ལུག་ཁྱིམ་དུ་ཐོག་མར་སླེབས་པའི་ཉིན་མོ་དེའི་གཟའ་ཕུར་བུ་སྐར་མ་གང་གི་སྟེང་ན་ཡོད་པ་དེ་ཉིད་ལོ་སྐར་དུ་དུས་བསྟན་མེ་ལོང་ལས་བཤད་དོ། །གཉིས་པ་གཟའ་ལྔ་སྒྲུབ་པའི་ཚུལ་ནི། དང་པོ་སྤྱི་སྒོས་ཀྱི་ཉིན་ཞག་ཉི་དྷྲཱུ་ཉི་རགས་ཞི་གཉིས་ཀྱི་སྤྱི་ནོར་སྒྲུབ་ཚུལ་ལོ། །ཐོག་མར་ཟླ་བ་དག་པ་མཁའ་མེས་བསྒྱུར། ཚེས་བཅོ་ལྔ་ལྔ་སྦྱིན་པ་དེ་རེའུ་མིག་བཅུ་གཉིས་སྟེང་འོག་གཉིས་ཡོད་པའི་དང་པོའི་སྟེང་མར་བཞག་པས་ཟླ་བ་གསུམ་པའི་བཅོ་ལྔ་ལ་ཡང་བྱིན་པས་གནས་དང་པོའི་འོག་མའི་གནམ་གང་གི་དེ་འཆར། དེར་ཡང་བཅོ་ལྔ་བྱིན་པས་ཟླ་བ་བཞི་པའི་བཅོ་ལྔ་སོགས་སྟེར་བྱིན་བཅོ་ལྔ་ཁོ་ན་བྱིན་པས་ཟླ་དག་སོ་སོ་ལ་མཁའ་མེས་བསྒྱུར་ཏེ་ཚེས་བསྲེས་པ་དང་མཐུན་པར་ཟླ་བ་གཉིས་པའི་བར་གྱི་ཚེས་ཞག་འཆར་རོ། །དེ་ནས་ཉིན་ཞག་ནི། གོང་གི་གསུམ་པའི་བཅོ་ལྔའི་ཚེས་ཞག་དེ་གནས་གསུམ་དུ་བཞག་པའི། བར་འོག་གཉིས་པོར་སོ་སོའི་རྩིས་འཕྲོ་བྱིན། འོག་མ་རི་མཁའ་རིས་བགོས་ནོར་བར་དུ་བྱིན། བར་པ་རེ་བཞིས་བགོས་ནོར་གྱིས་སྟེང་མ་ལ་སྦྱངས་པའི་ལྷག་མ་དེ་གནས་དང་པོའི་སྟེང་མར་བཞག་པ་བཅོ་ལྔའི་ཉིན་ཞག་ཡིན་ལ། དེའི་ཞག་གནས་ཆུ་རོའི་ལྷག་རི་མཁའ་རིའི་གནས་གསུམ་ཀར་བཅོ་ལྔ་བྱིན། དེ་ནས་ཀྱང་གནས་གསུམ་པོར་བཅོ་ལྔ་ཁོ་ན་བྱིན་པས་ཟླ་བ་གཉིས་པའི་གནམ་གང་གི་བར་སྤེལ། གལ་ཏེ་ཆུ་རོའི་ས་ནས་ནོར་ཐོབ་ཚེ་དེས་སྟེང་མར་སྦྱངས་པ་དེའི་ཚེ་ན་ཉིན་ཞག་དེ་ཉིད་མཚལ་གྱིས་རེའུ་མིག་ལ་བྲི་བར་བྱའོ། །འདི་ཡང་ཉ་སྟོང་ཡས་མར་རེ་མོས་ཀྱིས་སྤེལ་ལོ། །སོ་སོའི་སྒོས་ཞག་སྤེལ་ལུགས་ལ། ཐོག་མར་དྲག་གཟའ་གསུམ་པོའི་སྤེལ་ལུགས་ནི། གོང་གི་ཟླ་བ་གསུམ་པའི་བཅོ་ལྔའི་ཉིན་ཞག་ལ་དྲག་གཟའ་སོ་སོའི་རྩིས་འཕྲོ་བྱིན། དེ་ལ་རང་རང་གི་དཀྱིལ་འཁོར་གྱིས་བགོས་ནོར་དོར་བའི་ལྷག་མ་དེ་གཟའ་སོ་སོའི་རེའུ་མིག་འཛིན་ནས་དང་པོའི་སྟེང་མར་བཞག་པ་བཅོ་ལྔའི་སོ་སོའི་སྒོས་ཞག་དང་། དེ་ལ་གོང་གི་ཉིན་ཞག་སྣག་ཚས་བྲིས་འདུག་པའི་སར་བཅོ་ལྔ་དང་། མཚལ་གྱི་སར་བཅུ་བཞི་ཁོ་ན་བྱིན་ཏེ་སྟེང་འོག་རེ་མོས་ཀྱིས་སྤེལ་བས་ཆོག་གོ། འདིར་ཡང་བཅོ་ལྔ་བྱིན་པ་ལ་སྣག་

p. 327

ཚ་དང་། བཅུ་བཞི་བྱིན་པ་ལ་མཚལ་གྱིས་འབྲི་བ་ཕྱག་ལེན་ལ་ཡོད། ཞི་གཟའ་གཉིས་ཀྱི་སྒོས་ཞག་ནི། ཉིན་ཞག་བརྒྱ་དང་བཅུས་བསྒྱུར་རྩིས་འཕྲོ་བྱིན། རང་རང་འཁོར་ལོས་དོར་ལྷག་དེ་དང་པོར་བཞག །དེ་ནས་གོང་བཞིན་མཚལ་གྱི་སར་བཅུ་བཞི་བརྒྱ་དང་བཅུས་བསྒྱུར་བ་སོ་སོར་བྱིན། སྣག་ཚའི་སར་བཅོ་ལྔ་བརྒྱ་དང་བཅུས་བསྒྱུར་བ་སོ་སོར་བྱིན་པས་སྤེལ། བཅོ་ལྔ་དང་བཅུ་བཞི་སྟེར་དུས་སྟེར་གཞི་ལ་དང་པོ་རྩ་སྒྲུབ་དུས་བརྒྱ་ཆ་དང་བཅུ་ཆ་བཅོས་པ་ཡིན་པས་སྤེལ་དུས་བརྒྱ་ཆ་དང་བཅུ་ཆ་བཟོ་མི་དགོས། སྟེར་རྒྱུའི་བཅོ་ལྔ་དང་བཅུ་བཞི་ལ་བརྒྱ་ཆ་དང་བཅུ་ཆ་རྣམ་པ་ཀུན་ཏུ་བཟོ་དགོས་པ་ཡིན་ནོ། །ཉིན་ཞག་ཉི་དྷྲཱུ་ནི། དང་པོར་ཟླ་དག་མཁའ་མེས་བསྒྱུར་ལ། ཚེས་གྲངས་མ་བསྲེས་པ་དེ་གནས་གསུམ་དུ་བཞགགནས་འོག་མ་གཉིས་པོར་རྩིས་འཕྲོ་བྱིན། འོག་ནས་རི་མཁའ་རི་དང་ཆུ་རོས་བགོས་པའི་ནོར་གྱིས་སྟེང་མར་ཕྲི་བའི་དེའི་ཟླ་བ་གསུམ་པའི་དེར་བཞག །དེའི་ཞག་གནས། ཆུ་རོའི་ས། རི་མཁའ་རིའི་ཆ་གསུམ་ཀ་ལ་སུམ་ཅུ་སུམ་ཅུ་བསྲེས་ལ། ཆུ་རོའི་ས་ནས་ཐོབ་པའི་ནོར་གྱིས་སྟེང་མར་ཕྲི་བའི་ཚེ་མཚལ་གྱིས་འབྲི། དེས་ཟླ་བ་བཞི་པའི་གསལ་ཞག་འགྲུབ། དེ་ནས་སུམ་ཅུ་ཁོ་ན་བྱིན་ཏེ་ཟླ་བ་གཉིས་པའི་བར་སྤེལ་ལོ། །དེ་ནས་ཟླ་བ་གསུམ་པའི་ཉིན་ཞག་ཚེས་མ་བསྲེས་པ་དེ་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ལ་རྩིས་འཕྲོ་བྱིན། མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས་དོར་ལྷག །སྐར་མ་མཁའ་རོ་མཁའ་རོ་རོ་དང་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས་བགོས་ནོར་རྣམས་ཕྱོགས་གཅིག་བཞག་པ་དེ་ནི་ཟླ་བ་གསུམ་པའི་དྷྲཱུ་བ་ཡིན་ལ། དེ་སྤེལ་ལུགས་གསལ་ཞག་སྣག་ཚས་བྲིས་འདུག་པར་གནམ་གང་གི་རྟག་ལོངས་༢འདི་བྱིན་པས་སྤེལ། མཚལ་གྱིས་བྲིས་འདུག་པར་ཉེར་དགུའི་རྟག་ལོངས་༢འདི་བྱིན་པས་སྤེལ་ན་ཟླ་བ་གཉིས་པའི་བར་རྟག་ལོངས་གཉིས་སྟེར་བྱིན་ཁོ་ན་བྱས་པས་སྤེལ་ལོ། །ད་ནི་ཉིན་ཞག་གི་ཉི་རགས་སྒྲུབ་ཚུལ་ནི། ལོ་གང་དང་གང་གི་ནག་པའི་ཉིན་ཞག་གི་དྷྲཱུ་བའམ། ཡང་ན་གོང་གི་དབོ་ཟླའི་ཉིན་ཞག་ཉི་དྷྲཱུ་ལ། ཉིན་ཞག་རྟག་ལོངས་གང་མཐུན་སྔ་ལོ་ནས་བཅུ་གཅིག་བགྲངས་པ་ཙམ་གྱི་མཐར་འཆར་ཤས་

p. 328

ཁ་བས་གང་བབས་བལྟས་ཏེ་བྱིན་པས་ཞག་གཅིག་གི་ལོངས་སྤྱོད་མ་ལོངས་པ་ཞིག་ཡོང་བ་ལོ་དེའི་ཉིན་ཞག་གི་སྤྱི་ནོར་རགས་པ་ཡིན་ནོ། །ཡང་ན་སྔ་ལོའི་ཉིན་ཞག་རགས་པ་ལ་༠འདི་ཉིད་ཀྱིས་གནས་མཚུངས་སུ་ཕྲི་བས་ཕྱི་ལོའི་རགས་པ་རྣམ་དག་འཆར་ཞིང་། སྔ་ལོ་ལ་འབྲིད་པར་མ་ལྡང་ན་ཚེས་གཅིག་གི་རྟག་ལོངས་༠སྔ་ལོ་ལ་བྱིན་པར་བྱའོ། །དེ་ནས་ལྷག་སངས་གཉིས་ཀྱི་དོན་དུ་གོང་གི་ཉི་རགས་དེའི་ཆུ་ཚོད་མཁའ་རོས་བསྒྱུར་ཆུ་སྲང་བཅུག་ལ་མདའ་ཡོན་ཟླ་བས་བགོས་ནོར་ཟུར་དུ་བཞག །ལྷག་རོས་བསྒྱུར་དབུགས་བཅུག་མདའ་ཡོན་ཟླ་བས་བགོས་ནོར་གོང་གི་ཐོབ་པ་དེའི་འོག་ཏུ་བཞག །ཡང་ལྷག་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་ཆ་ཤས་བཅུག་མདའ་ཡོན་ཟླ་བས་བགོས་ནོར་དེའི་ཡང་འོག་ཏུ་བཞག་པས་སྐར་དབྱུག་གཉིས་ལ་ཐོབ་ནོར་མེད་ཅིང་། དེ་ལྟ་བུའི་ནོར་བརྩེགས་པ་དེ་གནས་གསུམ་གནས་གཉིས་སུ་བཞག་ལ། གནས་དང་པོ་གསུམ་ཕྱོགས་རི་རྩེ་མོ་ཅན་གྱིས་བསྒྱུར། གནས་གཉིས་པ་གསུམ་པོ་དབང་ཆུ་གཟུགས་ཀྱིས་བསྒྱུར་ཏེ། དེ་རྣམས་ལ་འཁོར་ལོ་ལོངས་འདུག་ན་བུག་སོགས་དང་རོ་དང་མཁའ་རོ་སོགས་ཀྱིས་སྟེང་དུ་དྲིལ། ཞི་གཟའ་གཉིས་པོའི་རྐང་འབྲས་འགྲུབ། ཡང་གོང་གི་ཉིན་ཞག་གི་ཉི་མ་རགས་པ་དེ་ཉིད་གནས་དྲུག་ཚན་པ་གཉིས་སུ་བཞག་པའི་གནས་དྲུག་ཚན་དང་པོ་ལ། ཕྱོགས་ནོར་དེ་དང་པོར་བྱིན་ཞིང་གཉིས་པར་ཕྲི། རི་ཡི་འབྲས་བུ་གསུམ་པར་བྱིན་ཞིང་བཞི་པར་ཕྲི། རྩེ་མོའི་ནོར་གྱིས་ཀྱང་ལྔ་པར་བྱིན་ཞིང་དྲུག་པར་ཕྲི་བས་ལྷག་པའི་སྤྱི་ནོར་ཁྱིམ་དྲུག་གོ། ཡང་རགས་པ་གནས་དྲུག་ཚན་པ་གཉིས་པར། མདའ་ནོར་དེ་དང་པོར་བྱིན་ཞིང་གཉིས་པར་ཕྲི། ཆུ་ནོར་དེ་གསུམ་པར་བྱིན་ཞིང་བཞི་པར་ཕྲི། གཟུགས་འབྲས་དེ་ལྔ་པར་བྱིན་ཞིང་དྲུག་པར་ཕྲི་བས་པ་སངས་ཀྱི་སྤྱི་ནོར་གནས་དྲུག་མ་དག་གོ། དེ་ཡང་སྦྱིན་པ་རྣམས་ལ་ནོར་དང་ཕྲི་བ་རྣམས་ལ་བུ་ལོན་ཞེས་རྒྱག་དགོས་ཏེ། དཔེར་ན། ཕྱོགས་ཀྱི་ནོར། ཕྱོགས་ཀྱི་བུ་ལོན། ཞེས་དང་། མདའི་ནོར། མདའི་བུ་ལོན། ཞེས་སོགས་སོ་སོར་ཡིག་མཆན་དུ་བཏབ། དེ་ནས་ཐུན་མོང་གི་རེའུ་མིག་འཛིན་ཚུལ་ནི། གང་རྩིའི་ཉི་དྷྲཱུར་ཉིན་ཞག་རྟག་ལོངས་བྱིན་པའི་བཅོ་ལྔ་ལྟ་བུའི་ཉི་བར་དེ་

p. 329

ལ་གོང་གི་ཉི་མ་རགས་པའམ་ན་ནིང་ཉའི་ཁྱིམ་དུ་རེའུ་མིག་ལྷག་ལུས་ཚེ་ན་ནིང་གི་རགས་པས་ཕྲི་ལྷག་གིས་རེའུ་མིག་སྟེང་མ་བཟུང་བའི་བར་པ་ལྷག་པ་དང་འོག་མ་པ་སངས་ཡིན་པས་སོ་སོར་བཀོད་ལ། རང་རང་གི་སྤྱི་ནོར་ཁྱིམ་དྲུག་གི་ནོར་བུ་ལོན་གཉིས་རེའུ་མིག་སྤེལ་དུས་ཀྱི་མཚམས་ལས་མ་འདས་པར་མ་ནོར་བ་རང་རང་གི་དེ་སོ་སོར་སྦྱིན་པས་ཞི་གཉིས་ཀྱི་དལ་བ་དག་པར་འགྱུར་ཞིང་། གང་བཟུང་བའི་རེའུ་མིག་སྟེང་མ་དེ་ལ་སླར་ཡང་ཉི་མ་རགས་པ་སྦྱིན་པ་དེས་དྲག་གསུམ་གྱི་རྐང་འཛིན་བྱ་ཞིང་། དྲག་གསུམ་གྱི་དལ་དག་ནི་གོང་དུ་བརྗོད་པ་ལྟར་རང་རང་གི་སྒོས་ཞག་དེ་དང་རེའུ་མིག་གི་བྱ་ར་བསྟུན་ནས་གང་མཐུན་པ་དེ་བཟུང་བ་རང་གིས་ཡོང་། ཡང་རེའུ་མིག་བསྡུས་པ་འཛིན་པ་ལ་སྒོས་ཞག་དང་གྲངས་མཚུངས་སམ་མི་མཚུངས་ན་ཉུང་བ་བཟུང་དེ་ཀ་ཁའི་ཐོ་བཞིན་དུ་ཞག་རྩིས་སྟེར་བ་བཞིན་དུ་སོགས་བྱ། ཞི་གཟའ་གཉིས་ཀྱི་རྐང་འཛིན་རེའུ་མིག་འཛིན་ལུགས་ནི། ལྷག་པའི་སྒོས་ཞག་བརྒྱས་ཕྱེ་བའི་ནོར་གྱིས་རྐང་འཛིན་རེའུ་མིག་དང་ལྷག་མས་སྤྱི་ནོར་བཟུང་བ་བསྲེས་པས་ལྷག་པའི་རྐང་འཛིན་འཆར། དེ་ནས་པ་སངས་ཀྱང་སྒོས་ཞག་བཅུས་བགོས་པའི་ནོར་གྱིས་རྐང་འཛིན་དང་ལྷག་མས་སྤྱི་ནོར་བཟུང་བ་གཉིས་བསྲེས་པས་པ་སངས་ཀྱི་རྐང་འཛིན་འཆར་རོ། ༧དེ་ལྟར་ཞི་གཉིས་དལ་དག་དང་། །དྲག་གསུམ་རྐང་འཛིན་ཆ་ཤས་ནི། །བུག་མཁའ་མིག་བུག་ཡིད་ཡིན་ནོ། །དྲག་གསུམ་དལ་དག་ཆ་ཤས་ནི། །མིག་དམར་བུག་མིག་ལག་པའི་ཆ། །སྒྲ་མཁན་གཟུགས་དུས་མེ་ཡི་ཆ། །སྤེན་པ་མེ་ཀླུ་མེ་མདའ་ཆ། །ཞི་གཉིས་རྐང་འཛིན་ཆ་ཤས་ནི། །ལྷག་པ་རི་བུག་རི་ཀླུའི་ཆ། །པ་སངས་བུག་མཚོ་རི་ཆའོ། །ཀུན་གྱི་དབུགས་རོ་སྲང་དབྱུག་གཉིས། །མཁའ་རོ་སྐར་གནས་འཁོར་ལོ་སྟེ། །དེ་ལྟར་ལོངས་ཚེ་དྲིལ་བར་བྱའོ། །༧དེ་ནས་མྱུར་དག་བྱ་ཚུལ་ནི། སོ་སོའི་དལ་བ་དག་པས་དྲག་གསུམ་ཉི་བར་དང་ཞི་གཉིས་རྐང་འཛིན་ཆ་ཤས་དོར་བ་ལ་སྦྱངས་བར་བྱའོ། །གལ་ཏེ་སྦྱངས་བར་མ་ལྡང་ན་འཁོར་ལོ་བསྣན་ཏེ་སྦྱོང་ངོ་། །སྦྱངས་པའི་ཤུལ་དུ་འཁོར་ཕྱེད་༡༣ལྷག་ན་དོར། ཆུ་སྲང་དུ་སུམ་

p. 330

ཅུ་ལས་ལྷག་ན་ཆུ་ཚོད་དུ་གཅིག་སྟེར་བ་ཕྱག་ལེན་ཡིན་ནོ། །དེ་རྗེས་སྐར་གནས་མཁའ་རོས་བསྒྱུར་བ་ལ། ཆུ་ཚོད་ཀྱི་གནས་ན་དུ་འདུག་བསྲེས་ལ། དེས་མྱུར་རྐང་གི་རེའུ་མིག་འཛིན་པར་བྱའོ། །དེ་ཡང་གོང་དུ་འཁོར་ཕྱེད་དོར་མ་དོར་ཁྱད་ཀྱིས་མ་དོར་ན་རྐང་པ་རིམ་པ་སྟེ་དེ་ཕྱིར་བྱ་ར་དམར་པོ་དང་མཐུན་པར་ལུགས་འབྱུང་དུ་ཟིན། དོར་ན་རྐང་པ་རིམ་མིན་ཡིན་པས་བྱ་ར་ནག་པོ་དང་མཐུན་པར་ལུགས་ལྡོག་ཏུ་བཟུང་ལ། དེ་ཉིད་རང་རང་གི་དལ་བ་དག་པ་ལ་རིམ་པ་ལ་བསྣན། རིམ་མིན་ལ་ཕྲི་བས་མྱུར་བ་དག །དེ་ནས་འགྲོས་བཞི་ནི། རིམ་པའི་སྔ་རྐང་ཤར། རིམ་པའི་ཕྱི་རྐང་ལ་ལྷོ། རིམ་མིན་སྔ་རྐང་ལ་ནུབ། རིམ་མིན་ཕྱི་རྐང་ལ་བྱང་ཞེས་ཡི་གེར་བཏབ་བོ། །དེ་ལྟར་ལིའུ་ཐོ་སྒྲུབ་པའི་ཚུལ་མདོ་ཙམ་ཟིན་ཏོ། ༈ །ན་མོ་མཉྫུ་བཛྲ་ཡ། དེ་ལྟར་རི་མོའི་བྱ་བ་རྣམས་སྐྱོན་མེད་ཆད་ལྷག་མེད་པའི་ལོ་འཁོར་ཟིན་པའི་མཐར། གཉིས་པ་ལིའུ་ཐོ་འགྲོལ་བའི་གོ་རིམ་ལ་གསུམ། ལོ་བཤད་དང་། ཟླ་བཤད་འགོད་ལུགས་དང་། ཕྱེད་བཀྲོལ་དངོས་སོ། །དང་པོ་ནི། ཐོག་མར་རངཉིད་ཚོགས་གཉིས་ཀྱི་གོམས་པ་ཕུལ་དུ་བྱུང་བར་བྱ་བའི་ཕྱིར། བླ་མ་དང་། དུས་ཀྱི་འཁོར་ལོ་དང་། འཇམ་དབྱངས། རིགས་ལྡན། རྒྱ་དཀར་ནག །བོད་ཡུལ་འདིར་བྱོན་པའི་ལོ་པཎ་སྐྱེས་མཆོག་བརྒྱུད་པར་བཅས་པ་རྣམས་ལ་མཆོད་བརྗོད་རྒྱས་བསྡུས་བློ་གྲོས་ཀྱི་འཇུག་པ་དང་སྦྱར་ཏེ་བཀོད་པའི་མཐར། རྒྱས་པར་འདོད་ན་ཐུབ་པའི་དབང་པོ་བལྟམས་པ་དང་། སངས་རྒྱས་པ་དང་། ཆོས་འཁོར་བསྐོར་བ་དང་། མྱ་ངན་ལས་འདས་པ་དང་། ཟླ་བཟང་གིས་རྩ་རྒྱུད་བསྡུས་ཤིང་བཀྲལ་བ་དང་། གྲགས་པས་བསྡུས་རྒྱུད་བསྡུས་ཤིང་སྲས་ཀྱིས་དེ་འགྲེལ་བརྩམས་པ་དང་། རྒྱུད་ཀྱི་རྩིས་འགོ་ཟུགས་པ་དང་། འཕགས་ཡུལ་དང་བོད་དུ་བྱོན་པ་དང་། ཁྱད་པར་རྒྱུད་ཀྱི་དགོངས་པ་ཡང་དག་པར་སྟོན་པའི་བསྟན་བཅོས་པདྨ་དཀར་པོའི་ཞལ་ལུང་འདིར་ཕྱེ་བ་དང་། ད་ལྟ་ཤམྦྷ་ལའི་སེང་གེའི་ཁྲི་ལ་རིགས་ལྡན་འདི་ཞེས་བྱ་བས་ཞབས་ཟུང་བཀོད་ནས་ལོ་འདི་ཙམ་ཞིག་འདས་ཞེས་བསྟན་རྩིས་བཀོད་པའི་མཐར། ད་ལོའི་གནམ་ལོ་ནི་ཤིང་ཕོ་བྱི་བ་ལ་སོགས་པ་ལོ་དྲུག་ཅུ་ཡོད་པའི་ནང་ནས་འདི་ཞེས་པའི་མིང་དང་། དེ་

p. 331

ཉིད་ཀྱི་སྲོག་ལུས་དབང་ཀླུང་སོགས་ལ་བལྟས་ཏེ་འབྱུང་བ་བཞི་ལྡན་གསུམ་ལྡན་སོགས་གང་ཡིན་བལྟ། སྲོག་དང་དབང་ཐང་གཅིག་པ་ཁ་ཡན་ལོ། །དབང་ཐང་སྲོག་གི་མར་སོང་ཁོང་ནོང་ལོ། །དབང་ཐང་བུར་གྱུར་སེ་ཞིག་ལོ་པ་སྟེ། །དབང་ཐང་གྲོགས་གྱུར་ཁ་རལ་དགྲར་གྱུར་ན། །འདུན་ཁུར་ལོ་པ་ཞེས་སུ་གྲགས་པ་ཡིན། །ཞེས་གནམ་ལོའི་སྲོག་དང་དབང་ཐང་ལ་རྩིས་ཏེ་གང་ཡིན་འབྲི། དེ་ནས་ལོ་དྲུག་ཅུ་ལ་གཟའ་དམར་ཕུར་སྤེན་ཟླ་བཞི་པོ་ལན་བཅོ་ལྔ་རེ་འཁོར་ཏེ་ཡོད་པ་ལ་གང་ཡོད་པ་དེ་ཡི་ཀླུང་ཞེས་འབྲི། དཔེར་ན་ཤིང་འབྲུག་འབྱུང་བ་བཞི་ལྡན་འདུན་ཁུར་མིག་དམར་གྱི་ཀླུང་ཞེས་པ་ལྟར་རོ། །དེ་ལྟར་གནམ་ལོ་དེའི་འབྲས་བུ་མདོ་སྡེ་གསང་བའི་དྲུག་ཅུ་སྐོར་དང་། བཅུ་གཉིས་སྐོར་དང་། སྟག་སྣ་ཆུང་བ་དང་། ཕུར་སྟག །དུས་བསྟན་མེ་ལོང་སོགས་ནས་བྲི་བར་བྱའོ། །དེ་ནས་ཕོ་བྲང་གི་དབུས་སུ་སྨེ་བ་གང་འདུག་བལྟས་ཏེ་དེའི་འབྲས་བུ་དང་། གོང་དུ་བརྗོད་པའི་གྲུབ་མཐའི་ལོ་གཟའ་ལོ་སྐར་གྱི་འབྲས་བུ་དང་། བྱེད་པ་ལོ་བདག་གི་འབྲས་བུ་དང་། རྒྱལ་བློན་འབྲས་བུ་སོགས་ལས། ལོ་གཟའ་ལོ་སྐར་གྱི་འབྲས་བུ་ནི་དུས་བསྟན་མེ་ལོང་དང་། སྨེ་བ་བྱེད་ལོ་རྒྱལ་བློན་གྱི་འབྲས་བུ་ནི་ཟུར་དུ་བཀོད་པ་ལས་ཤེས་པར་བྱ་དགོས་སོ། །ད་དུང་སྤྲོས་པ་ལ་དགའ་ན་བལ་པོ་ཀ་རའི་མྱང་རྩིས་དང་། ཤཱ་ཀ་དྲག་སྦྱངས་སོགས་ཀྱི་འབྲས་བུ་དང་། དྲང་སྲོང་གཟའ་ལྔའི་ཕྱིར་ལྡོག་གི་འབྲས་བུ་སོགས་བློ་གྲོས་ཀྱིས་བརྟགས་ཏེ་བྲི་བར་བྱའོ། ༈ །ལོ་བཤད་ཟིན་བྲིས། ལོ་དེ་ལ་ཟླ་བཤོལ་འདུག་ཚེ་ཟླ་བ་འདི་བཤོལ་ཞེས་འབྲི་དགོས་ཏེ། དེ་ཡང་ཟླ་བཤོལ་འོང་བའི་དུས་ནི། བསྡུས་རྒྱུད་ལས། ཕྱེད་དང་བཅས་པའི་སུམ་ཅུ་གཉིས་ན་ལྷག་པའི་ཟླ་བར་འགྱུར་ཏེ། ཞེས་གསུངས་ཤིང་། དེ་ཉིད་ཀྱི་དགོངས་པ་འགྲེལ་ལུགས་མང་ཡང་། ད་ལམ་འདིར་སྤྲོས་པ་བཞག་སྟེ། དེང་སང་ཕྱག་ལེན་དུ་ཇི་ལྟར་མཛད་པ་ཉིད་བྲི་བར་བྱའོ། །དེ་ཡང་མན་ངག་རྩ་ཚིག་ལས། ཉི་བར་བཅུ་གསུམ་ཆ་དང་ནི། །ལྔ་ཆར་བཅས་པ་ལས་སྒྲུབ་པའི། །སྒང་གི་རི་མོ་ཇི་བཞིན་པ། །གནམ་གང་དག་ལ་ཤར་བ་ན། །ཟླ་བ་དེ་ཉིད་ཉིས་བརྩེགས་ལ། །ཚེས་གཅིག་དག་ལ་སྒང་ཤར་བའི། །ཟླ་བ་

p. 332

དེ་ཉིད་ཕྱི་ལ་བཤོལ། །མདོར་ན་སྒང་བྲལ་ཟླ་བ་བཤོལ། །ཞེས་གསུངས་ཏེ། དཔེར་ན་ཟླ་བ་གསུམ་པའི་སྒང་ཁོ་རང་གི་གནམ་གང་དང་། ཟླ་བ་བཞི་པའི་སྒང་ཁོ་རང་གི་ཚེས་གཅིག་ལ་ཡོད་པ་དེའི་ཚེ་ན། ཟླ་བ་བཞི་པ་དེ་ཉིད་ཕྱིར་བཤོལ་ནས་ཟླ་བ་གསུམ་པ་ཉིས་བརྩེགས་བྱ་བ་བཞིན་ཏེ། ཉིས་བརྩེགས་ཀྱི་ཕྱི་མ་ལ་སྒང་མེད་པས་མདོར་ན་ཟླ་བ་བཤོལ་ཞེས་བཤད་པ་ཡིན་ནོ། །ད་ནི་གཉིས་པ་ཟླ་བཤད་ཀྱི་ལག་ལེན་ནི། དང་པོར་ཟླ་བ་སོ་སོའི་དབང་ཐང་བརྗོད་དགོས་ཏེ། དེ་ཡང་གནམ་ལོ་ཤིང་ལྟ་བུ་ལ། གནམ་ལོ་མ་ལ་ཟླ་བ་བུ་ཞེས་པས། ཟླ་བ་བཅུ་གཅིག་པ་མེ་སྟག་ཡིན་པ་བཞིན་གཉིས་གཉིས་སྦྲགས་མར་བྲིས་ལ། དེ་ཡང་ཟླ་བ་དེ་ལ་ཞག་སུམ་ཅུ་ཡོད་ན་ཆེ་བ་དང་། ཉེར་དགུ་ཡོད་ན་ཆུང་བ་ཞེས་བརྗོད་དོ། །དེ་ནས་སྒང་དབུགས་ཁྱིམ་སླེབས་གསུམ་གང་སྔ་ནས་བྲིས་ལ། ཁྱིམ་སླེབས་སྐབས་སུ། དེའི་ཉིན་མོའི་གྲུབ་རྩིས་ཀྱི་གཟའ་ལ། ཉི་མ་ཡོད་ན་དྲག་མོས་རྩུབ། ཟླ་བ་བྱ་རོག་འཇམ། མིག་དམར་བསུས་པོ་ཆེས་རྩུབ། ལྷག་པ་གངྒ་མས་འཇམ། ཕུར་བུ་དལ་མས་འཇམ། པ་སངས་སྣ་ཚོགས་མདོག་ཅན་འཇམ། སྤེན་པ་སྲིན་པོའི་རྣལ་འབྱོར་རྩུབ། ཅེས་དང་། དེ་ནས་སངས་རྒྱས་ཀྱི་དུས་ཆེན། དེ་ནས་ཉི་ནག་གི་འབྲས་བུ། དེ་ནས་ཟླ་ནག་འབྲི་དགོས་ཏེ། དེ་ཡང་། སྟག་སྤྲེ་ཤར་ན་ཕག་སྦྲུལ་ནག །བྱ་ཡོས་ཤར་ན་བྱི་རྟ་ནག །ཁྱི་འབྲུག་ཤར་ན་གླང་ལུག་ནག །ཕག་སྦྲུལ་ཤར་ན་སྟག་སྤྲེ་ནག །བྱི་རྟ་ཤར་ན་བྱ་ཡོས་ནག །གླང་ལུག་ཤར་ན་ཁྱི་འབྲུག་ནག །ར་བ་བཞི་ཡི་ཟླ་སྟོད་ནག །འབྲིང་པོ་བཞི་ཡི་ཟླ་སྒང་ནག །ཐ་ཆུང་བཞི་ཡི་ཟླ་སྨད་ནག །ཅེས་གསུངས་པ་ལྟར་རོ། །དེ་ནས་སྐྱོར་ཁ། དེ་ནས་ཐེབས་བཟློག །དེ་ནས་ཀླུ་བཟློག །དེ་ནས་ལྷ་ལྔ་དགུ། དེ་ནས་ཚེས་ཀྱི་ཆད་ལྷག་འབྲིའོ། །དེ་ལྟར་ཟླ་བཤད་འདི་དག་མིང་གི་གོ་རིམ་ཙམ་མ་གཏོགས་རྒྱས་པར་མི་བརྗོད་པ་ནི་ས་བདག་ཤོག་ཁྲ་ལས་བཤུས་པས་ཆོག་པ་ཡོད་པས་ཁྱད་པར་དུ་དགོས་པ་འདྲ་མ་གཏོགས་མ་བརྗོད་པ་ཡིན་ནོ། །དབྱར་དགུན་ཉི་ལྡོག་གི་དུས་ཚོད་ནི། སྒང་གི་རི་མོའི་གཟའི་ཆུ་ཚོད་ལ་ཅི་ཙམ་ཡོད་པ་དེ་རྫོགས་པ་དང་ཉི་མ་ལྡོག །དཔེར་ན་གཟའི་ཆུ་ཚོད་ལ་དྲུག་ཙམ་ཡོད་ན་ཉི་ཤར་ཙམ་ལྡོག་གོ། ཟླ་

p. 333

བ་གཉིས་པའམ་གསུམ་པ་གང་རུང་གི་བྱེད་རྩིས་ཀྱི་ཉི་སྐར་ཉེར་དྲུག་དང་། ཆུ་ཚོད་ཉེར་དྲུག་ཡོད་པ་ལ་འབྲུག་འོང་། བྱིའུ་སླེབས། ཟླ་བ་བདུན་པའམ་བརྒྱད་པ་གང་རིགས་ལ་ཉི་མའི་སྐར་གནས་དགུ་དང་། ཆུ་ཚོད་བདུན་ཡོད་པ་ལ་རྐྱང་ལྷག་སྐྱེ། ཟླ་བ་བདུན་པའམ་བརྒྱད་པ་གང་རིགས་ལ། ཉི་སྐར་ལ་དྲག་པོ་རྐང་བཅས་གང་ལ་ཡོད་པའི་ཚེས་དང་ཉེ་བའི་བརྒྱད་གསུམ་གང་རིགས་ཤིག་ལ་རྀ་ཥི་འཆར། ཟླ་བཤད་རྣམས་རྫོགས་པའི་རྗེས་ལ། གཟའི་དར་གུད་རྒྱག་སྟེ། དེ་ཡང་། སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །བྱི་འབྲུག་སྤྲེལ་གསུམ་དམར་པོས་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །གང་ཚེས་དེ་དར་དེའི་བུ་དར། །མ་ཞུད་དགྲ་གྱོད་གྲོག་ནི་གུད། །ཅེས་པ་ལྟར་རོ། །དེ་ནས་སྔར་བརྗོད་པའི་ཨུ་མ་བཞེངས་བཞུགས་ཀྱི་འབྲས་བུ་དང་བཅས་པ་འབྲི། དེ་ནས་གཟའ་ལྔའི་དལ་མྱུར་དང་། བྱེད་གྲུབ་ཀྱི་དྷྲཱུ་ཝ། ཉ་སྟོང་གི་སྒྲ་གཅན་གཉིས་བཅས་པ་རིམ་བཞིན་བཤུ་བའི་ཕྱག་ལེན་ཡང་ཡོད། དེ་ནས་ཕྱེད་བཀྲོལ་དངོས་བྱ་བ་ནི། ཐོག་མར་རེའུ་མིག་རྣམས་ཀྱི་ནང་དུ་ཚེས་གཅིག་ནས་གནམ་གང་གི་བར་མི་ནོར་བའི་མཚན་མར་ཨངྐི་བཀོད། དེ་ནས་དཀར་ཕྱོགས་ལ་དབྱངས་ཨ་ཨི་ཨུ་ཨེ་ཨོ་ལྔ་སུམ་སྐོར་དུ་བཀོད། ཚེས་བཅུ་དྲུག་ནས་བཟུང་ནག་ཕྱོགས་ལ། ཨཱ་ཨཱི་ཨཱུ་ཨཻ་ཨཽ་སྟེ་དབྱངས་རིང་པོ་ལྔ་སུམ་སྐོར་དུ་བཀོད། ༈ །དེ་ནས་ས་རིས་དང་བསྟུན་ཏེ་གཟའ་འབྲི། དེ་ཡང་། ༡ཉི་མ། ༢ཟླ་བ། ༣མིག་དམར། ༤ལྷག་པ། ༥ཕུར་བུ། ༦པ་སངས། ༠སྤེན་པ་ཞེས་འབྲི། དེ་ནས་སྐར་མ་རྣམས། ༠དབྱུག་གུ། ༡བྲ་ཉེ། ༢སྨིན་དྲུག །༣སྣར་མ། ༤མགོ༥ལག །༦ནབས་སོ། ༧རྒྱལ། ༨སྐག །༩མཆུ། ༡༠གྲེ། ༡༡དབོ། ༡༢མེ་བཞི། ༡༣ནག་པ། ༡༤ས་རི། ༡༥ས་ག །༡༦ལྷ་མཚམས། ༡༧སྣྲོན། ༡༨སྣྲུབས། ༡༩ཆུ་སྟོད། ༢༠ཆུ་སྨད། ༢༡གྲོ་བཞིན་བྱི་བཞིན། ༢༢མོན་དྲེ། ༢༣མོན་གྲུ། ༢༤ཁྲུམས་སྟོད། ༢༥ཁྲུམས་སྨད། ༢༦ནམ་གྲུ། ཞེས་ས་རིས་དང་བསྟུན་ཏེ་འབྲི། དེ་ཡང་ཉིན་གྱི་ཆ་ལ་སྐར་མ་འོག་མས་སླེབས་པའམ། གོང་མས་ཕྱིར་ནུར་དུ་བསྡད་པ་ཡོང་བས། དཔེར་ན། ཉིན་མཉམ་མཚན་མཉམ་གྱི་དུས་ལྟ་བུ་

p. 334

ཞིག་ལ། ཟླ་སྐར་གྱི་གནས་སུ་ཐིག་དང་ཆུ་ཚོད་དུ་སུམ་ཅུ་སོ་བཞི་ཙམ་འདུག་ན་སྐར་མའི་ཆུ་ཚོད་འདས་པ་ཡིན་པས། ཉིན་མོའི་ཆུ་ཚོད་ཉེར་དྲུག་ཙམ་རྫོགས་པ་དང་བྲ་ཉེས་སླེབས་ནས། ཉིན་གྱི་ཆ་ལ་ཆུ་ཚོད་བཞི་ཙམ་སྤྱོད་རྒྱུ་བྱུང་ཞིང་། ཉིན་རྟིང་མ་ལའང་བྲ་ཉེས་ཕྱི་ནུར་དུ་སྡོད་པ་བཞིན་ནོ། །འདི་ཉིད་ཀྱི་ལག་ལེན་བྱ་ལུགས་ནི། སྐར་མའི་ཆུ་ཚོད་ན་གང་འདུག་དེས་དྲུག་ཅུ་ལ་སྦྱངས་པའི་ལྷག་དང་སྤྱོད་ཁྲ་གཉིས་བསྟུན་ཏེ་བྱ། དེ་ནས་འཕྲོད་ཁྲ་ལྟར་གཟའ་སྐར་གཉིས་འཛོམ་པའི་འཕྲོད་གཉིས་སྤྱོད་འདུག་ཚེ་དེ་དང་མཐུན་པའི་སྐར་མ་གཉིས་ཀ་དང་འཛོམ་པའི་འཕྲོད་གཉིས་འབྲི། ༠སྒྲ་གཅན་གདོང་མཇུག་ཀྱང་སྐར་མ་གང་ན་ཡོད་པ་དེ་ཉིད་དུ་བྲི། ༈དེ་ནས་ས་རིས་དང་བསྟུན་ཏེ་སྦྱོར་བ་རྣམས། ༠སེལ། ༡མཛའ་བོ། ༢ཚེ་ལྡན། ༣སྐལ་བཟང་། ༤བཟང་པོ། ༥རབ་སྟོང་། ༦ལས་བཟང་། ༧འཛིན། ༨གཟེར། ༩འབྲས། ༡༠འཕེལ། ༡༡ངེས། ༡༢རྨ་ཆེན། ༡༣དགའ། ༡༤རྡོ་རྗེ། ༡༥དངོས་གྲུབ། ༡༦ཀུན་བརྡུང་། ༡༧དཔའ་བོ། ༡༨ཡོངས་འཇོམས། ༡༩ཞི་བ། ༢༠གྲུབ། ༢༡བསྒྲུབ་བྱ། ༢༢དགེ་བ། ༢༣དཀར་པོ། ༢༤ཚངས། ༢༥དབང་པོ། ༢༦ཤ་འཁོན། ཞེས་པ་ལྟར་བྲིས། གལ་ཏེ་སྦྱོར་བ་དེ་ཉིད་འཕྱོངས་བྱུང་ན་འཕྱོངས་པའི་སྔ་མ་ལ་སྦྱོར་བ་གཉིས་ཡང་བལྡབས་ནས་འདུག་ཚེ་ལྡབ་པ་རང་དེ་གཉིས་ཀ་བྲི། ༈དེ་རྗེས་བིཥྚི་འབྲི་དགོས་ཏེ། དེ་ཡང་བིཥྚིའི་ལོངས་སྤྱོད་ནི་འཆར་བའི་དུས་ནི། མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི། །ཀླུ་ཚེས་ལག་མིག་ཉེར་དགུ་སྔ། །ཞེས་པས་ཚེས་དེ་རྣམས་ལ་བིཥྚི་ཡོང་མོད། དེ་ལ་བིཥྚིའི་སྤྱོད་ནི། ཚེས་ལོངས་སྔ་མས་མཁའ་རོ་ལ། །ཕྲི་ལྷག་ནམ་ལངས་གོང་དུ་འདས། །ལྷག་དང་ད་ལྟའི་ཚེས་ལོངས་གཉིས། །བསྲེས་ལ་མིག་གིས་ཕྱེ་བའི་ནོར། །གང་བྱུང་བིཥྚི་རྒྱུ་བའི་ཚད། །སྔ་ཆ་ཡིན་ན་ཚད་དེ་ཡིས། །ད་ལྟའི་ཚེས་ལོངས་ལ་ཕྲི་བས། །ལྷག་མ་ནམ་ལངས་ནས་བཟུང་སྟེ། །དེ་ཡི་ཡུན་དུ་སྡོད་པའོ། །མ་ལྡང་གོང་གི་ཚེས་དེ་ཡི། །ལོངས་སྤྱོད་རྫོགས་ནས་ཡུན་ཚད་སྤྱོད། །ཚེས་དེ་ཁོ་ནར་བིཥྚི་མེད། །ཕྱི་ཆར་ཚད་དེས་ད་ལྟ་ཡི། །ཚེས་ལོངས་ཕྲི་ལྷག་དེ་ཉིད་ནི། །ནམ་ལངས་ནས་བཟུང་

p. 335

རྫོགས་པའི་ཚེ། །བིཥྚི་འབྱུང་ཞིང་ཚད་ཡུན་སྡོད། །འབྲིད་པར་མ་ལྡང་ནམ་ལངས་ནས། །ཚེས་ལོངས་ཡུན་དུ་སྡོད་པའོ། །ཞེས་པའི་སྤྱོད་ལ་ཞིབ་མོར་བལྟ་ཞིང་དེ་ཡང་སྔ་ཆ་ལ་བི་སྔ་དང་ཕྱི་ཆ་ལ་བི་ཕྱི་ཞེས་བྲི། ༈དེ་ནས་གཟའ་དང་ཚེས་བསྟུན་ཏེ་སྲེག་ཚེས་ཤོག་ཁྲ་བཞིན་དུ་རྒྱག །དེ་ཡང་ཚེས་བཅུ་གཉིས་ལ་གཟའ་ཉི་མ་ཡོད་ན་སྲེག་ཚེས་ཡོང་མོད། ཚེས་བཅུ་གཉིས་ལ་ཉི་མ་ཡོད་ཀྱང་། དེའི་ཉིན་གྱི་ཚེས་ལོངས་ལ་གཉིས་ཙམ་འདུག་ན་གཉིས་པོ་དེ་རྫོགས་ནས་སྲེག་ཚེས་དེ་སླེབས་ཡོང་། དེ་ལྟ་བུ་ཡར་འཚངས་པ་ལ་སྲེག་ཚེས་སུ་ཞེས་ཞབས་ཀྱུ་འདོགས། ཚེས་བཅུ་གཉིས་རང་ལའང་ཉི་མ་ཡོད་ནས་ཚེས་ལོངས་ལ་དྲུག་ཙམ་འདུག་ཚེ་ཆུ་ཚོད་དྲུག་པོ་དེ་རྫོགས་ནས་སྲེག་ཚེས་རྫོགས་འགྲོ། ཉིན་མོ་མ་གཏོགས་མཚན་ལ་སླེབས་པ་ལ་འབྲི་སྲོལ་མེད། ༈དེ་རྗེས་རྟེན་འབྲེལ་བཅུ་གཉིས་སོ་སོའི་སྒང་ནས་དེད་དེ་ཤོག་ཁྲ་ལྟར་འབྲི། དེ་ཡང་སྒང་གཅིག་ནས་གཅིག་གི་བར་བགྲངས་པས་ཞག་སུམ་ཅུ་བྱུང་ན་རྟེན་འབྲེལ་དང་ཁ་འགྲིགཉི་ཤུ་རྩ་དགུ་བྱུང་ན་རིམ་པར་དེད་པས་གཤམ་དུ་གཅིག་ལུས་ཡོང་བ་སྐྱུར་ཆོག །སོ་གཅིག་བྱུང་ན་ལུགས་འབྱུང་ཟླ་སྟོད་ལས་གཅིག་ཐུར་དུ་ཡོང་། དེ་ནས་ཐད་ཀར་ཕྱིན། སོ་གཉིས་བྱུང་ན་ལུགས་འབྱུང་ཐུར་དུ་གཅིག་འགྲོ། ཐ་མར་གཅིག་ལུགས་ལྡོག་གྱེན་ལ་འགྲོ། དེས་སོ་གཉིས་འགྲིག །༈དེ་ནས་ཉི་མ་བཅུ་གཉིས་དང་། ས་བདག་ཐེབས་བཟློག །གནམ་སྒོ་རྣམས་ཤོག་ཁྲ་དག་པ་ནས་བཤུས་པ་རང་གི་ཡོང་། འོན་ཀྱང་ཟླ་ཐེབ་ཡོད་དུས། ཟླ་བཤད་ཀྱི་ཉི་ནག་ལྷ་ལྔ་དགུ། ཉི་མ་ས་བདག་རྣམས་སྔ་མ་དེ་ལྡབས་ཏེ་འབྲི། མདོར་ན། ཚེས་དབྱངས། གཟའ། སྐར་མ། འཕྲོད། སྒྲ་གཅན། སྦྱོར་བ། བིཥྚི། སྲེག་ཚེས། རྟེན་འབྲེལ། ཉི་མ། ས་བདགགནམ་སྒོ་རྣམས་ཀྱི་མཇུག་བསྡུས་ཏེ་བྲི། ༈ཞིབ་མོར་བྱེད་ན་དབྱངས་འཆར་གྱི་རྐང་པ་བརྒྱ་གྱ་གཅིག་གི་འཁོར་ལོ་ལ་བརྟེན་

p. 336

ཏེ་གཟའ་འགྲེམས་བྱས་ལ། ཟླ་སྐར་ལ་མཆེ་བ་གདོང་ཚུགས་འཁྱུད་པ་སོགས་འབྲི་བའི་ཕྱག་ལེན་དེང་སང་བདག་གི་བླ་མ་རྣམས་ཀྱི་ཕྱག་ཐོར་ཡོད་པ་བཞིན་བྱེད་པར་འདོད་ཀྱང་བྱས་པས་ཆོག་གོ། ཚེས་ཀྱི་ཆད་ལྷག་ནི། མན་ངག་རྩ་ཐོ་ལས། གཟའ་གཅིག་ལན་གཉིས་ཤར་བ་ན། །ཆུ་ཚོད་མང་བའི་ཚེས་དེ་ཆད། །འཆོངས་ན་ཆུ་ཚོད་ཉུང་བ་ལྷག །ཅེས་པ་ལྟར་དགོས། དེ་ཡང་ཚེས་གཅིག་ཆད། གཉིས་ལྷག་པའང་སྲིད། ཟླ་བ་གཅིག་ལ་ཆད་ལྷག་བཞི་ཡོད་པ་དང་གསུམ་ཡོད་པའང་སྲིད་པས་ཆད་ལྷག་གི་ཐད་ཞུས་དག་ལེགས་པར་གཏང་རྗེས། གཞན་དེ་ལྟ་བུ་ལ་མི་སྐྲག །ལྷག་པའི་ཚེས་སྔ་བསྒྲུབ་པར་འདོད་ན། མན་ངག་རྩ་ཐོ་ལས། གཟའ་ཡི་ཆུ་ཚོད་དྲུག་ཅུ་བཀོད། །ཚེས་དེའི་ཉི་མར་མཚོ་མདའ་ནི། །ཚེས་བསྒྱུར་བྱིན་ལ་ཚེས་ལོངས་སྦྱོང་། །ཟླ་སྐར་དག་ཅིང་ཉི་ཟླ་གཉིས། །བསྲེས་པས་སྦྱོར་བའི་རི་མོ་འཆར། །ཞེས་གསུངས་སོ། །དེ་ལྟར་མདོ་ཙམ་བརྗོད་པ་ཡིན་ལ། རྒྱས་པར་ཕྱག་ལེན་ཁོ་ན་མཐོང་བརྒྱུད་ལས་ཉམས་སུ་ལེན་དགོས་སོ། །མདོར་ན་ལོ་འཁོར་གྱི་ལིའུ་ཐོ་རྣམས་འཁྲུལ་མེད་རྫོགས་པར་གྲུབ་པའི་མཐར་སྦྱར་བྱང་དང་། དགེ་བའི་རྩ་བ་ཉིད་མ་གྱུར་སེམས་ཅན་གྱི་དོན་དུ་བསྔོ་བས་རྒྱས་འདེབས་པ་རྣམས་བློ་གྲོས་ཀྱི་རྩལ་ལ་དཔགས་ཏེ་ཇི་ལྟར་རིགས་པར་སྦྱར་རོ། །༈ད་ནི་ཉེ་བར་མཁོ་བ་འདི་ཉིད་བརྗོད་པར་བྱ་སྟེ། དེ་ཡང་རེས་གཟའ་ནི་ནམ་ལངས་ནས་ནམ་ལངས་ལ་འཕོ་བས་ཉིན་ཞག་རེ་ལ་དབང་བྱེད་པ་ཡིན་པས། གསུང་རྒྱུན་དུའང་། རེས་གཟའ་ནི་ཉིན་ཞག་ལ་དབང་བྱེད་གསུངས་སོ། །གཟའི་ལོངས་སྤྱོད་དུ་འཕོ་མཚམས་ཡོད་པ་དེ་ནི། ནམ་ལངས་ནས་བཟུང་སྟེ་ལོངས་སྤྱོད་རྒྱུ་ཡིན་པས་ལོངས་སྤྱོད་ད་ལྟ་བ་ཡིན་ཞིང་། ཚེས་ཀྱི་འཕོ་མཚམས་ཀྱང་དེ་ཉིད་ཀྱིས་འཛིན་པ་ཡིན་ནོ། །ཉི་མ་ས་བདག་ཚེས་ཕྱིར་འབྲང་བར་གསུངས་པ་དེ་དོན་ལ་གནས་པ་ཡིན་པས། དེས་ན་གཟའི་ཆུ་ཚོད་དུ་གཉིས་ཙམ་ལས་མེད་ན། དེ་ཉིན་གྱི་ལིའུ་ཐོ་ལ་བྲིས་པའི་ཉི་མ་དང་ས་བདག་རྣམས་ནམ་ལངས་ནས་ཆུ་ཚོད་གཉིས་ཀྱི་བར་སྡོད། དེ་ནས་ཚེས་རྟིང་མ་ཤར་བ་ཡིན་པས་ཉི་མ་ས་བདག་རྣམས་

p. 337

ཀྱང་རྟིང་མའི་དེས་ཡར་འཚང་བ་ཡིན་ནོ། །སྐར་མ་ད་ལྟ་དང་ཆུ་ཚོད་འདས་པ་ཡིན་པའི་རྒྱུ་མཚན་ནི། གོང་དུ་སྐར་མའི་ཉིས་སྤྱོད་སྐབས་སུ་བཤད་པ་དེས་ཤེས་པར་འགྱུར་རོ། །དེའི་ཕྱིར་དེང་སང་ལིའུ་ཐོ་ཀློག་ཤེས་པ་ཙམ་གྱིས་གཟའ་སྐར་སྟོན་པའི་སྐྱེ་བོ་མང་པོ་ཞིག་འདུག་པ་བླུན་པོའི་མགོ་སྐོར་ལས་སྤྲོས་པའི་སྙིང་པོ་ཅི་ཞིག་ཡོད། ཤེས་ལྡན་རྣམས་ཀྱིས་དཔྱད་དེ། རིགས་པའི་ལམ་ལ་འཇུག་པར་བྱའོ། །དེ་ཡང་གོང་དུ་བརྗོད་པའི་ལིའུ་ཐོའི་སྦྱོར་བཀྲོལ་འདི་དག་ལ། རྒྱུད་དོན་དཔང་པོར་གསོལ་ཏེ་བརྟགས་ན་ཞིབ་མོའི་བློ་གྲོས་ཀྱི་འཇུག་པས་ད་དུང་ཚོལ་རྒྱུ་འགའ་འདུག་ཀྱང་མཁས་འདོད་དུ་སོང་དོགས་ནས་གོང་མའི་ཕྱག་ཐོར་ཇི་ལྟར་འགོད་པར་མཛད་པའི་ཕྱག་ལེན་ལ་ལུགས་གཞན་གྱི་བསྲེ་བསླད་སྤངས་ཏེ་བྲིས་པ་ཡིན་ནོ། །རྩིས་ཀྱི་ལག་ལེན་རྩིས་རིགས་སྨྲ་བར་ཉེར་མཁོ་གང་འདི་སྔོན་ཆད་མཁས་རྣམས་ཀྱིས། །སྙན་ནས་སྙན་དུ་བརྒྱུད་ལས་ཕྱོགས་ཙམ་མ་གཏོགས་ཞིབ་མོའི་ཡི་གེར་མ་འཁོད་ཀྱང་། །བློ་གསལ་བློ་གྲོས་བཞིན་རས་འཛུམ་པ་ཟུང་གིས་ཡང་ཡང་བསྐུལ་ཕྱིར་ཚུལ་འདི་ཡང་། །ཆོས་མེད་ཆོས་གཟུགས་འཆང་བའི་དགེ་སློང་དྷརྨ་ཤྲཱིས་ཆེད་དུ་བརྗོད་པ་དགེ། དགེའོ།། །།

p. 338

༈ སྐར་ནག་རྩིས་རིགས་ཆུ་ཀླུང་ཀུན། འབབ་སྟེགས་རྒྱ་མཚོའི་གཏིང་མཐའ་ལ། །བྱིས་བློས་གཞལ་བར་མི་ནུས་ཀྱང་། །ཉེར་མཁོ་སྙིང་པོའི་བཅུད་བསྡུས་སྣོད། །༡ངག་དབང་མཁྱེན་རབ་དབང་ཕྱུག་གི། ཕྱག་མཚན་བཻཌཱུར་བུམ་བཟང་འདི། །བློ་གསལ་བཞིན་མཛེས་གཞོན་ནུ་ཡི། །ལང་ཚོ་གསལ་བའི་བྱེད་པོར་ངེས། །༢ངོ་མཚར་དག་བྱེད་བདུད་རྩིའི་ཆུས། །ཉེ་རེག་དྲི་མ་འཁྲུད་པ་ལྟར། །ཀུན་རྨོངས་སྒྲིབ་གཉིས་རྡུལ་ཆ་བཅས། །ཡོངས་སུ་དག་ཕྱིར་པར་དུ་བསྐྲུན། །༣ཅེས་པའང་ཕྱི་མོའི་པར་དུ་སྒྲུབ་སྐབས་རྣམ་དཀར་བྱེད་པོ་རང་གིས་བརྗོད་པ་དགེ། ༧འདིའི་མ་དཔེ་ཁ་ཅིག་དག་ཏུ་གོང་གི་སྦྱོར་སྐར་ཉེར་བདུན་སྐབས། ༡སེལ་བ་སོགས་བྱས་པའི་བཅོས་ནས་བྲིས་པ་འགའ་རེ་འདུག་པ་ལོ་ཆེན་ཉིད་ཀྱི་ཐུན་མིན་དགོངས་བཞེད་ཡིན་མོད། འོན་ཀྱང་འདི་བརྩམ་སྐབས་མཁས་པ་སྔ་མ་དག་གི་བཞེད་པ་དང་བསྟུན་ནས་མཛད་པའི་ཚིག་ཟིན་ཞལ་གསུང་འདི་དང་གཞན་ལས་ཀྱང་འབྱུང་བ་དང་། མ་དཔེ་རྙིང་པ་དག་ལས་ཀྱང་གོང་བཞིན། ༠སེལ་བ་སོགས་བྱས་འདུག་པས་འདིར་ཡང་མ་དཔེ་ལྟར་བྲིས་ཤིང་། གཞན་ཡང་ཉི་མ་ཁྱིམ་སླེབས། རྟེན་འབྲེལ་ཚེས་སྦྱོར། གཟའི་དར་གུད་སོགས་འགའ་ཞིག་སྔར་རྒྱུན་དང་སྒོ་བསྟུན་མ་བསྟུན་ཅི་རིགས་ཡོད་པས་སྐབས་ཕྱེད་པར་ཤེས་དགོས་ཀྱི་ཕྱིས་ཀྱི་ཕྲི་བསྣན་མཛད་ཟིན་པའི་ཉིན་སྣང་ཕྱི་བརྩམ་མ་བུ་དང་བསྡུར་བར་རང་བཟོ་མི་བྱའོ།། །།

མཁན་ཆེན་དྷརྨ་ཤྲཱིའི་གསུང་རྩིས་ཀྱི་ལོ་རྒྱུས།

p. 339

མཁན་ཆེན་དྷརྨ་ཤྲཱིའི་གསུང་རྩིས་ཀྱི་ལོ་རྒྱུས་སོགས་ཡོད། །
ཕུག་རྩིས་ལ་གསར་རྙིང་ཟེར་བ། སྤྱིར་ཕུག་པའི་ཞལ་ངོ་རྣམས་སྔར་ཁྲི་སྲོང་གི་དུས་ལང་ཚོ་ལྡོང་ཡགས་བྱ་བའི་འབྱུང་རྩིས་པ་ཞིག་བྱུང་བའི་བརྒྱུད་པ་ཡིན་ཟེར་བ་ཅི་འདྲའང་། རྩིས་རྙིང་ཟེར་བ། མི་ཉག་རྒྱལ་མཚན་དཔལ་བཟང་གིས་གྲྭ་ཕྱི་ཁང་དམར་དུ་ཁྱུང་ནག་ལ་གཏུགས་ནས་སྔ་འགྱུར་གྱི་རྒྱུད་མང་པོ་དང་ཁྱད་པར་ཡང་དག་ལ་སྦྱངས། ཁྱུང་གི་ནག་རྩིས་རྣམས་ཀྱང་བསླབས། ད་ལྟའི་ཕུག་པ་ཡོད་ས་འདིར་ས་ཕུག་ཅིག་ཡོད་པར་སྒྲུབ་ཁང་མཛད་ནས་སྒྲུབ་པ་མཛད། དེ་ནས་ལྷུན་གྲུབ་རྒྱ་མཚོ་མ་བྱོན་བར་སྔགས་རྩིས་ཟུང་འབྲེལ་གྱི་འཕྲིན་ལས་བསྐྱངས་པར་ཕུག་རྩིས་རྙིང་མ་དང་། ལྷུན་གྲུབ་རྒྱ་མཚོས། བུ་སྟོན་གྱི་སློབ་མ་བླ་མ་དྷརྨ་ཤྲཱི་པ། དེའི་སློབ་མ་རིན་ཆེན་བསོད་ནམས་འཕེལ། དེའི་སློབ་མ་གཙང་ཆུང་ཆོས་གྲགས་དང་། སྟག་ཚང་ལོ་ཙཱ་བ་ཡིན། ལྷུན་གྲུབ་རྒྱ་མཚོ་གཙང་ཆུང་ཆོས་གྲགས་པའི་གྲྭ་པ་རང་ཡིན། མཚན་ཉིད་ཀྱི་སློབ་དཔོན་བཟོད་པ་བློ་རྒྱམ་པ་སོགས་མང་དུ་བསྟེན། ཁྱད་པར་འོལ་ཁ་རིན་ཆེན་སྒང་དུ་ཆོས་གྲགས་པའི་ཞབས་ལ་གཏུགས་ནས་དུས་འཁོར་གསན། གྲུབ་མཐའ་རྩ་བ་ཆོས་རྫོང་པའི་ལག་ཇོ་བསྟན་པ་ཡིན། ཁོང་གིས་ཞལ་ལུང་བརྩམས། དེ་མན་ཕུག་ལུགས་གསར་མར་གྲགས། ཁོང་གི་ཚ་བོ་དཔལ་མགོན་འཕྲིན་ལས་པའང་རིན་ཆེན་སྒང་གི་གྲྭ་པ་ཡིན། ཕྱིས་རིན་སྤུང་པས་ཡར་རྒྱབ་པ་བསྐུལ་ནས་རྩིས་སྦྱང་དུ་བཅུག དེ་དུས་ལྷུན་རྒྱམ་པ་གཤེགས་ཚར། ལྷུན་རྒྱམ་པའི་སློབ་མ་ཞལ་ལུང་གི་རྩམས་ཡིག་པ་ཆོས་ལེགས་རིན་ཆེན་དང་། གཙང་ཆུང་ཆོས་གྲགས་དང་སྟག་ཚང་ལོ་ཙཱ་བ་གཉིས་ཀའི་སློབ་མ་ནོར་བཟང་རྒྱ་མཚོ་གཉིས་ལ་ཕྲིན་ལས་པས་གཏུགས་ནས་བསླབས། ཕྲིན་ལས་པའི་སློབ་མ་རབ་འབྱམས་པ་པདྨ་ཆོས་སྐྱོང་། དེ་གཉིས་ཀའི་སློབ་མ་ཕུག་པ་དཔལ་སེང་། དེའི་སློབ་མ་ཟལ་པ་སློབ་

p. 340

དཔོན་བཀྲ་ཤིས། དེའི་སློབ་མ་འདུམ་བུ་བ་བདག་གི་མེས་དོན་གྲུབ་དབང་རྒྱལ། དེ་ལ་བདག་གིས་རྩིས་རྣམས་ཞུས་པ་ལགས། པཎ་ཆེན་ནོརབཟང་རྒྱ་མཚོ་གཙང་ཆུང་པའི་སློབ་མ་ཡིན་ཀྱང་། གྲུབ་མཐའ་དགེ་ལུགས་ཤས་ཆེ་ཞིང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྩ་བའི་བླ་མ་ཡིན། ཞལ་ལུང་མཛེས་རྒྱན་ཞེས་ལྔ་བསྡུས་ཀྱི་བཤད་པ་འདི་དཔལ་མགོན་ཕྲིན་ལས་པའི་ཡིན། ཞལ་ལུང་གི་བཤད་པ་སྦྱིབས་བཤུས་ལས་ལེགས་བཤད་ཟུར་པ་རྔོ་ཐོགས་པ་མེད། མཚུར་ལུགས་ཀྱི་རྩིས་ཞེས་པ་མཚུར་ཕུ་འཇམ་དབྱངས་པའི་བསྟན་བཅོས་ཀྱི་ལུགས་ཡིན། ཁོང་ཀར་ལུགས་མཚུར་ཕུའི་གདན་སར་ཕེབས་པ་ཡིན་ཀྱང་རྩིས་འདི་རང་བྱུང་ཞབས་ཀྱི་རྩིས་ཀུན་བསྡུས་པ་དང་དགོངས་པ་མི་མཐུན། གཟའི་རྩིས་འགྲོ་ཕུག་ལུགས་ལས་ཀྱང་ད་དུང་བསྣོན་མ་ཅན་ཡིན་པས་ཟླ་བདག་གཟའ་འཛིན་གྱི་དུས་སོགས་ཚེས་ལོངས་མ་རྫོགས་གོང་ནས་འཛིན་པའི་ལུགས་མཛད། བྱང་ལུགས་ཀྱི་རྩིས་བྱང་པ་བདག་པོ་རིགས་ལྡན་རྣམ་རྒྱལ་གྲགས་པའི་ལུགས་ཡིན། འདིའི་གྲུབ་རྩིས་ཀྱི་རྩིས་འཕྲོ་ལ་དཔྱད་པ་རང་ལུགས་པཎ་ཆེན་ནོར་བཟང་པའི་ལོག་རྟོག་གསལ་སྒྲོན་བྱ་བའི་བསྟན་བཅོས་ན་དགག་པ་ཆེན་པོ་མཛད་པ་དེ་ཡིན། ཞལ་ལུང་གི་ཕྱོགས་སྔར་ཀྱང་མང་། ནག་རྩིས་གཞུང་དུ་ཉི་མ་གནམ་སྒོ་དར་ཡང་ཤིད་མི་བྱ་ཟེར་བ་སོགས་ཡང་སྒྲས་དར་ན་སྐྱོན་ཆུང་བ་ལ་བསམ་ནས་དེ་འདྲ་ལ་ལས་དེ་དང་དེ་མི་བྱེད་པའི་མཐའ་འགེགས་ལ་ནན་ཏུར་གྱིས་བཀག་པའི་ཚིག་ཏུ་ཟད། བུམ་སྟོང་ཞེས་པ་ནག་རྩིས་སུའང་སྣང་མོད་ད་ལྟའི་འདི་དབྱངས་འཆར་ནས་འབྱུང་། དོན་ལ་ཁྱིམ་བཅུ་གཉིས་ཕྱོགས་རེར་ཁྱིམ་གསུམ་རེར་བགོས་པའི་ཤར་ཁྱིམ་གསུམ་དུ་ཉི་མ་གནས་དུས་བུམ་སྟོང་ཤར་ཟེར། དེ་ཕྱོགས་སུ་ཁྲུས་བྱེད་པ་འདུག་པ་དང་ཁ་བ ལྟ་བ་གཉིས་ཀ་འཛེམ། ལམ་དུ་འགྲོ་བའི་ཕྱོགས་འབྱེད། རོ་བག་ལྟ་བུའི་ལམ་ལ་ཁང་པའི་ཕྱི་སྐྱ་ལ་རྩིས་པའི་ནང་དུ་ཟླ་འཁོར་དང་ཕྱིར་ལོ་འཁོར། ཕྱོགས་འབྱེད་པའི་ཁང་པའི་དབུས་ནས་ཐོག་མར་རྨི་ལམ། དེའི་ཕྱིར་སྤར་ཁའི་རྩིབས་དང་རྩིབས་མཆན་གྱི་ཐིག་སོགས་བཤད། དེས་ན་ཐོག་མར་དབུས་ནས་རྨི་ལམ། དེ་རྫོགས་ནས་སྤར་ཁ། ཕྱི་རྩིག་ལ་ཟླ་བ་དང་ལོའི་

p. 341

འཁོར་ལོའི་ས་འདག་རྩི་ཞིང་། དེ་ཡང་གསོན་ལོས་བཀག་ན་རང་དང་དབང་ཐང་མི་གཅིག་པའི་སྟེང་དུ་བཏད་ཀྱང་སྐྱོན་མེད་པས། དཔེར་ན་ད་ལོ་བྱི་བ་ལོ་ལ་འབྱུང་ལྔས་ཕྱེ་བས་བྱི་བ་སྡེ་ལྔ། དེ་རེ་རེའི་སྟེང་དུ་ས་བདག་རྣམས་ཞག་པོ་དོན་གཉིས་རེ་སྡད་ནས་འཕོ་འདིའི་ཞག་དོན་གཉིས་ཁྱིམ་ཞག་དང་སྦྱར་ན་ཟླ་བཤོལ ་དང་འགྲིག་པས་དོན་ཁྱིམ་དང་སྦྱར་ན་ལེགས། འོན་ཀྱང་འབྱུང་རྩིས་ནས་ཁྱིམ་གསལ་བར་མ་བཤད་མོད། ཟླ་བཤོལ་བཤད་པས་དོན་ལ་བཤད་པར་འགྲོ། ཟླ་བ་རྣམས་ཀྱི་ས་བདག་ཚེས་གཅིག་ནས་འཕོ་བ་ལས་འོས་མེད་ཅིང་ཟླ་བཤོལ་ལའང་སྔ་མ་དེ་ཀ་སླར་འདབས་ནས་བྱེད་པ་དམིགས་བསལ་ཡིན། དེ་ཡང་ཟླ་བ་སྟག་ལྟ་བུ་ལ་སྟག་སྡེ་ལྔ་རེ་རེའི་སྟེང་དུ་ཞག་དྲུག་རེ་སྡོད་པས་དེ་ལྟར་བརྩི་བ་གནང་། ཕྱི་སྐྱ་རྫོགས་ནས་གོམ་པ་ཅི་རིགས་དོར་ནས་སྒྲ་ཅན་གྱི་ལྟོ་བ་དང་སྤར་ཁའི་བཟང་བཞི་སོགས་ཕྱོགས་གཙང་ལ་ཁ་བཏད་ནས་ཚེས་ཀྱི་ངོ་ལོན་དགོས་པ་རྣམས་བྱེད། ལར་གཡུལ་བཀྱེ་བ་སོགས་ལ་ལོ་ཟླའི་ས་བདག་དམག་ལ་ཀོ་ལོང་སྡོམས་པ་རྣམས་ཀྱང་སྤང་དགོས་མོད། གཙོ་བོར་སྒྲ་ཅན་གྱི་ཐེབས་སོགས་དུས་ལྷའི་རྩིས་རྣམས་གཙོ་ཆེ། ཟོར་འཕེན་ལྟ་བུ་ལ་སྒྲ་ཅན་རང་དང་། ཐུན་ཕྱེད་ཡུད་ཙམ་བིཥྟི་རྣལ་འབྱོ ར་དུས་མཚན་མ་རྣམས་རྩི་བ་མ་གཏོགས་གཞན་རྩི་སྲོལ་མི་འདུག ཡང་དམག་དང་ཟོར་འཕེན་སོགས་ལ་སྒྲ་ཅན་གྱི་ཐེབས་ཕྱོགས་ལ་ཁ་བཏད་ནས་ལས་བྱེད་པ་མི་བདེ་བའི་ཕྱོགས་ལོག་ལ་ཐོག་མར་ལས་དེ་དང་དེ་མགོ་རྩོམ་པའི་ཚེ་ཕྱོགས་དེར་ཁ་གཏད་ཙམ་བྱས་པས་ཆོག་པར་གཤིན་རྗེ་དཔུང་གནོན་ལས་བཤད། དུས་འཁོར་གྱི་མོ་དཔེ་སྲིད་གསུམ་ལེགས་བཤད་པྲ་ཕབ་ཟེར་བ་སྔར་མཐོང་ཐོས་མ་བྱུང་བས་སུས་མཛད་མ་ཤེས། ཕུག་ལུགས་ལག་ལེན་བརྒྱུད་པར་དེ་འདྲ་མེད་པས་དཔེ་རྒྱུན་ཡན་པ་ཞིག་འཁྱར་བ་ཡིན་ནམ་སྙམ། གང་ལྟར་དེའི་དགོངས་དོན་གང་ཡིན་ཡི་གེ་དེ་རང་མ་མཐོང་བས་ཞུ་རྒྱུ་མ་མཆིས། དུས་འཁོར་རང་ལས་དུས་ཀྱི་བླང་དོར་འཆད་པའི་སྐབས། ཕྱིའི་དུས་སྦྱོར་ནི་ད་ལྟ་འཆར་བཞིན་པའི་ཁྱིམ་དང་། དེ་ནས་གཡས་བསྐོར་དུ་བགྲངས་པའི་ཁྱིམ་བདུན་པ་ནི་དེའི་

p. 342

ཚེ་ནུབ་བཞིན་པ་སྟེ། དེ་གཉིས་གང་རུང་གི་སྟེང་ན། དུས་མེ། ཉི་མ། མེར་སྤེན་རྣམས་ཡོད་དུས་དགེ་བའི་བྱ་བར་ཞུགས་ན་རིམ་པར་འཆི། ནད་རྨ་ནོར་ཉམས་རྣམས་འབྱུང་། སྒྲ་ཟླ་ལྷག་སངས་ཡོད་ན་རིམ་པར། དགྲ་ཉམས་པ་དང་། རང་རྒྱས་པ་དང་། གཡུལ་ལས་རྒྱལ་དང་། དགའ་མ་དང་བཅས་པའི་ནོར་ཐོབ་པར་བཤད། ཕོ་ཉས་བརྗོད་པའི་མོ་འདི་དུས་འཁོར་རང་དུ་ནང་དུ་སྣའི་རླུང་གི་རྣལ་འབྱོ ར་ལ་བརྟག་པར་བཤད་ཀྱང་། དེ་ལྟར་མི་ནུས་པས་བཅུས་བསྒྱུར་ཁྱིམ་བསྲེ་སོགས་རི་མོའི་བྱ་བ་གསུངས། འདི་ལ་ཚར་གཉིས་འདེབས་དགོས་པའི་གསལ་ཁ་མ་བཤད། སྤྱིར་དབྱངས་འཆར་གྱི་མོ་འདེབས་པ་ཕལ་ཆེར་ལ། འདས་ཁྱིམ། འདས་ཞག་དང་། དུས་དེའི་ཉིན་མཚན་གྱི་ཚད་དང་། གཟའ་རྣམས་ཁྱིམ་ལ་གང་ལ་གནས་པའི་གཟའ་འགྲེམ་སོགས་ཐམས་ཅད་སྔོན་ལ་ཚར་བར་བྱས་ནས། འདེབས་དུས་རང་དོན་དུ་རྒྱག་ན་དྲི་ཚིག་ལ་མ་ལྟོས་མོད། གཞན་དོན་ལ་རྒྱག་ན་དྲིས་པའི་དུས་དེར་ཏརྐལ་ལ་བརྟགས་ནས་མོ་འདེབས། གང་ལྟར་ཀྱང་བརྩི་བའི་དུས་ཁོ་ན་བཟུང་བས་ཆོག ལོ་འཁོར་དང་ཟླ་འཁོར་མ་ཡིན་པའི་འཁོར་ལོ་དེ་གཤེད་ ལྷ་དགུ་སྐོར་དུ་གྲགས་པ་ལོ་འཁོར་གྱི་ནང་ཚན་ཡིན། མོ་དཔེར་སྨུགས་ནག་ལྷ་གནོད་པ་དང་མཆོད་པ་མ་མོའི་གདོན་བཅོལ་འདྲ་བས་ཨེ་ཀ་ཛཱ་ཏི་ལྟ་བུ་མཆོད། སྤེན་པ་ཏིལ་གྱི་ཚ་མིག་སྦྱར། ཟེར་བ་འདི་ཕྱོགས་ཀྱི་དཔེ་རྒྱུན་ལ་མི་སྣང་བས་གང་ཡིན་མ་འཚལ། ཉིན་བྱེད་སྣང་བར་སྐར་འབྲས་སྐབས་ཡུད་ཙམ་ཟེར་བ། གརྒའི་མདོར། སྐར་མ་རིམ་བཞིན་ཡང་། བརྒྱུད། གྲངས། དབྱིབས། རྟག་ལོངས། ཁ་ཟས། རིགས་ཀྱི་ལྷ་དང་དྲུག་གི་བཤད་པའི་རྟག་ལོངས་སྐབས་ཡུད་ཙམ་སུམ་ཅུ་ཞེས་སོགས་སྐར་ཁོངས་ལ་རྟག་ལོངས་དེ་དང་དེའི་ཚད་ཡོད་པར་བཞེད། དུས་འཁོར་ལས་བྱིན་གྲོན་མ་གཏོགས་ཐམས་ཅད་ཆུ་ཚོད་དྲུག་ཅུ་སྟེ་ཡུད་ཙམ་སུམ་ཅུ་པར་བཤད་ཅིང་། འདི་ཡུལ་ཡིན་པས་མིང་དེའང་བཏགས་པ་བར་འདོད་དགོས་སོ། །མིང་སྐར་ངོས་འཛིན་ནི། དབྱངས་འཆར་གྱི་རྒྱུད་ལས། རྐང་པ་བརྒྱ་པའི་འཁོར་ལོ་ལས། །མིང་གི་སྐར་མ་ཤེས་པར་བྱ། །མིང་གི་ཐོག་མའི་ཡི་གེ་ནི། །བསྡུས་པས་ཤེས་བྱ་དགའ་བྱེད་མ། །གང་ཚེ་ཡི་གེ་བརྩེགས་མ་ཡོད། །

p. 343

དེ་ཚེ་སྟེང་མ་བཟུང་བར་བྱ། །ཞེས་པས་རྒྱ་གར་མིང་ཐོག་ཤྲཱི་ལྟ་བུ་ཡོད་ན་ཤ བོད་སྐད་བཀྲ་ཤིས་ལྟ་བུར་བ་བཟུང་ཞེས་བཤད། འོན་ཀྱང་མིང་གཞི་གཙོ་བས་ཀྲའི་ཀ་ལ་འཐད་པ་རང་གི་བློའི་འཆར་སྒོ་ཡིན། གང་ལྟར་ཀྱང་རྐང་བརྒྱའི་འཁོར་ལོའི་ཡི་གེ་རྣམས་སྲོག་ཅན་ཡིན་པས་དབྱངས་བཅས་ཀྱི་གསལ་བྱེད་སྐར་མ་གང་ལ་འདུག་བལྟས་ཏེ་མིང་འདོགས་པ་དང་བརྩི་བ་སོགས་བྱའོ། །གཙུག་ལག་མདོ་བཞི་ཟེར་བ། དག་པ་གསེར་མདོ། གནམ་ས་སྣང་བརྒྱད། བཀྲ་ཤིས་བརྩེགས་པ། ཕྱོགས་བཅུ་མུན་སེལ་རྣམས་ལ་གྲགས། དྲག་པོ་མདོ་བཞི་ཞེས་གང་ལ་ཟེར་མ་ངེས། བླ་བྲང་གི་བར་འཁྱམས་སུ་བྲིས་པའི་གནམ་སའི་གོ་ལ་སོགས་བཻ་དཀར་ལུགས་རྣམས་གཞུང་གི་ཐང་ཀ་དང་། རང་ལུགས་རྣམས་འཕྲལ་འཕྲལ་དེ་གར་དག་བཀོད་ཀྱིས་བྲིས་པ་ལས་ཕྱི་ལོང་དཔེ་བྲིས་པ་མེད་ལགས་པ་དགོངས་ཁྱིམ་དུ་བཅགས་པ་མཁྱེན་མཁྱེན།

ཞག་གསུམ་རྣམ་དབྱེའི་ལྷན་ཐབས་རིན་ཆེན་འཁར་བ།

p. 344
p. 345

རྩིས་གཞུང་ཉིན་བྱེད་སྣང་བ་ལས་ཞག་གསུམ་རྣམ་དབྱེའི་ལྷན་ཐབས་རིན་ཆེན་འཁར་བ་ཞེས་བྱ་བ་བཞུགས་སོ། །
ཚངས་སྲས་དགྱེས་པའི་བློ་གྲོས།

p. 346

རྩིས་གཞུང་ཉིན་བྱེད་སྣང་བ་ལས་ཞག་གསུམ་རྣམ་དབྱེའི་ལྷན་ཐབས་རིན་ཆེན་འཁར་བ་ཞེས་བྱ་བ་བཞུགས་སོ། །
ཚངས་སྲས་དགྱེས་པའི་བློ་གྲོས། མཆོག་ཏུ་མི་འགྱུར་ཟག་མེད་བདེ་ཆེན་ཐབས། །ཤེས་རབ་ཆོས་འབྱུང་བཅུ་གཉིས་དབང་མོའི་རོར། །རྗེས་ཆགས་དང་པོའི་སངས་རྒྱས་དཔལ་ལྡན་བླ། །ཕྲིན་ལས་རྣམ་པར་རྒྱལ་དེ་སྤྱི་བོས་མཆོད། །མངོན་སུམ་ལྟར་སྣང་ཕྱི་དུས་འཁོར་ལོ་ལས། །གཞན་ནང་རྡོ་རྗེའི་ཐེག་པ་གཅེར་མཐོང་དུ། །རང་ཞལ་མཇལ་བའི་ཐབས་གསང་ལམ་མཆོག་གི། ལུང་སྟོན་བཤེས་གཉེན་ཚོགས་རྣམས་བཀའ་དྲིན་ཕུལ། །ཆོས་དབྱིངས་ཐབས་ཤེས་ཐིག་ལེ་འགྲོ་དང་འོང་། །འཕེལ་བའི་ལས་མཚོན་ཉི་ཟླའི་བྱེད་པ་ཡི། །སྣང་ཚུལ་ཞག་གསུམ་རྣམ་པར་དབྱེ་བའི་ལམ། །ཤུལ་རིང་སྤྱད་པའི་ལག་རྗེས་རི་མོར་འགོད། །ཅེས་ཡུལ་དམ་པ་ལ་བསྟོད་པས་མཆོད་ཅིང་ངེས་པ་བསྟན་ནས་གང་བཤད་པར་བྱ་བ་ནི། དཔལ་དུས་ཀྱི་འཁོར་ལོ་ལས་གཞན་ནང་ཤེས་པའི་སྔོན་དུ་འགྲོ་བ་ཕྱི་སྐར་རྩིས་ཀྱི་རིག་པ་སྟེ། དེ་ལས་ཀྱང་ཐུན་མོང་མ་ཡིན་པ་རྩ་བའི་རྒྱུད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་ངེས་པར་བཀྲལ་བ་རྣམ་དག་གྲུབ་པའི་རྩིས་ཕུག་ལུགས་སུ་གྲགས་པ་པདྨ་དཀར་པོའི་ཞལ་ལུང་གི་རྗེས་སུ་ཞུགས་པ། རིགས་ལྡན་རྒྱལ་པོ་དཔལ་གྲགས་པའི་ཞབས་སླར་ཡང་སྨྱོས་ཀྱི་རིགས་སུ་བལྟམས་པ་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིས་མཛད་པའི་རྩིས་གཞུང་ཉིན་བྱེད་སྣང་བ་ཞེས། ལེགས་པར་བཤད་པའི་སྐྱེས་ནོར་མཚུངས་པ་མེད་པ་ཚིག་དོན་སྙིང་པོ་གནད་དུ་འགྲིལ་བ་འདི་ཉིད་དེང་མཁས་པ་ཀུན་གྱི་མགུལ་བའི་རྒྱན་དུ་འཆང་བ་ཞིག་ལགས་ཏེ། ཤེས་ལྡན་རིག་པ་ཡོད་པ་དག་ལ་འདི་བས་ལྷག་པ་ཅི་ཞིག་

p. 347

དགོས་ནའང་། གཞུང་འདིར་བརྟེན་རང་ཉིད་ཀྱིས་ཇི་ལྟར་གོ་བ་དག་གཞན་ཕན་གྱི་བསམ་པས་རི་མོ་ལག་བསྟར་རྣམས་དཔེར་བརྗོད་དུ་བཀོད་པར། དེ་ཡང་ཉིན་སྣང་ལེའུ་བཅུ་བདུན་པ་ལས། གྲུབ་མཐའི་ཞག་གསུམ་རྣམ་བཞག་ལ། །སྤྱིར་བསྟན་དེ་དབྱེ་རྣམ་པ་གཉིས། །ཞེས་པ་ལས་དང་པོ་ནི། སྤྱི་ནི་ཞག་གསུམ་སོ་སོ་ཡི། །ཐ་སྙད་ཡིན་ཏེ་ཉིན་ཞག་ནི། །ནམ་མཁའི་ཉི་མས་སའི་གླིང་ལ། །བྱ་བ་བྱེད་ཚུལ་གྱིས་འཇོག་པས། །ནམ་ལངས་ནས་ནི་ནམ་ལངས་བར། །ཉིན་ཞག་ཕྲུག་ཅིག་དག་ལ་བརྗོད། །ཅེས་པ་ཉི་མ་རླུང་འགྲོས་ཀྱི་གཡས་སྐོར་དུ་རྒྱུ་བ་ལས། ད་ནང་ལག་རིས་མངོན་མཚམས་ཀྱི་ནམ་ལངས་སྔ་ཆ་ཐོག་མ་དེ་ནས། སང་ཐོ་རེངས་སྟག་གི་ཕྱི་མཐའ་ལག་རིས་མངོན་མཚམས་ཀྱི་བར་དེར་མིའི་དབུགས་གྲངས་ནས་བརྩིས་པའི་དུས་ཀྱི་ཆུ་ཚོད་དྲུག་ཅུའི་ཡུན་ཡིན་ཏེ། དེ་ལ་ཉིན་ཞག་ཅེས་པའི་ཐ་སྙད་མཛད་དོ། །ཚེས་ཞག་ཟླ་བའི་དཀར་ནག་ཆ། །འཕེལ་འགྲིབ་བཅོ་ལྔ་བཅོ་ལྔ་ཡི། །ཆ་རེའི་ཡུན་ལ་བཏགས་པར་ཟད། །ཅེས་ཟླ་བ་ཆ་བཅོ་ལྔར་བྱས་པའི་ཆ་རེར་འཕེལ་བ་དང་། ཆ་རེ་འགྲིབ་པའི་ཡུན་ལ་སྤྱིར་ཆུ་ཚོད་ང་དགུ་རྗེས་འབྲངས་ཀྱི་དུས་ལོངས་རེ་ཐོགས་པས་དེར་ཚེས་ཞག་གི་ཐ་སྙད་བཏགས་པར་ཟད་དོ། །ཁྱིམ་ཞག་ཅེས་པ་ཉི་བར་གྱིས། །ཁྱིམ་རེ་འཕོ་བའི་ཡུན་ཚད་ལ། །སུམ་ཅུར་བྱས་པའི་ཆ་རེར་བཞག །ཅེས་པས་ཁྱིམ་ཞག་ནི་ཉི་མ་བར་པས་ཁྱིམ་རེ་འཕོ་བ་ལ་ཡུལ་གྱི་སྐར་མིག་དབྱུག་ཚེས་ཡིན་ཅིང་། དེ་ཆུ་ཚོད་དུ་བསིལ་བར་སུམ་ཅུས་བགོས་པས། ༠ཤར་བ་ཉི་མས་ཡུལ་སྟེང་ནས་དེ་རེ་སྤྱོད་པའི་ཡུན་ལ་དུས་ཀྱི་ཆུ་ཚོད་དྲུག་ཅུ་རྗེས་འབྲང་དང་བཅས་ཐོགས་པས་ན་དེ་ལ་ཁྱིམ་ཞག་གི་ཐ་སྙད་བཞག་གོ། གཉིས་པ་ནི། དབྱེ་བ་ཞག་གསུམ་སོ་སོ་ཡི། །དུས་ཀྱི་ཚད་བཤད་དེའི་ཡུན་ལ། །སྐར་ཁྱིམ་ཡུལ་ལ་གཟའ་རྣམས་ཀྱིས། །སྤྱོད་པའི་དཀྱིལ་འཁོར་རྟག་ལོངས་སོ། །ཞེས་པས་ཞག་གསུམ་སོ་སོའི་དུས་ཀྱི་མང་ཉུང་དབྱེ་བའི་ཚད། དུས་དེའི་ཡུན་ལ་གཟའ་སོ་སོ་བ་རྣམས་ཀྱིས་སྐར་ཁྱིམ་གྱི་ཡུལ་ལ་སྤྱོད་པའི་དཀྱིལ་འཁོར་དང་། དཀྱིལ་འཁོར་དེ་རྣམས་ཀྱིས་སྐར་ཁྱིམ་གྱི་ཡུལ་ལ་གཞལ་བའི་རྟག་ལོངས་ཀྱི་དབྱེ་བ། དེ་རྣམས་སོ་སོར་ཡང་རི་མོའི་རྣམ་འགྱུར་མི་འདྲ་བ་

p. 348

སོགས་དབྱེ་བ་མང་ཡང་། ས་བཅད་ཀྱི་སྤྲོས་པ་དོར་དེ་ལྷུར་ལུགས་སུ་བཤད་པར་བྱའོ། །དེ་ལ་ཞག་གསུམ་དུས་ཀྱི་ཚད། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །ཆུ་ཚོད་སར་བསྒྲིལ་དྲུག་ཅུ་ནི། །ཉིན་ཞག་དུས་ཀྱི་རྟག་ལོངས་སོ། །ཞེས་སོགས་ལ། ༠དབུགས་དེ་དུས་ཀྱིས་བགོས་ནོར། ༠དེ་མཁའ་རོས་ཐོབ་ནོར། ༠ཉིན་ཞག་དུས་ལོངས་སོ། །དབུགས་གྲངས་དེ་ཉིད་རི་མཁའ་རིས། །བསྒྱུར་ལ་གནས་གསུམ་འོག་ནས་ཡར། །རི་མཁའ་རི་དང་ཆུ་རོ་ཡིས། །བསྒྲིལ་བའི་ནོར་གྱིས་སྟེང་མར་སྦྱངས། །སྦྱངས་ལྷག་རི་མཁའ་རི་དང་རོ། །མཁའ་རོས་བསྒྲིལ་བས་བུག་མདའི་དབྱུག །སྲང་མེ་དབུགས་མཚོ་ཆ་མི་བདག །ཚེས་ཞག་དུས་ཀྱི་རྟག་ལོངས་ཡིན། །ཞེས་སོགས་ལ། ༠དབུགས་དེ་རི་མཁའ་རིས་བསྒྱུར་བ། ༠དེ་ཉིད་གནས་གསུམ་བཞག་པའི་འོག་མར་རི་མཁའ་རིས་བགོས་ནོར། ༢༡༦༠༠ལྷག་མེད་ནོར་དེ་བར་མར་བྱིན། །དེ་ཆུ་རོས་ཐོབ་ལྷག་མེད་ནོར། །༢༣༨༩༥༠དེས་སྟེང་མར་སྦྱང་ལྷག་འདི། ༠རི་མཁའ་རིས་དབུགས་གནས་སུ་བསྒྲིལ་བའི་ནོར་༢༡༢༦༢ལྷག །༡༦དབུགས་དེ་དུས་ཀྱི་ཆུ་སྲང་དུ་བསྒྲིལ་བའི་ནོར་༣༥༤༣ལྷག་༤ཆུ་སྲང་དེ་མཁའ་རོས་ཆུ་ཚོད་སར་བསྒྲིལ་བའི་ནོར་༠ལྷག །༣བཅས་ཚེས་ཞག་དུས་ལོངས་༠འཆར། དེ་ཉིད་རི་མཁའ་རིའི་ཆར་གསིལ། གནས་གཉིས་འོག་མ་མིག་གིས་བསྒྱུར། མདའ་རོས་ཐོབ་ནོར་སྟེང་མར་བསྲེ། ཚོགས་དེ་རི་མཁའ་རི་དང་རོ། །མཁའ་རོས་བསྒྲིལ་བས་མཁའ་རོའི་དབྱུག །ཆུ་སྲང་མིག་འབྱུང་དབུགས་རྒྱ་མཚོ། །རི་མཁའ་རི་ཆ་ཀླུ་རོ་གཟུགས། །མདའ་རོའི་ཆ་ཤས་མཁའ་འབྱུང་རྣམས། །ཁྱིམ་ཞག་དུས་ཀྱི་རྟག་ལོངས་ཡིན། །སོགས་ལ་ཚེས་ཞག་དུས་ལོངས་༠ཀྱི་ཆུ་ཚོད། ༥༩། མཁའ་རོས་བསྒྱུར་སྲང་༣བཅུག་པ། ༣༥༣༤དེ་དུས་ཀྱི་བསྒྱུར་དབུགས་༤བཅུག་པ། ༢༡༢༦༢དེ་རི་མཁའ་རིས་བསྒྱུར་ཆ་༡༦བཅུག་པ། ༡༥༠༣༢༢༥༠དེ་གནས་གཉིས་སུ་བཀོད་པའི་འོག་མ་མིག་གིས་བསྒྱུར་བར་མདའ་རོས་ཐོབ་ནོར་༤༦༢༥༣༠ལྷག་༥༠ནོར་དེ་སྟེང་མར་བསྲེས། ༠དེ་རི་མཁའ་རི་དང་དུས་མཁའ་རོས་ཆུ་ཚོད་སར་བསྒྲིལ་བས་ཁྱིམ་ཞག་དུས་ལོངས་༠འཆར། གཞན་ཡང་རི་མོའི་རྣམ་འགྱུར་ལ། ཉིན་ཞག་དུས་

p. 349

ལོངས་མཁའ་རོའི་དབྱུག །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། ཉི་མ་འདོད་ཟླས་རིམ་བགོ་ཞིང་། དབུགས་ལྷག་བཅུ་དྲུག་གིས་བགོས་པས། ཚེས་ཞག་དུས་ཀྱི་རྟག་ལོངས་འཆར། སོགས་ནི། ཉིན་ཞག་དུས་ལོངས་༠ཀྱི་ཆུ་ཚོད་འབྱུང་འདོད་དྲག་པོས་བསྒྱུར་བ། ༠ཆུ་ཚོད་དེ་ཉི་འདོད་ཟླས་བགོས་ནོར་༠ལྷག །༦༩༢མཁའ་རོས་བསྒྱུར་བགོས་ནོར་༣ལྷག་༧༥༨༤དུས་ཀྱིས་བསྒྱུར་བགོས་ནོར་༤ལྷག་༢༥༦མི་བདག་གིས་བགོས་ནོར། ༡༦ལྷག་མེད་རིམ་བརྩེགས་དེ་ཚེས་ཞག་དུས་ལོངས་༠སོ། །དེ་ལ་བསྒྱུར་བྱ་སྒྱུར་བྱེད་དག །ལྡོག་ལ་རི་མཁའ་རི་སོགས་ཀྱིས། ཆུ་ཚོད་སར་བསྒྲིལ་བགོད་བྱེད་ཀྱང་། ལྡོག་པས་ཉིན་ཞག་དུས་ལོངས་འཆར། སོགས་ལ། ཚེས་ཞག་དུས་ལོངས་༠ཀྱི་གནས་རྣམས་ཉི་མ་འདོད་ཟླས་བསྒྱུར་བ། ༦༦༧༤༠༨དེ་རི་མཁའ་རི་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༦༦༨༡༠༠ཆུ་ཚོད་དེ་འབྱུང་འདོད་དྲག་གིས་བགོས་ནོར། ༠ལྷག་མེད་ཉིན་ལོངས་སོ། །དེ་ལས་ཁྱིམ་ལོངས་སྒྲུབ་འདོད་ན། བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། དུས་མདའ་མཁའ་རི་ཡིད་རྣམས་ཀྱིས། རིམ་པར་བགོས་པས་ཁྱིམ་ལོངས་འབྱུང་། ཞེས་པ་ཉིན་ཞག་དུས་ལོངས་༠ཀྱི་ཆུ་ཚོད་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བ། ༨༩༥༢༥༤༠དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོས་ནོར་༠ལྷག་༡༢༩༡༨༠མཁའ་རོས་བསྒྱུར་བགོས་ནོར་༥༢ལྷག་༡༠༣༨༨༨དུས་ཀྱིས་བསྒྱུར་བགོས་ནོར་༤ལྷག་༣༥༡༠༤རི་མཁའ་རིས་བསྒྱུར་བགོས་ནོར་༡༦༨ལྷག་༡༡༣༡༢༠མདའ་རོས་བསྒྱུར་བགོས་ནོར་༥༠ལྷག་མེད་ནོར་རིམ་བརྩེགས་ཁྱིམ་ལོངས་སོ། ༠། བསྒྱུར་བྱ་སྒྱུར་བྱེད་དེ་ལྡོག་གིས། །བསྒྱུར་ལ་འཁོར་ལོས་དབྱུག་པར་བསྒྲིལ། །བགོད་བྱེད་ལྡོག་པས་དེ་ལས་སླར། །ཉིན་ལོངས་གནས་སུ་ལྡོག་པར་འགྱུར། །ཞེས་པས་ཉི་མའི་ཁྱིམ་ཞག་ཡུལ་ལོངས་༠འདིའི་གནས་ཐམས་ཅད་དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར་བ་༨༨༢༣༣༦༠གནས་འོག་མ་མདའ་རོས་བགོས་ནོར་༡༡༣༡༢༠སྟེང་མར་བསྲེས་རི་མཁའ་རིས་བགོས་ནོར་༣༥༡༠༤དབུགས་གནས་སུ་བསྲེས་དུས་ཀྱིས་བགོས་ནོར་༡༠༣༨༨༨ཆུ་སྲང་དུ་བསྲེས་མཁའ་རོས་བགོས་ནོར་༡༢༩༡༨༠ཆུ་ཚོད་དུ་བསྲེས་བུག་མཁའ་མིག་བུག་

p. 350

ཡིད་ཀྱིས་བགོས་ནོར་༦༠བཅས་ལྷག་མེད་རིམ་བརྩེགས་༠ཉིན་ཞག་དུས་ལོངས་སུ་ལྷོག་པར་འགྱུར། ཚེས་ཞག་དུས་ལོངས་རི་རོ་ཡིས། །བསྒྱུར་ལ་མདའ་རོས་རིམ་བགོས་པས། །ཁྱིམ་ཞག་དུས་ཀྱི་རྟག་ལོངས་འཆར། །དེ་ཡི་རི་མཁའ་རིའི་ཆ་ཤས། །འདོད་བསྒྱུར་འོག་གི་རེ་ལྔ་ཆ། །ལྔས་བགོས་ཐོབ་ནོར་བསྲེས་པ་ཡིས། །གཟུགས་བུག་གཟུགས་བུག་ཆ་རུ་འགྱུར། །ཞེས་པར། ཚེས་ཞག་དུས་ལོངས་༠ཀྱི་གནས་རྣམས་རི་རོས་བསྒྱུར་བ། ༣༩༥༣དེ་རི་མཁའ་རི་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ། ༣༩༥༧ཆུ་ཚོད་དེ་མདའ་རོས་བགོས་ནོར་༠ལྷག་༥༧མཁའ་རོས་བསྒྱུར་བཅུག་༣༤༢༥བགོས་ནོར་༥༢ལྷག་༤༥དུས་ཀྱིས་བསྒྱུར་བཅུག༢༧༥བགོས་ནོར་༤ལྷག་༡༥རི་མཁའ་རིས་བསྒྱུར་བཅུག་༡༠༩༧༠བགོས་ནོར་༡༦༨ལྷག་༥༠བཅས་ཁྱིམ་ལོངས་༠འཆར་ཞིང་། འདིའི་རི་མཁའ་རིའི་ཆ་༡༦༨འདོད་པས་བསྒྱུར་བ་༢༡༨༤འོག་གི་མདའ་རོའི་ཆ་༥༠ལྔས་བགོས་ནོར། ༡༠དེ་སྟེང་མར་བསྲེས་པས་༢༡༩༤གཟུགས་བུག་གཟུགས་བུག་གི་ཆར་འགྱུར་རོ། ༠། དེ་ལས་བསྒྱུར་བྱ་སྒྱུར་བྱེད་དག །ལྡོག་ལ་བགོད་བྱེད་ཀྱང་ལྡོག་པས། །རིམ་བགོས་ཚེས་ཞག་དུས་ལོངས་ཏེ། །དེ་ཡི་གཟུགས་བུག་གཟུགས་བུག་ཆ། །འདོད་པས་ཕུད་པས་རི་མཁའ་རིའི། །ཆ་ཤས་གང་ཡིན་སྟོན་པར་འགྱུར། །ཞེས་པས། ཁྱིམ་ཞག་དུས་ལོངས་༠ཀྱི་གནས་རྣམས་མདའ་རོས་བསྒྱུར་བ། ༠དེ་གཟུགས་བུག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༠ཆུ་ཚོད་དེ་རི་རོས་བགོས་ནོར་༠ལྷག་༤མཁའ་རོས་བསྒྱུར་བཅུག །༢༤༥བགོས་ནོར་༣ལྷག་༤༤དུས་ཀྱིས་བསྒྱུར་བཅུག །༢༦༩བགོས་ནོར་༤ལྷག་༡གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག་༡༣༩༣༦བགོས་ནོར། ༢༠༨འདི་འདོད་པས་ཕུད་ནོར་༡༦བྱུང་བ་དེ་རི་མཁའ་རིའི་ཆ་བཅས་ཚེས་ཞག་དུས་ལོངས་༠སོ། །ཉིན་ཞག་དུས་ལོངས་གནས་གཉིས་གཅིག །ཐུབ་རི་ཟླ་བས་བསྒྱུར་བ་ལ། །ཉི་མ་འདོད་ཟླས་རིམ་བགོད་ཅིང་། །དབུགས་ལྷག་བཅུ་དྲུག་གིས་བགོས་ནས། །ཉིན་ལོངས་ཅིག་ཤོས་ལ་སྦྱངས་པས། །ཚེས་ཞག་དུས་ཀྱི་ལོངས་སྤྱོད་འཆར། །ཞེས་པ་ཉིན་ཞག་དུས་ལོངས་༠གནས་གཉིས་སུ་བཞག་པའི་གཅིག་

p. 351

གི་ཆུ་ཚོད་ཐུབ་རི་ཟླས་བསྒྱུར་བ་༡༠༦༢༠དེ་ཉི་མ་འདོད་ཟླས་བགོད་པར་མ་ལྡངས། ༠མཁའ་རོས་བསྒྱུར་བགོས་ནོར། ༥༦ལྷག་༣༧༢༨དུས་ཀྱིས་བསྒྱུར་བགོས་ནོར། ༡ལྷག་༡༡༠༥༦མི་བདག་གིས་བགོས་ནོར་༦༧༡དེ་རྣམས་༠ཅིག་ཤོས་ལ་ཕྲི་བས་ཚེས་ཞག་དུས་ལོངས་ས༠། །དེ་ཉིད་གནས་གཉིས་བཀོད་བྱས་པའི། །གཅིག་གི་གནས་ཀུན་ཐུབ་རི་ཟླས། །བསྒྱུར་ལ་འབྱུང་འདོད་དྲག་པོ་ཡིས། །རིམ་ཐོབ་ཅིག་ཤོས་ལ་བྱིན་ཏེ། །བསྒྲིལ་བས་ཉིན་ཞག་དུས་ལོངས་འཆར། །ཞེས་པ། ཚེས་ཞག་དུས་ལོངས་༠ཀྱི་གནས་ཀུན་ཐུབ་རི་ཟླས་བསྒྱུར་བ། ༡༠༤༤༣ཆུ་ཚོད་དེ་འབྱུང་འདོད་དྲག་གིས་བགོ་བར་མ་སྡེངས། ༠མཁའ་རོས་བསྒྱུར་བཅུག །༦༢༧༡༡༡བགོས་ནོར་༥༦ལྷག་༣༥༥༡དུས་ཀྱིས་བསྒྱུར་བཅུག་༢༢༠༡༤བགོས་ནོར་༡ལྷག་༡༠༨༧༩དེ་རི་མཁའ་རིས་བསྒྱུར་བཅུག༧༦༩༤༢༨༥བགོས་ནོར་༦༩༡ལྷག་མེད་༠འདི་རྣམས་ཅིག་ཤོས་ལ་བྱིན་པས་ཉིན་ལོངས་༠འཆར་རོ། །དེ་ཉིད་གནས་གཉིས་བཀོད་བྱས་པའི། །གནས་གཅིག་མེ་ཚེས་ལག་པས་བསྒྱུར། །དུས་མདའ་མཁའ་རི་ཡིད་རྣམས་ཀྱིས། །རིམ་པར་བགོད་ཅིང་དབུགས་ལྷག་དེ། །མི་བདག་གིས་ཕྱེ་ཅིག་ཤོས་ལ། །བྱིན་པས་ཁྱིམ་ཞག་དུས་ལོངས་འབྱུང་། །ཞེས་པ་ལ། ཉིན་ཞག་དུས་ལོངས་༠གནས་གཉིས་བཀོད་པའི་ཕྱོགས་གཅིག་མེ་ཚེས་ལག་གིས་བསྒྱུར་བ། ༡༢༩༡༨༠དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོ་བར་མ་སྡེངས་མཁའ་རོས་བསྒྱུར་བགོས་ནོར། ༥༢ལྷག་༡༠༣༨༨༨དུས་ཀྱིས་བསྒྱུར་བགོས་ནོར། ༤ལྷག་༣༥༡༠༤མི་བདག་གིས་ཕྱེ་ནོར་༢༡༩༤ལྷག་མེད་ནོར་༠འདི་རྣམས་ཉིན་ལོངས་ཅིག་ཤོས་ལ་བྱིན་པས་ཁྱིམ་ལོངས་༠འཆར་རོ། །ཚོགས་དེ་གནས་གཉིས་གཅིག་གི་གནས། །མེ་ཚེས་ལག་པས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་རྣམས་ཀྱིས། །རིམ་བགོས་ནོར་གྱིས་ཅིག་ཤོས་ལ། །ཕྲི་བས་ཉིན་ཞག་དུས་ལོངས་འཆར། །ཞེས་པ་ཁྱིམ་ཞག་དུས་ལོངས་༠ཀྱི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༡༢༩༡༨༠དེ་ཆ་ཤས་གཟུགས་དབུག་གཟུགས་བུག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ། ༡༣༡༠༧༡ཆུ་ཚོད་དེ་བུག་མཁའ་མིག་བུག་ཡིད་ཀྱིས་བགོ་བར་མ་ལྡེངས།

p. 352

༠མཁའ་རོས་བསྒྱུར་བཅུག་༡༦བགོས་ནོར་༥༢ལྷག་༡༠༥༤༠༨དུས་ཀྱིས་བསྒྱུར་བཅུག༥བགོས་ནོར་༤ལྷག་༠༣༥༦༡༧གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག་༨༦༩༩བགོས་ནོར་༢༡༩༤ལྷག་མེད་ནོར། ༠འདི་རྣམས་ཀྱིས་ཁྱིམ་ལོངས་ཅིག་ཤོས་ལ་ཕྲི་བས་ཉིན་ལོངས་༠འཆར། ཚེས་ཞག་དུས་ལོངས་གནས་གཉིས་གཅིག །མིག་གིས་བསྒྱུར་ལ་མདའ་རོ་ཡིས། །རིམ་བགོས་ཐོབ་པ་ཅིག་ཤོས་ལ། །བསྣན་ཞིང་རི་མཁའ་རི་ཆ་དེ། །འདོད་བསྒྱུར་འོག་གི་མདའ་རོ་ཆ། །ལྔས་ཐོབ་བསྲེས་པས་ཁྱིམ་ལོངས་འཆར། །ཞེས་པ་ལ་ཚེས་ཞག་དུས་ལོངས་༠ཀྱི་གནས་རྣམས་མིག་གིས་བསྒྱུར་ཏེ་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ། ༠ཆུ་ཚོད་དེ་མདའ་རོས་བགོས་ནོར། ༠ལྷག་༥༣མཁའ་རོས་བསྒྱུར་བཅུག་བགོས་ནོར་༤༩ལྷག་༢དུས་ཀྱིས་བསྒྱུར་བཅུག་བགོ་བར་མ་ལྡེངས་༠ལྷག་༡༤དེ་རི་མཁའ་རིས་བསྒྱུར་བཅུག་ན་བགོས་ནོར་༡༥༢ལྷག་༥༠དེ་རྣམས་༠ཅིག་ཤོས་ལ་བསྣན་ཞིང་རི་མཁའ་རིའི་ཆར་༡༦༨འདི་འོང་བ་འདོད་པས་བསྒྱུར་འོག་གི་མདའ་རོའི་ཆ་༥༠འདི་ལྔས་ཐོབ་ནོར་༡༠དེ་སྟེང་མར་བསྲེས་པ། གཟུགས་བུག་གཟུགས་བུག་གི་ཆ་བཅས་ཁྱིམ་ལོངས་༠སོ། །དེ་ཉིད་གནས་གཉིས་གཅིག་གི་གནས། །མིག་གིས་བསྒྱུར་ལ་རི་རོ་ཡིས། །རིམ་བགོས་ཐོབ་པ་ཅིག་ཤོས་ལ། །དབྲི་ཞིང་ཆ་དེ་འདོད་པ་ཡིས། །བགོས་པས་ཚེས་ཞག་དུས་ལོངས་འཆར། །ཞེས་པས་ཁྱིམ་ཞག་དུས་ལོངས་༠ཀྱི་གནས་ཀུན་མིག་གིས་བསྒྱུར་བ་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༡༢༡ཆུ་ཚོད་དེ་རི་རོས་བགོས་ནོར་༡ལྷག་༥༤མཁའ་རོས་བསྒྱུར་༤༥བཅུག་བགོས་ནོར་༤༩ལྷག་༢དུས་ཀྱིས་བསྒྱུར་༢། བཅུག་བགོ་བར་མ་ལྡེངས་༠ལྷག་༡༤དེ་གཟུགས་བུག་གཟུགས་བུག་གིས་བསྒྱུར་༤༣༨༨བཅུག་བགོས་ནོར་༡༩༨༦ལྷག་མེད་དེ་༠རྣམས་ཀྱི་ཁྱིམ་ལོངས་ཅིག་ཤོས་ལ་ཕྲི་བས་ཆ་ཤས་སུ་༢༠༨དེ་བྱུང་བ་འདོད་པས་ཕུད་ནོར་༡༦བཅས་ཚེས་ཞག་དུས་ལོངས་༠སོ། །ཉི་མས་སྐར་ཁྱིམ་འཁོར་ཡུན་ལ། །ཞག་གསུམ་ཚད་དེས་གཞལ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །ལོ་གཅིག་མཁའ་དུས་མེས་བསྒྱུར་བ། །རང་རང་ལོ་ཡི་ཞག་ཚད་དང་། །ཉི་མའི་

p. 353

འཕོ་ཞག་ཁྱིམ་དཀྱིལ་ཡིན། །ཞེས་སོགས་ལ། ལོ་གཅིག་མཁའ་དུས་མེས་བསྒྱུར་བ་༣༦༠དེ་ཁྱིམ་ལོ་གཅིག་གི་ཞག་གི་དཀྱིལ་འཁོར་རོ། །དེ་ཉིད་གནས་གཉིས་འོག་མ་དེ། །མིག་སྒྱུར་མདའ་རོས་ཐོབ་པའི་ནོར། །སྟེང་བསྲེས་ཞག་གོ་ལྷག་མ་དེ། །མཁའ་རོ་མཁའ་རོ་དུས་དང་ནི། །འདོད་པས་བསྒྱུར་ལ་མདའ་རོ་ཡིས། །རིམ་ཐོབ་གཟུགས་རི་རྩེ་མོའི་ཞག །ཆུ་ཚོད་རིག་བྱེད་དུས་མེ་སྲང་། །འབྱུང་དབུགས་འདོད་ཆར་ཐུབ་པ་རྣམས། །ཉི་མའི་ཚེས་ཞག་དཀྱིལ་འཁོར་ཡིན། །ཞེས་སོགས་ལ་ཉི་མའི་ཁྱིམ་ཞག་གི་དཀྱིལ་འཁོར་༣༦༠དེ་གནས་གཉིས་སུ་བཞག་པའི་འོག་མ་མིག་གིས་བསྒྱུར་བ་༧༢༠དེ་ལ་མདའ་རོས་ཐོབ་ནོར་༡༡དེ་སྟེང་མར་བསྲེས་༣༧༡ལྷག་༥མཁའ་རོས་བསྒྱུར་ལ་མདའ་རོས་བགོས་ནོར་༤ལྷག་༤༠མཁའ་རོས་བསྒྱུར་བགོས་ནོར་༣༦ལྷག་༦༠དུས་ཀྱིས་བསྒྱུར་བགོས་ནོར་༥ལྷག་༣༥འདོད་པས་བསྒྱུར་བགོས་ནོར་༧ལྷག་མེད་ནོར་རྣམས་ཉི་མའི་ཚེས་ཞག་དཀྱིལ་འཁོར་༣༧༡རོ། །ཚེས་དཀྱིལ་རི་མཁའ་རིའི་ཆར་གསིལ། །གནས་གསུམ་འོག་མ་རི་མཁའ་རིས། །བགོས་ནོར་བར་བྱིན་ཆུ་རོས་བགོད། །ལྷག་མེད་ནོར་དེས་སྟེང་མར་སྦྱངས། །རི་མཁའ་རི་དང་འདོད་སོགས་ཀྱིས། །བསྒྲིལ་བས་ཟླ་དུས་རྩེ་མོའི་ཞག །དབྱུག་གུར་མི་བདག་ཆུ་ཀླུང་ཡིད། །དབུགས་གཟུགས་འདོད་ཆར་ཉི་མ་དང་། །རི་མཁའ་རིའི་ཆར་གཟུགས་ཉི་རྣམས། །ཉི་མའི་ཉིན་ཞག་དཀྱིལ་འཁོར་ཡིན། །ཞེས་པས། ཉི་མའི་ཚེས་ཞག་དཀྱིལ་འཁོར་གྱི་ཞག་གནས་༣༧༡དེ་མཁའ་རོས་བསྒྱུར་ཆུ་ཚོད་བཅུག་པར་༢༢༢༦༤དེ་ཡང་མཁའ་རོས་བསྒྱུར་ཆུ་སྲང་བཅུག་པར་༡༣༣༥༨༧༦དེ་དུས་ཀྱིས་བསྒྱུར་ལ་དབུགས་བཅུག་པར་༨༠༡༥༢༦༡དེ་འདོད་པས་བསྒྱུར་ཆ་བཅུག་པར་༡༠༤༡༩༨༤༠༠དེ་རི་མཁའ་རིས་བསྒྱུར་བ་༧༣༦༦༨༢༦༨༨༠༠དེ་ཉིད་གནས་གསུམ་སྟེང་འོག་ཏུ་བཞག་པའི་འོག་མར་རི་མཁའ་རིས་བགོས་ནོར་༡༠༤༡༩༨༤༠༠དེ་བར་མར་བྱིན་ཆུ་རོས་བགོས་ནོར། ༡༡༥༢༦༩༤༨༠༠དེས་སྟེང་མར་སྦྱངས་ལྷག་༧༢༥༡༥༥༧༤༠༠༠དེ་རི་མཁའ་རིས་བགོས་ནོར་༡༠༢༥༦༧༩༩༧ལྷག་༡༢༡ནོར་དེ་འདོད་པས་ཕུད་ནོར་༧༨༨༧༨༤༥ལྷག་༡༢ནོར་

p. 354

དེ་དུས་ཀྱིས་བགོས་ནོར་༡༣༡༤༩༧༤ལྷག་༡ནོར་ལ་མཁའ་རོས་བགོས་ནོར་༢༡༩༡༦ལྷག་༡༤ནོར་ལ་མཁའ་རོས་བགོས་ནོར་༣༦༥ཞག་གནས་དང་། ལྷག་༡༦ཆུ་ཚོད་སོགས་རིམ་བརྩེགས་ཉི་མའི་ཉིན་ཞག་དཀྱིལ་འཁོར་༣༦༥རོ། །ཡང་ན་ཁྱིམ་ཞག་དཀྱིལ་འཁོར་དེ། །རི་རོས་བསྒྱུར་ལ་མདའ་རོ་ཡིས། །ཐོབ་པ་ཞག་སྟེ་ལྷག་འབྱུང་བ། །མདའ་རོ་ཆ་ཡིན་དེ་ལ་ལྔས། །ཕྱི་ནོར་ཞག་གི་འདོད་ཆ་སྟེ། །ཉི་མའི་ཚེས་ཞག་དཀྱིལ་འཁོར་ཡིན། །ཞེས་པས། ཉི་མའི་ཁྱིམ་དཀྱིལ་༣༦༠རི་རོས་བསྒྱུར་བ་༢༤༡༢༠དེ་མདའ་རོས་བགོས་ནོར་༣༧༡ལྷག་༥དེ་ལྔས་བགོས་ནོར་༡འདི་བྱུང་བ་ནི། ཉིན་ཞག་གཅིག་གི་ཆུ་ཚོད་འདོད་པས་བགོས་པའི་ཆ་གཅིག་བཅས་ཉི་མའི་ཚེས་ཞག་དཀྱིལ་འཁོར་༣༧༡རོ། །དེ་ཡི་ཞག་གནས་མདའ་རོས་བསྒྱུར། །འདོད་ཆ་ལྔ་ཡིས་བསྒྱུར་བ་བསྲེ། །དེ་ལ་རི་རོས་བགོས་ཐོབ་པས། །ཁྱིམ་དཀྱིལ་ཡིན་ནོ། །ཞེས་པས། ཉི་མའི་ཚེས་ཞག་དཀྱིལ་འཁོར་༣༧༡གི་ཞག་གནས་༣༧༡མདའ་རོས་བསྒྱུར་ལ་འོག་གི་འདོད་ཆ་༡ལྔས་བསྒྱུར་ལ་སྟེང་མར་བསྲེས་པ་༢༤༡༢༠དེ་མདའ་རོས་བགོས་ནོར་༣༦༠ལྷག་མེད། ཉི་མའི་ཁྱིམ་དཀྱིལ་ལོ། །༣༦༠སླར་ཡང་དེ། །བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། ཐོབ་པ་ཞག་ཡིན་ལྷག་མ་དེ། །ཀླུས་ཐོབ་མིག་ཀླུ་མེ་སྐྱོན་ཆར། །དབང་པོ་རི་བོ་བུག་མཚོ་སྟེ། །ཉིན་དཀྱིལ་ཡིན་ཏེ། ཞེས་པ་ཉི་མའི་ཁྱིམ་ཞག་དཀྱིལ་འཁོར་༣༦༠དེ་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བ་༥༣༧༡༥༢༤༠དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོས་ནོར་༣༦༥དང་ལྷག་༣༩༨༠༠དེ་ཀླུས་བགོས་ནོར་༤༩༧༥དེ་མིག་ཀླུ་མེ་སྐྱོན་གྱི་ཆ་བཅས་ཉིན་ཞག་གི་དཀྱིལ་འཁོར་༣༦༥ཡིན་ཏེ། ཞག་གི་གནས། དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར། །དེ་ལ་འོག་མ་ཀླུས་བསྒྱུར་བསྲེ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། ཐོབ་པ་ཁྱིམ་ཞག་དཀྱིལ་འཁོར་ཡིན། །ཞེས་པར། ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་ཞག་གནས་༣༦༥དེ་དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར་ལ་འོག་གི་མིག་ཀླུ་མེ་སྐྱོན་ཆ་༤༩༧༥དེ་ཀླུས་བསྒྱུར་ཏེ་གོང་མར་བསྲེས་པ་༥༣༧༡༥༢༤༠དེ་བུག་མཁའ་མིག་བུག་ཡིད་ཀྱིས་བགོས་ནོར་༣༦༠ལྷག་མེད་ཁྱིམ་ཞག་གི་དཀྱིལ་འཁོར་༣༦༠རོ། །ཉིན་

p. 355

ཞག་དཀྱིལ་འཁོར་ཞག་གི་གནས། །མིག་ཀླུ་མེ་སྐྱོན་གྱིས་བསྒྱུ་བར། །རང་ཆ་བཅུག་ལ་གདེངས་ཀ་ཡིས། །བསྒྱུར་ལ་འབྱུང་འདོད་དྲག་པོས་བགོ། ནོར་ལ་སླར་ཡང་འདོད་པ་ཡིས། །བགོས་པས་ཚེས་ཞག་དཀྱིལ་འཁོར་འཆར། །ཞེས་ཉི་མའི་ཉིན་དཀྱིལ་གྱི་ཞག་གནས་༣༦༥དེ་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་འོག་གི་ཆ་༤༩༧༥བསྲེས་པ་༦༧༡༤༤༠༥དེ་ཉིད་སླར་ཡང་གདེངས་ཀས་བསྒྱུར་བ་༥༣༧༡༥༢༤༠དེ་འབྱུང་འདོད་དྲག་གིས་བགོས་ནོར་༤༨༢༤དེ་སླར་ཡང་འདོད་པས་བགོས་ནོར་༣༧༡ལྷག་༡བཅས་ཚེས་ཞག་དཀྱིལ་འཁོར་༣༧༡རོ། །དེ་ཡི་ཞག་གནས་འདོད་པས་བསྣུན། །ཆ་བཅུག་འབྱུང་འདོད་དྲག་པོས་བསྒྱུར། །དུས་མདའ་མཁའ་རི་ཡིད་ཐོབ་ནོར། །ཉིན་དཀྱིལ་ཞག་གནས་ལྷག་མ་ཀླུས། །ཐོབ་པ་མིག་ཀླུ་མེ་སྐྱོན་ཆ། །ཞེས་པ། ཉི་མའི་ཚེས་ཞག་དཀྱིལ་འཁོར་གྱི་ཞག་གནས་༣༧༡འདོད་པས་བསྒྱུར་ཏེ་འོག་གི་ཆ་༡བཅུག་པ་༤༨༢༤དེ་སླར་ཡང་འབྱུང་འདོད་དྲག་གིས་བསྒྱུར་བ་༥༣༧༡༥༢༤༠དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོས་ནོར་༣༦༥ལྷག་༣༧༨༠༠དེ་ཀླུས་བགོས་ནོར་༤༩༧༥སྟེང་འོག་ཏུ་བརྩེགས་པའི་ཉིན་ཞག་དཀྱིལ་འཁོར་༣༦༥རོ། །ཚེས་ཞག་དཀྱིལ་འཁོར་གནས་གཉིས་གཅིག །ཐུབ་རི་ཟླས་བསྒྱུར་ཉི་འདོད་ཟླས། ཐོབ་པ་ཞག་ཡིན་ལྷག་འདོད་པས། །བསྒྱུར་ལ་ཆ་བཅུག་ཐོབ་འདོད་ཆ། །དེ་ཡིས་ཅིག་ཤོས་ལ་སྦྱང་ཞིང་། །སླར་ཡང་འདོད་ཆ་ཉི་འདོད་ཟླས། བསྒྱུར་ལ་ཆ་བསྲེས་ཀླུ་ཡིས་བགོ། ཉིན་དཀྱིལ་ཡིན་ཏེ། ཞེས་པས། ཉི་མའི་ཚེས་དཀྱིལ་༣༧༡གནས་གཉིས་སུ་བཞག་པའི་གཅིག་གི་ཞག་གནས་དང་ཆ་ཐུབ་རི་ཟླས་བསྒྱུར་བ་༦༥༦༦༧ཞག་གནས་དེ་ཉི་འདོད་ཟླས་བགོས་ནོར་༥ལྷག་༩༡༠༧འདོད་པས་བསྒྱུར་ལ་འོག་གི་ཆ་བསྲེས་པ་༡༡༥༦༨དེ་ཉི་འདོད་ཟླས་བགོས་ནོར་༡༠དང་ལྷག་༥༤༤༨དེ་རྣམས་རིམ་བརྩེགས་༥དེས་ཅིག་ཤོས་ལ་སྦྱངས་ཤིང་། འདོད་ཆར་སྦྱང་བ་མ་ལྡེངས་པས་ཞག་གནས་ནས་གཅིག་ཕབ་པ་མགོ་ཐོག་ཏུ་འདོད་པར་བཏང་བར་སྦྱངས་པའི་ལྷག་༤ལུས་པ་ལས་ཀྱང་གཅིག་ཕབ་འགོ་ཐོག་ཏུ་ཉི་འདོད་ཟླར་བཏང་བར་སྦྱངས་པས་༣༦༥བྱུང་བའི་འདོད་ཆ་༣དེ་སླར་ཡང་ཉི་འདོད་ཟླས་བསྒྱུར་བ་ལ་༣༣༩༣༦འོག་

p. 356

གི་ཆ་༥༨༦༤བསྲེས་པ་༣༩༨༠༠དེ་ཀླུས་བགོས་ནོར་༤༩༧༥ལྷག་མེད་ཤར་བ་ཉིན་ཞག་དཀྱིལ་འཁོར་༣༦༥ཡིན་ཏེ། གནས་གཉིས་གཅིག །ཐུབ་རི་ཟླས་བསྒྱུར་འབྱུང་འདོད་དྲག །གིས་ཐོབ་ལྷག་མ་མིག་ཀླུ་མེ། །སྐྱོན་བསྒྱུར་འོག་བཅུག་འབྱུང་སོགས་ཀྱིས། །ཐོབ་ནོར་ཅིག་ཤོས་ལ་བྱིན་ཞིང་། །འོག་མ་མིག་ཀླུ་མེ་སྐྱོན་གྱིས། །བགོས་ཐོབ་སྟེང་བསྲེས་ལྷག་མ་ཡང་། །མ་ནུ་མ་ནུས་བགོས་ཐོབ་པ། །བཅུ་གསུམ་ཆ་སྟེ་ཚེས་དཀྱིལ་ལོ། །ཞེས་པས། ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་༣༦༥གནས་གཉིས་སུ་བཞག་པའི་གཅིག་གི་སྟེང་འོག་ཐུབ་རི་ཟླས་བསྒྱུར་བ་༦༤༦༠༥ཞག་གནས་དེ་འབྱུང་འདོད་དྲག་གིས་བགོས་ནོར་༥ལྷག་༨༩༣༠མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བ་༡༦༤༡༥༡༢༦༠འོག་གི་ཆ་༨༨༠༥༧༥བསྲེས་པ་༦༥༠༣༡༨༣༥དེ་འབྱུང་འདོད་དྲག་གིས་བགོས་ནོར་༡༤༨༢༡ལྷག་མེད་ནོར་ཅིག་ཤོས་ལ་བསྲེས་པ་༣༧༠དེ་བྱུང་བ་འོག་མ་མིག་ཀླུ་མེ་སྐྱོན་གྱིས་བགོས་ནོར་༡སྟེང་མར་བསྲེས་པ་བཞག་༣༧༡དང་ལྷག་༡༤༡༤མ་ནུ་མ་ནུས་བགོས་ནོར་༡ལྷག་མེད་དེ་བཅུ་གསུམ་ཆ་བཅས་ཉི་མའི་ཚེས་ཞག་དཀྱིལ་འཁོར་༣༧༡རོ། །རྒྱུ་སྐར་མཁའ་རོས་བསྒྱུར་བ་ཡིས། །སྟོང་དང་དྲུག་བརྒྱ་ཉི་ཤུ་འབྱུང་། །གཟའ་རྣམས་ཀུན་གྱི་བགྲོད་བྱའི་གཞི། །རྒྱུ་སྐར་འཁོར་ལོའི་ཆུ་ཚོད་ཡིན། །དེ་ལ་སོ་སོའི་དཀྱིལ་འཁོར་གྱིས། །བགོས་པས་ཡུལ་གྱི་རྟག་ལོངས་འཆར། །སོགས་ལ་རྒྱུ་སྐར་༢༧དེ་མཁའ་རོས་བསྒྱུར་བ་༡༦༢༠དེ་ལ་གཟའ་སོ་སོའི་དཀྱིལ་འཁོར་གྱིས་བགོས་པས་ཡུལ་གྱི་རྟག་ལོངས་རྣམས་འཆར་རོ། །ཉི་མའི་ཁྱིམ་ཞག་དཀྱིལ་འཁོར་གྱིས། །བགོས་ཐོབ་ཆུ་ཚོད་ལྷག་མཁའ་རོས། །བསྒྱུར་ལ་ཐོབ་པ་ཆུ་ཀླུང་སྟེ། །ཆུ་ཚོད་རྒྱ་མཚོ་སྲང་མཁའ་མེ། །ཉི་མའི་ཁྱིམ་ཞག་ཡུལ་ལོངས་ཡིན། །ཞེས་པས། ཉི་མའི་ཁྱིམ་ཞག་གི་དཀྱིལ་འཁོར་༣༦༠དེ་རྒྱུ་སྐར་༢༧མཁའ་རོས་བསྒྱུར་བའི་ཆུ་ཚོད་༡༦༢༠ལ་བགོས་པའི་སྐར་གནས་ཐིག་ལེས་འཛིན་པ་རྟག་ལོངས་ཀུན་འགྲོ་ཞིང་ཆུ་ཚོད་སར་ནོར་༠དང་ལྷག་༡༨༠མཁའ་རོས་བསྒྱུར་བགོས་ནོར་༣༠ལྷག་མེད་ཉི་མའི་ཁྱིམ་ཞག་ཡུལ་གྱི་རྟག་ལོངས་༠སོ། །ཚེས་དཀྱིལ་འདོད་པའི་ཆར་བྱས་པས། །ཆུ་མིག་ཀླུ་མཚོ་འབྱུང་བ་དེས། །རྒྱུ་སྐར་ཆུ་ཚོད་བཤེད་

p. 357

མཚུངས་ལ། །ཐིམ་ཐོབ་དབུགས་ལྷག་མིག་རི་ཡིས། །བགོས་པས་ཆུ་ཚོད་རིག་བྱེད་དང་། །གཟུགས་མིག་སྲང་ལ་དབུགས་འབྱུང་བ། །རེ་བདུན་ཆ་ལ་མེ་མཚོ་རྣམས། །ཉི་མའི་ཚེས་ཞག་ཡུལ་ལོངས་སོ། །ཞེས་པས། ཉི་མའི་ཚེས་དཀྱིལ་༣༧༡གྱི་ཞག་གནས་༣༧༡འདོད་པས་བསྒྱུར་ལ་འོག་གི་ཆ་འདོད་པ་༡བསྲེས་པ་༤༨༢༤དེས་རྒྱུ་སྐར་འཁོར་ལོའི་ཆུ་ཚོད་༡༦༢༠ཚེས་དཀྱིལ་དང་ཤེད་བསྙམས་ཕྱིར་དུ་འདོད་པས་བསྒྱུར་བ་༢༡༠༦༠ལ་བགོས་ནོར་༠ལྷག་༡༧༦༤མཁའ་རོས་བསྒྱུར་བགོས་ནོར་༢༡ལྷག་༤༥༣༦དུས་ཀྱིས་བསྒྱུར་བགོས་ནོར་༥དབུགས་ལྷག་༣༠༩༦མིག་རིས་བགོས་ནོར་༤༣ལྷག་མེད་རིམ་བརྩེགས་ཚེས་ཞག་ཡུལ་ལོངས་༠སོ། །ཉི་མའི་ཉིན་ཞག་དཀྱིལ་འཁོར་དེ། །མིག་ཀླུ་མེ་སྐྱོན་ཆར་བྱས་པས། །མདའ་མཁའ་མཚོ་ཡིད་རི་མཚམས་འོང་། །དེ་ཡིས་རྒྱུ་སྐར་ཆུ་ཚོད་ཀྱང་། །ཤེད་མཚུངས་བྱས་པར་རིམ་ཐོབ་པ། །བརྩེགས་ལ་དབུགས་ལྷག་འབྱུང་མཚོ་ཡིས། །བགོས་པས་རྒྱ་མཚོའི་ཆུ་ཚོད་དང་། །དུས་མིག་སྲང་ལ་དབུགས་སྟོང་པ། །བུག་མཁའ་མིག་བུག་ཡིད་ཀྱི་ཆར། །དུས་ཚེས་མེ་བུག་ཉི་མ་ཡི། །ཉིན་ཞག་ཡུལ་གྱི་ལོངས་སྤྱོད་དོ། །ཞེས་པས། ཉི་མའི་ཉིན་དཀྱིལ་གྱི་ཞག་གནས་༣༦༥མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ལ་འོག་གི་ཆ་༤༩༧༥བསྲེས་པ་༦༧༡༤༤༠༥དེས་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠ཉི་དཀྱིལ་དང་ཤེད་བསྙམས་ཕྱིར་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བ་༢༩༧༧༨༨༤༠དེ་ལ་བགོས་ནོར། ༠ལྷག་༢༩༢༡༢༢༠མཁའ་རོས་བསྒྱུར་མདའ་མཁའ་སོགས་ཀྱི་བགོས་ནོར་༢༦ལྷག་༦༩༨༦༧༠དུས་ཀྱིས་བསྒྱུར་ལ་བགོ་བར་མ་ལྡེངས་༤༡༩༢༠༢༠དེ་ཞེ་ལྔས་བགོས་ནོར་༩༣༡༥༦དེ་བུག་མཁའ་མིག་བུག་ཡིད་ཀྱི་ཆ་བཅས་ལྷག་མེད་རིམ་བརྩེགས་ཉིན་ཞག་ཡུལ་གྱི་རྟག་ལོངས་༠སོ། །མཁའ་མེས་རྒྱུ་སྐར་ཆུ་ཚོད་ལ། ཐོབ་པ་ཐུན་མིན་ཡུལ་ལོངས་ཡིན། དེ་ཉིད་ཐུན་མོང་ཉི་མ་ཡི། །ཚེས་ཞག་ཡུལ་ལོངས་སྟེང་བསྣན་པས། །ཆུ་ཚོད་ཀླུ་དབང་སྲང་གཟུགས་མིག །འབྱུང་དབུགས་རི་རོའི་ཆར་མེ་མཚོ། །ཟླ་བའི་ཚེས་ཞག་རྟག་ལོངས་སོ། །ཞེས་པར་རྒྱུ་སྐར་འཁོར་ལོའི་ཆུ་ཚོད་༡༦༢༠དེ་ལ་སུམ་ཅུས་བགོས་ནོར་༠ཉི་མ་ལས་ཟླ་བ་ལོངས་སྤྱོད་ཆེ་བས་

p. 358

དེ་ཐུན་མོང་དུ་ལོངས་སྤྱོད་པ་ཉི་མའི་ཚེས་ཞག་ཡུལ་ལོངས་༠སྟེང་བསྣན་པས་ཟླ་བའི་ཚེས་ཞག་ཡུལ་གྱི་རྟག་ལོངས་༠སོ། །ཚོགས་དེ་ཆུ་འདོད་ཀྱིས་བསྒྲིལ་བས། །དབྱུག་པར་གཟུགས་མིག་ཀླུ་རི་འོང་། །དེ་ཡིས་རྒྱུ་སྐར་ཆུ་ཚོད་ཀྱང་། །ཤེད་མཚུངས་ལ་བགོས་ཉེར་བདུན་ཞག །ལྷག་དེ་བུ་གས་བགོས་ཐོབ་པ། །བུག་རོ་ཀླུ་ཆ་རི་དབང་དུས། །ཟླ་བའི་ཚེས་ཞག་དཀྱིལ་འཁོར་རོ། །ཞེས་སོགས་ལ་ཟླ་བའི་ཚེས་ཞག་ཡུལ་ལོངས་༠ཀྱི་གནས་ཀུན་ཆུ་འདོད་ཀྱིས་བསྒྱུར་བ། ༧༧༧༢དེ་རི་རོ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༧༨༢༡དེས་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠ཆུ་འདོད་ཀྱིས་བསྒྱུར་བ་༢༡༧༠༨༠བགོས་ནོར་༢༧ཞག་དང་ལྷག་༥༩༡༣དགུས་ཐོབ་ནོར་༦༥༧ཞག་གི་བུག་རོ་ཀླུའི་ཆ་བཅས་ཟླ་བའི་ཚེས་ཞག་དཀྱིལ་འཁོར་༢༧རོ། །དེ་ཉིད་བུག་རོ་ཀླུ་ཆར་གསིལ། །གནས་གཉིས་འོག་མ་མིག་གིས་བསྒྱུར། །རི་རོས་ཐོབ་པ་སྟེང་མར་སྦྱང་། །དེ་ལ་བུག་རོ་ཀླུས་བགོས་པས། །དུས་མིག་ཞག་དང་བུག་རོ་ཀླུའི། །ཆ་ལ་དུས་མཁའ་གདེངས་ཀ་ཅན། །ཟླ་བའི་ཁྱིམ་ཞག་དཀྱིལ་འཁོར་རོ། །ཞེས་ཟླ་བའི་ཚེས་དཀྱིལ་གྱི་ཞག་གནས་༢༧བུག་རོ་ཀླུས་བསྒྱུར་ལ་འོག་གི་ཆ་༦༥༧བསྲེས་པ་༢༤༡༢༠དེ་གནས་གཉིས་སུ་བཞག་པའི་འོག་མ་མིག་གིས་བསྒྱུར་བ་༤༨༢༤༠དེ་རི་རོས་བགོས་ནོར་༧༢༠དེས་སྟེང་མར་སྦྱངས་ལྷག་༢༣༤༠༠དེ་ལ་བུག་རོ་ཀླུས་བགོས་ནོར་༢༦ཞག་དང་ལྷག་༨༠༦རང་ཆ་བཅས་ཟླ་བའི་ཁྱིམ་ཞག་དཀྱིལ་འཁོར་༢༦རོ། །ཚེས་དཀྱིལ་འབྱུང་འདོད་དྲག་པོས་བསྒྱུར། །འོག་མ་བུག་རོ་ཀླུས་ཐོབ་ནོར། །སྟེང་བྱིན་དེ་ལ་ཉི་འདོད་ཟླས། །ཐོབ་པ་ཉེར་བདུན་ཞག་ཡིན་ལ། །ལྷག་མ་བུག་རོ་ཀླུས་བསྒྱུར་བར། །ཆ་བསྲེས་ཀླུ་ཡིས་བགོས་ཐོབ་པ། །དུས་དུས་རི་ཀླུ་མིག་ཉིའི་ཆར། །མེ་མཚོ་མེ་དབང་བུག་མེ་རྣམས། །ཟླ་བའི་ཉིན་ཞག་དཀྱིལ་འཁོར་ཡིན། །སོགས་ལ་ཟླ་བའི་ཚེས་དཀྱིལ་གྱི་ཞག་གནས་༢༧དང་ཆ་གཉིས་ཀ་འབྱུང་འདོད་དྲག་གིས་བསྒྱུར་བ་༣༠༠༦༤༥འོག་མ་བུག་རོ་ཀླུས་བགོས་ནོར་༨༤༡༨ལྷག་༤༥༣ནོར་དེ་སྟེང་མར་བསྲེས་པ་༣༠༩༠༦༣དེ་ཉི་འདོད་ཟླས་བགོས་ནོར་༢༧ལྷག་༣༦༣༧བུག་རོ་ཀླུས་བསྒྱུར་ལ་འོག་གི་ཆ་༤༥༣

p. 359

ལྷག་བསྲེས་པ་༣༡༦༢༧༤༤དེ་ལ་ཀླུས་བགོས་ནོར་༣༩༥༣༤༣ལྷག་མེད་ནོར་སྟེང་འོག་ཟླ་བའི་ཉིན་ཞག་དཀྱིལ་འཁོར་༢༧རོ། །ཁྱིམ་དཀྱིལ་བུག་རོ་ཀླུ་ཆར་གསིལ། །མཁའ་མཁའ་མཚོ་མེ་མིག་འཆར་བས། །རྒྱུ་སྐར་ཆུ་ཚོད་ཤེད་བསྙམས་ལ། །རིམ་བགོས་ཆུ་ཚོད་མཁའ་རོ་དང་། །ཆུ་ཀླུང་བུ་ག་དབུགས་རྒྱ་མཚོ། །མདའ་རོའི་ཆར་ཕྱོགས་ཟླ་བ་ཡི། །ཁྱིམ་ལོངས་ཡིན་ནོ། །སོགས་ལ་ཟླ་བའི་ཁྱིམ་དཀྱིལ་༢༦གྱི་ཞག་གནས་༢༦བུག་རོ་ཀླུས་བསྒྱུར་ལ་འོག་གི་བུག་རོ་ཀླུ་ཆ་༨༠༦བསྲེས་པ་༢༣༤༠༠དེས་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠བུག་རོ་ཀླུས་བསྒྱུར་བ་ལ་༡༤༠༧༧༨༠བགོས་ནོར་༠ལྷག་༣༧༨༠མཁའ་རོས་བསྒྱུར་བགོས་ནོར་༩ལྷག་༡༦༢༠༠དུས་ཀྱིས་བསྒྱུར་བགོས་ནོར་༤ལྷག་༣༦༠༠མདའ་རོས་བསྒྱུར་བགོས་ནོར་༡༠ལྷག་མེད་རིམ་བརྩེགས་ཟླ་བའི་ཁྱིམ་ཞག་ཡུལ་གྱི་རྟག་ལོངས་༠སོ། །ཉིན་དཀྱིལ་ནི། དུས་དུས་རི་ཀླུ་མིག་ཉིར་གསིལ། །འབྱུང་མིག་མཁའ་ལག་རི་བོ་དབང་། །རྩེ་མོ་མེ་འོང་བགོད་བྱེད་དེ། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །རིམ་ཐོབ་བུག་མདའི་ཆུ་ཚོད་དང་། །ཆུ་སྲང་རི་གཟུགས་དབུགས་ཡོན་ཏན། །དབུགས་ལྷག་འབྱུང་མིག་ལག་ཐོབ་པར། །བུག་མཁའ་མིག་བུག་ཡིད་ཀྱི་ཆར། །རི་རོ་མེ་དབང་བུ་ག་རྣམས། །ཟླ་བའི་ཉིན་ཞག་རྟག་ལོངས་ཡིན། །ཞེས་པས། ཟླ་བའི་ཉིན་དཀྱིལ་གྱི་ཞག་གནས་༢༧དུས་དུས་རི་ཀླུ་མིག་ཉི་མས་བསྒྱུར་བ་ལ་འོག་གི་དུས་དུས་སོགས་ཀྱི་ཆ་༣༩༥༣༤༣བསྲེས་པ་༣༣༥༧༢༠༢༥དེས་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠དུས་དུས་རི་ཀླུ་མིག་ཉིས་བསྒྱུར་བ་ལ་༡༩༩༠༦༠༠༩༢༠བགོས་ནོར་༠ལྷག་༩༨༥༡༤༤༥མཁའ་རོས་བསྒྱུར་བགོས་ནོར་༡༧ལྷག་༢༠༣༦༢༢༧༥དུས་ཀྱིས་བསྒྱུར་བགོས་ནོར་༣དབུགས་ལྷག་༢༡༤༥༧༥༧༥འབྱུང་མིག་ལག་གིས་ཐོབ་ནོར་༩༥༣༦༧དེ་བུག་མཁའ་མིག་བུག་ཡིད་ཀྱི་ཆ་ལྷག་མེད་རིམ་བརྩེགས་ཟླ་བའི་ཉིན་ཞག་རྟག་ལོངས་༠སོ། །མཁའ་མཁའ་བུག་རོ་སྒྲ་གཅན་གྱི། །ཚེས་ཞག་དཀྱིལ་འཁོར་ཡིན་དེ་ལ། །སུམ་ཅུས་བགོས་པས་མཁའ་མེ་ལག །ཚེས་ཟླ་རིལ་པོའི་དཀྱིལ་འཁོར་ཏེ། །ཞག་དཀྱིལ་བཅོ་ལྔས་ཕྱེ་བའམ། །ཟླ་དཀྱིལ་མིག་བསྒྱུར་མཁའ་དུས་ཆུ། །ཚེས་ཟླ་ཕྱེད་པའི་དཀྱིལ་འཁོར་

p. 360

ཡིན། །སོགས་ལ་སྒྲ་གཅན་གྱི་ཚེས་ཞག་དཀྱིལ་འཁོར་༦༩༠༠དེ་ཉིད་སུམ་ཅུས་བགོས་ནོར་༢༣༠ཚེས་ཟླའི་དཀྱིལ་འཁོར་དང་། ཚེས་ཟླའི་དཀྱིལ་འཁོར་དེ་མིག་གིས་བསྒྱུར་བའམ། ཚེས་ཞག་༦༧༠༠དཀྱིལ་འཁོར་བཅོ་ལྔས་བགོས་ནོར་༤༦༠སྒྲ་གཅན་གྱི་ཚེས་ཟླ་ཕྱེད་དམ་ཚེས་ཞག་བཅོ་ལྔའི་དཀྱིལ་འཁོར་ཡིན། ཚེས་ཞག་དཀྱིལ་འཁོར་མདའ་རོ་ཡིས། །བསྒྱུར་ལ་རི་རོས་བགོས་ཐོབ་པ། །དྲུག་སྟོང་དྲུག་བརྒྱ་གོ་བཞིའི་ཞག །རི་རོའི་ཆ་ཤས་ལག་པ་སྟེ། །སྒྲ་གཅན་ཁྱིམ་ཞག་དཀྱིལ་འཁོར་རོ། །སྒྲ་གཅན་ཚེས་ཞག་དཀྱིལ་འཁོར་༦༩༠༠མདའ་རོས་བསྒྱུར་བ་༤༤༨༥༠༠དེ་རི་རོས་བགོས་ནོར་༦༦༧༤ཞག་དང་། ལྷག་༢རི་རོའི་ཆ་བཅས་ཁྱིམ་ཞག་དཀྱིལ་འཁོར་༦༦༩༤རོ། །ཚེས་ཞག་དཀྱིལ་འཁོར་འབྱུང་འདོད་དྲག །གིས་བསྒྱུར་ཉི་མ་འདོད་ཟླས་བགོ། ཐོབ་པ་མིག་བུག་རི་རོའི་ཞག །ལྷག་མ་བཞིས་ཐོབ་སྲིན་པོ་བུག །ཀླུ་ལག་ཀླུ་ལག་ཆ་ཡིན་ཏེ། སྒྲ་གཅན་ཉིན་ཞག་དཀྱིལ་འཁོར་རོ། །སོགས་ལ་སྒྲ་གཅན་གྱི་ཚེས་དཀྱིལ་༦༧༠༠འབྱུང་འདོད་དྲག་གིས་བསྒྱུར་བ་༦༧༨༣༡༥༠༠དེ་ཉི་མ་འདོད་ཟླས་བགོས་ནོར་༦༧༩༢ལྷག་༣༩༦བཞིས་བགོས་ནོར་༩༩དེ་ཀླུ་ལག་ཀླུ་ལག་ཆ་བཅས་ཉིན་དཀྱིལ་༦༧༩༢ལོ། །གཞན་ཡང་ཁྱིམ་དཀྱིལ་རི་རོའི་ཆར། །གསིལ་ལ་མདའ་རོས་ཐོབ་པ་ནི། །ཚེས་དཀྱིལ་ཡིན་ནོ། །སྒྲ་གཅན་ཁྱིམ་དཀྱིལ་གྱི་ཞག་༦༦༩༤རི་རོས་བསྒྱུར་ལ་འོག་གི་རི་རོའི་ཆ་༢བསྲེས་པ་༤༤༨༥༠༠དེ་མདའ་རོས་བགོས་ནོར་༦༧༠༠ལྷག་མེད་ཚེས་ཞག་དཀྱིལ་འཁོར་ཡིན་ནོ། །ཉིན་དཀྱིལ་གྱི། །ཞག་གནས་ཉི་མ་འདོད་ཟླས་བསྒྱུར། །དེ་ལ་འོག་མ་ཆུས་བསྒྱུར་བསྲེ། །འབྱུང་འདོད་དྲག་ཐོབ་ཚེས་དཀྱིལ་ལོ། །སྒྲ་གཅན་གྱི་ཉིན་ཞག་དཀྱིལ་འཁོར་ཞག་གནས་༦༧༩༢ཉི་མ་འདོད་ཟླས་བསྒྱུར་བ་༧༦༨༣༡༡༠༤ལ་འོག་གི་ཀླུ་ལག་ཀླུ་ལག་ཆ་༩༩བཞིས་བསྒྱུར་༣༩༦བསྲེས་པ་༧༦༨༣༡༥༠༠དེ་འབྱུང་འདོད་དྲག་གིས་ཐོབ་ནོར་༦༩༠༠ལྷག་མེད་ཚེས་ཞག་དཀྱིལ་འཁོར་༦༧༠༠རོ། །ཁྱིམ་ཞག་བུག་སོགས་ཀྱིས་བསྒྱུར་བར། །འོག་མ་འཁོར་ལག་མིག་བསྒྱུར་བསྲེ། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། ཐོབ་པ་ཉིན་ཞག་ལྷག་མ་དེ། །མིག་འབྱུང་གིས་བརྙེད་བུག་རྩ་ནི། །ཀླུ་

p. 361

ལག་ཀླུ་ལག་ཆ་རུ་འགྱུར། །ཉིན་དཀྱིལ། སྒྲ་གཅན་ཁྱིམ་ཞག་དཀྱིལ་འཁོར་གྱི་ཞག་གནས་༦༦༩༤བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བ་༩༩༨༨༠༥༠༤༦ལ་འོག་གི་ཆ་༢འཁོར་ལོ་ལག་མིག་གིས་བསྒྱུར་བ་༤༤༥༤བསྲེས་པ་༩༩༨༨༠༩༥༠༠དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོས་ནོར་༦༧༩༢ལྷག་༥༡༤༨མིག་འབྱུང་གིས་བགོས་ནོར་༩༩དེ་ཀླུ་ལག་ཀླུ་ལག་ཆ་ལྷག་མེད་ཉིན་དཀྱིལ་༦༧༩༢ལོ། །དེ་ཡི་ཞག་གི་གནས། །དུས་མདའ་མཁའ་སོགས་ཀྱིས་བསྒྱུར་བར། །འོག་མ་མིག་འབྱུང་གིས་བསྒྱུར་བསྲེ། །བུག་མཁའ་མིག་སོགས་ཀྱིས་ཐོབ་ཞག །ལྷག་མ་འཁོར་ལོ་མིག་ལག་གིས། །ཐོབ་པ་རི་རོའི་ཆར་འགྱུར་ཏེ། །སྒྲ་གཅན་ཁྱིམ་ཞག་དཀྱིལ་འཁོར་ཡིན། །སྒྲ་གཅན་གྱི་ཉིན་དཀྱིལ་ཞག་གནས་༦༧༩༢དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར་བ་༩༩༨༨༠༤༣༥༢དེ་ལ་འོག་གི་ཆ་༩༩མིག་འབྱུང་གིས་བསྒྱུར་༥༡༤༨བསྲེས་པ་༩༩༠༩༥༠༠དེ་བུག་མཁའ་མིག་བུག་ཡིད་ཀྱིས་བགོས་ནོར་༦༦༩༤ལྷག་༤༤༥༤འཁོར་ལོ་ལག་མིག་གིས་བགོས་ནོར་༢དེ་མདའ་རོའི་ཆད་ལྷག་མེད་ཁྱིམ་ཞག་དཀྱིལ་འཁོར་༦༦༩༤༨རོ། །སྒྲ་གཅན་ཚེས་ཞག་ཚེས་ཟླ་དང་། །ཟླ་ཕྱེད་དཀྱིལ་འཁོར་གསུམ་པོ་ཡིས། །རྒྱུ་སྐར་ཆུ་ཚོད་ལ་བགོས་པས། །ཆུ་རླུང་ཡིད་དང་མེ་མིག་ཆར། །ཉི་མ་ཚེས་ཞག་རྟག་ལོངས་དང་། །དབྱུག་རི་སྲང་མིག་དབུགས་ཡོན་ཏན། །མེ་མིག་ཆར་ཚེས་ཟླ་ལོངས་ཏེ། །མེ་དབྱུག་གཟུགས་མེ་སྲང་དབུགས་གཟུགས། །བུག་གཟུགས་ཆ་སྟེ་ཕྱོགས་ལོངས་ཡིན། སྒྲ་གཅན་གྱི་ཚེས་ཞག་དཀྱིལ་འཁོར་༦༧༠༠དེས་རྒྱུ་སྐར་འཁོར་ལོའི་ཆུ་ཚོད་༡༦༢༠ལ་བགོ་བར་མ་ལྡེངས། ༠མཁའ་རོས་བསྒྱུར་ལ་བགོས་ནོར་༡༤ལྷག་༦༠༠དུས་ཀྱིས་བསྒྱུར་ལ་བགོ་བར་མ་ལྡེངས་༠ཞིང་མེ་མིག་གིས་བསྒྱུར་བགོས་ནོར་༡༢དེ་མེ་མིག་གི་ཆ་ལྷག་མེད་སྒྲ་གཅན་གྱི་ཚེས་ཞག་རེའི་ཡུལ་གྱི་རྟག་ལོངས། ༠སྒྲ་གཅན་གྱི་ཚེས་ཟླ་གཅིག་གི་དཀྱིལ་འཁོར་༢༣༠དེས་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠ལ་བགོས་ནོར་༠ལྷག་༡༠མཁའ་རོས་བསྒྱུར་བགོས་ནོར་༢ལྷག་༡༤༠དུས་ཀྱིས་བསྒྱུར་བགོས་ནོར་༣ལྷག་༡༥༠མེ་མིག་གིས་བསྒྱུར་བགོས་ནོར་༡༥དེ་མེ་མིག་གི་ཆ་ལྷག་མེད་ཚེས་ཟླ་རིལ་པོའི་རྟག་ལོངས་

p. 362

༠སྒྲ་གཅན་གྱི་ཚེས་ཟླ་ཕྱེད་པའམ་ཕྱོགས་ཀྱི་དཀྱིལ་འཁོར་༤༦༠གྱིས་རྒྱུ་སྐར་ཆུ་ཚོད་ལ་༡༦༢༠བགོས་ནོར་༠ལྷག་༢༤༠མཁའ་རོས་བསྒྱུར་བགོས་ནོར་༣༡ལྷག་༡༤༠དུས་ཀྱིས་བསྒྱུར་བགོས་ནོར་༡ལྷག་༣༨༠མེ་མིག་གིས་བསྒྱུར་བགོས་ནོར་༡༩ཕྱོགས་ཀྱི་རྟག་ལོངས་སོ། ༠། ཁྱིམ་ཞག་དཀྱིལ་འཁོར་རི་རོ་དང་། །ཞེས་པར་སྒྲ་གཅན་ཁྱིམ་དཀྱིལ་གྱི་ཞག་གནས་༦༦༩༤རི་རོས་བསྒྱུར་ལ་འོག་གི་རི་རོའི་ཆ་༢བསྲེས་པ་༤༤༨༥༠༠དེས་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠རི་རོས་བསྒྱུར་བ་༡༠༨༥༤༠ལ་བགོ་བར་མ་ལྡེངས་༠ཤིང་། མཁའ་རོས་བསྒྱུར་བགོས་ནོར་༡༤ལྷག་༢༣༣༤༠༠དུས་ཀྱིས་བསྒྱུར་བགོས་ནོར་༣ལྷག་༥༤༧༠༠མེ་མིག་གིས་བསྒྱུར་བགོས་ནོར་༢ལྷག་༣༦༥༧༠༠མདའ་རོས་བསྒྱུར་བགོས་ནོར་༥༣དེ་མདའ་རོའི་ཆ་ལྷག་མེད་ཁྱིམ་ཞག་ཡུལ་གྱི་རྟག་ལོངས་སོ། ༠། ཉིན་དཀྱིལ་ཀླུ་ལག་ཀླུ་ལག་ཆར། །གསིལ་བ་སོ་སོས་རྒྱུ་སྐར་གྱི། །ཆུ་ཚོད་ཤེད་བསྙམས་ལ་བགོས་པས། །མ་ནུའི་ཆུ་རླུང་དབུགས་རྩེ་མོ། །མེ་མིག་ཆར་ལག་མདའ་རོའི་ཆར། །ཡོན་ཏན་དབང་པོ་ཁྱིམ་ལོངས་དང་། །ཆུ་སྲང་མ་ནུ་དབུགས་ཟླ་བ། །མེ་མིག་ཆ་ལ་བུ་ག་གཟུགས། །འབྱུང་འདོད་དྲག་ཆར་ཀླུ་མེ་མཁའ། །ཕྱོགས་རྣམས་སྒྲ་གཅན་ཉིན་ལོངས་ཡིན། །ཞེས་པས། སྒྲ་གཅན་ཉིན་དཀྱིལ་གྱི་ཞག་གནས་༦༧༩༢ཀླུ་ལག་ཀླུ་ལག་གིས་བསྒྱུར་ལ་འོག་གི་ཆ་༩༩བསྲེས་པ་༡༩༢༠༧༨༧༥དེས་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠ཀླུ་ལག་ཀླུ་ལག་གིས་བསྒྱུར་བ་༤༥༨༡༣༦༠ལ་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བགོས་ནོར་༡༤ལྷག་༥༩༧༡༣༥༠དུས་ཀྱིས་བསྒྱུར་བགོས་ནོར་༡ལྷག་༡༦༦༢༠༢༢༥མེ་མིག་གིས་བསྒྱུར་བགོས་ནོར་༡༩ལྷག་༡༧༣༡༥༥༥༠འབྱུང་འདོད་དྲག་གིས་བསྒྱུར་བ་༡༩༢༨༠༨༦༤༩༢༥༠ལ་བགོས་ནོར་༡༠༠༣༨དེ་འབྱུང་འདོད་དྲག་གི་ཆ་བཅས་ལྷག་མེད་ཉིན་ཞག་ཡུལ་གྱི་རྟག་ལོངས་༠སོ། །དེ་ནས་གཟའ་ལྔའི་དྲག་གསུམ་གྱིས། །རྒྱུ་སྐར་འཁོར་བའི་ཉིན་ཞག་དཀྱིལ། །བཀྲ་ཤིས་ལ་ནི་རི་ཀླུ་རོ། །ཕུར་བུའི་སོ་མེ་རྒྱ་མཚོ་སྟེ། །སྤེན་པའི་དུས་མཚམས་རི་ཕྱོགས་སོ། །ཞི་གཉིས་རྐང་པའི་ཉིན་ཞག་དཀྱིལ། །ལྷག་པའི་ཉིན་ཞག་རི་ཀླུ་དང་། །དེ་ཡི་བརྒྱ་ཆ་རི་བུག་ཡིན། །དཀར་པོའི་

p. 363

ཉིན་ཞག་རྒྱལ་བ་མིག །ཞག་གི་བཅུ་ཆ་རི་བོ་སྟེ། །ཞག་གནས་བརྒྱ་དང་བཅུས་སོ་སོར། །བསྒྱུར་ལ་རང་རང་ཆ་བཅུག་པས། །ལྷག་པའི་རི་བུག་རི་ཀླུ་དང་། །པ་ཝ་སངས་ཀྱི་རི་རྒྱལ་མིག །ཞི་གཉིས་ཞག་གི་བརྒྱ་ཆ་དང་། །བཅུ་ཆའི་ཉིན་ཞག་དཀྱིལ་འཁོར་ཡིན། །ཡང་ན་ཞག་གནས་འདྲ་བ་ལ། །ལྷག་པར་ཆུ་ཚོད་ང་བརྒྱད་དང་། །ཆུ་སྲང་ཉིའོ་པ་སངས་ལ། །མིག་མཚོའི་དབུགས་ཏེ་བརྒྱ་དང་བཅུས། །བསྒྱུར་ལ་བསྒྲིལ་བས་སྔར་ལྟར་འཆར། །སོགས་ཀྱི་བར་གོ་སླ། གཟའ་ལྔའི་ཉིན་དཀྱིལ་གནས་གཉིས་བཀོད། །འོག་མ་མེ་ཚེས་ལག་པས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། ཐོབ་པ་སྟེང་སྦྱངས་དེ་ལས་གཅིག །ཕབ་ལ་བུག་སོགས་ཆ་ཡིས་སྦྱངས། །རང་རང་ཁྱིམ་ཞག་དཀྱིལ་འཁོར་འཆར། །ཞེས་པས། མིག་དམར་གྱི་ཉིན་དཀྱིལ་འདི་གནས་༦༨༧གཉིས་སུ་བཞག་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ་༡༤༧༩༡༡༡དེ་ལ་བུག་མཁའ་མིག་བུག་ཡིད་ཀྱིས་ཐོབ་ནོར། ༩དེས་སྟེང་མར་སྦྱངས། སླར་ཡང་གཅིག་ཕབ་མགོ་ཐོག་ཏུ་བུག་སོགས་བཀོད་སྦྱངས་པས་ཁྱིམ་དཀྱིལ་༦༧༧ལོ། །ཕུར་བུའི་ཉིན་དཀྱིལ་འདི་༤༣༣༢སྟེང་འོག་གཉིས་སུ་བཀོད་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ་༩༣༢༦༧༩༦དེ་བུག་སོགས་ཀྱིས་བགོས་ནོར་༦༢དེས་སྟེང་མར་སྦྱངས་ལྷག་༤༢༧༠སླར་ཡང་འོག་མས་སྦྱངས་བར་མ་ལྡེངས་པས་གཅིག་ཕབ་མགོ་ཐོག་ཏུ་བུག་མཁའ་སོགས་བཀོད་སྦྱངས་པས་ཁྱིམ་དཀྱིལ་༤༢༦༩ལོ། །སྤེན་པའི་ཉིན་དཀྱིལ་༡༠༧༦༦འདི་གནས་གཉིས་སུ་བྱས་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ་༢༣༡༧༩༡༩༨དེ་བུག་སོགས་ཀྱིས་བགོས་ནོར་༡༥༥དེས་སྟེང་མར་སྦྱངས། སླར་ཡང་གཅིག་ཕོབ་པ་བུག་སོགས་ཆར་གྱུར་པ་ལྷག་༥༡༨༠༣སྦྱངས་པས་ཁྱིམ་དཀྱིལ་༡༠༦༡༠ལོ། །ལྷག་པའི་ཉིན་ཞག་༨༧བརྒྱས་བསྒྱུར་ཆ་༩༧བསྲེས་པས་བརྒྱ་ཆའི་ཉིན་ཞག་གི་དཀྱིལ་འཁོར་༨༧༩༧འདི་གནས་གཉིས་བཞག་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ་༡༨༩༣༩༩༤༡དེ་བུག་སོགས་ཀྱིས་བགོས་ནོར་༡༢༦དེས་སྟེང་མར་སྦྱངས། སླར་ཡང་གཅིག་ཕབ་བུག་སོགས་ཆར་གྱུར་པར་ལྷག་༡༣༩༦༠༧འདིས་སྦྱངས་པས་ཁྱིམ་དཀྱིལ་༨༦༧༠ལོ། །དཀར་པོའི་ཉིན་ཞག་༢༢༤

p. 364

བཅུས་བསྒྱུར་ཆ་༧བཅུག་པས་བཅུ་ཆའི་ཉིན་དཀྱིལ་༢༢༤༧འདི་གནས་གཉིས་སུ་བཞག་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ་༤༨༣༧༧༩༡དེ་བུག་སོགས་ཀྱིས་བགོས་ནོར་༣༢དེས་སྟེང་མར་སྦྱངས་ལྷག་༼མ་དཔེར་མི་གསལ༽གཅིག་ཕོབ་པ་༢༢༡༤བུག་སོགས་ཆར་གྱུར་པ་ལྷག་༦༣༡༠གིས་སྦྱངས་པས་ཁྱིམ་དཀྱིལ་༢༢༡༤ལོ། །ཡང་ན་ཉིན་ཞག་དཀྱིལ་འཁོར་གང་། དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། ཐོབ་པ་ཞག་སྟེ་ལྷག་རང་ཆ། །དེ་ལས་རང་རང་ཁྱིམ་དཀྱིལ་ནི། །ཐུབ་རི་༼དཔེ་མི་གསལ། ༽འཆར། །བུག་རི་བུག་ཉི་བཀྲ་ཤིས་སོ། །དུས་ཀླུའི་ཞག་དང་དེའི་བརྒྱ་ཆར། ནམ་མཁའ་རི་བོ་བུག་སོགས་ཆར། མིག་མཁའ་དུས་དཔེ་མི་གསལ་ལྷག་པའོ། །བུག་རོ་མིག་མཚོའི་ཞལ་དང་ཆར། །གཟུགས་རི་མེ་མེ་རི་ཕུར་བུ། །གཟུགས་མིག་ལག་ཞག་བཅུ་ཆར་མཚོ། །བུག་སོགས་ཆ་ལ་དུས་ཕྱོགས་དུས། །གདེངས་ཀ་ཅན་རྣམས་པ་སངས་སོ། །ཕྱོགས་དུས་ཕྱོགས་ཞག་བུག་སོགས་ཆར། །དུས་མཁའ་ཆུ་རི་བུག་སྤེན་པ། །སོགས་ལ། མིག་དམར་གྱི་ཉིན་དཀྱིལ་དཔེ་མི་གསལ། ༦༨༧འདི་དུས་མདའ་མཁའ་རི་ཡིད་ཀྱིས་བསྒྱུར་བ་༡༠༡༠༢༧༤༧༢དེ་ལ་བུག་སོགས་ཀྱིས་བགོས་པས་ཀྱང་འདི་འཆར་བ་༦༧༧ཁྱིམ་དཀྱིལ་ལོ། །ཕུར་བུའི་ཉིན་དཀྱིལ་༤༣༣༢འདི་དུས་མདའ་སོགས་ཀྱིས་བསྒྱུར་བ་༦༣༧༠༤༦༥༩༢དེ་ལ་བུག་སོགས་ཀྱིས་བགོས་པས་ཀྱང་༤༢༦༩ཁྱིམ་དཀྱིལ་ལོ། །སྤེན་པའི་ཉིན་དཀྱིལ་འདི་༡༠༧༦༦དུས་མདའ་སོགས་ཀྱིས་བསྒྱུར་བ་༡༥༨༣༢༠༤༨༩༦དེ་བུག་སོགས་ཀྱིས་ཐོབ་པས་ཀྱང་ཁྱིམ་དཀྱིལ་༡༠༦༡༠ལོ། །ལྷག་པའི་ཉིན་དཀྱིལ་༨༧༩༧འདི་དུས་མདའ་སོགས་ཀྱིས་བསྒྱུར་བ་༡༢༩༣༦༥༡༦༣༢དེ་བུག་སོགས་ཀྱིས་བགོས་པས་འདི་འཆར་བ་༨༦༧༠ཁྱིམ་དཀྱིལ་ལོ། །པ་སངས་ཀྱི་ཉིན་དཀྱིལ་འདི་༢༢༤༧དུས་མདའ་སོགས་ཀྱིས་བསྒྱུར་བ་༣༣༠༤༣༤༨༣༢དེ་བུག་སོགས་ཀྱིས་ཐོབ་པའི་ནོར་ལ་བཅུས་བགོས་པས་ཀྱང་ཁྱིམ་དཀྱིལ་༢༢༡༤ལོ། །དེ་རྣམས་བུག་སོགས་ཆར་གསིལ་ལ། །སྒྱུར་བྱེད་བགོད་བྱེད་ལྡོག་པ་ལས། །སོ་སོའི་ཉིན་ཞག་དཀྱིལ་འཁོར་འཆར། །སོགས་ལ། །མིག་དམར་གྱི་ཁྱིམ་དཀྱིལ་འདིའི་

p. 365

༦༧༧ཞག་གནས་བུག་སོགས་ཀྱིས་བསྒྱུར་བ་༡༠༡༠༡༤༤༩༣དེ་ལ་ཆ་༡༢༩༧༩བསྲེས་པ་༡༠༡༠༢༧༤༧༢དེ་ལ་དུས་མདའ་མཁའ་སོགས་ཀྱིས་ཐོབ་ནོར་༦༨༧ཉིན་དཀྱིལ་ལོ། །ཕུར་བུའི་ཁྱིམ་དཀྱིལ་གྱི་ཞག་གནས་༤༢༦༩བུག་སོགས་ཀྱིས་བསྒྱུར་བ་༦༣༦༩༧༣༢༢༡དེ་ལ་འོག་གི་ཆ་༧༣༣༧༡བསྲེས་པ་༦༣༧༠༤༦༥༧༢དེ་དུས་མདའ་སོགས་ཀྱིས་བགོས་ནོར་ཉིན་༤༣༣༢དཀྱིལ་ལོ། །སྤེན་པའི་ཁྱིམ་དཀྱིལ་གྱི་ཞག་གནས་༡༠༦༡༠བུག་སོགས་ཀྱིས་བསྒྱུར་བ་༡༥༨༣༡༠༧༤༩༠དེ་ལ་བུག་གི་ཆ་༩༧༤༠༦བསྲེས་པ་༡༥༨༣༢༠༤༨༩༦དེ་དུས་མདའ་སོགས་ཀྱིས་བགོས་ནོར་༡༠༧༦༦ཉིན་དཀྱིལ་ལོ། །ལྷག་པའི་བརྒྱ་ཆའི་ཁྱིམ་དཀྱིལ་གྱི་ཞག་གནས་༨༦༧༠བུག་སོགས་ཀྱིས་བསྒྱུར་༡༢༧༣༦༤༢༠༣༠བ་དེ་ལ་ཆ་༧༦༠༢བསྲེས་པ་༡༢༩༣༦༥༡༦༣༢དེ་དུས་མདའ་སོགས་ཀྱིས་ཐོབ་ནོར་༨༧༩༧དེ་བརྒྱས་ཐོབ་པ་ཞག་༨༧དང་ལྷག་༩༧བརྒྱ་ཆ་བཅས་ཉིན་དཀྱིལ་ལོ། །དཀར་པོའི་བཅུ་ཆའི་ཁྱིམ་དཀྱིལ་གྱི་ཞག་གནས་༢༢༡༤བུག་སོགས་ཀྱིས་བསྒྱུར་བ་༣༣༠༣༤༨༧༢༦དེ་ལ་ཆ་༨༦༡༠༦བསྲེས་པ་༣༣༠༤༣༤༨༣༢དེ་དུས་མདའ་སོགས་ཀྱིས་ཐོབ་ནོར་༢༢༤༧དེ་བཅུས་བགོས་པ་ཞག་གནས་༢༢༤བཅུ་ཆར་འདི་༧ཤར་བ་ཉིན་དཀྱིལ་ལོ། །ཡང་ན་ཁྱིམ་ཞག་དཀྱིལ་འཁོར་རྣམས། །གནས་གཉིས་བཀོད་པའི་ཕྱོགས་གཅིག་པོ། །མེ་ཚེས་ལག་པས་བསྒྱུར་བ་ལ། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། ནོར་དེ་གཅིག་ཤོས་ལ་བྱིན་པས། །ཉིན་ཞག་དཀྱིལ་འཁོར་འཆར་བ་ཡིན། །སོགས་ལ་མིག་དམར་ཁྱིམ་དཀྱིལ་༦༧༧གནས་གཉིས་སུ་བྱས་པའི་ཕྱོགས་གཅིག་གི་ཞག་གནས་༦༧༧མེ་ཚེས་ལག་པས་བསྒྱུར་༡༤༥༧༥༨༡བ་དེ་ལ་འོག་གི་ཆ་བསྲེས་པ་༡༤༧༠༥༦༠དེ་དུས་མདའ་སོགས་ཀྱིས་ཐོབ་ནོར་༡༠དེ་ཅིག་ཤོས་ཞག་གནས་སུ་བསྣན་པས་༦༨༢ཉིན་དཀྱིལ་ལོ། །ཕུར་བུའི་ཁྱིམ་དཀྱིལ་༤༢༦༩གནས་གཉིས་སུ་བཞག་པའི་ཕྱོགས་གཅིག་གི་ཞག་གནས་༤༢༦༧མེ་ཚེས་ལག་པས་བསྒྱུར་བ་༩༡༩༡༡༥༧དེ་ལ་ཆ་༧༣༣༧༡བསྲེས་པ་༩༢༦༤༥༢༨དེ་དུས་མདའ་སོགས་ཀྱིས་ཐོབ་ནོར་༦༣དེ་ཅིག་ཤོས་ལ་བྱིན་པས་ཉིན་དཀྱིལ་༤༣༣༢ལོ། །སྤེན་པའི་ཁྱིམ་དཀྱིལ་༡༠༦༡༠

p. 366

གནས་གཉིས་བཀོད་གཅིག་གི་ཞག་གནས་མེ་ཚེས་ལག་པས་བསྒྱུར་༢༢༨༤༣༣༣༠བ་དེ་ལ་འོག་གི་ཆ་བསྲེས་པ་༢༢༩༤༠༧༣༦དེ་དུས་མདའ་སོགས་ཀྱིས་ཐོབ་ནོར་༡༥༦དེ་ཅིག་ཤོས་ལ་བསྣན་པས་༡༧༦༦ཉིན་དཀྱིལ་ལོ། །ལྷག་པའི་ཁྱིམ་དཀྱིལ་༨༦༧༠གནས་གཉིས་བཞག་པའི་གཅིག་གི་ཞག་གནས་མེ་ཚེས་ལག་པས་བསྒྱུར་བ་༡༨༦༦༦༥༡༠དེར་འོག་གི་ཆ་བསྲེས་པ་༡༨༦༧༦༡༡༢དེ་དུས་མདའ་སོགས་ཀྱིས་ཐོབ་ནོར་༡༢༧དེ་ཅིག་ཤོས་ལ་བསྣན་པས་ཉིན་དཀྱིལ་༨༧༩༧ལོ། །ཞི་གཉིས་རྐང་པའི་དཀྱིལ་འཁོར་ཡིན་པས་ཞག་གནས་བརྒྱ་དང་བཅུ་སོ་སོར་བགོས་ནོར་ཞག་རིལ་པོ་དང་། དེ་འོག་བརྒྱ་ཆ་བཅུ་ཆ་དེ་འོག་བུག་སོགས་ཆར་འགྱུར་བ་ཀུན་ལ་འགྲེ། དཀར་པོའི་ཁྱིམ་དཀྱིལ་༢༢༡༤གནས་གཉིས་གཅིག་གི་ཞག་གནས་མེ་ཚེས་ལག་པས་བསྒྱུར་བ་༤༧༦༦༧༤༢དེ་ལ་འོག་གི་༨༦༡༠༦བསྲེས་པ་༤༨༥༢༧༤༨དེ་དུས་མདའ་སོགས་ཀྱིས་བགོས་ནོར་༣༣དེ་ཅིག་ཤོས་ལ་བསྣན་པས་༢༢༤༧ཉིན་དཀྱིལ་ལོ། །རང་རང་ཉིན་དཀྱིལ་གནས་གཉིས་བཀོད། །འོག་མ་ཐུབ་རི་ཟླ་བས་བསྒྱུར། །འབྱུང་འདོད་དྲག་པོས་ཐོབ་པའི་ནོར། །སྟེང་བྱིན་སོ་སོའི་ཚེས་དཀྱིལ་ལོ། །སོགས་ལ། མིག་དམར་གྱི་ཉིན་དཀྱིལ་༦༨༧གནས་གཉིས་སྟེང་འོག་ཏུ་བཀོད་པའི་འོག་མ་ཐུབ་རི་ཟླ་བས་བསྒྱུར་བ། ༡༢༡༥༩༩། དེ་འབྱུང་འདོད་དྲག་པོས་ཐོབ་པའི་ནོར་༡༠དང་ལྷག་༡༠༢༧༩ནོར་དེ་གོང་མར་བསྲེས་པ་༦༩༧ཚེས་དཀྱིལ་ལོ། །ཕུར་བུའི་ཉིན་དཀྱིལ་༤༣༣༢གནས་གཉིས་འོག་མ་ཐུབ་རི་ཟླས་བསྒྱུར་བ་༧༦༦༧༦༤དེ་འབྱུང་སོགས་ཀྱིས་ཐོབ་ནོར་༦༨དེ་གོང་མར་བསྲེས་ཤིང་ལྷག་༩༥༨༤བཅས་༤༤༠༠ཚེས་དཀྱིལ་ལོ། །སྤེན་པའི་ཉིན་དཀྱིལ་༡༠༧༦༦གནས་གཉིས་འོག་མ་ཐུབ་རི་ཟླས་བསྒྱུར་བ་༡༩༠༥༥༨༢དེ་འབྱུང་སོགས་ཀྱིས་ཐོབ་ནོར་༡༧༡དེ་གོང་མར་བསྣན་ཞིང་ལྷག་མ་རང་ཆ་བཅས་༡༠༩༣༧ཚེས་དཀྱིལ་ལོ། །ལྷག་པའི་ཉིན་དཀྱིལ་༨༧༩༧གནས་གཉིས་འོག་མ་ཐུབ་རི་ཟླས་བསྒྱུར་བ་༡༥༥༧༠༦༩དེ་འབྱུང་སོགས་ཀྱིས་བགོས་ནོར་༡༣༩དེ་གོང་མར་བསྲེས་ཤིང་ལྷག་བགོད་བྱེད་ཆ་བཅས་༨༩༣༦ཚེས་དཀྱིལ་ལོ། །པ་སངས་ཉིན་དཀྱིལ་༢༢༤༧གནས་གཉིས་འོག་མ་ཐུབ་སོགས་ཀྱིས་

p. 367

བསྒྱུར་བ་༣༩༧༧༡༩དེ་འབྱུང་འདོད་དྲག་གིས་ཐོབ་ནོར་༣༥དེ་གོང་མར་བསྲེས་ཤིང་ལྷག་རང་ཆ་བཅས་པས་༢༢༨༢ཚེས་དཀྱིལ་ལོ། །ཡང་ན་རང་རང་ཉིན་དཀྱིལ་གང་། །ཉི་མ་འདོད་ཟླས་བསྒྱུར་བ་ལ། །འབྱུང་འདོད་དྲག་པོས་ཐོབ་པའི་ནོར། །ཞག་ཡིན་འོག་མ་རང་གི་ཆ། །དེ་ལྟར་བསྒྲུབས་པའི་ཚེས་དཀྱིལ་ནི། །རི་བུག་རོའི་ཞག་འབྱུང་སོགས་འཆར། །བུ་ག་རྒྱལ་བ་ཕྱོགས་མིག་དམར། །བུག་ཀླུའི་ཞག་དང་དེའི་བརྒྱ་ཆར། །དུས་མེའོ་འབྱུང་འདོད་དྲག་པོའི་ཆར། །མཚོ་མཁའ་མེ་བུག་ལྷག་པའོ། །མཁའ་མཁའ་ཆུ་མཚོའི་ཞག་དང་ཆར། །མཚོ་ནོར་འབྱུང་བུག་ཕུར་བུའོ། །ཀླུ་ལག་མིག་ཞག་བཅུ་ཆར་འཁྲིག །འབྱུང་འདོད་དྲག་ཆར་རྒྱ་མཚོ་བུག །བུག་རི་རྣམས་ནི་པ་སངས་སོ། །རི་བོ་མེ་བུག་ཕྱོགས་ཞག་དང་། །ཆ་ལ་རི་བུག་ཡིད་སྤེན་པ། །ཞེས་པར། མིག་དམར་ཉིན་དཀྱིལ་༦༨༧ཉི་མ་འདོད་ཟླས་བསྒྱུར་བ་༧༧༧༡༣༤༤དེ་འབྱུང་སོགས་ཀྱིས་ཐོབ་པའི་ནོར་དང་ལྷག་མ་ཚེས་དཀྱིལ་གོང་བཞིན་འཆར། ཕུར་བུའི་ཉིན་དཀྱིལ་༤༣༣༢ཉི་འདོད་ཟླས་བསྒྱུར་བ༤༩༠༠༣༥༨༤དེ་འབྱུང་སོགས་ཀྱིས་ཐོབ་པས་ཀྱང་ཚེས་དཀྱིལ་གོང་བཞིན་འཆར། སྤེན་པའི་ཉིན་དཀྱིལ་༡༠༧༦༦ཉི་འདོད་ཟླས་བསྒྱུར་བ་༡༢༡༧༨༤༩༩༢དེ་འབྱུང་སོགས་ཀྱིས་ཐོབ་པས་ཀྱང་གོང་བཞིན་ཚེས་དཀྱིལ་ལོ། །ལྷག་པའི་ཉིན་དཀྱིལ་ཉི་འདོད་ཟླས་བསྒྱུར་བ་༩༩༥༡༡༦༦༤དེ་འབྱུང་སོགས་ཀྱིས་ཐོབ་པས་ཀྱང་གོང་ལྟར་ཚེས་དཀྱིལ་ལོ། །པ་སངས་ཀྱི་ཉིན་དཀྱིལ་ཉི་འདོད་ཟླ་བས་བསྒྱུར་བ་༢༥༤༡༨༠༦༤དེ་འབྱུང་སོགས་ཀྱིས་ཐོབ་པས་ཀྱང་གོང་ལྟར་ཚེས་དཀྱིལ་ལོ། །དེ་ལས་ཉིན་དཀྱིལ་བསྒྲུབ་འདོད་ན། །ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ། །ཉི་མ་འདོད་ཟླས་བགོས་ཐོབ་པ། །སོ་སོའི་ཉིན་ཞག་དཀྱིལ་འཁོར་འགྲུབ། །སོགས་ལ། དམར་པོའི་ཚེས་དཀྱིལ་༦༩༧གྱི་ཞག་གནས་༦༩༧འབྱུང་འདོད་དྲག་པོས་བསྒྱུར་བ་༧༧༦༡༠༩༥དེ་ལ་འོག་གི་འབྱུང་སོགས་ཆ་༡༠༢༤༩བསྲེས་པ་༧༧༧༡༣༤༤དེ་ཉི་མ་འདོད་ཟླས་ཐོབ་པས་༦༨༧ཉིན་དཀྱིལ་ལོ། །ཚེས་དཀྱིལ་ཕུར་བུའི་ཞག་གནས་༤༤༠༠འབྱུང་སོགས་ཀྱིས་བསྒྱུར་བ་༤༨༩༩༤༠༠༠དེ་ལ་འོག་གི་ཆ་བསྲེས་པ་༤༧༠༠༣༥༨༤དེ་

p. 368

ཉིད་ཉི་འདོད་ཟླས་ཕྱེ་ནོར་༤༣༣༢ཉིན་དཀྱིལ་ལོ། །སྤེན་པའི་ཚེས་དཀྱིལ་གྱི་ཞག་གནས་༡༠༩༣༧འབྱུང་སོགས་ཀྱིས་བསྒྱུར་བ་༩༩༥༠༢༣༦༠དེ་ལ་ཆ་བསྲེས་པ་༡༢༡༧༨༤༩༩༢དེ་ཉི་འདོད་ཟླས་བགོས་ནོར་༡༠༧༦༦ཉིན་དཀྱིལ་ལོ། །ལྷག་པའི་ཚེས་དཀྱིལ་གྱི་ཞག་གནས་༨༩༣༦དེ་འབྱུང་སོགས་ཀྱིས་བསྒྱུར་བ་༩༩༥༠༢༣༦༠དེ་ལ་ཆ་བསྲེས་པ་༩༩༥༡༡༦༦༤དེ་ཉི་འདོད་ཟླས་ཐོབ་ནོར་༨༧༩༧ཉིན་དཀྱིལ་ལོ། །པ་སངས་ཚེས་དཀྱིལ་གྱི་ཞག་གནས་༢༢༨༢དེ་འབྱུང་སོགས་ཀྱིས་བསྒྱུར་བ་༢༥༤༡༠༠༧༠དེ་ལ་འོག་གི་ཆ་བསྲེས་པ་༢༥༤༡༨༠༦༤དེ་ཉི་འདོད་ཟླས་ཐོབ་ནོར་༢༢༤༧ཉིན་དཀྱིལ་ལོ། །ཡང་ན་ཚེས་དཀྱིལ་གནས་གཉིས་ཀྱི། །གཅིག་གི་གནས་ཀུན་ཐུབ་རི་ཟླས། །བསྒྱུར་ལ་ཉི་འདོད་ཟླས་ཐོབ་པ། །ཅིག་ཤོས་ལ་འཕྲི་ཉིན་དཀྱིལ་འགྲུབ། །སོགས་ལ། དམར་པོའི་ཚེས་དཀྱིལ་༦༩༧གནས་གཉིས་སུ་བཞག་པའི་གཅིག་གི་ཞག་གནས་༦༧༦ཐུབ་རི་ཟླས་བསྒྱུར་བ་༡༢༣༣༦༩དེ་ཉི་འདོད་ཟླས་ཐོབ་ནོར་༡༠དང་ལྷག་༡༠༢༤༩འདིས་ཅིག་ཤོས་ལ་གནས་མཚུངས་འཕྲི་བས་ཉིན་དཀྱིལ་༦༨༧དུ་འགྱུར་རོ། །ཕུར་བུའི་ཚེས་དཀྱིལ་༤༤༠༠གནས་གཉིས་བཞག་པའི་གཅིག་གི་ཞག་གནས་༤༤༠༠ཐུབ་རི་ཟླས་བསྒྱུར་བ་༧༧༨༨༠༠དེ་ཉི་འདོད་ཟླས་ཐོབ་ནོར་༦༨དང་ལྷག་༩༥༨༤དེས་ཅིག་ཤོས་ལ་འཕྲི་བས་༤༣༣༢ཉིན་དཀྱིལ་ལོ། །སྤེན་པའི་ཚེས་དཀྱིལ་༡༠༩༣༧གནས་གཉིས་གཅིག་གི་ཞག་གནས་༡༠༩༣༧ཐུབ་རི་ཟླས་བསྒྱུར་བ་༡༩༣༥༨༤༩དེ་ཉི་འདོད་ཟླས་ཐོབ་ནོར་༡༧༡དང་ལྷག་༡༤༩༧འདིས་ཅིག་ཤོས་ལ་འཕྲི་བས་༡༠༧༦༦ཉིན་དཀྱིལ་ལོ། །ལྷག་པའི་ཚེས་དཀྱིལ་༨༩༣༦གནས་གཉིས་གཅིག་གི་ཞག་གནས་༨༩༣༦ཐུབ་རི་ཟླས་བསྒྱུར་བ་༡༥༨༡༦༧༢དེ་ཉི་འདོད་ཟླས་ཐོབ་ནོར་༡༣༩དང་ལྷག་༩༣༠༤འདིས་ཅིག་ཤོས་ལ་འཕྲི་བས་༨༧༩༧ཉིན་དཀྱིལ་ལོ། །དཀར་པོའི་ཚེས་དཀྱིལ་༢༢༨༢གནས་གཉིས་གཅིག་གི་ཞག་གནས་༢༢༨༢ཐུབ་རི་ཟླས་བསྒྱུར་བ་༤༠༣༩༡༤དེ་ཉི་འདོད་ཟླས་ཐོབ་ནོར་༣༥དང་ལྷག་༧༩༩༤དེས་ཅིག་ཤོས་ལ་འཕྲི་བས་ཉིན་དཀྱིལ་༢༢༤༧ལོ། །གཞན་ཡང་ཁྱིམ་ཞག་དཀྱིལ་འཁོར་ལས། །ཚེས་དཀྱིལ་སྒྲུབ་ན་ཞག་གི་

p. 369

གནས། །རི་རོས་བསྒྱུར་ལ་མདའ་རོས་བགོ། ཐོབ་པ་ཞག་ཡིན་ལྷག་མ་གང་། །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། །འོག་མ་འབྱུང་བས་བསྒྱུར་བ་བསྲེ། །མདའ་རོས་ཐོབ་པ་འབྱུང་སོགས་ཆ། །སོགས་ལ། དམར་པོའི་ཁྱིམ་དཀྱིལ་༦༧༧ཞག་གནས་རི་རོས་བསྒྱུར་བ་༤༥༣༥༩དེ་མདའ་རོས་བགོས་ནོར་༦༩༧ཞག་དང་ལྷག་༥༤པ་འབྱུང་འདོད་དྲག་གིས་བསྒྱུར་བ་༦༠༡༢༩༠འོག་གི་ཆ་༡༢༩༧༩འབྱུང་བས་བསྒྱུར་བ་༦༤༨༩༥དེ་གོང་མར་བསྲེས་པ་༦༦༦༡༨༥དེ་མདའ་རོས་བགོས་པའི་༦༩༧དག་ཚེས་དཀྱིལ་ལོ། །ཕུར་བུའི་ཁྱིམ་དཀྱིལ་༤༢༦༩ཞག་གནས་རི་རོས་བསྒྱུར་བ་༢༨༦༠༢༣དེ་མདའ་རོས་ཐོབ་ནོར་༤༤༠༠ཞག་དང་ལྷག་༢༣འབྱུང་འདོད་དྲག་གིས་བསྒྱུར་༢༥༦༡༠༥འོག་གི་ཆ་འབྱུང་བས་བསྒྱུར་བ་༣༦༦༨༥༥དེ་གོང་མ་འབྱུང་འདོད་དྲག་གིས་བསྒྱུར་བ་ལ་བསྲེས་པ་༦༢༢༩༦༠དེ་མདའ་རོས་ཐོབ་ནོར་༩༥༨༤ཚེས་དཀྱིལ་༤༤༠༠ལོ། །སྤེན་པའི་ཁྱིམ་དཀྱིལ་གྱི་ཞག་གནས་༡༠༦༡༠དེ་རི་རོས་བསྒྱུར་བ་༧༡༠༨༧༠དེ་མདའ་རོས་བགོས་ནོར་༡༠༩༣༦ཞག་ལྷག་༣༠དེ་འབྱུང་འདོད་དྲག་གིས་བསྒྱུར་བ་༣༣༤༠༥༠འོག་གི་ཆ་འབྱུང་བས་བསྒྱུར་བ་༤༨༧༠༣༠དེ་གོང་མར་བསྲེས་པ་༨༢༡༠༨༠མདའ་རོས་ཐོབ་ནོར་༡༤༩༧དག་ཚེས་དཀྱིལ་༡༠༩༣༧ལོ། །ལྷག་པའི་ཁྱིམ་དཀྱིལ་གྱི་ཞག་གནས་༨༦༧༠དེ་རི་རོས་བསྒྱུར་བ་༥༨༠༨༩༠དེ་མདའ་རོས་བགོས་ནོར་༨༩༣༦ཞག་དང་ལྷག་༥༠དེ་འབྱུང་འདོད་དྲག་གིས་བསྒྱུར་བ་༥༥༦༧༥༠འོག་གི་ཆ་འབྱུང་བས་བསྒྱུར་བ་༤༨༠༡༠དེ་གོང་མར་བསྲེས་པ་༦༠༤༧༦༠དེ་ལ་མདའ་རོས་ཐོབ་ནོར་ཚེས་༨༩༣༦དཀྱིལ་ལོ། །པ་སངས་ཀྱི་ཁྱིམ་དཀྱིལ་༢༢༡༤རི་རོས་བསྒྱུར་བ་༡༤༨༣༣༨དེ་མདའ་རོས་བགོས་ལྷག་༨དེ་འབྱུང་འདོད་དྲག་གིས་བསྒྱུར་བ་༨༩༠༨༠འོག་གི་ཆ་༨༦༡༠༦འབྱུང་བས་བསྒྱུར་བ་༤༣༠༥༣༠དེ་གོང་མར་བསྲེས་པ་༥༡༩༦༡༠དེ་མདའ་རོས་ཐོབ་ནོར་ཚེས་དཀྱིལ་༢༢༨༢ལོ། །ཡང་ན་ཁྱིམ་དཀྱིལ་གནས་གཉིས་ཀྱི། །གཅིག་གི་སྟེང་འོག་མིག་གིས་བསྒྱུར། །སྟེང་མར་མདའ་རོས་ཐོབ་པ་ཞག །ལྷག་མ་བུག་སོགས་ཀྱིས་བསྒྱུར་བར། །འོག་མ་བསྲེས་ལ་མདའ་རོ་ཡིས། །ཐོབ་པའི་ཆར་བཅས་ཅིག་ཤོས་ལ། །གནས་མཚུངས་

p. 370

བསྲེས་པའི་བར་པ་དེ། །ལྔས་བསྒྱུར་འོག་མ་འདོད་ཐོབ་བསྲེ། །རི་རོས་ཐོབ་པ་འབྱུང་སོགས་ཀྱི། །ཆ་ཡིན་རང་རང་ཚེས་དཀྱིལ་ལོ། །དམར་པོའི་ཁྱིམ་དཀྱིལ་༦༧༧འདི་གནས་གཉིས་སུ་བཀོད་པའི་གཅིག་གི་གནས་སྟེང་འོག་གཉིས་ཀ་མིག་གིས་བསྒྱུར་བ། ༡༣༥༤འོག་གི་ཆ་ཡར་མ་བསྒྲིལ་བའི་སྟེང་མར་མདའ་རོས་བགོས་ནོར་༢༠ཐོབ་པ་ཞག་གནས་དང་ལྷག་མ་༥༤བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བ་༨༠༥༧༢༨༦ལ་རང་ཆ་༢༥༩༥༨བསྲེས་པ་༨༠༨༣༢༤༤མདའ་རོས་བགོས་ནོར་༡༢༤༣༥༧གནས་ཅིག་ཤོས་གནས་མཚུངས་ལ་བསྲེས་པ་༡༣༧༣༣༦འདི་རྣམས་འབྱུང་བས་བསྒྱུར་བར་༦༨༦༦༨༠ལྷག་༣༩འདི་འདོད་པས་བགོས་ནས་སྟེང་མར་བསྲེས་པ་༦༨༦༦༨༣དེ་རི་རོས་བགོས་ནོར་ཐོབ་པ་འབྱུང་འདོད་དྲག་ཆ་བཅས་དམར་པོའི་ཚེས་དཀྱིལ་༦༧༦ལོ། །ལྷག་པའི་ཁྱིམ་དཀྱིལ་༨༦༧༠འདི་གནས་གཉིས་སུ་བཀོད་པའི་གཅིག་གི་གནས་སྟེང་འོག་མིག་གིས་བསྒྱུར་བ་༡༧༣༤༠ཆ་མ་བསྒྲིལ་བའི་སྟེང་མར་མདའ་རོས་བགོས་ནོར་༢༦༦ཐོབ་པ་ཞག་དང་། བརྒྱ་ཆ་ལྷག་མ་༥༠བུག་སོགས་ཀྱིས་བསྒྱུར་བ་༧༤༦༠༤༥༠རང་ཆ་༡༩༢༠༤བསྲེས་པ་༧༤༧༩༦༥༤མདའ་རོས་བགོས་ནོར་༡༡༥༠༧༡ཐོབ་པ་གནས་ཅིག་ཤོས་ལ་བསྲེས་ཏེ་ལྔས་བསྒྱུར་བ་༦༢༣༣༦༥ལྷག་མ་༣༩འདོད་པས་བགོས་ནོར་༣སྟེང་མར་བསྲེས་པ༦༢༣༣༦༨། དེ་རི་རོས་བགོས་ནོར་༩༣༠༤ཐོབ་པ་འབྱུང་འདོད་དྲག་ཆ་བཅས་ཚེས་དཀྱིལ་༨༩༣༦ལོ། །ཕུར་བུའི་ཁྱིམ་དཀྱིལ་༤༢༦༩འདི་གནས་གཉིས་སུ་བཞག་གཅིག་གི་སྟེང་འོག་མིག་གིས་བསྒྱུར་བ་༨༥༣༨ཞག་གནས་མདའ་རོས་བགོས་ནོར་ཐོབ་པ་༡༣༡ཞག་གནས་དང་། ལྷག་མ་༢༣བུག་སོགས་ཀྱིས་བསྒྱུར་བ་༣༤༣༡༨རང་ཆ་༡༤༦༧༤༢གོང་མར་བསྲེས་པ་༣༥༧༨༥༤༩མདའ་རོས་བགོས་ནོར་ཐོབ་པ་༥༥༠༥༤ཅིག་ཤོས་ལ་གནས་མཚུངས་སུ་བསྲེས་པ་༡༢༨༤༢༥དེ་འབྱུང་བས་བསྒྱུར་བ་༦༤༢༡༢༥ལྷག་༣༩འདོད་པས་ཐོབ་ནོར་༣སྟེང་མར་བསྲེས་༦༤༢༡༢༨དེ་རི་རོས་བགོས་ནོར་༩༥༨༤ཐོབ་པ་འབྱུང་འདོད་དྲག་ཆ་བཅས་ཚེས་དཀྱིལ་༤༤༠༠ལོ། །པ་སངས་ཁྱིམ་དཀྱིལ་༢༢༡༤གནས་གཉིས་སུ་བཀོད་པའི་གཅིག་གི་གནས་སྟེང་

p. 371

འོག་མིག་གིས་བསྒྱུར་བ་༤༤༢༨དེ་མདའ་རོས་བགོས་ནོར་༦༨ཐོབ་པ་ཞག་གནས་དང་། བཅུ་ཆ་ལྷག་༨བུག་སོགས་ཀྱིས་བསྒྱུར་བ་༡༡༩༣༦༧༢རང་ཆ་༡༧༢༢༡༢བསྲེས་པ་༡༣༦༥༨༨༤མདའ་རོས་བགོས་ནོར་༢༡༠༡༣ཐོབ་པ་ཅིག་ཤོས་ལ་གནས་མཚུངས་སུ་བསྲེས་པ་༡༠༧༡༡༩ལྔས་བསྒྱུར་བར་༥༣༥༥༩༥ལྷག་༣༩འདོད་པས་བགོས་ནོར་༣བསྲེས་པ་༥༣༥༥༩༨རི་རོས་བགོས་ཐོབ་འབྱུང་འདོད་དྲག་ཆ་བཅས་ཚེས་དཀྱིལ་༢༢༨༢ལོ། །སྤེན་པའི་ཁྱིམ་དཀྱིལ་༡༠༦༡༠གནས་གཉིས་སུ་བཞག་པའི་གཅིག་གི་སྟེང་འོག་གཉིས་ཀ་མིག་གིས་བསྒྱུར་བ་༢༡༢༢༠སྟེང་མ་མདའ་རོས་བགོས་ནོར་༣༢༦ཐོབ་པ་ཞག་དང་ལྷག༣༠བུག་སོགས་ཀྱིས་བསྒྱུར་བ་༤༤༧༦༢༧༠རང་ཆ་༡༩༤༨༡༢བསྲེས་ནས་༤༦༧༡༠༨༢མདའ་རོས་བགོས་ནོར་༧༡༨༢ཐོབ་པ་ཅིག་ཤོས་ལ་བསྲེས་པ་༡༦༩༢༦༥༨ལྔས་བསྒྱུར་བ་༨༤༦༣༤༠ལྷག་༥༢འདོད་པས་ཐོབ་༤ནོར་སྟེང་མར་བསྲེས་པ་འདི་༨༤༦༣༤༤དེ་རི་རོས་བགོས་ནོར་༡༢༦༣༢འདི་འབྱུང་འདོད་དྲག་གི་དཀྱིལ་འཁོར་ལོ་བསྒྲིལ་ནོར་༡སྟེང་དུ་བསྲེས་ལྷག་༡༤༩༧རང་ཆ་བཅས་སྤེན་པའི་ཚེས་དཀྱིལ་༡༠༩༣༧ལོ། །དེ་ཡི་སྟེང་འོག་མདའ་རོས་བསྒྱུར། །འོག་མར་འབྱུང་འདོད་དྲག་པོ་ཡིས། །ཐོབ་པ་སྟེང་བསྲེས་རི་རོས་བགོ། དེ་ལྷག་འབྱུང་འདོད་དྲག་པོས་བསྒྱུར། །རང་ཆ་བསྲེས་ལ་ལྔས་ཐོབ་པ། །བུག་སོགས་ཆ་སྟེ་ཁྱིམ་དཀྱིལ་ལོ། །སོགས་ལ། དམར་པོའི་ཚེས་དཀྱིལ་༦༩༧འདིའི་སྟེང་འོག་གཉིས་ཀ་མདའ་རོས་བསྒྱུར་བ། ༤༥༣༠༥འོག་མ་འབྱུང་འདོད་དྲག་པོས་བགོས་ནོར་༥༩སྟེང་དུ་བསྲེས་པ་༤༥༣༦༤འདི་རི་རོས་བགོས་ནོར་༦༧༧ཞག་དང་ལྷག་༥འབྱུང་འདོད་དྲག་པོས་བསྒྱུར་བ་༥༥༦༧༥རང་ཆ་ལྷག་མ་༦༤བསྲེས་པ་༦༤འདི་ལྔས་བགོས་ནོར་བུག་སོགས་ཆ་བཅས་དམར་པོའི་ཁྱིམ་དཀྱིལ་༦༧༧ལོ། །ལྷག་པའི་ཚེས་དཀྱིལ་༨༩༣༦འདི་སྟེང་འོག་གཉིས་ཀ་མདའ་རོས་བསྒྱུར་བ་༥༨༠༨༤༠འདི་འོག་མ་འབྱུང་འདོད་དྲག་པོས་བགོས་ནོར་༥༤སྟེང་དུ་བསྲེས་པ་༥༨༠༨༩༤དེ་རི་རོས་བགོས་ཐོབ་ཞག་གནས་༨༦༧༠དང་། བརྒྱ་ཆ་ལྷག་༤འབྱུང་འདོད་དྲག་པོས་བསྒྱུར་བ་༤༤༥༤༠རང་ཆ་༣༤༧༠བསྲེས་པ་༤༨༠༡༠འདི་ལྔས་

p. 372

བགོས་ཐོབ་ནོར་བུག་སོགས་ཆ་བཅས་ལྷག་པའི་ཁྱིམ་དཀྱིལ་༨༦༧༠ལོ། །ཕུར་བུའི་ཚེས་དཀྱིལ་༤༤༠༠འདི་མདའ་རོའི་ཞག་གནས་བསྒྱུར་བ་༢༨༦༠༠༠ཆ་ཤས་བསྒྱུར་བ་༦༢༢༩༦༠ཆ་དེ་འབྱུང་འདོད་དྲག་པོས་བགོས་ནོར་༥༥སྟེང་དུ་བསྲེས་པ་༢༨༦༠༥༥དེ་རི་རོས་བགོས་ནོར་༤༢༦༩ཐོབ་པ་ཞག་དང་ལྷག་༣༢འབྱུང་འདོད་དྲག་པོས་བསྒྱུར་བ་༣༥༦༣༢༠རང་ཆ་༡༠༥༣༥བཅུག་པར་༣༦༦༨༥༥ལྔས་བགོས་ནོར་བུག་སོགས་ཆ་བཅས་ཕུར་བུའི་ཁྱིམ་དཀྱིལ་༤༢༦༩ལོ། །པ་སངས་ཀྱི་ཚེས་དཀྱིལ་༢༢༨༢མདའ་རོས་སྟེང་འོག་གཉིས་ཀ་བསྒྱུར་བ་༡༤༨༣༣༠འོག་མ་འབྱུང་འདོད་དྲག་པོས་བགོས་ནོར་༤༦སྟེང་མར་བསྲེས་པ་༡༤༨༣༧༦འདི་རི་རོས་བགོས་ནོར་༢༢༡ཞག་དང་། བཅུ་ཆ་༤ལྷག་༣༨འབྱུང་འདོད་དྲག་པོས་བསྒྱུར་བ་༤༣༣༡༣༠རང་ཆ་༧༤༠༠བསྲེས་པར་༤༣༠༥༣༠ལྔས་བགོས་ནོར་༨༦༡༠༦བུག་སོགས་ཆ་བཅས་ཁྱིམ་དཀྱིལ་༢༢༡༤ལོ། །སྤེན་པའི་ཚེས་དཀྱིལ་༡༠༧༣༧འདི་སྟེང་འོག་མདའ་རོས་བསྒྱུར་བ། ༧༡༠༩༠༥འོག་མ་འབྱུང་འདོད་དྲག་པོས་བགོས་ནོར་༨སྟེང་དུ་བསྲེས་པ་༧༡༠༩དེ་རི་རོས་བགོས་ནོར་༡༠༦༡༠ཞག་དང་ལྷག་༤༣འབྱུང་འདོད་དྲག་པོས་བསྒྱུར་བ་༤༧༨༨རང་ཆ་༨༢༢༥བཅུག་༤༨༧༠༣༠ནས་ལྔས་ཐོབ་ནོར་༩༧༤༠༦བུག་སོགས་ཆ་བཅས་སྤེན་པའི་ཁྱིམ་དཀྱིལ་༡༠༦༡༠ལོ། །ཡང་ན་ཚེས་དཀྱིལ་གནས་གཉིས་བཀོད། །གཅིག་གི་སྟེང་འོག་མིག་གིས་བསྒྱུར། །སྟེང་མར་རི་རོས་ཐོབ་པ་ཞག །ལྷག་མ་འབྱུང་འདོད་དྲག་པོ་ཡིས། །བསྒྱུར་བར་འོག་མ་བསྲེས་དེ་ལ། །རི་རོས་ཐོབ་པ་ལྷག་བཅས་པས། །ཅིག་ཤོས་ལ་སྦྱང་བར་པ་དེ། །རི་རོས་བསྒྱུར་ལ་འོག་གིས་འཕྲི། །འབྱུང་བས་ཐོབ་པ་བུག་སོགས་ཀྱི། །ཆ་སྟེ་རང་རང་ཁྱིམ་དཀྱིལ་ལོ། །སོགས་ལ། མིག་དམར་ཚེས་དཀྱིལ་༦༧༦གནས་གཉིས་སུ་བཀོད་པའི་གཅིག་གི་གནས་མིག་གིས་བསྒྱུར་བ་༡༣༩༤སྟེང་མ་རི་རོས་བགོས་ཐོབ་༢༠ཞག་གནས་དང་། ལྷག་༥༤འབྱུང་འདོད་དྲག་པོས་བསྒྱུར་བ་༦༠༡༢༩༠རང་ཆ་༢༠༤༩༨བསྲེས་པ་༦༢༡༧༨༨དེ་རི་རོས་བགོས་༩༢༨༠ཆ་ཤས་དང་། ལྷག་༢༨བཅས་པས་ཅིག་ཤོས་ལ་སྦྱངས་པའི་བར་གྱི་ལྷག་༩༦༩རི་རོས་བསྒྱུར་བ་༦༤༩༢༣དེ་ལ་ལྷག་

p. 373

༢༨གིས་འཕྲི་བར་༦༤༨༩༥ལྔས་བགོས་ནོར་ཐོབ་པ་དམར་པོའི་ཁྱིམ་དཀྱིལ་༦༧༧ལོ། །ལྷག་པའི་ཚེས་དཀྱིལ་༨༩༣༦གནས་གཉིས་བཀོད་པའི་གཅིག་གི་སྟེང་འོག་གཉིས་ཀ་མིག་གིས་བསྒྱུར་བ་༡༧༨༧༢སྟེང་མ་རི་རོས་བགོས་ནོར་༢༦༦ཐོབ་པ་ཞག་གནས་དང་། བརྒྱ་ཆ་ལྷག༥༠འབྱུང་འདོད་དྲག་པོས་བསྒྱུར་བ་༥༥༦༧༥༠རང་ཆ་༡༨༦༠བསྲེས་པ་༥༧༥༣༥༨དེ་རི་རོས་བགོས་ནོར་༨༥༨༧ཐོབ་པ་ཆ་ཤས་དང་བཅས་པས་ཅིག་ཤོས་ལ་སྦྱངས་པའི་ལྷག་༧༡༧རི་རོས་བསྒྱུར་བ་༤༨༠༣༩དེ་ལ་ལྷག་གིས་༢༩འཕྲི་བ་༤༨༠༡༠དེ་འབྱུང་བས་བགོས་ནོར་༩༦༠༢ཐོབ་པ་བུག་སོགས་ཀྱི་ཆ་བཅས་ཁྱིམ་དཀྱིལ་༨༦༧༠ལོ། །ཕུར་བུའི་ཚེས་དཀྱིལ་༤༤༠༠གནས་གཉིས་བཞག་པའི་གཅིག་གི་སྟེང་འོག་གཉིས་ཀ་མིག་གིས་བསྒྱུར་ཞེས་ཞག་གནས་བསྒྱུར་བ་༨༨༠༠ཆ་ཤས་བསྒྱུར་བ་༡༩༡༦༨རང་གནས་དང་། སྟེང་མར་རི་རོས་བགོས་ནོར་༡༣༡ཐོབ་པ་ཞག་དང་། ལྷག་༢༣འབྱུང་འདོད་དྲག་པོས་བསྒྱུར་བ་༢༥༦༡༠༥རང་ཆ་༡༩༡༦༨བཅུག་པ་༢༧༥༢༧༣དེ་རི་རོས་བགོས་ནོར་༤༡༠༨ཐོབ་པ་ཆ་ཤས་༣༧དང་བཅས་པ་གནས་ཅིག་ཤོས་ལ་སྦྱངས་པའི་ལྷག་༥༤༧༦རི་རོས་བསྒྱུར་བ་༣༦༦༨༩༢ལ་ལྷག་འདིས་༣༧འཕྲི་༣༦༦༨༥༥ལྔས་བགོས་ནོར་༧༣༣༧༡བུག་སོགས་ཀྱི་ཆ་བཅས་ཁྱིམ་དཀྱིལ་༤༢༦༩ལོ། །པ་སངས་ཀྱི་ཚེས་དཀྱིལ་༢༢༨༢གནས་གཉིས་སུ་བཀོད་པའི་གཅིག་གི་སྟེང་འོག་མིག་གིས་བསྒྱུར་བ་༤༥༦༤ཆ་རང་སར་བཞག །སྟེང་མ་རི་རོས་བགོས་ནོར་༦༨ཐོབ་པ་ཞག་གནས་དང་། བཅུ་ཆ་ལྷག་༨འབྱུང་འདོད་དྲག་པོས་བསྒྱུར་བ། ༨༩༠༨༠རང་ཆ་༡༥༩༨༨བཅུག་ནས་༡༠༥༠༦༨དེ་རི་རོས་ཐོབ་ནོར་༡༥༦༨ཆ་ཤས་དང་བཅས་པས་གནས་ཅིག་ཤོས་ལ་སྦྱངས་པའི་ལྷག །༦༤༢༦དེ་རི་རོས་བསྒྱུར་བ་༤༣༠༥༤༢ལ་ལྷག་༡༢གིས་ཕྲི་བ་༤༣༠༥༣༠ལྔས་བགོས་ནོར་༨༦༡༠༦བུག་སོགས་ཆ་བཅས་ཁྱིམ་དཀྱིལ་༢༢༡༤ལོ། །སྤེན་པའི་ཚེས་དཀྱིལ་༡༠༩༣༧གནས་གཉིས་སུ་བཀོད་པའི་གཅིག་གི་གནས་སྟེང་འོག་གཉིས་ཀ་མིག་གིས་བསྒྱུར་བ་༢༡༨༧༤སྟེང་མ་རི་རོས་བགོས་ནོར་༢༣༦ཞག་དང་ལྷག་༣༢འབྱུང་འདོད་དྲག་པོས་བསྒྱུར་བ་༣༥༦༣༢༠རང་ཆ་༢༩༩༤བཅུག་

p. 374

པ་༣༥༩༢༡༤དེ་རི་རོས་བགོས་ནོར་༥༣༦༤ཐོབ་པ་ཆ་ཤས་༦༠དང་བཅས་པ་གནས་ཅིག་ཤོས་ལ་སྦྱངས་པའི་ལྷག་༧༢༧༠རི་རོས་བསྒྱུར་བ། ༤༨༧༠༩༠ལྷག་འདིས་༦༠ཕྲི་ཞིང་ལྔས་བགོས་ནོར་༤༨༧༠༣༠ཐོབ་པ་བུག་སོགས་ཆ་བཅས་ཁྱིམ་དཀྱིལ་༡༠༦༡༠ལོ། །གཞན་ཡང་ཚེས་དཀྱིལ་ཞག་གི་གནས། །འབྱུང་འདོད་དྲག་པོའི་ཆར་གསིལ་བ། །སླར་ཡང་འདོད་པས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། རྙེད་པ་ལྷག་བཅས་ཁྱིམ་དཀྱིལ་ཏེ། །སོགས་ལ། དམར་པོའི་ཚེས་དཀྱིལ་༦༩༧གྱི་ཞག་གནས་འབྱུང་འདོད་དྲག་པོའི་ཆར་གསིལ་བ་༧༧༦༡༠༩༥རང་ཆ་བཅུག་ནས་༧༧༧༡༣༤༤འདོད་པས་བསྒྱུར་བ། ༡༠༡༠༢༧༤༧༢དེ་བུག་སོགས་ཀྱིས་བགོས་ཐོབ་ཞག་གནས་དང་ལྷག་མ་རང་ཆ་བཅས་མིག་དམར་ཁྱིམ་དཀྱིལ་༦༧༧ལོ། །ལྷག་པའི་ཚེས་དཀྱིལ་༨༩༣༦གྱི་ཞག་གནས་འབྱུང་འདོད་དྲག་པོའི་ཆར་གསིལ་བར་༩༩༥༠༢༣༦༠རང་ཆ་བཅུག་ནས་༩༩༥༡༡༦༦༤འདོད་པས་བསྒྱུར་བ་༡༢༩༣༦༥༡༦༣༢དེ་བུག་སོགས་ཀྱིས་བགོས་ནོར་༨༦ཐོབ་པ་ཞག་དང་བརྒྱ་ཆ་༧༠ལྷག་རང་ཆ་བཅས་ལྷག་པའི་ཁྱིམ་དཀྱིལ་༨༦༧༠ལོ། །ཕུར་བུའི་ཚེས་དཀྱིལ་༤༤༠༠གྱི་ཞག་གནས་འབྱུང་འདོད་དྲག་པོའི་ཆར་གསིལ་བར་༤༨༩༩༤༠༠༠རང་ཆ་བཅུག་ནས་༤༩༠༠༣༥༨༤འདོད་པས་བསྒྱུར་བ་༦༣༧༠༤༦༥༩༢དེ་བུག་སོགས་ཀྱིས་བགོས་ནོར་༤༢༦༩ཐོབ་པ་ཞག་གནས་དང་ལྷག་རང་ཆ་བཅས་ཕུར་བུའི་ཁྱིམ་དཀྱིལ་༤༢༦༩ལོ། །པ་སངས་ཀྱི་ཚེས་དཀྱིལ་༢༢༨༢འབྱུང་འདོད་དྲག་པོའི་ཆར་གསིལ་བ་༢༥༤༡༠༠༧༠རང་ཆ་བཅུག་ནས་༢༥༤༡༨༠༦༤འདོད་པས་བསྒྱུར་བ་༣༣༠༤༣༤༨༣༢དེ་བུག་སོགས་ཀྱིས་བགོས་ནོར་ཐོབ་༢༢༡པ་ཞག་དང་བཅུ་ཆ་༤ལྷག་༨༦༡༠༦རང་ཆ་བཅས་ཁྱིམ་དཀྱིལ་༢༢༡༤ལོ། །སྤེན་པའི་ཚེས་དཀྱིལ་༡༠༩༣༧གྱི་ཞག་གནས་འབྱུང་འདོད་དྲག་ཆར་གསིལ་བ། ༡༢༡༧༨༣༤༩༥རང་ཆ་བཅུག་ནས་༡༢༡༧༨༤༩༩༢འདོད་པས་བསྒྱུར་བ་༡༥༨༣༢༠༤༨༩༦དེ་བུག་སོགས་ཀྱིས་བགོས་ནོར་༡༠༦༡༠ཐོབ་པ་ཞག་གནས་དང་། ལྷག་རང་ཆ་བཅས་སྤེན་པའི་ཁྱིམ་དཀྱིལ་༡༠༦༡༠ལོ། །དེ་ཡང་བུག་སོགས་ཆར་གསིལ་ལ། །འདོད་ཐོབ་འབྱུང་

p. 375

འདོད་དྲག་པོས་བགོ། རྙེད་པ་ལྷག་བཅས་ཚེས་དཀྱིལ་ལོ། །དེ་དག་ཀུན་ལ་ཞི་གཉིས་ཀྱི། །ཞག་གསུམ་གཅིག་ལས་གཅིག་སྒྲུབ་ཚེ། །ཞག་གནས་བརྒྱ་ཆ་བཅུ་ཆར་གསིལ། །ཅིག་ཤོས་བསྒྲུབ་རྗེས་གནས་སྟེང་མ། །བརྒྱ་དང་བཅུས་ཐོབ་ཞག་གནས་སོ། །ཞེས་སོགས་ལ། མིག་དམར་ཁྱིམ་དཀྱིལ་༦༧༧གྱི་ཞག་གནས་བུག་མཁའ་མིག་བུག་ཡིད་ཀྱི་ཆར་གསིལ་བར་༡༠༡༠༡༤༤༩༣རང་ཆ་བཅུག་ནས་༡༠༡༠༢༧༤༧༢འདོད་པས་བགོས་ཐོབ། ༧༧༧༡༣༤༤འདི་སླར་འབྱུང་འདོད་དྲག་པོས་བགོས་ནོར་༦༩༧ཞག་གནས་དང་། ལྷག་རང་ཆ་བཅས་དམར་པོའི་ཚེས་དཀྱིལ་༦༩༧ལོ། །ལྷག་པའི་ཁྱིམ་དཀྱིལ་༨༦༧༠གྱི་ཞག་གནས་བུག་སོགས་ཀྱི་ཆར་གསིལ་བ་༡༢༩༣༦༤༢༠༣༠རང་ཆ་བཅུག་ནས་༡༢༩༣༦༥༡༦༣༢འདོད་པས་བགོས་ནོར་༩༩༥༡༡༦༦༤ཐོབ་པ་འདི་སླར་ཡང་འབྱུང་འདོད་དྲག་པོས་བགོས་ནོར་ཞག་གནས་༨༩དང་བརྒྱ་ཆ་༣༦ལྷག་༩༣༠༤རང་ཆ་བཅས་ལྷག་པའི་ཚེས་དཀྱིལ་༨༩༣༦ལོ། །ཕུར་བུའི་ཁྱིམ་དཀྱིལ་༤༢༦༩གྱི་ཞག་གནས་བུག་སོགས་ཀྱི་ཆར་གསིལ་བ་༦༣༦༩༧༣༢༢༡རང་ཆ་བཅུག་པར་༦༣༧༠༤༦༥༩༢འདོད་པས་བགོས་ནོར་༤༩༠༠༣༥༨༤ཐོབ་པ་སླར་ཡང་འབྱུང་འདོད་དྲག་པོས་བགོས་ནོར་༤༤༠༠ཞག་གནས་དང་། ལྷག་རང་ཆ་བཅས་ཕུར་བུའི་ཚེས་དཀྱིལ་༤༤༠༠ལོ། །པ་སངས་ཀྱི་ཁྱིམ་དཀྱིལ་༢༢༡༤འདིའི་ཞག་གནས་བུག་སོགས་ཀྱི་ཆར་གསིལ་བར་༣༣༠༣༤༨༧༢༦རང་ཆ་བཅུག་པར་༣༣༠༤༣༤༨༣༢འདོད་པས་བགོས་ནོར་༢༥༤༡༨༠༦༤ཐོབ་པ་འདི་སླར་ཡང་འབྱུང་འདོད་དྲག་པོས་བགོས་ནོར་༢༢༨ཞག་གནས་དང་། བཅུ་ཆ་༢ལྷག་༧༩༩༤རང་ཆ་བཅས་པ་སངས་ཀྱི་ཚེས་དཀྱིལ་༢༢༨༢ལོ། །སྤེན་པའི་ཁྱིམ་དཀྱིལ་༡༠༦༡༠འདིའི་ཞག་གནས་བུག་སོགས་ཀྱི་ཆར་གསིལ་བ་༡༥༨༣༡༠༧༤༩༠ཆ་བཅུག་པ་༡༥༨༣༣༠༤༨༩༦འདོད་པས་བགོས་ནོར་༡༢༡༧༨༤༩༩༢ཐོབ་པ་འདི་སླར་ཡང་འབྱུང་འདོད་དྲག་པོས་བགོས་ནོར་ཞག་གནས་༡༠༩༣༧དང་ལྷག་རང་ཆ་བཅས་སྤེན་པའི་ཚེས་དཀྱིལ་༡༠༩༣༧ལོ། །དེ་ནས་གཟའ་ལྔའི་རྟགས་ལོངས་ནི། །རང་རང་ཉིན་ཞག་དཀྱིལ་འཁོར་གྱིས། །དྲག་གསུམ་རྒྱུ་སྐར་ཆུ་ཚོད་དང་། །དེ་ཉིད་ཞི་བར་

p. 376

བརྒྱ་དང་བཅུས། །བསྒྱུར་བའི་ཚོགས་ལ་རིམ་བགོས་པས། །དྲག་གསུམ་དལ་བ་ཞི་གཉིས་ཀྱི། །རྐང་པའི་ཉིན་ཞག་རྟག་ལོངས་འཆར། །ཆུ་ཚོད་ལག་པ་སྲང་གཟུགས་མིག །དབུགས་ཟུང་བུག་མིག་ལག་པའི་ཆར། །ཀླུ་མཁའ་བགྲོད་པ་མིག་དམར་རོ། །ཆུ་ཚོད་ཉེས་པ་སྲང་རྒྱལ་བ། །དབུགས་སུ་དབང་པོ་དཀྱིལ་འཁོར་ཆར། །རི་ཀླུ་རོ་མཚོ་ལྷག་པའོ། །ལག་མིག་ཆུ་ཀླུང་དབུགས་མཚོ་མ། །གཟུགས་དུས་མེའི་ཆར་དུས་མིག་ལག །ཕུར་བུ་ཡིན་ནོ་ཆུ་ཚོད་རི། །ཆུ་སྲང་ཉི་མ་དབུགས་ཡོན་ཏན། །བུག་མཚོ་རི་ཆར་དབང་མཚོ་མེ། །པ་ཝ་སངས་སོ་ཆུ་སྲང་བུག །མཁའ་དབུགས་མེ་ཀླུ་མེ་མདའི་ཆར། །ཉེས་པ་བུག་རྣམས་སྤེན་པ་སྟེ། །སོ་སོའི་ཉིན་ཞག་ཡུལ་ལོངས་ཡིན། །ཞེས་པར་སྔོན་ནས་སྐར་གནས་བཀག་པ་ཀུན་ལ་འགྲོ་ཞིང་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠འདི་ཉིད་དམར་པོའི་ཉིན་དཀྱིལ་༦༨༧གྱིས་ཐོབ་ནོར་༢དང་ལྷག་མ་མཁའ་རོ་དུས་ཀྱིས་རིམ་པར་བསྒྱུར་བགོས་ནོར་༢༡དབུགས་ལྷག་རྩེ་མོས་བགོས་ནོར་༢༠༨རྣམས་བརྩེགས་པ་དམར་པོའི་ཉིན་ཞག་རྟག་ལོངས་༠སོ། །རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠འདི་ཉིད་བརྒྱས་བསྒྱུར་བ་༡༦༢༠༠༠ལ་༨༧༩༧ཉིན་དཀྱིལ་གྱིས་བགོས་ནོར་༡༨དང་ལྷག་༣༦༥༤མཁའ་རོ་དུས་ཀྱིས་བསྒྱུར་བགོས་ནོར་༢༤དང་དབུགས་ལྷག་༤༦༨༧རང་སར་བཞག་པ་ཆ་བཅས་ལྷག་པའི་ཉིན་ཞག་རྟག་ལོངས་༠སོ། །རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠འདི་ཕུར་བུའི་༤༣༣༢ཉིན་དཀྱིལ་གྱིས་བགོས་ནོར་དང་༠ལྷག་༡༦༢༠མཁའ་རོ་དུས་ཀྱིས་བསྒྱུར་བགོས་ནོར་༢༢དང་། ལྷག་༢༧༡༢ཉི་མས་བགོས་ནོར་༢༢༦རྣམས་བརྩེགས་པས་ཕུར་བུའི་ཉིན་ཞག་རྟག་ལོངས་༠སོ། །ཆུ་ཚོད་༡༦༢༠འདི་བཅུས་བསྒྱུར་བ་༡༦༢༠༠པ་སངས་ཀྱི་༢༢༤༧ཉིན་དཀྱིལ་གྱིས་བགོས་ནོར་༧དང་ལྷག་མ་༤༧༡མཁའ་རོ་དུས་ཀྱིས་བསྒྱུར་བ་བགོས་ནོར་༡༢ཐོབ་པ་༢༢༦དབུགས་ལྷག་༡༠༣༥རྩེ་མོས་བགོས་ནོར་༣༤༥རྣམས་བརྩེགས་པ་པ་སངས་ཀྱི་ཉིན་ཞག་ཡུལ་ལོངས་༠སོ། །སྐར་གནས་ཐིག་དང་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠ལ་སྤེན་པའི་༡༠༧༦༦ཉིན་དཀྱིལ་གྱིས་བགོས་ནོར་༠དང་། ལྷག་མ་མཁའ་རོ་དུས་ཀྱིས་བསྒྱུར་བགོས་ནོར་༩དང་དབུགས་ལྷག་༣༤༥འདི་༡༨༣༦ལག་པས་

p. 377

བགོས་ནོར་༩༡༨བཅས་བརྩེགས་པས་སྤེན་པའི་ཉིན་ཞག་ཡུལ་ལོངས་༠སོ། །གཟའ་ལྔ་རང་རང་ཁྱིམ་ཞག་གི། དཀྱིལ་འཁོར་རང་ཆར་གསིལ་བ་ཡིས། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །བགོས་པས་ཁྱིམ་ཞག་རྟག་ལོངས་ཏེ། །བྱ་སླའི་ཆེད་དུ་དབུགས་ལྷག་རྣམས། །བཀྲ་ཤིས་དཀར་པོ་ཀླུ་མཚོ་དང་། །ཕུར་བུ་དུས་བུག་ལྷག་མི་བདག །སྤེན་པར་སོ་ཡིས་ཐོབ་ནོར་ལ། །གཟུགས་བུག་གཟུགས་བུག་གིས་བགོས་པས། །སྟེང་མ་རང་ཆ་ཁྱད་པར་དུ། །ཕུར་བུར་ཉིས་འགྱུར་འོག་མ་རྣམས། །གཟུགས་བུག་གཟུགས་བུག་ཆ་ཡིན་ཏེ། །བཀྲ་ཤིས་མཁའ་ཟུང་མེ་མིག་རྩེ། །ཐུབ་རི་ཆུ་རོ་འདོད་པའོ། །ལྷག་པའི་མཁའ་སྐྱོན་གཟུགས་མཚོ་མཁའ། །ལག་མིག་བགྲོད་པ་དབང་པོ་དང་། །དུས་བུག་དྲང་སྲོང་ཆུ་གཏེར་རོ། །སྒྲ་མཁན་མཁའ་མཁའ་ལག་མིག་མཚོ། །གཟུགས་མེ་ཆུ་དང་མིག་ཀླུ་དུས། །དཀར་པོར་མཁའ་རི་སྐྱོན་དབང་པོ། །རིག་བྱེད་སྡེ་པ་ཡོན་ཏན་དང་། །བུག་མཚོ་ཆུ་བོ་རྒྱ་མཚོའོ། །དལ་འགྲོར་མཁའ་མཁའ་བུ་ག་མཁའ། །ཐུབ་པ་གདེངས་ཅན་གཟུགས་དབང་པོ། །དུས་མཚོ་ནམ་མཁའ་ལག་པ་སྟེར། །སོ་སོའི་ཁྱིམ་ཞག་རྟག་ལོངས་ཡིན། །ཞེས་སོགས་ལ། དམར་པོའི་ཁྱིམ་དཀྱིལ་༦༧༧གྱི་ཞག་གནས་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བ་༡༠༡༠༡༤༤༩༣༠རང་ཆ་བཅུག་པ། ༡༠༡༠༢༧༤༧༢འདིས་རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠འདི་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བ་༢༤༡༧༡༨༥༨༠འདི་ལ་བགོས་ནོར་༢དང་ལྷག་༣༧༦༦༣༦༣༦མཁའ་རོས་བསྒྱུར་བགོས་ནོར་༢༣ལྷག་༥༦༡༨༦༣༠༤རྣམས་དུས་ཀྱིས་བསྒྱུར་བགོས་ནོར་༣དང་དབུགས་ལྷག་༣༤༠༣༥༤༠༨འདི་ཀླུ་ཆུ་བོས་བགོས་ནོར་༧༠༩༠༧༡འདི་སླར་ཡང་གཟུགས་བུག་གཟུགས་བུག་གིས་བགོས་ནོར་༧༧ལྷག་༡༣༦༤བཅས་བརྩེགས་པ་དམར་པོའི་ཁྱིམ་ལོངས་༠ཤར། ལྷག་པའི་ཁྱིམ་དཀྱིལ་༨༦གྱི་ཞག་གནས་བརྒྱས་བསྒྱུར་བརྒྱ་ཆ་བཅུག་ནས་བུག་སོགས་ཀྱིས་བསྒྱུར་བ་༡༢༩༣༦༤༢༠༣༠རང་ཆ་བཅུག་ནས་༡༢༩༣༦༥༡༦༣༢དབུགས་ཡན་འདིས་བགོ་བར་བྱེད་དོ། །རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠བུག་སོགས་ཀྱིས་བསྒྱུར་བ་༠༠༠༠འདི་ལ་སླར་ཡང་བརྒྱས་བསྒྱུར་ནས་གོང་མས་བགོས་ཚོད་༠༠༠༠བུག་སོགས་ཀྱིས་

p. 378

བསྒྱུར་བ་༢༤༡༧༡༨༥༨༠འདི་ལ་སླར་ཡང་བརྒྱས་བསྒྱུར་ནས་གོང་མས་བགོས་ནོར་༡༨ལྷག་༨༨༦༡༢༨༦༢༤མཁའ་རོས་བསྒྱུར་བགོས་ནོར་༤༡ལྷག་༡༢༨༠༠༠༥༢༨དུས་ཀྱིས་བསྒྱུར་བ་༧༦༨༠༠༣༡༦༨བགོ་བར་མ་ལྡེངས་པས་མི་བདག་གིས་བགོས་ནོར་༤༨༠༠༡༩༨འདི་རྣམས་གཟུགས་བུག་གཟུགས་བུག་གིས་བགོས་ནོར་༥༢༢༢ཆ་ཤས་གོང་མ་དང་ལྷག་༤༧༩༦གཟུགས་བུག་གི་ཆ་བཅས་ལྷག་པའི་ཁྱིམ་ཞག་ཡུལ་ལོངས་༠སོ། །ཕུར་བུའི་ཁྱིམ་དཀྱིལ་༤༢༦༧གྱི་ཞག་གནས་བུག་སོགས་ཀྱིས་བསྒྱུར་བ་༦༣༦༩༧༣༢༢༡རང་ཆ་བཅུག་༦༣༧༠༤༦༥༩༢དེས་རྒྱུ་སྐར་ཆུ་ཚོད་བུག་སོགས་ཀྱིས་བསྒྱུར་བ་ལ་གོང་བཞིན་དུ་བགོས་ནོར་༠ལྷག་མཁའ་རོ་དུས་ཀྱིས་རིམ་བསྒྱུར་བགོས་ནོར་༢༢ལྷག་༣༨༠༣༥༢༢༩༢དུས་བུག་གིས་བགོས་ནོར་༣༩༦༢༠༠༣དེ་ཡང་གཟུགས་བུག་གཟུགས་བུག་གིས་བགོས་ནོར་༤༣༡ལྷག་༦༨༢བཅས་ཕུར་བུའི་ཁྱིམ་ཞག་ཡུལ་ལོངས་༠སོ། །པ་སངས་བཅུ་ཆའི་ཁྱིམ་དཀྱིལ་༢༢༡༤བུག་སོགས་ཀྱིས་བསྒྱུར་བ་༣༣༠༣༤༨༧༢༦དེ་ལ་ཆ་བཅུག་པར་༣༣༠༤༣༤༨༣༣འདིས་རྒྱུ་སྐར་གྱི་ཆུ་ཚོད་བུག་སོགས་བསྒྱུར་བ་༢༤༡༧༡༨༥༨༠འདི་ལ་སླར་ཡང་བཅུས་བསྒྱུར་བ་ལ་བགོས་ནོར་༧ལྷག་མ་མཁའ་རོ་དུས་ཀྱིས་བསྒྱུར་བགོས་ནོར་༡༨དང་ལྷག་༡༥༡༩༧༥༣༤༤རྣམས་ཀླུ་མཚོས་བགོས་ནོར་༣༡༦༦༡༥༣དེ་གཟུགས་བུག་གཟུགས་བུག་གིས་བགོས་ནོར་དང་ལྷག་ཆ་འོག་མ་བཅས་པ་སངས་ཀྱི་ཁྱིམ་ཞག་རྟག་ལོངས་༠སོ། །སྤེན་པའི་ཁྱིམ་དཀྱིལ་༡༠༦༡༠གྱི་ཞག་གནས་བུག་སོགས་ཀྱིས་བསྒྱུར་བ་༡༥༨༣༡༠༧༤༧༠རང་ཆ་བཅུག་༡༥༨༣༢༠༤༨༩༦རྒྱུ་སྐར་ཆུ་ཚོད་༡༦༢༠བུ་ག་སོགས་ཀྱིས་བསྒྱུར་བ་ལ་བགོས་ནོར་དང་༠ལྷག་མཁའ་རོ་དུས་ཀྱིས་བསྒྱུར་བགོས་ནོར་༩དང་དབུགས་ལྷག་༡༥༢༥༦༢༤༤༡༦སོས་བགོས་ནོར་༤༧༦༧༥༧༦༣ལ་གཟུགས་བུག་གཟུགས་བུག་གིས་བགོས་ནོར་ཆ་ཤས་གོང་འོག་བཅས་སྤེན་པའི་ཁྱིམ་ཞག་ཡུལ་ལོངས་༠སོ། །གཟའ་ལྔའི་ཚེས་ཞག་དཀྱིལ་འཁོར་རྣམས། །རང་ཆར་གསིལ་བ་ཤེད་བསྙམས་ཀྱི། །རྒྱུ་སྐར་འཁོར་ལོ་ལ་བགོས་པས། །རང་རང་ཚེས་ཞག་རྟག་ལོངས་འཆར། །འདིར་ཡང་དབུགས་ལྷག་སྔར་ལྟར་དུ། །བགོས་ནོར་

p. 379

རི་མཁའ་རིས་ཐོབ་པས། །གོང་མ་སྔར་འདྲ་ཆ་འོག་མ། །རི་མཁའ་རི་ཡི་ཆ་ཡིན་ནོ། །བཀྲ་ཤིས་མཁའ་མིག་བུག་གཟུགས་ཟླ། །མེ་ཡིད་རྒྱ་མཚོ་མ་ནུའོ། །སྔོ་སངས་མཁའ་སྐྱོན་རི་བོ་མེ། །དུས་མེ་མཁའ་ཐུབ་མེ་རིའོ། །བླ་མར་མཁའ་མཁའ་ལག་མིག་ཐིག །དབང་རི་མེ་དང་མིག་ཐུབ་བོ། །དཀར་པོར་མཁའ་རི་དབང་པོ་ཆུ། །དུས་མེ་རོ་དང་མཚམས་མིག་གོ། ཉི་བུར་མཁའ་མཁའ་གདེངས་ཅན་དབང་། །ཀླུ་མེ་རི་གཟུགས་མི་བདག་ལག །སོ་སོའི་ཚེས་ཞག་རྟག་ལོངས་སོ། །ཞེས་སོགས་ལ། དམར་པོའི་ཚེས་དཀྱིལ་༦༩༧གྱི་ཞག་གནས་འབྱུང་འདོད་དྲག་པོས་བསྒྱུར་རང་ཆ་བཅུག་ནས་༧༧༧༡༣༤༤བགོ་བར་བྱེད་དོ། །རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠འབྱུང་འདོད་དྲག་པོས་བསྒྱུར་བ་༡༨༠༣༨༧༠༠བགོས་ནོར་༢དང་ལྷག་༢༤༩༦༠༡༢མཁའ་རོ་དུས་ཀྱིས་བསྒྱུར་བགོས་ནོར་༡༩དབུགས་ལྷག་༤༨༥༩༧༦༠ཀླུ་ཆུས་བགོས་ནོར་༡༠༡༢༤༥འདི་རི་མཁའ་རིས་བགོས་ནོར་༡༤༣ཆ་གོང་མ་ཉིན་ཞག་དང་འདྲ་ཞིང་འོག་མ་རི་མཁའ་རིའི་ཆ་༡༤༤བཅས་དམར་པོའི་ཚེས་ཞག་རྟག་ལོངས་༠སོ། །ལྷག་པའི་ཚེས་དཀྱིལ་༨༩གྱི་ཞག་གནས་བརྒྱས་བསྒྱུར་ནས་བརྒྱ་ཆ་བཅུག་དེ་ནས་འབྱུང་འདོད་དྲག་པོས་བསྒྱུར་རང་ཆ་བཅུག་པ་༩༩༥༡༡༦༦༤བགོ་བྱེད་དོ། །ཤེད་བསྙམས་ཀྱི་རྒྱུ་སྐར་འཁོར་ལོའི་ཆུ་ཚོད་༡༦༢༠འབྱུང་འདོད་དྲག་པོས་བསྒྱུར་བ་དེ་སླར་ཡང་བརྒྱས་བསྒྱུར་བ་༡༨༠༣༨༧༠༠༠༠འདི་བགོས་ནོར་༡༨དང་ལྷག་མཁའ་རོ་དུས་ཀྱིས་བསྒྱུར་བགོས་ནོར་༧དབུགས་ལྷག་༧༩༥༩༢༤༠༠མི་བདག་གིས་བགོས་ནོར་༤༩༧༤༥༢༥རྣམས་རི་མཁའ་རིས་བགོས་ནོར་༧༠༣༦ལྷག་༧༣རྣམས་བརྩེགས་པས་ལྷག་པའི་ཚེས་ཞག་རྟག་ལོངས་༠སོ། །ཕུར་བུའི་ཚེས་དཀྱིལ་༤༤༠༠གྱི་ཞག་གནས་འབྱུང་སོགས་ཀྱིས་བསྒྱུར་རང་ཆ་བཅུག་༤༩༠༠༣༥༨༤རྒྱུ་སྐར་གྱི་ཆུ་ཚོད་༡༦༢༠འབྱུང་སོགས་ཀྱིས་བསྒྱུར་བ་འདི་ལ་༡༨༠༣༨༧༠༠བགོས་ནོར་དང་༠ལྷག་མཁའ་རོ་དུས་ཀྱིས་བསྒྱུར་ནས་བགོས་ནོར་༢༢དང་དབུགས་ལྷག་༢༥༤༥༨༩༡༢དུས་བུག་གིས་བགོས་ནོར་༢༦༥༡༩༧རི་མཁའ་རིས་བགོས་པས་ཆ་ཤས་གོང་༣༧༥འོག་༧༢བཅས་ཕུར་བུའི་ཚེས་ལོངས་༠སོ། །པ་སངས་ཀྱི་ཚེས་དཀྱིལ་༢༢༨གྱི་ཞག་གནས་

p. 380

བཅུས་བསྒྱུར་ནས་འོག་༢བཅུག་སླར་ཡང་འབྱུང་འདོད་དྲག་པོས་བསྒྱུར་བ་ཆ་བཅུག་༢༥༤༡༨༠༦༤རྒྱུ་སྐར་གྱི་ཆུ་ཚོད་༡༨༠༣༨༧༠༠༠ལ་གོང་བཞིན་བགོས་ནོར་༧དང་ལྷག་མཁའ་རོ་དུས་ཀྱིས་བསྒྱུར་ནས་བགོས་ནོར་༥དང་དབུགས་ལྷག་༢༡༥༨༤༥༤༤ཀླུ་ཆུས་བགོས་ནོར་༤༤༩༦༧༨རི་མཁའ་རིས་བགོས་པས་ཆ་ཤས་གོང་༦༣༦འོག་༢༦པ་སངས་ཀྱི་ཚེས་ཞག་ཡུལ་ལོངས་༠སོ། །སྤེན་པའི་ཚེས་དཀྱིལ་༡༠༩༣༧གྱི་ཞག་གནས་འབྱུང་འདོད་དྲག་གིས་བསྒྱུར་ཆ་བཅུག༡༢༡༧༨༤༩༩༢རྒྱུ་སྐར་ཆུ་ཚོད་༡༨༠༣༨༧༠༠ལ་བགོས་ནོར་དང་༠ལྷག་མ་མཁའ་རོ་དུས་ཀྱིས་བསྒྱུར་ནས་བགོས་ནོར་༨དང་དབུགས་ལྷག་༣༩༣༢༧༤༢༤སོས་བགོས་ནོར་༡༢༢༨༩༨༢རི་མཁའ་རིས་བགོས་པས་ཆ་གོང་༡༧༣༨འོག་༣༡༦བཅས་སྤེན་པའི་ཚེས་ཞག་ཡུལ་གྱི་རྟག་ལོངས་༠སོ། །དེ་ལྟར་ཉི་ཟླ་སྒྲ་གཅན་དང་། །གཟའ་ལྔའི་རང་རང་ཞག་གསུམ་གྱི། །ཡུལ་ལོངས་ཕན་ཚུན་གཅིག་ལས་གཅིག །འདོན་ཚུལ་ཆོ་ག་བསྡོམས་ཏེ་བཤད། །རང་རང་ཉིན་ལོངས་གནས་ཐམས་ཅད། །བུག་སོགས་ཀྱིས་བསྒྱུར་དབྱུག་པར་བསྒྲིལ། །དེ་ལ་དུས་མདའ་མཁའ་སོགས་ཀྱིས། །རིམ་ཐོབ་སོ་སོའི་ཁྱིམ་ལོངས་ཏེ། །ཁྱད་པར་ཟླ་བར་དབུགས་ལྷག་སྟེ། །མདའ་རོས་བསྒྱུར་ཐོབ་རེ་ལྔ་ཆ། །དེ་བཞིན་གཟའ་ལྔར་རང་ཆ་རྣམས། །བཏོན་ལྷག་མི་བདག་གིས་ཐོབ་པས། །གཟུགས་བུག་གཟུགས་བུག་ཆ་ཡིན་ནོ། །ཞེས་པས། གཟའ་རྣམས་ཀྱི་ཡུལ་ལོངས་ཞག་གསུམ་གཅིག་ལས་གཅིག་འདོན་ཚུལ་ལ། གྲངས་ངོ་བོས་འདོན་པ་དང་བར་ཁྱད་ལ་བརྟེན་ཏེ་འདོན་ཚུལ་གཉིས་ལས། དང་པོ་ཉིན་ལོང་ལས་ཁྱིམ་ལོངས་སྒྲུབ་ཚུལ་རིམ་བཞིན། རང་རང་ཉིན་ལོངས་གནས་ཐམས་ཅད། །ཞེས་སོགས་ལ་ཉི་མའི་ཉིན་ཞག་ཡུལ་ལོངས་༠འདིའི་བསྒྱུར་བྱ་གང་ཡོད་ཀྱི་གནས་བསྒྱུར་བ་༥༩༦༨༣༦ཆ་ཤས་བུག་སོགས་ཀྱི་ཆར་སོང་བས་མ་བསྒྱུར་བ་དེ་ཀ་༩༣༡༥༦དབུགས་གནས་སུ་བཅུག་པར་དུས་ཀྱིས་བགོས་ནོར་༡༥༥༢༦འདི་ཆུ་སྲང་དུ་བསྲེས་པས་༣༨༩༤༩༦༠དེ་མཁའ་རོས་བགོས་ནོར་༦༤༩༡༦དེ་ཆུ་ཚོད་དུ་བསྲེས་པ་༦༦༡༧༥༢དེ་དུས་མདའ་མཁའ་རི་ཡིད་ཀྱིས་ཐོབ་ནོར་༠འདི་དང་ལྷག༧༣༥༢༨འདི་མཁའ་རོས་བསྒྱུར་

p. 381

བ་༤༤༡༡༦༨༠དེ་དུས་མདའ་སོགས་ཀྱིས་ཐོབ་ནོར་༣༠དང་ལྷག་མེད་ནོར་རྣམས་བརྩེགས་པས་ཉི་མའི་ཁྱིམ་ལོངས་༠སོ། །ཟླ་བའི་ཉིན་ལོངས་༥༩ཀྱི་གནས་ཆུ་ཚོད་ཆུ་སྲང་དབུགས་བཅས་བུག་སོགས་ཀྱིས་བསྒྱུར་ཆ་ཤས་མ་བསྒྱུར་བ་དེ་དབུགས་གནས་སུ་བཅུག་དུས་དང་མཁའ་རོས་ཆུ་ཚོད་སར་བསྒྲིལ་༨༨༤༧༡༡༥ནོར་འདི་དང་ལྷག་ཆུ་སྲང་དུ་༡༢ལུས་གོང་གསལ་ཆུ་ཚོད་ལ་དུས་མདའ་སོགས་ཀྱིས་ཐོབ་ནོར་༠ལྷག་༢༣༧༥༥ལུས་འདི་མཁའ་རོས་བསྒྱུར་ཆུ་སྲང་བཅུག་༡༤༢༥༣༡༢དུས་མདའ་སོགས་ཀྱིས་ཐོབ་ནོར་༩ལྷག་༡༠༡༨༠༨འདི་དུས་ཀྱིས་བསྒྱུར་བར་དུས་མདའ་སོགས་ཀྱིས་ཐོབ་ནོར་༤ལྷག་༢༢༦༢༤མདའ་རོས་བསྒྱུར་དུས་མདའ་སོགས་ཀྱིས་ཐོབ་ནོར་༡༠རྣམས་བརྩེགས་པས་ཟླ་བའི་ཁྱིམ་ལོངས་༠སོ། །སྒྲ་གཅན་ཉིན་ལོངས་༠འདིའི་གནས་རྣམས་བུག་སོགས་ཀྱིས་བསྒྱུར་བ་འདི་༠སོ་སོའི་འཁོར་ལོས་ཆུ་ཚོད་སར་བསྒྲིལ་བ་༣༥༥༨༨འབྱུང་འདོད་དྲག་ཆའི་ལྷག་དེ་བཞིན་འཁོར་ལོ་ལག་མིག་གིས་ཐོབ་ནོར་༡ལུས་པ་འདོད་པས་བསྒྱུར་བ་༣༥༥༨༨འདི་དུས་མདའ་སོགས་ཀྱིས་བགོས་པས་ཆུ་ཚོད་མ་ཐོབ་༠ཆུ་སྲང་དོན་མཁའ་རོས་བསྒྱུར་ཆ་བཅུག་པ་༢༡༣༥༣༡༢དེ་དུས་མདའ་སོགས་ཀྱིས་ཐོབ་ནོར་འདི་༡༤ལྷག་༧༦༥༢༨དུས་ཀྱིས་བསྒྱུར་བགོས་ནོར་༣ལྷག་༡༨༠༠༠དེ་མེ་མིག་ཆར་གསིལ་བགོས་ནོར་༢ལྷག་༡༡༩༩༠༧དེ་མདའ་རོས་བསྒྱུར་བཅུག་བགོས་ནོར་༥༣ལྷག་མེད་ནོར་རྣམས་བརྩེགས་པས་ཁྱིམ་ལོངས་༠སོ། །མིག་དམར་ཉིན་ལོངས་༠ཀྱི་གནས་རྣམས་བུག་སོགས་ཀྱིས་བསྒྱུར་བ་༢༩༨༤༡༨དེ་བུག་མིག་ལག་སོགས་འཁོར་ལོས་ཆུ་ཚོད་སར་བསྒྲིལ་བ་༣༥༡༨༤༦ཆུ་ཚོད་དེ་དུས་མདའ་སོགས་ཀྱིས་ཐོབ་ནོར་༢དང་ལྷག་༥༧༧༣༤མཁའ་རོས་བསྒྱུར་འོག་བཅུག་བགོས་ནོར་༣༣ལྷག་༨༡༧༨༥དུས་ཀྱིས་བསྒྱུར་ཐོབ་ནོར་༣ལྷག་༤༩༥༤༢བུག་མིག་ལག་པས་བསྒྱུར་བཅུག་བགོས་ནོར་༧༧ལྷག་༢༡༨༢༤མི་བདག་གིས་བགོས་ནོར་༡༣༦༤ལྷག་མེད་ནོར་བརྩེགས་པས་ཁྱིམ་ལོངས་༠སོ། །ལྷག་པའི་ཉིན་ལོངས་༠རྣམས་བུག་སོགས་ཀྱིས་བསྒྱུར་བ་༢༦༨༥༧༦༢དེ་རི་བུག་རི་ཀླུ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༧༤༧༧༣༨ཆུ་

p. 382

ཚོད་དེ་དུས་མདའ་སོགས་ཀྱིས་བགོས་ནོར་༡༨ལྷག་༡༠༠༧༣༠མཁའ་རོས་བསྒྱུར་བཅུག་བགོས་ནོར་༤༡ལྷག་མ་༡༤༥༥༠དུས་ཀྱིས་བསྒྱུར་བཅུག་ཐོབ་ནོར་༠ལྷག་༨༧༣༠༢རི་བུག་རི་ཀླུས་བསྒྱུར་བཅུག་བགོས་ནོར་༥༢༢༢ལྷག་༧༦༧༣༦མི་བདག་གིས་བགོས་ནོར་༤༧༩༦ལྷག་མེད་ཀྱི་ནོར་རིམ་བརྩེགས་འདི་རྣམས་ཁྱིམ་ལོངས་༠སོ། །ཕུར་བུའི་ཉིན་ལོངས་༠གནས་རྣམས་བུག་སོགས་ཀྱིས་བསྒྱུར་བ་༠དེ་གཟུགས་དུས་མེ་སོགས་འཁོར་ལོས་ཆུ་ཚོད་སར་བསྒྲིལ་བ་༥༥༧༩༨ཆུ་ཚོད་དེ་དུས་མདའ་སོགས་ཀྱིས་བགོས་པའི་ནོར་༠ལྷག་༥༥༧༩༨མཁའ་རོས་བསྒྱུར་བཅུག་བགོས་ནོར་༦༨༢ལྷག་༡༡༢༦༧༠དེ་དུས་ཀྱིས་བསྒྱུར་བཅུག་བགོས་ནོར་༤ལྷག་༨༧༨༠༠ལག་མིག་ཐུབ་པས་བསྒྱུར་ཆ་འདི་༢༢༤མིག་གིས་བསྒྱུར་བཅུག་བགོས་ནོར་༤༣༡ལྷག་༡༠༩༡༢མི་བདག་གིས་ནོར་༦༨༢རྣམས་རིམ་བརྩེགས་ཁྱིམ་ལོངས་༠སོ། །པ་སངས་ཀྱི་ཉིན་ལོངས་༠གནས་རྣམས་བུག་སོགས་ཀྱིས་བསྒྱུར་བ་༡༠༤༤༤༦༣དེ་ཆ་ཤས་བུག་མཚོ་ཐུབ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༡༠༧༥༧༣༩ཆུ་ཚོད་དུས་མདའ་སོགས་ཀྱིས་བགོས་ནོར་༠ལྷག་༤༦༣༤༧མཁའ་རོས་བསྒྱུར་བཅུག་བགོས་ནོར་༡༨ལྷག་༡༣༣༨༡༩དུས་ཀྱིས་བསྒྱུར་བགོས་ནོར་༥དབུགས་ལྷག་༦༧༦༣༤བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག་བགོས་ནོར་༣༤༤ལྷག་༧༡༡༨༤མི་བདག་གིས་བགོས་ནོར་༤༤༤༩རྣམས་རིམ་བརྩེགས་ཁྱིམ་ལོངས་༠སོ། །སྤེན་པའི་ཉིན་ལོངས་༠གནས་རྣམས་བུག་སོགས་ཀྱིས་བསྒྱུར་བ། ༠དེ་ཆ་ཤས་མེ་ཀླུ་མེ་འབྱུང་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༢༤༥༢ཆུ་ཚོད་དེ་དུས་མདའ་སོགས་ཀྱིས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག་བགོས་ནོར་༩ལྷག་༢༣༦༡༧དུས་ཀྱིས་བསྒྱུར་བཅུག་བགོ་བར་མ་ལྡེངས་ཤིང་མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག་བགོས་ནོར་༥༡༨༧དང་ལྷག་༣༢༧༣༦མི་བདག་གིས་བགོས་ནོར་༢༠༤༦ལྷག་མེད་ནོར་རྣམས་བརྩེགས་པ་ཁྱིམ་ལོངས་༠སོ། །དེ་ལས་བསྒྱུར་བྱེད་བགོད་བྱེད་དག །ལྡོག་པས་སླར་ཡང་ཉིན་ལོངས་འཆར། །ཞེས་པ་ལ། ཉི་མའི་ཁྱིམ་ཞག་ཡུལ་ལོངས་༠ཀྱི་གནས་རྣམས་དུས་མདའ་མཁའ་རི་ཡིད་

p. 383

ཀྱིས་བསྒྱུར་བ་༥༨༨༢༢༤དེ་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༦༦༡༧༥༢ཆུ་ཚོད་དེ་བུག་མཁའ་མིག་བུག་ཡིད་ཀྱིས་བགོས་ནོར་༤ལྷག་༦༤༩༡༦མཁའ་རོས་བསྒྱུར་ལ་བགོས་ནོར་༢༦ལྷག་༡༥༥༢༦དུས་ཀྱིས་བསྒྱུར་བགོ་བར་མ་ལྡེངས་ཤིང་བུག་སོགས་ཆ་༩༣༡༥༦བཅས་ཉིན་ཞག་ཡུལ་ལོངས་༠སོ། །ཟླ་བའི་ཁྱིམ་ཞག་ཡུལ་ལོངས་༠ཀྱི་གནས་ཀུན་དུས་མདའ་སོགས་ཀྱིས་བསྒྱུར་བ་༨༢༢༣༣༦༠དེ་མདའ་རོ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༨༨༤༧༡༡༥ཆུ་ཚོད་དེ་བུག་སོགས་ཀྱིས་བགོས་ནོར་༠ལྷག་༤༣༧༨༤མཁའ་རོས་བསྒྱུར་བཅུག །བགོས་ནོར་༡༧ལྷག་༩༠༤༩༩དུས་ཀྱིས་བསྒྱུར་བགོས་ནོར་༣ལྷག་༩༥༣༦༧ལུས་པ་བུག་སོགས་ཆ་བཅས་ནོར་རྣམས་རིམ་བརྩེག་ཉིན་ལོངས་༠སོ། །སྒྲ་གཅན་ཁྱིམ་ལོངས་༠ཀྱི་གནས་རྣམས་དུས་མདའ་སོགས་ཀྱིས་བསྒྱུར་བ་༢༠༥༨༧༨༤དེའི་ཡང་ཆ་མདའ་རོ་སོགས་ནས་ཡར་ཆུ་ཚོད་སར་བསྒྲིལ་བ་༣༥༥༨༨ཆུ་ཚོད་དེ་བུག་སོགས་ཀྱིས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག །བགོས་ནོར་༡༤ལྷག་༤༦༣༨༦དུས་ཀྱིས་བསྒྱུར་བགོས་པའི་ནོར་༡ལྷག་༡༢༩༡༠༧མེ་མིག་གིས་བསྒྱུར་བཅུག །བགོས་ནོར་༡༩ལྷག་༡༣༤༥༩༩འབྱུང་འདོད་དྲག་གིས་བསྒྱུར་བ་༡༤༩༧༧༥༧༧༡༥མདའ་རོའི་ལྷག་འདོད་པས་བགོས་ནོར་༡དེ་འཁོར་ལོ་ལག་མིག་གིས་བསྒྱུར་ལ་གོང་མར་༠བསྲེས་བགོས་ནོར་༡༠༠༣༨རྣམས་རིམ་བརྩེགས་ཉིན་ལོངས་༠སོ། །མིག་དམར་གྱི་ཁྱིམ་ལོངས་༠ཀྱི་གནས་ཆ་ཡན་དུས་མདའ་སོགས་ཀྱིས་བསྒྱུར། ཡང་ཆ་མི་བདག་གིས་བསྒྱུར་ལ་གོང་མར་བསྲེས་པ་༢༩༤༡༡༢དེ་བུག་མིག་ལག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༣༥༡༨༤༦ཆུ་ཚོད་དེ་བུག་སོགས་ཀྱིས་བགོས་ནོར་༢ལྷག་༥༣༤༢༨མཁའ་རོས་བསྒྱུར་བར་བཅུག་༣༣བགོས་ནོར་༢༡ལྷག་༧༢༣༢༤དུས་ཀྱིས་བསྒྱུར་བགོས་ནོར་༢དབུགས་ལྷག་༡༣༥༥༢༦དེ་བུག་མིག་ལག་གིས་བསྒྱུར་བཅུག །བགོས་ནོར་༢༠༨ཐོབ་པ་ལྷག་མེད་རིམ་བརྩེགས་ཉིན་ལོངས་སུ་༠ལོག་གོ། ལྷག་པའི་ཁྱིམ་ལོངས་༠ཀྱི་གནས་རྣམས་དུས་མདའ་སོགས་ཀྱིས་བསྒྱུར་ལ་ཡང་ཆ་མི་བདག་གིས་བསྒྱུར་གོང་མར་བསྲེས་པ་༢༦༤༧༠༠༨

p. 384

དེ་རི་བུག་རི་ཀླུ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༧༤༧༧༣༨ཆུ་ཚོད་དེ་བུག་སོགས་ཀྱིས་བགོས་ནོར་༡༨ལྷག་༦༡༩༧༦མཁའ་རོས་བསྒྱུར་བཅུག་བགོས་ནོར་༢༤ལྷག་༡༣༧༥༩༠དུས་ཀྱིས་བསྒྱུར་བཅུག །བགོས་ནོར་༥ལྷག་༧༩༤༩༧རི་བུག་རི་ཀླུས་བསྒྱུར་བཅུག་༧༤༧༤བགོས་ནོར་༤༦༨༧ལྷག་མེད་ནོར་བརྩེགས་ཉིན་ལོངས་༠སོ། །ཕུར་བུའི་ཁྱིམ་ལོངས་༠ཀྱི་གནས་ཆ་ཡན་དུས་མདའ་སོགས་ཀྱིས་བསྒྱུར་ལ། ཡང་ཆ་མི་བདག་གིས་བསྒྱུར་གོང་མར་བསྲེས་པ༣༢༣༥༢༣༢དེ་ལག་མིག་ཐུབ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༥༥༧༩༨ཆུ་ཚོད་དེ་བུག་སོགས་ཀྱིས་བགོ་བར་མ་ལྡེངས་ཞིང་མཁའ་རོས་བསྒྱུར་བཅུག་༢༢ལྷག་༦༥༣༠༤དུས་ཀྱིས་བསྒྱུར་བཅུག་༤བགོས་༢ལྷག་༧༣༤༡༠གཟུགས་དུས་མེས་བསྒྱུར་ལ་ལག་མིག་ཐུབ་པའི་ཆ་༤༤༨འདི་མིག་གིས་བགོས་ནོར་༢༢༤བསྲེས་ལ་བགོས་ནོར་༢༢༦རིམ་བརྩེགས་ཉིན་ལོངས་༠སོ། །པ་སངས་ཀྱི་ཁྱིམ་ལོངས་༠གནས་ཆ་ཡན་དུས་མདའ་སོགས་ཀྱིས་བསྒྱུར་ལ་ཡང་ཆ་མི་བདག་གིས་བསྒྱུར་ལ་གོང་མར་བསྲེས་པ་༡༠༢༩༣༩༢དེ་ཆ་ཤས་བུག་མཚོ་ཐུབ་པ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༡༠༧༥༧༣༩ཆུ་ཚོད་དེ་བུག་སོགས་ཀྱིས་བགོས་ནོར་༧ལྷག་༣༡༢༧༦དེ་མཁའ་རོས་བསྒྱུར་བཅུག་༧བགོས་ནོར་༡༢ལྷག་༨༦༠༥༩དུས་ཀྱིས་བསྒྱུར་བགོས་ནོར་༣ལྷག་༦༨༧༢༧བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག་༥༨༢བགོས་ནོར་༣༤༥ལྷག་མེད་ནོར་རྣམས་རིམ་བརྩེགས་ཉིན་ལོངས་༠སོ། །སྤེན་པའི་ཁྱིམ་ལོངས་༠གནས་ཆ་ཡན་དུས་མདའ་སོགས་ཀྱིས་བསྒྱུར། ཡང་ཆ་མི་བདག་གིས་བསྒྱུར་ལ་གོང་མར་བསྲེས་པ་༡༣༢༣༥༠༤དེ་ཆ་ཤས་མེ་ཀླུ་མེ་འབྱུང་སོགས་འཁོར་ལོ་སོ་སོས་ཆུ་ཚོད་སར་བསྒྲིལ་བ་༢༢༤༥༢ཆུ་ཚོད་དེ་བུག་སོགས་ཀྱིས་བགོ་བར་མ་ལྡེང་ཞིང་མཁའ་རོས་བསྒྱུར་བཅུག་༡བགོས་ནོར་༩ལྷག་༤༢༤༠དུས་ཀྱིས་བསྒྱུར་བཅུག་༥བགོ་བར་མ་ལྡེངས་མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག་༣༤༢༧བགོས་ནོར་༩༡༨ཐོབ་པ་ལྷག་མེད་ནོར་རིམ་བརྩེགས་ཉིན་ལོངས་༠སོ། །རང་རང་ཉིན་ལོངས་གནས་རྣམས་ཀུན། །འབྱུང་འདོད་དྲག་བསྒྱུར་ཉི་འདོད་ཟླས། །རིམ་ཐོབ་

p. 385

སོ་སོའི་ཚེས་ལོངས་འཆར། །འདིར་ཡང་གཟའ་ལྔའི་རང་ཆ་རྣམས། །བཏོན་པའི་ལྷག་མར་མི་བདག་གིས། །ཐོབ་པ་རི་མཁའ་རིའི་ཆ་ཡིན། སོགས་ལ། ཉི་མའི་ཉིན་ཞག་ཡུལ་ལོངས་༠ཀྱི་གནས་ཀུན་འབྱུང་འདོད་དྲག་གིས་བསྒྱུར་བ་༤༤༥༤༠དེ་བུག་མཁའ་མིག་བུག་ཡིད་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༤༩༣༨༤ཆུ་ཚོད་དེ་ཉི་འདོད་ཟླས་བགོས་ནོར་༠ལྷག་༤༡༣༦མཁའ་རོས་བསྒྱུར་བཅུག་༢༨བགོས་ནོར་༢༡ལྷག་༡༠༦༣༦དུས་ཀྱིས་བསྒྱུར་བཅུག་༣བགོས་ནོར་༥ལྷག་༧༢༥༩རི་རོས་བསྒྱུར་བ་ལ་༤༨༦༣༥༣བུག་སོགས་ཀྱི་ཆ་༡༤༠༣༠༡དེ་འཁོར་ལོ་ལག་མིག་གིས་ཐོབ་ནོར་༦༣བྱུང་བ་བསྲེས་པ་༤༨༦༤༡༦ཉི་འདོད་ཟླས་བགོས་ནོར་༤༣ལྷག་མེད་རི་རོའི་ནོར་རྣམས་རིམ་བརྩེགས་ཚེས་ཞག་ཡུལ་གྱི་རྟག་ལོངས་༠སོ། །ཟླ་བའི་ཉིན་ཞག་ཡུལ་ལོངས་༠ཀྱི་གནས་ཀུན་འབྱུང་འདོད་དྲག་གིས་བསྒྱུར་བ་༦༥༦༩༦༥དེ་བུག་མཁའ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༦༦༠༢༣༢ཆུ་ཚོད་དེ་ཉི་འདོད་ཟླས་བགོས་ནོར་༠ལྷག་༤༡༣༦མཁའ་རོས་བསྒྱུར་བཅུག་༢༨བགོས་ནོར་༢༡ལྷག་༡༠༦༣༦དུས་ཀྱིས་བསྒྱུར་བཅུག །བགོས་ནོར་༥ལྷག་༧༢༥༩དེ་རི་རོས་བསྒྱུར་བ་༤༨༦༣༥༣བུག་སོགས་ཀྱི་ཆ་༡༤༠༣༠༡དེ་འཁོར་ལོ་ལག་མིག་གིས་བགོས་ནོར་༦༣བསྲེས་པ་༤༨༦༤༡༦ཉི་འདོད་ཟླས་བགོས་ནོར་༤༣དེ་རི་རོའི་ཆ་ལྷག་མེད་ནོར་རྣམས་རིམ་བརྩེགས་ཚེས་ཞག་ཡུལ་གྱི་རྟག་པའི་ལོངས་སྤྱོད་དོ། ༠། སྒྲ་གཅན་གྱི་ཉིན་ལོངས་༠ཆ་གོང་ཡན་འབྱུང་འདོད་དྲག་གིས་བསྒྱུར། འོག་མ་དེ་དག་གོང་མར་བསྲེས་པ་༡༥༥༨༩༠དེ་མེ་མིག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༦༥༥ཆུ་ཚོད་དེ་ཉི་འདོད་ཟླས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག་བགོས་ནོར་ལྷག་དུས་ཀྱིས་བསྒྱུར་བཅུག་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག་༥༡བགོས་ནོར་༡༤ལྷག་༧༨༣དུས་ཀྱིས་བསྒྱུར་བཅུག་༣བགོ་བར་མ་ལྡེངས་ཤིང་༥༩༠༡དེ་མེ་མིག་གིས་བསྒྱུར་བཅུག་༢༡བགོས་ནོར་༡༢མེ་མིག་ཆ་བཅས་རིམ་བརྩེགས་ཚེས་ལོངས་༠སོ། །མིག་དམར་ཉིན་ལོངས་༠ཀྱི་གནས་ཀུན་འབྱུང་འདོད་དྲག་གིས་བསྒྱུར་བ་༢༢༢༧༠དེ་བུག་

p. 386

མིག་ལག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༦༢༥༧ཆུ་ཚོད་དེ་ཉི་འདོད་ཟླས་བགོས་པའི་ནོར་༠ལྷག་༣༦༣༣མཁའ་རོས་བསྒྱུར་བཅུག་༡༢བགོས་ནོར་༡༩ལྷག་༣༠༦༤དུས་ཀྱིས་བསྒྱུར་བཅུག་༡བགོས་ནོར་༡ལྷག་༧༠༧༣བུག་མིག་ལག་གིས་བསྒྱུར་བཅུག་༢༠༣བགོས་ནོར་༡༤༣ལྷག་༢༣༠༤མི་བདག་གིས་བགོས་ནོར་༡༤༤དེ་རི་མཁའ་རི་ཆ་བཅས་རིམ་བརྩེགས་ཚེས་ལོངས་༠སོ། །ལྷག་པའི་ཉིན་ལོངས་༠གནས་ཀུན་འབྱུང་འདོད་དྲག་གིས་བསྒྱུར་བ་༢༠༠༤༣༠དེ་རི་བུག་རི་ཀླུ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༠༥༠༥༥ཆུ་ཚོད་དེ་ཉི་འདོད་ཟླས་བགོས་ནོར་༠ལྷག་༡༤༣༩མཁའ་རོས་བསྒྱུར་བར་བཅུག་༧བགོས་ནོར་༧ལྷག་༧༡༦༣དུས་ཀྱིས་བསྒྱུར་བཅུག་བགོས་ནོར་༣ལྷག་༩༠༤༧རི་བུག་རི་ཀླུས་བསྒྱུར་བཅུག་༥༩༤༡བགོས་ནོར་༧༠༣༦ལྷག་༡༡༦༨མི་བདག་གིས་བགོས་ནོར་༧༣དེ་རི་མཁའ་རིའི་ཆ་ལྷག་མེད་ནོར་རིམ་བརྩེགས་ཚེས་ཞག་རྟག་ལོངས་༠སོ། །ཕུར་བུའི་ཉིན་ལོངས་༠ཀྱི་གནས་ཀུན་འབྱུང་འདོད་དྲག་གིས་བསྒྱུར་བ་༢༤༤༩༧༠དེ་གཟུགས་དུས་མེ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བའི་ནོར་༤༡༦༤ཆུ་ཚོད་དེ་ཉི་འདོད་ཟླས་བགོ་བར་མ་ལྡེངས་ཤིང་མཁའ་རོས་སྒྱུར་བཅུག་༣བགོས་ནོར་༢༢ལྷག་༩༧༩དུས་ཀྱིས་བསྒྱུར་བཅུག་༢བགོ་བར་མ་ལྡེངས་ཤིང་བར་༥༨༧༦དེ་ལག་མིག་ཐུབ་པས་བསྒྱུར་བ་ལ་གཟུགས་དུས་མེའི་ཆ་དེ་༣༤༠མིག་གིས་བསྒྱུར་བཅུག་༦༨༠བགོས་ནོར་༣༧༥ལྷག་༡༡༥༢མི་བདག་གིས་བགོས་༧༢དེ་རི་མཁའ་རིའི་ཆ་ལྷག་མེད་ནོར་རྣམས་རིམ་བརྩེགས་ཚེས་ཞག་རྟག་ལོངས་༠སོ། །པ་སངས་ཀྱི་ཉིན་ལོངས་༠གནས་ཀུན་འབྱུང་འདོད་དྲག་གིས་བསྒྱུར་བ་༧༧༩༤༥དེ་བུག་མཚོ་ཐུབ་སོགས་འཁོར་ལོས་ཆུ་ཚོད་སར་བསྒྲིལ་བ་༨༠༢༧༩ཉི་འདོད་ཟླས་བགོས་ནོར་༠ལྷག་མཁའ་རོས་བསྒྱུར་བཅུག་༡༠༩༥བགོས་ནོར་༥ལྷག་༩༡༤༢དུས་ཀྱིས་བསྒྱུར་བཅུག་བགོས་ནོར་༤ལྷག་༩༦༠༥བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག་༧༠༣བགོས་ནོར་༦༣༦ལྷག་༤༡༦མི་བདག་གིས་བགོས་ནོར་༢༦དེ་རི་མཁའ་རིའི་ཆ་ལྷག་མེད་ནོར་རིམ་བརྩེགས་ཚེས་ཞག་རྟག་ལོངས་

p. 387

༠སོ། །སྤེན་པའི་ཉིན་ལོངས་༠ཀྱི་གནས་ཀུན་འབྱུང་འདོད་དྲག་གིས་བསྒྱུར་བ་༡༠༠༢༡༥དེ་མེ་ཀླུ་མེ་འབྱུང་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༡༦༧༥ཆུ་ཚོད་དེ་ཉི་འདོད་ཟླས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག་༣༡བགོས་ནོར་༨ལྷག་༡༠༠༣༥དུས་ཀྱིས་བསྒྱུར་བཅུག་༢བགོས་ནོར་༥ལྷག་༣༦༥༢མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག་༤༩༩༦བགོས་ནོར་༡༧༣༨ལྷག་༣༤༥༦མི་བདག་གིས་བགོས་ནོར་༢༡༦དེ་རི་མཁའ་རིའི་ཆ་ལྷག་མེད་ནོར་རིམ་བརྩེགས་ཚེས་ཞག་རྟག་ལོངས་༠སོ། །དེ་ཉིད་སྒྱུར་བྱེད་བགོད་བྱེད་དག །ལྡོག་པས་ཉིན་ཞག་ཡུལ་ལོངས་སྟོན། །སོགས་ལ། ཉི་མའི་ཚེས་ལོངས་༠ཀྱི་གནས་ཀུན་ཉི་འདོད་ཟླས་བསྒྱུར་༤༥༢༤༨དེ་རི་རོ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༣༩༣༨༤ཆུ་ཚོད་དེ་འབྱུང་འདོད་དྲག་གིས་བགོས་ནོར་༠ལྷག་༤༨༤༤མཁའ་རོས་བསྒྱུར་བཅུག་༢༨བགོས་ནོར་༢༦ལྷག་༡༡༥༨དུས་ཀྱིས་བསྒྱུར་བཅུག་༣བགོས་ནོར་མ་ལྡེངས་༦༩༥༡དེ་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བ་༡༠༣༧༡༥༡༧༥༩རི་རོའི་ཆ་༦༣དེ་འཁོར་ལོ་ལག་མིག་གིས་བསྒྱུར་ཏེ་༡༤༠༣༠༡བསྲེས་པ་ལ་༡༠༣༧༢༩༢༠༦༠འབྱུང་སོགས་ཀྱིས་ཐ ོབ་ནོར་༩༣༡༥༦བུག་སོགས་ཆ་ལྷག་མེད་ནོར་རྣམས་རིམ་བརྩེགས་ཉིན་ཞག་རྟག་ལོངས་༠སོ། །ཟླ་བའི་ཚེས་ལོངས་༠ཀྱི་གནས་ཀུན་ཉི་འདོད་ཟླས་བསྒྱུར་བ་༦༥༦༠༩༦དེ་རི་རོ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༦༦༠༢༣༢ཆུ་ཚོད་དེ་འབྱུང་འདོད་དྲག་གིས་བགོས་ནོར་༠ལྷག་༣༢༦༧མཁའ་རོས་བསྒྱུར་བཅུག་༢༨བགོས་ནོར་༡༧ལྷག་༦༧༥༣དུས་ཀྱིས་བསྒྱུར་བཅུག་༣བགོས་ནོར་༣དབུགས་ལྷག་༧༡༡༦བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བ་ལ་༡༠༦༡༧༧༡༢༤༤རི་རོའི་ཆ་༦༣དེ་འཁོར་ལོ་ལག་མིག་གིས་བསྒྱུར་ཏེ་༡༤༠༣༠༡བསྲེས་པར་༡༠༦༡༩༡༡༥༤༥འབྱུང་སོགས་ཀྱིས་བགོས་པའི་ནོར་༩༥༣༦༧དེ་བུག་སོགས་ཆ་ནོར་རྣམས་རིམ་བརྩེགས་ཉིན་ལོངས་༠སོ། །སྒྲ་གཅན་གྱི་ཚེས་ཞག་རྟག་ལོངས་༠གནས་ཀུན་ཉི་འདོད་ཟླས་བསྒྱུར་བ་༡༥༨༣༦༨དེ་མེ་མིག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༦༥༥ཆུ་ཚོད་དེ་འབྱུང་འདོད་དྲག་

p. 388

གིས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག་༥༡བགོས་ནོར་༡༤ལྷག་༣༤༦༡དུས་ཀྱིས་བསྒྱུར་བཅུག་༣བགོས་ནོར་༡ལྷག་༩༦༣༤མེ་མིག་གིས་བསྒྱུར་བཅུག་༢༡བགོས་ནོར་༡༩ལྷག་༡༠༠༣༨ལུས་པ་འབྱུང་འདོད་དྲག་གི་ཆ་བཅས་རིམ་བརྩེགས་ཉིན་ལོངས་༠སོ། །མིག་དམར་ཚེས་ལོངས་༠ཀྱི་གནས་ཆ་ཡན་ཉི་འདོད་ཟླས་བསྒྱུར་ལ་ཡང་ཆ་མི་བདག་གིས་བསྒྱུར་ཏེ་གོང་མར་བསྲེས་པ་༢༢༦༢༤དེ་བུག་མིག་ལག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༦༢༥༧ཆུ་ཚོད་དེ་འབྱུང་འདོད་དྲག་གིས་བགོས་ནོར་༠ལྷག་༣༩༨༧མཁའ་རོས་བསྒྱུར་བཅུག་༡༢བགོས་ནོར་༢༡ལྷག་༥༣༩༧དུས་ཀྱིས་བསྒྱུར་བཅུག་༡བགོས་ནོར་༢ལྷག་༡༠༡༡༣བུག་མིག་ལག་གིས་བསྒྱུར་བཅུག་༢༠༣བགོས་ནོར་༢༠༨ལྷག་མེད་ནོར་རྣམས་རིམ་བརྩེགས་ཉིན་ལོངས་༠སོ། །ལྷག་པའི་ཚེས་ལོངས་༠ཀྱི་ཆ་ཡན་ཉི་འདོད་ཟླས་བསྒྱུར་བ་ལ། ཡང་ཆ་མི་བདག་གིས་བསྒྱུར་ཏེ་བསྲེས་པ་༢༠༣༦༡༦དེ་རི་བུག་རི་ཀླུ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༠༥༠༥༥ཆུ་ཚོད་དེ་འབྱུང་འདོད་དྲག་གིས་བགོས་ནོར་༠ལྷག་༤༦༢༥མཁའ་རོས་བསྒྱུར་བཅུག་༧བགོས་ནོར་༢༤ལྷག་༡༠༢༦༧དུས་ཀྱིས་བསྒྱུར་བཅུག་༥བགོས་ནོར་༥ལྷག་༥༩༣༢རི་བུག་རི་ཀླུས་བསྒྱུར་བཅུག་༥༩༤༡བགོས་ནོར་༤༦༨༧ལྷག་མེད་ནོར་རྣམས་རིམ་བརྩེགས་ཉིན་ལོངས་༠སོ། །ཕུར་བུའི་ཚེས་ལོངས་༠ཀྱི་ཆ་ཡན་ཉི་འདོད་ཟླས་བསྒྱུར་བ་ལ། ཡང་ཆ་མི་བདག་གིས་བསྒྱུར་ཏེ་བསྲེས་པ་༢༤༨༨༦༤དེ་ལག་མིག་ཐུབ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༤༡༦༤ཆུ་ཚོད་དེ་འབྱུང་འདོད་དྲག་གིས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག་༣བགོས་ནོར་༢༢ལྷག་༤༨༧༣དུས་ཀྱིས་བསྒྱུར་བཅུག་བགོས་ནོར་༢ལྷག་༦༩༧༠གཟུགས་དུས་མེས་བསྒྱུར་བ་ལ། རི་མཁའ་རིའི་ཆ་དེ་མིག་གིས་བགོས་ནོར་༣༤༠བྱུང་བ་བསྲེས་པ་འབྱུང་སོགས་ཀྱིས་བགོས་ནོར་༢༢༦ལྷག་མེད་ནོར་རིམ་བརྩེགས་ཉིན་ལོངས་༠སོ། །པ་སངས་ཀྱི་ཚེས་ལོངས་༠ཀྱི་ཆ་ཡན་ཉི་འདོད་ཟླས་བསྒྱུར་བ་ལ་འོག་གི་ཆ་མི་བདག་གིས་བསྒྱུར་ཏེ་བསྲེས་པ་༧༩༡༨༤དེ་བུག་མཚོ་ཐུབ་སོགས་རང་

p. 389

འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༨༠༢༧༩ཆུ་ཚོད་དེ་འབྱུང་འདོད་དྲག་གིས་ཐོབ་ནོར་༠ལྷག་༢༣༣༤མཁའ་རོས་བསྒྱུར་བཅུག་བགོས་ནོར་༡༢ལྷག་༦༤༢༢དུས་ཀྱིས་བསྒྱུར་བཅུག་༡བགོས་ནོར་༣ལྷག་༥༡༢༨བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག་༧༠༣བགོས་ནོར་ལྷག་མེད་ནོར་རིམ་བརྩེགས་ཉིན་ལོངས་༠སོ། །སྤེན་པའི་ཚེས་ལོངས་༠ཀྱི་ཆ་ཡན་ཉི་འདོད་ཟླས་བསྒྱུར་བ་ལ་འོག་གི་ཆ་མི་བདག་གིས་བསྒྱུར་ཏེ་བསྲེས་པ་འདི་༩༠༤༩༦དེ་མེ་ཀླུ་མེ་འབྱུང་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༡༦༧༥ཆུ་ཚོད་དེ་འབྱུང་འདོད་དྲག་གིས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག་༣༡བགོས་ནོར་༩ལྷག་༣༡༡༦དུས་ཀྱིས་བསྒྱུར་བཅུག་༢བགོ་བར་མ་ལྡེངས་ཤིང་༡༨༩༨དེ་མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག་༤༩༩༦བགོས་ནོར་༩༡༨ལྷག་མེད་ནོར་རྣམས་རིམ་བརྩེགས་ཉིན་ཞག་ཡུལ་གྱི་རྟག་ལོངས་༠སོ། །རང་རང་ཁྱིམ་ལོངས་གནས་རྣམས་ཀུན། །མདའ་རོས་བསྒྱུར་ལ་རི་རོ་ཡིས། །རིམ་ཐོབ་ཚེས་ལོངས་ཆ་འོག་མར། །འདོད་ཐོབ་རི་མཁའ་རིའི་ཆར་འགྱུར། །ཞེས་པས། ཉི་མའི་ཁྱིམ་ལོངས་༠ཀྱི་གནས་ཀུན་མདའ་རོས་བསྒྱུར་བ་༢༦༠དེ་མཁའ་རོས་ཆུ་ཚོད་སར་བསྒྲིལ་བ་༢༩༢ཆུ་ཚོད་དེ་རི་རོས་བགོས་ནོར་༠ལྷག་༢༤མཁའ་རོས་བསྒྱུར་བཅུག་༣༠བགོས་ནོར་༢༡ལྷག་༦༣དུས་ཀྱིས་བསྒྱུར་བགོས་ནོར་༥ལྷག་༤༣ལུས་པ་རི་རོའི་ཆ་བཅས་རིམ་བརྩེགས་ཚེས་ཞག་རྟག་ལོངས་༠སོ། །ཟླ་བའི་ཁྱིམ་ལོངས་༠ཀྱི་དབུགས་ཡན་མདའ་རོས་བསྒྱུར་བ་ལ་ཆ་མ་བསྒྱུར་བ་དེ་ག་དབུགས་གནས་སུ་བཅུག་པ་༣༩༧༧དེ་དུས་དང་མཁའ་རོས་ཆུ་ཚོད་སར་བསྒྲིལ་༣༩༡༠ཆུ་ཚོད་དེ་རི་རོས་བགོས་ནོར་༠ལྷག་༢༤མཁའ་རོས་བསྒྱུར་བཅུག་༣༠བགོས་ནོར་༢༡ལྷག་༦༣དུས་ཀྱིས་བསྒྱུར་བགོས་ནོར་༥ལྷག་༤༣རི་རོའི་ཆ་ནོར་རྣམས་རིམ་བརྩེགས་ཚེས་ལོངས་༠སོ། །སྒྲ་གཅན་ཁྱིམ་ལོངས་༠ཀྱི་ཆ་གོང་ཡན་མདའ་རོས་བསྒྱུར་བ་ལ་ཡང་ཆ་དེ་ག་གོང་མར་བསྲེས་པ་༠དེ་མེ་མིག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་༡༥ཆུ་ཚོད་༥༣དེ་རི་རོས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག་༤༣བགོས་ནོར་༡༤ལྷག་༥དུས་ཀྱིས་བསྒྱུར་

p. 390

བཅུག་༤བགོ་བར་མ་ལྡེངས་ཤིང་མེ་མིག་གིས་བསྒྱུར་བཅུག་༢༢བགོས་ནོར་༡༢ལྷག་མེད་ནོར་རྣམས་རིམ་བརྩེགས་ཚེས་ལོངས་༠སོ། །མིག་དམར་གྱི་ཁྱིམ་ལོངས་༠ཀྱི་གནས་ཀུན་མདའ་རོས་བསྒྱུར་བ་༡༣༠དེ་གཟུགས་བུག་གཟུགས་བུག་དང་བུག་མིག་ལག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་༡༥༥ཆུ་ཚོད་དེ་རི་རོས་བགོས་ནོར་༠ལྷག་༢༡མཁའ་རོས་བསྒྱུར་བཅུག་༣༡བགོས་ནོར་ལྷག་༡༩དུས་༡༨ཀྱིས་བསྒྱུར་བགོས་ནོར་༡ལྷག་༤༡བུག་མིག་ལག་གིས་བསྒྱུར་བཅུག་༢༠༥བགོས་ནོར་༡༣༤ལྷག་༡༣གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག་༥༩༤༡བགོས་ནོར་༡༨༧༢དེ་ཉིད་སླར་ཡང་འདོད་པས་ཕུད་པས་རི་མཁའ་རིའི་ཆ་༡༤༤ལྷག་མེད་ནོར་རིམ་བརྩེགས་ཚེས་ལོངས་༠སོ། །ལྷག་པའི་ཁྱིམ་ལོངས་༠ཀྱི་གནས་ཀུན་མདའ་རོས་བསྒྱུར་བ་༡༡༧༠དེ་གཟུགས་བུག་གཟུགས་བུག་དང་རི་བུག་རི་ཀླུ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༢༡༤ཆུ་ཚོད་དེ་རི་རོས་ཕྱེ་ནོར་༠ལྷག་༨མཁའ་རོས་བསྒྱུར་བཅུག་༣༡བགོས་ནོར་༧ལྷག་༤༢དུས་ཀྱིས་བསྒྱུར་བཅུག །༢བགོས་ནོར་༣ལྷག་༥༣རི་བུག་རི་ཀླུས་བསྒྱུར་བཅུག་༥༡༧༧བགོས་ནོར་༧༠༣༦ལྷག་༦གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག་༨༤༣༧བགོས་ནོར་༩༤༩དེ་སླར་ཡང་འདོད་པས་ཕུད་ནོར་༧༣རི་མཁའ་རིའི་ཆ་ལྷག་མེད་ནོར་རིམ་བརྩེགས་ཚེས་ལོངས་༠སོ། །ཕུར་བུའི་ཁྱིམ་ལོངས་༠ཀྱི་གནས་ཀུན་མདའ་རོས་བསྒྱུར་བ་༡༤༣༠དེ་གཟུགས་བུག་སོགས་དང་ལག་མིག་ཐུབ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༤ཆུ་ཚོད་དེ་རི་རོས་བགོ་བར་མ་ལྡེངས་མཁའ་རོས་བསྒྱུར་བཅུག་༣༩བགོས་ནོར་༢༢ལྷག་༥དུས་ཀྱིས་བསྒྱུར་བཅུག་༤བགོ་བར་མ་ལྡེངས་ཤིང་༣༤དེ་ལག་མིག་ཐུབ་པས་བསྒྱུར་བཅུག་༥༨༣བགོས་ནོར་༣༧༥ལྷག་༦གཟུགས་བུག་སོགས་ཀྱིས་བསྒྱུར་བཅུག་༧༥༦༦བགོས་ནོར་༩༣༦དེ་སླར་ཡང་འདོད་པས་ཕུད་ནོར་༧༢རི་མཁའ་རིའི་ཆ་ནོར་རྣམས་རིམ་བརྩེགས་ཚེས་ལོངས་༠སོ། །པ་སངས་ཀྱི་ཁྱིམ་ལོངས་༠གནས་ཀུན་མདའ་རོས་བསྒྱུར་བ་༤༥༥དེ་གཟུགས་བུག་སོགས་དང་བུག་མཚོ་ཐུབ་སོགས་རང་འཁོར་གྱིས་

p. 391

ཆུ་ཚོད་སར་བསྒྲིལ་བ་༤༧༥ཆུ་ཚོད་རི་རོས་ཐོབ་ནོར་༠ལྷག་༦མཁའ་རོས་བསྒྱུར་བཅུག་༢༩བགོས་ནོར་༥ལྷག་༥༤དུས་ཀྱིས་བསྒྱུར་བཅུག་༠བགོས་ནོར་༤ལྷག་མ་༥༤བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག །༦༧༠བགོས་ནོར་༦༣༦ལྷག་༢གཟུགས་བུག་སོགས་ཀྱིས་བསྒྱུར་བཅུག །༤༢༦༤བགོས་ནོར་༣༣༨དེ་སླར་ཡང་འདོད་པས་ཕུད་ནོར་༢༦དེ་རི་མཁའ་རིའི་ཆ་ལྷག་མེད་ནོར་རིམ་བརྩེགས་ཚེས་ལོངས་༠སོ། །སྤེན་པའི་ཁྱིམ་ལོངས་༠གནས་ཀུན་མདའ་རོས་བསྒྱུར་བ། ༥༨༥དེ་གཟུགས་བུག་སོགས་དང་མེ་ཀླུ་མེ་འབྱུང་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ། ༩ཆུ་ཚོད་དེ་རི་རོས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག །༥༥བགོས་ནོར་༨ལྷག་༥༩དུས་ཀྱིས་བསྒྱུར་བཅུག །༢བགོས་ནོར་༥ལྷག་༢༡མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག །༣༤༢༣བགོས་ནོར་༡༧༣༨ལྷག་༢༠གཟུགས་བུག་སོགས་ཀྱིས་བསྒྱུར་བཅུག །༤༣༡༦བགོས་ནོར་༢༨༠༨དེ་སླར་ཡང་འདོད་པས་ཕུད་ནོར་༢༡༦དེ་རི་མཁའ་རིའི་ཆ་ལྷག་མེད་རིམ་བརྩེགས་ཚེས་ལོངས་༠སོ། །དེ་ལས་བསྒྱུར་བྱེད་བགོད་བྱེད་གཉིས། །ལྡོག་པས་རིམ་ཐོབ་རི་མཁའ་རིའི། །ཆ་དེ་འདོད་པས་བསྒྱུར་བ་ལ། །མདའ་རོའི་ལྷག་དེ་ལྔས་ཐོབ་བསྲེ། །གཟུགས་བུག་སོགས་ཆ་ཁྱིམ་ལོངས་སོ། །ཞེས་སོགས་ལ། ཉི་མའི་ཚེས་ཞག་ཡུལ་གྱི་རྟག་ལོངས་༠གནས་ཀུན་རི་རོས་བསྒྱུར་བ་༢༦༨དེ་རི་རོ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༢༩༢ཆུ་ཚོད་དེ་མདའ་རོས་བགོས་ནོར་༠ལྷག་༣༢མཁའ་རོས་བསྒྱུར་བཅུག །༣༠ཐོབ་ནོར་༣༠དང་ལྷག་མེད་ཁྱིམ་ཞག་རྟག་ལོངས་༠སོ། །ཟླ་བའི་ཚེས་ལོངས་༠གནས་ཀུན་རི་རོས་བསྒྱུར་བ་༣༨༨༦དེ་རི་རོ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ། ༣༩༡༠ཆུ་ཚོད་དེ་མདའ་རོས་བགོས་ནོར་༠ལྷག་༡༠མཁའ་རོས་བསྒྱུར་བཅུག་༣༠བགོས་ནོར་༩ལྷག་༤༥དུས་ཀྱིས་བསྒྱུར་བགོས་ནོར་༤ལྷག་མ་༡༠དེ་རི་རོའི་ཆ་རིམ་བརྩེགས་ཁྱིམ་ལོངས་༠སོ། །སྒྲ་གཅན་ཚེས་ལོངས་༠གནས་ཀུན་རི་རོས་བསྒྱུར་བ། ༠དེ་མེ་མིག་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ་༡༥ཆུ་ཚོད་དེ་མདའ་རོས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག །༤༣

p. 392

བགོས་ནོར་༡༤ལྷག་༣༣དུས་ཀྱིས་བསྒྱུར་བཅུག །༤བགོས་ནོར་༣ལྷག་༧མེ་མིག་གིས་བསྒྱུར་བཅུག །༢༢བགོས་ནོར་༢ལྷག་༥༣བགོད་བྱེད་ཆ་རིམ་བརྩེགས་ཁྱིམ་ལོངས་༠སོ། །མིག་དམར་གྱི་ཚེས་ལོངས་༠གནས་ཀུན་རི་རོས་བསྒྱུར་བ། ༡༣༤དེ་རི་མཁའ་རི་དང་བུག་མིག་ལག་སོགས་རང་འཁོར་གྱིས་ཆུ་ཚོད་དུ་བསྒྲིལ་བ། ༡༥༥ཆུ་ཚོད་དེ་མདའ་རོས་བགོས་ནོར་༢ལྷག་མ་༢༥མཁའ་རོས་བསྒྱུར་བཅུག །༣༡བགོས་ནོར་༢༣ལྷག་༣༦དུས་ཀྱིས་བསྒྱུར་བགོས་ནོར་༣ལྷག་མ་༢༡བུག་མིག་ལག་གིས་བསྒྱུར་བཅུག །༢༠༥བགོས་ནོར་༧༧ལྷག་༩རི་མཁའ་རིས་བསྒྱུར་བཅུག །༤༥༩བགོས་ནོར་༡༠༤དེ་སླར་ཡང་འདོད་པས་བསྒྱུར་བ་༡༣༥༢མདའ་རོའི་ལྷག་ལྔས་༦༠ཐོབ་ནོར་༡༢བྱུང་བ་བསྲེས་པ་༡༣༦༤གཟུགས་བུག་སོགས་ཀྱི་ཆ་ནོར་རྣམས་རིམ་བརྩེགས་ཁྱིམ་ལོངས་༠སོ། །ལྷག་པའི་ཚེས་ལོངས་༠ཀྱི་གནས་ཀུན་རི་རོས་བསྒྱུར་བ། ༡༢༠༦དེ་རི་མཁའ་རི་དང་རི་བུག་རི་ཀླུ་སོགས་རང་འཁོར་གྱིས་ཆུ་ཚོད་སར་བསྒྲིལ་བ། ༡༢༡༤ཆུ་ཚོད་དེ་མདའ་རོས་ཕྱེ་ནོར་༠ལྷག་༤༤མཁའ་རོས་བསྒྱུར་བཅུག །༣༡བགོས་ནོར་༤༡ལྷག་༦དུས་ཀྱིས་བསྒྱུར་བཅུག །༢བགོ་བར་མ་ལྡེངས་ཤིང་༣༨དེ་རི་བུག་རི་ཀླུས་བསྒྱུར་བཅུག །༥༡༧༧བགོས་ནོར་༥༢༢༢ལྷག་༣༣རི་མཁའ་རིས་བསྒྱུར་བཅུག །༦༤༩བགོས་ནོར་༣༦༨དེ་སླར་ཡང་འདོད་པས་བསྒྱུར་༤༧༨༤མདའ་རོའི་ལྷག་ལྔས་༦༠ཐོབ་ནོར་༡༢བསྲེས་པ་༤༧༩༦གཟུགས་བུག་སོགས་ཀྱི་ཆ་བཅས་རིམ་བརྩེགས་ཁྱིམ་ལོངས་༠སོ། །ཕུར་བུའི་ཚེས་ལོངས་༠ཀུན་རི་རོས་བསྒྱུར་བ་༡༤༧༤དེ་རི་མཁའ་རི་དང་ལག་མིག་ཐུབ་སོགས་རང་འཁོར་གྱིས་ཆུ་ཚོད་དུ་བསྒྲིལ་བ་༢༤དེ་མདའ་རོས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག །༣༩བགོས་ནོར་༢༢ལྷག་༤༩དུས་ཀྱིས་བསྒྱུར་བཅུག །༤བགོས་ནོར་༤ལྷག་༣༨ལག་མིག་ཐུབ་ཀྱིས་བསྒྱུར་བཅུག །༥༨༣ཐོབ་ནོར་༤༣༡ལྷག་༤རི་མཁའ་རིས་བསྒྱུར་བཅུག །༥༨༢བགོས་ནོར་༥༢དེ་སླར་ཡང་འདོད་པས་བསྒྱུར་བ་ལ་༦༧༦མདའ་རོའི་ལྷག་ལྔས་༣༠བགོས་ནོར་༦བསྲེས་པ་༦༨༢གཟུགས་བུག་སོགས་ཀྱི་ཆ་ནོར་རྣམས་རིམ་བརྩེགས་ཁྱིམ་ལོངས་༠སོ། །པ་སངས་

p. 393

ཚེས་ལོངས་༠ཀྱི་གནས་ཀུན་རི་རོས་བསྒྱུར་བ་༤༦༩དེ་རི་མཁའ་རི་དང་བུག་མཚོ་ཐུབ་སོགས་རང་འཁོར་གྱིས་ཆུ་ཚོད་དུ་བསྒྲིལ་བ་༤༧༥དེ་མདའ་རོས་བགོས་ནོར་༠ལྷག་༢༠མཁའ་རོས་བསྒྱུར་བཅུག །༢༩བགོས་ནོར་༡༨ལྷག་༥༩དུས་ཀྱིས་བསྒྱུར་བགོས་ནོར་༥ལྷག་མ་བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག །༦༧༠ཐོབ་ནོར་༣༤༤ལྷག་༣༡རི་མཁའ་རིས་བསྒྱུར་བཅུག །༣༢༨བགོས་ནོར་༣༤༢དེ་སླར་ཡང་འདོད་པས་བསྒྱུར་བ་ལ་༤༤༤༦མདའ་རོའི་ལྷག་ལྔས་༡༥ཐོབ་ནོར་༣བསྲེས་པ་༤༤༤༩གཟུགས་བུག་སོགས་ཀྱི་ཆ་ནོར་རྣམས་རིམ་བརྩེགས་ཁྱིམ་ལོངས་༠སོ། །སྤེན་པའི་ཚེས་ལོངས་༠ཀྱི་གནས་ཀུན་རི་རོས་བསྒྱུར་བ་༥༣༦དེ་རི་མཁའ་རི་དང་མེ་ཀླུ་མེ་འབྱུང་སོགས་རང་འཁོར་གྱིས་ཆུ་ཚོད་དུ་བསྒྲིལ་བ་༩ཆུ་ཚོད་དེ་མདའ་རོས་བགོ་བར་མ་ལྡེངས་ཤིང་མཁའ་རོས་བསྒྱུར་བཅུག །༥༥བགོས་ནོར་༩ལྷག་༡༠དུས་ཀྱིས་བསྒྱུར་བཅུག །༢བགོ་བར་མ་ལྡེངས་ཤིང་༦༢དེ་མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག །༣༤༢༣བགོས་ནོར་༥༡༨༧ལྷག་༡༤རི་མཁའ་རིས་བསྒྱུར་བཅུག༣༣༢དེ་སླར་ཡང་འདོད་པས་བསྒྱུར་བ་ལ་༢༠༤༡མདའ་རོའི་ལྷག་ལྔས་༢༥ཐོབ་ནོར་༥བསྲེས་པ་༢༠༤༦གཟུགས་བུག་སོགས་ཀྱི་ཆ་བཅས་རིམ་བརྩེགས་ཁྱིམ་ལོངས་༠སོ། །ཡང་ན་ཉིན་ལོངས་གནས་གཉིས་གཅིག །མེ་ཚེས་ལག་གིས་བསྒྱུར་བ་ལ། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། རང་ཆ་ཐོབ་པའི་ལྷག་མ་དེ། །མི་བདག་གིས་བགོ་ཐོབ་པ་ནི། །གཟུགས་བུག་གཟུགས་བུག་ཆ་ཡིན་ཏེ། །ཅིག་ཤོས་ལ་བྱིན་ཁྱིམ་ལོངས་འཆར། །སོགས་ལ་ཉི་མའི་ཉིན་ཞག་རྟག་ལོངས་༠ཀྱི་གནས་གཉིས་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ་༨༦༡༢དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོ་བར་སྐར་གནས་མ་ལྡེངས་པའི་ཐོབ་ནོར་ཆུ་ཚོད་ཀྱང་མ་ལྡེངས་པའི་ནོར་༠ལྷག་༨༦༡༢དེ་ཆུ་སྲང་གི་དོན་དུ་མཁའ་རོས་བསྒྱུར་བ་༥༡༦༧༢༠འོག་གི་ཆ་༥༥༧བཅུག་དུས་མདའ་མཁའ་རི་ཡིད་ཀྱིས་བགོས་ནོར་༣ལྷག་༡༣༡༥༣༠དེ་དབུགས་དོན་རོས་བསྒྱུར། ༧༨༩༡༨༠འོག་བཅུག་དུས་མདའ་མཁའ་རི་ཡིད་ཀྱིས་བགོས་ནོར་༥ལྷག་༥༣༩༠༠ཆའི་དོན་དུ་བུག་མཁའ་མིག་བུག་ཡིད་ཀྱིས་

p. 394

བསྒྱུར་བ། ༨༠༤༢༣༦༥༡༠༠འོག་༢༠༠༥༦༤༨༦༨བཅུག་པར་༨༢༤༢༩༢༩༩༦༨ཤར་བ་དུས་མདའ་མཁའ་རི་ཡིད་ཀྱིས་བགོས་ནོར་༥༦༠༥༣ལྷག་མེད་ནོར་རྣམས་རིམ་བརྩེགས་༠དེ་ཉིན་ལོངས་ཅིག་ཤོས་ལ་བྱིན་༠དེ་བུག་སོགས་འཁོར་ལོས་སྟེང་བསྒྲིལ་བ་༠ཉི་མའི་ཁྱིམ་ཞག་ཡུལ་གྱི་རྟག་ལོངས་སོ། །ཟླ་བའི་ཉིན་ཞག་རྟག་ལོངས་༥༩གནས་གཉིས་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༡༢༧༠༢༧དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོ་བར་མ་ལྡེངས་ཤིང་ལྷག་མ་༡༢༧༠༢༧མཁའ་རོས་བསྒྱུར་༧༦༢༡༦༢༠བཅུག་༣༦༦༠༡༥༨པར་༧༦༥༨༢༢༡བགོས་ནོར་༥༢ལྷག་༡༡༣༠༩རོས་བསྒྱུར་བཅུག །༥༨༧༤༣༡༣བགོས་ནོར་༧༤༣༡༣བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བཅུག །༡༡༢༩༣༤༩༣༥༦༨བགོས་ནོར་༧༦༧༩༧ལྷག་༣༣༩༣༦དེ་རྣམས་ལུས་པ་རིམ་བརྩེགས་༠དེ་ཉིད་ཟླ་བའི་ཉིན་ལོངས་ཅིག་ཤོས་ལ་བྱིན་པ་དེ་བུག་སོགས་རང་འཁོར་གྱིས་བསྒྲིལ་བ། ༦༠འདིའི་གནས་གོང་འོག་གཉིས་མདའ་རོས་བསྒྱུར་བ། ༡༤༩༢༠༧༥དེ་འོག་ནས་དུས་མདའ་སོགས་ཀྱིས་བགོས་ནོར་༡༥ལྷག་མེད་ནོར་གོང་མར་བསྲེས། བུག་སོགས་ཀྱིས་བགོས་ནོར་༡༠ལྷག་མེད་ཟླ་བའི་ཁྱིམ་ལོངས་༦༠སོ། །སྒྲ་གཅན་ཉིན་ལོངས་༠དེ་གནས་གཉིས་བཀོད་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ་༣༠༡༤༢དེ་དུས་མདའ་སོགས་ཀྱིས་བགོ་བར་མ་ལྡེངས་སྐར་གནས་དང་ཆུ་ཚོད་སྲང་གསུམ་ནོར་༠ལྷག་༣༠༡༤༢རོས་བསྒྱུར་བཅུག་བགོས་ནོར་༡ལྷག་༣༥༩༤༩མེ་མིག་གིས་བསྒྱུར་བཅུག་བགོས་ནོར་༥ལྷག་༡༣༢༤༥༤འབྱུང་འདོད་དྲག་གིས་བསྒྱུར། ༡༤༧༤༨༧༥༢༩༠འོག་བཅུག་༡༤༩༦༤༨༧༡༠༤བགོས་ནོར་༡༠༡༧༦ལྷག་༤༥༢༤༨བཅས་རིམ་བརྩེགས། ༠དེ་ཉིན་ལོངས་ཅིག་ཤོས་ལ་བྱིན་འབྱུང་འདོད་དྲག་པོ་དང་མེ་མིག་གིས་འཁོར་ལོས་ཕུད་པར་༠དེའི་ཆ་གོང་འོག་གཉིས་མདའ་རོས་བསྒྱུར་བ་༥༩༠༡༣༥འོག་མ་དུས་མདའ་མཁའ་རི་ཡིད་ཀྱིས་བགོས་ནོར་༢༠ལྷག་མེད་ནོར་དེ་གོང་མར་བསྲེས་པ་འདི་༥༩༠༡༥༥དེ་འབྱུང་འདོད་དྲག་པོས་བགོས་ནོར་༥༣ལྷག་མེད་ནོར་རིམ་བརྩེགས་ཁྱིམ་ལོངས་༠སོ། །མིག་དམར་ཉིན་ལོངས་༢གནས་གཉིས་བཀོད་གཅིག་

p. 395

གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ་༤༣༠༦དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོ་བར་སྐར་གནས་ཆུ་ཚོད་༠ལྷག་མ་༤༣༠༦མཁའ་རོས་བསྒྱུར་བཅུག །༣༠༣༥༧༣བགོས་ནོར་༢ལྷག་མ་༩༤༦༡རོས་བསྒྱུར་བཅུག །༦༡༠༧༢བགོས་ནོར་༠ལྷག་༦༡༠༧༢བུག་མིག་ལག་གིས་བསྒྱུར་བ་༡༣༩༨༥༤༨༨རང་ཆ་༤༤༧༨༢༤བཅུག་པ་༡༤༤༣༣༣༡༢བགོས་ནོར་༩༨ལྷག་༢༡༨༢༤མི་བདག་གིས་བགོས་ནོར་༡༣༦༤ལྷག་མེད་ནོར་རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་ཏེ་ཆ་གོང་མ་བུག་མིག་ལག་གིས་ཕུད་ནོར་དབུགས་གནས་སུ་བསྲེས་པ་ཁྱིམ་ལོངས་༠སོ། །ལྷག་པའི་ཉིན་ལོངས་༠གནས་གཉིས་བཞག་པའི་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ་༣༨༧༥༤དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོ་བར་སྐར་གནས་དང་ཆུ་ཚོད་མ་ལྡེངས། ལྷག་མཁའ་རོས་བསྒྱུར་བཅུག །༢༣༧༦༩༡༢ཐོབ་ནོར་༡༦དང་ལྷག་༢༤༠༡༦རོས་བསྒྱུར་བཅུག །༡༥༤༨༦༡བགོས་ནོར་༡ལྷག་ཆར་བསིལ་ཕྱིར་རི་བུག་རི་ཀླུས་བསྒྱུར་བ་༦༨༦༨༦༦༠༥རང་ཆ་བསྲེས་པ་༦༨༧༨༧༥༡༦༩༦བགོས་ནོར་༥༣༥ལྷག་༧༦༧༣༦མི་བདག་གིས་བགོས་ནོར་༤༧༩༦ལྷག་མེད་ནོར་རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་དབུགས་གནས་དུས་ཀྱིས་ཕུད་གོང་མར་བསྲེས། ༡༨ལྷག་པའི་ཁྱིམ་ལོངས་སོ། །ཕུར་བུའི་ཉིན་ལོངས་༠དེ་གནས་གཉིས་བཀོད་པའི་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༤༧༣༦༦དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོ་བར་སྐར་གནས་ཆུ་ཚོད་ཆུ་སྲང་གསུམ་མ་ཐོབ། ༠ལྷག་རོས་བསྒྱུར་བཅུག་བགོས་༡ནོར་ལྷག་༡༤༡༤༤༦གཟུགས་དུས་མེས་བསྒྱུར་བཅུག །༥༡༥༤༨༥༨༤བགོས་ནོར་༣༥༠ལྷག་༧༨༩༧༤ཀླུས་བགོས་ནོར་༩༨༧༣ལྷག་མེད་ནོར་རིམ་བརྩེགས། ༠དེ་ཉིན་ལོངས་ཅིག་ཤོས་ལ་བྱིན་ཏེ། ཆ་གོང་མ་གཟུགས་དུས་མེས་བསྒྲིལ་རྗེས་ལྷག །༢༡༥དེ་མིག་གིས་བསྒྱུར། འོག་མ་གཟུགས་བུག་གཟུགས་བུག་གིས་བགོས་ནོར་༡དེ་གོང་མར་བསྲེས་པ་རིམ་བརྩེགས་ཁྱིམ་ལོངས་༠སོ། །པ་སངས་ཀྱི་ཉིན་ལོངས་༠གནས་གཉིས་བཀོད་པ་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༡༥༠༧༡དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོ་བར་སྐར་གནས་དང་

p. 396

ཆུ་ཚོད་མ་ཐོབ་༠ལྷག་༡༥༠༧༡མཁའ་རོས་བསྒྱུར་བཅུག་པ། ༩༣༠༠༦༩བགོས་ནོར་༦ལྷག་༤༧༧༦༠རོས་བསྒྱུར་བཅུག །༢༩༣༠༡༩བགོས་ནོར་༡ལྷག་༡༤༥༩༦༣བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག་པ། ༡༡༠༠༦༩༠༧༢བགོས་ནོར་༢༤༨ལྷག་༧༡༡༨༤མི་བདག་གིས་བགོས་ནོར་༤༤༤༩ལྷག་མེད་ནོར་རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་ཆ་གོང་མ་བུག་མཚོ་ཐུབ་ཀྱིས་ཕུད་པ་བཅས་ཁྱིམ་ལོངས་༠སོ། །སྤེན་པའི་ཉིན་ལོངས་༠གནས་གཉིས་བཀོད་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༩༡༣༧༧དེ་དུས་མདའ་མཁའ་རི་ཡིད་ཀྱིས་བགོ་བར་སྐར་གནས་ཆུ་ཚོད་ཆུ་སྲང་གསུམ་མ་ཐོབ། ༠ལྷག་༡༩༣༧༧རོས་བསྒྱུར་བཅུག །༡༡༦༢༦༢བགོས་ནོར་༠ལྷག་དེ་ག་མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག༦༢༧༨༡༤༨༠༠བགོས་ནོར་༤༢༦༩ལྷག་༣༢༧༣༦མི་བདག་གིས་བགོས་ནོར་༢༠༤༦ལྷག་མེད་རིམ་བརྩེགས། ༠དེ་ཅིག་ཤོས་ལ་བྱིན་རང་འཁོར་གྱིས་ཕུད་པ་བཅས་ཁྱིམ་ལོངས་༠སོ། །དེ་ཉིད་གནས་གཉིས་བཀོད་པའི་གཅིག །མེ་ཚེས་ལག་བསྒྱུར་བུག་སོགས་ཀྱིས། །ཐོབ་པ་ཅིག་ཤོས་ལ་ཕྲི་བས། །རང་རང་ཉིན་ལོངས་གནས་སུ་ལྡོག །ཅེས་སོགས་ལ། ཉི་མའི་ཁྱིམ་ཞག་ཡུལ་ལོངས། ༠དེ་ཉིད་གནས་གཉིས་སུ་བཀོད་པའི་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༨༦༡༢དེ་བུག་མཁའ་མིག་བུག་ཡིད་ཀྱིས་བགོ་བར་སྐར་གནས་དང་ཆུ་ཚོད་མ་ཐོབ། ༠ལྷག་༨༦༡༢མཁའ་རོས་བསྒྱུར་བཅུག །༥༨༡༣༡༠བགོས་ནོར་༣ལྷག་༡༣༣༦༨༣རོས་བསྒྱུར་བཅུག་པར་༨༠༢༠༩༨བགོས་ནོར་༥ལྷག་༥༦༠༥༣རང་ཆར་བཞག་པའི་ནོར་རིམ་བརྩེགས་༠དེས་ཁྱིམ་ལོངས་ཅིག་ཤོས་ལ་ཕྲི་བར་ཆ་ནས་མ་ལྡེང་པར་དབུགས་གནས་ནས་གཅིག་ཕབ་མགོ་ཐོག་ཏུ་བུག་སོགས་ལ་བཏང་བར་ཕྲི་ལྷག་༠དེ་རང་གི་ཉིན་ལོངས་སུ་ལྡོག །ཟླ་བའི་ཁྱིམ་ལོངས་༠དེ་གནས་གཉིས་བཀོད་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༡༢༩༡༨༠དེ་བུག་སོགས་ཀྱིས་བགོ་བར་སྐར་གནས་དང་ཆུ་ཚོད་མ་ཐོབ། ༠ལྷག་༡༢༩༡༨༠མཁའ་རོས་བསྒྱུར་བཅུག །༧༧༧༠༡༧༧བགོས་ནོར་༥༢ལྷག་༡༡༣༠༩རོས་བསྒྱུར་བཅུག །༧༦༤༦༦བགོས་ནོར་༠ལྷག་མ་མདའ་

p. 397

རོས་བསྒྱུར་བཅུག །༤༩༩༡༨༢༠བགོས་ནོར་༣༣ལྷག་༦༧༩༢༣རྣམས་རིམ་བརྩེགས་༥༢དེས་ཅིག་ཤོས་ལ་ཕྲི་བར་ཆ་ཤས་མ་འདེངས་དབུགས་ནས་གཅིག་ཕབ་རི་རོ་བཀོད་སྦྱངས་ལྷག །༤༢དེ་ལས་གཅིག་ཕབ་ཆ་འོག་མ་བུག་སོགས་སུ་བཏང་བར་སྦྱངས་ལྷག་༨༡༢༨༦ལུས་པར་༥༩དེ་ཤར་བའི་ཆ་གནས་༤༡བུག་སོགས་ཀྱིས་བསྒྱུར་བ་༦༡༡༧༥༦༩འོག་གི་ཆ་བསྲེས་པར་༦༡༩༨༨༥༥དེ་མདའ་རོས་ཐོབ་ནོར་ལྷག་མེད་༩༥༣༦༧ཉིན་ལོངས་སུ་ལྡོག །༥༩སྒྲ་གཅན་ཁྱིམ་ཞག་ཡུལ་ལོངས་༠གནས་གཉིས་བཞག་པའི་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༣༠༡༤༢ཆུ་སྲང་ནས་བུག་སོགས་ཀྱིས་བགོ་བར་མ་ཐོབ། ༠ལྷག་མ་༣༠༡༤༢རོས་བསྒྱུར་བཅུག །༡༨༧༣༡༡བགོས་ནོར་༡ལྷག་༣༨༡༠མེ་མིག་གིས་བསྒྱུར་བཅུག །༨༨༠༦༥༢བགོས་ནོར་༥ལྷག་༡༣༤༦༠༧མདའ་རོས་བསྒྱུར་བཅུག །༨༨༦༣༥༦༤བགོས་ནོར་༥༩ལྷག་༦༠༢༣༣རྣམས་ཀྱིས་ཁྱིམ་ལོངས་ཅིག་ཤོས་ལ་ཕྲི་བར་མ་ལྡེངས་ན་སོ་སོའི་འཁོར་ལོ་བཀོད་སྦྱངས་པས། ༠གནས་འོག་མ་༥༨གཉིས་ཀ་འབྱུང་འདོད་དྲག་གིས་བསྒྱུར་བ་༦༤༥༨༣༠འོག་མ་བུག་སོགས་ཀྱིས་བགོས་ནོར་༦༦༤༠དེ་གོང་མར་བསྲེས་པ་འདི་༦༥༢༤༧༠དེ་མདའ་རོས་བགོས་ལྷག་མེད་ནོར་༡༠༠༣༨རིམ་བརྩེགས་ཉིན་ལོངས་སུ་༠ལྡོག །མིག་དམར་ཁྱིམ་ལོངས་༢གནས་གཉིས་བཀོད་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༤༣༠༦དེ་བུག་སོགས་ཀྱིས་བགོ་བར་སྐར་གནས་དང་ཆུ་ཚོད་༠མ་ཐོབ་ལྷག་མ་༤༣༠༦མཁའ་རོས་བསྒྱུར་བཅུག །༣༠༧༨༧༩ཐོབ་ནོར་༢དང་ལྷག་༩༤༦༡རོས་བསྒྱུར་བཅུག །༦༣༢༢༥བགོས་ནོར་༠ལྷག་དེ་བུག་མིག་ལག་གིས་བསྒྱུར་བཅུག །༡༤༦༤༤༣༠༦བགོས་ནོར་༩༨ལྷག་༢༡༨༢༤གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག་༢༠༣༥༢༡༠༧༥བགོས་ནོར་༡༣༦༤ལྷག་མེད་རིམ་བརྩེགས་༠དེས་ཅིག་ཤོས་ལ་ཕྲི་བར་༠མིག་དམར་ཉིན་ལོངས་སུ་ལྡོག །ལྷག་པའི་ཁྱིམ་ལོངས་༡༨གནས་གཉིས་བཀོད་གཅིག་གི་གནས་རྣམས་མེ་ཚེས་ལག་གིས་བསྒྱུར་བ། ༣༨༧༥༤དེ་ཆུ་ཚོད་ནས་བུག་སོགས་ཀྱིས་བགོ་བར་མ་ཐོབ། ༠ལྷག་མཁའ་རོས་བསྒྱུར་བཅུག

p. 398

༢༤༡༣༥༡༣བགོས་ནོར་༡༦ལྷག་༢༦༡༦༩རོས་བསྒྱུར་བ། ༡༥༧༠༡༤བགོས་ནོར་༡ལྷག་༧༨༠༥རི་བུག་རི་ཀླུས་བསྒྱུར་བཅུག་༧༩༩༠༣༥༥༡བགོས་ནོར་༥༣༥ལྷག་༧༦༧༣༦གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག །༧༡༥༦༠༦༣༦༤བགོས་ནོར་༤༧༩༦ལྷག་མེད་རིམ་བརྩེགས་༡༦དེས་ཅིག་ཤོས་ལ་ཕྲི་བར་༡༨ཉིན་ལོངས་སོ། །ཕུར་བུའི་ཁྱིམ་ལོངས་༢༢གནས་གཉིས་བཞག་པའི་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བར་འདི་༤༧༣༦༦དེ་བུག་སོགས་ཀྱིས་བགོ་བར་སྐར་གནས་ཆུ་ཚོད་ཆུ་སྲང་མ་ཐོབ་༠ལྷག་༤༧༣༦༦རོས་བསྒྱུར་བཅུག །༢༩༢༨༠༨བགོས་ནོར་༡ལྷག་མ་༡༤༣༥༩༩ལག་མིག་ཐུབ་པས་བསྒྱུར་བཅུག །༡༠༤༦༠༦༤༢༡བགོས་ནོར་༧༠༡ལྷག་༡༠༩༡༢གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག །༡༠༡༧༦༠༥༣༨བགོས་ནོར་༦༨༢ལྷག་མེད་ནོར་རིམ་བརྩེགས་༠དེས་ཅིག་ཤོས་ལ་ཕྲི་རྗེས་ཆ་ཤས་མིག་གིས་ཕུད་ནོར་༢༢༦རྣམས་རིམ་བརྩེགས་ཉིན་ལོངས་༠སུ་ལྡོག །པ་སངས་ཀྱི་ཁྱིམ་ལོངས་༠གནས་གཉིས་བཞག་གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༡༥༠༧༡དེ་ཆུ་ཚོད་ནས་བུག་སོགས་ཀྱིས་བགོ་བར་མ་ཐོབ། ༠ལྷག་༡༥༠༧༡མཁའ་རོས་བསྒྱུར་བཅུག །༩༤༣༠༡༤དེ་བུག་སོགས་ཀྱིས་བགོས་པའི་ནོར་༦ལྷག་༤༧༧༦༠རོས་བསྒྱུར་བཅུག །༢༩༧༣༢༥དེ་བགོས་ནོར་༡ལྷག་༡༤༨༡༡༦བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག །༡༡༡༦༧༩༥༡༦བགོས་ནོར་༧༤༨ལྷག་༧༡༡༨༤གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག །༦༦༣༨༣༠༨༤༡བགོས་ནོར་༤༤༤༩ལྷག་མེད་རིམ་བརྩེགས་༠དེས་ཅིག་ཤོས་ལ་ཕྲི་བས་ཉིན་ལོངས་༠སོ། །སྤེན་པའི་ཁྱིམ་ལོངས་༠གནས་གཉིས་བཀོད། གཅིག་གི་གནས་ཀུན་མེ་ཚེས་ལག་གིས་བསྒྱུར་བ། ༡༩༣༧༧དེ་བུག་སོགས་ཀྱིས་བགོ་བར་ཆུ་སྲང་༠ཡན་ལྷག་༡༩༣༧༧རོས་བསྒྱུར་བཅུག །༡༡༦༢༦༢བགོས་ནོར་༠ལྷག་དེ་མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག །༦༣༧༠༠༥༩༥༧བགོས་ནོར་༤༢༦༧ལྷག་༣༢༧༣༦གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག །༣༠༠༨༧༦༥༧༦བགོས་ནོར་༢༠༤༦ལྷག་མེད་ནོར་རིམ་བརྩེགས། ༠དེས་ཅིག་ཤོས་ལ་འཕྲི་བ་༠ཉིན་ལོངས་

p. 399

སོ། །རང་རང་ཉིན་ལོངས་གནས་གཉིས་གཅིག །ཐུབ་རི་ཟླས་བསྒྱུར་ཉི་འདོད་ཟླས། །རིམ་ཐོབ་གཅིག་ཤོས་ལ་འཕྲི་བས། །སོ་སོའི་ཚེས་ཞག་ཡུལ་ལོངས་འཆར། །ཞེས་པས་ཉི་མའི་ཉིན་ཞག་ཡུལ་ལོངས་༠དེ་གནས་གཉིས་བཞག་པའི་གཅིག་གི་གནས་ཀུན་ཐུབ་རེ་ཟླ་བས་བསྒྱུར་བ། ༧༠༨དེ་ཉི་མ་འདོད་ཟླས་བགོ་བར་མ་ཐོབ། ༠ལྷག་༧༠༨མཁའ་རོས་བསྒྱུར་བཅུག །༤༧༠༨༢ཉི་འདོད་ཟླས་བགོས་ནོར་༤ལྷག་༡༨༣༤རོས་བསྒྱུར་བཅུག༡༡༠༠༤ཐོབ་ནོར་༠ལྷག་དེ་བུག་སོགས་ཀྱིས་བསྒྱུར་བཅུག །༡༦༥༨༣༨༤༤༤༨བགོས་ནོར་༡༤༦༦༠༤ལྷག་མེད་རིམ་བརྩེགས་༠དེས་ཅིག་ཤོས་ལ་འཕྲི་བར། ༠འདིའི་ཆ་འཁོར་ལོ་ལག་མིག་གིས་བགོས་ནོར་༤༣རི་རོའི་ཆ་སྟེ་༤དེ་ནི་ཉི་མའི་ཚེས་ཞག་ཡུལ་ལོངས་སོ། །ཟླ་བའི་ཉིན་ལོངས་༥༩གནས་གཉིས་བཀོད་གཅིག་གི་གནས་ཀུན་ཐུབ་རི་ཟླས་བསྒྱུར་བ་༡༠༤༤༣དེ་ཉི་འདོད་ཟླས་བགོ་བར་སྐར་གནས་དང་ཆུ་ཚོད་མ་ཐོབ། ༠ལྷག་མཁའ་རོས་བསྒྱུར་བཅུག །༦༢༧༥༨༩བགོས་ནོར་༥༥ལྷག་༧༤༢༩རོས་བསྒྱུར་བཅུག །༤༥༡༠༥བགོས་ནོར་༣ལྷག་མ་༡༡༡༦༩བུག་སོགས་ཀྱིས་བསྒྱུར་བཅུག །༡༦༨༣༣༩༥༢༨༠བགོས་ནོར་༡༤༨༨༡༥ལྷག་མེད་ནོར་བརྩེགས། ༠དེས་ཅིག་ཤོས་ལ་ཕྲི་བ། ༥༨འདིའི་ཆ་འཁོར་ལོ་ལག་མིག་གིས་ཐོབ་ནོར་༤༣རི་རོས་ཆ་སྟེ་ཚེས་ལོངས་༥༨སོ། །སྒྲ་གཅན་ཉིན་ལོངས་༠གནས་གཉིས་བཀོད་གཅིག་གི་གནས་ཐམས་ཅད་ཐུབ་རི་ཟླ་བས་བསྒྱུར་བ། ༢༤༧༨ཉི་འདོད་ཟླས་བགོ་བར་ཆུ་སྲང་ཡན་མ་ཐོབ། ༠ལྷག་རོས་བསྒྱུར་བཅུག །༡༥༠༤༥ཐོབ་ནོར་༡ལྷག་༣༧༣༣དེ་མེ་མིག་གིས་བསྒྱུར་བཅུག །༧༨༢༢༢ཐོབ་ནོར་༧ལྷག་༡༠༠༣༨འབྱུང་འདོད་དྲག་གིས་བསྒྱུར་བཅུག །༡༡༣༥༤༩༨༥༦བགོས་ནོར་༡༠༠༣༨བཅས་བརྩེགས་༠དེས་ཅིག་ཤོས་ལ་ཕྲི་བ་ཚེས་ལོངས་༠སོ། །མིག་དམར་ཉིན་ལོངས་༠གཉིས་བཀོད་གཅིག་གི་གནས་ཐམས་ཅད་ཐུབ་རི་ཟླས་བསྒྱུར་བ་༣༥༤ཉི་འདོད་ཟླས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་སྲང་ཆ་བཅུག །༢༤༩༥༧ཐོབ་ནོར་༢ལྷག་༢༣༣༣རོས་བསྒྱུར་དབུགས་བཅུག །༡༤༣༥༢ཐོབ་ནོར་༡ལྷག་༣༠༤༠བུག་མིག་ལག་གིས་བསྒྱུར་བཅུག

p. 400

༧༣༢༩༧༦ཐོབ་ནོར་༦༤ལྷག་༩༠༠༨མི་བདག་གིས་ཐོབ་ནོར་༥༦༣ལྷག་མེད་རིམ་བརྩེགས། ༠དེས་ཅིག་ཤོས་ལ་འཕྲི་བ་དང་ཡང་ཆ་འཕྲི་སྐབས་སྟེང་ནས་གཅིག་ཕབ་འོག་ཏུ་རི་མཁའ་རིར་བཏང་སྟེ་སྦྱངས་པ་དེ་ནི་ཚེས་ལོངས་༠སོ། །ལྷག་པའི་ཉིན་ལོངས་༡༨གནས་གཉིས་གཅིག་གི་གནས་ཀུན་ཐུབ་རི་ཟླས་བསྒྱུར་བ། ༣༡༨༦ཉི་འདོད་ཟླས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བར་སྲང་ཆ་བཅུག །༡༩༥༤༠༨ཐོབ་ནོར་༡༧ལྷག་༣༡༠༤རོས་བསྒྱུར་བཅུག །༡༩༥༠༩ཐོབ་ནོར་༡ལྷག་རི་བུག་རི་ཀླུས་བསྒྱུར་བཅུག་པ་༧༢༩༢༨༦༠༨བགོས་ནོར་༦༤༤༧ལྷག་༡༠༡༤༤མི་བདག་གིས་བགོས་ནོར་༦༣༤ལྷག་མེད་ནོར་རིམ་བརྩེགས། ༡༧དེས་ཅིག་ཤོས་ལ་འཕྲི་ལྷག་༡༨ཚེས་ལོངས་སོ། །ཕུར་བུའི་ཉིན་ལོངས་༠གནས་གཉིས་བཀོད་གཅིག་གི་གནས་ཀུན་ཐུབ་རི་ཟླ་བས་བསྒྱུར་བ་འདི་༣༨༩༤ཉི་འདོད་ཟླས་བགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ། ༠ལྷག་རོས་བསྒྱུར་བཅུག །༢༣༧༡༨བགོས་ནོར་༢ལྷག་༡༠༩༤གཟུགས་དུས་མེས་བསྒྱུར་ཆ་བཅུག །༤༣༤༩༣༦ཐོབ་ནོར་༣༨ལྷག་༥༠༨༠དེ་ཀླུས་བགོས་ནོར་༦༣༥ལྷག་མེད་ནོར་རིམ་བརྩེགས་༠དེས་ཅིག་ཤོས་ལ་ཕྲི་ལྷག་༠ཆ་དེ་མིག་གི་བསྒྱུར་ཏེ། དེ་ལས་གཅིག་ཕབ་འོག་མ་རི་མཁའ་རིར་བཏང་སྟེ་སྦྱངས་པ་ཚེས་ལོངས་༢༢སོ། །པ་སངས་ཉིན་ལོངས་༠གནས་གཉིས་གཅིག་གི་གནས་རྣམས་ཐུབ་རི་ཟླས་བསྒྱུར་བ། ༡༢༣༩ཉི་འདོད་ཟླས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག་༧༦༤༦༤ཐོབ་ནོར་༦ལྷག་༨༥༩༢རོས་བསྒྱུར་བཅུག །༥༢༠༨༣ཐོབ་ནོར་༤ལྷག་༦༨༣༥བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག༥༡༨༠༤༨༠བགོས་ནོར་༤༥༧ལྷག་༡༠༨༩༦མི་བདག་གིས་བགོས་ནོར་༦༨༡ལྷག་མེད་རིམ་བརྩེགས། ༠དེས་ཅིག་ཤོས་ལ་ཕྲི་ལྷག་ཚེས་ལོངས་༧སོ། །སྤེན་པའི་ཉིན་ལོངས་༠གནས་གཉིས་བཞག་གཅིག་གི་གནས་ཀུན་ཐུབ་རི་ཟླ་བས་བསྒྱུར་བ་འདི་༡༥༩༣ཉི་འདོད་ཟླས་བགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ་༠རོས་བསྒྱུར་བཅུག །༩༥༥༨ཐོབ་ནོར་༠ལྷག་མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག །༥༡༦༡༣༢༠༠བགོས་ནོར་༤༥༦༢ལྷག་༧༨༥༦

p. 401

མི་བདག་གིས་བགོས་ནོར་༤༩༡ལྷག་མེད་རིམ་བརྩེགས། ༠དེས་ཅིག་ཤོས་ལ་ཕྲི་ལྷག་ཚེས་ལོངས་༠སོ། །དེ་ཉིད་གནས་གཉིས་བཀོད་པའི་གཅིག །ཐུབ་རི་ཟླས་བསྒྱུར་འབྱུང་འདོད་དྲག །གིས་ཐོབ་ཅིག་ཤོས་ལ་བྱིན་པས། །སོ་སོའི་ཉིན་ལོངས་འཆར་བར་འགྱུར། །ཞེས་སོགས་ལ་ཉི་མའི་ཚེས་ཞག་ཡུལ་ལོངས་༠གནས་གཉིས་གཅིག་གི་གནས་ཀུན་ཐུབ་རི་ཟླས་བསྒྱུར་བ་༧༠༨འབྱུང་འདོད་དྲག་གིས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག །༤༦༡༩༧བགོས་ནོར་༤ལྷག་༡༦༥༧རོས་བསྒྱུར་བཅུག །༡༠༨༢༧བགོས་ནོར་༠དེ་ལྷག་རི་རོས་བསྒྱུར་བཅུག །༧༣༣༠༢༠བགོས་ནོར་༦༥ལྷག་༩༢༤༥དེ་རིམ་བརྩེགས། ༠དེ་ཅིག་ཤོས་ལ་བྱིན་པ། ༤ཆ་གོང་རི་རོས་ཕུད་༤༡ལྷག་འབྱུང་འདོད་དྲག་གིས་བསྒྱུར་བ་༤༥༦༥༣༥འོག་བཅུག་པ་༤༦༥༧༨༠དེ་མདས་བགོས་པའི་ནོར་༩༣༡༥༦ལྷག་མེད་རིམ་བརྩེགས་ཉིན་ལོངས་༠སོ། །ཟླ་བའི་ཚེས་ལོངས་༥༨གནས་གཉིས་གཅིག་ཐུབ་རི་ཟླས་བསྒྱུར་བ་༡༠༢༦༦༦དེ་འབྱུང་འདོད་དྲག་གིས་བགོ་བར་སྐར་དབྱུག་མ་ཐོབ་༠མཁའ་རོས་བསྒྱུར་བཅུག །༦༡༩༦༧༧བགོས་ནོར་༥༥ལྷག་༧༢༥༢རོས་བསྒྱུར་བཅུག༤༤༣༩༧བགོས་ནོར་༣ལྷག་༡༠༩༩༢རི་རོས་བསྒྱུར་བཅུག་༧༤༤༠༧༥བགོས་ནོར་༦༦ལྷག་༩༡༦༥དེ་རིམ་བརྩེགས་༥༥དེ་ཅིག་ཤོས་ལ་བྱིན་བུག་མཁའ་སོགས་སོ་སོའི་འཁོར་ལོས་ཕུད་༥༩འདིའི་ཆ་གོང་འབྱུང་འདོད་དྲག་གིས་བསྒྱུར་འོག་བཅུག་༤༧༦༨༣༥དེ་ལྔས་བགོས་ནོར་༩༥༣༦༧ལྷག་མེད་རིམ་བརྩེགས་ཉིན་ལོངས་༥༩སོ། །སྒྲ་གཅན་ཚེས་ལོངས་༠གནས་གཉིས་གཅིག་གི་གནས་ཀུན་ཐུབ་རི་ཟླས་བསྒྱུར་བ། ༢༤༧༨འབྱུང་འདོད་དྲག་གིས་བགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ་༠རོས་བསྒྱུར་བ་༡༤༨༦༨དེ་བགོས་ནོར་༡ལྷག་༣༧༣༣མེ་མིག་གིས་བསྒྱུར་བཅུག་པ། ༨༧༩༨༧བགོས་ནོར་༧ལྷག་༡༠༠༣༨བཅས་རིམ་བརྩེགས་ཚེས་ལོངས་༠ཅིག་ཤོས་ལ་བྱིན་པ་༡༤དེ་ནི་ཉིན་ལོངས་སོ། །མིག་དམར་ཚེས་ལོངས་༠གནས་གཉིས་གཅིག་ཐུབ་རི་ཟླས་བསྒྱུར་བ་༣༥༤དེ་ཉིད་འབྱུང་འདོད་དྲག་གིས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག །༢༤༦༠༣བགོས་

p. 402

ནོར་༢ལྷག་༢༣༣༣དེ་རོས་བསྒྱུར་བཅུག་༡༤༡༧༥བགོས་ནོར་༡ལྷག་༣༠༤༠བུག་མིག་ལག་གིས་བསྒྱུར་བཅུག །༧༢༡༤༧༡བགོས་ནོར་༦༤ལྷག་༨༨རི་མཁའ་རིས་བསྒྱུར་བ་༦༢༤༣༥༡༧འོག་བཅུག་པ། ༦༢༦༩༠༠༥བགོས་ནོར་༥༦༣ལྷག་མེད་རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་འཁོར་ལོ་ཕུད་པ་དེ་ནི་ཉིན་ལོངས་༣སོ། །ལྷག་པའི་ཚེས་ལོངས་༡༨གནས་གཅིག་ཐུབ་རི་ཟླས་བསྒྱུར་བ་༣༡༨༦འབྱུང་འདོད་དྲག་གིས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག་༡༩༢༣༩༩ཐོབ་ནོར་༡༧དང་༣༡༠༤ལྷག་རོས་བསྒྱུར་བཅུག་པ། ༡༩༡༥༥བགོས་ནོར་༡ལྷག་༨༠༢༠རི་བུག་རི་ཀླུས་བསྒྱུར་བཅུག །༧༡༧༩༧༣༡༢བགོས་ནོར་༦༤༤༧ལྷག་༩༩༦༧རི་མཁའ་རིས་བསྒྱུར་བཅུག །༧༠༥༩༥༩༠ཐོབ་ནོར་༦༣༤ལྷག་མེད་རིམ་བརྩེགས་༡༧དེ་ཅིག་ཤོས་ལ་བྱིན་རང་འཁོར་གྱིས་བསྒྲིལ་བ་དེ་ནི་ཉིན་ལོངས་༡༨སོ། །ཕུར་བུའི་ཚེས་ལོངས་༢༢གནས་གཉིས་གཅིག་ཐུབ་རི་ཟླས་བསྒྱུར་བ་༣༨༩༤འབྱུང་འདོད་དྲག་གིས་བགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ། ༠རོས་བསྒྱུར་བཅུག །༢༣༣༦༤བགོས་ནོར་༢ལྷག་༡༠༩༤ལག་མིག་ཐུབ་པས་བསྒྱུར་བཅུག་པ། ༨༥༦༢༤༣བགོས་ནོར་༧༦ལྷག་༩༩༨༣རི་མཁའ་རིས་བསྒྱུར་བཅུག །༧༠༧༠༧༢༥བགོས་ནོར་༦༣༥ལྷག་མེད་རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་ཆ་༠འོག་རི་མཁའ་རིས་ཕུད་གོང་མར་བསྲེས་དེ་ཡང་མིག་གིས་བགོས་ནོར་༢༢༦ཆ་བཅས་ཉིན་ལོངས་༠སོ། །པ་སངས་ཚེས་ལོངས་༧གནས་གཉིས་གཅིག་ཐུབ་རི་ཟླས་བསྒྱུར་བ་༡༢༣༩འབྱུང་འདོད་དྲག་གིས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག་༧༥༢༢༥བགོས་ནོར་༦ལྷག་༨༤༡༥རོས་བསྒྱུར་བཅུག །༥༡༡༩༨བགོས་ནོར་༤ལྷག་༦༦༥༨བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག །༥༠༩༩༤༡༤བགོས་ནོར་༤༥༧ལྷག་མ་༡༠༧༡༩རི་མཁའ་རིས་བསྒྱུར་བཅུག །༧༥༨༢༩༥༣བགོས་ནོར་༦༨༡ལྷག་མེད་རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་འཁོར་ལོས་བསྒྲིལ་བ་༧དེ་ནི་ཉིན་ལོངས་སོ། །སྤེན་པའི་ཚེས་ལོངས་༠གནས་གཉིས་གཅིག་ཐུབ་རི་ཟླས་བསྒྱུར་བ་༡༤༡༦དེ་ཉིད་འབྱུང་འདོད་དྲག་གིས་བགོ་བར་སྐར་དབྱུག་

p. 403

སྲང་གསུམ་མ་ཐོབ་༠རོས་བསྒྱུར་བཅུག །༩༣༨༡བགོས་ནོར་༠མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག །༥༠༨༠༥༥༤༩བགོས་ནོར་༤༥༦༢ལྷག་༧༦༧༩རི་མཁའ་རིས་བསྒྱུར་བཅུག༤༥༦༧༢༨༥བགོས་ནོར་༤༩༡ལྷག་མེད་རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་འཁོར་ལོ་ཕུད་པ་དེ་ནི་ཉིན་ཞག་ཡུལ་ལོངས་༠འཆར་རོ། །རང་རང་ཁྱིམ་ལོངས་གནས་གཉིས་གཅིག །མིག་བསྒྱུར་རི་རོས་རིམ་ཐོབ་པ། །ཅིག་ཤོས་ལ་འཕྲི་ཚེས་ལོངས་ཏེ། །ཞེས་པས། ཉི་མའི་ཁྱིམ་ཞག་ཡུལ་གྱི་རྟག་ལོངས་༤གནས་གཉིས་བཞག་གཅིག་གི་གནས་ཀུན་མིག་གིས་བསྒྱུར་༨རི་རོས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག་༥༤༠ཐོབ་ནོར་༨ལྷག་༤རོས་བསྒྱུར་བཅུག །༢༤ཐོབ་ནོར་༠ལྷག་༢༤བཅས་རིམ་བརྩེགས། ༠དེས་ཅིག་ཤོས་ལ་ཕྲི་བ་༤དེ་ནི་ཉི་མའི་ཚེས་ཞག་ཡུལ་ལོངས་སོ། །ཟླ་བའི་ཁྱིམ་ལོངས་༦༠གནས་གཉིས་གཅིག་གི་གནས་ཐམས་ཅད་མིག་གིས་བསྒྱུར་བ་འདི་༡༢༠རི་རོས་བགོ་བར་སྐར་གནས་མ་ཐོབ་༠ཆུ་ཚོད་བགོས་ནོར་༡ལྷག་༥༣མཁའ་རོས་བསྒྱུར་བཅུག༣༡༩༨ནོར་༤༧ལྷག་༤༩རོས་བསྒྱུར་བཅུག །༣༠༢ནོར་༤ལྷག་༣༤བཅས་རིམ་བརྩེགས་༡དེས་ཅིག་ཤོག་ལ་ཕྲི་བ་༥༨ཚེས་ལོངས་སོ། །སྒྲ་གཅན་ཁྱིམ་ལོངས་༠གནས་གཉིས་གཅིག་གི་གནས་མིག་གིས་བསྒྱུར། ༠རི་རོས་འགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ་༠རོས་བསྒྱུར་བཅུག །༡༧༤བགོས་ནོར་༢ལྷག་༤༠མེ་མིག་གིས་བསྒྱུར་བཅུག །༩༢༤ནོར་༡༣ལྷག་༥༣མདའ་རོས་བསྒྱུར་བཅུག །༣༥༥༡བགོས་ནོར་༥༣ལྷག་མེད་རིམ་བརྩེགས་༠དེས་ཅིག་ཤོས་ལ་འཕྲི་ལྷག་༡༤ཚེས་ལོངས་སོ། །དམར་པོའི་ཁྱིམ་ལོངས་༢གནས་གཉིས་གཅིག་མིག་གིས་བསྒྱུར་བ་༤རི་རོས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག །༢༨༦ཐོབ་ནོར་༤ལྷག་༡༨རོས་བསྒྱུར་བཅུག་༡༡༤ནོར་༡ལྷག་༤༧བུག་མིག་ལག་གིས་བསྒྱུར་བཅུག །༡༠༩༡༧བགོས་ནོར་༡༦༢ལྷག་༦༣གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག །༥༨༡༧༦༡བགོས་ནོར་༨༦༨༣ལྷག་མེད་རིམ་བརྩེགས་༠དེས་ཅིག་ཤོས་ལ་ཕྲི་བ་༢ཆ་འོག་འདོད་པས་ཕུད་ནོར་༡༤༤རང་ཆ་བཅས་

p. 404

ཚེས་ལོངས་༢སོ། །ལྷག་པའི་ཁྱིམ་ལོངས་༡༨གནས་གཉིས་གཅིག་མིག་གིས་བསྒྱུར་བ། ༣༦རི་རོས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་ཆ་བཅུག །༢༢༤༢བགོས་ནོར་༣༣ལྷག་༣༡རོས་བསྒྱུར་བཅུག །༡༨༦ཐོབ་ནོར་༢ལྷག་༥༢རི་བུག་རི་ཀླུས་བསྒྱུར་བཅུག །༤༦༧༨༨༨ཐོབ་ནོར་༦༩༨༣ལྷག་༢༧གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག །༢༥༧༧༤༩ཐོབ་ནོར་༣༨༤༧ལྷག་མེད་རིམ་བརྩེགས་༣༣དེས་ཅིག་ཤོས་ལ་ཕྲི་བར་ཆ་འོག་འདོད་པས་བགོས་ནོར་བཅས་ཚེས་ལོངས་༡༨སོ། །ཕུར་བུའི་ཁྱིམ་ལོངས་༢༢གནས་གཉིས་གཅིག་གི་གནས་ཀུན་མིག་གིས་བསྒྱུར་བ། ༤༤རི་རོས་བགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ་༠རོས་བསྒྱུར་བཅུག་༢༧༢ཐོབ་ནོར་༤ལྷག་༤ལག་མིག་ཐུབ་པས་བསྒྱུར་བཅུག །༣༧༥༠བགོས་ནོར་༥༥ལྷག་གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག་༥༩༨༧༧༩བགོས་ནོར་ལྷག་མེད་རིམ་བརྩེགས་༠དེས་ཅིག་ཤོས་ལ་ཕྲི་ཆ་འོག་འདོད་པས་ཕུད་པ་དེ་ནི་ཚེས་ལོངས་༢༢སོ། །པ་སངས་ཁྱིམ་ལོངས་༧གནས་གཉིས་གཅིག་མིག་གིས་བསྒྱུར་བ། ༡༤རི་རོས་བགོ་བར་སྐར་དབྱུག་མ་ཐོབ་༠མཁའ་རོས་བསྒྱུར་བཅུག་༨༧༦ཐོབ་ནོར་༡༣ལྷག་༥རོས་བསྒྱུར་བཅུག་༤༠ཐོབ་ནོར་༠དེ་བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག༣༠༦༤༨བགོས་ནོར་༤༥༧ལྷག་༢༩གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག༢༧༥༤༣༧བགོས་ནོར་༤༡༡༡ལྷག་མེད་རྣམ་དག་རིམ་བརྩེགས། ༠དེས་ཅིག་ཤོས་ལ་འཕྲི་ཆ་འོག་འདོད་པས་ཕུད་པ་དེ་ནི་ཚེས་ལོངས་༧སོ། །སྤེན་པའི་ཁྱིམ་ལོངས་༠གནས་གཉིས་གཅིག་མིག་གིས་བསྒྱུར་བ། ༡༨རི་རོས་བགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ་༠རོས་བསྒྱུར་བཅུག །༡༠༨ཐོབ་ནོར་༡ལྷག་༤༡མེ་ཀླུ་མེ་འབྱུང་གིས་བསྒྱུར་བཅུག༢༣༡༠༧༧ཐོབ་ནོར་༣༤༤༨ལྷག་༦༡གཟུགས་བུག་གཟུགས་བུག་གིས་བསྒྱུར་བཅུག་པ། ༥༦༤༧༤༣ཐོབ་ནོར་༨༤༢༩ལྷག་མེད་རིམ་བརྩེགས་༠དེས་ཅིག་ཤོས་ལ་ཕྲི་ཆ་འོག་འདོད་པས་ཕུད་དེ་ཚེས་ལོངས་༠སོ། །སླར་ཡང་ཚེས་ལོངས་གནས་གཉིས་གཅིག །མིག་གིས་བསྒྱུར་ལ་མདའ་རོ་ཡིས། །ཐོབ་པ་ཅིག་ཤོས་ལ་བྱིན་པས། །རང་རང་ཁྱིམ་ཞག་ཡུལ་ལོངས་འཆར། །

p. 405

ཞེས་པས། ཉི་མའི་ཚེས་ཞག་ཡུལ་ལོངས་༠གནས་གཉིས་གཅིག་གི་གནས་ཀུན་མིག་གིས་བསྒྱུར་བ། ༨དེ་མདའ་རོས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག༥༢༢བགོས་ནོར་འདི་༨ལྷག་༢རོས་བསྒྱུར་བཅུག །༢༢ནོར་༠ལྷག་མ་རི་རོས་བསྒྱུར་བཅུག །༡༥༦༠བགོས་ནོར་༢༤ལྷག་མེད་རིམ་བརྩེགས། ༠དེ་ཅིག་ཤོས་ལ་བྱིན་འཁོར་ལོས་ཕུད་༤ཉི་མའི་ཁྱིམ་ཞག་ཡུལ་ལོངས་སོ། །ཟླ་བའི་ཚེས་ལོངས་༥༨གནས་གཉིས་གཅིག་མིག་གིས་བསྒྱུར་བ། ༡༡༦མདའ་རོས་བགོ་བར་སྐར་གནས་མ་ཐོབ། ༠ཆུ་ཚོད་ཐོབ་ནོར་༡ལྷག་༥༡མཁའ་རོས་བསྒྱུར་བཅུག་པ། ༣༡༠༢བགོས་ནོར་༤༧ལྷག་རོས་༤༧བསྒྱུར་བཅུག །༢༩༢ཐོབ་ནོར་༤ལྷག་༣༢རི་རོས་བསྒྱུར་བཅུག །༣༡༠༢བགོས་ནོར་༣༤ལྷག་བཅས་༢༠རིམ་བརྩེགས་༡དེ་ཅིག་ཤོས་ལ་བྱིན་ཆ་གོང་མདའ་རོས་བསྒྱུར་འོག་བསྲེས་རི་རོས་བགོས་ནོར་བཅས་ཁྱིམ་ལོངས་༦༠སོ། །སྒྲ་གཅན་ཚེས་ལོངས་༠གནས་གཉིས་གཅིག་མིག་གིས་བསྒྱུར་བ། ༠མདའ་རོས་བགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ། ༠རོས་བསྒྱུར་བཅུག་༡༦༨ཐོབ་ནོར་༢ལྷག་༣༨མེ་མིག་གིས་བསྒྱུར་བཅུག །༢༩༨བགོས་ནོར་༡༣ལྷག་བཅས་༥༣རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་ཏེ་ཚེས་ལོངས་༠སོ། །མིག་དམར་ཚེས་ལོངས་༢གནས་གཉིས་གཅིག་མིག་གིས་བསྒྱུར་བ་༤མདའ་རོས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག །༢༧༨བགོས་ནོར་༤ལྷག་༡༨རོས་བསྒྱུར་བཅུག །༡༡༠ཐོབ་ནོར་༡ལྷག་བུག་མིག་ལག་གིས་བསྒྱུར་བཅུག །༡༠༥༩༡ཐོབ་ནོར་༡༦༢ལྷག་༦༡རི་མཁའ་རིས་བསྒྱུར་བཅུག །༤༣༤༡༥ཐོབ་ནོར་༦༦༧ལྷག་༦༠བཅས་བརྩེགས་པ་༠དེ་ཅིག་ཤོས་ལ་བྱིན་ཆ་འོག་༡༠༤འདོད་པས་བསྒྱུར་ཆ་ལྷག་༦༠ལྔས་བགོས་ནོར་བསྲེས་པ་དེ་ནི་ཁྱིམ་ལོངས་༢སོ། །ལྷག་པའི་ཚེས་ལོངས་༡༨གནས་གཉིས་གཅིག་མིག་གིས་བསྒྱུར་བ་༣༦མདའ་རོས་བགོ་བར་སྐར་དབྱུག་མ་ཐོབ། ༠ལྷག་མཁའ་རོས་བསྒྱུར་བཅུག །༢༧༤བགོས་ནོར་༣༣ལྷག་༢༩རོས་བསྒྱུར་བཅུག །༡༨༠ཐོབ་ནོར་༢ལྷག་༥༠རི་བུག་རི་ཀླུས་བསྒྱུར་བཅུག །༥༤༣༩༢༢བགོས་ནོར་༦༩༨༣ལྷག་༢༧རི་མཁའ་

p. 406

རིས་བསྒྱུར་བཅུག །༡༩༢༣༥བགོས་ནོར་༢༩༥ལྷག་༦༠བཅས་རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་ཆ་འོག་འདོད་པས་བསྒྱུར་ལ་ལྷག་མ་ལྔས་བགོས་བསྲེས་པ་དེ་ནི་ཁྱིམ་ལོངས་༡༨སོ། །ཕུར་བུའི་ཚེས་ལོངས་༠གནས་གཉིས་གཅིག་མིག་གིས་བསྒྱུར་བ། ༤༤མདའ་རོས་བགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ། ༠རོས་བསྒྱུར་བཅུག་༢༦༤བགོས་ནོར་༤ལྷག་༤ལག་མིག་ཐུབ་པས་བསྒྱུར་བཅུག །༣༦༣༨ཐོབ་ནོར་༥༥ལྷག་༦༣རི་མཁའ་རིས་བསྒྱུར་བཅུག །༤༤༦༨༥བགོས་ནོར་༦༨༧ལྷག་༣༠བཅས་རིམ་བརྩེགས། ༠དེ་ཅིག་ཤོས་ལ་བྱིན་ཆ་ལྷག་བསྒྱུར་བགོད་གོང་བཞིན་བྱས་ཏེ་ཁྱིམ་ལོངས་༠སོ། །པ་སངས་ཀྱི་ཚེས་ལོངས་༠གནས་གཉིས་གཅིག་མིག་གིས་བསྒྱུར་བ། ༡༤མདའ་རོས་བགོ་བར་སྐར་དབྱུག་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག །༨༥༠ཐོབ་ནོར་༡༣ལྷག་༥རོས་བསྒྱུར་བཅུག །༣༨བགོས་ནོར་༠ལྷག་མ་༣༨བུག་མཚོ་ཐུབ་ཀྱིས་བསྒྱུར་བཅུག །༢༩༧༣༤བགོས་ནོར་༤༥༧ལྷག་༨༩རི་མཁའ་རིས་བསྒྱུར་བཅུག །༢༠༥༥༥ཐོབ་ནོར་༣༡༦ལྷག་༡༥བཅས་རིམ་བརྩེགས་༡༣དེ་ཅིག་ཤོས་ལ་བྱིན་ཆ་ལྷག་བསྒྱུར་བགོད་གོང་བཞིན་བྱས་ཏེ་ཁྱིམ་ལོངས་༧སོ། །སྤེན་པའི་ཚེས་ལོངས་༠གནས་གཉིས་གཅིག་མིག་གིས་བསྒྱུར་བ། ༠མདའ་རོས་བགོ་བར་སྐར་དབྱུག་སྲང་གསུམ་མ་ཐོབ། ༠རོས་བསྒྱུར་བཅུག །༡༠༦བགོས་ནོར་༡ལྷག་༤༡མིག་ཀླུ་མེ་འབྱུང་གིས་བསྒྱུར་བསྲེས། ༢༢༤༡༧༩ཐོབ་ནོར་༣༤༤༨ལྷག་༥༩རི་མཁའ་རིས་བསྒྱུར་བཅུག །༤༢༡༤༥ཐོབ་ནོར་༦༤༨ལྷག་༢༥བཅས་རིམ་བརྩེགས་༠དེ་ཅིག་ཤོས་ལ་བྱིན་ཏེ་ཆ་ལྷག་བསྒྱུར་བགོད་སྔར་བཞིན་བྱས་པས་ཁྱིམ་ལོངས་༠འཆར་རོ། །གཞན་ཡང་ཞག་མ་ལོངས་པའི་ལྷག །དོར་ནས་རྟག་ལོངས་འཚོལ་ཚུལ་ཀྱང་། །ཞག་གསུམ་ཡུལ་དུས་ལོངས་སྤྱོད་རྣམས། །རང་རང་དཀྱིལ་འཁོར་གང་ཡིན་ཆར། །གཏུབ་པའི་ཆ་དེས་དཀྱིལ་འཁོར་གྱི། །རྗེས་འབྲངས་གང་ཡོད་བསྒྱུར་བྱས་ནས། །རང་རང་འཁོར་ལོས་སྟེང་བསྒྲིལ་བས། །དུས་ལོངས་འཚོལ་ཚེ་ཉིན་དཀྱིལ་གྱི། །ཞག་ལྷག་དབྱུག་གུར་གསིལ་བར་སྦྱངས། །ཡུལ་ལོངས་འཚོལ་ཚེ་རྒྱུ་སྐར་གྱི། །ཆུ་ཚོད་ལ་སྦྱངས་དེ་གཉིས་ཀར། །རང་

p. 407

རང་དཀྱིལ་འཁོར་ཞག་གནས་ཀྱིས། །རིམ་ཐོབ་ཡུལ་དུས་རྟག་ལོངས་སྟོན། །ཞེས་པས། ཉི་མའི་ཉིན་ཞག་ཡུལ་ལོངས་༤རང་གི་དཀྱིལ་འཁོར་མིག་ཀླུ་མེ་སྐྱོན་གྱི་ཆར་གཏུབས་པ་ཆུ་ཚོད་མ་ཐོབ། ༠མཁའ་རོས་བསྒྱུར་བཅུག །༢༦༦བགོས་ནོར་༠ལྷག་རོས་བསྒྱུར་བཅུག༡༥༩༦བགོས་ནོར་༠ལྷག་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བཅུག །༢༣༨༢༣༠༧༢༠བགོས་ནོར་༡༢༩༦༠ལྷག་མེད་རིམ་བརྩེགས་༠དེ་ཉི་མའི་ཉིན་ཞག་དཀྱིལ་འཁོར་གྱི་རྗེས་འབྲངས་ཀྱིས་༤༩༧༥བསྒྱུར་བ། ༦༤༤༧༦༠༠༠བུག་སོགས་ཀྱིས་བསྒྲིལ་ནོར་༤༣༢ལྷག་༡༧༧༡༢ནོར་དེ་དུས་ཀྱིས་ཐོབ་ནོར་༧༣ལྷག་༠ཡང་ནོར་མཁའ་རོས་བགོས་ལྷག་༡༢ནོར་༡བཅས་ཆུ་ཚོད་རྗེས་འབྲངས་རིམ་བརྩེགས་༡དེས་རྒྱུ་སྐར་ཆུ་ཚོད་༡༦༢༠ལ་སྦྱངས་པའི་ལྷག་༡༦༡༨དེ་རང་གི་ཉིན་ཞག་དཀྱིལ་འཁོར་༣༦༥དེ་ཡིས་བགོ་བར་སྐར་གནས་ཐིག་ཆུ་ཚོད་༤ལྷག་༡༥༨མཁའ་རོས་བསྒྱུར་བཅུག་ཐོབ་ནོར་༢༦ལྷག་༣༧རོས་བསྒྱུར་བཅུག་བགོས་ནོར་༠ལྷག་༢༢༧བུག་སོགས་ཀྱིས་བསྒྱུར་བཅུག །༣༤༠༠༡༩༤༠མདའ་དུས་མེས་བགོས་ནོར་༩༣༡༥༦ལྷག་མེད་རིམ་བརྩེགས་ཉིན་ཞག་རྟག་ལོངས་༤སོ། །ཉིན་ཞག་དུས་ལོངས་འཚོལ་ཚེ་ཉིན་ཞག་དུས་ཀྱི་རྟགས་ལོངས་༦༠དེ་མཁའ་རོ་དུས་འདོད་རི་མཁའ་རི་རྣམས་ཀྱིས་སྐབས་བབས་སོ་སོར་རིམ་པར་བསྒྱུར་ཏེ་མིག་ཀླུ་མེ་སྐྱོན་གྱིས་བགོས་ནོར་༠དེ་ཉིན་དཀྱིལ་གྱི་མིག་ཀླུ་མེ་སྐྱོན་གྱི་ཆ་༤༩༧༥དེས་བསྒྱུར་ནས་རི་མཁའ་རི་འདོད་དུས་མཁའ་རོ་སོགས་ཀྱིས་འཁོར་ལོས་བསྒྲིལ་བ་༡༦དེས་ཉིན་དཀྱིལ་གནས་དྲུག་མའི་ཞག་གནས་༣༦༥མཁའ་རོས་བསྒྱུར་ཆུ་ཚོད་བཅུག་པར་༢༡༩༡༦དེ་ལ་སྦྱངས་ལྷག་༢༡༩༠༠དེ་ཉིན་ཞག་གི་བགོས་པས་དག །༦༠ཚེས་ཞག་ཡུལ་ལོངས་༤དེ་འདོད་པས་བགོས་ནོར་རིམ་བརྩེགས་༠དེ་ཟླས་བསྒྱུར་བས་རྒྱུ་སྐར་ཆུ་ཚོད་ལ་༡༦༢༠སྦྱངས་བར་ཆུ་ཚོད་ནས་གཅིག་ཕབ་རིམ་པར་སྦྱངས་ལྷག་༡༦༡༩དེ་ཉི་མའི་ཚེས་དཀྱིལ་ཞག་གནས་༣༧༡ཀྱིས་བགོ་ཞིང་ཆུ་སྲང་མན་མཁའ་རོ་དུས་རི་རོ་རྣམས་ཀྱིས་རིམ་པར་བསྒྱུར་ཞིང་སོ་སོའི་ཆ་བཅུག་གྱིན་བགོས་པའི་རྣམ་དག་ནོར་༤ཚེས་ཞག་ཡུལ་ལོངས་སོ། །དུས་ལོངས་༥༩དེ་འདོད་

p. 408

པས་གསིལ་བའི་དབུགས་ཡན་གྱི་ནོར་དང་ལྷག་༧འདོད་པས་མ་བགོས་པ་དང་ཆ་བཅུ་དྲུག་ཡོད་པ་རིམ་བརྩེགས་༤དེས་ཉིན་དཀྱིལ་དབྱུག་གསིལ་གནས་དྲུག་མ་གོང་གསལ་ལ་སྦྱངས་ལྷག་༢༡༩༡༡དེ་ཚེས་དཀྱིལ་ཞག་གནས་༣༧༡ཀྱིས་རིམ་པར་བགོས་ནོར་དང་གནས་འོག་མ་འདོད་པས་ཕུད་གོང་མར་བསྲེས་པས་དག །༥༩ཁྱིམ་ཞག་ཡུལ་ལོངས་ནི་རྟག་ལོངས་འཚོལ་བ་གོང་སོང་ལས་ཁྱད་ཆེར་མེད། དུས་ལོངས་འཚོལ་སྐབས་ཁྱིམ་དཀྱིལ་༣༦༠གྱིས་ཉིན་དཀྱིལ་དབྱུག་གསིལ་གནས་དྲུག་མར་རིམ་པར་བགོ་བར་ཆ་གོང་འདོད་པ་དང་འོག་མ་རི་མཁའ་རི་བཅས་བགོས་ནོར་༦༠དེའི་ཆ་གོང་མ་རི་མཁའ་རིས་བསྒྱུར་འོག་བཅུག་འདོད་པས་བགོས་ནོར་༦༠ཆ་འོག་མདའ་རོས་བསྒྱུར་འདོད་པས་བགོས་ནོར་༥༠བཅས་ཁྱིམ་ཞག་དུས་ལོངས་རྣམ་དག །ཟླ་བའི་ཚེས་ཞག་ཡུལ་ལོངས་༥༨འདིའི་དཀྱིལ་འཁོར་གྱི་ཆ་བུག་རོ་ཀླུས་བགོས་ནོར་༠དེ་རི་མདའ་དུས་ཀྱིས་བསྒྱུར་རི་རོ་སོགས་འཁོར་ལོས་བསྒྲིལ་བར་༤༤དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་ལྷག་ལ་ཟླ་བའི་ཚེས་དཀྱིལ་ཞག་གནས་༢༧ཀྱིས་བགོས་པས་དག །༥༨དུས་ལོངས་འཚོལ་སྐབས་༥༩དེ་བུག་རོ་ཀླུ་ཆར་གསིལ་བར་རི་མཁའ་རིའི་ལྷག་དེ་བུག་རོ་ཀླུ་ཆ་བཅས་༠གནས་ཀུན་རི་མདའ་རོས་བསྒྱུར་བུག་རོ་ཀླུ་རི་སོགས་འཁོར་ལོས་བསྒྲིལ་བར་༤༤དེས་ཟླ་བའི་ཉིན་དཀྱིལ་གྱི་ཞག་གནས་༢༧མཁའ་རོས་བསྒྱུར་བར་༡༦༢༠ཞག་གི་ཆ་༣༩༥༣༤༣མཁའ་རོ་མཁའ་རོ་དུས་དང་རི་མཁའ་རིས་བསྒྱུར་བཞིན་དུ་དུས་དུས་རི་ཀླུ་མིག་ཉིས་བགོ་ཞིང་ལྷག་མ་༩༠༩༢༠༢དེ་མ་ནུ་མ་ནུས་བགོས་ནོར་རྣམས་བརྩེགས་པ་༡༩བྱུང་བ་ཞག་གི་ཆུ་ཚོད་གོང་གསལ་༡༠༢༦དང་བསྲེས་པ་༡༦༣༩དེ་ལ་སྦྱངས་ལྷག་༡༥༩༤དེ་ཟླ་བའི་ཚེས་དཀྱིལ་ཞག་གནས་༢༧ཀྱིས་བགོས་པས་ཚེས་ཞག་དུས་ལོངས་༥༩སོ། །ཆ་ལྷག་མ་ནུ་མ་ནུས་བགོས་པའི་རྒྱུ་མཚན་དུས་དུས་རི་ཀླུ་མིག་ཉི། བུག་རོ་ཀླུས་བགོས་ན་འཆར་བ་ཡིན་ནོ། །ཁྱིམ་ཞག་ཡུལ་ལོངས་༦༠བུག་རོ་ཀླུ་ཆར་གསིལ་བ། ༠དེ་ཁྱིམ་དཀྱིལ་ཞག་ལྷག་༨༠༦གིས་བསྒྱུར་མདའ་རོ་སོགས་འཁོར་ལོས་བསྒྲིལ་བར་༥༥དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་ལྷག་རྣམས་ཞག་གནས་

p. 409

༢༡ཀྱིས་བགོས་པས་རྣམ་དག་གོ། དུས་ལོངས་༦༠བུག་རོ་ཀླུ་ཆར་གསིལ་བར་ཆ་༩༡༩༡གོང་དང་། ལྷག་མ་བུག་རོ་ཀླུ་ཆ་༠བཅས་དེ་ཞག་ལྷག་༨༦༠གིས་བསྒྱུར་ཏེ་བུག་རོ་ཀླུ་དང་གཟུགས་བུག་སོགས་འཁོར་ལོས་བསྒྲིལ་བ་༥༦དེས་རང་གི་ཞག་གི་ཆ་༣༩༥༣༤༣དེ་མཁའ་རོ་མཁའ་རོ་དུས་དང་གཟུགས་བུག་གཟུགས་བུག་གིས་བསྒྱུར་བཞིན་དུ་དུས་དུས་རི་ཀླུ་མིག་ཉིས་བགོད་ཅིང་། ལྷག་མ་ནུ་མ་ནུས་བགོས་ནོར་རྣམས་བརྩེགས་པ་དེ་ལ་རྒྱུ་སྐར་ཆུ་ཚོད་བསྲེས་པ་༡༦༣༩དེ་ལ་སྦྱངས་ལྷག་༡༥༨༢དེ་ཁྱིམ་དཀྱིལ་ཞག་གནས་༢༦ཀྱིས་བགོས་པས་དག །༦༠ཉིན་ཞག་ཡུལ་ལོངས་༥༩དེའི་ཆ་བུག་སོགས་བྱས་ཏེ་དུས་དུས་སོགས་སུ་གསིལ་བ། ༠དེ་ཞག་ལྷག་༣༩༥༣༤༣གིས་བསྒྱུར་བུག་སོགས་འཁོར་ལོས་བསྒྲིལ་བ། ༡༩དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱང་ལྷག་༡༦༠༠དེ་ཉིན་ཞག་འཁོར་ལོས་༢༧བགོས་ནོར་བརྩེགས་པས་དུས་ལོངས་༦༠དེ་མཁའ་རོ་དུས་དང་བུག་མཁའ་མིག་བུག་ཡིད་ཀྱིས་བར་གསིལ་བ་༣༢༢༢༩༡༤༤༠༠དེ་དུས་དུས་རི་ཀླུ་མིག་ཉིས་བགོས་ནོར་། ༠གནས་གཉིས་ཀ་ཞག་ལྷག་༣༩༥༣༤༣གིས་བསྒྱུར་བ་༡༠༣༦༥༨༩༣༤༦འོག་མ་དུས་དུས་རི་ཀླུ་མིག་གཉིས་བགོས་ལྷག་༨༨༠༠༥༠ཐོབ་ནོར་འདི་༣༥༠༦༧༩དེ་གོང་མར་བསྲེས་པ་༡༠༣༦༩༤༠༠༢༥དེ་བུག་མཁའ་མིག་བུག་ཡིད་ཀྱིས་བགོས་ལྷག་༨༦༦༨༤ནོར་༦༩༤༩དེ་དུས་དང་མཁའ་རོས་བསྒྲིལ་བ་རིམ་བརྩེགས་༡༩དེས་ཟླ་བའི་ཞག་གི་ཆ་༣༩༥༣༤༣མཁའ་རོ་མཁའ་རོ་དུས་དང་བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར་བཞིན་དུ་དུས་དུས་རི་ཀླུ་མིག་ཉིས་བགོད་ཅིང་ལྷག་དེ་ག་བཅས་བརྩེགས་པ་དེ་ལ་རྒྱུ་སྐར་ཆུ་ཚོད་བསྲེས་པ་༡༦༣༩དེ་ལ་སྦྱངས་ལྷག་༡༦༢༠དེ་ཞག་གནས་༢༧ཀྱིས་བགོས་པས་དག །༦༠སྒྲ་གཅན་ཚེས་ཞག་དཀྱིལ་འཁོར་ལ་ཞག་ལྷག་མེད་པས་ཡུལ་གྱི་རྟག་ལོངས་བསྒྲུབ་པ་གོང་སོང་ལས་མིག་གསལ་མེད། དུས་ལོངས་འཚོལ་སྐབས་ཚེས་དཀྱིལ་༦༩༠༠གྱིས་ཉིན་དཀྱིལ་ཞག་གནས་༦༧༩༢མཁའ་རོས་བསྒྱུར་བ་༤༠༧༥༢༠ལ་ཞག་ལྷག་༩༩མཁའ་རོ་མཁའ་རོ་དུས་དང་༧༠༧ཆས་རིམ་བསྒྱུར་ཀླུ་ལག་ཀླུ་ལག་གིས་བགོད་པའམ་ཡང་ན་དབུགས་ལྷག་དེ་བཞིས་བགོས་བསྲེས་

p. 410

པ། ༤༠༧༥༢༢དེ་ཚེས་དཀྱིལ་གོང་གསལ་༦༩༠༠གྱིས་བགོས་པས་དག །༥༩ཁྱིམ་ཞག་ཡུལ་ལོངས་༠དེ་རི་རོའི་ཆར་གསིལ་བར་ཆ་༢༣གོང་དང་ཆ་༦༥འོག་བྱས་པར་དེ་༠མིག་གིས་བསྒྱུར་བ་འོག་མ་མདའ་རོས་བགོས་པ་སྟེང་མར་བསྲེས་པ་༠དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་ལྷག་༡༦༡༩དེ་རང་གི་ཞག་གནས་༦༦༩༤ཀྱིས་བགོས་པས་དག །༠དུས་ལོངས་༦༠དེ་རི་རོའི་ཆར་གསིལ་བར་༩༡༩༡ཆ་བྱས་པར་༠དེ་ཞག་ལྷག་མིག་གིས་བསྒྱུར་བ་༠དེས་རང་གི་ཉིན་དཀྱིལ་དབྱུག་གསིལ་གྱི་ཆ་དེ་འདོད་པས་བསྒྱུར་བ་༤༠༧༥༢༢དེ་ལ་སྦྱངས་ལྷག་༤༠༧༥༢༠དེ་ཞག་གནས་༦༦༩༤བགོས་པས་དག །ཡུལ་ལོངས་༠དེའི་ཆ་༢༣གོང་དང་ཆ་༡༡༡༣༥འོག་བཅས་ཀླུ་ལག་ཀླུ་ལག་གི་ཆར་གསིལ་བ་༠དེ་ཞག་ལྷག་༩༩གིས་བསྒྱུར་འཁོར་ལོས་བསྒྲིལ་བ་༠དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་ལྷག་༡༦༡༩དེ་རང་གི་ཞག་གནས་༦༧༩༢ཀྱིས་བགོས་པས་དག་༠ཉིན་ཞག་དུས་ལོངས་འཚོལ་བར་༦༠དེའི་ཆ་༧༠༧བཅས་ཀླུ་ལག་ཀླུ་ལག་གི་ཆར་གསིལ་བར་༠དེ་ཞག་ལྷག་༩༩གིས་བསྒྱུར་བ། ༢དེས་རང་གི་ཉིན་དཀྱིལ་དབྱུག་གསིལ་གོང་གསལ་ལ་སྦྱངས་ལྷག་༤༠༧༥༢༠དེ་རང་ཞག་གིས་༦༧༩༢བགོས་པས་རྣམ་དག་༦༠མིག་དམར་ཉིན་ཞག་དཀྱིལ་འཁོར་ལ་རྗེས་འབྲང་མེད་པས་ཡུལ་ལོངས་འཚོལ་བ་གོང་སོང་ལས་དམིགས་བསལ་མེད། དུས་ལོངས་འཚོལ་ན་རང་གི་ཉིན་དཀྱིལ་༦༨༧མཁའ་རོས་བསྒྱུར་བ། ༤༡༢༢༠དེ་ཉིན་དཀྱིལ་གྱིས་བགོས་པས་དག །༦༠། ཁྱིམ་ཞག་ཡུལ་ལོངས་༠བུག་སོགས་ཀྱིས་རིམ་པར་བགོས་ནོར་༠ཆ་ལྷག་གཟུགས་བུག་གཟུགས་བུག་གིས་བསྒྱུར་བ། ༤༤༡༥༠༩༤༣༡དེ་བུག་སོགས་ཀྱིས་ཐོབ་ནོར་༠དེ་བུག་རི་བུག་ཉིས་བསྒྱུར་ཏེ་གཟུགས་བུག་སོགས་འཁོར་ལོས་བསྒྲིལ་བ་༠དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་ལྷག་༡༦༡༩དེ་ཁྱིམ་དཀྱིལ་ཞག་གནས་༦༧༧འདིས་བགོས་པས་དག །དུས་ལོངས་འཚོལ་ན་༦༠དེ་མཁའ་རོ་དུས་དང་༩༡༩༡ཆས་བསྒྱུར་བུག་སོགས་ཆར་གསིལ་བ། ༠དེ་བུག་རི་བུག་ཉིས་བསྒྱུར་འཁོར་ལོར་བསྒྲིལ་བ། ༥དེས་རང་གི་ཉིན་དཀྱིལ་༦༨༧མཁའ་རོས་བསྒྱུར་བ་༤༡༢༢༠དེར་སྦྱངས་ལྷག་༤༡༢༡༤དེ་རང་

p. 411

གི་ཁྱིམ་ཞག་༦༧༧བགོས་པས་དག །ཚེས་ཞག་ཡུལ་ལོངས་༠དེའི་ཆ་བུག་མིག་ལག་དང་རི་མཁའ་རི་བཅས་འབྱུང་འདོད་དྲག་ཆར་གསིལ་བ། ༠དེ་ཞག་ལྷག་༡༠༢༤༩གིས་བསྒྱུར་འཁོར་ལོས་བསྒྲིལ་བ། ༢དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་པར་༡༦༡༧དེ་ལ་ཚེས་ཞག་གིས་༦༧༦བགོས་པས་དག །དུས་ལོངས་༠དེ་མཁའ་རོ་དུས་རི་མཁའ་རི་སོགས་རིམ་པར་བསྒྱུར་འབྱུང་འདོད་དྲག་ཆར་གསིལ་བ། ༠དེ་བུག་རྒྱལ་ཕྱོགས་ཀྱིས་བསྒྱུར་འཁོར་ལོས་བསྒྲིལ་བ་༥༤དེས་རང་གི་ཉིན་དཀྱིལ་དབྱུག་གསིལ་༤༡༢༢༠སྦྱངས་ལྷག །༤༡༡༦༥དེ་ཞག་གནས་༦༩༧ཀྱིས་བགོས་པས་དག །ཕུར་བུའི་ཉིན་ཞག་ཡུལ་ལོངས་རྟགས་ལོངས་འཚོལ་བ་ལས་བྱ་ལྷག་མེད་དུས་ལོངས་རང་གི་ཉིན་དཀྱིལ་༤༣༣༢མཁའ་རོས་བསྒྱུར་བ་༢༥༩༩༢༠དེ་ཉིན་དཀྱིལ་༤༣༣༢གྱིས་བགོས་པས་དག །༦༠ཁྱིམ་ཞག་ཡུལ་ལོངས་༠དེའི་ཆ་༧༢༢གོང་དང་༩༡༩༡འོག་བཅས་བུག་སོགས་སུ་གསིལ་བ། ༠དེ་ཞག་ལྷག་༧༣༣༧༡གིས་བསྒྱུར་འཁོར་ལོས་བསྒྲིལ་བ་༠དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་པའི་ལྷག་༡༦༡༩དེ་ཞག་༤༢༦༩གིས་བགོས་པས་དག །དུས་ལོངས་༦༠ཆ་༩༡༩༡བཅས་བུག་སོགས་ཆར་གསིལ་བ། ༠དེ་ཞག་ལྷག་༧༣༣༧༡གིས་བསྒྱུར་བ་འཁོར་བསྒྲིལ་༢༩དེས་རང་གི་ཉིན་དཀྱིལ་མཁའ་རོས་བསྒྱུར་བ་༢༥༩༩༢༠དེ་ལ་སྦྱངས་ལྷག་༢༥༩༨༩༠དེ་རང་ཞག་༤༢༦༩གིས་བགོས་པས་དག །ཚེས་ཞག་ཡུལ་ལོངས་༠དེ་འབྱུང་འདོད་དྲག་ཆར་གསིལ་བར་ཆ་༧༢༢གོང་དང་ཆ་༧༠༧འོག་བྱས་པ་རིམ་བསྒྱུར་བགོས་པ་༠དེ་ཞག་ལྷག་༩༥༨༤གིས་བསྒྱུར་འཁོར་ལོས་བསྒྲིལ་བ་༡༩དེས་ཉིན་དཀྱིལ་དབྱུག་གསིལ་གོང་བཞིན་ལ་སྦྱངས་ལྷག་༡༦༡༩དེ་རང་གི་ཞག་གནས་༤༤༠༠ཀྱིས་བགོས་པས་རྣམ་དག་དུས་ལོངས་༥༩འབྱུང་འདོད་དྲག་ཆར་གསིལ་བ། ༠དེ་ཞག་ལྷག་༩༥༨༤གིས་བསྒྱུར། འཁོར་ལོས་བསྒྲིལ་བ་༥༠དེས་ཉིན་དཀྱིལ་དབྱུག་གསིལ་གོང་བཞིན་ལ་སྦྱངས་ལྷག་༢༥༩༨༦༩དེ་ཚེས་དཀྱིལ་ཞག་གནས་༤༤༠༠ཀྱིས་བགོས་པས་རྣམ་དག །སྤེན་པའི་ཉིན་ཞག་ཡུལ་ལོངས་བྱ་བ་ལྷག་པོ་མེད། དུས་ལོངས་འཚོལ་ཚེ་རང་གི་ཉིན་དཀྱིལ་༡༠༧༦༦མཁའ་རོས་བསྒྱུར་བ་

p. 412

༦༤༥༩༦༠དེ་རང་ཞག་༡༠༧༦༦གིས་བགོས་པས་དག །ཁྱིམ་ཞག་ཡུལ་ལོངས་༠དེའི་ཆ་༥༣༨༣གོང་དང་ཆ་༩༡༩༡འོག་བྱས་བུག་སོགས་ཆར་གསིལ་བ། ༠དེ་ཁྱིམ་དཀྱིལ་ཞག་ལྷག་༩༧༤༠༦གིས་བསྒྱུར་འཁོར་ལོས་བསྒྲིལ་བ་༠དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་ལྷག་༡༦༡༩དེ་ཁྱིམ་དཀྱིལ་ཞག་གནས་༡༠༦༡༠ཀྱིས་བགོས་པས་དག །དུས་ལོངས་༦༠དེའི་ཆ་༩༡༩༡བཅས་བུག་སོགས་ཆར་གསིལ་བ། ༠དེ་ཞག་ལྷག་༩༧༤༠༦གིས་བསྒྱུར་འཁོར་ལོས་བསྒྲིལ་བ་༣༩དེས་རང་གི་ཉིན་དཀྱིལ་དབྱུག་གསིལ་གོང་གསལ་ལ་སྦྱངས་ལྷག་༦༤༥༩༢༠དེ་ཞག་༡༠༦༡༠གིས་བགོས་པས་དག །ཚེས་ཞག་ཡུལ་ལོངས། ༠དེའི་ཆ་༥༣༨༣གོང་༧༠༧འོག་བྱས་འབྱུང་འདོད་དྲག་ཆར་གསིལ་བ། ༠དེ་ཚེས་དཀྱིལ་ཞག་ལྷག་༡༣༩༧གིས་བསྒྱུར་འཁོར་ལོས་བསྒྲིལ་བ། ༠དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་པའི་ལྷག་༡༦༡༩དེ་ཚེས་དཀྱིལ་༡༠༩༣༧གྱིས་བགོས་པས་དག །དུས་ལོངས་༥༩དེ་འབྱུང་འདོད་དྲག་ཆར་གསིལ་བ་༠དེ་ཚེས་དཀྱིལ་ཞག་ལྷག་༡༤༩༧གིས་བསྒྱུར་འཁོར་ལོས་བསྒྲིལ་བ། ༠དེས་ཉིན་དཀྱིལ་དབྱུག་གསིལ་༦༤༥༩༦༠ལ་སྦྱངས་ལྷག་༦༤༥༩༥༢ཞག་གནས་༡༠༩༣༧ཀྱིས་བགོས་པས་དག །ལྷག་པའི་ཉིན་ཞག་ཡུལ་ལོངས་རྟག་ལོངས་འཚོལ་བ་དང་ཁྱད་མེད། དུས་ལོངས་འཚོལ་ན་༦༠དེ་བརྒྱས་ཕྱེ་ནོར་༣༦དེ་རི་བུག་གིས་བསྒྱུར་མཁའ་རོས་བསྒྲིལ་བ་༥༨དེས་ཉིན་༨༧ཞག་མཁའ་རོས་བསྒྱུར་བར་༥༢༢༠བརྒྱ་ཆ་༩༧མཁའ་རོ་མཁའ་རོས་རིམ་པར་བསྒྱུར་བརྒྱས་ཕྱེ་ནོར་༥༨དེ་གཉིས་བསྲེས་པ་༥༢༧༨དེ་ལ་སྦྱངས་ལྷག་༥༢༢༠དེ་རང་ཞག་༨༧གིས་བགོས་པས་དག །ཁྱིམ་ཞག་བརྒྱ་ཆའི་ཡུལ་ལོངས་༡༨དེའི་ཆ་༨༧༩༧གོང་༩༡༩༡འོག་བྱས་བརྒྱས་བགོས་ནོར་༡༡དེ་གནས་གཉིས་བཀོད་པའི་གཅིག་བརྒྱ་ཆས་༧༠བསྒྱུར། གཅིག་བུག་སོགས་སུ་གསིལ་བ་༠དེ་ཞག་ལྷག་༩༦༠༢གིས་བསྒྱུར་བ་གཉིས་བསྲེས་རང་འཁོར་གྱིས་བསྒྲིལ་བ། ༡༣དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་པའི་ལྷག །༡༦༠༦དེ་ཞག་༨༦གིས་བགོས་པས་དག་དུས་ལོངས་༦༠དེའི་ཆ་༩༡༩༡བྱས་བརྒྱས་ཕྱེ་ནོར་དང་ལྷག་རིམ་བརྩེགས། ༣༦དེ་གནས་གཉིས་གཅིག་བརྒྱ་

p. 413

ཆས་༧༠བསྒྱུར་ཞིང་གཅིག་ཆ་༩༡༩༡གོང་༡༠༠འོག་བྱས་བུག་སོགས་ཆར་གསིལ་བ། ༠དེ་ཞག་ལྷག་༩༦༠༢གིས་བསྒྱུར་བ་གཉིས་བསྲེས་ཤིང་འོག་ནས་བརྒྱ་དང་གཟུགས་བུག་སོགས་རང་འཁོར་གྱིས་བསྒྲིལ་བ། ༤༢དེས་རང་གི་ཉིན་དཀྱིལ་དབྱུག་གསིལ་༥༢༧༨གོང་གསལ་ལ་སྦྱངས་ལྷག །༥༢༣༥དེ་ཞག་གནས་༨༦ཀྱིས་བགོས་པས་དག །ཚེས་ཞག་བརྒྱ་ཆའི་ཡུལ་ལོངས་༡༨དེའི་ཆ་༨༧༩༧གོང་༧༠༧འོག་བྱས་བརྒྱས་ཕྱེ་ནོར་༡༠དེ་གནས་གཉིས་གཅིག་དུས་མེས་བསྒྱུར་ཞིང་། གཅིག་འབྱུང་སོགས་ཀྱིས་ཐོབ་ནོར་༠དེ་མཚོ་མཁའ་མེ་བུག་གིས་བསྒྱུར་བ་གཉིས་བསྲེས་ཏེ་རང་འཁོར་གྱིས་བསྒྲིལ་བ། ༦དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་ལྷག །༡༦༡༣དེ་ཚེས་ཞག་༨༩གིས་བགོས་པས་དག །དུས་ལོངས་༥༩དེའི་ཆ་༧༠༧བྱས་བརྒྱས་ཕྱེ་ནོར་དང་ལྷག་བརྩེགས་པ་༣༥དེ་གནས་གཉིས་བཀོད་གཅིག །དུས་མེས་བསྒྱུར་ཞིང་། གཅིག་ཆ་༧༠༧གོང་༡༠༠འོག་བྱས་འབྱུང་འདོད་དྲག་པོས་བགོས་ནོར་༠དེ་མཚོ་མཁའ་མེ་བུག་གིས་བསྒྱུར་བ་གཉིས་བསྲེས་འོག་ནས་བརྒྱ་དང་རི་མཁའ་རི་སོགས་ཀྱིས་བསྒྲིལ་བ། ༢༡དེས་ལྷག་པའི་བརྒྱ་ཆ་༩༧མཁའ་རོ་མཁའ་རོས་རིམ་བསྒྱུར་བརྒྱས་ཕྱེ་ནོར་༥༨ཉིན་ཞག་དཀྱིལ་འཁོར་རི་ཀླུ་མཁའ་རོས་བསྒྱུར་བ་༥༢༢༠དེ་ལ་གོང་གི་ཆུ་ཚོད་རྗེས་འབྲངས་བསྲེས་པ། ༥༢༧༨དེ་ལ་སྦྱངས་ལྷག་༥༢༥༦དེ་ཚེས་ཞག་༨༩གིས་བགོས་པས་རྣམ་དག །པ་སངས་ཉིན་ཞག་ཡུལ་ལོངས་བྱ་ལྷག་མེད། དུས་ལོངས་༦༠དེ་བཅུས་ཕྱེ་ནོར། ༠དེ་བཅུ་ཆས་༧བསྒྱུར་འཁོར་ལོས་བསྒྲིལ་བ་༤༢དེས་ཉིན་དཀྱིལ་༢༢༤མཁའ་རོས་བསྒྱུར་བ་༡༣༤༤༠ཡང་ཞག་གི་བཅུ་ཆ་༧མཁའ་རོས་བསྒྱུར་བཅུས་༤༢ཕྱེ་ནོར་གཉིས་བསྲེས། ༡༣༤༨༢དེར་སྦྱངས་ལྷག་༡༣༤༤༠དེ་ཞག་གནས་༢༢༤ཀྱིས་བགོས་ཏེ་དག །ཁྱིམ་ཞག་བཅུ་ཆའི་ཡུལ་ལོངས། ༧དེའི་ཆ་༧༤༩གོང་དང་ཆ་༩༡༩༡འོག་བྱས་བཅུ་ཆར་གསིལ་བ། ༤༣དེ་གནས་གཉིས་བཀོད་གཅིག་ཆས་༤བསྒྱུར་ཞིང་གཅིག་བུག་སོགས་ཆར་གསིལ་བ། ༠དེ་ཞག་ལྷག་༨༦༡༠༦གིས་བསྒྱུར་བ་གཉིས་བསྲེས་པ། ༣དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་ལྷག་༡༦༡༦དེ་ཞག་གནས་༢༢༡ཀྱིས་བགོས་པས་དག །དུས་

p. 414

ལོངས་༦༠དེ་བཅུས་ཕྱེ་ནོར་༦དེ་གནས་གཉིས་བཀོད་གཅིག་བཅུ་ཆས་༤བསྒྱུར་ཞིང་། གཅིག་བུག་སོགས་ཆར་གསིལ་བ་༠དེ་ཞག་ལྷག་༨༦༡༠༦གིས་བསྒྱུར་བ་གཉིས་བསྲེས་པ་༢༧ནས་རང་གི་ཉིན་དཀྱིལ་དབྱུག་གསིལ་༡༣༤༨༨ལ་སྦྱངས་ལྷག་༡༣༤༥༤དེ་རང་ཞག་༢༢༡གིས་བགོས་པས་དག །ཚེས་ཞག་བཅུ་ཆའི་ཡུལ་ལོངས། ༠དེའི་ཆ་༧༤༩གོང་༧༠༧འོག་བྱས་བཅུས་ཕྱེ་ནོར་༤༢དེ་གནས་གཉིས་བཀོད་གཅིག་བཅུ་ཆས་༢བསྒྱུར་ཞིང་གཅིག་འབྱུང་འདོད་དྲག་ཆར་གསིལ་བ། ༠དེ་ཞག་ལྷག་༧༩༩༤གིས་བསྒྱུར་བ་བསྲེས་རང་འཁོར་གྱིས་བསྒྲིལ་བ། ༡དེས་རྒྱུ་སྐར་ཆུ་ཚོད་ལ་སྦྱངས་ལྷག་༡༦༡༨དེ་རང་ཞག་༢༢གིས་བགོས་པས་རྣམ་དག །དུས་ལོངས་༥༩དེ་བཅུས་ཕྱེ་ནོར་༥དེ་གནས་གཉིས་བཀོད་གཅིག་བཅུ་ཆས་༢བསྒྱུར་ཞིང་། གཅིག་འབྱུང་འདོད་དྲག་ཆར་གསིལ་བ། ༠དེ་ཞག་ལྷག་༧༩༧༤གིས་བསྒྱུར་བ་གཉིས་བསྲེས། ༡༦དེས་ཉིན་དཀྱིལ་དབྱུག་གསིལ་གོང་གསལ་ལ་སྦྱངས་ལྷག་༡༣༤༦༥དེ་རང་གི་ཞག་གནས་༢༢༨ཀྱིས་བགོས་པས་རྣམ་པར་དག །གཟའ་རྣམས་ཡུལ་གྱི་རྟག་ལོངས་ལས། དཀྱིལ་འཁོར་བསྒྲུབ་ན་རང་རང་གི། ཡུལ་ལོངས་དབྱུག་སར་བསྒྲིལ་བ་ཡིས། །རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་ལ། །བགོས་པས་སོ་སོའི་དཀྱིལ་འཁོར་འཆར། །ཞེས་པས་ཉི་མའི་ཉིན་ཞག་ཡུལ་ལོངས། ༠གནས་ཐམས་ཅད་བུག་མཁའ་སོགས་ཀྱིས་བསྒྱུར་ཏེ་ཆུ་ཚོད་སར་བསྒྲིལ་བ། ༦༦༡༧༥༢དེ་ནི་བགོད་བྱེད་ཡིན་ཅིང་བགོ་བྱ་རྒྱུ་སྐར་ཆུ་ཚོད་༡༦༢༠བུག་མཁའ་སོགས་ཀྱིས་བསྒྱུར་བ། ༢༤༡༧༡༨༥༨༠དེ་གོང་གིས་བགོས་ནོར་༣༦༥ལྷག་༡༧༩༡༠༠མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བ། ༣༢༩༢༢༡༦༢༠༠མིག་མདའ་རི་གཟུགས་དུས་བགོས་ནོར་༤༩༧༥ལྷག་མེད་རིམ་བརྩེགས་༣༦༥ཉི་མའི་ཉིན་ཞག་དཀྱིལ་འཁོར་རོ། །ཚེས་ཞག་ཡུལ་ལོངས་༠གནས་ཀུན་ཆུ་འདོད་ཀྱིས་བསྒྱུར་བ། ༥༣༦དེ་གཤམས་ནས་རི་རོ་དུས་དང་མཁའ་རོ་རྣམས་ཀྱིས་སྟེང་དུ་བསྒྲིལ་བ་༥༨༥དེས་རྒྱུ་སྐར་ཆུ་ཚོད་ཆུ་འདོད་ཀྱིས་བསྒྱུར་བ། ༢༡༧༠༨༠དེ་ལ་བགོས་པའི་ནོར་༣༧༡ལྷག་༤༥མཁའ་རོ་མཁའ་རོ་དུས་འདོད་པས་རིམ་པར་བསྒྱུར་ཏེ་མདའ་ཀླུ་དབང་པོས་རིམ་པར་བགོས་པས་ཞག་དང་

p. 415

བཅས་རིམ་བརྩེགས་དེ་ནི་༣༧༡ཚེས་དཀྱིལ་ལོ། །ཡང་ན་གོང་གི་ཞག་གནས་ཐོབ་པའི་ལྷག་༤༥འདོད་པས་བསྒྱུར་མདའ་ཀླུ་དབང་པོས་བགོས་ནོར་༡ལྷག་མེད་བཅས་ཚེས་དཀྱིལ་གནས་གཉིས་མ་རྣམ་པར་དག་གོ། ཁྱིམ་ཞག་ཡུལ་ལོངས་ཀྱི་གནས་ཀུན་མིག་གིས་བསྒྱུར་ནས་འཁོར་ལོས་བསྒྲིལ་བ་དབྱུག་སར་ཆུ་ཚོད་དགུ་འབྱུང་། །དེའི་ཕྱིར་རྒྱུ་སྐར་ཆུ་ཚོད་དགུས་བསྒྱུར་ལ་བགོས་པས་ཁྱིམ་དཀྱིལ་དག་གོ། ཟླ་བའི་ཚེས་ཞག་ཡུལ་ལོངས་ཀྱི་གནས་ཀུན་ཆུ་འདོད་ཀྱིས་བསྒྱུར་ནས་བསྒྲིལ་བས་དབྱུག་སར་གཟུགས་མིག་ཀླུ་རི་འོང་། དེའི་ཕྱིར་རྒྱུ་སྐར་ཆུ་འདོད་ཀྱིས་བསྒྱུར་བས་བགོས་ནོར་ཞག་གནས་དང་། ལྷག་མ་དགུ་ཐོབ་ནོར་ཞག་གི་བུག་རོ་ཀླུ་ཆ་བཅས་ཚེས་དཀྱིལ་དག །ཉིན་ལོངས་བསྒྱུར་བྱེད་དབང་མཚོ་མཁའ་དུས་མཚོ་རི། བགོད་བྱེད་དུས་རི་འབྱུང་དབང་མེ་མིག་ཆུ་མཚོ་དང་། དུས་དུས་རི་ཀླུ་མིག་ཉིའི་ཆ་འདོན་བྱེད་སོ་དྲུག་གོ། ཁྱིམ་ལོངས་བསྒྱུར་བྱེད་མཁའ་མེ་ཟླ་བ། བགོད་བྱེད་གཟུགས་མིག་ཀླུ་རི་དང་། བུག་རོ་ཀླུ་ཆ་འདོན་མཁན་དགུའོ། །ཡང་ལོངས་སྤྱོད་ཆུ་ཚོད་དུ་མ་འགྲིལ་བ་ལྟ་བུ་ལ་མཚོན་ན་ཟླ་བའི་ཉིན་ཞག་ཡུལ་ལོངས་༥༩གནས་ཀུན་བུག་སོགས་ཀྱིས་ཆུ་ཚོད་སར་བསྒྲིལ་བར་༨༨༤༧༡༡༥ཆུ་སྲང་དུ་༡༢ལུས་པ་དེ་ཕྱིར་གོང་གི་ཆུ་ཚོད་ཡང་བསྐྱར་མཁའ་རོས་བསྒྱུར་ཆུ་སྲང་བསྲེས་པ་༥༣༠༨༢༦༩༡༢དེ་ཤར་བས་བགོད་བྱེད། བགོ་བྱ་རྒྱུ་སྐར་ཆུ་ཚོད་༡༦༢༠བུག་སོགས་ཀྱིས་བསྒྱུར་བ་༢༤༡༧༡༨༥༨༠དེ་ཡང་མཁའ་རོས་བསྒྱུར་བ་ལ་༡༤༥༠༣༡༡༤༨༠༠དེ་ལ་བགོས་ནོར་༢༧ཞག་གནས་དང་ལྷག་༡༧༠༧༨༨༡༧༦གོང་གི་བགོད་བྱེད་ལ་དུས་དུས་རི་ཀླུ་མིག་ཉིས་བགོས་ནོར་ལྷག་མེད་རྣམ་དག །༤༣༢དེས་གོང་ལྷག་བགོས་ན་དག་ཅིང་། ཡང་ན་བགོ་གཞིའི་ཐོབ་ལྟར་ལྷག་དུས་དུས་སོགས་ཀྱིས་བསྒྱུར་བ་༢༠༩༨༥༨༧༠༣༨༧༠༨༡༦དེ་གོང་གསལ་བགོད་བྱེད་ཉི་བུག་སོགས་ཀྱིས་བགོས་ནོར་༣༩༥༣༤༣ལྷག་མེད་རིམ་བརྩེགས་༢༧དེ་ཉིན་དཀྱིལ་དག་གོ། སྒྲ་གཅན་ཚེས་ལོངས་བསྒྱུར་བྱེད་འབྱུང་གཟུགས་ཟླ་བ། བགོད་བྱེད་འཁོར་ལོ། ཡང་ན་མཁའ་མེ་མིག་གིས་གནས་ཀུན་བསྒྱུར་འཁོར་ལོས་བསྒྲིལ་བར་དབྱུག་སར་མཁའ་མཚོ་དབང་པོ་འོང་། རྒྱུ་སྐར་ཆུ་ཚོད་

p. 416

མཁའ་མེ་མིག་གིས་བསྒྱུར་ལ་བགོས་པས་ཚེས་དཀྱིལ་དག །ཉིན་ལོངས་བསྒྱུར་བྱེད་དེ་ཉིད་འབྱུང་ཐིག་ཀླུ་ཉི། བགོད་བྱེད་རྒྱལ་བ་མཚོ་འབྱུང་མཁའ་མེ། ཀླུ་ལག་ཀླུ་ལག་གི་ཆ་འདོན་མཁན་བརྒྱ་དང་བརྒྱད། ཁྱིམ་ལོངས་བསྒྱུར་བྱེད་དབང་རི་མཚོ་རི། བགོད་བྱེད་བུག་མཁའ་སྟོང་སྐྱོན། རི་རོ་ཆ་འདོན་མཁན་དུས་མིག་གོ། མིག་དམར་ཚེས་ལོངས་བསྒྱུར་བྱེད་ཉི་དུས་རི་ཆུ་རོ། །བགོད་བྱེད་དེ་ཉིད་པོ་མཁའ་ཚེས། འབྱུང་འདོད་དྲག་ཆ་འདོན་མཁན་མདའ་ཡོན་ཟླ་བ། ཉིན་ལོངས་བསྒྱུར་བྱེད་བུག་མིག་ལག་པ། བགོད་བྱེད་མཁའ་མཚོ་འབྱུང་བ། ཁྱིམ་ལོངས་བསྒྱུར་བྱེད་དུས་མདའ་བུག་སྐྱོན་མཚོ་ཀླུ། བགོད་བྱེད་འབྱུང་གཟུགས་ས་ཡིད་མཁའ་མིག །བུག་སོགས་ཆ་འདོན་མཁན་མདའ་ཡོན་ཟླ་བ། ལྷག་པའི་སྐར་འཛིན་ཚེས་ལོངས་བསྒྱུར་བྱེད་བུག་རི་ཆུ་བུག་གཟུགས་མིག་བྲོ་བ། བགོད་བྱེད་དབང་རི་སྐྱོན་མཚོ་འཁོར་དྲགའབྱུང་སོགས་ཆ་འདོན་མཁན་དབང་ཉི་ཕྱོགས། ཉིན་ལོངས་བསྒྱུར་བྱེད་རི་བུག་རི་ཀླུ། བགོད་བྱེད་མཁའ་མཁའ་སྟོང་ལག་རྒྱལ་པོ། ཁྱིམ་ལོངས་བསྒྱུར་བྱེད་འཁོར་ལོ་སོ་དབང་ཀླུ་མཁའ་ལག་འགྲོ། བགོད་བྱེད་དེ་ཉིད་དྲག་པོ་མཚོ་རི་ཕྱོགས་ཚེས། བུག་སོགས་ཆ་འདོན་མཁན་དབང་ཉི་ཕྱོགས། ཕུར་བུའི་ཚེས་ལོངས་བསྒྱུར་བྱེད་སོ་དུས་མེ་ཀླུ་མཁའ་མཚོ། བགོད་བྱེད་དེ་ཉིད་མིག་ཡིད་ཚེས། །ཉིན་ལོངས་བསྒྱུར་བྱེད་གཟུགས་དུས་མེ། །བགོད་བྱེད་མདའ་ཡོན་ཟླ་བ། ཁྱིམ་ལོངས་བསྒྱུར་བྱེད་དུས་ཟླ་མིག་རི་ཀླུ་མཁའ་འཇིག་རྟེན་དབང་། བགོད་བྱེད་ཚེས་དུས་མཁའ་བུག་མིག་མཁའ་མིག །པ་སངས་ཉིན་ལོངས་བསྒྱུར་བྱེད་བུག་མཚོ་ཐུབ། བགོད་བྱེད་མཁའ་ཐིག་མཚོ་དབང་། སྤེན་པའི་ཉིན་ལོངས་བསྒྱུར་བྱེད་མེ་ཀླུ་མེ་འབྱུང་། བགོད་བྱེད་ཕྱོགས་ཀླུའོ། །འདི་ལ་སངས་སྤེན་གཉིས་ཀྱི་ཁྱིམ་ཚེས་ལོངས་སྤྱོད་ཀྱི་བསྒྱུར་བྱེད་སྒྲིལ་ཐབས་མ་རྙེད་པས་འདི་རིགས་བསྟན་བཅོས་གཞན་ནས་ཀྱང་འདི་ལྟ་བུའི་འགྲོ་ཕྱོགས་མིག་ལམ་དུ་མ་གྱུར་ཅིང་། འདི་ཁའི་གཞུང་ཚིག་དོན་བསྡུ་ཧ་ཅང་བརླིང་བ་དེའི་ཕྱིར་ན་བདག་ལྟ་བུའི་བློ་གྲོས་དང་རྩོལ་བ་གཉིས་ཞན་གྱིས་འདི་ཐད་ལྷག་མ་མ་ལུས་པ་དཔེར་བརྗོད་དུ་འགོད་མ་ལང་བས། ཕྱིས་བློ་གསལ་མཁྱེན་དབང་རྣམས་ནས་དོན་དུ་གཉེར་བར་

p. 417

གསོལ། གོང་འོག་ཀུན་ཏུ་ཉེར་མཁོའི་ཕྱིར། །གང་ལ་དང་པོར་ཡོད་པའི་གནས། །བློ་བུར་བསྡུ་ན་གོང་མ་དེ། །འོག་མའི་ཆས་བསྒྱུར་རང་ཆ་བཅུག །གོང་མའི་ཆས་ཐོབ་ལྷག་མེད་ན། །དེ་ཚེ་རང་གནས་བསྡུས་པར་སོང་། །ཞེས་པ་སྟེ་དཔེར་ན་ཚེས་ཞག་ལས་ཉིན་ཞག་ཡུལ་ལོངས་འདོན་སྐབས་ཉི་མའི་ཉིན་ཚེས་བར་ཁྱད་༠དེ་ཚེས་ལོངས་ཅིག་ཤོས་ལ་བྱིན་ཆ་གོང་རི་རོས་ཕུད་པར་༠ཆ་གོང་མ་དེར་འོག་ཆ་འབྱུང་སོགས་ཆ་འབྱུག་ཕྱིར་འབྱུང་འདོད་དྲག་གིས་བསྒྱུར་འོག་ཆ་བསྲེས་པ་༤༦༥༧༨༠དེ་གོང་མའི་ཆ་ལྔས་ཐོབ་ནོར་༩༣༡༥༦དེ་བུག་མིག་ལག་ཆར་འགྱུར་ཏེ་ཅིའི་ཕྱིར་འགྱུར་ཞེ་ན། འབྱུང་འདོད་དྲག་སྟེ་རི་རོས་བསྒྱུར་བར་༧༤༦༠༤༥དེ་བུག་སོགས་ཀྱིས་བགོས་པས་ལྔ་བྱུང་བ་དེས་བགོས་པས་བུག་སོགས་ཆར་སོང་བ་ཡིན་ནོ། །སྔར་མེད་གསར་དུ་གནས་བཟོ་ན། །འོག་མའི་གནས་དེ་གང་བཟོ་རྒྱུའི། །ཆས་བསྒྱུར་འོག་མའི་འཁོར་ལོས་བགོ། ཐོབ་པ་བློ་བུར་འཐོན་པའི་ཆ། །ལྷག་མ་བགོད་བྱེད་རང་ཆར་གནས། །ཞེས་པ་ལྔ་བསྡུའི་གཟའ་ཉིའི་ཤེད་བསྙམ་སྐབས་གཟའི་ཆ་ཤས་རི་རོས་བསྒྱུར་བ་རི་མཁའ་རིས་བགོས་པས་མཚོན་ནོ། །དེ་ལྟར་ཞག་གསུམ་ལོངས་སྤྱོད་རྣམས། །ཞག་གི་དངོས་པོ་ཆེ་ཆུང་གིས། །འཇོག་ཅིང་དེས་གཞལ་དཀྱིལ་འཁོར་གསུམ། །ཞག་གྲངས་མང་ཉུང་དག་གིས་འཇོག །དེ་ཕྱིར་ཕན་ཚུན་ནོར་བུ་ལོན། །འཇལ་བྱེད་རི་མོའི་རྣམ་འགྱུར་ཡང་། །མང་མོད་འདིར་ནི་མདོ་ཙམ་ཞིག །རིག་པའི་སྒོ་འབྱེད་ཚུལ་དུ་བརྗོད། །ཅེས་པས་གཞལ་བྱ་འབྲུའི་ཕུང་པོ་ལྟ་བུ་གཅིག་ཉིད་ལ་འཇལ་བྱེད་འབོ་བྲེ་ཆེ་འབྲིང་ཆུང་གསུམ་གྱིས་གཞལ་བས་གྲངས་ལ་མང་ཉུང་འབྱུང་བ་སྟེ། དེ་ལ་ཕན་ཚུན་གྱི་ནོར་བུ་ལོན་ཁྱད་པར་འདོན་ལུགས་རྣམ་འགྱུར་ཀྱང་མང་མོད་ཅེས་པས། འདིར་མ་གསལ་བའི་རྣམ་འགྱུར་གཞན་སྣེ་འཛིན་ཙམ་བརྗོད་ན། ཉིན་ཞག་དུས་ལོངས་ལ་ཞག་གཅིག་གནས་གཉིས་བཞག་པའི་གོང་མ་རི་མཁའ་རིར་ཕབ་ཞག་འོག་བསྲེས་པ་༧༠༨དེ་མཁའ་རོ་དང་མཁའ་རོ་དུས་རྣམས་ཀྱིས་རིམ་པར་བསྒྱུར་ཏེ་ཀླུ་རྒྱལ་དབང་ཆུས་ཐོབ་ཅིང་དབུགས་ལྷག་ཆུ་རོས་བགོས་ནོར་༠དེ་ཚེས་ཞག་དུས་ལོངས་ཐོག་ཏུ་མནན་ན་ཉིན་ཞག་དུས་ལོངས་འཆར། ཉིན་

p. 418

ཞག་དུས་ལོངས་སྟེང་ནས་འཕྲི་ན་ཚེས་ཞག་དུས་ལོངས་འཆར་རོ། །བགོད་བྱེད་ཀླུ་རྒྱལ་དབང་ཆུས་བྱེད་པ་ནི་ཆུ་རོ་ཉིད་རི་མཁའ་རིས་བསྒྱུར་ན་འཆར་བ་ཡིན་ཅིང་། དབུགས་ལྷག་རི་མཁའ་རིས་བསྒྱུར་ཏེ་ཀླུ་རྒྱལ་དབང་ཆུས་བགོས་པ་གོ་ཐོབ་ཡིན་རུང་། ཀླུ་རྒྱལ་དབང་ཆུ་རི་མཁའ་རིས་བགོས་ན་ཆུ་རོ་ཤར་བ་ཆོས་ཉིད་བཅས། དེས་བགོད་པ་རི་མོ་ཚེགས་ཆུང་དོན་ལ་གནས་པས་སོ། །ཡང་ན་ཁྱིམ་ཞག་དུས་ལོངས་༦༠དེ་མཁའ་རོས་བསྒྱུར་ཆ་འཇུག་པ་སོགས་འདོད་ཆའི་བར་གསིལ་བར་༢༠༡༤༣༢༡༥༠དེ་གནས་གཉིས་ཀྱི་འོག་མ་མེ་ཚེས་ལག་པས་བསྒྱུར། བུག་སོགས་ཀྱིས་བགོས་པས་ལྷག་མེད་ནོར་གྱིས་སྟེང་མར་ཕྲི་ལྷག་འདོད་པ་རི་མཁའ་རི་སོགས་འཁོར་ལོས་ཕུད་པས་ཀྱང་ཉིན་ཞག་དུས་ལོངས་སོ། །ཡང་ཚེས་ཞག་དུས་ལོངས་༥༩རི་མཁའ་རིའི་བར་གསིལ་བར་༡༥༠༣༢༢༥༠གནས་གཉིས་འོག་མ་ཐུབ་རི་ཟླས་བསྒྱུར་ལ་འབྱུང་འདོད་དྲག་པོས་བགོས་ནོར་སྟེང་མར་བསྲེས། དེ་རི་མཁའ་རི་སོགས་འཁོར་ལོས་བསྒྲིལ་བས་ཀྱང་ཉིན་ལོངས་སོ། །འབྱུང་འདོད་དྲག་པོ་ཉིད་ཐིག་རོ་མཁའ་རོ་དུས་ཀྱི་བར་བསྒྱུར་ལ། ཉི་འདོད་ཟླས་རིམ་བཞིན་བགོས་ཏེ། དབུགས་ལྷག་མི་བདག་གིས་ཐོབ་པས་ཀྱང་ཚེས་ཞག་དུས་ལོངས་སོ། །ཡང་ཞག་གཅིག་གནས་གཉིས་གོང་མ་ཆུ་རོར་ཕབ་འོག་མས་༦༣སྦྱངས། དེ་ཡང་རི་མཁའ་རིས་བསྒྱུར་ཏེ་ཀླུ་རྒྱལ་དབང་ཆུས་བགོས་དབུགས་ལྷག་མིག་གིས་ཕྱེ་བས་ཀྱང་ཚེས་ཞག་དུས་ལོངས་ཡོང་། ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རི་མཁའ་རིས་བསྒྱུར་ལ་གནས་གཉིས་འོག་མ་ཐུབ་རི་ཟླ་བས་བསྒྱུར། ཉི་མ་འདོད་ཟླས་བགོས་པའི་ནོར་གྱིས་སྟེང་མར་སྦྱངས་ལྷག་དེ་རི་མཁའ་རི་སོགས་ཀྱིས་ཡར་འཁོར་ལོས་བསྒྲིལ་བས་ཀྱང་ཚེས་ཞག་དུས་ལོངས་འཆར་བས་མཚོན། དཀྱིལ་འཁོར་ཡུལ་ལོངས་རྣམས་ལའང་དེས་རིགས་འགྲེ་རིག་པའི་འགྲོ་ཕྱོགས་མཐའ་ཡས་ཀྱང་། འདིར་ཉིན་སྣང་དུ་མདོ་ཙམ་ཞིག་རིག་པའི་སྒོ་འབྱེད་ཀྱི་ཚུལ་དུ་བརྗོད་པར་མཛད་པ་རྣམས་སོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་རྣམ་པར་དབྱེ་བ་བཤད་པའི་སྐབས་ཏེ་བཅུ་བདུན་པའོ། །ཞེས་ལེའུའི་སྐབས་བསྡུ་བར་མཛད་དོ། །

p. 419

ཅེས་པ་འདི་ནི་ལྷ་གཟིགས་ཀྱི་རིགས་ལས་གྲྭ་མདའ་དཔལ་གྱི་ཕུག་པར་སྐུ་བལྟམས་ཤིང་རིགས་ལམ་འདི་སོགས་རྣམ་པ་མང་པོར་སྤྱན་དཀྱུས་ཡངས་པ་བཀའ་དྲིན་མཚུངས་མེད་བདག་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་སྨིན་གླིང་འདུས་སྡེའི་དབུ་མཛད་བསྟན་འཛིན་སྐྱེས་བུ་མཆོག་གི་ཐུགས་རྗེར་བརྟེན། རང་ལོ་ཉེར་བརྒྱད་པའི་སྐབས་མཚམས་རྒྱའི་སེང་བར་དུ་དཀྱིལ་འཁོར་སོ་སོའི་ཡུལ་གྱི་རྟག་ལོངས་བསྒྲུབ་པ་ཡན་རི་མོར་བཏབ་པ་ལས། བར་དེར་གཞུང་ས་རིན་པོ་ཆེའི་སློབ་གྲྭའི་དགེ་རྒན་ལས་ཁུར་གྱི་གཡེང་བས་ལུས་ཤིང་། སླར་ཡང་བགྲང་བྱ་ཞེ་ལྔར་འབྱོར་པ་རབ་ཡིད་ས་མོ་སྦྲུལ་ལོ་ནས་བཅད་མཚམས་སུ་ཞུགས་མུར། རིགས་ལམ་སྤྱི་དང་བྱེ་བྲག་འདི་ཚུལ་ལའང་སྤྱན་རས་ཡངས་པ་གཟིམས་དཔོན་ནོར་བུ་ནས་འཕྲོ་མཐུད་ཀྱི་བསྐུལ་མ་མཛད་པའི་ངོ་མ་བཅོགས་པ་ལས། མཁས་པའི་གྲགས་འདོད་དང་ལེགས་པར་བཤད་པས་མཁྱེན་ལྡན་དམ་པ་རྣམས་མགུ་བསྐྱེད་ཀྱི་རེ་བ་ལྷོད་རུང་། རང་མཉམ་གྱི་བློ་གསར་འགའ་ལ་ཕན་སེམས་དང་། མཁན་ཆེན་བླ་མའི་རྩིས་གཞུང་ལེགས་བཤད་ཚིག་ཉུང་འདི་ལྟ་བུས་རི་མོའི་སྒྲུབ་འབྲས་རྒྱ་ཆེ་མཐའ་ཀླས་པའི་ངོ་མཚར་གྱིས་ཀྱང་ཡིད་དྲངས་ཏེ། རྩེ་རིག་གནས་འཁྱིལ་པའི་སློབ་དཔོན་བྷིཀྵུ་པཱ་ར་ཛ་ནའམ་ཚངས་སྲས་དགྱེས་པའི་བློ་གྲོས་ཀྱིས་ལྕགས་རྟ་གྲོ་ཞུན་གྱི་ཟླ་བར་རི་བོ་ཏ་ལའི་དབང་ཕྱོགས་བསམ་གཏན་གྱི་ཁང་བུར་རྫོགས་པར་བསྒྲུབ་པ་འདིས་ཀྱང་། རིས་མེད་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་གནས་ཀྱི་བཙས་སུ་གྱུར་ཏེ། ཡིད་ཅན་ཐམས་ཅད་ཨེ་ཝཾ་རྣམ་ཀུན་མཆོག་ལྡན་གྱི་གོ་འཕང་ལ་སྦྱོར་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ།

རིག་གནས་ཡན་ལག་དང་བཅས་པ་འཆད་པའི་སྔོན་དུ་སྤྲོ་བ་བསྐྱེད་པའི་མཚམས་སྦྱོར་བརྗོད་བདེར་སྤེལ་བ།

p. 420
p. 421

རིག་གནས་ཡན་ལག་དང་བཅས་པ་འཆད་པའི་སྔོན་དུ་སྤྲོ་བ་བསྐྱེད་པའི་མཚམས་སྦྱོར་བརྗོད་བདེར་སྤེལ་བ་བཞུགས་སོ། །
རྒྱལ་སྲས་རིན་ཆེན་རྣམ་རྒྱལ།

p. 422

རིག་གནས་ཡན་ལག་དང་བཅས་པ་འཆད་པའི་སྔོན་དུ་སྤྲོ་བ་བསྐྱེད་པའི་མཚམས་སྦྱོར་བརྗོད་བདེར་སྤེལ་བ་བཞུགས་སོ། །
རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ༀ་སྭ་སྟི། ཆོས་ཀུན་ཀ་དག་རིག་པའི་ཡེ་ཤེས་ཉིད། །གཟུང་འཛིན་འཁྲུལ་བའི་སྦུབས་ལས་རབ་གྲོལ་ཞིང་། །མི་འགྱུར༵་འཕོ་མེ༵ད་རྡོ༵་རྗེ༵འི་སྐུ་བརྙེས་པ། །འཁོར་ལོའི་མགོན་པོ་དྲིན་ཅན་བླ་མར་འདུད། །ང༵ག་གི་དབ༵ང་ཕྱུག་འཇམ་མགོན་གཞོན་ནུ་ཡིས། །རྣམ་དཔྱོད་ཆོ༵ས་ཀུན་དཔ༵ལ་ལ་དབང་བསྒྱུར་ནས། །རྒྱ༵་མཚོ༵འི་ཕ་མཐར་ཁྱབ་མཛད་འགྲོ་བའི་མགོན། །གང་གིས་དགེ་ལེགས་གཡོ་མེད་ཡང་དག་སྩོལ། །རྣམ་དཔྱོད་བློ་གྲོས་ལྷ་ལམ་ཡངས་པ་ལ། །ལེགས་བཤད་ཉིན་མོར་བྱེད་པའི་དཀྱིལ་འཁོར་གང་། །ཤར་བས་དོན་གཉེར་སྐྱེ་བོའི་ཚོགས་ཀུན་གྱིས། །དགྱེས་ཐུགས་པདྨའི་གེ་སར་འབྱེད་ཕྱིར་རོ། །དེ་ལ་འདིར། འཆད་དང་རྩོད་དང་རྩོམ་པ་གསུམ། །མཁས་པའི་བྱ་བ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར། བསྟན་པ་གསལ་བར་བྱ་བའི་ཕྱིར་འཆད་པ། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རྩོམ་པ། བསྟན་པ་ལ་ལོག་པར་རྟོག་པ་ཚར་གཅོད་པར་བྱ་བའི་ཕྱིར་རྩོད་པ་སྟེ། མཁས་པ་རྣམས་ཀྱི་འཇུག་པར་བྱ་བའི་སྒོ་རྣམ་པ་གསུམ་ལས། འདིར་ནི་དྲིན་ལན་བསབ་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་ལ་མ་བསླབ་ན་ནམ་དུའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་དྲིན་ཤེས་པ་དང་། དྲིན་གསབ་

p. 423

པ་ནི་སེམས་ཅན་ལ་བཤད་པའི་དངོས་པོ་བཤད་ཅིང་བསྟན་པར་བྱའོ། །ཇི་ལྟར་བཤད་ཅེ་ན། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རིག་པ་ལྔ་དང་ལྡན་པ་བཤད་པར་བྱའོ། །ཞེས་དང་། འཕགས་པ་ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་ལས། རིག་པའི་གནས་ལྔ་གང་ཞེ་ན། འདི་ལྟ་སྟེ། ནང་རིག་པ་དང་། གསོ་བའི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། བཟོ་ལས་ཀྱི་གནས་ཀྱི་རིག་པའོ། །ཞེས་པས་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱིས་བསླབས་པར་བྱ་བའི་གནས་ནི། ཤེས་བྱ་རིག་པའི་གནས་རྣམ་པ་ལྔ་ཡིན་ལ། དེ་ལ་སྤྱིར་མདོ་ལས་རིག་པའི་གནས་བཅོ་བརྒྱད་ལ་སོགས་པའི་དབྱེ་སྒོ་མང་དུ་བཤད་པ་རྣམས་ཀྱང་། རིག་པའི་གནས་ལྔའི་ནང་དུ་འདུས་པར་བཤད་དེ། མཁས་པ་འཇུག་པའི་སྒོ་ལས། དེ་ཡུལ་བརྡའ་སྤྲོད་རྟོག་གེ་དང་། །འཚོ་བ་ཕྱི་ནང་རིག་ཅེས་བྱ། །ཞེས་གསུངས་པ་དེ་ཡིན། དེ་དག་ལེགས་པར་སྦྱངས་བའི་དགོས་པ་ཡང་། རྒྱལ་ཚབ་མི་ཕམ་མགོན་པོས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་པས། གཙོ་བོར་ཚིག་གི་ཆ་ལ་འཁྲུལ་བ་སེལ་བར་བྱེད་པ་སྒྲ་རིག་པ། དོན་གྱི་ཆ་ལ་འཁྲུལ་བ་སེལ་བར་བྱེད་པ་ཚད་མ་རིག་པ་སྟེ། འདི་གཉིས་ནི་གཞན་དག་ཚིག་དོན་ལ་ལོག་པར་རྟོག་པ་རྣམས་ཚར་གཅོད་པར་བྱེད་པའི་རིག་པ་ཡིན་ལ། ཡང་བཟོ་རིག་པས་ནི་དགོས་དགུ་སྤྱི་དང་། གསོ་བ་རིག་པས་བྱེ་བྲག་ནད་མེད་པ་དོན་དུ་གཉེར་བ་རྣམས་རྗེས་སུ་འཛིན་པར་བྱེད་པས་དེ་གཉིས་ལ་གཞན་རྗེས་སུ་འཛིན་པའི་རིག་པ་ཞེས་བྱ། ནང་རིག་པས་ནི་བདག་ཉིད་ཀྱི་༼དོན་བསྡུས་པ་དང་རྒྱས་པའི་༽གནད་མ་ལུས་པ་ཀུན་ཤེས་པར་བྱེད་པ་ཡིན་ནོ། །

བཟོ་རིག་པ།

p. 424

དེ་ལ་བཟོ་རིག་པ་ནི། འདི་ཉིད་ཀྱི་ནང་དུ་རིག་གནས་གཞན་གསུམ་འདུ་སྟེ། ཇི་ལྟར་འདུ་སྙམ་ན། ལུས་ངག་གཙོ་བོར་བྱེད་དང་མི་བྱེད་ལས། ལུས་ངག་ཡིད་ཀྱི་བཟོ་ཞེས་གསུམ་
དུ་བྱེད། །ཞེས་གསུངས་པ་ལྟར། ཡིད་དང་འབྲེལ་བའི་ལུས་ཀྱི་གཡོ་བ་དང་། ངག་གི་བརྗོད་པ་གཙོ་བོར་གྱུར་པ་ལ་ལུས་བཟོ་དང་། ངག་གི་བཟོར་འཇོག་ཅིང་། དེ་གཉིས་གང་རུང་དང་མ་འབྲེལ་བར་ཡིད་ཀྱི་བསམ་པ་ཙམ་གྱི་དབང་དུ་བྱས་པ་ལ་ཡིད་བཟོ་ཞེས་བྱའོ། །རྒྱུ་མཚན་དེས་རྒྱ་ཆེར་རོལ་པ་དང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལ་སོགས་པར་གསུངས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི། བྱེ་བྲག་རྟོགས་བྱེད་ལས་འབྱུང་བའི་ཡི་གེ་དང་ལག་རྩིས་ལ་སོགས་པ་བཟང་པོར་རྟོགས་པ་སུམ་ཅུ། གར་མཁན་དང་བྲོ་སོགས་རོལ་མོའི་བྱེ་བྲག་བཅོ་བརྒྱད། བར་མ་དང་དྲང་སྲོང་སོགས་གླུ་དབྱངས་ཀྱི་ངེས་པ་བདུན། སྒེག་པ་སོགས་གར་གྱི་ཆ་བྱད་དགུ། མདོ་སྡེ་ལས་བཤད་པའི་ཚོགས་པ་སོགས་བཙོ་སྦྱངས་བཅོ་བརྒྱད། རིན་པོ་ཆེ་བརྟག་པ་སོགས་བརྟག་པ་རྣམ་པ་བརྒྱད་སོགས་དགོས་དགུ་སྒྲུབ་པའི་ཐབས་ཐམས་ཅད་བཟོ་རིག་པའི་ཁོངས་སུ་འདུ་བའི་ཕྱིར་མཐའ་ཡས་པར་འགྱུར་མོད་ད་ལྟ་སྤྱི་མིང་བྱེ་བྲག་ལ་བཏགས་པ་བྲིས་འབུར་ལ་བཟོ་ཞེས་གྲགས་ཤིང་། དེ་ལ་བྲིས་ཀྱི་རྒྱུན་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་མིའི་རྒྱལ་པོ་འཇིགས་ཐུལ་གྱིས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་མི་རྣམས་ཚེ་ལོ་འབུམ་དུ་འཕེལ་བའི་དུས་སུ། བྲམ་ཟེ་ཞིག་གིས་བུ་དུས་མིན་དུ་ཤི་བས། རྒྱལ་པོས་བྲམ་ཟེ་གཤིན་རྗེའི་རྒྱལ་པོའི་དྲུང་དུ་ཁྲིད་དེ་འདིའི་བུ་ཕྱིར་གཏོད་པར་གསོལ་བས། གཤིན་རྗེ་ན་རེ་རང་གི་ལས་སུ་ཟད་པས་སྟེར་མི་ནུས་ཞེས་སྨྲས་པའི་མཐར་ཕན་ཚུན་གཡུལ་བཤམས་སྟེ་འཐབས་པས་འཇིག་རྟེན་ཐམས་ཅད་སྐྲག་པར་གྱུར་པ་ན། ཚངས་པས་བར་བྱས་ཏེ་བྲམ་ཟེའི་བུ་རི་མོར་བྲིས་ཏེ་གསོན་པོ་ཇི་ལྟ་བ་བཞིན་བསླང་ནས་བྲམ་ཟེ་ལ་གཏད་དེ་འཐབ་མོ་ཟླུམ་པར་བྱས། སླར་རྒྱལ་པོས་ཚངས་པའི་གནས་སུ་སོང་ནས་རི་མོར་འབྲི་ཚུལ་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། སྒོ་ང་ལས་སྐྱེས་རྣམས་ཀྱིས་ནི། གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། དེ་བཞིན་རི་མོ་སྒྱུ་རྩལ་གཙོ། ཞེས་བསྔགས་ནས་ལྷའི་གཙོ་བོ་བི་ཤྭ་ཀརྨ་ལུང་བསྟན་ཅིང་། དེས་བཟོའི་གནས་ཁྱད་པར་ཅན་ཞེས་གྲགས་ལ་སྤྱིར་སྟོན་པ་ཞལ་བཞུགས་དུས་བྲིས་ཀྱི་རྒྱུན་དང་སྟོན་པའི་སྐུ་བརྙན་གཟུགས་ཅན་སྙིང་

p. 425

པོས་ཨུ་ཏྲ་ཡ་ན་ལ་སྐྱེས་སུ་བསྐུར་བ་དང་། བུ་མོ་མུ་ཏིག་འཁྲི་ཤིང་གི་སྐྱེས་ལན་དུ། རས་ཀྱི་གཞིར་རི་མོ་ཅི་ཐོབ་པའི་ཐད་དུ་སྟོན་པའི་སྐུ་ལས་འོད་ཟེར་བཀྱེ་བའི་སྟེང་རི་མོས་མནན་པའི་བྲིས་རྒྱུན་ཁ་ཆེ་དང་ཡུལ་དབུས་སུ་དར་བར་བཤད་པ་དང་། བྱམས་པས་སྦྱིན་བདག་མཛད་དེ་ལྷའི་བཟོ་བོས་ཇོ་བོ་རིན་པོ་ཆེའི་སྐུ་བཞེངས་པ་དང་། ཐུགས་རྟེན་ལིམ་བིའི་ཚལ་དུ་སྐུ་བལྟམས་པའི་ཚེ་ཟས་གཙང་གིས་མཆོད་རྟེན་བརྩིག་པ་སོགས་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ལ་སོགས་པ་བྱུང་ཞིང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་གྱི་བར་དུའང་མིའི་བཟོ་བོ་ལས་ཀྱི་འཕྲུལ་དང་ལྡན་པས་སྐུ་གཟུགས་སོགས་ཀྱིས་དངོས་སུ་འཁྲུལ་པ་སྐྱེད་ནུས་པའི་བཟོ་གནས་ངོ་མཚར་བ་དག་བྱེད་པ་བྱུང་ལ། དེ་རྣམས་རིམ་གྱིས་ནུབ་ནས་ལྷའི་བཟོ་བོ་མང་པོ་མིར་སྤྲུལ་ནས་བྱང་ཆུབ་ཆེན་པོ་སོགས་མ་ག་དྷའི་རྟེན་ངོ་མཚར་ཅན་བརྒྱད་སོགས་བྱུང་བར་གྲགས། ཕྱིས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་བི་མཱ་ས་ར་ཞེས་པས་འབུར་དང་རི་མོའི་བཀོད་པ་ལྷའི་བཟོ་བོ་དང་མཐུན་པར་བྱས་པའི་ལག་རྒྱུན་ལ་དབུས་ཀྱི་བཟོར་གྲགས་ལ། རྒྱལ་པོ་ངང་ཚུལ་གྱི་དུས་ཁྲིག་དྷ་རི་ཞེས་པའི་བཟོ་བོས་གནོད་སྦྱིན་གྱིས་བཞེངས་པ་དང་མཐུན་པའི་བྲིས་འབུར་གྱི་བཟོ་པ་བྱས་པའི་བཟོ་རྒྱུན་ལ་ནུབ་རྙིང་མར་གྲགས་པ་དང་། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་དྷི་མཱན་ཞེས་པ་དང་། དེའི་བུ་བིར་པཱ་ལོ་ཞེས་པ་གཉིས་ཀྱིས་ཀླུའི་བཟོ་བོ་དང་མཐུན་པར་བྱས་པའི་བུའི་ལག་རྒྱུན་གྱི་ལུགས་མ་རྣམས་ལ་ཤར་གྱི་ལྷ་དང་། རི་མོ་ནི་ཕའི་ལག་རྒྱུན་ལ་ཤར་རིས་དང་། བུའི་ལག་རྒྱུན་ལ་དབུས་ཀྱི་རི་མོར་ངོས་འཛིན། ཀསྨཱི་རའི་ཡུལ་དུ་ཕྱིས་ཉ་སུ་རཱ་ཛ་ཞེས་པས། བྲིས་འབུར་གཉིས་ཀའི་སྲོལ་གཏོད་པ་ལ་དེང་སང་ཁ་ཆེ་མ་ཞེས་ཟེར་རོ། །བོད་ཀྱི་ཡུལ་འདིར་སྔོན་བྲིས་འབུར་གཉིས་ཀ་རྒྱ་བལ་གྱི་ལག་རྒྱུན་ཤས་ཆེ་ལ། ཕྱིས་འབུར་བལ་ལྷ་དང་བྲིས་རྒྱ་ནག་གི་རི་མོ་དང་མཐུན་ཤས་ཆེ་བ་བྱུང་ཟེར་བ་ལྟར་དེ་དང་དེའི་ལུགས་སྲོལ་དང་འདྲ་རུང་དུ་སྣང་མོད། ལར་བཟོ་བོ་སོ་སོའི་ལག་རྩལ་གྱིས་ལག་རྒྱུན་མི་འདྲ་བ་རེ་ཡོང་བ་གཞིར་བཅས། གཞན་ཡང་རྒྱ་དཀར་ནག་གི་བཟོ་བོས་བསྐྲུན་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་རོལ་
མོ། དཀར་ཡོལ་གོས་དར། གོ་མཚོན། རྟ་སོགས་དངོས་དཔྱད་ཀྱི་རིགས་རྣམས་བསྲེག་ཐབས་དང་། དེ་དག་སྟོན་པའི་གཞུང་ལུགས་ཤཱ་རིའི་བུས་མདོ་དང་། དུས་འཁོར་སྡོམ་འབྱུང་སོགས་གསུང་རབས་འགྲེལ་པར་བཅས་པ་དང་དྲང་སྲོང་ཡེ་ཏྲའི་བུས་བྱས་པའི་ཆག་ཚད་ཀྱི་ཡི་གེ་དང་། གསེར་འགྱུར་ལ་སོགས་པ་བཟོའི་བསྟན་བཅོས་སོགས་སྔོན་གྱི་ཡི་གེ་རྙིང་པའི་རིགས་དང་། གྲུང་སྟོན་ལྷ་ས་པཎ་ཆེན་དང་བྱ་བཀྲ་ཤིས་དར་རྒྱས་སོགས་ཀྱིས་མཛད་པའི་ཡི་གེ་དང་དངོས་པོ་ངོ་སྤྲོད་སོགས་ཏེ། དེ་དག་རྣམས་བརྒྱུད་པའི་རིམ་པ་ལས་ལུགས་སྲོལ་ཇི་སྙེད་ཅིག་ཡོད་མོད་ཐམས་ཅད་འབྲིར་མི་སྤོབས་སོ། །

གསོ་བ་རིག་པ།

p. 426

༈ ཡང་རིག་གནས་གཉིས་པ་གསོ་བ་རིག་པ་ནི། ཇི་སྐད་དུ། འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནད། རྗེས་སུ་འབྲེལ་བས་ལུས་ཀུན་ཁྱབ་གྱུར་པ། །ཞེས་གསུངས་པ་ལྟར། ཉོན་མོངས་པས་བསྐྱེད་པའི་ཟག་བཅས་ལས་ཀྱིས་འཕངས་པ་རྣམ་སྨིན་གྱི་ལུས་འདི་ནི་འབྱུང་བཞི་འདུས་པ་ལས་གྲུབ་པའི་དབང་གིས། འབྱུང་བ་བཞི་ཚ་གྲང་མ་མཐུན་པ་ལ་བརྟེན་ནས་རླུང་མཁྲིས་བད་ཀན་འདུས་པའི་ནད་བཞི་ཟས་དང་སྤྱོད་ལམ་མི་མཐུན་པའི་རྐྱེན་གྱིས་བསྐྱེད་དེ་ཟུག་རྔུའི་ཚོར་བས་གཟིར་བར་བྱེད་ལ། དེ་གསོ་བའི་ཐབས་ནི་གསོ་བ་རིག་པ་སྟེ། དཔལ་ལྡན་ཕ་ཁོལ་གྱིས། ཚེ་ནི་རིང་བར་འདོད་པ་ཡིས། །ཆོས་དང་ནོར་དང་བདེ་བ་བསྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པར། །རབ་ཏུ་གུས་པར་བྱ་བ་གྱིས། །ཞེས་དང་། བཤད་རྒྱུད་ལས། འགྲོ་དྲུག་གཙོ་བོར་གྱུར་པ་མི་ལུས་ལ། །མི་ན་གནས་དང་ནད་པ་གསོ་བ་དང་། །ཚེ་རིང་ཆོས་ནོར་བདེ་བ་བསྒྲུབ་པའི་ཕྱིར། །གསོ་བ་རིག་པའི་དོན་རྣམས་མདོར་བསྡུ་ན། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང་། །གསོ་བ་གསོ་དང་རྣམ་པ་བཞི་རུ་བཤད། །ཞེས་པས། གསོ་བྱ་ནད་དང་ནད་པ། གསོ་བྱེད་སྤྱོད་ལམ་ཟས་དང་སྨན་དཔྱད། ཇི་ལྟར་གསོ་བ་ནད་མེད་རིང་དུ་འཚོ་བ་དང་རྣམ་འགྱུར་ན་བ་གསོ་བ། གསོ་བར་བྱེད་པ་པོ་སྨན་དང་ནད་གཡོག་རྣམས་དང་། ཡན་ལག་བརྒྱད་པར་གསོ་དཔྱད་ཀྱི་བརྗོད་བྱ་མཐའ་དག །སྨན་དང་། ནད་པ་དང་། ནད་གཡོག་དང་། སྨན་པ་སྟེ་དོན་བཞི་དང་། དེ་རེ་རེ་ལའང་བཞི་བཞི་ཚང་དགོས་པར་

p. 427

བསྟན་སྟེ། ཇི་སྐད་དུ། གསོ་བ་དག་ཏུ་བསྟན་པ་ནི། །སྨན་པ་སྨན་དང་ནད་གཡོག་དང་། །ནད་པ་ཡན་ལག་རྣམ་བཞི་སྟེ། །རེ་རེའང་རྣམ་པ་བཞི་བཞི་ཡིན། །སྨན་པ་མཁས་རྟོགས་གཞུང་དོན་ཤེས། །ལས་རྣམས་མཐོང་ཞིང་གཙང་བ་ཡིན། །སྨན་ནི་ཆོ་ག་མང་པོ་དང་། །ཡོན་ཏན་མང་ལྡན་ཕུན་ཚོགས་འཕྲོད། །ནད་གཡོག་རྗེས་བརྩེ་གཙང་སྦྲ་ཅན། །སྒྲིམ་ཞིང་བློ་དང་ལྡན་པ་ཡིན། །ནད་པ་ཕྱུག་ཅིང་བསྒོ་བ་ཉན། །ཤེས་པར་ནུས་ཤིང་སྙིང་སྟོབས་ལྡན། །ཞེས་དང་། ཡང་ཡན་ལག་བརྒྱད་པ་ཞེས་པ་ནི། ཇི་སྐད་དུ། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་གྱུར་པ། །ཡན་ལག་བརྒྱད་ཅེས་དེ་ལ་བརྗོད། །ཅེས་གསུངས། དེ་ལ་གསོ་བ་རིག་པ་འདི་ཇི་ལྟར་འབྱུང་བའི་ཁུངས་ལ་བཞི་ལ། སངས་རྒྱས་ཀྱི་གསུང་ཚུལ་ནི། འདུལ་བ་ལུང་གི་སྨན་གཞི་ལས། སྨན་རྣམ་པ་བཞིར་ཕྱེ་ནས་བརྟེན་ཚུལ་གསུངས་པ་དང་། གསེར་འོད་དམ་པ་ལས། ཟླ་གསུམ་དབྱར་སྟེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམ་དུས་ནི་དྲུག །ཞེས་སོགས་གསུངས་པ་དང་། གསང་སྔགས་ཀྱི་རྒྱུད་རྣམས་སུ། ལུས་ཆགས་ཚུལ་དང་། དེའི་ཁམས་འཁྲུགས་པས་ནད་སྐྱེད་ཚུལ། དེ་ལ་ཕྱི་དང་ནང་གི་སྨན་དཔྱད་རྒྱས་པར་གསུངས། གཉིས་པ་ཚངས་པ་ནས་བརྒྱུད་ཚུལ་ནི། སྔོན་ལྷ་མིན་སྟོབས་ལྡན་གྱིས་རི་རབ་ཀྱི་བསྲུབས་ཤིང་། ཀླུའི་རྒྱལ་པོ་གཉིས་ཀྱི་བསྲུབ་ཐག་བྱས་ནས་རྒྱ་མཚོ་བསྲུབས་པས་ཐོག་མར་ཉི་ཟླ་གཉིས་བྱུང་། ཡང་བསྲུབ་པས་དུག་གིས་མེས་པོ་སྤྲ་དང་། མེ་འབར་བ་ཞིག་བྱུང་བའི་ནུས་པས་ནམ་མཁའི་ཁམས་ཁེངས་པ་ལ། ཚངས་པས། ཁྱོད་ནི་དུག་གི་མེས་པོ་སྟེ། །ཁྱོད་ནི་དུག་གི་ཕྱི་མོ་ཡིན། །ཞེས་སོགས་བརྗོད་པས། རྒྱུ་བའི་དུག་དང་མི་རྒྱུ་བའི་དུག་སོགས་རང་རང་ལ་ཐིམ། ཡང་བསྲུབས་པ་ལས། བདུད་རྩི་བུམ་པ་གང་བྱུང་སྟེ། དེ་དབང་ཕྱུག་གིས་འཐུངས་པས་མགྲིན་སྔོན་དུ་སོང་། ཚངས་པས་ཁྱེར་བ་ལ་སྒྲ་གཅན་གྱིས་རང་གི་བསོད་ནམས་ལས་གྲུབ་པའི་མཚོན་ཆའི་འཁོར་ལོ་དམ་བཅའ་བཞི་ལྡན་བྱ་བ་འཕངས་པས་དཔྲལ་བའམ་མཁུར་ཚོས་སྣད་ནས་ཡུན་རིང་དུ་བརྒྱལ། དེ་

p. 428

ལས་གསོས་ཏེ་དྲན་པ་རྙེད་ནས་ཕན་པའི་ཐབས་བསམ་པས་སྔོན་སངས་རྒྱས་ལ་སྨན་གྱི་རྒྱུད་ཐོས་པ་རྣམས་དྲན་ཞིང་། རྨ་ནང་ནས་ཚེའི་རིག་བྱེད་ཀྱི་ཐོག་མར། ༀ་ཨ་ཐཱ། ཞེས་ཐོན་པ་ལ་བརྟེན་ནས། ཚེའི་རིག་བྱེད་ཡན་ལག་དང་བཅས་པ་བྱུང་སྟེ། ཟླ་ཟེར་ལས། ཡི་གེ་ༀ་དང་ཨ་ཐའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྟོལ་ནས་བྱུང་བ་སྟེ། །དེས་ན་འདི་དག་བཀྲ་ཤིས་ཡིན། །ཞེས་གསུངས། དེ་ལྟར་ཚངས་པས་རང་གི་ནད་གསོས་ཞིང་སྐྱེ་དགུའི་བདག་པོ་ལ་བསྟན། དེས་སྐར་མ་ཐ་སྐར་གྱི་བུ་རིས་མེད་དང་སྐར་བཅས་གཉིས་ལ་བཤད། དེ་གཉིས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཤད་དེ་ལྷའི་དྲང་སྲོང་དུ་མ་ལ་བརྒྱུད་དོ། །གསུམ་པ། རྒྱ་གར་དུ་དར་ཚུལ་ནི། སྟོན་པ་བཞུགས་པའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཟུར་བུ་ཆུང་བ་རང་གི་ཕུ་བོ་ནོར་བུ་འཇིགས་མེད་ཀྱིས་གསོས་པས་སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བ་མིའི་དྲང་སྲོང་རྒྱུན་ཤེས་ཀྱི་སློབ་མ་སྟེ་འདུལ་བ་ལུང་གི་གསོ་གཞིའི་སྐབས་ལས། ཐུབ་པ་བསྙུན་གསོའི་སྨན་པའི་རྒྱལ་པོར་དབང་བསྐུར་བ་ལ་སོགས་པའི་ལོ་རྒྱུས་རྒྱས་པར་འབྱུང་ཞིང་། ཁྱད་པར་འཕགས་པའི་ཡུལ་དུ་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་ཆེན་པོ་དང་དེའི་སྙིང་པོ་བསྡུས་པ་སོགས་མཛད། དེ་ལ་ཁ་ཆེ་ཟླ་དགས་འགྲེལ་བ་ཟླ་ཟེར་མཛད་ནས་དར། བཞི་པ་བོད་དུ་ཇི་ལྟར་དར་ཚུལ་ནི། སངས་རྒྱས་བྱང་སེམས་དང་ལྷ་མིའི་དྲང་སྲོང་རྣམས་ཀྱིས་མཛད་པའི་སྨན་གཞུང་རྒྱ་གར་དང་། ཧོར་གེ་སར་གྱི་ཡུལ་རྣམས་ནས་ལོ་ཆེན་བཻ་རོ་ལ་སོགས་པས་བོད་དུ་བསྒྱུར་བ་དང་། ཡན་ལག་བརྒྱད་པ་རྩ་འགྲེལ་རིན་ཆེན་བཟང་པོས་བསྒྱུར་བཤད་ཀྱི་གཏན་ལ་ཕབ་ཅིང་། དེ་ལ་བརྟེན་ནས་སྟོན་པ་སྨན་གྱི་བླ་དང་དབྱེར་མ་མཆིས་པ་གཡུ་ཐོག་པ་ཆེན་པོ་ཡོན་ཏན་མགོན་པོས་ཉི་ཟླ་ལྟར་གྲགས་པའི་རྒྱུད་བཞི་སྤེལ་ཏེ་སྐྱེ་དགུའི་བསོད་ནམས་ཀྱི་ཉེ་འཚོར་བཞུགས་པ་འདིའོ། །དེ་ལས་རྒྱུད་བཞི་ལག་ལེན་དང་བཅས་པའི་བརྒྱུད་པ་ནི། སངས་རྒྱས་སྨན་བླ། རིག་པའི་ཡེ་ཤེས་ལྔ། ཡིད་ལས་སྐྱེས། འཚོ་བྱེད་གཞོན་ནུ། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་དཔའ་བོ། ཁ་ཆེ་ཟླ་བ་མངོན་དགའ། ལོ་ཆེན་བཻ་རོ། གྲྭ་པ་
མངོན་ཤེས། དབུས་པ་དར་གྲགས། རོག་སྟོན་དཀོན་མཆོག་སྐྱབས། གཡུ་ཐོག་པ་ཆེན་པོ། སུམ་སྟོན་ཡེ་ཤེས་གཟུངས། པཎ་ཆེན་ཡེ་ཤེས་གཞོན་ནུ། མཁས་པ་འབུམ་སེང་། གཙང་སྟོན་སངས་རྒྱས་རིན་ཆེན། མཁས་པ་རིན་ཆེན་རྡོ་རྗེ། བླ་མ་དོན་གྲུབ་རྒྱལ་མཚན། བྲང་ཏིག་དཀོན་མཆོག་སྐྱབས། བྲང་ཏིག་དཔལ་ལྡན་འཚོ་བྱེད། འཚོ་བྱེད་རིན་ཆེན། རྣལ་འབྱོར་བསོད་དབང་། རྣལ་འབྱོར་ཆེན་པོ་རི་ཁྲོད་ཞིག་པོ། བྱ་བཏང་དཀོན་མཆོག་ལྷུན་གྲུབ། ཟུར་མཁར་བ་མཉམ་ཉིད་རྡོ་རྗེ། དེ་ནས་བརྒྱུད་པའི་ཁྱད་པར་དུ་མ་ཡོད་མོད་བླ་མ་སོ་སོའི་གསན་ཡིག་དང་མཁས་པ་རྣམས་ཀྱི་གསུང་ལས་རྟོགས་པར་བྱའོ། །

སྒྲ་རིག་པ།

p. 429

ཡང་རིག་གནས་གསུམ་པ་སྒྲ་རིག་པ་ནི། སྤྱིར་སྨྲ་བ་ཀུན་ལ་འཇུག་པར། ཟིན་པ་དང་ནི་མ་ཟིན་དང་། །གཉིས་ཀ་དག་ལས་བྱུང་བའི་སྒྲ། །སེམས་ཅན་སྟོན་དང་མི་སྟོན་དག །ལུང་དུ་སྟོན་དང་མི་སྟོན་པའོ། །ཞེས་པས་སྤྱིར་སྒྲ་ནི། ཟིན་པ་དང་། མ་ཟིན་པ་དང་། གཉིས་ཀ་ལས་བྱུང་བའམ། ཡང་ན་སེམས་ཅན་དུ་སྟོན་པ་དང་། མི་སྟོན་པ་གཉིས་ཏེ། སྟོན་པ་ལའང་ཚིག་ཏུ་ལྷུང་བ་དང་མ་ལྷུང་བའི་སྒོ་ནས་རིམ་པ་ཇི་ལྟ་བར་ལུང་དུ་སྟོན་པ་དང་། མི་སྟོན་པ་རྣམས་ལས། འདིར་ནི་ཟིན་པ་སེམས་ཅན་དུ་སྟོན་ཅིང་། ཚིག་ཏུ་ལྷུང་བའི་སྒོ་ནས་ལུང་སྟོན་པས་བྱཱ་ཀ་ར་ཎ་ཞེས་ལུང་དུ་སྟོན་པའམ། བརྡའ་སྤྲོད་པ་ཞེས་གྲགས། དེའི་བརྗོད་བྱ་ཐུན་མོང་པ་ནི་ཚོགས་པ་གསུམ་སྟེ། སྨྲ་བ་རྒྱན་གྱི་མེ་ཏོག་ལས། །ངོ་བོ་ཙམ་དང་ཁྱད་པར་སྟོན། །དེ་གཉིས་རྟེན་དུ་གྱུར་པ་ནི། །མིང་དང་ཚིག་དང་ཡི་གེ་ཡིན། །ཞེས་པས་ཡི་གེ་དང་། མིང་དང་ཚིག་གི་ཚོགས་པའོ། །འདི་གསུམ་མངོན་པའི་ལུགས་ལྟར་ན་ཕན་ཚུན་འགལ་བ་ཅན་ཏེ། སློབ་དཔོན་བློ་གྲོས་བརྟན་པས་མངོན་པ་ཕུང་པོ་ལྔའི་བཤད་པར། དོན་གྱི་ངོ་བོ་བརྗོད་པ་མིང་། དེ་ཡི་ཁྱད་པར་སྟོན་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་གསུངས་པས་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་། དེའི་ཁྱད་པར་སྟོན་པ་ཚིག །གང་ཡང་མི་སྟོན་པའི་འབྲུ་ནི་ཡི་གེའོ། །སྒྲ་བའི་ལུགས་ལ་དེ་གསུམ་མི་འགལ་བའི་སྐབས་སྲིད་དེ། ནི་པཱ་ཏའི་སྐབས་སུ་ཨ་ཨི་ཨུ་རྣམས་ཡི་གེ་ཡིན་ཏེ་དབྱངས་ཡིན་པའི་ཕྱིར། མིང་ཡིན་ཏེ་ཨ་ཁྱབ་འཇུག །ཨི་བདུད།

p. 430

ཨུ་དབང་ཕྱུག་རྣམས་ཀྱི་མིང་ཡིན་པའི་ཕྱིར། ཚིག་ཡིན་ཏེ་མིང་རྣམ་དབྱེའི་མཐའ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་ཡི་གེ་ནི། བརྗོད་འདོད་ཀྱི་ཀུན་ནས་བསླངས་པས་གནས་དང་། བྱེད་པ་དང་། རྩོལ་བ་རྣམས་ཕྲད་པ་ལས་སྐྱེས་པའི་སྐད་གདངས་འབའ་ཞིག་པ་སྟེ། དཔང་ལོ་ཆེན་པོས། བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། །དེ་ཡི་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དང་དབུགས་དབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེས། །ཞེས་པ་སྟེ། མཚན་གཞི་ནི་ཨཱ་ལི་དང་། ཀཱ་ལིའི་ཡི་གེ་ཡིན་ལ། དེ་ཡང་རྒྱ་ནག་གི་ཡུལ་དང་། མི་ཉག་པ་སོགས་ལ་ཡི་གེའི་ཚོགས་པ་མེད་པས་ཡིག་གཟུགས་ལ་ཐུག་པ་མེད་ཅིང་། རྒྱ་བལ་དང་བོད་ཡུལ་སོགས་སུ་ཡི་གེ་དབྱངས་གསལ་གཉིས་སུ་བསྡུས་ཏེ་བཤད་པས་མིང་ཚིག་གསར་དུ་བྱུང་ཡང་ཡི་གེའི་སྦྱོར་བ་ལ་དཀའ་བ་མེད་དོ། །མིང་ནི། ཡི་གེ་འདུས་པ་ལས་བྱུང་བའི་བརྗོད་བྱའི་དོན་གྱི་ངོ་བོ་ཙམ་རྗོད་པར་བྱེད་པའི་སྒྲ་སྤྱིར་སྣང་བ་སྟེ། ཀ་བ་དང་བུམ་པ་ཞེས་པ་ལྟ་བུའོ། །དེ་ལྟར་ཡང་། ཡི་གེ་གཉིས་སམ་མང་འདུས་པས། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །ཞེས་སོ། །དབྱེ་ན། དང་པོར་བརྡ་སྦྱར་བ་དངོས་མིང་དང་། འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་ཕྱིས་བརྡའ་སྦྱར་བ་བཏགས་མིང་ངོ་། །ཚིག་ནི། མིང་དུ་མ་འདུས་པ་ལས་བྱུང་བའི་དོན་གྱི་ཁྱད་པར་སྟོན་པའི་སྒྲ་སྤྱིར་སྣང་བ་སྟེ། ཙན་དན་གྱི་ཀ་བའམ། གསེར་གྱི་བུམ་པ་ཞེས་པ་ལྟ་བུའོ། །ཁྱད་པར་སྒྲ་བའི་ལུགས་ལ། ཨ་མ་ར་ཀོ་ཥ་ལས། རྗོད་བྱེད་བསྟན་བཅོས་སྒྲ་ལ་ནི། །པུསྟ་ཏིང་གི་མཐའ་ཅན་ཚིག །ཞེས་སོ། །ཡང་བརྡ་སྤྲོད་པའི་ལུགས་ཀྱི་བརྗོད་བྱ་ཐུན་མོང་མ་ཡིན་པ་ནི་རང་བཞིན། རྐྱེན་དང་། རྣམ་འགྱུར་གསུམ་གྱིས་བསྡུས་ཏེ། བརྡ་སྤྲོད་སྙིང་པོ་གསལ་བ་ལས། རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས། །བརྡའ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །ཞེས་གསུངས། དེ་ལ་རང་བཞིན་ནི་རྐྱེན་གྱིས་དབང་གིས་རྣམ་འགྱུར་སྣ་ཚོགས་སུ་སྒྲུབ་པར་བྱ་བའི་གཞིར་གྱུར་པ་སྟེ། རང་བཞིན་བྱིངས་དང་མིང་དེ་ལའང་། །ཐོག་མའི་རང་བཞིན་བྱ་བའི་དོན། །རྟགས་གསུམ་དབྱངས་དང་གསལ་བྱེད་མཐའ། །ཞེས་པས་ཐོག་མའི་རང་བཞིན་ནི་བྱིངས་ཏེ།

p. 431

བྱ་བའི་དོན་ཞེས་ཀྱང་བྱ་ཞིང་། དབྱེ་ན་གསུམ་སྟེ། བྷུ་ཡོད་པ་ལའོ། །ཞེས་སོགས་བྱིངས་མདོ་ལེའུ་དགུ་ནས་བཤད་པ་རྣམས་ནི་གླེགས་བམ་ལས་བྱུང་བའི་བྱིངས་དང་། ཀུན་བཤད་ལེའུ་གཉིས་པ་ནས་བཤད་པའི་སནྡ་སོགས་བདུན་གྱི་མཐའ་ཅན་ནི་རྐྱེན་གྱིས་བཅོས་པའི་བྱིངས་དང་། ཛཱུ་མདོའི་སོགས་སྒྲ་མདོའི་ཟུར་ནས་རྙེད་པ་རྣམས་ལ་མདོ་བྱིངས་ཞེས་ཟེར་རོ། །རང་བཞིན་གཉིས་པ་མིང་ནི། སྒྲ་བའི་ལུགས་འདིར་རྟགས་སུ་གྲགས་ཏེ་བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སོ། །ཞེས་པས་བྱིངས་ལ་ཀྲྀཏཱ་ཀྱི་རྐྱེན་སྦྱིན་ཞིང་རྣམ་དབྱེ་མ་བྱིན་པའི་བར་སྐབས་ཀྱི་སྒྲའི་ཡན་ལག་ཞིག་ལ་ངོས་འཛིན་ཅིང་། དབྱེ་ན། ཕོ་མོ་མ་ནིང་གི་རྟགས་གསུམ་སོ་སོ་བ་དང་ཐུན་མོང་པ་སྟེ་མིང་གཞི་ཞེས་བྱ་སྟེ་བྲིཀྵ་ལྟ་བུ་དབྱངས་ཀྱི་མཐའ་དང་། བི་རྟུར་ལྟ་བུ་གསལ་བྱེད་ཀྱི་མཐའ་ཅན་གཉིས་སུ་ངེས་སོ། །གཉིས་པ་རྐྱེན་ནི། སྒྲའི་རང་བཞིན་གཉིས་མིང་ཚིག་བྱིངས་གསུམ་གང་རུང་དུ་སྒྲུབ་པར་བྱེད་པའི་སྒྲའི་ཡན་ལག་ལ་རྐྱེན་ཞེས་བྱ་སྟེ། ཀུན་བཤད་ལས། རྐྱེན་ལ་མཚན་ཉིད་རང་བཞིན་རྣམ་འགྱུར་དུ། །སྒྲུབ་པར་བྱེད་ལ་སྒྲ་ཡི་ཡན་ལག་ཟེར། ཞེས་སོ། །དབྱེ་ན་ཀྲྀཏ྄་རྐྱེན་དང་། ཨུཎ་སོགས་བྱིངས་རྟགས་སུ་སྒྲུབ་པའི་རྐྱེན། ཏི་སོགས་བྱིངས་ཚིག་ཏུ་སྒྲུབ་པའི་རྐྱེན། ཡིན་དང་ཨ་ཡི་མ་གཏོགས་པའི་པན་སོགས་བྱིངས་སྒྲུབ་པའི་རྐྱེན། བུད་མེད་ལས་ཨ་ལས་ཨའོ་ཞེས་སོགས་རང་རྟགས་སུ་སྒྲུབ་པའི་རྐྱེན། མིང་ལས་རང་དང་འབྲེལ་བ་ཡི། །མིང་གཞན་སྒྲུབ་པ་དེ་ཕན་ཏེ། །ཞེས་མིང་མིང་དུ་སྒྲུབ་པར་བྱེད་པ་དེ་ཕན། ཡིན་དང་ཨ་ཡི་སོགས་རྟགས་བྱིངས་སུ་སྒྲུབ་པའི་རྐྱེན། སི་སོགས་རྟགས་ཚིག་ཏུ་སྒྲུབ་པའི་རྐྱེན་དང་བདུན་ཡོད་ལ། དེ་ལས་ཀྱང་སི་སོགས་དང་ཏི་སོགས་ནི་རྐྱེན་དང་རྣམ་དབྱེ་གཞི་མཐུན་སྟེ། སྔ་མས་མིང་ཚིག་ཏུ་སྒྲུབ་པའི་སྒོ་ནས་དོན་རྣམ་པར་འབྱེད་པའི་ཕྱིར་དང་། ཕྱི་མས་བྱིངས་ཚིག་ཏུ་སྒྲུབ་པའི་སྒོ་ནས་དུས་དང་དོན་རྣམ་པར་འབྱེད་པའི་ཕྱིར་རོ། །གསུམ་པ་རྣམ་འགྱུར་ནི། དཔང་ལོས། རང་བཞིན་རྐྱེན་དང་འབྲེལ་བའམ། །ཡི་གེ་ཙམ་དང་འབྲེལ་བ་ཡི། །བསྒྱུར་དང་དབྱེ་བ་རྣམ་འགྱུར་ཏེ། །ཞེས་པའི་མཚམས་སྦྱོར། མིང་ལེ། ཀུན་བཤད་ཀྲིཏ྄་དང་བཞིས་མདོའི་རྩ་བ་

p. 432

བསྟན་ལ། ཡན་ལག་ནི་བྱིངས་མདོ་དང་། ཉེར་བསྒྱུར་དང་། ཨུཎ་ལ་སོགས་པ་རྣམས་སོ། །དེ་དག་སྟོན་པའི་གཞུང་ལུགས་ཀྱང་། ཨིནྡྲ་བྱཱ་ཀ་ར་ཎ། བི་ཤ་ལི་བྱཱ་ཀ་ར་ཎ། ཤ་ཀཽ་ཊ་ཡ་ན་བྱཱ་ཀ་ར་ཎ། པཱ་ཎི་བྱཱ་ཀ་ར་ཎ། ས་མནྟ་བྷ་དྲ་བྱཱ་ཀ་ར་ཎ། སརཉྫ་ལི་བྱཱ་ཀ་ར་ཛེནྡྲ། མ་ནུ་ཛནྡྲེ་བྱཱ་ཀ་ར་ཎ། ཞེས་པཱ་ཎི་པའི་འགྲེལ་པར་གྲགས་ལ། རྒྱ་བོད་ཀྱི་མཁས་པ་སྤྱི་ལ་གྲགས་པར། པཱ་ཎི་བྱཱ་ཀ་ར་ཎ། འཇམ་དཔལ་གྱི་བྱཱ་ཀ་ར་ཎ། ཨིནྡྲ་བྱཱ་ཀ་ར་ཎ། ཀཱ་ལ་པ་དང་། ཙནྡྲ་པ་དང་། དབྱངས་ཅན་བྱཱ་ཀ་ར་ཎ་རྣམས་ལས་ཨིནྡྲ་བྱ་ཀ་ར་ཎ་མ་གཏོགས་བོད་དུ་འགྱུར་ཞིང་། ཁྱད་པར་ཀཱ་ཙན་གཉིས་ནི་གངས་ཅན་གྱི་རྨོངས་མུན་སེལ་བ་ལ་ཉི་ཟླ་ཟུང་འབྲེལ་ལྟ་བུར་གྱུར་པ་ཡིན་ནོ། །དེ་ལྟ་བུའི་རིག་པ་དེ་ཉིད་ཇི་ལྟར་བྱུང་བའི་ཚུལ་ལ་བཞི་ལས། དང་པོ་འཕགས་པས་གསུང་ཚུལ་ནི། སྟོན་པ་སངས་རྒྱས་ཀྱིས་སོ་སོ་ཡང་དག་པ་རིག་པ་བཞིའི་ནང་ནས་གསུམ་པ་ངེས་ཚིག་འཆད་པའི་དུས་དང་། རྔ་བོ་ཆེའི་མདོར། རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས་དང་། །དེ་དག་གི་ཉེར་མཁོའི་མིང་དང་ཆ་ལག་ཀྱང་མཚོན་ཏེ་གསུངས་ཤིང་། བྱང་སེམས་འཕགས་པས་གསུངས་ཚུལ་ནི། དུས་འཁོར་འགྲེལ་ཆེན་ལས། འཇམ་དཔལ་གྱིས་རང་གི་ལུང་སྟོན་པ་ལས་བྲིས་པ། ཞེས་འཇམ་དཔལ་བྱཱ་ཀ་ར་ཎ་བསྟན་པ་དང་། པཱ་ཎི་པ་དང་། དབྱངས་ཅན་མ་གཉིས་ཀྱང་བྱང་འཕགས་ཀྱིས་གསུངས་པར་བགྲངས་ན་འབྲེལ་ཏེ། སྔ་མ་ནི། སྤྱན་རས་གཟིགས་ཀྱིས་བྲམ་ཟེ་པཱ་ཎི་ལ་གསུངས་ལ། ཕྱི་ལ་ནི་དབྱངས་ཅན་མས་ཨ་ནུ་བྷཱུ་ཏི་ལ་དངོས་སུ་གསུངས་པའི་ཕྱིར་རོ། །གཉིས་པ་ལྷའི་ཡུལ་དུ་དར་ཚུལ་ནི། སུམ་ཅུ་རྩ་གསུམ་དུ་སརྦ་ཛྙཱ་ཞེས་པའི་སྒྲ་མཁན་མཁས་པ་ཞིག་བྱུང་ཏེ། དེས་སྒྲའི་བསྟན་བཅོས་ཆེན་པོ་བྱས་པ་ལྷའི་ཡུལ་དུ་དར་ཞེས་གྲགས། དེ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསླབས། དེས་སྨྲ་མཁན་ཕུར་བུ་ལ་བཤད་ནས་ཕུར་བུ་ལྷ་རྣམས་ཀྱི་སློབ་དཔོན་དུ་བསྐོས། དེའི་ཚེ་ཕུར་བུ་ང་རྒྱལ་ཆེ་བས་ལྷ་རྣམས་ཀྱིས་བསྟེན་དཀའ་བ་ན། ལྷའི་དབང་པོས་གསེར་གྱི་བུམ་པ་གཅིག་བཟུང་སྟེ་རྒྱ་མཚོ་ནས་ཆུ་བུམ་པ་གང་ལེན་དུ་བཏང་བ། དེས་ཀྱང་བླངས་ཏེ་ཕུལ་བ། བརྒྱ་བྱིན་གྱི་ཀུ་ཤའི་རྩེ་མོས་ཆུ་ཐིག་པ་གཅིག་

p. 433

བླངས་ཏེ། སྒྲ་ཡི་བསྟན་བཅོས་རྒྱ་མཚོ་ཙམ། །ཁོ་བོས་ཤེས་པ་བུམ་གང་ཙམ། །ཁྱོད་ཀྱི་ཤེས་པ་ཐིགས་པ་ཙམ། །ཞེས་སྨྲས་པས་ཕུར་བུ་ཡི་ཆད་དེ་སྒྲ་མི་འཆད་པར་དམ་བཅས་པ་ན། དབང་པོས་རང་གིས་ཇི་ཙམ་ཤེས་པ་སྟོན་ཅིག །ཅེས་བསྒོས་པས། དམ་བཅའ་མི་འགལ་བའི་ཆེད་དུ། ཚེས་བརྒྱད་སློབ་དཔོན་ངེས་པར་འཇོམས། །བཅུ་བཞི་ལ་ནི་སློབ་མ་འཇོམས། །གནམ་སྟོང་ལ་ནི་རིག་པ་འཇོམས། །ཚེས་གཅིག་ལ་ནི་ཐམས་ཅད་འཇོམས། །ཞེས་དུས་གཉན་བཞི་བསྲུང་བར་བྱས་ཏེ་གཞན་ལ་བསྟན་པས་སྨྲ་མཁན་ནམ་ལྷའི་བླ་མ་ཞེས་གྲགས་སོ། །གསུམ་པ་རྒྱ་གར་དུ་བྱོན་ཚུལ་ནི། པཱ་ཎི་བྱཱ་ཀ་ར་ཎ་འཇིག་རྟེན་དུ་མ་ཕེབས་གོང་དུ་སྒྲ་སྦྱོར་དུམ་ཀ་བསགས་ནས་སྦྱོང་བ་ལས་གཅིག་ཏུ་སྡེབས་པའི་བསྟན་བཅོས་མེད་པར་གྲགས། དེ་ལ་པཱ་ཎི་བྱ་ཀ་ར་ནི། འཇམ་དཔལ་རྩ་རྒྱུད་དུ། བྲམ་ཟེ་ཁྱེའུ་པཱ་ཎི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། དེ་ཡང་དེ་ཡིས་སྔགས་གྲུབ་བོ། །ཞེས་པས། རྒྱལ་པོ་དགའ་བའི་གྲོགས་པོ་སྟེ། ཡུལ་ནུབ་ཕྱོགས་བི་རུ་ཀའི་ཚལ་དུ་སྐྱེས། སྒྲ་རིག་པ་ཤེས་མི་ཤེས་ལག་རིས་མཁན་ལ་བསྟན་པས་མི་ཤེས་པར་ལུང་བསྟན་པས། ཆུ་གྲི་སྣོན་པོས་ལག་རིས་བཅོས་ཏེ་ས་སྟེང་གི་བརྡའ་སྤྲོད་པའི་སློབ་དཔོན་མཐའ་དག་བསྟེན། ལེགས་པར་བསླབས་ཤིང་ཤེས་ཀྱང་ད་དུང་མ་ཚིམ་སྟེ། ཡི་དམ་གྱི་ལྷ་རྩེ་གཅིག་ཏུ་བསྒྲུབས་པ་ཞལ་མངོན་སུམ་དུ་བསྟན་ཏེ། ཨ་ཨི་ཨུ་ཞེས་གསུང་པ་ཙམ་གྱིས་འཇིག་རྟེན་གསུམ་ན་ཡོད་པའི་སྒྲའི་གནས་རྣམས་ཁོང་དུ་ཆུད་དེ། པཱ་ཎི་བྱཱ་ཀ་ར་ཎ་ཞེས་བྱ་བའི་སྒྲའི་བསྟན་བཅོས་སྒྲ་སྦྱོར་བའི་མདོ་ཤོ་ལོ་ཀ་སྟོང་དང་། བྱེ་བྲག་ཕྱེད་པའི་མདོ་ཤོ་ལོ་ཀ་སྟོང་སྟེ་ཉིས་སྟོང་ཡོད་པ་ཞིག་མཛད། དེ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་བུས་འགྲེལ་པ་ཤོ་ལོ་ཀ་འབུམ་ཡོད་པ་ཞིག་བྱས་སོ། །ཨིནྡྲ་བྱཱ་ཀ་ར་ཎ་ནི་བྲམ་ཟེ་ཨིནྡྲ་དྷུ་བ་ཞེས་བྱ་བས་བརྒྱ་བྱིན་བསྒྲུབས་ཏེ། དབང་པོས་ཇི་ལྟར་བཤད་པ་དག་བྲིས་ཤིང་། དེ་ལ་ཤོ་ལོ་ཀ་ཉིས་ཁྲི་ལྔ་སྟོང་ཡོད་པ་སྟེ། འདི་ལ་ལྷས་བསྟན་པའི་བརྡ་སྤྲོད་དམ་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་གྲགས། ཀཱ་ལཱ་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་སྦྱིན་བདག་རྒྱལ་པོ་བདེ་སྤྱོད་

p. 434

བཟང་པོ་ཞེས་བྱ་བ་ལ། བཙུན་མོ་རྒྱལ་རིགས་ལས་བྱུང་བ་སང་ཀྲྀ་ཏའི་སྐད་ཤེས་པ་ཅིག་ཡོད་དེ། དེ་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་དུ་རྩེ་དགའ་ལ་ཕྱིན་པའི་དུས། རྒྱལ་པོས་བཙུན་མོ་ལ་ཆུ་ཐིགས་གཅིག་གཏོར་བས། མ་མོ་དང་ཀཱ་པིནྩ་སྟེ་བདག་ལ་ཆུ་མ་གཏོར་ཞེས་སྨྲས་པས། རྒྱལ་པོས་ཏིལ་གྱི་ལས་སུ་བླང་ཞེས་པར་གོ་ནས་བྱིན་པས། བཙུན་མོ་ན་རེ་ཅི་ཡིན་ཟེར། ད་ཅི་བླང་ཟེར་བ་དེ་ཡིན་བྱས་པས། རྒྱལ་པོ་སཾ་ཀྲྀ་ཏའི་སྐད་ཅུང་ཟད་ཙམ་ཡང་མི་ཤེས་པ་བ་ལང་ལྟ་བུ་དང་ཁྱིམ་ཐབ་མི་བྱེད་བསམ་ཡིད་མུག་པར་གྱུར་པ་ལ། རྒྱལ་པོས་ངས་ཀྱང་བསླབ་ཅེས་སྤྲོ་བ་བསྲིང་ཏེ་སྒྲ་སློབ་པར་དམ་བཅས་པ་ན། རང་གི་ཞང་པོ་དབང་ཕྱུག་གོ་ཆས། རྒྱལ་བོས་སློབ་དཔོན་མཁས་པ་ཡང་རྙེད་པར་དཀའ། རྙེད་ཀྱང་ཡུན་རིང་མི་ཤེས་པས་རྒྱལ་པོའི་བྱ་བ་འཆོར། དེ་བས་ན་བདག་གིས་འདོད་པའི་ལྷ་བསྒྲུབས་ནས་ལེགས་པར་ཤེས་པར་བྱས་ནས། རྒྱལ་པོ་ལ་ཚེགས་ཆུང་ངུས་བསླབ་པར་བྱའོ་སྙམ་གཞོན་ནུ་སྨིན་དྲུག་བསྒྲུབས་པས་ཞག་བདུན་ན་གཞོན་ནུ་སྨིན་དྲུག་རྨ་བྱ་ལ་ཞོན་པ། ལག་ན་མདུང་ཐུང་ཐོགས་པ་གཅིག་བྱུང་ནས་ཅི་ཤེས་པར་འདོད་ཟེར་བ་ལ། སྒྲ་ཤེས་པར་འཚལ་ལོ་ཞེས་སྨྲས་པས། སིདྡྷི་ཝརྞ་པ་མཱ་ནཱ་ཡ་ཞེས་པ་ནས། མཚམས་སྦྱོར་རྐང་པ་ལྔ། མིང་ལེ་རྐང་པ་དྲུགཀུན་བཤད་རྐང་པ་བཞི་བཤད་པས། དེ་ཙམ་གྱིས་ཆོག་པར་འཚལ་ལོ་ཞེས་བྱས། ལྷའི་བྱིན་རླབས་དང་། རང་གི་བག་ཆགས་དག་ལས་ཡང་དག་པར་ཤེས་སོ། །འོན་ཀྱང་བསྟན་བཅོས་འདིའི་མིང་ཅི་ཟེར་བ་ཡིན་སྙམ་ནས། དེ་བ་ཤཱཔྟ་ནཱ་ལ་ཉི་ཧོ་ཅེས་སྨྲས་པས། ཀ་ལཱ་པ་སུ་ཏྲ་ཞེས་གསུངས་སོ། །དེ་ནས་རྒྱལ་པོ་ལ་བསླབས་པས་མྱུར་དུ་ཤེས་པར་གྱུར་ཏོ། །ཀུན་བཤད་རྐང་པ་བཞི་དང་། ཀྲྀཏ྄་རྐང་པ་དྲུག་རྣམས་དབང་ཕྱུག་གོ་ཆ་དང་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་གཞན་ནས་མཛད་ཅེས་གྲགས། དེ་ཉིད་ཀྱི་འགྲེལ་པ་པཎྜིཏ་ཨུ་བྲ་བྷཱུ་ཏིས་སློབ་ཕན་ཞེས་པ་དང་། སློབ་དཔོན་སུརྒ་སིདྡྷས་མཛད་པའི་དུང་སིང་། ཁ་ཆེ་པཎྜི་ཏ་རཱཚཱོ་ཏྲས་མཛད་པ་རྣམས་སོ། །ཙནྡྲ་བྱཱ་ཀ་ར་ཎ་ནི། རྒྱ་གར་ཤར་ཕྱོགས་བྷངྒ་ལར་འཁྲུངས་པའི་སློབ་དཔོན་ཙནྡྲ་གོ་མི་ཞེས་པ། རྟེན་གོ་མིའི་དགེ་བསྙེན་ཡིན་པ་རིག་པའི་གནས་ལྔ་ལ་མཁས་

p. 435

པ་ཞིག་ཡོད་པ་དེས། པཱ་ཎི་པའི་དོན་འགྲེལ་དུ་ཙཎྜ་བྱ་ཀ་ར་ཎ་དོན་འགྲེལ་དང་བཅས་པ་མཛད། དེས་ནཱ་ལནྡྲེར་བྱོན་ཏེ། དེའི་མཁན་པོ་ཟླ་གྲགས་དང་རྩོད་པའི་ཕྱིར། ཆོས་འཆད་པའི་སར་གདུགས་གཅིག་ཁྱེར་སྟེ་ཕྱིན་པས། ཟླ་གྲགས་ཀྱིས་ཕ་གི་ང་ལ་རྩོད་པ་བྱེད་པ་ཞིག་ཡིན་པར་འདུག །དྲི་བ་བྱེད་དགོས་དགོངས་ནས། ཁྱེད་ཀྱིས་ཅི་ཤེས་བྱས་པས། སྒྲ་པཱ་ཎི་པ། འཇམ་དཔལ་མཚན་བརྗོད། བསྟོད་པ་བརྒྱ་ལྔ་བཅུ་པ་རྣམས་ཤེས་གསུངས་པས། འདི་གཞུང་གསུམ་ལས་མི་ཤེས་ཞེས་ཁེངས་པ་བསྐྱུང་ནའང་དོན་ལ། སྒྲ་མདོ་སྔགས་ཐམས་ཅད་ཤེས་པར་ཁས་བླངས་པ་ཡིན་པས་ཙནྡྲ་གོ། མི་ཡིན་ནམ་ཞེས་དྲིས་པས། དེ་ལྟར་གྲགས་གསུངས། འོ་ན་ཁྱེད་ལ་དགེ་འདུན་གྱིས་བསུ་བ་བྱེད་དེ་རེ་ཞིག་ཕར་ཕེབས་གསུངས་པས། ངེད་དགེ་བསྙེན་ལ་དགེ་སློང་གིས་བསུ་བ་མི་རུང་བྱས་པས། ཤིང་རྟའི་སྟེང་དུ་འཇམ་དཔལ་བཞུགས། དེའི་སྟེང་དུ་ཁྱེད་བཞུགས་ཅིག །འཇམ་དབྱངས་ལ་བསུ་བ་བྱས་པར་འགྱུར་རོ་གསུངས། དེ་བཞིན་བྱས་པས་ཙནྡྲ་གོ་མིས་འཇམ་དབྱངས་ལ་བསྟོད་པ་ཤོ་ལོ་ཀ་བཅུ་གཉིས་མཛད་པས། འཇམ་དབྱངས་ཀྱི་ཞལ་ནས། ང་ལ་དེ་ཙམ་གྱི་ཡོན་ཏན་འདུག་གམ་ཞེས་དབུ་ཡོན་མཛད་པས། དབུ་ཡོན་མ་ཞེས་གྲགས། རྩོད་པ་མཛད་དུས་ཙནྡྲ་གོ་མི་ལ། འཕགས་པའི་སྐུ་གཅིག་གིས་སྟོན་པ་གཟིགས་པས། འཕགས་པ་ཉེ་རིང་མ་མཛད་ཨང་གསུངས་པས་སྐྱེངས་ཏེ། ཕྱག་མཛུབ་ཀེ་རེ་བཞུགས་པ་ལ། སྤྱན་རས་གཟིགས་མཛུབ་ཀེར་མར་གྲགས། གཞན་ཡང་རྒན་མོ་གཅིག་གིས་སློབ་དཔོན་ཙནྡྲ་གོ་མི་ལ་ནོར་བསླངས་པས་སློབ་དཔོན་གྱིས་སྒྲོལ་མའི་སྐུ་གཅིག་ལ་གསོལ་བ་བཏབ་པས། ཕྱག་གདུབ་སོགས་རིན་པོ་ཆེའི་རྒྱན་གནང་བས་སྒྲོལ་མ་རྒྱན་མེད་མ་ཞེས་འབྱུང་བ་སོགས་དང་། ཟླ་གྲགས་ཀྱིས་མཛད་པའི་སྒྲའི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཚིགས་བཅད་ལེགས་པོ་ཞིག་གཟིགས་པས་རང་གི་དེ་སྡེབས་མི་ལེགས་པར་མཁྱེན་པ། འགྲོ་དོན་མི་འབྱུང་སྙམ་ཁྲོན་པར་བསྐྱུར་བས། རྗེ་བཙུན་སྒྲོལ་མས་ཁྱོད་ཀྱི་འདི་ནི་གཞན་ཕན་གྱི་བསམ་པས་བྱས་པས་མ་འོངས་པ་ན་འགྲོ་བ་ལ་ཕན་ཐོགས་པར་འགྱུར་ལ། ཟླ་གྲགས་ཀྱི་ནི་ང་རྒྱལ་གྱི་སེམས་ཡིན་པས་གཞན་ལ་ཕན་པ་དཀའོ། །

p. 436

དེའི་ཕྱིར་གླེགས་བམ་ཁྲོན་པ་ནས་ཕྱུང་ཞིག །ཞེས་ལུང་བསྟན་པ་ལྟས་བླངས་ཏེ། ཁྲོན་པ་དེའི་ཆུ་འཐུང་པ་ཙམ་གྱིས་ཤེས་རབ་ཆེན་པོར་འགྱུར་བ་བྱུང་། དེའི་ཕྱིར་ཙནྡྲ་པ་ནི་ཤིན་ཏུ་དར་རོ། །དེའི་ཡན་ལག་ཏུ་སློབ་དཔོན་སེང་གེ་བཟང་པོས་དུ་བནྡྷའི་འགྲེལ་པ་དང་། ཉི་མའི་སྙིང་པོས་འགྲེལ་པ་གྲུབ་པ། པཎྜི་ཏ་བི་བྷུ་ཏི་ཙནྡྲས་ཨ་མ་ར་ཀོ་ཥའི་འགྲེལ་པ་འདོད་འཇོ་ཞེས་པ། ཙནྡྲའི་འགྲེལ་པ་རང་གི་ཞང་པོ་དྷརྨ་དཱ་པས་ཤོ་ལོ་ཀ་སྟོང་ཕྲག་དྲུག་ཡོད་པ་མཛད། དེའི་འགྲེལ་བའང་པཎྜི་ཏ་མ་ཏིས་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པ། དེའི་འགྲེལ་བཤད་པཱུརྞ་ཙནྡྲས་ཤོ་ལོ་ཀ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཡོད་པ་གཅིག་མཛད་དོ། །དབྱངས་ཅན་བྱཱ་ཀ་ར་ཎ་ནི། མཁས་པ་སྒོ་དྲུག་དང་དུས་མཚུངས་པ་སྟེ། དེ་ཡང་འཕགས་ཡུལ་ལྷོ་ཕྱོགས་མཧཱ་རཎྟ་ཏེ་ཡུལ་འཁོར་ཆེན་པོ་ཞེས་བྱ་བའི་རྒྱལ་ཁམས་སུ་བྲམ་ཟེའི་རིགས་སུ་འཁྲུངས་པའི་སློབ་དཔོན་ཨ་ནུ་བྷུ་ཏི་ཞེས་བྱ་བ་འཕགས་མ་དབྱངས་ཅན་མ་རྟག་ཏུ་མཆོད་པ་ལ་བརྩོན་པ་ཞིག་ཡོད་དོ། །དེ་དུས་གཞན་ཞིག་ན་ཡུལ་དབུས་སུ་འོང་། བཱ་ར་ཎ་སིར་བ་རོ་དཱ་སཱི་ཞེས་པའི་གྲོང་གི་གམ་ཡོག་ཞིག་ཏུ་གྲ་ཁང་བྱས་ཏེ་འདུག་གོ། དེར་དུས་སྟོན་གཅིག་ལ་བྲམ་ཟེ་སྒྲ་ཤེས་པ་སྟོང་ཙམ་དང་། མཁས་པའི་སྐྱེ་བོ་ཇི་སྙེད་པ་འདུས་ཏེ། པཎྜི་ཏ་གསར་དུ་འོངས་པ་ལ་ཚོད་བགམ་པའི་ཕྱིར་འབེལ་གཏམ་རྒྱ་ཆེན་པོས་ཉིན་ཞག་རྒྱ་ཆེན་པོ་འདས་སོ། །དེར་ཉིན་གཅིག་སློབ་དཔོན་ངག་སྟབས་པས། སྐྱེ་རྒུ་རྣམས་ཞེས་པའི་དོན་ལ། སུམ་སུ་ཞེས་བརྗོད་རྒྱུ་ལ་སུ་ུམ་ཀྵུ་ཞེས་ཞལ་ནས་ཐོན་པས། དེར་འཚོགས་ཀུན་གྱིས་བརྗོད་པ་མ་དག་ཅེས་བརྙས་སོ། །དེར་བརྗོད་པ་ནོར་རམ་དགོངས་པ་ལ་ཐུགས་འཚེར་བས་འདི་ལྟ་བུ་སྔོན་གྱི་སྒྲ་མཁན་རྣམས་ཀྱིས་བྱས་ཏེ། ནང་པར་པོ་ཏི་བསྟན་པར་བྱའོ་བྱས་ནས་གྱེས་སོ། །དེའི་ནམ་ཕྱེད་ན། དེ་འདྲའི་པོ་ཏི་ཡེ་མེད་ན། ནང་པར་དེ་འདྲའི་མདུན་དུ་གདོང་ཇི་ལྟར་བལྟ། དེ་བས་ཤི་བ་མཆོག་ཅེས་རལ་གྲི་བཙལ་ཏེ་རང་གི་མགུལ་གཅོད་པར་གཟས་པས་ཁྲག་ཉིལ་གྱི་ལྷུང་བ་ན། འཕགས་མ་དབྱངས་ཅན་མ་དངོས་སུ་བྱོན་ཏེ་བུ་བུ་བདག་ཉིད་ལ་གདུང་བ་མ་བྱེད་ཅེས་དབུགས་དབྱུང་། དྲང་སྲོང་ཀ་ཏའི་བུས་བྱས་པའི་བར་ཏི་ཀ་ཞེས་པའི་

p. 437

གཞུང་ལས། བརྩོན་པ་ཆེན་པོའི་དོན་པ་ཀཀཱ་ཨཱ་ག་མ་སྦྱིན་པར་བཤད་པའི་ཁུང་འགའ་བསྟན། རྨ་ལ་ཟུག་རྔུ་མེད་པར་བྱིན་གྱིས་བརླབས་པོ། །གསུང་ལས་ཁ་སང་ཚོགས་སུ་བདེན་པར་སྨྲས་ན། དེ་དུས་ཞལ་མཐོང་ནས་དོག་པ་བཅད་ཆོག་རྒྱུ་ལ། གཡོ་རྒྱུའི་ངག་སྨྲས་པས་ང་མ་མཐོང་། ད་རེས་གདུང་བ་འདི་འདྲ་བརྩམ་པས་སྡིག་པ་དག་སྟེ་ང་མཐོང་བ་ཡིན་གསུངས། དེ་ནས་ལྷའི་མཐུས་འཕགས་མའི་ཞལ་ནས་གསུང་པའི་མདོ་འདི་འགྲེལ་པར་བཅས་པ་མཚན་ཐུན་ཐ་མ་དེ་ཉིད་ལ་བྲིས་གྲུབ་ཅིང་། ཡིག་ཤོག་ཐམས་ཅད་ཀྱང་བྲིས་ནས་ཡུན་རིང་སོན་པའི་དཔེ་རྙིང་པ་འདྲ་བར་སྣང་བར་གྱུར་ཏོ། །དེ་ནས་ཉི་མ་ཤར་བ་ན་སྔར་བཞིན་རྒོལ་བ་པོ་རྣམས་ཚོགས་པའི་སར་ཀུ་རེའི་ཚུལ་དུ་གླེགས་བམ་བསྟན། ཀུན་ལ་གྲགས་པའི་གཞུང་ཀ་ཏའི་བུའི་ལུང་དྲངས་པས་ཐམས་ཅད་མགུའོ། །དེ་ནས་ཀྱལ་ཀ་བཀྲོལ་ཏེ། མགུལ་གྱི་རྨ་བསྟན། མདང་གི་ལོ་རྒྱུས་བཤད་པས་ཐམས་ཅད་ངོ་མཚར་དུ་གྱུར། མཁས་པ་མང་པོས་མདོ་འདི་བཤད་པར་ཞུས་པ་ཚར་གཅིག་བཤད་དོ། །བཞི་པ་བོད་དུ་བསྒྱུར་ཚུལ་ནི། ཤོང་དཔང་གཉིས་ཀྱིས་ཀ་ཙན་དང་། ཆོས་སྐྱོང་བཟང་པོས་འཇམ་དཔལ་གྱི་བྱཱ་ཀ་ར་ཎ། ཇོ་ནང་ལོ་ཙ་བ་ཕྱི་མས་དབྱངས་ཅན་མ། འདར་ལོས་དེ་ལ་འགྱུར་བཅོས་དང་། པཱ་ཎི་པ་བཞིས་འགྱུར་དུ་མཛད་པ་ཡིན་ནོ། །དེ་དག་གི་བརྒྱུད་ཚུལ་ལ། ཀ་ལཱ་པའི་རི་མོ་ནི། དེ་བ་སརྦ་ཛྙཱ། དེ་བེནྡྲ་ཀུ་མཱ་ར་ཀཏྲི་ཀདབང་ཕྱུག་གོ་ཆ། བདེ་སྤྱོད་བཟང་པོ། ཇོ་བོ་གྲགས་འབྱོར། ཙཎྜ་གོ་མི། དྷརྨ་དཱ་པ། རཏྣ་མ་ཏི། སུརྣ་ཙནྡྲ། འཆི་མེད་སེངྒེ། བཀྵཱི་ཀ་ར། མ་ཧིནྡྲ་བྷ་དྲ། ཤོང་ལོ་རྡོ་རྗེ་རྒྱལ་མཚན། ཤོང་བློ་བརྟན། རིན་ཆེན་རྣམ་རྒྱལ། མཆོག་ལྡན་ལེགས་པའི་བློ་གྲོས། དཔང་ལོ་བྱང་རྩེ། ནམ་མཁའ་བཟང་པོ། ཤེས་རབ་དཔལ། ཐུགས་རྗེ་དཔལ། དེའི་སློབ་མ་པཱ་དྷུ་རཱ་ཛ། ཤེས་རབ་རིན་ཆེན། དཔལ་སྡིངས་གྲགས་པ། དེ་གསུམ་ལ་ཞཱ་ལུ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲས་གསན། དེ་ནས་སྐྱོགས་ལོ་རིན་ཆེན་བཀྲ་ཤིས། ལྷ་མདོངས་པ་བཤེས་གཉེན་རྣམ་རྒྱལ། རྟོགས་པོ་སྐུ་སྐྱེ། ལྷ་བཙུན་ཤཱ་ས་ན་དྷ་ར། གུང་ཐང་པ་བཤེས་གཉེན་རྣམ་རྒྱལ། ལོ་ཆེན་དྷརྨཱ་ཤྲིའོ། །ཡང་ཞ་ལུ་བའི་སྤྱི་ཊཱིཀ་གཉིས་ཀྱི་ལུང་རྒྱུན་ནི། མཛད་པ་པོ་ཆོས་
སྐྱོང་བཟང་པོ། སྐྱོགས་ལོ། ཀ་བཅུ་བ་ཀརྨ་ཆོས་རྒྱལ། ལྷ་མདོངས་པ་ཕྱི་མ། གུང་ཐང་པ། ལོ་ཆེན་དྷརྨ་ཤྲི། ཙནྡྲ་པའི་ཡི་གེའི་བསྡུ་བ་དང་ཏིང་མཐའ་སོགས་ཀྱི་བརྒྱུད་པ་ནི། སྤྱན་རས་གཟིགས། བྲམ་ཟེ་པཱ་ཎི། ཇོ་བོ་གྲགས་འབྱོར། ཙནྡྲ་གོ་མི། དེ་ནས་ཞཱ་ལུ་ལོ་ཆེན་པར་སྔར་ལྟར་ལས་པད་དཀར་ཆོས་སྐྱོང་། ངན་གྲགས་ལོ་ཆེན་དབང་ཕྱུག །བྱར་པོ་ཤེར་བཟང་། དཔལ་རྒྱས་དབང་པོ། འཆད་མཁར་ལོ་ཆེན། སྟག་ལུང་ལོ་ཙ་བ། ངག་དབང་གཟུངས་མཆོགདྷརྨ་ཤྲཱི། དབྱངས་ཅན་བྱཱ་ཀ་ར་ཎའི་བརྒྱུད་པ་ནི། འཕགས་མ། ཨ་ནུ་བྷུ་ཏི། དེ་ནས་རིམ་པར། བ་ལ་བྷ་དྲ། དབུ་མ་ལོ་ཙ་བཀྲ་ཤིས་དཔལ་བཟང་། འཆད་འཁར་ངག་དབང་བློ་བརྟན། སྟག་ལུང་ངག་དབང་གཟུངས་མཆོག །ལོ་ཆེན་དྷརྨ་ཤྲཱི། དེས་བདག་ལའོ། །

ཚད་མ་རིག་པ།

p. 438

ཡང་རིག་གནས་བཞི་པ་ཚད་མ་རིག་པ་ནི། ཀུན་བཏུས་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་བྱེད། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་བྱེད། ཞེས་གསུངས་པ་ལྟར། མངོན་སུམ། རྗེས་དཔགསྒྲུབ་ངག །ཐལ་འགྱུར་བཞི་པོ་རེ་རེར་ཡང་། ཡང་དག་དང་ལྟར་སྣང་གཉིས་སུ་ངེས་པའི་ཕྱིར་རོ། །དེ་ཡང་བསྡུ་ན། རང་གི་གཞལ་བྱ་རྟོགས་པའི་ཐབས་དང་། རྟོགས་ནས་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་སུ་འདུ་ཞིང་། དེ་ཡང་ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཚད་མའི་དོན་མི་བསླུ་བ་སྟེ། རང་གི་གཞལ་བྱ་མ་འཁྲུལ་བའི་འཇལ་བྱེད་ཞིག་ལ་འཇོག་པ་ཡིན་པའི་ཕྱིར། དཔེར་ན་བྲེ་ཚད་དང་སྲང་ཚད་བཞིན་ནོ། །གཞལ་བྱ་ལ་གསུམ་སྟེ། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར། དེ་དག་འཇལ་བྱེད་ནི། གཞལ་བྱ་མངོན་སུམ་འཇལ་བྱེད་ལ་མངོན་སུམ་བཞི་སྟེ། དབང་པོ། ཡིད། རང་རིག །རྣལ་འབྱོར་མངོན་སུམ་མོ། །ལྐོག་གྱུར་གྱི་འཇལ་བྱེད་དང་སྒྲུབ་བྱེད་ནི། དངོས་སྟོབས་རྗེས་དཔག་གི་རྟེན་གཏན་ཚིགས་གསུམ་སྟེ། ཆོས་བཅུ་པའི་མདོར། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་དང་། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། རིགས་ནི་ཚད་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར། འབྲས་བུའི་གཏན་ཚིགས་དང་། རྣམ་འགྲེལ་དུ་། ཅུང་

p. 439

ཟད་སྐྱེ་བའི་མཚན་ཉིད་ཅན། །གང་དེ་ཐམས་ཅད་འགགས་ཆོས་ཅན། །ཞེས་པ་ལྟ་བུ་རང་བཞིན་གྱི་གཏན་ཚིགས་དང་། ཚད་མ་རྣམས་ནི་མི་འཇུག་པར། །མེད་ལ་མི་འཇུག་འབྲས་བུ་ཅན། །གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་ཡོངས་ཤེས་འབྲས་བུ་ཅན། །ཞེས་པ་ལྟ་བུ་མ་དམིགས་པའི་གཏན་ཚིགས་རྣམས་སོ། །གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་གཏན་ཚིགས་ནི། མངོན་སུམ་དང་དངོས་སྟོབས་ཀྱི་གཏན་ཚིགས་གཉིས་ཀས་མི་འགྲུབ་པའི་ཕྱིར། དཔྱད་གསུམ་དག་པའི་ལུང་ཉིད་ལ་བརྟེན་ནས་རྟོགས་དགོས་པ་ཡིན་ནོ། །ཚད་མ་རིག་པ་དེ་ཇི་ལྟར་བྱུང་བའི་ལོ་རྒྱུས་ལ་གསུམ་ལས། དང་པོ་སངས་རྒྱས་ཀྱིས་གསུང་ཚུལ་ནི། དགེ་སློང་དག །མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་མ་ཡིན་ནོ། །ཞེས་པའི་སྔོན་པོ་ཤེས་ཀྱི་ཞེས་པ་ཡན་གྱིས་མ་འཁྲུལ་བའི་རིག་པ་དེ་བསྟན། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་པས་དེ་རྟོག་བྲལ་བསྟན་པས་མངོན་སུམ་མཚན་ཉིད་གསལ་བར་གསུངས། ཡང་དགེ་སློང་དག །གཟུགས་ཤེས་པ་ནི་རྣམ་པ་གཉིས་སྟེ་མིག་དང་ཡིད་ལ་བརྟེན་པའོ་ཞེས་པས་མིག་དང་ཞེས་པས་དབང་མངོན་དང་། ཡིད་ལ་བརྟེན་པའོ་ཞེས་པས་ཡིད་མངོན་བསྟན། སེམས་ལ་སེམས་མ་མཆིས་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པས་རང་རིག་མངོན་སུམ་བསྟན། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་ཅེས་པས་རྣལ་འབྱོར་མངོན་སུམ་བསྟན། དེ་ལྟར་མངོན་སུམ་བཞི་དང་། རྗེས་དཔག་ཐམས་ཅད་ཀྱི་གཏན་ཚིགས་གསུམ་ཀ་མདོ་ལས་གསུངས་ཚུལ་སྔར་བཤད་པ་ལྟར་རོ། །གཉིས་པ་མཁས་པས་བཀྲལ་ཚུལ་ནི། སྟོན་པ་ནས་བརྒྱུད་དེ། དགྲ་བཅོམ་པ་ཆོས་སྐྱབས། པཎ་ཆེན་མེ་ཝཾ་ག་དེས་མཁས་མཆོག་དབྱིག་གཉེན་ལ་གསུངས་ཤིང་། དེས་གཞོན་ནུའི་དུས་སུ་རྩོད་སྒྲུབ་དུ་གྲགས་པའི་ཚད་མའི་བསྟན་བཅོས་ཀྱང་མཛད། དབྱིག་གཉེན་ལ་རང་མཁས་ཀྱི་སློབ་མ་བཞི་བྱུང་བའི། ཚད་མ་རང་ལས་མཁས་པ་ནི་ཕྱོགས་ཀྱི་གླང་པོ་སྟེ། དེ་ནི་ལྷོ་ཕྱོགས་གྲོང་ཁྱེར་སིངྒ་པཀྟྲ་ཞེས་བྱ་བ་ཀཉྩིའི་ཡུལ་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་། མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་

p. 440

པར་བྱས་པ་གཅིག །གནས་མ་བུའི་སྡེ་པའི་མཁན་པོ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་བྱས་ནས། སྐབས་ཤིག་ན་ལེནྡྲར་བྱོན་ནས་མཁས་མཆོག་དབྱིག་གཉེན་བསྟེན་ཏེ། ཐེག་པ་གསུམ་ལ་མཁས་པར་སྦྱངས་ཤིང་། ཁྱད་པར་རྣམ་རིག་པའི་གྲུབ་མཐའ་དང་ཚད་མ་ལ་མཁས་པར་གྱུར་ཏེ། དེ་དག་གི་བསྟན་བཅོས་བརྒྱ་རྩ་སོགས་མཛད་པར་གྲགས། སླར་ཨོ་ཌའི་བི་ཤའི་ཡུལ་དུ་གཤེགས་ནས་བསམ་གཏན་ལ་བརྩོན་པར་མཛད་ཅིང་རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་མཐུ་ལས་བྱུང་བ་རྟོག་གེའི་ཚུལ་ལུགས་འདི་ལ་སྔར་བརྩམས་པའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་པས། གཅིག་ཏུ་བྱ་བར་དགོངས་ཏེ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབས་ལ་ཕྱག་འཚལ་ནས། །ཚད་མ་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་དེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་རྡོ་ཐལ་གྱིས་བྲིས་པས། ས་གཡོ་བ་དང་། ཕྱོགས་ཀུན་ཏུ་སྣང་བས་ཁྱབ་པ་དང་། སྒྲ་ཆེན་པོ་གྲགས་པར་གྱུར། དེར་བྲམ་ཟེ་ནག་པོ་ཞེས་བྱ་བས་དེ་ལྟ་བུའི་ལྟས་ཡིན་པར་ཤེས་ཏེ། སློབ་དཔོན་བསོད་སྙོམས་ལ་བཞུགས་པའི་ཤུལ་དུ་དེར་འོང་སྟེ་བསུབས། དེ་ལྟར་ལན་གཉིས་སུ་བསུབས་པས། ལན་གསུམ་པ། འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་བསུབས་པ་ཡིན་ན་དགོས་དོན་ཡོད་པས་མ་བསུབ་ཅིག །གལ་ཏེ་དོན་ནོང་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས། ཞེས་བྲིས་ཏེ་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་སྔར་བཞིན་འོངས་ཏེ་བསྡད་དོ། །དེར་སློབ་དཔོན་བྱོན་ཏེ་བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས་ལན་མང་པོར་མུ་སྟེགས་ཕམ་ཀྱང་དེས་སྔགས་བཟླས་པའི་ཐལ་བ་གཏོར་བས་སློབ་དཔོན་གྱི་ཡོ་བྱད་ཐམས་ཅད་ཚིག །སློབ་དཔོན་རང་ཡང་འཚིག་ལ་ཁད་བྱུང་སྟེ་མུ་སྟེགས་དེ་ཕྱིར་སོང་ངོ་། །དེར་བདག་ནི་འདི་གཅིག་པུའི་དོན་ཡང་མི་ནུས་ན་གཞན་དོན་ག་ལ་ནུས་སྙམ་དུ་རྡོ་ཐལ་ནམ་མཁར་འཕངས་ནས་འདི་ས་ལ་ལྷུང་བ་ན་བྱང་ཆུབ་ཀྱི་སེམས་གཏོང་ཞེས་དམ་བཅས་པས། འཕགས་པ་འཇམ་དཔལ་དངོས་སུ་བྱོན་ཏེ། ཐེག་པ་དམན་པའི་སེམས་མ་སྐྱེད་ཅིག །རྫོགས་བྱང་གི་བར་དུ་ཁོ་བོས་རྗེས་སུ་བཟུང་ངོ་། །བསྟན་

p. 441

བཅོས་དེ་ཡང་ལེགས་པར་རྩོམ་ཤིག་མུ་སྟེགས་ཀྱི་གནོད་པར་མི་ནུས་མ་འོངས་པ་ན་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་འགྱུར་རོ། །ཞེས་ལུང་བསྟན་པའི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་མཛད་པ་སོགས་ངོ་མཚར་བའི་རྣམ་ཐར་མཐའ་ཡས་སོ། །དེས་དབང་ཕྱུག་སྡེ་ལ་བཤད། དེས་རིགས་སྨྲ་ཀུན་གྱི་གཙུག་རྒྱན་དཔལ་ལྡན་ཆོས་གྲགས་ལ་བཤད་དེ་ཉིད་ནི་རྒྱལ་པོ་སེང་གེ་ལྔ་པ་དང་། རྒྱལ་པོ་གསལ་བ་སོགས་རྒྱལ་སྲིད་ལ་འཁོད་ནས་མི་རིང་བའི་དུས་ན། ཡབ་བྲམ་ཟེའི་རིགས་ཀྱི་མུ་སྟེགས་ཀུན་ཏུ་རྒྱུ་རོ྅་ནནྡ་ཞེས་བྱ་བའི་བུར་སྐྱེ་བ་བཞེས་ཏེ། ཆུང་ངུ་ནས་བཟོའི་རིག་བྱེད། སྨན་དཔྱད། བརྡ་སྤྲོད་སོགས་དང་མུ་སྟེགས་པའི་གྲུབ་མཐའ་ཀུན་ལ་ཤིན་ཏུ་སྦྱངས་པས་མཁས་པར་གྱུར་ཅིང་། བྲམ་ཟེ་རྣམས་ཀྱིས་ལྷག་པར་བསྟོད་པའི་སྐབས་ཤིག །སངས་རྒྱས་ཀྱི་གསུང་རབ་འགའ་རེ་གཟིགས་པས་རང་གི་སྟོན་པ་ལ་ཕྱིར་ཕྱོགས་ཤིང་སངས་རྒྱས་ལ་ཤིན་ཏུ་མོས་ཏེ་ནང་པའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་བས། བྲམ་ཟེ་རྣམས་ཀྱིས་གནས་ནས་བསྐྲད་དོ། །དེ་ནས་ཡུལ་དབུས་སུ་བྱོན་ནས་མུ་སྟེགས་ཀྱི་བསྟན་པ་མིང་ཙམ་དུ་བྱའོ་དགོངས་ནས། ནང་པའི་ཚད་མ་སུ་མཁས་དྲིས་པས། ཕྱོགས་ཀྱི་གླང་པོ་མཁས་ཟེར། གང་ན་བཞུགས་དྲིས་པས་གཤེགས་ནས་མེད་ཟེར། འོ་ན་དེའི་ལུགས་སུས་ཤེས་དྲིས་པས། ཡུལ་དབུས་ན་ཀུ་རུ་ཏ་ལ་ལ་ཞེས་པའི་གཙུག་ལག་ཁང་ན་དབང་ཕྱུག་སྡེ་ཞེས་བྱ་བས་ཤེས་ཟེར། དེར་བྱོན་ནས་ཀུན་ལས་བཏུས་ཚར་གཅིག་ཉན་པས་མུ་སྟེགས་ཀྱི་གྲུབ་མཐའ་རང་འཐད་སྙམ་པ་བྱུང་། ཚར་གཉིས་ཉན་པས་འགའ་ཞིག་ནང་པ་འཐད་ལ་འགའ་ཞིག་མུ་སྟེགས་པ་འཐད་སྙམ་པ་བྱུང་། ཚར་གསུམ་ཉན་པའི་ཚེ་ཕྱི་རོལ་པའི་གྲུབ་མཐའ་ཐམས་ཅད་ལོག་རྟོགས་འབའ་ཞིག་ཏུ་རྟོགས་ཤིང་། དབང་ཕྱུག་སྡེས་ཀྱང་རྟགས་ཀྱི་མཚན་ཉིད་ཚུལ་དྲུག་ཏུ་འདོད་པ་དང་། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་པར་འདོད་པ་སོགས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་བཞེད་པ་མིན་པའི་ཚུལ་བརྗོད་པས། ཁྱོད་ཉིད་ཕྱོགས་ཀྱི་གླང་པོ་དང་མཉམ་སྟེ་གྲུབ་མཐའ་ནོར་བ་རྣམས་སུན་ཕྱུང་ལ། ཚད་མ་ཀུན་ལས་བཏུས་ཀྱིས་འགྲེལ་བ་ཡང་གྱིས་ཤིག་ཅེས་སློབ་

p. 442

དཔོན་ལས་གནང་བ་ཐོབ་བོ། །དེར་སྔགས་ཀྱི་སློབ་དཔོན་ཌི་གི་པ་བསྟེན་ནས། དབང་ནོད་དེ་བསྒྲུབས་པས་ཧེ་རུ་ཀས་ཞལ་བསྟན་ཏེ་དངོས་གྲུབ་ཐམས་ཅད་འགྲུབ། དེ་ནས་མུ་སྟེགས་ཀྱི་གྲུབ་མཐའི་གསང་ཚིག་སློབ་པར་བཞེད་ནས། ཁོལ་པོའི་ཆས་སུ་བརྫུས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། མུ་སྟེགས་ཀྱི་གྲུབ་མཐའ་ལ་སུ་མཁས་དྲིས་པས་གཞོན་ནུ་རོལ་པ་མཁས་ཟེར། དེར་གཞོན་ནུ་རོལ་པ་དེ་མངའ་ཐང་ཆེན་པོ་ཐོབ་སྟེ། འབྲས་ས་ལུའི་ཞིང་ཕུན་སུམ་ཚོགས་པ་དང་། བ་ལང་དང་མ་ཧེ་བྲན་ཕོ་མོ་ལྔ་བརྒྱ་རེ་དང་བཅས་པ་ཡིན་པས། སློབ་དཔོན་གྱིས་ཀྱང་ཕྱི་ནང་གི་ལས་ཐམས་ཅད་ཁོང་རང་གཅིག་པུས་གྲུབ་པར་མཛད་པས། གཞོན་ནུ་རོལ་པ་ཆུང་མར་བཅས་པ་དགའ་འོ། །ཁྱོད་ཅི་འདོད་ཟེར་བ་ལས་གྲུབ་མཐའ་ཉན་འཚལ་ལོ་སྨྲས་པས་རིགས་པ་རྣམས་བསྟན་ཅིང་། གསང་ཚིག་བུ་དང་ཆུང་མ་མ་གཏོགས་གཞན་ལ་མི་སྟོན་པ་འགའ་ཞིག་ལས་ཀྱི་བྱ་བས་དེ་རྣམས་མགུ་བར་བྱས་པས་ཤེས་སོ། །དེར་བྲམ་ཟེ་ནོར་ལ་ཞེན་པས་ཡོན་མ་བྱིན་ན་ཉེས་པར་འགྱུར་རོ་སྙམ། དེ་ཉིད་ཀྱིས་བྱིན་པའི་གླ་དངུལ་པ་ཎ་ལྔ་བརྒྱ་ཡོད་པ་དང་། ཕྱོགས་དེ་ན་གནས་པའི་གནོད་སྦྱིན་ཞིག་ལས་ཀྱང་གསེར་བླངས་ཏེ། གསེར་གཞོན་ནུ་རོལ་པ་ལ་སྦྱིན། དངུལ་བྲམ་ཟེ་རྣམས་ལ་སྟོན་མོར་བྱས་སྟེ། དེའི་ནུབ་མོ་ཉིད་བྲོས་ནས་བྱོན་ཏེ། ཀཱ་ཀ་ཀུ་ཧ་ཞེས་པའི་ཚོགས་འདུས་ཆེན་པོ་ཕོ་བྲང་དང་བཅས་ཡོད་པའི་སར་རྒྱལ་པོ་དྲུཿམ་རི་ཅེས་པ་ཡོད་པའི་སར་སྒོ་ཡིག་བཏབ་ཏེ་རྩོད་པར་འདོད་པ་སུ་ཡོད་བྱས་པས། བྲམ་ཟེ་་ཀན་གུསྟ་དང་། གཞན་ལྟ་བ་དྲུག་གི་གྲུབ་མཐའ་འཛིན་པ་ལྔ་བརྒྱ་ཙམ་དང་བཅས་ཟླ་བ་གསུམ་དུ་བརྩད་པས་ཐམས་ཅད་ཚར་བཅད། སངས་རྒྱས་ཀྱི་བསྟན་པ་ལ་བཅུག །དེར་གཞོན་ནུ་རོལ་པས་དེའི་གཏམ་ཐོས་པས་ཁྲོས་ཏེ་བྲམ་ཟེའི་འཁོར་དང་བཅས་འོངས་ཏེ་བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས། གཞོན་ནུ་རོལ་པའི་ཐུན་མོང་མ་ཡིན་པའི་དམ་བཅའ་ལྔ་བརྒྱ་ཡོད་པ་ཐམས་ཅད་རིག་པའི་རྣམ་གྲངས་བརྒྱ་བརྒྱས་སུན་ཕྱུངས་པ་སོགས་རྣམ་ཐར་མཐའ་ཡས་པས་ཚད་མ་སྡེ་བདུན་རྩོམ་པའི་སྦྱིན་བདག་འཚོལ་བར་བཞེད་དེ་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་སྒོ་དྲུང་དུ་ཕེབས་པ་ན་སུ་ཡིན་དྲིས་པས།

p. 443

ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །སྙན་ངག་དཔའ་བོ་ལས་བྱུང་སྡེབས་སྦྱོར་མཁས། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པ་ན། ཆོས་ཀྱི་གྲགས་པ་ཡིན་ནམ་ཞེས་དྲིས་པས། འཇིག་རྟེན་ན་དེ་ལྟར་གྲགས་གསུངས་པ་རྒྱལ་པོ་དད་དེ་སྦྱིན་བདག་བྱས་སྟེ་ཚད་མ་སྡེ་བདུན་བརྩམས་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། ཆོས་མ་ཡིན་རྣམས་ད་གདོད་ལོངས། །ཞེས་ཆེད་དུ་བརྗོད་པ་རྒྱལ་པོའི་སྒོ་ཁང་དུ་བྲིས་ཏེ། མི་མཐུན་པའི་རྒོལ་བ་ཐམས་ཅད་ཚར་བཅད་ཅིང་། རྒྱལ་བའི་བསྟན་པ་ཡུན་རིང་པོར་དར་བར་མཛད་དོ། །དེ་ལ་སྡེ་བདུན་ཞེས་པ་རྒྱས་པ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིག་ཐིག་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། དེ་ལས་འཕྲོས་པ་བཞི་རང་དོན་རྗེས་དཔག་ལས་འཕྲོས་པ་གཏན་ཚིགས་ཐིག་པ་དང་། འབྲེལ་བ་བརྟགས་པ། གཞན་དོན་རྗེས་དཔག་ལས་འཕྲོས་ཏེ། རྒྱུད་གཞན་གྲུབ་པ་དང་། རྩོད་པའི་རིག་པ་སྟེ་ཡན་ལག་གི་བསྟན་བཅོས་བཞིའོ། །གསུམ་པ་བོད་དུ་བསྒྱུར་ཚུལ་ནི། བསྟན་པ་སྔ་དར་གྱི་དུས་སུ་སྡེ་བདུན་ཕྱི་མ་འགའ་དང་། དུལ་ལྷའི་འགྲེལ་པ་སོགས་འགྱུར། ཕྱི་དར་ལ་རྨ་དགེ་བའི་བློ་གྲོས་ཀྱིས་མདོ་དང་རྣམ་འགྲེལ་རྣམ་ངེས་འགྲེལ་ཆེན་དང་བཅས་པ་བསྒྱུར་ཞིང་། ཁྱད་པར་རྔོག་ལོ་ཆེན་པོས་གསར་འགྱུར་དང་འགྱུར་བཅོས་དུ་མ་མཛད་ནས་འཆད་ཉན་གྱིས་གཏན་ལ་ཕབ། རྣམ་འགྲེེལ་ནི་རྣམ་ངེས་ལ་ལྟོས་ནས་བཤད་བརྒྱུད་མ་ནུབ་ཙམ་དུ་གནས་པ་ལས། ཕྱིས་ཆོས་རྗེ་ས་པཎ་གྱིས་རྩལ་དུ་བཏོན་པས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། འཕགས་པ་རིན་པོ་ཆེས་གསང་ཕུར་རྣམ་འགྲེལ་ཚད་རྒྱགས་སྦྱར་བ་སོགས་ཀྱིས་ཤིན་ཏུ་རྒྱས་པར་མཛད་དོ། །དེ་དག་གི་བརྒྱུད་པ་ནི། སྟོན་པ་ཚད་མའི་སྐྱེས་བུ། མགོན་པོ་འཇམ་དཔལ་དབྱངས། དགྲ་བཅོམ་ཆོས་སྐྱོབས། མཁས་པ་མེ་ཝཾ་ག །ཀུན་མཁྱེན་གཉིས་པ་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། དབང་ཕྱུག་སྡེ། རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ། ལྷ་དབང་བློ་གྲོས། ཤཱཀྱ་བློ་གྲོས། པཎྜི་ཏ་ཤེས་རབ་འབྱུང་གནས་སྦས་པ། སློབ་དཔོན་ཛ་མཱ་རི། པཎྜི་ཏ་ཆོས་མཆོག །སློབ་
དཔོན་དུལ་བའི་ལྷ། བྲམ་ཟེ་ཤངྐ་ར་ནནཱ། ཝཾ་གུ་པཎྜི་ཏ། པཎ་ཆེན་ཤཱཀྱ་ཤྲཱི་པཎྜི་ཏ་་སུ་ག་ཏ་ཤྲཱི། དཱ་ན་ཤཱི་ལ། བལ་པོ་སང་བྷ་ཤྲཱི། དེ་བཞི་ཀ་ལ་ས་སྐྱ་པཎྜི་ཏས་གསན། དེ་ལས་རིམ་པར་བརྒྱུད་པ་སྟེ། བརྒྱུད་པའི་ཁྱད་པར་དུ་མ་ཡོད་མོད་ཞིབ་མོར་མ་བྲིས་སོ། །

ནང་རིག་པ།

p. 444

ཡང་རིག་གནས་ལྔ་པ་ནང་རིག་པ་ནི། བརྗོད་བྱའི་དབང་དུ་བྱས་ན་ཐེག་པ་གསུམ་མམ་དགུ་སྟེ། དེ་ལ་ཐེག་པ་གསུམ་ནི། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ཐེག་པ་གསུམ་མམ། ཡང་ན་དགོངས་འདུས་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས། ཐེག་པ་དགུ་ནི། གསུམ་པོ་དེ་རེ་རེ་ལའང་། གསུམ་གསུམ་དུ་ཕྱེ་བ་སྟེ། ཉན་རང་བྱང་སེམས་གསུམ་ལ་མཚན་ཉིད་སྡེ་གསུམ་མམ་ཀུན་འབྱུང་འདྲེན་པའི་ཐེག་པ་དང་། ཀྲི་ཡ། ཨུ་པ། ཡོ་ག་གསུམ་ལ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་ཕྱི་རྒྱུད་སྡེ་གསུམ་དང་། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་གསུམ་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་ནང་རྒྱུད་གསུམ་མོ། དེ་ཐམས་ཅད་ཀྱང་གཞི་ཆོས་ཉིད་རིས་མེད་ལ། སོ་སོའི་དབང་པོའི་རྟོགས་ཚུལ་གྱི་ལྟ་བ་ལ་དམིགས་ནས་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་བརྩོན་པས། རང་རང་གི་འདོད་པའི་གྲུབ་འབྲས་རྣམ་གྲོལ་གྱི་རིམ་པ་མི་བསླུ་བར་ཐོབ་པ་ཞིག་ཡིན་ནོ། །རྗོད་བྱེད་ཀྱི་དབང་དུ་བྱས་ན། ཐེག་དམན་དང་། ཐེག་ཆེན་གྱི་དབྱེ་བས་གཉིས་སམ། བསླབ་པ་གསུམ་ལ་ལྟོས་ནས་གསུམ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དང་གསུམ་སྟེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། ཞེས་གསུངས་པའི་ཕྱིར། འོ་ན་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སྡེ་སྣོད་གང་དུ་བསྡུ་ཞེ་ན། པཎྜི་ཏ་བི་མ་ལ་སོགས་མངོན་པའི་སྡེ་སྣོད་དུ་བཞེད་པ་དང་། ཤནྟི་པ་སོགས་ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་མདོ་སྡེའོ་ཞེས་མདོ་སྡེར་བསྡུ་བ་སོགས་དང་། འོན་ཀྱང་མཁས་པ་སྤྱིའི་བཞེད་པ་ལྟར་ན་སྡེ་སྣོད་བཞི་པའམ།

p. 445

རིག་པ་འཛིན་པའི་སྡེ་སྣོད་ཅེས་རྐང་ཐུབ་པ་གཅིག་ཏུ་འདྲེན་པར་མཛད། ཀུན་བྱེད་ལས། ཐམས་ཅད་འདུལ་བའི་གཉེན་པོར་གསུང་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པས་དགོངས་པ་མཐུན། དེ་ཉིད་ཇི་ལྟར་བྱུང་བའི་ཁུངས་ལ་གསུམ་ལས། དང་པོ་སྟོན་པས་གསུངས་ཚུལ་ནི། འོ་སྐོལ་གྱི་སྟོན་པ་འདི་ངེས་དོན་ཡིན་ལུགས་ཀྱི་དབང་དུ་བྱས་ན། ཐོག་མ་མེད་པའི་དུས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་མ་གཡོས་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་བས་གདུལ་བྱ་རྣམས་སོ་སོའི་སྐལ་བ་དང་མཚམས་པར་འདུལ་བར་མཛད་པ་སྟེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་རྣམས་མ་ལུས་སྣང་། །ཞེས་དང་། དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ན། །བྱང་ཆུབ་མཆོག་རབ་དེ་ནི་ངས་ཐོབ་ཏེ། ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་ཤིང་། ཡབ་སྲས་མཇལ་བའི་མདོ་ལས་ཀྱང་། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་གསུངས། ཐ་སྙད་རྣམ་འཇོག་གི་དབང་དུ་བྱས་ཏེ་ཐེག་པ་ཐུན་མོང་པ་ལྟར་ན། སྤྱིར་དུས་གསུམ་གྱི་སངས་རྒྱས་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་བཞུགས་པ་ལས། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་བར་མཛད་པ་ཡིན་ཏེ། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་

p. 446

པ་གསུམ་དུ་བརྩོན་པ་ཆེན་པོས་ཚོགས་བསགས་ཤིང་ཚེ་ལོ་བརྒྱ་པའི་ཚེ་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམས་གཟིགས་ཏེ། འཛམ་བུ་གླིང་འདི་ཉིད་དུ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྐོར་ཏེ། ཞེས་གསུངས་པ་ལྟར། སྟོན་པ་འདི་ཉིད་སྔོན་རྫ་མཁན་གྱིས་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དྲུང་དུ་ཐུགས་བསྐྱེད་པར་བཤད་པ་དང་། མདོ་སྡེ་བསྐལ་པ་བཟང་པོ་ལས་ཀྱང་། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ལ། །འཇམ་གང་ཞིག་གི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས། དེ་ནས་ཚོགས་བསགས་ཚུལ་ཡང་ཐེག་པ་ཆུང་ངུའི་ལུགས་ལྟར་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་འབྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱས་པས་སྦྱིན་པ་རྫོགས། །ཆགས་པས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །དེ་མ་ཐག་ཏུ་ཏིང་འཛིན་བློ། །ཞེས་གསུངས་ཏེ། བསྐལ་པ་གྲངས་མེད་པ་གསུམ་ལ་རིམ་པར། སངས་རྒྱས་བདུན་ཁྲི་ལྔ་སྟོང་དང་། བདུན་ཁྲི་བདུན་སྟོང་གི་བར་མཉེས་པར་མཛད་ཅེས་འབྱུང་། ཐེག་ཆེན་ལྟར་ན་ལམ་ལྔ་དང་ས་བཅུ་ཡོངས་སུ་རྫོགས་པར་བགྲོད་དགོས་པ་ཡིན་པས། འཕགས་པའི་ས་བརྙེས་ནས་སྐད་ཅིག་རེ་རེར་ཡང་། ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་སངས་རྒྱས་གྲངས་མེད་ཚད་མེད་པ་དག་ཡོངས་སུ་བརྙེས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་འཕགས་ཤིང་རྫོགས་པ་དང་། སེམས་ཅན་གྲངས་མེད་པ་ཡོངས་སུ་སྨིན་པ་དང་། ཞིང་ཁམས་ཚད་མེད་པ་ཡོངས་སུ་སྦྱངས་ཤིང་། ས་བཅུ་རིམ་གྱིས་བགྲོད་ནས་མཐར་འོག་མིན་གྱི་ཞིང་ཁམས་རྒྱུན་མཐའ་ཡེ་ཤེས་ཀྱི་ཡང་དག་པའི་མཐའ་མངོན་དུ་མཛད་དེ་སངས་རྒྱས་ཀྱི་གོ་འཕང་བརྙེས་ཤིང་། དེ་ལས་མ་གཡོས་བཞིན་དུ་གཙང་མའི་སྟེང་དབང་ཕྱུག་ཆེན་པོའི་འོག་མིན་དང་། གཟུགས་ཀྱི་ཁམས་ཀྱི་འོག་མིན་དང་། དགའ་ལྡན་དང་། འཛམ་བུའི་གླིང་རྣམས་སུ་སྤྲུལ་པའི་སྐུ་སྟོན་པར་མཛད་པ་ཡིན་ཏེ། རྒྱུད་བླ་མ་

p. 447

ལས། ཐུགས་རྗེ་ཆེན་པོ་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་ནས་ཀྱང་། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས། སྔགས་ཀྱི་རྒྱུད་སྡེ་རྣམས་ལས་ནི་འོག་མིན་དང་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། རི་རབ་ཀྱི་རྩེ་མོ་དང་མིའི་གནས་ཀྱི་འཇིག་རྟེན་དཔལ་ལྡན་འབྲས་སྤུང་དང་། ས་ཧོ་ར། ཨོ་ཌི་ཡ་ན། རི་བོ་བྱ་རྐང་། བསིལ་བའི་ཚལ་ལ་སོགས་པར་གནས་དང་དུས་འཁོར་མཐའ་གཅིག་ཏུ་མ་ངེས་པ་ལ་དཀྱིལ་འཁོར་སྤྲུལ་བཤད་ལ་སོགས་པའི་སྒོ་ནས་རྒྱུད་སྡེ་མཐའ་ཡས་པ་གསུངས་པའི་རྣམ་བཞག་ཐུན་མོང་མ་ཡིན་པ་དུ་མ་འབྱུང་ཞིང་། གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་ཆོས་འཁོར་ཇི་ལྟར་བསྐོར་ཚུལ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་བདེན་པ་བཞིའི་ཆོས་འཁོར་ཁོ་ན་བཟླས་པ་རྣམ་པ་བཅུ་གཉིས་སུ་འདོད། མདོ་སྡེ་པ་རྣམས་ཆོས་འཁོར་དང་པོའི་སྟེང་དུ་བར་ཐ་གཉིས་ཀྱང་ཁས་ལེན། ཐེག་པ་ཆེན་པོའི་ལུགས་ལ་ལུང་རྟོགས་གཉིས་ལས་རྟོགས་པའི་ཆོས་འཁོར་ནི། རྣམ་བྱང་གི་ངོ་བོར་གྱུར་པའི་བདེན་བཞི་རྣམ་ཐར་གསུམ་ངོ་བོ་ཉིད་མེད་པ་གསུམ་པོ་རྟོགས་པའི་རྟོགས་པ་འབྲས་བུ་དང་བཅས་པ་འཁོར་ལོ། རིམ་པ་གསུམ་དང་། ལུང་གི་ཆོས་འཁོར་ནི། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སྟེ་འཁོར་ལོ་རིམ་པ་གསུམ་དང་། མཐར་ཐུག་རྡོ་རྗེ་ཐེག་པ་སྟེ་ཆོས་ཀྱི་འཁོར་ལོ་རིམ་པ་བཞི་གསུངས། གཉིས་པ་སྡུད་བྱེད་རྣམས་ཀྱིས་ཇི་ལྟར་བསྡུས་ཚུལ་ནི། ཐུན་མོང་པ་ལ་བཀའ་བསྡུ་རིམ་པ་གསུམ་སྟེ། ཤཱ་རིའི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བརྒྱད་ཁྲི། མོང་གལ་གྱི་བུ་

p. 448

དང་ལྷན་ཅིག་དགྲ་བཅོམ་པ་བདུན་ཁྲི། བཅོམ་ལྡན་འདས་དང་ལྷན་ཅིག་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་མྱ་ངན་ལས་འདས་པ་ན། ལྷ་རྣམས་ཀྱིས་དགེ་སློང་དབང་ཡོད་པ་དག་ཀྱང་མྱ་ངན་ལས་འདས་ཏེ་དམ་པའི་ཆོས་ནི་དུད་པ་ཙམ་དུ་གྱུར། དགེ་སློང་རྣམས་སྡེ་སྣོད་གསུམ་གྱི་སྒྲ་ཡང་མི་སྨྲའོ། །ཞེས་འཕྱ་བ་བསལ་བའི་ཕྱིར། རྒྱལ་པོའི་ཁབ་ཀྱི་ནྱ་གྲོ་ཏའི་ཕུག་ཏུ། སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་དེའི་དབྱར་གནས་ཀྱི་ཚེ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་སྟེ། དགྲ་བཅོམ་པ་ལྔ་བརྒྱ་འདུས་པའི་དབུས་སུ་ཉེ་བ་འཁོར་གྱིས་འདུལ་བ། ཀུན་དགའ་བོས་མདོ་སྡེ། འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་མཐའ་དག་བསྡུས་པས་ལྷ་རྣམས་ནི་འཕེལ། ལྷ་མིན་རྣམས་ནི་འགྲིབ། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་བར་གནས་སོ་ཞེས་ལྷ་རྣམས་ཀྱིས་འོག་མིན་གྱི་གནས་སུ་གོ་བར་བྱས་སོ། །གཉིས་པ་ནི། བསྡུ་བ་དང་པོ་མཛད་ནས་ལོ་བརྒྱ་དང་བཅུ་འདས་པའི་དུས་སུ། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཞེས་སོགས་རུང་བ་མ་ཡིན་པའི་གཞི་བཅུ་བསལ་བའི་ཕྱིར། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་མཛད་དེ། གྲགས་པ་སོགས་དགྲ་བཅོམ་པ་བདུན་བརྒྱ་འདུས་པས་མི་རུང་བའི་གཞི་བཅུ་སུན་དབྱུང་། སྡེ་སྣོད་གསུམ་ཚང་བ་ཚར་གཅིག་ཞལ་འདོན་དུ་མཛད། མཐུན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་ཡང་མཛད་དོ། །གསུམ་པ་ནི། རྒྱལ་པོ་མྱ་ངན་བྲལ་གྱི་བུ་རྒྱལ་པོ་དཔའ་བོ་སྡེའི་དུས་ནས་བརྩམས་ཏེ། དགེ་སློང་ལྷ་ཆེན་པོ་རྗེས་འབྲང་དང་བཅས་རིམ་པར་བྱུང་བས། གཞན་ལན་གདབ་དང་མི་ཤེས་པ། །ཞེས་སོགས་གཞི་ལྔ་བསྒྲགས་ཏེ་ཆོས་ལོག་བསྟན་པས་རྒྱལ་པོ་བཞིའི་རིང་དགེ་འདུན་རྩོད་པར་གྱུར་ཅིང་། སྟོན་པས་འདུལ་བ་ཡི་གེར་འདྲི་བར་མ་གནང་བས་ཡུན་རིང་སོང་བ་ན་སོ་ཐར་གྱི་མདོའི་འདོན་ཚུལ་ལ་མ་མཐུན་པའི་དབང་གིས་གཞི་ཐམས་ཅད་ཡོད་པར་སྨྲ་བ་བདུན། ཕལ་ཆེན་པ་ལྔ། གནས་བརྟན་དང་མང་པོས་བཀུར་བ་གཉིས་ལ། གསུམ་རེ་གྱེས་པས་རིམ་གྱིས་སྡེ་པ་བཅོ་བརྒྱད་དུ་གྱེས། དེ་རྗེས་རྒྱལ་པོ་ཀེནིཥྐས་སྦྱིན་བདག་བྱས་ཏེ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། དགྲ་བཅོམ་ལྔ་བརྒྱ། བཙུན་པ་ཆེན་པོ་ཁྲི་དྲུག་སྟོང་འདུས་ཏེ། རྒྱལ་པོའི་ཀྲྀ་ཀྲིའི་

p. 449

རྨི་ལམ་ལུང་བསྟན་པའི་མདོ་དྲངས་ནས་གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང་འདུལ་བའི་སྡེ་སྣོད་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་བཀོད་པ་དག་ཀྱང་སྐབས་འདིར་ཡི་གེར་བཀོད་པ་ནི་བསྡུ་བ་གསུམ་པའོ། །ཐུན་མོང་མ་ཡིན་པ་ནི། རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ནས། སྤྱན་རས་གཟིགས་ཀྱིས་འདུལ་བ། ཕྱག་རྡོར་གྱིས་མདོ་སྡེ། འཇམ་དཔལ་གྱིས་མངོན་པ་བསྡུས་པ་དང་། ཡང་ཐེག་ཆེན་གྱི་སྡེ་སྣོད་རྣམས་ལས། ཟབ་མོ་ལྟ་བའི་ཕྱོགས་རྣམས་འཇམ་དབྱངས་དང་རྒྱ་ཆེན་སྤྱོད་པའི་ཕྱོགས་རྣམས་བྱམས་པས་བསྡུས་སོ། །ཞེས་འབྱུང་བ་དང་། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་ནི། རྒྱ་མཚོ་ལས། འཁོར་གྱི་ནང་ན་སྐལ་མཆོག་ལྡན། འདུལ་བའི་དུས་བབས་གསང་བའི་བདགལག་ན་རྡོ་རྗེས་བསྡུ་བར་མཛད། ཅེས་སངས་རྒྱས་སྟོང་གི་བཀའི་བསྡུ་བ་པོ་ཕྱག་ན་རྡོ་རྗེ་ཡིན་པར་གསུངས་པ་སོགས་མཐའ་ཡས་སོ། །བསྡུ་བའི་དོན་བཤད་སྒྲུབ་ཀྱི་སྒོ་ནས་ཇི་ལྟར་བཟུང་ཚུལ་ནི། འཕགས་ཡུལ་དུ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་དཔའ་བོ། སྒྲ་གཅན་འཛིན། ཡོན་ཏན་འོད། ཆོས་སྐྱོང་སྟེ་ཆེན་པོ་བཞི་དང་། ཞི་བ་ལྷ་དང་ཙནྡྲ་གོ་མི་ཞེས་རྨད་བྱུང་གི་སློབ་དཔོན་གཉིས་སོགས་དང་། རྒྱ་གར་ཤར་ཕྱོགས་སུ་རྒྱལ་བོ་ཛཿཡབ་སྲས་དང་སྒེག་རྡོར། སངས་རྒྱས་གསང་བ། སྠི་ར་མ་ཏི། བདེ་བ་གསལ་མཛད་སོགས་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག །རྒྱ་གར་ནུབ་ཕྱོགས་སུ་སློབ་དཔོན་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ་ལ་སོགས་པ་རྣམས་ཀྱིས་ཨ་ཏི་ཡོ་ག །གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་བརྒྱད་དང་། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ་སོགས་པས་སྒྲུབ་སྡེ་བརྒྱད་དང་། གཞན་ཡང་སློབ་དཔོན་ཡེ་ཤེས་ཞབས་སོགས་རྣམ་གནོན་ཚུལ་གྱི་སྔགས་པའི་སློབ་དཔོན་བཅུ་གཉིས། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཁས་པ་སྒོ་དྲུག་སོགས་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། གངས་ཅན་གྱི་ལྗོངས་འདིར། དང་པོར་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་རྐྱེན་མཛད་པ་ལ་བརྟེན་ནས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། མཁན་ཆེན་ཞི་བ་འཚོ། པཎྜིཏ་

p. 450

ཆེན་པོ་བི་ལ་མི་ཏྲ། ཀཱ་མ་ལ་ཤཱི་ལ། འདུལ་འཛིན་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། སརྦ་ཛྙཱ་དེ་བ། ཤྲཱི་ལེནྡྲ་བོ་དྷི་སོགས་རྒྱ་གར་གྱི་པཎ་གྲུབ་ཆེས་མཆོག་ཏུ་གྱུར་པ་རྣམས་དང་། སྤྲུལ་པའི་ལོ་ཙ་བ་བཻ་རོ་ཙ་ན། རྨ་རིན་ཆེན་མཆོག །གཉགས་ལོ་ཡེ་ཤེས་གཞོན་ནུ། ཀ་ཅོག་ཞང་གསུམ་སོགས་ལོ་ཙ་བ་རྣམས་ཀྱིས་བསྒྱུར་བཤད་ཀྱི་སྒོ་ནས་གཏན་ལ་ཕབ། ཀློག་པའི་ཆོས་གྲྭ་ཆེན་པོ་བཅུ་གཉིས། སྒྲུབ་གྲྭ་ལ་མཆིམ་ཕུའི་གྲུབ་ཆེན་ཉི་ཤུ་རྩ་ལྔ། ཡེར་པ་དང་ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་གངས་ཅན་གྱི་ལྗོངས་ཐམས་ཅད་བསྟན་འཛིན་གྱི་སྐྱེས་བུས་མཛེས་པར་བྱས་སོ། །ཁྱད་པར་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ཐུན་མོང་མ་ཡིན་པའི་མདོ་སྒྱུ་སེམས་གསུམ་དང་། སྒྲུབ་སྡེ་སྤྱི་དང་བྱེ་བྲག་གི་རྒྱུད་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡས་པ་ཞིག་བབས་སོ་བདུན་གྱི་སྒོ་ནས་༼མ་དཔེར་ཚིག་འགའ་ཆད་༽བསྐྱངས་ཏེ། སེམས་ཅན་དཔག་ཏུ་མེད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་བཀོད། བསྟན་པ་ཕྱི་དར་གྱི་དུས་འདིར། རྨ་གཡོ་གཙང་གསུམ་ལས་བསྟན་པའི་ཉི་མ་བླ་ཆེན་དགོངས་པ་རབ་གསལ་གྱིས་སྡོམ་པ་བླངས་ཤིང་། ནུས་པ་ཅན་གྱི་ཀླུ་མེས་སོགས་དབུས་གཙང་གི་མི་བཅུས་བསྟན་པ་སྔ་དར་གྱི་འདུལ་བའི་སྡོམ་རྒྱུན་དང་བཤད་རྒྱུན་བསྐྱངས། མངོན་པ་གོང་འོག་གཉིས་ལྷ་ལུང་དཔལ་རྡོར་གྱིས་སློབ་མ་བརྩོན་འགྲུས་སེ་བཙུན་དབང་གཞོན་ལ་བཤད་པ་འབར་དང་ཁུ་སོགས་ནས་བརྒྱུད་དེ་བྲང་ཏི་ལ་བབས་པ་དང་། ཕ་རོལ་ཏུ་ཕྱིན་པའི་བཤད་སྒྲུབ་ཀྱི་རྒྱུན་སྐ་ཅོག་ཞང་གསུམ་ནས་སྦས་རྒྱལ་བ་ཡེ་ཤེས་དང་གྲུམ་གཉིས་ལས་སེ་བཙུན་དབང་གཞོན་ལ་བརྒྱུད་དེ་འབྲེ་ཤེས་རབ་འབར་ལ་བཀའ་བབས་པ་སོགས་སྔ་འགྱུར་སྡེ་སྣོད་གསུམ་གྱི་བཤད་སྒྲུབ་ཀྱི་རྒྱུན་བར་མ་ཆད་པར་སྐྱེས་བུ་དམ་པ་རྣམས་ཀྱིས་བཟུང་བ་ཡིན། སྔ་འགྱུར་བཀའ་མ་རྣམས་ནི། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡབ་སྲས། ཟུར་མེས་དབོན་རྣམ་གསུམ་སོགས་ལས་དར། གཏེར་མ་རྣམས་ནི། སྔོན་གྱི་ལོ་པཎ་ས་ཆེན་པོ་ལ་བཞུགས་པ་རྣམས་སྤྲུལ་པའི་རྣམ་རོལ་གཏེར་སྟོན་གྱི་སྐུར་བཞེངས་པའི་གཏེར་ཆེན་གོང་འོག །གླིང་པ་བཅུ་གཉིས། དྲི་མེད་གསུམ་སོགས་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་ཟབ་པའི་གཏེར་ཁ་དུ་མ་སྤྱན་དྲངས་ཏེ་སྐལ་ལྡན་གྱི་གདུལ་བྱ་
རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །ཕྱི་འགྱུར་བ་རྣམས་ནི་ལོ་ཙ་རིན་ཆེན་བཟང་པོ་དང་། ས་རྔོག་ཉི་ཟླ་ཟུང་འབྲེལ། འབྲོག་འགོས་མར་ར་སོགས་ལོ་ཙ་བ་ཆེན་པོ་རྣམས་ཀྱིས་འགྱུར་བཅོས་དང་གཞི་འགྱུར་ཉན་བཤད་ཀྱིས་གཏན་ལ་ཕབ་ཅིང་། དེ་དག་གི་དོན་ས་ཞལ་བུ་གསུམ། རྗེ་རིན་པོ་ཆེ་ཡབ་སྲས་སོགས་སྐྱེས་མཆོག་འགྲན་ཟླ་དང་བྲལ་བ་རྣམས་ཀྱི་སྐུ་དྲིན་ལས་གངས་ཅན་གྱི་ལྗོངས་འདིར་མདོ་སྔགས་ཀྱི་བསྟན་པ་གསལ་ཞིང་རྒྱས་པར་གྱུར་པ་ཡིན། དེ་དག་གི་དབང་ལུང་མན་ངག་བཤད་བཀའ་སོགས་ཀྱི་ལོ་རྒྱུས་དང་བརྒྱུད་ཚུལ་རྣམས་ནི་མཁས་པ་སོ་སོའི་གསུང་ངག་གསན་ཡིག་སོགས་ལས་རྟོགས་པར་བྱའོ། །

སྐར་རྩིས་རིག་པ།

p. 451

ཡང་བཟོ་རིག་པའམ་སྒྲ་རིག་པའི་ཡན་ལག་ཏུ་གཏོགས་པ་རིག་གནས་ཆུང་བ་ལྔ་ནི། ཇི་སྐད་དུ། སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་། །མངོན་བརྗོད་ཟློས་གར་འདི་ལྔ་ལ། རིག་གནས་ལྔ་ཞེས་འཕགས་ཡུལ་ན། །གྲགས་པའི་བ་དན་རླུང་ལྟར་སྒྲོག །ཞེས་འབྱུང་བ་ལྟར། སྐར་རྩིས་ནི་གང་ལ་ལོངས་སྤྱོད་པའི་གཞི་ཡུལ་གྱི་དབང་དུ་བྱས་ཏེ་སྐར་ཁྱིམ་གྱི་གོ་ལ་དང་། དུས་ཀྱི་དབང་དུ་བྱས་ཏེ་ལོ་ཟླ་ཞག་གསུམ་དུས་ཚོད་དང་བཅས་པ། གང་གིས་ལོངས་སྤྱོད་པར་བྱེད་པ་པོགཟའ་བཅུ། དེས་ཇི་ལྟར་ལོངས་སྤྱོད་ཚུལ་རྟག་ལོངས་དང་། རྐང་བའི་ལོངས་སྤྱོད་དག་བྱེད་ཀྱི་ཆོ་ག །དེ་ལྟར་སྤྱད་པའི་འབྲས་བུ་ལ། འཁོར་ཚུལ་གྱི་དབང་དུ་བྱས་ཏེ་མཁའ་ལ་དུས་སྦྱོར་འཆར་རྩིས་དང་ས་ལ་དུས་བཞི་འཁོར་ཚུལ། རང་རང་གི་རྐང་པའི་དབང་གིས་གཟའ་རྣམས་ཀྱི་འཆར་ནུབ། སྐོར་ཕྱོགས་ཀྱི་དབང་གིས་ཉི་ཟླ་སྒྲ་གཅན་འཇུག་པ། རང་རང་གི་ལོངས་སྤྱོད་ལ་སྤྱད་པའི་ངེས་པ་འཕོ་སྡུད་སྐྱེ་ཚུལ་བཤད་པ་སྟེ། བསྡུ་ན་བརྩི་བྱ་དང་རྩི་བྱེད་གཉིས་སུ་འདུས་པ་ཡིན་ནོ། །རིག་པ་དེ་ཉིད་སྟོན་པས་གསུངས་ཤིང་མཁས་པ་རྣམས་ལ་ཇི་ལྟར་བརྒྱུད་ཚུལ་ནི། རྩ་རྒྱུད་དུ། བྱ་རྒོད་ཕུང་པོའི་རི་ཆེན་པོ། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །དམ་པ་དང་པོའི་

p. 452

དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་དང་། ལོ་བརྒྱ་ནས་ནི་དྲུག་བརྒྱའི་ལོ། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་འཇམ་དབྱངས་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་། །ཞེས་གསུངས་པ་ལྟར་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ་ལྕགས་འབྲུག་ནག་ཉར་ཟླ་བཟང་སོགས་ལ་རྩ་རྒྱུད་གསུངས་ཤིང་། དེའི་ཕྱི་ལོ་ལྕགས་སྦྲུལ་ལ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ་ནས་སྐལ་ལྡན་རྣམས་ལ་ལོ་ངོ་གསུམ་གྱི་བར་བཤད་ནས་སྤྲུལ་པ་བསྡུས། དེའི་ཕྱི་ལོ་ཤིང་སྤྲེལ་ནས། ལྷ་དབང་། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་བདུན་ཏེ་ལོ་བརྒྱ་བརྒྱར་ཆོས་བསྟན་ཅིང་དྲུག་བརྒྱ་འདས་པའི་ཤིང་སྤྲེལ་ནས་གྲགས་པས་ལོ་བརྒྱར་རྩ་རྒྱུད་བསྟན་པས་ལོ་བརྒྱ་རྫོགས་པའི་ཤིང་བྱི་ལ་ཉི་མའི་ཤིང་རྟ་སོགས་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྗེས་སུ་བཟུང་ཞིང་བསྡུས་རྒྱུད་བཤུས་ཤིང་རིགས་བཞི་རིགས་གཅིག་ཏུ་མཛད་དེ་གཤེགས། ལོ་དེ་ལ་པད་དཀར་ཁྲིར་ཕེབས་ཤིང་འགྲེལ་ཆེན་དྲི་མེད་འོད་བརྩམས། དེ་ནས་བཟང་པོ་རྣམ་རྒྱལ། བཤེས་གཉེན་བཟང་པོ་རིན་ཆེན་ཕྱག །ཁྱབ་འཇུག་སྦས། ཉི་མ་གྲགས། ཀུན་ཏུ་བཟང་པོ་སྟེ་རིགས་ལྡན་བརྒྱད་ཀྱིས་བརྒྱད་བརྒྱའི་བར་བསྡུས་རྒྱུད་འགྲེལ་བ་བཅས་བསྟན་ཅིང་དེ་འོག་ཤིང་སྤྲེལ་དེ་ལ་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་ཤིང་སྦྲང་རྩིའི་བློ་གྲོས་ཀླ་ཀློའི་སྟོན་པར་གྱུར་པ་དང་། མུ་སྟེགས་པའི་བྱེད་རྩིས་བྱུང་བ་དང་དུས་མཉམ་པར། རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ཏེ་ལོ་བརྒྱ་གྱ་གཉིས་ཀྱི་བར་དུ་ཆོས་བསྟན་ནས། མེ་ཁྱི་ལོ་རྒྱལ་དཀའ་རྒྱལ་སར་ཕེབས་པ་དང་། རང་ལུགས་བྱེད་པའི་རྩིས་མགོ་ཟུག །དེ་ནས་བརྩམས་ཏེ་རབ་བྱུང་དང་པོའི་སྔ་ལོགས་ཀྱི་མེ་སྟག་གི་བར་གྱི་ལོ་ཉིས་བརྒྱ་ཉེར་གཅིག་ཏུ་ཆོས་བསྟན། དེ་ལྟར་ན་ཡབ་སྲས་གཉིས་པོའི་ལོ་དེ་ལ་མེ་མཁའ་རྒྱ་མཚོའི་ལོ་ཞེས་གྲགས་ཤིང་། དེའི་འོག་རབ་བྱུང་མེ་ཡོས་ལ་རིགས་ལྡན་ཉི་མ་ཁྲིར་ཕེབས་པའི་ལོ་འདི་མེ་མཁའ་རྒྱ་མཚོ་ལ་བསྲེ་རྒྱུའི་འདས་ལོ་དང་པོ་དང་། རྒྱུད་འདི་ཆུ་བོ་ཤཱི་ཏའི་ལྷོར་ཕེབས་པའི་ལོ་ཡིན། དེ་ནས་རིམ་པར་སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་རྣམས་སོ། །དེ་ལ་

p. 453

རིགས་ལྡན་ཉི་མ་ལ། ཙི་ལུ་པཎྜི་ཏས་གསན། དེ་དང་དུས་ཞབས་པ་ཆེ་བ་གཅིག་པར་བཞེད་ཅིང་། ཡང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་པད་དཀར་གྱིས་དུས་ཞབས་པ་ལ་གསུངས་པ་སོགས་ལོ་རྒྱུས་མང་། སློབ་དཔོན་དེ་ནི་རྒྱ་གར་གྱི་ཡུལ་དབུས་ཀྱི་རྒྱལ་རིགས་ཡིན། རིག་པའི་གནས་ལྔ་ལ་མཁས། འཇམ་དཔལ་གྱི་སྤྲུལ་པར་གྲགས། སྒྲོལ་མས་བྱིན་གྱིས་བརླབས་པས་དེའི་ཞལ་དངོས་སུ་མཇལ། ཐུན་མོངས་ཀྱི་དངོས་གྲུབ་མཐའ་དག་བརྙེས། ལན་གཅིག་གི་ཚེ་རྗེ་བཙུན་མའི་ཞལ་ནས། བྱང་ཕྱོགས་ཤམྦྷ་ལ་ན་སངས་རྒྱས་ཀྱིས་གསུངས་ཤིང་ལུང་བསྟན་པའི་རྒྱུད་འགྲེལ་མང་པོ་བཞུགས་པས་དེ་ཚོལ་ཞིང་ཉན་དུ་སོང་ཞིག་གསུངས་པས་དེར་བྱོན་ཏེ་སྤྱན་རས་གཟིགས་དངོས་ལ་ཆོས་རྣམས་ཞུས་ཏེ་ཡུལ་དབུས་ཉིད་དུ་བཞུགས། པཎྜི་ཏ་ལྔ་ལ་བཤད་དེའི་ནང་ནས་བིཎྜོ་ཨཱ་ཙཪྱ་ཞེས་པ་མཆོག་ཏུ་གྱུར་ཏེ་ཐོག་མར་དགེ་སློང་བློ་རྟུལ་བ་ཞིག་ཡིན་པས། བློ་རྣོ་བའི་སྒྲུབ་པ་མཛད་པས་ལྷས་རྗེས་སུ་བཟུང་སྟེ་ཆོས་ཐམས་ཅད་ཐོགས་མེད་དུ་ཤེས་པར་ཡུལ་དབུས་སུ་ངག་གི་དབང་ཕྱུག་གྲགས་པ་ཞེས་པཎ་ཆུང་བཅུ་གཉིས་ཀྱིས་བསྐོར་བ་ཞིག་ཏུ་གྱུར། དེའི་བརྒྱུད་པ་འཛིན་པ་དགེ་བསྙེན་བྱང་ཆུབ་ཅེས་བྱ་སྟེ་འདི་ལ་པཎྜི་ཏ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ལས། ནཱ་རོ་པ་དང་སྟབས་གཅིག་ཏུ་དུས་ཞབས་པ་ཆེན་པོ་ལ་ཆོས་ཉན་པས་དུས་ཞབས་པ་ཆུང་ངུ་ཞེས་གྲགས། དེ་ལྟ་བུའི་ཡབ་སྲས་གཉིས་ཀྱིས་དཔལ་དུས་ཀྱི་འཁོར་ལོ་མི་ཤེས་ན་གསང་སྔགས་མི་ཤེས་སོ་ཞེས་སྨྲས་པས། པཎྜི་ཏ་རྣམས་མ་རངས་ཏེ་ཡུལ་དབུས་སུ་འདུས་ཏེ་བི་ཀྲ་མ་ཤཱི་ལར་བརྩད་པས། ཐམས་ཅད་ཀྱི་མ་ཐུབ་ཏེ་ཞབས་སྤྱི་བོར་བླངས་ཤིང་དུས་ཀྱི་འཁོར་ལོ་ཞུས། མཚན་ཡང་དུས་འཁོར་ཞབས་པ་ཞེས་གྲགས། དེ་ནས་རིམ་པར་རྒྱལ་སྲས་ནཱ་ལེནྡྲ་པ། ཁ་ཆེ་ཟླ་མགོན། འབྲོ་ལོ་ཤེས་གྲགས། གྲ་སྒོམ་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་རྩིང་། དེ་ལས་གྲུབ་ཆེན་ཡུལ་མོའི་སྲས་ཆོས་ཀྱི་དབང་ཕྱུག །གྲུབ་ཐོབ་ནམ་མཁའ་འོད། སྤྲུལ་སྐུ་ཇོ་འབུམ། ཡེ་ལོ་ཆེ་བ་རྣམ་རྒྱལ། འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་
པོ་ཆེ། བླ་མ་དྷཱརྨ་ཤྲཱི་པ། རིན་ཆེན་བསོད་ནམས་འཕེལ། གཙང་ཆུང་ཆོས་གྲགས། ལྷུན་གྲུབ་རྒྱ་མཚོ། ནོར་བཟང་རྒྱ་མཚོ། ཆོས་ལེགས་རིན་ཆེན། ཕྲིན་ལས། པདྨ་ཆོས་སྐྱོང་། གཉིས་ཀ་ལས་རིན་ཆེན་དཔལ་བཟང་། ཟལ་པ་སློབ་དཔོན་བཀྲ་ཤིས། མཁས་དབང་དོན་གྲུབ་དབང་རྒྱལ། ལོ་ཆེན་དྷརྨ་ཤྲཱི་དེས་སོ། །ཡང་ན་ཕྲིན་ལས་པ་རབ་འབྱམས་པཱ་ཧཱུ། བསོད་ནམས་རྒྱ་མཚོ། ཇོ་བསྟན་ཤཱཀ་རིན། དོན་དབང་སོགས་བྱེ་བྲག་པའི་བརྒྱུད་པའོ། །ཞིག་དོན་དབང་ནས་རྒྱ་སྟོན། དྷརྨ་ཤྲཱིའོ། །ཡང་དཔལ་གཙུག་ན་ཟླ་བས་གསུངས་པའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་ལེའུ་བཅུ་བ་དགོངས་འགྲེལ་དང་བཅས་པའི་བརྒྱུད་པ་ནི་གོང་དང་མཚུངས། དེ་ལས་གཞན་དུ་བདག་གི་རིག་པ་བསྟན་པ་ལ་ཤིན་ཏུ་མཁོ་བ་འབྱུང་རྩིས་སམ་ནག་རྩིས་སུ་གྲགས་པ་ནི། བརྩི་བྱ་འབྱུང་བ་ལྔ་ལ། རྩི་བྱེད་རང་བཞིན་བཞིའི་གཙུག་ལག་དང་། འབྱུང་བ་རང་རྒྱུད། སྣང་བ་ཡུལ། གཅོད་བྱེད་ཡིད། འཇིག་པ་སེམས་ཀྱི་གབ་ཚེ་བཞིས་བསྡུས་པའི་མ་རིག་འཁྲུལ་སྣང་གི་གཙུག་ལག་གཉིས་ཀྱི་སྒོ་ནས་འཆད་པའི་སྲོལ་དུ་གྲགས་པ་དང་། དེ་དག་གི་མན་ངག་གསལ་སྒྲོན་མ་བུ་ལ་སོགས་པ་སྟེ་བརྒྱུད་པ་ནི་རྗེ་བཙུན་འཇམ་དཔལ་གྱིས་ལྷ་ཚངས་པ། ལྷ་མོ་རྣམ་རྒྱལ། ཀླུ་རྒྱལ་འཇོག་པོ་རྣམས་ལ་གསུངས། དེ་དག་གིས་འཕྲུལ་གྱི་མི་བཞི། དེ་ནས་ལེན་པོ་བཞི། འཆང་བ་པོ་བཞི། མངོན་ཤེས་ཅན་བཞི། དེ་རྣམས་ཀྱིས་ལོ་ཙ་བ་ཁམས་པ་ཁྲ་མོ་སོགས་རིམ་པར་བརྒྱུད་དེ། ཁྱུང་ནག་ཤཱཀ་དར། ཕུར་པ་ཨདྨ་དེ་བ། སངས་རྒྱས་བློ་གྲོས། དཔལ་མགོན་འཕྲིན་ལས་སོགས་སོ། །

སྙན་ངག་གི་བསྟན་བཅོས།

p. 454

སྙན་ངག་གི་བསྟན་བཅོས་ནི། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས། མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཟློས་དང་མཚུངས། ཞེས་གསུངས་ཏེ་སྔོན་གྱི་མཁས་པ་རྣམས་ཀྱིས་སྙན་ངག་གི་བརྗོད་བྱ་ཐམས་ཅད་འདོད་དོན་སྒྲུབ་པར་བྱེད་པ་ལུས་བཅད་ལྷུགས་སྤེལ་མ་གསུམ་དང་། དེ་གསུམ་མཛེས་པར་བྱེད་པའི་སྦྱོར་བ་ཁྱད་
པར་ཅན་གྱི་ཆོས་རྒྱན་གཉིས་སུ་བསྡུས་ནས་བཤད་དེ། མེ་ལོང་ལས། དེ་དག་གིས་ནི་སྙན་ངག་གི། ལུས་དང་རྒྱན་ཡང་རབ་ཏུ་བསྟན། །ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། །དེ་ཡང་ཚིགས་བཅད་ལྷུགས་པ་དང་། །སྤེལ་བ་རྣམ་གསུམ་ཉིད་དུ་གནས། །ཞེས་དང་། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །ཞེས་གསུངས། རྒྱན་དེ་ལ་དབྱེ་ན། ལམ་རྣམ་པར་དབྱེ་བ་ཐུན་མོང་མ་ཡིན་པའི་རྒྱན་དང་། ཐུན་མོང་གི་རྒྱན་གཉིས་ལས། ཐུན་མོང་ལ་ཡང་རང་བཞིན་བརྗོད་དང་དཔེ། །གཟུགས་སོགས་དོན་རྒྱན་སུམ་ཅུ་སོ་ལྔ་དང་། །ཟུང་ལྡན་བྱ་དཀའི་ཁྱད་པར་དང་། །དབྱངས་སོགས་ངེས་པའི་བྱ་དཀའ་ལ། །རྣམ་གྲངས་དབྱེ་བ་དུ་མ་ཡོད། །ཅེས་པ་ལྟར་སྒྲ་རྒྱན་དང་། གབ་ཚིག་གི་རྒྱན་བཅུ་དྲུག་རྣམས་སོ། །དེ་དག་སྟོན་བྱེད་ཀྱི་གཞུང་ནི། སློབ་དཔོན་ཆེན་པོ་དབྱུག་པ་ཅན་གྱིས་མཛད་པའི་མེ་ལོང་སྟེ་བརྒྱུད་པ་ནི་ཞ་ལུ་ལོ་ཆེན་ཡན་ཀཱ་ལ་པའི་བརྒྱུད་པ་ལ་འདུས། དེ་ནས་སྐྱོགས་ལོ། །ལྷ་མདོངས་པ། ལོ་ཆེན་ངག་གི་དབང་པོ། རིན་སྤུངས་ངག་དབང་འཇིགས་གྲགས། སྲས་ཟླ་བ་བཟང་པོ། །རིན་པོ་ཆེ་བུདྡྷའི་མཚན་ཅན། མཁས་པ་དགེ་ལེགས་དཔལ། གུང་ཐང་པ་བཤེས་གཉེན་རྣམ་རྒྱལ། གཏེར་ཆེན་བླ་མ། ལོ་ཆེན་དྷརྨ་ཤྲིའོ། །

སྡེབ་སྦྱོར།

p. 455

སྡེབ་སྦྱོར་གྱི་སྐོར་ནི། སྤྱིར་སྡེབ་སྦྱོར་གང་ལ་བྱ་བའི་གཞི་ནི་ཚིགས་སུ་བཅད་པ་སྟེ། དབྱེ་ན་བྲཱིཏ྄་དང་ཛཱ་ཏི་གཉིས་ཏེ། དེ་ལྟར་ཡང་། ཚིགས་བཅད་རྐང་བཞི་དེ་ཡང་ནི། བྲཱྀཏྟ་ཛཱ་ཏི་ན་གཉིས་དབྱེ། ཡི་གེ་བགྲང་བ་བྲཱྀཏྟ་ཡིན། ཕྱི་མོ་བགྲང་བ་ཛཱ་ཏིར་འགྱུར། ཞེས་གསུངས། བྲཱྀཏྟ་ལའང་། མཉམ་པ་དང་། ཕྱེད་མཉམ་པ་དང་། མི་མཉམ་པའི་བྲཱྀཏྟ་གསུམ། ཛཱ་ཏི་ལའང་འཕགས་མ་དང་། རོ་ལངས་ཅན་དང་། ཕྱི་མོ་མཉམ་པའི་ཛཱ་ཏི་དང་གསུམ་མོ། །དེའི་གཞུང་ནི་སྔོན་གྱི་ཕྱི་རོལ་པའི་པཎྜི་ཏ་དྲང་སྲོང་སེར་སྐྱའམ་དམར་སེར་ཅན་དུ་གྲགས་པས་བྱས་པའི་རྩ་བའི་མདོ་དང་། དེའི་དཔེར་བརྗོད་རྒྱལ་བའི་ལྷས་བྱས་པ་སོགས་ཡོན་ཏན་བརྒྱད་ཀྱི་༼ཆད་དམ་དཔྱད་མཆན་༽དབེན་པས་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཏེ་དེའི་བརྒྱུད་པ་ནི། རཏྣཱ་ཀ་ར།
ས་དབང་མང་པོ། ཤོང་སྟོན་སོགས་ཀཱ་ལཱ་པའི་བརྒྱུད་པ་ལྟར་དང་། ངོ་མཚར་རྟོགས་བྱེད་སོགས་ཚང་བའི་བརྒྱུད་པ་ནི། ཞཱ་ལུ་ལོ་ཆེན་ནས། པད་དཀར་ཆོས་སྐྱོང་། འཇམ་དཔལ་རྡོ་རྗེ། ཚེ་དབང་དོན་གྲུབ། དབུ་མ་ལོ་ཙ་བ། ཆད་ཁུ་ལོ་ཆེན། རྒྱ་སྟོན་ནུབ་རི་བ། དྷརྨ་ཤྲིའོ། །ཡང་ན། ཆད་ཁ་བ་ནས་ངག་དབང་དེས་དྷརྨ་ཤྲཱིའོ། །

མངོན་བརྗོད་དང་ཟློས་གར།

p. 456

མངོན་བརྗོད་ཀྱི་བསྟན་བཅོས་ནི། སྒྲ་གཅིག་ལ་དོན་དུ་མ་འཇུག་པ་གོ་སྒྲ་ལྟ་བུ་དང་། དོན་གཅིག་ལ་སྒྲ་དུ་མ་འཇུག་པ་ཉི་མ་ལ་རྟ་ལྗང་ཅན་དང་། ཚ་ཟེར་ཅན་ལ་སོགས་པའི་མིང་དུ་མ་འབྱུང་བ་ལྟ་བུ་སྟེ། ཇི་སྐད་དུ། མངོན་བརྗོད་དུ་མའི་དོན་ལ་མིང་གཅིག་ཉིད། །འཇུག་པ་ངག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་སོགས་བཅུ་ུལ་སྒྲ་གཅིག་ཉིད་འཇུག་དང་། །དོན་གཅིག་ཉིད་ལ་དུ་མའི་མིང་འཇུག་པ། །ཉི་མ་ཉིད་ལ་རྟ་ལྗང་འོད་ཟེར་ཅན། །ནམ་མཁའི་ནོར་བུ་པདྨོའི་གཉེན་སོགས་སོ། །ཞེས་པ་སྟེ། དེ་ཉིད་སྟོན་བྱེད་ཀྱི་གཞུང་ནི་སློབ་དཔོན་འཆི་མེད་སེངྒེས་མཛད་པའི་ཨ་མ་ར་ཀོ་ཥ་དང་དེའི་རྒྱ་ཆེར་འགྲེལ་པཎྜི་ཏ་རབ་འབྱོར་ཟླ་བས་མཛད་པའི་འདོད་འཇོ་ལ་སོགས་པའོ། །ཟློས་གར་གྱི་བསྟན་བཅོས་ནི་ཚིགས་བཅད་ལྷུག་སྤེལ་མར་ཡོད་པ་གང་གིས། སྐད་རིགས་བཞི་བསྲེས་པའི་སྒོ་ནས་སྟོན་པའོ། །དེ་ཡང་མཚམས་སྦྱོར་ཡན་ལག་སྒོ་ལ་སོགས་པ་ལྔ་དང་། ཚིག་ལྡན་སོགས་གཞི་ལ་རབ་ཏུ་སྣང་བྱེད་སོགས་བཅུ་དྲུག་ཏུ་ཕྱེ་བ་འཇུག་པའི་ཡན་ལག་ཅན་དབྱངས་བདུན་ལ་སོགས་པ་རྣམས་དང་། རྒྱན་བྱེད་དང་ཡི་གེ་འདུས་པ་སོགས་མཚན་ཉིད་སུམ་ཅུ་རྩ་དྲུག་དང་། སྒེག་པ་དང་། འཕྲེང་བ་དང་། མཚམས་སྦྱོར་གཞན་པ་རྣམས་ཀྱི་ཡན་ལག་སོགས་རྒྱུ་རྩལ་གྱི་རིགས་རྣམས་ཏེ། དེ་དག་སྟོན་པའི་གཞུང་ནི། བྷ་ར་ཏ། ཀོ་ཧ་ལ་དང་། ཀླུ་ཀུན་ཏུ་དགའ་བ་དང་། འཇིག་རྟེན་ཀུན་ཏུ་དགའ་བ་སོགས་ཟློས་གར་གྱི་བསྟན་བཅོས་ཇི་སྙེད་པ་རྣམས་སོ། །དེ་ལྟར་རིག་གནས་ཡན་ལག་དང་བཅས་པ་འཆད་པའི་སྔོན་དུ་སྤྲོ་བ་བསྐྱེད་པའི་མཚམས་སྦྱོར་བརྗོད་བདེར་སྤེལ་བ་འདི་ནི་མཁར་པ་དགེ་སློང་ཆོས་དབང་གིས་བསྐུལ་བའི་ངོར་རཏྣ་བི་ཛ་ཡས་བྲིས་པ་དགེ་ལེགས་སུ་གྱུར་ཅིག

Pecha page