← Search

སྔ་འགྱུར་སྨིན་གླིང་དཔེ་ཚོགས།

རྩོམ་མཁན། ལོ་ཆེན་དྷརྨ་ཤྲཱི།

ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ། ལོ་ཆེན་དྷརྨ་ཤྲཱི།

p. 1

ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ་ཞེས་བྱ་བབཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།

p. 2

ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ་ཞེས་བྱ་བབཞུགས་སོ། །རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ་ཞེསབྱ་བ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་བདེ་བ་ཆེ། །ཟག་མེད་དབྱིངས་སུ་བྱང་ཆུབ་པ། །བླ་མ་མཆོག་དངཐ་དད་དུ། །མི་དམིགས་རྡོ་རྗེ་བཙུན་མོར་འདུད། །དོན་དམ་དབྱིངས་དང་བརྗོད་པ་སྒྲ། །མཚོན་པ་དབྱིབས་ཀྱི་ཕག་མོ་སྟེ། །སྐུ་གསུམ་ལམ་ཁྱེར་ཟབ་དོན་གནད། །ཤིན་ཏུ་གསལབར་འདིར་བཤད་བྱ། །འདིར་རྣལ་འབྱོར་མ་གསང་མཐའི་རྒྱུད་ཀྱི་ངེས་གསང་། ཟབ་དོནཐམས་ཅད་ཀྱི་ཉིང་ཁུ། ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་སེམས་དཔའ་ཉིད་དུ་བྱེད་པའི་མྱུརལམ། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་གསང་སྒྲུབ་མཁའ་འགྲོའ་སྙན་བརྒྱུད་ཅེས་བྱ་བ། རྗེབཙུན་མ་ཉིད་ཀྱིས་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སམ་པདྨ་སཾ་བྷ་བ་ལ་ཨོརྒྱན་རང་བྱུང་གི་དུར་ཁྲོད་དུ་དངོས་སུ་གནང་། དེས་མཁའ་འགྲོའི་ལུང་བསྟན་ལྟར་མཁརཆེན་བཟའ་ལ་སྩལ་ཅིང་གཏེར་དུ་སྦས་པ་ལས། གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱིས་སྤྱནདྲངས་པའི་འཁྲིད་ཚུལ་གྱི་ཕྱག་བཞེས། རྣལ་འབྱོར་གྱི་དབང་ཕྱུག་མེ་ལོང་རྡོ་རྗེའི་བཀའསྲོལ་ལྟར་འཆད་པར་བྱེད་པ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། རྙེད་དཀའིདལ་འབྱོར་གྱི་རྟེན་ཐོབ་ཀྱང་མི་རྟག་པའི་དྲན་ཤེས་དང་། ལས་འབྲས་སྨིན་ཚུལ་ལ་ཡིདཆེས་པར་འཁོར་བའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། མདུན་གྱི་

p. 3

ནམ་མཁར་རྩ་བའི་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོབོར་མོས་ལ་རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནསསྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། སྐྱབས་འགྲོ་མང་དུ་བཟླསམཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་མཉམ་པར་བཞག དེ་ནས་འགྲོ་དྲུག་གི་སེམས་ཅནཐམས་ཅད་ཚེ་རབས་ཀྱི་ཕ་མར་ཤེས་པས་ཚུགས་ཐབས་མེད་པའི་སྙིང་རྗེས་དྲངས་ནས་དེརྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་དགོད། དེའི་ཆེདདུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས། སེམས་བསྐྱེད་མང་དུ་བཟླས་མཐར་ཡུལ་མིདམིགས་པའི་ངང་ལ་གཞག་གོ །གཉིས་པ་ནི། སྨིན་ལམ་བརྡ་བཞིའི་སྒོ་ནས་སློབ་བུའི་རྒྱུད་བྱིན་གྱིས་བརླབས་ལ། དམཚིག་གསོ་ཞིང་བྱིན་རླབས་ཀྱི་བོགས་འདོན་པའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམས་ཏེ། རངགི་སྤྱི་བོར་པད་ཉི་ཟླ་བའི་གདན་སྟེང་རྩ་བའི་བླ་མ་ཧེ་རུ་ཀའི་རྣམ་པ་ཅན་རྗེ་བཙུན་མས་འཁྱུདཔ་ལ་རྩ་བ་གསུམ་གྱི་སྤྲིན་ཕུང་འཁྲིགས་པ་སྣང་སྲིད་དཔལ་ལྡན་བླ་མའི་ངོ་བོར་སད་པརབསམ་ཞིང་། ༀ་གུ་རུ་སརྦ་པཱུ་ཛ་རཏྣ་མཎྜལ་ཧཱུྃ༔ ཞེས་ལུས་ལོངས་སྤྱོད་མཆོད་པ་དང་བཅས་པ་ཕུལ་ཏེ་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱི་གདུང་ཤུགས་དྲག་པོས། ༀ། ཆོས་དབྱིངས་འོག་མིན་ཕོ་བྲང་ནས། ཞེས་སོགས་བརྒྱུད་འདེབས་རྒྱས་པའམ། བསྡུ་ན། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་དང་བདག་རྒྱུད་ལ་ཉམས་རྟོགས་ཁྱད་པརཅན་སྐྱེ་བའི་གསོལ་བ་ཅི་མང་དུ་བཏབ་པས་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུནབབ་པས་སྡིག་སྒྲིབ་ཐམས་ཅད་བཀྲུས། ལུས་ཀྱི་གནས་གང་བས་དབང་ཐོབ་པར་བསམསལ། ཧེ་རུ་ཀའི་ཡིག་བརྒྱའང་ཅི་ནུས་བཟླས་མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླམའི་ཐུགས་དང་རང་སེམས་དབྱེར་མེད་དུ་མོས་པའི་ངང་ལ་མཉམ་པར་འཇོག དེ་རྣམསརིམ་གྱིས་འབོགས་ཤིང་རེ་རེ་ནས་རྟགས་ཐོན་ཐོན་བསྒོམ་པར་བྱའོ། །

p. 4

གཉིས་པ་དངོས་གཞི་ལ་གཉིས་ཏེ། སྟན་ཐོག་གཅིག་ཏུ་བསྒྲིལ་ནས་སྐུ་གསུམ་ལམ་དུཁྱེར་བ་མཉམ་བཞག་གི་རྣལ་འབྱོར་དང་། སྤྱོད་ལམ་གཞན་དང་བསྲེས་ནས་ལམ་དུ་ཁྱེརབ་རྗེས་ཐོབ་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། མཚོན་པ་དབྱིབས་ཀྱི་རྣལ་འབྱོརགྱིས་སྤྲུལ་སྐུའི་ཕག་མོ་ལམ་དུ་ཁྱེར་བ། བརྗོད་པ་སྒྲའི་རྣལ་འབྱོར་གྱིས་ལོངས་སྐུའི་ཕགམོ་ལམ་དུ་ཁྱེར་བ། དོན་དམ་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་བའོ། །དང་པོ་ལ། བསྒོམ་དོན་དམིགས་པའི་ག ནད་བློ་ལ་འགོད་པ་དང་། གནད་ཤེས་ནསཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི་དག་པ་གསུམ་སྟེ། ཡུལ་རྣམ་པར་དག་པ་སངས་རྒྱས་ཀྱིཞིང་ཁམས་སུ་བསྟན་པ་ནི། གྲོང་ཡུལ་ཚོང་འདུས་དགོན་པ་དང༔ རང་ཉིད་གང་ན་གནསཔ་ནི༔ འདི་དག་སངས་རྒྱས་ཞིང་ཁམས་ཡིན༔ ཞེས་པས་ཡུལ་བཟང་ངན་དུ་སྣང་ཞིང་ཞེནཔས་བཅིངས་པའི་དབང་གིས་ཞིང་ཁམས་མ་འབྱོངས་པའི་གཉེན་པོར་བསྒོམ་པ་སྟེ། སྣོདཀྱི་འཇིག་རྟེན་ཡེ་ནས་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་དང་། བཅུད་དེར་གནས་ཀྱིསེམས་ཅན་ཐམས་ཅད་རྡོ་རྗེ་ཕག་མོའི་རང་བཞིན་དུ་གཏན་ལ་ཕབ་སྟེ་བསྒོམ་པའོ། །ལུསརྣམ་པར་དག་པ་ལྷའི་གཞལ་ཡས་ཁང་དུ་བསྟན་པ་ནི། རང་ལུས་འདོམ་གང་གྲུ་བཞི་པ༔ འབྱུང་བ་ལྔ་ཡི་བདག་ཉིད་ཅན༔ མེ་རི་དུར་ཁྲོད་དཔག་བསམ་ཤིང ༔ རང་བྱུང་ཡེ་ཤེསགཞལ་ཡས་ཁང་༔ ཞེས་པས། རང་ལུས་གཙང་དམེ་དང་ཡངས་དོག་ཏུ་བཟུང་པས་གཞལཡས་ཁང་དུ་མ་རྟོགས་པའི་གཉེན་པོར་བསྒོམ་པ་སྟེ། ལུས་འབྱུང་ལྔ་འདུས་པ་ཡུམ་ལྔའིརང་བཞིན་ཡེ་ནས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དུ་གཏན་ལ་ཕབ་སྟེ་བསྒོམ་པའོ། །སེམས་རྣམ་པར་དག་པ་རྡོ་རྗེ་ཕག་མོའི་སྐུར་བསྒོམ་པར་བསྟན་པ་ནི། རང་སེམས་དག་པཕག་མོའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ གྲི་གུག་གཡས་ལ་ཐོད་པ་གཡོན༔ ཁ་ཾ་ག་ནི་ཐུགས་ཀར་གཏོད༔ དུར་ཁྲོད་རྒྱན་གྱིས་ལེགས་པར་བརྒྱན༔ རལ་པ་དམར་ནགསྤྲིན་ལྟར་གཏིབས༔ ཐོད་པ་ལྔ་ཡི་དབུ་རྒྱན་བྱས༔ སྤྱི་གཙུག་ཕག་ཞལ་ནམ་མཁའི་གནས༔ རྟོག་མེད་རོ་ཡི་གདན་སྟེང་ན༔ བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་ཅན༔ འཁོར་བ་ཟིལ་

p. 5

གནོན་ཁྲོས་མའི་ཚུལ༔ ཞེས་པས། འཁོར་བའི་ཆོས་གདོད་ནས་མ་གྲུབ་ཀྱང་ང་དང་བདགཏུ་བཟུང་བས་འཁོར་བར་འཁྲུལ་པའི་གཉེན་པོར་བསྒོམ་པ་སྟེ། རང་སེམས་ཡེ་ནས་ཆོསཉིད་དོན་དམ་པའི་ཕག་མོར་རྣམ་པར་དག་པས། ཡིན་པ་ལ་ཡིན་པར་གསལ་འདེབས་པཙམ་ལས་ལོགས་ནས་བསྒྲུབ་ཅིང་བསྐྱེད་དུ་མེད་པར་ཐག་བཅད་དེ་བསྒོམ་པར་བྱ་ཞིང་། ཡེ་ནས་རང་གི་ལྷ་དེ་སངས་རྒྱས་ཀུན་འདུས་ཡིན་པས་གདོད་ནས་དམ་ཡེ་དབྱེར་མེད་དུ་གྲུབཔའི་ཕྱིར། ཡེ་ཤེས་པ་དྲང་བསྟིམ་སོགས་མི་དགོས་ཏེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུནམཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་སོ། །གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུནདྲང་པོར་བསྲངས་ཏེ། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། སྟོང་པའི་ངངལས་ཡུལ་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་ཁམས། རང་ལུས་རྣམ་པར་དག་པ་སྲུང་འཁོརགྱི་དབུས་སུ་ཆོས་འབྱུང་དམར་ནག་འབར་བ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེབར་པད་ཉི་རོའ་གདན་སྟེང་དུ། སེམས་ཉིད་རྣམ་པར་དག་པ་བཅོམ་ལྡན་འདས་མ་རྡོ་རྗེཕག་མོ་ཁྲོས་མའི་སྐུར་སྐད་ཅིག་གིས་ཝལ་གྱིས་གསལ་གདབ། གསལ་ན་དེ་ཁའི་རྒྱུན་ལཡུད་ཙམ་སེམས་བཞག་སྟེ་འཕྲོ་བཅད། ཡང་ཝལ་གྱིས་བསྒོམས་ནས་སྔར་ལྟར་སེམས་གཟུངབ་ལ་ཡང་ཡང་བསླབ། གལ་ཏེ་མི་གསལ་ན། བྲིས་སྐུ་མཚར་བ་ཞིག་མེ་ལོང་གི་འོད་དངལྡན་པར་བྱས་ལ། བྲིས་སྐུ་ཉིད་ལ་མིག་ཆེར་རེ་བལྟ་ཞིང་སེམས་གཞན་དུ་མ་ཡེངས་པརཡུན་རིང་དུ་བཞག ཡང་དེ་ཀའི་རྣམ་པ་ཡིད་ལ་འཆར་བར་བྱས་ཏེ་རང་ཉིད་དེ་འདྲར་ཡུདཙམ་བསྒོམ། དེ་ལྟར་བལྟ་བ་དང་བསྒོམ་པ་སྤེལ་མར་བྱས། དེ་ཡང་གསལ་ན་གསལ་བའིའཕྲོར་བཅད། མི་གསལ་ན་མི་གསལ་བའི་འཕྲོར་བཅད་ལ་ཡང་ཡང་གསལ་འདེབས། སྐབསསྐབས་སུ་ཤེས་པ་ཁོང་གློོད་ལ་ངལ་གསོ། ཉལ་བའམ་ཐུན་བསྡུ་བའི་ཚེ་སྣོད་བཅུད་གཞལཡས་ཁང་དང་བཅས་པ་འོད་དུ་ཞུ་ནས་རང་ལ་བསྟིམ། རང་ཉིད་ལྷ་སྐུ་སྣང་སྟོང་ལ་འཇོག་

p. 6

པའམ་དེ་ཡང་མི་དམིགས་པའི་ངང་དུ་བློ་བཞག སད་པའམ་ཐུན་ལས་ལྡང་བའི་ཚེ་རྗེ་བཙུནམའི་སྐུར་ལངས་ལ་དགེ་བ་བསྔོ། མདོར་ན་ལྷ་སྐུའི་རྣམ་པ་སྤྱི་དང་། བྱེ་བྲག་སོ་སོར་སྦྱངསཔས་གསལ་སྣང་ཐོན་པ་ན། ལྷ་སྐུ་གསལ་དྭངས་རྙོག་པ་མེད་པ་ནམ་མཁའི་འཇའ་ཚོན་ནམམེ་ལོང་ནང་གི་གཟུགས་བརྙན་ཤར་བ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག རེས་བརྡདོན་སྦྱར་བས་རྣམ་དག་དྲན་པར་བྱ་སྟེ། ཆོས་ཉིད་མི་འགྱུར་བས་སྐུ་མདོག་ནག་པོ། ཀུནརྫོབ་རྣམ་པར་དག་པའི་ཆོས་ཉིད་རྩ་ཞལ་ཁྲོ་མོ། དོན་དམ་རྟོག་མེད་ཕག་ཞལ་གྱེན་དུ་ཕྱོགསཔ། སྟོང་པ་ཉིད་ཀྱིས་རྣམ་པར་རྟོག་པ་གཅོད་པའི་གྲི་གུག སྙིང་རྗེས་ཆགས་པའི་ཚུལ་གྱིསཐོད་ཁྲག་གསོལ་བ། དུག་གསུམ་དག་པ་སྐུ་གསུང་ཐུགས་སུ་སྦྱོར་བས་ཁ་ཾ་ག ཉོན་མོངསཔ་གནས་སུ་དག་པས་དུར་ཁྲོད་ཀྱི་ཆས། ཐུགས་རྗེས་འཁོར་བ་བླ་ན་མེད་པའི་གནས་སུའདྲེན་པས་རལ་པ་དམར་ནག རིགས་ལྔ་ཡེ་ཤེས་ལྔ་རྫོགས་པ་ཐོད་སྐམ་ལྔའི་དབུ་རྒྱན། ཐབས་ཤེས་ཟུང་འཇུག་རྣམ་པར་མི་རྟོག་པས་པད་ཉི་རོའི་གདན། ཐབས་དང་ཤེས་རབཀྱིས་བདེ་བ་རྒྱུན་མི་ཆད་ཅིང་འགྲོ་དོན་མཛད་པས་ཞབས་གཡོན་བརྐྱངས་པའི་ཕྱེད་སྐྱིལགྱི་གར་སྟབས། འཁོར་བ་ཟིལ་གྱིས་གནོན་པས་ཁྲོས་མའི་ཚུལ། ཡེ་ཤེས་ཀྱི་མེས་བདུདདཔུང་བ སྲེགས་པས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་སོགས་རེ་རེ་ནསམོས་པ་བརྟན་པོ་བཞག་པའི་མཐར། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། རྒྱལ་ཡུམ་རྡོརྗེ་ཕག་མོ་དེ་ངའོ་སྙམ་པའི་ང་རྒྱལ་བསྐྱེད། དེས་འཇམ་རླུང་ཁ་སྦྱོར་དང་བསྲེས་ལ་རྟོག་བྲལདུ་གཞག་གོ །དེ་ལྟར་ལྷ་སྐུའི་རྣམ་པ་ལ་གོམས་པས་གསལ་བརྟན་གྱི་ཉམས་ཅུང་ཟད་ཐོབམཚམས་ནས། ཕྱི་སྣོད་དག་པའི་ཞིང་དང་། བཅུད་སེམས་ཅན་ཐམས་ཅད་རྡོ་རྗེ་ཕག་མོརལམ་གྱིས་བསྒོམས་ནས། དེ་དག་ལས་དམིགས་པའི་ཡུལ་རྣམ་པར་གསལ་བ་ཞིག་ལྷརགསལ་བཏབ་ཅིང་ཤེས་པ་དྲག་ཏུ་གཏད། གཞན་རྣམས་ལྷ་སྐུར་ལམ་མེ་ཡོད་པའི་མོས་པཙམ་བྱས་ལ་བསྐྱང་ངོ་། །དེ་ལྟར་བསྒོམས་པས་ལུས་ཀྱི་གདོས་ཞེན་དག ལུས་དང་ཁམསབདེ། ཟས་འཇུ། མ་ཟོས་ཀྱང་ལྟོ་ཐུབ། ལུས་ཀྱི་འབུ་སྲིན་ཞི། འདོད་པ་ཆུང་བ་སོགས་དང་།

p. 7

ཁྱད་པར་ལྷ་སྐུའི་གསལ་སྣང་ལ་ཉམས་མྱོང་ཅི་རིགས་ཐོབ་པས་མཉམ་རྗེས་ཀུན་ཏུ་ཐ་མལགྱི་སྣང་བ་ལ་རྒྱས་ཐེབས་པར་འགྱུར་རོ། །དེ་དག་ནི་སྨིན་བྱེད་བུམ་དབང་གི་བརྡ་དང་རྗེསསུ་འབྲེལ་བའི་ལམ་སྤྲོས་བཅས་ལྷའི་རྣལ་འབྱོར་ལ་བརྟེན་ནས་སྤྲུལ་སྐུའི་ཕག་མོ་ལམ་དུཁྱེར་བའི་གདམས་པའོ། །གཉིས་པ་བརྗོད་པ་སྒྲའི་རྣལ་འབྱོར་གྱིས་ལོངས་སྐུའི་ཕག་མོ་ལམ་དུ་ཁྱེར་བ་ལ་གཉིསཏེ། བསྒོམ་དོན་དམིགས་པའི་གནད་བློ་ལ་འགོད་པ་དང་། གནད་ཤེས་ནས་ཇི་ལྟར་སྒོམཚུལ་ལོ། །དང་པོ་ནི། དག་པ་རྣམ་པ་གཉིས་ཏེ་ངག་རྣམ་པར་དག་པ་འཁོར་ལོ་བཞི་སྦྲེལགྱི་རྫོགས་རིམ་བསྟན་པ་ནི། འཁོར་ལོ་ལྔ་ཡི་དབུས་ཉིད་དུ༔ ཡི་གེ་ཨ་ཡིག་བསྒོམ་པར་བྱ༔ འཁོར་ལོ་བཞི་ཡི་གནས་ཉིད་དུ༔ ཡི་གེ་བཞི་ཡིས་རྒྱས་གདབ་བྱ༔ ཞེས་པས། ལུས་གནདརྩ་ཡི་གེར་ལྷུན་གྱིས་གྲུབ་པས། ཆོས་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་སྐྱེད་ནུས་པའི་ཕྱིར་ཏེ། དེའི་གཉེན་པོར་བརྗོད་པ་སྒྲའི་ཕག་མོ་ངག་རྣམ་པར་དག་པ་འཁོར་ལོ་བཞི་སྦྲེལ་གྱི་ངང་དུརྫོགས་པར་བསྟན་པ་སྟེ། འཁོར་ལོ་ལྔ་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ས་སྤྱོད་སྐུའི་འཁོརལོ་ནི། འདོད་ཁམས་རྣམ་པར་དག་པར་བྱེད་པ་སྟེ། མགོ་བོའ་དཔྲལ་བ། ལག་པའི་མཁྲིགམ། རྐང་པའི་བོལ་ཏེ་ཡན་ལག་ལྔའི་མགོ་བོར་ཨ་ཡིག་རྡོ་རྗེ་ཕག་མོ། ལག་གཡས་ནསགཡོན་སྐོར་གྱིས་ཧ་རི་ནི་ས་བཞི། བདེ་ཆེན་དཀར་མོ་སོགས་བཞིའོ། །ནང་ས་སྟེང་སྤྱོད་པགསུང་གི་འཁོར་ལོ་ནི། གཟུགས་ཁམས་རྣམ་པར་དག་པར་བྱེད་པ་སྟེ། སྤྱི་མགྲིན་སྙིང་ལྟེགསང་བའི་འཁོར་ལོ་ལྔ་ལ་རིམ་པར་ཧ་རི་ཨ་ནི་ས་ལྔ་གནས་པའོ། །གསང་བ་མཁའ་སྤྱོདབདེ་ཆེན་འཁོར་ལོ་ནི་གཟུགས་མེད་ཁམས་རྣམ་པར་དག་པར་བྱེད་པ་སྟེ། སྙིང་པདྨ་འདབབཞིའི་དབུས་དང་འདབ་མར་ཨ་ཧ་རི་ནི་ས་གཡོན་སྐོར་དུ་གནས་པའོ། །འཁོར་ལོ་བཞི་ལཡིག་འབྲུ་བཞིས་རྒྱས་གདབ་པ་ནི། འཁོར་ལོའ་བར་ཨ་ཡིག་རེ་རེ་དང་། གསང་འཁོར་མགཏོགས་པའི་འཁོར་ལོའ་འདབ་མ་རྣམས་ལ་ཡི་གེ་བཞི་བཞི་སྟེ་བདེ་ཆེན་འཁོར་ལོར་བདེབ་སྐྱེད་པར་བྱེད་པ་སྐུའི་ཡི་གེ་བཞི། ལོངས་སྤྱོད་འཁོར་ལོར་ནུས་པ་འབྱུང་བ་གསུང་གི་ཡི་

p. 8

གེ་བཞི། ཆོས་ཀྱི་འཁོར་ལོར་རྟོགས་པ་འཆར་བྱེད་ཐུགས་ཀྱི་ཡི་གེ་བཞི། སྤྲུལ་པའི་འཁོརལོར་ཡེ་ཤེས་འབེབས་པར་བྱེད་པ་ཡོན་ཏན་གྱི་ཡི་གེ་བཞིའོ། །འཁོར་ལོ་བཞིའི་མུ་ཁྱུད་ལསྤྱི་བོ་དང་སྙིང་ག་ཕོ་འཁོར་ཡིན་པས་ཀཱ་ལི་གཡས་སྐོར་དང་། མགྲིན་པ་དང་ལྟེ་བ་མོ་འཁོརཡིན་པས་ཨཱ་ལི་གཡོན་སྐོར་དུ་འཁོར་བར་བཤད་དོ། །དེ་ལྟར་ཨ་ཧ་རི་ནི་སའི་ཡོན་ཏནཡང་། མངོན་འབྱུང་རྒྱུད་དུ། ཉོན་མོངས་པ་ལྔ་ཟད་པར་བྱེད་པ་དང་། ཡེ་ཤེས་ལྔ་འཕེལབར་བྱེད་པ་དང་། མཁའ་འགྲོ་ལྔ་སྣང་བར་བྱེད་པ་དང་། རིགས་ལྔ་འཐོབ་པར་བྱེད་པ་དང་། མཐར་ཐུག་སྐུ་ལྔར་བྱེད་པ་སྟེ་ལྔར་བཤད་དོ། །གཉིས་པ་ལྟ་སྒོམ་རྣམ་པར་དག་པ་སྒོམ་པ་དང་བཟླས་པས་དངོས་གྲུབ་ཐོབ་པར་བསྟནཔ་ནི། མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ སྒོམ་དང་བཟླས་པས་འགྲུབ་པར་བྱེད༔ ཅེསཔས་མཆོག་གི་དངོས་གྲུབ་སྒོམ་པས་འགྲུབ་སྟེ། ཚེ་འདིར་བསྐྱེད་རྫོགས་ལ་བརྟན་པ་ཐོབཔས། འདིའམ་བར་དོར་ཏིང་ངེ་འཛིན་གྱི་སྐུ་ཐོབ་ནས་ཕག་མོའི་སྐུར་གྲོལ་བར་འགྱུར་རོ། །དེ་ལ་མཚན་བཅས་མཚན་མེད་གཉིས་ལས། མཚན་མེད་ཆོས་སྐུའི་ལམ་ཁྱེར་ཏེ་འཆད་པརའགྱུར་ལ། འདིར་མཚན་བཅས་རླུང་དྲུག་གི་རྣལ་འབྱོར་སྒོམ་པའི་ཐབས་ཏེ། མངོན་འབྱུངལས། ལྷན་ཅིག་སྐྱེས་པའི་རླུང་བསྒོམས་པས། །རང་གཞན་སྒྲིབ་པ་སེལ་བར་བྱེད། །ཐོདརྒལ་ལས་བྱུང་རླུང་བསྒོམས་པས། །མཚན་མོ་ལྟ་བུའི་སྒྲིབ་པ་སེལ། །རང་ལས་སྐྱེས་པའིརླུང་བསྒོམས་པས། །བར་དུ་གཅོད་པའི་སྒྲིབ་པ་སེལ། །སྤོར་བྱེད་ལས་ཀྱི་རླུང་བསྒོམསཔས། །མངོན་གྱུར་སྒྲིབ་པ་སེལ་བར་བྱེད། །སྤྱོད་བྱེད་ཡིད་ཀྱི་རླུང་བསྒོམས་པས། །ཤེསབྱའི་སྒྲིབ་པ་སེལ་བར་བྱེད། །རྫོགས་བྱེད་སེམས་ཀྱི་རླུང་བསྒོམས་པས། །ས་རྣམས་རིམགྱིས་གོམས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །ཐུན་མོང་གི་དངོས་གྲུབ་ནི་བཟླས་པསའགྲུབ་སྟེ། ཕྱི་ལྟར་ལས་བཞིའི་བཟླས་པས་ལས་སོ་སོ་འགྲུབ་པ་དང་། ནང་ལྟར་ལུས་ལྷའི། ངག་བཟླས་པའི། སེམས་ཆོས་ཉིད་ཀྱི། སྤྱོད་ལམ་བརྟུལ་ཞུགས་ཀྱི་དཀྱིལ་འཁོར་བཞིའིསྒོ་ནས་བཟླ་བ་དང་། གསང་བ་ལྟར་ལྟ་བ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ། སྒོམ་པ་གསལ་ལ་

p. 9

མི་རྟོག་པ། སྤྱོད་པ་སྣང་བ་ཟིལ་གྱིས་གནོན་པས་རྣམ་རྟོག་ལ་ཐོག་བརྫིས་བྱེད་པ། འབྲསབུ་ཡོན་ཏན་གྱི་རྩལ་མ་འགགས་པས་རྣམ་པར་མི་རྟོག་པའི་ངང་ནས་གདུལ་བྱའི་དོན་རྒྱུནམི་ཆད་པར་མཛད་པ་སྟེ་ལྟ་སྒོམ་སྤྱོད་འབྲས་བཞིར་བཟླ་བ་ཡིན་ནོ། །གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། ལུས་གནད་ཆོས་བདུན་བཅས་ཏེསྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། ཐོག་མར་དམིགས་པའི་གཞི་བཅའབ་ནི། རང་ལུས་རྡོ་རྗེ་ཕག་མོར་གསལ་བའི་སྐུའི་ནང་སྐྲ་རྩེའི་བར་དུའང་ཁོང་སྟོང་དྭངསགསལ་སྒྲིབ་ཐོགས་མེད་པ། དེའི་དབུས་དྲང་པོར་དབུ་མ་སྔོ་སངས་མདའ་སྨྱུག་འབྲིང་པོཙམ་པ་ཆོས་བཞི་ལྡན། གཡས་གཡོན་དུ་རོ་རྐྱང་རྡུལ་ཟླས་བརླན་པ་དབུ་མ་ལས་བཞི་འགྱུརགྱིས་ཕྲ་བ། དབུ་མ་དང་སུམ་གཤིབས་སོང་བའི་མར་སྣ་གཉིས་དབུ་མར་ཚུད་པ། དེ་ལསགྱེས་པའི་སྤྱི་བོའི་འཁོར་ལོ་རྩ་འདབ་སོ་གཉིས་དཀར་པོ་ཐུར་ལྟ། མགྲིན་པའི་འཁོར་ལོ་རྩའདབ་བཅུ་དྲུག་པ་དམར་སྐྱ་གྱེན་ལྟ། སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད་པ་སྔོ་བསངསཐུར་ལྟ། ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིར་དམར་གསལ་དང་། གསང་བའི་འཁོརལོ་རྩ་འདབ་སོ་གཉིས་ལྗང་སྔོན་གཉིས་གྱེན་ལྟ། ཐམས་ཅད་ཀྱང་དྭངས་གསལ་སྦུབས་སྟོངགི་རྣམ་པ་ཅན་དུ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། རླུང་རོ་བསལ་ནས་དབུགས་རངབཞིན་གྱིས་ཕྱི་ནང་རྒྱུ་བ་ལ་སྦྱང་། ཅུང་ཟད་འབྱོངས་པ་དབུ་མའི་ནང་སྟོང་སང་ངེ་བ་ལསེམས་གཏད་དེ། འཇམ་རླུང་བུམ་པ་ཅན་སྦྱོང་བ་ལ་ཞག་ཁ་ཡར་བསླབས་ཏེ་སྦྱོང་བའོ། །དངོས་གཞི་ལ་གཉིས་ལས། དང་པོ་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བཟླས་པ་བྱ་བ་ནི། འཁོར་ལོ་ལྔའི་ལྟེ་བ་དབུ་མའི་ནང་དུ་ཨ་ཡིག་སྔོན་པོ་རེ་རེ་དང་། འཁོར་ལོ་བཞིའི་ནང་སྐོརགྱི་རྩ་འདབ་བཞི་བཞི་ལ་རིམ་པར། སྤྱི་བོར་བཛྲ། བྷ་རཱ་ཧེ། མགྲིན་པར་ཀྲོ་དྷཱི་ཀཱ་ལི། སྙིངགར་ཧ་རི་ནི་ས། ལྟེ་བར་ཨཱ་བེ་ཤ་ཡ་རྣམས་ཀྱང་སྔོན་པོ་ཤ་སྟག་ཏུ་བསྒོམ། དེ་ནས་ཡི་གེརྣམས་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། སྣོད་བཅུད་ཀྱི་འཇིག་རྟེན་ལ་རེག་པས་སྣོད་ཐམསཅད་དག་པའི་ཞིང་། བཅུད་ཐམས་ཅད་རྡོ་རྗེ་ཕག་མོར་སད། ཡང་ཕྱོགས་བཅུའི་རྒྱལ་བ་

p. 10

སྲས་བཅས་ལ་ཕོག་པས། ཐམས་ཅད་ཀྱང་རྡོ་རྗེ་ཕག་མོའི་སྐུར་གྱུར་ཏེ་སྔགས་སྒྲ་སྒྲོག་ཅིངའོད་ཟེར་གྱིས་བདག་བྱིན་གྱིས་བརླབས་པར་བསམས་ལ། འཇམ་རླུང་ཁ་སྦྱོར་དུ་བཟུང་སྟེསྔགས་འབྲུ་བཅུ་དྲུག་པའམ། ཡང་ན་ཐུགས་འཁོར་ཁོ་ན་ལ་སེམས་གཏད་དེ་འབྲུ་ལྔའི་ཡིདབཟླས་བྱ། དེས་སྐྱོ་ན་རླུང་དང་མ་སྦྱར་བའི་ཡིད་བཟླས་སམ། ངག་བཟླས་ཤུབ་བུར་བཟླབ་ངལ་གསོ་བའོ། །དེ་ནི་སྤྲོ་བསྡུ་སྤྱིའི་མན་ངག་སྟེ། བྱེ་བྲག་པ་ནི། ཡི་གེ་དང་འོད་ཟེརགཉིས་ཀ་ལས་སོ་སོའ་ཁ་དོག་དང་མཐུན་པའི་སྤྲོ་བསྡུས་ལས་དེ་དང་དེ་སྒྲུབ་པ་སོགས་ཕྱིའིབཟླས་པ་དང་། ནང་ལྟར་ལུས་ལྷ་སྐུ་སྣང་སྟོང་། སེམས་ཆོས་ཉིད་སྐྱེ་བ་མེད་པ་ལ་མ་བཅོསཔའི་ཤེས་པ་ཆམ་མེ་རྒྱ་བསྐྱེད། སྤྱོད་ལམ་སྐྲག་པ་དང་དོགས་པ་མེད་པའི་བརྟུལ་ཞུགསདང་ལྡན་པས། ངག་སྐྱེ་མེད་ཀྱི་དབྱིངས་ལས་བྲག་ཅའི་སྒྲ་ལྟར་རང་བྱུང་བས་རྡོ་རྗེ་ཕག་མོའཐུགས་ཡེ་ཤེས་དང་བདག་གི་སྲོག་རིག་པའི་ཡེ་ཤེས་གཉིས་མེད་དུ་བསྲེས་ལ་བཟླ་བ་དཀྱིལའཁོར་བཞིའི་བཟླ་ལུགས་དང་། གསང་བ་ལྟར་རྡོ་རྗེ་ཕག་མོའི་ལྟ་སྒོམ་སྤྱོད་གསུམ་གྱི་སྲོགདང་ལྡན་པས་འབྲས་བུ་དངོས་སམ་རྗེས་མཐུན་གྱི་སྒོ་ནས་འགྲོ་དོན་ཐོགས་མེད་དུ་འགྲུབནུས་པར་བསམ་པའི་མོས་པ་ཡིད་བྱེད་ཀྱི་ངང་ནས་བཟླ་བར་བྱེད་པ་སྟེ། མདོར་ན་ཕྱི་ནངགསང་གསུམ་སོ་སོར་སྨོས་ཀྱང་གཅིག་ཏུ་དྲིལ་བའི་གནད་ཀྱིས་བཟླས་ན་ཆུན་ཆེ་བ་ཡིནནོ། །ཚུལ་དེས་གྲངས་བསྙེན་འབྲུ་འབུམ། དུས་བསྙེན་ཟླ་དྲུག མཚན་བསྙེན་རབ་ལྷ་ཞལམཐོང་བ། འབྲིང་ལུང་སྟོན་པ། ཐ་མ་སྣང་བ་འགྱུར་བ་འོང་། བསྙེན་པ་ཐེམས་ནས་སྒྲུབཔ་དང་། ལས་སྦྱོར་བྱེ་བྲག་སོ་སོའ་བཟླ་ལུགས་ཀྱི་སྒྱུར་ཁའི་གནད་རྣམས་ཀྱང་ཤེས་པརབྱ་སྟེ་འདིར་མ་སྤྲོས་སོ། །གཉིས་པ་མཆོག་གི་དངོས་གྲུབ་ཀྱི་དོན་དུ་རླུང་གི་རྣལ་འབྱོར་བསྒོམ་པ་ནི། དེ་ལ་ཐུནཁྱད་གཉིས་ལས། ཐུན་མོང་བ་ནི། རང་ཕག་མོར་བསྒོམས་པའི་སྐུ་ལ་རྩ་གསུམ་འཁོར་ལོལྔ་གསལ་བཏབ་པ་ལས། དབུ་མའི་ཡར་སྣེ་སྤྱི་བོའ་ཕག་ཞལ་གྱི་མགྲིན་པར་ཟུག་པའི་ཚངསབུག་གི་སྟེང་རྩའི་ནང་དུ་བླ་མ་ཧེ་རུ་ཀ་ཡབ་ཡུམ། རོ་རྐྱང་གི་ཡར་སྣ་གཉིས་ཕག་ཞལ་གྱི་སྣ་

p. 11

བུག་གཉིས་སུ་ཟུག་པ་འཁོར་ལོ་ལྔའི་ལྟེ་བ་དབུ་མའི་ནང་དུ། སྤྱི་བོར་ཧ་དཀར་པོ། མགྲིནཔར་རི་སེར་པོ། སྙིང་གར་ཨ་སྔོན་པོ། ལྟེ་བར་ནི་དམར་པོ། གསང་བར་ས་ལྗང་གུ། ནངསྐོར་གྱི་འདབ་མ་རྣམས་ལ་ལྟེ་བའི་ཡི་གེ་དང་ཁ་དོག་འདྲ་བའི་ཡི་གེ་བཞི་བཞི་སྔར་ལྟར་དང་། གསང་བར། སར། བ། ཀར། མ་ལྗང་གུ་རྣམས་གསལ་བཏབ། དེ་ནས་རླུང་རོ་བསལ་ལ། དབུགས་འགྲོ་འོང་རང་བབས་དལ་བུས་རྒྱུ་བ་དང་སྦྱར་ཏེ། དབུགས་ནང་དུ་འཇུག་པའི་ཚེཡེ་ཤེས་ལྔའི་རླུང་འོད་ཟེར་ལྔ་ལྡན། ཧ་རི་ནི་སའི་སྔགས་སྒྲ་འུ་རུ་རུ་སྒྲོག་བཞིན་པར་ཕགཞལ་གྱི་སྣ་བུག་ནས་ཞུགས་རོ་རྐྱང་གི་ལམ་བརྒྱུད་དེ་འོངས་པ་དབུགས་ཕྱིར་འགྲོ་བའི་ཚེགསང་འཁོར་གྱི་དབུ་མའི་ནང་དུ་ཞུགས་ཏེ་ས་ཡིག་ལ་སིམ་གྱིས་ཐིམ་པར་བསམ། དེ་བཞིནདུ་དབུགས་འཇུག་པ་དང་སྦྱར་ནས་རླུང་ལྔའི་འོད་ཟེར་བསྡུ་བའི་བར་འདྲ་བ་ལས། དབུགསལྡང་བའི་ཚེ་བསྟིམ་པའི་ཁྱད་པར་ལ། གཉིས་པས་ལྟེ་བའི་ནི། གསུམ་པས་སྙིང་གའི་ཨ། བཞི་པས་མགྲིན་པའི་རི། ལྔ་པས་སྤྱི་བོའ་ཧ། དྲུག་པས་འཁོར་ལོ་ལྔའི་ཡི་གེ་ཐམས་ཅདལ་ཐིམ་པར་བསམ་པ་སྟེ། འཁོར་ལོ་རེ་རེ་ལ་ཟླ་བ་རེ་སོགས་རྟགས་དང་བསྟུན་ནས། བསྒོམཔར་བྱ་བ་གནད་དོ། །རྟགས་ནི། ཕྱི་རྟགས་སུ་དུ་བ་དང་སྨིག་རྒྱུ་ལ་སོགས་པའི་མཐོང་སྣངསྣ་ཚོགས་པ་འཆར། ནང་རྟགས་སུ་རླུང་བྱང་ཆུབ་ཀྱི་སེམས་སུ་ཞུགས་པའི་རྟགས་རླུང་ཇེརིང་དུ་འགྲོ་ཞིང་བདེ་དྲོད་འགོ་གཡོ། གནས་པའི་རླུང་རྟགས་འགྲོ་འོང་མེད་པ་སྙམ་བྱེདཀྱང་བརྟགས་ན་རིག་ཅིང་བདེ་དྲོད་སྐྱེ། ཐིམ་པའི་རྟགས་སུ་རླུང་འགྱུ་བ་འགག་ཅིང་བདེདྲོད་འབར། དེ་ནས་རླུང་ལས་སུ་རུང་བས་བདེ་དྲོད་རྒྱུན་ཆད་མེད་པར་འབར་བ་འོང་། གསངབའི་རྟགས་སེམས་རང་བཞིན་གྱིས་བདེ་གསལ་མི་རྟོག་སྟོང་པ་ཟུང་དུ་འཇུག་པའི་ཏིང་འཛིནའཆར། དེ་ཡང་རླུང་སེམས་གཉིས་སུ་མེད་པའི་གནད་ཀྱིས་རླུང་ཇི་ལྟར་ཟིན་པ་བཞིན་དུསེམས་གནས་ཀྱང་ཇེ་རིང་དང་། མཐར་རླུང་ཐིམ་པའི་ཚེ་ན་ཏིང་ངེ་འཛིན་ཁོར་ཡུག་ཏུ་གནསཔ་འབྱུང་ཞིང་། སེམས་ལས་སུ་རུང་བས་ཏིང་ངེ་འཛིན་ལ་དབང་འབྱོར་བར་འགྱུར་རོ། །ཐུན་མོང་གི་ཡོན་ཏན་ཡང་། བདེ་དྲོད་འབར་བས་རླུང་གོས་སུ་གྱོན་པ་སྟེ་མི་འཁྱག རླུང་ཟས་

p. 12

སུ་ཟ་བས་བཀྲེས་གདུང་སེལ། རྟར་ཞོན་པས་ལུས་ཡང་ཞིང་མགྱོགས། བཅུད་ལེན་དུ་སོངབས་རྒས་པ་མེད་ཅིང་ལུས་སྟོབས་རྒྱས་པ་དང་ཚེ་རིང་། འབྱུང་བ་སྙོམས་པས་ནད་མི་འབྱུང་། ནང་དུ་རླུང་སེམས་འདུས་པའི་རྟེན་འབྲེལ་གྱིས་ཕྱིར་སྣང་བ་དབང་དུ་འདུ་ཞིང་མངོན་ཤེསའཆར་བ་སོགས་ཀྱི་ཡོན་ཏན་འབྱུང་བར་འགྱུར་རོ། །ཐུན་མོང་བའི་རླུང་གི་རྣལ་འབྱོར་འདིནི་གསང་སྒྲུབ་སྙན་བརྒྱུད་དངོས་བསྟན་ལས་མི་འབྱུང་ཡང་། མེ་ལོང་རྡོ་རྗེའི་སློབ་མ་མཚནལྡན་ཧ་རི་རྡོ་རྗེ་ཡབ་སྲས་ཀྱི་ཕྱག་བཞེས་ལས་བྱུང་བའི་མན་ངག་སྟེ། འོག་ནས་འབྱུང་བའིརླུང་དྲུག་གི་གནད་ཀྱང་འདིར་འདུས་པར་བཞེད་དོ། །གཉིས་པ་རླུང་གི་རྣལ་འབྱོར་ཁྱད་པར་བ་ནི། རྩ་བའི་གཞུང་གི་དངོས་བསྟན་སྒྲ་ཇིབཞིན་པ་དང་འབྲེལ་བའི་མན་ངག་མཐར་ཐུག་པ་སྟེ། འཁོར་བའི་ས་བོན་གཏི་མུག་དྲུགགི་གཉེན་པོར་རླུང་དྲུག་བསྒོམ་པ་ཡིན། དེ་ཡང་རླུང་དྲུག་པོ་རེ་རེ་ལ་གནས་པའི་ས། བཅའབའི་ལུས་གནད། རླུང་གི་འཛིན་སྟངས། གཏད་པའི་དམིགས་པ། སྐྱེས་པའི་ཉམས། གཉུགམ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་སྟེ་དྲུག་དྲུག་ལས། དང་པོ་ལྔ་སོ་སོའ་ཐད་གསེབ་ཚགསབཤད་ནས། དྲུག་པ་ཐམས་ཅད་ཀྱི་མཇུག་ཏུ་འཆད་པར་བྱའོ། །དེ་ལ་དང་པོ་རང་བཞིན་གྱིསྒྲིབ་པ་ཀུན་གཞིར་བག་ལ་ཉལ་གྱི་གཉེན་པོར་ལྷན་ཅིག་སྐྱེས་པའི་རླུང་བསྒོམས་ཏེ། གནསཔ་ནི་ལུས་ལེན་པའི་ཚེ་རླུང་རིག་ལྷན་ཅིག་ཏུ་འདུས་ཏེ་བླངས་པས་ན་ལྟེ་བར་གནས། ལུསགནད་བདེ་བའི་སྟན་ལ་ཆོས་བདུན་ནམ་མེ་ཐབ་དྲུག་འཆིང་བཅས་པ་པུས་འཁྱུད་ཀྱིས་བསྡམ། རླུང་རོ་བསལ་ནས་ལྟེ་འོག་ཏུ་འཇམ་རླུང་བུམ་པ་ཅན་སྦྱོར་བ་བཞི་ལྡན་དུ་འཛིན། དམིགས་པ་ལྟེ་བའི་འཁོར་ལོའ་དབུས་ཀྱི་ཨ་ཡིག་སྔོན་པོ་ལ་རྩེ་གཅིག་ཏུ་གཏད་དེ་བསྒོམས་པས། ཉམས་སྣང་བ་ལ་བདེན་འཛིན་ཞིག་པས་ཡ་ཆ་བ་དང་། ལུས་ཡོད་དུ་མི་ཚོར། ལུས་སེམསབདེ་འབོལ་དུ་འགྲོ། གལ་ཏེ་རོ་སྟོད་བརྒྱངས་པའམ་སྨད་དུ་མི་བདེ་བ་བྱུང་ནའང་དེ་ཀ་དགགསྒྲུབ་མེད་པར་བསྐྱངས་པས་ལམ་དུ་འགྲོའོ། །གཉིས་པ་ཚེ་འདི་འབྲེལ་བའི་ལས་སྐྱེད་བྱེདལྷན་སྐྱེས་ཀྱི་སྒྲིབ་པའི་གཉེན་པོར་ཐོད་རྒལ་གྱི་རླུང་བསྒོམ་སྟེ། གནས་ས་རྐང་པའི་མཐིལ་

p. 13

ནས་གཡོས་པས་རིག་པ་སྡོད་དུ་མི་བཏུབ། ལུས་གནད་རྐང་པ་གཡོན་པའི་བོལ་གཡསཔའི་མཐིལ་གྱིས་མནན། ལག་གཉིས་ཕྱི་ནས་རྐང་པ་གཡས་པའི་མཐིལ་ལ་བསྣོལ་མརའཁྱུད་ཅིང་རྒལ་ཚིགས་བསྲང་། རླུང་སྔར་དང་འདྲ་ལ་དམིགས་པ་རླུང་མ་བརྔུབས་པའིགོང་དུ་ཡན་ལག་ལྔའི་ཡི་གེ་གསལ་བཏབ་ལ། ཐོག་མར་སྤྱི་བོར་ཨ་སྔོན་པོ་ལས་ཆོས་དབྱིངསཡེ་ཤེས་ཀྱི་འོད་སྔོན་པོ་འབར་བས་ཞེ་སྡང་སྦྱངས་ནས་རྡོ་རྗེ་མཁའ་འགྲོར་གསལ་བར་བྱས། འོད་དེས་ཡན་ལག་བཞིའི་ཡི་གེ་ལ་རིམ་གྱིས་ཁྱབ་པ་ལས། ལག་གཡས་ཀྱི་མཁྲིག་མརཁྱབ་པས་དེར་གནས་པའི་ཧ་ཡིག་དཀར་པོ་ལས་མེ་ལོང་ཡེ་ཤེས་ཀྱི་འོད་དཀར་པོ་འབརབས་ལག་གཡས་ཀྱི་དངོས་ཞེན་སྦྱངས་ཏེ་ལུས་དང་བསམ་པ་གཅིག་ཏུ་འདྲེས། རྐང་གཡསཀྱི་བོལ་ལ་ཁྱབ་པས་དེར་གནས་ཀྱི་རི་ཡིག་སེར་པོ་ལས་མཉམ་ཉིད་ཀྱི་འོད་སེར་པོ་འབརབས་རྐང་གཡས་སྦྱངས་ཏེ་ལུས་བསམ་འདྲེས། དེ་གཉིས་ཀྱིས་གཟུང་ཡུལ་གྱི་ཞེན་པ་དག རོ་མའི་རྩ་ཁམས་ཤུགས་ཀྱིས་གསལ་བར་བྱས། རྐང་གཡོན་གྱི་བོལ་ལ་ཁྱབ་པས་ནི་ཡིགདམར་པོ་ལས་སོར་རྟོག་གི་འོད་དམར་པོ་འབར་བས་རྐང་གཡོན་སྦྱངས་ཏེ་ལུས་བསམ་འདྲེས། ལག་གཡོན་གྱི་མཁྲིག་མར་ཁྱབ་པས་ས་ཡིག་ལྗང་གུ་ལས་བྱ་གྲུབ་ཀྱི་འོད་ལྗང་གུ་འབར་བསལག་གཡོན་སྦྱངས་ཏེ་ལུས་བསམ་འདྲེས། དེ་གཉིས་ཀྱིས་འཛིན་པ་སེམས་ཀྱི་ཞེན་པ་དག རྐྱང་མའི་རྩ་ཁམས་ཤུགས་ཀྱིས་གསལ་བར་བྱས། དེ་ལྟར་ཡང་ཡང་བསྐྱར་ཞིང་གོམས་རྗེསརླུང་བཟུང་ལ། རིག་པ་རྐང་པའི་བར་དུ་གཏད་དེ་བསྒོམས་པས། ཉམས་རྣམ་རྟོག་གིས་མིགཡོ་བར་རིག་པ་སལ་ལེ་གནས། དེས་མཚན་མུན་ལྟ་བུའི་རྨོངས་པ་སེལ་ལོ། །གསུམ་པའདོད་ཆགས་དང་གཡེམ་པའི་བར་ཆད་ཀྱིས་ཐར་པའི་སྲོག་འཇོམས་པའི་གཉེན་པོར་རངལས་སྐྱེས་པའི་རླུང་བསྒོམ་སྟེ། གནས་ས་ཕོ་མོའི་མཚན་མར་གནས་པས་འདོད་ཆགས་འཆར། ལུས་གནད་སེམས་སྐྱིལ་བཅས་ཏེ་ལག་གཉིས་ཁུ་ཚུར་པུས་མོར་བཀབ། རླུང་སྔར་དང་འདྲ། དམིགས་པ་རང་ཉིད་ཕག་མོའི་སྐུ་ཁོང་སྟོང་གི་དབུས་སུ་རྩ་འཁོར་གསལ་བ་ལས། གསངའཁོར་གྱི་དབུས་ཀྱི་ས་ཡིག་ལྗང་གུ་ལ་སེམས་གཏད་དེ་ལས་ཀྱི་མཁའ་འགྲོར་མོས་ལ་ཟས་

p. 14

ཟ་ཡུན་ཙམ་བསྒོམས་པའི་མཐར། རྒྱབ་རླུང་དྲག་ཏུ་སྤྱི་བོར་དྲངས་ཏེ་འཐེན་པ་ལན་དྲུག མདུན་རླུང་ལྟེ་འོག་ཏུ་འཕུལ་བ་ལན་དྲུག་རེ་བསྐྱར་ཞིང་བཟུང་། ལུས་ཀྱི་རྩ་ཡིག་ཐམསཅད་བུམ་ནང་གི་མར་མེ་ལྷར་གསལ་བའི་འོད་གསང་གནས་ཀྱི་ཡི་གེར་ཐིམ་པས་བདེ་སྟོངཡེ་ཤེས་འབར་བར་བསམས་ལ། ལག་གཉིས་ཁུ་ཚུར་སྟན་ལ་བཞག་པས་ལུས་བཏེག་ནསའཕོངས་ལན་དྲུག་བརྡེག འཇིག་རྟེན་གྱི་ཁམས་བདེ་བར་འབར་བའི་འོད་ཟེར་གསང་གནསསུ་འདུས་ཏེ་བསྐུལ་བས། དེས་ལས་ཀྱི་མཁའ་འགྲོ་བདེ་བར་འབར་བའི་འོད་ཟེར་སྣ་ལྔསལུས་ཕྱི་ནང་ཐམས་ཅད་དུ་ཁྱབ། སྤྱི་བོའ་སངས་རྒྱས་མཁའ་འགྲོའི་བར་དུ་ཟག་མེད་ཀྱིབདེ་བས་ཁྱབ་པར་བསམ། དེ་ལྟར་ལུས་ཐམས་ཅད་ལ་ཏིལ་ལ་མར་བཞིན་ཁྱབ་པས་ཡུལདྲུག་གི་བདེ་བས་ཤེས་པ་དྲུག་གིས་བསྡུས་པའི་བདེ་བར་གཤེགས་པ་ཐམས་ཅད་མཆོད། ཡུལ་ཤེས་ཁ་སྦྱོར་གྱི་བདེ་བས་འཛིན་པ་གྲོལ། ཆགས་ཞེན་རང་སར་དག་པར་བསམ། འཕར་རྡེག་གི་རྗེས་སུ་ཡང་ཡང་སྤྲུག་ཅིང་རླུང་བུས་ཏེ། ཤེས་པ་ལྷན་ནེ་རྗེན་ནེ་བའི་ངང་ལ་གློདནས་བཞག་གོ །ཉམས་ལུས་སེམས་ལ་དགའ་བདེ་སྐྱེ་རིག་པ་གསལ་ལ་གཡེར་ཐོན། དེརམི་རྟོག་པས་ཆགས་ཞེན་ལས་གྲོལ་ཏེ་ལས་མི་གསོག་གོ །བཞི་པ་ཡིད་ཀྱི་རྣམ་རྟོག་རགསཔ་གཅོད་པའི་གཉེན་པོར་སྦྱོར་བྱེད་ཡིད་ཀྱི་རླུང་བསྒོམ་སྟེ། གནས་ས་སྙིང་ག་སྟེ་ཡིད་ཀྱིརྣམ་རྟོག་རགས་པ་སྐྱེད། ལུས་གནད་ཆོས་བདུན་དྲང་པོར་བསྲང་། རླུང་སྔར་ལྟར་ལསའཇམ་རླུང་གཙོ་བོར་བྱེད། དམིགས་པ་རང་ལུས་ལྷ་སྐུ་རྩ་འཁོར་ཡི་གེ་དང་བཅས་པ་གསལབ་ལས་སེམས་གཏད་དེ། ལྷོད་གློད། ཧྲིལ་སྒྲིམ་ངང་ལ་བཞག ཁྱད་པར་སྙིང་འཁོར་གྱིདབུ་མའི་ནང་དུ་ཨ་ཡིག་སྔོན་པོ་དྭངས་གསལ་འོད་ལྔ་འཕྲོ་བ་ཡུངས་འབྲུའི་ཚད་ཙམ་ལ་རླུངརིག་མི་འགྱུར་བར་གཏད་དེ་སྒྲིམ་ཀློད་རེ་མོས་ཀྱིས་བསྒོམས་པས། ཉམས་སྟོང་གསུམཡུངས་འབྲུ་ཙམ་དུ་ཆུད་པ་ལ་ཡངས་དོག་མི་འཚམས་པ་མེད་པར་བདེ་བ་དང་། སྣང་སེམསཐམས་ཅད་བདེ་གསལ་མི་རྟོག་པར་འཆར། སྙིང་གར་བདུད་རྩི་འདུས་པས་ཟས་ཀྱི་ཞེནཔ་ལྡོག མངོན་ཤེས་ཀྱང་ཅི་རིགས་སྣང་བས་འགྲོ་དོན་ནུས། ཡིད་ཀྱི་རྟོག་པ་རགས་པ་ཆད་

p. 15

དེ་ཤེས་སྒྲིབ་སེལ་བས་འཁོར་བར་ལྟུང་བའི་དོགས་པ་གྲོལ་ལོ། །ལྔ་པ་མངོན་གྱུར་གྱི་སྒྲིབཔའི་གཉེན་པོར་སྤོར་བྱེད་ལས་ཀྱི་རླུང་བསྒོམ་སྟེ། གནས་ས་མགྲིན་པ་སྟེ་དུག་ལྔ་རགསཔ་བསྐྱེད། ལུས་གནད་ཉིན་ཆོས་བདུན་དང་མཚན་ཁྱི་ཉལ་སྒོར་མོ་བྱ། རླུང་ལྟེ་འོག་ཏུ་སྔརལྟར་འཛིན། དམིགས་པ་མགྲིན་པའི་འཁོར་ལོའ་ལྟེ་བར་རི་ཡིག་སེར་པོའམ་ཨ་ཡིག་སྔོནཔོ་གང་རུང་གསལ་བ་ལ་རིག་པ་གཏད་དེ་བསྒོམས་པས། ཉམས་སྣང་རྨི་ལམ་ལྟར་བནབུན་ཤིག་གེ་བ་སོགས་དང་། སྨིག་རྒྱུ་ལྟར་འདར་ཡམ་ཡམ་ཤིག་ཤིག་བྱེད། དེས་དུག་ལྔརགས་པ་འགགས་ཏེ་མངོན་དུ་གྱུར་པའི་སྒྲིབ་པ་སེལ་ལོ། །དྲུག་པ་ཤེས་སྒྲིབ་དྲུངས་ནསའབྱིན་པའི་གཉེན་པོར་རྫོགས་བྱེད་ཡེ་ཤེས་ཀྱི་རླུང་བསྒོམ་སྟེ། གནས་ས་སྤྱི་བོར་གནསཔས་འཛིན་པ་སྐྱེད། ལུས་གནད་ཆོས་བདུན་ནམ་ཐབ་མགལ། རླུང་གནད་སྔར་དང་འདྲ། དམིགས་པ་སྤྱི་བོའ་ཕག་ཞལ་གྱི་སྨིན་ཕྲག་ཏུ་གཡུང་དྲུང་དམར་པོ་གཡོན་སྐོར་དུ་གདུགསལྟར་དྲག་ཏུ་འཁོར་བ་དང་། སྤྱི་བོའ་འཁོར་ལོའ་ལྟེ་བ་དབུ་མའི་ནང་དུ་ཧ་ཡིག་དཀར་པོའམཨ་སྔོན་པོ་གང་བདེ་སྒོམ་པ་ལ་སེམས་གཏད་དེ། ཡུལ་སེམས་སྣང་སྟོང་བདེ་བས་བརྒྱནཔའི་ངང་ལ་མཉམ་པར་བཞག ཡང་ཚངས་བུག་གི་སྟེང་རྩའི་ནང་དུ་བླ་མ་ཧེ་རུ་ཀ་ཡབ་ཡུམབསྒོམས་ལ་གསོལ་བ་དྲག་ཏུ་བཏབ་ཅིང་དབང་བཞི་ལེན། བླ་མའི་ཐུགས་དང་རང་རིགབསྲེས་ལ་རིག་པ་འཛིན་མེད་གཏད་ཡལ་དུ་འཇོག་ཅིང་འོག་རླུང་བསྐུལ་ཏེ་རླུང་འཕུལ། རེསགཡུང་དྲུང་འཁོར་བའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ཡོར་ཡོར་འཁོར་བས་ཕྱོགས་འཛིནབཤིག ཇེ་མྱུར་འཁོར་བས་རྟོག་པ་བཤིག དྲག་ཏུ་འཁོར་བས་བདེན་མེད་དུ་བཤིག ཤིནཏུ་འཁོར་བས་མཐའ་བྲལ་དུ་ཐག་བཅད་ལ་རླུང་བཟུང་ཞིང་ལྟ་བའི་ངང་བསྐྱང་། རེས་འགའསྤྱི་བོའ་འཁོར་ལོའ་ལྟེ་བའི་ཧའམ་ཨ་ལས་བྱང་སེམས་ཀྱི་རྒྱུན་བབས་ཏེ། ལྟེ་འཁོར་གྱི་ཨལ་རེག་པའི་འབར་འཛག་གི་དགའ་བ་ལ་སེམས་རྩེ་གཅིག་ཏུ་བཞག མཐར་སྣོད་བཅུདཐམས་ཅད་འོད་ལྔར་མེར་ཆམས་ཀྱིས་ཞུ་བ་རང་གི་སྒོ་གསུམ་དང་ཁྲུག་གིས་འདྲེས་པའིསྟེང་དུ་སྤྱི་བོའ་བླ་མ་ཡང་བསྲེས། དེའི་ངང་ནས་ཨ་ཧ་རི་ནི་སའི་ཡིད་བཟླས་བྱས་པས་ཁམས་

p. 16

གསུམ་གྱི་འཛིན་པ་ཞིག་སྟེ། སྣང་སྲིད་མཁའ་འགྲོ་སྡེ་ལྔའི་སྐུ་ཆེ་ཆུང་མ་ངེས་པ་ཏིལ་གྱི་གོངབུ་བྱེ་བ་ལྟར་འོད་ལྔའི་ཀློང་ན་ཡོམ་ཡོམ་ཤིག་ཤིག་གང་བ་ལ་ཆེ་རེ་བལྟས་པས་ལྷ་སྐུའི་སྣངབ་ཐམས་ཅད་ཀྱང་སྣང་ལ་འཛིན་པ་མེད་པའི་ངང་ལ་བསྐྱང་ངོ་། །ཉམས་ལས་རླུང་རྫོགསཔས་རིག་པ་འཛིན་མེད་དུ་ཤར་ནས་རྟགས་བཅུ་དང་ཡོན་ཏན་ཆེན་པོ་བརྒྱད་ཡོངས་སུ་རྫོགསཏེ། ས་ལམ་དུས་གཅིག་ལ་ནོན་ནས་འཚང་རྒྱ་བར་འགྱུར་རོ། །རླུང་དྲུག་པོ་གང་བསྒོམས་ཀྱང་མཐར་གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་གལ་ཆེ་སྟེ། ཉམས་གང་ལྟར་སྐྱེས་ཀྱངདགག་སྒྲུབ་དང་བླང་དོར་གྱི་རྟོག་པས་མ་བསླད་པར། གང་ཤར་གྱི་རང་ངོ་བསྐྱངས་པསགཟུང་འཛིན་གྱི་རྟོག་ཚོགས་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སངས་ཤིང་འཁོར་བའི་སབོན་ཟད་དེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཀློང་དུ་རིག་པ་རང་བཞིན་གྱིསརྣམ་པར་དག་པ་ཐིམ་པས་མ་བུ་འདྲེས་ནས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འགྱུར་མེདཀྱི་དབྱིངས་སུ་གཏན་ལ་ཕེབས་ཏེ། རྦ་རླབས་ཆུར་ཐིམ་པ་བཞིན་དུ་རྣམ་རྟོག་དབྱིངས་སུདག་པས་འཁོར་འདས་ཀྱི་བར་ལག་འགྱེལ། ལམ་ལྔ་ས་བཅུ་རིམ་གྱིས་སམ་ཅིག་ཅར་དུབགྲོད་དེ་གྲོལ་བར་འགྱུར་རོ། །དེ་ཡང་གཞུང་རྩ་བ་ལས། རབ་ནི་སྐད་ཅིག་དྲུག་གིས་འགྲུབ༔ འབྲིང་ནི་རླུང་དྲུག་བསྒོམས་པས་འགྲུབ༔ ཐ་མ་ཟླ་དྲུག་མཁའ་སྤྱོད་འགྲུབ༔ ཅེས་དབང་པོརབ་འབྲིང་ཐ་གསུམ་ལ་ལྟོས་པའི་རྫོགས་རིམ་གསུམ་ལས། དབང་རབ་ཀྱི་རྫོགས་རིམ་ནི་འོག་ཏུ་འཆད་འགྱུར་གྱི་ཆོས་སྐུའི་ལམ་ཁྱེར་དང་འབྲེལ་བས། འདིར་འབྲིང་ཐ་གཉིས་ཏེརྣལ་འབྱོར་པ་དབང་འབྲིང་རྣམས་ཀྱིས་ཉིན་རེ་བཞིན་ཐུན་ཆ་མཉམ་པ་དྲུག་ཏུ་བཅད་དེ། རླུང་དྲུག་རེ་མོས་སུ་རྫོགས་པར་བསྒོམས་པས་ཞག་བདུན་ནམ། བཅུ་བཞིའམ། ཉེར་གཅིག་གམ། ཟླ་གཅིག་ཙམ་གྱིས་རྟོགས་པ་ཐོབ་ནས་ཤར་གྲོལ་དུས་གཅིག་ཏུ་འབྱུང་བ་ཡིན་ལ། དབང་པོ་ཐ་མས་ནི། ཟླ་བ་རེ་ལ་རླུང་རེ་སྦྱོར་དངོས་རྗེས་གསུམ་ཚང་བར་བསྒོམས་པས། ཟླ་བ་དྲུག་ནས་ཉོན་མོངས་པའི་ས་བོན་དྲུག་གི་ནུས་པ་ཟད། ཡེ་ཤེས་དུས་གཅིག་ལ་ཤར། ཤེས་བྱ་ཐམས་ཅད་དུས་གཅིག་ཏུ་ཆོད། ལས་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་གནས་གྱུར།

p. 17

ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག ཡེ་ཤེས་རྣམས་རིམ་གྱིས་སྐྱེས་ནས་གྲོལ་བརའགྱུར་ཏེ། དེ་ལྟར་ཤེས་པའི་རྣལ་འབྱོར་གྱིས། །ཟླ་དྲུག་མ་ཡིན་རླུང་དྲུག་ཡིན། །ཞེས་གསུངསསོ། །ཞར་བྱུང་ལམ་གྱི་ཡན་ལག་ལ་གཉིས་ལས། མཚན་མོ་འོད་གསལ་འཛིན་པ་ནི། ཉལཁར་རང་རྗེ་བཙུན་མའི་སྐུ་གསལ་སྟོང་བདེ་བའི་རང་སྣང་དུ་ཤར་བའི་སྤྱི་བོར་བླ་མ་ཧེ་རུ་ཀཡབ་ཡུམ་བསྒོམས་ལ། མོས་གུས་དྲག་པོས་གསོལ་བ་བཏབ་པས་ད་ལྟའི་སྣང་བ་འདི་གཏདམེད་དུ་ཆད་དེ་ལངས་སོང་བ་དང་། བླ་མའི་སྙིང་གའི་ཨ་ལ་བསྟིམ། དེ་ནས་རང་ལུས་ཀྱིདབུ་མའི་ནང་གི་ཨ་ཡིག་གསལ་ལེ་བ་ལ་རླུང་སེམས་གཏད་དེ་བཞག ཧ་ཅང་ཤེས་པ་སྒྲིམམ་དྲགས་ཙམ་གྱི་ངང་ནས་གཉིད་ལོག་པས་མི་རིང་བར་གཉིད་འོད་གསལ་དུ་ཆུབ་པརའགྱུར་ཞིང་། སད་མ་ཐག་ཏིང་ངེ་འཛིན་གྱི་སྐྱེལ་བསུས་སླེབ་པ་གལ་ཆེ་གསུང་། འདའ་ཀའཕོ་བའི་མན་ངག་ནི། རྣལ་འབྱོར་པ་རབ་ཏིང་ངེ་འཛིན་ལ་དབང་ཐོབ་པས་འཕོ་བའི་གདམསཔ་མི་དགོས། འབྲིང་རླུང་སེམས་ལས་སུ་རུང་བས་འཕོ་བ་སླ། འདིར་ཐ་མ་རླུང་ཟིན་པ་ཙམའཕོ་བའི་གདམས་ངག་གིས་མཚམས་སྦྱོར་དགོས་པས། དེའི་གནད་ནི། རང་ལྷར་གསལབའི་ལུས་ཀྱི་དབུས་སུ་རྩ་འཁོར་ཡི་གེ་ལྔ་དང་བཅས་ལ་གསལ་བཏབ་པ། འབྱུང་བའི་ཐིམརིམ་དང་སྦྱར་ཏེ། ས་ཆུར་ཐིམ་དུས་གསང་འཁོར་གྱི་ཡི་གེར་ཤེས་པ་གཏོད་ཅིང་རླུང་བསྟིམ། དེ་བཞིན་དུ་ཆུ་མེར་ཐིམ་དུས་གསང་ཡིག་ལྟེ་འཁོར་གྱི་ཡི་གེར་བསྟིམས་ནས་དེར་རླུང་རིགགཏད། མེ་རླུང་ལ་ཐིམ་དུས་ལྟེ་ཡིག་སྙིང་གའི་ཡི་གེར་བསྟིམས་ལ་དེར་རླུང་རིག་གཏད། རླུང་སེམས་ལ་ཐིམ་དུས་སྙིང་ཡིག་མགྲིན་པར་བསྟིམས་ལ་དེར་རླུང་རིག་གཏད། སེམས་འོད་གསལ་ལ་ཐིམ་དུས་ལས་ལ་སྦྱོར་ཏེ། མགྲིན་པའི་ཡི་གེ་གྱེན་དུ་སོང་བ་སྤྱི་བོའ་ཡི་གེརཐིམ་པའི་རྐྱེན་གྱིས་རླུང་སེམས་ཚངས་བུག་ནས་ཐོན་པ་སྤྱི་བོའ་བླ་མ་ཧེ་རུ་ཀའི་ཡུམ་གྱི་བྷགར་བསྟིམས་ལ་བརྒྱལ་ཐབས་སུ་མཉམ་པར་འཇོག སྦྱོང་བའི་ཚེ་མགྲིན་པའི་ཡི་གེ་སྤྱི་བོའཡི་གེར་བསྟིམ་པའི་བར་བྱས་རྗེས་དར་ཅིག་མཉམ་པར་བཞག་ནས། སླར་ཡང་སྤྱི་བོའ་ཡི་

p. 18

གེ་ལས་མགྲིན་པའི་ཡི་གེ་སོགས་རིམ་པར་ཆད་དེ་དབུ་མའི་ལམ་བརྒྱུད། སོ་སོའ་གནས་སུསོན་པས་དེ་དང་དེར་བདེ་བ་ཆི་ལི་ལི་བྱུང་བར་བསམ་ཞིང་རླུང་རིག་ཐུར་དུ་འཆིང་། དེ་ལྟརཐིམ་རིམ་གྱིས་མོས་པ་ལམ་དུ་བྱེད་པས་སྐྱེལ་བསུ་ལ་བསླབ་པར་བྱ་བ་གནད་དོ། །དེ་དགནི་གསང་དབང་གི་བརྡ་དང་རྗེས་སུ་འབྲེལ་བའི་ལམ་སྤྲོས་མེད་བཟླས་པའི་རྣལ་འབྱོར་ལབརྟེན་ནས་ལོངས་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པའོ། །གསུམ་པ་དོན་དམ་པ་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེརབའི་གདམས་པ་ལ་གཉིས་ཏེ། བསྒོམ་དོན་གྱི་གནད་བློ་ལ་འགོད་པ་དང་། གནད་ཤེས་ནསཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དགཡིན༔ ཞེས་གསུངས་ཏེ། དེའི་དོན་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པ་ལྟར་སྣང་བ་འདི་ཐམས་ཅད་རང་སེམསཀྱི་འཁྲུལ་སྣང་ཙམ་ལས་གཞན་དུ་མ་གྲུབ་པ་རྨི་ལམ་གྱི་སྣང་བ་ལྟ་བུ་དང་། སེམས་ཀྱི་རངབཞིན་གདོད་མ་ནས་རྣམ་པར་དག་པ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས། སྐྱོན་ཡོན་གྲུབབསལ་ལས་འདས་པའི་ཀུན་ཁྱབ་འགྱུར་མེད་ཀྱི་དབྱིངས་དེ་ནི་དོན་དམ་པའི་རྡོ་རྗེ་ཕག་མོསྟེ། སྙིང་པོ་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མིའགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་འཚོལ་ཞིག ། ཅེས་གསུངས་པ་བཞིན་ཏེ། དེ་ལ་གནས་ལུགས་གཞིའི་ཕག་མོ་ཞེས་ཀྱང་ཟེར་རོ། །དེ་ཉིདབླ་མ་དམ་པ་མན་ངག་ཉམས་མྱོང་ཅན་གྱིས་མཛུབ་ཚུགས་སུ་ངོ་སྤྲད་པས། སློབ་བུས་རངསེམས་ཆོས་སྐུར་ངེས་པ་རྙེད་པ་ན། ལས་ཉོན་སྡུག་བསྔལ་གསུམ་གྱིས་བསྡུས་པའི་འཁོརབའི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ངང་གིས་གཏན་ལ་ཕེབས་པས། དབང་པོ་རངལོག་དང་། ཡེ་ཤེས་རང་ཤར་གྱིས་གཉུག་མ་ལྷན་ཅིག་སྐྱེས་པའི་དོན་དེ་བཞིན་ལ་མེ་ལོངབསྟན་པ་ལྟར་རྟོགས་ནས་མཉམ་རྗེས་དབྱིངས་སུ་ཐིམ། འཁོར་འདས་མཉམ་ཉིད་དུ་ལམདུ་ལོངས་པ་ནི་རྟོགས་པ་ལམ་གྱི་ཕག་མོ་ཞེས་བྱའོ། །དེ་ལྟར་རྟོགས་པའི་དོན་ལ་གོམས་

p. 19

འདྲིས་བརྟན་པོས་བསྐྱངས་སྟོབས་ཀྱིས་སྒྲིབ་གཉིས་གཞི་ལ་དག དྲན་རིག་གཟུང་འཛིནགྱི་རྟོག་པ་ཆོས་ཉིད་ལ་ཐིམ། ཉམས་ཀྱི་ཤེས་པ་ཕྲ་མོ་ཡང་དབྱིངས་སུ་ཡལ་ཏེ་ས་ལམ་གྱིཡོན་ཏན་མཐར་ཕྱིན་པ་ནི་མངོན་གྱུར་འབྲས་བུའི་ཕག་མོ་ཞེས་བྱའོ། །ལམ་གྱི་ཕག་མོ་དེཡང་འདིར་དབང་དུས་སམ་ལམ་དུས་ཀྱི་ཡེ་ཤེས་སྐད་ཅིག་མ་དྲུག་ངོས་ཟིན་པས་རྟོག་པདྲུག་གཅོད་པའི་གནད་དེ། དེ་ལྟར་རྟོགས་པས་ཆོས་ཐམས་ཅད་སེམས་སྣང་། སེམས་ཉིདརྩ་བྲལ་སྟོང་པ་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཏན་ལ་ཕེབས་པ་རྡོ་རྗེ་ཕགམོའི་ལྟ་བ། དེ་ལ་གནས་པ་སྒོམ་པ། དེ་དང་མི་འབྲལ་བ་སྤྱོད་པ། དེ་ལ་བརྟན་པ་ཐོབ་པའབྲས་བུ་སྟེ། དབང་པོར་འགྲོལ་བར་བྱེད་པའི་གདམས་པའོ། །དེ་ལྟར་ཡང་མངོན་འབྱུངལས། ཡེ་ཤེས་སྐད་ཅིག་དང་པོ་ལ། །གཟུང་བའི་རྣམ་པར་རྟོག་པ་གཅོད། །སྐད་ཅིག་གཉིསཔའི་ཡེ་ཤེས་ཀྱིས། །འཛིན་པའི་རྣམ་པར་རྟོག་པ་གཅོད། །སྐད་ཅིག་གསུམ་པའི་ཡེ་ཤེསཀྱིས། །གཟུང་འཛིན་གཉིས་ཀྱི་རྟོག་པ་གཅོད། །སྐད་ཅིག་བཞི་པའི་ཡེ་ཤེས་ཀྱིས། །རྣམཔར་ལྟ་བའི་རྟོག་པ་གཅོད། །སྐད་ཅིག་ལྔ་པའི་ཡེ་ཤེས་ཀྱིས། །ཉམས་མྱོང་སྐྱེ་བའི་རྟོག་པགཅོད། །སྐད་ཅིག་དྲུག་པའི་ཡེ་ཤེས་ཀྱིས། །ཡིད་ལ་བྱེད་པའི་རྟོག་པ་གཅོད། །ཅེས་གསུངསསོ། ། གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོརསྔོན་དུ་འགྲོ་བས་སྟན་བདེ་བ་ལ་ལུས་གནད་ཆོས་བདུན་བཅས། རླུང་རང་བབས་སུ་བཞག སེམས་མ་བསྒྲིམས་པར་གློོད། དུས་གསུམ་གྱི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་རངབབས་སུ་འཇོག་ཅིང་། དེ་ཀའི་རང་ངོ་ལ་ཆེ་རེ་བལྟ། དེ་ལྟར་བལྟས་པས་གང་དུའང་ངོསབཟུང་མེད་ཅིང་། བློའི་ཡུལ་ལས་འདས་པའི་རང་རིག་རང་གསལ་སྤྲོས་པ་དང་བྲལ་བ་ཞིགའཆར་བས་དེའི་ངང་ལ་མཉམ་པར་འཇོག་ཅིང་། དེ་ཀ་ལ་གནས་ན་ལེགས། གལ་ཏེ་རྣམརྟོག་འཕྲོ་ན། གང་ཤར་དེ་ཀ་ལ་ཆེ་རེ་བལྟས་པས་སྐྱེས་ཟིན་སྐྱེ་འགྱུར་སྐྱེ་བཞིན་པའི་རྣམ་རྟོག་ཐམས་ཅད་ནམ་མཁའི་དབྱིངས་ལ་བལྟས་པས་ཅི་ཡང་མ་མཐོང་བ་དང་འདྲ་བར་རྗེས་

p. 20

མེད་དུ་ཝལ་ཁྱུག་གིས་སོང་། དེ་ལྟར་གང་དུའང་མ་མཐོང་། ཅི་ཡང་མ་ཡིན་པ་སྟོང་གསལཡུལ་མེད་དུ་ལྷག་གེ་བ་དེ་ཁོ་ན་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་དང་འདྲ་ལ། དེ་ཉིད་རང་གིས་ཁ་ནང་དུ་ཕྱོགས་ཏེ་རིག་པ་ལས་གཞན་མེད་པས་སོ་སོ་རང་རིག སེམས་ཀྱི་ངོ་བོ་གང་དུའང་མ་མཐོང་བས་སྤྲོས་བྲལ། གང་དུའང་མ་གྲུབ་པས་སྟོང་ཉིད། ཆོས་ཐམསཅད་ཀྱི་རང་བཞིན་དེ་ལས་མི་འདའ་བས་གཉུག་མ། འཁྲུལ་རུང་མ་འཁྲུལ་རུང་གནས་ལུགསཀྱི་དོན་དེ་ལས་གཞན་དུ་མེད་པས་གཞན་སྟོང་འགྱུར་བ་མེད་པའི་དབྱིངས་ཞེས་གྲགས་སོ། །དེ་ལྟར་ཡང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ལ། །སྤྲོསབཅས་སྤྲོས་མེད་ལ་སོགས་པ། །དཔག་མེད་མང་དུ་བཤད་ན་ཡང་། །སྤྱིར་ནི་ཐམས་ཅདསེམས་སུ་འདུས། །ཐ་མལ་ཤེས་པ་ངོས་ཟིན་ཅིང་། །རེ་དོགས་མེད་པར་གྲོལ་གྱུར་ན། །རྡོརྗེ་ཕག་མོ་དེ་ཉིད་ཡིན། །ཞེས་སོ། །དེ་ཡང་མ་གོམས་ཀྱི་བར་དུ་སྣང་རིག་ངོ་བོ་ངོས་བཟུངདང་བྲལ་བ་དེ་ཀའི་སྟེང་དུ་ཤེས་པ་ངར་དང་བཅས་ཏེ་སལ་ལེ་ཧྲིག་གེ་རྗེན་ནེ་འཇོག དེསངལ་ན་ལྷོད་དེ། མེ་རེ། འབོལ་ལེ། ཤིགས་སེ་གློད་ལ་གཞག དེ་ལྟར་སྒྲིམ་ལྷོད་རེ་མོསསུ་བསྐྱངས་པས་ཅུང་ཟད་གོམས་པ་ན། གང་ལའང་གཏད་མེད་དུ་བློ་བྱ་བྲལ། སེམས་རྟོགབྲལ། ཤེས་པ་སྐྱོན་བྲལ་རང་ལུགས་སུ་བསྐྱང་བར་བྱའོ། །དེ་ལྟར་ཡང་ཕག་མོ་མངོན་འབྱུངལས། ཕྱོགས་རིས་མེད་པའི་ལྟ་བ་དེ། །གཉུག་མའི་དོན་ལ་ལྟ་བར་གྱིས། །དམིགས་གཏདམེད་པའི་སྒོམ་པ་དེ། །གཉུག་མའི་ཡིད་ཀྱིས་བསམ་པར་གྱིས། །ཞེས་གསུངས། དེ་ཡངདུས་གསུམ་གྱི་རྟོག་པས་མ་བསླད་པའི་རྩ་བྲལ་གྱི་ཤེས་པ་ཡེངས་མེད་ཀྱི་ངང་ནས་འཆརསྒོ་མ་འགགས་པའི་ཡེ་ཤེས་བདེ་གསལ་རྣམ་པར་མི་རྟོག་པའི་རང་ངོར་རྗེན་ནེ་བཞག་པའིཚེ། དེ་སྐད་ཅིག་མ་དྲུག་གི་རྟོག་པ་གཅོད་དོ། །ཕྱི་སྣང་བའི་ཡུལ་ལ་མི་ཞེན་པས་གཟུངཡུལ་གྱི་རྟོག་པ་ཆོད། ཡུལ་གྱི་ཞེན་པ་འགགས་པས་དེར་འཛིན་བྱེད་ནང་རྣམ་པར་རྟོག་པའངརང་བཞིན་གྱིས་སྟོངས་པས་འཛིན་པའི་རྣམ་རྟོག་ཆོད། དེ་ལྟར་ཡུལ་ཤེས་ཀྱི་གཟུང་འཛིནམ་གྲུབ་པས་གཟུང་འཛིན་གཉིས་ཀའི་རྟོག་པ་ཆོད། དེས་འདོད་པའི་ལྟ་བ་ལ་མ་ཞེན་ན།

p. 21

སྒོམ་པའི་ཉམས་ལ་མ་ཆགས་པས་རྣམ་པར་ལྟ་བའི་རྟོག་པ་ཆོད། ཉམས་ལ་ཞེན་པ་ཟདཔས་གསལ་ལ་རྟོག་མེད་ཡེ་ཤེས་ཉིད་དུའང་ཞེན་པ་མེད་པས་ཉམས་མྱོང་སྐྱེ་བའི་རྟོག་པཆོད། དེས་གསལ་ལ་རྟོག་པ་མེད་པ་ཡིན་ནོ་སྙམ་པ་ཙམ་གྱི་བློ་དང་བློ་འཛིན་ཕྲ་མོའང་རངསར་གྲོལ་བས་ཡིད་ལ་བྱེད་པའི་རྟོག་པ་ཆོད་དེ། སྐྱེ་བའི་ས་བོན་ཟད་པས་སྐྱེ་མེད་ཡུམ་གྱིངང་དུ་ཁྲོལ་གྱིས་གྲོལ་བ་ནི་དབང་རབ་སྐད་ཅིག་དྲུག་གིས་གྲོལ་བའི་མན་ངག་གི་གནདདམ་པའོ། །དེ་དག་ནི་རྟེན་ཤེར་དབང་གི་བརྟེན་པ་ཚིག་དབང་དང་བཅས་ཏེ་དབང་གོངམའི་བརྡ་དང་རྗེས་སུ་འབྲེལ་བའི་ལམ་ཤིན་ཏུ་སྤྲོས་མེད་དོན་དམ་སྟོང་པ་ཉིད་ཀྱི་རྣལ་འབྱོརལ་བརྟེན་ནས་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པའོ། །གཉིས་པ་སྤྱོད་ལམ་གཞན་དང་བསྲེས་ནས་ལམ་དུ་ཁྱེར་བ་རྗེས་ཐོབ་ཀྱི་རྣལ་འབྱོར་ལདྲུག་ལས། དང་པོ་སྐུ་རྣམ་པར་དག་པ་སྣང་བ་སྐུའི་དཀྱིལ་འཁོར་དུ་སྐུའི་སྤྱོད་ལམ་དང་བཅས་བསྟན་པ། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དག་ཡིན༔ འགྲོ་དྲུག་སེམསཅན་ཐམས་ཅད་ལ༔ ཆོས་ཉིད་དོན་གྱིས་ཁྱབ་པའི་ཕྱིར༔ ཡེ་ནས་ཕག་མོ་ཉིད་དུ་གནས༔ ཐམས་ཅད་སྐུ་ཡི་ཕྱག་རྒྱ་ཡིན༔ སྒུལ་སྐྱོད་ལྡང་འདུག་ཅི་བྱེད་ཀྱང་༔ ཕྱག་དང་སྐོར་བ་བྱེདཔ་ཡིན༔ ཞེས་པའི་དོན་སྔར་བཤད་པ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་དོན་གྱི་ཕགམོ་སྟེ། རང་བཞིན་རྣམ་དག་དེས་ཆོས་ཐམས་ཅད་ལ་ཁྱབ་པས་ན། སྣང་བ་ཐམས་ཅད་རྗེབཙུན་མའི་སྐུའི་ཕྱག་རྒྱ་གསལ་སྟོང་འཛིན་མེད་དུ་ལྷག་ལྷག་སད་པར་མོས་ལ། དེའི་ངངནས་གང་མཐོང་ཡང་ལྷས་ལྷ་མཇལ་བ་དང་། ཉལ་འདུག་ལྡང་བ་ཕྱག འགྲོ་འདུག་འཆག སྐོར་བ། ཟ་འཐུང་གྱོན་པ་མཆོད་པ་སོགས་ལུས་ཀྱི་བྱ་སྤྱོད་ཐམས་ཅད་ལྷ་ལ་ལྷ་རོལ་བའིཚུལ་གྱིས་ལམ་དུ་ཁྱེར་རོ། །གཉིས་པ་གསུང་རྣམ་པར་དག་པ་སྒྲའི་དཀྱིལ་འཁོར་དུ་བརྗོདཔ་ཐམས་ཅད་སྔགས་སུ་བསྟན་པ་ནི། བདེན་རྫུན་འཇམ་རྩུབ་ལ་སོགས་པ༔ སྨྲ་བརྗོདཐམས་ཅད་གསང་སྔགས་ཡིན༔ ཞེས་པས་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་ཅི་སྨས་ཅི་ཐོསཐམས་ཅད་རྩ་ཡིག་ཨཱ་ལི་ཀཱ་ལིའི་རང་གདངས་ལས་མ་འདས་པས་གྲགས་སྟོང་གཞོམ་མེད་

p. 22

རྡོ་རྗེ་ཕག་མོའི་སྔགས་ཀྱི་རང་སྒྲར་རྣམ་པར་དག་པར་མོས་ལ་ལམ་དུ་ཁྱེར་རོ། །གསུམ་པཐུགས་རྣམ་པར་དག་པ་དྲན་རྟོགས་ཐུགས་ཀྱི་དཀྱིལ་འཁོར་དུ་དྲན་རིག་ཐམས་ཅད་ཏིང་ངེའཛིན་དུ་བསྟན་པ་ནི། བཟང་ངན་རྟོག་པ་གང་འགྱུས་ཀྱང༔ དྲན་རིག་ཐམས་ཅད་ཏིང་འཛིནཡིན༔ ཞེས་པས་སེམས་ལ་བཟང་རྟོག་ངན་རྟོག་གི་རྟོག་པ་གང་འགྱུ་ཡང་། གང་ཤར་གྱིངང་ལ་ཆེར་ཆེར་བལྟས་པས་དྲན་རྟོག་རྗེས་མེད་རིག་སྟོང་དུ་རྗེན་སང་ངེ་འཆར་བ་ཉིད་རྗེབཙུན་མའི་ཐུགས་ཆོས་ཉིད་དུ་མོས་ལ་ལམ་དུ་ཁྱེར་རོ། །བཞི་པ་འདོད་ཡོན་རྣམ་པར་དགཔ་བཟའ་བཏུང་ཐམས་ཅད་མཆོད་པར་བསྟན་པ་ནི། འཐུང་དང་ཟོས་དང་ཚིམ་པ་དང༔ འདོདཡོན་ཐམས་ཅད་མཆོད་པ་ཡིན༔ ཞེས་པས་སྐོམ་འཐུང་པ་དང་ཟས་ཟོས་པ་དང་། གཟུགསསྡུག་མི་སྡུག་སོགས་འདོད་ཡོན་གྱི་རྣམ་པ་གང་དང་གང་ལ་དབང་པོ་དང་ཤེས་པས་ལོངསསྤྱོད་པ་ཐམས་ཅད་ཀྱང་། རང་བྱུང་ཡེ་ཤེས་ཀྱི་ལྷ་ལ་ལྷ་དང་། ཆོས་ཉིད་ལ་ཆོས་ཉིད་རོལཔའི་སྒོ་ནས་མཆོད་པ་འབུལ་བར་མོས་པས་ལམ་དུ་ཁྱེར་རོ། །ལྔ་པ་བརྟུལ་ཞུགས་རྣམ་པརདག་པ་ཆུད་ཟོས་ཐམས་ཅད་གཏོར་མར་བསྟན་པ་ནི། རལ་གཏོར་འགྱེལ་དང་འབོ་གཅོགསོགས༔ ཆུད་ཟོས་ཐམས་ཅད་གཏོར་མ་ཡིན༔ ཞེས་པས་དུས་ཚོད་དང་འབྲེལ་བ་སྤྱོད་པལས་འདིར་སྐབས་སུ་བབས་པ་ན་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བཅོས་མ་དང་མཛེསཁྲིགས་བཤིགས་ནས་མི་ཕོད་པ་ལ་ཐོག་བརྫིས་བྱེད་པ་སྟེ། གོས་སོགས་རལ་པ་དང་། ཆངདང་འབྲུ་འབྲས་སོགས་གཏོར་བ་དང་། སྣོད་བསྒྱེལ་ཞིང་གཅོག་པ་དང་། བཅུད་འབོ་བསོགས་ཆུད་ཟོས་ཅི་དང་ཅི་བྱས་ཀྱང་ཐམས་ཅད་རང་བྱུང་རང་ཤར་གྱི་གཏོར་མར་ཤེས་པསརྡོ་རྗེ་མཁའ་འགྲོ་མ་རྣམས་ལྷ་ཉིད་ལ་ཉིད་རོལ་པར་མོས་པས་ལམ་དུ་ཁྱེར་ཏེ། དེས་ཟསནོར་དང་སྣང་བ་དབང་དུ་འདུས་པར་འགྱུར་རོ། །དྲུག་པ་དཔེ་དོན་རྣམ་པར་དག་པ་སྐལབ་ཡོད་མེད་ཀྱིས་འགྲུབ་པ་དང་མི་འགྲུབ་པར་བསྟན་པ་ནི། དེ་ལྟར་ཤེས་པའི་རྣལ་འབྱོརཔས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཇི་ལྟར་བསམ་པ་དེ་ལྟར་འགྲུབ༔ དཔེར་ན་ཡིདབཞིན་ནོར་བུ་འདྲ༔ ཐེ་ཚོམ་ཡིད་གཉིས་ཅན་གྱིས་ནི༔ བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་

p. 23

རོ༔ ཞེས་པས་སྐལ་ལྡན་ངེས་ཤེས་ཅན་གྱི་རྣལ་འབྱོར་པས་བསྒྲུབས་ན་མཆོག་དང་ཐུན་མོངགི་དངོས་གྲུབ་གང་འདོད་ཡིད་བཞིན་འགྲུབ་པར་འགྱུར་ཏེ། དཔེར་ན་ཡིད་བཞིན་གྱི་ནོརབུ་ལ་མཆོད་པས་དགོས་འདོད་འབྱུང་བ་བཞིན་ནོ། །གལ་ཏེ་སྐལ་མེད་ཐེ་ཚོམ་ཅན་ནི་སྒྲུབབློ་བགྱིས་ཀྱང་འགྲུབ་པར་མི་འགྱུར་བའི་ཕྱིར་ན། འདི་དང་འཕྲད་པའི་སྐལ་ལྡན་རྣམསཀྱིས་ཡིད་གཉིས་ཐེ་ཚོམ་སྤངས་ཏེ་བརྩོན་འགྲུས་དྲག་པོས་བསྒྲུབ་པ་གཅེས་སོ། །གསུམ་པ་རྗེས་ཀྱི་ཁྲིད་ནི། ཉམས་རྟོགས་སྐྱེས་རིམ་ནས་ངོ་སྤྲོད་པ་དང་། གེགས་སེལབོགས་འདོན་རྣམས་བླ་མ་དམ་པ་ཉམས་མྱོང་ཅན་གྱིས་ལེགས་པར་གདམས་ཏེ་འཁྲིད་པརབྱ་ཞིང་། དེ་ལྟར་ཁྲིད་པས་ཉམས་རྟོགས་དབྱར་གྱི་མྱུ་གུ་ལྟར་འཕེལ་བས་རིམ་པར་སློབཔའི་ཟུང་འཇུག་ལ་སྦྱོར། དེས་ཟུང་འཇུག་གི་ལམ་ཉིད་ཀྱིས་ས་བཅུའམ་བཅུ་གཉིས་བགྲོདཔའི་མཐར་མི་སློབ་པའི་ཟུང་འཇུག་རྫོགས་པའི་སངས་རྒྱས་ཀྱི་སྐུ་འཕྲིན་ལས་དང་བཅསཔ་ཐོབ་པ་ཡིན་ནོ། །ཞར་བྱུང་ལག་ལེན་རྒྱས་བསྡུས་ཀྱི་སྒོ་བསྟན་པ་ནི། དཀྱུས་སུ་བཀོད་པ་ཉིད་རྒྱས་པའིལུགས་དང་། དེ་ལ་དངོས་གཞི་ལམ་ཁྱེར་གསུམ་གྱི་བསྒོམ་དོན་བློ་ལ་འགོད་པ་རྣམས་བོརནས། ཇི་ལྟར་སྒོམ་ཚུལ་གྱི་དམིགས་པ་ཁོ་ན་ཚང་བར་འབོགས་པ་འབྲིང་པོ་དང་། དེ་ལསཀྱང་ལོངས་སྐུའི་ཕག་མོ་ལམ་ཁྱེར་གྱི་དུས་སུ། སྤྲོ་བསྡུ་སྤྱིའི་བཟླས་དམིགས་དང་། ཐུནམོང་གི་རླུང་གི་རྣལ་འབྱོར་ཙམ་ལ་བསྡུས་ཏེ་བཤད་ཀྱང་མ་ཚང་བའི་སྐྱོན་མེད་པ་བསྡུས་པའིལུགས་ཏེ། སློབ་བུའི་བློའི་རིམ་པ་དང་སྦྱར་ལ་ཇི་ལྟར་འཚམས་པའི་སྒོ་ནས་འཁྲིད་པརབྱའོ། །ཉུང་ངུའི་ངག་གིས་ཟབ་དོན་རྒྱ་ཆེ་ལ། །དབང་བསྒྱུར་གསལ་བར་བཀོད་ལས་ཐོབཔའི་དགེས། །མཁའ་མཉམ་འགྲོ་ཀུན་ཆོས་འདིའི་ལམ་ཞུགས་ནས། །དཔལ་ལྡན་རྡོ་རྗེམཁའ་འགྲོ་ཉིད་གྱུར་ཅིག །ཅེས་ཉང་གཏེར་ཁྲོས་མ་ནག་མོའི་ཁྲིད་ཡིག་འདི་ཡང་བསྟན་པའི་གསལ་བྱེད་མཆོགསྤྲུལ་དམ་པ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་བཀས་རིང་མོ་ནས་བསྐུལ་བར་མཛད་པ་

p. 24

དང་། ཉེ་ཆར་ཆབ་མདོ་དགེ་སློང་སྤོང་བ་པ་ངག་དབང་བློ་བཟང་གིས་བསྐུལ་ངོར་རྒྱལ་ཀུན་ངོ་བོགཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེའི་བཀའ་དྲིན་གྱིས་འཚོ་བའི་གཉོས་ཀྱི་དགེ་སློངརྨོངས་པ་དྷརྨ་ཤྲཱིས་རང་ལོ་ང་དྲུག་པ་ས་མོ་གླང་གི་ལོ་སྟོན་ཟླ་ཐ་ཆུང་ཡར་ངོའ་ཚེས་བརྒྱདཀྱི་ཆར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའོ། །དགེའོ།། །།

ཁྲོས་ནག་གི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེདྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ།

p. 25

ཁྲོས་ནག་གི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེདྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་གཏུམ་མོ་ཞག་བདུན་མ་སྟན་ཐོག་གཅིག་ཏུ་ཉམས་སུལེན་པའི་ཁྲིད་ཡིག་བདེ་དྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བ། བླ་མ་དང་རྗེ་བཙུནཁྲོས་མ་ནག་མོ་ལ་ཕྱག་འཚལ་ལོ། །མི་འགྱུར་བདེ་ཆེན་ཟག་མེད་ཡེ་ཤེས་དངོས། །སྟོང་ཉིད་རྡོ་རྗེ་བཙུན་མོར་མཉམ་སྦྱོརབ། །བླ་མ་མཆོག་དང་དབྱེར་མེད་རྣལ་འབྱོར་མར། །ཕྱག་བྱས་ཟབ་དོན་ངེས་གསང་འདིརགསལ་བྱ། །འདིར་ཟབ་ལམ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་རྩ་རླུང་ལུས་ལ་རང་བྱུང་དུབསྐོན་པར་བྱེད་པའི་མན་ངག་སྙིང་པོར་དྲིལ་ནས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལལ། ཐོག་མར་སྔོན་འགྲོ་ནི། རྙེད་དཀའི་དལ་འབྱོར་ལ་མི་རྟག་པའི་དྲན་ཤེས་དང་འཁོརབའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས་མདུན་གྱི་ནམ་མཁར་རྩ་བའིབླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། རངགཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅིམཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། བརྒྱུད་པའི་རྩ་བ་བླ་མ་རྗེ། ཞེས་སོགས་སྐྱབསའགྲོ་མང་དུ་བཟླས་མཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་མཉམ་པར་བཞག དེ་ནས་འགྲོདྲུག་གི་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྒོ་ནས་ཚུགས་ཐབས་མེད་པའི་སྙིང་རྗེསདྲངས་ཏེ། དེ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕངལ་དགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས། བདག་གཞན་

p. 26

གཉིས་མེད་དོན་བསྒྲུབ་ཕྱིར། ཞེས་སོགས་མང་དུ་བཟླས་མཐར་སྐྱབས་ཡུལ་མི་དམིགསངང་ལ་བཞག དེ་ནས་བླ་མའི་རྣལ་འབྱོར་བསྒོམ་སྟེ། རང་གི་སྤྱི་བོར་པད་ཉི་ཟླ་བ་རོའ་གདནལ་རྩ་བའི་བླ་མ་ཧེ་རུ་ཀའི་རྣམ་པ་ཅན་རྗེ་བཙུན་མས་འཁྱུད་པ་ལ་བླ་མ་ཡི་དམ་མཁའ་འགྲོའིསྤྲིན་ཕུང་འཁྲིགས་པས་སྣང་སྲིད་དཔལ་ལྡན་བླ་མའི་འཁོར་ལོར་སད་པར་བསམས་ལ། ཕཻཾཞེས་བརྗོད་ཅིང་། ༀ་གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་པཱུ་ཛ་རཏྣ་མཎྜ་ལ་ཧཱུྃ། ཞེས་ལུས་སྤྱོད་དགེཚོགས་རྒྱ་མཚོ་དང་བཅས་པ་མཆོད་པའི་སྤྲིན་དུ་སྤྲོས་ཏེ་ཕུལ་བར་མོས་ལ། བ་སྤུ་ལྡང་ཞིངམཆི་མ་འཁྲུགས་པའི་མོས་གུས་ཀྱིས། ༀ། ཆོས་དབྱིངས་འོག་མིན་ཕོ་བྲང་ནས། ཞེས་སོགསཀྱི་མཐར། བདག་གི་ལུས་ལ་བདེ་དྲོད་དང་སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅནསྐྱེ་བའི་གསོལ་བ་ཅི་མང་དུ་བཏབ་པའི་རྗེས་སུ། བླ་མའི་སྦྱོར་མཚམས་ནས་བྱང་སེམསབདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ཀྱི་གནས་བཞི་གང་བསདབང་ཐོབ་པར་བསམས་ལ། ཧེ་རུ་ཀའི་ཡིག་བརྒྱའང་ཅི་ནུས་བཟླས་མཐར། བླ་མ་འོད་དུཞུ་ནས་རང་ལ་ཐིམ་པས། བླ་མ་དང་རང་སེམས་དབྱེར་མེད་ཀ་དག་སྤྲོས་བྲལ་གྱི་ངང་ལདར་ཅིག་མཉམ་པར་བཞག དེ་ནས་དངོས་གཞི་ནི། ལུས་གནད་མེ་ཐབ་དྲུག་འ ཆིང་བཅས། རླུང་རོ་ལན་གསུམ་ཕྱིར་སངས་ཀྱིས་བུས་ལ་འཇམ་རླུང་ཐུན་གསུམ་བཟུང་། དེ་ནས་རྐངའོག་ཏུ་རླུང་དཀྱིལ་གཞུ་བརྡུངས་པའི་རྣམ་པ་ཅན་མཆོག་མ་གཉིས་ལ་བ་དན་གྱིས་མཚནཔའི་རྒྱུད་གཡས་གཡོན་གྱི་སྟེང་དུ་རྐང་པ་བཞག རྐང་བར་དུ་ཆང་ཟུང་ལ་ཡཾ་ལྗང་གུ་དང་། བཤང་ལམ་གྱི་མདོར་རཾ་ཡིག་དམར་པོ་ཞིག་བསམ། དེ་ལྟར་དམིགས་པ་གསལ་ཐེབས་པདང་རླུང་བུམ་ཅན་དྲག་ཏུ་བཟུང་། ཡིད་ཀྱིས་ཡཾ་ཞེས་བརྗོད་པས་མཆོག་མའི་བ་དན་བསྐུལ། དེས་ཡཾ་ལས་རླུང་གཡོས་བཤང་ལམ་གྱི་རཾ་ལ་ཕོག་པས་རཾ་ལས་མེ་སྟག་ཕྲོམ་ཕྲོམ་པ་ལ་སེམསགཏད་དེ་བཞག མེ་སྟག་ལས་ཡེ་ཤེས་ཀྱི་མེ་ཁ་དོག་དམར་ལ་རེག་བྱ་ཚ་བ་འུར་འུར་འབརཞིང་། རླུང་ཡང་དྲག་ཏུ་གཡོས་པས་མེ་ཡང་ཇེ་ཆེར་འབར་ནས་ལུས་ནང་ཐམས་ཅད་མེསགང་། སྤྱི་གཙུག་ཏུ་མེ་ཉུག་ཉུག་པ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་མེ་ལྕེ་ནས་ཀྱི་

p. 27

གྲ་མ་གཟིངས་པ་ལྟར་འབར་བའི་རྩེ་མོ་ཐམས་ཅད་དུ་མཁའ་འགྲོ་དམར་མོ་ལག་ཏུ་མེ་སྒྲོནའཛིན་ཅིང་གར་སྟབས་ལིང་ལིང་སྒྱུར་བ་དཔག་ཏུ་མེད་པས་གཏམས་ནས་དྲོད་འབར་བརབསམ། ལུས་གནད་གཙུབ་ཤིང་གཙུབ་སྟན་གྱི་འཁྲུལ་འཁོར་ལ་འབད། རླུང་གནད་བུམཅན་སྦྱོར་བ་བཞི་ལྡན་དྲག་ཏུ་བཟུང་། དམིགས་པའི་གནད་མེ་དྲག་ཏུ་འབར་བས་ཕྱི་ནངཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བ་ལ་ཡིད་རྩེ་གཅིག་ཏུ་གཏད། དེ་ལྟར་འབད་པས་ཞགགཅིག་རང་ལ་ལུས་ལ་བདེ་དྲོད་སྐྱེ་བས། གོས་སྲབ་ཏུ་གཏང་། དེ་དུས་དྲོད་སྣང་འཆར་ཡངདྲག་པོ་མི་བྱ། བར་དུ་སུན་ཉམས་འོང་ཡང་འཕྲོ་མི་བཅད། མཐར་གོམས་པ་ངང་གཉུགབསྲིང་། དྲོད་ཚད་གཏན་ལ་ཕེབས་ནས་ཀྱང་བཙན་ཐབས་སུ་འཕྲོ་མི་གཅོད་པར་སྦྲུལ་མཇུགལྟར་རྒྱུན་ནར་གྱིས་འཕྲོ་གཅད། སྐབས་སྐབས་སུ་ལུས་ལ་ཁྱད་པར་གྱི་རྫས་དང་སྦྱར་བའིསྣུམ་མམ། མ་འབྱོར་ན་སྣུམ་རྐྱང་པའི་བྱུག་པ་བྱས་ལ་འཕུར། དྲོད་སྐྱེས་མཚམས་ནས། རེསབདེ་དྲོད་ཀྱི་རང་ངོ་ལ་སེམས་ཆེ་རེ་གཏད་དེ་གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་གལ་ཆེ། རྗེས་ཀྱི་རིམ་པ་ལ། ཐུན་མཚམས་སོགས་གནས་སྐབས་ཀུན་ཏུ་གནས་ཁང་གི་ཕྱི་ནང་གོསསྟན་ཐམས་ཅད་མེའི་རང་བཞིན་མེ་དཔུང་དུ་འབར་བར་བསམ། མཚན་མོ་པུས་བྲང་སྦྱརཏེ་གཞོགས་གཡས་ཕབ་ལ་བར་རླུང་ཅུང་ཟད་བཟུང་ནས་མེ་དམིགས་ལ་སེམས་གཏད་དེཉལ། དམ་ཚིག་ཏུ་གོས་སྦུ་གུ་ཅན་དང་དྲོད་ཅན་མི་གྱོན། ཟས་བཅུད་ཅན་བསྟེན། མེ་དངཉི་མར་བསྲོ་བ། ཟས་ཧ་ཅང་ལན་ཚྭ་ཆེ་བ། ལུས་ལ་རྔུལ་ཐོན་པ། བྱང་སེམས་ཉམས་པརྣམས་སྤང་། གྲིབ་ཀྱི་རིགས་ལ་འཛེམ། དྲོད་སྐྱེས་ནས་ཞེན་པ་དང་རང་མཐོང་མི་བྱ་ཞིང་། ཐོ་ཅོའ་སྤྱོད་པ་མི་བྱེད། བླ་མ་ལ་མོས་གུས་དང་ཉམས་ལེན་ལ་འབད་པས་བོག་ཐོན་པར་འགྱུར་རོ། །ངག་བརྗོད་ལས་འདས་བདེ་ཆེན་མི་འགྱུར་བར། །དབང་བསྒྱུར་རླུང་སེམསསྒྱུ་འཕྲུལ་རོལ་གར་ལས། །ཆོས་དབྱིངས་རིས་མེད་ལྷ་སྔགས་འོད་གསལ་དུ། །འཆར་བའིཟུང་འཇུག་ཡེ་ཤེས་དཔལ་ཐོབ་ཤོག །ཅེས་པ་འདི་ཡང་དགེ་སློང་དབང་པོ་དང་དགེ་སློང་བསམ་འཕེལ་མཆེད་ཀྱིས་མེ་ཏོག་

p. 28

དང་བཅས་ཏེ་བསྐུལ་བ་ལས་གཉོས་བཙུན་རྨོངས་པ་དྷརྨ་ཤྲཱིས་རྒྱལ་བའི་ལོ་གྲོ་བཞིན་ཟླབའི་ཉེར་བརྒྱད་ཀྱི་ཕྱི་དྲོ་སྟན་ཐོག་གཅིག་ཏུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིགཟབ་ལམ་གསལ་བྱེད། ཨོ་རྒྱན་གཏེར་བདག་གླིང་པ།

p. 29

རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིགཟབ་ལམ་གསལ་བྱེད་ཅེས་བྱ་བབཞུགས་སོ། །ཨོ་རྒྱན་གཏེར་བདག་གླིང་པ།

p. 30

རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིགཟབ་ལམ་གསལ་བྱེད་ཅེས་བྱ་བབཞུགས་སོ། །ༀ་སྭ་སྟི། རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེདཅེས་བྱ་བ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ལ་གུས་པས་ཕྱག་འཚལ་ལོ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་ཏུ་བཟང་། །ཐུན་མོང་འགྲོ་ངོར་མི་ཡི་ཚུལབཟུང་ནས། །རྣམ་མང་གདུལ་དཀའ་འདུལ་བའི་ཕྲིན་ལས་ཅན། །བཀའ་དྲིན་མཉམ་མེདརྩ་བའི་བླ་མར་འདུད། །ཟབ་མོའི་ལམ་གྱི་སྨིན་གྲོལ་བདུད་རྩིའི་རྒྱུན། །རིམ་པར་བརྒྱུདནས་སྐལ་བཟང་གདུལ་བྱ་ལ། །སྩོལ་མཛད་དྲུག་ལྡན་བརྒྱུད་པའི་ཁྱད་པར་སོགས། །སངསརྒྱས་ཉག་གཅིག་ཕྲེང་བར་བྱོན་རྣམས་རྒྱལ། །སེམས་ཉིད་ཀ་ནས་དག་པའི་གཞི་དབྱིངསསུ། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྩལ། །དབྱེར་མེད་ཟུང་འཇུག་སྤྲོས་བྲལའདུས་མ་བྱས། །རང་རིག་གདོད་མའི་མགོན་པོ་རྒྱལ་གྱུར་ཅིག །ཐེག་དགུའི་རྩེ་རྒྱལ་བཀའགསང་རྫོགས་པ་ཆེ། །མཁའ་འགྲོ་སྙིང་ཐིག་ཡང་ཟབ་སྙིང་པོའི་ལམ། །གྲུབ་མཆོག་བྱེ་བའིགཤེགས་ཤུལ་དོ་ཟླ་མེད། །སྐལ་བཟང་མགྲོན་པོ་རྣམས་ལ་འདིར་གསལ་བྱ། །འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག ཐེག་པ་ཐམས་ཅད་ཀྱི་ཡང་སྙིང་བླ་ན་མེད་པ་ཨ་ཏི་རྫོགས་པ་ཆེན་པོ་མན་ངག་གི་སྡེའི་ཡངརྩེ། ཚེ་གཅིག་ལུས་གཅིག་ལ་སྐུ་བཞིའི་འབྲས་བུ་ཐོབ་པར་ནུས་པའི་མྱུར་ལམ་ཁྱད་པརཅན་དཔལ་མཁའ་འགྲོ་སྙིང་ཐིག་ཅེས་ཡོངས་སུ་གྲགས་པའི་གདམས་ངག་སྟོན་པ་ལ་གཉིསཏེ། འཆད་ཡུལ་སློབ་མ་བརྟག་ཅིང་མཐུན་རྐྱེན་གྱི་གཞི་བཟུང་བ་དང་། འཆད་བྱ་གདམས་

p. 31

ངག་གིས་ཁྲིད་ཚུལ་སྟོན་པ་གཉིས། དང་པོ་ནི། རྒྱུད་དང་མན་ངག་གི་གཞུང་ཐམས་ཅདནས་གསུངས་ཀྱང་། མདོར་བསྡུ་ན། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུསཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེདསེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་གསུངས་པས། བླམ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བ་དང་བའི་དད་པ། བསྒྲུབ་བྱའིའབྲས་བུ་ལ་ཆེས་དུངས་པ་འདོད་པའི་དད་པ། དེའི་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་མེད་པཡིད་ཆེས་ཀྱི་དད་པ། ཉི་ཚེའི་རྐྱེན་གྱིས་མི་འཕྲོག་པས་མཐར་ཐུག་པའི་དད་པ་སྟེ་བྱིན་རླབསམྱུར་དུ་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཞུམ་པ་མེད་པའི་བློ་སྟོབསཆེ་ཞིང་། ཕྱི་བཤོལ་དང་ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱི་དམ་བཅའ་བརྟན་པས་ཉམསརྟོགས་སྐྱེ་སླ་བ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་གསལ་བས་གོལས་ཆོད་པ། ཟས་གོས་སོགས་སྲིད་པའི་བདེ་བ་ལ་འཛིན་ཆགས་ཀྱི་ཞེན་པ་ལོག་པས་ཚེ་འདིའིའཁྲི་བ་ཆོད་པ། བླ་མ་དང་ལྷ་ལ་བློ་རྩེ་གཅིག་པའི་ཕུ་དུད་ཆེ་བས་བྱིན་རླབས་ངང་གིས་འཇུགཔ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལ་འཇུགཔ། ཆགས་སྡང་སོགས་ཐ་མལ་གྱི་རྣམ་པར་རྟོག་པ་ལ་མི་འཇུག་པས་སེམས་གཡེང་བ་མེདཔར་བརྟན་པ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉེར་དུ་བླངས་པ་ལས་མི་འདའ་བའིསྡོམ་པ་དང་ལྡན་པ། གནས་ལུགས་ཀྱི་དོན་སྒོམ་ཞིང་སྒྲུབ་པ་ལ་སྐྱོ་དུབ་མེད་པའི་བརྩོནཔ་དང་ལྡན་པ་སྟེ། ཡོན་ཏན་དེ་དག་དང་ལྡན་པ་ནི་ཟབ་མོའི་ལམ་འདིའི་སྣོད་དུ་གསུངསཔའི་ཕྱིར། དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་ཉིད་འཆད་ཡུལ་དུ་བཟུང་ངོ་། །མཚན་ཉིད་དེལྡན་གྱི་སློབ་མ་དེས་གང་དུ་སྒྲུབ་པའི་གནས་ནི། ཀློང་གསལ་ལས། གངས་ཁྲོད་ལུང་སྟོངརི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུ་ཉམསལེན་བྱ་བའི་གནས། །ཞེས་གསུངས་པའི་གནས་རང་བཞིན་གྱིས་ཤིས་ཤིང་སྐྱེ་བོའ་རྒྱུ་འགྲུལདང་ཅ་ཅོ་ཉུང་བ། དགྲ་རྐུན་གྱི་འཇིགས་པ་སོགས་མེད་ཅིང་ས་ཆུ་འཕྲོད་པས་བསམ་གཏན་

p. 32

ངང་གིས་འཕེལ་བ་བསྟེན་པར་བྱའོ། །གང་གི་ཚེ་བྱ་བའི་དུས་ནི། དེ་ཉིད་ལས། དབྱར་མསྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཞེསགསུངས་པས་དུས་དེར་བསིལ་དྲོད་སྙོམས་པས་བྱིང་རྨུགས་ཀྱི་རྐྱེན་ཉུང་ཞིང་མངོན་སུམ་གྱིཡེ་ཤེས་འཆར་སླ་བ་དང་ངོ་སྤྲོད་བདེ་བའི་དབང་དུ་བྱས་པའོ། །བསྟེན་པའི་གྲོགས་ནི། དེཉིད་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔ་ཤུགས་ཆུང་བློ་བརྟན་ཁོགཡངས་པ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །ཞེས་གསུངས་པས་ཟབལམ་གྱི་སྒོམ་ཉམས་ཅན་ནམ། མིན་ནའང་ཞི་དུལ་ལྡན་ཞིང་དམ་ཚིག་གཙང་བ། དག་སྣངའབྱོངས་ཤིང་ཉོན་མོངས་པ་ཤས་ཆུང་བ། བརྩེ་སེམས་དང་ལྡན་པས་མཐུན་པའི་རྐྱེན་སྦྱོརབ་ལ་སྐྱོ་ངལ་མེད་པ་བསྟེན་ནོ། །ཡོ་བྱད་ཀྱི་ཁྱད་པར་ནི། དེ་ཉིད་ལས། མེ་ཏོག་དབང་ཡོནཚོགས་འཁོར་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་སོ་བཙལ། །མཐུནཔའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་གསུངས་པས། བླ་མ་ལ་འབུལ་རྒྱུའི་དབང་ཡོན། མཁའ་འགྲོ་མཆོད་པའི་གཏོར་ཚོགས་ཀྱི་རྒྱུ། ཁམས་དང་མཐུན་པའི་བཟའ་བཏུང་གི་རྫསསོགས་ཁ་ན་མ་ཐོ་བ་མེད་ཅིང་དེ་དག་གི་ཆེད་དུ་བྲེལ་མི་དགོས་པ་ཚོགས་པར་བྱའོ། །༈ གཉིས་པ་འཆད་པར་བྱ་བ་གདམས་ངག་གི་ཁྲིད་ཚུལ་བསྟན་པ་ལ་བཞི་སྟེ། ལོ་རྒྱུསཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱ་བ། གདམས་ངག་གི་སྒོ་ནསཉམས་ལེན་བསྟན་པ། རྩིས་ཆེ་བ་བཀའ་རྒྱས་བཏབ་པའོ། །དང་པོ་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའིསྐྱོན་དུ་འགྱུར། །ཞེས་དང་། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་གསུངས་ཤིང་། ཇི་ལྟར་འཆད་ན། བཏགས་གྲོལསྙིང་པོ་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །ཉིད་ལས་མི་གཞན་སེམས་དཔའི་སྣོད། །བྱིན་གྱིས་བརླབས་ཀྱིས་བདག་ཉིད་ལ། །བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ། །བཅིངསདང་གྲོལ་བའི་མཐའ་ལས་འདས། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །རང་བྱུང་དགའ་

p. 33

རབ་ཐུགས་ལ་ཤར། །སིངྷ་ཉིད་ལ་རྒྱུད་གཏད་པ། །འབྲས་བུ་ཡོངས་རྫོགས་བཏགས་གྲོལརྒྱུད། །ཨོ་རྒྱན་པདྨ་ཉིད་ལ་གཏད། །ལྔ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས་པས། དེཡང་གདོད་མའི་དབྱིངས་སུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་དག་སྤྲོས་པ་དང་བྲལ་བའི་ངངནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ། རྡོརྗེ་སེམས་དཔའ་ལ་སོགས་པ་རང་རྩལ་ཞི་ཁྲོའི་དཀྱིལ་འཁོར་གྲངས་མེད་པ་ལ་རྫོགས་པཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་གསུམ་མཉམ་ཉིད་ཆེན་པོར་གསུངས་སོ། །དེནས་རྡོ་རྗེ་སེམས་དཔས་འོག་མིན་གྱི་ཞིང་མཐའ་དབུས་མེད་པར་རིག་པ་འཛིན་པ་དང་མཁའའགྲོ་རང་གི་རྣམ་པར་འཕྲུལ་པ་ལས་རང་སྣང་བ་བསམ་གྱིས་མི་ཁྱབ་པ་ལ་སྐུ་དང་ཡེ་ཤེསའདུ་འབྲལ་མེད་པའི་དོན་འགག་མེད་རང་ཤར་སྒྲ་བརྙན་ལྟ་བུར་གསུངས་པ་ནི་རྒྱལ་བ་ཉིདཀྱིས་ཉིད་ལ་བརྒྱུད་པའི་དབང་དུ་བྱས་པས་དགོངས་བརྒྱུད་དོ། །དེ་ལྟར་རྡོ་རྗེ་སེམས་དཔའཉིད་ཀྱིས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་བྱརྩོལ་ལས་འདས་པ་ཚིག་སྡེབ་སྦྱོར་ལེགས་པར་བཤད་ཅིང་བཀའི་བསྡུ་བ་པོ་ཡང་དེའོ། །དེནས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་རིག་འཛིན་ཤྲཱི་སིཾ་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབནས་བཤད། དེས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལགནས་ལུགས་ཡིད་དཔྱོད་དང་བྲལ་བ་བརྡ་དང་བརྡའི་སྒོ་ནས་བསྟན་པ་ནི་བརྡའ་བརྒྱུད་དོ། །དེ་ཉིད་ཀྱིས་གཞོ་སྟོད་ཏི་སྒྲོའི་བྲག་དཀར་དུ་མཁར་ཆེན་བཟའ་མཚོ་རྒྱལ་ལ་ལྔ་ལྡན་ཡེ་ཤེསསྙིང་པོ་རང་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས་ཤིང་སློབ་དཔོན་ཡབ་ཡུམགྱི་ཐུགས་ཀྱི་དགོངས་པ་ཟབ་གསལ་མཚོན་བྱ་དོན་གྱི་ཡེ་ཤེས་སྐལ་ལྡན་ཆོས་ཀྱི་བདག་པོལ་བྱིན་རླབས་འཕོ་བ་སྨོན་ལམ་དབང་བསྐུར་གྱིས་རྒྱས་བཏབ། མཚོན་བྱེད་བརྡའི་ཚིགབརྒྱུད་ཡི་གེར་བཀོད་དེ་མཁའ་འགྲོ་གཏེར་བདག་རྣམས་ལ་གཉེར་དུ་གཏད་ནས་དྭགསལུང་ཁྲ་མོ་བྲག་ལ་གཏེར་དུ་སྦས་པ། དུས་ཕྱིས་ལྔ་བཅུ་ཁ་རལ་གྱི་ཚེ་སྨོན་ལམ་ལས་ཀྱི་འཕྲོསད་པ་སྐལ་ལྡན་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་པ་མཁའ་འགྲོ་སྙིང་ཐིག་

p. 34

རྩ་བའི་སྐོར་རྣམས་ཤོའི་རྒྱལ་སྲས་ལེགས་པ་དང་ཆོས་རྒྱལ་རིན་ཆེན་གླིང་པ་སོགས་ལ་བཀའབབས་པ་དང་། གཏེར་ལུང་ལྟར་གཏེར་སྟོན་ཉིད་བར་ཆད་རྐྱེན་དབང་གིས་དངོས་ཀྱི་འགྲོདོན་འཕྲོ་ཅན་དུ་གྱུར་པ་ལས། དེའི་ཕྱི་མ་ལོངས་སྐུའི་ཞིང་ཉུལ་བར་ལུང་བསྟན་པ་ལྟར་ཡེཤེས་ཀྱི་སྐུ་ཅན་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་མཆིམས་ཕུ་རི་མོ་ཅན་དུ་ཨོ་རྒྱན་ཡབ་ཡུམགྱིས་དངོས་སུ་བྱིན་གྱིས་བརླབས་ནས་གསུངས་པའི་དོན་ཡང་ཐིག་ཡིད་བཞིན་ནོར་བུ་ཞེསསྙིང་ཐིག་རྩ་བའི་ཟབ་གནད་གསལ་བྱེད་མན་ངག་ཏུ་བསྡེབས་པ་གུ་རུ་ཡེ་ཤེས་རབ་འབྱམསདང་བདེ་ལེགས་རྒྱ་མཚོ་སོགས་ལ་བཀའ་བབས་པ་སྟེ། བརྒྱུད་པའི་ཁྱད་པར་དྲུག་ལས་འོངསཔའི་ཆོས་ཚུལ་འདི་ནི། སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་གཞན་རྣམས་སུ་རྡོ་རྗེའི་ཚིག་གིས་སྦསཔའི་དོན། རྒྱུད་བཅུ་བདུན་དགོངས་འགྲེལ་དང་བཅས་པ་རྣམས་ཀྱིས་གསལ་པོར་བསྟན་ཅིང་། ཁྱད་པར་བཏགས་གྲོལ་སྙིང་པོའི་རྒྱུད་དྲུག་དང་སངས་རྒྱས་ཀྱི་འདས་རྗེས་གསུམ། དེའི་མན་ངག་ཨོ་རྒྱན་ཆེན་པོ་ཡབ་ཡུམ་གྱིས་མཛད་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅདཀྱི་དགོངས་པའི་ཞེ་ཕུགས་ཚིག་གཅིག་དང་དབྱངས་གཅིག་གིས་བསྟན་པའི་ལམ་མཆོགཕུལ་དུ་གྱུར་པ་རྫོགས་པ་ཆེན་པོ་ཟབ་གསང་མཁའ་འགྲོ་སྙིང་ཐིག་ཅེས་བྱ་བ་མཚོན་བྱེདཀྱི་བརྡའ་ལ་བརྟེན་ནས་མཚོན་བྱ་དོན་གྱི་གནས་ལུགས་བདེ་བླག་ཏུ་རྟོགས་པར་བྱེད་པ་སྐལབཟང་ལས་འཕྲོ་ཅན་རྣམས་ཀྱི་འཇུག་ངོགས་བླ་ན་མེད་པའོ། །དེ་ལྟར་ཡང་སྒྲོན་མ་རྣམ་པརབཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚདམ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོ་ཐག་ཆོད་པས། །གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནསཔ་དེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲས་བུའི་ཚུལ་དུ་སྨིན་པ་ཡིས། །མ་རིག་པཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་རང་གིས་མཐོང་། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ལ་དབང་དངོས་དང་དམ་ཚིག་བསྟན་པའོ། །

p. 35

དང་པོ་ནི། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་པ་སྨིན་པརབྱ། །སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུསྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱ། །ཞེས་དང་། དེ་ནས་རིག་པའི་རྩལ་དབང་བསྐུར། །ཞེས་གསུངས་པས་སེམས་ཅན་གྱི་ཁམས་བདེ་བརགཤེགས་པའི་སྙིང་པོ་ལ་རྫོགས་སངས་ཀྱི་ཆོས་གཟུགས་ཀྱི་སྐུ་དང་ཡེ་ཤེས་སྒྲུབ་པ་ལ། རྒྱུའིཐེག་པར་དཀའ་སྤྱད་སོགས་ཐབས་བུལ་ཞིང་ཚེགས་ཆེ་བ་བརྩོན་པ་ཆེན་པོས་སྒྲུབ་དགོསཔ་དེ་ཉིད། འདིར་དུས་དང་དཀའ་སྤྱད་ལ་མ་ལྟོས་པར་ཐབས་མྱུར་ཞིང་ཚེགས་ཆུང་ངུསའགྲུབ་པར་འགྱུར་བ་དང་། དེ་ཡང་རྣམ་སྨིན་འཁོར་བའི་སྒོ་གསུམ་ཡེ་ཤེས་ཀྱི་ཁམས་བཞིལ་རྡོ་རྗེ་བཞིའི་རིགས་གནས་པ་དེ་སྐུ་བཞིའི་བདག་ཉིད་དུ་སྒྲུབ་པ་ལ་དབང་བསྐུར་བའིབྱེད་པས། ཚེ་འདི་ཉིད་ལ་སོགས་པར་རྫོགས་སངས་ཀྱི་འབྲས་བུ་འཐོབ་པར་བྱེད་པའི་ཕྱིརརོ། །དེ་ཡང་སློབ་མའི་ལུས་སོགས་རྒྱུ་རྣམ་སྨིན་གྱི་ཁམས་བཞི་པོ་དེ་ཉིད་ལ། འབྲས་བུརྡོ་རྗེ་བཞིར་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་གཉུག་མའི་ཁམས་བཞིའི་ཡོན་ཏནསད་པར་བྱས་པ་ལས་རྒྱུའི་རིགས་འདྲ་མ་བོར་བར་སངས་རྒྱས་ཀྱི་རྡོ་རྗེ་བཞིར་མངོན་དུབྱེད་པར་འགྱུར་ཏེ། འབྲས་བུ་ཉིད་ཀྱི་རྒྱུ་ལ་རྒྱས་བཏབ་པས་འབྲས་བུ་བྱས་པ་དང་། རྒྱུཉིད་ཀྱང་རྒྱུའི་ངོ་བོ་མ་གཏང་བར་འབྲས་བུ་སད་པར་བྱེད་པའི་ཕྱིར་སྨིན་བྱེད་ཅེས་བྱའོ། །ཁྱད་པར་འདིར་ནི་སྣང་སྲིད་ཡེ་དག་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་རིགསྤྲོས་བྲལ་རྫོགས་པ་ཆེན་པོར་དབང་བསྐུར་བས་དེའི་དོན་གཅེར་མཐོང་རང་གྲོལ་དུ་ངོ་འཕྲོདཔས་རིག་པའི་རྩལ་དབང་ཞེས་བྱའོ། །དེ་ཡང་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་བདག་པོའགནས་ལ་གནས་པས་སློབ་མ་སྐལ་བ་དང་དབང་པོ་དང་ལམ་གྱི་འཇུག་པ་དང་འཚམས་པརཐུན་མོང་དང་ཐུན་མོང་མིན་པའི་དཀྱིལ་འཁོར་དུ་བཅུག་ནས་ལམ་དང་འབྲས་བུའི་གོ་འཕངགི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་བྱང་ཆུབ་ཀྱི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་བའི་ནུསརུང་དུ་སྨིན་པར་བྱེད་པ་ནི་སྨིན་བྱེད་ཀྱི་དབང་ངམ་རྒྱུའི་དབང་དུ་གྲགས་པའོ། །དེ་ཐོབ་ནས་

p. 36

ས་དང་ལམ་གྱིས་མཚོན་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་ན་འཕར་བར་བྱེད་པའི་ཆེདདུ་དབང་བསྐུར་བ་ནི་ལམ་གྱི་དབང་ངམ་གྲོལ་བྱེད་ཀྱི་ཐབས་སུ་འཇོག་པ་ཡིན་ནོ། །གཉིསཔ་ནི། ཐལ་འགྱུར་ལས། དབང་བརྟེན་པ་ཡི་དམ་ཚིག་བཤད། །བྱེ་བྲག་བརྗོད་ཀྱིས་མིལང་ཡང་། །མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང་། །ཞེས་པས་བསྲུང་བྱའི་དོན་ལསམི་འདའ་བར་སྡོམ་པའི་སེམས་པ་ས་བོན་དང་བཅས་པ་སྟེ་དབྱེ་ན་རྩ་བ་དང་ཡན་ལག་གིདམ་ཚིག་ཇི་སྙེད་པ་རྣམས་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་འདའ་བརམི་སྤྱོད་པ་ཉིད་ཡིན་ཞིང་། མདོར་ན་བསྲུང་བྱའི་གྲངས་དང་དམིགས་སུ་མ་གྲུབ་པ་ཡེ་བསྲུངབཅིང་སྡོམ་མེད་པ་ནི་དམ་ཚིག་གི་དམ་པ་སྟེ། ཡེ་ནས་བསྲུང་མེད་ཆེན་པོ་ལ། །བསྲུང་མཚམསརིམ་པར་བཀོད་པ་མེད། །ཅེས་དང་། བསྲུང་མཚམས་ཀུན་ལས་རྒྱལ་བས་ན། །དམ་ཚིགཀུན་གྱི་རྩེ་མོར་བཤད། །ཅེས་གསུངས་པ་བཞིན་ནོ། །༈ གསུམ་པ་གདམས་ངག་གི་སྒོ་ནས་ཉམས་སུ་ལེན་པ་ལ། བརྩོན་འགྲུས་རབ་ཚེ་འདིརའཚང་རྒྱ་བ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བརབསྟན་པ་དང་གསུམ་ལས། དང་པོ་ལ་ཟབ་ལམ་བསྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའིཁྲིད། ཟབ་ལམ་བསྒོམ་པ་དངོས་ལ་འཇུག་པ་དངོས་གཞིའི་ཁྲིད་གཉིས་ཀྱི། དང་པོ་ལ་ཡང་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་དང་། ཐུན་མོང་མ་ཡིན་པའི་སྔོནའགྲོས་གནས་ལུགས་གཏན་ལ་དབབ་པའོ། །དང་པོ་ལའང་སྔོན་འགྲོའི་ཆིངས་སྤྱིར་བཤདཔ་དང་། དམིགས་རིམ་སྒོམ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འདས་རྗེས་ལས། མིརྟག་སྙིང་རྗེ་བྱང་སེམས་སྦྱང་། ཞེས་དང་། རྒྱུད་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐེག་ཆེན་ལམ་དུ་འགྲོ། །ཞེས་གསུངས་པས། མི་རྟག་པ་དང་སྙིང་རྗེ་བྱང་ཆུབཀྱི་སེམས་བསྒོམ་པ་གསུམ་དངོས་བསྟན་དུ་གསུངས་པ་ནི་གཙོ་ཆེ་བའི་དབང་དུ་དགོངསཀྱི། དེ་ཡང་ཐེག་ཆེན་གྱི་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཞིང་། དེ་རྒྱུད་ལ་སྐྱེསན་ཐེག་ཆེན་པ་རྣལ་མར་འགྱུར་བས་དེའི་མི་མཐུན་ཕྱོགས་བསལ་ནས་མཐུན་ཕྱོགས་སྒྲུབ་

p. 37

པ་ལ་ཐོག་མར་ཚེ་འདིའི་མངོན་ཞེན་བཟློག་པ་གལ་ཆེ་བས། ཚེ་རིང་དུ་མི་གནས་པའི་འཆིབ་དྲན་པ་དང་། ཤི་བའི་འོག་ཏུ་ངན་འགྲོར་སྐྱེ་བའི་ཉེས་དམིགས་བསམས་ནས་སྲིད་པའིཕུན་ཚོགས་ལ་སྲེད་པའི་བློ་ཡང་འཁོར་བ་མཐའ་དག་གི་ཉེས་དམིགས་ཤེས་པས་སྤངས་ཏེཐར་པ་ལ་ཡིད་ཕྱོགས་པར་བྱ་ཞིང་། དེ་ནས་རང་ཉིད་ཞི་བདེ་དོན་གཉེར་གྱི་བློ་ཡང་སྤངསནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་རིམ་པ་བཞིན་བསླབ་པར་བྱ་དགོས་ཏེཐེག་ཆེན་ཐུན་མོང་གི་ལམ་ཡིན་པའི་ཕྱིར་རོ། །དེ་ཡང་བླ་མ་སོ་སོའ་ཕྱག་བཞེས་ཁྲིད་ཚུལམི་འདྲ་བའི་དབང་གིས། མི་རྟག་པ་བསྒོམ་པ་ནས་མགོ་བཟུང་སྟེ་དངོས་བསྟན་ལྟར་རྐངགྲངས་གསུམ་དུ་བསྡུ་བ་དང་། འགའ་ཞིག་དལ་འབྱོར་རྙེད་དཀའ་ནས་མགོ་འཛིན་པ་སོགསཡོད་ཀྱང་དོན་གྱི་གནད་གཅིག་སྟེ། དེ་ཁ་མི་རྟག་པ་བསྒོམ་པའི་གཞི་ཡིན་པ་དང་། མི་རྟགཔ་བསྒོམས་པས་འཁོར་བའི་ཉེས་དམིགས་ཤེས་པ་དང་། དེ་ཤེས་པས་ལས་འབྲས་ཀྱི་བླངདོར་ལ་མཁས་པ་དང་། རྒྱུ་དེ་དག་ལས་སྐྱབས་འགྲོ་དང་སེམས་བསྐྱེད་ཡང་དག་པ་སྐྱེ་བརའགྱུར་བའི་ཕྱིར་ལས་དང་པོ་པ་རྣམས་ལ་འཁྲིད་ཚུལ་དེ་ལྟར་བྱས་ན་ལམ་གྱི་གོ་རིམ་རྣམཔ་གསལ་བ་དང་ཐེག་ཆེན་གྱི་ཁྲིད་ཚུལ་སྤྱི་ཁྱབ་དང་མཐུན་ཞིང་རྩ་བའི་དགོངས་པ་ལསཀྱང་མི་འདའ་བའི་ཕྱིར་ལེགས་པར་ཡང་འགྱུར་མོད། དེ་ལྟར་བྱེད་ན་ཁྲིད་ཡིག་ནང་མཐུནགཞན་ནས་ལེན་པའམ་སྤྱི་ཁྱབ་སྔོན་འགྲོའི་ཆོས་བཤད་ཟུར་དུ་བཀོད་པ་ལས་ཀྱང་ཤེསཔར་བྱའོ། །གཉིས་པ། དམིགས་རིམ་བྱེ་བྲག་ཏུ་བསྒོམ་པའི་ཚུལ་ལ་དྲུག་ལས། དང་པོ་ཐུན་གྱིསྔོན་འགྲོ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམསརྣལ་དུ་ཕབ་ནས། ངག་གནད་རླུང་རོ་ལན་གསུམ་ཕྱིར་བསལ་བས་ནད་གདོན་སྡིག་སྒྲིབཐམས་ཅད་སྦྱངས་པར་བསམ། སེམས་གནད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབམོ་ཉམས་སུ་བླང་བར་བྱ་སྙམ་པས་སྤྱི་བོར་བླ་མ་བསྒོམས་ནས་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་

p. 38

སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་རྩེགཅིག་ཏུ་གདབ། དེ་ནི་ཐུན་ཐམས་ཅད་ཀྱི་མགོར་བྱ་སྟེ། གཞུང་གི་རྩིས་འགོས་མ་བསྡུསཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་ཡིན་ནོ། །གཉིས་པ་མི་རྟག་པ་སྒོམ་ཚུལ་ནི། དེ་ཡང་འོ་སྐོལ་རྣམས་ཀྱི་ཐོག་མ་མེད་པ་ནས་ད་ལྟའིབར་དུ་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པཞིག་མྱོང་དུ་ཟིན་ཀྱང་། ད་དུང་སྡུག་བསྔལ་གྱི་མཐའ་རྟོགས་པ་དཀའ་བར་འདུག དེས་ནད་རེས་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེབའི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདིར་གཏན་གྱི་འདུན་མ་འགྲུབ་པ་ཞིག་ཅི་ནས་བྱདགོས། དེ་ཡང་སང་བྱ་གནངས་བྱ་སྙམ་པའི་ལེ་ལོས་ཕྱི་བཤོལ་དུ་འཇོག་མི་ཁོམ། མི་ལུསཐོབ་ཀྱང་མི་རྟག་པར་མྱུར་དུ་འཇིག་སྟེ། ངེས་པར་འཆི་བ་ལ་ཐེ་ཚོམ་མེད་པ་མངོན་སུམགྱིས་གྲུབ། ནམ་འཆིའི་ཆ་མེད་དེ་འཆི་བ་གློ་བུར་བཅར་འཕོག་ཏུ་འོང་། འཆི་བའི་རྐྱེན་མངནད་གདོན་འདིས་མི་འཆི་བྱ་བ་མེད། འཆི་བ་ལ་ཕན་པ་དམ་པའི་ཆོས་མ་གཏོགས་གཞནམེད། དེས་ན་བརྩིགས་པའི་ཁང་ཁྱིམ། བསགས་པའི་ལོངས་སྤྱོད། མཛའ་བའི་གཉེན་གྲོགསསོགས་གང་གིས་ཀྱང་མི་སྟོངས་པར་ལས་ཁོ་ན་བདག་གིར་བྱས་ནས་འགྲོ་དགོས། དེའི་ཕྱིརཕྱི་ནམ་ཟླ་དུས་བཞིའི་འགྱུར་བ་དབྱར་དགུན་སྟོན་དཔྱིད་ལོ་ཟླ་ཞག་དང་ཟ་མ་སྐད་ཅིག་ཡུདཙམ་གྱིས་ཀྱང་མི་རྟག་པར་འགྱུར་བ་བཞིན་དུ་རང་ཉིད་ཀྱང་འཆི་བ་ལ་ཇེ་ཉེར་སོང་ཞིངངེས་པར་འཆི་བར་ཐག་ཆོད། ནང་སྐྱེ་འགྲོའི་འགྱུར་བ་ཡང་དགྲ་གཉེན་བར་མའི་འགྲོ་བབསམ་གྱིས་མི་ཁྱབ་པ་དེ་ཙམ་ཞིག་ཤི་བ་མཐོང་ཞིང་ཐོས་པས་ཀྱང་རང་ཉིད་ནམ་འཆི་ཆམེད་པར་གཏན་ལ་ཕེབས། གསང་བ་རང་ཉིད་སྐྱེས་ནས་ད་ལྟའི་བར་གྱི་ལུས་ཀྱི་འགྱུར་བསེམས་ཀྱི་འཆར་སྒོ་བྱ་བྱེད་སྤྱོད་ལམ་ཐམས་ཅད་ཀྱང་སྐད་ཅིག་སྐད་ཅིག་གིས་མི་རྟག་པརའགྱུར་བའི་རྣམ་འགྱུར་ཐམས་ཅད་དྲན་པར་བྱ་སྟེ། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟགསྟོན་ཀའི་སྤྲིན་དང་འདྲ། །ཉེ་བར་ལེན་པའི་ལུས་འདི་འཇིག་ཅིང་འབྲལ། །དུས་བཞི་མི་རྟག་

p. 39

འགྱུར་ཞིང་སྙིང་པོ་མེད། །རྒས་ཤིང་རྒུད་ལ་འཆི་བའི་ཆོས་ཅན་ཏེ། །ཐང་ཅིག་ཡུད་ཙམ་སྐདཅིག་གནས་པ་མེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །ཞེས་པའི་ཚུལ་བསམསནས་སང་གི་བྱ་བ་དང་ཚེ་ཕྱི་མ་གང་སྔ་མི་ཤེས་པར་འདུག དེས་ན་ད་ལྟ་རང་དབང་ཡོད་དུསཕྱི་བཤོལ་མེད་པར་ཆོས་ལ་འབད་པར་བྱ་དགོས་ཏེ། ཀླུ་སྒྲུབ་ཀྱིས། མགོའམ་གོས་ལ་གློབུར་མེ་ཤོར་ན། །དེ་དག་ལྡོག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིདསླད་འབད་འཚལ་ཏེ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པལྟར་ཚེ་འདིའི་ཕུན་ཚོགས་ཐམས་ཅད་གཉིད་ཐུམས་གཅིག་གི་རྨི་ལམ་གྱི་བདེ་བ་ལྟར་ཤེསཔས་ཡིད་ཕྱུང་སྟེ། དེ་རིང་ཉིད་ནས་འཆི་ཚིས་ཚགས་སུ་ཆུག་པ་བྱ་དགོས། ཤི་ནས་སྐྱེ་བ་མིལེན་ན་དེར་ཟད་དེ། སྐྱེ་བ་ལེན་དགོས། དེ་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མའདས། གལ་ཏེ་ངན་འགྲོར་སྐྱེས་ན་ངན་སོང་གསུམ་ནི་བཟོད་དཀའི་སྡུག་བསྔལ་དོས་དྲགཅིང་གཉུག་རིང་། བདེ་འགྲོར་སྐྱེས་ན་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའིསྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཀྱིས་བར་མེད་དུ་མནར་བས་འཁོར་བའིགནས་མཐོ་དམའ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དྲན་པཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་ཕོངསཔས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོདམ་ཡིན། །ཞེས་གསུངས་པས་སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་ནག་ཅན་བཙོན་དོངནས་འབྲོས་པ་ལྟར་བྱེད་དགོས། དེ་ལས་ཐར་བར་བྱེད་པའི་ཐབས་ཀྱང་ལས་འབྲས་ཀྱི་བླངདོར་མ་ནོར་བ་ལ་རག་ལས་ཏེ། རྒྱུ་དགེ་སྡིག་གཉིས་ལས་འབྲས་བུ་བདེ་བ་དང་སྡུག་བསྔལསོ་སོར་སྨིན་པར་ངེས་པས་མི་དགེ་བ་བཅུ་སོགས་མི་དགེ་བ་ཕྲ་མོ་ཙམ་ཡང་སྲོག་དང་བསྡོསནས་སྤོང་ཞིང་། དགེ་བ་བཅུ་སོགས་དགེ་བའི་ལས་ཕྲ་མོ་ཡང་ཅི་ནུས་སུ་སྒྲུབ་པ་དང་། ལུངམ་བསྟན་གྱི་བྱ་བ་ཐམས་ཅད་ཀྱང་དགེ་བའི་ལམ་སྲོལ་དུ་ཅི་ཚུད་ལ་འབད་པར་བྱ་སྟེ། རིན་

p. 40

ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་བ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་དགེ་བ་དག །ཅེས་གསུངས་པ་ལྟར་ཤེསཔར་བྱའོ། །གསུམ་པ་དེ་དང་རྗེས་འབྲེལ་སྐྱབས་འགྲོ་ནི། དཔེར་ན་ནག་ཅན་བཙོན་དོང་དུ་ཆུགཔ་ཆད་ལས་སྣ་ཚོགས་ཀྱིས་བར་མེད་དུ་བཅད་པས་ཉམ་ཐག་ཅིང་མཐར་གསོད་པར་ཡངཉིན་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་བས་འཇིགས་སྐྲག་གི་སྡུག་བསྔལ་བཟོད་དཀའ་བས་ཉེནཔ་ན། དེ་ལས་སྐྱོབ་ནུས་པའི་རམ་ཟླ་ཅི་རྙེད་ཕ་འབོད་མ་འབོད་བྱེད་པ་བཞིན་དུ། རང་ཅགརྣམས་ཀྱང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་དགེ་བའི་ལས་འབྲས་ཀྱིས་རེ་ཞིག་བདེའགྲོར་སྐྱེས་ཀྱང་སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་པའི་གོ་འཕང་མ་ཐོབ་ན་སྔར་བྱསཀྱི་དགེ་བའི་འཕེན་པ་ཟད་ནས་སླར་ཡང་ངན་སོང་དུ་ལྷུངས་ཏེ་ཡུན་རིང་ལ་དོས་དྲག་པའིསྡུག་བསྔལ་མི་བཟོད་པ་སྣ་ཚོགས་མྱོང་དགོས་པར་འདུག སྡུག་བསྔལ་དེ་ལས་སྐྱོབ་ནུསཔ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད་ཅིང་། དེ་ཡངརང་ལ་དངོས་སུ་སྣང་བའི་སངས་རྒྱས་ནི་བླ་མ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུངཐུགས་དང་དབྱེར་མེད་པའི་ཕྱིར། དེས་ན་སྐྱབས་གནས་དཀོན་མཆོག་རིན་པོ་ཆ ེ་རྣམ་པགསུམ་ཁོ་ན་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམས་ཏེ། ལུས་སེམས་རྣལདུ་ཕབ་ནས་རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབཔའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔཔ་ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པས་ནམ་མཁའི་དབྱིངས་ཁྱབ་པའི་དབུསསུ་སེངྒེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ་རྩབའི་བླ་མ་རྡོ་རྗེ་འཆང་ཡུམ་དང་བཅས་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང་ཡིདམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གའི་དབུས་སུ་སངས་རྒྱས་ཤཱཀྱ་ཐུབ་པལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། གཡས་ཀྱི་

p. 41

ཡལ་གར་འཇམ་དཔལ་ལ་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང་། གཡོན་གྱི་ཡལ་གར་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས་རྣམསདང་། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་རྣམས་གླེགས་བམ་བརྩེགས་པའི་རྣམ་པ་ཅནདང་། དེ་རྣམས་ཀྱི་བར་མཚམས་ཐམས་ཅད་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དངབཅས་པས་བར་མེད་དུ་གང་བ་ཐམས་ཅད་ཀྱང་རང་ཉིད་ལ་དགྱེས་ཤིང་བརྩེ་བའི་ཚུལ་དུབཞུགས་པར་བསམ་ཞིང་། དེ་ནས་རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམསཅད་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་མོས་གུས་ཀྱི་གདུང་ཤུགས་དྲགཔོས་མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་དྲག་པོ་ལས་བསྐྱབཏུ་གསོལ་སྙམ་པའི་བསམ་པ་རྩེ་གཅིག་པས་ངག་ཏུ། ནམ་མཁའི་གནས་སུ་ནམ་མཁའ་གངབ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགསཔའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོཅི་ནུས་སུ་བྱས་ནས་ཐུན་འཇོག་ཁར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བས་སེམསཅན་ཐམས་ཅད་དག་པའི་ཞིང་དུ་དྲངས། མཐར་སྐྱབས་ཡུལ་རྣམས་འོད་ཀྱི་རྣམ་པར་བསྡུསནས་རང་ལ་ཐིམ་པར་བསམ་ཞིང་། རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངནསོང་དོང་སྤྲུགས་ནས། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུརཐོབ་ཤོག །ཅེས་དགེ་བ་བསྔོ། ཉལ་བའི་ཚེ་སྐྱབས་ཡུལ་མ་བསྡུས་པ་དེ་ཉིད་ལ་མགོ་ཕྱོགསནས་མོས་གུས་རྩེ་གཅིག་པ་གཉིད་དང་བསྲེ་བར་བྱ་ཞིང་། སྐྱབས་འགྲོའི་ཕན་ཡོན་དང་བསླབབྱ་གོ་དོན་རྣམས་ཀྱང་ཉན་པ་པོའི་བློ་དང་འཚམས་པར་ཅི་རིགས་པ་བཤད་དོ། །བཞི་པ་སྙིང་རྗེ་བྱང་སེམས་བསྒོམ་པ་ནི། རྟེན་སྙིང་རྗེ་དང་། བརྟེན་པ་བྱང་ཆུབ་ཀྱིསེམས་ལས། དང་པོ་ནི། ཕྱོགས་བཅུའི་ནམ་མཁའ་ལ་ཇི་ལྟར་གཞལ་ཡང་མཐའ་མེད་པལྟར་འཇིག་རྟེན་གྱི་ཁམས་ལའང་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅནགྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་རྣམས་ཀྱིས་བདག་གི་མ་མ་བྱས་པ་ནི་གཅིག་

p. 42

ཀྱང་མེད་དེ། བདག་གི་སྐྱེ་བ་ལ་གྲངས་མེད་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་བདག་གིམ་བྱས་པ་ལ་ཡང་གྲངས་དང་མཐའ་མེད། མ་བྱས་རེས་བཞིན་ཚེ་འདིའི་མས་ཇི་ལྟར་བསྐྱངསཔ་བཞིན་དུ་གནོད་པ་ཐམས་ཅད་ལས་བསྐྱབས། བརྩེ་བའི་སེམས་ཀྱིས་ནི་བཟུང་། བྱམསཔའི་སྤྱོད་ལམ་གྱིས་བསྐྱངས་ནས་མཐའ་དང་ཚད་མེད་པའི་ཕན་པ་སྒོ་དུ་མ་ནས་བཏགསཔའི་དྲིན་ཅན་གྱི་མ་ཤ་སྟག་ཡིན་པ་ལ། ད་ལྟའི་མ་དང་སྐྱེ་བ་གཞན་གྱི་མ་ཞེས་ཉེ་རིང་རིསསུ་གཅོད་པ་ཅི་ལ་རིགས། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་རྨོངས་ཤིང་ཐབས་ལམི་མཁས་པས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ཅི་རིགས་པ་ལ་རྟག་ཏུ་སྤྱོད་ཅིང་མནར་བསཉམ་ཐག་པར་གྱུར་པའི་རྣམ་འགྱུར་ཡིད་ལ་དྲན་པས། བཟོད་དུ་མེད་པའི་སྙིང་རྗེ་མཆི་མའཁྲུག་པ་ཙམ་གྱིས་བློ་བསྐུལ་ནས། གཉིས་པ་ནི། ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངསཔའི་མ་འདི་དག་མ་རིག་པའི་མུན་པས་ནི་འཐོམས། ཉོན་མོངས་པས་ཡིད་དཀྲུགས་པསསྨྱོ། བླང་དོར་ལ་ལྟ་བའི་མིག་དང་བྲལ། དགེ་བའི་བཤེས་ཀྱི་ལོང་འཁྲིད་ནི་མེད། ཉེསསྤྱོད་ཀྱིས་བརྡེག་འཆོས་པས་འཁོར་བ་དང་ངན་སོང་གི་གཡང་སར་ལྷུངས་པ་འདི་རྣམསཡལ་བར་བོར་ན་དེ་ལས་ཁྲེལ་ཆུང་བ་སུ་ཞིག་ཡོད། དེས་ན་འདི་དག་འཁོར་བའི་སྡུག་བསྔལལས་བསྒྲལ་ནས་ཐར་པའི་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མི་འདུགཔས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འ ཐོབ་པར་བྱ། དེའི་ཆ ེད་དུ་ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླང་བར་བགྱིའོ། །སྙམ་པའི་ལྷག་བསམརྩེ་གཅིག་པས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེསབརྗོད་ཅིང་དོན་བསམ་པ་ནན་ཏན་དུ་བྱས་པའི་མཐར། དོན་དམ་བྱང་སེམས་ཀྱི་མཚན་ཉིདསེམས་བསྐྱེད་ཡུལ་སྐྱེད་པ་པོ་བསྐྱེད་པའི་ཀུན་སློང་གསུམ་ཀ་འཁོར་གསུམ་མི་རྟོག་པའིཤེས་རབ་ཀྱི་རྒྱས་བཏབ་ནས་དགེ་བ་བསྔོ་ཞིང་། འདིར་ཡང་བསླབ་བྱ་ཕན་ཡོན་གོ་དོནསོགས་སྐབས་དང་སྦྱར་ཏེ་བཤད་དོ། །

p. 43

ལྔ་པ་རྡོར་སེམས་སྒོམ་བཟླས་ནི། ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེབ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཡིན་པས་དེ་ཉིད་སྦྱོང་དགོས། དེ་སྦྱོང་བའིམཆོག་ནི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་རྣལ་འབྱོར་དུ་བྱ་བ་ཡིན་ཏེ། དེ་ཡང་བྱང་ཆུབཀྱི་སེམས་གཉིས་སྔར་བཞིན་དྲན་པའི་ངང་ལས་རང་གི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལའཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་གསལ་ཞིང་འཚེར་བ། དེ་ཡོངས་སུ་གྱུར་པ་ལས་དཔལརྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ཉམསཅན་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་ཡུམ་རྡོ་རྗེ་སྙེམས་མ་དཀརདམར་གྲི་ཐོད་འཛིན་པ་དང་སྙོམས་པར་འཇུག་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃཡིག་དཀར་པོ་ཡི་གེ་བརྒྱ་པའི་ཕྲེང་བས་བསྐོར་བར་བསམས་ལ། དཀོན་མཆོག་སྐྱབས་སུབཟུང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྟེན་གྱི་སྟོབས། སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་བྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིདསྙམ་པའི་སྡོམ་སེམས་ཉེས་པ་ལས་ལྡོག་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམསདཔའི་སྒོམ་བཟླས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞི་པོ་ཚང་བའིབསམ་སྦྱོར་དང་ལྡན་པའི་ངང་ནས་ཐུགས་ཀའི་སྔགས་ཕྲེང་ལ་དམིགས་པ་གཏད་དེ། བཅོམལྡན་འདས་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པའི་མོས་གུས་མཆི་མ་འཁྲུག་པ་ཙམ་དུ་བསྐྱེདནས་ཡི་གེ་བརྒྱ་པ་དང་། ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་བཟླས་པས་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེངདང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་རྒྱུན་ལྟ་བུ་བབས། སྐུའི་དབྱིབས་བརྒྱུད་སྦྱོརམཚམས་ནས་བདག་གི་ཚངས་བུག་ཏུ་ཞུགས་པས་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་དུདཁུ་ལ་སོགས་པའི་རྣམ་པས་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་པརབསམ་ཞིང་སྔགས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་སུ་བཟླས་པའི་མཐར། མགོན་པོ་བདགནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབསམཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་

p. 44

གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱངཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ལུས་ཀྱི་ནང་འཁོར་ལོ་བཞིའིགནས་རྣམས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྐྱ་མེར་གྱིས་ཁེངས། སྡིག་སྒྲིབ་ཐམས་ཅདསངས་ཀྱིས་དག ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས་པར་བསམ་ཞིང་། རྡོ་རྗེ་སེམསདཔའ་དགྱེས་ཤིང་འཛུམ་པར་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམསཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་བ་རང་ལ་བསྟིམ། རང་ཉིད་རྡོ་རྗེསེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་ལ་བློ་བཞག་ནས། མཐརབདེ་སྟོང་བརྗོད་བྲལ་གྱི་ངང་ལ་མཉམ་པར་བཞག དེ་ཡང་སྦྱང་བྱའི་སྡིག་སྒྲིབ། སྦྱོང་བྱེདཐབས། སྦྱོང་མཁན་སྒྲུབ་པ་པོ་མ་གྲུབ་པ་སྟེ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱི་རྒྱསའདེབས་པ་ནི་སྡིག་སྦྱོང་གི་མཆོག་གོ །མཐར་དགེ་བ་བསྔོ། འདི་ཉིད་སྡིག་པ་དག་པའི་མཚནམ་མ་མཐོང་གི་བར་དུ་བྱའོ། །དྲུག་པ་བླ་མའི་རྣལ་འབྱོར་ནི། ཟབ་མོའི་ལམ་གྱི་མཐུན་རྐྱེན་བསོད་ནམས་དང་ཡེ་ཤེསཀྱི་ཚོགས་སྟོབས་སུ་བྱ་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་ཏེ། ལམ་འདིའི་རྟེན་འབྲེལ་གྱིགནད་ཐམས་ཅད་འདི་ནས་སྒྲིག་དགོས་པའི་ཕྱིར་རོ། །དེ་ལ་ཚོགས་བསག་པ་དང་གསོལབ་གདབ་པ་གཉིས་ལས། དང་པོ་ནི། མདུན་གྱི་ནམ་མཁར་སེངྒེས་བཏེགས་པའི་རིན་པོཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་རྩ་བའི་བླ་མ་བརྒྱུད་པའི་བླ་མ་ཀུན་འདུས་ཀྱིངོ་བོ་དེ་ཉིད་རྣམ་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེདང་དྲིལ་བུ་འཛིན་པ་ཡུམ་ཕག་མོ་དམར་པོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིསཀའང་དར་གྱི་ན་བཟའ་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཡབ་རྡོ་རྗེའི་སྐྱིལཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་རོལ་པ་སྐུ་ལ་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་རྫོགསཤིང་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བ། འོད་ཟེར་རྣམ་ལྔ་རབ་ཏུ་འབར་བའི་ཀློང་ན་བཞུགས་

p. 45

པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། བླ་མ་དང་སངསརྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ་སྟེ་སྔརབས་ཀྱང་གཟི་མདངས་འབར་བར་བསམས་ཏེ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོནམཆོག་གསུམ་གྱི་རང་བཞིན་ཉིད། །ཅེས་དང་། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །ཅེས་གསུངས་པ་ལྟར་སྐྱབས་གནས་ཀུན་འདུསཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས་དེ་ཉིད་ཚོགས་ཞིང་དུ་བྱས་ཏེ་སྐུ་གསུམ་གྱི་མཎྜལ་འབུལབ་ལས། དང་པོ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་བཟུང་སྟེ། བ་བྱུང་དང་དྲི་བཟང་གིཆུས་བྱུག་ཅིང་། མེ་ཏོག་དང་བཅས་པས་གཡོན་དུ་བསྐོར་ལ། ༀ་བཛྲ་བྷཱུ་མི་ཨཱ་ཧཱུྃ། ཞེསབརྗོད་པས་གསེར་གྱི་ས་གཞིར་བསམ། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པས་ལྕགས་རི་མུ་ཁྱུད། མེ་ཏོག་གི་ཚོམ་བུ་རིམ་བཞིན་དགོད་པས། དབུས་སུ་རི་རབ། ཤར་ལུས་འཕགས་པོ། ལྷོའཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་གྱི་གཡས་གཡོན་དུ་ལུས་དང་ལུསའཕགས་སོགས་གླིང་ཕྲན་རྣམས་དང་། གླིང་རྣམས་ཀྱི་ནང་གི་ཤར་སོགས་ཕྱོགས་བཞིར། གླང་པོ། བློན་པོ། རྟ་མཆོག བཙུན་མོ་རྣམས་དང་། མེ་སོགས་མཚམས་བཞིར། དམགདཔོན། འཁོར་ལོ། ནོར་བུ། གཏེར་ཆེན་པོ་རྣམས་དང་། རི་རབ་ཀྱི་ཤར་དུ་ཉི་མ། ནུབ་ཏུཟླ་བ་རྣམས་ཀྱི་ཚོམ་བུ་བཀོད་པ་སོ་སོའ་རྣམ་པ་གསལ་བ་ལྷ་མིའི་འདོད་ཡོན་མ་ཚང་བམེད་པས་གང་བ་དང་། བདག་གི་ལུས་ལོངས་སྤྱོད་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགསཐམས་ཅད་ཕུལ་བར་བསམ་ཞིང་། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོདདགུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལབས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཚོམ་བུ་གསོ་བ་དངསེམས་ཀྱིས་གསལ་འདེབས་པ་རྣམས་སུམ་ཕྲུགས་སུ་བྱའོ། །དེ་ལྟར་ཚོམ་བུ་ཉེར་གསུམམའི་ལུགས་སུ་བྱས་པ་ནི་མཎྜལ་སྟོན་བྱེད་ཀྱི་རྩ་བའི་གཞུང་རྣམས་ཀྱི་རྗེས་སུ་འབྲང་པ་ཡིནལ། ཚོམ་བུ་སོ་བདུན་མ་དེང་སང་ཡོངས་གྲགས་ཀྱི་ལག་ལེན་ལྟར་བྱས་ཀྱང་འགལ་བར་

p. 46

མི་སེམ་མོ། །གཉིས་པ་ནི། ཚོམ་བུ་དགུ་བཀོད་ལ། འོག་མིན་རྣམ་དག་སྟུག་པོ་བཀོད་པའིཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་མཆོདཔའི་སྤྲིན་ཕུང་ནམ་མཁའ་གང་བར་སྤྲོ་བར་དམིགས་ཏེ། འོག་མིན་བདེ་ཆེན་རིན་ཆེན་གཞལཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེ་ཅན། །ནམ་མཁའ་གང་བར་དམིགས་ཏེཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་སྔར་བཞིན་སུམ་ཕྲུགསསུ་འབུལ་ལོ། །གསུམ་པ་ནི། ཚོམ་བུ་ལྔ་བཀོད་ལ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམསརང་བཞིན་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་སྣང་ཆ་ཡེ་ཤེས་ཀྱི་རང་འོདདུ་འཚེར་བ་འཁོར་འདས་རོ་མཉམ་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་པའི་དགོངས་པ་བསྐྱངཞིང་། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱནཔ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོདཔར་ཤོག །ཅེས་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ཏེ་འབུལལོ། །སྤྲོ་ཞིང་ནུས་ན་ཕྱི་ནང་གསང་བའི་མཆོད་པའི་ཁྱད་པར་ཇི་སྙེད་པས་ཀྱང་མཆོད་པརབྱའོ། །གཉིས་པ་གསོལ་བ་གདབ་པ་ནི། བླ་མ་དེ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོརངེས་ཤེས་བསྐྱེད་ནས། སྐྱོན་རྟོག་གི་བློ་ངན་སྤངས་ཏེ་ཡོན་ཏན་རྗེས་སུ་དྲན་པས་དད་པའིབློ་སྣ་དྲངས་ཏེ་ཚད་མེད་པའི་དད་པ་དང་མོས་གུས་མཆི་མ་འཁྲུག་པ་ཙམ་དུ་བསྐྱེད་ནས་བླབརྒྱུད་ཀྱི་གསོལ་འདེབས་ལོགས་ན་ཡོད་པ་ལྟར་བྱ་ཞིང་། བསྡུ་ན་བླ་མ་སྐུ་བཞིའི་གསོལའདེབས་ཙམ་དང་། ཁྱད་པར་ༀ་བཛྲ་གུ་རུ་པདྨ་སིདྡྷི་ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལཨཱཿཧཱུྃ། ཞེས་ཅི་ནུས་སུ་བཟླ་ཞིང་། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་བླ་མའི་རང་བཞིན། སྒྲ་གྲགས་སྔགས་ཀྱི་རང་སྒྲ། དྲན་རྟོག་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བར་བྱས་ནསམཐར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མདམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཟབལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་གནས་

p. 47

ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐརཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་དགྱེས་ཤིང་འཛུམཔའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རངགི་གནས་གསུམ་དུ་རིམ་པར་ཞུགས་ཤིང་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང་སྒོ་གསུམགྱི་དྲི་མ་སྦྱངས། དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱས་པར་བསམ་ཞིང་། སླར་ཡང་མོསགུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་བླ་མ་སྤྱི་བོར་བྱོན་ཚད་མེད་པའི་ཐུགསརྗེས་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམདབྱེར་མི་ཕྱེད་པ་བདེ་སྟོང་ཟུང་འཇུག་གི་ངང་ལ་ཅི་ནུས་སུ་མཉམ་གཞག་བྱ་ཞིང་དགེ་བབསྔོ། དེ་ལྟར་བྱིན་རླབས་ཀྱི་ནུས་པ་ཐོབ་པའི་རྟགས་མ་བྱུང་གི་བར་དུ་འབད་པར་བྱའོ། །དེ་དག་ནི་མདོ་དང་སྔགས་གཉིས་ཀའི་སྔོན་འགྲོ་ཐུན་མོང་བའི་དབང་དུ་བྱས་པའོ། །༈ གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་དབབ་པ་ལགསུམ་སྟེ། འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་སྔོན་འགྲོ། རྣལ་དུ་དབབ་པའོ། །དང་པོ་ལ་རུ་ཤན་དབྱེ་བར་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལ་ལོ། །དང་པོ་ནི། ཐལའགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས། སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པརདག་ཀྱང་གནས་སྐབས་གློ་བུར་འཁྲུལ་པའི་སྣང་ཞེན་གྱིས་བསྒྲིབས་པས་ཐོག་མ་མེད་པ་ནསད་ལྟ་ཡན་ཆད་རིགས་དྲུག་གི་གནས་སུ་བར་མེད་དུ་འཁོར་ཞིང་རིགས་དྲུག་སོ་སོའ་ལུས་ཀྱིརྣམ་འགྱུར། ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད། སྡུག་བསྔལ་གྱི་མྱོང་ཚུལ་གྲངསཀྱིས་མི་ཆོད་པ་ཞིག་བྱས་ཀྱང་དོན་མེད་པ་འབའ་ཞིག་ཏུ་སོང་མོད། ད་དུང་ཟིན་མེད་ཀྱི་ལསལ་ཞེན་ཅིང་ཆགས་པས་ཅི་ཞིག་བྱ། དེས་ན་ད་རེས་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་ཏེ། ཇི་ལྟར་དབྱེ་ན། འཁོར་བའི་

p. 48

ལས་སྣང་དང་རྣམ་པ་མཐུན་པར་ལམ་དུ་བྱས་པས་ལས་ངན་གྱི་མཚང་རྟོགས་ནས་ཕྱིན་ཆདའཛིན་ཞེན་ལས་གྲོལ་བར་འགྱུར་བའི་ཕྱིར། གསང་སྔགས་ཐུན་མོང་པ་ལས་ཀྱང་། རྣམརྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པསསྦྱང་བར་བྱ། །ཞེས་སོགས་གསུངས་པ་དང་ཡང་གནད་གཅིག་གོ །གཉིས་པ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བ་ནི། འདས་རྗེས་ལས། ལུསཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྦྱང་། །དཀོན་མཆོག་གསུམ་གྱིསྤྱོད་པའང་སྤྱད། །ཅེས་སོགས་གསུངས་པ་ལྟར། རི་ངོགས་ལུང་སྟོང་སོགས་མིའི་འགྲོ་འོངམེད་པའི་གནས་དབེན་པར་སོང་སྟེ། གཞི་བདག་ལ་གཏོར་མ་བྱིན་ནས། ད་ནི་སེམས་ཅནགྱི་དོན་དུ་འཁོར་འདས་རུ་ཤན་ཕྱེ་ལ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱའོ་སྙམ་དུ་སེམསབསྐྱེད་ནས། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཕོ་ལྟུང་སོགས་རིགས་དྲུག་གི་བདེ་སྡུགསྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་རང་རྒྱུད་ལ་མྱོང་བར་བསམ་ཞིང་། ལུས་ཀྱིས་མཆོང་རྒྱུགའགྲོ་འདུག་སོགས་རྣམ་འགྱུར་ཐམས་ཅད་བྱ། ངག་གིས་དེ་དང་དེའི་སྒྲ་སྐད་སྣ་ཚོགས་བརྗོདཔ་སོགས་ཤུགས་འབྱུང་འགག་མེད་དུ་སྤྱད་པས་ངལ་དུབ་འགྱུ་བ་སྤུན་དག་ཏུ་མ་གྱུར་གྱིབར་དུ་བྱས་ནས་རྗེས་ཤེས་ཀྱི་རང་ངོ་ལ་བལྟ་ཞིང་ངལ་བསོ། ཡང་ལུས་ཀྱིས་བདེ་བརགཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར་དང་། ངག་གསུང་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གིརྣམ་པ་གསལ་བ་དང་ངར་འཛིན་ཅི་ནུས་བྱས་ལ་རྗེས་ཤེས་ཀྱི་རང་ངོ་བསྐྱང་ངོ་། །དེ་ལྟརབྱས་པས་ལུས་ལ་ཚ་གྲང་བཀྲེས་སྐོམ་ཆགས་ཞེན་དགག་སྒྲུབ་མེད་པ་དང་། ངག་བླ་མའིགདམས་ངག་གི་ཚིག་དོན་ལ་སྒོམ་བྱུང་གི་ཤེས་རབ་འཆར་བ་དང་། སེམས་གསལ་སྟོང་འགག་མེད་བདེ་བའི་ཉམས་རྩོལ་མེད་དུ་འཆར་བ་རྣམས་མ་བྱུང་གི་བར་དུ་སྦྱང་ངོ་། །དེདག་གི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག བར་ཆད་ཞི། མངོན་ཞེན་

p. 49

ལྡོག སྐུ་གསུང་ཐུགས་རྡོ་རྗེར་འཚང་རྒྱ་བར་བྱེད་པའོ། །གཞུང་རྩ་བར་ལུས་ངག་ཡིད་གསུམརུ་ཤན་སོ་སོར་དབྱེ་བ་དང་སྒོ་གསུམ་གྱི་སྔོན་འགྲོ་སྤེལ་ནས་བྱེད་པར་གསུངས་ཀྱང་རུ་ཤནདབྱེ་བ་ཁོ་ན་སུམ་ཕྲུགས་སུ་བྱས་ན་ཉམས་ལེན་གནད་འདྲིལ་ཞིང་ཆུན་ཆེ་བར་དགོངས་ནསབཤད་མ་ཐག་པ་ཉིད་བླ་མ་རྣམས་ཀྱི་ཕྱག་ལེན་ལ་མཛད་དོ། །གཉིས་པ་ནང་ལྟར་རུ་ཤན་དབྱེ་བ་ལ་དབྱེ་བར་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལལོ། །དང་པོ་ནི། ཀློང་གསལ་ལས། ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར། །འཁོར་འདས་རུཤན་ནང་ལྟར་དབྱེ། །ཞེས་གསུངས་པས། ཕྱི་ལྟར་རུ་ཤན་དབྱེ་བས་ཕྱི་འཁྲུལ་པའི་རྐྱེ ནསྣང་ཟད་ཀྱང་། ནང་འཁྲུལ་པའི་རྒྱུ་དང་ས་བོན་མ་ཟད་ན་ཞེ་སྡང་སོགས་ཉོན་མོངས་པའིཀུན་སློང་གིས་མི་དགེ་བའི་བག་ཆགས་ས་བོན་སོ་སོ་ལ་བཞག་པས་དེ་དང་དེའི་ནུས་པ་སདཔར་བྱས་ཏེ་འབྲས་བུ་རིགས་དྲུག་གི་འཁོར་རྒྱུད་ཆོད་པར་མི་འགྱུར་བས་དེ་ཆོད་པར་བྱ་བའིཕྱིར་རོ། །གཉིས་པ་ནི། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགསདྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུགསུམ་ཤར། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པ་དང་། ས་བོན་གནས་ཚུལནི། ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ནྲྀ་ཏྲི་པྲེ་དུ་གནས། །ཞེས་པས་སྦྱང་གཞི་འགྲོ་བ་རྣམས་ཀྱི་ལུས་ཀྱི་གནས་དྲུག་ཏུ། སྦྱངབྱ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིངགར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག གསང་བར་ཡི་དྭགསཀྱི་ས་བོན་པྲེ་དམར་ནག རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་འགྲོ་བ་དྲུགགི་བག་ཆགས་རྣམས་ལྷན་སྐྱེས་སུ་གནས་པ་རྣམ་པ་སོལ་དོང་དུ་དུ་བ་འཕྱུར་བ་ལྟར་བསམཞིང་། སྦྱོང་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་རྣམ་པ་སྤྱི་བོར་ༀ་དཀར་པོ། མགྲིན་པརཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་བཀྲག་མདངས་འོད་ཟེར་འབར་བར་བསམསལ། ཡི་གེ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་ཡེ་ཤེས་ཀྱི་མེ་རང་འོད་དུ་འབར་བས་ཡི་

p. 50

གེ་དྲུག་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། འཁོར་བ་དང་ངནསོང་གི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་རང་ལུས་དྭངས་གསལ་ཤེལ་གོང་ཕྱིས་པ་ལྟརབསམ་ཞིང་། ༀ་ཨཱཿཧཱུྃ་འབུམ་ཚོ་བདུན་དབྱངས་སྙན་པོས་བཟླའོ། །དེས་སྡིག་པ་དག་པའིརྟགས་དངོས་སམ་རྨི་ལམ་ཅི་རིགས་པར་འབྱུང་ཞིང་ལུས་ངག་ཡིད་གསུམ་ཐ་མལ་གྱི་འཛིནཞེན་དག །ལུས་བདེ་ངག་དག་སེམས་གསལ་སྟོང་མི་རྟོག་པའི་ཉམས་མ་ཤར་གྱི་བར་དུའབད་པར་བྱ་སྟེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའིས་བོན་སྟོངས། །གསུམ་པོ་འཁོར་བར་ལྡོག་པ་མེད། །ཅེས་དང་། དེ་ལྟར་ས་བོན་མ་ཟདན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་གསུངས་པས་རྒྱུ་ས་བོན་ཟད་ན་དེསབསྐྱེད་ཀྱི་འབྲས་བུ་མི་འབྱུང་བ་བཞིན་ནོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་གསུམ་ལས། དང་པོ་ལུས་ཀྱི་སྔོན་འགྲོ་ནི། ཐལའགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངསཔས། དེ་ཡང་ལུས་ལ་གནད་དུ་བསྣུན་ན་སེམས་ཀྱི་དྭངས་སྙིགས་ཕྱེད་པར་འགྱུར་བའི་ཕྱིར། རྐང་མཐིལ་གཉིས་སྦྱར་སོར་མོ་བཅུ་ས་ལ་བཙུགས་པུས་མོ་ཕྱིར་བརྒྱངས་རྒལ་ཚིགས་དྲངཔོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། གྲུ་མོ་གཉིས་ཐད་སོར་ཕྱིརབརྒྱང་། མགྲིན་པ་ཨོལ་མདུད་ནོན་པར་བྱས། ཉྭ་བཞི་ཤུགས་ཕྱུང་ནས་བསྒྲིམས་ཏེ་རྡོ་རྗེའིའདུག་སྟངས་བྱས་པ་བཞིན་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེསལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་གནས་པརའགྱུར་རོ། །དེའི་ཚེ་ལུས་རང་བབས་སུ་ཁྲེས་སེ་བསྐྱུར་ལ་སེམས་རྟོག་མེད་ཀྱི་རང་ངོ་བསྐྱངངོ་། །དེ་ཡང་རྡོ་རྗེའི་ཡར་རྩེ་གསུམ་གྱིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་མར་རྩེ་སྐུགསུམ། སྐེད་པ་གཅིག་ཏུ་འདྲིལ་བ་ལམ་དབྱེར་མི་ཕྱེད་པ་མཚོན་པའོ། །དེའི་དགོས་པ་ནིགསུམ་སྟེ། ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོནཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་སུ་མེད་པར་

p. 51

འགྱུར་རོ། །གཉིས་པ་ངག་གི་སྔོན་འགྲོ་ལ་བཞི་སྟེ། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །གཉེན་བཙལ་ལམ་དུ་གཞུག་པ་ཡིས། །ཞེསགསུངས་པའི་དང་པོ་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པར་ལུས་གནདཆོས་བདུན་བཅས་ཏེ། སྙིང་གར་ཧཱུྃ་སྔོན་པོ་ཞིག་བསྒོམས་པ་གསལ་སྣང་ཐོན་པར་བྱས་ནསསོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ནས་ཧཱུྃ་གི་གླུ་སྙནལ་རིང་བར་བླངས་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་། སྣ་བུག་གཡསནས་ཐོན། ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པས་སྣང་བ་ཐམས་ཅད་ཧཱུྃ་གི་རངབཞིན་དུ་འཆར་བ་ནི་རྒྱས་ཐེབས་པའོ། །དེས་ནི་སྣང་བ་རང་བཞིན་མེད་པར་གྲོལ་བའིདགོས་པ་ཡོད་དོ། །ཡང་། ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་ཧཱུྃ་སྔར་ལྟར་བརྗོད་པསཕྱི་རོལ་གྱི་ཧཱུྃ་རྣམས་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས་ལུས་ཀྱི་ནང་ཐམས་ཅདམེ་རེ་རེ་གང་བར་བསམ་ཞིང་རླུང་བཟུང་། ལུས་ཧཱུྃ་གིས་གང་བར་རྩོལ་མེད་དུ་འཆར་ཞིངམི་བདེ་བ་སྙམ་བྱེད་པ་ནི་རྒྱས་ཐེབས་པའོ། །དེས་ནི་ཕུང་པོ་རང་བཞིན་མེད་པར་གྲོལ་བའིདགོས་པ་ཡོད་དོ། །གཉིས་པ་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། སྙིང་གའི་ཧཱུྃ་ཡིག་སྔར་ལྟར་གསལབ་ལས་ཧཱུྃ་དྲག་པོ་ངར་དང་ལྡན་པར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་ནག་དྲག་ལ་རྩུབཔ་རྣོ་ཞིང་མྱུར་བའི་ཤུགས་དང་ལྡན་པ་ཡུལ་ཆེ་ཆུང་གང་ལ་སྤྲོ་བ་དེ་དང་འཚམས་པ་མང་པོཐོལ་ཐོལ་བྱུང་བས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་ཕྱུང་དུ་ཕུག་ནས་ཁྲལ་ཁྲོལ་དུ་སོངབར་བསམ་ཞིང་། སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་ལས་སང་སེང་དངོས་མེད་དུ་དགཔར་འཆར་བ་ནི་རྩལ་འབྱོངས་པའོ། །དེས་ནི་སྣང་བ་བདེན་མེད་འོད་གསལ་དུ་གྲོལ་བའིདགོས་པ་ཡོད་དོ། །ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། སྔར་ལྟར་ཧཱུྃ་བརྗོད་པས་ཧཱུྃ་ཡིག་མཚནཉིད་བཞི་ལྡན་དེས་རང་གི་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་ནས་ཐོགས་པ་མེད་པར་

p. 52

ཐལ་ཕྱུང་དུ་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང་། ལུས་ཀྱི་ཤ་ཁོལ་བུརའཕར་ཞིང་ན་བ་དང་། ལུས་ཆུ་ཟླ་ལྟར་རང་བཞིན་མེད་པའི་ཉམས་འཆར་ན་འབྱོངས་པའོ། །དེས་ནི་ཕུང་པོ་འཇའ་ལུས་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུ་ལྟ་བུའི་དམིགས་རྟེན་གཙུགས་ཏེ། ངགགིས་ཧཱུྃ་སྙན་ཞིང་རིང་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བར་མ་ཆད་དུ་བྱུང་། དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབ་པ་དང་དར་ཅིག་གློད་ལ་ངལབསོ། ཡང་རིམ་བཞིན་བཤིག་ནས་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུྃ་ལ་རྫོགས་པར་བསྟིམསནས་ངལ་བསོ། དེ་ལྟར་རླུང་སེམས་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་དུ་འགྲོ་ལྡོག་ལསྦྱངས་པ་བཞིན་ལམ་དུ་ལོངས་པས་རྣམ་རྟོག་གི་ངར་ཞི་ནས་སེམས་ཤིན་སྦྱངས་ཐོབ་སྟེདམིགས་པ་གང་དུའང་བསྒྱུར་ཐུབ་པ་ནི་མཉེན་བཙལ་བའི་དོན་ནོ། །བཞི་པ་ལམ་དུ་འཇུགཔ་ནི། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པ་ཅན་དུ་བྱས་ལམདུན་ན་ཕར་སྲིན་འགྲོས་ལྟ་བུའི་ལམ་ལ་ཞུགས་ནས་སོང་སྟེ་འཁྱོག་མཚམས་སུ་ཅུང་ཟདངལ་བསོ་ཞིང་། རྒྱང་རིང་པོའི་མཐའ་ཚད་མེད་པའི་ཕ་རོལ་ཏུ་སོང་བར་བསམ་ཞིང་ཧཱུྃ་རིངཔོར་བརྗོད་ལ་རང་བབས་སུ་ངལ་བསོ། ཡང་སྔར་བཞིན་ཚུར་ལོག་ནས་རང་སོར་གནསཔ་ལ་ངལ་བསོ། དེས་ཐོག་མར་དགའ་བ་དང་སྐྱོ་བ་ལ་སོགས་པའི་ཉམས་མཐོ་དམའ་ཅནདུ་སྐྱེ་ཞིང་། མཐར་ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པ་འཆར་རོ། །དེས་ནི་ལུས་ངགཡིད་གསུམ་ཡང་དག་པའི་ལམ་སྲོལ་དུ་ཆུག་པས་རྣམ་རྟོག་རང་ཤུགས་སུ་ཆོད་ཅིང་བདེགསལ་མི་རྟོག་པའི་ཉམས་བོགས་ཆོད་དུ་སྐྱེ་བས་དེའི་རང་ངོ་བསྐྱང་། དེ་དག་གི་དགོས་པནི་གསུམ་སྟེ། ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོནཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུརགཉིས་སུ་མེད་པར་འགྱུར་རོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་

p. 53

ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམསསྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པས། དང་པོ་བྱུང་ས་ལ་བརྟག་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུདསོགས་གང་ལས་བྱུང་། ཕྱི་འབྱུང་བཞིའི་དངོས་པོ་གང་རུང་ལས་བྱུང་ངམ་སྙམ་ན། དེ་རེ་རེནས་རྡུལ་ཕྲན་དུ་བཤིགས་ནས་བཙལ་བས་ཨེ་རྙེད། ནང་རང་ལུས་ལས་བྱུང་ངམ་སྙམ་ན། དེ་ཡང་ཆ་ཤས་ནས་བཙལ་ནས་རྙེད་དམ། གལ་ཏེ་སྟོང་པ་ལས་བྱུང་ངམ་སྙམ་ན་བྱུང་བའིཡུལ་ཨེ་གྲུབ། སྣང་བ་ལས་བྱུང་ངམ་སྙམ་ན་དེའི་དམིགས་ཨེ་རྙེད། མདོར་ན་བཙལ་བྱའིསེམས་ལ་ཕར་དཔྱད། ཚོལ་མཁན་གྱི་སེམས་ལ་ཚུར་བལྟས་པས་ངོ་བོ་ངོས་བཟུང་ཐམསཅད་དང་བྲལ་བའི་རང་ངོ་མ་མཐོང་གི་བར་དུ་རྩད་བཅད་ཅིང་བསྐྱུར་རོ། །གཉིས་པ་གནསས་ལ་བརྟག་པ་ནི། སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟགས་ཤིང་དཔྱད་པས་དེ་དག་གངདུ་ཡང་མ་གྲུབ་ན། རྟོགས་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་པས་ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པས་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །གསུམཔ་འགྲོ་ས་ལ་བརྟག་པ་ནི། སེམས་ཝལ་གྱིས་ཤར་ནས་ཡལ་གྱི་སོང་སྙམ་བྱེད་པ་འདི་གངདུ་འགྲོ་བརྟགས་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་སོགས་གང་དུ་ཡང་འགྲོ་བའིཡུལ་མེད། ཡུལ་ཅན་གྱི་སེམས་ཉིད་ཀྱང་འདི་ཞེས་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལབས་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་སེམས་ཞེས་མ་གྲུབ་པས་རིག་སྟོང་འགྲོ་འོང་དངབྲལ་བར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་དག་གི་དགོས་པ་ནི་གསུམ་སྟེ། ཐུནམོང་དུ་ཡིད་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་མངོན་ཞེན་ལྡོག་པསའཁོར་བར་མི་ལྟུང་། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གཉིས་སུ་མེད་པར་འགྱུར་བའོ། །དེ་ལྟར་ཡང་ཀློང་གསལ་ལས། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི། །ཐུན་མོང་ཁྱད་པརམཐར་ཐུག་གི །དགོས་པ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དང་། ཡང་བཤད་

p. 54

མ་ཐག་པའི་དགོས་པ་སྔ་མ་གཉིས་ཐུན་མོང་དང་། ཕྱི་མ་མཆོག་ཏུ་བྱས་ནས་གཉིས་སུ་ཡངབཤད་དེ། ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེབས་བརྟག །ཅེས་གསུངས་པ་བཞིན་ནོ། །གསུམ་པ་རྣལ་དུ་དབབ་པ་ལ་གཉིས། རྣལ་དབབ་དངོས་དང་། སོར་འཇུག་པའོ། །དང་པོ་ལ་རྣལ་དུ་དབབ་དགོས་པར་བསྟན་པ་དང་། ཇི་ལྟར་དབབ་པའི་ཚུལ་ལོ། །དང་པོནི། ཀློང་གསལ་ལས། ལུས་ངག་ཡིད་ཀྱི་འབྱུང་འཁྲུགས་པ། །དེ་དག་གྲོལ་ཕྱིར་རྣལ་དུདབབ། །ཅེས་གསུངས་པས། དེ་ཡང་འཁོར་བའི་ཆོས་སྤང་བྱའི་རྣམ་རྟོག་དང་། གཉེནཔོའི་ཆོས་དགེ་བའི་རྣམ་རྟོག་གང་ཤར་ཡང་རྣམ་པ་གང་གསལ་བ་དེ་ལ་ཤེས་པ་རྩེ་གཅིགཏུ་གཏད་ནས་བསྒོམ་པས་རྣམ་པར་རྟོག་པ་གནས་འགྱུར་ནས་རྣམ་པར་མི་རྟོག་པར་འགྱུརཏེ། དཔེར་ན་ཆུ་རྙོག་མ་ཅན་དེ་ཉིད་གཡོ་མེད་དུ་བཞག་པས་དྭངས་པར་འགྱུར་བ་བཞིནནོ། །དེ་ཡང་ཐོག་མར་རྟོག་པ་ནན་གྱིས་བཀག་ན་སེམས་མི་གནས་པའི་ཁར་སླར་གེགསསུ་འགྲོ་ཞིང་ཏིང་ངེ་འཛིན་སྐྱེ་དཀའ་བར་དགོངས་ནས། མདོ་སྡེ་རྒྱན་ལས་ཀྱང་། གང་ཕྱིརཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ཡིས་རྣམ་གྲོལ་འགྱུར་དེསན། །དེ་ཡིས་དེ་དག་ལས་ངེས་འབྱུང་། །ཞེས་དང་། བརྟག་གཉིས་ལས། ཆགས་པས་འཇིགརྟེན་འཆིང་འགྱུར་ན། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་ཐབས་ལ་མཁསཔར་གསུངས་པ་དང་། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མིདམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །དེ་ཡི་ཕྱིར་ན་དམིགས་པནི། །མི་དམིགས་ངོ་བོ་ཉིད་དུ་འགྲུབ། །དེ་ལྟ་བས་ན་དམིགས་པ་དང་། །མི་དམིགས་མཉམཔར་ཤེས་པར་བྱ། །ཞེས་དབུས་མཐའ་ལས་ཀྱང་གསུངས་པ་བཞིན་ཏེ། དེ་ལྟར་སྔར་བཤདཔའི་འཁོར་འདས་རུ་ཤན་དབྱེ་བ་སོགས་ཐ་མལ་གྱི་སྣང་བ་བག་ཆགས་ཀྱི་ཞེན་སྣང་རགསཔ་བློ་ལ་འཆར་བདེ་བ་རྣམས་དང་། དེ་ནས་ནང་གི་ཤན་འབྱེད་དང་རྒྱས་གདབ་རྩལ་སྦྱོངསོགས་ཕྲ་བ་རྣམས་ལ་རིམ་གྱིས་བསྡུས་པས་དབང་ཤེས་གཞན་དུ་མི་གཡེང་བར་འཆིང་ཞིང་།

p. 55

དེས་ཡིད་ཤེས་ཚོགས་དྲུག་གཅིག་ཏུ་འདུ་ཞིང་ཡུལ་གཞན་ལ་འཕྲོ་བའི་སེམས་ཉེ་བར་ཞིབར་བྱེད། དེ་ནས་ཆོས་འདུས་མ་བྱས་པ་དང་འབྲེལ་བ་ཡུལ་དྲུག་དམིགས་པའི་རྟེན་དེ་ཡངཡིད་ལ་མི་བྱེད་པར་རང་ལུགས་སུ་སྣང་བ་དང་སྟོང་པ་དང་སྤང་བྱ་དང་གཉེན་པོའི་མཚནམ་གང་ལ་ཡང་མི་རྟོག་པར་འཇོག་པ་སྟེ། རྣལ་མ་ནི་མ་བཅོས་པའི་དོན་དང་། དབབ་པ་ནིདེ་ལ་རང་བབས་སུ་འཇོག་པའི་ཕྱིར་རྣལ་དུ་དབབ་པའོ། །གཉིས་པ་ནི། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་དང་། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་པས་བདེ་བའི་མལ་དུ་ལུས་སེམས་སྐྱིལ་ལམ། ཙོག་པུ་སོགས་གང་བདེ་རངབབས་སུ་བསྒུལ་བསྐྱོད་མེད་པར་བཞག ངག་སྨྲ་བརྗོད་ལྟ་ཅི་རླུང་ལ་ཡང་བཟོ་བཅོས་མེདཔར་བཞག སེམས་ནི་མི་དགེ་བ་དང་ལུང་མ་བསྟན་དུ་མ་ཟད་དགེ་བའི་རྣམ་པར་རྟོག་པཙམ་ཡང་བཏང་ནས་རང་བབས་སུ་འཇོག་སྟེ་ཆུ་མ་རྙོགས་ན་དྭངས་པ་ལྟར་སྒོ་གསུམ་གཞིཐོག་ཏུ་དྭངས་པར་འགྱུར་བས་བསམ་གཏན་དང་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་འགྲུབཔ་ཡིན་ནོ། །དེ་ལྟར་ཡང་ཤེར་ཕྱིན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུབྱེད་པ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་གསུངས་པ་དང་ཡང་གནད་གཅིགགོ །དེས་ནི་གནས་སྐབས་སུ་སྒོ་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུག་ཅིང་ནད་རྐྱེནམི་འབྱུང་བ་དང་རང་བཞིན་གྱི་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་གྱི་འཛིནཔ་རང་དག་ཏུ་གྲོལ་བར་འགྱུར་རོ། །གཉིས་པ་ལ་སོར་གཞུག་པར་བསྟན་པ་དང་། གཞུག་པའི་ཚུལ་ལོ། །དང་པོ་ནི། ཀློངགསལ་ལས། ཀ་དག་དོན་ནི་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ནི་འཇུག །ཅེསགསུངས་པས། སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིདསྤྱོད་ལམ་ཞི་བ་དང་བར་མ་དང་རྩུབ་མོའི་རྐྱེན་གྱིས་རིམ་བཞིན་ཁྲིད་ནས་གོམས་པ་ལ་བསླབཔར་བྱ་བ་ཡིན་ཏེ། རལ་གྲིའི་འཁྲུལ་འཁོར་ཤེས་པར་འདོད་པས་དང་པོར་ཤིང་གི་རལ་གྲི་

p. 56

ལ་བསླབ་པ་བཞིན་ནོ། །གཉིས་པ་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །ཅེས་གསུངས་པས། དང་པོ་ཉན་ཐོས་ཀྱི་ལྟ་སྟངསལུས་གནད་ཆོས་བདུན་ལྡན་གྱིས་མི་གཡོ། ངག་མི་སྨྲ་བས་རླུང་གི་འགྲོ་འོང་རང་ཤུགས་སུདལ་བར་བཞག མིག་སྣ་རྩེའི་ནམ་མཁའ་ལ་ཧྲིག་གེ་གཏད་ནས། ཚོགས་དྲུག་གི་ཤེས་པཇི་ལྟར་ཤར་བ་ལས་མི་སྤྲོ་མི་སྡུད་པར་རང་སོར་བཞག་པས་རྐྱེན་སྣང་རང་གི་ངོ་བོས་གསལཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་བསླབ་པར་བྱ་སྟེ། ཀློང་གསལ་ལས། ཉན་ཐོས་ཞིབའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་ནི། གཞན་སྔར་ལྟར་ལས་མིག་བར་སྣང་ལ་ཧྲིག་གིསབསྒྱུར་ནས་ཧད་པོར་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་དེ་ཡང་གསལལ་མ་འགགས་པར་ཤར། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེརམེད་ཆུ་ཟླ་ལྟར་རྟོགས་པར་བྱ་སྟེ། བོ་དྷི་སཏྭའི་ལྟ་སྟངས་ཀྱིས། རྣལ་ཕེབས་བདེ་བ་ཉིདའཐོབ་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁྲོ་བོའ་ལྟ་སྟངས་ནི། བསམ་གཏནགྱི་ངང་མ་ཤོར་བ་ཉིད་ལས་ལངས་ཏེ་གོམ་པ་གྱ་ཚོམས་སུ་དོར། མིག་གཡོ་ཞིང་བལྟ། ངགཏུ་ཧ་ཧ་ཧི་ཧི་ཞེས་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུང་སྟེ་རྩལ་སྦྱངས་པས་རང་བྱུང་རང་ཤརསྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ་པརབྱ་སྟེ། དེས་ནི་སྣང་རྐྱེན་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཀྱི་ཡེ་ཤེས་ཀྱང་འཕེལ་བར་འགྱུརཏེ་བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། །དེ་ལྟར་ཡང་། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་གསུངས་པས། ཉན་ཐོས་ཀྱིས་སྒོ་གསུམརང་བཞིན་དུ་གནས་པར་བྱེད། བྱང་སེམས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོས་བརྟནཔ་མཐར་ཕྱིན་ནས་གྲོལ་བར་བྱེད་ཅིང་། དེ་དག་ལས་གནས་སྐབས་སུ་བདེ་གསལ་མི་རྟོགཔའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་བས་སྡུག་བསྔལ་དང་ཉོན་མོངས་རགསཔ་གནོན། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པས་ཉོན་མོངས་རགས་པ་རྣམས་

p. 57

འཇོམས་ཤིང་ཡང་དག་པའི་ལམ་ལ་སྲོལ་དུ་འཇུག་པ་ཡིན་ནོ། །འདས་རྗེས་དོན་ཁྲིད་ལསསྔོན་འགྲོ་གཞན་རྣམས་སྔར་ལྟར་བྱས་ནས། རྣལ་དབབ་སོར་གཞུག་དངོས་གཞིའི་ཁོངསསུ་བསྡུས་ཏེ་གསུངས་པ་ནི་སེམས་བཞག་ཐབས་ཀྱི་རྩ་བ་ལྟ་བུ་ཡིན་པས་སྐབས་སུ་བབསཔར་འགྱུར་མོད། འདིར་ནི་ཁྲིད་གཞུང་གཞན་རྣམས་དང་མཚུངས་པར་བྱས་སོ། །དེ་ལྟརསྒོམ་པའི་ཚེ་ཡིད་སྤྲོ་ཞིང་འཇུག་ན་གེགས་ཆུང་ལ་བོགས་ཆེ་བས་བསྒོམ། སུན་ཅིང་མི་སྤྲོན་བསྒོམས་ཀྱང་གེགས་སུ་འགྱུར་ཏེ། རྟ་གདོང་འགྲོགས་ཅན་བཞིན་ཕྱིས་སྒོམ་གྱིས་སྣ་སུནནས་ངན་ལང་དུ་འགྲོ་བས་ཅུང་ཟད་ངལ་བསོས་ནས་རིམ་གྱིས་གོམས་པ་ལ་འཇུག་པརབྱའོ། །དོན་གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ། ཀ་དག་གི་གནས་ལུགས་སྤྲོསབྲལ་དུ་སྟོན་པ་ཁྲེགས་ཆོད་ཀྱི་ལམ་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོདརྒལ་གྱི་ལམ་གཉིས། དང་པོ་ལ་གཉིས། གནས་ལུགས་གཏན་ལ་འབེབས་པ་དང་། རིགཔའི་རང་ངོ་སྤྲད་པའོ། །དང་པོ་ལ་གསུམ་སྟེ། འདས་རྗེས་དོན་ཁྲིད་ལས། དང་པོར་རྟོགཔ་རྩད་བཅད། དེ་ནས་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟག ། ཅེས་གསུངས་པས། དང་པོར་རྩད་བཅད་པ་ནི། བྱ་བྱེད་ཐམས་ཅད་ཀྱི་གཞི་ལུས་ངག་ཡིདགསུམ་པོ་ལས་འཁོ ར་བར་འཁྱམས་མཁན་དང་སངས་རྒྱས་སུ་འགྱུར་བ་པོ་དེ་གང་། བདེསྡུག་གི་རྟེན་དང་དགག་སྒྲུབ་བྱེད་པ་པོ་དེ་སུ། སྐྱེ་བ་སྔ་ཕྱི་རྒྱུད་འཕེན་དང་འཁོར་མཁན་དེལུས་ངག་ཡིད་གསུམ་སོ་སོ་བས་སམ། ཚོགས་པ་གཅིག་པས་བྱེད་བརྟགས་ཤིང་དཔྱད་པས། དེ་ཐམས་ཅད་ཀྱི་རྩ་བ་སེམས་སུ་ཐག་ཆོད་པ་ནི་རྐུན་པོ་ངོས་ཟིན་པ་ལྟ་བུ་སྟེ། ཀློང་གསལལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །ཞེས་དང་། གསང་བའི་སྙིང་པོ་ལས། གཞིརྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་དང་། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེསསོགས་གསུངས་པའང་དོན་འདི་ལ་དགོངས་པའོ། །གཉིས་པ་མཚང་བཙལ་བ་ནི། དེ་ལྟར་

p. 58

འཁོར་འདས་ཐམས་ཅད་ཀྱི་རྩ་བ་སེམས་འདིས་ཡུལ་ཐམས་ཅད་ལ་བདག་ཏུ་འཛིན་ཅིང་། ང་ཞེས་ཞེན་པར་བྱེད་ན། དེ་དང་འབྲེལ་བ་ཅན་གྱི་ལུས་དང་ངག་གཉིས་པོའང་གཅིག་གམཐ་དད། གཅིག་ན་ལུས་ངག་མཐོང་ཐོས་སུ་གྲུབ་པ་བཞིིན་སེམས་ཀྱང་མཐོང་ཐོས་སུ་ཅིརམི་འགྱུར། སེམས་མཐོང་ཐོས་སུ་མ་དམིགས་པ་བཞིན་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང མོད། དེ་དག་སོ་སོར་ཐ་དད་ན། ལུས་རྡུལ་ཕྲན་ཆ་མེད། ངག་རྗེས་མེད་རང་ཡལ། སེམསབྱ་ལམ་རྗེས་མེད་དུ་སོང་རྗེས། གཅིག་དང་ཐ་དད་གང་དུ་ཡང་གྲུབ་པ་མེད་པའི་མཚང་རིགཔ་སྟེ། དེ་ཡང་ཡུལ་དང་ཡུལ་ཅན་སྐྱེ་འགག་དང་རྟག་ཆད་ལ་སོགས་པ་གང་གི་ཡང་ཕྱོགསསུ་མ་ལྷུང་བ། ཅི་ཡང་མ་ཡིན་པའི་རིག་པ་གསལ་དྭངས་ཧྲིག་གེ་བ། ཇི་ལྟ་བ་བཞིན་བརྗོདཔའི་ཡུལ་ལས་འདས་པ་ཉིད་འཁྲུལ་མ་འཁྲུལ་གྱི་མཚན་མ་ལས་གདོད་ནས་གྲོལ་བའི་ཕྱིར། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེབཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་གསུངས་པ་ལྟར་རོ། །གསུམ་པ་གནས་ལུགས་ལ་བརྟག་པ་ནི། དེ་ལྟར་གཞིའི་མཚང་མ་རྙེད་ཀྱང་བདག་མེདཔ་ལ་བདག་ཏུ་འཛིན་པའི་སེམས་ཀྱི་ངོ་བོ་འདི་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། མཐར་གང་དུ་འགྲོ། དེ་ཡང་ཇི་ལྟར་བྱུང་། ཇི་ལྟར་གནས། ཇི་ལྟར་འགག་སོགས་ལ་བརྟགསཤིང་དཔྱད་པས། དེ་དག་གང་དུ་ཡང་མ་གྲུབ་པས་ལྟ་བྱེད་ཀྱི་གཉེན་པོས་སླེབ་ཚེ་བལྟ་བྱའིཡུལ་ཉིད་རང་བཞིན་སྟོང་པ་རྩ་བྲལ་དུ་དག་པས་སྡོང་པོ་རྩ་བ་བཅད་ན་ལོ་འདབ་ངང་གིསབསྐམ་པ་བཞིན། ལྟ་བྱེད་ཀྱི་རིག་པ་ཉིད་ཀྱང་འདི་ཞེས་མི་མཚོན་པ་སོ་སོ་རང་རིག་གི་ངོབོ་གདོད་ནས་དག་ཅིང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར། དེའི་ཚེ་གནས་ན་གནསཔའི་ངོ་བོ་ལ་བལྟ་ཞིང་། འཕྲོ་ན་འཕྲོ་བའི་ངོ་བོ་ལ་བལྟས་པས་རིག་བྱ་རིག་བྱེད་དང་བྲལབའི་རང་རྩལ་འགག་མེད་ཀྱི་རིག་པ་རང་བབས་སུ་བསྐྱངས་པས་ཡེ་སྟོང་ཀ་དག་གི་གནསལུགས་མངོན་དུ་གྱུར་པ་སྟེ། བཏགས་གྲོལ་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་དང་། གཞན་ཡང་། ཀུན་གཞི་རྣམ་པར་དག་ཤེས་ན། །གཞི་དོན་མངོན་གྱུར་རང་སར་

p. 59

གྲོལ། །ཞེས་གསུངས་པ་བཞིན་ནོ། །འོ་ན་བྱུང་གནས་འགྲོ་གསུམ་ལ་བརྟག་པ་སྔར་ཡངབྱུང་བས་སོ་སྙམ་ན། སྔ་མ་ནི། ཡུལ་ལ་བརྟགས་ནས་མ་གྲུབ་པར་གཏན་ལ་འབེབས་བྱེདཡིན་ལ། འདིར་ནི་ཡུལ་ཅན་ལ་བརྟགས་ནས་ངོ་བོའ་ཐོག་ཏུ་འབེབས་པ་ཡིན་ནོ་ཞེས་ཆོས་རྗེཀུན་མཁྱེན་ཆེན་པོས་གསུངས་པ་ལྟར་སྔ་མ་ནི་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབསཔ་དང་། ཕྱི་མ་ནི་ཕབ་པའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་སྟོན་པ་ཡིན་ནོ། །གཉིས་པ་རིག་པའི་རང་ངོ་སྤྲད་པ་ལ། བྱིན་རླབས་འཕོ་བའི་ཐབས་ཀྱིས་ངོ་སྤྲོད་པ། གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲོད་པ་དང་གསུམམོ། །དང་པོ་ནི། ཚོགས་གཏོར་རྒྱ་ཆེར་བཤམས་པས་མཆོད་ཅིང་གསོལ་བ་བཏབ། སློབམ་རྣམས་ཀྱིས་མཎྜལ་ཕུལ་ལུས་གནད་བཅས་ཏེ། ངོ་སྤྲོད་འདེབས་པ་པོ་བསྒོམ་གཞིར་བྱསནས། སྔར་བླ་མའི་རྣལ་འབྱོར་དུ་བཤད་པའི་དམིགས་རིམ་ཕོག་ལ། དེ་ཡང་། སྐྱོན་ཀུནཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་སྩོལ། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོརངེས་ཤེས་བསྐྱེད་ནས་ཅི་མཛད་ཁྱེད་ཤེས་ཀྱིས་བློ་གཏད་ལིང་བསྐྱུར་ཏེ། རྩ་བརྒྱུད་ཀྱི་བླ་མདམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་རློབསཤིག །ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམདུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་མཆི་མ་འཁྲུག་པ་ཙམ་དུ་བསྐྱེད་ཅིག་བྱས་ལ་བླམས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུདལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྒྱུད་པའི་བཤར་འདེབས་ཀྱིས་བྱིན་ཕབཔའི་རྗེས་ལ། བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམཔས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་ཤེས་པགློད་ནས་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར། དེའི་ངང་ལ་ལྷོད་ཀྱིས་གློད་པས་རིག་གདངས་མོས་གུས་སུལམ་མེ། གཤིས་འཛིན་མེད་དུ་ཁྲོལ་ལེར་ཤར་བས་མོས་གུས་རང་རིག་ཏུ་གྲོལ། རང་རིག་

p. 60

སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེའི་ངང་ལ་བསལ་བཞག་མེད་པར་རངབབས་སུ་བསྐྱང་དུ་གཞུག་གོ །འདི་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་བླ་མ་རྣམས་ཀྱིཕྱག་བཞེས་ཉམས་མྱོང་བོགས་ཆོད་དུ་སྐྱེ་བ་ལ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །གཉིས་པ་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ་ནི། དོན་ཁྲིད་ལས། དེ་ནས་རྣམརྟོག་སེམས་སུ་ངོ་སྤྲད། སེམས་སྟོང་པར། སྟོང་པ་སྣང་བར། སྣང་སྟོང་གཉིས་མེད་དུ། གཉིསམེད་རང་གྲོལ་དུ། དུག་ལྔ་རང་གྲོལ་དུ། ཚོགས་དྲུག་རང་གྲོལ་དུ་ངོ་སྤྲོད་དོ། །ཞེས་རྣམགྲངས་བདུན་དུ་གསུངས་པ་ལས། དང་པོ་ནི། སྒོ་གསུམ་རང་བབས་སུ་བཞག་པ་ལས། སྣང་གྲག་གི་ཆོས་གང་ཡང་རུང་བ་ཞིག་ཡིད་ལ་ཝལ་གྱིས་འཆར་དུ་བཅུག་ནས། འདི་ལྟརསྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅ ད་རྨི་ལམ་གྱི་སྣང་བ་ལྟར་རང་གི་རྣམ་པར་རྟོག་པའིའཁྲུལ་ངོ་ཙམ་ལས་ཕྱི་རོལ་ན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། གཞི་གཅིག་ལའང་རིགས་དྲུག་སོགས་ལས་མི་མཐུན་པའི་འགྲོ་བ་སོ་སོ་ལ་སྣང་བ་རིས་མེད་ཐ་དད་དུ་སྣང་བདང་། སྐྱེས་བུ་གཅིག་ཉིད་ཀྱང་རྣམ་རྟོག་ཐ་དད་པས་དགྲ་གཉེན་དུ་མར་ངེས་པའི་ཕྱིར་སེམས་ལས་རྣམ་རྟོག་ཇི་ལྟར་ཤར་ཡང་སེམས་ཉིད་ལ་མི་གཡོ་ཞིང་ཡུལ་དང་ཡུལ་ཅན་གཉིས་སུམེད་པའི་ཕྱིར་རྣམ་རྟོག་སེམས་སུ་ཐག་ཆོད་པ་སྟེ། དེ་ཡང་སེམས་ཀྱི་ངོ་བོ་ནི་སངས་རྒྱསཀྱིས་ཀྱང་མ་གཟིགས་མི་གཟིགས། གཟིགས་པར་མི་འགྱུར་ན་མཚན་ཉིད་མཚོན་པར་བྱེདཔ་རྣམ་རྟོག་ལམ་མེར་འཆར་བ་འདི་ལས་ཅི་ཞིག ཀློང་གསལ་ལས། སེམས་ཀྱི་དྲན་བསམརིག་པའི་རྩལ། །སྣང་ཤེས་དག་ཏུ་གྱུར་པ་ཀུན། །རིག་པ་དག་ལས་ལོགས་པ་མེད། །ཅེསདང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅནམེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། སེམས་དེ་ཡང་། ཡོད་མེད་སྐྱེ་འགག་རྟགཆད་ལ་སོགས་པ་གང་དུ་ཡང་མ་གྲུབ་ཅིང་། སྤྲོས་པ་ཐམས་ཅད་དང་བྲལ་བས་འདི་ཞེས་མཚོན་དུ་མེད་པའི་ཕྱིར་སྟོང་པ་ཉིད་དུ་ཐག་ཆོད་པ་སྟེ། རྒྱུད་ལས། འགྱུ་བྱེད་ཉིད་ལ་ཚུརབལྟས་པས། །མ་སྤངས་རང་གྲོལ་བསིར་བུ་འདྲ། །ཞེས་དང་། བདེ་བ་རབ་འབྱམས་ལས།

p. 61

རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིནསྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །གསུམ་པནི། ངོ་བོ་སྟོང་པ་ཉིད་ལས་འགྱུར་བ་མེད་ཀྱང་། རང་རྩལ་མ་འགགས་པའི་འཆར་སྒོ་ཅིརཡང་སྣང་བའི་ཕྱིར། རྒྱུད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །སྟོང་གསལ་རིགཅིང་འགྱུར་བ་མེད། །ཅེས་དང་། སྟོང་པའི་རང་བཞིན་ཅིར་ཡང་སྣང་། །སྣང་བའི་མཚནཉིད་སྐྱེ་བ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་ནི། དེ་ལྟར་སྣང་བ་ཡང་རྒྱུ་རྐྱེན་གཞནམེད་དེ། སྟོང་ཉིད་ཀྱི་རང་རྩལ་ཆུ་ནང་ཟླ་གཟུགས་བཞིན་སྣང་སྟོང་གཉིས་མེད་སོ་སོ་རངརིག་གི་ངོ་བོར་གནས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པལྟར་རོ། །ལྔ་པ་ནི། དེ་ལྟར་སྣང་སྟོང་གཉིས་མེད་རང་བྱུང་གི་རིག་པ་རང་གསལ་ཧྲིག་གེབ་སྤྲོས་བྲལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་ན་སྐུ་གསུམ་གྱི་དབྱིངས་སུ་རང་གྲོལབ་སྟེ། ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བམེད། །ཅེས་གསུངས་པ་ལྟར་རོ། །དྲུག་པ་ནི། ཞེ་སྡང་ལ་སོགས་པ་དུག་ལྔའི་རྣམ་པར་རྟོགཔ་གང་ཤར་ཡང་དེ་ཉིད་ཀྱི་ངོ་བོ་ལ་ཆེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས་ཞེ་སྡང་མསྤངས་གསལ་སྟོང་ཡེ་ཤེས་སུ་རང་གྲོལ། དེ་བཞིན་དུ་འདོད་ཆགས་བདེ་སྟོང་དང་། གཏིམུག་མི་རྟོག་པ། ང་རྒྱལ་དང་ཕྲག་དོག་རང་གསལ་གཉུག་མའི་ངོ་བོ་རྣམས་སུ་འཆར་ཞིངཡེ་ཤེས་ལྔའི་ངང་དུ་གྲོལ། དེས་མཚོན་ནས། རྩ་ཉོན་དང་། ཉེ་ཉོན་ཉི་ཤུ་སོགས་མི་དགེབའི་རྟོག་པ་གང་སྐྱེས་ཀྱང་ཐམས་ཅད་རང་ཤར་རང་གྲོལ་དུ་ཤེས་པར་བྱ་སྟེ། ཀློང་གསལལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེསཡེ་ཤེས་ཙམ་དུ་བརྗོད། །ཅེས་གསུངས་པ་ལྟར་རོ། །བདུན་པ་ནི། དེ་བཞིན་དུ་གཟུགས་ལསོགས་པ་ཚོགས་དྲུག་གིས་བསྡུས་པའི་ཡུལ་དང་ཡུལ་ཅན་གྱི་སྣང་བ་དང་རྟོག་པ་ཕྲ་རགསགང་ཤར་ལ་བལྟས་པས་རང་བཞིན་མེད་པ་ཡེ་སྟོང་རྩ་བྲལ་ཆེན་པོ་རང་གྲོལ་བ་སྟེ། ཉི་ཟླ་

p. 62

ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགསཔ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །མདོར་ན་གང་ཤར་གྱིརིག་པ་བཅིངས་གྲོལ་ལས་འདས་པའི་རང་བཞིན་སྤྲོས་བྲལ་ཀ་དག་གི་དབྱིངས་སུ་རང་གྲོལབས། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་གནས་ལུགས་མཐར་ཕྱིན་པ་སྟེ། ཐལ་འགྱུརལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནསགྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བསམཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ཅེས་གསུངས་པ་བཞིན་ནོ། །དེ་ཡང་སྐྱེ་མེད་དུ་རྩད་བཅད་ནས་ངོ་རང་ཐོག་ཏུ་སྤྲོད་པ་དང་། འགག་མེད་དུ་གཏན་ལ་ཕབནས་ཐག་གཅིག་ཐོག་ཏུ་བཅད་པ། གཉིས་མེད་དུ་ཐག་བཅད་ནས་རྩལ་གྲོལ་ཐོག་ཏུ་སྦྱངབ་ཞེས་གསུངས་པ་རྣམས་ཀྱང་བཤད་མ་ཐག་པའི་དོན་ལས་གཞན་མེད་དོ། །གསུམ་པ་ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པ་ལ། རང་གནས་བསམ་གཏན་གྱི་ངངལ་ངོ་སྤྲད་པ་དང་། རང་གདངས་ཡེ་ཤེས་ཀྱི་རོལ་པ་ལ་ངོ་སྤྲད་པའོ། །དང་པོ་ནི། རིན་ཆེནསྒྲོན་མ་ལས། ཅོག་གཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་འགྱུར། །ཞེས་གསུངས་པས། རི་བོ་ཅོག་གཞག་ལུས་རྣམ་སྣང་གི་ཆོས་བདུན་མི་གཡོ་བར་འཆིང་། རྒྱ་མཚོ་ཅོག་གཞག་མིག་མདའ་གང་ཙམ་གྱི་ཐད་ཀར་མིག་འབྲས་མི་འགུལ་བར་ཧྲིག་གེབལྟ། རིག་པ་ཅོག་གཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླདཔ་ད་ལྟའི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་བབས་ཆོས་ཉིད་ཀྱི་ངང་ལ་བསལ་བཞགམེད་པར་འཇོག་ཏུ་བཅུག་ལ། ཀྱཻ། སྐལ་ལྡན་རྣམས་ད་ལྟའི་རིག་པ་རང་གསལ་རྗེན་པའདི་ལ་མ་ཡེངས་པར་ལྟོས་ཤིག དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུརབ་མེད། །ས ལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུརབརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལབ་ནམ་མ ཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་

p. 63

ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག ། ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་པས་སེམས་གསལ་དྭངས་ཀྱི་ངང་ལགནས་པ་དེ་ཉིད། ཕཊ་ཅེས་ཡེངས་ལ་བོར་བའི་རྐྱེན་གྱིས་སྔར་གྱི་མི་རྟོག་པའི་ངང་དེ་ཞིགཀྱང་བྱུང་ཚོར་གྱི་རྟོག་པ་དང་དེར་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡནགཞི་ཆལ་པ་ཞིག་འཆར་ཏེ། འདི་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་ངོ་ཤེསཔར་གྱིས་ཤིག འདི་ངོས་ཟིན་ཕན་ཆད་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོགགི་དུས་སུ་ཡང་རང་རིག་རང་བབས་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱིབསམ་གཏན་རྗེན་སངས་ཀྱིས་འཆར་ཏེ་འདི་ཁོ་ན་རྩོལ་མེད་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟབུ་ཡིན་ནོ། །དེ་ལ་ཅུང་ཟད་བརྟན་པ་ཐ ོབ་ནས་སྤྱོད་ལམ་འཇམ་རྩུབ་བར་མ་རང་ཉམསདང་སྦྱར་བའི་རྐྱེན་གྱིས་བསམ་གཏན་དང་བསྲེས་པས་བྱ་བརྗོད་དྲན་རྟོག་ཐམས་ཅད་ཆོསཉིད་ཀྱི་རོལ་པར་ཤར་ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱིཆོས་མེད། བསྒོམ་བྱ་སྒོམ་བྱེད་ཀྱི་རྩིས་མེད་པར་ཐམས་ཅད་རིག་པའི་རང་གདངས་ཆོསཟད་ཀ་དག་གི་དགོངས་པར་ལ་བཟླས་པའོ། །དེ་ལྟར་ཡང་ཐལ་འགྱུར་ལས། ངོ་བོ་ཀ་དགཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །ཡེཤེས་ཙམ་དུའང་གྲུབ་པ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་རང་གདངས་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲད་པ་ལ་གསུམ་ལས། དང་པོ་གནསཔ་སེམས་ཀྱི་རྒྱན་དུ་ངོ་སྤྲོད་པ་ནི། སྒོ་གསུམ་རང་བབས་སུ་ལྷུག་པར་བཞག་ལ། དགགསྒྲུབ་ཀྱི་རྟོག་པ་སྣ་ཚོགས་སྤྲོས་ནས་ཆམ་གྱིས་བཞག་པས་རྣམ་རྟོག་གི་སྤྲོས་པ་ཐམས་ཅདཉེ་བར་ཞི་བ་གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མའི་གནས་ལུགས་ལ་རང་སོརགནས་པ་རྒྱ་མཚོ་ལ་རླབས་ཞི་བ་དྭངས་ལ་མི་གཡོ་བར་གནས་པ་བཞིན་ཏེ། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་གསུངས་

p. 64

ཤིང་། དེའི་ཚེ་སེམས་སྤྲོས་པ་དང་བྲལ་བ་ཆོས་སྐུ། གསལ་ལ་འཛིན་པ་མེད་པ་ལོངས་སྐུ། སྣ་ཚོགས་འཆར་གཞི་མ་འགགས་པ་སྤྲུལ་པའི་སྐུ་སྟེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེརམེད་པའི་ཕྱིར། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུསགསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣངཞིང་། །ཞེས་དང་། ཐལ་འགྱུར་ལས། ཡེ་ཤེས་རང་སོར་གནས་པ་ལ། །གསུམ་གྱི་ཚུལདུ་དབྱེར་མེད་པའོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པརངོ་སྤྲད་པ་ནི། སེམས་གསལ་ལ་མི་རྟོག་པའི་ངང་ལས་མ་འགགས་པའི་རྩལ་གང་ཤར་གྱིསྣང་བའི་སྟེང་དུ་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བསྐྱངས་པས་རྒྱ་མཚོར་རླབསཇི་ལྟར་ཤར་ཡང་རྒྱ་མཚོའ་ངང་ལས་མ་གཡོས་པ་ལྟར་གང་ཤར་གྱི་རྟོག་པ་ཐམས་ཅད་ཆོསཉིད་ཀྱི་རོལ་པ་ལས་མི་གཡོ་བ་སྟེ། ཕྲ་བཀོད་ལས། འགག་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་ཕྱིར་མ་གྲོལ་བཡང་ཅི། །ཞེས་པ་དང་། ཤར་དུས་ཉིད་ནས་གཉེན་པོ་ལ་མ་ལྟོས་པར་རང་གྲོལ་བ་སྦྲུལམདུད་བཞིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུརང་གྲོལ་ལོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་འཕྲོ་གནས་གཉིས་མེད་དུ་ངོ་སྤྲདཔ་ནི། སེམས་ཉིད་མི་རྟོག་པའི་ངང་ལས་མ་འགགས་པའི་རྣམ་རྟོག་སྣ་ཚོགས་སུ་ཤར་ཡངདགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས་ཆོས་ཉིད་ཀྱི་ངང་དུ་མི་གཡོ་བརགནས་ཤིང་གནས་པའི་རང་རྩལ་འགག་མེད་དུ་འཕྲོ་བའི་ཕྱིར་འཕྲོ་བ་དང་གནས་པའི་རངབཞིན་གཉིས་སུ་མེད་པ་རྒྱ་མཚོ་ལས་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའ་ངང་དུ་ཞི་ཞིང་དབྱེརམི་ཕྱེད་པ་ལྟར། རྣམ་རྟོག་ཇི་ལྟར་ཤར་ཡང་ཐོལ་སྐྱེས་ཐོལ་ནུབ་ཆོས་ཉིད་ཀྱི་ངང་ལས་མིའདའ་བའི་ཕྱིར་དེ་ལྟར་ཤེས་པར་བྱ་སྟེ། རྨད་བྱུང་ལས། ཇི་ལྟར་རྒྱ་མཚོའ་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་དང་། དོ་ཧལས་ཀྱང་། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་ཉིད་མགོན་པོའི་བདག་ཉིད་དེ། །ཆུ་

p. 65

དང་རླབས་དག་གཞན་ཡིན་ནམ། །ཞེས་གསུངས་པ་བཞིན་ཏེ། དེ་ལྟར་ཡང་སེམས་གནསན་གདོད་མའི་ངང་དུ་གནས། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར། མཉམ་ན་གཉིས་མེདཀྱི་ངང་དུ་ཡན་པས་ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བའི་ཕྱིར་གནསཔ་མི་བསང་། འཕྲོ་བ་མི་དགག མཉམ་པ་མི་བསྒྲུབ་སྟེ། ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིནཔས་དགག་སྒྲུབ་བླང་དོར་ལས་འདས་པའི་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དགོངསཔ་ལ་ངོ་སྤྲད་པའོ། །ཞེས་ངོ་འཕྲོད་པར་གདབ་ཅིང་། དེ་ཡང་། སྔར་སྐབས་དེ་དང་དེརབསྒོམ་བྱའི་དོན་ལ་རིག་ཐོག་ཏུ་ཉམས་མྱོང་སྐྱེས་པ་དེ་ཉིད་ངོ་སྤྲོད་བཏབ་པས་གནས་ལུགསཀྱི་ཐོག་ཏུ་སྒྲོ་འདོགས་ཆོད་ན་དེའི་རྒྱུན་མ་ཉམས་པར་བསྐྱངས་པས་རིམ་གྱིས་བརྟན་པ་ཐོབཔར་འགྱུར་ཞིང་། ཡང་དུས་དེར་སྒོམ་དོན་ལ་མྱོང་བ་མ་སྐྱེས་པར་གོ་ཡུལ་དུ་སོང་ན་སྐབསའདིར་ངོ་སྤྲོད་བཏབ་ཀྱང་བྱ་ཤོར་དུ་འགྲོ་བས། སྔར་བཤད་པའི་དམིགས་རིམ་རྣམས་སླརཡང་འབད་པས་སྒོམ་ཞིང་། ཕྱིས་ཉམས་མྱོང་སྐྱེ་ཚུལ་གྱི་ཐོག་ཏུ་ངོ་སྤྲོད་སྦྱར་ནས་བསྟན་ཅིངཉམས་སུ་བླངས་པས་རིམ་གྱིས་དོན་ལ་མྱོང་བའི་སྣེ་ཟིན་པར་འགྱུར་རོ། །གཞན་ཡང་སྐབསའདིར་ཤེས་པར་བྱ་བ་ནི། དེ་ལྟར་ལམ་ཉམས་སུ་ལེན་པའི་ཚེ་སྤྱིར་བསམ་གཏན་གྱི་གེགས་ནི། ཇི་སྐད་དུ། ལེ་ལོ་དང་ནི་གདམས་ངག་རྣམས། །རྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔ་ཡིན་ནོ། །ཞེས་དང་། དེའི་གཉེན་པོ་ནི། དེ་སྤོང་འདུ་བྱེད་རྣམ་པ་བརྒྱད། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིདདུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོག་པ་དང་། །དེ་སྤོང་མངོནཔར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་རྗེ་བཙུན་བྱམས་པས་གསུངས་པ་ཉིདའདིར་ཡང་ཤེས་པར་བྱ་བ་ཡིན་ནོ། །དེ་ཡང་། གང་ལ་མཉམ་པར་བཞག་པའི་ཚེ་སྔར་ལསརྣམ་རྟོག་མང་དུ་སོང་བ་ལྟ་བུ་དང་། ཡང་། རེས་འགའ་ཧ་ཆད་དེ་བ་ལ་གནས་ཤིང་། རེསམི་གནས་པ་དང་། གནས་ཀྱང་གཏིང་ན་ཡིད་བྱེད་ཕྲ་མོ་མི་ཁེགས་པ་ཞིག་འབྱུང་བས། དེགསུམ་ག་ཡང་གནས་པར་རྩོམ་པ་ཡིན་ཞིང་། འོན་ཀྱང་རྟོག་པ་འཕྲོ་བ་བཀག་པས་མི་ཁེགས་

p. 66

པས། དེ་ལ་ཤེས་པ་མཐའ་མེད་དུ་སྤྲོས་ནས་ཨར་ལ་གཏད་པས་མཐར་རྟོག་པ་མཐུ་རྡུགས་ནས་གནས་པའི་རང་སོ་ཟིན་པ་ཞིག་འོང་བས་དེའི་ངང་ལ་འཇོག་པ་སྟེ། ཇི་ལྟར་རྫིང་ལསའཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་པ་ལྟརརོ། །དེ་ཡང་གནས་འགྱུ་ལྟོས་བཞག་ཅན་མ་ཡིན་པ་ཕྱི་ཚོགས་དྲུག་དང་ནང་ཤེས་པ་གཉིསཀའི་ཕྱོགས་སུ་མ་ལྷུང་ཞིང་སྐྱེ་འགག་རྟག་ཆ ད་ལས་འདས་པའི་ཤེས་པ་རང་རིག་རང་གསལགྱི་ངོ་བོ་རྩལ་གདངས་འགག་མེད་ཀྱི་སྣང་བ་གུ་ཡངས་ཆད་དེ་བ། གསལ་ཧྲིག་སྨྲ་བརྗོད་ཀྱིཡུལ་ལས་འདས་པ་དེའི་རང་སོ་ཡེངས་མེད་དུ་བསྐྱངས་པ་ལས་གནས་ལུགས་ཀྱི་རྟོགས་པཇེ་འཕེལ་ཇེ་བརྟན་དུ་འགྱུར་རོ། །ཡང་བྱིང་བ་ཤས་ཆེ་ན་རླུང་རོ་བསལ། ལུས་གནད་སྒྲིམཞིང་ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས། རིག་པ་ཧུར་བཏོན་པས་ཨར་ལ་གཏད། འཕྲོ་ཞིང་རྒོད་ན་ལྟ་སྟངས་དམད། ལུས་གནད་ལྷོད་ཆ་འཚོལ། མིག་ཕབ། ཞེ་གཏིང་ནས གློད་ལ་རང་བབས་སུ་འཇོག་གོ །ཡང་། སྐབས་རེར་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའིཚེ། ཉི་མ་ལ་རྒྱབ་ཕྱོགས་པས་ནམ་མཁའི་མཐོངས་སུ་ལྟ་སྟངས་བཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའི་སྟོང་མདངས་ཀྱིས་གོ་ཕྱེ་ནས། དཔེ་ཅན་ནང་ཤེས་པའི་ནམ་མཁའརྣམ་པར་དག་པ་ལས། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུསཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་རོ། །དེ་ཡང་ལྟེངས་ན་ཞི་ལྷག་སོསོར་རྩལ་སྦྱང་། བྱིང་ན་གསེང་། རྒོད་ན་དབབ། སྤྱོད་ལམ་ཀུན་དང་བསྲེ་བ་རྩལ་སྦྱོངབོགས་འདོན་གྱི་གནད་ཡིན་ནོ་ཞེས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་ལས་སོ། །༈ དོན་གཉིས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ལ་གསུམ་སྟེ། སྔོན་འགྲོསྒོ་གསུམ་གྱི་བྱ་བ་བཏང་བ། དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟེན་པ། རྗེས་སྣངཉམས་ཀྱི་འཆར་ཚུལ་བསྟན་པའོ། །དང་པོ་སྒོ་གསུམ་བྱ་བ་གཏོང་བ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིསདགུ་ཕྲུགས་བཏང་། །ཞེས་གསུངས་པ་ལས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་

p. 67

འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་སྐོར་བ་སོགས་དམན་པའིདགེ་བ་རྣམས། གསང་བ་རྣམ་གཡེང་སྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུགཔའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁཏོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བརགནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅདསྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང་དེས་ནི་སྒོ་གསུམ་གནས་པ་དང་། བརྟནཔ་དང་། གྲོལ་བར་འགྱུར་བ་སྟེ། འདས་རྗེས་ལས། གནས་བརྟན་གྲོལ་བའི་གདེང་ཐོབནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟེན་པ་ལ་གསུམ་སྟེ། སྒོ་གསུམགྱི་གནད་གཟིར་བ། གནད་བཞིས་མངོན་གསུམ་རང་ཐོག་ཏུ་དབབ་པ། དབབ་པའི་དོནངོ་སྤྲད་པའོ། །དང་པོ་སྒོ་གསུམ་གྱི་གནད་གཟིར་བ་ནི། ཀློང་གསལ་ལས། མངོན་སུམགནད་ནི་ལུས་ངག་སེམས། །སོ་སོའ་གནད་རྣམས་ལེགས་པར་བསྟུན། །ཞེས་གསུངས་པས། དང་པོ་ལུས་ཀྱི་གསུམ་ནི། སྔ་མ་ལས། དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བརམི་བྱའོ། །ཞེས་གསུངས་ཤིང་། དེ་ཡང་མུ་ཏིག་ཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེནདང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་པས། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟབུ་ནི། ཙོག་པུར་རྐང་མཐིལ་སྤྲད་པུས་མོ་ཕྱིར་སྒྱེད་ལག་མཐིལ་སར་བཙུགས་ནས་རོ་སྟོདབསྲང་མཇིང་པ་ཡུད་ཙམ་གྱེན་དུ་གཏོད། མིག་སྨིན་ཕྲག་གི་སྟེང་གི་ནམ་མཁའ་ལ་ཧར་པོརམི་འགུལ་བར་བལྟ་བའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི། ཁ་བུབ་ཏུ་པུསབྲང་སྦྱར་གྲུ་མོ་ས་ལ་བཙུགས་ཏེ། ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པལ་སྦྱར། རྒལ་ཚིགས་དྲང་པོར་བསྲངས་ནས་ཐད་ཀའི་ནམ་མཁའ་ལ་ཟུར་གྱིས་ཧྲིག་པོརབལྟ་བའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། ཙོག་པུར་འདུག་པའི་རྐང་པའི་

p. 68

ལོང་བུ་གཤིབས། ལག་པ་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར། རྒལ་ཚིགས་དྲང་པོརབསྲངས་ཏེ་མིག་ཅུང་ཟད་ཕབ་ལ་ཟིམ་བུར་བར་སྣང་ལ་གཏད་དོ། །དེ་ལྟར་བྱས་པས་གནསསྐབས་སུ་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག གཉིས་པས་གཡོ་བྱེད་ཀྱི་རླུངཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུགྲོལ་ཏེ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཐལ་འགྱུར་ལས། ཆོས་སྐུའི་གཟིགས་སྟངསསེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆ ེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིདདོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངསནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་ནས། །ཆོས་ཀྱི་མིགགིས་མཐོང་བར་འགྱུར། །ཞེས་གསུངས་པས་རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་། ཐབསལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་ཡན་ལགཡོད་ཀྱང་མ་བཅུས་ན་མི་གསལ་བ་བཞིན་ནོ། །གཉིས་པ་ངག་གི་གསུམ་ནི། འདས་རྗེསལས། ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཅིང་ལ་ཡང་བཟླ། །ཞེས་གསུངསཔས། དང་པོ་ནི། འཁྲུལ་པའི་གཏམ་བཀག་ནས་སྨྲ་བཅད་ཡུན་ཐུང་བ་ལ་བསླབ། གཉིསཔ་ནི། ཁ་ཏོན་བཟླས་བརྗོད་ཅུང་ཟད་ཙམ་ལས་གཞན་མི་སྨྲ་བར་གནས། གསུམ་པ་ནི། ལག་གི་བརྡའ་ཙམ་ལས་ཅུང་ཟད་ཀྱང་མི་སྨྲ་བར་ལ་བཟླའོ། །དེ་ལྟར་བྱས་པས་གནས་སྐབསསུ་འཁྲུལ་པའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། མཐར་ཐུག་བརྗོད་མེད་ཀྱི་དོནལ་རེག་ཅིང་སངས་རྒྱས་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །གསུམཔ་སེམས་ཀྱི་གསུམ་ནི། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེསདང་། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་སྟོངཔར་འཆར། །ཞེས་གསུངས་པས་རྐྱེན་དང་བྲལ་བའི་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལདབང་པོ་མི་འགྱུར་བ་མདུང་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་

p. 69

བ་ལྟ་བུའི་ཤེས་པས་དྲག་ཏུ་བཅུན་པས་ནང་གི་དབྱིངས་རྣམ་དག་སྒྲོན་མ་རིག་པ་སྟོང་གསལདུ་ལྷག་གིས་འཆར་བར་འགྱུར་རོ། །དེ་ལྟར་ཡང་། ཀློང་གསལ་ལས། དེ་ལྟར་སེམས་ཀྱིགནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་གསུངས་ཤིང་དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང་། མཐར་ཐུག་ལྷག་མེད་དུ་འཚང་རྒྱབར་འགྱུར་རོ། །གཉིས་པ་གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། ཐལ་འགྱུར་ལས། གནདགསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནདཉིད་བསྟུན། །ཞེས་དང་། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། །ཡུལ་ལཡེ་ཤེས་མངོན་དུ་སྣང་། །ཞེས་པས་གནད་བཞིའམ་རླུང་རིག་གཉིས་དབྱེར་མེད་དུ་བྱས་པསགསུམ་དུ་ཡང་བཤད་མོད། ས་བཅད་ནི་བཤད་པའི་དབྱེ་བསྡུ་ཙམ་ལས་དོན་གྱི་གནད་གཅིགཔ་ལས། དང་པོ་འཆར་བྱེད་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིསབལྟ། །ཞེས་དང་། ཇི་ལྟར་ན། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པས། དེ་ཡང་རིག་པའི་ཡེ་ཤེས་སྙིང་དབུས་ན་བུམ་ནང་གི་མར་མེ་ལྟར་གནས་པའི་ཟེར་གདངསསྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ནང་ནས་མིག་གི་སྒོར་འོདརྩའི་ལམ་ནས་འཆར་བས་ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་གྱི་རྣམ་པར་བལྟབ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་དུ་ཟུར་འཁྲིད་སྨྱུག་མ་བསྲང་བ་ལྟ་བུ། སྤྲུལསྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པལྟ་བུར་བྱ་སྟེ། དེ་ལྟར་ཡང་། ཙཀྵུ་ཟིམ་བུས་སཱུ་བལྟ། །ཤར་གྱི་རྒྱ་དཀར་བཞིན་དུ་གསལ། །ཞེས་པས་ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་བལྟས་པས་ཕྱིའི་དབྱིངས་མཐོང་། གཡས་གཡོན་གྱི་ཟུར་རམ་ཟིམ་བུས་ཉི་མ་ལ་བལྟས་ན་ནང་གི་དབྱིངས་རིག་མཐོང་། དེསདབང་པོ་བར་སྣང་ལ་འཁྲིད་ཅིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་རོ། །དེ་ཡང་ལྟ་སྟངསགསུམ་པོ་གང་རུང་གིས་བལྟ་བ་ལ་བསླབས་པས། མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་

p. 70

ནུས་པར་འགྱུར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་སྤྲིན་དང་བསིར་བུའིརྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུབལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དངཕྱི་དྲོ་ནུབ་ཏུ་བལྟ་ཞིང་། དེ་ཡང་། ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་སྟོང་སངངེ་བ་དེར་བལྟའོ། །དེ་ལྟར་ཡང་། ཐལ་འགྱུར་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། །ཞེསདང་། འདས་རྗེས་ལས། ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ། །ཞེས་དང་། ཀློང་གསལལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་གསུངས་པས། ཡུལ་རྐྱེན་བྲལ་ནམམཁའ་སྟོང་པ། དབང་པོ་རྐྱེན་བྲལ་ཆུའི་སྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་བའིདབེན་པའོ། །གསུམ་པ་རླུང་གི་གནད་ནི། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལབསླབ། །ཅེས་གསུངས་པས། རླུང་དལ་བ་མ་བསྟེན་ན། རླུང་གིས་རིག་པ་སྤུར་ནས་མི་ཟིནཔས། རླུང་སྣ་ནས་མི་གཏོང་བར་མཆུ་སོ་གཉིས་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་དུརྒྱུ་བ་སྙོམས་པ་ལས་ཕྱིར་འཛིན་ཅུང་ཟད་ཙམ་བྱ་སྟེ། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིདཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས་པས། རླུངགི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོདཔའོ། །བཞི་པ་རིག་པའི་གནད་ནི། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །དངོས་སྣང་དལ་བ་ཉིད་ཀྱིས་བསྟེན། །ཞེས་དང་། འདས་རྗེས་ལས། ལུག་རྒྱུད་རིག་པ་བཙོནདུ་བཟུང་། །ཞེས་གསུངས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བསསྣང་བའི་གོ་ཕྱེ་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམམཁའི་འཇའ་ཚོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའིསྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་དམར་ཟླུམ་གསལདྭངས་ཅན་དུ་འཆར་ཏེ། སྒྲོན་མ་འབར་བ་ལས། མཐིང་ག་མི་འགྱུར་སྣང་བ་ལས། །ཁ་དོག་

p. 71

གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །ཞེས་གསུངས་པ་ལྟརདང་། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་ལྷག་གིས་འཆར་ཞིང་། དེ་ཡང་། ཐོག་མར་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། གསེར་སྐུད་དང་། མུ་ཏིགགི་ཕྲེང་བ་དང་། མེ་ཏོག་གི་ཆུན་པོ་ལྟ་བུ་སྟེ། ཐོག་མར་སྨིག་རྒྱུ་ལྟར་འལ་འོལ་མི་གསལབ་འགུལ་འཕྲིག་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བརབཅུག་པ་ལ་ཆེ་རེ་གཏད་ནས་ཡིན་མིན་གྱི་དཔྱད་པ་སོགས་རྣམ་རྟོག་གིས་མ་བསླད་པར་ལྟམཁན་གྱི་རིག་པ་དེས། རིག་པ་རང་གི་ངོ་བོ་བལྟ་ཤེས་ཙམ་ལས་མི་གཡོ་བར་བྱ་ཞིང་། ཅིསྟེ་འོད་གསལ་གྱི་སྣང་བ་མི་གསལ་བའམ། གཡས་གཡོན་སྟེང་འོག་སོགས་སུ་ཡལ་ཡོལབྱེད་ན་དེའི་རྗེས་སུ་མིག་དང་སེམས་བཅར་ཕོག་ཏུ་མི་འབྲང་བར་ལྟ་སྟངས་ཀྱིས་མིག་ཟུརནས་དལ་བུར་ཁྲིད་པས་སྔར་བཞིན་ཤར་བ་ལ་སེམས་གཡོ་མེད་དུ་ཆེ་རེ་གཏད། བློས་བྱསཀྱི་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་ལ་བལྟས་པས་ཕྱི་སྣང་བ་མ་འགགསཤིང་། ནང་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བསཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལཏེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་བཞིའི་སྣང་ཤེས་ཀྱི་ཉམས་རྣམས་རིམ་གྱིསསྐྱེ་བར་འགྱུར་རོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བསམ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐརཕྱིན་ནས་ལྷག་མེད་དུ་གྲུབ་པའོ། །གསུམ་པ་དེ་ཉིད་ངོ་སྤྲད་པ་ལ། ངོ་སྤྲོད་དངོས་དང་། སྤྲོ་བ་བསྐྱེད་པ། རྣལ་འབྱོརབཞིས་ཉམས་སུ་བླང་བ་དང་གསུམ་ལས། དང་པོ་ནི། ངོ་སྤྲོད་ཀྱི་ཁང་པ་ཕྱོགས་ཕྱེད་པརསྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ། ཚོགས་གཏོར་བཤམས་པས་མཆོད་ཅིང་གསོལབ་གདབ་པ་དང་བྱིན་འབེབས་རྣམས་སྔར་ལྟར་བྱས་ནས། སློབ་མ་སྒོ་གསུམ་གྱི་གནད་འཆིངདུ་བཅུག སྔར་བཞིན་འོད་གསལ་གྱི་སྣང་བ་རྣམས་མཚོན་པར་བྱས་ནས་རྡོ་རྗེ་སེམས་དཔའི་

p. 72

མེ་ལོང་བསྟན་ལ། ཀྱཻ། སྐལ་ལྡན་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་། སྔརཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁྲེགས་ཆོད་ཀྱིལམ་གྱིས་མཚོན་པར་བྱས་པ་དེ་ཡིན། འདིར་ནི་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་གྱི་ལམགྱིས་མཚོན་པར་བྱེད་པ་ཡིན་ལ། དེ་ཡང་། ངོ་སྤྲད་བྱ་ནི། ཆོས་གཞན་ནས་བདེ་གཤེགསསྙིང་པོ་དང་། རྒྱུའི་རྒྱུད་སོགས་སུ་བཤད་པ་དེ། འདིར་ནི་སངས་རྒྱས་ཐམས་ཅད་དང་དབྱེརམེད་པའི་རིག་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་པ་སྐུའིབདག་ཉིད་ཅན་དུ་ཡེ་ནས་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིད་སྒོ་གསུམ་གྱི་གནདཀྱིས་གཞི་བཟུང་། གནད་རྣམ་པ་བཞིས་མཚོན་པར་བྱས་པས། སྙིང་ནང་གི་དབྱིངས་རྣམཔར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་ཡོད་པ་དེ་ཉིད། མིག་ནི་ནམ་མཁའི་ཁམས་སུབལྟ། །ཞེས་ཡི་གེ་མེད་པ་ལས་གསུངས་པ་ལྟར། རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་གསལབའི་སྣང་བ། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་ནམ་མཁའ་རྣམདག་སྒྲོན་མའི་གདངས་བྱད་བཞིན་དུ་ཤར་བ་ནི་ནམ་མཁའི་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུསྣང་བ་འདིའོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོར་གསལཞིང་དྭངས་པར་སྣང་བ་འདིའོ། །དེའི་ནང་དུ་རིག་པའི་སྐུ་ཡོད་པའི་རྟགས་སུ་རྡོ་རྗེ་ལུ་གུརྒྱུད་དུ་སྣང་བ་འདིའོ། །དེ་ཡང་དབྱིངས་རིག་འདུ་འབྲལ་མེད་པ་ནི་ཉི་མ་དང་འོད་ཟེར་གྱིཚུལ་དུ་གནས་པའོ། །ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་རང་བྱུངགི་སྒྲོན་མའི་རྟགས་སུ་འོད་གསལ་གྱི་སྣང་བ་འདི་དག་ལྟོས་ལ་མཉམ་པར་ཞོག་ཅིག དེ་ནིཤེས་པ་རང་གསལ་སྣང་སྟོང་འཛིན་མེད་དུ་སྣང་བ་འདི་རང་ཡིན་ནོ། །དེ་ཡང་། ངོ་བོའརྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལབ། ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ཁོ་ན་གདོད་མའི་མགོན་པོཀུན་བཟང་འོད་མི་འགྱུར་བ་ཉིད་སྙིང་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའ་དགོངས་པལ་བཞུགས་པ་ཤེས་པར་གྱིས་ཤིག །དེ་ཡང་། ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །

p. 73

མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིསགྲོལ་བར་འགྱུར། །ཞེས་དང་། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་སྣང་བས། །གཅེར་མཐོངགྲོལ་བའི་བདག་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །འདིར་རིག་པའི་ཡེ་ཤེས་ལྔ་ཚནབདུན་གྱི་ངོ་སྤྲོད་བྱེད་པར་སྤྲོ་ན་གསེར་ཕྲེང་ལས་བྱུང་བ་བཞིན་ཤེས་པར་བྱའོ། །མདོར་ནདབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཀྱི་ངོ་བོ་ཀ་ནས་དག་པ་ཁྲེགས་ཆོད་ཀྱིདོན་ནོ། །རིག་པའི་རང་བཞིན་འོད་གསལ་གྱི་སྣང་བ་ནི་ཐབས་ལྷུན་གྲུབ་ཀྱི་ངོ་བོ་སྣང་སྟོངའདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་པ་དང་། དེ་ལྟར་སྣང་བ་དེ་ཡང་། ཀུན་རྫོབ་སྣང་ཚུལ་འཇིག་པའི་ཆོས་སུ་མེད་དེ། དོན་དམ་འདུསམ་བྱས་པ་ཆོས་ཉིད་འགྱུར་བ་མེད་པའི་གནས་ལུགས་ཉིད་ཡིན་ཏེ། ཐལ་འགྱུར་ལས། རིགཔའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནོ། །རྣམ་པར་རྟོག་པ་ཀུན་དགཔས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བརྟེན་པའི་སྐལ་ལྡན་ལ། །ཁམསགསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་བརྡར་ཤ་ཆོད་པའོ། །ཞེས་དང་། སྒྲོན་མསྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་བསྒོམས་པས་བྱུང་བ་མིན། །ཡེཉིད་ནས་ནི་གཞིར་གནས་པའོ། །ཞེས་གསུངས་པས། ཡེ་ནས་མ་བྱས་ཤིང་རང་བྱུང་རངཤར་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པསསྒོམ་པ་ལ་བརྩོན་པར་གྱིས་ཤིག །ཅེས་བརྗོད་དོ། །གཉིས་པ་སྤྲོ་བ་བསྐྱེད་པ་ནི། འོ། རིགསཀྱི་བུ། འདི་ལྟར་མཐོང་བ་འདི་རང་བྱུང་གི་རིག་པ་ཐིག་ལེ་ཉག་གཅིག་ཆོས་ཉིད་མངོན་སུམགྱི་སྣང་བ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ཌཱ་ཀིཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ། །སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར་

p. 74

པ་ཞེས་བྱའོ། །ལས་དང་བག་ཆགས་སྡིག་སྒྲིབ་མ་རིག་པ་ཐམས་ཅད་དག་པ་ཞེས་བྱའོ། །ཉོན་མོངས་པ་ཆོས་ཉིད་དུ་ཤར་བ་ཞེས་བྱའོ། །ལས་དང་སྐལ་བར་ལྡན་པ་ཞེས་བྱའོ། །བསོདནམས་ཀྱི་ཚོགས་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ལཐོབ་པ་ཞེས་བྱའོ། །རིག་པ་རྩལ་གྱི་དབང་ཐོབ་པ་ཞེས་བྱའོ། །དུས་དེ་རིིང་ནས་སངས་རྒྱསཀུན་ཏུ་བཟང་པོ་རིགས་ལྔའི་སངས་རྒྱས་དང་ཁྱོད་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ། །ཞེསབསྔགས་པ་བརྗོད་ལ་སྤྲོ་བ་བསྐྱེད་དོ། །གསུམ་པ་རྣལ་འབྱོར་བཞིས་ཉམས་སུ་བླང་བ་ལ། ལྟ་སྒོམ་སྤྱོད་འབྲས་བཞི་ལས། དངཔོ་ནི། འོད་གསལ་གྱི་ངོ་བོ་སྟོང་ཉིད། རང་བཞིན་གསལ་བ། ཐུགས་རྗེ་འགག་མེད་དུའཆར་བ་ནི་མཉམ་བཞག་གི་ལྟ་བ། སྣང་སྲིད་སྣ་ཚོགས་སུ་སྣང་བ་འདི་དག་སྣང་ལ་རངབཞིན་མེད་པ་ཆུ་ཟླ་ལྟར་རྟོགས་པ་ནི་རྗེས་ཐོབ་ཀྱི་ལྟ་བའོ། །གཉིས་པ་ནི། ལྟ་བ་དེ་ལསམ་གཡོས་པས་མཉམ་བཞག་ཏུ་གསལ་སྟོང་འཛིན་པ་མེད་པའི་རྣལ་འབྱོར་དང་། རྗེས་ཐོབརྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་ལེན་པ་ནི་སྒོམ་པའོ། །གསུམ་པ་ནི། བདེ་སྡུག་ཅི་ཤར་ཡངརང་ཤར་རང་གྲོལ་དུ་ཤེས་ཤིང་། དབང་པོའི་རིམ་པ་དང་འཚམས་པའི་སྤྱོད་པས་ལྟ་སྒོམགྱི་བོགས་འདོན་པ་ནི་སྤྱོད་པའོ། །བཞི་པ་ནི། གོམས་པ་ཀློང་དུ་གྱུར་པས་སྣང་སྟོང་འོདགསལ་གྱི་འཆར་ཚུལ་ལ་དགག་སྒྲུབ་རེ་དོགས་དང་བྲལ་བའི་གནས་ལུགས་གདེང་དུ་གྱུརཔ་ནི་འབྲས་བུའོ། །དེ་དག་གི་དོན་ཡང་། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་གཞག་ལྟ་བའིཚད། །རྒྱ་མཚོ་ཅོག་གཞག་སྒོམ་པའི་ཚད། །སྣང་བ་ཅོག་གཞག་སྤྱོད་པའི་ཚད། །རིག་པཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློའདྲེས་པའོ། །ཞེས་གསུངས་པའོ། །དེ་ལྟར་ངོ་སྤྲད་པས་གནས་སྐབས་སུ་ཆོས་ཉིད་ཡིདདཔྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་ཞིང་། མཐར་ཐུག་མངོན་སུམ་མཐོང་བའི་གནདཀྱི་ཚེའི་བར་ཆོད་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བར་འགྱུར་རོ། །གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་ལ་གསུམ་སྟེ། སྣང་བཞིའི་འཆར་

p. 75

སྒོ་ངོས་བཟུང་། མཐའ་བརྟེན་བཞིའི་གོམས་ཚུལ་བཤད། འབྲས་བུའི་གྲོལ་ཚུལ་བསྟནཔའོ། །དང་པོ་ལ་བཞི་སྟེ། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིནམེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཞེས་གསུངས་པས། དང་པོཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། གོང་དུ་བསྟན་པ་བཞིན་ལུས་ངག་ཡིད་ཀྱི་འཁྲུལ་འཁོརདང་། སྒོ་ཡུལ་རླུང་རིག་གི་གནད་བཞིས་བཅུན་པས། རྒྱང་ཞགས་ཆུའི་སྒྲོན་མ་ལས། དབྱིངསརྣམ་པར་དག་པའི་སྒྲོན་མ་འཇའ་གུར་རམ། རྨ་བྱའི་མདོངས་ལྟ་བུའི་ནང་དུ། ཐིག་ལེ་སྟོངཔའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལམ་ཡེངས་པར་བཅིངས་ཏེ་བལྟས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གིསསྐྱེས་པའི་ངང་ལ་མི་གཡོ་བར་བཞག་པའི་ཤེས་པ་གསལ་ལ་དྭངས་པ་ཀ་དག་ལྷུན་གྲུབདབྱེར་མེད་ཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་སྟེ་གདོད་མའི་གཞི་ལ་ད་ལྟར་གྱིསྣང་སེམས་གྲོལ་བར་བྱེད་པ་སྟེ། རིག་པ་དབྱིངས་ཀྱི་ར་བར་ཚུད་པས་ཐིག་ལེ་སུམ་འབྲེལགྱི་སྣང་བ་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ཡང་། ཙིཏྟ་རིན་པོ་ཆེའི་སྦུབས་འོད་ལྔ་འདུས་པའི་ཕོ་བྲང་ན། གདོད་མའི་མགོན་པོ་འོདམི་འགྱུར་བ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་ནངགསལ་དུ་བཞུགས་པའི་གདངས་སྐུ་དང་ཞིང་ཁམས་ཚད་མེད་པའི་སྣང་བ་ལ་དབང་འབྱོརཔས་འོག་མིན་ཆ ེན་པོར་སངས་རྒྱས་པ་ཞེས་བྱ་སྟེ། དེ་ཡང་། དབྱིངས་ཀྱི་རྟགས་སུ་འོདཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རངགསལ། ངོ་བོའ་རྟགས་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པམཉམ་ཉིད་གཞི་རྫོགས་སུ་གྱུར་པ་སྟེ། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོངབ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་མཐོང་བས་གནས་སྐབས་ཆོསཉིད་ཡིད་དཔྱོད་དང་བྲལ། མཐར་ཐུག་གདོད་མའི་ཟད་སར་གྲོལ་བར་འགྱུར་རོ། །གཉིསཔ་ཉམས་གོང་འཕེལ་གྱི་སྣང་བ་ནི། ཤེས་ཉམས་ནི་བློའི་འཛིན་ཆ་ཡིན་པས་མི་བརྟན་ཏེ།

p. 76

ཀློང་གསལ་ལས། བློ་ནི་ཀུན་རྫོབ་ཡིན་པར་བཤད། །ཅེས་གསུངས། ནང་དུ་རིག་པ་གྲོལབའི་ལམ་རྟགས་ཀྱི་སྣང་ཉམས་ཤར་བ་ནི་བརྟན་ཅིང་མི་བསླུ་བ་སྟེ། དེ་ཡང་གོང་བཞིནཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས། རིམ་གྱིས་གོམསཔས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང་། དབྱིངསསྣང་འོད་ཀྱི་རང་བཞིན་དེ་ཡང་། གྱེན་སྒྲེང་། རྩིབས་ཤར། དྲ་བ། དྲ་ཕྱེད། པདྨ་དང་། མིགམང་རིས། ཉི་ཟླ་མཁར་ཐབས་ལྟ་བུ་སོགས་ཞིང་ཁམས་ཐམས་ཅད་གང་བའི་བར་དུ་འཆརཞིང་། ཐིག་ལེ་ཡང་། སྲན་མ་ཙམ་དང་། མེ་ལོང་དང་། ཁམ་ཕོར་དང་། བསེ་ཕུབ་ཙམ་གྱིབར་ཇེ་ཆེ་ཇེ་ཆེ་དང་། རིག་པ་ལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བ་ཙམ་དང་། འདབ་ཆགསའཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་རྒྱུག་པ་དང་། བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས། ཐིགལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱེད་སྐུའམ། སྐུ་རྐྱང་པ་རེ་ཙམ་ཤར་ནསའགུལ་འཕྲིག་མེད་པར་ཤར་བ་ནི། ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོསཟིན་བར་དོ་སྟོངས། །ཞེས་གསུངས་སོ། །དེ་ལ་སློབ་དཔོན་བི་མ་ལ་མི་ཏྲ་ནི། དབྱིངས་སྣངཟླུམ་འཁྲིགས་ཀྱི་ནང་དུ་པད་འདབ་བཞི་བཞིས་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆདཉམས་གོང་འཕེལ་གྱི་མཐོང་སྣང་དུ་མཛད་ནས། ལྷ་སྐུ་ཤར་བ་ཕན་ཆད་རིག་པ་ཚད་ཕེབསསུ་བཞེད་ནའང་། འདི་ནི་སློབ་དཔོན་ཆེན་པོ་པདྨའི་དགོངས་པ་སྟེ། བཏགས་གྲོལ་དོན་ཁྲིདལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་མཚམས་ལས་བྲལ་བའི་དུས་ནསཐིག་ལེའི་ནང་དུ་སེམས་དཔའི་སྐུ་རྐྱང་པ་རེ་སྨིན་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ། །ཞེས་གསུངས་སོ། །དེ་ཡང་འདིར་འོད་སྣང་གྱེན་སྒྲེང་གི་ཚེ་མིག་ཐུར་དང་། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་དང་། གྲུ་གསུམ་ལ་ཐུར་དུ་བཅུན་པར་ཡང་བཤད་དོ། །དེ་ལྟར་གོང་འཕེལ་གྱི་སྣང་བ་མཐོང་བས། གནས་སྐབས་ཉམས་སྣང་གི་ཡོན་ཏན་རྣམས་

p. 77

ཐོབ། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་རིགཔ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུམེ་རླུང་གི་སྣང་བ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་ཡང་རྣམ་སྣང་ལ་སོགས་པ་རིགས་ཀྱི་ཡབ་ལྔ་དང་། དབྱིངས་ཕྱུག་མསོགས་རིགས་ཀྱི་ཡུམ་ལྔ་སྟེ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པ་ནམམཁའ་གང་བར་འཆར་ཞིང་། དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བརསྣང་བས། དེ་ནས་མ་བསྒོམས་ཀྱང་ཚད་ལ་ཕེབས་པས་འགྱུར་བ་མེད་ཅིང་། ཕྱིའི་སྣང་བའོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལབས་ཟག་བཅས་ཀྱི་འཛིན་པ་དག གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལཔའི་སྣང་བ་ནུབ་པས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་པ་སྟེ། ཀློང་གསལ་ལས། རིགཔ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་སོ། །དེ་ལྟརཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམས་ཀྱང་ཆོག་ལ། མཐར་ཐུག་ལོངས་སྤྱོདརྫོགས་པའི་སྐུ་ངོས་ཟིན་པས་ལོངས་སྐུའི་ཞིང་ན་སྤྱོད་པར་འགྱུར་རོ། །བཞི་པ་ཆོས་ཉིདཟད་པའི་སྣང་བ་ནི། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བརྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་པས་སྣང་དང་མིསྣང་དུ་འཛིན་པའི་བློ་ཟད་ནས་འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་འབྱུང་བའི་དགྲས་མི་ཚུགས། འགྲོ་འདུགགི་སྣང་བ་དག མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མའགགས་པར་གསལ་ཞིང་ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཕོ་བ་ཆེནཔོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ལུས་འབྱུང་རྒྱུནཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་གསུངས་པས། གནས་སྐབས་སུ་སྣང་བཞིའི་ཚད་ཟིན་པས་ས་མཚམས་ཕྱེད། མཐར་ཐུག་ཆོས་ཟད་

p. 78

ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་མཐའ་རྟེན་བཞིའི་གོམས་ཚུལ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངགརྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པས། མི་འགུལ་བ་གསུམལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབཔ། གདེང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། ཐལ་འགྱུར་ལས། དེ་ལ་མཐའ་རྟེནཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །ཞེས་པས། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་། ལུས་མི་འགུལབས་རྩ་མི་འགུལ། རྩ་མི་འགུལ་བས་མིག་མི་འགུལ། མིག་མི་འགུལ་བས་རླུང་མི་འགུལ། རླུང་མི་འགུལ་བས་སེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོམེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་རིགཔའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག མིག་མའགུལ་བས་སྒྲོན་མ། དེས་སེམས་མ་འགུལ་བས་རྣམ་རྟོག་མི་འབྱུང་ཞིང་དབྱིངས་རིག་འདུའབྲལ་མེད་པའི་དགོས་པ་ཡོད་དོ། །རིག་པ་ནི་འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོངབ་ལས་མི་འགུལ་བར་བྱའོ། །དེ་ཡང་། ཐུགས་རྗེའི་རིག་པ་ཕྱིར་གསལ་མེ་ལོང་ལྟ་བུ་ལའོད་གསལ་གྱི་སྣང་བ་འགག་མེད་དུ་ཤར་བ་གཟུང་འཛིན་གྱིས་མ་བསླད་པར་རང་ཤར་རངགྲོལ་དུ་བསྐྱངས་པས་སྣང་བཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འཆར་བར་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། སྔ་མ་ལས། སྡོད་པ་གསུམ་གྱིས་ཚད་བཟུང བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་བཟུང་བའོ། །ཞེས་པས། དབྱིངས་རིག་ལ་རིང་བར་གནས་པས་བརྟན་པའི་ཚད་སྡོད་པ་ག སུམ་འབྱུང་སྟེ། ཕྱི་སྣང་བསྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱིརླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པསརྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་

p. 79

ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངསསུ་ཐིམ་ནས་རྒྱུན་ཆད། འབྲིང་ལ་རྨི་ལམ་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བ་བཞི་རེ་རེ་ལ་གསུམ་གསུམ་སྟེ་བཅུགཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་འཁར་གཞོངདུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད། ངག་ལྐུག་པ་ལྟར་སྨྲ་སྙིང་མི་འདོད། སེམསམཁའ་འགྲོ་རྙིས་ཟིན་པ་བཞིན་འཕྲོ་བ་ལྟར་སྣང་ཡང་གར་གཏད་དུ་ཟིན་པའོ། །གཉིས་པཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་བྱི་དོར་དངརྒྱན་གྱི་སྒེག་ཆོས་བྲལ། ངག་སྨྱོན་པ་ལྟར་ཟུངས་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩིདུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པ ར་ཐག་ཆོད་པའོ། །གསུམ་པ་རིག་པ་ཚདཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་སྐད་ཅིག་ལ་ཐོན་པ་ལྟར་འབྱུངབ་ལྔ་ལ་ཐོགས་པ་མེད་པར་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཞིངདད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདེངཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེདམ་བརྒྱས་བསྐོར་ཡང་ཡ་ང་བ་དང་བག་ཚ་བ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟདདེ་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་སྐད་ཅིག་ལ་ཡལ་འགྲོ་བ་ལྟར་བགཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བའོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབཔ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱི་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མིསྣང་བའོ། །ཞེས་པས། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི་ཕུང་པོའི་སྣང་བ་འགགས་ནསགདོས་བཅས་སུ་མི་སྣང་བས། སེམས་ཅན་གྱི་དོན་བྱེད་ན་རང་གི་ལག་སོར་ལ་རིག་པ་གཏདཔས་སྣང་བ་དེ་ཀུན་རང་ལོག་སྟེ། སྣང་བྱེད་ཆུ་ཟླ་ལྟ་བུས་སེམས་ཅན་གྱི་དོན་བྱེད་པས་མིསོགས་སེམས་ཅན་ལ་རིག་པ་བཅུག་ན་མཚམས་མེད་པ་ལྔ་བྱས་པ་ཡང་འདི་ཉིད་ལ་འབྱུངབ་རང་སར་དག་ནས་འཚང་རྒྱ་སྟེ། དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལ་གནས་པའི་

p. 80

གནད་ཀྱིས་སོ། །དེའི་ཚེ་བེམ་པོ་ལ་རིག་པ་བཅུག་ཀྱང་འགུལ་ཞིང་སྐད་འབྱིན་ནུས་པ་འོངངོ་། །གཉིས་པ་འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རངལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རངདབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་། སེམསཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པས་མཚམས་མེད་ལྔ་བྱས་པ་ཡང་རང་དངམཉམ་དུ་འཚང་རྒྱ་སྟེ་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །བེམ་པོ་ལའང་ཐོགསམེད་ཟང་ཐལ་དུ་འགྲོ་ཞིང་མངོན་པར་ཤེས་པ་ཐོགས་མེད་དུ་འཆར་རོ། །བཞི་པ་གདེངབཞིས་གྲོལ་ཚད་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་པ་དང་། རིན་ཆེན་སྤུངས་པ་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེཤེས་ཚད་ཀྱང་བཟུང་། །ཞེས་པས། ཡར་གྱི་གདེང་གཉིས་ནི། དཀོན་མཆོག་གསུམ་གྱི་ཡོནཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ་མེད་དེ། རང་རིག་ལས་གཞན་པའིསངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེང་གཉིས་ནི། འགྲོ་དྲུག་གི་སྡུགབསྔལ་དང་ཚེ་ཚད་ཐོས་ཀྱང་འཁོར་བར་མི་ལྟུང་དུ་རེ་བ་དང་། ལྟུང་གིས་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐགཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི། གནས་སྐབས་སུ་ཐད་སོའ་དོན་རྣམས་འགྲུབཅིང་། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པར་འགྱུར་བའོ། །དེ་ལྟར་ཡང་། ཀློངགསལ་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་གི་ཡོན་ཏན་མཐའ་རུ་ཕྱིན། །ཞེསགསུངས་པ་ལྟར་རོ། །གསུམ་པ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་གྱིགྲོལ་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དངཔོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུནགནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་པ་ལྟར། ས་རྣམས་རིམ་གྱིས་

p. 81

བགྲོད་ནས་གདོས་བཅས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་བོར་ནས་འཚང་རྒྱ་བར་འགྱུརཏེ། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པ་སངས་རྒྱས་པ་ནི་འོད་དང་སྒྲ་དང་སྐུ་དངགདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེཉིད་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངསརྒྱས་པའོ། །ཞེས་པས། ཉོན་མོངས་པ་ཕྲ་རགས་དང་། འབྱུང་ལུས་ཀྱི་གདོས་པ་ཐམས་ཅདདག་ནས་ངོ་བོ་སྐུ་རུ་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེསསུ་རྒྱས་པས་ཡེ་ཤེས་འདུ་འབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགསརྗེ་ལ་རྒྱུན་ཆད་མེད་པ་སྟེ། ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིནཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་དང་། མཚནམར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེལ་བྱ། །ཞེས་གསུངས་པ་ལྟར་རོ། །སྒྱུ་འཕྲུལ་ལམ་རིམ་ལས། ལྷག་བཅས་ལྷག་མེད་གོལྡོག་ཏུ་བཤད་པ་ནི། རྣམ་སྨིན་གྱི་ལུས་རྟེན་བོར་ནས་ཟག་མེད་ཀྱི་སྐུ་འགྲུབ་པས་འབྱུངལུས་ཀྱི་ལྷག་མ་མེད་པ་ལྷག་མེད་དང་། ལྷག་བཅས་ནི། འབྱུང་ལུས་ཟག་མེད་ཡེ་ཤེས་ཀྱིསྐུར་གནས་གྱུར་པས་འབྱུང་ལུས་ཀྱི་ལྷག་མ་དང་བཅས་པས་ན་དེ་སྐད་དུ་གྲགས་པའོ། །༈ དོན་གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་མན་ངག་ལ་བཞི་སྟེ། དང་པོ་བར་དོའི་ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའགནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བརདོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བརདོ་ཡིན་ཏེ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང་འཆར་གཞིའི་དབྱིངས་སུ་མ་རྫོགས་བརགྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའོ། །གཉིས་པ་དབྱེ་བ་ནི། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། ཞེས་གསུངས་པས། སྐྱེ་འཆིའམ་རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པའི་བར་དོ་དང་བཞིའོ། །དང་པོ་

p. 82

ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ནི། ནང་དབུགསཆད་དེ་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །གསུམ་པ་སོ་སོའལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་པ་སྟེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགསཆོད་པ་རྒྱ་ཁྲ་ཚང་དུ་འཇུག་པ་ལྟ་བུ། དོན་བླ་མ་དམ་པ་ལ་བརྟེན་ནས། དེས་བསྟན་པའིགདམས་ངག་གི་དོན་ཐོས་བསམ་སྒོམ་པས་ནན་ཏན་ལྷུར་བྱས་ཏེ་སྒྲོ་འདོགས་ཆོད་པར་བྱའོ། །དེ་བཞིན་དུ། འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་ལྟ་བ་ལྟ་བུ་ནི་སྔརགོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པའོ། །ཆོས་ཉིད་ཀྱི་བརདོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་ཉམསའོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེཤེས་ཀྱི་རོལ་པར་གདེང་ཆུད་པའོ། །སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་སྐོངཆད་པ་ལ་ཝ་འཛུགས་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམསཔ་དང་འདི་ལྟར་འཆད་པར་འགྱུར་བའི་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ལམ་དུའཇུག་པའོ། །དེ་དག་ཀྱང་དབང་པོའི་རིམ་པས་གྲོལ་ཚད་ཀྱང་མུ་གསུམ་དུ་གསུངས་པ་སྟེརྒྱས་པར་གཞན་དུ་བཤད་པ་ལས་ཤེས་པར་བྱའོ། །༈ དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེའཚང་རྒྱ་བའི་མན་ངག་ནི། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགསཔ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་རྣམས་སུ། །གནས་ནས་མཐར་ཕྱིནགྲོལ་བར་འགྱུར། །ཞེས་གསུངས་པས། འདིར་མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མཐོབ་པར་སྒོམ་པ་འཕྲོ་ཅན་དུ་གྱུར་ཏེ་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱིབར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས།

p. 83

ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་བརྒྱུད་པའི་ཐུགས་རྗེས་རྨི་ལམ་སད་པའིཆ་ཙམ་ལ་མངོན་པར་དགའ་བ་ལ་སོགས་པ་དག་པའི་ཞིང་དུ་སྐྱེ་བ་བླངས་ནས། དེ་བཞིནགཤེགས་པ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས་དབང་བསྐུར་བ་དང་ལུང་ནོད། དབུགསདབྱུང་བ་ཐོབ་པས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་གདོད་མའི་ཞིང་ལ་སྐད་ཅིག་གིསགྲོལ་བ་ཐོབ། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམའཕོ་འགྱུར་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོརལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ཟླ་བ་ལས་ཆུ་ཟླ་ལྟར་འགྲོ་བའི་དོན་འཁོར་བ་ཇི་སྲིདཔ་དེ་སྲིད་དུ་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེདལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་ཆད་པ་ཡིན་ནོ། །༈ བཞི་པ་སྨོན་ལམ་གྱི་མཇུག་བསྡུ་ལ་བརྟེན་ནས་རྩིས་ཆེ་བའི་བཀའ་རྒྱས་བཏབ་པནི། འདས་རྗེས་དོན་ཁྲིད་ལས། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གངགིས་རེག་པ་མྱང་འདས་དངོས་ལ་སྦྱོར། །ཐེག་བརྒྱད་ཨ་ཏི་ཐིག་ལེ་སྐོར་གསུམ་གྱིས། །འདིཉིད་དོན་ལ་རེག་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་འདི་ལྟ་བུའི་གདམས་པ་ཡིད་བཞིནགྱི་ནོར་བུ་དབང་གི་རྒྱལ་པོ་བས་ཀྱང་ཆེས་ཤིན་ཏུ་དཀོན་པས། སྐལ་བ་དང་ལྡན་པའི་སློབམ་ཐུན་མོང་མ་ཡིན་པ་དག་ལ་ཤིན་ཏུ་གསང་བའི་བཀའ་རྒྱ་དང་བཅས་ཏེ་སྤེལ་ཞིང་། དེསཀྱང་ཉམས་ལེན་ལ་གོམས་འདྲིས་གདེང་དུ་གྱུར་ནས་གཞན་ཕན་གྱི་ཕྲིན་ལས་སྐྱོ་ངལ་མེདཅིང་སྤྲོ་བས་སྒྲུབ་པར་གྱིས་ཤིག ཅེས་དམ་ཚིག་གི་བཀའ་རྒྱ་དང་སྲུང་མ་ལ་གཉེར་དུ་བཅོལནས་རྩིས་ཀྱི་རྒྱས་གདབ་པར་བྱའོ། །བསྐྱེད་རྫོགས་ཀྱི་ལམ་ཡོངས་རྫོགས་སྨིན་སློབ་ཏུ་འཁྲིདཔར་འདོད་ན། ཐོག་མར་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྦྱངས་ནས། བུམ་དབང་བསྐུར་ཏེརིགས་ལྔ་ཕྱི་ནང་གི་སྒྲུབ་པའི་བསྐྱེད་རིམ་རྣམས་སྟོན། དེ་ནས་གསང་དབང་བསྐུར་ཏེ་གཏུམམོའི་ལམ་རྣམས་སྟོན། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ་ཕོ་ཉའི་ལམ་རྣམསསྟོན། དེ་ནས་ཚིག་དབང་བསྐུར་ཏེ་ཀ་དག་ཁྲེགས་ཆོད་ཀྱི་ལམ་རྣམས་སྟོན། དེ་ནས་རིག་

p. 84

པའི་རྩལ་དབང་བསྐུར་ཏེ་ཐོད་རྒལ་གྱི་ལམ་རྣམས་རིམ་བཞིན་སྟོན། ཡང་ན་དབང་ལྔ་ཀདུས་གཅིག་ཏུ་རྫོགས་པར་བསྐུར་ནས་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་སྔར་གྱི་རིམ་པ་བཞིནའཆད། གང་གི་ཚེ་ཡང་ལམ་དེ་དང་འབྲེལ་བའི་གཞུང་ཕྲན་རྒྱབ་ཆོས་དང་བཅས་པ་རྣམསསོ་སོའ་སྐབས་སུ་འབྲེལ་བསྡེབས་ཏེ་བསྐྱེད་རྫོགས་ཀྱི་འགྲོས་གཅིག་ཏུ་དྲིལ་ནས་འཆདཔར་འདོད་ན་གཏེར་གཞུང་གི་མན་ངག་རྩ་བ་རྣམས་དང་། དགོངས་འགྲེལ་ཡང་ཐིག་ཡིདབཞིན་ནོར་བུའི་ལེགས་པར་བཤད་པ་རྣམས་ཀྱི་ཟབ་དོན་རིག་འཛིན་བརྒྱུད་པའི་ཕྱག་བཞེསསྨར་ཁྲིད་ཀྱི་དབྱེ་བསྡུའི་གནད་རྣམས་ལ་འདྲིས་པར་བྱའོ། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །ཟབ་རྒྱས་ཆོས་ཀྱི་སྙིང་པོ་ཨ་ཏི་ཞེས། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་མན་ངག་གི །མཆོག་གསང་རྩེ་མོ་མཁའ་འགྲོ་སྙིང་ཐིགཉིད། །དགོངས་པ་བརྡ་དང་སྙན་བརྒྱུད་ཟབ་མོའི་ལམ། །མཚོན་བྱེད་ཡི་གེས་མཚོན་བྱ་རངབྱུང་གི །ཡེ་ཤེས་བྱིན་རླབས་གཏད་རྒྱས་སྐད་ཅིག་ལ། །འགྲུབ་བྱེད་ཟབ་གཏེར་གསང་བབླ་ན་མེད། །གང་གི་ཟབ་དོན་རྟོགས་དཀའ་གསང་བའི་གནས། །འཕགས་མཆོག་ཁོ་ནའིཡེ་ཤེས་སྤྱོད་ཡུལ་ལས། །བློ་རྨོངས་སོ་སྐྱེའི་རྟོག་པས་མཚོན་མིན་ཡང་། །སྐལ་མཉམ་འགྲོལ་ཕན་པར་སྲིད་ན་སྙམ། །དེ་ཕྱིར་རིག་འཛིན་ཌཱ་ཀིའི་ཐུགས་ཀྱི་མཚོར། །སྦས་པའི་ཟབདོན་ཡིད་བཞིན་དབང་གི་རྒྱལ། །ཆ་ཙམ་མཚོན་པའི་སྣང་བ་ཕྲ་མོས་ཀྱང་། །ཐར་འདོདཡིད་ཀྱི་རེ་བ་སྐོང་མིན་ནམ། །ཁྱད་པར་གསང་མཆོག་མཁའ་འགྲོ་སྙིང་ཐིག་གི །ཟབ་ལམགསལ་བྱེད་རིན་ཆ ེན་སྒྲོན་མེ་འདིས། །རྣམ་གྲོལ་སྐུ་གསུམ་ཞིང་ཁམས་མཚོན་ནས་དེར། །འགྲོ་ཀུན་མྱུར་བདེར་འཁྲིད་པ་ཉིད་གྱུར་ཅིག །དེ་ལས་འགྲོ་འདིའི་རང་རྒྱུད་ཀ་དག་གི ། གནས་ལུགས་ནང་གསལ་གཞོན་ནུ་བུམ་སྐུའི་གདངས། །ལྷུན་གྲུབ་སྣང་བཞི་ཆོས་ཟད་འབྲསབུའི་རྩེར། །ཁམས་གསུམ་འོད་སྐུར་གྲོལ་བའི་བཀྲ་ཤིས་ཤོག །ཅེས་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ཅེསབྱ་བ་འདི་ནི་གསང་ཆེན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མེ་རག་ཆོས་རྗེ་པདྨ་ཕྲིན་ལས་

p. 85

དབང་ཕྱུག་གིས་གསེར་གྱི་མེ་ཏོག་དང་བཅས་པའི་གསུང་གིས་རིང་མོ་ནས་བསྐུལ་བ་དངཉེ་བར་ལམ་འདི་ལ་སྨོན་ལམ་གྱི་མཐུ་གྲུབ་པའི་དད་འདུན་བློ་གྲོས་ཀྱི་ནོར་ལྡན་རིན་ཆེནབཀྲ་ཤིས་ཀྱིས་ཕུལ་དུ་བྱུང་བའི་སྐྱེས་ཀྱི་མཎྜལ་དང་བཅས་ཏེ་ནན་ཏན་ཆེན་པོའི་གསུང་གིསབསྐུལ་བ་དོན་ཡོད་པར་བྱ་བའི་ཆེད་དུ་བཀའ་གསང་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུབྱེད་པའི་རྣལ་འབྱོར་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་དགེ་གནས་སུ་སྦྱརབའོ།། །།

ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཁྲིད་ཡིག་སྙིང་པོ་རབ་གསལ།

p. 86

ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཁྲིད་ཡིག་སྙིང་པོ་རབ་གསལ་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཁྲིད་ཡིག་སྙིང་པོ་རབ་གསལ་ཞེས་བྱབ། བླ་མ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཀུན་ཏུ་བཟང་པོའི་རང་རྩལ་ལས། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལའཁོར་དུ། །སྣང་མཛད་རྩ་བརྒྱུད་ཀུན་འདུས་བླ་མ་ཡི། །ཞབས་ལ་དངོས་པོ་ཀུན་གྱིས་ཕྱགབགྱིའོ། །ཐེག་དགུའི་ཆུ་ཀླུང་ཇི་སྙེད་གཞོལ་བའི་གཞི། །བཀའ་གསང་རྫོགས་ཆེན་མན་ངགསྙིང་པོའི་མཆོག །ཀུན་ཏུ་བཟང་པོའི་དགོངས་པ་ཀུན་འདུས་པའི། །ཁྲིད་ཡིག་བློ་དམནའཇུག་བདེའི་སྐྱེས་སུ་སྤེལ། །འདིར་རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པའི་ལམགྱི་མཐར་ཐུག་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཟབ་མོའི་ལམ་གྱི་རིམ་པ་སྟོན་པ་ལ། གདུལ་བྱ་སྤྲོ་བ་བསྐྱེད་པ་ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་འདྲེན་པ་དང་། རྒྱུད་སྨིན་པར་བྱེདཔ་དབང་གི་སྒོ་དབྱེ་བ་གཞུང་གཞིན་དུ་བྱས་ནས། གྲོལ་བྱེད་གདམས་ངག་གི་ལམ་དངོསསྟོན་པ་ལ། བརྩོན་འགྲུས་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིནསྤྲུལ་སྐུའི་ཞིང་དུ་གྲོལ་བར་བསྟན་པ་དང་གསུམ་ལས། དང་པོ་ལ་ཟབ་ལམ་སྒོམ་པའི་སྣོདརུང་དུ་སྒྲུབ་པ་སྔོན་འགྲོ། ཟབ་ལམ་སྒོམ་པ་དངོས་ལ་འཇུག་པ་དངོས་གཞི། ཟབ་ལམབསྒོམས་པའི་འབྲས་བུ་གཏན་ལ་དབབ་པ་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ལའངཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགསགཏན་ལ་དབབ་པའོ། །དང་པོ་ལ། སྔོན་འགྲོའི་ཆིངས་སྤྱིར་བཤད་པ་དང་། དམིགས་རིམསྒོམ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མི་རྟག་སྙིང་རྗེ་བྱང་སེམས་སྒོམ༔ ཞེས་སོགས་

p. 87

གསུངས་པས་མི་རྟག་པ་དང་སྙིང་རྗེ་བྱང་སེམས་གཙོ་བོར་སྨོས་པས་དྲང་དོན་གྱི་ལམ་ཐམསཅད་ལ་བློ་སྦྱོང་བར་བསྟན་པ་ཡིན་ཏེ། དེ་ཡང་དལ་འབྱོར་རྙེད་དཀའ་བསམས་པས་མི་རྟགཔའི་གཞི་ངེས་པ་དང་། འཆི་བ་མི་རྟག་པ་བསྒོམས་པས་ཚེ་འདིའི་མངོན་ཞེན་ལྡོག་པ་དང་། འཁོར་བའི་ཉེས་དམིགས་ཤེས་པས་སྲིད་པའི་ཕུན་ཚོགས་ལ་ངེས་པར་འབྱུང་ཞིང་དཀོནམཆོག་ལ་སྐྱབས་སུ་ཤེས་པ་དང་། ལས་རྒྱུ་འབྲས་བསམ་པས་བླང་དོར་གྱི་གནད་མི་འཆོལབ་དང་། བྱམས་སྙིང་རྗེ་བསྒོམས་པས་རང་དོན་ཡིད་བྱེད་སྤོང་ཞིང་བྱང་ཆུབ་ཀྱི་སེམས་རྒྱུདལ་སྐྱེ་བར་འགྱུར་བའི་ཕྱིར་ཐེག་ཆེན་ཐུན་མོང་གི་ལམ་དུ་བྱས་པའོ། །གཉིས་པ་དམིགས་རིམ་སྒོམ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། དལ་འབྱོར་རྙེད་དཀའ་བསམཔ། འཆི་བ་མི་རྟག་པ་བསྒོམ་པ། འཁོར་བའི་ཉེས་དམིགས་བསམ་ཞིང་ལས་རྒྱུ་འབྲས་བརྩིབ། ཚད་མེད་བཞིས་བློ་སྦྱང་བ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། སྒྲིབ་སྦྱོང་རྡོར་སེམསསྒོམ་བཟླས། ཚོགས་གསོག་མཎྜལ། བླ་མའི་རྣལ་འབྱོར་དང་དགུ་ལས། ཐུན་ཐམས་ཅདཀྱི་ཐོག་མར་ཤེས་པར་བྱ་བ་ནི། དབེན་པའི་གནས་སུ་བསམ་གཏན་གྱི་མཐུན་པའི་རྐྱེནརྣམས་འཛོམ་པར་བྱས་ནས། བདེ་བའི་སྟན་ལ་ལུས་གནད་དྲང་པོས་བསྲང་ཞིང་སེམས་རྣལདུ་ཕབ་ནས་རླུང་རོ་ལན་གསུམ་ཕྱིར་བསལ། སྤྱི་བོར་བླ་མ་བསྒོམ་པ་ལ་མོས་གུས་གདུངཤུགས་དྲག་པོས་གསོལ་བ་བཏབ་ནས་རང་ལ་བསྟིམ་པ་ནི་ཐུན་གྱི་སྔོན་འགྲོ་ཞེས་བྱ་བ་བླམ་རྣམས་ཀྱི་ཕྱག་བཞེས་ལས་བྱུང་བ་ཡིན་ནོ། །དེ་ནས། དང་པོ་དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ནི། བཟོད་པར་དཀའ་བའིསྡུག་བསྔལ་ཅན་གྱི་འཁོར་བ་འདི་ལས་ད་རེས་ཐར་བ་བྱ་དགོས། ཐར་བའི་ཐབས་བསྒྲུབཔའི་རྟེན་ནི་དལ་འབྱོར་གྱི་མི་ལུས་ཉིད་ལས་གཞན་མེད། དེས་ན་ད་རེས་དལ་འབྱོར་བཅོབརྒྱད་ཚང་བའི་མི་ལུས་ལན་གཅིག་ཙམ་ཐོབ་པའི་དུས་འདིར་གཏན་གྱི་འདུན་མ་གྲུབ་པཞིག་བྱེད་དགོས། ད་རེས་མ་འགྲུབ་ན་འདི་ལྟ་བུའི་རྟེན་ཕྱིས་ནས་ཤིན་ཏུ་རྙེད་པར་དཀའསྟེ། དེའང་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་སྟེ་ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་

p. 88

བསྔལ་དོས་དྲག་པོས་མི་ཁོམ། ལྷ་རྣམས་ནི་འདོད་ཡོན་ལ་ཆགས་པས་གཡེངས་ཤིང་སྐྱོཤས་ཆུང་བས་མི་ཁོམ། སངས་རྒྱས་མ་བྱོན་པའི་ཡུལ་ལམ་བྱོན་ཡང་ཆོས་མ་དར་བའི་ཡུལམཐའ་འཁོབ་ཀླ་ཀློར་སྐྱེས་པ་དང་། ལས་འབྲས་ལ་ཡིད་མི་ཆེས་པའི་ལམ་ལོག་ལྟ་ཅན་དང་། ཆོས་ཀྱི་བླང་དོར་མི་ཤེས་པར་ཡིད་གླེན་ཞིང་ངག་ལྐུགས་པ་ཉིད་དུ་སྐྱེས་པ་སྟེ། བརྒྱད་པོའདི་དག་ཆོས་སྤྱོད་པར་མི་ཁོམ་ཞིང་། སྐྱོན་དེ་བརྒྱད་དང་བྲལ་བའི་མི་ལུས་ནི་ཆོས་སྒྲུབཔའི་ལོང་ཡོད་དུ་ཁོམ་པས་དལ་བ་ཡིན་ནོ། །དེའི་སྟེང་དུ་མི་ཡི་ལུས་ཐོབ་པ། ཡུལ་དབུསཆོས་དར་བའི་སར་སྐྱེས་པ། དབང་པོའི་སྒོ་ལྔ་ཚང་བ། མཚམས་མེད་ལྔ་ལས་གང་རུང་མབྱས་པས་ལས་མཐའ་མ་ལོག་པ། སངས་རྒྱས་ཀྱི་གསུང་རབ་ལ་དད་པས་འཇུག་པ་གནསལ་དད་པ་དང་ལྔ་ནི་རང་འབྱོར ། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོསགསུངས་པ། བསྟན་པ་གནས་པ། བསྟན་པ་ལ་རང་ཉིད་ཞུགས་པ། ཆོས་ཀྱི་མཐུན་རྐྱེནསྦྱོར་བ་པོ་དང་ལྡན་པ་ནི་གཞན་འབྱོར་རོ། །དེ་ཡང་མི་ཁོམ་པ་བརྒྱད་ལས་ལྡོག་པའི་དལབ་དང་རང་འབྱོར་ལྔ་ནི་གནད་གཅིག དེ་ལྟ་བུའི་མི་ལུས་ནི་སངས་རྒྱས་སྒྲུབ་ནུས་ཀྱི་རྟེནཁྱད་པར་ཅན་ཡིན་པས་ན་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ཡིན་ནོ། །སེམས་ཅན་གྱི་ནངན་ངན་སོང་གསུམ་གྱི་འགྲོ་བ་ནི་ཤིན་ཏུ་མང་སྟེ་ས་ཆེན་པོའི་རྡུལ་བཞིན་མཐའ་མེད། མཐོརིས་ཀྱི་འགྲོ་བ་ནི་ཤིན་ཏུ་ཉུང་སྟེ་སེན་མོའི་སྟེང་གི་རྡུལ་ཙམ་དུ་གསུངས་ཤིང་། དེ་ཡང་ངནསོང་གསུ མ་གྱི་ནང་ན་ཉུང་ཤོས་དུད་འགྲོ་དང་། དེའི་ཡང་བྱིངས་ནི་རྒྱ་མཚོ་ཆེན་པོ་ན་གནསཤིང་བསམ་གྱིས་ག་ལ་ཁྱབ། ཁ་འཐོར་གྱིས་ཀྱང་ས་གཞི་རི་ཀླུང་ཐམས་ཅད་ཁེངས་པ་ཙམདུ་འདུག དཔེར་ན་དབྱར་དུས་སྔོ་ཕུང་གཅིག་ལ་གནས་པའི་སེམས་ཅན་ལ་ཡང་མཐའ་མིའདུག དེ་ལ་ལྟོས་ན་ལྷ་དང་མིའི་འགྲོ་བ་སྲིད་མཐའ་ཙམ་དང་། དེ་ལས་ཀྱང་སྤྱིར་མིའི་འགྲོབ་ཉུང་། ཁྱད་པར་ཆོས་ལྡན་གྱི་མི་ལུས་ནི་སྲིད་མཐའ་ཙམ་དུ་འདུག་པས་གྲངས་ཀྱི་སྒོ་ནསཀྱང་རྙེད་པར་དཀའ་བ་དང་། དེ་ལྟར་དཀའ་བ་ཡང་སེམས་ཅན་གྱི་ནང་ན་སྡིག་པའི་ལསབྱེད་པ་ནི་ཤིན་ཏུ་མང་ཞིང་དགེ་བ་བྱེད་པ་ཆེས་ཉུང་བ་དང་། ཁྱད་པར་མི་ལུས་འཕེན་ཐུབ་

p. 89

པའི་ཚུལ་ཁྲིམས་སྲུང་བ་སྲིད་མཐའ་ཙམ་དུ་འདུག་པས་རྒྱུའི་སྒོ་ནས་ཀྱང་རྙེད་པར་དཀའ། དེ་ལྟར་རྒྱུ་དགེ་བས་འཕངས་སུ་སྲིད་ཀྱང་སྦྱིན་སོགས་དགེ་བའི་གྲོགས་དང་སྨོན་ལམ་རྣམཔར་དག་པའི་མཚམས་སྦྱོར་དང་མ་འབྲེལ་ན་རྫོགས་བྱེད་མི་དགེ་བའི་རྐྱེན་གྱིས་ངན་འགྲོརའཕེན་པས་རྐྱེན་གྱི་སྒོ་ནས་ཀྱང་རྙེད་པར་དཀའ། དཔེར་ན་རྒྱ་མཚོ་ཆེན་པོ་མཐའ་མེད་པརབུ་ག་གཅིག་པའི་གཉའ་ཤིང་ཆ་མེད་དུ་བསྐྱོད་པའི་བུ་གར་རྒྱ་མཚོའ་གཏིང་ན་གནས་པའིརུས་སྦལ་ལོ་བརྒྱ་རེར་རྒྱ་མཚོའ་སྟེང་དུ་འོང་བའི་མགྲིན་པ་གཉའ་ཤིང་གི་བུ་གར་ཚུད་པབས་ཀྱང་མི་ལུས་ཐོབ་པ་ཤིན་ཏུ་དཀའ་བའི་ཕྱིར་དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་བ་དང་། དེ་ལྟར་རྙེད་དཀའ་བར་མ་ཟད་རྙེད་པ་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། གནས་སྐབས་སུབདེ་འགྲོ་མཐོ་རིས་ཀྱི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་ཚུལ་ཁྲིམས་དང་སྦྱིནསོགས་ཀྱང་སྒྲུབ་ནུས་པ་དང་། དེར་མ་ཟད་ཐེག་དམན་གྱི་མྱང་འདས་དང་། ཐེག་ཆེན་བླན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཡང་སྒྲུབ་པའི་རང་དབང་ཐོབ་པའི་དུས་འདིར་དམ་པའིཆོས་ཡང་དག་པ་ཞིག་ཅི་ནས་ཀྱང་བསྒྲུབ་པར་བྱའོ་སྙམ་དུ་བསམ་པ་ལ་སྙིང་ཐག་པ་ནསབསླབ་པར་བྱའོ། །གཉིས་པ་འཆི་བ་མི་རྟག་པ་སྒོམ་པ་ནི། དེ་ལྟ་བུའི་མི་ལུས་དེ་ཐོབ་ཀྱང་མི་རྟག་ཅིངའགྱུར་བའི་ཆོས་ཉིད་ཅན་ཡིན་པར་འདུག སེམས་ཅན་གྱི་ནང་ན་སྐྱེས་ནས་མ་ཤི་བར་གནསཔ་སུ་ཡང་མི་འདུག་པའི་ཕྱིར། ད་ལྟའི་འགྲོ་བ་འདི་ཐམས་ཅད་ཀྱང་འཆི་བ་ལས་མ་འདས། དེས་ན་བདག་ཉིད་ཀྱང་འཆི་བ་ཐག་ཆོད། དེ་ཡང་རྒན་གཞོན་བར་མའི་རྩིས་གདབ་མེདཔར་འཆི་བ་གློ་བུར་བཅར་ཕོག་ཏུ་ཡོང་བས་ནམ་འཆིའི་ཆ་མེད། དེས་ན་ལུས་ནི་ཆུཡི་ལྦུབ་ལྟར་སྲན་ཆུང་། དབུགས་ནི་སྟོན་ཁའི་ན་བུན་བཞིན་ནམ་ཡལ་ཆ་མེད། སེམས་ནི་དམུསལོང་ཐང་འཁྱམས་བཞིན་གར་འགྲོའི་རང་དབང་མ་མཆིས་ཏེ། མདོར་ན་འཆི་བའི་རྐྱེན་འདིསམི་བྱེད་བྱ་བ་མེད་དེ་ནད་དང་དགྲ་གདོན་མེ་ཆུ་དུག་མཚོན་སོགས་གནོད་པའི་རྐྱེན་བསམགྱིས་མི་ཁྱབ་པར་མ་ཟད་བཟའ་བཏུང་གནས་ཁང་སྨན་སོགས་སྲོག་འཚོའ་གྲོགས་སུ་བསྟེན་

p. 90

པས་ཀྱང་འཆི་རྐྱེན་མི་བྱེད་པའི་ངེས་པ་མེད་དེ་ཚེ་འདི་ཕྱི་གཉིས་ཀྱི་བར་ན་ད་ལྟའི་དབུགས་གྱ་གྱུ་བ་འདི་ཀ་ཡིན། འདི་ནམ་ཆད་པ་ན་ཚེ་ཕྱི་མར་སླེབ་པ་ཡིན། དེས་ན་སང་དང་ཚེ་ཕྱིམ་གང་སྔ་མི་ཤེས་ཤིང་། སྐབས་དེར་སྔར་འབད་པས་བསྒྲུབས་པའི་ཡུལ་མཁར་ནོར་རྫསགཉེན་གྲོགས་སོགས་ཐམས་ཅད་ཆམ་གྱིས་བཞག་སྟེ་ལས་ཁོ་ན་བདག་གིར་བྱས་ནས་མརགྱི་ཁྲོད་ནས་སྤུ་བཏོན་པ་བཞིན་འགྲོ་དགོས། དེ་ཚེ་ཕན་པ་དམ་པའི་ཆོས་མ་གཏོགས་གངཡང་མི་འདུག་པས། ད་རེས་དམ་པའི་ཆོས་ཤིག་ཅི་ནས་ཀྱང་བསྒྲུབ་པར་བྱའོ་སྙམ་དུ་འཆིཚིས་བྱས་ནས་ཚེ་འདིའི་འཁྲི་བ་ཆོད་པར་བྱའོ། །གསུམ་པ་ལས་རྒྱུ་འབྲས་བསམ་པ་ནི། ཤི་ནས་སྐྱེ་བ་ལེན་མི་དགོས་ན་དེ་ཀ་ཡིན་མོད། རང་ཅག་ལས་ཉོན་མ་ཟད་པ་རྣམས་ཡང་ནས་ཡང་དུ་འཁོར་བར་སྐྱེ་དགོས་ཤིང་། དེ་ཡངངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས། གལ་ཏེ་ངན་འགྲོར་སྐྱེས་ན། དམྱལ་བ་ནཚ་གྲང་གཅོད་གཏུབ་ཀྱི་སྡུག་བསྔལ། ཡི་དྭགས་རྣམས་བཀྲེས་ཕོངས་ཀྱི་སྡུག་བསྔལ། བྱོལསོང་རྣམས་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཏེ་བཟོད་པར་དཀའ་བའི་སྡུག་བསྔལམངོན་འགྱུར་བ་དོས་དྲག་ཅིང་སྙུགས་རིང་བས་མནར་བ་དང་། བདེ་འགྲོ་མཐོ་རིས་སུ་སྐྱེསསུ་སྲིད་ཀྱང་མི་རྣམས་སྐྱེ་རྒ་ན་འཆི་སོགས་ཀྱིས་སྡུག་བསྔལ། ལྷ་མ་ཡིན་འཐབ་ཅིང་རྩོདཔས་སྡུག་བསྔལ། ལྷ་རྣམས་འཕོ་ལྟུང་གིས་སྡུག་བསྔལ་བ་སྟེ། འགྱུར་བའི་སྡུག་བསྔལདང་། འདུ་བྱེད་ཀྱི་སྡུག་བསྔལ་མཐའ་མེད་པ་ལ་སྤྱོད་པར་འགྱུར་ཞིང་། མདོར་ན་མེའི་རངབཞིན་ཚ་བ་ལས་མ་འདས་པ་བཞིན། འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུགབསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཡོ་བྱད་གང་ལ་བརྟེན་ཀྱང་སྡུག་བསྔལགྱི་ལོངས་སྤྱོད་ལས་མ་འདས་པས། སྡུག་བསྔལ་ཅན་གྱི་འཁོར་བ་འདི་ལས་ནག་ཅན་བཙོནདོང་ནས་འབྲོས་པ་ལྟར་བྱ་དགོས་ཤིང་། དེ་ལས་ཐར་བར་བྱེད་པའི་ཐབས་ནི་ལས་འབྲསཀྱི་སྨིན་ཚུལ་ཤེས་ཤིང་མ་ནོར་བ་ཞིག་དགོས། དེ་ཡང་རང་རེ་རྣམས་ཀྱི་བློ་རིག་བདེ་འདོད་

p. 91

སྡུག་བསྔལ་མི་འདོད་པ་དེར་འདུག རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་། རྒྱུ་མི་དགེ་བལས་འབྲས་བུ་སྡུག་བསྔལ་འབྱུང་བ་ཆོས་ཉིད་ཡིན། དེས་ན་སྤང་བྱ་སྡུག་བསྔལ་གྱི་རྒྱུ་མིདགེ་བའི་ལས་ནི་བཅུ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོགཔར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཚིག་རྩུབ་པོ་དང་། ཕྲ་མ་དང་། ངག་འཁྱལ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམས་སོ། །དེ་ལས་སྲོག་གཅོདཔ་ནི། བསམ་བཞིན་དུ་མ་ནོར་བར་སེམས་ཅན་གསོད་པའོ། །མ་བྱིན་པར་ལེན་པ་ནི། གཞནགྱི་ནོར་འཕྲོག་པའམ་རྐུ་བའོ། །ལོག་གཡེམ་ནི། འཁྲིག་པ་སྤྱོད་པའི་ཡུལ་མ་ཡིན་པ་ལའཁྲིག་པའི་བདེ་བ་བསྟེན་པའོ། །རྫུན་ཚིག་ནི། བདེན་པ་ལས་གཞན་དུ་འདུ་ཤེས་བསྒྱུརནས་ཚིག་བཅོས་མ་སྨྲས་པ་གཞན་གྱིས་གོ་བའོ། །ཚིག་རྩུབ་ནི། གཞན་གྱི་ཞེར་འདེབསཔའི་ཚིག་བརླང་པོ་བརྗོད་པའོ། །ཕྲ་མ་ནི། གཞན་མཛའ་བ་འབྱེད་པའི་ཚིག་གོ །ངག་འཁྱལནི། ཚིག་སྔ་མ་གསུམ་པོ་གང་ཡང་མ་ཡིན་པ་བཞད་གད་སོགས་ཉོན་མོངས་ཅན་གྱི་ཚིགགོ །བརྣབ་སེམས་ནི། གཞན་གྱི་ནོར་ཐོབ་འདོད་ཀྱིས་ཆགས་ཤིང་སྲེད་པའོ། །གནོད་སེམསནི། གཞན་ལ་གནོད་པར་སེམས་པའི་ཞེ་སྡང་བའོ། །ལོག་ལྟ་ནི། དགེ་མི་དགེ་ཀུན་རྫོབ་ཏུཡང་མེད་པར་ལྟ་བ་སྟེ་མི་དགེ་བ་བཅུ་དང་། གཞན་ཡང་དུག་གསུམ་གྱིས་ཀུན་ནས་བསླངསཔའི་ལུས་ངག་གི་ལས་ཐམས་ཅད་མི་དགེ་བའོ། །དེ་དག་ལས་ལུས་ངག་གི་ཆོས་བདུན་པོདགེ་སེམས་འབའ་ཞིག་གིས་ཟིན་ན་ནི་བསོད་ནམས་སུ་འགྱུར་བ་ཡིན་ལ། གཞན་དུ་ན་མིདགེ་བ་དེ་དག་ཀུན་སློང་དྲག་ཞན་གྱི་དབྱེ་བས་མི་དགེ་བ་ཆེ་འབྲིང་ཆུང་གསུམ་དུ་གྱུར་ནསརྣམ་སྨིན་གྱི་འབྲས་བུ་དམྱལ་བ་དང་ཡི་དྭགས་དང་། དུད་འགྲོ་རྣམས་སུ་སྐྱེ་ཞིང་། རྒྱུ་མཐུནགྱི་འབྲས་བུ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུས་སྲོག་གཅོད་པ་ལ་དགའ་བ་དང་། མྱོང་བ་རྒྱུམཐུན་གྱིས་བདེ་འགྲོར་སྐྱེས་ཀྱང་ཚེ་ཐུང་བ་དང་། བདག་པོའི་འབྲས་བུས་ཕྱི་ཡི་སྨན་གཟིམཐུ་ཆུང་བ་སྟེ། མ་བྱིན་པ་ལེན་པ་སོགས་ལ་ཡང་འབྲས་བུ་གསུམ་གསུམ་འབྱུང་བར་འགྱུརརོ། །ཡང་། བསྒྲུབ་བྱ་དགེ་བའི་ལས་ནི་སྲོག་གཅོད་སྤངས་པ་ནས་ལོག་ལྟ་སྤངས་པའི་

p. 92

བར་གྱི་དགེ་བའི་ལས་ལམ་བཅུ་ཡིན། དེ་དག་ཀྱང་བསྡུ་ན་ལུས་ངག་ཡིད་གསུམ་གྱི་དགེབར་འདུས། དེ་ལ་ལུས་ཀྱི་དགེ་བ་ཕྱག་དང་སྐོར་བ། ཆོས་ཀྱི་དོན་དང་སེམས་ཅན་གྱི་དོནདུ་འགྲོ་འོང་བྱེད་པ་སོགས་དང་། ངག་གི་དགེ་བ་ཁ་ཏོན་བཟླས་བརྗོད། ཆོས་ཀྱི་ཚིག་དངསེམས་ཅན་གྱི་དོན་དུ་སྨྲ་བ་སོགས་དང་། ཡིད་ཀྱི་དགེ་བ། དད་གུས་ངེས་བྱུང་བྱམས་སྙིངརྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ། མདོར་ན་དགེ་བའི་སེམས་ཀྱིས་ཀུན་ནས་བསླངསཔའི་ལུས་ངག་གི་བྱ་བྱེད་ཐམས་ཅད་དང་། ཁྱད་པར་སྦྱོར་དངོས་མཇུག་གསུམ་ཐམས་ཅདདགེ་སེམས་འབའ་ཞིག་པས་ཟིན་ན་རྣམ་སྨིན་བདེ་བ་ཁོ་ན་བསྐྱེད་ཅིང་། བསམ་སྦྱོར་དགེསྡིག་འདྲེས་པས་ནི་བདེ་སྡུག་སྤེལ་མར་བསྐྱེད་པས་དགེ་སེམས་ཁོ་ནས་ཟིན་པར་བྱའོ། །དེདག་ཀྱང་ཀུན་སློང་དྲག་ཞན་གྱི་དབྱེ་བས་དགེ་བ་ཆེ་འབྲིང་ཆུང་གསུམ་དུ་གྱུར་ནས་རྣམ་སྨིནགྱི་འབྲས་བུ་ཁམས་གོང་མའི་ལྷ་དང་། འདོད་ལྷ་དང་། མི་རྣམས་སུ་སྐྱེ་ཞིང་། ཁྱད་པརཐར་པ་ཆ་མཐུན་གྱི་དགེ་བས་ནི་བྱང་ཆུབ་གསུམ་ཐོབ་པ་ཡིན་ལ། རྒྱུ་མཐུན་གྱི་འབྲས་བུལ། བྱེད་པ་རྒྱུ་མཐུན་གང་དུ་སྐྱེས་པ་དེར་དགེ་བ་བྱེད་པ་ལ་དགའ་བ་དང་། མྱོང་བ་རྒྱུ་མཐུནགྱིས་ཚེ་རིང་བ་སོགས་བཅུ་དང་། བདག་པོའི་འབྲས་བུསས་ཕྱོགས་གཟི་མདངས་ཆེ་བ་ལསོགས་པ་རྣམས་སོ། །དེས་ན་མི་དགེ་བ་སྤངས་པ་དང་དགེ་བ་བསྒྲུབས་པ་ལ་ཕན་ཡོན་དེལྟ་བུ་འདུག་པས་ཚེ་ཐུང་ཡུད་ཙམ་འདིའི་ཕུན་ཚོགས་ལ་མི་ཆགས་པར་ནམ་ཞག་གཏན་གྱིའདུན་མ་འགྲུབ་པ་ཞིག་བྱེད་དགོས་པར་འདུག དེའི་འགག་རྒྱུ་འབྲས་ཀྱི་བླང་དོར་འཛོལབ་མེད་པར་སྤྱད་ནས། སྡུག་བསྔལ་ཅན་གྱི་འཁོར་བ་འདི་ལས་ནག་ཅན་བཙོན་དོང་ནསའབྲོས་པ་ལྟ་བུའི་འདུ་ཤེས་བསྐྱེད་པ་ལ་ནན་ཏན་དུ་བསླབ་པར་བྱའོ། །བཞི་པ་ཚད་མེད་བཞི་སྒོམ་པ་ནི། ཡུལ་སེམས་ཅན་ཚད་མེད་པ་ལ་སྙིང་རྗེ་ལ་སོགསཔའི་བློའི་རྣམ་པ་ཚད་མེད་པས་ན་ཚད་མེད་པ་ཞེས་བྱ་བ་ཡིན། དེ་ཡང་ནམ་མཁའི་མཐའདང་མཉམ་པའི་སེམས་ཅན་འདི་རྣམས་བདག་གི་མར་མ་གྱུར་པ་ནི་གཅིག་ཀྱང་མེད། དེལྟར་མ་བྱས་རེས་བཞིན་ད་ལྟའི་མས་ཇི་ལྟར་བསྐྱངས་པ་བཞིན་དུ་གནོད་པ་ཐམས་ཅད་ལས་

p. 93

ནི་བསྐྱབས། བརྩེ་བའི་སེམས་ཀྱིས་ནི་བཟུང་། བྱམས་པའི་སྤྱོད་ལམ་གྱིས་མཐུན་པརབསྐྱངས། ཕན་པ་སྒོ་དུ་མ་ནས་བཏགས་པའི་དྲིན་ཅན་གྱི་མ་ཤ་སྟག་ཡིན་པ་ལ་དགྲ་གཉེནགྱི་རིས་སུ་གཅོད་པ་ཅི་སྟེ་རིགས། འདི་དག་འཁྲུལ་པའི་སྨྱོ་ཆུས་ཟིན་པས་མ་བུའི་འབྲེལམ་ཤེས་པ་ཡིན་མོད། དེས་ན་མ་འགྲོ་དྲུག་གི་སེམས་ཅན་འདི་རྣམས་འདོད་པ་བདེ་བ་འདོདཀྱང་། སྒྲུབ་པ་སྡུག་བསྔལ་འབའ་ཞིག་བསྒྲུབས་པས་ཞེ་འདོད་དང་ལག་ལེན་འཛོལ་ཏེབཟོད་པར་དཀའ་བའི་སྡུག་བསྔལ་རྒྱུ་དང་བཅས་པ་ལ་བར་མེད་དུ་སྤྱོད་པ་སྙིང་རེ་རྗེ། འདིདག་གི་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག་སྙམ་དུ་དབུགས་ཀྱི་འགྲོ་འོང་དང་སྦྱརནས་བདེ་སྡུག་བརྗེ་བར་སློབ་པའམ། དེ་ལྟར་མི་ནུས་ན་ཡང་རང་ལ་སྡུག་བསྔལ་ཡོད་པའམ། མེད་ན་ཡང་རང་རྒྱུད་ཀྱི་ཉོན་མོངས་པ་ངེས་སླ་བ་གཅིག་ཡིད་ཡུལ་དུ་བྱས་ནས། དེ་སེམསཅན་རྣམས་ཀྱི་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་གི་ཚབ་ཏུ་བཏང་ནས་བདག་གི་སྡུག་བསྔལརྒྱུ་དང་བཅས་པ་འདིས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལབར་གྱུར་ཅིག ཅེེས་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་ཡིད་ཚིམ་པར་བྱས་ཏེ་རང་བབསརྩ་བྲལ་གྱི་ངང་དུ་འཇོག དེས་མཚོན་ནས་བྱམས་པ་ནི། གནས་སྐབས་ཀྱི་ཚོར་བ་བདེ་བརང་རྒྱུད་ལ་གསལ་བའམ། རང་རྒྱུད་ཀྱི་དགེ་བ་རྣམ་པ་གསལ་བ་ཞིག་ཡིད་ཡུལ་དུ་བྱསནས། དེ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་བདེ་བའི་རྒྱུར་བཏང་ནས། བདག་གི་དགེབ་རྒྱུ་དང་བཅས་པ་འདིས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པརགྱུར་ཅིག་སྙམ་དུ་བསམ་ཞིང་བརྗོད་ནས་སེམས་རྩ་བྲལ་གྱི་ངང་ལ་འཇོག དགའ་བ་ནི། བདེབ་དེ་ཡང་གནས་སྐབས་ཀྱི་བདེ་བ་ཉི་ཚེ་བ་མ་ཡིན་པར་གཏན་དུ་བདེ་བའི་མཚན་ཉིད་ཅནགྱི་བདེ་བ་རྒྱ་ཆེན་པོ་དང་མི་འབྲལ་བར་གྱུར་ཅིག སྙམ་དུ་བསམ་ཞིང་བརྗོད་ནས་ངོ་བོ་རངསར་གློད་ནས་འཇོག བཏང་སྙོམས་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་དགོསསོ་སྙམ། སྡུག་བསྔལ་དང་བྲལ་དགོས་སོ་སྙམ་པ་ཡིན་པས། སེམས་ཅན་ཐམས་ཅད་ཉེ་རིངཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་སྙམ་དུ་བསམ་ནས། སྙམ་

p. 94

མཁན་རང་སར་གློད་པ་དོན་དམ་པའི་བཏང་སྙོམས་ལ་འཇོག དེ་ལྟར་ཚད་མེད་བཞི་པོ་དེཡང་ཀུན་རྫོབ་དང་དོན་དམ་གྱི་བློའི་རྣམ་པ་གཉིས་རེས་འཇོག་ཏུ་བསྒོམས་པས་དེ་གོམསནས་དོན་གྱི་བློ་ཡི་སྣང་ཆ་ཀུན་རྫོབ་ཚད་མེད་བཞིའི་རྣམ་པར་འཆར་བར་འགྱུར་ཞིང་། དེལྟར་ཚད་མེད་བཞི་ལ་བློ་འབྱོངས་ནས་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་རྣལ་མ་མ་སྐྱེབར་ནན་ཏན་ཏུ་འབད་པར་བྱའོ། །ལྔ་པ་སྐྱབས་འགྲོ་བྱ་བ་ནི། དཔེར་ན་ནག་ཅན་བཙོན་དོང་དུ་ཆུད་པ་ཆད་ལས་སྣ་ཚོགསཀྱིས་མནར་ཞིང་བཟོད་དཀའ་བའི་སྡུག་བསྔལ་གྱིས་ཉེན་པ་ན། དེ་ལས་སྐྱོབ་ནུས་པ་ཞིགཅི་རྙེད་ཕ་འབོད་མ་འབོད་བྱེད་པ་བཞིན་དུ། རང་རེ་རྣམས་ཀྱང་མི་དགེ་བཅུ་སྤོང་བ་སོགསདགེ་བའི་ལས་འབྲས་ཀྱིས་རེ་ཞིག་བདེ་འགྲོར་སྐྱེས་ཀྱང་སྡུག་བསྔལ་ཐམས་ཅད་སྤངས་པའིཐར་པའི་གོ་འཕང་མ་ཐོབ་ན། སྔར་བྱས་ཀྱི་དགེ་བའི་འཕེན་པ་ཟད་ནས་སླར་ངན་སོང་དུལྟུང་སྟེ་ཡུན་རིང་ལ་དོས་དྲག་པའི་སྡུག་བསྔལ་མི་བཟོད་པ་སྣ་ཚོགས་མྱོང་དགོས་པར་འདུག སྡུག་བསྔལ་དེ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་མེདཅིང་། དེ་ཡང་རང་ལ་དངོས་སུ་སྣང་བའི་སངས་རྒྱས་ནི་བླ་མ་ཡིན་ཏེ། སངས་རྒྱས་ཐམསཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་ཕྱིར། སྐྱབས་གནས་དཀོན་མཆོག་རིན་པོ་ཆེརྣམ་པ་གསུམ་ཁོ་ན་ལ་སྐྱབས་དང་ར་མདའ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམས་ཏེ། རང་ཉིདགང་དུ་གནས་པའི་ས་ཕྱོགས་འདི་སངས་རྒྱས་ཀྱི་ཞིང་ཁམས་སུ་གསལ་བའི་དབུས་སུ་དཔགབསམ་གྱི་སྡོང་པོ་ཡལ་ག་ལྔ་པ་ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པས་ནམམཁའ་གང་བའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་དར་སྣ་ཚོགས་ཀྱིས་བཀབ་པའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་རང་གི་རྩ་བའི་བླ་མ་ནས་བཟུང་ཀུན་ཏུ་བཟང་པོའབར་མས་ནས་རིམ་བཞིན་ཐོ་བརྩེགས་སུ་བཞུགས་པ། རྩ་བའི་བླ་མའི་ཕྱོགས་བཞིའི་ཡལགའི་གཡས་ཕྱོགས་སུ་སངས་རྒྱས་དཀོན་མཆོག་ཐུབ་པའི་དབང་པོ་ལ་ཕྱོགས་བཅུའི་སངསརྒྱས་སོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་

p. 95

ཅན། གཡོན་དུ་ཉེ་བའི་སྲས་བརྒྱད་སོགས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོསཀྱི་དགེ་འདུན་འཕགས་པའི་ཚོགས་རྣམས། མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགསརྣམས་དང་། མཐའ་སྐོར་དུ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོརབ། དེ་ཐམས་ཅད་ཀྱང་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། འོད་དང་འོད་ཟེར་མུ་མེདཔར་འཕྲོ་བ། མཐོང་ཐོས་དྲན་རེག་ཐམས་ཅད་སྐད་ཅིག་ལ་སྒྲོལ་བའི་ཐུགས་རྗེ་དང་ནུསཔ་ལྡན་པས་རང་ཉིད་ལ་དགྱེས་ཤིང་བརྩེ་བའི་ཉམས་ཀྱིས་བཞུགས་པར་བསམ་ཞིང་རངགཞན་སེམས་ཅན་ཐམས་ཅད་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པའི་མོསགུས་གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བར་མོས་ནས། ན་མོ། སྣང་བ་མ་བཀོད་དབྱིངསཀྱི་ནང ༔ ཞེས་སོགས་ཀྱིས་སྐྱབས་འགྲོ་ཅི་ནུས་སུ་བྱས་ནས། ཐུན་འཇོག་ཁར་སྐྱབས་ཡུལརྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་དྲངས། མཐརསྐྱབས་ཡུལ་རྣམས་རྩ་བའི་བླ་མ་ལ་བསྡུས། དེ་ཡང་འོད་ཀྱི་རྣམ་པར་ཞུ་ནས་རང་ལ་ཐིམཔས་རང་སེམས་དང་དབྱེར་མེད་པའི་རིག་སྟོང་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་འཇོགཔ་ནི་དོན་དམ་པའི་སྐྱབས་འགྲོ་ཡིན་ཞིང་། དེ་ལས་ལྡང་བ་ན་དགེ་བ་བསྔོའོ། །དྲུག་པ་སེམས་བསྐྱེད་པ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་པའི་བློ་སྐྱེས་པནི་སྨོན་པའི་སེམས་བསྐྱེད་དང་། དེ་སྐྱེས་པ་ཙམ་གྱིས་བྱང་ཆུབ་མི་ཐོབ་པས་དེའི་བསླབ་བྱལ་སློབ་པར་བྱེད་པ་ནི་འཇུག་པའི་སེམས་བསྐྱེད་ཡིན་ལ། དེའི་ཚུལ་ནི། སེམས་ཅན་ཐམསཅད་ཀྱི་སེམས་ཉིད་གདོད་མ་ནས་སངས་རྒྱས་སུ་གནས་པ་དེ་ཉིད་མངོན་དུ་འགྱུར་བའི་ཕྱིར། རང་གི་སེམས་ཉིད་སངས་རྒྱས་སུ་མངོན་དུ་བྱའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་སེམསཉིད་སངས་རྒྱས་སུ་བྱེད་པའི་ཐབས་ཟབ་མོའི་ལམ་འདི་ཉིད་བསྒྲུབ་པར་བྱའོ་སྙམ་དུ་བསམསནས། སྣང་བ་བཀོད་པ་ཆེན་པོའི་དབྱིངས༔ ཞེས་སོགས་ཀྱིས་བསྐྱེད་པར་བྱ་ཞིང་། དེའིམཐར་སེམས་རྩ་བྲལ་དུ་འཇོག་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ལྟར་སྨོནའཇུག་གི་བློའི་རྣམ་པ་དང་ཆོ་གས་བསྐྱེད་པ་ཐམས་ཅད་ལ་སེམས་བསྐྱེད་ཅེས་སྒྲ་ཡང་པའི་

p. 96

དབང་དུ་བྱས་ཀྱི། དོན་དུ་སྨོན་འཇུག་གི་བློའི་རྣམ་པ་ལ་བྱང་ཆུབ་ཀྱི་སེམས་དང་། དེ་སྐྱེདཔའི་ཐབས་ལ་ཆོ་ག་ཞེས་བྱ་ཞིང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་སེམས་ཅན་ཐམས་ཅདཀྱིས་དགེ་རྩ་རྒྱ་ཆེན་པོ་ལན་མང་དུ་བསགས་པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟགགིས་སྒོ་གསུམ་གང་རུང་གིས་དགེ་རྩ་ཕྲ་མོ་གཅིག་བྱས་པ་ཡང་བསོད་ནམས་ཆེས་འཕགསཔར་གསུངས་སོ། །བདུན་པ་སྒྲིབ་སྦྱོང་རྡོར་སེམས་ཀྱི་སྒོམ་བཟླས་ནི། དེ་ཡང་གོང་གི་སྐྱབས་འགྲོ་དངསེམས་བསྐྱེད་པ་ཉིད་རྟེན་གྱི་སྟོབས་དང་། རང་སེམས་གདོད་མ་ནས་སངས་རྒྱས་སུ་གནསཔ་མ་ཤེས་པར། ཐོག་མ་མེད་པ་ནས་སེམས་རྒྱུད་ཀྱི་སྟེང་དུ་སྡིག་པ་ཚན་པོ་ཆེ་བསགསའདུག་པ་མ་ལེགས་པས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་ཏུ་བསྐྱེད་པ་སུན་འབྱིན་པའིསྟོབས་དང་། དེའི་ཤུགས་ཀྱིས་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་དུ་དམ་བཅའབ་ཉེས་པ་ལས་ལྡོག་པའི་སྟོབས་དང་། སྔར་བྱས་ཀྱི་གཉེན་པོར་རྡོར་སེམས་སྒོམ་བཟླསབྱ་བ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཡིན་ཏེ། དེ་ཡང་། ༀ་སྭ་བྷཱ་ཝ་ཤུངྔྷ་སརྦ་ངྷརྨ་སྭཱ བྷཱ་ཝ་ཤུངྔྷོ྅ཧཾ། ཞེས་བརྗོད་པས་མ་དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས། སྟོང་ཉིད་དེའི་ངང་ནས་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀརཔོ་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལགཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ཉམས་ཅན། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིངགཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་ཅུང་ཟད་བརྐྱང་པའི་སེམས་དཔའི་སྐྱིལ་ཀྲུངགིས་བཞུགས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། མིགགིས་བལྟར་མི་བཟོད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། དེའི་ཐུགས་ཀར་པདྨ་ལ་གནས་པའིཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོ། ཡན་ལག་བཞི་ལ་ༀབཛྲ་སཏྭ་ཨཱཿ དེའི་མཐར་ཡིག་བརྒྱའི་ཕྲེང་བས་སྐྱ་ཧྲམ་མེ་བསྐོར་བ་ལ་དམིགས་ནས། ཡི་གེ་བརྒྱ་པ་དང་ཡི་གེ་དྲུག་པ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པ་ཅི་ནུས་སུ་བཟླས་པས་

p. 97

ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་བབས་པས་སྡིག་པ་དངསྒྲིབ་པ་དེས་བསྐྱེད་པའི་སྡུག་བསྔལ་ནད་གདོན་ཐམས་ཅད་ནག་ཉིལ་གྱིས་གཤང་གཅིའིལམ་དང་བ་སྤུའི་ཁུང་བུ་ནས་ཕྱིར་སྦྱངས་པས་ལུས་ཐམས་ཅད་ཤེལ་གོང་ལྟར་དག་ཅིང་། དེའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། སྣང་བ་ཐམས་ཅདརྡོ་རྗེ་སེམས་དཔའི་སྐུ་དང་། སྒྲ་གྲག་སྔགས་ཀྱི་རང་བཞིན་དུ་ཤེས་པར་བྱ་ཞིང་། མཐར་དེརྣམས་རང་ལ་ཐིམ་རང་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟརགསལ་བ་ལ་བློ་བཞག་ནས། རྩོལ་བྲལ་རང་བབས་ཀྱི་ངང་གདངས་བསྐྱང་ཞིང་འཁོར་གསུམརྟོག་མེད་ཤེས་རབ་ཀྱིས་རྒྱས་བཏབ་ནས་དགེ་བ་བསྔོའོ། །བརྒྱད་པ་ཚོགས་བསགས་མཎྜལ་ནི། སངས་རྒྱས་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཚོགསབསག་པ་ཡིན་ཞིང་། དེའི་གནད་ཀྱི་སྙིང་པོ་མཎྜལ་ལ་འདུས་པས། མདུན་གྱི་ནམ་མཁརཚོགས་ཞིང་སྔར་གྱི་སྐྱབས་ཡུལ་བཞིན་དུ་བཞུགས་པར་བསམས་ཏེ་མོས་གུས་གདུང་ཤུགསཚད་མེད་པ་བསྐྱེད་ནས། སྐུ་གསུམ་གྱི་མཎྜལ་འབུལ་བ་ལས། དང་པོ་ནི། རིན་པོ་ཆེ་ལསོགས་པའི་མཎྜལ་ཕྱིས་ནས་ཚོམ་བུ་ལྔ་བཀོད་ལ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམསགདོད་མ་ནས་རང་བཞིན་གྱི་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་སྣང་ཆ་ཡེཤེས་ཀྱི་རང་འོད་ལྔར་གསལ་བ་བླ་མ་ཆོས་ཀྱི་སྐུ་ལ་དབྱིངས་རིག་དབྱེར་མེད་ཀྱི་དགོངསཔས་འབུལ་བ་ནི། ན་མོ༔ གདོད་མའི་ཞིང་ཁམས་རྣམ་པར་དག་པ་རུ༔ སོགས་ཀྱིས་འབུལ། གཉིས་པ་ནི། ཚོམ་བུ་ལྔ་བཀོད་ལ། འོག་མིན་ཆོས་ཀྱི་དབྱིངས་རྣམ་དག་སྟུག་པོ་བཀོད་པའིཞིང་ཁམས། ཐིག་ལེ་རང་གསལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚོམ་བུར་ཤར་བ། འདོད་ཡོནམཆོད་པའི་སྤྲིན་ཕུང་མཐའ་ཡས་པར་དམིགས་ཏེ། དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དགཔ་རུ༔ སོགས་ཀྱིས་འབུལ། གསུམ་པ་ནི། ཚོམ་བུ་སོ་བདུན་ནམ། ཉེར་གསུམ་མམ། བདུནསོགས་གང་འོས་བཀོད་ལ། དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་རི་རབ་གླིང་བཞི་གླིངཕྲན་ཉི་མ་ཟླ་བ་འདོད་ཡོན་ལྔ་རིན་ཆེན་བདུན་སོགས་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་

p. 98

ཚོགས་པ་མ་ཚང་བ་མེད་པས་ཡོངས་སུ་གང་བའི་འཇིག་རྟེན་གྱི་ཁམས་གཅིག་གསལ་བརདམིགས་ནས། དེ་འདྲ་བ་སྟོང་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན། དེ་སྟོང་ལ་སྟོང་གཉིས་པ། དེསྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། དེ་དག་གསལ་བར་དམིགསནས། སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་སུ༔ སོགས་ཀྱིས་བླ་མ་སྤྲུལ་སྐུ་ལ་ཕུལནས། ཚོམ་བུ་གསོ་བཞིན་དུ། ཆོས་སྐུའི་མཎྜལ་སྟོང་ཉིད་སྙིང་རྗེས་འབུལ༔ ཞེས་སོགསཀྱིས་བླ་མ་སྐུ་གསུམ་ལ་སྐུ་གསུམ་གྱི་ཞིང་ཁམས་ཕུལ་ནས། མཐར་ཚོགས་ཞིང་མཆོད་རྫསདང་བཅས་པ་འོད་དུ་ཞུ་བ་ཧཱུྃ་གི་རྣམ་པས་རང་ལ་བསྡུས་ནས་འཁོར་གསུམ་མི་རྟོག་པའིངང་ལ་འཇོག་པ་ནི་དོན་དམ་པའི་མཆོད་པའོ། །དགུ་པ་བླ་མའི་རྣལ་འབྱོར་ནི། དེ་ཡང་སངས་རྒྱས་སྒྲུབ་པའི་ཉེར་ལེན་གྱི་རྒྱུ་ནི་ཁམསབདེ་བར་གཤེགས་པའི་སྙིང་པོའམ་གཞི་གནས་ཀྱི་རིགས་ཉིད་ཡིན་ལ། ལྷན་ཅིག་བྱེད་རྐྱེནནི་སངས་རྒྱས་ཀྱི་བྱིན་རླབས་ཡིན་ཞིང་། བྱིན་རླབས་དེ་འཇུག་པའི་ཉེར་ལེན་ནི་མོས་གུསཁོ་ན་ལ་རག་ལུས་པ་ཡིན་ནོ། །འོ་ན་ལྷན་ཅིག་བྱེད་རྐྱེན་སངས་རྒྱས་ཀྱི་བྱིན་རླབས་ཡིན་ན། འོ་སྐོལ་གྱི་སྟོན་པ་སངས་རྒྱས་ནི་ཚེ་ལོ་བརྒྱ་པའི་དུས་སུ་བྱོན་ནས་མྱ་ངན་ལས་འདས་པའིཚུལ་བསྟན་ནས་ད་ལྟ་མི་བཞུགས་པས་ད་ནི་སངས་རྒྱས་ཀྱིས་བསྐལ་པ་ཡིན་ནོ་སྙམ་ན། རངལ་དངོས་སུ་སྣང་བའི་སངས་རྒྱས་ནི་བླ་མ་མཚན་ཉིད་དང་ལྡན་པ་དེ་ཡིན་ལ། དེའི་ཞལནས་ཆོས་ཀྱི་རྣམ་པར་རིག་བྱེད་སློབ་མའི་རྒྱུད་ལ་འཕོ་བ་ནི་སངས་རྒྱས་ཀྱི་བསྟན་པ་ཡིནཞིང་། གལ་ཏེ་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ན་སྟོན་པ་སངས་རྒྱས་མྱ་ངན་ལས་འདསཔའི་སྐད་ཅིག་ཕྱི་ལོགས་དེ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱུན་ཆད་པར་བྱེད་དགོས་ན་དེ་ལྟརའདོད་པ་ནི་སུ་ཞིག་ཡོད། དེས་ན་སངས་རྒྱས་ཀྱི་ཡེ་ཤེས་བདག་པོར་སོང་བ་ལས་ཆོས་ཀྱིརྣམ་པར་རིག་བྱེད་བླ་མའི་ཞལ་ནས་སློབ་མའི་རྒྱུད་ལ་འཕོ་བར་ནུས་པ་ཡིན་གྱི། སངསརྒྱས་ཀྱི་ཡེ་ཤེས་བདག་པོར་མ་སོང་ན་ཆོས་ཚིག་གཅིག་ཀྱང་སྨྲ་བར་མི་ནུས་སོ། །དེ་ལྟརབླ་མའི་གསུང་དེ་སངས་རྒྱས་ཀྱི་གསུང་ཡིན་ཙ་ན། སྐུ་དང་ཐུགས་ཀྱང་སངས་རྒྱས་ཀྱི་སྐུ་

p. 99

དང་ཐུགས་ཡིན་པ་ལས་འོས་ཅི་ཡོད། འོན་ཀྱང་མིག་སྐྱོན་ཅན་གྱིས་དུང་སེར་པོར་མཐོངབ་ལྟར། བླ་མ་ཐ་མལ་པར་མཐོང་བ་ནི་རང་རྒྱུད་ཉོན་མོངས་ཀྱིས་གང་བའི་དབང་གིས་བླམ་ཡང་དེ་དང་མཐུན་པར་སྣང་བ་ཡིན། དེས་ན་བླ་མ་ནི་དཀོན་མཆོག་ཀུན་འདུས་ཀྱི་ངོབོར་ངེས་ཤེས་ཀྱིས་དྲངས་པའི་ཡིད་ཆེས་པ་ཞིག་དགོས་ལ། དེ་མེད་ན་དང་པོར་ཡིད་ཆེསཀྱི་དད་པ་རྣལ་མ་མི་སྐྱེ། དེ་མ་སྐྱེས་པས་དང་བའི་དད་པ་དང་འདོད་པའི་དད་པ་གཉིས་ཀྱངམི་སྐྱེ་ཞིང་། མཐར་དད་པ་དེས་སྲན་མི་ཐུབ་པས་མི་ཕྱེད་པའི་དད་པ་མི་འབྱུང་ལ། དེ་རྣམསམེད་ན་ཟབ་ལམ་གྱི་རྟེན་འབྲེལ་ཐམས་ཅད་མོས་གུས་ཀྱི་གནད་འདི་ལ་བརྟེན་ནས་སྒྲིགདགོས་པའི་ཕྱིར་དེ་ལྟར་ངེས་པར་བྱས་ནས། རང་གི་མདུན་གྱི་ནམ་མཁར་འཇའ་ཚོན་འོདལྔ་འཁྲུག་པའི་ཀློང་ན་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའིགདན་ལ་རང་གི་རྩ་བའི་བླ་མ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱི་བོ་ནས་ཡས་རིམ་བཞིནཀུན་བཟང་ལ་ཐུག་གི་བར་བརྒྱུད་པའི་བླ་མ་རྣམས་སྐྱབས་ཡུལ་བཞིན་ཐོ་བརྩེགས་སུ་བཞུགསཔ། དེ་དག་གི་མཐའ་སྐོར་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་སྤྲིན་ཕུང་གཏིབས་པ་བཞིན་བསྐོར་བ། དེ་ཐམས་ཅད་ཀྱངསྐུ་མཚན་དཔེའི་གཟི་མདངས་དང་ལྡན་པ། གསུང་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། ཐུགསཟབ་གསལ་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འབར་ཞིང་། ཐུགས་རྗེའི་བྱིན་རླབསདང་ཕྲིན་ལས་བདག་རྒྱུད་བྱིན་གྱིས་བརླབས་པའི་བདག་ཉིད་དུ་བཞུགས་པ། དཔེར་ན་ཉིམའི་དཀྱིལ་འཁོར་གཅིག་གི་འོད་ཟེར་གྱིས་ཀུན་ཏུ་སྣང་བར་བྱེད་པ་བཞིན་དུ། བླ་མའི་སྐུགཅིག་པོ་དེ་ལས་མ་གཡོས་བཞིན་དུ་སྐུའི་སྣང་བ་བསམ་གྱིས་མི་ཁྱབ་པས་ཞིང་ཁམས་ཐམསཅད་ཁྱབ་པར་སྣང་བའོ་སྙམ་དུ་བསམས་ལ། སྐྱོན་རྟོག་གི་བློ་ངན་སྤངས་ཏེ་ཡོན་ཏན་རྗེསསུ་དྲན་པའི་མོས་གུས་མཆི་མ་འཁྲུག་པ་ཙམ་དུ་བསྐྱེད་ནས། ན་མོ༔ ཆོས་དབྱིངས་གདོདམའི་མཁའ་རྒྱ་རུ༔ ཞེས་སོགས་བླ་བརྒྱུད་ཀྱིས་གསོལ་འདེབས་ཚར་གསུམ་གྱིས་ཉུང་མཐའབྱས་པ་སྔོན་དུ་བཏང་ནས། གཙོ་བོར། བླ་མའི་སྐུ་ལ་གསོལ་བ་འདེབས༔ ཞེས་སོགས་ཅི་

p. 100

ནུས་གསོལ་བ་བཏབ་པས་ཀུན་བཟང་ནས་བཟུང་བརྒྱུད་པའི་བླ་མ་རྣམས་མས་རིམ་གྱིསརྩ་བའི་བླ་མའི་བར་དུ་ཐིམ། མཐའ་སྐོར་གྱི་ལྷ་ཚོགས་ཀྱང་རྩ་བའི་བླ་མ་ཉིད་ལ་ཐིམ་པས། དེ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་དུ་བཞུགས་པའིདཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚནཔར་མོས་ནས་སླར་ཡང་གསོལ་བ་བཏབ་པས། བླ་མའི་དཔྲལ་བར་ༀ་ལས་འོད་ཟེར་དཀརཔོ་འཕྲོས། རང་གི་དཔྲལ་བར་ཐིམ་ལུས་ཀྱི་སྒྲིབ་པ་སྦྱངས། སྐུའི་བྱིན་རླབས་ལུས་ལ་ཞུགས། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་རང་ལུས་དབྱེར་མེད་སྣང་སྟོང་གི་ངང་དུ་བཞག མགྲིནཔའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་ངག་གི་སྒྲིབ་པ་སྦྱངས། གསུང་གི་བྱིན་རླབས་ངག་ལ་ཞུགས། སངས་རྒྱས་ཐམས་ཅད་ཀྱི་གསུང་དང་རང་གི་ངགདབྱེར་མེད་གྲག་སྟོང་གི་ངང་ལ་བཞག ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རངགི་སྙིང་ཀར་ཐིམ་ཡིད་ཀྱི་སྒྲིབ་པ་སྦྱངས། ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། སངས་རྒྱསཐམས་ཅད་ཀྱི་ཐུགས་དང་རང་གི་ཡིད་དབྱེར་མེད་བདེ་སྟོང་གི་ངང་ལ་བཞག བླ་མའི་གནསགསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནསགསུམ་དུ་ཐིམ། སྒོ་གསུམ་གྱི་སྒྲིབ་པ་སྦྱངས། རྡོ་རྗེ་གསུམ་གྱི་བྱིན་རླབས་སྒོ་གསུམ་ལ་ཞུགས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེདཔའི་ངང་ལ་བཞག མཐར་བླ་མ་རང་གི་སྤྱི་བོར་བྱོན་པ་ལ་མོས་གུས་ཤུགས་དྲག་ཏུ་བསྐྱེདནས་གསོལ་བ་བཏབ་པས་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་ཐིམཔ་གཉིས་མེད་དུ་བསྲེས་ལ་རང་བབས་སུ་ལྷོད་དེ་གློད་པའི་ངང་དུ་མཉམ་པར་བཞག དེལྟར་རང་དང་བླ་མ་དབྱེར་མེད་ཡིན་ཙ་ན་སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགསམི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་རོལ་དུ་ཤེས་པར་བྱའོ། །དེ་དག་ནི་མདོ་སྔགས་ཐུན་མོངཔའི་སྔོན་འགྲོའི་དབང་དུ་བྱས་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་གནས་ལུགས་གཏན་ལ་དབབ་པ་ལ་གསུམ།

p. 101

རིགས་དྲུག་ས་བོན་སྦྱང་བ། འཁོར་འདས་རུ་ཤན་དབྱེ་བ། རིག་པ་རང་ངོ་སྤྲད་པའོ། །དངཔོ་ནི། དེ་ལྟར་གོང་གི་སྔོན་འགྲོ་རྣམས་ཀྱིས་འཁྲུལ་པའི་རྐྱེན་རྣམས་སྦྱངས་ཀྱང་། ནང་འཁྲུལ་པའི་རྒྱུ་དང་ས་བོན་གཉིས་ཟད་པར་མ་བྱས་ན་ཞེ་སྡང་སོགས་ཉོན་མོངས་པའི་ཀུན་སློང་གིསམི་དགེ་བའི་བག་ཆགས་ལུས་གནས་ཀྱི་ས་བོན་སོ་སོ་ལ་བཞག་པས་དེ་དང་དེའི་ནུས་པ་སདཔར་བྱས་ཏེ་རིགས་དྲུག་གི་འཁོར་བའི་རྒྱུན་ཆོད་པར་མི་འགྱུར་བས་དེ་ཆོད་པར་བྱ་བའི་ཆེདདུ། རིགས་དྲུག་ས་བོན་སྦྱངས་ཐབས་བསྟན༔ ཅེས་གསུངས་པས། སྦྱང་གཞི་ལུས་ཀྱི་གནསདྲུག་ཏུ། སྦྱང་བྱ་འབྲས་བུ་རིགས་དྲུག་གི་ས་བོན་གནས་ཚུལ་ནི། ལུས་འདི་མ་རིག་རྒྱུསབསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བགསང་གནས་རྐང་མཐིལ་དུ། །ཨ་ལྷ་སུ་ལྷ་མིན་ནྲྀ་མི་ཏྲི་དུད་འགྲོ་པྲེ་ཡི་དྭགས་དུ་དམྱལ་བ་གནས། །ཞེསཔས་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་ཏྲི་སྔོན་པོ། སྙིང་གརམིའི་ས་བོན་ནྲྀ་ལྗང་ཁུ། ལྟེ་བར་བྱོལ་སོང་གི་ས་བོན་སུ་སེར་པོ། གསང་བར་ཡི་དྭགས་ཀྱིས་བོན་པྲེ་དམར་པོ། རྐང་མཐིལ་གཡོན་པར་དམྱལ་བའི་ས་བོན་དུ་ནག་པོ་རྣམས་ལ་རིགསདྲུག་གི་བག་ཆགས་ལྷན་སྐྱེས་སུ་གནས་པ་ནི་རང་མདོག་གི་འོད་འཁྱིལ་ལི་གནས་པར་བསམཞིང་། འདིར་ལྷ་མིན་དང་དུད་འགྲོའི་ས་བོན་གོ་ལྡོག་པ་ནི་བླ་མ་གོང་མ་འགའི་གསུང་རྒྱུནལས་བྱུང་ཡང་དཔྱད་གཞིར་སྣང་ངོ་། །དེ་སྦྱོང་བྱེད་རིག་པའི་ཡེ་ཤེས་ནི། རིག་པ་སྐུ་གསུམདངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུ་གསུམ་ཤར། །ཞེས་པས། གཉུག་མའི་རྡོ་རྗེ་གསུམགྱི་ངོ་བོ་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ཁ་རྣམས་བཀྲགམ དངས་འོད་ཟེར་འབར་བར་གསལ་ལ། ཡི་གེ་གསུམ་བཟླས་པའི་རྐྱེན་གྱིས་གནས་གསུམགྱི་ཡེ་གེ་ལས་ཡེ་ཤེས་ཀྱི་མེ་རང་འོད་དུ་འབར་བས་རྐང་མཐིལ་གྱི་དམྱལ་བའི་ས་བོན་དངོསམེད་དུ་བསྲེགས་པར་བསམ་ཞིང་། འབྲུ་གསུམ་བརྒྱ་རྩ་གཅིག་བཟླ། དེ་བཞིན་དུ་ས་བོནལྔ་པོ་རིམ་བཞིན་བསྲེགས་པས་རིགས་དྲུག་སོ་སོའ་ལས་དང་རྣམ་སྨིན་ཐམས་ཅད་སྦྱངསནས་རང་ལུས་དྭངས་གསལ་ཤེལ་སྒོང་ཕྱིས་པ་ལྟར་བསམ་ཞིང་། འབྲུ་གསུམ་བརྒྱ་རྩ་གཅིག་

p. 102

བཟླས་པའི་ཚུལ་གྱིས་འབྲུ་གསུམ་གྱི་བཟླས་པ་བདུན་བརྒྱ་དང་དམིགས་རིམ་བདུན་པོ་སྦྱརབས་འབུམ་ཚོ་གསུམ་མ་སོང་གི་བར་བཟླ་ཞིང་། དམིགས་སྐོར་རེ་རེའི་མཐར་ཡང་སེམས་རྩ་བྲལ་གྱི་ངང་ལ་འཇོག་ཅིང་ངལ་གསོ། དེས་སྡིག་པ་དག་པའི་རྟགས་དངོས་སམ་རྨི་ལམཅི་རིགས་པར་འབྱུང་ཞིང་། ཁྱད་པར་ལུས་ངག་ཡིད་གསུམ་ཐ་མལ་གྱི་འཛིན་ཞེན་དག་ནས། ལུས་བདེ་ངག་དག་སེམས་གསལ་སྟོང་མི་རྟོག་པའི་ཉམས་མ་ཤར་གྱི་བར་དུ་འབད་པརབྱའོ། །གཉིས་པ་འཁོར་འདས་རུ་ཤན་དབྱེ་བ་ནི། ཇི་སྐད་དུ། འཁོར་འདས་རུ་ཤན་མ་ཕྱེསན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོརའདས་རུ་ཤན་དབྱེ་བར་བྱ། །ཞེས་པས་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོསཉིད་ཡེ་ན ས་རང་བཞིན་གྱི་རྣམ་པར་དག་ཀྱང་གློ་བུར་འཁྲུལ་པའི་སྣང་ཞེན་གྱིས་བསྒྲིབསཔས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་རིགས་དྲུག་གི་གནས་སུ་དབང་མེད་དུ་འཁོར་ཞིང་། ལུས་ཀྱི་རྣམ་འགྱུར་ངང་གི་སྨྲ་བརྗོད་སེམས་ཀྱི་རྟོག་དཔྱོད་སྡུག་བསྔལ་གྱི་མྱོང་ཚུལ་གྲངསཀྱིས་མི་ཆོད་པ་ཞིག་བྱས་ཀྱང་དོན་མེད་འབའ་ཞིག་ཏུ་སོང་མོད། ད་དུང་ཟིན་མེད་ཀྱི་ལསལ་ཞེན་ཅིང་ཆགས་པས་ཅི་བྱ། དེས་ན་ད་རེས་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེ་ཕྱིནཆད་འཁོར་བར་སྐྱེ་བའི་རྩ་བ་ཆོད་པ་ཞིག་བྱ་དགོས་ཏེ། ཇི་ལྟར་འཁོར་བའི་ལས་སྣང་དངརྣམ་པ་མཐུན་པར་ལམ་དུ་བྱས་པས་ལས་ངན་གྱི་མཚང་རྟོགས་ནས་ཕྱིན་ཆད་འཛིན་ཞེནལས་གྲོལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་དབྱེ་ན་ལུས་དང་ངག་དང་ཡིད་རུ་ཤན་དབྱེ་བདང་གསུམ། དང་པོ་ལ་ལུས་རུ་ཤན་དབྱེ་བ་དང་རྒྱས་འདེབས་པའོ། །དང་པོ་ནི། རི་ངོགསལུང་སྟོང་སོགས་མིའི་འགྲོ་འོང་མེད་པའི་གནས་དབེན་པར་སོང་སྟེ་གཞི་བདག་ལ་གཏོརམ་བྱིན་ནས། ད་ནི་སེམས་ཅན་གྱི་དོན་དུ་འཁོར་འདས་རུ་ཤན་ཕྱེ་ལ་ཕྱིན་ཆད་འཁོར་བརམི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་སོགས་རིགས་

p. 103

དྲུག་གི་སྡུག་བསྔལ་སྤྱོད་ཚུལ་ཐམས་ཅད་རང་རྒྱུད་ལ་མྱོང་བར་བསམ་ཞིང་། དེ་དང་དེའིསྒྲ་སྐད་སོགས་བརྗོད་པས་མཆོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར་ཐམས་ཅད་འགྱུ་བསྤུན་དག་ཏུ་མ་གྱུར་གྱི་བར་དུ་བྱས་ནས་རྗེས་ཤེས་ཀྱི་རང་ངོ་ལྟ་ཞིང་ཕཊ་ཅེས་ངལ་གསོ། ཡང་། ལུས་ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་རྣམ་འགྱུར། ངག་དེ་དག་གི་སྔགས་བཟླཞིང་རྣམ་པ་གསལ་བ་དང་། ངར་འཛིན་ཅི་ནུས་བྱས་ལ་ཕཊ་ཅེས་རང་ངོ་བསྐྱང་ངོ་། །གཉིསཔ་ནི། རང་ལུས་རྡོ་རྗེ་སྐྱིལ་ཀྲུང་བྱ། །ལུས་ཀྱི་ཆ་ནི་དྲང་པོར་བསྲངས། །ལག་གཉིས་སྤྱིབོར་ཐལ་སྦྱར་བྱ། །འོག་གི་རྐང་མཐིལ་གཉིས་སྤྲད་ལ། །ལུས་ནི་རྡོ་རྗེའི་ཚུལ་དུ་བསྒོམ། །ཞེས་གསུངས་པས། དེ་ཡང་ལུས་ལ་གནད་དུ་བསྣུན་པས་སེམས་དྭངས་སྙིགས་འབྱེད་པརའགྱུར་བའི་ཕྱིར། རྐང་མཐིལ་གཉིས་སྦྱར་སོར་མོར་བཅུ་ས་ལ་བཙུགས། པུས་མོ་ཕྱིརབརྒྱངས། སྒལ་ཚིག་དྲང་པོར་བསྲངས། ལག་གཉིས་སྤྱི་བོར་ཐལ་མོ་སྦྱར། གྲུ་མོ་ཐད་སོརཕྱིར་བརྒྱངས། མགྲིན་པ་ཨོལ་མདུད་ནོན་པར་བྱས། ཉྭ་བཞི་ཤུགས་ཕྱུང་ནས་བསྒྲིམས་ཏེརྡོ་རྗེའི་གདུག་སྟངས་བྱས་པ་བཞིན་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་སྒོམ། དེསལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་གནས་པར་འགྱུར། དེས་ནི་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ལུས་ཀྱི་མངོན་ཞེན་ལྡོག་པསའཁོར་བའི་རྟེན་མི་འཆའ། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་མེད་དུ་གྲོལ་བར་འགྱུརརོ། །གཉིས་པ་ལ་ངག་རུ་ཤན་དབྱེ་བ་དང་། རྒྱས་འདེབས་པའོ། །དང་པོ་ནི། སྔར་བཞིནདམྱལ་བ་ནས་ལྷའི་བར་གྱི་སྒྲ་སྐད་རྣམས་བརྗོད་ཅིང་དེ་དང་དེའི་སྡུག་བསྔལ་རྣམས་བསམ། བར་བར་ཕཊ་ཅེས་ངལ་གསོ། ཡང་བདེ་གཤེགས་ཞི་ཁྲོའི་སྔགས་རྣམས་བརྗོད་ཅིང་ཕཊཅེས་ངལ་གསོ། གཉིས་པ་ནི། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱངབ། །གཉེན་བཙལ་ལམ་དུ་འཇུག་པའོ། །ཞེས་པ་ལྟར་བཞི་ལས། དང་པོ་ཕྱི་སྣང་བ་དང་། ནང་ཕུང་པོ་ལ་རྒྱས་བཏབ་པ་གཉིས་ཀྱི། ཕྱི་ནི་ལུས་གནད་ཆོས་བདུན་བཅས་ཏེ་སྙིང་གར་ཧཱུྃ་སྔོན་པོ་བསྒོམ་ནས་སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་

p. 104

ནས་ཧཱུྃ་ཧཱུྃ་ཞེས་རིང་བར་བརྗོད་པས། ཁོང་པའི་ཧཱུྃ་ལས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་ཁནས་ཐོན་ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་གིས་མེར་གྱིས་གང་བ་སྙམ་བྱེད་པ་ནི་སྣང་བ་ལ་རྒྱསཐེབས་སོ། །ནང་ནི། ཡང་ཧཱུྃ་སྔར་ལྟར་བརྗོད་པས་ཕྱི་རོལ་གྱི་ཧཱུྃ་རྣམས་ཁ་ནས་ཞུགས་ལུསཀྱི་ནང་ཐམས་ཅད་མེར་གྱིས་གང་བར་བསམ་ཞིང་རླུང་བཟུང་ལུས་ཧཱུྃ་གིས་གང་བ་སྙམ་བྱེདཔ་ནི་ཕུང་པོ་ལ་རྒྱས་ཐེབས་པའོ། །དེ་གཉིས་ཀྱིས་ནི་ཕྱི་སྣང་བ་དང་ནང་ཕུང་པོ་རང་བཞིནམེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ལ། ཕྱི་སྣང་བ་དང་། ནང་ཕུང་པོ་ལ་རྩལསྦྱང་བ་གཉིས་ཀྱི། ཕྱི་ནི་སྙིང་གའི་ཧཱུྃ་ཡིག་སྔར་ལྟར་གསལ་བ་ལས། ཧཱུྃ་ཞེས་ངར་དང་ལྡནཔར་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་མཐིང་ནག་དྲག་ལ་རྩུབ་པ་རྣོ་ཞིང་མྱུར་བའི་ཤུགསདང་ལྡན་པ། ཕྱིའི་དངོས་པོ་གང་ལ་སྤྲོ་བ་དེ་དང་འཚམ་པས་ཐལ་བྱུང་དུ་ཕུག་ནས་ཧཱུྃ་གི་རངབཞིན་དུ་སོང་བ་སྙམ་བྱེད་པ་ནི་སྣང་བ་ལ་རྩལ་འབྱོངས་པའོ། །ནང་ནི་སྔར་ལྟར་ཧཱུྃ་བརྗོདཔས་ཧཱུྃ་དེ་དག་ཚུར་བྱུང་སྤྱི་བོ་ནས་རྐང་མཐིལ་དང་། མདུན་ནས་རྒྱབ་སོགས་ཏེ་མཐར་ལུསཁོལ་བུ་མེད་པར་ཐལ་ཐལ་སོང་བས་སང་སེང་ཁྲལ་ཁྲོལ་དུ་སོང་སྙམ་པ་ནི་ཕུང་པོ་ལ་རྩལའབྱོངས་པའོ། །དེ་གཉིས་ཀྱིས་ནི་ཕྱི་སྣང་བ་བདེན་མེད་དང་། ནང་ཕུང་པོ་འཇའ་ལུས་འོདགསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུལྟ་བུའི་དམིགས་རྟེན་བཙུགས་ཏེ་ཧཱུྃ་སྙན་ཞིང་རིང་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གིཕྲེང་བ་བར་མ་ཆད་དུ་བྱུང་། དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབསཔ་ན་ངལ་གསོ། ཡང་རིམ་བཞིན་བཤིག་ནས་ངལ་གསོ་བ་ལན་དུ་མར་བྱ་ཞིང་། མཐར་རིདང་ཁྱིམ་དང་ཤིང་སོགས་དཀྲིར་རུང་བ་ཐམས་ཅད་ལ་དཀྲིས་ཤིང་བཤིག་ནས་ངལ་གསོབ་ལ་བསླབ་བོ། །དེ་ལྟར་རླུང་སེམས་ཧཱུྃ་གསུམ་དྲིལ་ནས་དཀྲིས་ཤིང་བཤིག་པ་ལ་སྦྱངསཔས་རིམ་བཞིན་ལམ་དུ་ལོངས་པས་རྣམ་རྟོག་གི་ངར་ཞི་སྟེ་སེམས་ཤིན་སྦྱངས་ཐོབ་ནསདམིགས་པ་གང་དུ་ཡང་བསྒྱུར་ཐུབ་པ་ནི་མཉེན་བཙལ་བའི་དོན་ནོ། །བཞི་པ་ལམ་དུ་འཇུགཔ་ནི། མདུན་དུ་རི་མོ་སྲིན་འགྲོས་ལྟ་བུ་བྲིས། རང་གི་ལུས་དང་རླུང་སེམས་ཆིག་དྲིལ་ཧཱུྃ་

p. 105

ཡིག་སྔོན་པོའི་རྣམ་པ་ཅན་དུ་བྱས་ལ་ཧཱུྃ་སྙན་ལ་རིང་བ་བརྗོད་བཞིན་དུ་སྔར་གྱི་ལམ་ལཞུགས་ནས་སོང་སྟེ་ལམ་སྲོལ་གྱི་རྣམ་པ་ཐམས་ཅད་ལ་རྒྱང་རིང་པོའི་མཐའ་ཚད་མེད་པའིཕ་རོལ་ཏུ་གཏོང་ཞིང་གྱེན་ཐུར་འཁྱོག་མཚམས་སོགས་རིམ་གྱིས་བརྒྱུད་ནས་ངལ་གསོ། དེདག་ཏུ་རང་གི་གཉེན་བཤེས་འདས་པ་དང་ད་ལྟ་བ་ཐམས་ཅད་དང་འཕྲད་ཅིང་གཏམ་གླེངབ་དང་། ཡང་སྔར་གྱི་ལམ་སྲོལ་གང་ཡིན་ལས་ཚུར་ལོག་ནས་རང་སོར་གནས་པ་ལ་ངལགསོ། མཐར་ལུང་པ་ནུབ་བྱང་དུ་བལྟ་ཞིང་གཅོང་རོང་དོག་པ་ཆུ་དྲག་པོར་འབབ་པ་གཡསགཡོན་གྱི་རི་གཟར་ཞིང་ནགས་ཚལ་སྐྱེས་པ། ཤིན་ཏུ་དཀྱུས་ཐག་རིང་བ་ཞིག་གི་ཆུ་གཞུངབ སྙེགས་ནས་རྒྱང་རིང་པོར་སོང་ནས། དེ་དག་གི་བར་བར་དུ་ནེའུ་སིང་མེ་ཏོག་གི་ཚལ་ལསོགས་པར་ངལ་གསོ་གཉེན་བཤེས་རྣམས་དང་གཏམ་བྱ། ཡང་སོ་སོར་གྱེས་ནས་སྔར་བཤུལདུ་ལྡོག་པ་རྣམས་ལ་བསླབ་ཅིང་། དེས་ནི་ཐོག་མར་དགའ་བ་དང་སྐྱོ་བ་ལ་སོགས་པའི་ཉམསམཐོ་དམན་ཅན་དུ་སྐྱེ་ཞིང་། མཐར་ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པར་འཆར་རོ། །དགོས་པ་ནི་ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ངག་གི་མངོན་ཞེན་ལྡོགཔས་འཁོར་བའི་རྟེན་མི་འཆའ། མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་གཉིསམེད་དུ་གྲོལ་བར་འགྱུར་རོ། །གསུམ་པ་ལ། སེམས་རུ་ཤན་དབྱེ་བ་དང་། རྒྱས་འདེབསཔའོ། །དང་པོ་ནི། དམྱལ་བ་ནས་ལྷའི་བར་གྱི་སྡུག་བསྔལ་དང་བདེ་བའི་རྣམ་འགྱུར་རྣམསརྒྱུད་ལ་བསམ་ཞིང་བར་བར་དུ་ཕཊ་ཅེས་ངལ་གསོ། ཡང་བདེ་གཤེགས་ཞི་ཁྲོའི་རྣམ་འགྱུརརྣམས་སྒོམ་ཞིང་ཕཊ་ཅེས་ངལ་གསོ། གཉིས་པ་ནི། སེམས་ནི་དང་པོ་བྱུང་ས་དང་། །བརདུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམསཀྱི་གནས་ལུགས་ཤེས། །ཞེས་པ་ལྟར་གསུམ་ལས། དང་པོ་བྱུང་ས་ལ་བརྟག་པ་ནི། སེམསཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་གྱ་གྱུ་བ་འདི་ཕྱི་ནང་སྣོད་བཅུད་སོགས་གངལས་བྱུང་། ཕྱི་འབྱུང་བཞིའི་དངོས་པོ་གང་རུང་ལས་བྱུང་ངམ་སྙམ་ན། དེ་རེ་རེ་ནས་རྡུལཕྲན་དུ་བཤིག་ནས་བཙལ་བས་ཨེ་རྙེད། ནང་རང་ལུས་ལས་བྱུང་ངམ་སྙམ་ན། དེ་ཡང་ཆ་

p. 106

ཤས་ནས་བཙལ་བས་ཨེ་རྙེད། གལ་ཏེ་སྟོང་པ་ལས་བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སྣང་བ་ལས་བྱུང་ངམ་སྙམ་ན་དེའི་དམིགས་ཨེ་རྙེད། མདོར་ན་འཚོལ་བྱའི་སེམས་ལ་ཕརདཔྱད། འཚོལ་མཁན་གྱི་སེམས་ལ་ཚུར་བལྟས་པས་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལབའི་རང་ངོ་མ་མཐོང་གི་བར་དུ་རྩད་བཅད་ཅིང་བསྐྱར་རོ། །གཉིས་པ་གནས་པ་ལ་བརྟགཔ་ནི། ད་ལྟའི་དྲན་རིག་ལམ་གྱིས་ཤར་བ་འདི་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགསགང་ལ་གནས། དབྱིབས་དང་ཁ་དོག་གང་གིས་མཚོན་བརྟགས་ཤིང་དཔྱད་པས་དེ་དག་གངདུ་ཡང་མ་གྲུབ་ན་རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་པས་ཤེས་པ་གསལ་ཞིང་སྣང་ཡང་རངབཞིན་མ་གྲུབ་པས་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །གསུམ་པསེམས་ཀྱི་འགྲོ་ས་ལ་བརྟག་པ་ནི། སེམས་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པའདི་གང་དུ་འགྲོ་བརྟགས་པས། ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་སོགས་གང་དུ་ཡངའགྲོ་བའི་ཡུལ་མེད། ཡུལ་ཅན་གྱི་སེམས་ཉིད་ཀྱང་འདི་ཞེས་ངོ་བོ་ངོས་བཟུང་ཐམས་ཅདདང་བྲལ་བས་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་སེམས་ཞེས་མ་གྲུབ་པས་རིག་སྟོང་འགྲོ་འོངདང་བྲལ་བར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་ཞིང་། སྐབས་འདིར་བརྡ་ཆོས་ལོགསསུ་འབྱུང་བ་རྣམས་དང་། གཞན་ཡང་སངས་རྒྱས་དང་སེམས་ཅན་གྱི་ངོ་བོ། ཉོན་མོངས་དངཡེ་ཤེས་ཚོགས་དྲུག་གི་ཡུལ་སོ་སོའ་བཟང་ངན་སོགས་ངོ་བོ་རིག་ཐོག་ཏུ་མ་ཕེབས་ཀྱི་བརདེ་སྲིད་དྲི་བ་གནད་ལ་བཀར་ནས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པར་བྱའོ། །དགོས་པ་ནི་ཐུནམོང་དུ་ཡིད་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཡིད་ཀྱི་མངོན་ཞེན་ལྡོག་པས་འཁོར་བའིརྟེན་མི་འཆའ། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གཉིས་མེད་དུ་གྲོལ་བར་འགྱུར་རོ། །གསུམ་པ་རིག་པ་རང་ཐོག་ཏུ་ངོ་སྤྲད་པ་ནི། ཚོགས་གཏོར་རྒྱ་ཆེན་བཤམས་ཤིང་མཆོད་པསྔོན་དུ་འགྲོ་བས། སློབ་མ་རྣམས་པུས་བཙུགས་ཐལ་སྦྱར་གྱིས་བླ་མའི་ཐུགས་ཀར་མིག་དངཤེས་པ་གཅིག་ཏུ་གཏད་ནས་མོས་གུས་གདུང་ཤུགས་དྲག་པོས་བློ་སྣ་དྲངས་ཏེ། བླ་མ་བརྒྱུདཔའི་བཤར་བཏབ་པས་བྱིན་ཕབ་ལ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་སྤྲོས་བྲལ་

p. 107

གྱི་ངང་ལ་དར་ཅིག་གློད་དེ་འཇོག་ཏུ་བཅུག དེ་ལྟར་གསོལ་བ་བཏབ་པས་བྱིན་རླབས་ཀྱིའུར་ལངས་ཏེ། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། བློ་སྣ་མོས་གུས་སུ་ཤར། དེའི་ངངལ་ལྷོད་ཀྱིས་གློད་པའི་རིག་གདངས་མོས་གུས་སུ་མ་འགགས་ཤིང་། གཤིས་འཛིན་མེད་དུགྲོལ་བ་ནི་མོས་གུས་རང་རིག་ཏུ་ཤར་བའོ། །རང་རིག་སྐྱེ་མེད་སྤྲོས་བྲལ་གྱི་ངང་ལ་བསལབཞག་མེད་པ་རང་བབས་སུ་བཞག་པས། སེམས་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་གྱི་ཤེས་པ་གསལ་ལ་ངོས་བཟུང་མེད་པར་རང་རིག་རང་གསལ་དེ་ཁའི་རང་ངོ་ལཆེར་གྱིས་ལྟོས་ཤིག དེ་ལྟར་བལྟས་པས་ད་ལྟའི་རིག་པ་བཞི་ཆ་གསུམ་བྲལ་སལ་ལེ་སངངེ་། ཆམ་གདལ་བ་འདི་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་བློ་འདས་ཆེན་པོའི་དགོངས་པཡིན་པས་བཅར་ཕོག་ཏུ་ངོས་བཟུང་ལ་དེའི་ངང་མ་ཤོར་བར་དྲན་པ་ཆུ་བོའ་རྒྱུན་གྱི་སྲོལ་དུའཇུག་པར་གྱིས་ཤིག དེ་ཡང་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཀ་དག་གི་ཡེ་ཤེསདེ་ཉིད་གློ་བུར་དྲི་མའི་སྦུབས་ན་གནས་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་འདམ་རྫབཀྱིས་གོས་པ་དང་འདྲ་སྟེ། དེ་དག་བྱེད་ཀྱི་རྫས་ཀྱིས་སྦྱངས་ན་དགོས་འདོད་ངང་གིས་འབྱུངབ་བཞིན་ནོ། །དེས་ན་སྦྱང་གཞི་སེམས་ཉིད་འོད་གསལ་གྱི་ངོ་བོ་ཡེ་ནས་གསལ་འགྲིབ་མེདཅིང་། སྦྱང་བྱ་གློ་བུར་གྱི་ཆོས་ཡེ་ནས་གོས་སུ་མེད་པའི་ཕྱིར། བཅིངས་གྲོལ་སྤང་བླང་གིསྐྱོན་དང་བྲལ་བས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བའི་ཀ་དག་གཞི་རྫོགསཀྱི་གནས་ལུགས་འགྱུར་བ་མེད་པ་དེ་ཉིད། ངོ་བོ་སྟོང་པའི་ཆ་ལས་སྐྱེ་མེད་སྤྲོས་དང་བྲལབ་ཆོས་ཀྱི་སྐུའོ། །རང་བཞིན་འགག་མེད་སྐུ་ལྔ་ཡེ་ཤེས་ལྔ་སོགས་ཅིར་ཡང་འཆར་བའི་གསལཆ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྟོང་གསལ་གཉིས་མེད་ཀྱི་རྩལ་ལས་མཁྱེན་པའི་ཡེཤེས་འཆར་བ་ཐུགས་རྗེ་ཀུན་ཁྱབ་རིག་པའི་ཆ་ནི་སྤྲུལ་པའི་སྐུའོ། །དེ་ལྟར་སྟོང་གསལ་རིགཔའི་ཡེ་ཤེས་གསུམ་པོ་དེ་སེམས་ཉིད་འོད་གསལ་གྱི་ངོ་བོར་གཅིག་ཏུ་འདུས་པ་ནི་ངོ་བོ་ཉིདཀྱི་སྐུ་སྟེ། སེམས་ཉིད་ཀ་དག་ལས་སངས་རྒྱས་ཀྱི་ཡོན་ཏན་ཡེ་ནས་ལྷུན་གྲུབ་ཏུ་བཞུགསཔས་འགྱུར་བ་མེད་ཀྱང་། གློ་བུར་བག་ཆགས་འཁྲུལ་པའི་ལས་སྣང་སྣ་ཚོགས་སུ་ཤར་བ་

p. 108

ནི་རྨི་ལམ་གྱི་སྣང་བ་བཞིན་ཏེ། དཔེར་ན། བར་སྣང་གི་ནམ་མཁའི་སྟོང་སང་ངེ་བ་འདི་ལགོས་པ་མེད་ཀྱང་དབྱིབས་དང་ཁ་དོག་སྣ་ཚོགས་ཀྱི་གོ་འབྱེད་པ་བཞིན་སེམས་ཉིད་སྤྲོསབྲལ་ལ་སྤྲོས་པའི་མཚན་རྟོག་དུ་མའི་བདེན་འཛིན་གྱིས་ཁ་དོག་དབྱིབས་སྔ་ཕྱི་སོགས་སུབཟུང་ཡང་། བརྟགས་ཤིང་དཔྱད་པས་གང་དུ་ཡང་མ་མཐོང་། ཅིར་ཡང་མ་གྲུབ་པས་སྟོངཉིད། ངོས་བཟུང་མེད་པས་སྤྲོས་བྲལ། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པས་གཉུགམ། བློ་ཡི་དྲི་མས་མ་གོས་པས་ཀ་དག ཉམས་ཀྱི་ཞེན་པས་མ་བཅིངས་པས་ཡེ་གྲོལ། སྐྱེའགག་གནས་དམིགས། འགྲོ་འོང་དྲན་བསམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའིཕྱིར་རྫོགས་པ་ཆེན་པོར་ལ་བཟླ་བའོ། །དེ་ལྟར་ཡང་། དང་པོ་སེམས་ལ་བྱུང་ས་མེད། །མཐའ་བྲལ་ཀློང་ཡངས་ཆོས་ཀྱི་སྐུ། །བར་དུ་སེམས་ལ་གནས་ས་མེད། །གསལ་སྟོང་འཛིནམེད་ལོངས་སྤྱོད་རྫོགས། །ཐ་མར་སེམས་ལ་འགྲོ་ས་མེད། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའིསྐུ། །སྐུ་གསུམ་དབྱེར་མེད་རིག་སྐུ་འདི། །མ་བཅོས་མ་བསྒྲུབས་ལྷུན་གྱིས་གྲུབ། །ལྷུནགྲུབ་གཉུག་མའི་གཏན་ཡུལ་དུ། །སྐྱེ་མེད་སྒྲུབ་པའི་ལས་མཛོད་ཅིག །ཅེས་གསུངས་པ་ལྟརངོ་སྤྲད་པར་བྱའོ། །སྤྱི་དོན་གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟེེན་པ་ལ། རྣལ་དུ་དབབདང་རང་སར་གྲོལ། །མངོན་སུམ་གནད་ཀྱིས་གཟིར་བའོ། །ཞེས་པས་ཀ་དག་གི་གནསལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགས་ཆོད་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པཐོད་རྒལ་གྱི་ལམ་གཉིས། དང་པོ་རྣལ་དུ་དབབ་པ། སོར་གཞུག་པ། རང་གྲོལ་དུ་ལ་བཟླབའོ། །དང་པོ་ནི། འཁོར་འདས་རུ་ཤན་ཕྱེ་ནས་ཀྱང་། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་གསུངས་པས། རྣལ་མ་ནི་མ་བཅོས་པའི་མིང་དང་དབབ་པ་ནི་དེ་ཉིད་གཞི་ཐོག་ཏུ་འཇོགཔ་ཡིན་ལ། དེ་ཡང་སྤང་བྱ་ནི་འཁོར་བའི་རྣམ་རྟོག་དང་། གཉེན་པོ་དགེ་བའི་རྣམ་རྟོག་གངཤར་ཡང་། རྣམ་པ་གང་གསལ་དེ་ལ་ཤེས་པ་གཏད་ནས་བསྒོམས་པས་རྣམ་རྟོག་གནསའགྱུར་ནས་མི་རྟོག་པར་འགྱུར་ཏེ། ཆུ་རྙོག་མ་ཅན་གཡོ་མེད་དུ་བཞག་ན་དྭངས་པར་འགྱུར་

p. 109

བ་བཞིན་ནོ། །དེས་ན་སྔར་བཤད་པའི་དམིགས་པ་རགས་ཕྲ་རྣམས་ལ་རིམ་གྱིས་བསྡུསཔས་དབང་ཤེས་མི་གཡོ་བར་འཆིང་ཞིང་། དེས་ཡིད་ཤེས་ཚོགས་དྲུག་གཅིག་ཏུ་འདུ་ཞིང་། ཡུལ་གཞན་ལ་འཕྲོ་བའི་སེམས་ཉེ་བར་ཞི་བར་བྱེད་དེས་ཆོས་འདུས་མ་བྱས་དང་འབྲེལབ་ཡུལ་དྲུག་དམིགས་པའི་རྟེན་དེ་ཡང་ཡིད་ལ་མི་བྱེད་པར་སྤང་གཉེན་གྱི་མཚན་མ་གང་ཡངརྟོག་མེད་རང་བབ་ཏུ་འཇོག་པ་ཡིན་ལ། དེ་ཡང་ལུས་སྐྱིལ་ཀྲུང་བཅས་ནས་ངང་དུ་གློད་ལབཞག ངག་སྨྲ་བརྗོད་དང་བྲལ་ཞིང་རླུང་འབྱུང་འཇུག་ཀྱང་རང་སོར་བཞག སེམས་སྤངགཉེན་གྱི་རྣམ་རྟོག་གང་གིས་ཀྱང་མ་བསླད་པར་གང་ཤར་རང་བབས་སུ་བཞག་པས་རིགཔའི་ཡེ་ཤེས་རང་གསལ་དུ་རྗེན་ཆེ་རེ་འཆར་ཞིང་། སྒོ་གསུམ་གཞི་ཐོག་ཏུ་ཕེབས་པས་རངབཞིན་གནས་པའི་བསམ་གཏན་དེ་ཉིད་རིག་ཐོག་ཏུ་འཆར་བ་ཡིན་ནོ། །གཉིས་པ་ནི། ཉནཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་གསུམ་གྱིས་སོར་ཡང་གཞུག །ཅེས་གསུངས་པས། ཉན་ཐོས་ཀྱི་ལྟ་སྟངས་ལུས་གནད་ཆོས་བདུན་ལྡན་གྱིས་མི་གཡོ། ངག་མི་སྨྲ་བས་རླུང་གིའགྲོ་འོང་རང་ཤུགས་སུ་དལ་བར་བཞག མིག་སྣ་རྩེའི་ནམ་མཁའ་ལ་ཧྲིག་གེ་གཏད་ནས། ཚོགས་དྲུག་གི་ཤེས་པ་གང་ཤར་ལ་སྤྲོ་བསྡུ་མེད་པར་རང་སོར་བཞག་པས་རྐྱེན་སྣང་རངགི་ངོ་བོ་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་རིམ་གྱིས་བསླབ་པར་བྱ་སྟེ། ཉནཐོས་ཞི་བའི་ལྟ་སྟངས་ཀྱི། །ལུས་ངག་ཡིད་གསུམ་གནས་པར་བྱེད། །ཅེས་གསུངས་པ་ལྟརརོ། །བྱང་སེམས་ཀྱི་ལྟ་སྟངས་ནི། ལུས་ངག་གི་གནད་སྔར་ལྟར་ལས་མིག་བར་སྣང་ལཧྲིག་གིས་བསྒྱུར་ནས་ཧད་པོར་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་དེ་ཡངགསལ་ལ་མ་འགགས་པར་ཤར་ཡང་ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣངསྟོང་ཆུ་ཟླ་ལྟ་བུར་རྟོགས་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས། །གནས་པཡུན་རིང་རྟོགས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །ཁྲོ་བོའ་ལྟ་སྟངས་ནི། སྔར་གྱི་བསམགཏན་ངང་མ་ཤོར་པ་ཉིད་ལས་ལངས་ཏེ་གོམ་པ་གྱ་ཚོམ་དུ་དོར། མིག་སྒྲིལ་ཞིང་བལྟ། ངག་ཧ་ཧ་ཧི་ཧི་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུང་སྟེ་རྩལ་སྦྱངས་པས་རང་བྱུང་རང་ཤར་སྤྲོས་

p. 110

བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་མི་ཕྱེད་པ་ལྟར་བསླབ་པར་བྱ་སྟེ། སྣང་རྐྱེནཇི་ཙམ་མང་བས་སྟོང་ཉིད་ཀྱི་ཡེ་ཤེས་འཕེལ་བར་འགྱུར་ཏེ་བུད་ཤིང་མང་ན་མེ་ལྕེ་ཡང་མངབ་བཞིན་ནོ། །ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །བརྟན་པ་གྲོལ་བར་བྱེད་པའོ། །ཞེས་གསུངསཔ་ལྟར་རོ། །གསུམ་པ་རང་གྲོལ་དུ་ལ་བཟླ་བ་ནི། རང་རིག་རྟོག་པ་ཀུན་གྲོལ་བས། །གྲོལལུགས་ཆེན་པོ་བཞི་དང་ལྡན། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བསགཉེན་པོ་མེད། །གཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལམེད། །ཅེས་གསུངས་པས་ན། དེ་ལྟར་སྒོམ་དུས། ཕྱི་སྣང་བ། ནང་རིག་པ། བར་གཟུངའཛིན་སོགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་མེད་སྟོང་ཉིད་ཀྱི་རིག་པརྗེན་པ་དེ་ཉིད་གནས་འགྱུ་གང་ཤར་ཡང་བཅོས་བསླད་མེད་པ་རང་སོར་གློད་ནས་དྭངསཕྱིན་པ་གསལ་ངར་དང་བཅས་ཏེ་བསྐྱངས་པས་རང་བཞིན་བར་མེད་ཀྱི་བསམ་གཏན་ལངང་གིས་གནས་ཤིང་། འདི་དུས་རྟོག་པ་ལྟར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེནལ་བུད་ཟིན་པས་གཟུང་འཛིན་གྱི་འབྲེལ་ཆད་པའི་རིག་པ་རང་ས་ནས་གསལ་ཞིང་མི་གཡོམོད། རྐྱེན་གྱིས་བསླད་ནས་དུག་ལྔ་ལྟ་བུར་རམ་རམ་ཤར་དུས་ཐད་ཀ་ན་རིག་པ་མ་གཏོགས་མེད་པས་ངོ་རྗེན་པར་བ ཟུང་དུས་ཡེ་ཤེས་ལྷག་པར་གསལ་བས་ཤེས་པའི་སྟེང་དུ་སྤང་གཉེནགྱི་ཆོས་ཐམས་ཅད་རང་རིག་ཏུ་རང་གྲོལ་བ་ཡིན་ནོ། །དེ་ཡང་རིག་པ་འཕྲོ་འདུ་མེད་པའིདུས་ཀྱི་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་བྱེད་པ་མ་ཡིན་གྱི་འདི་དུས་ཀྱི་རིག་གེ སེང་ངེ་བའིགསལ་དྭངས་ཀྱི་རིག་པ་རྗེན་པ་དེ་ཡེངས་མེད་ཆལ་ལེ་སྐྱོང་བ་ཡིན་ནོ། །ཡང་རིག་པ་ཡུལལ་ཤར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་མེད་ཅིང་། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེནཔའི་ཆ་དེ་མ་ཡེངས་པར་བྱའོ། །འདི་མ་གོ་བར་གནས་པ་དང་འགྱུ་བ་གཉིས་ལ་ལྟ་བ་དེསྒོམ་པའི་ངོ་བོ་ཡིན་སྙམ་པའི་འཁྲུལ་བར་འགྱུར་རོ། །དེས་ན་གནས་འགྱུ་གང་ཡིན་ཡང་རིགཔའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་སྐྱོང་། ཀློང་དུ་གྱུར་ནསདེའི་ངང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །དེ་ཡང་ཁྲེགས་ཆོད་ཀྱི་དོན་ནི་གང་ཤར་ལྟོས་

p. 111

མེད་གཉེན་པོ་དང་བྲལ་ནས་རིག་པ་རྗེན་ལ་ཕུད་དེ་སལ་སལ་སྐྱོང་བ་དེས་ཀ་དག་གི་རིགཔ་གཞི་ཐོག་ཏུ་ཕེབས་པའི་ཕྱིར་གནས་ན་གནས་ཐོག་ཏུ་ཆམ་བཞག འཆར་ན་ཤར་ཐོགཏུ་དྭངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་དུ་ལ་ཟློ་བ་ཡིན་ནོ། །གཉིས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་ལ་གསུམ་སྟེ། སྔོན་འགྲོ་སྒོ་གསུམ་རྣལ་དུ་དབབ་པ། དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟེན་པ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པའོ། །དང་པོ་ནི། གནས་བརྟན་གྲོལ་བའི་གདེངཐོབ་ནས། །ཕྱི་ནང་བྱ་བ་ཀུན་དང་བྲལ། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང་། །ཞེསགསུངས་པས། ལུས་ཕྱི་འཇིག་རྟེན་གྱི་བྱ་བྱེད་རྣམ་གཡེངས། ནང་ཕྱག་སྐོར་སོགས་དམནཔའི་དགེ་བ། གསང་བ་སྒུལ་སྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་གོ །ངག་ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ། ནང་ཁ་ཏོན་དང་བཟླས་བརྗོད། གསང་བ་མི་སྨྲ་བར་གནས་པའོ། །ཡིད་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག ནང་བསྐྱེད་རྫོགས་ཀྱི་སེམས་འཛིན། གསང་བ་རྟོག་མེདཀྱི་ངང་ལ་གནས་པར་བྱ་ཞིང་། དེས་ནི་སྒོ་གསུམ་གནས་པ་དང་། བརྟན་པ་དང་། གྲོལབར་འགྱུར་ཏེ་གོང་དུ་བརྗོད་པ་ལྟར་རོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུདལ་བསྟེན་པ་ལ། སྒོ་གསུམ་གྱི་གནད་ག ཟིར་བ། གནད་གསུམ་གྱིས་མངོན་སུམ་རང་ཐོགཏུ་དབབ་པའོ། །དང་པོ་ནི། ཐོད་རྒལ་མངོན་སུམ་གཏན་ལ་དབབ། །ལུས་ངག་ཡིད་གསུམགནད་ཀྱིས་གཟིར། །ཞེས་གསུངས་པས། ལུས་ཀྱི་གནད་ཆོས་སྐུ་སེང་གེའི་འདུག་སྟངསནི། ལུས་འགྱིང་ཚུགས་རྐང་མཐིལ་ས་ལ་ཕབ་ལག་སོར་བསྐུམ་པ་སར་བཙུགས། རོ་སྟོདབསྲངས་རྩལ་མཇིང་པ་ལ་བཀལ་ནས། མིག་སྨིན་ཕྲག་གི་ནམ་མཁའ་ལ་ཧད་པོར་མི་འགུལབར་བལྟའོ། །ལོངས་སྐུ་གླང་ཆེན་གྱི་འདུག་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར་རྐང་སོརཕྱིར་ཕུལ་གྲུ་མོ་ས་ལ་གཙུགས་ནས་ལག་མཐིལ་གྱིས་ཨོལ་ཀོ་བརྟེན། སྒལ་ཚིགས་ཐད་ཀརབསྲངས་ནས་མགྲིན་པ་ཅུང་ཟད་བཏེག་པས་ཐད་ཀའི་ནམ་མཁའ་ལ་ཟུར་གྱིས་ཧྲིག་པོརབལྟ་བའོ། །སྤྲུལ་སྐུ་དྲང་སྲོང་གི་འདུག་སྟངས་ནི། རྐང་པའི་ལོང་བུ་གཉིས་གཤིབས་ནས་

p. 112

ཙོག་པུས་པུས་བྲང་སྦྱར་ལག་གཉིས་མཁལ་ཁུང་ལ་བསྐོར། སྒལ་ཚིགས་དྲང་པོར་བསྲངསཏེ་མིག་ཅུང་ཟད་ཕབ་པས་ཟིམ་བུར་བལྟ་བའོ། །དེ་ཡང་རིག་པའི་ཡེ་ཤེས་ལུས་ལ་གནསཀྱང་ཐབས་ལུས་གནད་ཀྱིས་མ་ག ཅུན་ན་མངོན་སུམ་དུ་སྣང་མི་ནུས་ཏེ་སྦྲུལ་གྱི་ཡན་ལགམ་གཅུས་ན་མི་གསལ་བ་བཞིན་ནོ། །ངག་གི་གནད་ནི། འཁྲུལ་པའི་གཏམ་བཀག་ནས་སྨྲབ་བཅད་ཡུན་ཐུང་པ་ལ་བསླབ་པ་དང་། ཁ་ཏོན་བཟླས་བརྗོད་ཀྱང་ཅུང་ཟད་ཙམ་ལས་མིསྨྲ་བར་གནས་པ་དང་། ཅི་ཡང་མི་སྨྲ་བར་ལག་གི་བརྡ་ཙམ་ལ་བརྟེན་པ་ལ་བསླབ་པ་སྟེ། དེས་གནས་སྐབས་འཁྲུལ་པའི་གཏམ་འགགས་པས་ཉོན་མོངས་པ་མི་འཕེལ། མཐར་ཐུགབརྗོད་མེད་གསུང་གི་ངོ་བོར་མྱ་ངན་ལས་འདའོ། །སེམས་ཀྱི་གནད་ནི། གྲིམ་པ་དང་ལྷོདཔ་དང་རང་བབས་སུ་རིམ་པ་བཞིན་ཕྱིའི་ནམ་མཁའ་སྟོང་པ་དྭངས་སང་ངེ་གནས་པ་དེ་ལགཏད་པའོ། །དེས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང་མཐར་ཐུགལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་གནད་གསུམ་གྱིས་མངོན་སུམ་རང་ཐོགཏུ་དབབ་པ་ནི། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་པའི་དང་པོ་ནི། སྒོའི་གནད་ལྡོག་ཕབ་ཟུརགྱིས་བལྟ། །ཞེས་པས་རིག་པའི་ཡེ་ཤེས་སྙིང་དབུས་ན་བུམ་ནང་གི་མར་མེ་ལྟར་གནས་པའིམདངས་སྙིང་དབུས་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ལམ་ལས་མིགགི་སྒོར་འཆར་བས། ཆོས་སྐུའི་གཟིགས་སྟངས་གྱེན་དུ་ལྡོག་སྟེ་གཙུག་ཏོར་གྱི་རྣམ་པར་བལྟབ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་དུ་ཟུར་འཁྲིད་སྨྱུག་མ་བསྲང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུས་ཕྱིའིནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་གཏད་པས་ཕྱིའི་དབྱིངས་མཐོང་། གཡས་གཡོནདུ་ཟུར་འཁྲིད་བྱས་པས་ནང་གི་དབྱིངས་རིག་མཐོང་ཞིང་འཁྲུལ་སྣང་ཞིང་ཁམས་སུ་འཆརརོ། །གཉིས་པ་ནི། ཡུལ་གནད་རྐྱེན་བྲལ་ནམ་མཁའ་ལ། །ཞེས་པས་སྤྲིན་དང་བསིར་བུའིརྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་

p. 113

བའམ། ཟེར་གཉིས་དང་སྦྱར་ནས་དེ་ལས་ལྡོག་སྟེ་བལྟ་བས་ཀྱང་རུང་སྟེ། ཉི་མའི་དཀྱིལའཁོར་ལས་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་སྟོང་སང་ངེ་བ་དེ་ལའོ། །རྐྱེན་བྲལ་གསུམནི། ཡུལ་ནམ་མཁའ། དབང་པོ་མིག གནས་དྭངས་ཤིང་མཐོ་བ་རྣམས་སོ། །གསུམ་པནི། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་པས་མཆུ་སོ་གཉིས་མ་རེག་ཙམ་དུ་རླུང་དལབུས་ཕྱིར་དྲངས་ནས་ཇི་ཙམ་གནས་པ་ཕྱིར་བཟུང་བས། སེམས་རླུང་གི་བཞོན་པ་དང་བྲལཏེ། རླུང་ནང་གི་རིག་པ་ལ་ཐིམ་པས་མི་རྟོག་པའི་བསམ་གཏན་ལ་གནས་པར་འགྱུར་ཞིང་། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་འདྲ་བས་སྣང་བའི་གོ་ཕྱེ་ནས། ནང་དབྱིངས་རྣམདག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཐོག་མར་སྨིན་མཚམས་ནས་འོད་མཐིང་ག་ལསརིམ་གྱིས་མཆེད་ནས་འཇའ་ཚོན་ལྟ་བུའི་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་གསལ་བ་ལས་མཐར་ཐིག་ལེདམར་ཟླུམ་གསལ་དྭངས་སུ་འཆར་ཞིང་། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའསེམས་དང་འདྲ་བ་དེ་རྟ་རྔ་ལ་མདུད་པ་བོར་བའམ། མུ་ཏིག་གི་ཕྲེང་བ་དང་། མེ་ཏོག་གིཆུན་པོ་ལྟར་འལ་འོལ་འགུལ་འཕྲིག་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་དལ་བུསའཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་ཤེས་པ་མ་འགྱུར་བར་ཧྲིག་གེ་བཞག་པས་ཕྱིསྣང་བ་མ་འགགས་ནང་འཛིན་པས་མ་བསླད་པར་བརྗོད་མེད་སྤྲོས་བྲལ་གྱི་རང་སོ་བཟུངབས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་ནས་རིག་པ་སྨིན་མཚམས་ནས་བྲལ་ཏེ་གསལའགྲིབ་མེད་པར་འཆར་ཞིང་། དེ་ཡང་ཙིཏྟ་རིན་པོ་ཆེའི་ནང་ན་གཞི་དབྱིངས་ཀ་དག་གི་འོདགསལ་སྙིང་པོ་ལྔ་ལྡན་གྱི་རིག་པ་གདོད་མའི་མགོན་པོ་འོད་མི་འགྱུར་བ་དེ་ཉིད། ངོ་བོ་ཀདག རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་ཏུ་བཞུགས་པས་དཀྱིལ་འཁོར་ཀུན་གྱིའབྱུང་གནས་སུ་གྱུར་པ་དེ་ནི་དཔེར་ན་བུམ་ནང་གི་མར་མེ་ལྟ་བུ་ལས་རིག་པའི་རང་གདངསཕྱིར་གསལ་སྐར་ཁུང་ལྟ་བུའི་སྒོ་རྒྱང་ཞགས་མིག་གི་ལམ་ལས་རིམ་པ་བཞིན་སྣང་བཞིའིསྣང་ཤེས་ཀྱི་ཉམས་འཆར་བར་འགྱུར་རོ། །གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་

p. 114

པ་ལ་གཉིས་ཏེ། སྣང་བཞིའི་འཆར་སྒོ་ངོས་བཟུང་བ་དང་། མཐའ་རྟེན་བཞིའི་གོམས་ཚུལབཤད་པའོ། །དང་པོ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚདཕེབས། ཆོས་ཉིད་ཟད་པའི་སྣང་བའོ། །དང་པོ་ནི། སྒོ་གསུམ་གྱི་འཁྲུལ་འཁོར་དང་། གནདགསུམ་གྱིས་གཅུན་པས། དབྱིངས་རྣམ་དག་གི་སྒྲོན་མ་འཇའ་གུར་རམ་རྨ་བྱའི་སྒྲོ་མདོངསལྟ་བུའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ་རིག་པརྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྟ་བུ་བྲེང་ཚགས་སུ་ཤར་བ་དེ་བཙོན་དུ་བཟུང་ནས་ཐོག་མརསྐར་མ་ཤར་བ་ལྟ་བུ་སྐྱ་ཕྲོམ་ཕྲོམ་པ་ལས་ཐིག་ལེ་ཁ་དོག་ལྔ་ལྡན་རེ་རེ་ཡང་སུམ་འབྲེལ་གྱིབར་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་དོ། །དེ་ཡང་ཆོས་ཉིད་ནི་དངོས་པོ་གཤིསཀྱི་གནས་ལུགས་ཡེ་ནས་རྣམ་པར་དག་ཅིང་རྟག་ཆད་ཀྱི་མཐའ་ལས་འདས་པའོ། །མངོནསུམ་ནི་དབང་པོའི་སྤྱོད་ཡུལ་དུ་གཞལ་བྱར་ཡོད་པས་ཡིད་དཔྱོད་ཀྱི་རྗེས་དཔག་ལ་མ་ལྟོསཔར་རང་སྣང་བ་སྟེ། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དབྱིངས་རིག་རེས་གསལ་རེས་མི་གསལ་བལས་རིམ་གྱིས་གོམས་པས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ། འོད་ལྔའི་རང་བཞིནགྱེན་སྒྲེང་རྩིབས་ཤར་དྲྭ་བ་དྲྭ་ཕྱེད་པདྨ་དང་མིག་མང་རིས་ཉི་ཟླ་མཁར་ཐབས་སོགས། ཞིངཁམས་ཐམས་ཅད་གང་བའི་བར་དུ་འཆར་ཞིང་། ཐིག་ལེ་ཡང་སྲན་མ་ཙམ་དང་མེ་ལོང་དངཁམ་ཕོར་དང་བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་དང་། རིག་པ་ལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བཙམ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་རྒྱུག་པའམ་བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་བ་ལས། ཐིག་ལེའི་ནང་དུརྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱེད་སྐུའམ། སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིག མེད་པར་གནས་པ་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། དེ་ཡང་གྱེན་སྒྲེང་ལ་མིག་ཐུར་དང་། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་། གྲུ་གསུམ་ལ་ཐུར་དུ་གཅུན་པརཡང་བཤད་དོ། །ཉམས་ནི་ཤེས་ཉམས་ལས་འདས་པའི་སྣང་ཉམས་ཉིད་དེ། ཡེ་ཤེས་ལྔའི་

p. 115

ཁ་དོག་གི་སྣང་བ་མཐོང་བས་རྣམ་རྟོག་གཞི་གྲོལ་རང་སངས་སུ་དག་ནས་བདག་མེད་རྣམགཉིས་རྟོགས་ཤིང་། སྣང་བ་དེ་ཡང་ཇེ་གསལ་ཇེ་བརྟན་གོང་དུ་འཕེལ་བས་ཉམས་སྣང་གིཡོན་ཏན་ཐོབ་ཅིང་བར་དོའི་སྣང་བ་རང་སར་གྲོལ་བ་སྟེ། ཉམས་སྣང་གོང་འཕེལ་སྣང་བཡིས། །བར་དོའི་ཡེ་ཤེས་གཏན་ལ་འབེབས། །ཞེས་གསུངས་པ་གཞིན་ནོ། །གསུམ་པ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་འབྱུང་བཞིའི་སྣང་བ་རང་སར་དག འོདགསལ་གྱི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་ཡང་རྣམ་སྣང་སོགསརིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཞིང་། དེ་དག་ལསའོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བས་མ་བསྒོམས་ཀྱང་ཚད་ལ་ཕེབས་པསའགྱུར་བ་མེད་ཅིང་། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག གསང་བ་སེམས་ཉིདའོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་ནས་བག་ཆགས་ཀྱི་འབྲེལ་ཆད། དེ་ལྟརཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམས་ཀྱང་ཆོག་ལ་མཐར་ཐུག་ལོངས་སྤྱོད་རྫོགསཔའི་སྐུ་ངོས་ཟིན་པས་ལོངས་སྐུའི་ཞིང་ལ་སྤྱོད་པར་འགྱུར་ཞིང་། དེ་ཡང་རིག་པ་ནི་གཞིགནས་ཀྱི་རིག་པ་སོགས་རིག་པའི་ཡེ་ཤེས་ལྔ་པོ་གཞི་ཐོག་ཏུ་ཐེ་མི་ཚོམ་པར་ཚད་ལ་ཕེབསཤིང་སྣང་བ་ནི་དེ་ལྟར་ཤར་བའི་ངང་ལ་གནས་པ་སྟེ། རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཞེས་གསུངས་པ་བཞིན་ནོ། །བཞི་པ་ནི། རྒྱང་ཞགསཆུ། ཐིག་ལེ་སྟོང་པ། རྣམ་དག་དབྱིངས་ཏེ་སྒྲོན་མ་གསུམ་མི་འགུལ་བར་གཏད་པས། རངརིག་དྭངས་སངས་ཕྱེད་པ་དགོངས་པ་ཀློང་རྡོལ། ཤེས་རབ་རང་བྱུང་གི་སྒྲོན་མ་ཆོས་ཉིདཟད་པའི་སྣང་བ་མཐོང་བས་སྐུ་དང་ཡེ་ཤེས་སུ་ཞེན་པ་ལས་བློ་ལྡོག་སྟེ། ཕྱི་ཉམས་སྣང་གིའཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལཔའི་སྣང་བ་ཐམས་ཅད་རང་དག་ནས་སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ཅིང་འཁོརའདས་ཀྱི་འདུ་ཤེས་བྲལ། འབྱུང་བའི་དགྲས་མི་ཚུགས། འགྲོ་འདུག་གི་སྣང་བ་དག མངོན་

p. 116

ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ཞིང་། ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོབའི་དོན་བྱེད་དོ། །དེ་ཡང་ཆོས་ཉིད་ནི་དངོས་པོའི་གནས་ལུགས་ཇི་བཞིན་པ། ཟད་པ་ནིལུས་སེམས་དང་གྲུབ་མཐའི་འཛིན་ཞེན་ཟད་པ། སྣང་བ་ནི་སེམས་ཉིད་སྒྲིབ་བྲལ་ལསཐུགས་རྗེ་ཡེ་ཤེས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པར་སྣང་བའོ། །དེས་གནས་སྐབས་སུ་སྣང་བཞིའིཚད་ཟིན་པས་སོ་མཚམས་ཕྱེད། མཐར་ཐུག་ཕུང་པོ་ལྷག་མེད་དུ་འཚང་རྒྱ་བར་འགྱུར་ཏེ། ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །ཅེས་གསུངས་པབཞིན་ནོ། །དེ་ཡང་སྣང་བ་གསུམ་པོས་ཚད་ལ་ཕེབས་ཀྱང་དེ་ལས་གཞན་དུ་མི་འགྱུར་ནསྐུ་གསུམ་འབྲས་བུར་འདོད་པ་ཐུན་མོང་པ་རྣམས་དང་ཁྱད་པར་མེད་པ་ལས། སྣང་ཉམསགཞི་ལ་ཐིམ་སྟེ་ཀ་དག་ཆོས་ཟད་ཆོས་ཉིད་ཟད་པའི་སྣང་བ་འབྱུང་བའོ། །དེ་དག་ཀྱང་དངཔོ་གཉིས་སྤྲུལ་སྐུ། ཚད་ཕེབ་ལོངས་སྐུ། ཟད་པ་ཆོས་སྐུའི་སྣང་བ་ལམ་དུ་བྱས་པས་སྐུ་གསུམ་ལམ་སྣང་དུཤར་བས་འབྲས་བུ་ཀ་དག་གི་དབྱིངས་སུ་བགྲོད་པའི་ཕྱིར། རང་སྣང་གི་རྩལ་སྐུ་གསུམརིག་པའི་ངང་དུ་ཐིམ་ནས་ཡོན་ཏན་ལྷུན་གྲུབ་འགྱུར་བ་མེད་པའི་དབྱིངས་སུ་གསལ་འགྲིབམི་མངའ་བར་བཞུགས་པའོ། །གཉིས་པ་མཐའ་རྟེན་བཞིའི་གོམས་ཚུལ་ནི། མི་འགུལ་གསུམལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབཔ། གདེང་བཞིའི་དྲོད་ཚད་བསྟན་པའོ། །དང་པོ་མི་འགུལ་གསུམ་ལ་གཞི་བཅའ་བ་ནི། དང་པོ་ནི། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེས་རྩ་དང་མིག་དངརླུང་དང་སེམས་རྣམས་རིམ་བཞིན་མི་འགུལ་བས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིགཔ་གཡོ་མེད་དུ་གནས་པའོ། །གཉིས་པ་ནི། མིག་གཟིགས་སྟངས་གསུམ་ལས་མི་འགུལབར་བྱ་སྟེ། དེ་ཡང་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མིའགུལ་བས་མིག་དང་སྒྲོན་མ་མི་འགུལ། དེས་སེམས་མི་གཡོ་བས་དབྱིངས་རིག་འདུ་འབྲལམེད་པར་བྱེད་དོ། །གསུམ་པ་ནི། འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་

p. 117

འགུལ་བར་བྱའོ། །དེ་ཡང་ཐུགས་རྗེའི་རིག་པ་ཕྱིར་གསལ་མེ་ལོང་ལྟ་བུ་ལ། འོད་གསལགྱི་སྣང་བ་འགག་མེད་དུ་ཤར་བ་གཟུང་འཛིན་གྱིས་མ་བསླད་པར་རང་གྲོལ་དུ་བསྐྱངས་པསསྣང་བཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱིས་ཚདབཟུང་བ་དང་། རྟགས་ཚད་བསྟན་པ་ལས་དང་པོ་ནི། དབྱིངས་རིག་ལ་རིང་བར་གནསཔས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་སྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངསརིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེདཔར་སྡོད། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །གཉིས་པ་ནི། སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ཡིད་གསུམལ་འབྱུང་བ་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད། འབྲིང་རྨིལམ་འོད་གསལ་དུ་འཆར། ཐ་མ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆརབ་ནི། སྣང་བཞི་རེ་རེ་ལ་གསུམ་གསུམ་སྟེ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམགྱི་རྟགས་གསུམ་ནི། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད། ངག་ལྐུགས་པ་ལྟར་སྨྲ་མི་འདོད། སེམས་འདབ་ཆགས་རྙིས་ཟིན་པ་ལྟར་མི་འཕྲོ་བར་གནསཔའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངཔ་ལྟར་བྱི་དོར་དང་རྒྱན་གྱི་སྒེག་ཆོས་བྲལ། ངག་སྨྱོན་པ་ལྟར་ཟུངས་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །གསུམཔ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་ཆེན་འདམ་དུ་ཚུད་པ་སྐད་ཅིག་ལཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་མེད་དུ་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞནལ་ཕན་ཞིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་ཁམས་གསུམ་དུ་མི་ལྡོགཔར་གདེང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོལྟར་གཤེད་མ་བརྒྱས་བསྐོར་ཡང་བག་ཚ་བ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟདདེ་གཞན་གྱི་རྗེས་སུ་བཟློ། སེམས་བར་སྣང་གི་ན་བུན་ལྟར་བག་ཆགས་ཀྱི་རྟེན་མི་སྣང་བར་

p. 118

རང་སངས་པའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྐྱེ་བ་ལ་རང་དབངཐོབ་པས་སེམས་ཅན་གྱི་དོན་བྱེད་ན་རང་གི་སོར་མོ་ལ་རིག་པ་གཏད་པས་སྣང་བ་རང་ལོགསྟེ། སྣང་བྱེད་ཆུ་ཟླ་ལྟ་བུ་འཕོ་བ་ཆེན་པོའི་སྐུས་སེམས་ཅན་གྱི་དོན་བྱེད་པས། མི་སོགསསེམས་ཅན་ལ་རིག་པ་བཅུག་ན་མཚམས་མེད་པ་ལྔ་བྱས་པའང་འབྱུང་བ་རང་སར་དག་ནསའཚང་རྒྱ་ཞིང་། བེམ་པོ་ལ་རིག་པ་བཅུག་ཀྱང་འགུལ་ཞིང་སྐད་འབྱིན་པར་ནུས་པའོ། །གཉིསཔ་འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞགཔས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པསམཚམས་མེད་ལྔ་བྱས་པ་ཡང་རང་དང་མཉམ་དུ་འཚང་རྒྱ་སྟེ་ལས་ལ་བཟང་ངན་མེད་པའིགནད་ཀྱིས་སོ། །བཞི་པ་གདེང་བཞིའི་གྲོལ་ཚད་བསྟན་པ་ལའང་། ཡར་གྱི་གདེང་གཉིསནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་མེདདེ་རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེང་གཉིསནི། འགྲོ་དྲུག་གི་སྡུག་བསྔལ་ཐོས་ཀྱང་འཁོར་བར་མི་ལྟུང་དུ་རེ་བ་དང་། ལྟུང་གིས་དོགསཔ་མེད་དེ་རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་པས་འཁོར་བར་འཁྱམས་མཁན་མ་གྲུབཔར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི་གནས་སྐབས་ཐད་སོའ་དོན་རྣམསའགྲུབ་ཅིང་། མཐར་ཐུག་གོང་མའི་རྟོགས་པ་རྣམས་མཐར་ཕྱིན་པར་འགྱུར་རོ། །སྤྱི་དོན་གསུམ་པ་རྗེས་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ་གསུམ་སྟེ། བརྩོན་འགྲུསརབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའ་ིཞིང་དུ་དབུགསདབྱུང་བའོ། །དང་པོ་ནི། རབ་ནི་ལོ་གསུམ་འབྲིང་ལོ་ལྔ། །ཐ་མ་ལོ་བདུན་དག་ལ་ནི། །འཇའ་ལུས་འགྲུབ་པར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། དེ་ཡང་གཞི་ཀ་དག་ཆོད་ཟད་དུལ་བཟླ་བ་ཁྲེགས་ཆོད་རང་བཞིན་བབས་ཀྱི་བསམ་གཏན་ལ་མཉམ་པར་འཇོག་པ་དང་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི་རྣལ་འབྱོར་ལ་རྩལ་སྦྱོང་བ་རྣམས་དུས་གནད་དམིགས་སུ་གང་

p. 119

འགྲོ་བ་དེ་ཉིད་རྣམ་གཡེང་ཐམས་ཅད་སྤངས་ནས་སྒྲུབ་ཅིང་། གཞན་ཡང་ཉིན་མཚན་འོདགསལ་གྱི་འཁོར་ལོ་དང་། དུས་བཞི་སངས་རྒྱས་མཉམ་སྦྱོར་དུ་གྲགས་པས་ཉིན་མཚན་བརམེད་དགེ་སྦྱོར་གྱི་སྲང་དུ་བཅུག་ནས་ཉམས་སུ་བླངས་པས། སྣང་བའི་འཕེལ་དང་། ལུསགདོས་བཅས་དང་། སེམས་ཀྱི་སྤྲོས་པ་ཐམས་ཅད་ཟད་ནས། ནང་གསལ་ལྷུན་གྲུབ་རིགཔའི་ངོ་བོ་ཀ་དག་ཏུ་གནས་པ་དེ་ལ་ཐིམ་པས་གཞོན་ནུ་བུམ་པའི་སྐུ་བརྙེས་པ་ཞེས་བྱ་སྟེ། ཐིམ་ལ་མ་རྨུགས་པ། གསལ་ལ་མི་འཕྲོ་བ། རིག་པ་རྟོག་མེད་ཉིད་དུ་ལྷུན་གྱིས་གྲུབ་ནསངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་པ་སྤྲུལ་པའི་སྐུ་ཡེཤེས་དང་བཅས་པ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་ནས། སླར་ཡང་གདུལ་བྱའི་དོནདུ་ལོངས་སྤྲུལ་གྱི་སྣང་བས་ཐུགས་རྗེའི་མཛད་པ་རྒྱུན་མི་ཆད་པར་འབྱུང་བ་ཡིན་ལ། དེ་ཡངཐུན་མོང་དང་ཁྱད་པར་གྱི་གྲོལ་ལུགས་གཉིས་སུ་འབྱུང་སྟེ། ཐུན་མོང་པ་ནི། བདེན་པ་མཐོངབའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་པསབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེསཔ་ལྟར་ས་རྣམས་རིམ་གྱིས་བགྲོད་ནས་གདོས་བཅས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་བོརནས་འཚང་རྒྱ་བར་འགྱུར་ཏེ། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པ་སངས་རྒྱས་པནི། འོད་དང་། སྒྲ་དང་། སྐུ་དང་། གདུང་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །ཞེསདང་། འདི་ཉིད་ཀྱི་སྐུ་གཉིས་གཏན་འབེབས་ལས། དཔེར་ན་མངོན་འཚང་རྒྱས་པ་ནི། །ཁྱད་པར་ཤཱཀྱ་ཐུབ་པ་ལྟར། །མཛད་པ་སྣ་ཚོགས་ཚུལ་བསྟན་ནས། །ཐ་མ་མངོན་པར་སངསརྒྱས་སོ། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་བ་ནི། སྙིང་གི་མེ་ལོང་ལས། ཡང་དག་པརརྫོགས་པའི་སངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་པས་ཉོནམོངས་པ་ཕྲ་རགས་དང་། འབྱུང་ལུས་ཀྱི་གདོས་པ་ཐམས་ཅད་དག་ནས། ངོ་བོ་སྐུ་རུ་རྒྱསཔས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་འདུའབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་སྟེ།

p. 120

ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་དང་། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བརྩོན་འགྲུས་འབྲིང་བར་དོར་གྲོལ་བའི་ཚུལ་ནི། དང་པོ་རང་བཞིན་གནསཔའི་བར་དོར་བླ་མའི་གདམས་ངག་ཟབ་མོ་ལ་ཐོས་བསམ་བསྒོམས་པས་སྒྲོ་འདོགས་བཅདཔས་དོན་རང་ཐོག་ཏུ་ཕེབས་ནས་ཆོས་ཉིད་དུ་ལ་བཟླ་བ་ནི་ཐི་བྱ་རང་གི་ཚང་དུ་འཇུག་པལ་ཐེ་མི་ཚོམ་པ་བཞིན་ནོ། །གཉིས་པ་འཆི་ཁའི་བར་དོ་ལ་ཕྲ་རགས་ཀྱི་འབྱུང་བ་རྣམས་སཆུ་མེ་རླུང་གི་བར་དུ་རིམ་བཞིན་ཐིམ་པས་ལུས་དང་ཤེས་པ་གནས་འགྱུར། རླུང་རྣམ་ཤེསལ་ཐིམ་པས་ཕྱི་དབུགས་ཆད། ནང་དབུགས་གནས་པའི་ཚེ་སྔར་གོམས་པའི་གདམས་པགསལ་ཐེབས་ན་རྣམ་ཤེས་ནམ་མཁའ་དང་། ནམ་མཁའ་འོད་གསལ་ལ་ཐིམ་ནས། སྣངགསུམ་གྱི་མཐའི་སྟོང་ཆེན་ཀ་དག་ཆོས་སྐུའི་དབྱིངས་སུ་རང་སྟོབས་ཀྱིས་གྲོལ་བའམ། གཞནདུ་གྲོགས་མྱོང་བ་ཅན་གྱིས་སྦུབ་མཆུ་རྣ་བར་གཏད་ལ། ཨེ་མ། རིགས་ཀྱི་བུ་ཆོས་ཉིད་ཀྱིབར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་བས་དེ་རང་སྣང་དུ་ངོ་ཤེས་པར་མཛོད་ཅིག ཅེསལན་གསུམ་གདམས་པས་མེ་ལོང་དུ་སྒེག་མོའི་གཟུགས་བརྙན་ཤར་བས་གཟུགས་ཀྱི་སྣངབ་ཤེས་པ་བཞིན་ནོ། །གསུམ་པ་ཆོས་ཉིད་ཀྱི་བར་དོ་ནི། འོད་གསལ་ཟུང་འཇུག་ལ་ཐིམ་པས་སྔར་གྱི་སྟོངཉིད་དེ་ལས་ཆོས་ཉིད་ཀྱི་སྣང་བ་འོད་གསལ་གྱི་འཁོར་ལོ་རིགས་ལྔའི་ཚོམ་བུ་ཅན་ཞག་གིརིམ་པ་ཅན་དུ་འཆར་བ། གནད་རྣམ་པ་གཉིས་ཀྱི་འཇུག་ཚུལ་ཤེས་པས་གྲོལ་བར་འགྱུརཞིང་། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་རིགས་ལྔའི་ཚོམ་བུ་འོད་ལྔའི་ར་བར་ཅིགཅར་དུ་སྣང་ཞིང་། རང་གི་སྙིང་ག་ནས་མཐིང་དཀར་སེར་དམར་རང་མདོག་གི་ཐིག་ལེ་ཅནདུ་འཆར་ཞིང་། འབྱུང་བ་དང་། ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རང་སྣང་དུ་ངོ་ཤེསཔའོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས་འོད་གསལ་གྱི་སྣང་བ་དེ་དག་དབྱིངས་སུ་

p. 121

ཐིམ་ནས་སྟོང་གསལ་ནམ་མཁའ་ལྟ་བུའི་ངང་ལས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་སྐདཅིག་ལ་གསལ་ཞིང་རང་སྣང་ལ་སྒྲོ་འདོགས་ཆོད་པས་གྲོལ་བ་སྟེ། འདིར་སྣང་བའི་འཆརལུགས་བརྒྱད་དང་། དབང་པོ་ལ་སོགས་པའི་མངོན་ཤེས་དྲུག་ཚན་དྲུག སྐུ་གསུམ་གྱི་མངོནཤེས་སུམ་ཚན་གསུམ་རྣམས་རྗེས་དྲན་དྲུག་ལ་བརྟེན་ནས་ལྷུན་གྲུབ་ཏུ་གདེང་ཐོབ་པའི་ཐིམལུགས་བརྒྱད་ཀྱིས་གདོད་མའི་དབྱིངས་སུ་གྲོལ་བ་མ་པང་དུ་བུ་འཇུག་པ་བཞིན་ནོ། །གསུམ་པ་བརྩོན་འགྲུས་ཐ་མ་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བ་ནི། སྔར་གྱི་ཆོས་ཉིདའོད་གསལ་གྱི་སྣང་བ་དེ་ཉིད་ངོས་མ་ཟིན་པར་ནུབ་པའི་སྐད་ཅིག་ལ་ཕྱི་མའི་བག་ཆགསསད་བྱེད་ཀྱི་རྐྱེན་གྱིས་བསྐུལ་ནས། རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པས་རྒྱུ་རྐྱེནབྱས་ནས་བར་དོའི་ལུས་དྭངས་ཤིང་ཐོགས་པ་མེད་པ་ཉིད་འགྲུབ་པར་བྱེད་ལ། དེ་ཡང་ལསམཐུན་གྱི་དབང་པོ་དྲུག་ཚང་བས། གང་དུ་སྐྱེ་འགྱུར་མ་གཏོགས་ཐོགས་བཅས་ལ་མི་ཐོགསཔ། མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་ཅིང་། བར་དོ་ནང་ཕན་ཚུན་དང་ལྷའི་མིག་གིས་མཐོང་བ། དབང་པོ་རྣོ་ཞིང་སྔར་བས་དྲན་པ་བདུན་འགྱུར་གྱིས་གསལ་བ། སྔོན་བླམས་ངོ་སྤྲད་པའི་ཆོས་ཉིད་མངོན་སུམ་གྱི་གནད་ལ་ཅུང་ཟད་སྦྱངས་པའི་མཐུས། སྤྲུལ་པསྐུའི་ཞིང་དེ་ཉིད་དྲན་པ་ཙམ་གྱིས་གཉིད་སད་པ་ལྟར་སྲིད་པའི་བར་དོ་ལས་མངོན་དགའ་ལསོགས་པ་དག་པའི་ཞིང་དུ་སྐྱེ་བ་བླངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞལ་མཐོང་། གསུང་ཐོས། དབང་བསྐུར། ལུང་ནོད། དབུགས་དབྱུང་བ་ཐོབ་པས། ཉོན་མོངས་པའི་འཆིངབ་ལས་གྲོལ་ཏེ་གདོད་མའི་གཞི་ལ་སྐད་ཅིག་གིས་གྲོལ་བ་ཐོབ་ནས་སྐུ་དང་ཡེ་ཤེས་འདུ་འབྲལམེད་པའི་དབྱིངས་ལས་མི་གཡོ་བཞིན་དུ་སྤྲུལ་པ་ཆུ་ཟླའི་གར་གྱིས་འཁོར་བ་ཇི་སྲིད་བརའགྲོ་བའི་དོན་ལ་འཇུག་པ་ཡིན་ཏེ། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་རྣམས་སུ། །གནས་ནས་མཐརཕྱིན་གྲོལ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །འདི་ལ་རྩ་བའི་ཁྲིད་གཞུང་ཉིད་གཞིརབྱས་སྐབས་སུ་བབས་པའི་གཞུང་ཕྲན་རྣམས་སོ་སོར་འབྲེལ་བསྡེབས་ནས་མཐའ་གཅོད་ཀྱིས་

p. 122

བརྒྱན་པ་ཞིག་བྱས་ན་ལེགས་པར་སྣང་མོད། སྐབས་དོན་ཉེ་བར་མཁོ་ཆུང་བས། སྔོན་འགྲོརྣམས་གཞན་གྱིས་ཁོག་ཕུབ་པས་ས་ཁོངས་འཛིན་པ་ཙམ་ལས་ལུང་ཚིག་སོགས་ཀྱི་སྤྲོསཔ་དོར། དངོས་གཞིའི་ཁྲིད་གཞུང་རྩ་བ་ཉིད་ཕལ་ཆེར་རྒྱུད་ཚིག་ཏུ་སྣང་བས་ངེས་པ་བསྐྱེདཕྱིར་ཁུངས་མ་སྨོས་པར་དཀྱུས་སུ་བཀོད། གཞུང་རྩ་བར་མེད་པ་རྣམས་ཁུངས་སྨོས་ནསགནས་སྐབས་འཆད་ཉན་གཉིས་ཀ་ལ་འཇུག་པ་བདེ་ཕྱིར་དོན་འདོམས་ཤིང་ཚིག་ཉུང་བགཙོ་བོར་བྱས་ནས་བཀོད་པའོ། །ཀུན་ཏུ་བཟང་པོའི་དགོངས་པ་ཟབ་རྒྱས་ཀྱི། །གནད་ཀུནའདུས་པའི་རྒྱ་མཚོ་ཆེན་པོ་རུ། །འཇུག་འདོད་སྙིང་པོ་རབ་གསལ་གྲུ་གཟིངས་ཀྱིས། །སྐུགསུམ་རིན་ཆེན་འབྲས་བུ་ལོན་གྱུར་ཅིག །ཅེས་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཁྲིད་ཡིག་སྙིང་པོ་རབ་གསལ་ཞེས་བྱ་བ་འདི་ནི་པད་གླིང་མཆོག་གི་རྣམ་སྤྲུལ་ངག་དབང་ཀུན་བཟངརྡོ་རྗེའི་གསུང་གིས་བསྐུལ་བ་ལས་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཉི་མའི་ལོ་རྒྱལ་གྱིཟླ་བ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་དུ་ཡི་གེར་སྤེལ་བའོ། །སརྦ་མངྒ་ལཾ།། །།

བི་མ་ལའི་སྙིང་ཐིག་གི་ཁྲིད་ཡིག་རྐང་གྲངས་ཙམ་བརྗེད་བྱངདུ་སྤེལ་བ་བདུད་རྩིའི་ཐིགས་པ། ལོ་ཆེན་དྷརྨ་ཤྲཱི།

p. 123

བི་མ་ལའི་སྙིང་ཐིག་གི་ཁྲིད་ཡིག་རྐང་གྲངས་ཙམ་བརྗེད་བྱངདུ་སྤེལ་བ་བདུད་རྩིའི་ཐིགས་པ་ཞེས་བྱ་བབཞུགས་སོ། ལོ་ཆེན་དྷརྨ་ཤྲཱི།

p. 124

བི་མ་ལའི་སྙིང་ཐིག་གི་ཁྲིད་ཡིག་རྐང་གྲངས་ཙམ་བརྗེད་བྱངདུ་སྤེལ་བ་བདུད་རྩིའི་ཐིགས་པ་ཞེས་བྱ་བབཞུགས་སོ། །ༀ་སྭ་སྟི་སིདྡྷཾ། ཡེ་ཤེས་ཀྱི་སྐུ་ཅན་དཔལ་ལྡན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལཔོ་གཏེར་བདག་གླིང་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་། སྐྱབསསུ་མཆིའོ། །འགྲན་ཟླ་ཐམས་ཅད་དང་བྲལ་བ་བཀའ་དྲིན་མཉམ་མེད་རྗེ་བླ་མ་གང་གི་ཞལསྔ་ནས་ཡང་དག་པའི་འཁོར་དོན་དམ་པའི་དགེ་འདུན་སྐྱེས་ཆེན་དམ་པ་འགའ་དང་ལྷན་ཅིགཏུ་བདག་ཅག་རྣམས་ལ་ཐེག་པའི་ཡང་རྩེ་འོད་གསལ་རྡོ་རྗེ་སྙིང་པོའི་གདམས་ཁྲིད་ཟབ་མོསྩལ་བའི་ཚེ། མན་ངག་མ་བུའི་བསྒྲིགས་ཚུལ་གྱི་གནད་རྣམས་མི་བསྐྱུད་པའི་ཆེད་དུ་བརྗེདབྱང་བསྡུས་དོན་གྱི་ཚུལ་དུ་སྤེལ་བར་བྱའོ། །དེ་ལ་མཚན་ཉིད་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ། ཐོག་མ་ཁོ་ནརསྤྲོས་བཅས་ཀྱི་དབང་བསྐུར་ལ། དེ་ནས་སེམས་སྦྱོང་བ་ལ་སོགས་པའི་སྔོན་འགྲོའི་ཐབསཀྱིས་རིག་པ་མངོན་སུམ་གྱི་དོན་ལ་རིམ་གྱིས་སྣ་འཁྲིད་པར་མཛད་དོ། །གང་གིས་ཁྲིད་པའིགདམས་པ་ལ། ཐུན་གྱི་སྔོན་འགྲོ་དང་། ལམ་གྱི་སྔོན་འགྲོ་གཉིས་ལས། དང་པོ་ནི། སྟནབདེ་བ་ལ་འདུག་སྟེ། རང་གི་སྤྱི་བོར་པད་ཉི་ཟླ་བའི་གདན་ལ་རྩ་བའི་བླ་མ་ཉིད་རྣམ་པདཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུདཀུར་བརྟེན་པ། ཞབས་སེམས་སྐྱིལ་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྐྱབསགནས་ཐམས་ཅད་འདུས་པའི་བདག་ཉིད། ཀུན་གོ་གཅིག་གིས་ཆོད་པ་ཡིན་པ་ལ་ཡིན་པརབློ་ཐག་བཅད་དེ། ༀ་ཨཱཿཧཱུྃ། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་

p. 125

འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞེས་སོགས་ཀྱི་བརྒྱུད་པའི་གསོལ་འདེབསསམ་མི་ནུས་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལགསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའིགཏིང་ནས་རེ་ལྟོས་ལིང་བསྐྱུར་གྱིས་གསོལ་བ་དྲག་ཏུ་བཏབ་པས། དེའི་ཞབས་ཀྱིས་མཐེབོང་ལས་བདུད་རྩིའི་རྒྱུན་སྐྱ་ཆི་ལི་ལི་བབས་པ་རང་གི་ཚངས་བུག་ནས་ཞུགས། ལུས་ཀྱིའཁོར་ལོ་བཞི་རིམ་པར་གང་བས། ལུས་སེམས་ལ་ཟག་མེད་ཀྱི་བདེ་བ་སྐྱེས་པར་བསམཞིང་། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམས་ཏེ་བསྔོ་བ་བྱ། ཚུལ་འདི་ནི་བྱིན་རླབསཀྱི་རྩ་བ་ཡིན་པས་རྡོ་རྗེ་ལམ་བསྟན་ནས་ཐུན་མཚམས་ཐམས་ཅད་དུའང་བྱ་བར་གསུངསཤིང་། ཁྱད་པར་བྱིན་རླབས་སྒོ་འབྱེད་སླད་དུ་སྐབས་འདིར་མཛད་པ་ཕྱག་ལེན་ཡིན་གསུངས། དེའི་ཚེ་ཐུན་མཚམས་སུ་རང་ལུས་རྡོ་རྗེ་སྔོན་པོ་འོད་འཕྲོ་བར་བསྒོམས་ནས་རྡོ་རྗེ་རྩེ་གསུམཔའི་འདུག་སྟངས་འོག་ཏུ་འཆད་འགྱུར་ལྟར་བྱས་པས་བསྲུང་བར་འགྱུར་བ་ཡིན་གསུངས། གཉིས་པ་ལམ་གྱི་སྔོན་འགྲོ་ལ། དམིགས་གཏད་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱབ་ཉམས་སུ་ལེན་པའི་སྒོམ་ཁྲིགས་ཆེན་པོ་ལས། དང་པོ་རིག་པ་གཅེར་མཐོང་ལ་ཡིད་མཆེས་ན་གྲུབ་མཐའ་ངན་པ་ལ་བློ་ལྡོག་པ་དག་འབྱུང་སྲིད་པས། སྔོན་དུ་བྱང་ཆུབ་ཀྱི་སེམསསྦྱོང་བ་ལ་བསླབ་པར་བྱའོ། །དེ་ནས་སེམས་འབྱོངས་པའི་དྲོད་རྟགས་གཏན་ལ་ཕེབས་པདང་གསང་སྔགས་གཞན་དག་གི་མན་ངག་གིས་ལམ་དུ་དྲངས་ཏེ། གང་ཟག་ལ་ཆགས་པ་ཅན་དང་ཆགས་པ་མེད་པ་གཉིས་སུ་བྱས་ནས་རྩ་དང་རླུང་དང་ཐིག་ལེ་ལ་བསླབ་པར་བྱའོ། །དེ་ལྟར་གཏན་ལ་ཕེབས་ནས་དྲན་པ་རྒྱུན་གཅོད་ཀྱི་མན་ངག་གི་རིག་པ་ལས་ལྡོག་པར་བྱའོ། །ཞེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་སྦྱོང་བ། གསང་སྔགས་ཀྱི་ཐབས་ལམ་རླུང་ཐིགལ་བསླབ་པ། དྲན་པ་རྒྱུན་གཅོད་ཀྱི་མན་ངག་ལ་བསླབ་པ་དང་གསུམ། དང་པོ་ནི། སེམསསྦྱོང་བདུན་པོ་རེ་རེ་ལའང་། སེམས་སྦྱང་བ། སྦྱངས་པའི་དགོས་པ། འབྱོངས་པའི་ཚདགསུམ་གསུམ་གྱི་སྒོ་ནས་གསུངས་པ་ལྟར་རྒྱས་པར་ཡང་ཐིག་སེམས་སྦྱོང་བ་

p. 126

དུན་གྱི་དོནཁྲིད་བཞིན་དུ་ཤེས་པར་བྱ་ཞིང་། འདིར་ངག་དོན་མདོར་བསྡུས་ཙམ་བརྗོད་ན་བདུན་ལས། དང་པོ་མི་རྟག་པ་ལ་བསམ་སྟེ་སེམས་སྦྱོང་བ་ནི། ཕྱི་ནམ་ཟླའི་འགྱུར་ལྡོག ནང་ཕུང་པོའདར་གུད། གསང་བ་རྒན་རབས་གཞོན་རབས་ཤི་བ་ལ་བསམ་སྟེ་ཐམས་ཅད་འཆི་བ་ལསམ་འདས་ཤིང་། དེ་ཡང་ནམ་འཆི་ཆ་མེད་པས། བདག་ཀྱང་ནམ་འཆིའམ་སྙམ་དུ་དྲག་ཏུབསམ་མོ། །གཉིས་པ་འཕྲལ་ཡུན་གྱི་བདེ་བ་ལ་བསམ་སྟེ་སེམས་སྦྱོང་བ་ནི། ལས་དགེསྡིག་ལ་སྤྱད་པའི་འབྲས་བུ་བདེ་བ་དང་སྡུག་བསྔལ་དུ་སྨིན་པར་འགྱུར་བས་དགེ་སྡིག་ལབླང་དོར་མ་ནོར་བ་བྱ་ཞིང་། དེ་ཡང་ཐར་པའི་ལམ་དང་མ་འབྲེལ་ན་འཁོར་བའི་བདེ་འབྱོརལ་སྤྱོད་ཀྱང་། འཕྲལ་བདེ་བདེ་ལྟར་སྣང་བ་ཙམ་ལས་རྟག་མི་ཐུབ་པར་འགྱུར་ཞིང་འགྲོབས། ཡུན་གྱི་བདེ་བ་བླ་ན་མེད་པའི་བྱང་ཆུབ་ཁོ་ན་བསྒྲུབ་པར་བྱ་དགོས་པར་འདུག་ཨངསྙམ་དུ་ཡང་ཡང་བསམ་མོ། །གསུམ་པ་རྐྱེན་དུ་མ་ལ་བསམ་སྟེ་སེམས་སྦྱོང་བ་ནི། འཁོརབ་འདིར་རང་གཞན་ཐམས་ཅད་བདེ་བ་འདོད། སྡུག་བསྔལ་མི་འདོད་པས་སྐྱིད་དུ་རེ་ནསསྒོ་གསུམ་སྐད་ཅིག་ཀྱང་མི་དལ་བས་བཙན་ཕྱུག་ལོངས་སྤྱོད་སོགས་འབད་པས་བསྒྲུབསཀྱང་། ན་རྐྱེན་འཆི་རྐྱེན་སོགས་མི་མཐུན་པའི་རྐྱེན་མང་པོས་འགྲུབ་པའི་དུས་དང་ཟིན་པའིསྐབས་མེད་པས་མནར་བར་འགྱུར་གྱི། ད་ནི་དེ་དག་ཆམ་གྱིས་བསྐྱུར་ལ་དོན་ལྡན་གྱི་བྱབ་དཀོན་མཆོག་མཆོད་པ་སོགས་ལ་འབད་པར་བྱའོ་སྙམ་དུ་བསམ་མོ། །བཞི་པ་བྱས་པཐམས་ཅད་དོན་མེད་པ་ལ་བསམ་སྟེ་སེམས་སྦྱོང་བ་ནི། བདག་གི་ཚེ་འདིའི་བྱ་བ་དགྲ་འདུལགཉེན་སྐྱོང་། ཚོང་ཁེ་སྤོགས་སོགས་ཀྱིས་བསྒྲུབས་པའི་བཙན་ཕྱུག་ལོངས་སྤྱོད་སོགས་བདེའབྱོར་ལྟར་སྣང་བ་འདི་ཐམས་ཅད་ཀྱང་གཉིད་ཐུན་རེའི་རྨི་ལམ་བཟང་བ་ཙམ་རེ་ལས། ཤིབའི་ནངས་པར་གང་གིས་ཀྱང་མི་སྟོངས་པས་ན། དམ་པའི་ཆོས་མ་གཏོགས་གཞན་བྱ་བྱེདཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་ཡོ་ལང་ཁོ་ནར་འདུག་པས། འཁོར་བའི་གནསགྲོགས་ལོངས་སྤྱོད་ཐམས་ཅད་ལ་ནད་པ་འཆི་ཁ་མ་སང་གི་སོ་ཚིས་མི་བྱེད་པ་ལྟར་བློ་ལོགཔར་བྱས་ཏེ། བླ་མ་དམ་པའི་གདམས་ངག་ཐོབ་པར་བྱས་ལ་འབད་པས་ཉམས་སུ་བླང་

p. 127

བར་བྱའོ་སྙམ་དུ་བསམ་མོ། །ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་ལ་བསམ་སྟེ་སེམས་སྦྱོང་བ་ནི། བདག་གི་རྟེན་ཕུན་སུམ་ཚོགས་པ་འདི་ལ་བརྟེན་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་རྫོགསཔའི་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་དེ་ཉིད་སྒྲུབ་དགོས་པར་འདུག དེ་སྒྲུབ་པའི་ཐབསགྲུབ་ཐོབ་གོང་མ་རྣམས་ཀྱི་རྣམ་ཐར་གྱི་རྗེས་སུ་ཞུགས་ཏེ། ཚེ་འདི་བློས་བཏང་ནས་དབེནཔའི་གནས་སུ་དཀའ་སྤྱད་དང་སྡུག་རུས་དྲག་པོས་བསྒྲུབ་པར་བྱའོ་སྙམ་དུ་བསམ་མོ། །དྲུགཔ་བླ་མའི་གདམས་ངག་ལ་བསམ་སྟེ་སེམས་སྦྱོང་བ་ནི། ཐོག་མེད་ཀྱི་སྒྲིབ་པ་ལོ་ཟླས་འདགནུས་ཤིང་། སངས་རྒྱས་ཀྱི་ཡོན་ཏན་ལོ་ཟླ་ཙམ་གྱིས་བསྐྱེད་ནུས་པ་བླ་མ་དམ་པའི་གདམསངག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཤེགས་ཤུལ་འདི་འདྲ་དང་མཇལབའི་སྐབས་འདིར། ཚེ་འདིའི་བྱ་བས་ཅི་ཞིག་བྱ་སྟེ། དེའི་ཕྱིར་བླ་མ་དམ་པས་ཇི་སྐད་གསུངསཔ་ལྟར་བརྩོན་པས་གདམས་ངག་ཉམས་སུ་བླང་བར་བྱའོ་སྙམ་དུ་བསམ་མོ། །བདུན་པ་རྣམཔར་མི་རྟོག་པ་ལ་བསམ་སྟེ་སེམས་སྦྱོང་བ་ནི། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའིརྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་པ་ལྟར། སྔར་ཕན་ཆད་རྣམ་པར་རྟོག་པས་འཁོར་བའི་གནསསུ་ཡང་ནས་ཡང་དུ་འཁྱམས་ཏེ་སྡུག་བསྔལ་བར་གྱུར་ལ། ད་ནི་བླ་ན་མེད་པའི་བྱང་ཆུབའཐོབ་པའི་ཐབས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ་སྙམ་དུ་བསམཔ་སྟེ། བསྡུ་ན་དེ་ཙམ་གྱིས་ཆོག་གསུངས། འདི་དུས་ཡང་ཏིག་ལས་གསུངས་པ་ལྟར་མིརྟོག་པ་གསུམ་གྱི་བསྒོམ་ཚུལ་གྱི་དམིགས་པའང་སྩལ་ཏེ། དེ་ལ་དང་པོ་བདེ་སྟོང་མི་རྟོགཔ་ལ་སེམས་སྦྱོང་བ་ནི། ལུས་ཀྱི་དབུས་སུ་རྩ་དབུ་མ་མདའ་སྙུག་འབྲིང་པོ་ཙམ་པ་དྭངསགསལ་སྦུབས་སྟོང་གི་རྣམ་པ་ཅན་སྤྱི་བོ་ནས་ལྟེ་འོག་སོར་བཞིའི་བར་དུ་དྲང་ཐལ་ལེར་གནསཔ། དེའི་ཡར་སྣར་ཧཾ་དཀར་པོ་ཐབས་ཀྱི་རང་བཞིན་འཛག་ལ་ཁད་པ་དང་། མས་སྣར་ཨཡིག་དམར་པོ་ཤེས་རབ་ཀྱི་རང་བཞིན་འཕར་ལ་ཁད་པ་ཞིག་གསལ་བཏབ་ལ། འོག་རླུངའཐེན་པས་ཨ་ལས་མེ་དམར་འུར་གྱིས་འབར་བ་སྤྱི་བོའི་ཧཾ་ལ་རེག་པས་བྱང་སེམས་ཀྱིརྒྱུན་སྐྱ་ཆིལ་ཆིལ་བབས་པས་རྩ་འཁོར་བཞི་དང་རྩ་ཕྲན་ཐམས་ཅད་ཁྱབ་པས་བདེ་བ་འབར་

p. 128

བར་བསམ་ལ་སྟེང་འོག་གི་རླུང་ཁ་སྦྱར་ཏེ་སྙིང་གར་ཨ་ཡིག་དཀར་པོ་གསལ་ཞིང་དྭངསཔ་ལ་བློ་བཞག་པས། བདེ་བས་ཐབས་བྱས་པའི་ཤེས་རབ་སྟོང་ཉིད་རྣམ་པར་མི་རྟོག་པའཆར་རོ། །གཉིས་པ་གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་ནི། རླུང་རོ་ལན་གསུམ་བསལཏེ། རླུང་རྔུབ་དུས་ཕྱི་རོལ་གྱི་སྣང་ཡུལ་ཐམས་ཅད་སྔོ་ལྟེམ་ལྟེམ་ཞུ་བ་ནམ་མཁའ་དང་འདྲེསཔ་སྣ་ནས་ཞུགས་ཏེ་ལུས་ནང་མེར་གྱིས་ཁེངས་བ་ལ་སེམས་བཟུང་ནས་རླུང་ཁ་སྦྱོར་དུ་བཟུངབས། གསལ་བས་ཐབས་བྱས་པའི་སྟོང་ཉིད་རྣམ་པར་མི་རྟོག་པ་འཆར་རོ། །གསུམ་པ་ཆོསཉིད་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བ་ནི། ལུས་སེམས་ཁོང་ཀློད། མིག་མི་འགུལ་བརཅེ་རེ་བཞག་ཅིང་། ཅི་ལའང་མི་སེམས་མི་མནོ་བར་རྟོག་མེད་ནམ་མཁའ་ལྟ་བུའི་ངང་ལབཟོ་མེད་དུ་ཤིག་གེ་བཞག་གོ །གཉིས་པ་གསང་སྔགས་གཞན་དག་གི་ཐབས་ལམ་ནས་དྲངས་ཏེ་རླུང་ཐིག་ལ་བསླབཔ་ནི། སྐབས་འདིར་སྤྲོས་མེད་ཀྱི་དབང་བསྐུར་ནས། གདམས་པ་ལ། ཆགས་མེད་རླུངལ་བསླབ་པ་དང་། ཆགས་ཅན་ཐིག་ལེ་ལ་བསླབ་པ་གཉིས་ལས། དང་པོ་ལའང་། ཁ་དོག དབྱིབས། གྲངས། འགྲོ་འོང་། བུམ་པའི་སྦྱོར་བ་ལ་བསླབ་པ་དང་ལྔ་ལས། དང་པོ་ཁ་དོགལ་བསླབ་པ་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་དྲང་པོར་བསྲངས་ཏེ། རླུང་རོ་བསལནས། རང་གི་སྨིན་མཚམས་སུ་རླུང་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་ཡུངསདཀར་གྱི་འབྲུ་ཙམ་པ་དཀར་ལ་འཚེར་བ་ཞིག་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་བསྒོམ། དེལ་བརྟེན་ནས་རང་གི་མགོ་བོ། དེ་ནས་ལུས། དེ་ནས་མཐའ་ཕྱིའི་ཉེ་འཁོར་ཙམ་རིམ་པརདེ་དང་མདོག་མཚུངས་པར་བསྒོམ་ཞིང་། མཐར་སྣང་བ་ཐམས་ཅད་རླུང་གི་རང་བཞིན་དཀརམེ་རེ་བ་ལ་ཤེས་པ་གཏད་དེ་བསྒོམ་མོ། །གཉིས་པ་དབྱིབས་ལ་བསླབ་པ་ནི། སྨིན་མཚམསསམ་སྣ་རྩེར་རླུང་གི་ཐིག་ལེ་དཀར་སྔོ་སྲན་ཟླུམ་ཙམ་ཞིག་ལ་ཤེས་པ་དང་ལྟ་སྟངས་གཏདདེ། རླུང་འགྲོ་འོང་དལ་ལ་རིང་བ་དང་སྦྱར་ནས། རླུང་ཕར་འགྲོ་དུས་ཐིག་ལེ་དེ་ཕར་རྒྱངསཀྱིས་སོང་། རྔུབ་དུས་ཚུར་མེར་གྱིས་བྱུང་ནས་སྨིན་མཚམས་སམ་སྣ་རྩེར་གྲང་བསིལ་གྱིས་

p. 129

གནས་པ་ལ་བློ་བཞག གསུམ་པ་གྲངས་ལ་བསླབ་པ་ནི། རླུང་དང་ཤེས་པ་འགྲོ་ལྡོག་གཅིགཏུ་བྱས་ཏེ། རླུང་འགྲོ་འོང་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ཁུག་པ་རེ་ལ་གཅིག་ཏུ་བརྩིསཔའི་གྲངས་མ་ཡེངས་པར་བཟུང་ཞིང་། དེའང་གྲངས་ཇེ་མང་དང་རྒྱུ་བ་ཇེ་རིང་ལ་བཏང་སྟེབསླབ་བོ། །བཞི་པ་འགྲོ་འོང་ལ་བསླབ་པ་ནི། ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བའིནང་དུ་རླུང་གི་རྡོ་རྗེ་སྔོན་པོ་ནས་ཙམ་པ་ཞིག་བསྒོམ་ལ། རླུང་ཕྱིར་འགྲོ་བ་དང་བསྟུན་ཏེ་རྡོརྗེ་དེ་སྣ་བུག་གཡས་ནས་སྔོ་ཡེར་གྱིས་ཐོན་པ་རྒྱང་རིང་པོར་སོང་། ཚུར་རྔུབ་དུས་སྣ་བུགགཡོན་ནས་ཞུགས་ཏེ་ཐོད་པའི་ནང་དུ་སྔར་ལྟར་གནས་པར་བསམ་ཞིང་ལུས་བདེ་ཕྲིལ་ཕྲུལབ་ལ་བློ་བཞག །དེ་ལ་བརྟེན་ནས་འགྲོ་འོང་གི་ཚད་ཇེ་ཐུང་ཇེ་ཐུང་ལ་བཏང་ནས་བསླབབོ། །ལྔ་པ་བུམ་པའི་སྦྱོར་བ་ལ་བསླབ་པ་ནི། སྔར་གྱི་འགྲོ་འོང་གི་དམིགས་པ་དེ་ལན་འགའབསྐྱར་རྗེས། ནང་དུ་འོང་བ་དང་བསྟུན་རྡོ་རྗེ་དེ་ཐོད་པ་ལ་ཐིམ། ཐོད་པའང་ཞུ་བའི་དྭངསམ་ལྟེ་བར་ཧ་ཡིག་དམར་པོའི་རྣམ་པར་གྱུར་པ་ལ་བློ་བཞག་སྟེ་རླུང་དང་ལུས་ཐམས་ཅད་ནབུན་ལྟར་གྱུར་པར་བསམ་ཞིང་བུམ་པ་ཅན་དྲག་ཏུ་བསྡམ། རླུང་གཏོང་བའི་ཚེ་རླུང་སེམསནམ་མཁའ་དང་བསྲེས་ལ་མི་རྟོག་པའི་ངང་དུ་བཞག་གོ །གཉིས་པ་ཆགས་ཅན་ཐིག་ལེ་ལབསླབ་པ་ལའང་། དངོས་རིག་ལ་བརྟེན་ནས་ཡབ་ཡུམ་གྱི་བདེ་བ་ལ་བསླབ་པ་དང་། རླུངསེམས་ཀྱི་བདེ་བ་རང་ལ་བསྒོམ་པ་གཉིས་ལས། འདིར་ཕྱི་མ་ལྟར་སྟོན་པར་མཛད་དོ། །རང་ལུས་སྟོང་ར་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་རྩ་གསུམ་དང་། དེ་ལ་བརྟེན་པའི་རྩའཁོར། སྤྱི་བོར་རྩེ་མོ་རྣམ་པར་བཀོད། མགྲིན་པར་རོ་རྣམས་འདུས་པ། སྙིང་གར་དྲན་པའདུས་པ། ལྟེ་བར་སྐྱེད་བྱེད་ཀྱི་འཁོར་ལོ་རྣམས་གསལ་བཏབ་པའི་རྩེ་མོ་རྣམ་བཀོད་ཀྱིདབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་དཀར་ཞིང་སྣུམ་པ་སྲན་མ་ཙམ་ཞིག་བསམ་ལ། རླུངབུམ་ཅན་བཟུང་བས་ཐིག་ལེ་དེ་ལྡེམ་ལྡེམ་ཞུ་ནས། ཐིག་ལེ་སྲན་ཆུང་ཙམ་པ་ཕྲོམ་ཕྲོམ་བབསཏེ་མགྲིན་པར་སླེབས་པས་ལུས་བདེ་ཕྲིལ་གྱིས་སོང་བར་བསམ། དེ་བཞིན་དུ་སྙིང་ག་ལྟེ་བགསང་གནས་རྣམས་སུ་རིམ་པར་བབས་པས་བདེ་བ་ཇེ་རྒྱས་སུ་སོང་བ་ལ་བློ་བཞག་པས་

p. 130

ལུས་བདེ་སྟོང་དུ་འཆར་ཞིང་། བདེ་བ་རྒྱས་པས་ཕྱིར་འཕོ་བ་སྙམ་བྱེད་ན་ཡར་ལ་རིམ་གྱིསལྡོག་སྟེ་སྤྱི་བོའ་ཐིག་ལེ་ལ་ཐིམ་པར་བསམ་ཞིང་དེར་ཤེས་པ་གཏད་དེ་བཞག་གསུངས། གསུམ་པ་དྲན་པ་རྒྱུན་གཅོད་ཀྱི་མན་ངག་གིས་འབྱུང་ལྔ་རང་སར་དེངས་པའི་གནདནི། ལུས་གནད་ཆོས་བདུན་བཅས་ལ་སྙིང་གར་ཨ་སྔོན་པོ་ཚོན་གང་བ་ཞིག་བསམ་ལ། དེརཤེས་པ་གཏད་དེ་རླུང་སེམས་ཀྱི་འདུ་བྱེད་ཐམས་ཅད་བསྟིམས་ནས་རྟོག་མེད་སྤྲོས་བྲལ་གྱིངང་ལ་བཞག་པས་ནམ་མཁའ་དག་པར་བྱེད་དོ། །དེ་བཞིན་དུ་སྤྱི་བོའི་འཁོར་ལོའམ་སྣརྩེའི་ཐད་ཀྱི་མདུན་དུ་ཨ་ལྗང་ཉིས་བརྩེགས་ལ་ཤེས་པ་གཏད་དེ། རླུང་དང་རྣམ་རྟོག་གཡོབ་ཐམས་ཅད་བསྟིམས་ནས་སྔར་ལྟར་བསྒོམས་པས་རླུང་དག་པར་བྱེད་དོ། །ཡང་སྙིང་གའམསྣ་རྩེར་ཨ་དཀར་པོ་སུམ་བརྩེགས་ལ་ཤེས་པ་གཏད་དེ་འདུ་ཤེས་དང་རླུང་ཐམས་ཅད་དྲནཔ་རང་ཡལ་དུ་བཏང་ནས་དབུགས་ཀྱི་འགྱུ་བ་བཅད་དེ་བཞག་པས་ཆུ་དག་པར་བྱེད་དོ། །ཡང་མགྲིན་པའམ་མདུན་མཁར་ཨ་དམར་བཞི་བརྩེགས་ལ་ཤེས་པ་གཏད་དེ་འཛིན་ཡུལཚོར་སོགས་སྡུད་བྱེད་ཀྱི་དྭངས་མ་མིག་གི་རྣམ་ཤེས་རང་དག་ལ་སེམས་བཟུང་བས་མེ་དགཔར་བྱེད་དོ། །ཡང་ལྟེ་བའམ་བར་སྣང་ལ་ཡི་གེ་ཨ་སེར་པོ་ལྔ་བརྩེགས་ལ་ཤེས་པ་གཏདདེ་གཟུང་ཡུལ་མཆེད་པ་ཐམས་ཅད་བསྟིམས་ནས་སྒོ་ལྔ་འཛིན་མེད་དུ་བཞག་པས་ས་རྣམཔར་དག་གོ །དེ་དག་སྒོམ་དུས་འབྱུང་འཁྲུགས་ཀྱི་གེགས་བསལ་བའི་གདམས་པའང་འདིསྐད་གསུངས་ཏེ། སའི་སྐྱོན་གྱིས་ལུས་ལྕི་ཞིང་བྱིང་འ ཐིབ་ལ་སྤྱི་བོའ་འཁོར་ལོར་ཡཾ་ལྗངནག་བསྒོམ་པ་ལ་རླུང་སེམས་བཅུག་སྟེ་ནམ་མཁར་སྔོ་ཕྱུར་ཕྱུར་སོང་བར་བསམ་པས་སེལལོ། །ཡང་ཆུའི་སྐྱོན་གྱིས་གྲང་ཞིང་འདར་ན་མགྲིན་པའི་འཁོར་ལོར་རཾ་དམར་པོ་འབར་བབསྒོམ་ཞིང་རླུང་དྲག་ཏུ་གཅུན་པས། ལྟེ་འོག་རྩ་གསུམ་འདུས་མདོའི་ཧ་ཡིག་དམར་པོ་ལསཀྱང་མེ་འབར་བས་ལུས་ཀྱི་ནང་གང་བར་བསམ་ན་སེལ་ལོ། །ཡང་མེའི་སྐྱོན་གྱིས་ལུས་ཚཞིང་གཙེ་བ་སོགས་བྱུང་ན་སྙིང་གའི་འཁོར་ལོའམ་ཕོ་བའི་ཁར་ཁཾ་དཀར་བསིལ་འཁྱག་པལྟ་བུ་བསྒོམ་ལ་སིད་སྒྲའི་སྒྲས་རླུང་དབྱུང་བས་སེལ་ལོ། །ཡང་རླུང་གི་སྐྱོན་གྱིས་ཤེས་པ་འཕྱོ་

p. 131

ཞིང་སྟོད་འཚང་སོགས་བྱུང་ན་ལྟེ་བར་བཾ་སེར་པོ་ལྕི་འཐིང་བ་ཞིག་བསྒོམ་ལ་རླུང་སེམས་ཐུརདུ་གཏད་པས་སེལ་ལོ། །དེ་དག་གིས་སྔོན་འགྲོ་ཚར་རོ། །དེ་ནས་འོད་གསལ་སྙིང་པོའི་དོན་ཁྲིད་དངོས་ལ། བརྩོན་འགྲུས་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བར་བྱེད་པའི་གདམསཔ་དང་གསུམ་ལས། འདིར་དང་པོ་སྟོན་ཏེ། དེ་ཡང་སྒོམ་ཁྲིགས་ཆེན་མོ་ལས། དེ་ལྟར་བྱུངབ་ལས་ལྡོག་ནས་སྦས་པ་མིག་འབྱེད་ཀྱི་མན་ངག་གིས་རང་བཞིན་གྱི་སྤྱོད་པ་བསྒོམ་པ་ལྟབ་འབྲས་བུའི་འདུག་ཚུལ་བལྟའོ། །ཞེས་པའི་དོན་ལྟ་སྒོམ་འབྱེད་པའི་ལྡེ་མིག་སྦས་པ་མིགའབྱེད་ལས། འཛིན་ཆགས་མེད་པ་སྤྱོད་པའི་མན་ངག་གིས་སྣང་བ་ཟིལ་གྱིས་མནན་པ་དང་། དམིགས་གཏད་མེད་པ་སྒོམ་པའི་མན་ངག་གིས་དྲན་བྱེད་ཀྱི་ཡིད་ཟིལ་གྱིས་མནན་པ་དང་། གཟའ་གཏད་མེད་པ་ལྟ་བའི་མན་ངག་གིས་ཞེན་པའི་གཞི་ཉོན་མོངས་པ་ཟིལ་གྱིས་མནནཔ་དང་། སྤངས་ཐོབ་མེད་པ་འབྲས་བུའི་མན་ངག་གིས་རིག་པ་ཕྱིར་མི་ལྡོག་པར་བསྟནཔའོ། །ཞེས་གསུངས་ཤིང་། དེ་དག་ལའང་ཆོས་ཅན་སྤྱི་དང་། ཆོས་ཉིད་རང་གི་བྱེ་བྲགགཉིས་སུ་ཕྱེ་བ་ལས། སྐབས་འདིར་སྤྱིའི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་སྟོན་པར་མཛད་དོ། །དེ་ལ་དང་པོ་འཛིན་ཆགས་མེད་པ་སྤྱོད་པའི་མན་ངག་ནི། སྣང་བ་ལ་ཞེན་པ་མེད་པའི་ཚུལགྱིས་ཆ ོས་ཐམས་ཅད་རང་བཞིན་མེད་པར་སྤྱད་པས་སྣང་བ་ལ་རོ་སྙོམས་ཀྱི་འབྲས་བུ་འཐོབཔར་འགྱུར་ཞིང་། རོ་མ་སྙོམས་ཀྱི་བར་དུ་དེ་སྲིད་དུ་ཐམས་ཅད་ལ་ཞེན་པ་མེད་པའི་ཤེསརབ་ཀྱིས་ཟིན་པའི་སྒོ་ནས་དགེ་སྡིག་གི་བླང་དོར་མ་ནོར་བར་སྤྱོད་པ་སྟེ། སྤྱོད་པ་དུས་ཚོདདང་འབྲེལ་བར་སྤྱོད་པ་ཞེས་བྱའོ། །གཉིས་པ་དམིགས་གཏད་མེད་པ་སྒོམ་པའི་མན་ངག་ནི། དབེན་པར་བྱ་བ་སྤང་ལཉམས་སུ་བླང་སྟེ། འདི་ལ་གཉིས། སེམས་ཀྱི་སྣ་ཁྲིད་པར་བྱེད་པ་དང་། རྣལ་དུ་དབབཔའོ། །དང་པོ་ནི། སྒོ་གསུམ་གྱི་སྔོན་འགྲོ་སྟེ། དེ་ལ་ཐོག་མར་ལུས་ཀྱི་སྔོན་འགྲོ་ནི། ལུསབསྲངས་ཏེ་རྐང་མཐིལ་སྤྲད། པུས་མོ་ཕྱིར་བཀྱེད། ལག་གཉིས་གྲུ་མོ་བརྒྱངས་ཏེ་མགོ་ལ་

p. 132

མ་རེག་པའི་ཐལ་མོ་སྦྱར་བ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ། རང་ལུས་རྡོ་རྗེ་སྔོནཔོ་མེ་འབར་བར་བསྒོམ་པའོ། །གཉིས་པ་ངག་གི་སྔོན་འགྲོ་ལ། རྒྱས་གདབ་པ། རྩལ་སྦྱོངབ། མཉེན་བཙལ་བ། ལམ་དུ་ཞུགས་པ་དང་བཞི། དང་པོ་རྒྱས་གདབ་ལ་གཉིས་ཀྱི། ཕྱིསྣང་བ་ལ་རྒྱས་གདབ་པ་ནི། དབེན་པར་ཆོས་བདུན་བཅས་ཏེ། དར་ཅིག་ཀློད་རྗེས་སྙིངགར་ཧཱུྃ་སྔོན་པོ་ཞིག་བསྒོམ། དེ་གསལ་ཐེབས་པ་དང་ཁ་ཅུང་ཟད་གདངས་ཙམ་བྱས་ལ་ཧཱུྃགི་གླུ་སྒྲ་ཆེ་ཆུང་རན་ཞིང་སྙན་ལ་རིང་བར་བླངས་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུགགཡས་ནས་ཐོལ་ཐོལ་བྱུང་། ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཧཱུྃ་ཡིག་གིས་མེར་མེར་ཁེངསཔར་བསམ་ཞིང་། ཤེས་པ་ཧཱུྃ་ལས་གཏད་དེ་རླུང་དལ་བ་ལ་བསླབ་བོ། །ནང་ཕུང་པོ་ལ་རྒྱསགདབ་པ་ནི། ཧཱུྃ་སྔར་ལས་ཅུང་ཟད་ཐུང་ཙམ་བརྗོད་ཅིང་རླུང་དལ་བུས་རྔུབ་པ་དང་མཉམདུ་ཕྱིར་རོལ་གྱི་ཧཱུྃ་ཡིག་རྣམས་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས་ཏེ། ལུས་ནངཧཱུྃ་གིས་མེར་མེར་གང་བར་བསམ་པའོ། །གཉིས་པ་རྩལ་སྦྱོང་བ་ལ་གཉིས་ཀྱི། ཕྱི་སྣང་བལ་རྩལ་སྦྱོང་བ་ནི། ཧཱུྃ་དྲག་པོ་ངར་དང་ལྡན་པར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཚཞིང་རྩུབ་པ་མང་པོ་གཅིག་བྱུང་གཉིས་བྱུང་གིས་ཐོག་མར་མདུན་གྱི་དངོས་པོ་གང་རུང་ཞིགཤོག་བུ་ལ་མེ་སྟག་ཕོག་པ་ལྟར་ཕར་ཐལ་ཚུར་ཐལ་བཀོལ་རྩེ་མེད་པར་ཕུག་པར་བསམ་ཞིང་། དེ་ལ་བརྟེན་ནས་རི་ར་བ་སོགས་ཐམས་ཅད་ལ་དེ་ལྟར་སྦྱངས་པས་སྣང་བ་ཐམས་ཅད་སངསེང་ཁྲལ་ཁྲོལ་དུ་སོང་བར་བསམ་མོ། །ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ཧཱུྃ་དེ་ཉིད་རང་གིཁོང་པ་ནས་ཐོགས་པ་མེད་པར་སྤྱི་བོ་ནས་རྐང་མཐིལ་སོགས་ལུས་བཀོལ་ཙེ་མ་ལུས་པརཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་དུ་ཕུག་པས་ཁྲལ་ཁྲོལ་དུ་སོང་བར་བསམ་མོ། །གསུམཔ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུ་ལྟ་བུ་ཞིག་དམིགས་རྟེན་དུ་བཙུགས་ཏེ་ངག་ཏུ་ཧཱུྃརིང་པོར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བརྒྱུས་པ་ལྟ་བུ་བྱུང་། དམིགས་རྟེན་གྱིརྩ་བ་ནས་ཡར་སྦྲུལ་འཁྲིལ་བ་ལྟར་རིམ་པར་ཕྲི་ལི་ལི་དཀྲིས་ཏེ་རྩེ་མོར་སླེབ་པ་དང་ཡངརིམ་གྱིས་ཕྱིར་བཀྲོལ་ནས་དར་ཅིག་ཀློད་ལ་བཞག དེ་ལ་བརྟེན་ནས་ཤིང་སྡོང་དང་རི་བོ་

p. 133

སོགས་དངོས་པོ་ཐམས་ཅད་ལ་སྦྱང་ངོ་། །བཞི་པ་ལམ་དུ་གཞུག་པ་ནི། ཧཱུྃ་སྙན་ལ་རིངབར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ། མདུན་དུ་རི་མོ་འཁྱོག་པོ་སྲིན་བུའི་ཤུལལྟ་བུའི་སྟེང་ན་ཕར་མི་ལམ་དུ་འགྲོ་བ་ལྟར་སོང་ནས་འཁྱོག་མཚམས་སུ་ངལ་རེ་བསོ་ཞིངཡང་རིམ་གྱིས་ཚུར་ལྡོག་པ་ལ་སྦྱང་། དེ་བཞིན་དུ་ལུང་པའི་སྲོལ་དང་ཆུའི་གཞུང་སོགསམཐའ་མེད་ཀྱི་བར་དུ་འགྲོ་ལྡོག་ལ་སེམས་སྦྱང་ངོ་། །གསུམ་པ་སེམས་ཀྱི་སྔོན་འགྲོ་ནི། ཁནང་དུ་ཕྱོགས་ཏེ་ཐོག་མར་ལུས་ངག་ཡིད་གསུམ་གང་གཙོ་ལ་བརྟགས་པས་སེམས་གཙོབོར་གཏན་ལ་ཕེབས་པ་དང་། རང་གི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཕྲོ་ཞིངརྟོག་པ་འདི་དང་པོ་གང་ལས་བྱུང་། ད་ལྟ་གང་དུ་གནས། ཐ་མ་གང་དུ་འགྲོ་ཞིང་གང་དུའགག་བརྟགས། དེར་མ་ཟད་ལྟ་མཁན། བཙལ་བྱ་དང་ཚོལ་བ་པོ་སོགས་ཀྱང་གཅིག་གམཐ་དད་ཅེས་སྐད་ཅིག་ཙམ་ཡང་མ་ཡེངས་པར་རྐྱང་འདེད་ཀྱིས་བལྟར་བཅུག་པས་གང་ཡངམ་མཐོང་། ཅི་ཡང་མ་རྙེད་པའི་ངང་དེར་གང་དུའང་ངོས་བཟུང་དཔྱད་ར་མེད་པ་ནམ་མཁའལྟར་གསལ་རིག་རྗེན་པ་ལྷག་གེར་འཆར་ན་དེ་ཁའི་རང་ལུགས་སུ་ཤིགས་སེ་ཀློད་དེ་ངལབསོ། ཡང་རྟོག་པ་ཝལ་གྱིས་འཆར་ན་སྔར་བཞིན་རྐྱང་འདེད་ཀྱིས་བརྟག་གོ །གཉིས་པརྣལ་དུ་དབབ་པ་ནི། ལུས་ཀྱི་སྒུ ལ་སྐྱོད། ངག་གི་སྨྲ་བརྗོད། སེམས་ཀྱི་བསམ་མནོ་སོགསབྱ་བྱེད་ཐམས་ཅད་སྤངས་ཏེ། མི་གཡོ། མི་སྨྲ། མི་མནོ་བར་ལྷོད་ཀྱིས་ཀློད་ལ་ཆུ་ཆད་པའིརང་འཐག་ལྟར་སོ་མར་བཞག་གོ །གསུམ་པ་གཟའ་གཏད་མེད་པ་ལྟ་བའི་མན་ངག་ནི། དེ་ལྟར་སྔོན་འགྲོ་ལ་ཉམས་མྱོངཅི་རིགས་རྙེད་ནས་རིག་པའི་ཡེ་ཤེས་ངོ་སྤྲོད་པ་སྟེ། ཚོགས་གཏོར་བཤམས། གསོལ་བགདབ་ཅིང་བརྒྱུད་པའི་བཤར་བཏབ་རྗེས་སློབ་མ་རྣམས་ལུས་གནད་བཅའ། རླུང་སེམསབར་སྣང་ལ་གཏད་ལ་ཙེན་གྱིས་ཀློད་པའི་ངང་དེར་ངོ་སྤྲོད་པར་མཛད་དེ། ཡང་ཏིག་གི་འོདགསལ་སྙིང་པོའམ་ཡེ་བབས་སོར་བཞག་གི་དོན་ཁྲིད་ལྟ་བུའི་སྲོག་ཤིང་ལ་བརྟེན་ནས་བླམ་ཉམས་མྱོང་ཅན་གྱིས་སློབ་བུའི་ཉམས་མྱོང་སྐྱེས་རིམ་དང་བསྟུན་པའི་ངོ་སྤྲོད་ཐེབས་པར་

p. 134

གདབ་བོ། །བཞི་པ་སྤང་ཐོབ་མེད་པ་འབྲས་བུའི་མན་ངག་ནི། དེ་ལྟར་ཉམས་སུ་བླངས་ཤིང་རྟོགསཔའི་འབྲས་བུ་དྲན་བསམ་སྤྲོས་པ་དང་བྲལ་བས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའིདོན་འཐོབ་པར་འགྱུར་བའོ། །དེ་དག་གིས་ནི་ཆོས་ཅན་སྤྱི་སྟེ་རྫོགས་ཆེན་སྤྱིའི་ལྟ་སྒོམ་སྤྱོདའབྲས་བཞི་བསྟན་པ་ཡིན་ཞིང་། རྒྱས་པར་ན་དེ་རེ་རེ་ལའང་གང་གིས། གང་། གང་ལྟར། གང་ཐོབ་ཅེས་བཞི་སྐོར་དུ་གསུངས་སོ། །ཁྱད་པར་ཆོས་ཉིད་རང་སྟེ་མན་ངག་འདིའི་ལྟ་སྒོམསྤྱོད་འབྲས་བཞི་ཡང་རང་སྤྱིའི་ཁྱད་པར་ངེས་པའི་ཕྱིར་སྐབས་འདི་ཉིད་དུ་སྒྲོན་མ་བཞིའིམན་ངག་གིས་རེ་རེ་ལའང་བཞི་སྐོར་གྱི་ཚུལ་དུ་གོ་བ་ཙམ་ཞིག་སྟོན་པར་མཛད་ནས། འདིརྣམས་སླད་ནས་རིམ་གྱིས་རྟོགས་པར་འགྱུར་རོ་ཞེས་བརྡ་སྤྲོད་པར་མཛད་དོ། །དེས་སྒྲོནམ་བཞིའི་མན་ངག་ནི། སྤྱོད་པ་བསྡུས་པའི་སྒྲོན་མ། སྒོམ་པ་བསྡུས་པའི་སྒྲོན་མ། ལྟ་བབསྡུས་པའི་སྒྲོན་མ། འབྲས་བུ་བསྡུས་པའི་སྒྲོན་མ་རྣམས་སོ། །དེ་རྣམས་ཀྱིས་སེམས་གཏནལ་དབབ་པའི་མན་ངག་ཚར་རོ། །དེ་ནས་རིག་པ་གཏན་ལ་དབབ་པའི་མན་ངག་ནི། བླ་མཞལ་ཤར་དུ་ཕྱོགས་པའི་མདུན་དུ་སློབ་མ་རྣམས་ལངས་ལ་ཐལ་མོ་སྙིང་གར་སྦྱར་ནས་འདུག་ཏུབཅུག་སྟེ། བླ་མས་ཀྱང་བཞེངས་ནས་སྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ཀྱིས་བགེགསབསྐྲད་ཅིང་མཁའ་འགྲོའི་ཚོགས་ལ་གཏོར་མ་བཏང་སྟེ། སློབ་མའི་སྤྱི་གཙུག་ཏུ་ཧཱུྃ་མཐིང་གབསྒོམས་ནས་དྲ་བ་ཅན་གྱི་རྩ་ལས་བརྒྱུད་ལུས་ཐམས་ཅད་ཧཱུྃ་དུ་གྱུར་པར་བསྒོམ། དེ་བཞིནདུ་རྐང་མཐིལ་དུ་ཡཾ་ལྗང་གུ། ལྟེ་བར་རཾ་དམར་ལྗང་། མགྲིན་པར་ཁཾ་དུད་ཁ། དཔྲལ་བརཨེ་མཐིང་ག ལྐོག་མར་སུཾ་སེར་པོ། པུས་མོ་གཡས་ལ་ཧ་དཀར་པོ། རྐང་མཐིལ་དུ་ཕཊ་སྔོནག་སྟེ་ཡི་གེ་བརྒྱད་བསམ་ལ། ངག་ཏུ་ཡི་གེ་རེ་རེ་བཞིན་དབུགས་ཐེངས་རེ་ལ་ཉེར་གཅིགརེ་བཟླས་པས་བསྲུང་བར་བྱའོ། །དེ་ལྟར་ཡི་གེ་བརྒྱད་ཀྱིས་བསྲུང་བར་བྱས་ནས་རིག་པའི་སྔོན་འགྲོ་རུ་ཤན་དབྱེ་བའི་སྤྱོད་པ་བྱ་སྟེ། དབེན་པར་ཞག་ཁ་ཡར་བྱ་བ་ཐམས་ཅད་སྤངསནས་དལ་བར་བསྡད། དེ་རྗེས་མཁའ་འགྲོ་རྣམས་ལ་བཟའ་བ་དང་མེ་ཏོག་གི་གཏོར་མ་ཕུལ་

p. 135

ལ། སྤྱོད་པ་ལ་བར་ཆད་མི་འབྱུང་བའི་གསོལ་བ་གདབ། དེ་ནས་ལུས་ཀྱི་སྤྱོད་པ་འགྲོ་བདང་། འདུག་པ་དང་། རྒྱུགས་པ་དང་། གར་བྱེད་པ་སོགས་རིགས་དྲུག་གི་ལུས་ཀྱི་སྤྱོད་པདྲན་ཚད་དང་། ཨ་ཚ། ཨ་ཆུ། རྒྱོབ་སོད། འབའ་དང་འབུ་གླུ་སོགས་རིགས་དྲུག་གི་འཁྲུལཔའི་ངག་སྣ་ཚོགས་དང་། འཇིག་རྟེན་གྱི་སེམས་ཀྱི་རྣམ་རྟོག་དྲན་ཚད་དེ། རིགས་དྲུག་གིསྒོ་གསུམ་གྱི་སྤྱོད་པ་རེ་རེ་ལའང་སུམ་ཕྲུགས་ཀྱི་ཚུལ་དུ་བསྲེས་ནས་ཉིན་མཚན་ཁོར་ཡུགཏུ་བར་མེད་པར་འབད་ཅིང་། རེ་རེའི་མཐར་ལྷའི་བཞུགས་སྟངས་སྣ་ཚོགས་དང་། སྔགསཀྱི་སྒྲ་སྣ་ཚོགས་དང་། ཡིད་ཀྱིས་ལྷ་བསྒོམ་པ་སོགས་འདས་པའི་སྤྱོད་པ་སྣ་ཚོགས་པའངསོ་སོའ་ཚད་ལ་མ་ཕེབས་ཀྱི་བར་དུ་བྱའོ། །དེ་ནས་དབང་གོང་མ་གཉིས་བར་དུ་དུས་ཀྱིསབཅད་དེ་སོ་སོར་བསྐུར་ན། འདིར་ཤིན་ཏུ་སྤྲོས་མེད་ཀྱི་དབང་བསྐུར་ནས་རྣལ་དུ་དབབཅིང་། བརྡ་དོན་གྱི་མན་ངག་བསྟན་ཏེ། དེ་ནས་རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་བ་ཡིནགསུངས། འདི་དུས་ཤིན་ཏུ་སྤྲོས་མེད་དང་རབ་ཏུ་སྤྲོས་མེད་ཀྱི་དབང་གཉིས་སྐབས་འདིརསྦྲེལ་ནས་བསྐུར་རྗེས། སྔར་ལྟར་སྒོ་གསུམ་རྣལ་དུ་དབབ་པ་དེ་སྟོན་པར་མཛད་དོ། །དེནས་ལུས་ཀྱི་གནད་གཟིར་བའི་ཕྱིར་བཞུགས་སྟངས་གསུམ་སྟོན་ཏེ། ཐོག་མར་ལོངས་སྐུའིབཞུགས་སྟངས་གླང་པོ་ཆེའི་འདུག་སྟངས་ཀྱིས་གཞི་བཅའ་བ་གཅེས་གསུངས། དེ་ནི་ཁབུབ་ཏུ་པུས་བྲང་སྦྱར་ལ་རྐང་མཐིལ་གཉིས་ཕྱིར་བསྟན། གྲུ་མོ་གཉིས་བཙུག་པའི་ལགམཐིལ་གཉིས་ཀྱིས་འགྲམ་པ་གཉིས་བརྟེན་ལ་མཇིངས་པ་ཡིད་ཙམ་ཕྱིར་དགྱེ་བས་མིག་ཐདཀའམ་ཅུང་ཟད་གྱེན་ལ་ཧར་པོར་བལྟའོ། །སྤྲུལ་པ་སྐུའི་བཞུགས་སྟངས་ཀྱིས་གནད་མ་གཟིརན་ལུས་མི་འ ཆུན་པས་དྲང་སྲོང་གི་འདུག་སྟངས་ཀྱིས་ལུས་གཅུན་པར་བྱ་གསུངས་ཏེ། དེནི་རྐང་པའི་ལོང་བུ་གཉིས་གཤིབ་པའི་ཙོག་པུར་འདུག་ལ། གྲུ་མོ་པུས་སྟེང་བཞག་པསའགྲམ་པ་ནས་བརྟེན་པའམ། ཡང་ན་པུས་མོའི་སྟེང་ལག་གཉིས་བསྣོལ་བའི་ཐལ་མོས་གྲུམོ་བཀབ་ཅིང་། མིག་ཅུང་ཟད་ཕབ་ལ་སྨིན་མཚམས་སུ་ཐད་ཀར་མི་འགུལ་བར་ཧར་པོརབལྟའོ། །ཆོས་སྐུའི་བཞུགས་སྟངས་ཀྱི་རྩལ་མ་སྦྱངས་ན་རིག་པ་མི་འཆུན་པས་ཆོས་སྐུ་སེང་

p. 136

གེ་ལྟ་བུའི་འདུག་སྟངས་ཀྱིས་རིག་པ་གཅུན་པར་བྱ་གསུངས་ཏེ། དེ་ནི་ལུས་སྒལ་ཚིགས་བསྲངཞིང་འཕོངས་ཕྱིར་ཡིད་ཙམ་དབྱུང་། ལག་སོར་ནང་དུ་བསྒངས་པའི་ཁུ་ཚུར་ཁ་སྦུབ་པ་རྐངམཐིལ་གཉིས་མདུན་དུ་སྤྲད་པའི་དབུས་སུ་བཙུགས་ཤིང་། མཇིངས་པ་རྒྱབ་ཏུ་བཀྱེད་དེམིག་སྟེང་གི་མཁའ་ལ་ཧར་པོར་བལྟ་བའོ། །ངག་གི་གནད་ནི་ཉི་མ་རེ་བཞིན་སྨྲ་གཅོད་ཇེདམ་དུ་གཏོང་ལ་ཅི་ཡང་མི་སྨྲ་བར་ལྐུག་པ་ལྟ་བུར་བསླབ། སེམས་ཀྱི་གནད་ནི་དྲན་བསམའཕྲོ་འདུ་དང་བྲལ་བའི་ངང་ལ་རྩེ་གཅིག་ཏུ་གཞག་པར་བྱ་གསུངས་ཏེ། དེ་དག་ནི་སྔོན་དུལུས་ངག་ཡིད་གསུམ་གྱི་གནད་གཟིར་བའོ། །དེ་ནས་གནད་གསུམ་ལ་བརྟེན་ནས་མངོནསུམ་རང་ཐོག་ཏུ་དབབ་སྟེ། སྒོའི་གནད་ནི། གཟིགས་སྟངས་གསུམ་གང་རུང་ལ་བསླབ་པཡིན་གསུངས། དེ་ལ་ཆོས་སྐུའི་གཟིགས་སྟངས་གྱེན་ལྡོག་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་ཟུར་ལྟས་སྙུག་མ་སྲོང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཅུངཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུའོ། །ཡུལ་གྱི་གནད་ནི། ནམམཁའ་སྤྲིན་དང་བྲལ་བ་ལ་སྔ་དྲོ་ནུབ་དང་། ཕྱི་དྲོ་ཤར་དུ་ཁ་བལྟ་བའམ། འོད་གསལ་འཆརསླ་བའི་ཆེད་དུ་ཟེར་གཉིས་ཀྱི་དུས་དང་བསྟུན་ཏེ། ཉི་ཤར་གྱི་ཚེ་ཤར་དང་། ནུབ་ཁར་ནུབཏུ་ཁ་བལྟས་ལ། ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱི་སར་གཏད་དོ། །སྤྱིར་ཆོས་སྐུའི་རྟེན་ཉིམ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་མར་མེ་རྣམས་གང་རུང་ལ་གཏད་དོ། །རླུངརིག་གི་གནད་ནི། རླུང་སྣ་ནས་མི་གཏོང་བར་ཁ་ནས་རྒྱུ་བ་འཇམ་ཞིང་དལ་བ་ལ་བསླབ། དེ་ཡང་རྩོལ་བ་དང་བཅས་པ་མ་ཡིན་པར་འཇམ་རླུང་ནང་དུ་རང་བབས་འཛིན་པའམ། ཕྱིརའཕངས་ནས་ཅུང་ཟད་ཕྱིར་འཛིན་པ་གང་རུང་བྱ་བའམ་ལས་དང་པོའི་དུས་སུ་གཅེས་པ་ཡིནགསུངས། དེ་ལྟར་བཞུགས་སྟངས་དང་གཟིགས་སྟངས་བསྟུན་ནས་རླུང་དལ་བས་འཕངལ་རིག་པ་ནམ་མཁའི་དཀྱིལ་ལས་གཞན་དུ་མ་ཡེངས་པར་བལྟས་པས། ཐོག་མར་དཀརཟིང་ཟིང་དང་ཕྲ་ཕྲོ་ལས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་འོད་ལྔའི་ཐིག་ལེ་དང་བཅས་པའི་ནངདུ་རྟ་རྔ་ལ་མདུད་པ་སྒྲིམ་པ་ལྟ་བུའམ། གསེར་སྐུད་དང་མུ་ཏིག་གི་ཕྲེང་བ་འདྲ་བ་ཅུང་ཟད་

p. 137

འཕར་གཡོ་བྱེད་པའི་རྣམ་པར་འཆར་བས་དེ་ཉིད་བཙོན་དུ་འཛིན་པར་བྱ་གསུངས་ཏེ། དེའིམན་ངག་ནི་མིག་གྱེན་ལ་ཡིད་ཙམ་ལྡོག་པས་སྨིན་མཚམས་སུ་དབྱིངས་རྣམ་དག་གི་སྒྲོན་མཞེས་བྱ་བ་དབྱིབས་ཡི་གེ་ན་རོ་འདྲ་བ། ཁ་དོག་འཇའ་ཚོན་ལྟ་བུ་འཆར་ཏེ། རིག་པ་མ་ཡེངསཔར་དེ་ལ་བཅུག་སྟེ་བལྟ་བ་ནི་འཛིན་པར་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་མཆོག་ཏུ་ཟབ་པའིམན་ངག་ཡིན་གསུངས། དེ་དག་ཀྱང་སྒོམ་ཁྲིགས་ཆེན་མོ་ལས། མན་ངག་ཚིག་གསུམ་གནདདུ་བསྡུས་ནས་གང་ཟག་ལས་ཅན་གཅིག་ལ་བསྟན་པར་བྱ་གསུངས་པའོ། །ཞེས་གསུངསཔ་ལྟར་ཚིག་གསུམ་ནི། ལུས་གནད་འདི་ལྟར་གྱིས་ལ། ཡུལ་ནམ་མཁའ་སྤྲིན་བྲལ་ལ། རིགཔ་འདི་ལྟོས། ཞེས་པའོ། །ཡང་དེ་ཉིད་ལས། དེ་ལྟར་ཉམས་སུ་བླང་བར་བསྟན་ནས། དེའིདོན་ལ་ཡིད་ཆེས་པར་བྱ་བའི་ཕྱིར་རིག་པའི་རྒྱབ་བརྟེན་གྱི་མན་ངག་གིས་གཏན་ལ་ཕབནས། ཞེས་གསུངས་པ་ལྟར་ཟངས་ཡིག་ཅན་རང་གི་རིག་པའི་རྒྱབ་བརྟེན་ནས་བཤད་པདང་། གཞན་ཡང་དུང་ཡིག་ཅན་སོགས་ནས་ཇི་སྐད་གསུངས་པ་ལྟར། དབྱིངས་རིག་འཆརབའི་རྒྱུ་རྐྱེན། འཁྲུལ་མ་འཁྲུལ་གྱི་དོན། དེ་ཉམས་སུ་ལེན་པའི་རྒྱུ་མཚན། འབྲས་བུ་སྐུ་གསུམགྱི་རྣམ་བཞག་བསྟན་པ་རྣམས་ཀྱིས་དབྱིངས་རིག་ཇི་ལྟར་མཐོང་བ་དེའི་རྒྱུ་མཚན་གོ་དོནརྣམས་ལེགས་པར་བཤད་དེ་ངེས་ཤེས་བསྐྱེད་པར་བྱའོ། །དེ་ལྟར་བསྟན་ཅིང་ཤེས་ནས་བྱབ་བཏང་སྟེ་རྩེ་གཅིག་ཉམས་སུ་བླངས་པས་སྣང་བ་བཞི་རིམ་པར་འཆར་ཚུལ་ཡང་བསྟནཔར་བྱ་སྟེ། དེ་ལ་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། རྡོ་རྗེ་ལུ་གུ་རྒྱུད་ལས་མི་འགྱུརབར་བལྟས་པས་དབྱིངས་སྣང་རྣམ་དག་གི་སྒྲོན་མ་འཇའ་འོད་ཀྱི་ནང་དུ་ཐིག་ལེ་སྟོང་སྒྲོནམུ་ཁྱུད་ཅན་གྱི་ཐིག་ལེ་དམར་སེར་མཐེ་བོང་ཙམ་པ་སོགས་ཉིས་སྦྲེལ་སུམ་སྦྲེལ་གྱི་བརཚུན་ཆད་མཐོང་བ་སྟེ། དེ་ཡང་རེས་སྣང་རེས་མི་སྣང་བའོ། །ཉམས་གོང་འཕེལ་ནི། འོདལྔ་ཐིག་ལེ་དང་བཅས་པ་རྟག་ཏུ་སྣང་ཞིང་། འོད་ལྔའི་སྣང་བ་ཟ་འོག་གི་གུར་ཁྱིམ་ལྟ་བུདང་། རྩིབས་ཤར། གྱེན་འགྲེང་སོགས་སྨིན་མཚམས་ཀྱི་སོར་བཞི་ལས་དྲལ་ཏེ་ནམ་མཁརཐོན་ནས། མཐོང་བའི་ཡུལ་ཙམ་དབྱིངས་སྣང་ཟླུམ་འཁྲིགས་ཀྱི་ནང་དུ་པད་འདབ་བཞི་བཞིས་

p. 138

བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་དོ། །རིག་པ་ཚད་ཕེབས་ནི། འོད་ལྔའི་སྣང་བས་ཁེངས་པའི་དབུས་ན་མུ་ཁྱུད་ལྔ་ལྡན་གྱི་ཐིག་ལེའི་ནང་དུ་དང་པོར་ལྷའི་གཙུག་ཏོར་སོགསནས་རིམ་པར་ཕྱེད་སྐུ་དང་འདི་ནི་བི་མ་ལའི་བཞེད་པ་སྟེ། ཨོ་རྒྱན་ནི་སྐུ་རྐྱང་སོགས་ཤར་ཡང་ཡབ་ཡུམ་ཟུང་འབྲེལདུ་མ་ཤར་བར་ཉམས་གོང་འཕེལ་དུ་བཞེད་དོ། །མཆན། སྐུ་རྐྱང་། སྐུ་ལྔ་ཚོམ་སོགས་གྲངས་མེད་ཞིང་ཁམསཐམས་ཅད་གང་བའི་བར་འཆར་བའོ། །ཆོས་ཉིད་ཟད་པ་ནི། ཕྱི་སྣང་བ། ནང་སྒྱུ་ལུས། གསངབ་རླུང་སེམས། ཉམས་སྣང་གི་འཕེལ་བ་དང་བཅས་པ་ཐམས་ཅད་ཟད་པ་སྟེ། ལུས་འོདསྐུར། ངག་གཞོམ་མེད་རང་སྒྲར། གཟུང་འཛིན་གྱི་བློ་ཆོས་ཉིད་དུ་གྲོལ་བའོ། །མཇུག་མཐའ་རྟེན་གྱི་མན་ངག་ལ་བཞི་ལས། དང་པོ་ཉམས་སུ་ལེན་པའི་དུས་སུ་མིའགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་བཞུགས་སྟངས་དང་། མིག་གཟིགས་སྟངས། རིག་པ་དབྱིངས་སྣང་ལས་མི་འགུལ་བ་སྟེ། དེ་ལྟར་གཡོ་མེད་དུ་བལྟས་པས། སྙིང་གའིའོད་མདངས་ལས་དཀར་འཇམ་རྩའི་སྒྲོན་མ་ལ་བརྒྱུད་དེ། རྒྱང་ཞག་ས་ཆུའི་སྒྲོན་མ་མིགགི་སྒོར་ཐོན་ཏེ། དབྱིངས་རྣམ་དག་གི་སྒྲོན་མ་འཇའ་འམ་རྨ་བྱའི་མདོངས་འདྲ་བ། ན་རོ་ལྟབུའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་སྟོང་སྒྲོན་ཐིག་ལེ་མུ་ཁྱུད་ཅན་དང་བཅས་འཆར་བ་ལའཛིན་མེད་དུ་བལྟས་པས། ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་བར་འགྱུར་བའིཕྱིར། མི་འགུལ་བ་གསུམ་ལ་གཞི་བཅའ་བ་གལ་ཆ ེ་བ་ཡིན་གསུངས། གཉིས་པ་ནི། སྡོདཔ་གསུམ་གྱིས་ཚད་འཛིན་པ་སྟེ། ཕྱི་སྣང་བ། ནང་སྒྱུ་ལུས། གསང་བ་རླུང་སེམས་སྡོད་པསརྐྱེན་ངན་གྲོགས་སུ་འཆར། འཁྲུལ་པའི་བྱ་བ་བྲལ་ཏེ་འདུག་སྟངས་ལས་མི་གཡོ། རྣམ་རྟོགསྐྱེ་མི་སྲིད་དེ་རང་འགགས་ལ་འགྲོ་ཞིང་། འདི་དག་གི་ཚེ་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ལ་འཆར་ཚུལ་སོགས་རྟགས་ཚད་ཀྱང་ངེས་པར་བྱའོ། །གསུམ་པ་ནི། ཐོབཔ་གསུམ་གྱི་གཟེར་འདེབས་པ་སྟེ། དེ་ལྟར་གོམས་པས་ཕྱི་སྣང་བ། ནང་ཕུང་པོ། གསངབ་དབྱིངས་རིག་ལ་དབང་ཐོབ་པས། རིམ་པར་སྣང་རྐྱེན་ཞིང་ཁམས་སུ་གྲོལ། རང་ལུསའོད་གསལ་དུ་གྲོལ། འཁྲུལ་རྟོག་ཆོས་དབྱིངས་སུ་ནུབ་པར་འགྱུར་རོ། །བཞི་པ་ནི། གདེང་

p. 139

བཞིས་གྲོལ་ཚད་བསྟན་པ་སྟེ། ཡར་སངས་རྒྱས་ལ་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགསཔ། མར་འཁོར་བར་མི་སྐྱེ་རེ་བ་དང་། སྐྱེས་ཀྱི་དོགས་པ་མེད་པར་གྲོལ་བའོ། །དེ་རྣམསཀྱིས་རིག་པ་གཏན་ལ་དབབ་པའི་མན་ངག་ཚར་རོ། །དེ་ལྟར་བླ་མ་དམ་པ་ཉམས་མྱོང་ཅནལས་གསང་བ་བླ་ན་མེད་པའི་མན་ངག་འདི་ཉིད་ཐོབ་ཅིང་བྱ་བ་བཏང་ནས་རྩེ་གཅིག་ཏུ་ཉམསསུ་བླངས་ན། བརྩོན་འགྲུས་རབ་ཀྱིས་ལོ་གསུམ། འབྲིང་ལོ་ལྔ། ཐ་མ་ལོ་བདུན་ན་གདོསབཅས་ཀྱི་སྒྱུ་ལུས་འོད་སྐུར་ཡལ་ནས་གདོད་མའི་དབྱིངས་སུ་གྲོལ་བར་ཐེ་ཚོམ་མེད་དོ། །ཞེས་ཡེ་ཤེས་ཀྱི་སྐུ་ཅན་དཔལ་ལྡན་བླ་མ་བཀའ་དྲིན་མཉམ་མེད་གསུངས་པས། འདི་དངའཕྲད་ནས་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ། །ཞེས་པ་འདི་ཡང་འཛིན་བྱེད་ཅེས་པ་མེཕོ་བྱི་བའི་ལོ། ལྗོན་པ་དང་མྱུ་གུ་རྣམས་འབྲུ་འབྲས་ཀྱིས་མངོན་པར་དུད་པ་སྟོན་དུས་ཀྱིརང་ཞལ་ངོམ་པའི་ཚེ། རྗེ་བླ་མ་བཀའ་དྲིན་མཉམ་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལསྔ་ནས་ཟབ་མོའི་གདམས་པ་འདི་ཉིད་སྩལ་བའི་དུས་སུ། བརྗེད་ཐོའ་ཡི་གེ་ཞིག་ཅིས་ཀྱངབྲིས་ཤིག་ཅེས་སྡེ་སྣོད་འཛིན་པ་བསྟན་འཛིན་གར་དབང་དང་། སྤོང་བ་པ་ཆོས་དབང་རྣམརྒྱལ་གྱིས་འབད་པས་བསྐུལ་ཏེ། བྱེད་འདུན་མ་བརྗེད་པར་བློ་ལ་བཅགས་ནའང་། རྣམགཡེང་གིས་འགྱངས་པ་ལས་འབྲུ་མང་ཞེས་པ་ས་ཕོ་སྟག་ལོ་སྟོན་ར་ཁྲུམ་གྱི་ཉ་བ་ལ། སྨྱོསཀྱི་བན་ཆུང་རྨོངས་པ་དྷརྨ་ཤྲཱིས་ཟིན་རིས་སུ་བཏབ་པ་སྟེ། དེའང་གསུང་རྒྱུན་ཇི་བཞིན་བཀླགསཆོག་མར་བྲིས་ན་བློ་དམན་རྣམས་ལ་ཕན་པར་འགྱུར་ནའང་། ཡང་ཐིག་སོགས་ཁྲིད་ཡིགསྔ་མ་རྣམས་ཀྱི་ཡིག་རྒྱུན་ལ་གནོད་ཀྱི་དོགས་ནས། འདིར་དམིགས་རྐང་ངོ་བོ་ཙམ་བསྡུསདོན་གྱི་ཚུལ་དུ་སྤེལ་བ་ལགས་པས། དམིགས་པ་དེ་དང་། བསྒོམས་པའི་དགོས་ཆེད་དང་། གོ་དོན། ལུས་ཉམས། ཤེས་ཉམས་ལ་སོགས་པའི་རྟགས་ཚད་དང་། གེགས་སེལ། བོགསའདོན་ཉམས་མྱོང་སྐྱེས་རིམ་ནས་ངོ་སྤྲོད་ཐབས་རྣམས་ཟངས་ཡིག་ཅན་སོགས་རྩ་བའི་མནངག་དང་། དེ་དག་གི་དགོངས་འགྲེལ། ཡང་ཏིག་གི་ཁྲིད་ཡིག་ལེ་ཚན་སོགས་ལས་ཤེསཔར་བྱ་ཞིང་། འདི་ཙམ་གྱིས་ནི་མན་ངག་མ་བུ་བསྡེབས་ནས་འཆད་པའི་གསུང་རྒྱུན་གྱི་

p. 140

གནད་གོ་བར་ཡོད་པས། ཁྲིད་ཡིག་སྔ་མ་རྣམས་ཀྱི་ཞབས་ཏོག་ཏུ་འགྱུར་དུ་རེ་བ་ཡིན་ནོ། །དེ་ལྟ་ནའང་ཁྲིད་ཞུས་འཕྲལ་དུ་ཟིན་བྲིས་སྤེལ་མ་གྲུབ་པ་དང་། ཉམས་ལེན་དྲག་པོའང་མནུས་པར་སོས་དལ་དུ་ལུས་པས། བརྗེད་ངས་ཀྱི་དབང་གིས་མན་ངག་གི་ཟུར་ཉམས་པསོགས་འགལ་འཁྲུལ་དུ་གྱུར་ན་བླ་མ་དང་ཆོས་བདག་མཁའ་འགྲོའི་ཚོགས་ལ་བཟོད་པརགསོལ། འདིར་སྨྲས་པ། ས་ཕྱོགས་གང་ནའང་ཆོས་པ་ཕལ་མོ་ཆེ། །ཆགས་སྡང་ཕྱོགསའཛིན་ཁོ་ནས་མི་ཚེ་སྐྱེལ། །འདི་འདྲའི་འགྲམ་ཆུ་འདེབས་པའི་འདུ་ལོང་ནས། །སྙིང་ཡོདམཆིས་ན་དབེན་པར་འགྲོ་བར་རིགས། །དེར་ཡང་སྐྱབས་མཆོག་གཏེར་ཆེན་བླ་མ་དང་། །དམ་ཆོས་མཐར་ཐུག་ཨ་ཏིའི་ཟབ་ལམ་འདིར། །བརྟེན་ནས་བརྩོན་འགྲུས་དྲག་པོས་ཚེ་འདིལ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །འདིས་ཀྱང་བསྟན་པ་དང་སེམསཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ།། །།

སྙིང་ཐིག་མ་བུའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་།རྗེ་བཙུན་མི་འགྱུར་དཔལ་སྒྲོན།

p. 141

སྙིང་ཐིག་མ་བུའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ།། རྗེ་བཙུན་མི་འགྱུར་དཔལ་སྒྲོན།

p. 142

སྙིང་ཐིག་མ་བུའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ།། རྫོགས་པ་ཆེན་པོ་བི་མ་ལའི་སྙིང་ཏིག་ཆེན་མོར་བླ་མ་ཡང་ཐིག་གི་དམིགས་རིམ་སྒོསཆོས་བྱེ་བྲག་པ་རྣམས་མན་ངག་རིས་སུ་སྡེབས་པའི་བཀའ་སྲོལ་ཆུ་བོ་གཉིས་ལྡན་གྱི་ལམརིམ་འོད་གསལ་སྙིང་པོའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་ཞེས་བྱ་བ། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཡེ་ཤེས་ཀྱི་སྐུ་ཅན་ཁྱབ་བདགདཔལ་ལྡན་བླ་མ་དམ་པ་བཀའ་དྲིན་མཉམ་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལགཏེར་བདག་གླིང་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱལ་བདང་པོའི་སངས་རྒྱས་ཀུན་ཏུ་བཟང་། །རང་སྣང་མ་འགགས་རིགས་ལྔ་ཞི་ཁྲོའི་འཁོར། །རྒྱལ་ཚབ་དམ་པ་རིམ་ནས་རིམ་བྱོན་པའི། །བརྒྱུད་གསུམ་བླ་མའི་ཚོགས་བཅས་ཕྱག་གིགནས། །རིགས་བརྒྱའི་དབང་ཕྱུག་དཔལ་ལྡན་རྡོ་རྗེ་འཆང་། །ཐུན་མོང་གདུལ་དཀའི་འགྲོངོར་མི་ཡི་ཟོལ། །འཛིན་མཛད་དྲིན་ཅན་བླ་མ་གཏེར་བདག་གླིང་། །བྱང་ཆུབ་བར་དུ་རིགསཀྱི་བདག་པོར་མཆོད། །སྔོན་བྱོན་བདེ་གཤེགས་རྣམས་ཀྱི་གཤེགས་པའི་ཤུལ། །དུས་གསུམརྒྱལ་བ་ཀུན་གྱི་དགོངས་བཅུད་གནད། །ཐེག་དགུའི་རྩེ་རྒྱལ་མན་ངག་རྫོགས་པ་ཆེ། །དྲུགལྡན་བརྒྱུད་པའི་ཕྲེང་བར་བྱོན་འདི་རྒྱལ། །ཤེས་རབ་ཟབ་མོའི་མིག་ལྡོངས་གོ་རྟོགས་ཀྱི། །ཉམས་མྱོང་སྦྱངས་སྟོབས་རྣམ་དཔྱོད་མི་ལྡན་པས། །བློ་ལྡན་ཡིད་ལ་རབ་དགའི་དཔལ་སྟེརབའི། །ལེགས་བཤད་སྐྱེས་ཀྱི་དངོས་པོར་མི་འགྱུར་མོད། །འོན་ཀྱང་སྙིང་ཐིག་མ་བུའི་སྡེབསཚུལ་ཁྲིགས། །ཁྱབ་བདག་གཏེར་ཆེན་བླ་མའི་གསུང་རྒྱུན་བཞིན། །བརྗོད་དོན་དམིགསརྐང་རང་བཟོས་མ་བསླད་པར། །ཁྲིད་ཡིག་བདེ་ཆེན་ལམ་བཟང་གསལ་བར་བྱ། །འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་གྱི་མཐར་

p. 143

ཐུག་གསང་ཆེན་ཟབ་མོའི་གདམས་པའི་གནད་འགག བསྟན་པ་ཐམས་ཅད་ཀྱི་སྙིང་པོ། རྒྱུ་འབྲས་ཀྱི་ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞི། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཡང་སྙིང་། གསང་ཆེན་རྫོགས་པ་ཆེན་པོ་མན་ངག་སྡེའི་ཡང་རྩེ། ཚེ་གཅིག་ལུས་གཅིག་གིས་སྐུ་བཞིཡེ ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་རྒྱལ་བ་གདོད་མའི་མགོན་པོ་ཀུན་ཏུ་བཟངཔོའི་གོ་འཕང་དཀའ་བ་མེད་པར་ཐོབ་པའི་མྱུར་ལམ་ཁྱད་པར་ཅན་པཎ་གྲུབ་ཀུན་གྱི་གཙུགརྒྱན་པཎྜི་ཏ་ཆེན་པོ་བི་མ་ལའི་མན་ངག་སྙིང་ཐིག་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དང་། དེཉིད་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱིས་སྙིང་ཐིག་རྩ་བའི་ཟབ་གནད་གསལབྱེད་དུ་མཛད་པའི་བླ་མ་ཡང་ཐིག་གཉིས་གདམས་ཁྲིད་སོ་སོ་རང་རྐྱང་དུ་འཆད་པ་དང་། རྩབ་མ་བུ་གཉིས་གང་ལ་བརྟེན་ཀྱང་དམིགས་པའི་རྐང་གྲངས་སེམས་སྦྱངས་བདུན་སོགསངོ་བོ་མཐུན་པ་རྣམས་གཅིག་ཏུ་བྱས་ཤིང་། སྒོས་ཆོས་བྱེ་བྲག་པ་རྣམས་མན་ངག་གཉིསསྡེབས་ནས་མཛད་པས་གནས་སྐབས་འཇུག་པ་བདེ་ཞིང་། དོན་གྱི་ཉམས་ལེན་མ་ནོར་ཚངཕྲུགས་སུ་འདེབས་པའི་རྩ་བའི་ཟབ་གནད་གཅིག་གྲོགས་གཅིག་གནད་ཀྱིས་གཉིས་ཀའིགདམས་ཁྲིད་ཐོབ་པའི་ཀུན་གོ་གཅིག་ཆོད་དུ་འགྱུར་ཞེས་རྗེ་བླ་མ་ཉིད་ཀྱི་ཕྱག་བཞེས་སུམཛད་ཅིང་། གདམས་པ་དེ་ལྟ་བུའི་སྒོ་ནས་སྐལ་ལྡན་གྱི་སློབ་བུ་རྣམས་སངས་རྒྱས་ཀྱི་སརབདེ་མྱུར་གྱི་སྒོ་ནས་བགྲོོད་པར་བྱེད་པའི་མན་ངག་བླ་མའི་ཞལ་ཤེས་ཟབ་མོ་འདི་ཉིད་འཆདཔ་ལ་གསུམ་སྟེ། འཆད་བྱེད་སློབ་དཔོན་གྱི་མཚན་ཉིད། འཆད་ཡུལ་སློབ་མ་བརྟག་ཅིངམཐུན་རྐྱེན་གྱི་གཞི་བཟུང་བ། འཆད་བྱ་གདམས་ངག་གི་སྒོ་ནས་ཁྲིད་ཚུལ་བསྟན་པའོ། །དང་པོ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོནལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚནཉིད་དོ། །ཞེེས་དང་། མཚན་ཉིད་ལྡན་པའི་བླ་མ་ཡིས། དབང་བསྐུར་བས་ནི་སྡུག་བསྔལགྲོལ། །ཞེས་པས་སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གི་དོན་ལ་མཁས་པས་གྲུབམཐའི་དབྱེ་བ་ཕྱེད་པ། བྱེ་བྲག་འདི་ཉིད་ཀྱི་ཉམས་མྱོང་དྲོད་ཚད་དང་ལྡན་པས་མན་ངག་

p. 144

གི་དོན་སྟོན་པ་ལ་མཁས་པ། ཆགས་སྡང་སོགས་ཚེ་འདིའི་འདུ་འཛིའི་གཡེང་བ་དང་བྲལབ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རིམ་གཉིས་ཀྱི་ཉམས་ལེན་མཐར་ཕྱིན་པས་ཡེཤེས་ཀྱི་དཀྱིལ་འཁོར་ཆོས་ཉིད་མངོན་སུམ་གྱི་དོན་ཚད་ལ་ཕེབས་པ། སློབ་མས་དྲིས་པའིལན་ལ་མ་རྨོངས་པ་རྣམས་སོ། །གཉིས་པ་ལ་གཉིས་ཏེ། སློབ་མའི་མཚན་ཉིད་དང་། སྒྲུབ་པའི་མཐུན་རྐྱེན་བཤདཔའོ། །དང་པོ་ནི་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེངབ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །སློབ་དཔོན་ཇི་སྐད་གསུངས་བཞིན་བྱེད། །ཅེས་གསུངས་པས། བླ་མ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བ་དངསབའི་དད་པ། བསྒྲུབ་བྱའི་འབྲས་བུ་ལ་ཆེད་དུ་དུང་པ་འདོད་པའི་དད་པ། རྒྱུ་འབྲས་ལཐེ་ཚོམ་མེད་པ་ཡིད་ཆེས་ཀྱི་དད་པ། ཉི་ཚེའི་རྐྱེན་གྱིས་མི་འཕྲོག་པ་མཐར་ཐུག་གི་དད་པསྟེ་བྱིན་རླབས་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་ལ་ཕྱི་བཤོལ་དང་ཐངལྷོད་མེད་པའི་སྙིང་སྟོབས་ཀྱི་དམ་བཅའ་བརྟན་པ། གནས་ལུགས་ཟབ་མོའི་དོན་ལ་སྤྱོདཔའི་ཤེས་རབ་གསལ་བས་ཉམས་རྟོགས་སྐྱེ་སླ་བ། ཟས་གོས་སོགས་སྲིད་པའི་བདེ་འབྱོརལ་འཛིན་ཆགས་ཆུང་བ། བླ་མ་དང་ལྷག་པའི་ལྷ་ལ་ཕུ་དུད་ཆེ་བས་བྱིན་རླབས་འཇུག་པའིསྒོ་ཚང་བ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལའཇུག་པ། ཆགས་སྡང་རྨོངས་གསུམ་སོགས་ཐ་མལ་གྱི་རྣམ་རྟོག་ལ་སེམས་མི་འཇུག་པསགཡེངས་བ་དང་བྲལ་བ། རྩ་བ་དང་ཡན་ལག་གིས་དམ་ཚིག་གཉེར་དུ་བླངས་པ་ལས་མིའདའ་བའི་དམ་བཅའ་བརྟན་པ། ཟབ་མོའི་ལམ་སྒོམ་པ་ལ་སྐྱོ་ངལ་མེད་ཅིང་། བླ་མས་ཇིལྟར་གསུངས་པ་ལས་མི་འདའ་བ་སྟེ། མཚན་ཉིད་དེ་ལྡན་གྱི་སློབ་མ་ཉིད་འཆད་ཡུལ་དུབཟུང་སྟེ། གཞུང་དུ་ཨེ་མ་དད་དང་སྙིང་རྗེ་གཏོང་ཕོད་ཡངས་པ་ཆེ། །དབང་པོ་རྣོ་ཞིང་ངགའཇམ་དུལ་ཚིག་སྨྲ། །བླ་མ་ལ་གུས་ཚིག་གི་སྤྲོས་པ་ཆེ། །མ་བརྟགས་གསང་ཚིག་གཞན་

p. 145

ལ་རྡུལ་ཙམ་ཡང་། །བརྗོད་པར་མི་བྱེད་འདི་ལ་ཉམས་ལེན་བརྩོན། །འདི་ནི་གསང་སྔགསགསང་བའི་སྣོད་ཡིན་པས། །ཞེས་གསུངས་པས་སོ། །གཉིས་པ་སྒྲུབ་པའི་མཐུན་རྐྱེན་ལ། གནས་དང་། དུས་དང་། ཡོ་བྱད་གསུམ་ལས། དང་པོ་ནི། ཀློང་གསལ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེནཔ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱེད་པའི་གནས། །ཞེསགསུངས་པས། གནས་རང་བཞིན་གྱིས་ཤིས་ཤིང་སྐྱེ་བོའ་རྒྱུ་འགྲུལ་དང་ཅ་ཅོ་ཉུང་བ། དགྲརྐུན་སོགས་ཀྱི་འཇིགས་པ་མེད་ཅིང་གཞི་བདག་ཆོས་ལ་དཀར་བ། ཆུ་ཤིང་སོགས་མཐུནརྐྱེན་འཛོམ་པ། ཆུ་ལུས་ལ་འཕྲོད་ཅིང་བླ་མ་མཁའ་འགྲོས་བྱིན་གྱིས་བརླབས་པའི་གནསདབེན་པ་ཉིད་དུ་བརྟེན་པར་བྱའོ། །གཉིས་པ་ནི། སྔ་མ་ལས། དབྱར་མ་སྟོན་དང་དགུནཆུང་དཔྱིད་ཀྱི་དུས། །ཟེ ར་གཉིས་དུས་ན་མཆོག་ཏུ་བཤད་པ་ཡིན། ཞེས་གསུངས་པས། དུསདེར་བསིལ་དྲོད་སྙོམས་པའི་དབང་གིས་བྱིང་རྨུག་གི་རྐྱེན་ཉུང་ཞིང་བྱེ་བྲག་འཆར་ནུབཀྱི་ཟེར་གཉིས་ཏེ། ཡེ་ཤེས་འཆར་བའི་རྐྱེན་དུ་འགྱུར་བས་ངོ་སྤྲོད་ཀྱི་དུས་སུ་བཤད་པའོ། །ཞར་ལ་གྲོགས་ཀྱི་མཚན་ཉིད་ཀྱང་བསྟ ན་དེ། སྔ་མ་ལས། དམ་ཚིག་གཙང་ལྡན་དག་པའིསྣང་བ་ཆེ། །དུག་ལྔ་ཤས་ཆུང་བློ་བརྟན་ཁོག་པ་ཡངས། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགསདང་འགྲོགས། །དམ་པའི་གྲོགས་ཀྱིས་ཆོས་ལྡན་བྱང་ཆུབ་ཐོབ། །ཅེས་པས་ཟབ་ལམ་སྒོམཉམས་ཅན་ནམ། མིན་ནའང་ཞི་དུལ་དང་ལྡན་ཞིང་དམ་ཚིག་གཙང་བ། དག་སྣང་འབྱོངསཤིང་ཉོན་མོངས་པ་ཤས་ཆུང་བ། བརྩེ་སེམས་ཆེ་བས་མཐུན་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེདཔ་ཉིད་བརྟེན་པར་བྱའོ། །གསུམ་པ་ནི། དེ་ཉིད་ལས། མེ་ཏོག་དབང་ཡོན་ཚོགས་འཁོརགཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོ་བཙལ། །མཐུན་པའི་ཡོ་བྱདཀུན་དང་ལྡན་པར་བྱ། །ཞེས་པས་ཡོན་གྱི་དངོས་པོ། མཁའ་འགྲོའི་ཚོགས་གཏོར་གྱི་རྒྱུ། འཚོ་བའི་ཡོ་བྱད་རང་གི་ཁམས་དང་མཐུན་པ། སྨན་དང་འདྲེ་འཇིགས་སོགས་གནས་དེཉིད་དུ་བྲེལ་གཡེང་མི་ཡོང་བའི་སྟ་གོན་བྱ་བ་རྣམས་སོ། །

p. 146

གསུམ་པ་གདམས་ངག་གི་སྒོ་ནས་ཁྲིད་ཚུལ་བསྟན་པ་ལ་གསུམ་སྟེ། ལོ་རྒྱུས་ཀྱི་སྒོནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམས་ངག་གི་སྒོ་ནསཉམས་ལེན་བསྟན་པའོ། །དང་པོ་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤདན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་དང་། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པརབྱ། །ཞེས་གསུངས་ཞིང་ཇི་ལྟར་འཆད་ན། ཀློང་གསལ་ཉི་མའི་རྒྱུད་དག་ལས། བརྒྱུདཔ་ཉེ་ཟབ་ཁུངས་བཙུན་ཞིང་། །ཀུན་ཏུ་བཟང་ནས་རིམ་པར་བཤད། །ཅེས་གསུངས་པས། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དང་གསུམ་ལས། དང་པོ་རྒྱལ་བ་དགོངས་བརྒྱུད་ནི། དེ་ཡང་གདོད་མའི་དབྱིངས་སུ་ཆོས་ཐམས་ཅད་ཀྱི་ཆོསཉིད་ཀ་དག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཀློང་ནས། བཅོམ་ལྡན་འདས་དཔལཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ནས་རང་སྣང་གི་འཁོརརྒྱལ་ཚབ་རིགས་ལྔ་དང་། རྒྱལ་སྲས་སེམས་དཔའ་སོགས་ཉིད་ལས་མི་གཞན་པའི་ཚོགསལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་ཀུན་མཉམ་ཉིད་དུ་བརྗོད་མེད་དོནགྱི་སྒོ་ནས་གསུངས་པ་ཉིད་ཡིན་ཏེ། ཇི་སྐད་དུ། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །ཉིདལས་མི་གཞན་སེམས་པའི་སྣོད། །བྱིན་གྱིས་བརླབས་ཀྱི་བདག་ཉིད་ལ། །ཞེས་གསུངས། གཉིས་པ་རིག་འཛིན་བརྡ་བརྒྱུད་ནི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་དུར་ཁྲོདམེ་རི་འབར་བའི་གནས་སུ་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་དོན་གྱི་གནསལུགས་ཉིད་ཆོས་ཅན་བྱ་རྩོལ་ལས་འདས་པ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད། དེསདུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་ཆོས་ཉིད་བྱརྩོལ་ལས་འདས་པར་གསུངས། དེས་སོ་ས་གླིང་གི་དུར་ཁྲོད་དུ་རིག་འཛིན་ཤྲཱི་སེང་ཧ་ལམངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས། དེས་དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་སློབདཔོན་ཛྙཱ་ན་སུ་ཏྲ་ལ་མངོན་སུམ་ཡིད་དཔྱོད་བྲལ་བར་གསུངས། དེས་དུར་ཁྲོད་ཆེན་པོ་བྷ་

p. 147

སེང་དུ་པཎ་ཆེན་བི་མ་མི་ཏྲ་ལ་གནས་ལུགས་གོ་རྟོགས་དང་བྲལ་བར་ཡེ་ཤེས་གོ་འཕོ་བའིཚུལ་དུ་བརྡ་དང་བརྡའི་སྒོ་ནས་གསུངས་པ་ནི་རིག་འཛིན་བརྡ་བརྒྱུད་དོ། །གསུམ་པ་གང་ཟག་སྙན་བརྒྱུད་ནི། དེ་ནས་པཎ་ཆེན་བི་མ་ལ་ཉིད་ཀྱིས་མངའ་བདགརྒྱལ་པོ་དང་། མྱང་བན་ཏིང་འཛིན་བཟང་པོ་སོགས་ལ་གསང་བ་བླ་ན་མེད་པའི་གདམསཔ་རྣམས་ལྐོག་ཆོས་སུ་གནང་ཞིང་། མྱང་བན་ཉིད་ཀྱིས་བརྒྱུད་པའི་བཀའ་སྲོལ་མི་ཉམསཔའི་ཆེད་དུ་སྙན་བརྒྱུད་རྣམས་འབྲེ་རིན་ཆེན་འབར་དང་སྦས་བློ་གྲོས་དབང་ཕྱུག་གཉིསལ་གཏད། དཔེའི་རྒྱུད་རྣམས་མ་འོངས་པའི་གདུལ་བྱར་དགོངས་ཏེ་དབུ་རུ་ཞྭ་ཡི་ལྷ་ཁངདུ་སྦས་པ་ཕྱིས་གནས་བརྟན་ལྡང་མ་ལྷུན་རྒྱལ་གྱིས་གཏེར་ནས་བཏོན་ཏེ་ལྕེ་བཙུན་སེང་གེདབང་ཕྱུག་ལ་གནང་། དེས་ཞང་སྟོན་བཀྲ་ཤིས་རྡོ་རྗེ། དེས་ལྕེ་བཙུན་གྱི་སྲས་མཁས་པཉི་མ་འབུམ། དེས་གུ་རུ་ཇོ་འབེར། དེས་འཁྲུལ་ཞིག་སེང་གེ་རྒྱབ་པ། དེས་གྲུབ་ཐོབ་ཟླབ་མུན་སེལ། དེས་རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ། དེས་མཁས་གྲུབ་ཀུན་གྱི་གཙུག་རྒྱནཆེན་པོ་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་གདམས་པ་རྫོགསཔར་གནང་བ་ཡིན་ཏེ། དམ་པ་འདིའི་མཛད་པའི་ཆ་ཙམ་སྨོས་ན། དེ་ཡང་ཐལ་འགྱུར་ལས། དེ་ནས་བློ་གྲོས་མཆོག་གིས་འཛིན། །ཞེས་པ་འདི་ཉིད་ལུང་བསྟན་པ་ཡིན་ཏེ། ཤེས་བྱཐམས་ཅད་ལ་ཆགས་ཐོག་མི་མངའ་བའི་དོན་དང་། བློ་གྲོས་ཞེས་པ་ཚུལ་ཁྲིམས་བློ་གྲོསཏེ། མཚན་སྒྲའི་ཚིག་ཀྱང་ཤིན་ཏུ་གསལ་བ་ཡིན་ཅིང་། འདི་ཉིད་ནི་ངོ་བོ་རྒྱལ་བ་ཀུན་དངརྣམ་དབྱེར་མ་མཆིས་ཀྱང་། གནས་སྐབས་གདུལ་བྱའི་སྣང་ངོར་ཞིང་འདིར་སྐུའི་བཀོད་པབསྟན་ཚུལ་ལ། རིགས་ནི་སད་མི་བདུན་གྱི་ནང་ནས་རྟ་མགྲིན་གྱི་བཀའ་བབས་རྒྱལ་བམཆོག་དབྱངས་ཀྱི་དབོན་རབས་ཉི་ཤུ་རྩ་ལྔ་པ་བདུད་རྩིའི་གྲུབ་ཐོབ་སློབ་དཔོན་ལྷ་བསྲུངཞེས་པའི་སྲས་སློབ་དཔོན་བསྟན་སྲུང་ཞེས་པ་དང་། ཡུམ་འབྲོ་ཟ་བསོད་ནམ་རྒྱན་ཞེས་པའིསྲས་སུ་ས་སྤྲེལ་ལ་གཡོ་རུ་གྲྭའི་སྟོད་གྲོང་བྱ་བར་འཁྲུངས། སྐུ་བལྟམས་མ་ཐག་ནས་ནམགྲུ་མས་གཟུགས་དངོས་སུ་བསྟན་ནས་བསྲུང་བ་དང་། གསུང་ཕྱེ་ཚེ་དད་པ་དང་སྙིང་རྗེ་

p. 148

སོགས་བྱང་ཆུབ་སེམས་དཔའི་ངང་ཚུལ་བཟང་པོ་དང་ལྡན་ཞིང་དགུང་ལོ་ལྔ་ནས་འབྲི་ཀློགཚེགས་མེད་པར་མཁྱེན། བདུན་ནས་བཟུང་ཡབ་ལས་བཀའ་བརྒྱད་བདེ་གཤེགས་འདུས་པ། རྟ་མགྲིན། ཕུར་པ་སོགས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་དང་བཅས་པ། སྒྲ། བཟོ། སྨན། རྩིས་ལ་སོགས་པའང་གསན་ཅིང་ཀུན་ཆུབ་པར་མཛད། དགུ་ལ་ཉི་ཁྲི་བརྒྱད་སྟོངབརྒྱ་ཚར་བསྒྲགས་པས་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད། བཅུ་གཉིས་ལ་བསམ་ཡས་སུམཁན་པོ་བསམ་འགྲུབ་རིན་ཆེན་དང་སློབ་དཔོན་དགའ་རབ་འོད་ཟེར་ལས་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། འདུལ་བ་ལ་སྦྱངས་ཤིང་བཅུ་བཞི་པ་ལ་བཤདགསར་མཁས་པའི་གྲགས་པ་ཐོན། བཅུ་དགུ་པ་ལ་གསང་ཕུ་ནེའུ་ཐོག་ཏུ་སློབ་དཔོན་བཙནདགོན་པ་དང་། ཁྱད་པར་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་། ཆོས་གྲགས་གཉིས་པརགྲགས་པ་གཞོན་ནུ་རིན་ཆེན་གཉིས་གཙོ་བོར་བསྟེན་ཅིང་། ཕར་ཚད་ཀྱི་གཞུང་འགྲེལ་མཐའདག་གསན་ནས་ཚིག་དོན་ལ་མཁས་པར་སྦྱངས། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུམ་རྩ་འཇུག་སོགས་ཀྱི་གཞུང་འགྲེལ་མན་ངག དཔང་ལོ་ཆེན་པོ་ལས་མངོན་པ་དང་ཏིང་ངེའཛིན་རྒྱལ་པོ་སོགས་ཟབ་མོ་མདོ་ལྔའི་བཤད་པ་དང་སྙན་ངག་སོགས་ཐ་སྙད་ཀྱི་གཙུགལག་རྣམས་ཀྱང་གསན་ནས། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་སྐོར་མཛད་པས་གཞུངཚོགས་ཀྱི་རྒྱ། མཁྱེན་རབ་ཀྱི་རྩལ། རིག་པའི་རྣམ་འགྱུར་གང་ལ་ཡང་ཐོག་པ་མི་མངའབས་ཀུན་གྱིས་བསྔགས་པའི་ཡུལ་དུ་བྱས་ཤིང་བསམ་ཡས་ལུང་མང་པ་ཞེས་མཚན་དུ་ཐོགཔ། གཞན་ཡང་དན་ཕག་གཞོན་ནུ་དོན་འགྲུབ། རྗེ་རང་བྱུང་པ། ས་སྐྱ་པ་བདག་ཉིད་ཆེནཔོ། །ཤུག་སེབ་རི་པ་སོགས་བཤེས་གཉེན་བཅུ་ཕྲག་གསུམ་དུ་ཉེ་བར་བསྟེན་ནས་མདོ་སྒྱུསེམས་ཕྱོགས། གསང་འདུས། སྦྱོང་རྒྱུད། བཀའ་བརྒྱད། རྟ་མགྲིན་སོགས་ཆོས་ཚུལ་ཇིསྙེད་གསན་པ་རྣམས་བགྲང་བྱའི་ཡུལ་ལས་འདས་པ་ལྟ་བུ་ཡིན་ཅིང་། གསང་ཕུར་སྡེ་སྣོདཀྱི་བཤད་པ་མཛད་སྐབས་མི་གཡོ་བ། དབྱངས་ཅན་མ། ཕག་མོ་ཤེས་རབ་གསལ་བྱེདསོགས་ཀྱི་བསྙེན་སྒྲུབ་མཛད་པས་དེ་རྣམས་ཀྱི་ཞལ་དངོས་སུ་བསྟན་ཅིང་། ཁྱད་པར་ལྷ་

p. 149

མོ་དབྱངས་ཅན་མས་ཕྱག་མཐིལ་དུ་བཞག་ཏེ་གླིང་བཞི་རི་རབ་དང་བཅས་པ་བསྟན་པསབློ་གྲོས་ཀྱི་མཐུ་གྲུབ། གསང་ཕུར་བཞུགས་སྐབས་ཁམས་པའི་ཆགས་སྡང་གིས་རྩོད་པསཐུགས་ཕྱུངས་ཏེ་དབུར་སྟོད་རྒྱ་མ་ལྕོག་ལའི་བྲག་ཕུག་ཏུ་ཟླ་བ་བརྒྱད་མུན་མཚམས་ཁོ་ནསཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཁྱད་པར་གྱི་ཉམས་རྟོགས་འཁྲུངས། དེའི་ཚེ་རྗེ་བཙུན་འཕགས་མ་མཛེས་སྡུག་མཚུངས་པ་མེད་པའི་སྐུས་རིན་པོ་ཆེའི་ཅོད་པནདབུ་ལ་བཅིངས་ཏེ། རྟག་ཏུ་བྱིན་གྱིས་རླབས་ཅིང་དངོས་གྲུབ་སྩོལ་བར་དབུགས་དབྱུངཐོབ། དེ་ནས་ཡི་དམ་གྱི་ལྷས་བསྐུལ་ཏེ་ཡར་སྟོད་ཀྱི་ཕུར་རིག་འཛིན་ཆེན་པོ་ཀུ་མ་རཱ་ཛབཞུགས་པའི་དྲུང་དུ་ཕེབས་ཏེ་མཇལ་བས་ང་ཡི་ཆོས་ཀྱི་བརྒྱུད་པ་འཛིན་པར་འདུག་ཅེསདགྱེས་པར་མཛད། སྤྱིར་དབང་དང་གདམས་ངག་མང་དུ་གསན་ཅིང་། ཁྱད་པར་གསངབ་བླ་ན་མེད་པའི་དབང་དང་གདམས་པ་རྣམས་ཉམས་ཁྲིད་དུ་གསན་ནས་ཟས་གོས་གནསམལ་སོགས་ཀྱི་དཀའ་སྤྱད་ལ་མི་ཞུམ་པའི་སྙིང་སྟོབས་ཀྱི་ཉམས་ལེན་ལ་ཆིག་སྒྲིལ་དུ་མཛདཔས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན་པས་གདམས་པའིགཏད་རྒྱ་དང་བཅས་རྒྱལ་ཚབ་ཏུ་དབང་བསྐུར། མཆིམས་ཕུ་ལ་སོགས་པ་དབེན་གནསརྣམས་སུ་ཟབ་ལམ་གྱི་སྒྲུབ་པ་ལ་ནན་ཏན་དུ་མཛད། གནས་ལུགས་ཟབ་མོའི་ལྟ་བའི་གནད། སྒོམ་པའི་ཏིང་ངེ་འཛིན་གྱི་དྲོད་རྟགས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་མཁྱེནཔ། སྲི་ཞུའི་སྤྱོད་ལམ་བརྟེན་ཚུལ། འཁོར་གསུམ་ཡང་དག་གི་འབུལ་བ་སོགས་བླ་མ་ཅི་མཉེས་སུ་སྒྲུབ་པར་མཛད་པས་སྲས་ཀྱི་དམ་པར་གྱུར། མཆིམས་ཕུར་སྒྲུབ་པ་ལ་བཞུགསསྐབས་ཡི་དམ་ལྷ་ཡི་ཞལ་གཟིགས་དང་ཆོས་ཀྱི་བགྲོ་བ་མི་ལབ་པ་བཞིན་དུ་མཛད། ལྷསར་ཇོ་ཤཀ་མཆོད་ནས་གསོལ་བ་བཏབ་པས་མཛོད་སྤུ་ལས་འོད་ཟེར་འཕྲོས། རང་ལཐིམ་པས་རྒྱ་གར་བྱ་རྒོད་སྤུང་རི་དང་ལི་ཡུལ་གྱི་བཀོད་པ་གཟིགས་ཤིང་དེར་པཎྜི་ཏར་འཁྲུངསཔ་ཡང་ཡང་གསལ། ཡོས་ཀྱི་ལོ་ལ་མཆིམས་ཕུ་རི་མོ་ཅན་དུ་སྐལ་ལྡན་འགའ་ལ་སྙིང་ཐིགགི་དབང་ཁྲིད་དང་པོར་གསུངས་ཤིང་། དེ་དང་འབྲེལ་བར་སྔར་སྲོག་སྒྲུབ་མས་གླེགས་

p. 150

བམ་གཏད་པའི་བརྡ་དང་གཟུགས་ཅན་གྱིས་གསོལ་འདེབས་ལ་བརྟེན་མཁའ་འགྲོ་སྙིངཐིག་གི་དབང་ཁྲིད་གསུངས་དུས་ཨོ་རྒྱན་ཡབ་ཡུམ་གྱིས་དབང་བསྐུར་ཞིང་མཚན་བཏགས། ལས་འབྲེལ་རྩལ་གྱི་འོག་ཏུ་ལོངས་སྐུའི་ཞིང་ཁམས་ཉུལ་བར་གསུངས་པ་ཡང་ངོས་བཟུང་། གཡུ་སྒྲོན་མས་བསྐུལ་ཏེ་གངས་རི་ཐོད་དཀར་དུ་ཕེབས། དེར་མཁའ་འགྲོ་སྙིང་ཐིག་གི་ཟབལམ་གསལ་བྱེད་ཡང་ཏིག་གི་ཡིག་ཆ་མཛད་པས་ཡུན་ཐུང་ངུ་ལ་གྲུབ། མཛོད་བདུན་རྩའགྲེལ་སོགས་ཡིག་ཆ་ཕལ་ཆེར་ཡང་གནས་དེར་མཛད། ལྷ་རིང་བྲག་ཏུ་ཞི་ཁྲོའི་ཆོ་གའི་སྒོནས་བསྐངས་བཤགས་མཛད་པས་ནམ་མཁར་ཞི་ཁྲོའི་དཀྱིལ་འཁོར་སྣང་བ་དེར་འཁོདཐམས་ཅད་ཀྱིས་མཐོང་། ཞྭ་ལྷ་ཁང་གི་ཞིག་གསོའ་དུས་སུ་དབུ་རྩེའི་ཐད་ནས་གསེར་འགུརྩེ་གང་བཏོན་ནས་གཙུག་ལག་ཁང་གི་ཆ་རྐྱེན་དང་རྟེན་གྱི་ན་བཟར་གསོལ། དེར་གཏེརམང་དུ་ཡོད་ཀྱང་སྒྲུབ་ཐབས་ཟབ་པ་འགའ་ཞིག་ལས་མ་བཞེས་པར་གྲགས། དམ་ཅན་བྱིསཔར་བརྫུས་ནས་བཟོ་བོ་རྣམས་ཀྱི་གྲོགས་བྱས་ཤིང་། དེའི་རྡོ་རིང་གཉིས་པོ་བཅག་འགྱེལདུ་ཡོད་པ་ཐབས་འཕྲུལ་དུ་མས་མ་ལྷོངས་པ་ཉིད་ཀུན་མཁྱེན་ཆེན་པོས་བདེན་སྟོབས་བརྗོདཅིང་སྐུ་ཆས་ཀྱིས་གཡབ་མོ་མཛད་པས་མོད་ལ་བསླངས་པ་སོགས་རྫུ་འཕྲུལ་གྱི་བཀོད་པའིཁྱད་པར་གྱིས་ཀུན་དད་པའི་གཞི་ལ་འགོད་པར་མཛད། དེར་རབ་གནས་མཛད་དུས་ཕྱོགསབཅུའི་སངས་རྒྱས་ནམ་མཁའ་གང་བས་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་། མགོན་པོབྱམས་པས་སྐྱེ་བ་གཉིས་འདས་པའི་འོག་ཏུ་པདྨ་བརྩེགས་པའི་ཞིང་དུ་རྒྱལ་བ་རི་རབ་མརམེའི་རྒྱལ་མཚན་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་གཟིགས། ཕྱི་ལམ་ལྷ་སརཕེབས་དུས་ཡར་ཀླུང་པས་ཐོ་འཚམས་པར་བརྩམ་པ་ན་མི་སྣང་བའི་རྫུ་འཕྲུལ་གྱིས་སྐྱེ་བོདེ་དག་དམུས་ལོང་དུ་གྱུར། དེ་ནས་ས་ཕག་འཁྲུགས་པས་བོད་མི་བདེ་བར་གཟིགས་ནསལྷོ་མོན་དུ་ཕེབས། བུམ་ཐང་དང་རྔ་ལོང་སོགས་མཐའ་འཁོབ་མུན་པའི་གླིང་དུ་དབང་ཁྲིདསེམས་བསྐྱེད་སོགས་ཆོས་ཀྱི་སྒྲོན་མེས་ཐར་པའི་ལམ་གསལ་བར་བསྟན། ལ་ཡག་ལྷ་ལུངདང་མན་ཐང་གི་གནས་སུ་དགེ་འདུན་གཙོ་གྱུར་གྱི་འདུས་པ་སྟོང་ལོངས་པ་ལ་གསང་བ་

p. 151

སྙིང་ཐིག་གི་གདམས་ཁྲིད་སྤྱི་དང་ཁྱད་པར་མཁན་ཆེན་དགེ་འདུན་རྒྱལ་མཚན་ལ་གདམསཔའི་བཀའ་སྲོལ་རྫོགས་པར་གནང་ནས་བསྟན་པའི་གཉེར་གཏད། མི་རིང་བར་ལྷ་སརཕེབས་པས་དགེ་འདུན་མང་པོའི་སེར་ཕྲེང་གིས་བསུས་ཤིང་། ལྷ་ར་གཉིས་ཀྱི་བར་ན་ཆོསཀྱི་ཁྲི་བརྩེགས་པའི་སྟེང་ནས་སེམས་བསྐྱེད་སོགས་ཆོས་འཁོར་དཔག་མེད་བསྐོར། ཁེངསཔའི་བློ་ཅན་མང་པོ་ལུང་རིགས་ཀྱིས་བཏུལ་ནས་དད་པའི་གནས་ལ་བཀོད། ཁ་བ་རིར་སིཏུ་ཤཱཀྱ་བཟང་པོས་མཆོད། དབང་དང་གདམས་པའི་བྱིན་རླབས་མཛད། དེར་དབྱར་བཞུགསཀྱི་ཕོག་ཕུལ་ནས། གྲོགས་ཨོ་རྒྱན་དགོན་པའི་ཕུའི་རྫ་འདབ་ནས་མདའི་བྲག་རྩ་ཡན་གངབའི་ཆོས་ཉན་མང་པོ་དང་། དེའི་ནང་ནས་ཀྱང་འབྲི་ཁུང་གི་མཁན་སློབ་སོགས་ཆོས་འཆདཀྱི་སློབ་དཔོན་བཞི་བཅུ་ཙམ་དང་བཅས་ཁྱོན་འདུས་པ་སུམ་སྟོང་དུ་ལོངས་པ་ལ་འོད་གསལརྡོ་རྗེ་སྙིང་པོའི་དབང་ཁྲིད་རྒྱབ་ཆོས་དང་བཅས་པ་གསུངས་ཤིང་། སླར་ཡང་གཞན་དོནནུས་པ་བརྒྱ་ཕྲག་བརྒལ་བ་ལ་དབང་གོང་མ་སོགས་ཐུན་མོང་མིན་པའི་གདམས་པ་དངརྒྱུད་འགྲེལ་མན་ངག་རྣམས་མཐའ་རྒྱས་སུ་བསྩལ། ཆོས་ཟིན་པའི་ཚོགས་འཁོར་གྱི་ཚེ་རངརེ་དཔོན་སློབ་ཆོས་འཁོར་བསྐོར་ནས་ཚོགས་མཆོད་བྱེད་པ་ད་རེས་ཙམ་དུའོ། །ཁྱེད་རྣམསཀྱིས་ཚེ་འདི་བློས་བཏང་ནས་ཟབ་མོའི་ལམ་གྱིས་གཏན་བདེའི་སྙིང་པོ་ལོངས་པ་གྱིས་ཤིགཅེས་ཞལ་བཀོད་ཀྱང་ནན་ཏན་མཛད། དེ་ནས་མཆིམས་ཕུར་ཕེབས། ཆོས་ཉན་པ་མང་དུའདུས་པ་ལ་གསང་བ་བླ་ན་མེད་པའི་ཁྲིད་བཙུག་པ་ཚོགས་པ་ཆེས་པས་སྤྲོས་མེད་ཀྱི་དབངཞག་དུ་མར་སྦྲེལ་ནས་གསུངས་ཤིང་། དེ་ནས་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཞིངདངོས་ཀྱི་གདུལ་བྱ་དེ་ཙམ་དུ་དགོངས་ནས། ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆིམེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ །གཡུལ་ལས་རྣམ་པར་རྒྱལ་པའི་ལྷ་དབང་དང་། །རྒྱ་མཚོར་དོན་ཡོངས་གྲུབ་པའི་ཚོང་པ་ལ། །བསམ་གཏན་གྲུབ་པའི་དགའ་བས་ཆེས་ལྷགགོ །ཞེས་ཞལ་ཆེམས་སུ་གདམས་ནས་དགུང་ལོ་ལྔ་བཅུ་རྩ་དྲུག་པ་ཆུ་མོ་ཡོས་ཀྱི་ལོ་རྒྱལཟླ་བའི་ཚེས་བཅོ་བརྒྱད་ཀྱི་གྲོ་ཁར་ཆོས་སྐུའི་གཟིགས་སྟངས་ཀྱིས་གདོད་མའི་སར་གཤེགས།

p. 152

དེའི་ཚེ་རྡུལ་བྲལ་གྱི་ནམ་མཁར་འཇའ་ཚོན་གྱི་གུར་དང་མེ་ཏོག་གི་ཆར་སོགས་ངོ་མཚརབའི་ཆོ་འཕྲུལ་མཐའ་ཡས་པས་འགྲོ་དྲུག་ཐར་པའི་ས་བོན་ལ་འགོད་པར་མཛད་པ་ནི་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་དང་མཛད་པ་མཚུངས་པ་ཡིན་ཏེ། རྗེ་བླ་མ་འགྱུར་མེད་རྡོ་རྗེའིགསུངས་ལས། ཐུབ་པའི་བསྟན་ལ་ཐུབ་པའི་མཛད་པ་ཅན། །ཐུབ་པའི་བསྟན་འཛིན་ཀུནགྱི་དབུས་ན་མཐོ། །ཐུབ་བསྟན་བདག་པོར་ཐུབ་པས་ལུང་བསྟན་པའི། །ཐུབ་དབང་གཉིསཔའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་འདིའོ། །དེ་ལ་ཆོས་ཀྱི་སྲས་མཁསགྲུབ་ཁྱབ་བདལ་ལྷུན་གྲུབ། གུ་རུ་འོད་གསལ་རང་གྲོལ། བྱ་བྲལ་བཀྲ་ཤིས་འབྱུང་གནསསོགས་མང་ཡང་། འདིར་བརྒྱུད་པ་གཙོ་ཆེ་བའི་དབང་གིས་མཁས་གྲུབ་ཁྱབ་བདལ་ལྷུནགྲུབ་འདྲེན་ཅིང་། དེས་འཇམ་དབྱངས་གྲགས་པ་འོད་ཟེར། ཡང་འགའ་ཞིག་ཏུ་ཀུན་མཁྱེནནས་རང་སྲས་གྲགས་པ་འོད་ཟེར་ལ་བརྒྱུད་པའང་འདུག དེས་འཁྲུལ་ཞིག་སངས་རྒྱསདབོན་པོ། །དེས་ཀུན་མཁྱེན་ཟླ་བ་གྲགས་པ། དེས་གྲུབ་ཆེན་ཀུན་བཟང་རྡོ་རྗེ། དེས་མཚུངསམེད་རྒྱལ་མཚན་དཔལ་བཟང་། དེས་སྤྲུལ་སྐུ་སྣ་ཚོགས་རང་གྲོལ། དེས་གྲུབ་ཆེན་བསྟནའཛིན་གྲགས་པ། དེས་མཁས་གྲུབ་མདོ་སྔགས་བསྟན་འཛིན། དེས་རིག་འཛིན་ཕྲིན་ལསལྷུན་གྲུབ། དེས་བཀའ་དྲིན་མཉམ་མེད་རིགས་ཀུན་ཁྱབ་བདག་རྗེ་བླ་མ་དམ་པ་ཉིད་ལབརྒྱུད་ཅིང་། དེ་ཉིད་ཀྱིས་བདག་ཅག་སྐལ་བར་ལྡན་པ་རྣམས་ལ་གདམས་པ་འདི་ཉིདབ སྩལ་བ་ནི་ག ང་ལས་བྱུང་བའི་བརྒྱུད་པའི་ལོ་རྒྱུས་ཡིན་ཅིང་། ཡང་སློབ་དཔོན་དགའ་རབརྡོ་རྗེ་ནས། བི་མ་ལ་དེས་བྱལ་གྱི་ཕུ་བྲག་དཀར་ཐེམ་པ་དང་འདྲ་བར་ལྕེ་བཙུན་སེང་གེ་དབངཕྱུག་ལ་དངོས་སུ་གནང་ཞེས་ཁྱད་པར་གྱི་ཉེ་བརྒྱུད་ཡིན་ཚུལ་ཀུན་མཁྱེན་ཆེན་པོས་འོདགསལ་སྙིང་པོའི་དོན་ཁྲིད་དུ་གསུངས་ཤིང་། གཞན་ཡང་ལོ་རྒྱུས་རྒྱས་པར་སྤྲོ་ན་སྔ་མ་རྣམསསྙིང་ཐིག་བབ་ལུགས་ཆེན་མོ་དང་། ཕྱི་མ་རྗེ་བླ་མས་མཛད་པའི་སྙིང་ཐིག་མ་བུའི་བརྒྱུདཔའི་ཁ་སྐོང་དུ་གསལ་བས་དེར་བལྟའོ། །དེ་ལྟར་ལོ་རྒྱུས་རྒྱས་བསྡུས་ཅི་རིགས་པའི་སྒོནས་མ་བཤད་ན་ཐར་འདོད་རྣམས་ཡིད་ཆེས་ཀྱི་གནས་སུ་མི་འགྱུར་ཏེ། སྒྲོན་མ་རྣམ་པར་

p. 153

བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚདམ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོ་ཐག་ཆོད་པས། །གཞི་ལ་གྲུབ་པའི་ཤེས་རབ་གསུམ། །ས་བོན་ཚུལ་དུ་གནསཔ་དེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། འབྲས་བུའི་ཚུལ་དུ་སྨིན་པ་ཡིས། །མ་རིག་པཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་ངང་གིས་མཐོང་། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དབང་གི་སྒོ་ནས་སྨིན་པར་བྱ་དགོས་ཏེ། མངའ་རིས་པཎ་ཆེན་གྱིས། གསང་སྔགས་དབང་ལ་མ་བསྟེན་འབྲས་མི་འབྱིན། །དཔེར་ན་མཉན་པ་ལག་སྐྱ་མེད་པབཞིན། །ཞེས་བཤད་པས། དེ་ལ་ཡང་དབང་དངོས་དང་དམ་ཚིག་གཉིས་ལས། དང་པོ་ནི། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བར་ལྡན་པ་སྨིན་པར་བྱ། །སྤྲོསབཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་ནི་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །སྐལ་ལྡན་རང་རྒྱུད་སྨིན་པར་བྱེད། །ཞེས་གསུངས་པས། འདིར་ནི་ཐེག་པ་འོག་མ་ལྟར་དཀའ་སྤྱད་སོགས་ལ་མ་བརྟེ ན་པར། དུག་ལྔ་ལམ་ཁྱེར་གྱིགདམས་པས་རྣམ་སྨིན་ཀུན་རྟོག་གི་བག་ཆགས་ཐབས་ཁྱད་པར་ཅན་གྱིས་སྦྱོང་ཞིང་། རངརྒྱུད་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པར་བྱེད་པ་སྟེ། ཨ་བྷི་ཥིཉྩའི་སྒྲ་ལས་གཏོར་བའམབླུགས་པ་ཞེས་འབྱུང་བས་མེད་སྣང་འཁོར་བའི་བག་ཆགས་མ་ལུས་པ་དག་པར་བྱེད་པའིཆ་ནས་གཏོར་བ་དང་། །གཞི་ཡི་ངོ་བོ་གདོད་ནས་སྐུ་གསུམ་རང་ཆས་སུ་བཞུགས་པ་ཉིདམཐོང་གསལ་དུ་བྱེད་པས་བླུགས་པའང་ཡིན་ཞེས་གསུངས། འདིར་ནི་སྣང་སྲིད་ཡེ་དགཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་བཞིན་སྤྲོས་བྲལ་རྫོགས་པ་ཆེན་པོརདབང་བསྐུར་ནས་གཅེར་མཐོང་དུ་ངོ་སྤྲོད་པའོ། །དེ་ཡང་གང་ཟག་དབང་རབ་རྣམས་ནིདབང་དུས་སུ་གྲོལ་བ་ཐོབ་པ་དང་། འབྲིང་གིས་བརྡ་དོན་འཕྲོད་དེ་ཡེ་ཤེས་ཕེབས་པ་དང་། ཐ་མས་ཀྱང་རྒྱུད་ལ་ཐར་པའི་ས་བོན་འཇོག་པ་ཡིན་ཏེ། ལམ་ཀྱི་ཐར་པའི་མྱུ་གུ་མངོན་དུ་

p. 154

བསྐྱེད་པའམ། བསྐྱེད་ངེས་ཀྱི་ནུས་རུང་སྨིན་པ་ཞེས་གསུངས་པས་སོ། །འདིར་མན་ངགམ་བུ་གཉིས་བསྡེབས་ཀྱི་ཚུལ་དུ་གནང་ཡང་དབང་རྣམས་བླ་མ་ཡང་ཏིག་གི་ནང་ལྟར་དང་། བསྐུར་ལུགས་ཀྱང་དང་པོ་ཁྲིད་ཀྱི་སྔོན་དུ་སྤྲོས་བཅས་ཀྱི་དབང་། ཁྲེགས་ཆོད་ཀྱི་སྔོན་དུསྤྲོས་མེད་ཐོད་རྒལ་གྱི་དབང་དང་ཤིན་ཏུ་སྤྲོས་མེད་དང་རབ་ཏུ་སྤྲོས་མེད་གཉིས་སྦྲེལ་མརམཛད་པ་ཕྱག་བཞེས་ཡིན་ནོ། །གཉིས་པ་དམ་ཚིག་ནི། ཐལ་འགྱུར་ལས། དབང་རྟེན་པ་ཡི་དམ་ཚིག་ནི། །བྱེ་བྲགབརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང་། །ཞེས་པས་བསྲུངབྱའི་དོན་ལས་ནམ་ཡང་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། ཕྲ་རྒྱས་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནིསྡོམ་པར་འདོད། །ཞེས་སོ། །དབྱེ་ན། སྐུ་གསུང་ཐུགས་རེ་རེར་ཕྱིའི་ཕྱི། ཕྱིའི་ནང་། ཕྱིའིགསང་བ། དེ་བཞིན་ནང་གསང་གཉིས་ལའང་སྦྱར་བས་རྣམ་གྲངས་ཉི་ཤུ་རྩ་བདུན་སྟེ། དམཚིག་གསུམ་བཀོད་ལས། འགྲོ་བའི་སྨིན་སོ་གསུམ་དག་ལས། །སྔགས་ཀྱི་དམ་ཚིག་གསུམདུ་བཤད། །སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལའང་དགུ་དགུ་སྟེ། །ཉི་ཤུ་བདུནདུ་རྣམ་པར་དབྱེ། །ཞེས་སོ། །གཞན་ཡང་གསང་སྔགས་ཀྱི་དམ་རྫས་ཤ་ལྔ་དང་བདུད་རྩིལྔ་སོགས་གསང་བར་འོས་པ་དང་། བླ་མ་དང་མཆེད་རྣམས་ཀྱིས་སྤངས་བླང་བསྟན་པརྣམས་གསང་བར་གཉེར་གཏད་པ་སྟེ། དེ་དག་རང་གི་ཁས་བླངས་པ་སོགས་ཀྱང་ནན་ཏནདུ་བསྲུང་དགོས་ཏེ། དམ་ཚིག་བཀོད་པ་མཆོག་གི་སྡོང་པོའི་རྒྱུད་ལས། སྤྱིར་ཡང་རྩ་བའིདམ་ཚིག་ལས། །གསང་བར་འོས་དང་གཉེར་གཏད་དང་། །གསང་བར་ཁས་བླངས་བསྟནཔ་དང་། །སྨྲས་དང་ཡིད་ཀྱི་ལོག་སྤྱད་ན། །འདིར་ཡང་མནར་མེད་རྒྱུར་འགྱུར་རོ། །ཞེསསོ། །བསྲུང་བའི་ཚུལ་ནི། རང་གི་ཇི་ལྟར་ཁས་བླངས་པ་དེ་དྲན་ཤེས་བག་ཡོད་ཀྱི་སྒོ་ནསངོ་ལྐོག་མེད་པར་བསྲུང་དགོས་ཏེ། དེ་ཉིད་ལས། དེ་ནས་སྔགས་པས་འབད་པར་ཡང་། །ཤེས་བཞིན་གྱིས་ནི་ཟིན་པར་བྱ། །ཞེས་སོ། །དམ་ཚིག་ཚུལ་བཞིན་བསྲུང་བའི་ཕན་ཡོན་

p. 155

ཀྱང་། ཚེ་འདིའི་འགལ་རྐྱེན་ཞི་ཞིང་བཙན་ཕྱུག་ལོངས་སྤྱོད་འཕེལ། མཁའ་འགྲོ་དམ་ཅནརྣམས་ཀྱིས་འདོད་དོན་བདེ་བླག་ཏུ་སྒྲུབ་ཅིང་ཐུན་མོང་གི་དངོས་གྲུབ་སྟེར་བ་དང་། ཕྱི་མ་བྱངཆུབ་མཆོག་ལ་དཀའ་བ་མེད་པར་སྦྱོར་ཏེ་སྔ་མ་ལས། དམ་ཚིག་མཆོག་དང་ལྡན་གྱུར་ན། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །མཁའ་འགྲོས་སྟོངས་གྲོགས་བྱེད་པ་དང་། །གྲུབ་པབརྒྱད་ལས་དབང་བསྐུར་ཞིང་། །ཐར་པའི་བདག་པོ་མཆོག་ལ་རེག །ཅེས་སོ། །མ་བསྲུངབའི་ཉེས་དམིགས་ནི། འཁོར་ལོ་རིན་ཆེན་རྣམ་པར་བརྩེགས་པའི་རྒྱུད་ལས། སྐུ་ཡི་དམཚིག་ལས་འདས་ན། །སངས་རྒྱས་སྐུ་ཞེས་ཚིག་དང་བྲལ། །འདི་ལྟར་ཁམས་གསུམ་སེམསཅན་རྣམས། །སྲོག་ནི་དུས་གཅིག་བཅད་པ་བས། །ཕས་ཕམ་པ་ནི་སྡིག་མཐའ་ཡས། །དེབཞིན་གསུང་གི་ཞིག་པ་ན། །སངས་རྒྱས་གསུང་གི་ཚིག་མི་གནས། །ཁམས་གསུམ་སེམསཅན་ཐམས་ཅད་ཀྱི། །ལྕེ་ཡི་དབང་པོ་དུས་གཅིག་ལ། །བཅད་པའི་སྡིག་པ་འདི་མཐའ་ཡས། །གལ་ཏེ་ཐུགས་ཀྱི་ཉམས་གྱུར་ན། །ཁམས་གསུམ་གང་བའི་བསམ་གཏན་པའི། །དགེ་ལགནས་པའི་དགེ་སློང་རྣམས། །དུས་གཅིག་སེམས་དཀྲུག་སེམས་སུན་ཕྱུང་། །སྡིག་པ་འདིནི་ཕ་མཐའ་ཡས། ཞེས་དང་། གཞན་ཡང་རྩ་རྒྱུད་གསང་བ་སྙིང་པོ་ལས། རྩ་བའི་དམ་ཚིགཉམས་གྱུར་ན། །བསྒྲུབ་པ་ཐམས་ཅད་ལོག་པ་དང་། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲསབུ་མི་འདོད་བཞིན་དུ་འདུ། །ཞེས་གསུངས་སོ། །ཉམས་ན་གསོ་བའི་ཐབས་ནི། དེ་ཡངཞག་གིས་བར་མ་ཆོད་པའི་ཉེས་པ་ལ་དམ་ལས་འགལ་བ་ཞེས་བྱ་ཞིང་དེ་མ་ཐག་བཤགསན་འདགས་པར་སླ་སྟེ། རྡོ་རྗེ་ཉི་མ་ལས། སྤྱིར་ན་དམ་ཚིག་ཁྱད་པར་ལས། །དུས་ལ་རྣམཔར་ངེས་ཆེ་བ། །དམ་ལས་འདས་པའི་ཉེས་བྱས་གང་། །ཞག་གིས་བར་མ་ཆ ོད་པ་ནི། །དམིགས་པའི་ཡུལ་ལ་ངེས་བྱས་ནས། །དེ་ནི་སོར་ཡང་ཆུད་པའོ། །ཞེས་སོ། །ཞག་སོང་ཡངཟླ་བ་མ་ལོན་པར་དམ་ཚིག་ཉམས་པ། ཟླ་བ་སོང་ཡང་ལོས་མ་ཆོད་ན་དམ་ལས་འདས་པ། ལོ་གསུམ་ཚུན་ལ་རལ་བ་ཞེས་བཤད་ཅིང་། དེ་ལས་འདས་ན་གསོ་བའི་ཐབས་མ་བསྟན། སྔ་མ་ལས། ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་སོ། །

p. 156

དམ་ལས་འདས་ན་ལོ་དག་གིས། །བར་མ་ཆོད་ཅིང་བཤགས་པས་སོ། །ལོ་ནི་གཉིས་དངགསུམ་དག་ལས། །དམ་ཚིག་རལ་བ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུང་། །ལོ་གསུམདག་ལས་འདས་པ་ནི། །ནམ་ཡང་གསོ་བ་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་ཚིག ། ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །འགལ་ན་ཚོགས་ཀྱི་འཁོརལོས་བཤགས། །ཉམས་ན་རང་གི་རྟོགས་པས་བསྐང་། །འདས་ན་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་རྟོགས་པར་བཅས་པས་བསྐང་། །རལ་བརང་གི་སྲོག་གིས་བསྐང་། །ཞེས་གསུངས་སོ། །འདིར་དམ་ཚིག་ལ་ཅུང་ཟད་སྤྲོས་ཏེ་བཤདཔ་ནི་དམིགས་རིམ་ཉམས་ལེན་དངོས་གཞིའི་ཉམས་རྟོགས་སྐྱེ་མིན་གཙོ་བོ་དམ་ཚིག་ལརག་ལས་ཏེ། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། དམ་ཚིག་ས་གཞི་ལྟ་བུ་ལ། །ཐམསཅད་འབྲས་བུ་ལོ་ཏོག་སྨིན། །ཞེས་དང་། དམ་ཚིག་མཆོག་གི་རྒྱུད་ལས། འདི་ལས་འགལབར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེསསོགས་གསུངས་པས་སོ། །གསུམ་པ་གདམས་ངག་གི་སྒོ་ནས་ཉམས་སུ་ལེན་པ་ལ་བརྩོན་འགྲུས་རབ་ཚེ་འདིར། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བ་བསྟན་པའོ། །དང་པོ་བརྩོན་འགྲུས་རབ་ཚེ་འདིར་གྲོལ་བའི་གདམས་པ་ལ། ལམ་སྒོམ་པའི་སྣོད་རུང་དུབྱ་བ་སྔོན་འགྲོའི་ཁྲིད། གདམས་ངག་གི་སྒོ་ནས་ཉམས་ལེན་དངོས་བསྟན་པ། གནསལུགས་རྗེན་པར་སྟོན་པ་ངོ་སྤྲོད་ཀྱི་ཁྲིད་དང་གསུམ་མོ། །དང་པོ་ལའང་། ཟབ་ལམ་སྒོམཔའི་སྣོད་རུང་དུ་བྱེད་པ་ཐུན་གྱི་སྔོན་འགྲོ། ཐུན་མོང་གི་སྔོན་འགྲོས་རྒྱུད་དག་པར་བྱེད་པ། ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་དབབ་པ་དང་གསུམ་ལས། དངཔོ་ཐུན་གྱི་སྔོན་འགྲོ་ནི། འདིར་དངོས་སུ་མ་བསྟན་ཀྱང་ཟབ་ལམ་སྒོམ་པའི་ཐུན་ཐམསཅད་ཀྱི་སྔོན་དུ་གཏོགས་པ་རྡོ་རྗེ་ལམ་བསྟན་ནས་བཤད་ཅིང་གོང་མ་དག་གིས་ཕྱག་བཞེསསུའང་ངེས་པར་མཛད་པ། བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པར་སྟན་

p. 157

བདེ་བ་ལ་འདུག་སྟེ། ལུས་གནད་རྣམ་སྣང་གི་ཆོས་བདུན་དྲང་པོར་བསྲང་། ངག་གནདརླུང་རོ་དགུ་ཕྲུགས་སམ་གསུམ་དུ་བསལ་བས། སྡིག་པ་ཐམས་ཅད་སང་གིས་དག་པརབསམ་པ་ནི་བཅུད་བཟང་པོ་བླུག་པའི་སྔོན་དུ་སྣོད་བཀྲུ་བ་ལྟ་བུ་ཡིན། སེམས་ཀྱི་གནདབདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་ཉམས་སུ་བླངས་སྙམ་པའི་སྒོ་ནསརང་གི་སྤྱི་བོར་པདྨ་དང་ཉི་ཟླའི་གདན་ལ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་དཔལ་རྡོ་རྗེ་སེམསདཔའི་རྣམ་པ་ཅན། མཚན་དཔེ་རབ་ཏུ་རྫོགས་པའི་སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པཕྱག་གཉིས་རྡོར་དྲིལ་འཛིན་ཅིང་ཞབས་སེམས་སྐྱིལ་གྱིས་བཞུགས་པ་ཞིག་གསལ་བཏབནས་ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདགགི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་འདོད་པའི་དོན་ལ་ཞེ་ཐགཔ་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བླ་མའི་ཞབས་ཀྱི་མཐེ་བོང་ནས་བདུད་རྩི་འོརྒྱུན་ལྟར་བབས་པས་ཚངས་བུག་ནས་ཞུགས། ལུས་ནང་ཐམས་ཅད་གང་བདེ་བ་ཆེན་པོའཡེ་ཤེས་སྐྱེས་པར་བསམ་ཞིང་། སྤྱི་བོའ་བླ་མ་འོད་ཀྱི་གོང་བུར་གྱུར་པ་ཚངས་བུག་ནས་སྙིངདབུས་སུ་སིབ་ཀྱིས་ཐིམ་པར་བསམ་ནས་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་དུ་ཀློད་ལ་མཉམབཞག་དུམ་གཅིག་བྱས་རྗེས་དགེ་བ་བསྔོ། འདི་ནི་ཐུན་སོ་སོའ་མགོ་འཛིན་དུ་གཏོང་བ་ཕྱགལེན་ནོ། །སྤྲོ་ན་འོག་ནས་འཆད་འགྱུར་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ་བར་གསུངསསོ། །གཉིས་པ་ལམ་གྱི་སྔོན་འགྲོ་ལ། གསང་བ་སྙིང་ཐིག་གི་ཁྱད་ཆོས་སེམས་སྦྱང་བདུནགྱི་རིམ་པ་དང་། ཚོགས་བསགས་བསྟན་པ་གཉིས་ལས་དང་པོ་ནི། བསྟན་པ་བུ་གཅིགཔའི་རྒྱུད་ལས། ཨེ་མ་འདི་ལྟར་འབྱུང་འདོད་སྐྱེས་བུ་གང་། །ཐབས་ཀྱི་ཡན་ལག་འདི་ལྟབུ། །རྣམ་པ་སྣ་ཚོགས་ཉིད་ལ་ནི། །སེམས་ཀྱི་རིམ་པ་ཅི་སྦྱངས་པ། །ཞེས་དང་། ཟངསཡིག་ཅན་ལས། ཀྱེ་མ། ཀྱེ་མ། རིགས་ཀྱི་བུ་རྣམས་ཉོན་ཅིག རིག་པ་མངོན་སུམ་གྱི་སྣངབ་ལ་བློ་མི་ཕེབས་ཤིང་དབང་པོ་དམན་ལ་སྐལ་བ་ཞན་པའི་མི་རྣམས་ཀྱིས་འདི་ལ་ཡིད་

p. 158

མི་ཆེས་པ་འགའ་འབྱུང་སྲིད་པས། དེ་དག་རྣམས་རིག་པ་མཐོང་བར་བྱ་བའི་ཆེད་དུ་འདིརྣམས་ལ་བསླབ་པར་བྱ་བ་ཡིན་ནོ། །རྐྱེན་མེད་པའི་ཕྱོགས་སུ་ཕྱི་ནང་གི་བྱ་བ་བཏང་སྟེ། བསམ་གཏན་གྱི་འཇིགས་པ་རྣམས་སྤངས་ལ་དང་པོ་སེམས་སྦྱང་བར་བྱའོ། །དེ་ལ་བདུནཏེ། ཞེས་གསུངས་པས། དང་པོ་མི་རྟག་པ་ལ་སེམས་སྦྱང་བ། གཉིས་པ་འཕྲལ་ཡུན་གྱིབདེ་བ་ལ་སེམས་སྦྱང་བ། གསུམ་པ་རྐྱེན་དུ་མ་ལ་སེམས་སྦྱང་བ། བཞི་པ་བྱས་པ་དོནམེད་ལ་སེམས་སྦྱང་བ། ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་ལ་སེམས་སྦྱང་བ། དྲུག་པ་བླ་མའིམན་ངག་ལ་སེམས་སྦྱང་བ། བདུན་པ་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱང་བའོ། །དང་པོ་མི་རྟག་པ་ལ་བསམ་སྟེ་སེམས་སྦྱང་བ་ནི། འདི་ལྟར་བསམ་པར་བྱ་སྟེ། ཕྱི་ནང་སྣོདབཅུད་ཀྱི་དངོས་པོ་ཐམས་ཅད་མི་རྟག་པའི་རང་བཞིན་ཁོ་ནར་འདུག་སྟེ། ཕྱི་ནམ་ཟླ་དུསབཞིའི་འགྱུར་བ། ནང་འབྱུང་བཞིའི་ཕུང་པོའི་དར་གུད། གསང་བ་རྒན་རབས་གཞོན་རབདང་ཕ་མ་གཉེན་འདུན་འཆི་བའི་གནས་སྐབས་གང་ལ་བསམ་ཀྱང་མི་རྟག་སྟེ། རྒྱ་ཆེར་རོལཔ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབཆུར་མཚུངས། །འགྲོ་བའི་སྐྱེ་འཆི་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུརམྱུར་མགྱོགས་འགྲོ། །ཞེས་གསུངས་པའི་ཕྱིར། དེའང་ཕྱི་ནམ་ཟླ་དུས་བཞིའི་འགྱུར་བའངརང་ལ་མི་རྟག་པ་སྟོན་པའི་བརྡར་འདུག་སྟེ། དཔྱིད་དུས་ས་བོན་བཏབ་ཏེ་མྱུ་གུ་ས་ལ་ཐོནཔ་བཞིན་དུ་རང་གི་ལུས་གྲུབ་ནས་ལུས་ཟུང་ཡར་འཕེལ། དབྱར་དུས་རྩྭ་ལྗང་མེ་ཏོག་ལྗོནཤིང་ཆུ་བོ་སོགས་རྣམ་པར་རྒྱས་པ་ལྟར་རང་གི་ལུས་ཀྱང་ལ ང་ཚོ་དར་ལ་བབས་ཤིང་བཀྲགམདངས་སྟོབས་ནུས་རྒྱས། སྟོན་དུས་ཤིང་གི་འདབ་མ་གྱེས་ཤིང་འབྲས་བུ་སྨིན། རི་ཀླུངརྣམས་ཁ་དོག་སེར་པོར་འགྱུར་བ་བཞིན་རང་གི་ལུས་ཟུངས་དང་བཀྲག་མདངས་ཤོར། དགུནགྱི་ཚེ་སྐྱི་སེར་གྱི་རླུང་གཡོས་པས་རྩྭ་ཤིང་སྐམ་པ་རྣམས་གཏོར། ཆུ་བོ་རྣམས་འཁྱགས་ཤིངདབྱར་བྱུང་བའི་རྗེས་མེད་པར་རི་ཀླུང་ཐམས་ཅད་སྐྱ་ཐལ་གྱིས་སོང་བ་ལྟར་རང་ལུས་ཀྱིའབྱུང་བ་རྣམས་མཐར་བསྡུས་ཏེ་འཐོར། རྣམ་པར་ཤེས་པ་ཕྱིར་ཐོན། བར་དོར་རྟེན་མེད་

p. 159

དུ་འཁྱམས་པ་དང་འདྲ་བར་འདུག་སྙམ་དུ་བསམ། ནང་འབྱུང་བཞིའི་ཕུང་པོ་ཡང་ཆུའི་ལྦུབ། རྩྭ་རྩེའི་མེ་སྒྲོན་ནམ་མཁའི་འཇའ་ཚོན་ལྟར་མི་རྟག གསང་བ་དགྲ་གཉེན་བར་མ་རྒནགཞོན་མ་ངེས་པར་འཆི་བ་རྣམས་རིན་ཀྱི་ཉོས་པ་མ་ཡིན། རང་གིས་སྤངས་པ་མ་ཡིནཔས་མི་རྟག་པ་དེ་རང་གི་ཐོག་ཏུ་ནམ་ཡོང་ཆ་མེད། སྔར་ཕན་ཆད་མ་བསམ་པས་ལན། དེའིཚུལ་ལ་བསམ་ན་སོས་དལ་དུ་སྡོད་པ་མི་རིགས་ཏེ། སྤྱོད་འཇུག་ལས། དེ་རིང་ཁོ་ནར་མིའཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། ཞེས་གསུངས་པས། སང་གནང་དང་འོ་སྐོལརྣམས་ཀྱི་ཚེ་ཕྱི་མ་གང་སྔ་མི་ཤེས་པས་ཚེ་འདིའི་བྱ་བ་ཐམས་ཅད་བཏང་ནས་ཕྲལ་རང་ཏུདམ་པའི་ཆོས་སྒྲུབ་དགོས་ཏེ། དམ་པས། བྲེལ་དོ་ཚར་ནས་ཆོས་ལ་ཕྱིན་པ་མེད། །དྲནཔའི་ཚེ་ན་རྒྱུག་ཅིག་དིང་རི་བ། །ཞེས་གསུངས། འཆི་བའི་ཚེ་བརྩེགས་པའི་ཁང་ཁྱིམ། བསགས་པའི་ལོངས་སྤྱོད། འགྲོགས་པའི་གཉེན་བཤེས་སོགས་ཚེ་འདིའི་ཕུན་ཚོགས་ཐམསཅད་ཕྱེ་བྲལ་བྱས་ནས་རྒྱུས་མེད་ཆ་མེད་ཀྱི་འཕྲང་དུ་ལྷན་ཅིག་སྐྱེས་པའི་ལུས་ཀྱང་བཞགནས་དབང་མེད་དུ་འགྲོ་དགོས་པ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིཉེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེསཔས་རང་གིས་བསགས་པའི་ལས་ཁོ་ན་མ་གཏོགས་རྗེས་སུ་འབྲང་བ་གཞན་མེད་པས། ཚེའདིའི་བདེ་འབྱོར་ལ་མ་ཆགས་པར་འཆི་བ་མི་རྟག་པ་སྙིང་ནས་བྲེད་ཤ་ཐོན་ཐོན་སྒོམ་དགོསཏེ། བདག་ས ང་འཆིའམ། དོ་ནུབ་འཆི་བའམ། ད་ལྟ་རང་མི་འཆི་བའི་ངེས་པ་མེད་སྙམཡང་ཡང་བསམ་ཞིང་། འགྲོ་བ་གཞན་མཐོང་བ་འདི་ཀུན་ཀྱང་འཆི་བ་ལས་མ་འདས་སོསྙམ་དུ་བསམ་པར་བྱའོ། །འབྱོངས་པའི་ཚད་ནི། འདུས་བྱས་མི་རྟག་པའི་རང་བཞིན་དུམཐོང་ནས་བློ་སྣ་ཐུང་ངུར་སོང་བའོ། །དེས་ནི་འཁོར་བ་ལ་བློ་ལོག་པའི་དགོས་པ་ཡོད་དོ། །གཉིས་པ་འཕྲལ་ཡུན་གྱི་བདེ་བ་ལ་སེམས་སྦྱང་བ་ནི། དེའང་མི་དགེ་བའི་ལས་ལསྤྱད་ན་གནས་སྐབས་ཁེ་ཆེ་བར་སྣང་ཡང་། འབྲས་བུ་ངན་སོང་དུ་སྐྱེས་ཏེ་བཟོད་མེད་ཀྱི་

p. 160

སྡུག་བསྔལ་ཁོ་ན་ལས་མ་འདས་ཤིང་། ཟག་བཅས་ཀྱི་དགེ་བས་མཐོ་རིས་སུ་སྐྱེས་ཀྱངའགྱུར་བའི་ཆོས་ཅན་ཡིན་པས་མི་རྟག དེས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཞིག་ཅི་ནསཀྱང་བྱེད་སྙམ་པ་རྒྱུད་ཐོག་ཏུ་འགེལ་བ་གལ་ཆེ་སྟེ། ཀུན་མཁྱེན་ཆེན་པོའི་དོན་ཁྲིད་ལས། འཁོར་བར་མི་འཇུག་པའི་ཐབས་དམ་པ་ཐར་པའི་བྱང་ཆུབ་མ་རྟོགས་པས་ཡིད་བརྟན་མིརུང་ཞིང་བསླུ་བ་འདི་ཡ་ཆ། ཞེས་གསུངས་སོ། །འབྱོངས་པའི་ཚད་ནི། ཚེ་འདིའི་བདེ་འབྱོརལ་སྤྱད་ཀྱང་སྙིང་པོ་མེད་ཅིང་སྡུག་བསྔལ་ཀྱི་རང་བཞིན་དུ་འདུག་སྙམ་པའི་ངེས་ཤེས་བཅོསམིན་དུ་སྐྱེ་བའོ། །དེས་ནི་ཚེ་འདིའི་བདེ་འབྱོར་སོགས་འཁོར་བའི་ལས་ལ་བློ་མི་འཇུག་པའིདགོས་པ་ཡོད་དོ། །གསུམ་པ་རྐྱེན་དུ་མ་ལ་བརྟེན་ནས་སེམས་སྦྱང་བ་ནི། རང་རེ་སེམས་ཅན་ཐམས་ཅདབདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཡིན་མོད། །ཚེ་འདིའི་བདེ་འབྱོར་ཕྲ་མོའི་ཆེདདུའང་ལས་འབྲས་ཁྱད་དུ་གསོད་པ་སོགས་སྡུག་བསྔལ་ཀྱི་རྒྱུ་ཁོ་ན་བསྒྲུབ་པ་ཤིན་ཏུ་བླུནཏེ། སྐྱིད་དུ་རེ་ནས་སྒོ་གསུམ་སྐད་ཅིག་ཀྱང་མི་དལ་བར་བཙན་ཕྱུགས་ལོངས་སྤྱོད་སོགསའབད་པས་སྒྲུབས་ཀྱང་འགྲུབ་པའི་དུས་མེད་ཅིང་། དེ་དག་ཀྱང་གཉེན་བཤེས་ཀྱང་གནོདཔའི་དགྲར་འགྱུར་བ་དང་། ལ་ལ་མགུ་དུས་ལ་ལ་མི་མགུ། ག ང་ལྟར་བྱས་ཀྱང་གཞན་སེམསཟིན་པའི་སྐབས་མེད་པར་ངན་སྨྲས་དང་། སྐུར་པའི་རྒྱུར་འགྱུར་བ་འདི་མཚང་རེ་ཆེ། དནི་དེ་དག་ཆམ་གྱིས་བསྐྱུར་ཏེ་བླ་མ་དཀོན་མཆོག་མཆོད་པ་དང་། སེམས་ཅན་ལ་སྙིང་རྗེཕྱོགས་མེད་དུ་སྒོམ་པ་སོགས་དོན་དང་ལྡན་པའི་བྱ་བ་ཁོ་ན་ལ་འབད་པར་བྱའོ་སྙམ་དུ་བསམམོ། །དེ་ལྟ་བུའི་ཞེ་བློ་ཐག་པ་ནས་སྐྱེས་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་དཀོན་མཆོགགསུམ་ལ་དད་པ་སྔོན་དུ་འགྲོ་བའི་དགོས་པ་ཡོད་དོ། །བཞི་པ་བྱས་པ་དོན་མེད་ལ་བརྟེན་ནས་སེམས་སྦྱང་བ་ནི། བདག་གི་ཚེ་འདིའི་བྱ་བདགྲ་འདུལ་གཉེན་སྐྱོང་། གཞན་ལ་ཤ་ཚ་གྲོས་འདེབས། བཤེས་འདྲིས་གནས་ཀྱི་མཁརལས་སོགས་རང་སྐྱིད་དུ་རེ་ནས་ལུས་སེམས་ཡུད་ཙམ་མི་དལ་བར་དོན་མེད་ཀྱི་ལས་སྣ་

p. 161

ཚོགས་དང་། གཞན་ལས་རང་ལྷག་ཏུ་རེ་ཞིང་རང་འདོད་ཀྱི་བྱ་བ་མ་འགྲུབ་དོགས་ནས་མིདགེ་བའི་ལས་ལ་མི་འཛེམ་པར་སྲོག་གཅོད་པ་སོགས་དང་། ཚོང་ཁེ་སྤོང་། གཡོ་ཁྲམ། སོནམ་གསོག་འཇོག་སོགས་དོན་མེད་ཀྱི་བྱ་བ་སྒྱུ་མའི་བློ་འབྲིད་ལ་ཨ་འཐས་སུ་སྤྱོད་པ་འདིམཚང་ཆེ་བར་འདུག ད་ནི་དེ་དག་ལ་ཞེན་ཆགས་ཀྱི་བློ་སྤངས་ནས་བླ་མ་དམ་པའི་གདམསངག་རྒྱུད་ལ་འགེལ་བར་བྱ་སྙམ་དུ་བསམ་མོ། །ཚེ་འདིའི་སྣང་བ་ལ་ཞེན་པ་གཏིང་ནས་ལོགསྟེ་སྐྱུག་ནད་ཅན་གྱིས་ཟས་མཐོང་བ་ལྟ་བུ་ནི་འབྱོངས་པའི་ཚད་དོ། །དེས་ནི་གདམས་ངགལ་ཡིད་ཆེས་ཤིང་ཉམས་ལེན་ལ་ཡིད་སྤྲོ་བའི་དགོས་པ་ཡོད་གསུངས། ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་ལ་བརྟེན་ནས་སེམས་སྦྱང་བ་ནི། འཁོར་བའི་ཉེས་པམཐའ་དག་ལས་འདས་པ་ནི་སངས་རྒྱས་ཡིན་ཏེ། སྐུ་མཚན་དང་དཔེ་བྱད་དུ་མས་བརྒྱནཅིང་གསུང་ཆོས་ཀྱི་འཁོར་ལོ་བསྐོར་བ། ཐུགས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ལས་ནམཡང་གཡོ་བ་མི་མངའ་བ་སོགས་མ་འདྲེས་པའི་ཡོན་ཏན་བཅོ་བརྒྱད་ཀྱི་བདག་ཉིད་དེ། སྐུའིསྤྱོད་པ་འཁྲུལ་པ་མི་མངའ་བ་དང་། གསུང་ཅ་ཅོ་མི་མངའ་བ་དང་། འདས་པའི་དོན་བརྗེདཔའི་དྲན་པ་ཉམས་པ་མི་མངའ་བ་དང་། དུས་རྟག་ཏུ་མཉམ་པར་མ་བཞག་པའི་ཐུགས་མིམངའ་བ་དང་། འཁོར་འདས་ཀྱི་རང་བཞིན་སོ་སོར་འཛིན་པའི་འདུ་ཤེས་སྣ་ཚོགས་མི་མངའབ་དང་། གདུལ་བྱ་དུས་ལ་བབས་ཀྱང་སོ་སོར་མ་བརྟགས་པའི་སྒོ་ནས་ཡལ་བར་འདོརབའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག འགྲོ་དོན་རྒྱུན་ཆད་མེད་པརམཛད་པར་བཞེད་པའི་འདུན་པ། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས། ཆོས་ཐམས་ཅདཇི་ལྟ་བ་བཞིན་གཟིགས་པའི་དྲན་པ། ཆོས་རྣམ་པར་འབྱེད་པའི་ཤེས་རབ་སྒྲིབ་པ་མཐའདག་བྲལ་བའི་རྣམ་གྲོལ། ཆོས་ཐམས་ཅད་ལ་དབང་འབྱོར་བ་ཡེ་ཤེས་ཀྱི་གཟིགས་པསཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བ་སྟེ་རྟོགས་པས་བསྡུས་པ་དྲུག སྐུའི་ཕྲིནལས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། དེ་གསུང་དང་ཐུགས་ལ་ཡངསྦྱར་བ་མཛད་པས་བསྡུས་པ་གསུམ། འདས་མ་འོངས་ད་ལྟར་གྱི་ཆོས་ཐམས་ཅད་ལ་མ་

p. 162

ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་མཁྱེན་པས་བསྡུས་པ་གསུམ་སྟེ་བཅོ་བརྒྱད་ཡིན་ཏེ། རྒྱུད་བླ་མར། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །ཤེས་བཞིན་དྲན་པ་ཉམསམི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་འགྲུས་དྲན་པ་དང་། །ཤེས་རབརྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོནའགྲོ་དང་། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དང་གཞན། །རྟོགསཔའི་མ་འདྲེས་ཡོན་ཏན་ཡིན། །ཞེས་གསུངས་ཤིང་། དེ་ནི་ལྷ་དང་བཅས་པའི་འགྲོ་བ་རྣམསཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་པ་ཡིན་པས། རྣམ་ཐར་གྱི་རྗེས་སུ་ཞུགསཏེ། ཚེ་འདིའི་བྱ་བ་བློས་བཏང་ནས་དབེན་པའི་གནས་སུ་སྙིང་སྟོབས་ཆེན་པོས་སྒྲུབ་པ་ཁོན་ལ་ནན་ཏན་སྙིང་པོར་དྲིལ་དགོས་པ་འདུག་ཨཾ་སྙམ་དུ་བསམ་མོ། །ཟབ་མོའི་ལམ་མསྒོམ་ན་སངས་རྒྱས་ཀྱི་གོ་འཕང་མི་ཐོབ། སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཀྱང་དཀའ་བ་དཔགམེད་སྤྱད། ཟབ་མོའི་ལམ་ལ་ནན་ཏན་མཛད་པས་གྲོལ་བ་ཡིན་ནོ། །རང་ཡང་ཚུལ་དེ་ལརྩེ་གཅིག་ཏུ་འབད་དགོས་སྙམ་ཞེ་ཐག་པ་ནས་རྒྱུད་ལ་སྐྱེས་པ་ནི་འབྱོངས་པའི་ཚད་དོ། །དེ་ནི་སྒོམ་ལ་སྲན་ཚུགས་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །དྲུག་པ་བླ་མའི་མན་ངག་ལ་བརྟེན་ནས་སེམས་སྦྱངས་པ་ནི། ཐོག་མ་མེད་པ་ནསབསགས་པའི་སྡིག་སྒྲིབ་འདག་དཀའ་བ་ལོ་ཟླ་ཙམ་གྱིས་སྦྱོངས་ནུས་པ་དང་། རྒྱལ་བའི་ཡོནཏན་བདེ་བླག་ཏུ་སྐྱེ་ནུས་པ་བླ་མའི་བྱིན་རླབས་ལ་རག་ལས་པར་འདུག དེས་ན་འཁོར་བསྡུག་བསྔལ་སྐྱེ་འཇིགས་ཀྱི་ཚོགས་ལས་ཐར་པའི་གླིང་དུ་བགྲོད་པར་བྱེད་པ་ནི་བླ་མ་དངགདམས་ངག་ལ་བརྟེན་དགོས་ཏེ། ཀུན་མཁྱེན་ཆེན་པོས། འཁོར་བའི་རྒྱ་མཚོ་གཏིང་མཐའམེད་པ་ལས་སྒྲོལ་བའི་དེད་དཔོན་བླ་མ་ཡིན་ལ། སྒྲོལ་བའི་ཐབས་ཀྱི་གྲུ་ཆེན་ནི་གདམསངག་ཡིན་པས་ཇི་སྐད་གསུངས་པ་བཞིན་ཉམས་སུ་བླང་དགོས། ཞེས་གསུངས་པས། བླམ་སྨན་པའི་རྒྱལ་པོ་བརྩེ་བ་ཆེན་པོ་དང་ལྡན་པ་ལས། གདམས་ངག་སྨན་གྱི་བདུད་རྩི་མྱང་

p. 163

སྟེ་སྒོ་གསུམ་དོན་མེད་འཁྲུལ་པའི་ལས་ལ་མ་ཡེངས་པར་ཉིན་མཚན་ཀུན་ཏུ་སྒྲུབ་པ་ཁོ་ནལ་བརྩོན་པ་བསྐྱེད་ལ་ཉམས་སུ་ལེན་པ་གལ་ཆེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའཐམས་ཅད་ཀྱི་གཤེགས་ཤུལ་འདི་འདྲ་དང་མཇལ་དུས་ཚེ་འདིའི་བདེ་སྐྱིད་རྨི་ལམ་ལྟ་བུ་ལཆགས་པས་ཅི་ཞིག་བྱ་སྙམ་དུ་ཡང་ཡང་བསམ་མོ། །བླ་མའི་གདམས་པ་ཁོ་ན་ཉམས་སུལེན་པ་ལས་གཞན་ཅིས་ཀྱང་དགོས་པ་མི་འདུག་སྙམ་པ་རྒྱུད་ལ་སྐྱེས་པ་ནི་འབྱོངས་པའིཚད་དོ། །དགོས་པ་ནི། འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པའོ། །བདུན་པ་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི་དེ་ཡང་། རྣམ་རྟོག་མརིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པས་སྔོན་ཆད་མརིག་པའི་རྣམ་པར་རྟོག་པས་ཁམས་གསུམ་འཁོར་བའི་གནས་སུ་ཡང་ནས་ཡང་དུ་འཁོརཞིང་འཁྱམས་པས་སྡུག་བསྔལ་བར་གྱུར་ལ། ད་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཞིགབྱ་སྙམ་པའི་སྒོ་ནས་སྦྱོང་བ་སྟེ། དེ་ཡང་འདིར་ནི་ཀུན་མཁྱེན་ཆེན་པོའི་དགོངས་པ་ལྟརགསུམ་དུ་དབྱེ་སྟེ། བདེ་སྟོང་རྣམ་པར་མི་རྟོག་པ། གསལ་སྟོང་རྣམ་པར་མི་རྟོག་པ། ཆོསཉིད་རྣམ་པར་མི་རྟོག་པ། དང་པོ་ནི། ལུས་གནད་ཆོས་བདུན་བཅས་ལ། རང་ལུས་སྟོངཆེན་སྒྲིབ་ཐོག་དང་བྲལ་བའི་དབུས་སུ་རྩ་དབུ་མ་མདའ་སྙུག་འབྲིང་པོ་ཙམ་ཕྱི་དཀར་ལནང་དམར་བ། དང ས་གསལ་སྦུབ་སྟོང་གི་ཡར་སྣ་ཚངས་བུག་དང་། མར་སྣ་ལྟེ་འོག་སོརབཞིའི་ཐད་དུ་དྲངས་ཐལ་ལེ་གནས་པར་བསམ། དེ་ལྟར་གསལ་བའི་ཡར་སྣེར་ཐབས་ཀྱིརང་བཞིན་ཧཾ་དཀར་པོ་མགོ་ཐུར་བསྟ ན་བདེ་བའི་རང་བཞིན་འཛག་ལ་ཁད་པ། མར་སྣརཤེས་རབ་ཀྱི་རང་བཞིན་ཨ་ཡིག་དམར་པོ་མགོ་གྱེན་བསྟ ན་འབར་ལ་ཁད་པ་ཞིག་གསལབཏབ་དེ་ལྟར་གསལ་བར་གྱུར་པ་དང་རླུང་རོ་གསུམ་ཕྲུགས་སུ་བསལ། དེ་ནས་སྟེང་རླུངནར་གྱིས་རྔུབས་རྗེས་འོག་རླུང་བསྐུམ་པས་ཨ་ལ་གཏུམ་མོའི་ཆོས་བཞི་ལྡན་དུ་འབར་བདབུ་མའི་ཁོང་སེང་དུ་ཡར་ཁྱུག་གེ་སོང་སྤྱི་བོའ་ཧཾ་ལ་རེག་པས་བྱང་སེམས་བདེ་བའི་རྒྱུནསྐྱ་ཤར་གྱིས་བབས་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་ལྟེ་བའི་ཨ་ཡིག་ལས་མེ་ཆེར་འབར།

p. 164

ཟླ་བ་བདུད་རྩི་ཞུ་བའི་དངས་མས་དབུ་མ་དང་། ལུས་ནང་འཁོར་ལོ་བཞི་སོགས་གང་བསབདེ་དྲོད་ཀྱི་ཡེ་ཤེས་སྐྱེས་པར་བསམ་ཞིང་། ཨ་ཧཾ་ལ་ཤེས་པ་མི་གཏོད་པར་སྙིང་གར་ཨཡིག་དཀར་པོ་གསལ་ཞིང་འཚེར་བ་ཞིག་ལ་སེམས་བཟུང་སྟེ་བུམ་ཆེན་ཁ་སྦྱོར་དུ་འཆིང་། མི་ཐུབ་ན་རྔུབ་ཆུང་བྱས་ལ་གཞིལ་བར་བྱ། དེ་ནས་ཕྲ་ལ་རིངས་བའི་ཤུགས་ཀྱིས་ཕྱིར་འཕངངོ་། །དེ་ལྟར་བུམ་ཆེན་ཆེ་འབྲིང་ཆུང་གསུམ་གང་རུང་མ་འགྲུབ་ཀྱི་བར་འབད་ཅིང་། མགོམས་པར་རླུང་ཧ་ཅང་གི་དྲག་པ་མ་ཡིན་པར་འཇམ་ཞིང་རན་པར་བཟུང་བར་བྱ། དེ་ལྟརབསྒོམས་པས་བདེ་བས་ཐབས་བྱས་པའི་ཤེས་རབ་སྟོང་ཉིད་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གཉིས་པ་ནི། སྣ་བུག་གཉིས་ནས་རླུང་ཕྲ་ལ་རིང་བ་ཕྱིར་སེ ང་གིས་བསལ་ལ། ཚོགས་དྲུགགི་ཡུལ་སྣང་ཐམས་ཅད་ནམ་མཁའི་རང་བཞིན་དུ་སྔོ་མེར་གྱིས་ཞུ་བར་བསམ་པ་ལ་སེམསགཏད་དེ་རླུང་ཕྱིར་མནན། དེ་ནས་རླུང་ནར་གྱིས་རྔུབས་པས་སྣང་ཡུལ་ནམ་མཁའི་རངབཞིན་དུ་གྱུར་པ་དེ་ཉིད་སྣ་བུག་ནས་ཞུགས། ལྟེ་བར་སྔོ་མེར་གྱི་གནས་པར་བསམས་ལབུམ་ཅན་ཁ་སྦྱོར་དུ་འཆིང་དེ་ཡང་ལུས་ཚ་ཤས་ཆེ་ན་བསིལ་བའི་རང་བཞིན་དང་། གྲང་བཤས་ཆེ་ན་རེག་བྱ་ཚ་བའི་རང་བཞིན་དུ་བསྒོམ། དེ་ལྟ་བུའི་བུམ་ཅན་སྦྱོར་བ་བཞི་ལྡན་ལའབད་རྩོལ་ཆེན་པོས་བསྒོམ་པས་རླུང་ཡུན་རིང་བཀག་ཀྱང་ངལ་བ་མ་བྱུང་ན་གོམས་པའིརྟགས་སུ་གསུངས་ཤིང་། ནམ་དུས་དཔྱིད་དགུན། སྟོན་གྱི་དུས་ས་ཆུ་མེ་རླུང་གི་རླུང་སོ་སོརརྒྱུ་བ་ཡིན་པས། དེའི་གཉེན་པོར་རླུང་གི་ཁ་དོག་དང་རེག་བྱ་སྒོམ་ཚུལ་སོགས་བཤད་ཀྱངསྤྲོས་པ་ཙམ་ལས་ཕྱག་བཞེས་སུ་མི་མཛད་པར་མ་ཟད་ནམ་མཁའི་རླུང་ཀུན་གྱི་དུས་སུ་ཤིསཤིང་། རེག་བྱ་ཡང་གཉིས་པོ་དེར་འདུ་བ་ཡིན་པས་དེ་ལྟར་ཤེས་པར་བྱ་སྟེ། ཀུན་མཁྱེནཆེན་པོས། ནམ་མཁའི་རླུང་ཀུན་གྱི་དུས་སུ་ཤིས་ལ། རེག་བྱ་གཉིས་པོ་དེར་འདུས་པསཉམས་སུ་བླང་ཚེ་འདི་ཙམ་ཁོ་ནས་ཆོག་གོ ཞེས་གསུངས། དེ་ལྟར་བསྒོམ་པས་གསལ་བསཐབས་བྱས་པའི་སྟོང་ཉིད་རྣམ་པར་མི་རྟོག་པ་རྒྱུད་ལ་སྐྱེ་བའོ། །གསུམ་པ་ནི། ལུས་གནདསྔར་ལྟར་ལས། ངག་གནད་རླུང་རང་བབས་སུ་བཞག སེམས་གནད་དུས་གསུམ་གྱི་རྣམ་

p. 165

པར་རྟོག་པ་གང་ཡང་མི་མནོ་མི་སེམས་བཅའ་བཅོས་མི་བྱ་བར་རང་བབས་ཟོལ་མེད་དུའབོལ་ལེ། །ཡེངས་མེད་དུ་ཧྲིག་གེ་འཇོག་གོ །དེ་ལྟར་བཞག་པས་སེམས་གར་གཏད་ལཟིན་ཅིང་། རྟོག་མེད་རང་གསལ་ནམ་མཁའ་ལྟ་བུའི་ངང་དུ་གནས་པ་ནི་གོམ་པའི་ཚད་དོ། །དེས་ནི་བྱང་ཆུབ་ཀྱི་སེམས་གོང་འཕེལ་དུ་གྱུར་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །དེས་སེམས་སྦྱངས་བདུན་གྱི་ཁྲིད་ཀྱི་རིམ་པ་དེ་སོང་ནས། གཉིས་པ་སྔོན་འགྲོ་ཚོགསབསགས་ཀྱི་ཁྲིད་ལ། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་སྐྱབས་འགྲོའི་ཁྲིད། ཐེགཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད། སྡིག་སྒྲིབ་སྦྱང་བའི་སྙིང་པོ་རྡོ་རྗེ་སེམས་དཔའི་སྒོམབཟླས་ཀྱི་ཁྲིད། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུར་དུ་འཇུགཔ་བླ་མའི་རྣལ་འབྱོར་ཁྲིད་དང་ལྔ་ལས། དང་པོ་སྐྱབས་འགྲོ་ནི། དེ་ཡང་རང་ཅག་རྣམསམི་དགེ་བཅུ་སྤང་གི་ཚུལ་ཁྲིམས་སོགས་དགེ་བའི་ལས་ཀྱིས་རེ་ཞིག་བདེ་འགྲོའི་གནས་སུསྐྱེས་ཀྱང་སྡུག་བསྔལ་སྤང་པའི་ཐར་པ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ན་སྔར་བྱས་ཀྱི་དགེབའི་འཕེན་པ་ཟད་ནས་སླར་ཡང་ངན་སོང་དུ་ལྟུང་སྟེ། ཡུན་རིང་ལ་དོས་དྲག་པའི་སྡུག་བསྔལམི་བཟོད་པ་སྣ་ཚོགས་མྱང་དགོས་པ་འདུག དེ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད། དེ་ཡང་རང་ལ་དངོས་སུ་སྣང་བའི་སངསརྒྱས་ནི་བླ་མ་དམ་པ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེརམེད་པའི་ཕྱིར། སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་དང་རམཟླ་ཞུ་སྙམ་ལུས་སེམས་རྣལ་དུ་ཕབ། རང་གནས་པའི་ས་ཕྱོགས་དེ་ཉིད་རིན་པོ་ཆེ་སྣ་ཚོགསལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོཡལ་ག་ལོ་འདབ་རབ་ཏུ་རྒྱས་པས་ནམ་མཁའི་ཁམས་ཀུན་ཡོངས་སུ་ཁྱབ་པའི་དབུས་ཀྱིཡལ་གའི་སྙིང་པོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདནམཐོ་ཞིང་ཡངས་པའི་སྟེང་དུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད་རྣམ་པ་དཔལ་ཀུན་ཏུ་བཟངཔོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་སྐུ་མདོག་མཐིང་ག་གསལ་ཞིང་འཚེར་བའི་འོད་

p. 166

ཟེར་འཕྲོ་བ་དར་དང་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་སྤྲས་པ། ཕྱག་གཉིསམཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེའིལང་ཚོ་རབ་ཏུ་རྫོགས་པའི་སྐུ་ཅན་དུ་གསལ་བའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམསཀྱིས་བསྐོར་བ། ཕྱོགས་བཞིར་གྱེས་པའི་ཡལ་ག་རྣམས་ལ་གདན་གྱི་བཀོད་པ་མཐོ་ཞིང་ཡངསཔ་རེ་རེ་གསལ་བར་གྱུར་པའི་མདུན་མ་ལ་ཁྱད་པར་གྱི་སངས་རྒྱས་དཔལ་རྡོ་རྗེ་སེམས་དཔའལ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་གདན་ལ་ཐུན་མོང་གི་སངསརྒྱས་སྟོན་པ་ཐུབ་པའི་དབང་པོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལསྐུ་རྣམས་ཀྱིས་བསྐོར་བ། རྒྱབ་ཀྱི་གདན་ལ་ལུང་རྟོགས་ཀྱི་དམ་ཆོས་དཀོན་མཆོག་རྣམསགླེགས་བམ་བརྩེགས་པའི་ཚུལ་དུ་བཞུགས་པ། གཡོན་གྱི་གདན་ལ་སྤྱན་རས་གཟིགསདང་འཇམ་དཔལ་ཕྱག་རྡོར་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། འཕགས་པཤཱ་རིའི་བུ་དང་མོ་གལ་གྱི་བུ་སོགས་ཉན་ཐོས་ཀྱི་དགེ་འདུན་ཏེ། དགེ་འདུན་དཀོན་མཆོགརྣམས་བཞུགས་པ་དེ་དག་གི་བར་མཚམས་རྣམས་སུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་སྤྲིན་ཕུང་གཏིབ་པ་བཞིན་དུ་བཞུགསཔར་བསམ་མོ། །དེ་དག་ནི་སྐྱབས་སུ་འགྲོ་བའི་ཡུལ་ཡིན་ལ། དེ་ཡང་རང་རེ་རྣམས་སྡུགབསྔལ་ནི་ནོར་ཡོད་དང་དབང་ཡོད། འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་ལ་སོགས་པ་གང་གིསཀྱང་སྐྱོབ་པར་མི་ནུས་ཏེ། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་འདི་ཇི་ལྟར་བཟང་ཡངབསླུ། །སྐྱབས་གནས་དཀོན་མཆོག་གསུམ་གྱིས་བསླུ་བ་མེད། །ཅེས་དང་། གྲུབ་ཆེན་མེལོང་གིས་ཀྱང་། འགྲན་ཟླ་མེད་པའི་དཀོན་མཆོག་ལ། གློ་སྙིང་བྲང་གསུམ་རྒྱུན་དུ་ཁོལ། བསླུ་མེད་ཅི་བསམ་འགྲུབ་ནས་འཆི། ཞེས་གསུངས། དེས་ན་སངས་རྒྱས་ལ་སྐྱབས། ཆོསལ་ལམ། དགེ་འདུན་ལ་གྲོགས་ཞུ་སྙམ་དུ་བསམ་མོ། །སྐྱབས་སུ་འགྲོ་བ་པོ་ནི། རང་དངསེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་བཞིན་འཁོད་པར་བསམས་ལ། ལུས་ངག་ཡིདགསུམ་གུས་པ་ཆེན་པོ་དང་ལྡན་པས། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་

p. 167

འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ད་ལྟ་ཉིད་དུ་དྲང་དུ་གསོལ་སྙམ་པའི་སྒོ་ནསངག་ཏུ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །ཞེས་སོགས་ཀྱི་ངག་འདོན་སྙིངཐག་པ་ནས་འུར་དིར་དིར་བྱེད་པར་བསམས་ལ་ཇི་ཙམ་ནུས་ནུས་སུ་འདོན་ཞིང་། ཐུན་བསྡུབའི་ཚེ་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་རང་དང་སེམས་ཅན་ཐམས་ཅད་ལཕོག་པས་སྡིག་སྒྲིབ་སྦྱངས། དག་པའི་ཞིང་དུ་འུར་གྱིས་སོང་། བརྒྱུད་པའི་བླ་མ་དཀོན་མཆོགགསུམ་སོགས་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་རྩ་བའི་བླ་མའི་སྐུ་ལ་བསྡུས། རྩ་བའིབླ་མ་ཡང་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་སྙིང་གར་སིབ་ཀྱི་ཐིམ་པར་བསམས་ལ་སྐྱབས་སུའགྲོ་བ་འགྲོ་བྱེད་མི་དམིགས་པའི་ངང་དུ་ཅི་ནུས་མཉམ་པར་བཞག ནུབ་མོ་ཉལ་བའི་ཚེཚོགས་ཞིང་མ་བསྡུས་པར་དེ་ལ་སྔས་ཕྱོགས་པས་མོས་གུས་དུང་ངེ་བའི་ངང་ལ་གཉིད་དུའགྲོ་བར་བྱ་ཞིང་། ཐུན་མཚམས་རྣམས་སུའང་ཚོགས་ཞིང་གསལ་བཏབ་ལ་ཕྱག་མཆོདསོགས་ལ་འབད་པ་གལ་ཆེའོ། །ཞར་བྱུང་སྐྱབས་འགྲོའི་དགོས་པ་ནི། བི་མ་ལས། འཇིགསདང་ཡོན་ཏན་དྲན་པས་འགྲོ། ཞེས་གསུངས་པས། རང་ཕ་རོལ་གྱི་འཇིགས་པས་སྐྲག་པན་གཞན་ལ་སྐྱབས་ངེས་པར་འཚོལ་དགོས་ཏེ། དེ་ཡང་ཇི་འདྲ་ཞིག་སྙམ་ན། གང་ཟག་གིབློའི་རིམ་པས་གསུམ་སྟེ། བློ་ཤིན་ཏུ་ཆུང་བ་རྣམས་ངན་འགྲོའི་སྡུག་བསྔལ་ལ་འཇིགསནས་མཐོ་རིས་ཀྱི་བདེ་འབྲས་ལ་སྨོན་པ་དཔེར་ན་ལམ་ངན་པ་ལ་གྲོགས་གཞན་འཚོལ་བལྟ་བུ་དང་། དབང་འབྲིང་རྣམས་འཁོར་བ་ལ་འཇིགས་ནས་རང་ཉིད་ཞི་བདེ་དོན་གཉེརགྱི་བློ་ཅན་ཉན་རང་གི་རིགས་དང་། བློ་དཀྱེ ལ་ཆེ་བ་རྣམས་སྲིད་ཞིའི་འཇིགས་པས་ཉེནནས་མི་གནས་པའི་མྱང་འདས་ཐོབ་འདོད་ཀྱི་བློས་འགྲོ་བ་སྟེ་སྙིང་རྗེ་གཙོ་ཆེ་བས་ཐེག་ཆེནགྱི་རིགས་ཅན་དུ་བཞེད་དོ། །ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོརབའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མ་ཞེས། །སྲིད་པའི་ལས་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་པ་ཉིད། །གང་ཞིག་རངཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །

p. 168

གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེནི་མཆོག་ཡིན་ནོ། །ཞེས་སོ། །སྐྱབས་འགྲོའི་ཡུལ་དམན་མཆོག་གཉིས་ལས། དམན་པནི། སེམས་མེད་རི་དང་ལྗོན་ཤིང་མཁར་རྫོང་ལ་སོགས་དང་། ཤེས་ལྡན་ལྷ་མཐུ་བོ་ཆེསོགས་མི་མ་ཡིན་པ་དང་། རྒྱལ་བློན་ཁེངས་དྲེགས་ཅན་སོགས་མིའི་འགྲོ་བ་རྣམས་ཡིན་ཏེ། མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་དག་ལ་བརྟེནནས་ནི། །འཇིགས་པ་ཀུན་ལས་ཐར་མི་འགྱུར། །ཞེས་གསུངས། མཆོག་གི་སྐྱབས་ནི། དཀོནམཆོག་རིན་པོ་ཆེ་རྣམ་པ་གསུམ་སྟེ། དེས་ནི་གནས་སྐབས་འཁོར་བའི་སྡུག་བསྔལ་མཐའདག་ལས་སྐྱོབས་ཅིང་མཐར་ཐུག་ངེས་ལེགས་ཀྱི་ལམ་ལ་འགོད་པར་ནུས་པས་བསླུ་བ་མེདཔའི་སྐྱབས་སུ་འདོད་དེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱསདགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ།། ཞེས་པས་སངས་རྒྱས་དཀོན་མཆོག་ནི། སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་དུབཞེད། ཆོས་ནི་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུངདང་རྟོགས་པའི་བདག་ཉིད་དོ། །ཞེས་པས་རྟོགས་པའི་དམ་ཆོས་ངོ་བོ་བསམ་བརྗོད་དངབྲལ་བ། རྣམ་པ་འགོག་བདེན་དང་། སངས་རྒྱས་ཀྱི་སར་བགྲོད་བྱའི་ལམ་དང་། ལུང་གིདམ་ཆོས་ནི། སྔ་མ་བརྗོད་བྱར་སྟོན་པའི་རྣམ་དཀར་གྱི་ལེགས་བཤད་མིང་ཚིག་བརྡ་རྟགསཀྱི་རྣམ་པ་གླེགས་བམ་གྱི་བདག་ཉིད་ཅན་རྣམས་སོ། །དགེ་འདུན་ནི་ས་ཆེན་པོ་ལ་བཞུགསཔའི་བྱང་འཕགས་དེ་དང་རྗེས་མཐུན་ཙམ་དུ་ཐེག་ཆེན་ཚོགས་སྦྱོར་གྱི་ལམ་ཞུགས། ཐེགའདྲ་ཐེག་དམན་ཡང་ཆ་མཐུན་པར་འཇོག སྔགས་ལ་ཁྱད་པར་གྱི་དགེ་འདུན་ཆོས་སྐྱོང་ཡེཤེས་ཀྱི་སྤྱན་ལྡན་རྣམས་ལ་འདོད་པའོ། །ཕན་ཡོན་ནི། བི་མ་ལའི་ཡན་ལག་དྲུག་པར། མུསྟེགས་སྤྱོད་ལས་ལོག་པ་ཡིས། །གསུམ་དུ་མི་སྐྱེ་རྟེན་དུ་འགྱུར། །བར་ཆད་མེད་ཅིང་ནདཉུང་རིགས། །འབྱང་ཞིང་བསགས་པའི་ཕན་ཡོན་ནོ། །ཞེས་པས། ཕྱི་པའི་གྲུབ་མཐའ་ལས་

p. 169

ལོག་སྟེ་ནང་པའི་གྲལ་དུ་ཚུད་པ། ཁྱད་པར་ངན་སོང་གི་གནས་སུ་མི་ལྟུང་ཞིང་སྡོམ་པ་ཐམསཅད་ཀྱི་རྟེན་དུ་འགྱུར་བ། མི་མ་ཡིན་པ་སོགས་ཀྱི་བར་ཆད་གང་གིས་ཀྱང་མི་ཚུགས་པ། གནས་སྐབས་ནད་ཉུང་ཞིང་ཚེ་རིང་བ་སོགས་དང་། སྔར་བགྱིས་པའི་སྒྲིབ་པ་འབྱང་ཞིངཚོགས་གཉིས་རྫོགས་པ་སོགས་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས་ཏེ། སྐྱབས་འགྲོ་བདུནཅུ་པར། དགེ་བསྙེན་གསུམ་ལ་སྐྱབས་སོང་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་དང་། མྱང་འདས་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང་། །བསོད་ནམས་ཡེ་ཤེས་དམ་པའིཚོགས། །འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བས། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་ནི། མགོན་པོ་བྱམས་པས། སེམསབསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད། ཅེས་དང་ཞི་བ་ལྷས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམསཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅསཔས་ཕྱག་བྱར་འགྱུར། །ཞེས་གསུངས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་པ་སྟེ། དེཡང་ཕྱོགས་བཅུའི་ནམ་མཁའ་ལ་ཇི་ལྟར་གཞལ་ཡང་མཐའ་དང་དབུས་མེད་པ་ལྟར་འཇིགརྟེན་གྱི་ཁམས་ལ་ཡང་ཚད་མེད། དེ་ཐམས་ཅད་འགྲོ་བ་རིགས་དྲུག་གིས་གོ་མཚམས་མེདཔར་ཁྱབ་འདུག འདི་རྣམས་རེ་རེ་ནས་རང་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་ཅིང་ལནགྲངས་ཀྱང་དཔག་མེད་སོང་། འདི་རྣམས་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་ཕན་ཚད་མེདཔ་བཏགས་གནོད་པ་ཐམས་ཅད་ལས་བ སྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་ཏེ། དེ་ཡང་བྱསཔ་ཤེས་ཤིང་དྲིན་དྲན་དགོས་པ་ཡིན་པས་ཚེ་འདིའི་ཕ་མའི་དྲིན་ལེགས་པར་བསམ་ཏེ། འདིལྟ་བུ་ཚེ་རབས་ཀྱི་ཕ་མ་རྣམས་ཀྱི ས་སྐྱོངས་བ་ཡིན་ནའང་ཕན་ཚུལ་ངོ་མ་ཤེས་པ་ཡིན་པས། དེས་ན་དགྲ་གཉེན་གྱི་རིས་སུ་བཅད་ནས་ཉེ་རིང་དུ་སྤྱོད་པ་ག་ལ་འཐད། སེམས་ཅན་འདིརྣམས་འདོད་པ་བདེ་བ་འདོད་ཀྱང་རྨོངས་ཤིང་ཐབས་ལ་མི་མཁས་པའི་དབང་གིས་སྒྲུབ་

p. 170

པ་སྡུག་བསྔལ་ཁོ་ན་སྒྲུབ་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟབུ་འདི་སྙིང་རེ་རྗེ། རང་གི་སྔར་བྱས་ཀྱི་ཕ་མ་རྣམས་ངན་སོང་གི་གནས་ན་སྡུག་བསྔལ་གྱིམནར་ཞིང་ཉམས་ཐག་པར་འདུག་ནའང་རང་ལ་དེ་ལས་སྐྱབས་པའི་མཐུ་མི་འདུག་པསརང་གི་མ་ཆུས་ཁྱེར་བ་འདྲེན་པའི་ཐག་པ་འཚོལ་བ་ལྟར་རང་རེ་ད་རེས་ཐར་པའི་ལམ་སྣཟིན་དུས་འདིར་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱས་ནས། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་མ་ནུས་ན། བདག་ལསཁྲེལ་ཆེ་བ་སུ་ཞིག་ཡོད་སྙམ་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་ལྡན་པའི་ངང་ལས། བདགདང་མཐའ་ཡས་སེམས་ཅན་རྣམས། །ཞེས་སོགས་སེམས་བསྐྱེད་ཀྱི་ངག་འདོན་སེམས་རྒྱུདདང་ཅི་འདྲེས་ཅི་ཙམ་ནུས་ནུས་ཀྱི་བར་དུ་བཏོན་རྗེས་དབུགས་དབྱུང་འཇུག་དང་སྦྱར་བའིབདེ་སྡུག་གི་གཏོང་ལེན་བྱ། དེ་ནས་སེམས་བསྐྱེད་བྱ་སྐྱེད་བྱེད་མི་དམིགས་སྤྲོས་པ་དང་བྲལབའི་ངང་དུ་ཅུང་ཟད་མཉམ་པར་བཞག་ཅིང་མཐར་དགེ་བ་བསྔོ། དེ་ཡང་སེམས་ཅན་ཐམསཅད་བླ་ན་མེད་པའི་གོ་འཕང་ལ་བཀོད་པའི་བསམ་པ་བཟང་པོ་དང་ལྡན་པ་སྨོན་སེམས་དངདེ་ལྟར་སྨོན་པ་ཙམ་དུ་མ་བཞག་པར་དེ་སྒྲུབ་པའི་ཐབས་ལག་ལེན་དུ་ཐེབས་པ་ནི་འཇུགཔ་སེམས་བསྐྱེད་དེ། ཞི་བ་ལྷས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པལྟར། །དེ་བཞིན་མཁས་པས་དེ་གཉིས་ཀྱི། །བྱེ་བྲག་རིམ་གྱིས་ཤེས་པར་བྱ། །ཞེས་གསུངསསོ། །གསུམ་པ་སྡིག་སྒྲིབ་སྦྱོང་བའི་སྙིང་པོ་རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ནི། རང་གིསྤྱི་བོར་པད་ཟླའི་སྟེང་དུ་ཨ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པལས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡསགསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུརབརྟེ ན་པས་ཡུམ་ལ་འཁྱུད་པ། ཞབས་སེམས་སྐྱིལ་གྱིས་བཞུགས་ཤིང་ཡུམ་སྙེམས་མ་དཀརམོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན།

p. 171

ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེའི་མཐའ་བསྐོརདུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོ་འོད་ཟེར་ཁྲོམ་ཁྲོམ་འཕྲོ་བས་གཡས་སུ་འཁོར་བགསལ་བཏབ། དེ་ལྟར་གསལ་བ་ན་སྟོབས་བཞི་དྲན་བཞིན་པས་ཡིག་བརྒྱ་གསོལ་འདེབསཀྱི་ཚུལ་དུ་བརྒྱ་སྟོང་སོགས་ཅི་ནུས་བཟླས་པས། སྔགས་ཕྲེང་རྣམས་ལས་བདུད་རྩིའི་རྒྱུནསྐྱ་ཆིལ་གྱིས་བབས་པས་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་ཐོན་རང་གི་ཚངས་བུགཏུ་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་དང་སྲོག་ཆགས་ཕྲ་མོལ་སོགས་པའི་རྣམ་པར་བ་སྤུའི་ཁུང་བུ་དང་བཤང་ལམ་ཆུ་ལམ་སོགས་ནས་ཕུ་ཆུ་དྲག་པོསཐལ་བ་དེད་པ་ལྟར་ཐོན་པར་བསམ་ཞིང་། དེ་ཡང་སློབ་དཔོན་ཆེན་པོས། གཞན་དུ་ཡེངསཔར་གྱུར་ན་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་པས་དམིགསཔ་གཅུན་ལ་མ་ཡེངས་པར་བཟླ། མཐར་ལུས་ཤེལ་གོང་དྲི་མ་མེད་པ་ལྟར་གྱུར་པའི་ནངབདུད་རྩིའི་རྒྱུན་གྱིས་མེར་ཁྲིག་གིས་གང་བར་གྱུར་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལསཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། མཐར་མོས་གུས་གདུང་ཤུགས་དྲག་པོས། མགོནཔོ་བདག་ནི་མི་ཤེས་སོགས་ཀྱིས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་སེམས་དཔའི་ཞལ་ནསསྡིག་སྒྲིབ་དག་པའི་གནང་བ་བྱིན་པར་བསམ་ཞིང་། ལུང་ལས། དྲང་པོར་འདུག་ལ་དྲངཔོར་ལྟོས། །འདི་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་གསུངས་པས་བླ་མ་རྡོ་རྗེ་སེམསདཔའ་འོད་དུ་ཞུ་བ་རང་སེམས་དང་དབྱེར་མེད་བཤགས་བྱ་བཤགས་བྱེད་མི་དམིགས་པའིངང་ལ་ཡུན་ཇི་སྲིད་གནས་ཀྱི་བར་མཉམ་བཞག་བྱས་རྗེས་དགེ་བ་བསྔོ། ཚུལ་དེ་ལྟ་བུསསྡིག་སྒྲིབ་དག་པའི་རྟགས་མ་མཐོང་གི་བར་དུ་འབད་པར་བྱ་ཞིང་། སྤྲོ་ན་ཡིག་བརྒྱའི་ཕནཡོན་སོགས་ཀྱང་བཤད་པར་བྱའོ། །བཞི་པ་ཚོགས་གཉིས་རྫོགས་པའི་ཐབས་མཎྜལ་གྱི་ཁྲིད་ནི། ཚོགས་ཞིང་སྐྱབས་ཡུལགསལ་བཏབ་ལ། རིན་ཆེན་སོགས་ཀྱི་མཎྜལ་དང་འབྲུ་བཟང་པོ་གཙང་མ། བ་བྱུང་སོགསའདུ་བྱས་ལ། རང་དང་སེམས་ཅན་ཐམས་ཅད་ལྷན་ཅིག་འཁོད་པར་མོས་ནས་ལུས་ཀྱི་ལས་

p. 172

སུ་ཚོམ་བུ་འགོད་པ་ངག་གི་ལས་སུ་འབུལ་ཚིག་རྣམས་འུར་དིར་གྱིས་འདོན། ཡིད་ཀྱི་ཚིགཕྱིར་མ་ཡེངས་པར་བྱ་བ་རྣམས་གསུམ་ཕྲུགས་སུ་བྱ་ཞིང་། དེ་ལ་སྤྲུལ་སྐུའི་མཎྜལ་ནི། མཎྜལགྱི་གཞི་མ་ལེགས་པར་ཕྱིས་ལ། བ་བྱུང་དང་དྲི་བཟང་གི་ཆུས་བྱུག མེ་ཏོག་གི་ཚོམ་བུ་སོབདུན་བཀོད་དེ། དེ་ཡང་དབུས་སུ་རི་རབ། ཤར་སོགས་ཕྱོགས་བཞིར་ལུས་འཕགས་སོགསགླིང་བཞི། གཡས་གཡོན་དུ་སོ་སོའ་གླིང་གཡོག་དང་བཅས་པ། ནང་ཁང་ཕྱོགས་བཞིརརིན་པོ་ཆེའི་རི་བོ་སོགས་འདོད་ཡོན་བཞི། དེའི་ཕྱིའི་ཕྱོགས་དང་མཚམས་རྣམས་སུ་འཁོརལོ་སོགས་རྒྱལ་སྲིད་བདུན་དང་གཏེར་གྱི་བུམ་པ། དེའི་ཕྱི་ཕྱོགས་མཚམས་བརྒྱད་དུ་སྒེགསོགས་ལྷ་མོ་བརྒྱད། གཞན་ཡང་ཉི་མ་ཟླ་བ། གདུགས་དང་རྒྱལ་མཚན་སོགས་སྣོད་བཅུདཀྱི་བཀོད་པ་ལྷ་མིའི་འབྱོར་ཚོགས་རང་གི་བློས་ཇི་ཙམ་འཁྱུད་ཚད་དུ་སྤྲུལ་ནས་འབུལ་ཏེ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །ཞེས་སོགས་ཇི་ལྟར་ནུས་ནུས་སུ་ཚོམ་བུ་གསོཞིང་འབུལ་ལོ། །ལོངས་སྐུའི་མཎྜལ་ནི། ཚོམ་བུ་དགུའམ་བདུན་བཀོད་དེ། འོག་མིན་རྣམདག་སྟུག་པོ་བཀོད་པའི་གཞལ་ཡས ཚར་དུ་དངར་བའི་བཀོད་པས་མཛེས་པར་བརྒྱནཅིང་ཡིད་དུ་འོང་བའི་ལྷ་མོ་མཆོད་རྫས་སྣ་ཚོགས་ཐོགས་པས་གང་བར་དམིགས་ཏེ། འོགམིན་བདེ་ཆེན་རིན་ཆེན་གཞས་ཡས། །སོགས་ཀྱིས་སྔར་ལྟར་འབུལ་ལོ། །ཆོས་སྐུའི་མཎྜལནི། ཚོམ་བུ་ལྔའམ་གཅིག་བཀོད་ལ། ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཞིངཁམས་ཆེན་པོར། རིག་པ་སྐུ་དང་ཐིག་ལེ་ཐིག་ཕྲན་གྱི་རྣམ་པར་འབྱམས་ཀླས་པར་དམིགསཏེ། འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སོགས་ཀྱིས་འབུལ། མཐར་མཎྜལའབུལ་ཡུལ་མཆོད་རྫས་དང་བཅས་པ་ཧཱུྃ་སྔོན་པོའི་རྣམ་པར་བསྡུས། དེ་ཡང་རང་ལ་ཐིམཔར་བསམ་ཞིང་ཅུང་ཟད་མཉམ་པར་བཞག སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་དུརྫོགས་པར་གྱུར་ཅིག་སྙམ་པས་བསྔོ་བ་བྱའོ། །ལྔ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། དེ་ཡང་ཟབ་མོའལམ་གྱི་གཙོ་བོར་གྱུར་པ་ནི་བླ་མའི་རྣལ་འབྱོར་སྒོམ་པ་ལ་འབད་པ་ཉིད་ཡིན་ཏེ། དགྱེས་

p. 173

པ་རྡོ་རྗེའི་རྒྱུད་ལས། གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟ ན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། ཞེས་དང་། ཀླུ་སྒྲུབ་ཀྱིས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བརའགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བརའགྱུར། །ཞེས་གསུངས་ཤིང་། བླ་མ་ནི་དུས་གསུམ་སངས་རྒྱས་འདུས་པའི་བདག་ཉིད་ཅནདུ་བཞུགས་པ་ཡིན་ཏེ་འཇམ་དཔལ་ཞལ་ལུང་ལས། འདི་ཡི་དོན་ལྷག་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་ཟད་བྱེད་དོ། །ཞེས་གསུངས་པས། དེ་ལ་གསོལ་བ་འདེབས་པའི་རྟེནགསལ་འདེབས་པ་ནི། རང་གནས་དག་པའི་ཞིང་ཁམས་རྣམ་པར་དག་པར་བསམས་ལ། རང་གི་སྤྱི་བོའ་ནམ་མཁར་ཡེ་ཤེས་ལྔའི་རང་མདངས་འཇའ་ཚོན་འོད་ལྔའི་གུར་ཁྱིམ་རབཏུ་འཁྲི གས་པའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་རྩ་བའི་བླ་མདང་གཉིས་སུ་མེད་པའི་སྟོན་པ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ནག་ཨིནྡྲ་ནི་ལའི་ལྷུན་པོལ་ཉི་མ་ཤར་བ་ལྟ་བུའི་གཟི་བྱིན་རབ་ཏུ་འབར་ཞིང་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་གྱི་ཆོས་གོས་ལྔ་དང་རིན་པོ་ཆེའིརྒྱན་བརྒྱད་ཀྱིས་མཛེས་པར་བརྒྱན་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེབྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཤིན་ཏུ་དངས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་ཁདོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་ལྷམ་མེརབཞུགས་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོགས་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱཕྲག་དུ་མ་མཉམ་པར་བཞག་པ། མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་དུ་གསལ་བའིསྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་། མཐའ་སྐོར་དུ་ཐེག་པ་ཆེ་ཆུང་གི་ཡི་དམ། སངསརྒྱས། དམ་ཆོས། དགེ་འདུན། མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམསཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པར་བསམ། དེ་ནས་རང་དང་སེམས་ཅན་

p. 174

ཐམས་ཅད་ས་ཆེན་པོའི་རྡུལ་ལྟར་འཁོད་པར་གྱུར་པ་ལ། ཐམས་ཅད་ལུས་གུས་པས་ཐལམོ་སྦྱར། ངག་གུས་པས་གསོལ་འདེབས་ཀྱི་ཚིག་དི་རི་རི་བརྗོད། ཡིད་གུས་པས་སྐྱིད་སྡུགལེགས་ཉེས་ཐམས་ཅད་ཁྱེད་མཁྱེན་སྙམ་པའི་བློ་གཏད་ལིང་གིས་འགེལ། དེ་ཡང་བླ་མ་ནིསྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་རང་བཞིན་དུ་བཞུགས་པར་མ་ཚདརང་ལ་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཞལ་མཇལ་ཞིང་གསུང་ཐོས་པའི་སྐལ་བ་མ་མཆིས་པའིདུས་འདིར། དེ་རྣམས་ཀྱི་མཛད་རྒྱུད་བླ་མ་དམ་པས་མཛད་པ་དང་། རང་རྒྱུད་ལ་སངས་རྒྱསདངོས་སུ་སྟོན་པའི་དེད་དཔོན་བླ་ན་མེད་པ་ཡིན་པའི་ཕྱིར་དུས་གསུམ་རྒྱལ་བ་ཀུན་ལསལྷག་ཅིང་བཀའ་དྲིན་ཆེ་སྙམ་པའི་བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ་དགོས་ཏེ། སློབ་དཔོནཆེན་པོས། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །ཞེས་དང་། ལྕེ་བཙུན་ཆེན་པོའི་མགུར་ལས། བླ་མ་ལ་གདུང་བ་སྐྱེས་ཙ་ན། །ཉམས་དངབྱིན་རླབས་སྐྱེ་བར་ངེས། །ཞེས་དང་། མདོ་ལས། དེ་བཞིན་གཤེགས་པ་ནི་སེམས་ཅནཐམས་ཅད་ལ་ཡོངས་སུ་སྣང་བའང་མ་ཡིན་ལ། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣངཞིང་ཆོས་སྟོན་པས་དེ་བཞིན་གཤེགས་པ་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངསཤིག ཅེས་གསུངས་པས་སྐྱོན་རྟོག་གི་བློ་ངན་སྤངས་ཏེ་ཡོན་ཏན་དང་བཀའ་དྲིན་དྲན་བཞིནཔས་གསོལ་འདེབས་ངག་འདོན་ནི། འཁོར་འདས་རང་དག་དངས་མ་ཐིག་ལེའི་དབུས། །ཞེས་སོགས་མོས་གུས་ཀྱི་རྟོག་པ་གོ ང་འཕེལ་དུ་མ་གྱུར་གྱི་བར་དུ་གསོལ་བ་འདེབས་ཤིང་། དེ་རྗེས་དབང་ལེན་པ་ནི། འཁོར་གྱི་ལྷ་ཚོགས་རྣམས་རྩ་བའི་བླ་མའི་སྐུ་ལ་ཐིམ་པས་བླ་མསྔར་བས་ཀྱང་གཟི་བྱིན་ཆེར་འབར་བའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་དཀར་དམར་མཐིང་གའོད་འབར་བས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུགྱུར་པར་མོས་ལ། བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དབང་བཞིའི་ཆུ་བོསརྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བསམ་སྟེ། བླ་མའི་གནས་གསུམགྱི་ཡི་གེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་

p. 175

པའི་དམིགས་གནད་དང་སྦྱར་ཏེ། གུ་རུའི་སྤྱི་བོའ་ཨཱོཾ་ལས་འོད་ཟེར་དཀར་པོ་འཕྲོས། །ཞེས་སོགས་ཀྱི་དབང་བཞི་བླངས་པས་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་བྱང་། དབང་བཞི་ཐོབ། སྐུ་བཞིའི་གོ་འཕང་མངོན་དུ་གྱུར་པར་བསམ། སླར་ཡང་མོས་གུས་གདུངཤུགས་དྲག་ཏུ་བགྱིས་པས་བླ་མ་འོད་ལྔའི་གོང་བུར་གྱུར་པ་རང་གི་ཚངས་བུག་ནས་སིབཀྱིས་ཐིམ། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་བདེ་བ་ཆེན་པོ་བློ་འདསསྤྲོས་པ་དང་བྲལ་བའི་ངང་དུ་ཅི་གནས་སུ་བཞག་རྗེས་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའོ། །འདིསནི་བྱིན་རླབས་དངོས་སུ་འབེབས་ཤིང་རྟོག་པ་ཤུགས་ལ་འཆར། ལམ་གྱི་གོལ་ས་ཆོད་པ་སོགསབྱིན་རླབས་ཀྱི་གནད་དམ་པ་ཡིན་ནོ། །སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་འདིརྣམས་ཟངས་ཡིག་ཅན་དང་ཀུན་མཁྱེན་ཆེན་པོའི་དོན་ཁྲིད་དུ་གསལ་ཁ་མ་གསུངས་ཀྱང་། ཡི་གེ་དམར་རུའི་རྒྱབ་ཡིག་ལས། དབེན་པའི་གནས་སུ་བསོད་ནམས་ཀྱི་ཚོགས་སྔོན་དུའགྲོ་བས། ཞེས་གཞུང་གི་ཤུགས་བསྟན་ཙམ་གྱིས་གསུངས་ཤིང་། རྗེ་བླ་མའི་ཕྱག་བཞེསཐུན་མོང་མིན་པའང་ཡིན་པས་འདིར་བཀོད་པའོ། །གཉིས་པ་གནས་ལུགས་གཏན་ལ་དབབ་པའི་སྔོན་འགྲོ་ལ་ཆགས་བྲལ་རླུང་ལ་སློབཔ་དང་། ཆགས་ཅན་ཐིག་ལེ་ལ་སློབ་པ་གཉིས་ལས། དང་པོ་ཆགས་བྲལ་རླུང་གི་རྣལ་འབྱོརལ་སློབ་པ་ལའང་རླུང་གི་ཁ་དོག་ལ་སློབ་པ། དབྱིབས་ལ་སློབ་པ། གྲངས་ལ་སློབ་པ། འགྲོའོང་ལ་སློབ་པ། བུམ་པ་ཅན་ལ་སློབ་པ་རྣམས་ལས། དང་པོ་རླུང་གི་ཁ་དོག་ལ་སློབ་པ་ནི། ལུས་གནད་ཆོས་བདུན་དྲང་པོར་བསྲངས་ལ་མིག་གནད་མཐོ་དམའ་བྱིང་རྒོད་དང་མཐུནཔར་བལྟ། ངག་གནད་སྣ་བུག་གཉིས་ནས་རླུང་དལ་ལ་རིང་བ་གསུམ་བསལ། ཡིད་གནདསྨིན་མཚམས་སུ་རླུང་རྣམས་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་པ་གསལཞིང་འབར་བ་ཞིག་གསལ་བཏབ་ལ། རེ་དོགས་སྐྱོན་ཡོན་དགག་སྒྲུབ་སོགས་དུས་གསུམགྱི་རྣམ་པར་རྟོག་པ་ཀུན་སྤངས་ཏེ་ཐིག་ལེའི་རྣམ་པ་དེ་ཁ་ལ་སེམས་རྩེ་གཅིག་ཏུ་གཏད་ལབསྒོམ། རྣམ་རྟོག་ཆེ་ཕྲ་ཇི་ལྟར་ཤར་ཡང་འཕྲོ་གཅོད་ལ་ཐིག་ལེའི་སྟེང་དུ་ཧྲིལ་གྱིས་སྒྲིམ་

p. 176

ལ་འཇོག་པ་སྟེ། རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། ཡུད་དེ་སེམས་གཞག་ཧྲིལ་གྱིསབསྒྲིམ། །མ་བཅོས་མ་བསླད་འགྱུར་བ་མེད། །ཇི་ལྟར་ནམ་མཁའ་དག་པ་བཞིན། །མི་རྟོགམཐའ་དབུས་མེད་པར་ཞོག །ཅེས་གསུངས་པ་ལྟར་རོ། །ཡང་རིག་པ་གཡེར་ཞིང་འཕྲོ་རྒོདཆེར་སོང་ན་ཐིག་ལེའི་རྣམ་པ་ཡིད་ཀྱི་ཡུལ་དུལམ་མེ་གསལ་བ་ལ་ཧ་ཅང་གྲིམ་མ་དྲགཙམ་གྱིས་དྲན་པའི་རྒྱང་སོ་གཟུང་ལ་ལྷོད་ཀྱིས་འཇོག་པ་སྟེ། ཀུན་མཁྱེན་ཆོས་རྗེས། ཆདཔ་ངལ་བསོ་བཞིན་དུ་ལྷོད་ཀྱིས་ལྷོད། །ཅི་ཡང་མི་སེམས་ཡིད་ལ་བྱེད་པ་བོར། །ཞེས་གསུངསཔ་ལྟར་རོ། །རང་རིག་དང་ཐིག་ལེ་སོ་སོར་མི་བལྟ་བར་དབྱེར་མེད་རང་གསལ་ཞེན་འཛིནམེད་པའི་ངང་དུ་སྐྱོང་ཞིང་། ཐིག་ལེའི་རྣམ་པ་ཁོ་ན་ལ་སེམས་ཟིན་ཅིང་བརྟན་པར་གྱུར་པདང་། ཐིག་མདངས་འོད་ཀྱི་རང་གི་མགོ་བོ་དང་དེ་ནས་ལུས། དེ་ནས་ཐོ་ཕྱི་དང་ཡུལ་ཁམསཐམས་ཅད་དཀར་པོ་ཇེ་བརྟན་ཇེ་གསལ་དུ་མཐོང་བར་འགྱུར་གསུངས་ཏེ། འོན་ཀྱང་རེཞིག་དེ་ལྟར་གོམ་པར་མ་གྱུར་ནའང་མོས་བསྒོམ་དུ་སློབ་ཀྱང་མི་འགལ་ལོ། །གཉིས་པདབྱིབས་ལ་སློབ་པ་ནི། སྣ་རྩེར་རླུང་གི་ཐིག་ལེ་དཀར་པོ་ཆེ་ཆུང་བོད་སྲན་ཙམ་པ་ཞིག་གསལབཏབ། དེ་གསལ་བ་དང་སྣ་བུག་གི་རླུང་འགྲོ་འོང་དལ་བ་ལ་བསྟེན་ནས་རླུང་ཕྱིར་དབྱུངཚེ་ཐིག་ལེ་རླུང་དང་འགྲོགས་ནས་སྐྱ་ཡེར་གྱི་སོང་། ནང་དུ་འཇུག་ཚེ་རླུང་དང་ལྷན་ཅིག་བྱུངཚེ་སྣ་རྩེར་གྲང་བསིལ་གྱིས་གནས་པར་བསམ། དེ་ཡང་ལུས་གྲང་ཤས་ཆེ་ན་ཐིག་ལེ་ཁ་དོགདམར་པོ་རེག་བྱ་ཚ་བར་བསྒོམ་མོ། །གསུམ་པ་གྲངས་ལ་སློབ་པ་ནི། རྒྱུན་གྱི་དབུགས་རངབབས་འདི་ག་ཁུག་པ་གཅིག་ནས་རེ་རེར་བགྲངས་པ་ལ་ཤེས་པ་གཏད་དེ། རིམ་ལྔ་ལས། འཇུག་པ་ཉིད་དང་གནས་པ་དང་། །ལྡང་བ་ཡི་ནི་རིམ་གྱིས་ཀྱང་། །ཤེས་རབ་ཐབས་ཀྱིགཞིར་གནས་པས། །སྔགས་ཀྱི་ཡན་ལག་མ་ཉམས་བཟླ། །ཞེས་པ་ལྟར་སྐད་ཅིག་ཀྱང་མཡེངས་པར་བཟླས་ན་བཟླས་པའི་མཆོག་ཏུ་འགྱུར་རོ། །བཞི་པ་རླུང་གི་འགྲོ་འོང་ལ་སློབཔ་ནི། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམརབ་ཞིག་གསལ་བཏབ། དེའི་ནང་དུ་རླུང་གི་རྡོ་རྗེ་སྔོན་པོ་གྱེན་ལངས་ནས་འབྲས་ཙམ་པ་ལ་

p. 177

སེམས་གཏད་ནས་ཅི་ནུས་བསྒོམ། དེ་ལ་གསལ་བརྟན་གྱི་ཉམས་སྐྱེས་པ་ན་སྣ་སྒོའི་རླུངའགྲོ་འོང་དང་བསྟུན་ནས་རླུང་ཕྱིར་འགྲོ་བའི་ཚེ་རྡོ་རྗེ་སྣ་བུག་གཡས་ནས་སྔོ་རྒྱང་གིས་སོང་། ཚུར་འོང་བ་ན་གཡོན་ནས་ཞུགས་ལ་ཐོད་པར་གནས་པར་བསམ། འདི་ལ་ཆིག་སྒྲིལ་གྱིསའབད་པས་གོམས་པ་ན་དམིགས་པ་ཕྱི་མ་ལ་སློབ་བོ། །ལྔ་པ་འགྲོ་འོང་བུམ་པ་ཅན་གྱི་སྦྱོརབ་ལ་སློབ་པ་ནི། རླུང་རོ་ལན་གསུམ་བསལ་ལ་སྔ་མའི་དམིགས་པ་དེ་ཁ་བྱས་རྗེས་རླུང་ཕྲལ་རིང་བ་ཞིག་འཕངས་པས་རྡོ་རྗེ་སྣ་བུག་གཡས་ཀྱི་ལམ་ནས་རྒྱང་རིང་པོར་སོང་བར་བསམསལ་རླུང་ཕྱིར་མནན། དེ་ནས་རླུང་ནང་དུ་ཤར་གྱིས་དྲངས་པས་རྡོ་རྗེ་སྣ་བུག་གཡོན་ནསཞུགས། ལྟེ་བའི་ཐོད་པ་ལ་སིབ་ཀྱིས་ཐིམ་པར་བསམས་ལ་བུམ་ཅན་གཡོ་མེད་ཁ་སྦྱོར་དུའཆིང་། དེ་ཚེ་ཐོད་པ་ཡང་ཧཾ་ངམ་ཧ་ཡིག་དམར་པོར་གྱུར། དེ་ཡང་མི་དམིགས་པར་གྱུརཏེ་རླུང་གཏོང་བའི་ཚེ་ལུས་དང་སེམས་ན་བུན་ཡལ་བ་ལྟར་བུན་ལོང་དུ་གྱུར་པར་བསམ། བུམ་ཅན་འཆིང་ཚེ་མི་ཐུབ་ན་གཡས་གཡོན་དབུས་གསུམ་ནས་རྔུབས་ཆུང་བྱས་ཏེ་གཞིལདེས་ཀྱང་མི་ཐུབ་ན་ཕྱིར་སང་གི་འཕང་། དེ་ལྟར་བུམ་ཅན་ཆེ་འབྲིང་ཆུང་གསུམ་གང་རུངམ་འགྲུབ་ཀྱི་བར་དུ་བརྩོན་འགྲུས་དྲག་པོས་བཟུང་ངོ་། །གོང་དུ་བདེ་གསལ་མི་རྟོག་པའིབུམ་ཅན་འབྱོངས་པ་ལ་གཞན་དག་ལ་འབྱོངས་ཟིན་པ་ཡིན་ན་འདིར་ཅི་ནུས་རེ་བསྒོམ་པསཆོག་མོད། དེ་མིན་མྱོང་བ་ཐོན་ངེས་སུ་བསྒོམ་དགོས་ཤིང་། རེ་ཞིག་མ་གོམས་ཀྱི་བར་དུཧ་ཅང་དྲག་པ་མ་ཡིན་པའི་རན་པར་བཟུང་ན་གེགས་ཆུང་བ་ཡིན་ནོ། །གཉིས་པ་ཆགས་ཅན་ཐིག་ལེའི་རྣལ་འབྱོར་ལ་སློབ་པ་ལ། དངོས་རིག་མ་ལ་བརྟེནནས་ཡུམ་གྱི་བདེ་བ་ལ་སློབ་པ་དང་། རླུང་ཐིག་གི་བདེ་བ་དང་སློབ་པ་གཉིས་ལས། དངཔོ་ནི། དེང་སང་གང་ཟག་གི་དབང་གིས་བཏང་སྙོམས་སུ་བྱས་ཏེ། ཕྱི་མ་ཉིད་ཕྱག་བཞེསསུ་མཛད་པས་དེ་ལ་ལུས་གནད་རྐང་པ་སྐྱིལ་ཀྲུང་། ལག་པ་ཁུ་ཚུར་ཁ་སྦུབ། པུས་མོའམ་བརླསྟེང་དུ་བཞག་ལ་ལག་ངར་བསྲངས། མིག་ཐད་ཀར་ཅེ་རེ་མིག་འབྲས་མི་བསྒྱུར་ཞིང་རྫི་མམི་སྡེབ། སེམས་གནད་རང་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟར་གྱུར་པའི་དབུས་སུ་

p. 178

རྩ་དབུ་མ་སྦོམ་ཕྲ་མདའ་སྙུག་འབྲིང་པོ་ཙམ་པ། ཁ་དོག་དམར་སྐྱ་འམ་ཕྱི་དཀར་ལ་ནང་དམརབ་ཡིད་ཡུལ་དུ་གསལ་གང་བདེ་བ་ཞིག་བསྒོམ་ལ། དེ་ཡང་ཡར་སྣ་ཚངས་བུག་དང་མར་སྣལྟེ་འོག་སོར་བཞིའི་ཐད་དུ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་ཞིང་ཏིལ་གྱི་མར་མེ་བཞིན་དུ་གསལལ་རང་འོད་འཕྲོ་བ། པདྨའི་འདབ་མ་ལྟར་ཤིན་ཏུ་སྲབ་པ། དེའི་གཡས་སུ་རོ་མ་དམར་པོདང་གཡོན་དུ་རྐྱང་མ་དཀར་པོ་དབུ་མ་ལས་ལྡ བ་འགྱུར་གྱིས་ཕྲ་བ། ཡར་སྣ་སྨིན་མཚམསཀྱི་ཐད་ནས་གུག་ཏེ་སྣ་བུག་གཡས་གཡོན་དུ་ཟུག་ཅིང་མས་སྣ་གཉིས་དབུ་མའི་མས་སྣརཚུད་པ། དེ་ལྟར་རྩ་གསུམ་སུམ་གཤིབ་ཏུ་ཐལ་གྱིས་ཡོད་པ་ལས་འཁོར་ལོ་བཞིའི་མཚམསརྣམས་སུ་རོ་རྐྱང་གཉིས་དབུ་མ་ལ་ཐིམ་པའི་ཚུལ་གྱིས་ནང་ཁོངས་འབྲེལ་བར་གནས་པ། དེ་ལས་གྱེས་པའི་འཁོར་ལོ་བཞི་བསྒོམ་སྟེ། དེ་ཡང་དབུ་མ་ལས་རྩེ་མོར་སོར་གཉིས་ཙམགཞལ་བའི་མཚམས་ན་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ། མགྲིན་པའི་ཕྲག་པ་སྐྱེསམཚམས་ནས་རོ་རྣམས་འདུས་པའི་འཁོར་ལོ། སྙིང་ཁའི་ནུ་ཕྲག་གི་ཐད་ནས་དྲན་པ་འདུསཔའི་འཁོར་ལོ། ལྟེ་ཁུང་གི་ཐད་ནས་སྐྱེད་བྱེད་ཀྱི་འཁོར་ལོ་སྟེ། ཐམས་ཅད་ཀྱང་ཁ་དོགདམར་སྐྱ་དྭངས་གསལ་སྦུག་གསལ་སྟོང་གི་རྣམ་པ་གསལ་བར་བསྒོམ་མོ། །དེ་ནས་སྤྱི་བོའརྩེ་མོ་རྣམ་བཀོད་ཀྱི་འཁོར་ལོའ་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་ཁ་དོག་དཀར་ལ་སྣུམཞིང་འདྲིལ་བ་སྲན་མ་ཙམ་ཞིག་གསལ་བཏབ་ནས་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གཏད་ལབསྒོམ། དེ་ལ་སེམས་ཟིན་པ་ན་རླུང་རོ་ལན་གསུམ་བསལ་ལ་རླུང་ནར་གྱིས་རྔུབས། ལྟེབར་སྐྱུར་སྟ བས་སུ་མནན་ཅིང་འོག་རླུང་དྲག་ཏུ་བསྐུལ་པས་ཐིག་ལེ་དེ་ཉིད་འདར་ཕྲི་ལི་ལིབྱེད་པ་དང་། དེ་ལས་བྱང་སེམས་བདེ་བའི་རྒྱུན་སྲན་ཆུང་ཙམ་པ་གཅིག་རྗེས་གཅིག་ནོནདུ་བདེ་ཕྲི་ལི་ལི་བབས་པའམ། ཡང་ན་བ་ཐག་ལྟ་བུ་ན་ར་ར་བབས་པ་གང་བདེ་བྱས་ལསྤྱི་བོ། །མགྲིན་པ། སྙིང་ཁ། ལྟེ་བའི་འཁོར་ལོ་བཞི་རིམ་པར་གང་བས་དགའ་བཞིའི་ཡེཤེས་སྐྱེས་པར་བསམ། ཐིག་ལེ་གསང་བར་བརྟན་པར་གྱུར་པས་དངོས་པོ་ལྷན་ཅིག་སྐྱེསཔའི་ཡེ་ཤེས་ཉམས་སུ་མྱང་བར་བསམ་ཞིང་། དེ་རེ་རེའི་ངང་མདངས་སྐྱོང་ལ་བུམ་ཅན་ཅི་

p. 179

ནུས་བཟུང་བས་བདེ་བ་ཇེ་རྒྱས་སུ་སོང་། ལུས་སེམས་བདེ་བས་ཁྱབ་སླར་ཡང་གྱེན་དུ་རིམགྱིས་དྲངས་པས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་། སྤྱི་བོའ་ཐིག་ལེ་ལ་སིབ་སིབཐིམ་ཞིང་བརྟན་པར་གྱུར་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བརབསམ་ལ་དེའི་ངང་མདངས་ཅི་ནུས་སྐྱོང་། མཐར་ཐིག་ལེ་ཇེ་ཆུང་ཇེ་ཕྲར་གྱུར་ཏེ་མི་དམིགསསྤྲོས་པ་དང་བྲལ་བའི་ངང་དུ་ཅི་ནུས་སུ་འཇོག བདེ་སྟོང་ཟུང་འཇུག་རང་རིག་རང་གསལདེ་ཉིད་ཐུན་མཚམས་རྣམས་སུའང་སྐྱོང་ཅི་ཐུབ་བྱ། དེ་ལྟར་འབད་པས་ལུས་སེམས་བདེསྟོང་དུ་འགྲོ་ཞིང་རླུང་ཐིག་ལས་སུ་རུང་བས་འབྱུང་བ་ལྔ་ལ་ཐོགས་པ་མེད། ཟས་སྐོམ་གྱིསྲེད་པ་ལས་གྲོལ། སེམས་ལ་རང་དབང་ཐོབ་རང་བཞིན་རྫོགས་པ་ཆེན་པོའི་བསམ་གཏནགྱི་རིམ་པ་དཔག་ཏུ་མེད་པའི་ཡོན་ཏན་མཐའ་ཡས་པ་དག་ཀྱང་ཐོབ་པར་འགྱུར་རོ། །དེལྟར་ཆགས་བྲལ་རླུང་གི་རྣལ་འབྱོར་དང་། ཆགས་ཆེན་ཐིག་ལེའི་རྣལ་འབྱོར་ནི་ལམ་གཞནལས་རླུང་འབྱོངས་པའི་གང་ཟག་ལ་མ་བཤད་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཞིང་། ཀུནམཁྱེན་ཆེན་པོས་དོན་ཁྲིད་དུའང་མ་གསུངས་སོ། །རྩ་བའི་ས་བཅད་གཉིས་པ་ཟབ་ལམ་ཇི་ལྟར་བསྒོམ་ཚུལ་དངོས་གཞིའི་ཁྲིད་ལ་ཁྲེགསཆོད་དང་ཐོད་རྒལ་གཉིས། དང་པོ་ལའང་དྲན་པ་རྒྱུན་གཅོད་འབྱུང་ལྔའི་རྣལ་འབྱོར་དང་། སྒོ་གསུམ་གྱི་རྣལ་འབྱོར་གཉིས་ལས། དང་པོ་ནི། འབྱུང་བཞི་ཟད་པའི་རྒྱུད་ལས། འབྱུངབཞི་ཟད་པའི་རྒྱུད་ཆེན་ནམ་མཁའ་ལ། །འཁྲུལ་གཞི་ཟད་པའི་རིག་པ་རྒོད་ཡེངས་དེ། །སྣཚོགས་ཁྱབ་བརྡལ་ཆེན་པོའི་ཁང་བཟང་དུ། །འཛིན་བྱེད་དྲན་པ་ཟད་པའི་ལྕགས་ཀྱུ་ཡིས། །གསལ་བྱེད་སྟེང་འོག་མེད་པའི་སྙིང་ནས་ནི། །མ་ཡེངས་བསམ་པ་ཟད་པའི་ཚུལ་གྱིས་བཟུང་།། ཞེས་འབྱུང་བས། ཨ་ལྔའི་དོན་སྐྱེ་བ་མེད་པས་ཉམས་སུ་ལེན་པར་བྱའོ་སྙམ་པའི་སྒོ་ནསལུས་གནད་ཆོས་བདུན་བཅས་ལ། ནམ་མཁའི་རྣམ་པར་དག་པའི་ངོ་བོ་སྙིང་གར་ཨ་སྔོནཔོ་ཚོན་གང་བ་ཞིག་གསལ་བཏབ་ལ་དེར་ཤེས་པ་གཏད་སྟེ་རླུང་སེམས་ཀྱི་འདུ་བྱེད་ཐམསཅད་བསྟིམ་ནས་རྟོག་མེད་སྤྲོས་བྲལ་གྱི་ངང་ལ་བཞག་གོ །རླུང་རྣམ་པར་དག་པའི་ངོ་བོ་སྤྱི་

p. 180

བོའ་འཁོར་ལོའ་སྣ་རྩེའི་ཐད་ཀྱི་མདུན་ཕྱོགས་སུ་ཨ་ལྗང་གཉིས་བརྩེགས་ལ་སྔར་ལྟར་ཤེསཔ་གཏད། ཆུ་རྣམ་པར་དག་པའི་ངོ་བོ་སྣ་རྩེར་ཨ་དཀར་པོ་སུམ་བརྩེགས་ལ་ཤེས་པ་སྔརལྟར་གཏད་ཅིང་རླུང་ཡུད་ཙམ་ཕྱིར་འཛིན་ལ་སློབ། མེ་རྣམ་པར་དག་བྱེད་ཀྱི་ངོ་བོ་མགྲིནཔའམ་མདུན་མཁར་ཨ་དམར་བཞི་བརྩེགས་ལ་ཤེས་པ་གཏད་ལ་བསྒོམ། ས་རྣམ་པར་དགཔའི་ངོ་བོ་ལྟེ་བའམ་བར་སྣང་ལ་ཨ་སེར་པོ་ལྔ་བརྩེགས་ལ་ཤེས་པ་གཏད་ལ་བསྒོམ་ཞིང་། འདིར་བསྟན་པའི་ཨ་ལྔ་བསྒོམ་པས་འབྱུང་བ་རང་དངས་སུ་འགྲོ་བར་འགྱུར་རོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ལ། ལུས་ངག་སེམས་ཀྱི་དང་གསུམ་མོ། །དང་པོལུས་རྡོ་རྗེའི་འདུག་སྟངས་ལ་སློབ་པ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས། ལུས་བསྲངས་ཏེ་རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བསྐྱེད་ལག་གཉིས་གྲུ་མོ་བརྒྱངས་ཏེ་ཐལ་མོ་མགོ་ལ་མ་རེག་པར་སྦྱར་བ་རྡོ་རྗེརྩེ་གསུམ་པའི་འདུག་སྟངས་བྱས་ལ་མིག་བར་སྣང་ལ་ཧ་རེ་གཏད། དམིགས་པ་རང་ལུསརྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ་ལ་ཇི་ཙམ་ཚུགས་ཐུབ་པའི་བར་དུ་བྱ། མི་ཚུགསན་ལུས་གན་གྱེལ་ལོག་ཏུ་ཁྲེས་པོ་བོར་ལ་ངལ་བསོ། དེ་ལྟར་ཡང་ཡང་བསྐྱར་ཏེ་བྱས་པསརེ་ཞིག་ཟུག་རྔུ་སྐྱེས་ཀྱང་ཇི་ཞིག་ན་བདེ་དྲོད་འཆར་རོ། །དེ་ལྟར་བྱས་པས་ཐུན་མོང་དུ་ལུསཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་དུ་ལུས་ཀྱི་མངོན་ཞེན་བཟློག་ཅིང་འཁོར་བརམི་ལྟུང་། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ངག་གི་སྔོན་འགྲོ་ནི། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱསགདབ་པ་དང་རྩལ་སྦྱང་བ། གཉེན་བཙལ་ལམ་དུ་ཞུགས་པ་ཡིས། །དེ་ལྟར་ངག་སྦྱངསསེམས་ལ་ཕན། །ཞེས་པས་རྒྱས་གདབ་པ། རྩལ་སྦྱངས་བ། མཉེན་བཙལ་བ། ལམ་དུཞུགས་པ་དང་བཞི་ལས། དང་པོ་རྒྱས་གདབ་པ་ལ་གཉིས་ཀྱི། ཕྱི་སྣང་བ་ལ་རྒྱས་གདབཔ་ནི། དབེན་པའི་གནས་སུ་ཆོས་བདུན་དྲང་པོར་བསྲངས་ལ་དར་ཅིག་ལྷོད་རྗེས་སྙིང་གརཧཱུྃ་སྔོན་པོ་གསལ་ཞིང་འཚེར་བ་ཞིག་བསྒོམ། དེ་གསལ་བ་དང་མཆུ་སོ་གཉིས་མ་རེག་ཙམ་

p. 181

བྱས་ལ་ཧཱུྃ་གི་གླུ་ཆེ་ཆུང་རན་པར་བརྗོད་པས། སྙིང་གི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནསཐོན། རང་གང་གནས་ཀྱི་ཁང་ཁྱིམ་སོགས་རིམ་གྱིས་གང་། མཐར་ཕྱི་རོལ་གྱི་སྣང་བ་ཐམསཅད་ཧཱུྃ་གིས་མེ་རེ་རེ་གང་བར་གྱུར་ཅིང་། ཐམས་ཅད་ཧཱུྃ་གི་སྒྲ་དིར་དིར་སྒྲོགས་པ་དང་། ཡོམ་ཡོམ་ཤིག་ཤིག་གང་བར་བསམ། ཤེས་པ་ལ་ཤེས་པ་གཏད་དེ་ཅུང་ཟད་གློང་ལ་བཞག ནང་ཕུང་པོ་ལ་རྒྱས་གདབ་པ་ནི་ཧཱུྃ་དེ་དག་སླར་སྣ་བུག་གཡོན་ནས་ཞུགས་རང་ལུས་ཀྱི་སྤྱིབོ་ནས་རྐང་སེན་གྱི་བར་དུ་མེར་ཁྲིག་སྟེ་ཙེར་གྱི་གང་བ་ལ་དམིགས་པ་གཏད་ལ་བསྒོམ་མོ། །གཉིས་པ་རྩལ་སྦྱང་བ་ལ་གཉིས་ཀྱི། ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། ཧཱུྃ་ཐུང་ལ་དྲགཔར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་ཚ་བ་མེ་ལྟ་བུ། མྱུར་བ་གློག་ལྟ་བུ། རྣོ་བ་སྤུ་གྲི་ལྟ་བུ། ཤུགས་ཐོག་ལྟ་བུ་ཐོལ་ཐོལ་འཕྲོས། ཐོག་མར་རང་གི་མདུན་གྱི་དངོས་པོ་གང་རུང་དེ་ཤོགབུར་མེ་སྟག་འཕོག་པ་ལྟར་ཕར་ཐལ་ཚུར་ཐལ་དུ་ཕུག་པར་བསམ་ཞིང་དེ་ནས་རི་རབ་སོགསཕྱི་རོལ་གྱི་སྣང་བ་ཐམས་ཅད་ཁོལ་ཚེ་མེད་པར་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་དུཕུག་པས་ཁྲལ་ཁྲོལ་ལ་སོང་ནས་དངོས་པོར་གྲུབ་པ་ཏིལ་འབྲུ་ཙམ་ཡང་མ་ལུས་པར་ཐམསཅད་ཧཱུྃ་གི་རང་བཞིན་དུ་ཤིག་གིས་གང་བར་བསམ་ལ་ཅུང་ཟད་མཉམ་པར་འཇོག་གོ །ནངཕུང་པོ་ལ་རྩལ་སྦྱང་བ་ནི། ཡང་ཧཱུྃ་དེ་དག་གིས་རང་ལུས་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུཁོལ་ཚེ་རྟ་རྔ་བརྒྱར་གཤགས་པའི་ཆ་ཙམ་ཡང་མ་ལུས་པ་ཕར་ཐལ་ཚུར་ཐལ། ཡར་ཐལམར་ཐལ་དུ་ཕུག་སྟེ་ཧཱུྃ་གི་རང་བཞིན་དུ་གྱུར་པ་ལ་སེམས་གཏད། གསུམ་པ་མཉེན་བཙལ་བ་ནི། མདུན་དུ་ཤིང་བུ་རིང་ཐུང་ཇི་ལྟར་རིགས་པའི་དམིགསརྟེན་ཞིག་བཙུགས་ཏེ་ངག་ནས་ཧཱུྃ་བརྗོད་པས་སྙིང་གའི་ཧཱུྃ་ལ་ཧཱུྃ་གི་ཕྲེང་བ་བར་མ་ཆད་དུབྱུང་བ་ཤིང་བུ་དེའི་རྩ་བ་ནས་རིམ་པར་སྦྲུལ་འཁྲིལ་བ་ལྟར་འཁྲིལ་གྱིས་དཀྲིས་ཏེ། དེ་ནསརྩེ་མོར་སླེབས་པ་དང་རྩེ་མོ་ནས་ཧཱུྃ་ཡིག་སྔོ་ཡེ་རེ་འདུག་པ་ལ་སེམས་བཟུང་ཡང་ཧཱུྃ་རིམ་པརབཀྲོལ་ཏེ་སྙིང་གའི་ཧཱུྃ་ལ་རིམ་གྱིས་ཐིམ་པར་བསམ་ཞིང་སྙིང་གའི་ཧཱུྃ་ལ་སེམས་བཟུང་བརབྱའོ། །

p. 182

བཞི་པ་ལམ་དུ་གཞུགས་པ་ནི། ཧཱུྃ་སྙན་ལ་རིང་བ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃགཅིག་རྒྱང་གིས་ཆད་དེ་སྲིན་འགྲོས་ལྟ་བུས་ལམ་ལ་ཞུགས། རི་བྲག་དང་ཡུལ་ལྗོངསསོགས་བརྒལ་ནས་འཇིག་རྟེན་གྱི་ཁམས་བློས་མི་འཁྱུད་པའི་ཕ་མཐར་སོང་བར་བསམ་ཞིང་། འགའ་ཞིག་ཏུ་ཅུང་ཟད་འདུག་པར་བསམ་ལ་གསལ་སྣང་འདོན་སྐྱོར་བྱ། རེས་འགའ་དལབུས་འགྲོ་བར་བསམ་ལ་ཧཱུྃ་རིང་པོ་བརྗོད། རེས་འགའ་མདའ་འཕངས་པ་ལྟར་སོང་བརབསམ་ལ་ཧཱུྃ་ཐུང་ངུར་བརྗོད། ཡང་རིམ་གྱིས་ཚུར་ལྡོག་ཏེ་མདུན་ནམ་སྙིང་གར་གནས་པརབསམ། ཧཱུྃ་བརྗོད་དུས་རླུང་རིག་གཅིག་ཏུ་དྲིལ་ཞིང་། ཕྱི་ནང་གང་དུ་འགྲོ་འོང་བྱེད་པ་དེལ་སེམས་རྩེ་གཅིག་ཏུ་གཏོད་པ་གལ་ཆེའོ། །དེ་ལྟར་འབད་པས་ཐུན་མོང་དུ་ངག་གི་སྡིགཔ་འདག བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག མཐར་ཐུག་གསུང་རྡོ་རྗེ་ལོངསསྤྱོད་རྫོགས་པའི་སྐུར་གྲོལ་ལོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱངས་སེམསཀྱི་གནས་ལུགས་ཤེས། །ཞེས་པས། དང་པོ་བྱུང་ས། བར་དུ་གནས་ས། ཐ་མ་འགྲོ་ས་ལབརྟག་པ་ལས། དང་པོ་བྱུང་ས་བྱུང་མཁན་ལ་བརྟག་པ་ནི། ཁ་ནང་དུ་ཕྱོགས་ཏེ་རང་གིལུས་ངག་ཡིད་གསུམ་གཙོ་གང་ཆེ། འཁོར་བར་སྐྱུར་མཁན་དང་མྱང་འདས་ཐོབ་མཁན་འདིལུས་ངག་ཡིད་གསུམ་གང་ཡིན་བརྟགས་ཤིང་དཔྱད་པས། སེམས་གཙོ་བོར་གཏན་ལ་ཕེབསཔ་ན། རང་གི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཕྲོ་བ་འདི་ཕྱི་འབྱུང་བའི་དངོསཔོ། ནང་རང་གི་སྒྱུ་ལུས་སྣང་བ། སྟོང་པ་ཕ་མའི་རྐྱེན་སོགས་དང་པོ་གང་ལས་བྱུང་། སེམསལས་སེམས་བྱུང་ངམ། ཇི་ལྟ་བུ་ཞིག་ལས་བྱུང་། ཕར་བལྟ་ཚུར་བལྟ། ཡར་བལྟ་མར་བལྟབྱའོ། །བར་དུ་གནས་པ་ལ་བརྟག་པ་ནི། སེམས་འདི་འདྲ་ཞིག་ལས་བྱུང་སྙམ་ན། འོ་ནསེམས་འདི་གང་དུ་གནས། ཕྱི་དངོས་པོའི་སྟེང་ན་གནས་སམ། ནང་རང་གི་ལུས་ཀྱི་ཕྱི་ནངསོགས་གང་དུ་གནས་བལྟའོ། །མཐའ་མར་འགྲོ་ས་ལ་བརྟག་པ་ནི། རྣམ་རྟོག་ཝལ་གྱིས་ཤར་

p. 183

ནས་སོང་སྙམ་པ་འདི་གང་དུ་འགྲོ། འགྲོ་ས་འགྲོ་མཁན་ཇི་འདྲ་ཞིག་འདུག རྣམ་རྟོག་ཡལནས་སོང་སྙམ་ན་གང་དུ་ཡལ་བལྟ། དེར་མ་ཟད་སེམས་འདི་དངོས་པོ་དང་དངོས་མེད་གངཡིན། དངོས་པོའོ་སྙམ་ན་དབྱིབས་དང་ཁ་དོག་ཆེ་ཆུང་བྱེད་ལས་ངོ་བོ་གང་གིས་མཚོན་རྟོགབྱེད་ཀྱི་ཤེས་པ་ལ་ཚུར་བལྟ། བལྟ་བྱའི་ཤེས་པ་ལ་ཕར་བལྟ། དེ་གཉིས་ཀྱང་གཅིག་ཡིནནམ་སོ་སོ་བ་ཡིན་སོགས་རིག་པ་རྐྱང་དེད་ཀྱིས་སྐད་ཅིག་ཀྱང་མ་ཡེངས་པར་བལྟ། དེ་ལྟརཕུ་འདེད་མདའ་འདེད་དུ་བརྟགས་ཤིང་བཙལ་བའི་ངང་ནས་རྒན་པོ་ཉི་མ་འདེ་བའམ་བྱ་བཟིན་པའི་སྐྱེས་བུ་ལྟར་ལྷོད་ཀྱིས་ཀློད་ལ་བཞག ཡང་རྣམ་རྟོག་ཐོལ་ཐོལ་འཕྲོ་རྒོད་བྱ་ཤོརདུ་མ་སོང་བར་དྲན་པས་ཚིར་གྱི་བཟུང་ནས་རྣམ་རྟོག་དེ་ག་གང་ལས་སྐྱེས་བལྟ། དེ་སེམསལས་སྐྱེས་སྙམ་ན་སེམས་དེ་ག་གང་ལས་བྱུང་། ཡོད་པ་ལས་བྱུང་ངམ། དེའི་ཚང་ཨེ་འདུག མེད་པ་ལས་བྱུང་ངམ་དེའི་དམིགས་ཨེ་རྙེད། སྐད་ཅིག་ཀྱང་མ་ཡེངས་པར་བལྟས་པ་ཅིརཡང་མ་མཐོང་བའི་ངང་དུ་ལྷོད་དེ་བཞག ཡང་རྣམ་རྟོག་ཝལ་གྱིས་ཤར་ན་སྔར་ལྟར་སེམསཀྱི་ཕུ་ཐག་མ་ཆོད་ཀྱི་བར་དུ་བལྟ། དེ་ལྟར་བརྟགས་ཤིང་དཔྱད་པས་ཅི་ཡང་མ་རྙེད་པའི་ངངདེར་ངོས་བཟུང་ལ་དཔྱད་ར་མེད་པར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་ལྟརའབད་པས་ཐུན་མོང་དུ་ཡིད་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་དུ་ཡིད་ཀྱི་མངོནཞེན་ལྡོག་པས་འཁོར་བར་མི་ལྟུང་། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུར་གྲོལ་བར་འགྱུརརོ། །ལྔ་པ་ཁྲིད་ཆུད་ནས་སེམས་རྣལ་དུ་དབབ་པ་ནི། ལུས་སོག་ཕོན་གྱི་ཐག་པ་གློད་པ་ལྟརབདེ་ལུགས་སུ་བཞག ངག་པི་ཝཾ་གི་རྒྱུན་ཐག་བཅད་པ་བཞིན་མ་བཅོས་པར་འཇོག ཡིདརང་ཐག་གི་ཆུ་བཅད་པ་བཞིན་རྟོག་དཔྱོད་ཀྱི་འཚོལ་འཕྲོ་མི་བྱ་བར་རང་བབས་སུ་འཇོགགོ །དེ་ལྟར་བཞག་པས་དགེ་སྡིག་དགག་སྒྲུབ་སོགས་ཤེས་པའི་སྤྲོས་པ་ཉེ་བར་ཞི་བ་ལནཚྭ་ཆུར་ཐིམ་པ་ལྟ་བུ་གསལ་སྟོང་ལྷན་ཅིག་སྐྱེས་པ་གདོད་མའི་ངང་དུ་མ་བཅོས་པར་འཇོགཏེ། དེ་ཡང་བློ་ལ་ཡུལ་སྣང་ངམ་ཡུལ་ལ་བློ་གང་སྣང་ཡང་ཕར་གང་སྣང་མ་འགག་ལ། ཚུར་

p. 184

གང་སྣང་དེར་འཛིན་བློའི་དྲི་མ་དང་བྲལ་བ། སྣང་སེམས་དབྱེར་མེད་ཡུལ་དང་ཡུལ་ཅན་འདིཞེས་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རིག་པ་གསལ་ཧྲིག་རྗེན་ནེ་བའི་ངང་དུ་འཇོགཅིང་། རྗེས་ཐོབ་ཀྱི་གནས་སྐབས་སུའང་གང་ཤར་དགག་སྒྲུབ་བླང་དོར་སོགས་རེ་དོགསམེད་པར་བསྐྱངས་པས་གང་སྣང་བསྒོམ་གྱི་གྲོགས་སུ་འཆར་བར་འགྱུར་ཞིང་། རྟོག་པ་ནནགྱིས་བཀག་ན་མི་གནས་པའི་ཁར་གེགས་སུ་འགྲོ་ལ། ཡིད་ཤེས་ཚོགས་དྲུག་གིས་ཡུལ་སྣངདེར་འཛིན་མེད་ཅིང་གཉེན་པོས་མ་བསླད་པར་སྐྱོང་བ་ནི་གལ་ཆེ་སྟེ། མདོ་སྡེ་རྒྱན་ལས། གང་ཕྱིར་ཆགས་སོགས་དེ་ཉིད་ལས། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ཡི་རྣམ་གྲོལའགྱུར་དེས་ན། །དེ་ཡི་དེ་དག་ལས་ངེས་འབྱུང་། །ཞེས་དང་། བརྟགས་གཉིས་ལས། ཆགསཔས་འཇིག་རྟེན་འཆིང་འགྱུར་ན། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་དང་། དབུས་མཐའ་ལས་ཀྱང་། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། མི་དམིགས་པ་ནི་རབ་ཏུ་སྐྱེ། །དེ་ཡི་ཕྱིར་ན་དམིགས་པནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །དེ་ལྟ་བས་ན་དམིགས་པ་དང་། །མི་དམིགས་མཉམཔར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། ཀ་དག་གི་ངང་དུ་བཞག་དུས་སུ་འཆར་འཆརའདྲ་ཡང་དོན་ལ་ཤར་བ་མེད་པས་རིག་པ་ཟངས་ཐལ་རྗེན་པར་ངོས་བཟུང་ལ་ཀ་དག་རིགསྟོང་སྤྲོས་བྲལ་གྱི་ངང་དུ་ལ་བཟླ་བར་བྱ་སྟེ། ཐལ་འགྱུར་ལས། ཡེ་ནས་གྲོལ་བས་བ སྐྱརགཞི་མེད། །ངང་གིས་གྲོལ་བས་གཉེན་པོ་མེད། ཅེར་གྱི་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་པ་མེད། ཅེས་གསུངས་པས་སོ། །གཉིས་པ་རིག་པ་གཏན་ལ་དབབ་པ་ཟག་མེད་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོདརྒལ་གྱི་མན་ངག་ལ་གཉིས་ལས། དང་པོ་སྔོན་འགྲོ་ནི། བླ་མ་བཞེངས་ལ་ཞལ་ཤར་དུཕྱོགས་པའི་མདུན་དུ་སློབ་བུ་རྣམས་ལངས་ཏེ་ཐལ་མོ་སྙིང་གར་སྦྱར། མིག་བླ་མའི་ཐུགསཀར་གཏད། རྐང་པའི་ལོང་བུ་གཉིས་གཤིབས་ཏེ་གནས་པ་ལ་བླ་མས་སྡིག་མཛུབ་དངབཅས་པའི་ལྟ་སྟངས་ཀྱིས་བགེགས་བསྐྲད། སྤྲོ་ན་ཚོགས་གཏོར་སོགས་ཀྱང་བྱ། བླ་མའི་

p. 185

ཐུགས་ཀ་ནས་སློབ་མའི་སྤྱི་བོར་ཧཱུྃ་སྔོན་པོ་འཕྲོས། དྲ་བ་ཅན་གྱི་རྩ་ལས་རྒྱུད། ལུས་ཧཱུྃ་མཐིངཁར་གྱུར་པར་བསྒོམ་དུ་བཅུག་ལ་དཔོན་སློབ་ཐམས་ཅད་ཀྱི་ཧཱུྃ་དི་རི་རི་བརྗོད། དེ་བཞིནདུ་རྐང་མཐིལ་གཡོན་དུ་ཡམ་ལྗང་གུ ལྟེ་བར་རཾ་དམར་ལྗང་། མགྲིན་པར་ཁཾ་དུད་ཁ། དཔྲལབར་ཨེ་མཐིང་ཁ། ལྐོག་མར་སུཾ་སེར་པུས་མོ་གཡས་སུ་ཧ་དཀར་པོ། རྐང་མཐིལ་གཡསསུ་ཕཊ་སྔོ་ནག་སྟེ་ཡི་གེ་བརྒྱད་བསམས་ལ། དམིགས་པ་སྔ་མ་བཞིན་ལས་ངག་ཏུ་ཡི་གེ་རེརེ་ནས་དབུགས་ཐེངས་རེ་ལ་ཉེར་གཅིག་རེ་བཟླས་དེ་བསྲུང་བ་བྱའོ། །དེ་ལྟར་ཡི་གེ་བརྒྱདཀྱི་བསྲུང་བ་བྱས་རྗེས་རིག་པའི་སྔོན་དུ་འཁོར་འདས་རུ་ཤན་དབྱེ་བར་བྱ་སྟེ་ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོདཔར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས་སེམས་ཅནརྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་། གནས་སྐབས་འཁྲུལ་པའི་ཞེན་སྣང་གིས་སྒྲིབ་པས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་རིགསདྲུག་གི་གནས་སུ་བར་མེད་འཁོར་ཞིང་། རིགས་དྲུག་སོ་སོའ་ལུས་ཀྱི་རྣམ་འགྱུར། ངག་གིསྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད། སྡུག་བསྔལ་གྱི་མྱང་ཚུལ་གྲངས་ཀྱིས་མི་ཆོད་པ་ཞིགམྱོང་ཀྱང་དོན་མེད་ཁོ་ནའི་དབང་དུ་སོང་འདུག ད་དུང་ཟིན་མེད་ཀྱི་ལས་ལ་ཆགས་པསཅི་ཞིག་བྱ། དེས་ན་ད་རེས་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་ལ། ཇི་ལྟར་དབྱེ་ན་འཁོར་བའིལས་སྣང་དང་མཐུན་པ་ལམ་དུ་བྱས་པས་ལས་ངན་གྱི་མཚངས་རྟོགས་ནས་ཕྱིན་ཆད་ཞེནའཛིན་ལས་གྲོལ་བར་འགྱུར་བའི་ཕྱིར་ཏེ། གསང་སྔགས་ཐུན་མོང་པ་ལས། རྣམ་རྟོག་ལསནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞནགྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པར་སྦྱངསབར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དུར་ཁྲོད་དམ་ལུང་སྟོང་སོགས་དབེན་པའིགནས་སུ་སོང་སྟེ། མཁའ་འགྲོ་དང་གཞི་བདག་ལ་གཏོར་མ་བྱིན་ནས་འཁོར་འདས་རུ་ཤན་

p. 186

དབྱེ་བར་བྱེད་པ་ལ་བར་ཆད་མི་བྱེད་པའི་བཀའ་བསྒོ། ད་ནི་སེམས་ཅན་གྱི་དོན་དུ་འཁོརའདས་རུ་ཤན་ཕྱེ་ཏེ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས་དམྱལབ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབརྩོད། ལྷ་འཕོ་ལྷུང་སོགས་རིགས་དྲུག་གི་སྤྱོད་ཚུལ་བདེ་སྡུག་སོགས་ལུས་ཀྱི་རྣམ་འགྱུར། ངག་གིས་དེ་དག་གི་སྒྲ་སྐད་སྣ་ཚོགས། སེམས་ཀྱིས་དེ་རེ་རེའི་སྡུག་བསྔལ་རང་རྒྱུད་ལ་མྱོངབར་བསམས་ལ། ལུས་ངལ་ཞིང་ཆད། ངག་འཛེར་ཞིང་འགགས། སེམས་འགྱུར་བ་སྤུནདག་ཏུ་མ་གྱུར་གྱི་བར་དུ་འབད་པར་བྱ། དེ་ནས་ལུས་གནད་དྲང་པོར་བསྲངས། ངག་རླུངརང་བབས་སུ་བཞག སེམས་དེ་ལྟར་མྱོང་བྱེད་ཀྱི་ངོ་བོ་ལ་ཅེ་རེ་བལྟས་ལ་འཇོག་ཅིང་ངལབསོ། ཡང་ལུས་ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར། ངག་གིས་དེ་དག་གིསྙིང་པོའི་སྒྲ་སྐད། ཡིད་ཀྱིས་དེ་དག་གི་རྣམ་པ་ལམ་མེ་བ་ལ་སེམས་གཏད་རྗེས་ཡང་རྗེསཤེས་ཀྱི་རང་ངོ་བསྐྱང་ངོ་། །དེ་ལྟར་བྱས་པས། ལུས་ལ་ཚ་གྲང་བཀྲེས་སྐོམ་ཆགས་སྡང་དངདགག་སྒྲུབ་མེད་པ་དང་། ངག་བླ་མའི་གདམས་ངག་ལ་ཡིད་ཆེས་ཤིང་གོ་བ་རང་རྡོལ་ཏུཤེས་པ་དང་། སེམས་གསལ་སྟོང་འགག་མེད་རང་བྱུང་གི་ཡེ་ཤེས་རྩོལ་མེད་དུ་འཆར་བམ་བྱུང་གི་བར་དུ་བསྐྱར་བར་བྱ་བ་ཤིན་ཏུ་ནས་གལ་ཆེ་བར་གསུངས་ལ། དེ་དག་གི་དགོསཔ་ནི། ཐུན་མོང་དུ་ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག་ཅིང་བར་ཆད་ཞི། མངོན་ཞེནལྡོག མཐར་ཐུག་སྐུ་གསུང་ཐུགས་རྡོ་རྗེར་མངོན་པར་འཚང་རྒྱ་བའི་དགོས་པ་ཡོད་དོ། །དེནས་ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་ཏེ། སྔར་ལྟར་འདིར་རྣལདུ་དབབ་པར་བྱ་ཞིང་དབབ་པ་ནི། གོང་དུ་རུ་ཤན་དབྱེ་བས་འབྱུང་བ་འཁྲུགས་ཤིང་། ངལབ་ཉིད་བདེ་བའི་མལ་དུ་ངལ་གསོ་བ་ཡིན་ཏེ། འདས་རྗེས་ལས། དེ་ནས་ལུས་ངག་ཡིདགསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ནས་ཟག་མེད་ཀྱི་ཡེ་ཤེས་མངོན་སུམ་རང་ཐོག་ཏུ་དབབ་པ་ཐོད་རྒལ་གྱི་མན་ངགཉམས་སུ་ལེན་པ་ལ། སྔོན་འགྲོའི་རིམ་པ་དང་། མ་དཔེར་ཆད།ཁྲེགས་ཆོད་ལའང་གདེངས་

p. 187

ཐོབ་པའི་གང་ཟག་གིས་གདམས་པ་འདི་ཉིད་ཉམས་སུ་བླང་བར་བྱའོ། །འདི་ནི་སྔར་བསཀྱང་ཁྱད་པར་བདུན་ལྡན་གྱིས་འཕགས་ཏེ། བདུན་གང་ཞེ་ན། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དུ་འདྲིལ་བའི་ཁྱད་པར། རང་གནད་མངོན་སུམ་དུ་གཟིར་བའི་ཁྱདཔར། ལུས་གནད་རྩ་ཡི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་རིག་ཡུལ་གྱི་ཁྱདཔར། ཉམས་མྱོང་རྣམ་འཕེལ་གྱི་ཁྱད་པར་ཏ་བདུན་པོ་འདིས་འཕགས་སོ། །ཁྱད་པར་དེ་ལྡན་གྱི་གདམས་པ་དངོས་ལ་སྔོན་འགྲོ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིནི་སྔོན་དུ་སོང་ལ། བྱེ་བྲག་ནི་བྱ་བ་དགུ་ཕྲུགས་སུ་བཏང་བར་བྱ་སྟེ། ཀློང་གསལ་ལས། མངོན་སུམ་གནད་ལ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིསདགུ་ཕྲུགས་བཏང་། །ཞེས་གསུངས་པས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལཔའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་བསྐོར་བ་སོགས་དམན་པའི་དགེབ་རྣམས། གསང་བ་རྣམ་གཡེང་བསྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུགཔའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁཏོན་དང་བཟླས་བརྗོད་སོགས། གསང་བ་སྨྲ་བ་ཐམས་ཅད་སྤངས་ཏེ་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་རྫོགསཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་རྟོག་མེདཀྱི་ངང་དུ་གནས་པར་བྱས་པས་སྒོ་གསུམ་གནས་པ་བརྟན་པ་གྲོལ་བར་འགྱུར་ཏེ། འདསརྗེས་ལས། གནས་བརྟན་གྲོལ་བའི་གདེངས་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གསུམ་སྟེ། ཐལ་འགྱུརལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའ་གནད་རྣམས་ལེགས་པར་བསྟུན། །དེ་ཡང་ལུས་ཀྱི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། ཀློང་གསལལས། རིག་པ་ཡུལ་ལ་གནས་གྱུར་ཀྱང་། །འཁྲུལ་འཁོར་དག་གིས་མ་གཅུན་ན། །ཡེ་ཤེས་

p. 188

དབང་པོར་སྣང་མི་ནུས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེནདང་། །དྲང་སྲོང་ལྟ་བུའི་གནས་པར་བྱ། །ཞེས་གསུངས་པས། ཆོས་སྐུ་སེང་གེའི་འདུགསྟངས། ལོངས་སྐུ་གླང་པོ་ཆེའི་འདུག་སྟངས། སྤྲུལ་སྐུ་དྲང་སྲོང་ཙོག་པུའི་འདུག་སྟངས་དངགསུམ། དང་པོ་སེང་གེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར། པུས་མོ་ཕྱིརབསྒྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་པརྟིང་པའི་རྩར་ས་ལ་བཙུགས་ལ་ལག་ཡུ་དྲང་པོར་བསྲངས། རོ་སྟོད་སེང་ཏེ་དཔུང་པ་གྱེནདུ་ཐེན། མཇིང་པ་ཡུད་ཙམ་གྱེན་དུ་གཏོད། མིག་གཉིས་མིག་འབྲས་མི་བསྒུལ་ཞིང་རྫི་མམི་བརྡེབ་པར་ལྟ་སྟངས་གློད་ལ་སྨིན་ཕྲག་གི་ནམ་མཁའ་ལ་ཅེ་རེ་ལྟ། ལྕེ་ཅུང་ཟད་གྱེན་ལབསྒྲིལ། དེ་ལྟར་བྱས་པས་གནས་སྐབས་སུ་ནང་གི་འབྱུང་བ་ཆ་སྙོམས། མཐར་ཐུག་གནསལུགས་ཀྱི་དོན་རྟོགས་སོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་བུབཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོལ་གོ་བསྟེན་པའི་སོར་མོའགྲམ་པ་ལ་སྦྱར། རྒལ་ཚིག་དྲང་པོར་བསྲངས་ནས་ཐད་ཀའི་ནམ་མཁའ་ལ་ཟུར་མིག་གིསཧྲིག་གེ་མགོ་གྱེན་དུ་དགྱེ་ཙམ་བྱས་ནས་བལྟ་བའོ། །དེས་གནས་སྐབས་སུ་གཡོ་བྱེད་ཀྱི་རླུངཟིན། མཐར་ཐུག་ལྷུན་གྲུབ་འོད་ལྔའི་དོན་འཆར་བའི་དགོས་པ་ཡོད་དོ། །གསུམ་པ་སྤྲུལསྐུ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག ལགགཉིས་པུས་མོ་ལ་བསྐོར། སྒལ་ཚིགས་དྲང་པོར་བསྲངས་ཏེ། མིག་ཟིམ་བུ་བར་སྣང་ལགཏོད་དོ། །དེས་གནས་སྐབས་སུ་ལུས་ལ་དྲོད་སྐྱེ། མཐར་ཐུག་སྣང་སྲིད་ཞིང་ཁམས་སུའཆར་བའི་དགོས་པ་ཡོད་དོ། །དེ་ལྟར་བྱས་པས་བཞུགས་སྟངས་དང་པོས་འབྱུང་བ་རངསར་དག གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་སྐྱེད་ཅིང་འབྱུང་བ་སྙོམསཔར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །ཐལའགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །

p. 189

གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོངབར་འགྱུར། །སྤྲུལ་པའི་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བསྟེན་ནས། །ཆོསཉིད་སྣང་བ་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པསརིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོནསུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་བཅུས་ན་མི་གསལ་བ་བཞིན་ནོ། །ངག་གནད་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་ལ། །གནས་པ་བརྟན་ཅིངལ་ཡང་བཟླ། །ཞེས་པས་སྨྲ་བརྗོད་ཀྱང་ཅུང་ཟད་མི་སྨྲ་བར་རླུང་དལ་བར་བསྟེན་དེ་མ་མཆུསོ་ལ་རེག་ཙམ་བྱས་ལ་ཁ་ལས་བཏང་བ་ཅུང་ཟད་ཕྱིར་འཛིན་པ་ལ་སློབ་ཏེ། ཐལ་འགྱུརལས། རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་ལས་བྱུང་བ་དང་། །ལུས་དང་སེམས་ཀྱིའབྲེལ་བཅད་དེ། །ཁམས་གསུམ་དུ་ཡང་རྟོག་པ་མིན། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །སེམས་གནད་ནི། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་པས་སྤྲིན་དང་དུ་རླངས་མེད་པའི་ནམ་མཁའ་སྟོངསེང་ངེ་བ་དེ་ལ་མིག་དང་ནམ་མཁའ་རིག་པ་གསུམ་སོ་སོར་མི་བལྟ་བར་དབྱེར་མེད་བྱསལ་བལྟ་སྟེ། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། སྒོ་ནི་གནདལྡོག་ཇི་ལྟར་ན། །སྒོ་གནད་ཕབ་ལྡོག་ཟུར་གྱིས་བལྟ། །ཞེས་གསུངས་པས། དང་པོ་ཆོས་སྐུའིལྟ་སྟངས་ནི། གཙུག་ཏོར་ལ་བལྟ་བའི་ཚུལ་དང་། གཉིས་པ་ལོངས་སྐུའི་ལྟ་སྟངས་ནི། མདའམཁན་སྙུག་མ་བསྲངས་བ་ལྟ་བུ། གསུམ་པ་སྤྲུལ་སྐུའི་ལྟ་སྟངས་ནི། དྲང་སྲོང་བསམ་གཏནབསྒོམ་པའི་ཚུལ་དུ་བལྟ་ཏེ། ཙཀྵུ་ཟིམ་བུས་སུ་བལྟ། །ཤར་གྱི་རྒྱ་སྐར་བཞིན་དུ་གསལ། ཞེས་པས་ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་གཏད་སྟེ་བསྒོམ་པས་ཕྱིའི་དབྱིངསམཐོང་། གཡས་གཡོན་ཟུར་མིག་དང་། ཡང་ན་ཟིམ་བུས་ཉི་མ་ལ་བལྟས་པས་ནང་གི་དབྱིངསརིག་མཐོང་། དེས་དབང་པོ་བར་སྣང་ལ་འཁྲིད་ཅིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བརའགྱུར་རོ། །དེ་ལྟར་ལྟ་སྟངས་གསུམ་པོ་གང་རུང་ལ་བལྟ་བ་ལ་བསླབ་པས། མིག་ཡུལ་ལ་

p. 190

ཇི་ཙམ་གཏད་ཀྱང་ཚུགས་ནུས་པར་འགྱུར་རོ། །ཡུལ་རྐྱེན་དང་བྲལ་བའི་ནམ་མཁའ་ལ་སྔདྲོ་ཁ་ནུབ་དང་ཕྱི་དྲོ་ཁ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིསདང་སྦྱར་ནས་སྔ་དྲོ་ཁ་ཤར་དང་ཕྱི་དྲོ་ནུབ་ཏུ་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་དུ་བལྟ་ཞིང་། དེ་ལྟར་ཡང་ཐལ་འགྱུར་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། །ཞེས་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། ཞེས་གསུངས་པས། ཡུལ་རྐྱེན་དང་བྲལ་བ་ནམམཁའ་སྟོང་པ། དབང་པོའི་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དངསཤིང་མཐོ་ལ་དབེན་པའོ། །སེམས་དབང་པོའི་ཡུལ་ལ་གཏད་ལ་རེ་དོགས་ཀྱི་བཅོས་སླདམི་བྱ་བ་རང་བབས་སུ་གློད་ལ་བསྒོམ་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དངའདྲ་བས་སྣང་བའི་སྒོ་འབྱེད་བྱས་ནས། རང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱབ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་མཐིང་ཁ་ཁྱབ་པ་ཆེན་པོའི་འོད་ལས་རིམགྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་ནམ་རྨ་བྱའི་མདོངས་ལྟར་བཀྲ་བར་འཆར་ཏེ། སྒྲོལམ་འབར་བ་ལས། ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་བརའགྱུར། །ཞེས་སོ། །དེའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་གི་ཆུ་ལ་རྡོབསྐྱུར་བའམ་ཕུབ་ཀྱི་སྦ་ལྟ་བུ་ཐོག་འལ་འོལ་ཙམ་དང་། དེ་ནས་ཐིག་ལེ་དམར་ཟླུམ་གསལམདངས་ཅན་འཆར་ལ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲབ་ཉིད་འཆར་ཏེ། ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་། གསེར་སྐུད་དང་། མུ་ཏིགགི་ཕྲེང་བ་དང་། ལྕགས་ཚགས་དང་། མེ་ཏོག་གི་ཆུན་པོ་དང་། མེ་ཏོག་གི་དྲ་བ་རང་པོརགནས་པ་ལྟ་བུ་ཐོག་མར་འལ་འོལ་མི་གསལ་བ་འགུལ་འཕྲིག་ཅན་དུ་འཆར་བས། དེ་ཉིདལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་ཏེ་ཅེར་རེ་གཏད་ནས་ཡིན་མིན་གྱི་རྟོགདཔྱོད་ཀྱིས་མ་བསླད་པར་ལྟ་མཁན་གྱི་རིག་པ་དེ་དང་། རིག་པ་རང་གི་ངོ་བོ་བལྟ་ཤེས་ཙམལས་མི་གཡོ་བར་བསྒོམ་པས་ཇེ་བརྟན་ཇེ་གསལ་དུ་འགྱུར་ཏེ། ཐལ་འགྱུར་ལས། རང་གིརིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལ་འགྲོ །ཞེས་དང་། རིག་པ་རང་ཤར་ལས།

p. 191

ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་དལ། །དེ་ཡང་འཕྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲི ག་པ་དང་། །ཞེས་དང་། སེང་གེ་རྩལ་རྫོགས་ལས། རང་བྱུང་རིགཔའི་དངོས་པོ་འདི། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་གསུངས་སོ། །བློས་བྱས་ཀྱི་བཅོསབསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་ལ་བལྟས་པས། ཕྱིའི་སྣང་བ་མ་འགགས་ཤིངནང་གི་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་ངོ་བཟུང་བས་ཡུལདང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལ་ཏེགསལ་འགྲིབ་མེད་པར་འཆར་ཞིང་། འོད་གསལ་གྱི་སྣང་བ་དེ་མི་གསལ་བའམ་གཡསགཡོན་སྟེང་འོག་ཏུ་ཡལ་ཡོལ་དབྱེ་ན་དེའི་སྟེང་དུ་མིག་དང་སེམས་བཅར་ཕོག་ཏུ་མི་འབྲངབར་ལྟ་སྟངས་ཀྱིས་ཁྲིད་ལ་སྔར་བཞིན་ཤར་བ་ལ་སེམས་ཧ་ཅང་མ་སྒྲིམ་པར་གཏད་དོ། །དེ་ལྟར་བསྒོམ་པས་སྣང་བཞིའི་ཡེ་ཤེས་རྣམས་རིམ་གྱིས་འཆར་བར་འགྱུར་རོ། །དེ་ཡང་རྩབའི་འདུག་སྟངས་གསུམ་པོ་འབྱོངས་ནས་ཡན་ལག་གི་འདུག་སྟངས་བདུན་ལ་སློབ་པའངགསུངས་ཏེ། སྟག་སྐྱུག་ཁྱུང་དང་སྐྱེས་བུ་དང་། ཝ་དང་བྱ་རྒོད་གྱད་དང་དྲུག ཆུ་སྲིན་འདུགསྟངས་ལུས་གནད་བདུན། ཞེས་པ་ལྟར་ཁྱུང་གི་འདུག་སྟངས་ཁོ་ན་ལ་གཙོ་བོར་བསྒྲིལ་ནལེགས་པར་མ་ཟད། ལས་དང་པོ་པས་ཆོས་སྐུ་སེང་གེའི་འདུག་སྟངས་ཁོ་ན་ལ་གཙོར་འདོནབྱས་པ་ཉིད་ལེགས་པར་འགྱུར་གསུངས་སོ ། །དེས་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོནསུམ་རང་གནད་ལ་ཕེབས་པས་ཉོན་མོངས་པའི་རྟོག་པ་དག འདི་ཉིད་དུ་ཚེ་དུས་བྱས་ཀྱངསྤྲུལ་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་འགྲུབ་པར་འགྱུར་རོ། །དེ་ལྟར་སྐལ་ལྡན་དབང་པོ་ཡང་རབ་རྣམས་ཀྱིས་ཆོས་ཉིད་མངོན་སུམ་རྫོགས་པ་ཆེན་པོཐོད་རྒལ་གྱི་གདམས་པ་ཉམས་སུ་བླང་བའི་རིམ་པ་སོང་ནས་ཡང་གསང་ཡེ་ཤེས་གནདཀྱི་མན་ངག་ཟབ་མོའི་དོན་ཉམས་སུ་ཇི་ལྟར་ལེན་ཚུལ་བསྟ ན་པ་ལ་གཉིས་ཏེ། ཉིན་མོ་སྣངབ་རྒྱས་གདབ་པ་དང་། མཚན་མོ་ཡེ་ཤེས་གནད་དུ་བསྣུན་པའོ། །དང་པོ་ཉིན་མོ་སྣང་བརྒྱས་གདབ་པ་ནི། ཕྱི་སྣང་བ། ནང་རིག་པ། མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་

p. 192

པའི་ཆོས་གང་ལའང་འཛིན་ཞེན་གྱི་བློའི་དྲི་མས་མ་བསླད། ཉམས་ཀྱི་ཞེན་པས་མ་བཅིངསཔར་གང་ལྟར་སྣང་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཤར་བའི་སྟོང་ཆའི་བློ་དེ་ཡང་ཡོད་མེད། ཡིནམིན། ཕྱོགས་རིས་བཟང་ངན། བླང་དོར་ལས་འདས་པའི་སྤྲོས་བྲལ་ནམ་མཁའ་ལྟ་བུའིངང་ལ་བསལ་བཞག་མེད་པར་འཇོག་གོ །རྗེས་ཐོབ་ཀྱི་གནས་སྐབས་རྣམས་སུའང་ཤེསཔ་རྒྱ་ཡན་དུ་མ་ཤོར་བར་དྲན་འཛིན་གྱིས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་མིགཡོར། ཆུ་ཟླ། སྤྲུལ་པ། དྲི་ཟའི་གྲོང་ཁྱེར་ཙམ་དུ་ངེས་པར་འདུག་ཨང་སྐད་ཅིག་ཀྱང་བདེནཔར་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་དུ་རྩལ་སྦྱང་། དེ་བཞིན་དུ་ཆགས་སྡང་། དགག་སྒྲུབ། རེ་དོགས་སོགས་གཉིས་འཛིན་ཐམས་ཅད་གཉིས་མེད་ཡེ་གྲོལ་གྱི་དགོངས་པ་ཟང་ཐལརྗེན་པར་སྐྱོང་བ་ལ་བསླབ་པར་བྱའོ། །དེ་ཡང་གཞི་ལམ་འབྲས་གསུམ་དུ་ཕྱེ་བའི་ས་བཅདསོ་སོར་གསུངས་ཀྱང་འདིར་ནི་ས་ཁོངས་འཛིན་བྱེད་གོ་དོན་ཙམ་སྨོས་པ་ཡིན་གྱི། སྤྲོ་ན་སོསོར་ཕྱེ་ནས་ཞིབ་ཏུ་བཤད་པར་བྱའོ། །གཉིས་པ་མཚན་མོ་ཡེ་ཤེས་གནད་དུ་བསྣུན་པའི་མན་ངག་ནི། མི་ཚེའི་ཕྱེད་གཉིད་ལོགཔ་ཡིན་པས་གཉིད་དགེ་བར་བསྒྱུར་བའི་ཕྱིར་འདི་ལྟར་ཉམས་སུ་བླང་བར་བྱའོ། །དེ་ལགསུམ་སྟེ། སྲོད་ལ་དབང་པོ་གནད་དུ་བསྡུ་བ། ནམ་གུང་ཤེས་པ་བུམ་པར་འཇུག་པ། ཐོརེངས་རིག་པ་གསལ་སྟོང་པའོ། །དང་པོ་སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། སྤྲུལ་སྐུདྲང་སྲོང་ཙོག་པུའི་ལུས་གནད་བཅས་ལ་རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལནང་དམར་བའམ། ཡང་ན་ཁ་དོག་དམར་སྐྱ་དངས་གསལ་སྦུག་སྟོང་མདའ་སྙུག་ཙམ་སྤྱིབོ་ནས་གསང་གནས་ཀྱི་བར་དྲང་ཐལ་ལེར་གནས་པའི་ལྟེ་བར་པདྨ་དམར་པོ་འདབ་མ་བཞིཔའི་དབུས་སུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་སོལ་མེ་ངར་མ་ལ་ཕུས་བཏབ་པ་ལྟ་བུ། དབུམའི་ཡར་སྣར་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ་སྣུམ་ལ་འདྲིལ་བ་བདེ་བའི་རང་བཞིན་འཛགལ་ཁད་པ་བསྒོམ། བདེ་དྲོད་ཀྱི་གཞི་བཅའ་བའི་དམིགས་པ་ལ་སེམས་དུམ་གཅིག་བཟུངངོ་། །དེ་ནས་རླུང་རོ་ལན་གསུམ་སང་གིས་བསལ། སྟེང་རླུང་དལ་གྱིས་རྔུབས། འོག་རླུང་

p. 193

གྱེན་དུ་འཐེན་པས་ལྟེ་བའི་ཨ་ལ་མེ་དམར་ཁྱུག་གེ་འབར། སྤྱི་བོར་ཧཾ་ལ་རེག ཧཾ་ལས་བྱངསེམས་བདེ་བའི་རྒྱུན་ནར་ནར་བབས་པས་མེའི་གསོས་བྱས་མེ་ཆེར་འབར་བས་ལས་དངབག་ཆགས་བསྲེག ཟླ་བ་བདུད་རྩིར་ཞུ་བའི་དངས་མས་དབུ་མ་དང་ལུས་ཀྱི་རྩ་ཁམས་ཐམསཅད་གང་། བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་སྐྱེས་པ་ལ་སེམས་བཟུང་སྟེ་བུམ་ཅན་ཅི་ནུས་སུབཟུང་། བུམ་ཅན་གྱིས་ངལ་ན་སྔར་གྱི་དམིགས་པ་དེ་རླུང་རང་བབས་ཀྱི་ངང་ནས་ཅི་ནུསསུ་བསྒོམ་མོ། །གཉིས་པ་ནམ་གུང་ཤེས་པ་བུམ་པར་འཇུག་པ་ནི། ལོངས་སྐུ་གླང་པོ་ཆེའིའདུག་སྟངས་ཀྱིས་འདུག་པའམ་ཡང་ན་གཡས་ཕབ་ལ་ཉལ་ཏེ། ལུས་ཀྱི་དབུས་སུ་དབུ་མསྔར་ལྟར་གསལ་བཏབ་ཁྱད་པར་དུ་སྙིང་གར་པདྨ་དམར་པོ་འདབ་མ་བཞི་པ་ཁ་ཅུང་ཟདཕྱེ་བའི་དབུས་སུ་ཨ་ཡིག་དཀར་པོ་འོད་འབར་བ་ཞིག་བསྒོམ་ལ་སེམས་དར་ཅིག་བཟུངརྗེས་སྤྱི་བོར་ཡང་ཨ་དཀར་པོ་ཞིག་བསྒོམ། དེ་ནས་ཨ་གཉིས་ཀྱི་བར་དུ་ཨ་དཀར་པོ་ཤིནཏུ་ཕྲ་བ་ཕྲེང་བ་བརྒྱུས་པ་ལྟ་བུར་གནས་པར་བསམ་ལ་རླུང་བྱང་བར་ཡོད་ན་བུམ་ཅན་ཁསྦྱོར་དུ་བཟུང་ཞིང་། དེ་ལྟར་མིན་ན་འཇམ་རླུང་རང་བབས་ཀྱི་ངང་ནས་གསལ་སྟོང་གི་ཡེཤེས་གསལ་ལེ་བའི་ངང་དུ་ཅི་ནུས་བསྒོམ། གཉིད་དུ་འགྲོ་ཁར་ཨ་རྣམས་རིམ་གྱིས་སྙིངགའི་ཨ་ལ་ཐིམ། དེ་ནས་སྤྱི་བོའི་ཨ་དེ་ཡང་སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ། སྙིང་གའི་པདྨཁ་ཟུམ་པའི་ནང་དུ་ཨ་དེ་བུམ་ནང་གི་མར་མེ་ལྟར་གནས་པར་བསམས་ལ། རྨི་ལམ་འཛིནཔའི་འདུན་པ་བཅས་ཏེ་སེམས་ཧ་ཅང་མ་གྲིམ་ཧ་ཅང་མ་གློད་པའི་ངང་ནས་གཉིད་དུ་འགྲོབར་བྱ། གལ་ཏེ་གཉིད་མ་བྱུང་ན་སྔར་གྱི་དམིགས་པ་དེ་ཁ་ཡང་ཡང་བསྐྱར། རྨི་ལམ་དངགཉིད་ཀྱི་བར་རྣམ་རྟོག་གཞན་གྱིས་མ་ཆོད་པར་སློབ་པ་ནི་གལ་ཆེ། རྣམ་རྟོག་ཤར་ཡངསྤང་བླང་བསུ་སྐྱེལ། དགག་སྒྲུབ་མི་བྱ་བར་ཨ་ཡིག་གི་སྟེང་དུ་སེམས་གློད་ཏེ་བཞག གཉིདའཐུག་པོ་མིན་པའི་གཉིད་དང་རྨི་ལམ་གྱི་བར་དོར་མི་དང་ཁང་ཁྱིམ་སོགས་རྣམ་རྟོག་གིསྣང་བ་ར་རི་ཞིག་འབྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་ན་མིག་མི་འབྱེད་པར་དེ་རྨི་ལམ་ཡིནསྙམ་པའི་འདུན་པ་གཏད་ལ་ཨ་དེའི་སྟེང་དུ་སེམས་བཟུང་ལ་བཞག་ཅིང་ངོས་ཟིན་པར་བྱས་

p. 194

དེས་ཁབ་མིག་ཏུ་སྐུད་པ་ཚུད་པ་ལྟར་མུ་འབྱོར་ཞིང་ཟིན་སླ་བ་ཡིན། དེ་ལས་ཅི་ཞིག་ན་གཉིདའཐུག་གི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པར་གསལ་སྟོང་ནམ་མཁའ་ལྟ་བུ་ལྷགམེད་འཆར་ན་དེའི་ཉམས་མ་ཤོར་བའི་ངང་ལས་ལྷ་སྐུ་སྒྱུ་མ་ལྟ་བུའི་སྐུར་ལངས་ཞིང་འཛིནམེད་སྤྲོས་བྲལ་གྱི་ངང་དུ་འཇོག་གོ །རྨིས་ན་རྨི་ལམ་དང་རྣམ་རྟོག་ཐམས་ཅད་སྙིང་ནང་གིཨ་ལ་བསྡུས་ཤིང་གོང་ལྟར་བསྒོམ་པས་འོད་གསལ་རང་བྱུང་གི་ཡེ་ཤེས་འཆར་རོ། །ཉིནམོའང་རྨི་ལམ་གྱི་འདུན་ཤུགས་དང་། སྣང་བ་ཞི་ཁྲོ་སོ་སོའ་སྐུ་སྤེལ་བསྒྱུར་བྱེད་པ་དང་། རེས་འཁོར་བའི་ལས་སྣང་སྣ་ཚོགས་ལ་སྤེལ་བསྒྱུར་བྱ་བ་དང་དག་པ་དང་མ་དག་པའི་ཞིངརྣམས་སུ་འགྲོ་ཞིང་གནས་ལུགས་བརྟག་པ་དང་། མེ་ཆུ་གཡང་ས་དང་གཅན་གཟན་སོགསཀྱིས་མཚོན་འཇིགས་སྐྲག་གི་སྣང་བ་དང་སྦྱར་ཏེ་འདུན་ཤུགས་དྲག་པོས་ཐོག་རྫིས་ཀྱིསརྩལ་སྦྱངས་པས། རྨི་ལམ་གྱི་རྟེན་དེས་ཉིན་མོ་ཇི་ལྟར་སྦྱངས་པའི་དོན་རྣམས་མཚན་མོ་གངའདོད་ཀྱི་སྤྲུལ་བསྒྱུར་བྱེད་ནུས་ཤིང་དེ་ཡང་ཐོག་མར་འོལ་སྤྱི་ཙམ་དང་། དེ་ནས་ཇེ་བརྟནཇེ་གསལ་དུ་འགྱུར་བ་ཡིན་གསུངས་ཏེ། དེ་ཡང་གཉིད་དུ་སོང་ལ་ཉེ་འཁོར་གྱི་གཟུགསམཐོང་། སྒྲ་ཐོས། དྲི་ཚོར། རོ་མྱོང་། རེག་བྱ་ཚོར། གཏམ་གྱི་དོན་རིག་ལ་རྟོག་པ་མི་སྐྱེ། གཉིད་དུ་མ་སོང་བ་མ་ཡིན་ཏེ། དེ་ལས་སད་རྒྱུ་འབྱུང་བ་ཡིན། དེ་ལྟར་བརྩོན་པ་ཆེན་པོསཡང་ཡང་བཟུང་ཀྱང་མ་ཟིན་ན། འབྱམས་པ་ཡིན་པས་སྟོང་འབྱམས། སྡུག་འབྱམས། སདའབྱམས། དྲེད་འབྱམས་སོགས་དང་། འཛིན་པའི་དུས་གནད། སྲབ་མོའི་འོད་གསལ་དང་། གཉིད་འཐུག་གི་འོད་གསལ་གྱི་ཁྱད་པར། གཞན་ཡང་རྒྱུས་བྱེད་ཚུལ། བར་དོ་དང་བྱེདཚུལ། འོད་གསལ་དང་བྱེད་ཚུལ་གྱི་དབྱེ་བ་མན་ངག་རྣམས་བླ་མའི་ཞལ་ལས་ཤེས་པར་བྱཞིང་། དེས་གཉིད་གསལ་སྟོང་འོད་གསལ་མངོན་སུམ་དུ་བྱེད་པར་འགྱུར་བ་ཡིན་ནོ། །གསུམ་པ་ཐོ་རངས་རིག་པ་གསལ་སྟོང་པ་ནི། དེ་ནས་ཐོ་རངས་གི་ཐུན་ལ་བབས་པན། སེང་གེའི་འདུག་སྟངས་བཅས་ལ། སྙིང་ནང་གི་ཨ་དེ་གསལ་སྣང་འདོན་སྐྱོར་ཞིག་བྱས་རྗེས་མིག་བར་སྣང་ལ་གཏད་དེ་ཧ་ཞེས་གསུམ་བུས་པས་སྙིང་ཁའི་པདྨ་ཁ་བྱེ་བའི་ནང་ནས་

p. 195

ཨ་དེ་ཚངས་བུག་ཏུ་རྒྱངས་གིས་ཐོན། གཞུ་གང་ཙམ་གྱི་ནམ་མཁའ་ལ་ལིང་ངེ་འདུག་པལ་སེམས་གཏད་ལ་རླུང་ཅུང་ཞིག་ཕྱིར་འཛིན་པ་ལ་བསླབ་ཅིང་། གང་ལ་ཡང་མི་རྟོག་པའིཏིང་ངེ་འཛིན་བཟང་པོ་སྐྱེ་བར་འགྱུར་རོ། །ཤེས་པ་ཡེར་ཞིང་རྒོད་ན་ཨ་དེ་ཇེ་དམར་གྱུརཏེ་སྙིང་ནང་དུ་འདུག་པ་ལ་སེམས་གཏད། མིག་ཕྱེད་བཙུམ་གྱིས་ཅུང་ཟད་དམའ་བར་བལྟཞིང་བསྒོམ། ཡང་བྱིང་ན་སྔར་ལྟར་བསྒོམ་ཞིང་བྱིང་རྒོད་དང་བྲལ་བའི་ཡེ་ཤེས་རྣམ་པརམི་རྟོག་པ་ཆུ་བོའ་རྒྱུན་བཞིན་འཆར་བ་ཡིན་ནོ། །དེ་ལྟར་མཚན་མོ་ཐུན་གསུམ་གྱི་རིམ་པསཉམས་སུ་བླངས་པས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེ་ཞིང་མངོན་པར་ཤེསཔ་ལ་སོགས་པ་མངོན་དུ་འགྲུབ། བྱ་རྩོལ་བྲལ་བ་ཀུན་བཟང་གི་ཀློང་དེར་མྱུར་དུ་གྲོལ་བརའགྱུར་བ་ཡིན་ནོ། །རྩ་བའི་ས་བཅད་གསུམ་པ་གནས་ལུགས་ཇི་བཞིན་ངོ་སྤྲད་པས་ངེས་ཤེས་བསྐྱེད་པརྗེས་ཀྱི་ཁྲིད་ནི། རིག་འཛིན་ཐུགས་ཐིག་ལས། ཞིབ་ཏུ་བརྟག་དཔྱད་དེ་ལྟར་ངེས་རྙེད་ཚེ༔ རིག་པའི་ཐོག་ཏུ་ངོ་སྤྲོད་གདབ་པར་བྱ༔ ཞེས་གསུངས་པ་རིག་པའི་རང་ངོ་སྤྲད་པའི་སྐབསསུ་བབས་པ་ཡིན་ཏེ་དེ་ལ་ཡང་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ་དང་། ཉམསམྱོང་བསྒོམ་པའི་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པནི། ཚོགས་གཏོར་རྒྱ་ཆེར་བཤམ་ཞིང་སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ལ་ལུས་དྲང་པོརབསྲངས། ངོ་སྤྲོད་འདེབས་པ་པོ་བསྒོམ་གཞིར་བྱས་ནས་སྔར་བླ་མའི་རྣལ་འབྱོར་དུ་བཤདཔའི་དམིགས་པ་ཕོབ་ལ། དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོདཀུན་སྩོལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་ཁྱད་པར་ཅན་བསྐྱེད་ནས་ཅིམཛད་ཁྱེད་ཤེས་ཀྱི་བློ་གཏད་ལིང་བསྐྱུར་ཏེ། རྩ་རྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཚད་མེདཔའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་ཉམསརྟོགས་ཁྱད་པར་ཅན་དུས་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་རློབས་ཤིག་སྙམ་དུ་མོས་གུས་གདུངཤུགས་དྲག་པོ་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ཅིག་བྱས་ལ། སྤོས་དང་གུ་གུལ་བསྲེག་

p. 196

ཅིང་བླ་མས་ཌཱ་དྲིལ་འཁྲོལ་བ་དང་བཅས་ནས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བའདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ཅེས་སོགསབརྒྱུད་པའི་གསོལ་འདེབས་ཀྱིས་བྱིན་ཕབ་རྗེས་བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས། སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེརམེད་སྤྲོས་པ་དང་བྲལ་བའི་ངང་ལ་ཤེས་པ་གློད་ལ་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུརལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། ཉམས་རྟོག་མོས་གུས་སུ་ལྷང་ངེར་ཤར། ཤེསཔ་འཛིན་མེད་དུ་ཁྲོལ་ལེར་གྲོལ། དེའི་ངང་ལ་བཟོ་མེད་དུ་ལྷོད་ཀྱིས་གློད་ལ་བཞག་པསརང་རིག་ཀ་དག་ཆོས་སྐུའི་དབྱིངས་སུ་གྲོལ་བ་ཞེས་བྱ་བ་ཡིན་ནོ། །འདི་ནི་རྩ་བའི་དངོསབསྟན་ལ་མེད་ཀྱང་ཉམས་མྱོང་སོགས་ཆེད་དུ་སྐྱེ་བའི་ཕྱིར་གཏེར་ཆེན་བླ་མ་དམ་པའི་ཕྱགབཞེས་སུ་མཛད་པས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །གཉིས་པ་ཉམས་མྱོང་ཇི་ལྟར་སྐྱེས་པའི་ཚུལ་ལ། དེ་ལ་ངོ་རང་ཐོག་ཏུ་སྤྲད་པ་དང་། འབྲས་བུ་ཕྱིར་མི་བཟློག་པ་བསྟན་པའོ། །དང་པོ་ལའང་གནས་པ། འགྱུ་བ། ཟུང་འཇུགཏུ་བསྟན་པ་དང་གསུམ་ལས། དང་པོ་དོན་སྐྱེ་མེད་དུ་རྩད་བཅད་ནས་གནས་ཐོག་ཏུ་གཞིབཅིངས་གྲོལ་མེད་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པར་ངོ་སྤྲོད་པ་ནི། སློབམ་རྣམས་སྔར་ལྟར་ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་རང་བབས་སུ་བཞག ། སེམས་གནད་རྟོག་པ་སྔ་མ་འགགས་ཕྱི་མ་མ་སྐྱེས། ད་ལྟའི་རིག་པ་གཞི་བྲལ་གཤིས་གངདུ་ཡང་མ་གྲུབ་ཅིང་། མདངས་བདེ་ཆེན་དུ་མ་འགགས་ལ་རྩལ་སྣ་ཚོགས་སུ་སྣང་ཡང་ངོབོ་སྨྲ་བསམ་བརྗོད་མེད་བློའི་སྤྱོད་ཡུལ་ལས་འདས་པའི་རིག་པ་གསལ་ལེ། ཡེར་རེ། ཧྲིགགེ རྗེན་ནེ། སང་ངེ་བ་འདི་རང་བྱུང་གི་ཡེ་ཤེས་ཆོས་སྐུ་བློ་འདས་ཆེན་པོའི་དགོངས་པ་ཡིནཔས་དེ་བཅར་ཕོག་ཏུ་ངོས་བཟུང་ལ། མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་དུ་དར་ཅིག་མཉམཔར་ཞོག་ཅིག་ཅེས་བརྡ་སྤྲད། དེ་ལྟར་བཞག་པས་རྣམ་རྟོག་གི་སྤྲོས་པ་ཉེ་བར་ཞི་ནས་བྱབྱེད་དྲན་རྟོག་ཐམས་ཅད་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རོལ་པར་འཆར་ཏེ་

p. 197

མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། རྟག་ཆད་ཀྱི་འཕྲང་མེད། བསྒོམ་བྱསྒོམ་བྱེད་ཐམས་ཅད་ལས་འདས་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པར་ལབཟླ་བའོ། །དེ་ལྟར་ཡང་ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིདམེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །གང་དུའང་མ་ཕྱེ་ཆོས་ཉིད་ལ། །ཡེཤེས་ཙམ་དུ་གྲུབ་པ་མེད། །ཞེས་དང་། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལསའདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་དང་། གསང་བ་སྙིང་པོ་ལས། བཅིངསམེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། རྒྱུདལས། སྔ་ཕྱི་དྲན་རྟོག་མེད་པ་ཡི། །ཧྲིག་གེ་སང་ངེ་གསལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིདལ། །ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ་། །ཞེས་གསུངས་ཤིང་། དེའི་ཚེ་སེམས་སྤྲོས་བྲལདུ་གནས་པ་ཆོས་སྐུ། གསལ་ལ་དེར་འཛིན་མེད་པ་ལོངས་སྐུ། སྣ་ཚོགས་སྣང་བའི་འཆརགཞིར་མ་འགགས་པ་སྤྲུལ་སྐུ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་ནི། ནོརབུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགགས་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་ཞི། །ཞེས་དང་། ཐལའགྱུར་ལས། ཡེ་ཤེས་རང་སོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་པའོ། །ཞེསགསུངས་པ་བཞིན་ནོ། །གཉིས་པ་རྩལ་སྣང་འགགས་མེད་དུ་གཏན་ལ་ཕབ་ནས་འགྱུ་ཐོག་སྤང་གཉེན་མེདཔར་རང་གྲོལ་དུ་ངོ་སྤྲད་པ་ནི། སེམས་ཉིད་བདེ་གསལ་རྣམ་པར་མི་རྟོག་པའི་ངང་ལས། མ་འགགས་པའི་རྩལ་སྣང་དྲན་རིག་འཕྲོ་འདུ་གང་ཤར་ཕྱིའི་སྣང་བ་མ་འགགས་ལ་ནང་འཛིནཞེན་གྱི་གཉེན་པོས་མ་བཅིངས་པའི་སྟེང་དུ་སྔ་ཕྱི་བསུ་སྐྱེལ་དང་། སྤང་བླངས་དགག་སྒྲུབསོགས་གང་གིས་བཅོས་བསླད་མེད་པའི་རིག་པ་གཅེར་བུ་ཧར་སང་རྗེན་པ། གསལ་རིག་དེཁའི་ངང་མདངས་རང་བབས་སུ་བསྐྱངས་པས། རྒྱ་མཚོར་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའཆུ་ཉིད་ལས་མ་འདས་པ་ལྟར་གང་ཤར་གྱི་རྟོག་པ་ཐམས་ཅད་མ་སྤང་མ་བསྒྱུར་བ་ཆོས་ཉིད་

p. 198

རོལ་པ་ལས་མི་འདའ་ཞིང་མི་འགྱུར་བའི་ཕྱིར། དེ་ཡང་ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བསསེམས་མི་གཡོ་བ་སྒྱུ་མའི་སྐྱེས་བུ་ལྟར་ཆགས་ཞེན་གྱི་རྩིས་གདབ་མེད་པར་གནས་པ་དང་། ནང་སྣ་ཚོགས་སུ་སྣང་ཡང་ཞེན་འཛིན་མེད་པ་བུ་ཆུང་གི་ཤེས་པ་ལྟར་འདི་ཞེས་ངོས་བཟུངམེད་པར་གནས་པས་བྱུང་ཚོར་གྱི་རྟོག་པ་ཐམས་ཅད་ལན་ཚྭ་ཆུར་ཐིམ་པ་ལྟར་རང་ཞི་རངསངས་ལ་སོང་བས་ཅིར་སྣང་རང་གྲོལ་ཞེས་བྱ་བ་ཡིན་ཏེ། ཕྲ་བཀོད་ལས། འགགས་མེདརྩལ་ནི་ཅིར་ཡང་འཆར། །གསལ་སྟོང་རིག་ཅིང་འགྱུར་བ་མེད། །ཅེས་དང་། སྟོང་པའིརང་བཞིན་ཅིར་ཡང་སྣང་། །སྣང་བའི་དུས་ན་སྐྱེ་བ་མེད། །ཅེས་དང་། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གཉེན་པོ་མེད་ཕྱིརའབད་རྩོལ་ཞིག །ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་གནས་འགྱུ་ངོ་བོ་དབྱེར་མེད་དུ་ཐག་བཅད་ནས། ཟུང་འཇུག་གང་ཤར་རིགཔ་རྗེན་པར་ངོ་སྤྲད་པ་ནི། སྒོ་གསུམ་རང་བཞིན་ལྷུག་པར་གནས་པའི་ངང་ལས་རྩལ་སྣངམ་འགགས་པའི་རྣམ་རྟོག་ཇི་སྙེད་ཅིག་ཤར་ཡང་དགག་སྒྲུབ་བླང་དོར་མེད་པར་རང་བབསསུ་བཞག་པས་ཆོས་ཉིད་ཀྱི་ངང་དུ་མི་གཡོ་བར་གནས་ཞིང་། གནས་པའི་རང་རྩལ་འགགཔ་མེད་པར་འཕྲོ་བའི་ཕྱིར། དེ་ལྟར་གནས་པ་དང་འཕྲོ་བའི་རང་བཞིན་གཉིས་སུ་མེད་ཅིངདབྱེར་མེད་པ་སྟེ་དེ་ཡང་གནས་འགྱུ་ངོ་བོ་ལྟོས་བཞག་ཅན་མ་ཡིན་པའི་གནད་ཀྱིས་ཚོགསདྲུག་གི་སྣང་བ་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་རིག་པ་རྗེན་བར་བཞག་པས། རྣམརྟོག་ཆེ་ཕྲ་ཐམས་ཅད་ཐོལ་སྐྱེས་ཐོལ་ནུབ་ཏུ་འཁྱགས་རོམ་ཆུར་ཞུ་བའམ། ན་བུན་ནམ་མཁརཡལ་བ་ལྟར་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་ཞིང་མི་གཡོ་བར་ཤེས་པར་བྱའོ། །དེ་ལྟརཡང་རྨད་བྱུང་ལས། ཇི་ལྟར་རྒྱ་མཚོའ་རྦ་རླབས་བཞིན། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཅེས་དང་། དོ་ཧ་ལས། ཇི་སྲིད་སེམས་ལས་རྣམ་འཕྲོབ། །དེ་ཉིད་མགོན་པོའི་བདག་ཉིད་དོ། །ཆུ་དང་རླབས་བཞིན་གཞན་མིན་ནོ། །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། དམིགས་པའི་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་

p. 199

རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སེམས་གནསན་གདོད་མའི་ངང་དུ་གནས་འཕྲོ་ན་ཡེ་ཤེས་ཀྱི་རོལ་པ་ཤར། མཉམ་ན་གཉིས་མེད་ཀྱི་ངངདུ་ཡན་པས་ཇི་ལྟར་ཤར་ཡང་ཆོས་ཉིད་ཀྱི་ངང་མདངས་ལས་མ་འདས་པ་ཡིན་ཏེ། མཉམཔ་མི་སྒྲུབ་འཕྲོ་བ་མི་དགག གནས་པ་མི་སད་དེ། ཇི་ལྟར་ཤར་ཡང་རང་གི་རིག་པའི་ཆོའཕྲུལ་ལས་མ་འདས་ཏེ། དེ་ཡང་ལུང་ལས། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིགཆོས་སྐུ་འགྱུར་བ་མེད། །གསལ་ལེ་སེ ང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའབཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དངས་པ་རྒྱ་མཚོ་བཞིན་དུ་ཞོག ། ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག། འཕྲོ་གནས་རང་རིག་དངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་མཁའ་ལ་འཕུར་བཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བམེད་པར་ཞོག །ཅེས་པས་དགག་སྒྲུབ་བླང་དོར་རེ་དོགས་པའི་གཞི་ཆལ་པ་ཞིག་འཆར་ཏེདེ་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པ་ཤེས་པར་གྱིས་ཤིག འདི་ངོས་ཟིན་པནི་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གི་དུས་ཐམས་ཅད་རང་རིག་རངགསལ་རང་བབས་ལ་ཅེར་རེ་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་ངང་གིསའཆར་ཏེ། དེ་རྩོལ་མེད་ཆུ་བོའ་རྒྱུན་བཞིན་འཇུག་པའི་དྲན་འདུན་གྱིས་སྐྱོང་བའོ། །དེ་ལྟརཡང་རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའབཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲིམས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །ཇི་ལྟར་སྣང་ཞིང་མྱོང་བའི་ཆོསཐམས་ཅད་དགག་སྒྲུབ་བླང་དོར་རེ་དོགས་མཚན་འཛིན་ལས་འདས་པར་ངོ་སྤྲོད་པའོ། །དེཡང་སྐལ་བ་དང་ལྡན་པའི་གང་ཟག་གིས་དོན་ཉམས་སུ་བླངས་པའི་རྒྱུད་ཐོག་ཏུ་བླ་མསངོ་སྤྲོད་ཐེབས་པར་བཏབ་པས་གནས་ལུགས་ཟབ་མོའི་དོན་ལ་སྒྲོ་འདོགས་ཆོད་ཅིང་དེའི་

p. 200

རྒྱུན་མ་ཉམས་པར་བསྐྱངས་པས་བརྟན་པ་མྱུར་དུ་ཐོབ་པར་འགྱུར་ཞིང་། ཡང་བསྒོམ་དོནལ་མྱོང་བ་མ་སྐྱེས་ཤིང་གོ་ཡུལ་དུ་སོང་བ་རྣམས་ལ་ངོ་སྤྲོད་བཏབ་ཀྱང་བྱ་ཤོར་དུ་འགྲོ་བསསླར་ཡང་དམིགས་རིམ་རྣམས་ལ་མྱོང་བ་ཐོན་ཐོན་གྱི་བར་འབད་ནས་བསྒོམ་ཞིང་། ཉམསརྟོགས་སྐྱེས་རིམ་དང་བསྟུན་ནས་ངོ་སྤྲོད་བཏབ་པས་རིམ་གྱིས་སྣེ་ཟིན་པར་འགྱུར་རོ། །དེལྟར་ཉམས་མྱོང་སྙིང་པོར་དྲིལ་ཏེ་བསྒོམ་པས་ཉམས་རྟོགས་དབྱར་གྱི་མྱུ་གུ་བཞིན་སྐྱེ་བརའགྱུར་རོ། །གཉིས་པ་སྤངས་ཐོབ་མེད་པ་འབྲས་བུ་ཕྱིར་མི་ལྡོག་པར་བསྟན་པ་ནི། དེ་ལྟར་ཉམསསུ་བླངས་པས་འབྲས་བུ་དྲན་བསམ་སྤྲོས་པའི་ཆོས་ཐམས་ཅད་བདག་མེད་པར་ཐོབ་པའོ། །དེ་ཡང་འདི་ཀ་དག་གི་དངོས་གཞིའི་ས་བཅད་རྣམས་ལྟ་སྒོམ་སྤྱོད་པའི་ལྡེ་མིག་སྦས་པ་མིགའབྱེད་ལྟར་གསུངས་ཀྱང་། མིང་གི་ཚིག་ཕྲད་དབྱེ་བ་ཙམ་ལས་དོན་མཚུངས་པའི་ཕྱིར། འདིར་ཁྲིད་ཡིག་ནང་མཐུན་སྤྱི་འགྲོས་ལྟར་བཀོད་པ་ཡིན་གྱི་གཞན་དུ་བཀག་པ་མེད་ཅིང་། དེ་ཡང་ཆོས་ཅན་སྤྱི་དང་ཆོས་ཉིད་རང་གི་བྱེ་བྲག་གཉིས་སུ་དབྱེ་བ་ལས་སྐབས་འདིར་དངཔོ་ཆོས་ཅན་སྤྱི་སྟེ་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་འབྲས་བཞིར་བསྟན་པ་ཡིན་གྱི། དེའང་རྒྱསཔར་གང་གིས་གང་ཞིག་གང་ལྟར་གང་ཐོབ་ཅེས་བཞི་སྐོར་དུ་གསུངས་པ་ནི། གང་ལ་བལྟན་དངོས་པོའི་གཤིས་ལ་བལྟ། གང་གིས་བལྟ་ན་རྟེན་གྱི་གང་ཟག་གིས། གང་ལྟར་བལྟ་ནཕྱོགས་རིས་མེད་པར་བལྟ། བལྟས་པས་གང་ཐོབ་ན་ཆོས་སྐུ་ཕྱི་ནང་མེད་པར་ཐོབ་པའོ། །དོན་གཉིས་པ་ཟག་མེད་ཀྱི་ཡེ་ཤེས་མངོན་སུམ་རང་གནད་དུ་ཕབ་པའི་དོན་ངོ་སྤྲོདཔ་ནི། གཞན་ལས་བདེ་གཤེགས་སྙིང་པོ་དང་རྒྱུ་རྒྱུད་སོགས་སུ་བཤད་པ་དང་། འདིརགཞིར་གནས་ཀྱི་རིག་པ་ངོ་བོ་ཀ་དག་གི་ཡེ་ཤེས་གསུམ་ལྡན། ངོ་བོ་རང་བཞིན་ཐུགས་རྗེགསུམ་སྟོང་གསལ་མཐའ་བྲལ་འགག་མེད་ཚིག་དང་བློའི་སྤྱོད་ཡུལ་ལས་འདས་པའི་མནངག་ཟབ་མོ་ཚིག་གསུམ་དུ་བསྡུས་ནས་ངོ་སྤྲོད་པའི་རིམ་པ་རྣམས་སྐལ་ལྡན་དབང་པོ་ཡངརབ་ལས་ཅན་ལ་གསུངས་པ་ཚིག་གསུམ་གྱི་སྒོ་ནས་གདམས་པ་ནི། གནས་དབེན་པར་

p. 201

སོང་ལ་ལུས་འདི་ལྟར་གྱིས། ཡུལ་ནམ་མཁའ་སྤྲིན་བྲལ་ལ། རིག་པ་འདི་ལྟར་ལྟོས་ཤིག ཅེས་པའི་དོན་ནོ། །དེ་ལྟར་ཉམས་སུ་བླངས་པས་ཉམས་མྱོང་རིག་ཐོག་ཏུ་ཕེབས་ཏེ་རིགཔའི་ངོ་བོ་ལུ་གུ་རྒྱུད་ཀྱི་རང་ཞལ་མངོན་སུམ་དུ་མཇལ་བས་ཀུན་ཏུ་བཟང་པོ་དང་སྐལ་བམཉམ་པར་གསུངས་པ་ཡིན་ནོ། །དེ་ལྟར་ཡང་འདས་རྗེས་ལས། མངོན་སུམ་གནད་འདིསུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་། གསང་བ་སྤྱོད་རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །དབྱིངས་ཀྱིནང་དུ་ལུ་གུ་རྒྱུད། །མཉམ་པར་བཞག་ཅིང་འབྲེལ་མི་བྱ། །དེ་ལྟར་སུས་ཡིས་མཐོང་བའིམི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་དག་ནི་མཉམ་པའོ། །ཞེས་གསུངས་པལྟར་རོ། །སྐབས་འདིར་དེ་ལྟར་ཉམས་སུ་བླངས་པའི་དོན་ལ་ཡིད་ཆེས་བསྐྱེད་པའི་ཕྱིརདབྱིངས་རིག་འཆར་བའི་རྒྱུ་རྐྱེན་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚདཕེབས། ཆོས་ཉིད་ཟད་པའི་སྣང་བ་བཞི་འཆར་ཚུལ་གྱི་རྟགས། མཐའ་རྟེན་གྱི་མན་ངགབཞི་ལས། མི་འགུལ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབཔ་གསུམ་གྱིས་གཟེར་གདབ་པ། ཡར་གྱི་གདེངས་གཉིས་དང་། མར་གྱི་གདེངས་གཉིས་ཏེགདེངས་བཞིས་གྲོལ་ཚད་བསྟན་པ་སོགས་ཀྱི་དོན་ལ་ངོ་སྤྲོད་པ་རྣམས་ནི་སློབ་མའི་བསྒོམཉམས་དང་བསྟུན་ནས་རིམ་གྱིས་འདེབས་པར་བྱེད་དགོས་མོད། འདིར་ནི་དེ་རྣམས་སཁོངས་འཛིན་བྱེད་ཙམ་དུ་སྨོས་པ་ལས་ཞིབ་པར་ཡི་གེས་འཇིགས་པས་མ་སྤྲོས་སོ། །སླདནས་སྙིང་ཐིག་གི་མན་ངག་སྤྱི་འགྲོས་ལྟར་ཞིབ་ཏུ་སྟོན་ཅིང་སྟོན་པ་ཡིན་ནོ། །དེ་རྣམས་ནིབརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་བའི་གདམས་པའོ། །གཉིས་པ་འབྲིང་བར་དོར་གྲོལ་བ་ལ་བཞི་ལས། དང་པོ་བར་དོའི་ངོ་བོ་ནི། གཞི་ཀདག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤརབའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའིཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ལ། དེ་ཡང་དབྱིངས་ཀ་དག་ལས་ཤར་

p. 202

ཞིང་འཆར་གཞི་དབྱིངས་སུ་མ་རྫོགས་ཀྱི་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བརདོའོ། །གཉིས་པ་དབྱེ་བ་ནི། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་གསུངསཔས། སྐྱེ་ཤིའམ་རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོདང་། སྲིད་པའི་བར་དོ་དང་བཞིའོ། །དང་པོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་ནས་འཆི་ནདཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པཚུན་ཆད་དོ། །གསུམ་པ་ནི། ནང་དབུགས་ཆད་ནས་འོད་གསལ་གྱི་སྣང་བ་ཤར་ཏེ་ལྷུནགྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེསྲིད་གྲུབ་པ་ཚུན་ཆད་དོ། །གསུམ་པ་སོ་སོའ་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་པསྟེ། དང་པོ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུ། དོནབླ་མ་དམ་པ་ལ་བརྟེན་ནས། དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་གྱིས་སྒྲོ་འདོགསབཅད་དེ་བསྒོམ་པས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཉམས་མྱོང་རིག་ཐོག་ཏུ་སྒྲོའདོགས་ཆོད་དེ་སློབ་པའི་ལམ་བཞི་དང་ས་བཅུའི་ཡོན་ཏན་རྣམས་རྫོགས་ནས་མི་སློབ་པའིའབྲས་བུ་མངོན་དུ་དབྱེ་བའོ། །གཉིས་པ་འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོསམེ་ལོང་ལ་བལྟ་བ་ལྟ་བུས་སྔར་བསྒོམ་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལའདེབས་པ་ཡིན་ཏེ། ཇི་ལྟར་འདེབས་ན་འཆི་བ་འོད་གསལ་དང་རྗེས་མཐུན་གྱི་ཐིམ་རིམརྣམས་ལ་གདམས་པའི་གནད་བློར་གསལ་བཞིན་དུ་མིག་འོད་སྣང་ལ་བལྟ་ཞིང་རིག་པསྟོང་གསལ་དུ་བཞག་པས། ད་ལྟའི་འོད་གསལ་སྐྱེལ་མ་ལྟ་བུ་དང་བར་དོའི་འོད་གསལབསུན་མ་ལྟ་བུ་གཉིས་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པ་ལྟར་གྲོལབ་ཡིན་ཏེ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་ཐིམ་པ་ན། །ལུས་ནི་ལྕི་ཞིང་ཟས་མིལེན། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛགཔར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་དྲོད་རྣམསམཐའ་ནས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་

p. 203

གཡོབ། །མིག་ཀྱང་གྱེན་ལ་ལྡོག་པ་འབྱུང་། །རྟགས་ནི་སུ་ལ་འབྱུང་བ་དེ། །ངེས་པར་ཕརོལ་འགྲོ་བས་ན། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་དྲིལ་བར་བྱ། །ཞེསགསུངས་པ་ལྟར་གདམས་པའི་དོན་རྣམས་ལ་སྐབས་འདིར་རིག་པ་གྲུང་བཏོན་ཏེ་སྐད་ཅིགཀྱང་མ་ཡེངས་པར་གསལ་བཏབ་པས། རླུང་རྣམ་ཤེས་ལ་ཐིམ་པའི་དུས་དེར་སྔ་ཕྱིའི་འོདགསལ་གཉིས་མ་བུ་འཕྲོད་ནས་གདོད་མའི་དབྱིངས་སུ་གྲོལ་བའོ། །གསུམ་པ་ཆོས་ཉིད་ཀྱིབར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོནཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣངཡེ་ཤེས་ཀྱི་རོལ་པར་ཤར་བ་རྣམས་ཐིམ་ཚུལ་ལྔའི་སྒོ་ནས་ངོས་ཟིན་པར་བྱ་སྟེ། དང་པོ་རྣམཤེས་ནི་ནམ་མཁར་ཐིམ་པའི་ཚེ་རིག་པའི་འོད་རྩ་ལ་ཞུགས་ནས་མིག་ཏུ་གནས་སྐབས་སྐདཅིག་དང་པོ་ལ་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་འོད་གསལམཐའ་དབུས་མེད་པར་འཆར། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་དུས་མ་འགྱུརབར་སྣང་བ་འགྱུར་ནས་འོད་ལྔའི་སྣང་བ་དང་། སྒྲ་འོད་ཟེར་གསུམ་གྱི་སྣང་བ་ནམ་མཁའཁྱབ་པར་འཆར། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་རིགས་ལྔའི་ཚོམ་བུ་རྣམསབསམ་གཏན་གྱི་ཞག་ལྔར་རིམ་གྱིས་འཆར། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ་རྣམས་འཆར་རོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམཔའི་དུས་སུ་ཡར་ཀ་དག་ཆོས་སྐུ་དང་ཐད་ཀར་ལོངས་སྐུ་རིགས་ལྔ། མར་འགྲོ་འདུལ་སྤྲུལསྐུ་ལ་སོགས་ཞིང་ཁམས་རྣམས་འཆར་ཞིང་། དེའི་ཚེ་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡངའཇིགས་པ་མེད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སྣང་ཡེ ཤེས་ཀྱི་རོལ་པར་ཐགཆོད་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཆོས་ཉིད་བར་དོ་ཞེས་བྱ་བ། །ད་ལྟའི་སྣང་བ་འདི་ནུབ་ཚེ། ཕུང་པོ་མེད་ཅིང་ཟག་བཅས་བྲལ། །སྣང་བ་ཐམས་ཅད་བདེ་བའི་ཞིང་། །རང་སྣང་དག་པའིསྐུར་སྣང་སྟེ། །འདི་ལ་ཐེ་ཚོམ་སུ་ཟ་བ། །སངས་རྒྱས་རྣམས་ཀྱི་སྐུ་ལ་སྒྲིབ། །ཅེས་གསུངསསོ། །དེ་ཡང་ཐིམ་ལུགས་ལྔ་པོ་མཐར་ཆགས་སུ་བགྲོད་པའི་ངེས་པ་མེད་དེ། གང་ཟག་གི་

p. 204

དབང་པོའི་རིམ་པས་རབ་ཉི་ཟླ་ཁ་སྦྱོར་ལྟར་ལུས་བོར་བ་དང་འོད་གསལ་དུ་འཆར་བ་དུསམཉམ་དུ་གྲོལ། འབྲིང་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ། ཐ་མ་ལྷུནགྲུབ་ཀྱི་སྣང་བར་གྲོལ་ཞིང་། སྣང་བའི་འཆར་ཚུལ་ཀྱང་གང་དུ་གྲོལ་བ་ཡན་དུ་འཆར་ཞིངདེ་མན་ཆད་དབྱིངས་སུ་ཐིམ་པས་མི་འཆར་ལ། དེ་དག་གང་དང་གང་དུ་གྲོལ་ཀྱང་སྐད་ཅིགདང་པོར་རང་སྣང་དུ་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུགྲོལ། བཞི་པར་གྲོལ་ཐོག་ནས་སེམས་ཅན་ཁམས་རྣམས་སུ་སྤྲུལ་པ་བཀྱེ། ལྔ་པར་ནངགསལ་བུམ་སྐུར་བཞུགས་ཤིང་སྐད་ཅིག་དེ་དག་ཀྱང་ཕལ་ཆེར་བྱ་རྫོགས་ཀྱི་སྐད་ཅིག་ཡིནཀྱང་མཐའ་གཅིག་ཏུ་མ་ངེས་ཏེ་བསམ་གཏན་གྱི་ཞག་ནི་སྔོན་ཏིང་ངེ་འཛིན་ལ་མཉམ་པརབཞག་ནས་ཕྱི་མའི་ཀུན་རྟོག་མ་སྐྱེས་ཀྱི་བར་གྱི་གོ་ཆ་ཡིན་ལ། དེ་རྣམས་ཀྱང་འདིར་ནི་རགསབསྡུས་ཙམ་དུ་བསྟན་པ་ཡིན་ནོ། །གཞན་ཡང་ཆོས་ཉིད་བར་དོའི་སྣང་བ་ལ་གདམས་པགསུམ་དུ་རིག་པར་བྱ་སྟེ། སྒྲོན་མ་སྣང་བྱེད་ལས། བར་དོར་འཇུག་གྲོལ་མཐར་ཕྱིན་ནོ། །ཞེས་གསུངས་པས་འཇུག་པ་ཤེས་པའི་གནད། གྲོལ་བ་ལུས་ཀྱི་གནད། མཐར་ཕྱིན་པ་ངོཤེས་པའི་གནད་གསུམ་གྱི་དོན་རྣམས་རང་སྟོབས་སམ། བླ་མའི་གསུངས་གི་བདུད་རྩི་མྱོངསྟེ་སླད་ནས་རིམ་གྱིས་ཤེས་ཤིང་ཉམས་འོག་ཏུ་ཆུད་པར་བྱའོ། །བཞི་པ་སྲིད་པ་བར་དོ་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པའི་གདམས་པའི་གནད་ཀྱིསདག་པའི་སྐྱེ་སྲིད་ཀྱི་ལམ་དུ་འཇུག་པའོ། །དེ་ཡང་དབང་པོའི་རིམ་པས་ངོ་སྤྲོད་ཀྱི་གནདཐོབ་ཀྱང་བསྒོམ་པ་འཕྲོ་ཅན་དུ་ལུས་ཏེ་སྐྱེ་བ་བརྒྱུད་ནས་གྲོལ་བ་དང་། གོམས་ཀྱང་ལྷུནགྲུབ་ཀྱི་སྣང་བ་ཤར་ཚེ་ཏིང་ངེ་འཛིན་གྱི་རྩལ་ཞེན་སྟོབས་ཀྱིས་སྔ་ཕྱིའི་འོད་གསལ་གཉིསཤར་ནུབ་དུས་མཉམ་པས་རང་སྣང་ངོས་མ་ཟིན་པར་སྣང་བ་རང་མལ་ལ་སོང་སྟེ། རྣམ་ཤེསལུས་རྒྱ་དང་བྲལ་སྟོབས་ཀྱིས་འབྱུང་བཞི་ཕྲ་བའི་ལས་རླུང་ལུགས་ལྡོག་ཏུ་ལངས་ཏེ། བརདོའི་ཡིད་ལུས་གྲུབ་ནས་སྣང་བ་ཐམས་ཅད་བན་བུན་ཟ་ཟི་ཆད་ཆོད། བྱ་སྤུ་རླུང་གིས་བསྐྱོད་

p. 205

པ་ལྟར་སྣ་ཚོགས་འཆར་ཞིང་། འབྱུང་བཞིའི་དངོས་པོ་གང་ལའང་ཐོག་མེད་དུ་འཇུག་ནུསཤིང་ལས་ཀྱི་རྫུ་འཕྲུལ་གྱི་མཐུ་དང་ལྡན་པ་སྔར་མེད་ཀྱི་མངོན་ཤེས་ཕྲ་མོ་འཆར་ཞིང་དབངཔོ་རྣོ་ལ་དྲན་པ་གསལ་བ། རིགས་མཐུན་གྱི་བར་དོ་གཞན་ལྷ་མིག་དག་པས་མཐོང་བ། སྔརགོམས་བག་ཆགས་ཀྱིས་ཉེ་དུ་འབྲེལ་ཡོད་སོགས་ཀྱི་ཕྱོགས་སུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེརྣམས་ཀྱིས་མ་མཐོང་ཞིང་མ་ཐོས་པས་ལན་མེད་པ་ན་རང་ཉིད་ཤི་བར་ཤེས་ཏེ། སྔར་གྱིགདམས་པ་རྣམས་དྲན་པས་བར་དོའི་འཁྲུལ་སྣང་དང་འཇིགས་སྐྲག་ཐམས་ཅད་རང་ངོ་ཤེསནས། དེ་ཡང་དབང་པོའི་རིམ་པས་བློ་རབ་རྣམས་བླ་མའི་མོས་གུས་ཀྱི་ལམ་ཁྱེར་དང་། གཟུངའཛིན་གཉིས་བསྡུས་ཀྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པས་གྲོལ་བདང་། བློ་འབྲིང་ཡི་དམ་གྱི་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་བརྟེན་ནས་གྲོལབ་དང་། མཐའ་མས་དག་ཞིང་ཡིད་ལ་བསམས་ནས་མདུན་མཁའ་ཆོས་འབྱུང་དམར་པོགདེངས་ཀ་གྱེན་བསྟ ན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབཅིང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཆོས་འབྱུང་ནམ་མཁར་སྐར་མདའ་འཕངས་པ་ལྟར་དགཞིང་དུ་སོང་བར་བསམས་ཏེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་གྲོལ་ལོ། །དེར་མ་གྲོལན་ཕྱི་མའི་མངལ་སྒོ་ངན་པ་སྤངས་ཏེ་བཟང་པོའི་འཕྲོ་མཐུད་པ་ནི། གོང་དུ་སྐྱེ་འགྱུར་གྱི་ཕམ་བླ་མ་དང་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམ་པའི་མངལ་དུ་པད་ཉི་ཟླ་སྟེངཧཱུྃ་ཡིག་དཀར་པོ་ཞིག་བསམས་ལ། དེར་རྣམ་ཤེས་འཇུག་དུས་སྐྱེ་བ་བླངས་པའི་རྟེན་འདིལ་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་བྱེད་ནུས་པར་ཤོག་ཅིག་སྙམ་པའི་འདུནཔ་རྩེ་གཅིག་པས་རང་ཉིད་རྡོ་རྗེ་སེམས་དཔར་བསྒོམ་ཏེ་དེ་ཉིད་མའི་མངལ་གྱི་ཧཱུྃ་ལ་ཐིམཔར་བསམ་ཞིང་། སྤྲོས་བྲལ་སྟོང་ཉིད་ཀྱི་ངང་དུ་བཞག་པས་ཕ་མ་དད་པ་ཅན་གྱི་བུར་སྐྱེསཏེ་ཆུང་ངུ་ནས་ཆོས་དང་འཕྲད་ཅིང་ཤེས་རབ་དང་བརྩོན་འགྲུས་དང་ལྡན་ལ། སྦྱངས་པའིལས་འཕྲོ་སད་པས་སྙིང་པོའི་བསྟན་པ་དང་མཇལ་ནས་ལམ་གྱི་འཕྲོ་མཐུད་པའི་ཚེ་དེ་ཉིདབར་དོ་མེད་པར་འཚང་རྒྱ་བར་གསུངས་སོ། །

p. 206

མཐའ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འགྲོ་བ་ནི། དབང་པོ་ཡང་རབ་ཁ་ཅིག་བེམརིག་བྲལ་མ་ཐག་སྐྱེ་བར་གསུངས་ལ། ཁ་ཅིག་ཉི་ཟླ་འཆར་ནུབ་ལྟར་ལྷུན་གྲུབ་ཀྱི་སྣང་བནུབ་པ་དང་དག་པའི་ཞིང་དུ་སྐྱེ་བ་ལེན་པ་དུས་མཉམ་པས་སྲིད་པའི་བར་དོ་མེད་ལ། ཐུནམོང་སྤྱི་ཙམ་དུ་རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མསྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་རྣམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་པས་མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མ་ཐོབ་པ་བསྒོམ་པ་འཕྲོ་ཅནདུ་ལུས་པའམ། བསྒོམ་ཀྱང་ཏིང་ངེ་འཛིན་རྩལ་ཞན་པས་བར་དོའི་གྲོལ་ཚད་དང་མི་ལྡནཔ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལངོ་ཙམ་དུ་ཤར་བ་ལས་ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་བརྒྱུད་པའི་ཐུགསརྗེས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་པར་དགའ་བ་ལ་སོགས་པ་དག་པའི་ཞིང་དུ་སྐྱེ་བབླངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས། དབང་བསྐུར། ལུངནོད། དབུགས་དབྱུང་། ལུང་བསྟན། གཟེངས་བསྟོད་རྣམས་ཐོབ་ནས་ཉོན་མོངས་པའིའཆིང་བ་ལས་གྲོལ་ནས་གདོད་མའི་ཞིང་དུ་སྐད་ཅིག་གིས་གྲོལ་བར་འགྱུར་བ་ཡིན་ནོ། །ལེ་ལོ་ཅན་བཙན་ཐབས་འཕོ་བའི་མན་ངག་ལ་བརྟེན་ནས་མཚམས་སྦྱོར་བ་ནི། རྡོར་སེམསཐུགས་ཀྱི་སྒྲུབ་པ་ལས། འདི་ཡིས་མ་བསྒོམ་བཙན་ཐབས་སུ༔ རྫོགས་པའི་བྱང་ཆུབ་ཆེནཔོའི་གནས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་པས། དབེན་པའི་གནསསུ་བདེ་བའི་སྟན་ལ་ལུས་གནད་ཀྱི་འདུག་སྟངས། སྐྱབས་སེམས་བླ་མའི་རྣལ་འབྱོར་བསྒོམཔ་རྣམས་སྔོན་དུ་གཏོང་ཞིང་། རྩ་ཁྲིད་དང་སྦྲེལ་ནས་བསྒོམ་པ་ཡིན་ན་ཟུར་དུ་གཏོང་མིདགོས་མོད། འཕོ་བ་དངོས་ལ། དམིགས་སྐོར་དང་པོ་སྟོང་ར་སྦྱང་བ། གཉིས་པ་གསལགདབ་པ། གསུམ་པ་རླུང་སེམས་བསྡུ་བ། བཞི་པ་བསུ་སྐྱེལ་ལ་སློབ་པ། ལྔ་པ་གེགས་བསལབ། དྲུག་པ་ལས་ལ་སྦྱར་བའོ། །དང་པོ་ནི། རང་ལུས་ཕྱི་པགས་པའི་སྐྱ་རིས་ལ་ནང་སྟོངཆེན་སྒྲིབ་ཐོག་དང་བྲལ་བ་བསྒོམ་མོ། །གཉིས་པ་ནི། ལུས་ཀྱི་དབུས་སུ་དབུ་མ་དངས་གསལ་

p. 207

སྦུག་སྟོང་མདའ་སྙུག་ཙམ་པ། སྤྱི་བོ་ནས་གསང་གནས་ཀྱི་བར་དུ་དྲང་ཐ་ལེར་གནས་པརབསྒོམ། གསུམ་པ་ནི། སྙིང་གར་འོད་ལྔའི་གོང་བུའི་དབུས་སུ་རང་གི་རླུང་སེམས་མི་འགྱུརབའི་དངས་མ་ཨ་དཀར་པོ་སྲན་ཆུང་ཙམ་དཀར་ཞིང་འཚེར་བ་ཞིག་བསྒོམ་པས། ཐ་མལགྱི་རྟོག་པ་འགགས་ནས་ཨ་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ནི་གོམས་པའི་ཚད་དོ། །འདི་ནིལོངས་སྐུའི་འཆར་གཞི་ཀུན་བཟང་ཡབ་ཡུམ་གྱི་དགོངས་པའོ། །བཞི་པ་ནི། རང་གི་སྤྱི་བོའནམ་མཁར་འོག་མིན་ལྷུན་གྲུབ་ཡེ་ཤེས་རིན་པོ་ཆེའི་ཞིང་ཁམས་འཇའ་ཚོན་འོད་ལྔ་འཁྱིལཔའི་དབུས་ན་པདྨ་དང་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྣམ་པར་སྣང་མཛདཡབ་ཡུམ་ལོངས་སྤྱོད་རྫོགས་པ་སྐུའི་ཆ་བྱད་ཅན་གྱི་མཐའ་བསྐོར་དུ་མི་བསྐྱོད་པ་སོགསརིགས་བཞིའི་སངས་རྒྱས་དང་། དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་བ་གསལ་བཏབཅིང་མོས་གུས་དྲག་ཏུ་བྱ། དེ་ནས་ངག་ཏུ་ཨ་ཨ་ཞེས་བརྒྱད་བརྗོད་པས་ཨ་དེ་ཇེ་མཐོ་ཇེམཐོར་གྱུར་ཏེ་རྣམ་སྣང་གི་ཐུགས་ཀར་སིབ་ཀྱི་ཐིམ་པར་བསམ་ལ་མཉམ་པར་བཞག ཡངཨ་དེ་རྣམ་སྣང་གི་ཐུགས་ཀ་ནས་རང་གི་སྙིང་གར་བདེ་ཕྲིལ་ཏེ་བབས་པར་བསམ། གེགསཆུང་ཁྱད་ཚངས་བུག་ཏུ་ཧྃ་དཀར་པོ་ཞིག་གསལ་བཏབ་པ་དེ་ལས་བདུད་རྩིའི་རྒྱུན་རྣམ་ཤེསཀྱི་ཐིག་ལེ་ལ་སིབ་སིབ་བསྟིམ་ལ། གང་ལྟར་ཀྱང་མཐར་ཧཾ་དང་རོ་གཅིག་ཏུ་གྱུར་པ་རྣམསྣང་གི་ཐུགས་ཀར་བསྟིམ་ཞིང་། དེ་ནས་རིགས་ལྔའི་ཚོམ་བུ་ཇེ་མཐོ་ཇེ་ཕྲར་གྱུར་ཏེ་ནམམཁའ་ལ་འཇའ་ལྟར་ཡལ་བར་བསམ་ལ་ཨ་གྲངས་ཇི་ལྟར་རིགས་པ་བརྗོད་ཅིང་གསལསྟོང་སྤྲོས་པ་དང་བྲལ་བའི་ངང་དུ་འཇོག་གོ །སྔར་ནས་འཕོ་བ་འབྱོངས་ཟིན་པ་ཡིན་ན་ནམདགོས་དུས་ལས་ལ་སྦྱར་བས་ཆོག་གི དེ་ལྟར་མིན་ན་ཞག་བདུན་ལ་སོགས་པའི་བར་དུརྟགས་ཐོན་ཐོན་བསྒོམ་དགོས་སོ། །ལྔ་པ་ནི། མཇུག་ཏུ་གེགས་སེལ་རླུང་འཇུག་གནས་ལྡངགསུམ་དང་སྦྱར་བའི་རྡོར་བཟླས་ཅི་ནུས་བྱ་ཞིང་མཐར་དགེ་བ་བསྔོ། དྲུག་པ་ནི་བཟློག་ཏུམེད་པའི་འཆི་ལྟས་ཤར་ན་འཕོ་བར་བྱ་སྟེ། སྡོམ་འབྱུང་ལས། དུས་ལ་བབས་ན་འཕོ་བྱཡི། །དུས་མིན་ལྷ་རྣམས་གསོད་པར་བྱེད། ལྷ་རྣམས་གསོད་པ་ཙམ་གྱིས་ནི། །མི་ནི་དམྱལ་

p. 208

བར་འཚེད་པར་བྱེད། །དེས་ན་མཁས་པས་འཆི་བ་ཡི། །མཚན་མ་ཡང་དག་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །འཕོ་བའི་དུས་ནི། འཕོ་བའི་མན་ངག་ལས། དུས་ནི་འཆི་བའོད་གསལ་ལས། །ལྡང་བའི་དུས་ནི་ཉེས་མེད་དོ། །ཅེས་གསུངས་སོ། །དེ་ཡང་སྤྱི་བོའཚངས་བུག་བུ་ག་ཧར་རེ་ཡོད་པར་བསམས་ལ། སྙིང་གའི་ཐིག་ལེ་རྣམ་སྣང་གི་ཐུགས་ཀརབསྟིམ་པའི་བར་སྔར་ལྟར་ལས་ཐིག་ལེ་མི་འབེབས་ཞིང་། ལན་གཅིག་གསུམ་སོགས་ཅིརིགས་ཀྱི་མཐར་སྔར་ལྟར་རིགས་ལྔའི་ཚོམ་བུ་ཇེ་མཐོར་གཤེགས་རྗེས་འཕོ་བྱ་འཕོ་བྱེདབྲལ་བའི་ངང་དུ་རང་སེམས་བདེ་སེང་ངེར་སྐྱུར་ལ་འཇོག་གོ །དེས་ནི་བར་དོའི་འོད་གསལངོས་ཟིན་ཅིང་སྲིད་པ་བར་དོའི་གཡང་ས་མི་མཐོང་། གཞོན་ནུ་བུམ་སྐུའི་ཞིང་ཁམས་ཀུནཏུ་བཟང་པོའི་ས་ལ་སངས་རྒྱས་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབངའབྱོར་བ་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་ནས་སྤྱི་དོན་གསུམ་པ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ། གང་དུ་སངས་རྒྱ་བ། ཇི་ལྟར་ཐུགས་རྗེས་མཛད་པའི་ཕྲིན་ལས། འབྲས་བུ་ཐོབ་པའི་དུསབཤད་པ་དང་གསུམ་ལས། ལྷག་མེད་དང་ལྷག་བཅས་སུ་སངས་རྒྱ་ལུགས་གཉིས་གསུངསཔའི་དང་པོ་ལྷག་མེད་མྱང་འདས་ནི། ཀློང་གསལ་ལས། ཡང་དག་རྫོགས་པར་སངས་རྒྱསཔ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་པས་ཉོན་མོངས་ཕྲ་རགས་དང་། འབྱུང་ལུས་ཀྱི་གདོས་བཅས་ཐམས་ཅད་དག་ནས། ངོ་བོ་སྐུ་རུ་སངས་རྒྱས་པས་སྐུ་གསུམའདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་རྒྱས་པས་འདུ་འབྲལ་མེད། ཐུགས་རྗེདང་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་དེ། སྔ་མ་ལས། ངོ་བོསྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོརཡེ་སངས་རྒྱས། །ཞེས་གསུངས་ཞིང་། དེ་ཡང་ཚེ་འདིའམ་རང་བཞིན་སྤྲུལ་སྐུའི་ཞིང་དུསངས་རྒྱས་པ་ལ་བཞེད་དོ། །གཉིས་པ་ལྷག་བཅས་མྱང་འདས་ནི། ཀློང་གསལ་ལས། བདེནཔ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་

p. 209

པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་པ་ལྟར་ས་ལམ་གྱི་ཡོན་ཏན་རིམ་གྱིས་བགྲོད་དེ་གདོས་བཅས་ཀྱི་ཕུང་པོ་ལྷག་བཅསབཞག་ནས་འོད་དང་། སྒྲ་དང་། ས་གཡོ་བ་དང་། སྐུ་དང་གདུང་སོགས་ཕྱི་ནང་གི་རྟགསསྣང་དང་བཅས་འཚང་རྒྱ་བར་འགྱུར་ཏེ། སྙིང་གི་མེ་ལོང་ལས་མངོན་པར་རྫོགས་པར་སངསརྒྱས་པ་ནི་འོད་དང་སྒྲ་དང་སྐུ་གདུང་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །ཞེས་གསུངསཔ་ལྟར་བར་དོར་སངས་རྒྱས་པ་ལ་བཞེད་པ་ཡིན་ནོ། །དེ་ཡང་འབྱུང་ལུས་བཞག་པ་ལ་ལྷགམེད་མྱང་འདས་དང་། འོད་སྐུར་གཤེགས་པ་ལ་ལྷག་བཅས་མྱང་འདས་ཞེས་བཤད་པ་མཡིན་ནོ། །གཉིས་པ་ནི། དེ་ལྟར་གྲོལ་ལུགས་གསུམ་པོ་གང་དུ་སངས་རྒྱས་ཀྱང་ཐུགས་རྗེམཛད་པ་ཕྲིན་ལས་ནི། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་སྐུ་གཉིས་ཀྱི་མཐུ་ལས་རྒྱལསྲས་སར་གནས་རྣམས་དང་། ཐུན་མོང་གི་གདུལ་བྱ་ལ་གཞན་སྣང་ལོངས་སྤྱོད་རྫོགས་པདང་། སྤྲུལ་པའི་སྐུའི་རྣམ་འཕྲུལ་མཐའ་ཡས་པར་བསྟན་དོན་མཛད་པ་ནི་རྒྱུད་བླ་མ་ལས། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམསཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེདཔ་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཅེས་གསུངས་པ་ལྟར་གང་ལ་གང་འདུལ་གྱི་སྤྲུལ་པའི་རྣམ་རོལ་སོ་སོའ་མོས་ངོར་མཐའཡས་པར་སྟོན་པ་སྟེ། དེའང་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པདུས་གསུམ་འཕོ་འགྱུར་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ་ཕྱོགས་བཅུའི་ཞིང་རྣམསསུ་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་སྐུའི་དོན་མཛད་པ་ནི། མཁའ་དབྱིངས་ཀྱི་ཟླ་བ་དྭངསཔའི་ཆུ་སྣོད་དུ་མར་འཆར་བ་ལྟ་བུ། འཁོར་བ་ཇི་སྲིད་བར་དུ་དོན་མཛད་པ་ནི་ཡིད་བཞིནགྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་ཆདཔ་ཡིན་ནོ། །གསུམ་པ་འབྲས་བུ་ཐོབ་པའི་དུས་བཤད་པ་ནི། འདས་རྗེས་དོན་ཁྲིད་ལས། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པས་མྱང་འདས་དངོས་ལ་

p. 210

སྦྱོར། །ཞེས་དང་། ཨ་ཏིའི་ལམ་རིམ་སྙིང་པོ་ལས། དེ་ལྟར་ཁྱད་པར་མཐར་ཐུག་དོན༔ བྱབ་ཐོང་ལ་ཉམས་སུ་ལོངས༔ བསོད་ནམས་ཚོགས་ཀྱི་ཡ་མཐའ་བསྐྱེད༔ ས་ལམ་ཡོན་ཏནམ་ལུས་པ༔ སྐད་ཅིག་ལ་བསྒྲོད་སྐུ་ལྔ་དང༔ ཡེ་ཤེས་ལྔར་ནི་སངས་རྒྱས་པའོ། །ཞེས་གསུངསཔ་ལྟར་ཡང་གསང་བླ་ན་མེད་པའི་གདམས་པ་འདི་རྩེ་གཅིག་ཏུ་ཉམས་སུ་བླངས་ན་དབངཔོ་ཡང་རབ་རྣམས་ཚེ་གཅིག་ལུས་གཅིག་གིས་གྲོལ་བ་དང་། ཡང་ན་རབ་ལོ་གསུམ། འབྲིངལོ་ལྔ། ཐ་མས་མི་ལོ་བདུན་ཚུན་ལ་གྲོལ་བར་བཀའ་དྲིན་མཉམ་མེད་བླ་མ་དམ་པས་གསུངསསོ། །སྐབས་འདིར་ཤེས་པར་བྱ་བ་ནི། སྔར་ལྟ་བ་ལ་འདིའི་སྐབས་འདི་ལྟར་འཁོར་བའིཆོས་ཐམས་ཅད་སྒྱུ་མའི་སྣང་བ་ལྟར་མེད་པ་གསལ་སྣང་ཙམ་དུ་ཐག་བཅད་མོད། སྤྱོད་པཤན་འབྱེད་པའི་སྐབས་སུ་ཤེས་པར་བྱ་བ་ནི། ཇི་སྲིད་བདག་འཛིན་གྱི་རྟོག་པ་དབྱིངས་སུམ་ནུབ་ཀྱི་བར་དུ་མེད་བཞིན་དུའང་ལས་ཀྱི་འབྲས་བུ་མི་བསླུ་བར་འབྱུང་བས། གང་ལཆགས་ཞེན་མེད་པའི་སྒོ་ནས་དགེ་སྡིག་གི་བླང་དོར་མ་ནོར་བར་སྤྱོད་ཅིང་། སྡོམ་གསུམའགལ་མེད་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་བླངས་དགོས་ཤིང་། དེ་ཡང་སོ་ཐརགྱི་བསླབ་བྱ་གཞན་གནོད་གཞི་དང་བཅས་པ་སྤངས། བྱང་སྡོམ་གྱི་བསླབ་བྱ་བདག་བསགཞན་གཅེས་པར་འཛིན། སྔགས་སྡོམ་གྱི་བསླབ་བྱ་སེམས་ཅན་ཐམས་ཅད་རྡོ་རྗེ་གསུམགྱི་ལྷར་ཡེ་ནས་རྫོགས་པའི་དག་སྣང་མོས་གུས་བྱེད། ཁྱད་པར་བླ་མ་དམ་པ་དུས་གསུམསངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་པའི་མོས་གུས་དང་ཞབས་ཏོག་ལཚད་བཟུང་མེད་པའི་སྒོ་ནས་སྟོན་པར་བྱ་དགོས་ཤིང་། སྤྱོད་པ་དུས་ཚོད་དང་འབྲེལ་བརབསླབ་པ་ནི་ཅི་ནས་གལ་ཆེའོ། །འདིར་ཉམས་སུ་ལེན་པའི་གདམས་ངག་གི་འདེབས་ལུགསགསུམ་གྱི་སྒོ་ནས་གསུངས་པ་ཡང་ཡོད་དེ། དང་པོ་ཁྲིད་གྱི་སྒོ་ནས་འདེབས་པ་སྨིན་གྲོལགཉིས་ཀྱི་གདམས་པ་མན་ངག་གི་ཚུལ་གྱིས་སྟོན་པ་དང་། གཉིས་པ་ངོ་སྤྲོད་ཀྱི་སྒོ་ནས་ཀདག་དང་ཐོད་རྒལ་གྱི་དོན་ཁོ་ན་ལ་སྟོན་པར་བྱ་བ་དང་། དེའི་རྗེས་འབྲེལ་དུ། དབྱིངསམཚོན་བྱེད་མེ་ལོང་། ཡེ་ཤེས་མཚོན་བྱེད་རྨ་བྱའི་མདོངས། ཟུང་འཇུག་མཚོན་བྱེད་མན་

p. 211

ཤེལ་སོགས་ལ་བརྟེན་ནས་ངོ་སྤྲོད་ཉེར་གཅིག་དང་། ལྔ་ཚན་ལྔའི་སྒོ་ནས་གདབ་པ་དང་། གསུམ་པ་མགྲོན་པོ་ལ་བརྒལ་ལ་ཚངས་ཕྲུགས་སུ་འདེབས་པ་ནི། དེ་ཡང་དུས་མཐའི་ཚེའཆི་ཁའི་མི་དེ་མགྲོན་པོ་ལམ་ཞུགས་ལྟ་བུ། འཆི་བའི་སྡུག་བསྔལ་ལ་ཆེན་པོ་ལྟ་བུ། དེའིལམ་སྣར་སྣང་བའི་འཆ ར་ཚུལ་སྣ་ཚོགས་སྣང་བ་རྣམས་ངོ་མ་ཤེས་ན་དགྲར་ལྡང་བའི་ཚངཡོད་ཅིང་། ངོ་ཤེས་ན་གྲོགས་སུ་འཆར་བའི་ཚང་ཡོད་པས། འཆི་ཁའི་དུས་དེར་ངོ་སྤྲོད་ཚངཕྲུགས་སུ་འདེབས་པར་གསུངས་སོ། །དེའང་ཕྱི་མ་གཉིས་པོ་ས་བཅད་དང་པོར་འདུ་བ་ཡིནནོ། །ཡང་རྫོགས་རིམ་ཡོངས་རྫོགས་སྨིན་སློབ་ཏུ་ཁྲིད་པར་འདོད་ན། ཐུན་མོང་གི་སྔོནའགྲོ་ནས་བརྩམ་སྟེ་སྔོན་འགྲོ་སེམས་སྦྱང་བདུན། ཐུན་མོང་ཁྱད་པར་གྱི་ཚོགས་བསགསཔ་དང་། དེ་ནས་ཆགས་བྲལ་རླུང་དང་ཆགས་ཅན་ཐིག་ལེའི་རྣལ་འབྱོར། ཀ་དག་གི་ཁྲིདདམིགས་རྣམས་དང་། འཁོར་འདས་རུ་ཤན་ནས་བཟུང་ཐོད་རྒལ་གྱི་མན་ངག །སྐུ་གསུམགྱི་འདུག་སྟངས་ལ་སློབ་ཚུལ། མཚན་མོའི་ཐུན་གསུམ་ལ་ཡེ་ཤེས་གནད་དུ་བསྣུན་པའིམན་ངག རྨི་ལམ་བཟུང་སྦྱང་སྤེལ་བསྒྱུར་ལ་འབད་པའི་རིམ་པ་རྣམས་རེ་རེ་ནས་རྒྱུད་ལམྱོང་བ་མ་ཐོན་གྱི་བར་དུ་བསྒོམ་པ་ལ་སློབ་དགོས་ཤིང་། དེ་ལྟར་བསྒོམ་པས་ཉམས་རྟོགཀྱང་དབྱར་གྱི་མྱུ་གུ་ལྟར་སྐྱེ་བར་འགྱུར་རོ། །དེ་ལ་བླ་མ་དམ་པ་སྒོམ་ཉམས་ཅན་གྱིས་དེདག་གི་གོ་དོན། སྒོམ་པའི་དགོས་བྱེད། ལུས་ཉམས་དང་སྣང་ཉམས་སེམས་ཉམས་སོགསཕྱི་ནང་གི་རྟགས་ཚད། གེགས་སེལ་བོགས་འདོན་གྱི་རིམ་པ་རྣམས་ཉམས་རྟོགས་སྐྱེས་རིམདང་བསྟུན་ནས་ངོ་སྤྲོད་པ་རྣམས་ནི་ཟངས་ཡིག་ཅན་དང་འགྲེལ་པ་དུམ་བུ་གཉིས་པ་དུངཡིག་ཅན་དང་དགོངས་འགྲེལ་ཡང་ཏིག་ཡིད་བཞིན་ནོར་བུའི་ལེགས་བཤད་ཀྱི་ཟབ་དོནརིག་འཛིན་བརྒྱུད་པའི་ཕྱག་བཞེས་དམར་ཁྲིད་རྣམས་ཀྱི་དབྱེ་བསྡུས་གནད་ཀྱིས་བཀྲོལ་ཏེབཤད་ན་ལེགས་ཤིང་། དེ་ལྟར་གོམས་པས་ས་ལམ་གྱི་ཡོན་ཏན་རྣམས་མཐར་ཕྱིན་ནསམི་སློབ་པའི་འབྲས་བུ་ཟུང་འཇུག་སྐུ་བཞི་དང་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཀུན་ཏུ་བཟངཔོའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་འགྱུར་རོ། །

p. 212

འདིར་སྨྲས་པ། གང་ཡང་འཆད་བྱེད་སྐྱེས་བུ་དམ་པ་ཡི། །འཆད་གཞི་སྙིང་ཐིག་མནངག་མ་བུ་གཉིས། །འཆད་ཚུལ་རིག་འཛིན་བརྒྱུད་པའི་བཀའ་སྲོལ་རྣམས། །གཅིག་འདུསམཉམ་མེད་གཏེར་ཆེན་བླ་མ་རྗེ། །མགོན་དེས་གསུང་གསང་ཟབ་དོན་སྙིང་པོའི་རྒྱུན། །བདག་བློའི་ཡོལ་གོར་འཁྱིལ་གང་དམ་པའི་བཀའ། །གུས་པས་མཆོད་དང་བསྟན་འགྲོརསྨན་འདོད་ཀྱི། །ལྷག་བསམ་ཁོ་ནས་ཡི་གེའི་རིས་སུ་བསྡེབས། །དགེ་དེས་བདེ་ཆེན་ཐབསཤེས་ལམ་ཟབ་མོར། །རབ་ཞུགས་རྣམ་གྲོལ་རིན་ཆེན་ཐེམ་སྐས་ལ། །འཛེགས་ནས་ཐརགླིང་ཞིང་ཁམས་ཉམས་དགའ་བར། །འཇུག་པའི་སྐལ་བཟང་འགྲོ་འདིས་ཐོབ་པར་ཤོག ཅེསརྫོགས་པ་ཆེན་པོའི་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདྲེས་ཀྱི་གདམས་པབདེ་ཆེན་ལམ་བཟང་ཞེས་བྱ་བ་འདི་ནི་གསེར་ཟངས་འགྱུར་མེད་བསྟན་འཛིན་དོན་ལྡན་གྱིགསུང་གིས་རིང་མོ་ནས་བསྐུལ་ཞིང་། ཁྱད་པར་སྐྱབས་མཆོག་འཁོར་ལོའ་མགོན་པོ་དཔལལྡན་བླ་མ་དམ་པ་འགྱུར་མེད་རིན་ཆེན་རྣམ་པར་རྒྱལ་བའི་སྡེས་ལྷ་རྫས་བཟང་པོའི་གནངསྐྱེས་དང་བཅས་བཀའི་གནང་བས་དབུགས་དབྱུང་བ་དད་པའི་གཙུག་གིས་མཆོད་དེ། སེམསསྦྱངས་བདུན་སོགས་སྔོན་འགྲོ་ཚོགས་བསགས་ཀྱི་རིམ་པ་རྣམས་གྲུབ་ཏུ་ཉེ་བའི་ཚེ། མཆོགསྤྲུལ་རིན་པོ་ཆེ་ཀུན་བཟང་འགྱུར་མེད་མཆོག་གྲུབ་དཔལ་འབར་བཟང་པོས་ས་སྙིང་གི་དོངརྩེ་དང་། རིན་ཆེན་གཉིས་པའི་དོང་རྩེའི་གནང་སྐྱེས་དང་བཅས་བཀའི་ཅོད་པན་སྤྱི་བོར་སྩལབའང་གྱེན་ལྡོག་མ་ནུས་པར། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་རྣམས་རང་བློསགང་སྤོབས་སུ་བཀོད་དེ། ཆུ་ཁྱི་ས་གས་ཉ་བའི་མར་ངོའ་མཁའ་འགྲོ་འདུ་བའི་དུས་ཆེན་ལ། གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་གི་ཉེ་འདབས། མཁའ་སྤྱོད་བདེ་ཆེནགླིང་གི་དབེན་གནས་བསམ་གཏན་གྱི་ཁང་བུར་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་རྟགསཙམ་འཛིན་པ་མི་འགྱུར་དཔལ་གྱི་སྒྲོན་མས་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་དགེ་སློང་དགེབའི་བཤེས་གཉེན་འགྱུར་མེད་འཕེལ་རྒྱས་ཀྱིས་བགྱིས་པའོ། །དགེ་ལེགས་འཕེལ།།

བཀའ་གསང་རྫོགས་པ་ཆེན་པོ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིདཡིག་མན་ངག་གསལ་སྒྲོན་སྙིང་པོ། རྗེ་བཙུན་མི་འགྱུར་དཔལ་སྒྲོན།

p. 213

བཀའ་གསང་རྫོགས་པ་ཆེན་པོ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིདཡིག་མན་ངག་གསལ་སྒྲོན་སྙིང་པོ་ཞེས་བྱ་བབཞུགས་སོ། །རྗེ་བཙུན་མི་འགྱུར་དཔལ་སྒྲོན།

p. 214

བཀའ་གསང་རྫོགས་པ་ཆེན་པོ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིདཡིག་མན་ངག་གསལ་སྒྲོན་སྙིང་པོ་ཞེས་བྱ་བབཞུགས་སོ། །ༀ་སྭ་སྟི། བཀའ་གསང་རྫོགས་པ་ཆེན་པོ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་མནངག་གསལ་སྒྲོན་སྙིང་པོ་ཞེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལལྡན་བླ་མ་བཀའ་དྲིན་མཉམ་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་༧ཞབསལ་གུས་པས་ཕྱག་འཚལ་ལོ། །དང་པོའི་སངས་རྒྱས་ཆོས་སྐུ་སྣང་མཐའ་ཡས། །རང་སྣངམ་འགགས་ལོངས་སྐུ་སྤྱན་རས་གཟིགས། །གང་འདུལ་མོས་ངོར་སྤྲུལ་སྐུ་པདྨ་འབྱུང་། །གཅིག་བསྡུས་རྒྱལ་ཚབ་གཏེར་ཆེན་བླ་མར་འདུད། །སྔོན་བྱོན་བདེ་གཤེགས་རྣམས་ཀྱིདགོངས་པའི་སར། །འཁྲིད་ཐབས་རྨད་བྱུང་ཐེམ་སྐས་མྱུར་བདེའི་ལམ། །ཡང་ཟབ་དཀོནམཆོག་སྤྱི་འདུས་གདམས་པའི་ཁྲིད། །མན་ངག་གསལ་སྒྲོན་སྙིང་པོ་འདི་ན་ཤར། །དེ་ཡང་ཇི་སྐད་དུ། ཨེ་མ་ཧོཿ དམ་ཆོས་ཀུན་གྱི་སྙིང་པོ་ནི༔ གསང་བ་ལས་ཀྱང་ཆེསགསང་བ༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི༔ རང་གཞུང་ལེའུ་བརྒྱད་བསྟན་པ༔ ཡེཤེས་མཁའ་འགྲོས་ལེགས་པར་ཉོན༔ ཐོག་མ་བར་དང་ཐ་མ་གསུམ༔ དང་པོ་ཁུངས་ཐུབལོ་རྒྱུས་ནི༔ ཁོག་ཕུབ་སྲིད་པ་ཆོས་འབྱུང་དང ༔ བཀའ་བསྟན་མན་ངག་རྒྱབ་ཆོས་སོགས༔ རྣམ་བཞག་ཚད་ལྡན་བསྟན་པའོ༔ བར་དུ་བླ་མའི་རྣམ་ཐར་ནི༔ རྒྱ་བོད་སྲིན་ཡུལ་མདོ་ཙམབསྟན༔ ཐ་མ་ལག་ལེན་ངོ་སྤྲོད་ཀྱིས༔ སྐལ་ལྡན་མྱུར་གྲོལ་གདམས་པ་བཤད༔ ཅེས་རྩབའི་ས་བཅད་གསུམ་དུ་བསྟན་པ་ལས། འདིར་ཕྱི་མ་སྐལ་ལྡན་མྱུར་གྲོལ་གྱི་གདམས་པཉིད་སྐབས་སུ་བབས་པའོ། །དེ་ལ་ཡང་། ཐོག་མར་མཎྜལ་འབུལ་བ་དང་། གདམས་ངག་

p. 215

སྟོན་པ་གཉིས་ལས་དང་པོ་ནི། སློབ་མས་འདོད་པའི་དོན་ལ་གསོལ་བ་འདེབས་པའི་སླདདུ་མཎྜལ་སྤྱི་ལྟར་འབུལ་བའོ། །གཉིས་པ་ནི། སློབ་དཔོན་ཉིད་ཏིང་ངེ་འཛིན་གྱི་དགོངསཔ་དང་ལྡན་པས། འོ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ནམེད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བྱའོ་སྙམ་པའིཐུགས་བསྐྱེད་རྒྱ་ཆེན་པོས་ལེགས་པར་གསལ་འདེབས་པ་དང་། གནས་ཀྱི་ཁང་པ་འདི་ཉིདཀྱང་འོག་མིན་ཁྱབ་བརྡལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། འཆད་པ་པོའི་སློབ་དཔོན་ཡང་མངོནརྫོགས་སྟོན་པ་འོད་དཔག་ཏུ་མེད་པ་གསུང་རྡོ་རྗེའི་བདག་ཉིད་ཅན། ཐུགས་ཟབ་ཞི་སྤྲོསབྲལ་འོད་གསལ་ཆོས་སྐུའི་ངོ་བོར་བཞུགས་ཤིང་། སྐུ་ལ་མཚན་བཟང་བོ་སུམ་ཅུ་རྩ་གཉིསདང་དཔེ་བྱད་བརྒྱད་ཅུས་སྤྲས་པ། གསུང་གྲག་སྟོང་སྐྱེ་བ་མེད་པ་སྲིད་ཞིའི་རྒུད་པ་མཐའདག་སེལ་བའི་ཆོས་ཀྱི་སྒྲ་སྐད་ལྷང་ལྷང་སྒྲོག་པར་མོས་ཏེ་གསན་པ་དང་། ཆོས་གསན་པའིཀུན་ཏུ་སྤྱོད་པ་དེ་ཡང་། སྐྱེས་རབས་ལས། རབ་ཏུ་དམན་པའི་སྟན་ལ་འདུག །དུལ་བའིདཔལ་ནི་རྣམ་པར་བསྐྱེད། །དགའ་དང་དད་པའི་མིག་གིས་བལྟ། །ཚིག་གིས་བདུད་རྩི་འཐུང བ་བཞིན། །ནད་པས་སྨན་པའི་ངག་ཉན་ལྟར། །རིམ་གྲོ་བསྐྱེད་ལ་ཆོས་ཉོན་ཅིག །ཅེསདང་། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡནཔས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམསཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ལྟར་སློབ་དཔོན་ལ་དད་པ་དང་ལྡན་པས་སྒོ་གསུམལེགས་པར་བསྡམས་ཏེ་གཞན་དུ་མ་ཡེངས་པའི་སྒོ་ནས་གསན་འཚལ། གང་གསན་པརབྱ་བའི་ཆོས་ཀྱི་རིམ་པར་གྱུར་པ་འདི་ཉིད་ནི། མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་རྩེ་མོའམཡང་ཞུན། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་སངས་རྒྱས་ཐམས་ཅདཀྱི་བགྲོད་པ་གཅིག་པའི་ལམ། ཐར་འདོད་རྣམས་ཀྱི་འཇུག་ངོགས། ཚེ་འདི་ཉིད་ལ་འཚངརྒྱ་བའི་མྱུར་ལམ། ཡང་ཟབ་ཨ་ཏི་རྫོགས་པ་ཆེན་པོ་དཀོན་མཆོག་སྤྱི་འདུས་ཀྱི་རིམ་གཉིསཀྱི་ལམ་ཟབ་མོས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་འཁྲིད་པར་

p. 216

བྱེད་པ་ལ། དེ་ཡང་རྡོ་རྗེ་འབར་བའི་རྒྱུད་ལས། ཕུན་སུམ་ཚོགས་པ་ལྔ་ལྡན་པས། །བདེགཤེགས་བཀའ་རྒྱུད་འབྱུང་བའི་རྒྱུ། །དེ་མ་ཡིན་པས་རྒྱུད་མི་འབྱུང་། །ཞེས་དང་། ཕུནསུམ་ཚོགས་པ་ལྔ་ལྡན་གྱིས། །དགོས་འདོད་འབྱུང་ཞིང་རྒྱུ་དང་ལྡན། །ཆོས་རྣམས་གཏནལ་འབེབས་པའོ། །ཞེས་གསུངས་པ་བཞིན། ཕུན་སུམ་ཚོགས་པ་ལྔ་ཡི་སྒོ་ནས་འཆད་པརབྱེད་པ་ལ། དེ་ཡང་དང་པོ་འཆད་བྱེད་ཀྱི་སློབ་དཔོན་ཕུན་སུམ་ཚོགས་པ་ནི། མདོ་སྡེ་རྒྱནལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ངང་གིསཆུབ། །ཅེས་དང་། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །ཞེས་སོགས་ཕྱི་ནང་གི་དེ་ཉིད་བཅུལ་སོགས་པ་དང་། མན་ངག་འདི་ཉིད་ཀྱི་དབང་དུ་བྱས་ན། ཨ་ཏིའི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལརྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་པས་ཐོས་བསམ་གྱི་བྱ་བ་མཐརཕྱིན་པས། མདོ་རྒྱུད་ཀྱི་མན་ངག་ལ་མཁས་ལ་སྒོ་གསུམ་ཐ་མལ་གྱི་རྟོག་པས་དབེན་པསའཇིག་རྟེན་གྱི་བྱ་བ་དང་བྲལ་བ། དོན་དམ་ཆོས་ཉིད་ཀྱི་འོད་གསལ་མངོན་དུ་གྱུར་པས་སྣངབཞིའི་འཆར་སྒོ་ཚད་ལ་ཕེབས་པ། གནས་ལུགས་ཀྱི་དོན་ལ་ཤེས་རབ་ཀྱི་སྒྲོ་འདོགས་ཆོདཔས་སློབ་མའི་འདོད་དོན་ལ་མ་རྨོངས་པ་རྣམས་སོ། །གཉིས་པ་འཆད་ཡུལ་གྱི་སློབ་མ་ཕུནསུམ་ཚོགས་པ་ནི། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེངབ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་པས་བླ་མ་དང་གདམས་ངག་ལ་ཡིདསྤྲོ་ཞིང་དོན་དུ་གཉེར་བ་སྟེ་དང་བའི་དད་པ། བསྒྲུབ་བྱའི་འབྲས་བུ་ལ་ཆེས་དུང་བ་འདོདཔའི་དད་པ། ཉེར་འཚེའི་རྐྱེན་གྱིས་མི་འཕྲོག་པ་མཐར་ཐུག་གི་དད་པ་སྟེ་བྱིན་རླབས་མྱུརདུ་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་ལྷུན་གྲུབ་སྒྲུབ་པ་ལ་དཔའ་མི་ཞུམ་པ་གོ་ཆའི་བརྩོནའགྲུས་ཕྱི་བཤོལ་དང་ལེ་ལོའ་དབང་དུ་མི་གཏོང་བ་སྦྱོར་བའི་བརྩོན་འགྲུས། མཐར་སྐྱེལབ་ལ་སྐྱོ་ངལ་དང་ཐང་ལྷོད་མེད་པ་རྟག་སྦྱོར་གྱི་བརྩོན་འགྲུས་ཏེ་ཉམས་རྟོགས་སྐྱེ་སླ་བ།

p. 217

གནས་ལུགས་ཟབ་མོའི་དོན་ལ་ལྟ་བའི་ཤེས་རབ་གསལ་བས་གོལ་ས་ཆོད་པ། སྲིད་པའིབདེ་འབྱོར་སོགས་འདོད་ཡོན་ལ་མ་ཆགས་པས་ཚེ་འདི་འཁྲི་བ་ཆོད་པ། བླ་མ་དང་ལྷ་ལརྩེ་གཅིག་པའི་ཕུ་དུད་ཆེ་བས་བྱིན་རླབས་ངང་གིས་འཇུག་པ། གསང་སྔགས་ཀྱི་ལམ་ལ་ཐེཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལ་འཇུག་པ། ཆགས་སྡང་སོགས་མ་རིགཔའི་རྟོག་པས་དབེན་པས་སེམས་ལ་གཡེང་བ་མེད་པ། རྩ་བ་དང་ཡན་ལག་གི་དམ་ཚིགགཉེར་དུ་བླངས་པ་ལས་མི་འདའ་བས་སྡོམ་གསུམ་དང་ལྡན་པ། གནས་ལུགས་ཟབ་མོའསྒོམ་སྒྲུབ་ལ་སྐྱོ་དུབ་མེད་པའི་བརྩོན་འགྲུས་དང་ལྡན་པ་རྣམས་སོ། །གསུམ་པ་གང་དུ་སྒྲུབཔའི་གནས་ཕུན་སུམ་ཚོགས་པ་ནི། ཀློང་གསལ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོདདམ། །ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱ་བའིགནས། །ཞེས་གསུངས་པས། གནས་རང་བཞིན་གྱིས་དབེན་ཞིང་བཀྲ་ཤིས་པ། སྐྱེ་བོའརྒྱུ་འགྲུལ་དང་ཅ་ཅོ་ཉུང་བ། དགྲ་ཀུན་གྱིས་འཚེ་བ་མེད་ཅིང་ས་ཆུ་ལུས་ལ་འཕྲོད་པ། བསམགཏན་ངང་གིས་འཕེལ་ཞིང་རིག་པ་ངང་གིས་དྭངས་པའི་གནས་ཉིད་བསྟེན་པའོ། །བཞི་པགང་གི་ཚེ་བྱ་བའི་དུས་ཕུན་སུམ་ཚོགས་པ་ནི། དེ་ཉིད་ལས། དབྱར་མ་སྟོན་དང་དགུ ན་ཆུངདཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གསུངས་པས། དུསདེར་བསིལ་དྲོད་སྙོམས་པས་བྱིང་རྨུགས་ཀྱི་རྐྱེན་ཉུང་ཞིང་མངོན་གསུམ་གྱི་ཡེ་ཤེས་འཆརསླ་བ་དང་། ངོ་སྤྲོད་བདེ་བའི་དབང་དུ་བྱས་པའོ། །ལྔ་པ་འཆད་གཞིའི་ཆོས་ཕུན་སུམ་ཚོགསཔ་ལ་གཉིས་ལས། ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་པའོ། །དང་པོ་ལོ་རྒྱུས་ནི། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་དང་། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེདཔའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་གསུངས་ཤིང་། ཇི་ལྟར་བཤད་ནདེ་ཉིད་ལས། བརྒྱུད་པ་ཉེ་ཟབ་ཁུངས་བཙུན་ཞིང་། །ཀུན་ཏུ་བཟང་ནས་རིམ་པར་བཤད། །ཅེས་གསུངས་པ་ལྟར། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་

p. 218

པདྨ་འབྱུང་གནས། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། མྱང་བན་ཏིང་འཛིན་བཟང་པོ། གཏེརསྟོན་འཇའ་ཚོན་སྙིང་པོ། འཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། པདྨ་དངོས་གྲུབརྡོ་རྗེ། དེ་ནས་རིམ་པར་བརྒྱུད་དེ། བཀའ་དྲིན་མཉམ་མེད་དཔལ་ལྡན་བླ་མ་དམ་པ་མཆོགགི་༧ཞབས་པད་དྲི་མ་མེད་པའི་དྲུང་དུ། ཁོ་བོས་འདི་ཉིད་ཀྱིས་དབང་ལུང་གདམས་ཁྲིདདང་བཅས་པ་ཡོངས་སུ་ཐོབ་པའོ། །གཉིས་པ་ལོ་རྒྱུས་དེ་ལྡན་གྱི་གདམས་པ་ལ་ཡང་། མ་སྨིན་པ་སྨིན་པར་བྱེད་པའི་དབངདང་། སྨིན་ཟིན་གྲོལ་བར་བྱེད་པའི་གདམས་པ་གཉིས་ལས་འདིར་ཕྱི་མ་ཉིད་སྟོན་པའོ། །དེ་ལ་ཡང་དབང་པོ་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རངབཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བའོ། །དང་པོ་རབ་ཚེ་འདིར་འཚང་རྒྱ་བ་ལའངགསུམ་སྟེ། ཟབ་ལམ་བསྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད། བསྐྱེད་རྫོགས་ཀྱིལམ་ལ་འཇུག་པ་དངོས་གཞིའི་ཁྲིད། མཐར་ཐུག་འབྲས་བུའི་གྲོལ་ཚུལ་སྟོན་པ་རྗེས་ཀྱི་ཁྲིདདོ། །དང་པོ་ལའང་ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིསལས། དང་པོ་ཐུན་མོང་གི་སྔོན་འགྲོ་ལའང་གསུམ་སྟེ། ངེས་འབྱུང་གི་བློ་བཅོས་པ། ཐེགཔ་སྤྱིའི་རྨིང་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་དོ། །དང་པོངེས་འབྱུང་གི་བློ་བཅོས་པ་ནི། ཁྲིད་གསར་བུ་བ་ཡིན་ན། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་རྣམས་འདི་ཉིད་ཀྱི་རྩ་བ་རྡོརྗེའི་ཚིག་རྐང་ལེའུ་བརྒྱད་དུ་བསྟན་པ་དང་། དེའི་དཀའ་འགྲེལ་རི་རྒྱལ་ལྷུན་པོ། ཡང་འགྲེལསྙིང་པོ་གསལ་བྱེད། ཉང་བན་ཏིང་འཛིན་བཟང་པོའི་ཞུས་ལེན། ཡོ་ག་གསུམ་གྱི་སྒྲུབ་རིམ། ལྟ་སྒོམ་སྤྱོད་འབྲས་སོགས་ནས་ལུང་དང་རིགས་པའི་འཕྲུ ལ་འཁོར་ལ་བརྟེན་ནས་གོང་གིདམིགས་རིམ་རྣམས་རེ་རེ་ནས་ཞིབ་མོར་བཤད་ནས་རྒྱུད་ལ་མྱོང་བ་ཅི་རིགས་མ་ཐོན་གྱིབར་དུ་བསྒོམ་དུ་འཇུག་དགོས་ཤིང་། འདིར་སྔར་ནས་བློ་འབྱོངས་ཟིན་གྱི་དབང་དུ་གནསསྐབས་སུ་འཇུག་པ་བདེ་ཞིང་དོན་གྱི་གནད་གཅིག་ཏུ་འབབས་པས་དེ་རྣམས་ལ་གསལ་

p. 219

འདེབས་སྙིང་པོར་འདྲིལ་ན། བསམ་གཏན་ལ་ཚེར་མ་མི་འབྱུང་ཞིང་གནས་དབེན་པརསྟན་བདེ་བ་ལ་འདུག་སྟེ། འདི་ལྟར་བསམ་པར་བྱའོ། །འདི་ལ་ཡང་དམིགས་སྐོར་གསུམསྟེ་དང་པོ་ནི། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའིདོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དགའབྱོར་པ་ག་ལ་འགྱུར། །ཞེས་གསུངས་པས། ད་རེས་བདག་གིས་རྟེན་ཕུན་སུམ་ཚོགས་པདལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ། དམ་པའི་ཆོས་དང་མཇལ། བླམ་དགེ་བའི་བཤེས་གཉེན་གྱིས་ཟིན། ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་སྐབསའདིར་འཁོར་བའི་སྡུག་བསྔལ་ལས་ཐར་བ་ཞིག་ངེས་པར་བྱ་དགོས། ཅིའི་ཕྱིར་ན། དཔེརན་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར། དཀའ་ཞིང་དཀོན་པའི་རྟེནཁྱད་པར་ཅན་རྙེད་པའི་སྐབས་འདིར་མ་འབད་ན། ཕྱིས་ནས་རྒྱུ་རྐྱེན་དཔེ་གྲངས་གང་ལབསམས་ཀྱང་འདི་ལྟ་བུའི་རྟེན་འབྲེལ་མི་འཛོམ་པས། གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོསཔ་དང་། ཆུ་ལུད་དྲོད་གཤེར་འཛོམ་དུས་ས་བོན་ཅི་ཐེབས་བྱེད་དགོས་པ་བཞིན་དུ། བྱངཆུབ་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྐབས་འདིར། ཚེ་འདི་སྣང་གི་ཟས་ནོརལོངས་སྤྱོད་སོགས་སྲིད་པའི་བདེ་འབྱོར་གང་ལ་ཡང་མ་ཆགས་པར། ནམ་ཞག་གཏན་གྱིའདུན་མ་དམ་པའི་ཆོས་ཡང་དག་པ་ཞིག་མི་བྱེད་རེ་ཤི་སྙམ་དུ་བསམ་པའོ། །གཉིས་པ་ནི། ཆོས་བྱེད་པ་དེ་ཡང་སྒེག་མོའི་མགོ་ལ་མེ་ཤོར་བའམ་སྡར་མའི་པང་དུསྦྲུལ་ཞུགས་པ་ལྟར། ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མ་སོང་བར་འཕྲལ་དུ་རང་བྱེད་དགོསཏེ། དེའི་རྒྱུ་མཚན། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག ཁྱད་པར་སྐྱེས་བུའི་ཚེའདི་ནི་སྐད་ཅིག་ཀྱང་མི་རྟག་ཅིང་ཡིད་བརྟན་མི་རུང་སྟེ། སྐྱེས་ཕན་ཆད་ཚེ་རིང་ཐུང་གི་ཁྱདཔར་ཅུང་ཟད་ཙམ་མ་གཏོགས་ཚེ་ཐར་དུ་ལུས་པ་གཅིག་ཀྱང་མེད་དེ། མཐར་རྒན་གཞོནབར་མའི་གོ་རིམ་ཙམ་ཡང་མ་ངེས་པར་ཐམས་ཅད་འཆི་ངེས་པ་ཅན་ཡིན་ཏེ། དེ་ཡང་སློབདཔོན་རྟ་དབྱངས་ཀྱིས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་གང་ཞིག་མ་ཤི་བ། །གལ་

p. 220

ཏེ་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་པས། དེ་ཡང་ཚེལ་སྣོན་མ་མེད་ཅིང་འགྲིབ་པ་ནི་ལྟག་ཆུ་ཆད་པའི་རྫིང་བུ་མཐིལ་རྡོལ་དང་འདྲ། འཆི་བའིརྐྱེན་ནི་ཆར་རླུང་གསེབ་ཀྱི་མར་མེ་དང་འདྲ། ཚེ་སྲོག་གིས་མི་བརྟན་ཅིང་བསླུ་བ་ནི་ཆུའི་ལྦུབ་དང་འདྲ། ནམ་འཆི་ཆ་མེད་པར་རྟག་མི་ཐུབ་པ་ནི་ཤིང་རྩེའི་བྱ་དང་འདྲ། འཆི་བ་ལ་ཇེཉེ་ཇེ་ཉེར་འགྲོ་བ་ནི་ཉི་རྒས་ཀྱི་གྲིབ་སོའམ། གསོད་སར་འཁྲིད་པའི་སེམས་ཅན་དང་འདྲ། འཆི་རྐྱེན་ནི་འདིས་བྱ་བ་མེད་དེ། ཕན་དུ་རེ་བས་ཀྱང་འཆི་བའི་རྐྱེན་བྱེད། དེས་ན་རང་ཉིདཀྱིས་ཀྱང་དགྲ་གཉེན་བར་མའི་འགྲོ་བ་དེ་ཙམ་ཞིག་ཤི་བ་མཐོང་ཐོས་སུ་གྱུར་མོད། མདོརན་རང་ཉིད་ཀྱང་ཕྱེ་མ་ལེབ་མར་མེ་དང་འཕྲད་པ་ལྟར་གཟའ་གདོང་ཐུག་ལྟ་བུའི་དོ་ནུབ་རངམི་འཆི་བའི་གདེང་མེད་དེ། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་པས་ན། །དེརིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་དང་། སྤྱོད་འཇུག་ལས། དེ་རིང་ཁོ་ན་མིའཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་གསུངས་སོ། །དེས་ན་འཆི་བའི་ཚེཆོས་མིན་པ་གང་གིས་ཀྱང་མི་ཕན་ཏེ། དཔེར་ན་རང་ཉིད་ཀྱིས་བ རྩིགས་པའི་ཁང་ཁྱིམ་དང་། བསགས་པའི་ནོར་རྫས། མཛའ་བའི་གཉེན་བཤེས་གང་ཡང་རྗེས་སུ་མི་འབྲང་བར། ལསདགེ་སྡིག་གཉིས་པོ་རྗེས་སུ་འབྲང་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེནནས་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེསབུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེསདང་། སློབ་དཔོན་ཆེན་པོས། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ། །འདུས་པའི་ཐ་མ་དེབཞིན་འབྲལ་བ་ཡིན། །བསགས་པ་འཛད་ཅིང་འབྱོར་བ་གུད་པའི་རྒྱུ། །ཞེས་གསུངས་པལྟར། སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོནཔོའི་ཐ་མ་ལྷུང་བ་སྟེ་དེ་བཞི་ལས་མ་འདས་པས། དེས་ན་ནད་པ་འཆི་ཁ་མ་སང་གི་སོ་མཚམསམི་བྱེད་པ་ལྟར། ངེས་འབྱུང་དང་སྐྱོ་ཤས་དྲག་པོས་ཚེ་འདི་སྣང་གི་བྱ་བཞག་ཐམས་ཅད་རྒྱབ་

p. 221

ཏུ་དོར་ཏེ། སྐད་ཅིག་ཀྱང་སོས་དལ་དུ་སྡོད་མི་ཁོམ་པར་བརྩོན་འགྲུས་ནི་བསྐལ་ཆེན་གྱིམེ་འབར་བ་ལྟ་བུའི་ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་བཀོལ་ཏེ་ཉིན་མཚན་བར་མེདམགལ་མེའི་འཁོར་ལོ་བསྐོར་བ་ལྟར་འབད་དགོས་པར་བསམ་པའོ། །གསུམ་པ་ནི། ཤི་བ་རང་བདེན་མོད་ཀུན་གྱི་ལམ་ཆེན་ཡིན། དེ་ལ་འཇིགས་རྒྱུ་ཅི་རངཡོད་སྙམ་ན། ཤི་ནས་སྐྱེ་བ་ལེན་མི་དགོས་པར་སེམས་ཅང་མེད་དུ་འགྲོ་ན་དེར་ཟད་མོད། ཅང་མེད་དུ་མི་འགྲོ་བར་སྐྱེ་བ་རེ་ངེས་པར་ལེན་དགོས་ཏེ། དཔེར་ན་ས་བོན་མངར་ཁ་ཡིསའབྲས་བུ་སོ་སོར་སྨིན་པ་བཞིན། ལས་དགེ་བ་དང་མི་དགེ་བའི་རྒྱུ་ལས་འབྲས་བུ་བདེ་སྡུགསོ་སོར་སྨིན་ཏེ་རང་རང་གིས་མྱོང་དགོས་ཏེ། མདོ་ལས། ལུས་ཅན་རྣམས་ཀྱི་ལས་དག་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སོསོར་སྨིན། །ཞེས་གསུངས་བཞིན། ཐར་འདོད་རྣམས་ཀྱིས་དགེ་སྡིག་གི་བླང་དོར་མ་ནོརབ་གལ་ཆེ་སྟེ། དེའི་རྒྱུ་མཚན། དགེ་བ་རང་གིས་མ་བྱས་པར་ཁྱེར་དབང་ནི་མེད། སྡིག་པབྱས་ཟིན་སྐྱུར་དབང་ནི་མེད། ཤི་བའི་རྗེས་སུ་ལས་དགེ་སྡིག་གཉིས་པོ་རྗེས་སུ་འབྲངསནས་ཡར་འགྲོ་དང་མར་འགྲོའི་ས་མཚམས་ཤན་འབྱེད་ཀྱི་སྐབས་འདིར། ལག་ལེན་དང་ཞེའདོད་ཕྱིན་ཅི་མ་ལོག་པར། དགེ་བའི་ལས་ལམ་མཐའ་དག་ཕྲ་བ་ནས་སྒྲུབ་དགོས་ཏེ། དཔེརན་ཆུའི་ཐིགས་པས་བུམ་པ་དང་པོ་ནས་མཐའ་མའི་བར་ཡོངས་སུ་འགེངས་པ་བཞིན། རངརྒྱུད་ལ་དཀར་པོའི་ཡོན་ཏན་ཐམས་ཅད་སྐྱེད་བྱེད་ཡིན་པའི་ཕྱིར། འཆི་གསོས་ཀྱི་སྨན་བཞིནབསྟེན་པར་བྱ། དེ་ཡང་སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམགྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབརྒྱུ་ཡིན་ཏེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་སོ། །མི་དགེའི་ལས་ལམ་ཐམས་ཅད་ཆུང་དུས་སྤང་དགོས་ཏེ། དེའི་རྒྱུ་མཚན་དཔེ་མེ་སྟག་ཆུངངུ་ཞིག་གིས་ཀྱང་རྐྱེན་རླུང་དང་འཕྲད་ན་རྩའི་ཕུང་པོ་རི་རབ་ཙམ་ཡང་སྐད་ཅིག་ལ་འཇོམསཔ་བཞིན། བསོད་ནམས་ཆ་མཐུན་གྱི་དགེ་བ་ཐམས་ཅད་ཁོང་ཁྲོ་དྲག་པོ་གཅིག་གིས་འཇོམས་

p. 222

འགྲོ་སྟེ། དེ་ཡང་སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགསམཆོད་པ་སོགས། །ལེགས་བྱས་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པརབྱེད། །ཅེས་གསུངས་པས། དེས་ན་སྡིག་པ་མི་དགེ་བའི་ལས་མཐའ་དག་དུག་དང་འདྲེསཔའི་ཁ་ཟས་བཞིན་དུ་སྤང་དགོས་ཏེ། རང་རྒྱུད་ལ་སྡུག་བསྔལ་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །དེར་མ་ཟད་ལུང་མ་བསྟན་དགེ་བར་བསྒྱུར་བ་གལ་ཆེའོ། །དགེ་བ་དེ་ཡང་རང་བཞིན་མེདརྟོགས་ཀྱིས་ཟིན་ན་ཟག་མེད་ཀྱི་དགེ་བའམ་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་སྟེ། ཐརཔ་དམ་པའི་རྒྱུར་གྱུར་པས། འབྲས་ལོ་ལེགས་ན་རྩ་ཕུབ་ཞོར་ལ་འབྱུང་བ་ལྟར་གནས་སྐབསཀྱི་བདེ་འབྲས་ཐམས་ཅད་ཞོར་ལ་འབྱུང་བས་བརྩོན་པས་བ སྒྲུབ་པར་བྱ་ཞིང་། དེ་ལས་གཞནདུ་ཐར་ལམ་དང་མ་འབྲེལ་བའི་ཟག་བཅས་ཀྱི་དགེ་བ་ནི་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ། གནས་སྐབས་སྲིད་པའི་བདེ་འབྱོར་ཙམ་བསྐྱེད་ནས་ཟད་པར་འགྱུར་བས་གཉིད་ཐུན་རེའིརྨི་ལམ་སད་པ་ལྟར་སྙིང་པོ་མེད་དེ། ཅིའི་ཕྱིར་ན། ཚངས་པ་དང་བརྒྱ་བྱིན་སོགས་འཁོརལོས་སྒྱུར་རྒྱལ་རྣམས་ཀྱང་ཕྱེ་ལེབ་འཐོར་རླུང་གིས་བསྐྱོད་པ་ལྟར་ཤི་ནས་གར་སྐྱེ་དང་གརའགྲོའི་གཏད་སོ་མེད་པར་རྨི་ལམ་གྱི་སྣང་བའམ་ཟོ་ཆུན་འཁྱུད་མོ་བཞིན་འཁོར་བའི་སྐྱིདསྡུག་རྒྱལ་ཕམ་ཐམས་ཅད་རེ་མོས་མ་གཏོགས་གཅིག་ཁོ་ནས་རྟག་མི་ཐུབ་ཅིང་ཡིད་བརྟནམི་རུང་སྟེ། བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླརཡང་ལས་ཀྱི་དབང་གིས་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་གྱུར། །ཅེས་དང་། དེ་ཉིད་ལས། ལྷ་ཡུལ་འདོད་བདེ་ཤིནཏུ་ཆེན་པོ་ཡང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུདཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེ ན་འཚལ་ལོ། །ཞེས་གསུངས་སོ། །དེཡང་ཟག་པ་དང་བཅས་པའི་མི་དགེ་བའི་ལས་ཆེ་འབྲིང་ཆུང་གསུམ་གྱིས་ངན་སོང་གསུམདུ་སྐྱེས་ན་ནི་དེ་དག་གི་སྡུག་བསྔལ་མྱོང་བ་ལྟ་ཅི་སྨོས། དེ་དག་མཐོང་ཐོས་སུ་གྱུར་ནའངསྙིང་རླུང་ལྡང་བ་ཙམ་དུ་སྡུག་བསྔལ་བཟོད་གླགས་མེད་དེ། བཤེས་སྤྲིངས་ལས། དམྱལ་

p. 223

བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱིས། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་དགོས། །ཞེས་གསུངས་ལ། འོ་ན་མཐོ་རིས་སུ་སྐྱེས་ན་དེས་ཆོག་གམ་སྙམ་ན་མི་ཆོག་སྟེ། ངན་སོངགསུམ་ལ་ལྟོས་ནས་མཐོ་རིས་ཞེས་བཤད་ནའང་། དཔེར་ན་མེ་ཆེ་ཆུང་གང་ཡིན་ཡང་ཚ་བལས་མ་འདས་ཏེ། དེ་རྣམས་སུ་ཡང་སྤྱིར་མི་ལའང་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ལྷ་མ་ཡིནལ་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ། ཁམས་གོང་མགཉིས་ན་རེ་ཞིག་སྡུག་བསྔལ་མངོན་འགྱུ ར་བ་མེད་ནའང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལས་བོན་དུ་གནས་པ་ཉིད་རང་རང་གི་སྔོན་ལས་ཀྱི་འཕེན་པ་ཟད་དེ་ངན་སོང་གསུམ་ལ་སོགསཔར་སྡུག་བསྔལ་རྒྱུན་མི་ཆད་པར་བསྟེན་དགོས་ཏེ། དེས་ན་ཁམས་གསུམ་འཁོར་བ་འདིམཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གནས་གང་དུསྐྱེས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངསགང་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་ཏེ། རྒྱུད་བླ་མར། མི་གཙང་བལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པ་བཞིན། དེས་ན་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེ་གསུམ་གྱིས་དུས་རྟག་ཏུ་མནརཏེ། དཔེར་ན་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པའམ། ནག་ཅན་བཙོན་དོང་ནས་བྲོས་པལྟར། སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་འདོད་ཀྱི་བློ་བཅོས་མིན་གྱི་ངེས་འབྱུང་དངསྐྱོ་ཤས་གཏིང་ཚུགས་གལ་ཆེའོ། །གཉིས་པ་ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བ་ནི། དེལྟ་བུའི་འཇིགས་རུང་འཁོར་བའི་སྡུག་བསྔལ་དེ་ལས་བསྐྱབ་ནུས་པ་ནི། དཀོན་མཆོག་རིནཔོ་ཆེ་རྣམ་པ་གསུམ་ཁོ་ན་མ་གཏོགས་གཞན་མེད་དེ། དེའི་རྒྱུ་མཚན་བརྒྱ་བྱིན་དང་ཚངསཔ་སོགས་འཁོར་ལོ་སྒྱུར་རྒྱལ་རྣམས་ཀྱང་གཞན་གྱི་བདེ་འབྲས་ཙམ་ལས་མཐར་ཐུག་གིསྐྱབས་གནས་མ་ཡིན་ཏེ། ཅིའི་ཕྱིར་ན། ནག་ཅན་བཙོན་དོང་ན་གནས་པ་གཅིག་གིས་གཅིག་

p. 224

བསྐྱབ་མི་ནུས་པ་ལྟར། རང་ཉིད་ཀྱང་འཁོར་བ་ན་གནས་པའི་ཕྱིར་རོ། །དེས་ན་དཀོན་མཆོགརིན་པོ་ཆེ་རྣམ་གསུམ་ཁོ་ནར་ངེས་པ་ལས། དེ་ལ་ཡང་ཐེག་པ་དམན་པའི་དབང་དུ་བྱས་ན། དཀོན་མཆོག་གསུམ་འགོག་ལམ་གཉིས་ཀྱི་སྟེང་ནས་འཇོག་སྟེ། མངོན་པ་མཛོད་ལས། གངཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དངགཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པ་ཡིན་ཞིང་། དེ་ཡངཐེག་པ་ཆེན་པོ་ལྟར་ན། སངས་རྒྱས་ཆོས་སྐུའི་བདག་ཉིད་ཅན་ཞིག་ལ་འཇོག་དགོས་ཏེ། མགོན་པོ་བྱམས་པས། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅནཕྱིར། །ཞེས་དང་། གཞན་ཡང་བརྟག་གཉིས་ལས། དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བར་ཁྱབ་ནས་གནས། །ཞེས་དང་། མགོན་པོ་བྱམས་པས། རྫོགས་སངསསྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅནཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པས། དེ་ལྟ་བུའི་སངས་རྒྱས་ཐམསཅད་ཀྱི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མིཁྱབ་པ་མངའ་བའི་བདག་ཉིད་ཅན་དེ་ནི་རྩ་བའི་བླ་མ་ཁོ་ནར་ངེས་ཏེ། ཇི་སྐད་དུ། ང་ནི་ཕྱིམའི་:དོན་གྱི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཚུལ་བཟུང་ནས། །ཁྱོད་ལ་སོགསཔའི་དོན་བྱེད་འགྱུར། །ཞེས་གསུངས་ཤིང་། དེར་མ་ཟད་རང་ལ་དངོས་སུ་གནང་བའི་སངསརྒྱས་ནི་བླ་མ་ཉིད་ཡིན་ཏེ། ཅིའི་ཕྱིར་ན། རྩ་བའི་བླ་མའི་སྐུ་དགེ་འདུན་དཀོན་མཆོག ། གསུང་དམ་ཆོས་དཀོན་མཆོག །ཐུགས་སངས་རྒྱས་དཀོན་མཆོག་ཏུ་ངེས་ཏེ། ཇི་སྐད་དུ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །ཞེས་དང་། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་བྱུང་། །ཞེས་སོགས་རྒྱ་ཆེརགསུངས་པ་ལྟར། འདི་ནི་རྩ་བའི་བླ་མ་གཅིག་པུ་དཀོན་མཆོག་ཀུན་འདུས་ནོར་བུ་ལུགསསུ་བསྒོམ་པ་ཡིན་ཏེ། དེ་ཡན་སྐྱབས་ཀུན་འདུས་པའི་བདག་ཉིད་དཀོན་མཆོག་རིན་པོ་ཆེརྣམ་པ་གསུམ་ཁོ་ན་ལ་སྐྱབས་དང་ར་མདའ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམ་ལ་ལུས་སེམས་

p. 225

རྣལ་དུ་ཕབ་སྟེ། རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་རང་བཞིནཅན་ལག་མཐིལ་ལྟར་སྙོམ་པའི་མདུན་གྱི་ནམ་མཁར་འཇའ་ཚོན་འོད་ལྔ་འཁྲིགས་པའི་དབུསསུ་སེང་ཁྲི་པད་ཟླའི་སྟེང་དུ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་རྣམ་པ་གུ་རུ་རིན་པོ་ཆེ་པདྨ་འོདའབར་དུ་གསལ་བ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་རང་ལ་དགྱེས་ཤིང་བརྩེ་བའིཚུལ་དུ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་བླ་མའི་ཡོན་ཏནདང་ཐུགས་རྗེ་རྗེས་སུ་དྲན་བཞིན་པས་ལུས་ངག་ཡིད་གསུམ་ཆིག་དྲིལ་གྱི་མོས་གུས་དྲགཔོས། མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལདུ་གསོལ་སྙམ་པའི་བསམ་པ་རྩེ་གཅིག་པས། ༀ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལསྐྱབས་སུ་མཆི༔ ཞེས་སྙིང་ཐག་པ་ནས་སྐྱབས་འགྲོ་ཅི་ནུས་བྱས་ནས་ཐུན་མཐར་སྐྱབས་ཡུལགྱི་སྐུ་ལས་འོད་ཟེར་འཕྲོས་པ་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབཐམས་ཅད་ཉི་མས་བ་མོ་ཞུ་བ་ལྟར་དག སེམས་ཅན་ཐམས་ཅད་འོད་ཟེར་དང་འགྲོགསཏེ་དག་པའི་ཞིང་དུ་དྲངས། སྐྱབས་ཡུལ་ཉིད་འོད་དུ་ཞུ་ནས་རང་ལ་བསྟིམས་ཏེ་རང་གི་ལུསངག་ཡིད་གསུམ་དང་བླ་མའི་རྡོ་རྗེ་གསུམ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་བསྟིམ། འཁོར་གསུམ་རྣམ་པར་མི་རྟོག་པའི་ངང་ལ་མཉམ་བཞག་དང་། རྗེས་དགེ་བ་བསྔོ་ཞིང་། ཉལ་བའི་ཚེ་རྟེན་མ་བསྡུས་པར་དེ་ཉིད་ལ་མགོ་བོ་ཕྱོགས་ཏེ་མོས་པ་རྩེ་གཅིག་པས་གཉིདདང་བསྲེ་བར་བྱ་ཞིང་། དེའི་ཕན་ཡོན་དང་བསླབ་བྱའི་གོ་དོན་སོགས་སྤྲོ་ན་ཇི་ལྟར་རིགསཔར་བཤད་དོ། །གསུམ་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པ་ནི། མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངསཔས། དེ་ལ་ཡང་དོན་དམ་དང་ཀུན་རྫོབ་སེམས་བསྐྱེད་གཉིས། དེའི་ཕྱི་མ་ལ་ཡང་སྨོནའཇུག་སོགས་ཡོད་ནའང་། སྐབས་འདིར་བསྡུ་ན་རྟེན་སྙིང་རྗེ། བརྟེན་པ་བྱང་ཆུབ་ཀྱི་སེམསགཉིས་སོ། །དང་པོ་རྟེན་སྙིང་རྗེ་ནི། ཕྱོགས་བཅུའི་ནམ་མཁའ་ལ་ཇི་ལྟར་གཞལ་ཡང་མཐའམེད་པ་ལྟར། འཇིག་རྟེན་གྱི་ཁམས་ལ་ཡང་མཐའ་མེད། དེ་ཐམས་ཅད་འགྲོ་བ་རིགས་དྲུག་

p. 226

གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་ཀྱིས་བདག་གིཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། བྱས་རེས་བཞིན་དུ་ད་ལྟའི་མས་ཇི་ལྟར་བསྐྱངས་བབཞིན་དུ་གནོད་པ་ཚད་མེད་པ་ལས་བསྐྱབས། ཕན་སྒོ་དུ་མ་ནས་ཡང་དག་པར་བཏགསཔའི་དྲིན་ཅན་ཤ་སྟག་ཡིན། འདི་རྣམས་འདོད་པ་བདེ་བ་འདོད་ཀྱང་རྨོངས་ཤིང་ཐབས་ལམི་མཁས་པས་བསྒྲུབ་པ་སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་པ་ལག་ལེན་དང་ཞེ་འདོད་ཕྱིན་ཅི་ལོགཏུ་གྱུར་པས། དེ་ཡང་ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་སྤྱོད། ལ་ལ་ནི་སྡུགབསྔལ་གྱི་འབྲས་བུ་ལ་རྟག་ཏུ་སྤྱོད་ཅིང་མནར་བས་ཉམ་ཐག་པར་གྱུར་པ་ལ་བཟོད་མེད་ཀྱིབྱམས་དང་སྙིང་རྗེ་བསྐལ་ཆེན་གྱི་མེ་འབར་བ་ལྟར་སྙིང་ཁོང་རུས་པའི་གཏིང་ནས་བསྐྱེདཔའོ། །གཉིས་པ་བརྟེན་པ་བྱང་ཆུབ་ཀྱི་སེམས་ནི། ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངསཔའི་མ་འདི་དག་མ་རིག་པའི་མུན་པས་ནི་འཐོམ། ཉོན་མོངས་པས་ཡིད་དཀྲུགས་ཏེ་སྨྱོ། བླང་དོར་བལྟ་བའི་ཤེས་རབ་ཀྱི་མིག་དང་བྲལ་ཞིང་། དགེ་བའི་བཤེས་གཉེན་གྱི་ལོང་འཁྲིདནི་མེད། ལས་ཀྱི་དབང་གིས་སྡུག་བསྔལ་ཅན་གྱི་འཁོར་བ་དང་ངན་སོང་གསུམ་གྱི་གཡངསར་ལྷུང་བའི་སེམས་ཅན་འདི་རྣམས་ཡལ་བར་བོར་ན། དེ་ལས་ཁྲེལ་ཆུང་བ་སུ་ཞིག་ཡོད། དེས་ན་འདི་དག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོདདགོས། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་འགྲོ་ཀུན་སྒྲོལ་ནུས་པ་རྫོགས་པའི་སངསརྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་འདི་ཉིད་ཉམས་སུ་བླང་བརབགྱིའོ་སྙམ་པའི་ལྷག་བསམ་རྩེ་གཅིག་པས། ༀ་ཨཱཿཧཱུྃ༔ རྒྱུད་དྲུག་འཁོར་བར་འཁྱམས་པའིཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་འཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབམཆོག་ཏུ་སེམས་བསྐྱེད་དོ༔ ཞེས་བརྗོད་ཅིང་དེའི་དོན་བསམ་བཞིན་དུ་འབད་པས་ཉམསསུ་བླངས་རྗེས་མཐར་དབུགས་འབྱིན་འཇུག་དང་སྦྱར་བའི་བདེ་སྡུག་གི་གཏོང་ལེན་བྱ་ཞིང་། དེ་ཡང་། དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད་ནི། སེམས་བསྐྱེད་པའི་ཡུལ་སེམས་ཅན། སྐྱེད་པ་པོའི་གང་ཟག་རང་ཉིད། སྐྱེད་པའི་ཀུན་སློང་གསུམ་ཀ་འཁོར་གསུམ་རྣམ་པར་མི་

p. 227

རྟོག་པའི་ཤེས་རབ་ཀྱིས་རྒྱས་བཏབ་ནས་མཐར་དགེ་བ་བསྔོའོ། །དེའི་ཕན་ཡོན་དང་བསླབབྱ་སོགས་སྤྲོ་ན་བཤད་པས་ཆོག་གོ །གཉིས་པ་ཐུན་མོང་མ་ཡིན་པ་སྔོན་འགྲོའི་ཁྲིད་ལ། སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོརསེམས་སྒོམ་བཟླས། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུརདུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། ཟབ་ལམ་གྱི་ཉམས་རྟོགས་ཁྱདཔར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་འགལ་རྐྱེན་ནི་སྡིག་སྒྲིབ་ཡིན་པས་དེ་ཉིད་སྦྱོང་དགོས། དེ་སྦྱོང་བའི་མཆོག་ནི། བླ་མ་རྡོ་རྗེ་སེམས་དཔའ་ཉིད་ཡིན་ཏེ། མེ་ཏོག་བཀོད་པའི་རྒྱུད་ལས། བླ་མ་རྡོ་རྗེ་སེམས་དཔའ་བསྒོམ། །རང་བྱུང་ཡི་གེ་བརྒྱ་པའི་མཐུས། །སྡིག་པ་རྣམ་གཉིསདག་པར་འགྱུར། །ཞེས་གསུངས་པས། དེའི་སྒོམ་བཟླས་ཉིད་ལ་རྣལ་འབྱོར་དུ་བྱའོ་སྙམཔས་ངག་ཏུ། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀརའཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུར་བདུད་རྩི་བབས༔ སྤྱི་གཙུག་རྐང་མཐིལ་ཡན་ཆདཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་བཀང་བ་བཞིན༔ གསལསྟོང་ངང་ནས་བཟླས་པ་བྱ༔ ཞེས་པས། དེ་ཡང་རང་ཉིད་ཐ་མལ་གྱི་སྤྱི་བོར་པད་ཟླ་ལ་གནསཔའི་ཧཱུྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམསདཔའ་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རྒྱས་པ། ཞལ་གཅིགཕྱག་གཉིས་ཀྱི་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཞིང་། གཡོན་དངུལ་དཀརགྱི་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། འོད་དངའོད་ཟེར་མཐའ་ཡས་པར་སྤྲོ་ཞིང་བརྩེ་བའི་བདག་ཉིད་ཅན། ཞབས་གཉིས་རྡོར་སྐྱིལ་གྱིསབཞུགས་པའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཡིག་བརྒྱའི་སྔགས་ཀྱིསབསྐོར་བ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ནི་རྟེན་གྱི་སྟོབས། སྔར་བྱསཀྱི་སྡིག་ལྟུང་རྣམས་ལ་འགྱོད་སེམས་བྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་

p. 228

བབས་ཀྱང་མི་བགྱིད་སྙམ་པའི་སྡོམ་སེམས་བྱེད་པ་ནི་སོར་ཆུད་པའི་ཉེས་པ་ལས་ལྡོག་པའིསྟོབས། སྡིག་ལྟུང་དེ་དག་གི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་པ་གཉེན་པོཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞི་ཚང་བའི་བསམ་སྦྱོར་དང་ལྡན་པའི་ངངནས་ཐུགས་ཀའི་སྔགས་འཕྲེང་ལ་དམིགས་པ་གཏད་དེ། བླ་མ་རྡོ་རྗེ་སེམས་དཔའ་ཉིད་མཁྱེནསྙམ་པའི་མོས་གུས་གདུང་ཤུགས་དྲག་པོའི་སྒོ་ནས། ༀ་བཛྲ་ས་ཏྭ་ས་མ་ཡ་ཞེས་སོགས་ཡིགབརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། ཐུགས་ཀའི་ཧཱུྃ་ཡིག་སྔགས་འཕྲེང་དང་བཅསཔ་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་རྒྱུན་ལྟར་སྐྱ་ཆིལ་ཆིལ་བབས་པ་ཚངས་བུག་ནས་ཞུགས་པསནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུ། རྣག་ཁྲག་དང་སྲོག་ཆགས་ཕྲ་མོའརྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་སང་སང་འཐོན་པར་བསམཞིང་། སྔགས་བརྒྱ་སྟོང་སོགས་ཅི་ནུས་བཟླས་མཐར། རང་ལུས་ཤེལ་གོང་ཕྱིས་པ་ལྟར་དགཔའི་ཆ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དེས་སྐྱ་མེར་གྱིས་ཁེངས་པས་ལུས་སེམས་ལཟག་མེད་བདེ་བ་ཆེན་པོའི་རོས་ཁྱབ་པར་བསམ་ལ། མཐར་གནོང་འགྱོད་དྲག་པོས། མགོནཔོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོནཔོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིགཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ༔ སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམསཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པས་བླ་མ་རྡོ་རྗེ་སེམསདཔའ་དགྱེས་ཤིང་འཛུམ་པ་མཛད་དེ༔ རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅསདག་པ་ཡིན་ནོ༔ ཞེས་གནང་བ་སྦྱིན་པར་བསམ་ཞིང་སླར་ཡང་མོས་གུས་དུང་བ་བྱས་པའིརྐྱེན་གྱིས་རྡོ་རྗེ་སེམས་དཔའ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པའི་མཐར། དེ་ཡང་སྦྱང་བྱའི་དྲི་མ། སྦྱོང་བྱེད་ཀྱི་ཐབས། སྦྱོང་མཁན་གྱི་མཁན་པོ་མ་གྲུབ་སྟེ་འཁོརགསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་རྒྱས་འདེབས་པ་ནི་སྡིག་སྦྱོང་གི་མཆོག་དམ་པའོ། །

p. 229

རྗེས་དགེ་བ་བསྔོ། གཉིས་པ་ནི། ཟབ་མོའི་ལམ་གྱི་མཐུན་རྐྱེན་གྱི་གཙོ་བོ་ནི་བསོད་ནམས་དང་ཡེ་ཤེསཀྱི་ཚོགས་གཉིས་རྫོགས་པའི་ཐབས་ཁྱད་པར་ཅན་ནི་མཎྜལ་ཉིད་ཡིན་ཏེ་བཀོད་པ་ཆེན་པོལས། རྣམ་དག་སེམས་ལྡན་མཎྜལ་ནི། །ཕུལ་བས་བསོད་ནམས་གཞལ་དུ་མེད། །ཅེསགསུངས་པས། མདུན་མཁར་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བའི་སྤྱན་སྔར་ལུས་ཀྱིལས་སུརིན་པོ་ཆེ་ལ་སོགས་པའི་མཎྜལ་བཟུང་སྟེ། བ་བྱུང་དང་དྲི་བཟང་གི་ཆུས་བྱུག དེཉིད་ལ་ཚོམ་བུ་ལྔ་དང་དགུ་དང་། སོ་བདུན་སོགས་བཀོད། ངག་གི་ལས་སུ། ༀ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ རངལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ རིནཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔ ཞེསདང་། ཡིད་ཀྱི་ལས་སུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་དུ་རིག་པའི་རངགདངས་ཡེ་ཤེས་ལྔའི་ཐིག་ལེ་ཐིག་ཕྲན་གྱི་རྣམ་པར་གསལ་ནས་འབུལ་བ་ཆོས་སྐུའི་མཎྜལདང་། རང་གི་ལུས་འདི་ཉིད་རིན་པོ་ཆེ་སྣ་ཚོགས་སུ་དབྱུང་བའི་གནས་སུ་དམིགས་ཏེ་ཞེནའཛིན་མེད་པར་མཁའ་ཁྱབ་ཏུསྤེལ་ནས་འབུལ་བ་ལོངས་སྐུའི་མཎྜལ་དང་། སྣོད་བཅུདའཇིག་རྟེན་གྱི་བཀོད་པས་ལེགས་པར་བརྒྱན་པའི་དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུནསུམ་ཚོགས་པ་མ་ཚང་བ་མེད་པ་ནམ་མཁའི་མཐའ་འདས་པར་དམིགས་ཏེ་འབུལ་བ་ནིསྤྲུལ་སྐུའི་མཎྜལ་ཏེ། དེ་ལྟར་ན་ལུས་ངག་ཡིད་གསུམ་དགུ་ཕྲུགས་སུ་བརྒྱ་སྟོང་ལ་སོགསཔ་ནན་ཏན་དུ་ཕུལ་ནས། མཐར་མཆོད་ཡུལ་དང་མཆོད་རྫས་རྣམས་ཧཱུྃ་ཡིག་གི་རྣམ་པརབསྡུས་ཏེ་རང་ལ་བསྟིམས་རྗེས་མཆོད་ཡུལ་དང་མཆོད་པའི་གང་ཟག་དང་ཀུན་སློང་། མཆོདརྗེས་གསུམ་ཀ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཆེན་པོས་རྒྱས་བཏབ་ནས་དེའིངང་གདངས་བསྐྱངས་ཤིང་། མཐར་དགེ་བ་བསྔོ་བའོ། །གསུམ་པ་ནི། ཟབ་མོའི་ལམ་གྱི་གནད་ཐམས་ཅད་བླ་མའི་རྣལ་འབྱོར་ལ་བརྟེན་ནས་

p. 230

རྟེན་འབྲེལ་སྒྲིག་དགོས་ཏེ། དེ་ཡང་ལུང་བྱང་ལས། བླ་མ་མེད་པའི་གོང་རོལ་ན། །སངསརྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེནནས་བྱུང་། །ཞེས་དང་། དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་ལས། །བླམ་གཉན་པར་ཤེས་པར་བྱ། །ཞེས་དང་། བདུད་རྩིའི་འབྱུང་བའི་རྒྱུད་ལས། ལྷ་སྐུ་འབུམཕྲག་བསྒོམ་པ་ལས། །བླ་མ་གཅིག་པུ་སྒོམ་པ་མཆོག །ཅེས་རྒྱ་ཆེར་གསུངས་པ་བཞིན། བླམའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་གལ་ཆེ་ཞིང་། དེ་ལ་ཡང་རྟེན་བསྐྱེད་ལུགསཕྱག་བཞེས་ལ་སྣ་ཚོགས་འབྱུང་མོད། འདིར་ནི་རྩ་གསུམ་ཀུན་འདུས་ནོར་བུ་ལུགས་སུ་བྱེདཔ་ཉིད་གནད་འདྲིལ་བས་སྐབས་སུ་བབས་པའོ། །དེ་ཡང་། རང་ཉིད་གང་དུ་གནས་པའིམདུན་མཁར་ཡེ་ཤེས་ལྔའི་རང་གདངས་འཇའ་ཚོན་འོད་ལྔའི་ཀློང་ན་སེང་ཁྲི་པད་ཟླའི་སྟེངདུ་རྩ་བའི་བླ་མ་ཉིད་རྣམ་པ་གུ་རུ་རིན་པོ་ཆེ་པདྨ་འོད་འབར་གྱི་སྐུ་མཐོང་ཐོས་དྲན་རེག་གྲོལབའི་མགོན་པོར་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀརཧཱུྃ་སྔོན་པོ་རྣམས་གསལ་ལེགས་པར་བཏབ། དེ་ལྟར་གསལ་ཐེབས་པ་དང་། ཐུགས་ཀའིཧཱུྃ་ལས་འོད་ཟེར་འཕྲོས་པས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་གཉིས་མེད་དུ་བསྟིམས། བླ་མ་ཉིད་སྔརལས་ཀྱང་གཟི་བྱིན་མཆོག་ཏུ་འབར་ཞིང་། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེསབསྐྱེད་ནས། སྐྱོན་རྟོག་གི་བློ་ངན་སྤངས་ཏེ་ཡོན་ཏན་དང་ཐུགས་རྗེ་རྗེས་སུ་དྲན་པས་བློ་སྣདྲངས་ཏེ་ཚད་མེད་པའི་དད་པ་དང་མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ནས་ངགཏུ། ༀ་ཨཱཿཧཱུྃ༔ ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས༔ གངས་ཅན་མགོན་པོཁ་ས་ཎི་དང༔ འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང༔ བདེ་ཆེན་མཁའ་དབྱིངསཡེ་ཤེས་མཚོ་རྒྱལ་མ༔ ཡང་སྤྲུལ་རིག་འཛིན་སྙིང་པོའི་མཚན་ཅན་དང༔ ཐུགས་རྗེའི་སྤྲི ནཕུང་འཁྲིགས་པའི་ལྷ་བཙུན་རྗེ༔ ཡང་དག་དོན་གཉིས་འཁོར་གསུམ་རང་གྲོལ་མཆོག༔ རྡོརྗེ་འཛིན་པ་ཨུ་རྒྱན་སྐལ་བཟང་བསྟན༔ རྒྱལ་བའི་སྲས་པོ་ཚེ་དབང་ནོར་བུའི་ཞབས༔ དོན་

p. 231

གཉིས་མཐར་ཕྱིན་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཀདག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང༔ ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་སྦྱངས་ནས༔ སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ནས༔ མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པརཤོག༔ ཅེས་གསོལ་འདེབས་ཅི་ནུས་ལ་འབད་ཅིང་མཐར་དུས་གསུམ་སངས་རྒྱས་ཀྱི་ངོ་བོབླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཀ་དགགནས་ལུགས་ཀྱི་ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ༔ ལྷུན་གྲུབསྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་དྲག་ཏུབཏབ་པས། བླ་མ་ཉིད་དགྱེས་ཤིང་འཛུམ་པའི་ངང་ནས། སྐུའི་གནས་གསུམ་གྱི་ཡིག་འབྲུརྣམས་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་པར་འཕྲོས། རང་གི་གནས་གསུམདུ་རིམ་པར་ཐིམ་པས། བུམ་གསང་ཤེས་རབ་ཀྱི་དབང་གསུམ་ཐོབ། དེས་ལུས་ངག་ཡིདགསུམ་གྱི་སྡིག་སྒྲིབ་དག ལམ་བསྐྱེད་རིམ་དང་། རྩ་རླུང་དང་། ཐིག་ལེའི་རྣལ་འབྱོར་བསྒོམཔ་ལ་དབང་། འབྲས་བུ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་གསུམ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཅར་དུ་འཕྲོས། རངགི་གནས་གསུམ་དུ་ཐིམ་པས། དབང་བཞི་པ་ཐོབ། ཡེ་ཤེས་སམ་སྙོམས་འཇུག་གི་དྲི་མདག ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པཅན་དུ་བྱས་པའོ། །སླར་ཡང་མོས་གུས་གདུང་ཤུགས་དྲག་པོས་ཡིད་ཀྱི་གསོལ་བ་འདེབསཔས། བླ་མ་སྤྱི་བོར་དགྱེས་བཞིན་དུ་བྱོན། ཚད་མེད་པའི་ཐུགས་རྗེ་འོད་དུ་ཞུ་བ། རང་གིསྤྱི་བོ་ནས་ཐིམ་པས་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་བདེ་སྟོང་ཟུངའཇུག་གི་ངང་ལ་ཅི་གནས་སུ་མཉམ་བཞག་བྱ་ཞིང་། མཐར་བསྔོ་སྨོན་གྱི་རིམ་པ་རྣམས་བྱབའོ། །དེ་ལྟར་སྔོན་འགྲོའི་རིམ་པ་དེ་རྣམས་རང་རྒྱུད་ལ་མྱོང་བ་ཅི་རིས་འཐོན་པར་བསྒོམདགོས་ཤིང་། ཁྱད་པར་སྐྱབས་སེམས་གཉིས་ལ་ཕྱག་འབུམ་ཐོངས་པ་ཕྱག་བཞེས་སུ་གནང་

p. 232

བས་ངེས་པར་བྱ་བ་གནད་ཤིན་ཏུ་ཆེའོ། །དེ་རྣམས་ཀྱིས་སྔོན་འགྲོའི་ཁྲིད་ཀྱི་རིམ་པ་བཤདཟིན་པའོ། །གཉིས་པ་བསྐྱེད་རྫོགས་ལམ་ལ་ཇི་ལྟར་འཇུག་པ་དངོས་གཞིའི་ཁྲིད་ནི། རྣལ་འབྱོརབསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་ལས། དང་པོ་ནི། སྔར་འདི་ཉིད་ཀྱིདབང་མ་ཐོབ་ན་སྐབས་འདིར་དབང་བསྐུར་རོ། །དེ་ནས་གསང་བ་འདུས་པ་ལས། སྣངསྲིད་གཞིར་བཞེངས་ལྟ་བ་རུ། །འཁོར་འདས་གཉིས་མེད་ཡོངས་སུ་རྫོགས། །ཧེ་རུ་ཀ་ལསགཞན་མ་ཡིན། །ཐིག་ལེ་སྙིང་པོ་བྱང་ཆུབ་བརྡལ། །ཞེས་གསུངས་པས། རྒྱས་པ་ལ་མོསན་འདི་ཉིད་ཀྱི་ཕྱི་ནང་གསང་བའི་སྒྲུབ་རིམ་དང་སྦྱར་ཞིང་། འདིར་ནི་རྫོགས་རིམ་གྱི་རྟེནཙམ་དུ་བསྐྱེད་རིམ་སྒོམ་པ་སྟེ། སྟན་བདེ་བ་ལ་འདུག་སྟེ། སྔོན་འགྲོའི་རིམ་པ་རྣམས་སྔོནདུ་འགྲོ་བས། དྷརྨཱ་དྷརྟུ་སྭ་བྷ་ཝ་ཨཱཿཧཱུྃ༔ ཞེས་བརྗོད་པས། རང་གི་ཕུང་ཁམས་སྐྱེ་མཆེདཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས། སྟོང་ཉིད་དེའི་རང་གདངས་འགག་པ་མེདཔ་ལས་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་ཡོངས་སུ་གྱུར་པའི་དབུས་སུ་པདྨ་དང་ཟླ་བའི་གདནགྱི་སྟེང་དུ་རང་གི་རིག་པ་ཉིད་ཧཱུྃ་ཡིག་དམར་པོ་གསལ་འཚེར་འོད་དུ་འབར་བར་གསལབཏབ། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་གྱི་དོན་བྱས། ཚུརའདུས་ཡོངས་སུ་གྱུར་པ་ལས། རིགས་འདུས་མ་ཧཱ་གུ་རུའི་སྐུར་གྱུར་པ་ནི། སྐུ་མདོག་དཀརལ་དམར་བའི་མདངས་ཆགས་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། གཡོནམཉམ་བཞག་གི་སྟེང་ན་ཐོད་པ་བདུད་རྩིས་གང་བའི་བུམ་པ་བསྣམས་པ། གྲུ་མོ་གཡོན་ནཤེས་རབ་མ་ཉིད་སྦས་པའི་ཚུལ་དུ་ཁ་ྃ་འཛིན་ཅིང་། སྐུ་ལ་གསང་གོས་དང་ཕོད་ཁ། ཆོསགོས་བེར་ལྕམ་གསོལ་བ། དབུ་ལ་པཎ་ཞྭ་རྒོད་ལྡེམ་ཉི་ཟླ་དར་སྣས་དཔྱ ངས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བྱེ་བ་ཕྲག་དྲུགདྲུག་ཏུ་སྤྲོ་ཞིང་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་ཐུགས་ཀར་འོད་ལྔའི་ཀློང་

p. 233

ན་པད་ཟླའི་སྟེང་དུ་ཧཱུྃ་ཡིག་དམར་པོ་རྟག་ཏུ་འཚེར་བཞིན་པ་ཞིག་གསལ་བཏབ། དེ་ཡངའབུར་སྐུ་ལྟ་བུའི་རྡོས་རྡོས་པོ་དང་། བྲིས་སྐུ་ལྟ་བུའི་ཅབ་ཅབ་མ་ཡིན་པ། སྣང་ལ་རང་བཞིནམ་གྲུབ་ཅིང་། སྟོང་ལ་སྒྱུ་མ་ལྟ་བུའི་སྐུ་ཅན་གསལ་འཚེར་འོད་དུ་འབར་བ་ཞིག་ལམ་གྱིསསྒོམ་ལ་ནན་ཏན་དུ་བསྐྱེད། དེ་ཉིད་ལེགས་པར་གསལ་ཐེབས་པ་དང་། ཐུགས་ཀའི་ཧཱུྃ་ཡིགདེ་ལས་འོད་ཟེར་བུན་ལོང་གི་འཕྲོས་པ་མཐའ་ཕྱིའི་དངོས་པོ་གང་རུང་ཞིག་ལ་རེག་པ་ཙམགྱིས་ཞེན་རྟོག་སྦྱངས་ནས་ལྷ་སྐུར་ལམ་ལམ་གྱུར་པར་བསམ་ཞིང་། དེས་ན་རིམ་པར་ཡུལགྲུ་སོགས་ནས་མཐར་སྣོད་བཅུད་ཐམས་ཅད་འོད་ཟེར་དེས་སྦྱངས་ནས། སྣོད་ཐམས་ཅདཔདྨ་འོད་ཀྱི་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་ཅན་དུའཆར་བ་ལ་སེམས་རྩེ་གཅིག་ཏུ་བསྒོམ་པའོ། །དེ་ལ་སྒོམ་པ་བརྟན་ན། དེ་ལྟར་ལྷ་སྐུ་དེཡང་རང་སེམས་ཉིད་ཀྱི་རོལ་རྩལ་ཙམ་ལས་སོ་སོར་དབྱེ་བ་མེད་དེ། ཅིའི་ཕྱིར་ན། སེམསསྤངས་པའི་ཕ རོལ་ན་ལྷ་སྐུ་མེད། ལྷ་སྐུ་སྤངས་པའི་ཕ རོལ་ན་སེམས་མེད་དེ། དཔེར་ན་མིགནད་ཅན་ལ་དུང་གི་ཁ་དོག་སེར་པོ་དང་དཀར་པོ་གཉིས་གཅིག་གིས་གཅིག་སྤང་མི་ནུས་པབཞིན། སེམས་དང་ལྷ་སྐུ་གཉིས་དབྱེར་མེད་གཅིག་གི་ངོ་བོར་ཐག་བཅད་དེ་བསྒོམ་པའོ། །དེ་ཡང་ཅིར་སྣང་ཐམས་ཅད་ཡིད་དང་ལྷ་སྐུ་དབྱེར་མེད་གཅིག་གི་ངོ་བོར་འཆར་བ་དེ་ཡངསྣང་ལ་འཛིན་པ་མེད་ཅིང་བདེ་ལ་ཞེན་པ་མེད་པ། དཔེར་ན་རྨི་ལམ་མ མ་སྒྱུ་མའི་སྣང་བལྟར། སྣང་ཙམ་ཉིད་ནས་རང་བཞིན་བདེན་པར་མ་གྲུབ་པས། བདེ་སྟོང་རྣམ་པར་མི་རྟོགཔའི་ངང་ལ་མཉམ་བཞག་ཅི་ནུས་སུ་བསྒོམ། དེ་ལྟར་སྒོམ་པས་སྐྱོ་ན་ལྷ་སྐུའི་གསལ་སྣངདེའི་རྩིའང་མ་བྲལ། སྣང་གྲག་ཐམས་ཅད་གཞོམ་མེད་སྔགས་ཀྱི་སྒྲ་རང་དུ་མོས་ཏེ་རླུང་འཇུགགནས་ལྡང་དང་སྦྱར་ནས་ༀ་ཨཱཿཧཱུྃ་གིས་རྡོར་བཟླས་བྱ་ཞིང་། དེས་སུན་ན། ལས་བྱང་གིསྔགས་ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ངག་བཟླས་ཀྱང་ཅི་རིགས་བྱས་རྗེས། ཐུནབསྡུ་བའམ་ཉལ་བའི་ཚེ་སྣོད་བཅུད་ལྷ་དང་བཅས་པ་མེ་ལོང་ལ་ཧས་བཏབ་པ་ལྟར་བསྡུབའམ། ཡང་ན་ཐུགས་ཀའི་ཧཱུྃ་གི་སར་རིམ་བཞིན་བསྡུས་ནས་དེ་ཉིད་ཀྱང་ཤིན་ཏུ་ཕྲ་བའི་

p. 234

བར་སེམས་ཡུན་རིང་དུ་བཟུང་། དེ་ཡང་བསྡུས་ཏེ་མི་དམིགས་སྤྲོས་བྲལ་གྱི་ངང་ལ་མཉམཔར་བཞག དེ་ལས་ལྡང་བའམ་སྤྱོད་ལམ་ལ་འཇུག་པ་ན། སྤྱིར་སྣང་བ་ཐམས་ཅད་ལྷ་སྐུསྒྱུ་མ་ལྟ་བུ། སྒྲར་གྲགས་པ་ཐམས་ཅད་གྲགས་སྟོང་གསུང་། དྲན་རིག་ཐམས་ཅད་ཐུགསཆོས་ཉིད་ཀྱི་རོལ་པས་རྒྱས་བཏབ་སྟེ་བསྔོ་བ་བྱའོ། །གཉིས་པ་རྫོགས་པའི་རིམ་པ་ལ། ཀ་དག་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགསཆོད་ཀྱི་ལམ་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་གཉིས། དང་པོ་ལ་བཞི་སྟེ། ཞི་གནས་བཙལ་བ། ལྷག་མཐོང་བསྐྱེད་པ། ཟུང་འཇུག་ཏུ་བསྒོམ་པ། གནས་ལུགས་ཇི་བཞིན་ངོ་སྤྲོད་པའོ། །དང་པོ་ཞི་གནས་བཙལ་བ་ནི། འདི་ཉིད་ལས། གཙོབོར་དབེན་པ་རྣམ་གསུམ་བསྟེན། །དེ་ནས་ཞི་གནས་གནས་ཐབས་ལ། །རྡེའུ་ཤིང་བུ་ལྷསྐུ་དང་། །ཐིག་ལེ་ཕྱག་མཚན་ས་བོན་ནམ། །ཡང་ན་རྡོར་བཟླས་རླུང་ལ་སྦྱར། །ཡང་ནརྟེན་མེད་དག་ལ་སློབས། །ཞེས་པས། སྐྱེ་བོའ་རྒྱུ་འགྲུལ་དང་སྒྲའི་ཀུ་ཅོ་སོགས་མེད་པའིགནས་དབེན་པར་སྟན་བདེ་བ་ལ་ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དྲང་པོར་བསྲངས། ངག་གནད་རླུང་རང་བབས་སུ་སོ་མར་བཞག སེམས་ཀྱི་གནད་སྔར་འདས་ཀྱི་བྱ་བའི་རྗེསམི་འབྲང་། ཕྱིས་ཀྱི་བྱ་བའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་ལ་ཡང་ཡིནམིན་གྱི་རྟོག་དཔྱོད་ཅི་ཡང་མི་བསམ་པར། དུས་གསུམ་གྱི་རྣམ་རྟོག་གི་སྤྲོས་པ་ཐམས་ཅདབཟོ་མེད་ཡེངས་མེད་ཀྱི་ངང་དུ་འཇོག དེ་ལ་གནས་ན་དེས་ཆོག དེ་ལ་གནས་དཀའ་ན། མདུན་གྱི་ནམ་མཁར་གུ་རུའི་སྐུ་ཇི་ལྟར་རིགས་པ་ཞིག་གསལ་བཏབ་ལ། དེ་ཉིད་གསལ་བདང་། ཧ་ཅང་ཙིར་ཟིན་མི་བྱེད་པ་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ཀ་ལ་ཆེར་ཆེར་བལྟས་ཏེབསལ་གཞག་མེད་པ་སྐྱོངས། གལ་ཏེ་དེ་ལ་ཡང་གནས་དཀའ་ན། མདུན་དུ་ལྷ་སྐུའམ། ཡིག་འབྲུ། ཕྱག་མཚན་རྡེའུ་ཤིང་བུ་སོགས་དངོས་པོ་ཕྲ་རགས་གང་རུང་ཞིག་དམིགས་རྟེནདུ་བཞག་ནས། དེ་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་མི་རྡེབ་པར་བར་སྣང་ལ་ཆེར་རེ་ལྟསྟངས་གཏད་ནས། སེམས་ལེགས་ཉེས་སྤུ་རིས་སོགས་གང་ཡང་ཡིད་ལ་མི་བསམ་པར་

p. 235

ཁྲེགས་སེ་བོར་ལ་འཇོག དེའི་ངང་ལས་རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང་ཐུང་དུ་མ་འཇུགཔར་རྟེན་ལ་བསླན་ཏེ་ཅི་ཡང་མ་བསྒོམས་པར་རྟོག་མེད་དེ་ཀའི་རང་ངོ་མ་ཡེངས་པར་ངོསབཟུང་ལ་རང་བབས་སུ་སྐྱོང་བ་གལ་ཆེའོ། །གལ་ཏེ་བྱིངས་ན་ལྟ་སྟངས་བསྟོད། ལུས་ལགྲིམ་ཆ་འཚོལ། ཤེས་པ་ངར་བཏགས། རིག་པ་ཧུར་བཏོན་ཏེ་རྩེ་གཅིག་ཏུ་བལྟ། ཡང་འཕྲོཞིང་རྒོད་ན་ལྟ་སྟངས་སྨད། ལུས་གནད་ལྷོད་ཆ་འཚོལ། ཞེ་གཏིང་ནས་གློད་ལ་རང་བབསསུ་འཇོག དེ་བཞིན་དུ་སྒྲ་ལྷང་ངེ་བ་དང་། དྲི་ཆིལ་བ་སོགས་དང་དབུགས་རང་བབས་ཀྱིའབྱིན་འཇུག གནས་གསུམ་ལ་འབྲུ་གསུམ་གྱི་རྡོར་བཟླས་སམ། ཡང་ན་རྟེན་མེད་ཀྱི་ངངལ་རིག་པ་ཧ་རེ་འཇོག་པ་སོགས་གང་རུང་ཞིག་གི་སྟེང་དུ་བཞག་པས་ཆོག་ཅིང་། དེ་ལྟརསྒོམ་པས་ཐོག་མར་རྣམ་རྟོག་གི་འཆར་སྒོ་མང་དུ་འགྲོ་སྙམ་བྱེད་ཀྱང་། དེ་ལ་སྐྱོན་ཡོན་དུམི་བལྟ་བར་རྒྱུན་བསྲིང་ལ་བསྒོམས་པས་རྣམ་རྟོག་ཆམ་ཆམ་ནས་ཞི་སྟེ། ལུས་སེམས་ལབདེ་བ་བསྐྱེད་ཅིང་མདོག་སྣུམ། ངག་ཉུང་ཞིང་ཚིག་འཇམ་གང་ལ་སེམས་བཟུང་བར་རྟོགམེད་དུ་གནས་ཏེ་དེ་ལས་ལྡང་མི་ནུས་ཤིང་གཡོ་འདོད་པ་ལྟར་ཆམ་གྱིས་འགྲོ་ཞིང་རྩེ་གཅིགཏུ་གནས་པ་ཞིག་འོང་སྟེ། དེ་ཙ་ན་ཞི་གནས་གོམས་པའི་རྟགས་ཡིན་གསུངས་སོ། །གཉིས་པ་ལྷག་མཐོང་བསྐྱེད་པ་ལའང་གཉིས་ཏེ། དང་པོ་ཕྱི་གཟུང་བ་ཡུལ་མེད་ནམམཁའ་ལྟ་བུར་གཏན་ལ་འབེབས་པ་ནི། འདི་ལྟར་སྣང་ལ་དེར་སྒྲོ་བཏགས་པའི་འཁོར་འདསཀྱི་ཆོས་འདི་དག་རང་གི་བློ་ལ་ཤར་བ་མ་གཏོགས་ལོགས་ན་བདེན་པར་གྲུབ་པ་རྡུལ་ཙམཡང་མེད། སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཁ་སྒྱུ་མའི་འཁྲུལ་འཁོར་རམ། རྨི་ལམགྱི་སྣང་བ་ལྟར། མེད་བཞིན་དུ་སྣང་བ་དེ་འལ་འོལ་དོན་སྤྱི་ཙམ་དུ་བལྟ་ཞིང་། དེ་ཡང་བརྟགསཔ་ཙམ་ལས་རང་བཞིན་ཡོད་མེད་སྤྲུལ་པའི་ཡུལ་ལས་འདས་པས་དོན་ལ་སྒྱུ་མར་འཛིན་པཙམ་ཡང་མི་དམིགས་པར་ཐག་བཅད་དེ། ཡུལ་གྱི་སྣང་བ་གང་ཤར་ཡང་། དེ་ཁའི་ངོ་བོ་ལཅེར་གྱིས་བལྟས་པས་སྣང་ཡུལ་མ་འགགས་ལ་དེར་འཛིན་གྱི་བློའི་དྲི་མ་དང་བྲལ་བའི་གསལསྟོང་འཛིན་མེད་ནམ་མཁའ་ལྟ་བུ་རྗེན་སང་གི་འཆར་བས་དེ་ཁའི་ངང་ལ་བཅས་བཅོས་གང་

p. 236

ཡང་མི་བྱེད་པར་རང་བབས་སུ་འཇོག་ཏུ་བཅུག་གོ །གཉིས་པ་ནང་འཛིན་པའི་སེམས་རྩ་བྲལ་དུ་གཏན་ལ་འབེབས་པ་ནི། དེ་ཡང་ཁ་ནངཕྱོགས་ཏེ། རང་གི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཕྲོ་ཞིང་རྟོག་པ་ཁྱོད། དངཔོ་གང་ནས་འོང་། ད་ལྟ་གང་དུ་གནས། ཐ་མར་གང་ལ་འགྲོ། དབྱིབས་ཅི་འདྲ། ཁ་དོགཇི་ལྟར་འདུག་ཅེས་སྐད་ཅིག་ཀྱང་མ་ཡེངས་པར་ཕུ་འདེད་མདའ་འདེད་ཀྱི་རིག་པ་རྐྱང་འདེདདུ་ལྟ་བཅུག་པས། སེམས་མ་མཐོང་ཟེར་ན་འོ་ན་འགྱུ་བ་ཐོལ་གྱིས་སྐྱེས་པ་དེ་ཀ་ལ་ལྟོསདང་ཅི་འདྲ་ཞིག་འདུག ལྟ་མཁན་དེ་རང་སུ་ཡིན། ལྟ་མཁན་དང་བལྟ་རྒྱུ་གཅིག་གམ་མིགཅིག་ཅེས་རྩད་བཅད་བཅུག་པས། དངོས་མེད་ཅིག་འདུག་ཟེར་ན། ཐལ་བ་རླུང་གིསཁྱེར་བ་ལྟར་ཅང་མེད་ཅིག་འདུག་གམ་འལ་འོལ་བུན་བུན་ཞིག་འདུག་གམ་ཇི་ལྟར་འདུག དངོས་པོར་འདུག་ཟེར་ན། དེའི་དབྱིབས་གྲུ་བཞི་དང་། ཟླ་གམ། ཟླུམ་པོ། ཟུར་གསུམགང་ལྟར་འདུག ཁ་དོག་ཀྱང་དཀར་པོ་དང་། སེར་པོ། དམར་པོ། ལྗང་ཁུ་མཐིང་ག་སོགསཇི་ལྟར་འདུག་ནན་ཏན་དུ་བལྟར་བཅུག་པས། དེ་ལྟར་སྐྱེ་འགག་གནས་གསུམ་དང་། དབྱིབསདང་ཁ་དོག་སོགས་ཅི་འདྲ་ཞིག་འདུག་བལྟས་པས། བལྟ་རྒྱུ་དང་ལྟ་མཁན། མཐོང་རྒྱུ་དངམཐོང་མཁན་སོགས་གང་ཡང་མ་མཐོང་། བཙལ་ཅིང་དཔྱད་ཀྱང་གར་ཡང་མ་རྙེད་པའི་ངངདེར། གང་དུའང་ངོས་བཟུང་དཔྱད་ར་མེད་པའི་ནམ་མཁའ་ལྟར་སང་སེང་ངེ་འལ་འོལ་ཡངཆམ་པ། བྱ་རྒྱུ་ཟད། བྱ་ཐབས་རྡུགས་པ་བྱ་བྱེད་ཐམས་ཅད་དང་བྲལ་བའི་གསལ་རིག་རྗེནནེ་བ་ཞིག་འདུག་ཟེར་ན། ཆད་པ་ངལ་གསོ་བ་ལྟར་དེ་ཁའི་རང་ལུགས་སུ་ལྷོད་ཀྱིས་གློདལ་འཇོག་ཏུ་གཅུག དེ་ལྟར་བཞག་པས་དྲན་བས མ་གང་ཡང་ཡིད་ལ་མེད་པར་གདངས་བདེབ་དང་བཅས་པ་མ་འགགས་པར་སྣང་བ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་གྱི་ངང་ལ་རངབབས་སུ་ཁྲོལ་ཤིག་བུན་ནེ་ཧ་རེ་བའི་ངང་ལ་འཇོག་ཏུ་བཅུག་གོ །གཉིས་པ་ཞི་ལྷག་ཟུངའཇུག་ཏུ་བསྒོམ་པ་ནི། ཕྱི་ནང་གཟུང་འཛིན་གྱི་དངོས་པོ་ཇི་འདྲ་ཞིག་སྣང་ཡང་འདྲ་སྟེ། གངཤར་དེ་ཁ་ལ་ཅེར་གྱིས་བལྟས་པས། ངོ་བོ་གང་དུའང་མ་གྲུབ་ཅིང་། རྣམ་པ་ཅིར་ཡང་འཆར་

p. 237

ཏེ། དཔེར་ན་རྫིང་བུར་ཟླ་གཟུགས་ཤར་དུས། ཆུ་ཟླ་གཟུགས་གཉིས་ངོ་བོ་ཐ་མི་དད་པརཕ་ཁར་སྣང་བ་མ་འགགས་ལ། ཚུར་ཁར་འཛིན་པས་མ་བསླད་པའི་སྣང་སེམས་དུ་དབྱེར མེད་གསལ་རིག་རྗེན་པ་ཞིག་ལྷག་གེར་འཆར་བས། དེ་ཁའི་ངང་ལ་རྣམ་རྟོག་བཅས་བཅོསགང་ལ་ཡང་མ་བསམ་པར་རང་བབས་སུ་ཅེར་གྱིས་བལྟ། བདེ་ལུགས་སུ་ཤིགས་སེ་ཤིག ། རྒྱ་ཡན་དུ་ཆམ་མེར་བརྡལ། རྗེས་མེད་དུ་སེང་ངེར་སྐྱུར། མཐའ་བྲལ་ནམ་མཁའ་ལྟ་བུའིངང་ལ་ལྷོད་ཀྱིས་གློད་པས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་རང་བྱུང་གི་རིག་པའིརྩད་ཅར་ཕོག་ཏུ་ངོས་བཟུང་ལ་ཟང་ཐལ་རྗེན་པར་སྐྱོང་བ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོསཏེ། ཡིན་ལུགས་ཡེ་སངས་རྗེན་པ་རང་བྱུང་གི་ཡེ་ཤེས་རང་གནས་ཆོས་ཟད་ཀྱི་དགོངས་པངོས་ཟིན་ནས་འཁོར་བ་ཆོས་སྐུར་སངས་ཏེ་རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུསྐུ་བཞིའི་ངོ་བོར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །བཞི་པ་གནས་ལུགས་ཇི་བཞིན་ངོ་སྤྲོད་པ་ནི། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ངོ་སྤྲོདདེ། དང་པོ་ལྟ་བའི་སྒོ་ནས་ངོ་སྤྲོད་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། འདི་ལྟར་སྣང་བའི་ཆོསརྣམས་ཀུན། །གདོས་པ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་གསལ་བའི། །ཤེསཔ་འབའ་ཞིག་ཁོ་ནའོ། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། ས་ར་ཧས། སེམས་ཉིད་གཅིག་པུ་ཀུནགྱི་ས་བོན་ཡིན། །ཞེས་གསུངས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བའམ་སབོན་ནི་སེམས་ཉིད་ཁོ་ན་ལས་གཞན་དུམ་དམིགས་ཏེ། དེ་ཡང་ལུས་ངག་ཡིད་གསུམ་རངབབས་སུ་བཞག་སྟེ། དེ་ཁའི་ངང་ལས་སྣང་གྲགས་ཀྱི་ཆོས་གང་རུང་ཞིག་ཡིད་ལ་ཝལ་གྱིསཤར་དུ་བཅུག་ནས། འདི་ལྟར་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བལྟར་རང་གི་རྣམ་པར་རྟོག་པའི་འཁྲུལ་ངོ་ཙམ་ལས། ཕྱི་ནང་གང་དུ་ཡང་བདེན་པར་གྲུབཔ་རྡུལ་ཙམ་ཡང་མེད་དེ། དཔེར་ན་གཞི་གཅིག་གི་དངོས་པོ་ལ་ཡང་རིགས་དྲུག་སོགསལས་མི་མཐུན་པའི་འགྲོ་བ་སོ་སོ་ལ་སྣང་བ་རིས་མེད་ཐ་དད་དུ་སྣང་བ་དང་། སྐྱེས་བུ་གཅིག་

p. 238

ཉིད་ཀྱང་རྣམ་རྟོག་ཐ་དད་པས་དགྲ་གཉེན་དུ་མ་ངེས་པའི་ཕྱིར། དེས་ན་སེམས་ལས་རྣམརྟོག་ཇི་ལྟར་ཤར། སེམས་ཉིད་ཁོ་ན་ལས་མི་གཡོ་བས། ཅིའི་ཕྱིར་ན། ཡུལ་སེམས་གཉིསཕར་ཚུར་འགྲོ་འོང་མེད་ནའང་། སེམས་ཀྱི་ཡུལ་སྣང་ཉམས་སུ་མྱོང་བའི་ཕྱིར། ཡུལ་སྣངཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ངེས་པ་རྙེད་པར་འགྱུར་ཞིང་། དཔེར་ན་བར་སྣང་གིནམ་མཁའ་སང་ངེ་བ་འདི་ལ་བརྟགས་ཤིང་དཔྱད་པས་སྐྱེ་འགག་གནས་གསུམ། དབྱིབསདང་ཁ་དོག་སོགས་སྣང་བའི་གོ་འབྱེད་པ་ཙམ་ལས་རང་གི་ངོ་བོ་འདི་ཞེས་གང་དུ་ཡང་ངོསབཟུང་བྲལ་བས་བསྟན་དུ་མེད་པའི་ཕྱིར། དེས་ན་རང་གི་སེམས་ལ་ཁ་ནང་དུ་ཕྱོགས་ཏེབརྟགས་ཤིང་དཔྱད་པས་གང་དུའང་མ་མཐོང་ཞིང་། ཅིར་ཡང་མ་གྲུབ་པས་སྟོང་པ་ཉིདགང་དུ་ཡང་ངོས་བཟུང་མེད་པས་སྤྲོས་བྲལ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལས་མ་འདསཔས་གཉུག་མ། བློའི་དྲི་མས་གོས་མ་མྱོང་བས་ཀ་དག ཉམས་ཀྱི་ཞེན་པས་མ་བཅིངས་པསཡེ་གྲོལ། དེ་ཡང་། བསམ་མེད་བརྗོད་མེད། གནས་མེད་དམིགས་མེད། འགྲོ་མེད་འོངམེད། དོན་ལ་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས། གཟིགས་པར་མི་འགྱུར་ནམཚན་ཉིད་མཚོན་པར་བྱེད་པའི་དྲན་བསམ་སྤྲོས་པའི་མཐའ་དང་བྲལ་བ་སྟོང་གསུམ་ཡུལམེད། རྗེན་གཅེར་གྱིས་མཐོང་བའི་རིག་པ་གཅེར་བུ་ལྡིང་བ་དེ་ཀ་ངོས་བཟུང་ལ་རང་བབསསུ་སྐྱོང་བ་ནི་མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་ནམ་མཁའ་ལྟ་བུར་ངོ་སྤྲད་པ་སྟེ། སུམ་ཅུརྩ་གསུམ་པའི་མདོ་ལས། ལྷའི་བུ་ཁམས་གསུམ་པོ་ནི་སེམས་ཙམ་དུ་ཟད་ལ། སེམས་དེཡང་གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་བྱེད་མ་ཡིན་པསྒྱུ་མ་ལྟ་བུ་སྟེ། སེམས་དེ་ཡང་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ནའང་མི་རྙེད་དོ། །སེམས་གང་གིས་སེམས་ཡོངས་སུ་འཚོལ་བའི་སེམས་དེ་ཡང་མི་རྙེད་དོ། །དེ་སེམས་མིདམིགས་པས་ཆོས་ཐམས་ཅད་མི་དམིགས་སོ། །ཞེས་དང་། ཀུན་བྱེད་ལས། སེམས་ཀྱིསསེམས་ལ་བལྟ་རྒྱུ་མེད་པའི་ཕྱིར། །བལྟས་པས་མ་མཐོང་ཇི་བཞིན་ཉིད་དུ་ཞོག །ཅེས་དང་། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་

p. 239

མེད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུམ་ཡིན་གངཡང་མིན། །ཞེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མ་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུངཡེ་ཤེས་སོ། །ཞེས་དང་། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིནཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ། །ཞེས་དང་། ཐུགས་ཐིགལས། དེ་ལྟར་ཞིབ་ཏུ་བརྟགས་པས་སེམས་ཉིད་འདི། །མ་སྐྱེས་མི་གནས་མ་འགགས་ཁདོག་དང་། །དབྱིབས་མེད་ངོ་བོ་ངོས་བཟུང་བྲལ་བ་ཡི། །བརྗོད་མེད་ནམ་མཁའ་ལྟ་བུརརིག་པའི་ཚེ། །དེ་ཁའི་ངང་དུ་སྐྱེ་མེད་ལྷོད་ཀྱིས་ལྷོད། །ཅེས་གསུངས་སོ། །དེ་ལྟར་བཞགཔའི་ངང་ལས་འགྱུ་དྲ ན་གྱི་རྟོག་པ་གང་ཤར་ཡང་དེ་ཁའི་རང་ངོ་ལ་རྩོལ་མེད་ཀྱི་དྲན་པསཅེར་གྱིས་ལྟོས་ལ་བསལ་བཞག་མེད་པའི་ངང་དུ་ཀློད་པས་དྲན་རྟོག་རྗེས་མེད་དུ་ཡལ་ནསབྱུང་ཚོར་གཞིར་ཐིམ་པ་ནི་གང་ཤར་རང་གྲོལ་ཏེ། དཔེར་ན། རྦ་རླབས་ཆུར་ཐིམ་པ་ལྟ་བུའོ། །ཇི་སྐད་དུ། ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཞེས་གསང་བ་སྒྲ་རྒྱུད་ལས་གསུངསསོ། །དེའང་མཉམ་བཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་འཛིན་གྱིས་མ་བསླད་པརརང་གསལ་རྒྱ་ཡན་དུ་ལྷོད་ཅིང་། རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་སྟོང་པའི་རང་བཞིན། སྟོང་ཡང་འཆར་སྒོ་མ་འགགས་པར་སྣང་ལ་སྣང་ཡང་བདེན་པས་སྟོངས་པ་སྒྱུ་མའི་འཁྲུལའཁོར་རམ་རྨི་ལམ་ལྟ་བུར་ཤེས་པས། ཆགས་སྡང་དང་ཉོན་མོངས་པ་ལས་གྲོལ་བར་བྱེདཔ་སྟེ། ཏིང་འཛིན་རྒྱལ་པོ་ལས། སྒྱུ་མ་སྤྲུལ་པ་དྲི་ཟའི་གྲོང་ཁྱེར་དང་། །སྨིག་རྒྱུ་ཇི་བཞིནརྨི་ལམ་ཇི་ལྟ་བུར། །མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོངས ། །ཆོས་རྣམས་ཐམས་ཅདདེ་བཞིན་ཤེས་པར་གྱིས། །ཞེས་གསུངས་ཏེ། རྗེས་ཐོབ་རིས་མེད་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུརངོ་སྤྲད་པའོ། །དེ་ལྟར་རིག་པ་སྟོང་གསལ་སྤྲོས་བྲལ་ངོས་བཟུང་མེད་པ་དེ་ཀ་རྩལ་སྣང་མའགགས་པའི་རོལ་པ་སྒྱུ་མ་ལྟ་བུར་འཆར་བས་མཉམ་རྗེས་དབྱེར་མེད་བདེན་གཉིས་ཟུངའཇུག་ནི། ཀུན་རྫོབ་སྣང་ཚུལ་མ་ཡིན། དོན་དམ་གནས་ལུགས་ཡིན་པས་དེ་ལྟར་མ་རྟོགས་

p. 240

པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད། སྙིང་རྗེའི་གདངས་རང་བཞིན་སྤྲོས་བྲལ་ངོས་བཟུངམེད་པའི་ངང་དུ་ལ་ཟློ་བར་བྱ་སྟེ། ཟུང་འཇུག་མཆོག་ཏུ་མི་འགྱུར་བར་ངོ་སྤྲད་པའོ། །མདོརན་མཉམ་རྗེས་ཀུན་ཏུ་རིག་པ་ཕྱོགས་བྲལ། རྒྱ་ཡན་གསལ་སྟོང་རང་ཤར་རང་གྲོལ་གྱི་ངངལ་ཞེན་འཁྲི་མེད་པར་བསྐྱངས་པས་རིག་པའི་རང་ངོ་གང་དུའང་མ་གྲུབ་པ་སྐྱེ་མེད་སྟོང་པཉིད་ཀྱི་ཆ་མེ་ལོང་ནང་ལྷང་ངེ་འདུག་པ་ལྟ་བུ་དེ་ཆོས་སྐུ། དེའི་རང་གདངས་སྙིང་རྗེ་ཆེན་པོབདེ་བའི་རྣམ་པར་མ་འགགས་པར་འཆར་རུང་གི་ཆ་མེ་ལོང་གཡའ་བྲལ་སྒྲིབ་གཡོགས་མེདཔར་གསལ་སིང་ངེ་བ་དེ་ལོངས་སྐུ། དེ་ལྟར་བདེ་སྟོང་ཟུང་འཇུག་གི་རྩལ་རང་ཤར་རང་གྲོལདུ་འཆར་བའི་ཆ་མེ་ལོང་དྭངས་པ་ལ་གཟུགས་བརྙན་ཅིར་ཡང་འཆར་བ་ལྟ་བུ་དེ་སྤྲུལ་པའིསྐུ། དེ་གསུམ་རང་བཞིན་དབྱེར་མི་ཕྱེད་པའི་ཆ། གཡའ་བྲལ་གྱི་དྭངས་ཆ། གསལ་ཆ། འཆརཆ་གསུམ་ཡང་མེ་ལོང་གི་ནང་དུ་གཅིག་པ་ལྟ་བུ་དེ་ཀ་དག་ངོ་བོ་ཉིད་ཀྱི་སྐུ་སྟེ། གཉིས་མེདརྣམ་རྒྱལ་ལས། སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགགས་པ་མེད་པ་ལོངས་སྤྱོད་རྫོགས། །སྣཚོགས་སྣང་བ་སྤྲུལ་པ་སྟེ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །ཞེས་སོ། །གཉིས་པ་བསྒོམ་ནས་ངོ་སྤྲོད་པ་ལ་གཉིས་ཏེ། དང་པོ་ཏིང་ངེ་འཛིན་གྱི་ངོ་སྤྲོད་པ་ནི། ཐོག་མར་དད་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་ངེས་འབྱུང་གི་བློ་སྦྱོང་དང་། དེས་ནཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྦྱངས་ནས་ལམ་གྱི་སྣོད་རུངདུ་བསྒྲུབས་རྗེས། དངོས་གཞི་ལ། ལུས་གནད་ཆོས་བདུན། ངག་གནད་རླུང་རང་སོ། སེམསགནད་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་བསལ་གཞག་མེད་པར་ཡེངས་མེད་དུ་འཇོག་པནི་གནད་ཁྱད་པར་ཅན་ཡིན་ལ། དེ་ལྟར་བཞག་པ་ལ་བརྟེན་ནས་ཏིང་ངེ་འཛིན་རིམ་པརསྐྱེ་བའི་ཚུལ་ལ་ངོ་སྤྲོད་དེ། དེ་ལ་ཡང་གནུབས་ཆེན་གྱིས་གཡོ་ཐོབ་གོམ་པའི་ཉམས་གསུམདུ་གསུངས་ནའང་། འདིར་སློབ་དཔོན་བཱི་མ་ལས། ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བཉམས་ལྔར་གསུངས་པ་ལྟར་བཤད་ན། དང་པོ་གཡོ་བའི་ཉམས་ནི། བསྒོམས་པས་རྣམརྟོག་ཅུང་ཟད་མང་དུ་སོང་སྙམ་བྱེད་པ་འབྱུང་བ་སྒོམ་སྐྱེ་སྙིང་འདོད་པས་རྣམ་རྟོག་ངོ་ཤེས་

p. 241

པའི་ཉམས་ཏེ། དཔེ་རི་གཟར་གྱི་འབབ་ཆུ་ལྟ་བུའོ། །གཉིས་པ་ཐོབ་པའི་ཉམས་ནི། རྟོགཔ་ཡོང་འཕྲོ་ལ་ཅུང་ཟད་ཞི་མལ་ལེ་གནས་པ་འབྱུང་བ་རྟོག་པ་ངལ་གསོས་པའི་ཉམས་ཏེ། དཔེ་རོང་ཁུང་དོག་པའི་འབབ་ཆུ་ལྟ་བུའོ། །གསུམ་པ་གོམས་པའི་ཉམས་ནི། ཕལ་ཆེར་རྟོགམེད་དུ་གནས་པ་ལས། རེས་འགའ་རྟོག་པ་བན་བུན་ཙམ་རེ་འབྱུང་བ་རྣམ་རྟོག་ཐང་ཆདཔའི་ཉམས། དཔེ་མི་རྒན་པོའི་སྤྱོད་པ་ལྟ་བུའོ། །བཞི་པ་བརྟན་པའི་ཉམས་ནི། ཕལ་ཆེརརྟོག་མེད་རྒྱ་འབྱམས་སུ་གནས་པ་ལ་རྐྱེན་གྱིས་ཅུང་ཟད་གནོད་པས་རྣམ་རྟོག་གིས་བསྐྱོདདུ་ཡོད་པའི་ཉམས་ཏེ། དཔེ་མཚོ་ཆུང་བསིལ་བུས་བསྐྱོད་པ་ལྟ་བུའོ། །ལྔ་པ་མཐར་ཕྱིནཔའི་ཉམས་ནི། ཡུལ་སྣང་ལ་དེར་འཛིན་མེད་པའི་ངང་དུ་དུས་གསུམ་གྱི་རྣམ་རྟོག་སྤྲོ་བསྡུམེད་པར་དྭངས་སང་ངེ་མེར་རེ་ཝལ་ལེ་གནས་པ་ལ་རྐྱེན་གང་གིས་ཀྱང་མི་གནོད་པའི་སྟེངདུ་སླར་ལ་བོགས་འབྱིན་པ་ནི་རྣམ་རྟོག་གིས་བསྐྱོད་དུ་མེད་པ་རང་དབང་ཐོབ་པའི་ཉམསཏེ། དཔེ་རྒྱ་མཚོ་རླབས་དང་བྲལ་བའམ་རི་བོ་ཆེན་པོ་ལྟ་བུའོ། །དེ་ནས་ཏིང་ངེ་འཛིན་གྱིདྲོད་རྟགས་ལ་ངོ་སྤྲོད་པ་ནི། དེ་ཡང་། བསྒོམ་པའི་སྟོབས་ཀྱིས་སྒོ་གསུམ་ཤིན་སྦྱངས་ཐོབཔས། ལུས་ཡང་ཞིང་བདེ་བ། ངག་རླུང་འཇམ་ཞིང་དལ་ལ་རྒྱུ་བ་མ་ཚོར་བ་སྙམ་བྱེད་པདང་། སེམས་མི་རྟོག་པའི་ངང་དུ་ཐིམ་པ་དང་། འདུས་བྱས་ཐམས་ཅད་བཅོས་མ་རྫུན་པརམཐོང་བས་ཞེན་པ་རང་ལོག་ཏུ་སོང་སྟེ་ཆོས་བརྒྱད་མགོ་སྙོམ་པ་དང་། མེད་སྣང་སྒྱུ་མ་ལྟབུའི་འཁོར་བ་ན་རྒྱུ་ཞིང་སྡུག་བསྔལ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་ཉེ་རིང་མེད་པའིསྙིང་རྗེ་བཅོས་མིན་དུ་སྐྱེ་བ་དང་། སྲིད་པའི་བདེ་སྡུག་དཀའ་སླ་སོགས་གང་ལའང་ཇི་མིསྙམ་པ་དང་། ཁྱད་པར་སེམས་ཟིན་པས་རླུང་ལྔ་ཟིན་པར་འགྱུར་ཞིང་། དེ་ཟིན་པའི་རྟགསསུ་ལུས་ཉམས། ངག་ཉམས། སེམས་ཉམས། རྨི་ཉམས་དང་། སྨིག་རྒྱུ་ལྟ་བུ་སོགས་མཐོངཉམས་ཀྱི་རྟགས་མཐའ་ཡས་པར་འཆར་བ་དང་། མངོན་ཤེས་ལྔ་དང་། ངེས་དོན་གྱི་ཆོསསྨྲ་བ་ལ་སྤོབས་པ་ཐོབ་པ་སོགས་ཡོན་ཏན་གྱི་རྟགས་ཀྱང་མང་དུ་འབྱུང་སྟེ། ཉམས་རྟགསབསྐྱེད་རིམ་དང་བསྟུན་ནས་ངོ་སྤྲོད་པ་གལ་ཆེའོ། །གཉིས་པ་ཏིང་ངེ་འཛིན་རང་གི་ངོ་བོ་ལ་

p. 242

ངོ་སྤྲོད་པ་ནི། ཞི་གནས་དང་ནི་ལྷག་མཐོང་སྟེ། ཇི་སྐད་དུ། ཡང་དག་གནས་པ་ལ་བརྟེནནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞིགནས་དང་ནི་ལྷག་མཐོང་ཡིན། །ཞེས་པས། བྱིང་རྒོད་དང་རྣམ་རྟོག་གི་སྤྲོ་བསྡུ་མེད་པརཡུལ་སྣང་ལ་དེར་འཛིན་མ་ཞུགས་པའི་ངང་དུ་དྭངས་སེང་ངེ་ཡེ་རེ་ཝལ་ལེར་སྟོན་གནམ་སྤྲིནདང་བྲལ་བ་ལྟར་གསལ་སྟོང་བརྗོད་མེད་དུ་ལྷན་ནེར་གནས་པ་ནི་ཞི་གནས་དང་། སྣང་ཡུལསྒྱུ་མ་ལྟར་རྟོགས་ལ་འཛིན་བྱེད་མ་ཞུགས་ཤིང་རང་བཞིན་ནམ་མཁའ་ལྟར་རྟོགས་ལ་སྣངཡུལ་མ་འགགས་པའི་ཡེ་ཤེས་སྣང་སེམས་གཉིས་མེད་སྟོང་གསལ་སྤྲོས་པ་དང་བྲལ་བའིགནས་ལུགས་ཟང་ཐལ་རྗེན་པར་མཐོང་བ་ནི་ལྷག་མཐོང་སྟེ། དེ་ཡང་རྟོག་ཚོགས་རང་སརཞི་བའི་གནས་ཆ་ཞི་གནས་དང་། ཡིན་ལུགས་རྗེན་པར་མཐོང་བའི་གསལ་ཆ་ལྷག་མཐོངདང་། ཐ་དད་མེད་པར་ངོ་བོ་གཅིག་པས་ཟུང་འཇུག་གཅིག་གི་རང་བཞིན་དུ་ལྷུན་གྱིས་གྲུབཔར་ཐག་བཅད་དོ། །དེ་ལའང་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། སྐྱེ་བ་པོ་ཡི་ཞི་གནསདང་། །ལྷག་མཐོང་གོམས་པར་བྱས་ནས་ནི། །གནས་ངན་ལེན་གྱི་འཆིང་བ་དང་། །མཚནམའི་འཆིང་ལས་གྲོལ་བར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། ཞི་གནས་ཀྱིས་ནི་ཉོནམོངས་མགོ་ནོན་ལ། །ལྷག་མཐོང་གིས་ནི་ཉོན་མོངས་རྩ་བ་འབྱིན། །ཞེས་སོ། །མདོར་ནགང་གི་ཚེ་ཡང་ཚོགས་དྲུག་གི་ཡུལ་མི་འགག་པ་སྒོ་ལྔ་རང་ཡན་དུ་ལྷོད་ལ། རིག་པའི་ངངཤེས་པས་ཡུལ་ཕྱིར་མ་འབྲང་བ། གསལ་དྭངས་ཕྱེད་པ། རེ་དོགས་བཅོས་བསླད་མེད་པའིསོ་མར་ཉམས་སུ་བླངས་པས་སྣང་ཡུལ་དང་འཛིན་སེམས་མ་སྤངས་མ་བསྒྱུར་བར་རང་སརགྲོལ། དེ་ལྟར་གྲོལ་བས་ལྷའི་མིག་ལ་སོགས་པའི་མངོན་ཤེས་ལྔ་ཡང་ཚེགས་མེད་པར་འཐོབཔར་འགྱུར་ཞིང་། བསྒོམ་པའི་དུས་ཀྱི་རིག་པ་སྟོང་གསལ་ཤར་གྲོལ་དབྱེར་མེད་ཀྱི་ཆ་ཤསརྣམས་ཀྱང་ངོས་བཟུང་ལ་སྐུ་བཞི་དང་སྦྱར་ཏེ་ངོ་སྤྲོད་ཚུལ་ལྟ་བའི་སྐབས་བཞིན་དང་། མཉམབཞག་ཏུ་ཡིན་ལུགས་ལ་བཟླ་བ་དང་། རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སོགས་ཀྱང་མ་འདྲེསཔར་ངོ་སྤྲོད། གསུམ་པ་སྤྱོད་པའི་ངོ་སྤྲོད་ནི། སྔར་ལྟ་བ་ལ་བཟླའི་སྐབས་ཆོས་ཐམས་ཅད་

p. 243

སྒྱུ་མའི་སྣང་བ་ལྟར་མེད་པ་གསལ་སྣང་ཙམ་དུ་ཐག་ཆོད་མོད་ཀྱི། འོན་ཀྱང་སྤྱོད་པ་ཤནའབྱེད་ཀྱི་སྐབས་འདིར་ཤེས་པར་བྱ་བ་ལ། ཇི་སྲིད་བདག་གི་རྟོག་པ་དབྱིངས་སུ་མ་ནུབ་ཀྱིབར་དེ་སྲིད་དུ་མེད་བཞིན་དུའང་ལས་ཀྱི་འབྲས་བུ་མི་བསླུ་བར་འབྱུང་བ་ཡིན་ཏེ། དཔེརན་རྨི་ལམ་དུ་མེ་སྣང་བའི་ཚེ་དེ་ལ་དུ་བ་ཡང་འཁྲུལ་སྣང་ལ་འཆར་བ་བཞིན་ནོ། །དེས་ན་གངལའང་འཛིན་ཞེན་མེད་པའི་ངང་ནས་དགེ་སྡིག་གི་བླང་དོར་མ་ནོར་བར་སྤྱོད་ཅིང་། སྡོམགསུམ་འགལ་མེད་སྟན་ཐོག་གཅིག་ཏུ་འདྲིལ་ནས་ཉམས་སུ་ལེན་དགོས། དེའང་གནད་བསྡུན། སོ་ཐར་གྱིས་བསླབ་བྱ་དངོས་དང་བརྒྱུད་པའི་སྒོ་ནས་གཞན་གནོད་ཆ་དང་བཅས་པསྤོང་། བྱང་སྡོམ་གྱིས་བདག་པས་གཞན་གཅེས་ཀྱི་ལྷག་བསམ་ལྡན་པས་ཕན་པ་བསྒྲུབས། སྔགས་སྡོམ་གྱིས་བསླབ་བྱ་སེམས་ཅན་ཐམས་ཅད་ཀྱི་གཉུག་སེམས་སྒྲིབ་བྲལ་རྡོ་རྗེ་གསུམགྱི་ལྷར་ཡེ་ནས་རྫོགས་པས་དག་སྣང་དང་མོས་གུས་བྱ་ཞིང་། ཁྱད་པར་བླ་མ་དམ་པ་སངསརྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་པས་མོས་གུས་དང་ཞབས་ཏོག་ལ་ཚད་བཟུངམེད་པའི་སྒོ་ནས་བསྟེན་པར་བྱ་སྟེ། སྤྱོད་པ་དུས་ཚོད་དང་འབྲེལ་བར་བསླབ་པ་ཞེས་བྱའོ། །༈ གཉིས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་གསུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་ལ་གསུམསྟེ། སྔོན་འགྲོའི་སྒོ་གསུམ་བྱ་བ་བཏང་བ། དངོས་གཞིའི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟེནཔ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་ལ་བརྟེན་པའོ། །དང་པོ་སྒོ་གསུམ་གྱི་བྱ་བ་བཏང་བནི། ཀློང་གསལ་ལས། མངོན་གསུམ་གནད་ལ་དབབ་བྱའི་ཕྱིར། །ཕྱི་ནང་གསང་བའི་བྱབ་ནི། །ལུས་ངག་ཡིད་ཀྱི་དགུ་ཕྲུགས་བཏང་། །ཞེས་གསུངས་པས། དང་པོ་ལུས་ཀྱི་གསུམནི། ཕྱི་འཇིག་རྟེན་གྱི་བྱ་བཞག་རྣམ་གཡེང་དང་། ནང་ཕྱག་དང་སྐོར་བ་སོགས། གསངབ་རྣམ་གཡེང་སྒུལ་སྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་གནས་པའོ། །ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་འདོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲའོ། །ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱིའཁྲུལ་རྟོག་སྣ་ཚོགས། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་ལ་སོགས་པ། གསང་བ་རྣམ་

p. 244

རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་རྟོག་མེད་ཁོ་ནར་གནས་པའོ། །དེས་ནི་སྒོ་གསུམ་གྱིརང་བཞིན་གནས་པར་བྱེད། གནས་པ་བརྟན་པ་དང་། གྲོལ་བར་འགྱུར་བ་སྟེ། འདས་རྗེསལས། གནས་བརྟན་གྲོལ་བའི་གདེང་ཐོབ་ན། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངསཔ་ལྟར་རོ། །གཉིས་པ་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟེན་པ་ལ་ལྔ་སྟེ། དེ་ཡང་། འདི་ཉིད་ལས། བརྟེན་པ་སེམས་ཀྱི་གནད། འཆར་བྱེད་སྒོའི་གནད། འཆར་གཞི་ཡུལ་གྱི་གནད། གཡོ་བརླུང་གི་གནད། རང་བྱུང་རིག་པའི་གནད་དོ། །དང་པོ་བརྟེན་པ་སེམས་ཀྱི་གནད་ནི། སྔརཁྲེགས་ཆོད་ཀྱི་སྐབས་གནས་ལུགས་སྤྲོས་བྲལ་ཀ་དག་ཏུ་གཏན་ལ་ཕབ་པ་དེ་ཉིད་ལ་ནནཏན་ཉམས་སུ་ལེན་པའོ། །གཉིས་པ་འཆར་བྱེད་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནིསྐུ་གསུམ་མིག་གིས་བལྟ། །ཞེས་པས། དེ་ཉིད་ཇི་ལྟ་བུ་སྙམ་ན། མུ་ཏིག་འཕྲེང་བ་ལས། སེངྒེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་དང་། ཇི་ལྟར་བལྟན། འདས་རྗེས་ལས། སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ། །ཞེས་པ་ལྟར། དང་པོ་ཆོསསྐུའི་བཞུགས་སྟངས་སེངྒེ་ལྟ་བུ་ནི། སྟན་ཐོག་ཏུ་རྐང་མཐིལ་གཉིས་ཅུང་ཟད་སྤྲད། པུསམོ་ཕྱིར་བསྐྱེད། ལག་པ་ཁུ་ཚུར་རྐང་པའི་བར་བཙུགས་ཏེ་ལག་ངར་བསྲང་། རོ་སྟོད་སེངབྱ། མཇིང་པ་ཡིད་ཙམ་དགྱེ་བོར་བཏང་། མིག་གྱེན་དུ་ཕྱོགས་ལ་གཙུག་ཏོར་གྱི་རྣམ་པརབལྟ། དེས་གནས་སྐབས་སུ་ནང་གི་འབྱུང་བ་ཆ་སྙོམས་ཤིང་། མཐར་ཐུག་གནས་ལུགསཀྱི་དོན་རྟོགས་པའོ། །གཉིས་པ་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། སྟནཐོག་ཏུ་ལུས་ཁ་སྦུབ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུག ལག་མཐིལ་གཉིས་ཀྱིས་ཨོལ་ཀོབསྟེན་ལག་སོར་འགྲམ་པ་ལ་སྦྱར། རྒལ་ཚིགས་བསྲང་། མགོ་བོ་གྱེན་དུ་དགྱེ་ཞིང་། མིགགཡས་གཡོན་དུ་ཟུར་འཁྲིད་ཀྱི་མདའ་མཁན་སྨྱུག་མ་བསྲང་བ་ལྟར་བལྟ། དེས་གནས་སྐབསསུ་གཡོ་བྱེད་ཀྱི་རླུང་འཆིང་། མཐར་ཐུག་ལྷུན་གྲུབ་འོད་ལྔའི་དོན་འཆར་བའོ། །གསུམ་པསྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི། སྟན་ཐོག་ཏུ་ཙོག་པུར་འདུག་པའི་རྐང་

p. 245

པའི་ལོངས་བུ་ཉིས་གཤིབ། ལག་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར། རྒལ་ཚིགསབསྲང་། མིག་ཅུང་ཟད་ཐུར་ལ་ཕབ་སྟེ། དྲང་སྲོང་བསམ་གཏན་བསྒོམ་པ་ལྟར་བལྟ། དེསགནས་སྐབས་སུ་ལུས་ལ་དྲོད་སྐྱེ། མཐར་ཐུག་འཁྲུལ་སྣང་ཞིང་ཁམས་སུ་འཆར་བའི་དགོསཔ་ཡོད་དོ། །དེ་ཡང་ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེངྒེ་ཡིས། །འཁྲུལ་བའིའཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགསསྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོདདོ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོངཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བརའགྱུར། །ཞེས་གསུངས་པ་བཞིན། དེ་ཡང་། རིག་པའི་ཡེ་ཤེས་ལུས་ལ་ཡོད་ཀྱང་། ལུསཀྱི་གནད་མ་གཟིར་ན། དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། དཔེར་ན་སྦྲུལ་ལ་ཡནལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གསུམ་པ་འཆར་གཞི་ཡུལ་གྱི་གནདནི། དེ་ཡང་། ཡུལ་སྤྲིན་བྲལ་བསེ ར་བུའི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལས། སྔ་དྲོ་ནུབ་དང་། ཕྱི་དྲོ་ཤར་དུ་བལྟ་བའམ་འོད་གསལ་འཆར་སླ་བའི་ཆེད་དུཟེར་གཉིས་དང་སྦྱར། སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ་ཞིང་། དེ་ཡང་ཉི་མ་ལས་འོག་ཏུཁྲུ་གང་ཙམ་གྱིས་ནམ་མཁའ་སྟོང་སང་ངེ་བ་དེ་ལ་བལྟ་བའོ། །ཐལ་འགྱུར་ལས། ཡུལ་ནིསྒྲིབ་བྱེད་བྲལ་བ་ལ། །ཞེས་དང་། དབྱིངས་ནི་ཕྱི་དང་ནང་གཉིས་ཏེ། །ཕྱི་ནི་སྤྲིན་བྲལ་མཁའལ་བལྟ། །ནང་ནི་སྒྲོན་མ་ལམ་དུ་འོངས། །ཞེས་དང་། འདས་རྗེས་ལས། ཡུལ་གནད་ནམམཁའ་རྐྱེན་བྲལ་ལ། །ཞེས་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བརའགྱུར། །ཞེས་གསུངས་པས། ཡུལ་རྐྱེན་བྲལ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་བྲལ་ཆུའིསྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་བའི་དབེན་པའོ། །བཞི་པ་གཡོ་བ་རླུང་གི་གནདནི། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ་ཅེས་གསུངས་པས། དེ་ཡང་། རླུང་དལ་ཞིང་སྙོམ་པ་ཉིད་ལ་མ་བསྟེན་ན། རླུང་གིས་རིག་པ་སྤུར་ནས་མི་ཟིན་པས། རླུང་

p. 246

སྣ་ནས་མི་གཏོང་བར་མཆུ་སོ་མ་རེག་ཙམ་ནས་ཁ་ནས་དལ་བུས་ཕྱི་ནང་དུ་རྒྱུ་བ་སྙོམས་པལ་ཅུང་ཟད་ཕྱི་རུ་བཤང་། ཇི་སྐད་དུ། ཕྱི་ནང་རླུང་ནི་ངལ་ཞིང་མཉམ། །ཡིད་ཙམ་ཕྱི་རུའདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་དང་། ཐལ་འགྱུར་ལས། རླུངརིག་དལ་བས་ཡེ་ཤེས་འགྲུབ། །ཅེས་གསུངས་པས། དེ་ལྟར་རླུང་གི་འགྲོ་འོང་ཟད་པསརྟོག་པའི་འཕྲོ་འདུ་ཆད། དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ། །ལྔ་པ་རང་བྱུང རིག་པའི་གནད་ནི། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་ཟུངས། །དངོསསྣང་དལ་བ་ཉིད་ཀྱིས་བརྟེན། །ཞེས་དང་། འདས་རྗེས་ལས། ལུག་རྒྱུད་རིག་པ་བཙོན་དུཟུངས། །ཞེས་དང་། ཡི་གེ་མེད་པ་ལས། ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང་། །ཕྲ་དང་འཁྲུག་དངའགྱུ་བའོ། །ཞེས་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུགསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་གསུངསཔ་ལྟར། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་སྒོ་ཕྱེ་ནས། ནངགི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད་ཐོག་མར་སྨིན་མཚམསནས་ཐིག་ལེ་ཁྱབ་པ་ཆེན་པོ་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་ནམ་རྨབྱའི་མདོངས་ལྟ་བུའི་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ་ཐིག་ལེ་སྟོང་པའིསྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ལྟར་འལ་འོལ་ལས་མཐར་ཐིག་ལེ་དམར་ཟླུམ་གསལདྭངས་ཅན་དུ་འཆར་ཏེ། སྒྲོན་མ་འབར་བ་ལས། མཐིང་ག་མི་འགྱུར་སྣང་བ་ལས། །ཁ་དོགགསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །ཞེས་གསུངས་སོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད། བདག་པོའི་སེམས་དང་འདྲ་བ་དེ་ལྷག་གིས་འཆརཞིང་། དེ་ཡང་། ཐོག་མར་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། གསེར་སྐུད་དང་། མུ་ཏིགགི་ཕྲེང་བ་དང་། མེ་ཏོག་གི་ཆུན་པོ་ལྟ་བུ་སྟེ། ཐོག་མར་རྒྱུ་ལྟར་འལ་འོལ་མི་གསལ་བ་འགུལའཕྲིགས་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་རྭ་བར་བཅུག་ལརྟོག་དཔྱོད་ཀྱི་ཞེན་པས་མ་བཅིངས་པར་ལྟ་མཁན་གྱི་རིག་པ་དེས། རིག་པ་རང་གི་ངོ་བོ་

p. 247

བལྟ་ཤེས་ཙམ་ལས་མི་གཡོ་བར་བྱ་ཞིང་། དེ་ཡང་། འོད་གསལ་གྱི་སྣང་བ་མི་གསལ་བའམ། གཡས་གཡོན་སྟེང་འོག་ཕྱོགས་སུ་ཡལ་ཡོལ་བྱེད་ན་དེའི་རྗེས་སུ་མིག་དང་སེམས་ཅར་ཕོགཏུ་མ་འབྲངས་བར་ལྟ་སྟངས་ཀྱི་མིག་ཟུར་ནས་དལ་བུས་ཁྲིད་པས་སྔར་བཞིན་ཤར་བ་ལསེམས་གཡོ་མེད་ཀྱི་ངང་དུ་ཅེ་རེ་གཏད། བློས་བཅས་ཀྱིས་བཅོས་བསྒྱུར་མི་བྱ་བར་དབྱིངསརིག་གི་རང་ངོ་ལ་བལྟས་པས་ཕྱི་སྣང་བ་མ་འགགས་ཤིང་། ནང་འཛིན་པས་མ་བསླད་པར། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེསཔས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལ་ནས་གསལ་སྒྲིབ་མེད་པ་འཆར་བ་སོགསསྣང་བཞིའི་སྣང་ཉམས་ཀྱི་འཆར་སྒོ་རྣམས་རིམ་པར་སྐྱེ་བར་འགྱུར་རོ། །དེས་ནི་གནསསྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ། ཚེའི་དུས་བྱསཀྱང་སྤྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པའོ། །གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟེན་པ་ལ་གསུམ་སྟེ། སྣང་བཞིའི་འཆརསྒོ་ངོས་བཟུང་བ། གནས་ལུགས་ཀྱི་དོན་ལ་ངོ་སྤྲོད་གད བ་པ། མཐའ་རྟེན་མན་ངག་བཞིའིསྒོམ་ཚུལ་བཤད་པའོ། །དང་པོ་སྣང་བཞིའི་འཆར་སྒོ་ངོས་བཟུང་བ་ལའང་བཞི་སྟེ། ཀློངགསལ་ལས། སྣང་བཞིའི་འཆར་སྒོ་མ་ཟིན་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣངབ་བཞི་རུ་ཤེས་པར་བྱ། །ཞེས་དང་། འདི་ཉིད་ལས། དེ་ལས་སྣང་བ་བཞི་ཡི་འཆར་ཚུལབཤད། །ཅེས་དང་། འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་འཛིནཔ་ཡི་སྣང་བ་ནུབ། །ཉམས་སྣང་གོང་འཕེལ་སྣང་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟདཔའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །དེ་ལྟར་བཞི་ལ་མཐར་ཕྱིན་པས། །མྱང་འདས་གཞན་ལ་བཙལ་དུ་མེད། །ཅེས་གསུངས་པ་ལྟར། དང་པོ་ཆོས་ཉིད་མངོན་སུམགྱི་སྣང་བ་ནི། གོང་དུ་བསྟན་པ་བཞིན་ལུས་ངག་ཡིད་ཀྱི་འཁྲུལ་འཁོར་དང་། སྒོ་ཡུལ་རླུངརིག་གི་གནད་བཞིས་བཅུན་པས། རྒྱང་ཞགས་ཆུའི་སྒྲོན་མ་ལས། དབྱིངས་རྣམ་དག་གི་

p. 248

སྒྲོན་མ་འཇའ་གུར་རམ། རྨ་བྱའི་མདོངས་ལྟ་བུའི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་འོདཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལ་མ་ཡེངས་པརབཅིངས་ཏེ་བལྟས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གིས་སྐྱེས་པའི་ངངལ་མི་གཡོ་བར་བཞག་པའི་ཤེས་པ་གསལ་ལ་དྭངས་པ་ཀ་དག་ལྷུན་གྲུབ་དབྱེར་མེད་ཡིདཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་སྟེ་གདོད་མའི་གཞི་ལ་ད་ལྟར་གྱི་སྣང་སེམསགྲོལ་བར་བྱེད་པ་སྟེ། རིག་པ་དབྱིངས་ཀྱི་རྭ་བར་ཚུད་པས་ཐིག་ལེ་གསུམ་འབྲེལ་གྱི་སྣངབ་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ཡང་། ཙིཏྟ་རིན་པོ་ཆེའི་སྦུབས་འོད་ལྔའི་ཕོ་བྲང་ན་གདོད་མའི་མགོན་པོ་འོད་མི་འགྱུར་བ། ངོབོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་གསལ་དུ་བཞུགསཔའི་གདངས་སྐུ་དང་ཞིང་ཁམས་ཚད་མེད་པའི་སྣང་བ་ལ་དབང་འབྱོར་བས་འོག་མིན་ཆེནཔོར་སངས་རྒྱས་པ་ཞེས་བྱ་སྟེ། དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགསསུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་སུ་རང་གསལ་བ། ངོ་བོའི་རྟགསསུ་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུ ར་མེད་པའི་དགོངས་པ་མཉམ་ཉིད་བཞི་རྫོགསསུ་གྱུར་པ་སྟེ། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཁམས་གསུམལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་མཐོང་བས་གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོདདང་བྲལ། མཐར་ཐུག་གདོད་མའི་ཟད་སར་གྲོལ་བར་འགྱུར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། ཤེས་ཉམས་ནི་བློའི་འཛིན་ཆ་ཡིན་པས་མིབརྟན་ཏེ། ཀློང་གསལ་ལས། བློ་ནི་ཀུན་རྫོབ་ཡིན་པར་བཤད། །ཅེས་གསུངས། ནང་དུརིག་པ་གྲོལ་བའི་ལམ་རྟགས་ཀྱི་སྣང་ཉམས་ཤར་བ་ནི། བརྟན་ཅིང་མི་བསླུ་བ་སྟེ་དེ་ཡངགོང་བཞིན་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས། རིམགྱིས་གོམས་པས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེ་ཡང་གྱེན་སྦྲེང་། རྩིབས་ཤར། དྲྭ་བ། དྲྭ་ཕྱེད།

p. 249

པདྨ། འཁོར་ལོ། རྡོ་རྗེ། རལ་གྲི། ཁ་ྃ། མཆོད་རྟེན། མིག་མངས་རིས། ཉི་ཟླ། ཉ་མིག མཁར་ཐབ་སོགས་ཞིང་ཁམས་ཐམས་ཅད་གང་བའི་བར་དུ་འཆར་ཞིང་། ཐིག་ལེ་ཡང་སྲན་མ་ཙམ་དང་། མེ་ལོང་དང་། ཁམ་ཕོར་དང་། བསྭེ་ཕུབ་ཙམ་གྱིས་བར་ཇེ་ཆེ་དང་། རིག་པལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བ་ཙམ་དང་། འདབ་ཆགས་འཕུར་རྐྱེན་པ་དང་། རི་དྭགསརྩིབས་ལ་རྒྱུག་པ་དང་། ཤར་དལ་གྱི་རྒྱུག་པ་དང་། བུང་བ་བཅུད་ལ་འཁོར་བ་ལྟ་བུའི་ཇེའཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས་ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགསཔའི་ཕྱེད་སྐུའམ། སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིགས་མེད་པར་ཤར་བ་ནི་ཉམསགོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བརདོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང་། །ཞེས་གསུངས་སོ། །དེལ་སློབ་དཔོན་བཱི་མ་ལ་མི་ཏྲ་ནི། དབྱིངས་སྣང་ཟླུམ་འཕྲིགས་ཀྱི་ནང་དུ་པད་འདབ་བཞི་བཞིས་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་ཉམས་གོང་འཕེལ་གྱི་མཐོང་སྣང་དུ་མཛད་ནས། ལྷ་རུ་ཤར་བ་ཕན་ཆད་རིག་པ་ཚད་ཕེབས་སུ་བཞེད་ནའང་། འདི་ནི་སློབ་དཔོན་པདྨའིདགོངས་པ་སྟེ། མཁའ་འགྲོའི་སྙིང་ཐིག་གི་བཏགས་གྲོལ་དོན་ཁྲིད་ལས། དབྱིངས་རྣམཔར་དག་པའི་སྒྲོན་མ་རང་གི་སྨིན་མཚམས་ལས་བྲལ་བའི་དུས་ན་ཐིག་ལེའི་ནང་དུ་སེམསདཔའི་སྐུ་རྐྱང་པ་རེ་སྨིན་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ། །ཞེས་གསུངས་སོ། །དེ་ཡང་། འདིར་འོད་སྣང་གྱེན་སྦྲེང་གི་ཚེ་མིག་ཐུར་དང་། གྲུ་བཞི་ལ་གཡས། ཟླུམ་པོ་ལགཡོན། ཟླ་གམ་ལ་སྟེང་དང་། གྲུ་གསུམ་ལ་ཐུར་དུ་གཅུན་པ་ཡང་བཤད་དོ། །དེ་ལྟར་ཉམསགོང་འཕེལ་གྱི་སྣང་བ་མཐོང་བས། གནས་སྐབས་ཉམས་སྣང་གི་ཡོན་ཏན་རྣམས་ཐོབ་ཅིང་། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱསཐེབས་པས་ས་ཆུ་མེ་རླུང་གི་སྣང་བ་རང་དག་སྟེ། འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླསཔའི་དབྱིངས། ཐིག་ལེ་རེ་རེའི་ནང་དུའང་རྣམ་སྣང་ལ་སོགས་པ་རིགས་ཀྱི་ཡབ་ལྔ་དང་།

p. 250

དབྱིངས་ཕྱུག་མ་སོགས་རིགས་ཀྱི་ཡུམ་ལྔ་སྟེ། རིགས་ལྔའི་ཚོམ་བུ་ཅན་གྱི་དཀྱིལ་འཁོརཚད་མེད་པ་ནམ་མཁའ་གང་བར་འཆར་ཞིང་། དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུགསདང་འབྲེལ་བར་སྣང་བས། དེ་ནས་མ་བསྒོམས་ཀྱང་ཚད་དུ་ཕེབས་པ་ལ་འགྱུར་བ་མེདཅིང་། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུསའོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག གསང་བ་སེམས་ཉིད་འོད་གསལདུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་པས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་དེ། ཀློངགསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་སོ། །དེ་ལྟར་ཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམས་ཀྱང་ཆོག་ལ། མཐརཐུག་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་ནས། ལོངས་སྐུའི་ཞིང་ན་སྤྱོད་པར་འགྱུར་ཏེ། དེཡང་། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྐུའི་མཚན་དཔེའིགསལ་བར་སྟོན། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ཡང་ལྔ་ལྔ་ཟུང་དུ་བཅས། །གཏན་དུ་གསལ་བའི་ཐིག་ལེ་འབྲེལ། །ཡབ་ཡུམ་སྐུ་ཡི་སྣངབ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་སོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་སྣང་ཉམས་ཀྱི་འཕེལ་ཟད། ནང་སྒྱུ་ལུས་ཀྱིཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རངདག་པས་སྣང་དང་མི་སྣང་དང་འཛིན་པའི་བློ་ཟད་ནས་འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བལས་འཁོར་འདས་ཀྱི་འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་འབྱུང་བའི་དགྲསམི་ཚུགས། འགྲོ་འདུག་གི་སྣང་བ་དག མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལསཡེ་ཤེས་གྱི་སྣང་བ་མ་འགགས་པར་གསལ་ཞིང་། ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངསརྒྱས་ནས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པ་སྟེ། ཐལ་འགྱུརལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོནཔར་འཚང་རྒྱའོ། །ཞེས་གསུངས་པས། དེས་གནས་སྐབས་སུ་སྣང་བཞིའི་ཚད་ཟིན་པས་ས་

p. 251

མཚམས་བྱེད། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་བས། ལྷག་མེད་དུ་འཚང་རྒྱ་བརའགྱུར་རོ། །གཉིས་པ་གནས་ལུགས་ཀྱི་དོན་ལ་ངོ་སྤྲོད་པ་ལ་གཉིས་ལས། བྱིན་རླབས་འཕོ་བའིསྐབས་ཀྱི་ངོ་སྤྲད་པ། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ཚོགས་གཏོར་རྒྱཆེར་བཤམས་པས། མཆོད་ཅིང་གསོལ་བ་བཏབ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། ལུསགནད་བཅས་ཏེ། བླ་མ་ཉིད་བསྒོམ་གཞིར་བྱས་ནས། སྔར་བླ་མའི་རྣལ་འབྱོར་དུ་བཤདཔའི་དམིགས་རིམ་ཕོག་ལ། དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོདཀུན་འབྱུང་། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ལ། ཅི་མཛད་ཁྱེད་ཤེསཀྱི་བློ་གཏད་ལིང་བསྐྱུར་ཏེ། རྩ་བརྒྱུད་བླ་མ་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེསདགོངས་ནས་བདག་གི་རྒྱུད་བྱིན་གྱིས་རློབས་ཤིག ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅནརྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགསམཆི་མ་འཁྲུག་པ་ཙམ་དུ་སྐྱེད་ཅིག་བྱས་ལ། བླ་མས། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལབ་འདེབས་སོ། །ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ། ཅེས་སོགས་བརྒྱུད་པའི་བཤར་འདེད་ཀྱི་བྱིན་ཕེབས་པའི་རྗེས་ལ། བླ་མ་ཉིད་ཚད་མེད་པའིཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོརྗེ་གསུམ་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་ཤེས་པ་ལྷོད་ནས་འཇོག་ཏུ་བཅུག་པས་བྱིན་རླབསཀྱིས་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར། དེའིངང་ལ་ལྷོད་ཀྱིས་གློད་པས་རིག་གདངས་མོས་གུས་སུ་ལམ་མེ། གཤིས་འཛིན་མེད་དུ་ཁྲོལལེར་ཤར་བས་མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལབ་ཞེས་བྱ་སྟེ། དེའི་ངང་ལ་བསལ་བཞག་འགྲོ་འོང་མེད་པ་རང་བབས་སུ་བསྐྱང་དུ་གཞུགགོ །འདི་ཉིད་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་གོང་མ་རྣམས་ཀྱི་ཕྱག་ཞེས་ཉམས་མྱོངབོགས་ཆེད་དུསྐྱེ་བ་ལ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་གསུངས།

p. 252

གཉིས་པ་ཉམས་མྱོང་བསྒོམ་པའི་ཐོག་ཏུ་ངོ་སྤྲོད་པ་ནི། འདི་ཉིད་ལས། དཀར་ཁྲིད། ཉིན་མོའི་རྣལ་འབྱོར། ནག་ཁྲིད། མུན་པའི་རྣལ་འབྱོར། སེར་ཁྲིད། ཟླ་ཟེར་ལ་བལྟ་བ། དམར་ཁྲིད། ཉི་ཟེར་ལབལྟ་བ། ཁྲ་ཁྲིད། མིག་གཉིས་སོ། མེ་ཁྲིད་མར་མེའོ། དང་། དེ་ལ་སོགས་པའི་ཐོད་རྒལ་གྱི་ངོ་སྤྲོདརྣམས། རྫོགས་ཆེན་གཞན་དང་མཐུན་ནོ། །ཞེས་གསུངས་པས། རྒྱས་པར་མོས་ན། རིགསམཐུན་གཞན་ལས་འབྱུང་བ་བཞིན་བྱེད། འདིར་ནི་སྙིང་པོ་བསྡུས་དོན་ལྟར་ལས། དེ་ཡང་། གནས་རྐྱེན་དང་བྲལ་ཡངས་ཤིང་མཐོ་བའི་སར་སྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ་འོདགསལ་གྱི་སྣང་བ་རྣམས་མཚོན་པར་བྱས་ནས། སློབ་མའི་མིག་ལམ་དུ་རྡོ་རྗེ་སེམས་དཔའིམེ་ལོང་བསྟན་ལ། ཀྱཻ་སྐལ་ལྡན་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་། སྔར་ཆོསཐམས་ཅད་ཀྱི་ཆོས་ཉིད་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁྲེགས་ཆོད་ཀྱི་ལམགྱི་མཚོན་པར་བྱས་པ་དེ་ཡིན། འདིར་ནི་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་གྱི་ལམ་གྱིསམཚོན་པར་བྱེད་པ་ཡིན་ལ། དེ་ཡང་ངོ་སྤྲད་བྱ་བ་ནི། ཆོས་གཞན་ནས་བདེ་གཤེགས་སྙིངཔོ་དང་། དྲི་བཅས་དེ་བཞིན་ཉིད་དང་། རྒྱུའི་རྒྱུད་སོགས་བཤད་པ་སྟེ། འདིར་ནི་སངསརྒྱས་ཐམས་ཅད་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབཔ། གཞོན་ནུ་བུམ་པ་སྐུའི་བདག་ཉིད་ཅན་དུ་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིདསྒོ་གསུམ་གྱི་གནད་ཀྱིས་གཞི་བཟུང་། གནད་རྣམ་པ་བཞིས་མཚོན་པར་བྱེད་པ་ནི། དེ་ཡང་། སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔའི་དཀྱིལ་འཁོར་དུ་ལྷུན་གྲུབ་ཏུ་ཡོདཔ་དེ་ཉིད། ཇི་སྐད་དུ། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་ཡི་གེ་མེད་པ་ལས་གསུངས་པ་ལྟར། རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་གསལ་བའི་སྣང་བ། ཕྱིའི་དབྱིངས་ནམ་མཁའསྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་ནམ་མཁའ་རྣམ་དག་སྒྲོན་མའི་གདངས་བྱད་བཞིན་དུ་ཤརབ་ནི་ནམ་མཁའ་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་འདིའོ། །དེའི་ནང་དུ་ཐིག་ལེ་སྟོངཔའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོ་གསལ་ཞིང་དྭངས་པ་འདིའོ། །དེའི་ནང་དུ་རིག་པའིསྐུ་ཡོད་པའི་རྟགས་སུ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་འདིའོ། །དེ་ཡང་། དབྱིངས་རིག་འདུ་འབྲལ་

p. 253

མེད་པ་ནི། ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་པ་ཡིན་ནོ། །ཐུགས་རྗེ་རང་བྱུང་གི་ཡེ་ཤེསརང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་སུ་འོད་གསལ་གྱི་སྣང་བ་འདིདག་ལ་ལེགས་པར་ལྟོས་ལ་མཉམ་པར་ཞོག་ཅིག དེ་ནི་ཤེས་པ་རང་གསལ་སྣང་སྟོང་འཛིནམེད་དུ་སྣང་བ་འདི་ཁོ་ན་ཡིན་ནོ། །དེ་ཡང་། ངོ་བོའ་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལབ། རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་བ། ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ་འདི་ནི་གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་འདི་སྙིངདབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པར་ཤེས་པར་གྱིས་ཤིག དེ་ཡང་། ཀློང་དྲུག་པ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང་། རངགི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལགསལ་སྣང་བས། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་དང་། སྒྲོན་མ་སྣང་བྱེདལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་སྒོམ་པས་བྱུང་བ་མིན། །ཡེ་ནས་གཞི་ལགནས་པའོ། །ཞེས་གསུངས་པས། ཡེ་ནས་མ་བྱས་ཤིང་རང་བྱུང་རང་ཤར་སྐུ་གསུམ་འདུའབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་བསྒོམ་པ་ལ་བརྩོནཔར་གྱིས་ཤིག །ཅེས་བརྗོད་དོ། །གསུམ་པ་མཐའ་རྟེན་བཞིའི་མན་ངག་བསྒོམ་ཚུལ་བཤད་པ་ནི། དེ་ཡང་། ཀློང་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངསཔས། མི་འགུལ་བ་གསུམ་ལ་གཞི་གཅའ། སྡོད་པ་གསུམ་གྱི་ཚད་བཟུང་བ། ཐོག་པ་གསུམགྱི་གཟེར་གདབ་པ། གདིང་བཞི་གྲོལ་ཚད་བསྟན་པ་དང་བཞིའོ། །དང་པོ་མི་འགུལ་བགསུམ་ལ་གཞི་བཅའ་བ་ནི། ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལགསུམ་ལ་གཞི་བཅས་པས། །རླུང་སེམས་གནད་དུ་ཕེབས་པའོ། །ཞེས་པས། ལུས་བཞུགསསྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་། ལུས་མ་འགུལ་བས་རྩ་མི་འགུལ། རྩ་

p. 254

མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བསསེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་རིག་པའི་གནད་རྩ། རྩའིགནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། དེས་སེམས་མ་འགུལ་བས་རྣམ་རྟོག་མི་འབྱུང་ཞིང་དབྱིངས་རིག་འདུ་འབྲལ་མེད་པའི་དགོསཔ་ཡོད་དོ། །རིག་པ་ནི་འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བརབྱའོ། །དེ་ཡང་ཐུགས་རྗེའི་རིག་པ་ཕྱིར་གསལ་མེ་ལོང་ལྟ་བུ་ལ་འོད་གསལ་གྱི་སྣང་བ་འགགམེད་དུ་ཤར་བ། གཟུང་འཛིན་གྱིས་མ་བསླད་པར་རང་ཤར་རང་གྲོལ་དུ་བསྐྱངས་པས། སྣངབཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འཆར་བར་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ནི། སྔ་མ་ལས། སྡོད་པ་གསུམ་གྱི་ཚད་བཟུངབས། །རྨི་ལམ་བཟློག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་བཟུང་བའོ། །ཞེསཔས། དབྱིངས་རིག་ལ་རིགས་པར་གནས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་སྐྱེད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོསྐྱེད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱེད་བྱེད་ཀྱིརླུང་ཟད་པས་རྣམ་རྟོག་: སྒྱུ་མའི་རྒྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམགྱིས་བཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། བརྩོནའགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་པས་རྒྱུན་ཆད། འབྲིང་ལ་རྨི་ལམ་འོད་གསལ་དུའཆར། ཐ་མ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བ་བཞིརེ་རེ་ལ་ཡང་གསུམ་གསུམ་སྟེ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགསགསུམ་ནི། ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་གཡོ་འགུལ་མེད། ངག་ལྐུག་པལྟར་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་རྙིས་ཟིན་པ་བཞིན་འཕྲོ་བ་ལྟར་སྣང་ཡང་གརགཏད་དུ་ཟིན་པའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་

p. 255

ཀྱིས་གདུང་བ་ལྟར་བྱིང་རྒོད་དང་རྒྱན་གྱི་སྒེག་ཆོས་བྲལ། ངག་སྨྱོན་པ་ལྟར་བཟུང་མེད་ཅལཅོལ་དུ་སྨྲས། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་བཟློག་པར་ཐགཆོད་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུཚུད་པ་སྐད་ཅིག་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོ། ངག་གྲུལ་བུམགྱི་ཕྲུག་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཅིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱངབ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདིང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགསགསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་ཡ་ང་དང་བག་ཚ་མེད། ངག་བྲ ག་ཆ་ལྟར་གཏམ་གྱི་ཟུང་ཟད་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་སྐདཅིག་ལ་ཡལ་འགྲོ་བ་ལྟར་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱའོ། །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཀློང་ལས། ཐོབ་པ་གསུམ་གྱི་གཟེརབཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས། དང་པོ་སྐྱེ་བ་ལ་དབང་ཐོབཔ་ནི། ཕུང་པོའི་སྣང་བ་འགགས་ནས་གདོས་བཅས་སུ་མི་སྣང་བས། སེམས་ཅན་གྱི་དོནབྱེད་ན་རང་གི་ལག་སོར་ལ་རིག་པ་གཏད་པས་སྣང་བ་དེ་ཀུན་རང་ལོག་སྟེ། སྣང་བྱེདཆུ་ཟླ་ལྟ་བུས་སེམས་ཅན་གྱི་དོན་བྱེད་པས། མ་སོགས་སེམས་ཅན་ལ་རིག་པ་བཅུག་ནམཚམས་མེད་པ་ལྔ་བྱས་པ་ཡང་འདི་ཉིད་ལ་འབྱུང་བ་རང་སར་དག་ནས་འཚང་རྒྱ་སྟེ། དེཡང་། རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལ་གནས་པའི་གནད་ཀྱིས་སོ། །དེའི་ཚེ་བེམ་པོ་ལརིག་པ་བཅུག་ཀྱང་འགུལ་ཞིང་སྐད་འབྱིན་ནུས་པ་འབྱུང་ངོ་། །གཉིས་པ་འཇུག་པ་ལ་རངདབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས་དེ་ཉིད་ལ་མིསྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལསསུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་། སེམས་ཅན་གཞན་ཚེ་འཕོ་བའི་ཚེ་ལ་རིགཔ་བཅུག་པས་མཚམས་མེད་ལྔ་བྱས་པ་ཡང་རང་དང་མཉམ་དུ་འཚང་རྒྱ་སྟེ་ལས་ལ་བཟངངན་མེད་པའི་གནད་ཀྱིས་སོ། །དེ་ཡང་བེམ་པོ་ལའང་ཐོགས་མེད་ཟང་ཐལ་དུ་འགྲོ་ཞིང་

p. 256

མངོན་པར་ཤེས་པ་ཐོག་མེད་དུ་འཆར་རོ། །བཞི་པ་གདིང་བཞིའི་གྲོལ་ཚད་བསྟན་པ་ནི། མུ་ཏིག་འཕྲེང་བ་ལས། ཚད་ནི་གདིངབཞིའི་རྣལ་འབྱོར་ཉིད། །ཅེས་དང་། རིན་ཆེན་སྤུངས་པ་ལས། མི་འགྱུར་ལྟ་བའི་གདིངཆེན་བཞིས། །མི་བཟློག་ཡེ་ཤེས་ཚད་ཀྱང་བཟུང་། །ཞེས་པས། དེ་ཡང་། ཡར་གྱི་གདིངགཉིས་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགསཔ་མེད་དེ། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱིགདིང་གཉིས་ནི། འགྲོ་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ཐོས་ཀྱང་འཁོར་བར་མི་ལྟུང་དུ་རེབ་དང་། ལྟུང་གི་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་བ་མེད་པར་ཤེས་པས་འཁོརབར་འཁྱམ་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གི་དགོས་པ་ནི། གནསསྐབས་སུ་ཐད་སོ་སོའ་དོན་རྣམས་འགྲུབ་ཅིང་། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིནཔར་འགྱུ ར་རོ། །དེ་ལྟར་ཡང་ཀློང་གསལ་ལས། མཐའ་རྟེན་དག་གི་མན་ངག་གིས། །གོངམའི་ཡོན་ཏན་མཐའ་རུ་ཕྱིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་མཐར་ཐུག་འབྲས་བུའི་གྲོལ་ཚུལ་བསྟན་པ་རྗེས་ཀྱི་ཁྲིད་ལ་གཉིས་ཏེ། ཐུནམོང་དང་ཁྱད་པར་གཉིས་ལས། དང་པོ་ཐུན་མོང་ནི། རིན་ཆེན་རྒྱ་མཚོ་ལས། འོད་གསལབ་ནི་རྣམ་པ་བཞི། །རྫོགས་ནས་ཡེ་ཤེས་ཆེན་པོ་ལས། །སྣ་བ་རྣམ་པར་མི་རྟོག་པ། །མཆེདཔ་ཡེ་ཤེས་སྒྱུ་མ་སྟེ། །ཐོབ་པ་དམ་པ་འཕགས་པའི་ལམ། །ཉེ་བར་ཐོབ་པ་རྫོགས་པའོ། །ཞེས་གསུངས་པས། དེ་ཡང་། ཡེ་ཤེས་བཞིའི་རིམ་པས་སློབ་པའི་ལམ་བཞི་བགྲོད་ཚུལབསྟན་ཏེ། དེའང་ཞི་ལྷག་ཟུང་འཇུག་གི་ལམ་བསྒོམས་པས་སེམས་ཉིད་གཉུག་མའི་ངང་དུབློའི་འཇུག་པ་ཞི་ནས་དྭངས་གསལ་གཡོ་མེད་ཀྱི་ཡེ་ཤེས་ཐོག་མར་སྐྱེས་པ་ནི་འོད་གསལདང་པོ་སྣང་བའི་ཡེ་ཤེས་ཏེ་ཐར་པའི་ལམ་སྣ་ཟིན་ཅིང་ཚོགས་ལམ་གྱི་ཡོན་ཏན་རྣམས་རིམཔར་འཆར། དེ་ནས་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་སྔ་མ་ལས་ཆེས་ཆེར་གོམས་པསསྣང་བ་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ཤིང་ཆོས་ཐམས་ཅད་ཀྱི་རང་བཞིན་རོ་གཅིག་ཏུ་རྟོགས་

p. 257

པ་ནི་འོད་གསལ་གཉིས་པ་མཆེད་པའི་ཡེ་ཤེས་ཏེ། སྦྱོར་ལམ་གྱི་ཡོན་ཏན་རྣམས་ཐོབ་བོ། །དེ་ནས་ཆེས་ཆེར་གོམས་པས་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཟག་པ་མེད་པ་དང་པོརམཐོང་བ་ནི་འོད་གསལ་གསུམ་པ་ཐོབ་པའི་ཡེ་ཤེས་ཏེ་ས་དང་པོ་མཐོང་ལམ་གྱི་ཡོན་ཏནརྣམས་ཐོབ་བོ། །དེ་ནས་ཆེས་ཆེར་གོང་དུ་འཕེལ་བས་མཐོང་ཟིན་གོམས་པར་བྱེད་པ་ནིའོད་གསལ་བཞི་པ་ཉེ་བར་ཐོབ་པ་ཞེས་བྱ་བའི་ཡེ་ཤེས་ཏེ། སྒོམ་ལམ་ས་དགུའི་ཡོན་ཏནརྣམས་ར ིམ་པར་འཆར་ཞིང་ལྷན་ཅིག་སྐྱེ་བ་ས་དགུའི་དྲི་མ་རྣམས་སྦྱོང་བ་ཡིན་ནོ། །དེ་ཡངལང་ཀར་གཤེགས་པ་ལས། ས་བདུན་པ་ནི་སེམས་ཡིན་ཏེ། །སྦྱོང་བ་མེད་པ་བརྒྱད་པའོ། །ས་མཆོག་དང་ནི་སངས་རྒྱས་པ། །དེ་དག་ང་ཡི་རང་བཞིན་ནོ། །ཞེས་པས་ས་བདུན་པ་མནཆད་རྗེས་ཐོབ་ཏུ་སེམས་སུ་འཛིན་པ་ཅུང་ཟད་དང་། བརྒྱད་པར་དེ་ཉིད་དབྱིངས་སུ་དགཀྱང་སྣང་མེད་ཀྱི་དབུ་མ་ལ་ཞེན་པའི་ཆ་ཅུང་ཟད་ཡོད་ཅིང་། དགུ་པ་དང་བཅུ་པར་དེ་ཡངདག་ནས་མཉམ་རྗེས་ལ་གསལ་མི་གསལ་གྱི་ཆ་ཕྲ་མོ་ཙམ་དང་བཅས་པའི་ཆོས་ཉིད་ཇིབཞིན་པའི་དོན་མངོན་དུ་གྱུར་པ་གསུངས་ལ། དེ་ནས་མཐར་ཐུག་གི་འབྲས་བུ་ནི། ས་བཅུའིཐ་མར་རྒྱུན་མཐའི་ཡེ་ཤེས་ཀྱིས་ཆེས་ཕྲ་བའི་གཉིས་སྣང་དང་འགྱུར་བ་དེའི་བག་ཆགས་ཕྲམོ་ཙམ་ནས་རྫོགས་པའི་སངས་རྒྱས་མངོན་དུ་མཛད་ཅིང་། དེ་ཡང་རྒྱུད་བླར། ཆུ་མཚོ་སོགསབཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེསཀྱིས། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱསསྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡིས། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཅེས་པས། ལམ་མཉམ་བཞག་གི་ཡེ་ཤེས་བྲལ་འབྲས་སྤངས་བ་ཕུན་སུམ་ཚོགས་པ། རྣམ་པརགྲོལ་བའི་སྐུ་དང་། རྗེས་ཐོབ་ཡེ་ཤེས་ཀྱི་བྲལ་འབྲས་རྟོགས་པ་ཕུན་སུམ་ཚོགས་པ་ཡང་དགཔའི་སྐུའོ། །དེ་ལྟར་སྒྲིབ་པ་བསངས་བའི་ཚེ་དབྱིངས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་མངོནདུ་གྱུར་པ། མཐར་ཐུག་པའི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ཆ་དེ་ཆོས་ཀྱི་སྐུ། དེའི་རང་གདངསའགགས་མེད་ཆོས་སྐུ་དང་ངོ་བོ་རོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་འཆར་བ་ནི་ལོངས་

p. 258

སྤྱོད་རྫོགས་པའི་སྐུ། དེ་གཉིས་དབྱེར་མེད་པའི་རྩལ་སྣང་གདུལ་བྱ་གཞན་སྣང་དུ་སྐུ་དངམཛད་པའི་རྣམ་པར་རོལ་པ་སྟོན་པར་བྱེད་པའི་ཐུགས་རྗེ་དང་ནུས་པའི་ཡེ་ཤེས་ནི་སྤྲུལ་པའིསྐུ། དེ་ལྟར་རང་རྒྱུད་ཀྱིས་བསྡུས་པའི་སྐུ་གསུམ་པོ་དེ་ཉིད་དབྱིངས་ཡེ་ཤེས་ཟུང་འཇུག་གིངོ་བོར་རོ་གཅིག་ཏུ་འདུས་པ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིདཆེན་པོར་བཞུགས་ཤིང་། དེའང་རང་རྒྱུད་ཀྱིས་བསྡུས་པའི་གཟུགས་སྐུ་གཉིས་ཀྱིས་མཐུལས་རྒྱལ་སྲས་སར་གནས་རྣམས་དང་། སེམས་ཅན་གྱི་ཚོགས་ལ་གཞན་སྣང་གི་ལོངས་སྐུདང་། སྤྲུལ་པའི་སྐུའི་རྣམ་རོལ་མཐའ་ཡས་པར་བསྟན་ནས་དོན་མཛད་པ་ཡིན་ནོ། །གཉིས་པ་ཁྱད་པར་གྱི་གྲོལ་ཚུལ་ནི། སྙིང་གི་མེ་ལོང་ལས། ཡང་དག་པར་རྫོགས་པརསངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་སོ། །ཞེས་གསུངས་སོ། །ཉོན་མོངསཔ་ཕྲ་རགས་དང་། འབྱུང་འདུས་ཀྱི་གདོས་བཅས་དག་ནས་ངོ་བོ་སྐུ་རུ་རྒྱས་པས་སྐུ་གསུམ་འདུའབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་འདུ་འབྲལ་མེད། ཐུགས་རྗེམཛད་པའི་འཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་སྟེ། ཀློང་ལས། ངོ་བོ་སྟོངགསལ་དབྱེར་མེད་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེསངས་རྒྱས། །ཞེས་དང་། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོནལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འབྲིང་བར་དོར་འཚང་རྒྱ་བ་ལ་གསུམ་སྟེ། ངོ་བོ། དབྱེ་བ། ལམ་ཁྱེར་རོ། །དང་པོ་བར་དོའི་ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའགནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་འདི་དག་པ་ཆོས་ཉིད་ཀྱི་བརདོ་དང་། འཁྲུལ་སྣང་འགྲོ་དྲུག་གི་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་བའི་བརདོ་ཡིན་ཏེ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང་འཆར་གཞི་དབྱིངས་སུ་མ་རྫོགས་བརགྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའོ། །གཉིས་པ་དབྱེ་བ་ནི། ཐལ་འགྱུར་ལས། དབྱེ་བ་རྣམ་པ་བཞི་དག་ལས། །ཞེས་གསུངས་པས། སྐྱེ་འཆི་རང་བཞིན་བར་དོ། འཆི་ཁའི་

p. 259

བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་དང་བཞིའོ། །དང་པོ་སྐྱེ་འཆི་རང་བཞིནགྱི་བར་དོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིསཔ་འཆི་ཁའི་བར་དོ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམཔ་ཆོས་ཉིད་ཀྱི་བར་དོ་ནི། ནང་དབུགས་ཆད་དེ་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པའི་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །གསུམ་པ་སོ་སོའ་ལམ་ཁྱེར་ནི། དཔེ་དོན་གཉིསཀྱིས་སྟོན་ཏེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ། སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་དུ་འཇུག་པ་ལྟབུ་ནི། དོན་བླ་མ་དམ་པ་ལ་བརྟེན་ཏེ་བླ་མས་བསྟན་པའི་གདམས་ངག་གི་དོན་རྣམས་ཐོསབསམ་སྒོམ་པས་ནན་ཏན་ལྷུར་བྱས་ཏེ་སྒྲོ་འདོགས་ཆོད་པར་བྱའོ། །དེ་བཞིན་དུ། འཆི་ཁའིབར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་ནི། སྔར་བསྒོམས་པའི་གདམསཔ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པའོ། །ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིདཆེས་པ་མ་པང་བུ་འཇུག་པ་ལྟ་བུ་ནི་གདམས་ངག་གི་དོན་རྣམས་ཉམས་འོག་ཏུ་ཆུད་པསཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པརགདིང་ཚུད་པའོ། །སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་རྐང་ཆད་པ་ལ་ཝའཛུགས་པ་ལྟ་བུ་ནི། འཁྲུལ་སྣང་དང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔ ར་གོམས་པ་དངསྐབས་འདིར་འཆད་པར་གྱུར་པའི་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ལམ་དུ་འཇུགཅིང་མཚམས་སྦྱར་བའོ། །དེ་དག་ཀྱང་དབང་པོའི་རིམ་པས་གྲོལ་ཚད་ཀྱང་གསུམ་དུ་གསུངསཔ་སྟེ། རྒྱས་པར་གཞན་དུ་གནང་བ་བཞིན་ཤེས་པར་བྱའོ། །གསུམ་པ་དབང་པོ་ཐ་མ་ལ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་འཚང་རྒྱབ་ནི། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་གིས། །རྟོགས་པ་རྒྱུད་ལ་མ་སྐྱེསཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་རྣམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་པས། འདིར་མངོན་སུམ་གྱི་དོན་མཐོང་ཡང་བརྟན་པ་མ་ཐོབ་པར་སྒོམ་པ་

p. 260

འཕྲོ་ཅན་དུ་གྱུར་ཏེ་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡངངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས། ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་བརྒྱུད་པའི་ཐུགས་རྗེས་རྨི་ལམ་གྱི་སྣང་བའི་ཆ་ཙམ་ལམངོན་པར་དགའ་བ་ལ་སོགས་པ་དག་པའི་ཞིང་དུ་སྐྱེ་བ་བླངས་ནས། དེ་བཞིན་གཤེགསཔ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས་དབང་བསྐུར་བ་དང་ལུང་ནོད། དབུགས་དབྱུང་བཐོས་པས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་གདོད་མའི་ཞིང་ལ་སྐད་ཅིག་གིས་གྲོལབ་ཐོབ། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་མེད་པའིདབྱིངས་ལས་མ་གཡོས་བཞིན་དུ་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་ལོངས་སྤྱོད་རྫོགསཔའི་སྐུ་དང་། སྤྲུལ་པའི་སྐུའི་ཟླ་བ་ལས་ཆུ་ཟླ་ལྟར་འགྲོ་བའི་དོན་འཁོར་བ་ཇི་སྲིད་པ་དེསྲིད་དུ་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུནགྲུབ་ཏུ་འབྱུང་ཞིང་རྒྱུན་མི་ཆད་པ་ཡིན་ནོ། །༈ རྒྱལ་ཀུན་འདུས་ཞལ་པདྨ་ཀཱ་ར་ཡི། །ཟབ་རྒྱས་གདམས་པའི་སྙིང་པོ་ཨ་ཏི་ཞེས། །མཁས་གྲུབ་བྱེ་བའི་གཤེགས་ཤུལ་མན་ངག་གི །མཆོག་གསང་རྩེ་མོ་དཀོན་མཆོག་སྤྱི་འདུསཉིད། །སྦས་པའི་ཟབ་དོན་ཡིད་བཞིན་དབང་རྒྱལ་འདི། །འཕགས་མཆོག་ཁོ་ནའི་ཡེ་ཤེསསྤྱོད་ཡུལ་ལས། །བློ་དམན་བདག་འདྲས་ཇི་བཞིན་རྟོགས་དཀའ་ཡང་། །འོན་ཀྱང་སྐལམཉམ་འགྲོ་ལ་ཕན་ན་སྙམ། །དེ་ཕྱིར་མོས་པ་ཁོ་ན་ཡི། །མཁར་བ་ལ་བརྟེན་བརྩོན་པསབསྒྲུབས། །ནོངས་པ་གང་མཆིས་ལྷ་བླ་མས། །བཟོད་པར་བཞེས་ལ་འདི་བསྒྲུབས་མཐུས། །རང་བཞིན་མར་གྱུར་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་གནས་ཐོབ་ནས། །མཐའ་ཡསའགྲོ་ཀུན་མ་ལུས་པ། །འདྲེན་པའི་དེད་དཔོན་བྱེད་གྱུར་ཅིག །ཅེས་ཡང་ཟབ་རྫོགས་པ་ཆེནཔོ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་མན་ངག་གསལ་སྒྲོན་སྙིང་པོ་ཞེས་བྱ་བ་འདི་ནི་གསངཆེན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་མེ་རག་ཆོས་རྗེ་གུ་རུ་དབང་ཆེན་མཆོག་གི་གསུངགིས་བསྐུལ་བ་ཉིད་དོན་ཡོད་པར་བྱ་བའི་ཆེད་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་

p. 261

སྤྱི་གཟུགས་བཀའ་དྲིན་མཉམ་མེད་རྗེ་བཙུན་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་༧ཞབས་རྡུལ་སྤྱི་བོར་ལེན་པ་སྨྱོས་རིགས་འཛིན་པ་མི་འགྱུར་དཔལ་སྒྲོན་གྱིསའདི་ཉིད་རྩ་བ་རྡོ་རྗེའི་ཚིག་རྐང་ལེའུ་བརྒྱད་པ་ཉིད་སྲོག་ཏུ་བཟུང་ཞིང་གོང་མ་རྣམས་ཀྱི་གསུངརྒྱུན་དང་། ཁྱད་པར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་གསུང་རྒྱུན་རྣམསཀྱིས་ལེགས་པར་བརྒྱན་ཏེ། མཁའ་སྤྱོད་བདེ་ཆེན་གླིང་གི་དབེན་གནས་སུ་སྦྱར་བའོ། །འདིས་ཀྱང་ཟབ་ལམ་གྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་རྒྱུར་གྱུར་ཅིག བཀྲ་ཤིས། དགེའོ།། །།

རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཐིག་ལས། ཁྲིད་ཀྱི་ཟིན་བྲིསབླ་མའི་དགོངས་རྒྱན། མཁན་ཆེན་མཁྱེན་བརྩེ་ནོར་བུ།

p. 262
p. 263

རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཐིག་ལས། ཁྲིད་ཀྱི་ཟིན་བྲིསབླ་མའི་དགོངས་རྒྱན་བཞུགས་སོ། །མཁན་ཆེན་མཁྱེན་བརྩེ་ནོར་བུ།

p. 264

རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཐིག་ལས། ཁྲིད་ཀྱི་ཟིན་བྲིསབླ་མའི་དགོངས་རྒྱན་བཞུགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྙིང་ཐིག་འདི་ལ་སློབ་དཔོན་གསུམ་སོ་སོར་དངཐུན་མོང་གི་བཀའ་སྲོལ་མང་དུ་བཞུགས་པ་ལས། ད་ལན་འདི་ནི་བི་མ་ལའི་བཀའ་སྲོལགྱི་གདམས་པ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཕྱགཏུ་བཞུགས་ཚུལ་བི་མ་སྙིང་ཐིག་ལས་གསལ་བར་འབྱུང་བ་དེ་ཡིན་གསུངས། ཕྱག་རྣལ་འབྱོརགྱི་ལུགས་སུ་བཙལ་ཅེས་པ་གཟན་མི་ཕབ་པར་བརྐྱངས་ཕྱག་འཚལ་བ་འདི་ཡིན། ཡང་ནལྟ་བ་མཇལ་ཕྱག་ལ་གོ་ཡང་ཆོག་གསུངས། གསུང་བྱ་གསུང་བྱེད་ཀྱི་རྟོག་པ་གང་ཡང་མེདབཞིན་དོན་འཇལ་བའི་བརྡ་ཚིག་མི་འགག་པར་ཤར་བ་ལ་ཆོས་ཉིད་རང་སྒྲ་ཞེས་གསུངས། དཔའ་བོའི་རྒྱ་རྟགས་ནི་སྨིན་མཚམས་སུ་ཁྲོ་གཉེར་གསུམ་ཡོད་པ་ལ་ཟེར། བི་མ་དང་པདྨརྣམ་གཉིས་ཀྱིས་གསོལ་བའི་མཚན་འོད་གསལ་སྤྲུལ་པའི་རྡོ་རྗེ་དང་། མདོ་སྔགས་གླིང་པགཉིས་ཡིན། དབང་རྣོོན་དམིགས་བསལ་ཅན་ལ་མ་གཏོགས་དབང་འདི་མ་བསྐུར་བའིསྔོན་དུ་མ་ཧཱ་ཨ་ནུ་གང་རིགས་ཀྱི་དབང་ཆེན་ཐོབ་པ་ཞིག་དགོས་གསུངས། གསུང་རྒྱུན་ཁཅིག་ཏུ་མཁྱེན་བརྩེ་རིན་པོ་ཆེ་ཌཱ་ཀི་དཔལ་གྱི་བློ་གྲོས་མའི་སྤྲུལ་པའང་ཡིན་པས་རྗེས་དྲནགྱི་གསུང་བྱས་ཀྱང་རུང་གསུངས། རླུང་རོ་རིམ་བཞིན་གཡོན་གཡས་དབུས་གསུམ་ནསལག་རྡོ་རྗེ་ཕྱེད་པའི་རྒྱས་བསལ་བའི་ཚེ་སྣ་བུག་གཡོན་གཡས་དབུས་ནས་དུག་གསུམ་གྱིརྟོག་པ་ཐམས་ཅད་འོད་དཀར་དམར་ནག་གསུམ་མོག་མོག་པོའི་རྣམ་པས་ཕྱིར་ཐོན་པརབསམ་དགོས་གསུངས། ཤངས་རྩེར་ཨ་ཡིག་དཀར་པོ་མ་འབྱར་ཞིང་ཐིགས་ལ་ཁད་པསམཚན་པ་དང་། དར་སྔོན་པོའི་སྟོད་གཡོགས་ནི་པཎྜི་ཏའི་ཤ་འགགས་ལ་ཟེར། དབུ་ཞྭ་པཎ་

p. 265

ཞུ་རྩེ་ཟླུམ་གསོལ་བ་དང་། གསོལ་འདེབས་ཀྱི་ཚིག་རྐང་དང་པོ་བླ་མ་འབོད་པ་དང་། དེཕྱིན་འདོད་དོན་གསོལ་འདེབས་དངོས་ཡིན་གསུངས། བླ་མའི་སྐུ་དེ་རང་གི་སྨིན་མཚམསནས་ཕར་ཁྲུ་གང་གཞལ། དེ་ནས་སྟེང་དུ་ཁྲུ་གང་གཞལ་བའི་སར་བསྒོམ་དགོས། བསྡུ་བའིཚེ་དབུ་གཙུག་ནས་མར་ཐིམ། ཞབས་ནས་ཡར་ཐིམ། མཐར་ཐུགས་ཀར་ཐིམ་པའི་ཚེ་འོདགོང་ནང་དུ་ཁ་དོག་ལྔ་ཀ་ཡོད་པ་ལ་ཕྱིར་དཀར་པོ་ཤས་ཆེར་མངོན་པ་ཞིག་ཏུ་གྱུར་པ་དེ་ཉིདཚངས་བུག་ནས་རང་ལ་ཐིམ་པར་མོས་དགོས། སེམས་སྦྱོང་བདུན་པོའི་ནང་བློ་ལྡོག་རྣམབཞི་སོགས་སེམས་སྦྱོང་ཐམས་ཅད་ཚང་། མི་རྟག་པའི་དཔེ་ཆུ་བུར་ལ་མཛད་པ་དེ་ནི་རྒནཔོ་ནས་བྱིས་པའི་བར་ཐམས་ཅད་ཀྱིས་ཆུ་བུར་མི་བརྟན་པའི་ཚུལ་དེ་ཤེས་པས་ཡིན། སྣོདབཅུད་མི་རྟག་པའི་ཚུལ་ལ་བསམ་པ་ཐམས་ཅད་རང་ཉིད་མྱུར་དུ་འཆི་བློ་སྐྱེ་བའི་ཐབས་སུཁྱེར་ཤེས་དགོས་པ་དང་། མི་རྟག་རྒྱུའི་ལུས་ཀྱང་དལ་འབྱོར་ཚང་བའི་རྟེན་འདི་ཡིན་པས། དེ་ཡང་དལ་བ་དགག་ཕྱོགས་དང་འབྱོར་པ་སྒྲུབ་ཕྱོགས་ནས་བཞག་པའི་རྟེན་སྤྱི་དང་། ཁྱདཔར་རྩོལ་མེད་ཐེག་རྩེའི་ལམ་བཟང་ལ་ཐོས་བསམ་སྒོམ་གསུམ་བྱར་ཡོད་པའི་རྟེན་འདིའདྲ་ཤིན་ཏུ་རྙེད་དཀའ་བའི་ཚུལ་ལ་བསམ། སེམས་སྦྱོང་གཉིས་པའི་སྐབས་འཁོར་བའིསྡུག་བསྔལ་དང་ལས་འབྲས་ལ་བསམ་དགོས་པས་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ། ཁྱད་པར་རླུང་རྟོག་གི་འཇུག་པ་ནང་དབྱིངས་ཆེན་པོར་སླར་ལྡང་བ་མེད་པར་མ་ནུབ་པར་སྡུགབསྔལ་ལས་འདའ་བ་མེད་ཚུལ། དགེ་ལས་སྤྱི་དང་ཁྱད་པར་སྙིགས་མ་ཉོན་མོངས་དུག་ལྔརྒྱས་པའི་དུས་འདིར་མེ་འབར་བའི་སྟེང་ཤིང་བསྣན་པས་འབར་རྐྱེན་ཇེ་ཆེར་འགྲོ་བ་ལྟརགསང་སྔགས་ཀྱི་ཆོས་ཀྱང་དུས་ངན་བཞིན་ཇེ་ཟབ་ཏུ་འགྲོ་བ་ཡིན་པ་དང་། མ་ཟད་རྫོགསཆེན་གྱི་བསྟན་པ་འདི་ནི་ཆོས་ཉིད་ཀྱི་བདེན་མཐུས་ཚེ་ལོ་བཅུ་པའི་དུས་ཡན་ལ་དར་བརགསུངས་པས་དེ་འདྲའི་དགེ་སྟོབས་ཆེན་པོ་རེ་ལ་འཇུག་པ་དང་། མི་དགེ་བའི་ཕྱོགས་སྤྱི་དངཁྱད་པར་ཐ་མ ལ་གྱི་སྣང་ཞེན་ལས་རླུང་རྟོག་པ་དང་བཅས་པ་སྤོང་ཅི་ཐུབ་ཀྱི་བླང་དོར་ལའབད་དགོས་གསུངས། སེམས་སྦྱོང་གསུམ་པ་དང་བཞི་པའི་ཁྱད་པར་བདེ་སྡུག་སློང་བའི་

p. 266

ཡུལ་རྐྱེན་བཟང་ངན་ལ་བླང་དོར་གྱི་བྱ་བ་ཇི་ཙམ་བྱས་ཀྱང་ཟིན་དུས་དང་ཚར་དུས་མེད་པདང་། རྐྱེན་བཟང་ངན་དེ་རྣམས་སྤང་བླང་གི་བྱ་བ་གང་ལ་འཇུག་ཀྱང་སྙིང་སེམས་འབྲས་བུམེད་ཚུལ་གྱིས་ཕྱེ་དགོས་གསུངས། སེམས་སྦྱོང་ལྔ་པའི་སྐབས་འདིར་ཐར་པ་ནི་འོད་གསལརྫོགས་པ་ཆེན་པོའི་ལམ་གྱིས་མངོན་དུ་བྱས་པའི་ནང་དབྱིངས་ཀ་དག་གི་གསང་སྦུབས་ཆེནཔོ་དང་། དྲུག་པའི་སྐབས་གདམས་ངག་ནི་ཚེགས་ཆུང་ངུས་ཟབ་མོའི་དོན་བདེ་བླག་ཏུ་རྟོགསཔར་བྱེད་པའི་ཐབས་བསྟན་པའི་ངག་སྟེ་མན་ངག་དང་དོན་གཅིག བླ་མའི་བྱིན་རླབསའདྲེན་པའི་སྒོ་མོས་གུས་ཡིན། མོས་གུས་ཆེ་ན་བླ་མའི་ཕྱག་ཞབས་ཀྱི་རྣམ་འགྱུར་ཚུན་ཆདཀྱིས་བླང་དོར་སྟོན་པར་གོ་འོང་། ཆོས་བརྒྱུད་པ་ལ་སེམས་མེད་པ་ཞིག་མིན་ན་ལྷ་ཡེ་ཤེསཔ་ལ་སྲི་ཅི་ལ་ཡོད་ཀྱང་ལྷ་དེ་སྒྲུབ་མཁན་དེས་དམ་ཚིག་ཉམས་ཤོར་བ་ལྟ་བུས་སྲི་ཆགསནས་ཕྱིས་ལྷ་དེ་སྒྲུབ་མཁན་རྣམས་ཀྱང་དམ་ཉམས་ཉེན་ཡོད་པས་ད་ལྟ་དམ་སྲི་མནན་སྒྲུབསོགས་དགོས་པའི་དོན་ཡང་དེ་ཡིན་གསུངས། བདུན་པའི་སྐབས་ཞི་ལྷག་ངོ་བོ་ཐ་དད་དུབཞེད་པ་ཡོད་ཀྱང་། འདིར་ཞི་ལྷག་ངོ་བོ་གཅིག་ཏུ་བཞེད་དེ། གནས་ཆ་ཞི་གནས་དང་རིགཆ་ལྷག་མཐོང་ཡིན་པའི་ཕྱིར་གསུངས། བདེ་གསལ་མི་རྟོག་པ་གསུམ་ཀ་རིམ་ཅན་ལྟརགསུངས་ཀྱང་ཉམས་སུ་ལེན་དུས་གསུམ་ཀ་ཆབས་ཅིག་ཏུ་ཉམས་སུ་ལེན་པ་ཡིན། འདི་ནིསེམས་རིག་གི་ཁྱད་པར་ཕྱེ་བ་སོགས་མ་བྱས་པར་སྤྱིར་ཤེས་པ་གསལ་ལ་མི་རྟོག་པའི་ངངརང་བབ་ཏུ་སྐྱོང་བ་ཡིན་པས་རྫོགས་ཆེན་གྱི་སྒོམ་པ་དང་ཁྱད་ཆེ། འོན་ཀྱང་གང་ཟག་འགའཞིག་ལ་ནི་ཚུལ་འདིས་ཀྱང་དངོས་གཞིའི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའང་ཡོད་དོ། །བདེ་གསལ་མི་རྟོག་པའི་ཉམས་སྐྱེ་ཐབས་རང་ལུས་ལྷ་སྐུ་ཡབ་ཡུམ་འཁྲིལ་སྦྱོར་ཅན་དུ་བསྒོམ་པ་དང་། སྐུའི་འོད་ཟེར་བཀྲག་ལ་འཚེར་བ་དང་། སྒྲིབ་མེད་ཟང་ཐལ་དུ་བསྒོམ་དགོས། ཉམས་སུ་གང་སྐྱེས་ཀྱང་དངོས་འཛིན་སོགས་བྱས་ན་ཉམས་ཀྱི་སྣ་བསྐྱིལ་བ་ཡིན་པས་དེའདྲ་མི་བྱེད་པར་ཉམས་གང་སྐྱེས་ལ་ངོ་ལེན་རྩིས་གདབ་མེད་པར་བཞག་དགོས། དེ་ལྟ་བུལ་ཉམས་བྱུང་རྒྱལ་དུ་སྐྱོང་བ་ཟེར། ཉམས་གསུམ་ཆ་མ་མཉམ་ན་གོལ་བར་འགྲོ་བས་ཆ་

p. 267

སྙོམས་པར་ཉམས་སུ་ལེན་དགོས། མི་རྟོག་པའི་ཉམས་ལ་ཤེས་ཉམས་དང་། ནམ་མཁའལྟ་བུའི་སྔོ་སངས་རྒྱ་ཆེ་བས་ཁྱབ་པར་སྣང་བའི་སྣང་ཉམས་ཀྱང་ཡོད་གསུངས། མི་རྟོགཔའི་སེམས་སྦྱོང་སྒོམ་སྐབས་དང་པོ་རླུང་རོ་བསལ་ནས་རླུང་དྭངས་སྙིགས་ཕྱེ་དགོས། སེམསསྦྱོང་རེ་རེའི་མཐར་སེམས་དེ་འབྱོངས་པའི་གསོལ་འདེབས་དང་འདུན་པ་སྨོན་ལམ་སོགསཀྱང་བྱ་དགོས། སྐྱབས་འགྲོའི་སྐབས་འབྲུག་པ་རིན་པོ་ཆེའི་གསུང་རྒྱུན་དུའང་། ཀ་དགགཏིང་གསལ་ཆོས་ཀྱི་སྐུ། །ཞེས་པ་ཚིག་ནུས་ཆེ་གསུངས་པས་དོན་དུ་གཏིང་གསལ་གྱི་ཡེཤེས་སམ་ཤིན་ཏུ་སྟོང་པའི་ཡེ་ཤེས་གང་ཡིན་པ་དེ་ལ་ཆོས་སྐུ་དང་། ཐོད་རྒལ་རིག་པའིརྩལ་དབང་བསྐུར་ནས་གཟུགས་སྐུ་དང་། ཞིང་སྣང་ལ་གདངས་ཕྱི་ནང་གཉིས་སུ་ཕྱེ་དགོསཔའི་ནང་གདངས་དེ་ལ་ལོངས་སྐུ། རིག་རྩལ་གྱིས་འཁོར་འདས་ཀུན་ལ་ཁྱབ་པས་ཐུགསརྗེ་སྤྲུལ་སྐུ་ཞེས་གསུངས། སྐྱབས་ཡུལ་གཙོ་བོ་སྔར་གྱི་བླ་རྣམ་ལྟར་བི་མ་ལ་བསྒོམ་པའིགསུང་རྒྱུན་ཡང་ཡོད། བླ་མའི་རྣལ་འབྱོར་དུས་ཡན་ལག་བདུན་པའི་སྐབས་ཕྱག་གྲངསགསོག་པ་ཕྱག་ལེན་ཡིན། སྐྱབས་འགྲོ་རྐྱང་པ་གསོག་དུས་ཐུན་མཐར་སྐྱབས་ཡུལ་བསྡུསནས་སེམས་ངོ་སྐྱོང་བ་དང་། སྐྱབས་སེམས་གཉིས་དཀྱུས་གཅིག་ཏུ་ཉམས་སུ་ལེན་སྐབསསྐྱབས་ཡུལ་ཉིད་ལ་སེམས་བསྐྱེད་ཀྱི་དཔང་པོར་ཡང་ཞུ་དགོས། སྐབས་འདིར་སྐྱབས་འགྲོའིཉམས་ལེན་ལ་སྔོན་འགྲོ་དངོས་གཞི་བར་དོ་བཅས་ཀྱི་ཉམས་ལེན་ཚུལ་ལུགས་ཀྱི་འགགབསྡུ་ཞིག་ཀྱང་མཛད་སོང་། སེམས་བསྐྱེད་ལ་ངོ་བོ། དབྱེ་བ། ལེན་ཚུལ། བསླབ་བྱ། ཉམསཔ་གསོ་ཚུལ་བཅས་རགས་རིམ་ཙམ་གསུངས། ནམ་སྙིང་མདུན་ལྟུང་བ་ཕྱིར་བཅོས་པའིཆོ་ག་སྒྲུབ་ཐབས་ཀུན་བཏུས་ནང་ཡོད་གསུངས། ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྒྲིབསྦྱོང་སྐབས། སྤྱིར་འཁོར་འདས་ཀྱི་སྣང་བ་གང་ཡང་ཉམས་སུ་མ་གྱུར་པ་མེད་ལ། འདིརལམ་གྱི་སྐབས་འབྱུང་བའི་ཤེས་སྣང་གི་ཉམས་དང་། ཆོས་ཉིད་ཀྱི་དོན་མངོན་སུམ་མཐོངབའི་རྟོགས་པ་ལྟ་བུ་ཡིན། སྡིག་སྦྱོང་སྤྱི་ཁྱབ་ཙམ་ལ་བི་མ་སྙིང་ཐིག་ལས་འབྱུང་བའི་རྡོརསེམས་བསྒོམ་བཟླས་ཉིད་བྱ་བ་དང་། ཁྱད་པར་དུ་རང་ལུས་ཐ་མལ་དུ་གསལ་བའི་ལུས་

p. 268

ནང་དབུས་སུ་ཤིན་ཏུ་དག་པའི་རྩ་དབུ་མ་དང་། གཡས་གཡོན་གཉིས་སུ་རྐྱང་མ་དང་རོ་མདཀར་དམར་ཁུ་ཁྲག་གིས་གང་བ་སྲེག་སྦྱང་མ་བྱས་པ་མོག་མོག་པོའི་རྣམ་པ་ཅན་དང་། རྩགཉིས་འཁོར་ལོ་བཞི་ཐད་དབུ་མ་ལ་ཟུག་ཅིང་། དབུ་མའི་ཡར་སྣ་སྤྱི་བོ་དང་། མར་སྣ་ལྟེའོག་ཏུ་རོ་རྐྱང་དང་འདྲེས་ནས་ཟུམ་པ། རོ་རྐྱང་གི་ཡར་སྣེ་སྨིན་མཚམས་ནས་སྣ་སྦུབ་ཏུ་ཟུགཔ། ལྟེ་འོག་སྤུ་ན་གུའི་ཐད་ནང་ཨ་ཐུང་དང་དབྱེར་མེད་པའི་རྡོར་སེམས་ཡབ་ཡུམ་དམརཔོ་ཁྲོ་ཆགས་ཀྱི་ཉམས་ཅན་རུས་པ་དང་རིན་པོ་ཆེའི་རྒྱན་ཞེས་པ་དབུ་རྒྱན་དང་མགུལ་རྒྱནསོགས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་དང་རྩེ་ཕྲན་སོགས་ཀྱིས་སྤྲས་པ་དང་། རྩ་འཁོརགྱི་འདབ་གྲངས་ཐུགས་སྒྲུབ་བཞིན་ལ་རྩ་འདབ་རྣམས་དབུ་མ་ནས་རྩེ་མོའི་བར་གདུགསརྩིབས་བཞིན་སོ་སོར་བརྐྱང་སྟེ་ཡོད་པར་བསྒོམ་པ་ཉིད་གེགས་ཆུང་གསུངས། ཡུམ་ལ་མཆོདཕྱིར་ཐོགས་མེད་པ་ནི་དེ་ཉིད་ཤེས་རབ་ཡུམ་མཚོན་བྱེད་ཡིན་པའི་གནད་ཀྱིས་དང་། ཡིགབརྒྱ་རྡོར་སེམས་ལྟར་འབྲུ་གསུམ་གྱིས་བཅིངས་ཏེ་བཏོན་ཡང་ཆོག དེའང་ཧྲྀ་ད་ཡ་ཞེསའདོན་པ་གཙོ་ཆེར་དགོངས་འདུས་ལུགས་ཡིན། སུ་ཏོཥ་ཡོ། སུ་པོཥ་ཡོ་ཞེས་འདོན་པ་ལསཥ་ཡོ་མི་ཟེར། མཁྱེན་བརྩེ་རིན་པོ་ཆེས་ཟི་དིར་ཞེས་པ་དར་མཐིང་ཁྲ་འོད་ཀོར་ལྟར་སྐུ་སྟོདལ་ཟླུམ་པོར་བསྐོར་བ་སྣེ་གཉིས་སྐ་རགས་ནས་དྲངས་ཏེ་རླུང་གིས་འཕུར་བ་ལ་ཟེར་གསུངས། རང་སེམས་ཀ་དག་གི་གཤིས་ལ་སྒྲིབ་པས་གོས་པ་མེད་ཅིང་ཡོན་ཏན་རྣམས་ལྷུན་གྲུབ་ཏུགནས་ཀྱང་སྒྲིབ་པ་མ་བསལ་ན་མངོན་དུ་མི་འགྱུར་བ་དེའི་ཕྱིར་སྡིག་སྒྲིབ་སྦྱོང་དགོས། དབུམའི་ངོས་འཛིན་སྲོག་རྩ་དང་། བརྒྱུད་པའི་ནང་གི་རྩ་ནག་གང་རུང་ལ་ངོས་འཛིན་མཛདམཁན་ཡོད་ཀྱང་སྔ་མ་ལ་རླུང་ཞུགས་ཚེ་སྨྱོ་བ་དང་། ཕྱི་མ་ནི་ཤི་བའི་རོ་ལའང་ཡོད་པས། དབུ་མ་དངོས་ནི་རྟེན་སྲོག་རྩ་བའི་ནང་ན་ཡོད་པའི་བརྟེན་པ་ཡེ་ཤེས་ཀྱི་འོད་རྩ་ལམ་སྟོབསཀྱིས་གནས་དེར་རླུང་འདུས་ཚེ་འོད་གསལ་འཆར་ཞིང་འཆི་བའི་ཚེ་ཆོས་ཀྱི་དབྱིངས་སུ་ཐིམཔ་དེ་ཡིན། འོག་རླུང་བསྐུམ་པའི་རྐྱེན་གྱིས་ཨ་ཤད་ཀྱིི་རང་བཞིན་གྱི་ལྟེ་འོག་གི་རྡོ་རྗེ་སེམསཔའི་སྐུ་ལས་མེ་འོད་དང་པོ་དབུ་མའི་ནང་དང་། དེ་ནས་རྩ་འཁོར་སོ་སོར་སོང་བའི་རེག་

p. 269

བྱ་དེས་སྒྲིབ་པ་བསྲེག་དགོས། དེའི་རྐྱེན་གྱིས་རྩ་ཐིག་རླུང་སྒྲིབ་སྦྱངས་ནས་རང་ལུས་རྡོརསེམས་ཡབ་ཡུམ་དུ་གྱུར་པར་དམིགས། མཐར་སྨྲེ་བཤགས་དང་། མགོན་པོ་བདག་ནིསོགས་རྒྱུད་བཤགས་བརྗོད། དེ་ནས་ཚོགས་བསགས་དང་སྦྲེལ་ཏེ། མཐར་ནི་ཡེ་ཤེས་མེལྕེ་ཡིས། །སོགས་ཀྱི་མཐར་མ་ཧཱ་སུ་ཁ་འདོན། ཚོགས་བསགས་འདི་ནང་གི་ཚོགས་བསྐངཡིན་པས་ཚོགས་བསགས་མཆོག་ཡིན། བདུད་རྩི་འབེབས་དུས་གནས་སོ་སོའི་བླ་མ་ཡབཡུམ་རྣམས་ལ་ཕོག་པས་དེ་རྣམས་ཀྱང་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པས་བྱང་སེམསརིམ་པར་བདུད་རྩི་དང་འདྲེས་ཏེ་ལྷན་ཅིག་འབབ་པའི་མོས་པ་དང་། རྩ་འདབ་ཀྱི་ཌཱ་ཀིརྣམས་ནི་རྩ་འདབ་སོ་སོའི་སྐེད་ཙམ་ན་བཞུགས་པར་བསྒོམ་པ་ཡིན། བསགས་སྦྱོང་གཉིསགྲངས་གསོག་སྐབས་ཀྱི་མང་ཉུང་ཙམ་སྦྲེལ་ཏེ་འདོན་དགོས་པ་ལ་ཁྱད་མེད། རྩ་འདབ་ནཡོད་པའི་ལྷ་རྣམས་ཀྱང་གདན་པད་ཟླའི་སྟེང་དུ་མི་བསྒོམ་པར་རྩ་འདབ་དེ་རྣམས་སུ་གནསཔའི་ཤིན་ཏུ་དག་པའི་རླུང་སེམས་ལས་རང་གྲུབ་པའི་ཚུལ་དུ་བསྒོམ་དགོས་པ་དཔེར་ན་དགུནདུས་ཆུ་འཁྱག་རོམ་དུ་སོང་ཚེ་དེའི་རང་བཞིན་ཅན་གྱི་འཁྱག་པ་ནར་མོ་འབྱུང་བ་ལྟ་བུའོགསུངས། བླ་རྣལ་སྐབས་སྤྱིར་གུ་རུའི་སྒྲ་ལྕི་བ་ལ་འཇུག་པས་ཡོན་ཏན་གྱི་ཁུར་གྱིས་ལྕི་བལ་ཟེར། དེའི་ནང་ནས་ཀྱང་རྩ་བའི་བླ་མ་ཞེས་པ་ནི་ཚེ་ཐོག་མེད་ནས་རང་ལ་ཕན་བཏགསཔའི་འབྲེལ་བ་ཅན་ཚེ་འདིར་ཡང་རིག་པའི་གཟི་བྱིན་སྙིང་དབུས་སུ་འབེབས་པར་མཛད་པརང་གི་རིག་གདངས་སུ་ཤར་བ་དེ་ལ་ཟེར། སྣང་བས་གར་ཁྱབ་འོག་མིན་གྱི་ཞིང་མཐའདབུས་མེད་པར་གསལ་བ་དང་། རང་གི་གཉུག་མ་མི་ཤིགས་པའི་རླུང་སེམས་དཔལ་ཆེནསེང་ཧ་ཤྭ་རར་བསྒོམ་པ་ཡིན། ཡན་ལག་བདུན་པའི་སྐབས་བརྐྱངས་ཕྱག་འཚལ་དུས་ལུསས་ལ་བརྡབ་དགོས་པ་འདི་ལ་རྣལ་འབྱོར་པའི་ཕྱག་ཟེར། སྔགས་ཀྱི་ལུགས་ལ་རྡོ་རྗེའི་ཐལམོ་སྦྱར་བ་ནི། ཐལ་སྦྱར་སོར་མོ་བསྣོལ་བ་ལ་ཟེར། རླུང་སེམས་དག་པའི་མཆོད་པ་ནི། ཚདཕེབས་དུས་མ་དག་པའི་སྣང་བ་རང་སར་ཟད་དེ་ལོངས་སྐུའི་ཞིང་ཁམས་འདོད་ཡོན་གྱི་མཆོདསྤྲིན་འཁྲིགས་པ་ནམ་མཁའ་གང་བ་དེས་མཆོད་པ་དང་། སྡིག་ལྟུང་གི་རང་བཞིན་འདུས་

p. 270

མ་བྱས་པའི་དོན་ལ་ལྟ་བ་དང་། ཡིད་རང་བྱ་རང་བྱེད་གཉིས་སུ་འཛིན་པ་མེད་པས་ཡི་རངབ་དང་། ཤིན་ཏུ་ཕྲ་བ་གཞོམ་མེད་ནཱ་དའི་དབྱངས་ཀྱིས་ཆོས་གསུང་བཞིན་དུ་སྐྱེ་འཆི་མེདཔར་བཞུགས་སུ་གསོལ་བ་དང་། དགེ་ཚོགས་རྣམས་ཀྱང་དམིགས་པ་མེད་པར་བསྔོ་བའོ། །འདི་སྐབས་རང་ཉིད་བདག་བསྐྱེད་ལས་རང་འདྲ་གཉིས་པའི་རྣམ་པ་ལོགས་སུ་ཕྱེ་བ་དེསཕྱག་མཆོད་སོགས་ལ་འཇུག་པར་མོས་དགོས། རྒྱུ་ལམ་འབྲས་བུའི་དབང་ཐམས་ཅད་བླམ་ལས་ལེན་དགོས། དེ་ཡང་རྒྱུ་དབང་ནི་བླ་མ་དང་དཀྱིལ་འཁོར་གཙོ་བོ་གཉིས་སུ་མེདཔ་ལས་ལེན་པ་དང་། འབྲས་དུས་སུ་བླ་མ་སྟོན་པ་གཞོན་ནུ་དཔའ་བོའི་སྐུར་བཞེངས་པལས་ལེན་པ་དང་། ལམ་དུས་སུའང་བླ་མ་ལས་ལེན་པ་བླ་རྣམ་དུ་གསལ་བ་ལྟར་ཡིན་པའིཕྱིར། ཙིཏྟ་རིན་པོ་ཆེའི་སྦུབས་ནས་བྱུང་བའི་འོད་ལྔའི་གོང་བུ་ནི་མཐིང་ཤས་ཅན་ཞིག་ཡིནགསུངས། མཇུག་ངག་འདོན་ལྟར་ལ། ཐུན་མཚམས་སུ་བཟའ་བཏུང་ཚེ་བླ་མ་མགྲིན་པརགསལ་ནས་ཕུད་ཀྱིས་མཆོད་པ་དང་། འགྲོ་དུས་བསྐོར་བ་བྱས་པའི་མོས་པ་དང་། ཉལ་དུསམཚན་བཅས་བླ་མ་སྙིང་དབུས་སུ་བསྒོམ་པའི་སྐུའི་འོད་ཀྱིས་ལུས་ཁྱབ་པར་བསམ་པའམ། མཚན་མེད་སྐུའི་འོད་ཀྱིས་རེག་པས་སྣོད་བཅུད་རང་ལུས་བཅས་རིམ་གྱིས་འོད་དུ་ཞུ་ནསདཔྲལ་བའི་དགའ་འཁྱིལ་དབུས་ཀྱི་ཨ་ཡིག་ཕྲ་གསལ་བརྟགས་དཀའ་དེ་ལ་ཐིམ་པའི་མོསཔ་དང་། དེ་ཡང་རིམ་གྱིས་མི་དམིགས་པའི་དབྱིངས་སུ་བསྡུས་ནས་གཉིད་ལོག སྔར་བླརྣམ་མཐར་ཨ་ཡིག་གིས་མཚན་པའི་ཐིག་ལེ་ལ་སེམས་གཏད་དུས་མིག་ཡིད་རླུང་གསུམ་དེལ་ཐིམ་སོང་བ་ལྟ་བུར་གཏད་དགོས་གསུངས། གསོལ་འདེབས་དུས་རེས་འགའ་བླ་མའིསྐུ་ལ་དམིགས། རེས་འགའ་དབང་བཞི་ལེན། རེས་འགའ་སྙིང་རྗེ་བསྒོམ། རེས་འགའ་དདཔ་བསྐྱེད། དངོས་གཞིའི་ཉམས་རྟོགས་ཡོད་ན་རིག་ངོ་དེ་ཀ་བསྐྱང་བས་ཆོག དེས་ན་ཡནལག་བདུན་པ་སོགས་ཀྱི་སྐབས་ཚིག་གིས་སོ་སོར་ཕྱེ་བ་ལས་ཀུན་རྫོབ་ཀྱི་དམིགས་རྣམ་མིདགོས་གསུངས། རྨི་ལམ་སྦྱང་བ་སྔོན་དུ་མ་སོང་ཡང་སྔར་གྱི་ཉལ་བའི་རྣལ་འབྱོར་དེ་གསགཉིད་ཀྱི་འོད་གསལ་ཟིན་པར་འགྱུར་ལ། དེ་ཡང་གཉིད་ལོག་མ་ཐག་པ་དང་སད་པ་ལ་ཉེ་

p. 271

བའི་དུས་སུ་འོད་གསལ་ཟིན་ན་སྲབ་མོའི་འོད་གསལ་དང་། གཉིད་མཐུག་གི་སྐབས་ཟིནན་མཐུག་པོའི་འོད་གསལ་ཡིན། བསྐྱེད་བཟླས་སེམས་འཛིན་ལ་འཇུག་སྐབས་རང་ལུསལྟར་བསྒོམ་པ་ཉིད་རྟོག་པ་མེད་ཀྱང་བེམ་ཆོས་ཀྱི་རང་བཞིན་ཅན་དུ་མ་གྲུབ་པ་བ་སྤུའི་བུག་གཅིག་ཚུན་ཆད་ཡེ་ཤེས་ཀྱི་རང་བཞིན་ཅན་དབྱིངས་ཀྱིས་ཤེས་བྱ་ཀུན་ལ་ཁྱབ་ཅིང་དབྱིངསཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པས་ཀུན་ལ་ཁྱབ་པ་དང་། གཞན་ཡང་གསལ་དག་བརྟནགསུམ་དང་། རྩལ་སྦྱོང་ལུགས་རྣམས་ཀྱང་བསྐྱེད་རིམ་སྤྱི་ལྟར་ཡིན་གསུངས། རྗེས་སུ་སྨིནམཚམས་ཀྱི་ཐིག་ལེ་ལ་སེམས་བཟུང་བ་ནི་ཕྲ་ཐིག་གི་རྣལ་འབྱོར་ཡིན་གསུངས། རྩ་སྔགསརིལ་པོ་འབྱུང་འཇུག་གནས་གསུམ་རེ་རེ་བཞིན་སྦྱར་བ་དང་། སྔགས་དུམ་བུ་གསུམ་དུ་བྱསཔ་འབྱུང་འཇུག་གནས་གསུམ་ལ་སྦྱར་བའི་རྡོར་བཟླས་གང་རིགས་སམ་ཡང་ན་འབྲུ་གསུམགྱི་རྡོར་བཟླས་བྱས་ཀྱང་ཆོག དེ་ལ་ཡང་སྔགས་ཀྱི་སྒྲ་གཟུགས་འབྱུང་འཇུག་གནས་གསུམབྱ་ཚུལ་གཉིས་ཡོད་ཅིང་། རླུང་དང་སྦྲགས་ཚེ་འཇམ་རླུང་དང་དྲག་རླུང་གང་རུང་དང་སྦྲགསལུགས་ཀྱང་གཉིས་ཡོད་གསུངས། ངལ་བསོ་ཡང་རླུང་ཁུག་ཆ་ཅན་གྱི་མཐར་དགོས་པ་རྒྱལབ་ཡང་དགོན་པས་བཞེད། མཐར་སྣོད་བཅུད་བསྡུ་བ་རིལ་འཛིན་དང་རྗེས་གཞིག་གང་རུངགིས་བྱས་ལ། སླར་ཡང་ལྷར་ལྡངས་ལ་བསྔོ་སྨོན་ཤིས་བརྗོད་བཅས་ཚང་བར་བྱ། དངོསགཞིའི་ཁྲིད་སྐབས། དངོས་དང་གཞི་ལ་མུ་བཞིའི་དབྱེ་བ་མཛད་དུས་ཐོས་བསམ་གྱི་ཚིགགི་ཐ་སྙད་ཆགས་ཙམ་དང་། དོན་གྱི་མྱོང་བ་སྣེ་ཟིན་ཙམ་སྐྱེས་ལ་རྟོགས་པ་ཇི་བཞིན་མ་སྐྱེསཔས་དངོས་དང་གཞིའི་ཁྱད་ཕྱེ་དགོས་གསུངས། འཁོར་འདས་རུ་ཤན་ཞེས་པའི་རུ་ནི། དམགགི་རུ་ལ་གཉིས་སམ་བཞི་སོགས་ཡོད་པ་བཞིན་རང་གི་སྒོ་གསུམ་པོ་འདི་ལའང་། དག་མདག་གི་རུ་གཉིས་ཡོད་པ་དེ་ཕྱེ་ཞེས་པ་མ་དག་པའི་ཆ་དེ་ཕྱོགས་ན་ལོགས་ལོགས་སུ་འཇོགརྒྱུ་མ་ཡིན་པར་དག་པའི་ངང་དུ་སངས་པ་ལ་ཟེར། དེ་ཡང་ལ་བཟླའི་དོན་ཡིན་ལ་དེ་ནི་ཐགཆོད་པའི་དོན་ནོ། །དེ་ཡང་ལུང་སྟོང་དུ་བསང་གསོལ་སྔོན་འགྲོས་ལུས་ལ་ཨང་རག་ཙམགྱོན་ནས་དག་མ་དག་གི་སྒོ་གསུམ་གྱི་འཕྲུ ལ་འཁོར་སྣ་ཚོགས་དང་། མཐར་དག་པའི་འཕྲུལ་

p. 272

འཁོར་མཐར་མི་དམིགས་པའི་ངང་ཡུན་རིང་བསྐྱངས། རྡོ་རྗེའི་འཕྲུ ལ་འཁོར་ལང་འདུགགཉིས་ལས་འདུག་པའི་ཕྱོགས་དེ་མཛད། རྟིང་པ་གཉིས་བཤང་ལྕིའི་ལམ་གྱི་བར་དུ་གཏདཔ་དང་། ཡར་མར་གྱི་ར་གཉིས་ཀྱང་དབུས་ར་ལ་ཟུག་པ་མིན་པ་དང་། བཅའ་དུས་པུས་མོདང་གྲུ་མོ་ལུས་ཀྱི་ཟུར་གདོང་དང་སྤྲད། འདི་དུས་ལྟེ་བ་རླུང་གིས་ཐད་ཀར་བརྒྱང་། དམིགསཔ་གཏད་བྱ་གཏོད་བྱེད་གཉིས་སུ་མེད་པར་རླུང་སེམས་རྡོ་རྗེར་འགྱུར་སོང་བ་ལྟ་བུ་བྱས་ཏེམི་རྟོག་པར་བཞག་ཚེ་དེ་ལ་གནས་རིང་ལུས་ཚུགས་ཀྱང་ཟིན་པ་འབྱུང་གསུངས། རྨ་བྱའིསྒོང་རྒྱ་མ་ཞིག་གོང་སྒོང་ཆུ་རྣམས་ཆ་མཉམ་པར་ནང་ན་ཡོད་པ་བཞིན་འཁོར་འདས་གངདུའང་མ་མཆེད་པའི་སྐབས་སུ་ངོ་བོ་རང་བཞིན་ཐུགས་རྗེ་ཆ་མཉམ་དུ་བཞུགས་པའི་སྐབསདེ་ལ་ཐོག་མའི་སྤྱི་གཞི་ཟེར། གཞི་ལས་གཞི་སྣང་གཡོས་ཚེ་ཆོས་དབྱིངས་མི་རྟོག་པས་ཡུལགྱི་འཁྲུལ་གཞི་བྱས། ལྷུན་གྲུབ་འོད་ལྔས་སྣོད་བཅུད་ཀྱི་འཁྲུལ་གཞི་བྱས། རིག་པས་སེམསཀྱི་འཁྲུལ་གཞི་བྱས་ཏེ། དེ་གསུམ་གྱིས་དབུ་རྐྱང་རོ་གསུམ། ལུས་ངག་ཡིད་གསུམ། ཁམསགསུམ་སོགས་སྐྱེས་ནས་འཁྲུལ་བ་དང་། གཞི་སྣང་རང་སྣང་དུ་ངོ་ཤེས་པ་ལས་བྱེ་བྲག་ཕྱེད། ཕྱེད་ཐོག་ཏུ་གྲོལ་ནས་ཚོགས་ཆེན་ཡེ་རྫོགས་ཀྱི་སངས་རྒྱས་པ་ཡིན། སྒོ་གསུམ་གྱི་རུ་ཤནཕྱེ་བ་ཐམས་ཅད་ཀྱང་ཐུགས་རྡོ་རྗེའི་ཉམས་ལེན་གྱི་སྒྲོམ་ལས་མི་འདའ་བའི་རྒྱུ་མཚན་གྱིསལུས་ངག་གི་སྤྱོད་པའི་སྐབས་རིག་པ་ཡེ་ཤེས་རྡོ་རྗེ་དང་། ཐུགས་ཀྱི་ཡི་གེ་ཧཱུྃ་ཡིག་གི་རྣམཔར་བསྒོམ་པ་དང་། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སེམས་ཀྱི་རང་སྣང་ཡིན་པའི་གནདཀྱིས་སྦྱོང་ནུས་པ་ཡིན། དོན་དུ་གྲུབ་ན་སྦྱོང་རྒྱུ་ག་ལ་ཡོད། ངག་སྦྱོང་བཞི་ལས་རྒྱས་གདབསྐབས་སྣ་བུག་གཡས་གཡོན་ནས་སྤྲོ་ཞིང་སྡུད་པའི་ཧཱུྃ་དེ་དག་གིས་ཕྱི་ནང་གི་དངོས་པོ་ཐམསཅད་གཡོགས་པར་བསམ་པ་དང་། རྩལ་སྦྱོང་སྐབས་རྗེས་མེད་དུ་བཤིག་པར་བསམ་པ་དང་། མཉེན་བཙལ་སྐབས་མཐོ་ཚད་ཀུན་ལ་དཀྲིས་པའམ་འཁྱིལ་དུ་བཅུག་ནས་ཧཱུྃ་སྣང་མཉེནཔར་བྱེད་པ་དང་། ལམ་གཞུགས་ཀྱི་དང་པོ་མ་དག་པའི་ཞིང་དུ་སོང་ནས་དེ་རྣམས་སུ་སྐྱེབའི་བག་ཆགས་སྦྱངས་ཏེ་མཐར་དག་ཞིང་ཀུན་དང་ཁྱད་པར་རང་མོས་པའི་ཞིང་དག་པར་

p. 273

སླེབས་པའི་རྟེན་འབྲེལ་བསྒྲིགས་ནས་མི་རྟོག་པར་འཇོག འདིའི་གོང་འོག་རྣམས་སུ་ཉམསཀྱི་བབ་བསྐྱང་བ་ལས་སྒྱུ་མ་ལྟ་བུར་བལྟ་བ་སོགས་ཀྱི་སེམས་འཛིན་མི་དགོས་ཞེས་གྲུབདབང་རིན་པོ་ཆེའི་ཞལ་རྒྱུན། རིགས་དྲུག་ག་སྲེ ག་སྦྱོང་ནི་བི་མའི་བཀའ་སྲོལ་དུ་མི་འབྱུངབས་པདྨའི་བཀའ་སྲོལ་འདྲ། སེམས་སྦྱོང་སྐབས་ཡིད་མ་ཡེངས་པ་ནི་དཔྱད་པ་བྱེད་དུསརྒྱུན་མ་ཆད་པར་བྱེད་དགོས་པའི་དོན་ཡིན་ནོ། །འཁོར་འདས་ཀྱི་སྣང་བ་ཐམས་ཅད་སེམསཀྱི་ཆོ་འཕྲུལ་ཙམ་ལས་གཞན་མེད་པས། གནད་ཡོད་པར་མཚོན་བསྣུན་ན་མྱུ ར་དུ་འཆི་བབཞིན་དུ་གཟུང་འཛིན་གཉིས་ལས་ཀྱང་ནང་འཛིན་སེམས་འདི་ཉིད་ལ་དང་པོར་བརྟགསན། དེ་ལས་བྱུང་བའི་ཆོས་གཞན་གྱི་སྒྲོ་འདོགས་ཤུགས་ལ་ཆོད་སླ་བས་སེམས་ལ་དང་པོརབརྟག་དགོས། སེམས་ཚོགས་བརྒྱད་སོགས་དབྱེ་བ་མང་ཡང་དོན་དུ་རྣམ་རྟོག་སྐད་ཅིག་མཁལ་གྱིས་ཤར་ནས་ཡལ་སོང་བ་འདི་ལས་གཞན་མེད། འདི་རྒྱུན་གྱི་སྒོ་ནས་ལས་བྱེད་པཔོ་དང་འབྲས་བུ་མྱོང་པ་པོར་ཤེས་ནས་ཉེས་པའི་འབྱུང་ཁུངས་སུ་ངེས་ཚེ་རྟོག་པ་རྩད་ཆོདཔ་དང་། མཚང་འཚོལ་དུས་གཅིག་ལ་གྲུབ་པ་ཡིན། དེ་འདྲའི་སེམས་ཀྱི་འབྱུང་ས་འབྱུངམཁན་བྱུང་ལུགས་སོགས་ལ་བརྟགས་ནས་སེམས་གཞི་མེད་རྩ་བྲལ་དུ་གྱུར་ཚེ་དེའི་ཤུལ་དུརིག་པ་ཉག་གཅིག་ལས་མེད་པས་ངོ་འཕྲོད་སླ། གཞན་ཡང་ཡང་ཏིག་ལས་བྱུང་བ་བཞིནབལྟ་བྱ་ལྟ་བྱེད་གཉིས་གཅིག་ཡིན་ན་གཉིས་ཡོད་པས་འགལ་ཞིང་། ཐ་དད་ན་བྱུང་གནསའགྲོ་གསུམ་བྱེད་པའི་ཤེས་པ་གསུམ་སོགས་ཡོད་དགོས་པས་ཤེས་རྒྱུད་དུ་མར་ཐལ་བ་སོགས་ཀྱི་སྒོ་ནས་ཀྱང་དཔྱད། དེ་ནས་རིག་པ་རྗེན་ཅེ ར་ལ་བརྟག་པ་ཞེས་བླ་མས་སློབ་བུ་དེ་བྱུངགནས་འགྲོ་གསུམ་བྲལ་བའི་ངང་དུ་ལྷོད་ཀྱིས་ཀློད་ནས་ཞག་ཁ་ཤས་འཇོག་ཏུ་བཅུག་སྐབསསུ་ད་ཅི་འདྲ་འདུག་ཅེས་དྲི་དུས་སྟོང་རྐྱང་ཞིག་ལས་མི་འདུག་ཟེར་ན་རྟོག་ཚོགས་འཕྲོར་བཅུགསྟེ་དེ་འདྲ་ཡིན་མིན་དང་། ཡང་གསལ་བ་ཞིག་རེད་ཟེར་ན་དེ་ལ་སྔར་བཞིན་བྱུང་གནས་འགྲོགསུམ་ལ་བརྟག་ཏུ་བཅུག དེ་ལྟར་དཔྱད་པ་གང་དགོས་སློབ་མའི་བློ་དང་གང་འཚམས་བྱསནས་བརྟགས་པས་ནམ་ཞིག་གསལ་སྟོང་ཟུང་འཇུག་བསམ་བརྗོད་དང་བྲལ་བ་ཞིག་རེད་

p. 274

ཟེར་ན་འཕྲིག་ཅུང་ཟད་ཚུད་པའི་འགོ་ཟིན་པ་ཡིན། བློ་ཁྱད་ཀྱིས་འགའ་ཞིག་ལ་ངོ་སྤྲད་ཙམལས་རིག་ངོ་མངོན་དུ་གྱུར་ཟིན་པ་ལྟ་བུ་ཞིག་ཀྱང་ཡོད་པས། དེ་འདྲའི་གང་ཟག་གཞུང་འདིའིདངོས་ཀྱི་འཆད་བྱའི་གདུལ་བྱ་དག་ནི་སྤྲིན་མཁའ་ལས་བྱུང་། མཁའ་ལ་ཐིམ། མཁའ་ལསམ་གཡོས་པ་ལྟར་དབྱིངས་སམ་ཀ་དག་ལས་བྱུང་ཞིང་དེ་ལ་ཐིམ་པ་དང་། དེ་ལས་མ་གཡོསཔའི་ཉམས་ལེན་འབྱུང་ཞིང་། ཡང་བློ་དེ་ལས་དམན་པས་ཀྱང་སྒོ་གསུམ་གྱི་སྦྱོང་བ་ཐམསཅད་འདི་རྗེས་འདི་འདྲ་དགོས་སྙམ་པ་ལྟ་བུའི་ཞེན་འཛིན་མེད་པར་སྨྱོན་པ་འུར་ལངས་པལྟ་བུས་དུམ་ཆོད་དུམ་ཆོད་ཀྱིས་བྱ་བ་གནད་དོ། །དངོས་གཞིའི་ཁྲིད་སྐབས་ཅོག་བཞག་ཅེསཔ་དཔེར་ན་བུ་ཆུང་གོས་སོགས་ཀྱིས་དྲིལ་ནས་ཅོག་གེར་བཞག་པ་བཞིན་ཅོག་གེར་རམ་མིགཡོ་བར་བཞག་པའི་དོན་ཡིན། སོག་མའི་ཁུར་བོ་བསྡམས་ཏེ་བཅད་ན་ལྷོད་ཤིག་གེར་འགྲོབ་ལྟར་ལུས་གནད་བདེ་ལུགས་སུ་འཇོག འོན་ཀྱང་ཐོག་མར་གྲིམ་ལྷོད་སྲེལ་དགོས། འདིལ་ལྟ་བ་རི་བོ་ཅོག་བཞག་ཅེས་གསུངས་དུས་རིག་སྟོང་དབྱིངས་ཀྱི་རང་ཞལ་ཡིད་དཔྱོད་ཀྱིབློས་མི་གཡོ་བ་ལ་ཟེར་བ་ཡིན། རྒྱུན་ཆད་པའི་པི་ཝཾ་ལྟར་རྟོག་པ་གཡོ་བྱེད་ཀྱི་རླུང་གིསལས་སུ་བྱ་བ་ཁ་ཏོན་བཟླས་བརྗོད་ཚུན་སྤངས་ནས། སྒོམ་བཟང་ངན་མིག་གི་ལྟ་སྟངས་ལལྟོས་ཟེར་བས་མིག་སྨིན་ཕྲག་ཐད་ཀྱི་ནམ་མཁར་ཧར་རེ་བཞག་དགོས། རིག་ཐོག་བརྟནཚེ་མིག་ཀྱང་བརྟན་འོང་གསུངས། འདི་ལ་ནམ་མཁའ་གསུམ་ཕྲུག་གི་ཐ་སྙད་མེད་ཀྱང་ཉམསལེན་ཕྱོགས་འདྲ་སྣང་བ་ཐམས་ཅད་བློས་བཀོད་ཅེས་པའི་སྐབས་སུ་སྤྱིར་སྣང་བ་དང་སྣངཡུལ་ཕྱེ་ཤེས་དགོས་པས། གཟུགས་ལྟ་བུ་གཅིག་ལའང་ཐུན་མོང་གི་ལས་ཀྱིས་གྲུབ་པའིསྣང་ཡུལ་གྱི་ཆ་གཅིག་དང་། རང་ཁོ་ནའི་ལས་ཀྱིས་སྣང་བའི་སྣང་བ་ཞིག་སྟེ་ཆ་གཉིས་སུཡོད་པའི་སྔ་མ་ནི་རང་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད། ཕྱི་མས་བྱེད་པ་ཡིན་པསཐམས་ཅད་རང་སྣང་དུ་བསྟན་པའི་སྣང་བ་དེ་དང་། མཐར་འོད་གས ལ་གྱི་དབྱིངས་སུ་དགརྒྱུ་ནི་ཕྱི་མ་དེ་ཡིན། ཆོས་ཐམས་ཅད་དབྱིངས་གཅིག་གིས་བསྡུས་ཤིང་དབྱིངས་ཡེ་ཤེས་ཀྱིརང་བཞིན་ཅན་ཡིན་པས་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་ཡིན། ཡེ་ཤེས་ཀྱི་སྣང་བ་

p. 275

ཐམས་ཅད་ཡེ་ཤེས་དངོས་མིན་ཡང་ཡེ་ཤེས་དེའི་སྣང་བ་ཡིན་པའི་སྟོབས་ཀྱིས་མཐར་ཡེཤེས་དངོས་གནས་སུ་འགྲོ་བ་ཡོད་པ་ནི་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གིས་ཤེས་བྱཐམས་ཅད་མཁྱེན་ཚུལ་གསུངས་པས་ཀྱང་ཤེས། གཏིང་གསལ་ནི་བྱིང་འཐིབ་བྲལ་བ་ཟེར། གཉུག་མ་ཡེ་ཤེས་ཀྱི་རང་ཞལ་དེ་ཧ་ཅང་རྟོག་གེ་ཨ་འཐས་པའི་དཔྱད་པས་ཀྱང་རྟོགས་དཀའབས། བླ་མ་ལ་མོས་གུས་ཀྱི་གསོལ་འདེབས་དང་། ཉམས་ལེན་བརྩོན་པ་ཡང་ཡང་བརྟེནཔའི་སྒོམ་སྟོབས་ཀྱིས་རྟོགས་དགོས། དེའི་ཕྱིར་མཛོད་བདུན་སོགས་ཀྱི་དཔེ་ལྟ་བའི་ཚེ་ཡངརིག་ཐོག་ཏུ་ལྷོད་ཀྱིས་བཞག་པ་དེའི་སྟེང་ནས་བལྟས་ན་རིག་གདངས་སོ་སོར་རྟོགས་པའིཤེས་རབ་ཏུ་མཆེད་དེ་གོ་རྒྱུ་ཆེན་པོ་ཡོད་པ་རྡོ་གྲུབ་རིན་པོ་ཆེའི་ཞལ་རྒྱུན། སྐད་ཅིག་བཞིདང་གསུམ་གྱི་དབང་དུ་བྱས་ནས་རིམ་བཞིན་བཞི་ཆ་གསུམ་བྲལ་གྱི་ཡེ་ཤེས་དང་། ད་ལྟའིཤེས་པ་སྐད་ཅིག་མ་ཞེས་བརྡ་ཁྱད་དེ་འདྲ་ཞིག་གསུངས་པ་ནི་དུས་གསུམ་གྱི་རྟོག་པ་དངབྲལ་བའི་ཤུལ་དུ་མཐོང་བའི་བློ་བྲལ་གྱི་ཡེ་ཤེས་དེ་ལ་སྐད་ཅིག་བཞི་པ་དང་། ད་ལྟའི་ཤེསཔ་སྤུ་མདོག་མ་བརྗེས་པ་དེ་གར་ཆམ་གྱིས་བཞག་པའི་སྐབས་སུ་ཝ་ལེར་གསལ་བའི་རིགསྟོང་གི་ཡེ་ཤེས་དེ་ལ་དང་པོར་ངོ་སྤྲད་དུས་སུ་ཐ་སྙད་དེ་འདྲ་ཞིག་གསུངས་པ་ཡིན་གྱི། ངོའཕྲོད་ཟིན་ནས་ནི་དེ་འདྲའི་ཐ་སྙད་གང་ཡང་མེད་དེ་ཐམས་ཅད་རིག་སྟོང་གི་འཁོར་ལོརལ་བཟླ་དགོས་པའི་ཕྱིར། འདི་ཡང་རྡོ་གྲུབ་གསུངས། ངོ་རང་ཐོག་ཏུ་སྤྲད་པའི་དོན་ཡང་རྩདང་རླུང་དང་ཐིག་ལེ་སོགས་གནད་དུ་བསྣུན་པའི་རྩུབ་སྦྱོར་དེ་འདྲ་ལ་མ་ལྟོས་པར་ཐབསཀྱི་ཡེ་ཤེས་རང་མལ་ན་བསྲུང་ནས་ཡོད་པ་དེ་ཐོག་ནས་ངོ་སྤྲད་པའི་དོན་ཡིན། རིག་པ་ལབརྟན་ཆ་ཇི་ཙམ་ཐོབ་བཞིན་བསྐྱེད་རིམ་སོགས་ཀྱི་གསལ་སྣང་ཡང་དེ་ཙམ་ཐོན་པས་ཡངདོག་བྲལ་བ་སོགས་གསུངས། རྗེན་ནེ་བ་ནི་སྒྲིབ་གཡོགས་མེད་པའི་དོན། ཕྱ་ལེ་བ་ནི་སངསརྒྱས་ཀྱི་སྐུ་ཕྱ་ལེ་བ་ཟེར་དུས་སྐུའི་མདུན་ཕྱོགས་མཐོ་དམན་འབར་འབུར་མེད་པ་ལྟར་མཉམཔའི་དོན་ཡིན། ཐག་གཅིག་ཐོག་ཏུ་བཅད་པའི་དོན་རིག་པ་རང་སོ་ཟིན་པ་དེ་ཨ་ནུ་མནཆད་ཀྱི་ཉམས་ལེན་ཀུན་གྱི་སྙིང་པོ་ཐག་བཅད་པའི་དོན་དང་། དེའི་སྟོབས་ཀྱིས་གདམས་

p. 276

པ་དེ་སྟོན་པའི་སློབ་དཔོན་ལའང་ཡིད་ཆེས་པའི་གནས་སུ་མཐོང་ནས་དེ་ལ་མོས་གུས་རྣལམ་ཞིག་ཀྱང་སྐྱེ་བར་ངེས་སོ། །རྫོགས་ཆེན་གྱི་ལུགས་འདིར་ཉམས་ལེན་ཁོ་ན་ལ་འཇུག་པའིསྐབས་དང་ཉམས་ལེན་གྱི་ངང་དེ་ནས་སྤྱོད་ལམ་གཞན་ལ་འཇུག་པའི་ཐུན་དང་ཐུན་མཚམསགཉིས་ཀྱི་སྐབས་སོ་སོར་མཉམ་རྗེས་སུ་བཏགས་པ་ཙམ་ནི་ཡོད་ཀྱི། ལུགས་གཞན་ལྟརངོ་བོའི་སྒོ་ནས་སོ་སྐྱེེའི་སར་ཡང་མཉམ་རྗེས་རིས་སུ་བཅད་པ་མེད། གཡུལ་དུ་མི་འཇིགསཔའི་གདིང་ཡོད་པ་དེ་རིག་སྔགས་སམ་མཚོན་སྲུང་ཟབ་མོ་ཡོད་པས་ཡིན་པ་ལྟར། མི་འཁྲུལཔའི་གདེང་བཅའ་བ་རྣམ་རྟོག་གྲོལ་ལུགས་འདི་ཐོག་ནས་གདིང་འཆའ་དགོས་པས་གདིངགྲོལ་ཐོག་ཏུ་བཅའ་ཞེས་གསུངས། རྟགས་ཀྱིི་སྐབས་རྫོགས་རིམ་གཞན་ནས་རྩོལ་བཅསཀྱི་ཡེ་ཤེས་འཆར་ཐབས་མང་དུ་གསུངས་ཀྱང་དེ་དག་ལ་མནོད་མེད་ཀྱི་ལམ་འདི་འདྲས་མཟིན་ན་ལམ་རྟགས་ཕྱོགས་རེ་བ་ལས་གཞུང་དུ་བཤད་པའི་རྟགས་རྫོགས་པར་མི་འབྱུང་ལ། ཐབས་དེ་རྣམས་མ་བརྟེན་ཀྱང་དང་པོ་ཉིད་ནས་ལམ་འདིར་བརྟེན་ན་ཐུན་མོང་གི་ལམ་རྟགསརྣམས་ཀྱང་ངང་གིས་རྫོགས་འོང་བ་ཡིན། ཞི་བར་གནས་པ་གནས་ས་ཉིད་དེ་ང་། །ཞེསཔའི་སྐབས། བསྒོམ་དུས་དབྱིངས་ཐོག་ཤས་ཆེར་མ་ཤོར་བར་རིག་པ་གཙོར་འདོན་ལྟརབསྒོམ་པ་ལམ་དུ་སོང་ཚེ། སེམས་རྟོག་དབྱིངས་སུ་ཞི་ཡང་། རིག་པ་སོ་སོར་རྟོགས་པའིཤེས་རབ་མེ་ལྟར་མཆེད་པ་ཡིན་པས། སྒོམ་ཇི་ཙམ་བྱེད་བཞིན་ཇེ་རྨོངས་སུ་འགྲོ་བ་འདིནི་སྒོམ་པ་གནད་ཐོག་ཏུ་མ་སོང་བ་ཡིན། ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་སོགས་ཀྱི་སྐབས། ཁྲིད་ཡིག་ཏུ་དྲན་པས་ཚིར་གྱིས་བཟུང་དགོས་གསུངས་པ་འདི་ཚོ་ཕྱག་ཆེན་གྱི་ཆོས་སྐད་འདྲབ་ཡོད་ཀྱང་། དོན་དུ་ལས་དང་པོ་པས་རྣམ་རྟོག་སྐྱེས་པ་དང་མཉམ་དུ་རིག་པས་དེ་ལ་ཕརརྒྱས་མི་འདེབས་པར། ནང་རང་གི་རིག་ངོ་བསྐྱང་བའི་སྟེང་དུ་ཆམ་གྱིས་བཞག་སྟེ་རྟོག་པའིསྣ་མི་བསྐྱིལ་བར་རྩལ་རྫོགས་སུ་བཅུག་པས་གྲོལ་ཚུལ་གསུམ་རིམ་གྱིས་བྱུང་ནས་བརྟནཔ་ཐོབ་འོང་བ་ཡིན། ཡི་གེ་ཀ་མད་སུམ་ཅུའི་ཐོག་མ་ཀ་ཡིན་པ་ལྟར་ཀ་ནི་དང་པོ་སྟེ། དངཔོ་ནས་དག་པའི་སྟེང་དུ་ཐག་ཆོད་པ་ལ་ཀ་དག་གམ་ཁྲེགས་ཆོད་ཅེས་གསུངས། ཀུན་གཞི་

p. 277

དང་ཆོས་སྐུ་གཉིས་ལ་རྨོངས་མ་རྨོངས་སོགས་དང་། སེམས་རིག་པ་གཉིས་ལ་སེམས་ནིགྲོད་པ་ཕུས་བཏབ་པ་ལྟར་ནང་དུ་བསྡམས་ནས་ཡོད་པ་འདྲ་བ་དང་། རིག་པ་ཕྱི་ནང་མེདཔར་ཟང་ཐལ་བ་སོགས་དང་། རྣམ་ཤེས་ཡེ་ཤེས་གཉིས་ལ་འདུས་བྱས་འདུས་མ་བྱས་སོགསཀྱི་ཁྱད་འབྱེད་པ་ལ་ཤན་འབྱེད་དང་། ཀུན་གཞི་ཆོས་སྐུ་སོགས་སུ་ཐག་གཅོད་པ་ལ་ལ་བཟླཞེས་གསུངས། རྒྱལ་ཚབ་རིན་པོ་ཆེས་ལས་དང་པོ་པ་ལ་ཤན་འབྱེད་ཀྱི་སྤུ་རིས་ཧ་ཅང་འབྱེདཆེ་ན་རིག་ངོ་མཐོང་བའི་གེགས་བྱེད་གསུངས། ཐོད་རྒལ་ནི་མན་ངག་སྡེ་པ་ཁོ་ནའི་ཁྱདཆོས་ཡིན་པས་མྱུར་ལམ་ཆེན་པོ་ཡིན་ལ། སྒྲོན་མའི་དབྱེ་བ་མང་ཡང་གཞིར་དབྱེ་བ་འདིགྲགས་ཆེས་བས། དེ་ལྟར་ན་ནང་དབྱིངས་ཀ་དག་ཆེན་པོ་དང་། རྒྱན་གྱི་ནམ་མཁའ་ནི་སྐྱེསབུ་དང་མ་འབྲེལ་བས་རྒྱན་ནམ་སྔོ་བསང་འདི་ལ་བརྟེན་ནས་བལྟ་དུས་སྔོ་སྐྱ་ཤིན་ཏུ་དྭངསཔ་རི་སོགས་ཁེབ་འགྲོ་བ་ཞིག་འཆར་རྒྱུ་ཕྱི་དབྱིངས་དང་བཅས་པ་དེ་ལ་དབྱིངས་སྒྲོན་ཟེར། ཐིག་ལེ་མཐའ་དམར་སེར་ཅན་སུམ་སྦྲེལ་སོགས་འཆར་བ་དེ་ལ་ཐིག་ལེ་སྟོང་སྒྲོན་ཟེར། ཡེཤེས་ཀྱི་འོད་སྣང་འཆར་བའི་མིག་ལ་རྒྱང་ཞགས་ཆུ་སྒྲོན་ཟེར། འདི་འ བྱུང་བ་དབང་པོ་ཡེཤེས་གསུམ་ཀ་འདུས་པའི་རྒྱང་ཞགས་ཡིན། ཤེས་སྒྲོན་དངོས་ནང་གི་རིག་པ་དང་། གདངསརྩ་ཐིག་རླུང་གསུམ་ལ་བརྟེན་ནས་གྲོལ་བའི་རྟགས་འཁྱོགས་ཐིག་འགུལ་བའི་རྣམ་པ་ཅནགྱི་ལུག་བརྒྱུད་དེ་ཡིན། སྨིན་མཚམས་ནས་ཡར་སོང་བའི་འོད་གྱེན་འགྲེངས་སམ། ཐིགལེ་གཉིས་གཤིབ་ཡི་གེ་སྤར་མའི་རྣ་རུ་ལྟ་བུ་དེ་དང་འཇའ་ཐིག་གཞན་ཡང་དབྱིངས་སྒྲོན་དུབསྡུ་དགོས། སྤྱིར་རྩ་ལ་རྒྱ་མཚོ་གསེར་གྱི་ཉི་མ་དང་། ཀ་ཏི་ཤེལ་སྦུག་ཅན་དང་། ཕྲ་ལའཁྲིལ་གྱེས་དང་། དར་དཀར་གྱི་སྣལ་མ་བཞིར་གསུངས་པའི་དང་པོ་ནི། སྙིང་དབུས་སུཡེ་ཤེས་བཞུགས་པའི་འོད་རྩ་དང་། གཉིས་པ་ནི། སྙིང་ནས་མིག་ཏུ་འབྲེལ་བའི་ཡེ་ཤེསཀྱི་འོད་རྩ་དང་། གསུམ་པ་ནི། རྩ་ཤེལ་སྦུག་ཅན་ལས་དབང་པོ་སོ་སོའི་སྒོར་གྱེས་པའི་རྩདང་། བཞི་པ་ནི། དེའི་བྱེ་བྲག་མིག་ཏུ་ཟུག་པའི་རྩ་དེ་ཡིན་གསུངས། སེང་གེས་རི་དྭགསརྣམས་ཟིལ་གྱིས་གནོན་པ་དང་། གྲང་ཆེན་ལ་སྟོབས་ཤུགས་རྫོགས་པ་དང་། དྲང་སྲོང་ལུས་

p. 278

མི་གཡོ་བར་འདུག་པ་ལྟར་ཆོས་སྐུས་མཚན་རྟོག་ཟིལ་གྱིས་གནོན་པ་དང་། ལོངས་སྐུའི་སྐུལ་ཞིང་ཁམས་རྫོགས་པ་དང་། སྤྲུལ་སྐུ་གཞན་དོན་ལས་མི་གཡོ་བ་མཚོན་བྱེད་དུ་བཞུགསསྟངས་གསུམ་བྱེད་པ་ཡིན་གྱི། སྐུ་གསུམ་གྱི་བཞུགས་ལུགས་འདི་འདྲ་མཛད་པའི་དོན་མིནགསུངས། བྱ་རྒོད་ཀྱི་འདུག་སྟངས་རྐང་རྩེ་སར་བཙུགས། རྐང་མཐིལ་གཉིས་བཏེགས། མགོ་བོ་རྒྱབ་ཏུ་འཕང་། ལག་གཉིས་སྟ་ཟུར་ནས་བརྐྱངས་ཏེ་འདུག་པ་དེ་ཡིན། སྐྱེས་བུགྱད་ཀྱི་འདུག་སྟངས་ནི། གན་རྐྱལ་དུ་རྐང་གཉིས་བརྐྱངས། ལག་གཉིས་ལུས་ཟུར་གཉིསནས་བརྐྱངས་ཏེ་ནམ་མཁའ་གསུམ་བསྲེས་ནས་འདུག་པ་ལ་ཟེར། འདིས་འཆི་ཁ་འོད་གསལམཚོན་ནུས་པས་བར་དོའི་གདམས་པ་ཟབ་མོ་ཡིན། ཨ་བུ་རིན་པོ་ཆེས་ལུས་གནད་དེ་འདྲམཛད་ནས་ནམ་མཁའ་ལ་སྐར་མ་མཐོང་ངམ། ཁྱི་ཟུག་པ་ཐོས་སམ་ཞེས་པའི་བརྡ་ཐབསཀྱིས་ལུང་གཅེས་ཚང་ལ་ངོ་སྤྲད་གསུངས། ཐོད་རྒལ་ཚད་ཕེབས་སྐབས་ཀྱི་ལམ་སྣང་དེསསྐུ་དང་ཞིང་གི་སྣང་བ་རང་ཆས་སུ་ཡོད་པ་དེ་མངོན་སུམ་དུ་མཚོན་ནུས་ཤིང་། དེ་སངས་རྒྱསཀྱི་གཟིགས་པ་མཐར་ཐུག་ལམ་སྟོབས་ཀྱིས་སྣང་བའང་ཡིན་པས་གཞན་སྟོང་སྒྲུབ་པའི་རྒྱུམཚན་ཆེན་པོ་ཡིན་གསུངས། ཐོད་རྒལ་གྱི་སྣང་ཉམས་དེ་རྣམས་འདུས་བྱས་སམ། འདུསམ་བྱས་གང་ཡིན་ན། འཕེལ་བའི་ཆ་ནས་འདུས་བྱས་དང་། རིག་གདངས་ཡིན་པའི་ཆ་ནསའདུས་མ་བྱས་ཡིན་གསུངས། ཆོས་ཉིད་མངོན་སུམ་ཀུན་མཁྱེན་ཆེན་པོས་ཚོགས་སྦྱོར་དུགསུངས་པས་མཐོང་ལམ་དུ་མི་གོ །ཁྲེགས་ཆོད་ཉམས་སུ་ལེན་སྐབས་བྱིང་འཐིབ་བྱུང་ནལུས་གནད་བསྲང་། སྨིན་མཚམས་སུ་ཁྲོ་བོ་ལྟ་བུའི་གཉེར་མ་བསྡུས་ཏེ་ལྟ་སྟངས་གྱེན་དུཧ་རེ་བལྟ། ཁ་ནས་ཧ་ཧ་ཞེས་རླུང་ལན་ཁ་ཤས་ཕྱིར་བསལ་བས་རིག་པ་དྭངས་ཆ་ཐོན་པརའགྱུར། ཁྲེགས་ཆོད་ཀྱིས་ལུས་དབྱིངས་སུ་དེངས་པ་ལ་འཇའ་ལུས་ཟེར་ཞིང་། འཕོ་ཆེནནི་རིག་པ་བཅུད་དུ་སྨིན་པའི་རྡོ་རྗེའི་ལུས་སྔར་གྱི་ལུས་ཀྱི་རྣམ་པ་ཅན་ཏེ་དོན་དུ་མི་སློབ་ལམས་དངོས་ཡིན་ཀྱང་། སྐུ་དེར་བཞེངས་ན་སྤྱན་རས་གཟིགས་དང་། འཇམ་དབྱངས་ལྟར་རྟེནདེས་གཞན་དོན་ཆེར་འབྱུང་བ་དེའོ། །ཞེས་གྲུབ་དབང་རིན་པོ་ཆེས་གསུངས། ཁྲེགས་ཆོད་

p. 279

ལ་གོ་བ་ཙམ་ཞིག་སྐྱེས་པས་ཀྱང་ཐོད་རྒལ་སྒོམ་པ་གནད་དུ་སོང་ན་རིག་པ་ཇེ་བརྟན་དུ་གྱུརནས་ཁྲེགས་ཐོད་གཉིས་ཀྱི་ཉམས་ལེན་གྱི་རྩལ་དུས་གཅིག་ལ་རྫོགས་པ་འོང་གསུངས། ཡེསྣང་རིང་ས་ནས་ཐུང་སར་ཁྲིད་ཅེས་པ། ལས་དང་པོ་པས་ཐོག་མར་ཉི་ཟེར་སོགས་ལ་གཏདདུས་ཡེ་སྣང་ཡུལ་རྐྱེན་དེའི་ཐད་དུ་ཤར་བ་དེ་ལས་རིམ་པར་ཡུལ་རྐྱེན་མེད་པར་ཁྲིད་ཅེསཔའི་དོན་དང་། ཤ་ར་ཎ་ནི་ཀྲྀཥྞ་ཡིན། མཐའ་བརྟེན་བཞི་པོ་སྣང་བཞི་སོ་སོའི་རྟགས་ཚདལ་སྦྱར་དགོས། བསྐྱེད་རིམ་དུས་སྣང་བ་ལྷའི་འཁོར་ལོར་བསྒོམ་པ་ཡོད་ཀྱང་རྟོག་པའི་སྒྲོབཏགས་དང་བཅས་པ་ཡིན་ལ། རྫོགས་རིམ་སྐབས་རྩ་རླུང་ཐིག་ལེར་གནད་དུ་སྨིན་པའིཉམས་ལེན་ཆེས་ཟབ་པ་ཡོད་ཀྱང་རླུང་སེམས་ཀྱི་བསླད་ཆ་དང་བཅས་ཤིང་འདིར་ནི་བཅོསབསླད་ཐམས་ཅད་དང་འབྲེལ་བར་འབྲས་བུ་སྐུ་གསུམ་ལམ་དུ་བྱེད་པའི་མྱུར་ལམ་རྨད་དུབྱུང་བའོ། །ཆོས་ཉིད་ཟད་པའི་སྐབས་སྐྱེ་འཇུག་ལ་རང་དབང་ཐོབ་པའི་དོན་རིམ་བཞིནསོར་མོ་ལ་རིག་པ་གཏད་པ་ཙམ་གྱིས་རིག་པ་བཅུད་དུ་སྨིན་པའི་འཕོ་ཆེན་གྱི་སྐུ་སྔར་གྱི་ལུསཀྱི་རྣམ་པ་ཅན་དུ་བཞེངས་པ་དང་། སླར་ནང་དབྱིངས་སུ་རྣམ་འཇུག་པར་དབང་བ་གཉིསལ་མཁྱེན་བརྩེ་རིན་པོ་ཆེས་བཞེད་ཅིང་། དེ་གྲུབ་དབང་རིན་པོ་ཆེས་ཡིད་ཆེས་ཀྱི་གནས་སུམཛད་མོད། སྤྱིར་ནི་རྫོགས་ཆེན་ལ་འབྲེལ་མཐུན་གྱི་སེམས་ཅན་སུམ་སྟོང་ལ་རིག་པ་གཏདཔ་ཙམ་གྱིས་གྲོལ་བ་སོགས་བཞེད་དོ། །བར་དོའི་སྐབས་ནམ་མཁའ་སུམ་ཕྲུག་བསྒོམ་དུསསྐྱེས་བུ་གྱད་ཀྱི་འདུག་སྟངས་བྱས་ལ། རང་གི་སྙིང་ག་ནས་རང་བྱུང་གསང་བ་ཆེན་པོའི་ཡིགེ་ཨ་ཡིག་དཀར་པོ་ཞིག་ཀ་ཏི་ཤེལ་སྦུག་བརྒྱུད་མིག་གཡོན་ནས་ཐོན། མདུན་གྱི་ནམ་མཁའདང་འདྲེས་པར་བསམ་ལ་ལྟ་སྟངས་བཅས་མིག་དེར་གཏད་རིག་པ་མིག་ལ་གཏད་དེ་བཞགཔ་གནད་ཅེས་འབྲུག་པ་རིན་པོ་ཆེས་བཞེད་དེ། བསམ་གཏན་གྱི་ཞག་ནི། ད་ལྟ་རིག་ཐོགལ་ཡུན་ཇི་ཙམ་གནས་ཐུབ་པ་དེ་འདྲ་བའི་ཡུན་ལ་ཟེར་བས་རིང་ཐུང་ལ་ངེས་པ་ཆེར་མེད། ཡང་ན་རླུང་སེམས་ཐིག་ལེ་དང་སོགས་ཀྱི་སྐབས་རྩ་དབུ་མ་ཕྱི་དཀར་ནང་དམར་བར་སྔོ་བཞེས་པ་དབུ་མའི་ནང་ཁོང་སྔོ་སངས་སུ་ཡོད་པ་དེ་ལ་གོ་དགོས། འབྱུང་བ་ཐིམ་སྐབས་ས་ས་ལ་

p. 280

ཐིམ་པ་ནི་ས་འབྱུང་རང་གིས་རང་ཞིག་དགོས་པས་ཟུག་གཟེར་དང་བཅས་པ་ཡིན་ལ། ས་ཆུ་ལཐིམ་པ་ནི། ས་འབྱུང་འབྱུང་བ་གཞན་གྱིས་བཤིག་པས་ཟུག་གཟེར་མེད་པ་ཞེས་གསུངས། ཕྱི་དབྱིངས་ཀྱིས་འཆི་དུས་ན་འཆར་བའི་ཐམས་ཅད་སྟོང་པའི་འོད་གསལ་མཚོན་ནུས་པའིརྒྱུ་མཚན་ནི། ཕྱི་ནམ་ཕྱི་དབྱིངས་སྔོ་ལམ་པ་དེ་དང་། ནང་ནམ་ཡེ་ཤེས་ཀྱི་འོད་རྩའི་ནངསྟོང་གཉིས་ཀ གསང་ནམ་རིག་པའི་དབྱིངས་སྟོང་ཆེན་དེ་དང་འབྲེལ་མེད་མིན་པར་དབྱིངསཀྱི་སྟོང་གདངས་ཡིན་པས་དབྱེར་མེད་དུ་བྱས་ནས་བཞག་པས་འཆི་བ་འོད་གསལ་མཚོནགསུངས། འཆི་དུས་ཉམས་ལེན་འདི་ཐོག་ནས་འཕོ་བ་ལ་ཡེ་ཤེས་གོང་འཕོ་ཟེར། རླུང་སེམསའཕོ་དུས་འོག་རླུང་བསྐུམ། སྟེང་རླུང་བསལ་བ་དང་མཉམ་དུ་ཕཊ་སྒྲ་དྲག་པོར་བརྗོད་པ་ནིསྒྲ་འཕོ་དང་རླུང་འཕོ་གཉིས་ཀ་ཡིན། སྐབས་འགར་རླུང་འཕོ་ཙམ་ལས་སྒྲ་འཕོ་མ་བྱས་ཀྱངཆོག གསེར་གྱི་ཐུར་མ་ཞེས་པ་ལ། གསེར་ཐུར་དེ་ཇི་ལྟར་བྱས་ཀྱང་གསེར་གྱི་རང་བཞིནལས་འགྱུར་བ་མེད་པ་དང་། སྙིང་ཆུ་འདྲེན་དུས་གསེར་ཐུར་དེ་ཅུང་ཟད་འཆུགས་རྗེས་སྐྱོནཆེན་པོ་བྱེད་པ་ལྟར། འདི་དུས་གདམས་དོན་ལས་ཅུང་ཟད་ཀྱང་འཆུག་མི་རུང་བའི་དོནཡིན་གསུངས། སྙིང་ནང་དུ་ཁྲག་ཐིགས་གསུམ་རིམ་པར་ཏིག་རྗེས་རགས་པའི་ལུས་སེམསབྲལ་ཟིན་པས། དེ་རྗེས་སྙིང་ག་དང་མིག་སོགས་ནས་འོད་གསལ་གྱི་སྣང་བ་ཤར་བའི་ལུསདེ་ནི་ཡིད་ལུས་སམ། འོད་ཀྱི་ལུས་ཤིན་ཏུ་ཕྲ་བ་ཞིག་ཡིན་གསུངས། ཞི་བའི་སྔོན་དུ་ཁྲོ་བོའིསྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཤར་བ་ནི། སྙིང་གར་ཞི་བའི་ལྷ་ཚོགས་བཞུགས་པའི་ཟེརགདངས་སྤྱི་བོར་མཆེད་པ་དེ་ཁྲོ་དཀྱིལ་ཡིན་པས། དེ་ཉི་མ་མ་ཤར་བའི་གོང་ནས་ཉི་ཟེརའཆར་བ་བཞིན་སྔོན་དུ་ཤར་བ་ཡིན། ད་དུང་ནང་དབྱིངས་སུ་མངོན་པར་རྫོགས་པར་སངསརྒྱས་མ་ཟིན་པས་ཕྲིན་ལས་ཀྱི་རྩལ་རྫོགས་པར་མ་ཤར་བས་དམན་པ་ལ་དགག་སྒྲ་སྦྱར་བཡིན། ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་ཚུལ་རྣམས་རིམ་ཅན་དུ་གོ་བ་ཡིན། སྲིད་པ་བར་དོའིཉམས་ལེན་ལ་ད་ལྟ་ནས་གོམས་འདྲིས་བྱ་དགོས་པས། གནས་ཀྱི་ཞེན་པ་དག་ཕྱིར་ཆོསའབྱུང་གི་སྟེང་དུ་ལུས་སེམས་ཀྱི་དྭངས་མ་ཨ་ཡིག་ཏུ་གསལ་བ་དེ་དཔལ་རི་སོགས་མོས་པའི་

p. 281

ཞིང་དུ་ད་ལྟ་ནས་འགྲོ་བའི་འདུན་པ་ཡང་ཡང་གཏད་དགོས་གསུངས། རང་བཞིན་ཡེ་ཤེསཀྱི་འོད་གདངས་ཞིང་ཁམས་ལྔར་སྣང་བས་རང་བཞིན་སྤྲུལ་སྐུའི་ཞིང་ཞེས་གསུངས་ཤིང་། དེ་མདོ་ཕྱོགས་ཀྱི་བདེ་བ་ཅན་སོགས་དང་བྱད་དངོས་དང་གཟུགས་བརྙན་ཙམ་ཁྱད་པར་ཆེ། ཞིང་དེའི་ཚད་དང་སུམ་ཅུ་པའི་ལྷ་དང་ལོངས་སྤྱོད་མཉམ་པར་གསུངས་པ་སོགས་དགོངསཔ་ཅན་གྱི་གསུང་ཡིན་པའང་ཤེས་པར་བྱའོ། །སྲིད་པ་བར་དོ་ནས་བཟུང་དག་ཞིང་དུ་སྐྱེསནས་རྟེན་དེར་ལམ་གྱི་ལྷག་མ་བགྲོད་དགོས་ངེས་ཅན་ཡིན་པས། དེས་ན་བར་དོའི་གདམསཔ་ལ ན་གཉིས་སུ་གསུངས་པ་ནི་གདམས་པའི་ངོ་བོ་ལ་ཁྱད་པར་ཡོད་པ་མིན་ཡང་། སྔ་མསྲིད་པ་བར་དོ་ཡང་བར་དོའི་བྱེ་བྲག་ཡིན་པས་དེའི་འཕྲོས་སུ་མཛད་ནས་གསུངས་པ་ཡིནལ། ཕྱི་མ་ནི། དབང་པོ་རབ་འབྲིང་ཐ་གསུམ་གྱི་གྲོལ་ཚུལ་བསྟན་པའི་དབང་དུ་བྱས་པཡིན། རྗེས་ཁྲིད་སྐབས་བླ་མས་རང་ལ་རྒྱུ་སྦྱིན་ཟས་སྦྱིན་བྱས་པ་ཙམ་མ་ཡིན་པར་གདམསངག་ལེགས་པར་འདོམས་པའི་བཀའ་དྲིན་དྲན་པ་དང་། དམྱལ་བར་སྐྱེས་དུས་རླུང་བསིལབས་ལུས་ལ་རེག་པ་ཙམ་གྱིས་བདེ་བ་དང་སྡུག་བསྔལ་བར་བྱེད་པའི་གཤིན་རྗེའི་ཕོ་ཉ་ལྟབུ་ཡང་རང་གི་སྡིག་སྒྲིབ་སྦྱོང་ཐབས་སུ་བླ་མས་གང་འདུལ་གྱི་མཛད་པ་སྟོན་པའི་ཚུལ་ལཡིད་ཆེས་བསྐྱེད་དེ་དད་པ་སྦྱོང་ཅི་ཐུབ་བྱ། ན་བའི་དུས་ལྟ་བུར་ཡང་གང་ན་སར་བླ་མ་གསལབཏབ་ལ་དེ་དང་རང་སེམས་བསྲེ་བ་སོགས་དུས་ཐམས་ཅད་དུ་བླ་མ་དང་མི་འབྲལ་བར་བྱ། སློབ་མ་མང་པོ་བསྡུས་ནས་དེ་རྣམས་ཀྱི་ཁ་འཛིན་བྱེད་མདོག་སོགས་ཆོས་ལྟར་སྣང་བའིསྤྲོས་པ་ཐམས་ཅད་བསྡུ་ཅི་ཐུབ་བྱ། སྤྱིར་ཉ་སྟོང་ཚེས་བརྒྱད་བཅུ་བཞི་ཉེར་གསུམ་ཉེར་དགུརྣམས་སུ་དུས་ཆེན་དང་། ཁྱད་པར་ཚེས་བཅུ་བྱུང་རེས་པདྨས་མཛད་ཆེན་བསྟན་པའི་དུསདང་། ཕུག་ལུགས་ལྟར་མངའ་རིས་པཎ་ཆེན་དང་གཏེར་ཆེན་རིན་པོ་ཆེ་སོགས་ནས་ཧོརཟླ་བཅུ་གཅིག་པ་སྟག་ཟླར་ངོས་འཛིན་པ་ལྟར་ན་སྤྲེལ་ཟླ་ཧོར་ཟླ་ལྔ་པ་ཡིན་པས་དེའི་ཚེསབཅུའམ། དགོངས་འདུས་ལྟར་འཇིགས་གླིང་སོགས་ཀྱིས་སྟག་ཟླ་ཧོར་ཟླ་བཅུ་གཉིས་པབཞེད་པ་ལྟར་སྤྲེལ་ཟླ་ཧོར་ཟླ་དྲུག་པ་ཡིན་པས་དེའི་ཚེས་བཅུའི་ཉིན་གུ་རུ་བོད་དུ་དངོས་སུ་

p. 282

བྱོན་པའི་བསླུ་མེད་ཀྱི་གསུང་དབུ་བསྙུངས་བཞེས་པ་དང་བཅས་ཡོད་པའི་དུས་དེ་གཉིསདང་། ལྕེ་བཙུན་འཇའ་ལུས་སུ་གཤེགས་པའི་དུས་ཆེན་ཧོར་ཟླ་བདུན་པའི་ཚེས་བཅུ་ཡིན་པསདུས་དེ་རྣམས་སུ་ཚོགས་འཁོར་རེ་འགྲུབ་ངེས་བྱས་ན་ལམ་གྱི་གེགས་སེལ་བོགས་འདོན་ཆེནཔོ་འོང་། སྨིན་མཚམས་ཀྱི་ཆོས་འབྱུང་ཁ་དོག་དཀར་ལ་དམར་མདངས་ཆགས་པ་གདེངསཀ་ཆེ་བ་དཔྲལ་བའི་ཕྱོགས་སུ་བསྟན་པ་ཕུར་རྩེ་བཅད་པ་ལྟ་བུ་ཡིན། རྣམ་པ་ཀུན་ཏུ་རིག་པསྐད་ཅིག་མའི་ངང་བསྐྱངས་པས་སོགས་ནི་ཡུལ་སེམས་གཉིས་མེད་པར་དེར་ཅོག་གེར་བཞག ཅེས་གསུངས་པ་ལྟར་དགོས་པ་ཡིན་གསུངས། ཅེས་པ་འདིའང་ཆུ་སྤྲེལ་ལོར། གདོད་མའིམགོན་པོ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཕྲིན་ལས་ཀྱི་སྤྲུལ་པའི་རྣམ་རོལ་དུ་དམ་པའི་སྐྱེ་བུདུ་མས་མངའ་གསོལ་བ། འཁོར་ལོ་གསུམ་གྱི་ཕྲིན་ལས་བཟང་པོས་བཀའ་བབས་ཀྱི་བསྟནཔའི་རྒྱལ་མཚན་ཀུན་ཏུ་བསྒྲེངས་པ་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བ། ངེས་པ་དོན་གྱིཀུན་ཏུ་བཟང་པོ་དང་རྣམ་དབྱེར་མ་མཆིས་པ་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱིབློ་གྲོས་གཙུག་ལག་ལུང་རིག་སྨྲ་བའི་སེང་གེ་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་སྙིང་ཐིག་ཆེན་པོ་འདིའི་སྨིན་གྲོལ་གྱི་ཆོས་བཀའ་ཡོངས་སུ་རྫོགས་པ་ཞགཉེར་གཅིག་གི་བར་ཞིབ་རྒྱས་སུ་བསྩལ་སྐབས་སྨྱོས་བན་མཁྱེན་སྨིན་གླིང་མཁན་ཆེན་ནོར་པསགསུང་ཟབ་གང་ཟིན་བརྗེད་ཐོར་བཀོད་པ་འདིས་ཀྱང་ཐེག་མཆོག་ཨ་ཏིའི་བསྟན་པ་ཕྱོགསནས་ཕྱོགས་སུ་དར་བའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ།།

འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས། ཨོ་རྒྱན་གཏེར་བདག་གླིང་པ།

p. 283

འཕོ་བ་སྙན་བརྒྱུད་མའི་ཟིན་བྲིསབཞུགས་སོ། ཨོ་རྒྱན་གཏེར་བདག་གླིང་པ། །

p. 284

འཕོ་བ་སྙན་བརྒྱུད་མའི་ཟིན་བྲིསབཞུགས་སོ། རྣལ་འབྱོར་གྱི་དབང་ཕྱུག་སྤྲུལ་སྐུ་ཉི་ཟླ་སངས་རྒྱས་ལ་ཨོ་རྒྱན་ཆེན་པོས་དག་སྣང་དུབསྩལ་བའི་ཟབ་ལམ་འཕོ་བ་སྙན་བརྒྱུད་འཇག་ཚུགས་མའི་ཉམས་ལེན་གྱི་རྩ་ཐོ་སྙིང་པོརདྲིལ་བ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་གི་ཆོས་བདུན་ལེགསཔར་བཅས་ནས། སྐྱབས་སེམས་སྔོན་དུ་འགྲོ་བས། ལམ་རིམ་དངོས་ལ་ལུས་ཕྲུ་མ་ཕུསབཏབ་པ་ལྟར་སྐྱ་སེང་ངེ་བར་རྩེ་གཅིག་ཏུ་བསྒོམ་པས་འབྱོངས་པའི་རྟགས། དེ་ཉིད་རྩོལམེད་དུ་ལམ་ལམ་འཆར་བ་དང་ལུས་ཡང་ཞིང་གཡོ་བ་སྙམ་བྱེད་པའོ། །གཉིས་པ་ནི། ལུསཀྱི་ནང་དུ་སྙིང་གི་ཐད་དུ་ཧཱུྃ་མཐིང་ག་གསལ་ཞིང་འཚེར་བ་ཞིག་བསྒོམ། ངག་ཏུ་བུ་གའིགྲངས་དང་མཉམ་པའི་ཧཱུྃ་རིམ་པ་བཞིན་བརྗོད་པའི་རྐྱེན་གྱིས་བཤང་ལམ། ཆུ་ལམ། ལྟེབ། ཁ། སྣ་བུག་གཉིས། མིག་གཉིས་རྣམས་སྙིང་གའི་ཧཱུྃ་ཡིག་ལས་སྤྲོས་པའི་ཧཱུྃ་ཡིག་སྔོནཔོ་ན་ད་ནང་དུ་བསྟན་པ་རེས་བཀག་པར་བསྒོམ་མོ། །འབྱོངས་རྟགས་དམིགས་པ་རྩོལ་མེདགསལ་བ་དང་། ལུས་མི་བདེ་བ་སྙམ་བྱེད་པའོ། །གསུམ་པ་ནི། རང་ལུས་སྟོང་པའི་དབུསསུ་རྩ་དབུ་མ་དམར་གསལ་སྲབ་པ་རག་དུང་གི་དབྱིབས་ཅན། རྩ་བ་ཕྲ་བ་མདའ་སྨྱུག་ཙམཔ་ལྟེ་འོག་སོར་བཞི་སླེབ་ཅིང་ཡར་སྣ་གདེངས་ཀ་ཆེ་བ་ཚངས་བུག་གི་ཐད་དུ་རྒྱ་མཐོངས་ཁཕྱེ་བ་ལྟ་བུའི་དབུ་མའི་གཡས་སུ་རོ་མ་དམར་མོ་དང་། གཡོན་དུ་རྐྱང་མ་དཀར་མོ་སྦོམ་ཕྲགྲོ་སོག་ཙམ་པ་མར་སྣ་དབུ་མའི་ནང་དུ་སོར་རེ་ཙམ་གྱེན་དུ་ཆུད་པ། ཡར་སྣ་རྣ་བའི་ཐདཀྱི་བར་དུ་དབུ་མར་རེག་ལ་མ་འབྱར་བའི་ཚུལ་དུ་སོང་། དེ་ནས་མདུན་དུ་གུག་པ་སྣ་བུགགཉིས་སུ་བུག་པ་ཧ་རེ་བལྟ་བ། དབུ་མའི་མར་སྣ་རོ་རྐྱང་གི་བུ་གའི་སྟེང་དུ་རང་གི་རྣམ་ཤེས་

p. 285

ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ། ཡང་ཞིང་གཡོ་བ། ཡུངས་འབྲུ་ནས་སྲན་ཆན་གྱིབར་ཙམ་བློ་ལ་འཆར་བདེ་བ་ཞིག་བསྒོམ། དབུ་མའི་ཡར་སྣ་ཚངས་བུག་གི་ཐད་དུ་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་གི་ནམ་མཁར་འཇའ་འོད་སྣ་ལྔའི་གུར་ཁྱིམ་ཟེར་མདངསའཁྲུག་པའི་དབུས་སུ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་རྣམ་པ་ཨོ་རྒྱན་ཐོད་ཕྲེང་རྩལ་མཐིང་གསལལོངས་སྐུའི་ཆས་ཅན་རྡོར་དྲིལ་འཛིན་པ་ཡུམ་དང་བཅས་པའི་རྣམ་པར་གསལ་ཞིང་མོས་པདུང་ངེ་བ་རྩེ་གཅིག་ཏུ་བསྒོམ། དེས་རླུང་སེམས་འདུས་ཤིང་འབྱོངས་པའི་རྟགས་དམིགསཔའི་གསལ་སྣང་ལམ་མེ་བ་རྩོལ་མེད་དུ་འཆར་བ་སྙམ་བྱེད་པའི་བར་བསྒོམ་མོ། །བཞི་པལ། སྦྱང་བ་དངོས་དང་གེགས་སེལ་ལས། དང་པོ་ནི། རླུང་གནད་གྱེན་དུ་བཅུན་པས་རྣམཤེས་ཀྱི་ངོ་བོ་ཐིག་ལེ་དེ་ཉིད་ཡང་ཞིང་གཡོ་བ་འཕུར་ལ་ཁད་ལྟ་བུར་བསམ་ལ། མིག་ཡིདརླུང་གསུམ་གྱེན་དུ་དྲིལ་ནས་ངག་ཏུ་ཧཱི་ཧིག་ཅེས་པ་ཇེ་མྱུར་ཇེ་དྲག་ཏུ་བཏང་བ་བདུན་གྱིསརོ་རྐྱང་གི་མར་སྣའི་སྟེང་ནས་ཐིག་ལེ་ལྟེ་བར་སྤར་བ་དེ་ཅུང་ཟད་འདར་ཞིང་འཁར་བའི་ངངདུ་ཅུང་ཟད་ངལ་བསོ། ཡང་། སྔར་བཞིན་ཧཱི་ཧིག་ཇེ་མྱུར་ཇེ་དྲག་ཏུ་བཏང་བ་བདུན་གྱིསསྙིང་གར་སྤར་ནས་སྔར་བཞིན་ངལ་བསོ། ཡང་། དེ་ལས་ཀྱང་དྲག་ཅིང་མྱུར་བ་བདུན་གྱིསསྨིན་མཚམས་སུ་སྤར་ནས་ངལ་བསོ། དེ་ནས་ཀྱང་ཤིན་ཏུ་དྲག་ཅིང་མྱུར་བ་བདུན་དང་ཕཊགཅིག་ཧིག་གཅིག་གམ་གཉིས་གསུམ་སོགས་རིག་པའི་རྩལ་ཤུགས་དང་སྦྱར་ནས་སྤར་བས། རྣམ་ཤེས་ཐིག་ལེ་དེ་ཉིད་གྱེན་དུ་འཕ ར་བ་ཚངས་བུག་གི་ཧཾ་དང་རོ་གཅིག་ཏུ་འདྲེས་ནསསྐར་མདའ་ལྟར་སྐྱ་ཡེར་གྱིས་སོང་ནས་སྤྱི་བོའ་བླ་མའི་ཐུགས་ཀར་བསྐྱལ། བླ་མའི་ཐུགསདང་རང་རིག་གཉིས་མེད་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་ཅི་གནས་སུ་བཞག སླརཡང་ངག་ཏུ་ཀ་ཞེས་བརྗོད་པའི་རྐྱེན་གྱིས་རྣམ་ཤེས་ཀྱི་ཐིག་ལེ་ཐུར་དུ་བབས་ནས་དབུ་མའིམར་སྣེར་བསྐྱལ། ཚངས་བུག་ཧཾ་གིས་བཀག་གོ །ཐུན་གཅིག་གི་ཚེ་ན་ཡང་སྔར་བཞིན་གྱེནདུ་སྤར་བ་དང་ཐུར་དུ་འབེབས་པ་བསྐྱར་ཞིང་བསྐོར་ནས་བྱ་ཞིང་། ཐུན་འཇོག་པ་ན་རྣམཤེས་ཀ་ཡིག་གིས་ཕབ་པའི་མཐར་སྤྱི་བོའ་བླ་མ་འོད་དུ་ཞུ་ནས་རྣམ་ཤེས་ཐིག་ལེར་བསྟིམ།

p. 286

ཚངས་བུག་ཧཾ་གིས་སྔར་བཞིན་བརྟན་པར་བཀག་ནས་བསྔོ་སྨོན་བྱའོ། །ཡང་ན། ཐུན་བསྐྱརནས་འཛིན་པ་ན་སྐྱབས་སེམས་སྟོང་ར་སོགས་ནས་འགོ་འཛིན་པ་རྣམས་སྔར་ལྟར་བྱ་ཞིང་། དེ་ལྟར་འབད་པས་རྩེ་གཅིག་ཏུ་སྦྱངས་པས་འབྱོངས་པའི་རྟགས་སུ་རོ་སྟོད་དང་མགོ་བོ་ན་ཞིངསྤྱི་བོ་སྐྲངས་པ་དང་རླུང་གྱེན་དུ་བརྩེག་ཅིང་ནང་དུ་གནོན་དཀའ་བ་དང་། ཤེས་པ་གནད་དུ་མིཕེབས་པར་ཡེར་ཡེར་པ་སོགས་བྱུང་ན་འཇག་མ་འཛུགས་པ་སོགས་ཀྱིས་ཚད་ལ་འབེབསཔར་བྱའོ། །གཉིས་པ་གེགས་སེལ་ནི། རེ་ཞིག་སྒོམ་འཕྲོ་འཇོག་པ་ན། སྤྱི་བོའ་བླ་མ་རྣམ་ཤེས་ཐིགལེ་ལ་བསྟིམ་ནས་ཚངས་བུག་ཧཾ་གིས་བཀག་པའི་རྗེས་སུ་སྟེང་རླུང་མནན་ཅིང་། དམིགསཔ་རྐང་པ་གཉིས་མཉམ་པར་གཤིབས་ཏེ་ལངས་པའི་མཐིལ་དུ་གསེར་གྱི་རི་རབ་ལྕི་ཞིང་འཐསཔ་རེས་ཐུར་དུ་འཐེན་པར་བསམ་མོ། །དེས་མ་སེལ་ན་དམིགས་པ་དེ་དང་ལྡན་པས་གོམ་པསབཅག་ཅིང་རྐང་མཐིལ་ལ་ཤེས་པ་དྲིལ་བས་སེལ་ལོ། །གལ་ཏེ་སྦྱང་དུས་དྲན་མེད་དུ་བརྒྱལབ་ལྟ་བུ་བྱུང་ན་རྐང་མཐིལ་བརྡུང་བ་དང་དྲོད་བདུགས་ཀྱིས་གསོ་བ་སོགས་ཀྱིས་བསལ་བརབྱའོ། །མཐར་ལས་སུ་བྱ་བ་རང་དོན་དང་གཞན་དོན་གཉིས་ལས། དང་པོ་ནི། ཕྱི་ནང་གསངབའི་འཆི་ལྟས་རྣམས་རྫོགས་པར་ཤར་ཞིང་། དེ་ལས་བསླུ་བའི་ཐབས་གསུངས་པ་རྣམསཀྱིས་ཀྱང་བཟློག་ཏུ་མེད་པའི་མཚན་མ་ཤར་བ་ན། སྔར་བཤད་པའི་དམིགས་པ་གཞན་རྣམསདཀྱུས་བཞིན་ལས་ཕྱིར་འབེབས་པའི་དམིགས་པ་དོར་ཏེ། རྣམ་ཤེས་བླ་མའི་ཐུགས་ཀརསྤར་ན་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རང་རིག་དབྱེར་མེད་པར་བསྲེསནས་དེ་ཉིད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་སྤྲོས་པ་དང་བྲལ་བའི་དེ་ཁོན་ཉིད་ལ་མཉམ་བཞག་རྩེ་གཅིག་པ་བྱ་ཞིང་། དེ་ལྟར་མི་ནུས་ན་བླ་མའི་ཐུགས་དང་རངསེམས་དབྱེར་མེད་པའོ་སྙམ་པའི་དྲན་འཛིན་མ་ཡེངས་པ་རྒྱུན་ཆགས་སུ་བྱས་པས། རྐྱེན་གཞན་གྱིས་ཕྲོགས་པར་མི་ནུས་པ་ཙམ་འབྱོངས་པར་བྱས་ནས་འཆི་བའི་འོད་གསལ་གྱི་སྔ་

p. 287

ཕྱིར་གོམས་སྟོབས་དང་སྦྱར་ནས་འཕོ་བར་བྱའོ། །གཉིས་པ་ནི། གཞན་ལ་འདེབས་ན་དེ་ཉིད་ཀྱི་དྲན་པ་གསལ་འདེབས་པ་སྔོན་དུ་འགྲོབས། དམིགས་ཡུལ་ལ་བཟོད་དུ་མེད་པའི་སྙིང་རྗེ་ཆེན་པོས་དྲངས་པའི་སེམས་རྩེ་གཅིགཏུ་གཏད་ནས་ཇི་ལྟར་བསྒོམ་པ་དེ་ལྟར་དམིགས་ཡུལ་གྱི་རྣམ་པར་གསལ་ལ་བསྒོམ་ཞིང་། རང་ཉིད་མོས་པའི་བླ་མ་དེ་ལ་གཤིན་པོ་དེ་ཉིད་མི་མོས་ན་དེ་ཉིད་བསྒོམ་དུ་མི་རུང་བས་ཁོརང་གང་ལ་མོས་པའི་བླ་མ་དེ་ཐོད་ཕྲེང་རྩལ་གྱི་རྣམ་པར་བསྒོམ་ཞིང་། འཕོ་བ་སྤར་ནསབླ་མའི་ཐུགས་དང་དབྱེར་མེད་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་ཅི ང་མཐརབསྔོ་སྨོན་གྱི་རྒྱས་འདེབས་ནན་ཏན་དུ་བྱ་བ་རྣམས་སོ། །འདིའི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སེང་ཧ། ཨོ་རྒྱན་ཆེན་པོ། ཉི་ཟླསངས་རྒྱས། བསོད་ནམས་འོད་ཟེར། བསོད་ནམས་དཔལ། བསོད་ནམས་ཆོས་སྐྱོང་། སྣཚོགས་རང་གྲོལ། ཐུགས་སྲས་ཀུན་དགའ་གྲགས་པ། གྲུབ་ཆེན་ཀུན་རྡོར། མདོ་སྔགསབསྟན་འཛིན། ཕྲིན་ལས་ལྷུན་གྲུབ། དེ་ཡན་ཆད་སྙན་བརྒྱུད་དུ་བཞུགས་པ་ལས་དམ་པདེས་བདག་ལ་དགྱེས་པ་ཆེན་པོས་གནང་ཞིང་ཉམས་སུ་བླང་པ་ལས་ཡིད་ཆེས་ངེས་པ་ཅུངཟད་ཐོབ་པའི་དོན་ཇི་ལྟ་བ་བཞིན་རེག་ཟིག་ཏུ་སྤེལ་བའོ།། །།

བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ། ཨོ་རྒྱན་གཏེར་བདག་གླིང་པ།

p. 288
p. 289

བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ་ཞེས་བྱ་བ་བཞུགས་སོ། །ཨོ་རྒྱན་གཏེར་བདག་གླིང་པ།

p. 290

བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ཐུགས་རྗེ་ཉི་མའི་སྣང་བས་ངན་འགྲོ་ཡི། །འཇིགས་མུན་བསལ་ནས་ཐརཔའི་ལམ་ཆེན་དུ། །འགྲོ་བ་འདྲེན་མཛད་དེ་ལ་གུས་བཏུད་ནས། །བར་དོའི་ཆོས་བཤད་མདོཙམ་འདིར་གསལ་བྱ། །དེ་ཡང་འགྲོ་བ་འཆི་བདག་གི་ཞགས་པས་བཟུང་བ་དག་ངན་འགྲོའི་འཇིགས་པ་ལས་སྐྱོབཔའི་ཆོ་ག་དཀྱིལ་འཁོར་གང་ལ་བརྟེན་ནས་སྒྲུབ་ཀྱང་རུང་སྟེ། དེ་དང་རྗེས་སུ་འབྲེལ་བར་བར་དོའི་ཆོས་བཤད་བྱ་བར་སྤྲོ་ན། སྤྱིར་སེམས་ཅན་ཐམས་ཅད་དང་། ཁྱད་པར་དམིགས་ཡུལ་གྱིས་གཙོ་བྱས་པའི་སྲིད་པའི་འགྲོ་བ་ཐམས་ཅད་ལ་ཚད་མེད་པའིསྙིང་རྗེ་ཆེན་པོའི་བསམ་པས་ཚིག་གི་བརྗོད་པ་དལ་ཞིང་སྐབས་ཕྱེད་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ཀྱེ་རིགས་ཀྱིབུ་ཚེ་ལས་འདས་པ་ཆེ་གེ་ཞེས་བྱ་བ་ཁྱོད་མ་ཡེངས་པར་ཉོན་ལ་ཡིད་ལ་ཟུངས་ཤིག དེ་ཡངསྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་ཅིང་འགྱུར་བའི་ཆོས་ཉིད་ཅན་ཡིན་པ་དང་། ཁྱདཔར་སྐྱེས་བུའི་ཚེ་ནི་སྐད་ཅིག་གིས་ཀྱང་མི་རྟག་པར་གསུངས་པའི་ཆོས་ཉིད་དེ་ཁྱོད་ཀྱི་ཐོགཏུ་བབས་པས་ཚེ་ཡི་དུས་བྱས་ཏེ། ད་ལྟ་བར་དོ་ན་གནས་སྐབས་སུ་གདའ། དེ་ལ་གདམསཔ་ཟབ་མོའི་གནད་བཟུང་སྟེ། ཆོ་ག་ངོ་སྤྲོད་མ་ཚར་གྱི་བར་དུ་རིག་པའི་རང་སོ་བཟུང་མིངབྱང་དྲི་མ་དང་བཅས་པ་འདི་ལ་རྟེན་བཅས་ནས་བག་ཕོབ་ཅིག དེ་ཡང་བར་དོ་ལ་བར་དོངོ་ཤེས་པ་དང་། དེ་ཉིད་ཡང་དག་པའི་ལམ་དུ་འདུན་པ་བསྒྱུར་བ་གལ་ཆེ། དེ་ལ་བར་དོའརྣམ་བཞག་སྤྱིར་བསྟན་པ་དང་། སྐབས་ཀྱི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཡངབར་དོའི་ངོ་བོ། སྒྲ་དོན། དབྱེ་བ། སོ་སོའ་ལམ་ཁྱེར་དང་བཞི་ལས། དང་པོ་གཞི་དབྱིངསཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེསསུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་

p. 291

པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ཏེ། དེ་ཡང་དབྱིངས་ཀ་དག་ལས་ཤརཞིང་འཆར་གཞིའི་དབྱིངས་སུ་མ་རྫོགས་ཀྱི་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བརདོའོ། །གཉིས་པ་སྒྲ་དོན་ནི། སྔ་མ་དང་ཕྱི་མ་དག་གི་བར་གྱི་ཆ་ལས་བཏགས་པ་སྟེ། བརདོ་དང་པོ་གཉིས་ཀྱི་དབང་དུ་བྱས་ན་སྔ་མས་འཕངས་ཤིང་ཕྱི་མ་མ་གྲུབ་པའི་ཆ་ལས་བརམ་དོ་དང་། ཕྱི་མ་གཉིས་ཀྱི་དབང་དུ་བྱས་ན། མཛོད་ལས། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ། ཞེས་ཏེའདི་ནས་ཤི་སྟེ་ཕ་རོལ་སྐྱེ་སྲིད་དུ་མ་གྲུབ་པ་དེ་སྲིད་ལ་བར་དོ་ཞེས་བྱའོ། །གསུམ་པ་དབྱེབ་ནི། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། ཞེས་གསུངས་པས། སྐྱེ་ཤིའམརང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པ་བརདོ་དང་བཞིའོ། །དང་པོ་ནི། མ་ཡི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུནཆད་དོ། །གཉིས་པ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམཔ་ནི། ནང་དབུགས་ཆད་པ་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་ནི། ལྷུནགྲུབ་ཀྱི་སྣང་བ་ཐིམ་པ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །བཞི་པ་སོ་སོའ་ལམ་ཁྱེརནི། དཔེ་དོན་གཉིས་ཀྱིས་སྟོན་པ་སྟེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱཁྲ་ཚང་དུ་འཇུག་པ་ལྟ་བུ། དོན་བླ་མ་དམ་པ་ལ་བསྟེན་ནས་དེས་བསྟན་པའི་གདམས་ངགལ་ཐོས་བསམ་སྒོམ་པས་ནན་ཏན་ལྷུར་བྱས་ཏེ་སྒྲོ་འདོགས་ཆོད་པར་བྱ་བའོ། །དེ་བཞིན་དུའཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་ནི། སྔར་གོམས་པའིགདམས་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པའོ། །ཆོས་ཉིད་ཀྱི་བར་དོ་རང་སྣངལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི་གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པསཆོས་ཉིད་ཀྱི་སྣང་བ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་རོལ་པར་གདེངསཆུད་པའོ། །སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུནི་འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་། འདི་ལྟར་འཆད་པར་

p. 292

འགྱུར་བའི་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ལམ་དུ་འཇུག་པའོ། །དེ་དག་ཀྱངདབང་པོའི་རིམ་པས་གྲོལ་ཚད་མུ་གསུམ་དུ་འགྱུར་བར་གསུངས་སོ། །གཉིས་པ་སྐབས་དོནབྱེ་བྲག་ཏུ་བཤད་པ་ནི། བར་དོ་ཕྱི་མ་གསུམ་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། དེ་ལ་སྐྱེའཆི་འཕོ་བའི་ཚེ་ལུས་ཀྱི་ཆུ་མེ་རླུང་གསུམ་འཁྲུགས་པས་དྲོད་དང་རྣམ་པར་ཤེས་པའི་རྟེནདུ་མ་གྱུར་པའི་ཚེ་སྲོག་གཅོད་པ་ཡིན་ལ། དེ་ཡང་ཕུང་ཁམས་སྐྱེ་མཆེད་ཡུལ་དང་བཅས་པརྣམས་རིམ་བཞིན་ཐིམ་པར་གྱུར་ཀྱང་རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིམ་པས་གཙོ་ཆེབའི་དབང་དུ་བྱས་ནས་ཁམས་ཐིམ་པར་གསུངས་པ་སྟེ། ཡེ་ཤེས་རོལ་པ་ལས། དང་པོ་སནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམཔར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པརའགྱུར། །ཞེས་གསུངས་པས། དེ་ཡང་ས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། ཆུ་ལ་ཐིམཟིན་ནས་ལུས་སྟོབས་ཉམས་པའི་དོན་མ་ཡིན་གྱི་ཐིམ་པའི་མགོ་བརྩམས་ནས་བཟུང་སྟེ་ཕྱི་ནང་གསང་བའི་རྟགས་རྣམས་འཆརབར་འགྱུར་ཞིང་། མཆན། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་མཐའནས་སྡུད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་རླུང་རགས་པའི་རྒྱུ་བ་ཆད། རྣམ་ཤེས་ནམམཁའ་ལ་ཐིམ་པས་རླུང་སེམས་ཀྱི་འགྲོ་འོང་ཐམས་ཅད་འགགས། ནམ་མཁའ་འོད་གསལལ་ཐིམ་པས་སྒོ་ལྔའི་རྣམ་ཤེས་རྟོག་པ་དང་བཅས་པ་ཐམས་ཅད་དབྱིངས་སུ་ནུབ་པར་འགྱུརཏེ། དེ་ཡང་རོ་རྐྱང་གི་དྭངས་མ་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧཾ་ལ་འདུས། ཡརསྣའི་དྭངས་མ་དཀར་པོ་ཐུར་དུ་བབས་ནས་སྙིང་ཁར་བྱོན་སྣང་བ་ཐམས་ཅད་ཟླ་བ་ཤར་བལྟར་དཀར་ལམ་པ་འབྱུང་། ཤེས་པའི་རང་གདངས་གསལ་བར་སྣང་བས་སྣང་བའི་ཉམསཞེས་བྱ། འདོད་ཆགས་དང་བྲལ་བ་ལ་སོགས་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་དངགཟུང་རྟོག་རགས་པ་འགགས། སྟོང་པའི་འོད་གསལ་ཞེས་བྱ་བ་སྐད་ཅིག་དང་པོའོ། །མརསྣའི་དྭངས་མ་དམར་པོ་གྱེན་དུ་བྱོན་པས་སྣང་བ་ཐམས་ཅད་ཉི་མ་ཤར་བ་ལྟར་དམར་ལམཔ་འབྱུང་། སེམས་ཤིན་ཏུ་གསལ་བར་སྣང་བས་སྣང་བ་མཆེད་པའི་ཉམས་ཞེས་བྱ། ཆགས་

p. 293

པ་ལ་སོགས་པ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་དང་འཛིན་རྟོག་རགས་པའགགས། ཤིན་ཏུ་སྟོང་པའི་འོད་གསལ་ཞེས་བྱ་བ་སྐད་ཅིག་གཉིས་པའོ། །དྭངས་མ་དཀརདམར་སྙིང་གར་ཕྲད་པས་སྲོག་རྩའི་རླུང་འགགས་ཏེ་སྣང་བ་ཐམས་ཅད་མུན་ནག་འཐིབ་པལྟ་བུའི་ནག་ལམ་པ་འབྱུང་། སེམས་འགག་པ་ལ་ཕྱོགས་པ་སྣང་བ་ཐོབ་པའི་ཉམས་ཞེསབྱ། མི་གསལ་བ་ལ་སོགས་པ་གཏི་མུག་ལས་གྱུར་བའི་རྟོག་པ་བདུན་དང་ཤིན་ཏུ་ཕྲ་བའིརྟོག་པའང་འགགས། སྟོང་པ་ཆེན་པོའི་འོད་གསལ་ཞེས་བྱ་བ་སྐད་ཅིག་གསུམ་པའོ། །དེནས་སྙིང་ཀའི་ཨ་ཧཾ་རྫོགས་པར་ཐིམ་པས་སྣང་བ་ཐམས་ཅད་སྤྲིན་མེད་ཀྱི་ནམ་མཁའ་ལྟབུ་འོད་གསལ་མཐའ་དབུས་མེད་པར་འཆར། སེམས་དྲི་མ་དང་བྲལ་བ་ཉེ་བར་ཐོབ་པའིཉམས་ཞེས་བྱ། སྣང་བ་གསུམ་ཀ་འགག ཐམས་ཅད་སྟོང་པ་འོད་གསལ་གྱི་ཉམས་ཞེསབྱ་བ་སྐད་ཅིག་བཞི་པའོ། །དེའི་ཚེ་སེམས་ཅན་རྣམས་ལ་གདོད་ནས་བཞུགས་པའི་མི་ཤིགསགཤིས་པ་ཆེན་པོ་ཀ་དག་ཆོས་ཀྱི་སྐུ་སྟེ་ཀ་དག་ཡེ་ཐོག་ཏུ་གྲོལ་བ་ཞེས་བྱ་བ་ཡིན་ལ། དེ་ལྟབུའི་གཞིའི་འོད་གསལ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གནས་པའི་སྟེང་དུ། སྔོནབླ་མ་དམ་པས་བསྟན་པ་ལྟར་རང་གིས་གོམས་པར་བྱས་པས་འོད་གསལ་དེ་ཉིད་མངོན་དུགྱུར་པས་མ་བུ་འཕྲོད་དེ་ཟབ་མོའི་གནད་ཀྱི་འོད་གསལ་རྣམ་པར་མི་རྟོག་པ་དེ་ཉིད་ཀྱི་ངངལ་བཞག་པས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པའི་ཚུལ་གྱིས་འཆི་བའོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་པ་ཞེས་བྱ་བ་སྟེ། ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བཐོབ་པའོ། །དེ་དག་འཆར་བའི་རིམ་པ་ཡང་། ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་དང་བརྟེན་པརབཅས་པའི་འོད་གསལ་སྣང་མཆེད་ཐོབ་གསུམ་གྱི་རྟེན་དང་བརྟེན་པར་བཅས་པའི་འོད་གསལདུ་ཞུགས་ལ་ཉེར་ཐོབ་ཀུན་གཞི་ཡང་ཟུང་འཇུག་འོད་གསལ་ཆེན་པོའི་དབྱིངས་སུ་ཞུགས་ཏེ། དབྱིངས་རིག་དབྱེར་མེད་ཆོས་སྐུ་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་གྱུར་པ་ཡིན་ལ། འོདགསལ་དེ་ཉིད་འཆི་དུས་ཐམས་ཅད་ལ་འཆར་ཡང་སྔར་གོམས་པའི་གདམས་ངག་མེད་པརྣམས་ལ་སྐད་ཅིག་མ་རེ་ལས་མི་འཆར་བས་ངོས་མི་ཟིན་ནོ། །སྔར་བཤད་པའི་ཐིམ་རིམ་གྱི་སྐབས་

p. 294

སུ་ས་ཆུ་ལ་ཐིམ་ཞེས་པ་ནི་ལུས་ཀྱི་སའི་གནས་སུ་ས་མེད་པར་གྱུར་པའམ། གནས་འཕོས་ནས་ཆུ་ནང་དུ་ས་རགས་པ་ཐིམ་པའིདོན་མ་ཡིན་གྱི། དབུ་མའི་རླུང་སྟོབས་སུ་གྱུར་པས་ས་ཡི་ལས་རླུང་བཅོམ་སྟེ་རྟེན་མེད་ན་བརྟེན་པ་མེད་པས་ཕྲ་བར་སྣང་བའིརྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་སྟེ་འགགས་ནས། རུས་པ་སོགས་སྲ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུངདང་བརྟེན་པ་རྣམ་ཤེས་བྲལ་བར་བྱས་ཏེ་སའི་དྭངས་མ་ཉིད་ཆུའི་དྭངས་མ་ལ་ཐིམ་པའི་དོན་ནོ། །དེ་བཞིན་དུ་ཆུ་མེ་དང་མེརླུང་ལ་ཐིམ་པའང་འདྲའོ། །རླུང་རྣམ་ཤེས་ལ་ཐིམ་པའི་དོན་ནི་ལུས་གནས་སུ་མེད་པའམ། འཕོས་ནས་རྣམ་ཤེས་ཀྱི་ལམ་དུའཇུག་པའང་མ་ཡིན། རྣམ་ཤེས་ལ་རླུང་དྭངས་མའི་བག་ཆགས་བཞག་ནས་རླུང་འགགས་པའི་དོན་ཡང་མ་ཡིན་གྱི། རླུང་དྭངས་མསསྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་དོར་ནས་སྲོག་རྩའི་ནང་གི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ལ་རོ་གཅིག་ཏུ་གྱུར་པའོ། །རྣམ་ཤེས་ནམ་མཁའ་ལ་ཐིམ་པའང་དངོས་མེད་དུ་གྱུར་པའི་དོན་མ་ཡིན་གྱི་ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་པས་མཚོནདཀའ་བའི་དབུ་མ་ལ་ཞུགས་པའི་དོན་ཡིན་པ་ཤེས་པར་བྱའོ། །གཉིས་པ་ཆོས་ཉིད་ཀྱི་བར་དོ་ནི། འོད་གསལ་ཟུང་འཇུག་ལ་ཐིམ་པའི་དུས་ཏེ། སྔརབཤད་པའི་སྐད་ཅིག་བཞི་པའི་མཐའི་འོད་གསལ་སྟོང་ཉིད་དེའི་ངང་ལ་སྣང་བ་ཉེར་ཐོབ། དེ་ལས་སྣང་བ་མཆེད་པ། དེ་ལས་སྣང་བ་སྣང་བ་སྟེ་སྣང་བ་གསུམ་རླུང་དང་བཅས་པ་ལསསྐད་ཅིག་གིས་འོད་གསལ་གྱི་སྣང་བའི་ཉེ་རྒྱུའི་དབང་གིས་ཤིན་ཏུ་ཕྲ་བའི་གཟུགས་དྭངསཤིང་ཐོགས་པ་མེད་པ་མེ་ལོང་གི་གཟུགས་བརྙན་ནམ་ནམ་མཁའི་འཇའ་ཚོན་ལྟ་བུ་ལོངསསྤྱོད་རྫོགས་པའི་སྐུ་ཅན་དུ་འཆར་ཞིང་། དེ་ཡང་ཁྱབ་བྱ་གཉུག་མ་མི་ཤིགས་པའི་ཕུང་པོལྔ་ལ། ཁྱབ་བྱེད་སངས་རྒྱས་ཀྱི་རིགས་དང་སྐུ་དང་ཞིང་ཁམས་ཐམས་ཅད་རང་ཆས་སུ་ཡོདཔའི་གནད་ཀྱིས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེཡང་ཞག་དང་པོར་སྟོན་ཀའི་ནམ་མཁའ་སྤྲིན་མེད་ལྟ་བུའི་འོད་མཐིང་ཁ་ལས་རྣམ་པར་སྣངམཛད་ཀྱི་ཚོམ་བུའི་དཀྱིལ་འཁོར་འཆར་རོ། །དེ་བཞིན་དུ་ཞག་ལྷག་མ་བཞི་ལ་འོད་དཀརཔོ་ལས་མི་བསྐྱོད་པ་དང་། སེར་པོ་ལས་རིན་ཆེན་འབྱུང་ལྡན། དམར་པོ་ལས་སྣང་བ་མཐའཡས། ལྗང་གུ་ལས་དོན་ཡོད་གྲུབ་པ་རྣམས་ཏེ་ཐམས་ཅད་ཀྱང་སེམས་དཔའ་དང་། སེམསམ་དང་། སྒོ་མར་བཅས་པའི་ཚོམ་བུའི་དཀྱིལ་འཁོར་ལྔ་ཚན་མཐའ་ཡས་པར་འཆར་རོ། །

p. 295

དེ་དག་ཀྱང་སྙིང་ནང་གི་གདངས་ལས་རང་ཤར་བས་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོརདུས་དེར་སྣང་བ་སྟེ། སྐབས་དེར་གདམས་པ་ནི་འཇུག་པ་ཤེས་པའི་གནད་ཅེས་བྱ་བ། རངགི་སྙིང་ཁ་ནས་འོད་ལྔའི་ཟེར་ཐག་ཕྲ་ལ་དྭངས་པ་ཚོམ་བུའི་ཐུགས་ཀར་ཟུག་པ་ལ་གཏདནས་གསལ་སྟོང་གི་ངང་ལ་འཇོག་པ་ནི་རིག་པ་འོད་ལ་ཕར་འཇུག་པའི་གནད་དོ། །སླརཚོམ་བུ་ཚུར་འདུས་ནས་སྙིང་གར་ཐིམ་པ་རང་ཤར་རང་གྲོལ་རིག་སྟོང་གི་ངང་ལ་འཇོག་པནི་འོད་རིག་པ་ལ་འཇུག་པའི་གནད་དོ། །དེ་ལ་གདེང་མ་ཐོབ་ན་ཟུང་འཇུག་ཡེ་ཤེས་ལ་ཐིམཔའི་དུས་ཏེ། རང་གི་སྙིང་ག་ནས་སྟེང་གི་ནམ་མཁའ་ལ་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འོདམཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོའི་སྣམ་བུའི་སྟེང་དུ་སོ་སོའ་ཁ་དོགདང་མཐུན་པའི་ཐིག་ལེ་དྭངས་གསལ་ལ་ཐིག་ཕྲན་ལྔ་ལྔས་བརྒྱན་པ་དང་། དེའི་སྟེང་དུའོད་ཟླུམ་རྨ་བྱའི་གདུགས་འཁོར་ལྟ་བུའང་འཆར་རོ། །འདི་དུས་ཕུང་པོ་བདག་འཛིན་ལསགྲོལ་བས་ལུས་འོད་གསལ་ཆོས་ཉིད་ཀྱི་རང་ངོ་ལ་གནས། འབྱུང་བ་དང་ཉོན་མོངས་པ་ཕྲརགས་ལས་གྲོལ་བས་རང་སྣང་ངོ་ཤེས་པ་ནི་གྲོལ་བ་ལུས་ཀྱི་གནད་དོ། །དེ་ནས་ཡེ་ཤེསལྷུན་གྲུབ་ལ་ཐིམ་པའི་དུས་ནི། ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་དེ་ལ་འདུས་ནསཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུའི་ངང་ལས་དག་པ་ཞི་ཁྲོའི་ཞིང་ཁམས་དང་། མ་དག་པ་འགྲོ་དྲུག་གི་སྣང་བ་མཐའ་ཡས་པ་སྐད་ཅིག་ལ་འཆར་ཏེ། སྐབས་དེར་རང་སྣངལ་སྒྲོ་འདོགས་ཆོད་པས་གྲོལ་བ་ཐོབ་པ་ནི་མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །སྐབསའདིར་སྣང་བའི་འཆར་ལུགས་བརྒྱད་དང་། དབང་པོ་ལ་སོགས་པའི་མངོན་པར་ཤེས་པདྲུག་ཚན་དྲུག་དང་། སྐུ་གསུམ་གྱི་མངོན་ཤེས་གསུམ་ཚན་གསུམ་རྣམས། རྗེས་སུ་དྲན་པདྲུག་ལ་བརྟེན་ནས། ལྷུན་གྲུབ་ཏུ་གདིང་ཐོབ་པའི་ཐིམ་ལུགས་བརྒྱད་ཀྱི་སྒོ་ནས་གདོད་མའིདབྱིངས་སུ་མངོན་པར་བྱང་ཆུབ་པ་ནི། ལྷུན་གྲུབ་ལོངས་སྐུའི་བར་དོ་ལས་གྲོལ་བ་ཐོབ་པའོ། །ཆོས་ཉིད་བར་དོའི་སྐབས་ཀྱི་ཞག་གི་ངེས་པ་ནི། འོད་གསལ་གྱི་སྣང་ཆ་ལ་ཇི་ཙམ་གནསཔའི་ཐུན་ཚོད་དེ་བསམ་གཏན་གྱི་ཞག་ཡིན་ལ། སྔར་བསམ་གཏན་གོམས་འདྲིས་ཅན་ལ་

p. 296

ཡུན་རིང་དུ་འཆར་ཞིང་སྐབས་དེར་རང་ངོ་ཤེས་པས་གྲོལ་ལ་གོམས་འདྲིས་མེད་ན་ཡུད་ཙམརེ་ལས་མི་བརྟན་པས་ངོ་མ་ཤེས་པར་བར་དོ་ཕྱི་མ་འཛིན་པར་འགྱུར་རོ། །གསུམ་པ་སྲིད་པའི་བར་དོ་ནི། ལས་དང་པོ་པ་རྣམས་ལ་སྔར་གྱི་ཆོས་ཉིད་འོད་གསལགྱི་སྣང་ཆ་དེ་ཉིད་ངོས་མ་ཟིན་པར་ནུབ་པའི་སྐད་ཅིག་ལ་ཕྱི་མའི་བག་ཆགས་སད་བྱེད་ཀྱིརྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པ་དེ་རྣམསཀྱིས་རྒྱུ་རྐྱེན་བྱས་པ་ལས། བར་དོའི་གཟུགས་དྭངས་ཤིང་ཐོགས་པ་མེད་པ་དེ་ཉིད་འགྲུབཔར་བྱེད་ལ། དེ་ཡང་བར་དོའི་ཚེ་ཚད་ནི་མིའི་ཞག་དང་མཚུངས་པའི་ཞག་བདུན་ཡིན་ལ། དེར་ལུས་རྟེན་མ་ཐོབ་ན་ཞག་བདུན་ན་སླར་ཡང་ཤི་འཕོས་ནས་ཞག་བདུན་ཕྲག་བདུན་ལསོགས་པའི་བར་དུ་སྐྱེ་ཤི་བྱས་ནས་རིང་མཐའ་ཞག་ཞེ་དགུ་ན་སྐྱེ་བའི་རྐྱེན་རྙེད་པར་འགྱུརཞིང་། བདུན་ཕྲག་དང་པོའི་ཕྱེད་ཡན་ཆད་སྔ་མའི་བྱད་གཟུགས་དང་ཕྱེད་མན་ཆད་ནས་ཕྱི་མའི་བྱད་གཟུགས་འཛིན་པར་འགྱུར་ལ། བར་དོ་ནི་ཕྱི་མའི་བྱད་གཟུགས་ཁོ་ནར་ངེས་སོསྙམ་ན་གནས་ལུགས་ལ་དེ་ལྟར་ཡིན་དུ་སྲིད་ཀྱང་། སྔར་གོམས་པའི་བག་ཆགས་ཀྱིས་སྔམའི་བྱད་གཟུགས་འཛིན་པ་མི་འགལ་ཏེ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དུ་འཁྲུལ་བློསབཞག་པའི་ཕྱིར་རོ། །དེས་ན་སྐབས་འདིར་འཇིགས་སྐྲག་གི་སྣང་བས་སད་བྱེད་བྱས་ནསཕྱི་མའི་བྱད་གཟུགས་ངོས་འཛིན་པར་གྱུར་ཏེ། དེ་ཡང་ལས་མཐུན་གྱི་འདོད་ཡོན་ལ་སྤྱོདཔའི་དབང་པོ་དྲུག་པོ་ཀུན་ཚང་ཞིང་། གང་དུ་སྐྱེ་འགྱུར་གྱི་གནས་མ་གཏོགས་རི་ར་བ་སོགས་ཐོགས་བཅས་གང་ལའང་ཐོགས་མེད་དུ་འགྲོ་བ་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། དབང་པོ་རྣོ་ཞིང་དྲན་པ་གསལ་བ། རང་དང་རིགས་མཐུན་པའི་བར་དོའི་ནང་ཕན་ཚུན་དགལྷ་མིག་དག་པས་མཐོང་ཞིང་གཞན་གྱིས་མི་མཐོང་བ། སྤྱིར་བཏང་ལ་གང་དུ་སྐྱེ་འགྱུར་གྱིབར་དོ་གྲུབ་ནས་གཞན་དུ་མི་ལྡོག་པར་བཤད་ཀྱང་དམིགས་བསལ་ལ་ལྡོག་པར་གསུངསཔ་བཞིན་དགེ་བའི་སྟོབས་ཀྱིས་བསྒྱུར་ནུས་པ་དང་། དྲི་བཟང་ངན་མ་ངེས་པའི་ཟས་ཀྱིསའཚོ་བ་ཙམ་དུ་བཤད་ཀྱང་། ཆོ་ག་ཁྱད་པར་ཅན་གྱིས་བསྔོས་པ་བཞིན་ཐོབ་པར་འགྱུར་བ་

p. 297

སོགས་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་བར་དོའི་རྟགས་ནི། འགྲོ་བའི་ལམ་བཞི། ཡ་ངབའི་གཡང་ས་གསུམ། འཇིགས་པའི་སྒྲ་བཞི། ངེས་པའི་རྟགས་ལྔ། མ་ངེས་པའི་རྟགསདྲུག་ལ་སོགས་ཏེ་གང་དུ་སའི་ཕྱོགས་རྣམས་སུ་འོད་དཀར་པོའི་ལམ་གྱིས་ལྷ་དང་ལྷ་མིན། ནག་པོའི་ལམ་གྱིས་དམྱལ་བ། དམར་པོའི་ལམ་གྱིས་ཡི་དྭགས། སེར་པོའི་ལམ་གྱིས་མིདང་དུད་འགྲོར་འཇུག་ཅིང་། དེའང་སྤྱིའུ་ཚུགས་སུ་འགྲོ་ན་ངན་འགྲོ་དང་། གྱེན་དུ་འགྲོ་ནལྷ་དང་། ཐད་ཀར་འགྲོ་ན་མིའི་བར་དོའོ། །དེ་བཞིན་དུ་དུག་གསུམ་གྱི་ལས་སྣང་གཡངས་ཆེན་པོ་དམར་ཟང་ངེ་བ་དང་། སྐྱ་ཆད་དེ་བ། ནག་ངམ་མེ་བ་བཟོད་དཀའ་བ་མཐོང་ནངན་སོང་གསུམ་དུ་ལྟུང་བའི་ལྟས་དང་། འབྱུང་བཞིའི་རླུང་དང་རྣམ་རྟོག་ཐ་མལ་དུ་ཤོརབས་འབྱུང་བཞི་ཕྲ་མོའི་རླུང་ལོག་སྟེ། ས་གཡོ་ཞིང་རི་ཉིལ་བ་དང་། ཆུ་བོ་རྦ་ཀློང་འཁྲུགས་པདང་། ནགས་ཚལ་མེས་འཚིག་པ་དང་། རླུང་དྲག་པོས་གཡོ་ཞིང་འདེགས་པ་སོགས་འཇིགསཔའི་སྒྲ་དང་བཅས་པས་སྡུག་བསྔལ་མི་བཟད་པ་བསྐྱེད་པ་དང་། ངེས་པའི་རྟགས་སྔར་ཐོགསབཅས་ཀྱི་དངོས་པོ་ཕྲ་མོ་ལའང་ཐོགས་པ་ལས་ད་ལྟ་རི་ར་བ་སོགས་ལ་ཐོགས་མེད་དུ་འཇུགནུས། སྔར་ལུས་ཀྱི་རྣམ་འགྱུར་དང་ངག་གི་བརྗོད་པ་གཞན་གྱིས་མཐོང་ཐོས་སུ་འགྱུར་བལས་ད་ལྟ་མི་མཐོང་ཞིང་མི་ཐོས། སྔར་ལུས་ཀྱི་རྐང་རྗེས་དང་གྲིབ་མ་འབྱུང་བ་ལས་ད་ལྟམི་འབྱུང་། སྔར་མངོན་ཤེས་མེད་པ་ལས་ད་ལྟ་མངོན་ཤེས་ཕྲ་མོ་ཁྲེའུ་རིགས་སུ་འཆར་བསོགས་ཐོགས་བཅས་ཀྱི་ལུས་མེད་པའི་རྟགས་དང་། ནང་ན་ཁམས་དཀར་དམར་མེད་པསཉི་ཟླ་གཟའ་སྐར་མི་མཐོང་ཡང་སྣང་མུན་གྱི་སྣང་བ་འཆར་བ་དང་། མ་ངེས་པའི་རྟགས་ཁངསྟོང་དང་ས་ཕུག་སོགས་གནས་མ་ངེས་པ་དང་། ལྷ་དང་ཡི་དྭགས་འདྲེ་སྲིན་སོགས་གྲོགསམ་ངེས་པ་དང་། རང་དབང་དུ་དཀའ་བའི་རིགས་དྲུག་གི་ཟས་གོས་སྣ་ཚོགས་སུ་སྣང་བས་ཟསགོས་མ་ངེས་པ་དང་། རྩ་སྐྱིལ་དང་ཟམ་ཏུར་རྩ་བརྒྱད་དང་ཟམ་རྔུར་ཞེས་པའང་འདུག ངལ་སྟེགས་སོགསརྟེན་མ་ངེས་པ་དང་། སྤྱོད་ལམ་སྣ་ཚོགས་སུ་སྐད་ཅིག་ལ་འགྱུར་བས་སྤྱོད་ལམ་མ་ངེས་པ་དང་། བདེ་སྡུག་གི་སྣང་བ་སྣ་ཚོགས་བརྟག་མི་བཟོད་པར་འགྱུར་ཞིང་མ་ངེས་པས་བྱ་སྤུ་རླུང་གིས་

p. 298

བསྐྱོད་པ་ལྟར་གཡང་ས་ཆོད་ཆོད་པ་དང་། གཞན་ཡང་ས་ཕྱོགས་ཐམས་ཅད་མུན་ནག་གིསའཁྲིགས་པ་དང་། གཅན་གཟན་མ་རུངས་པ་རྣམས་ཀྱིས་འཚེ་བ་དང་། གཤིན་རྗེའི་སྐྱེས་བུསམདུན་ནས་ཁྲིད་ཅིང་རྒྱོབ་སོད་ཀྱི་སྒྲ་དྲག་པོས་ཕྱི་ནས་འདེད་པ་དང་། ལས་ཀྱི་རྡེའུ་དཀར་ནགབཀྲམས་ནས་དགེ་སྡིག་གི་སྟངས་གཅོད་པ་དང་། ཁ་ཆར་བུ་ཡུག་འཚུབས་ཤིང་མཚོན་ཆསྣ་ཚོགས་ཀྱི་ཆར་འབབས་པ་དང་། སྔོན་གྱི་ཁང་ཁྱིམ་དང་ཉེ་འབྲེལ་སོགས་རྨི་ལམ་ལྟརམཐོང་ཞིང་འཁྱམས་པ་དང་། དེ་དག་གི་དྲུང་དུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མམཐོང་ཞིང་མ་ཐོས་པས་ལན་མེད་པ་དང་། མྱ་ངན་གྱི་ངུ་ཆོམ་བྱེད་པ་མཐོང་བས་རང་ཉིདཤི་བ་ནི་ཤེས། གར་འགྲོའི་གཏད་སོ་མེད་པས་སྡུག་བསྔལ་བཟོད་དཀའ་བ་དང་། རང་གིཡོ་བྱད་རྣམས་ལ་གཞན་གྱིས་བག་མེད་དུ་སྤྱོད་པ་མཐོང་བས་ཆགས་སྡང་དྲག་པོ་སྐྱེ་བ་སོགསའཁྲུལ་སྣང་དང་འཇིགས་སྐྲག་གི་སྣང་བ་མཐའ་ཡས་པར་འཆར་ཡང་དེ་ཐམས་ཅད་བརདོའི་འཁྲུལ་སྣང་ཡིན་པས་ངོ་ཤེས་པར་གྱིས་ཤིག དེ་ཡང་ཁྱེད་སྔར་གྱི་ཡུལ་མཁར་ལ་བརྟེནཔའི་འཕེན་པ་ནི་རྫོགས། མཛའ་བའི་གཉེན་བཤེས་དང་འགྲོགས་པའི་འབྲེལ་བ་ནི་ཆད། བསགས་པའི་ཡོ་བྱད་ལ་སྤྱོད་པའི་ལས་ནི་ཟད། སྔ་མའི་སྤྱོད་ཡུལ་ཐམས་ཅད་བག་ཆགསཀྱི་ཡུལ་ཙམ་དུ་ལུས་ནས་བར་དོའི་སྣང་བ་བསམ་གྱིས་མི་ཁྱབ་པར་འཆར་བས། དེ་ཐམསཅད་རང་སེམས་འཁྲུལ་པའི་སྣང་བ་ལས་བྱུང་བ་ཡིན་གྱི་བདེན་པར་གྲུབ་པ་རྡུལ་ཙམ་ཡངམེད་དེ། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གངལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་ཤེས་པར་གྱིས་ལ། དགྲ་གཉེན་གྱི་རྣམ་པ་དང་། ཕུན་སུམ་ཚོགསཔའི་འདོད་ཡོན་བདེ་བར་འཆར་བ་དང་། མི་སྡུག་པའི་དངོས་པོ་སྡུག་བསྔལ་བསྐྱེད་པ་སོགསཡུལ་གང་ལའང་ཆགས་སྡང་དང་བླང་དོར་གྱི་རྩིས་གདབ་མ་བྱེད་པར་ཆོས་ཐམས་ཅད་བདེནམེད་སྒྱུ་མ་ལྟ་བུའི་ངེས་ཤེས་དང་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་སྐྱེད་ཅིག དེ་ཡང་བར་དོའརྟེན་ནི་སྒྱུར་སླ་ཞིང་ཤེས་པ་གསལ་བའི་དབང་གིས་སྐབས་འདིར་ཆགས་སྡང་གི་ལས་བསགས་

p. 299

ན་སྔར་གྱི་ལས་ངན་པ་གསོས་ཐེབས་ནས་ངན་སོང་དུ་ལྟུང་ཞིང་། དད་པ་དང་སྙིང་རྗེ་སོགསདགེ་སེམས་བསྐྱེད་ན་སྔར་གྱི་དགེ་བའི་ལས་རྣམས་གསོས་ཐེབས་པར་འགྱུར་ཏེ། མདོར་ནའཁྲུལ་ན་འཁྲུལ་ཚབས་ཆེ་སྟེ་ཆགས་སྡང་གི་རྣམ་རྟོག་ཕྲ་མོ་རེས་ཀྱང་ངན་སོང་དུ་བསྐྱུར་ནུས། ལམ་བསྒོམ་ན་གྲོལ་ཚབས་ཀྱང་ཆེ་སྟེ། གསོན་དུས་ལོ་ཟླར་བསྒོམས་པ་ལས་ཀྱང་འདིརསྐད་ཅིག་རེ་སྒོམ་པ་བོགས་ཆེ་བས་ཉོན་མོངས་པའི་དབང་དུ་མི་གཏོང་བར་ཟབ་མོའི་ལམསྒོམ་པས་རབ་སྐད་ཅིག་དེ་ལ་གྲོལ་བར་འགྱུར་ཞིང་། མ་མཐའ་ཡང་མཐོ་རིས་སུ་འགྲོ་བརཐེ་ཚོམ་མེད་དོ། །འདིར་གཏན་ས་མ་ཟིན་ན། སླར་སྐྱེ་བ་ལེན་དགོས་པ་ལས། ཕ་མ་འདུའཕྲོད་ཀྱི་སྣང་བ་མཐོང་ན་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་ལྟས་དང་། དྲི་འདོད་ན་དྲོད་གཤེརསྐྱེས་དང་། གནས་འདོད་ན་རྫུས་སྐྱེས་སུ་འགྱུར་བ་དང་། ཁྱད་པ་ཆར་རླུང་སོགས་གྲང་བསཉེན་ན་དྲོ་བ་ལ་མི་ཞེན། མེ་སོགས་ཚ་བས་གདུང་ན་གྲང་བ་ལ་ཆགས་པར་མི་བྱ་སྟེ་ཚ་གྲངགི་དམྱལ་བ་སོགས་སུ་འཕེན་པར་བྱེད། དེ་བཞིན་དུ་རང་བུད་མེད་ཀྱི་སྣང་བས་སྐྱེས་པ་ལཆགས་པ་དང་། སྐྱེས་པའི་སྣང་བས་བུད་མེད་ལ་ཆགས་པ་དང་། ཅིག་ཤོས་ལ་སྡང་བར་མིབྱ་སྟེ། འཁྲུལ་སྣང་དང་འཇིགས་སྐྲག་གི་སྣང་བ་སོགས་ཆགས་སྡང་གི་ཡུལ་ཐམས་ཅད་སྒྱུམ་དང་སྟོང་ཉིད་དུ་སྦྱོར་ཞིང་རིག་པའི་རང་སོ་བཟུང་ནས་ཤེས་པ་འཛིན་མེད་དུ་ལྷོད་ཀྱིསགློད་པས་འཁྲུལ་སྣང་ཐམས་ཅད་རང་ཤར་རང་གྲོལ་དུ་འགྲོ། མདོར་ན་གཟུགས་སྣང་ཐམསཅད་དག་པ་རབ་འབྱམས་བླ་མ་ཡི་དམ་གྱི་དཀྱིལ་འཁོར་དུ་རང་ཤར། སྒྲར་གྲགས་ཐམསཅད་གྲགས་སྟོང་གཞོམ་མེད་ཆོས་ཉིད་ཀྱི་རང་སྒྲར་ཝང་ངེ་། དྲན་རྟོག་ཐམས་ཅད་ཀ་དགཆོས་སྐུའི་རྣམ་རོལ་དུ་ངོ་ཤེས་པར་གྱིས་ལ། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་སྐྱབས་གནསདཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོ་རྩེགཅིག་ཏུ་བསྐྱེད་ལ། དལ་འབྱོར་གྱི་ལུས་རྣམ་པར་དག་པ་གཅིག་བླངས་ནས། བསྟན་པདང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་བྱ་བ་རླབས་པོ་ཆེ་སྒྲུབ་ནུས་པ་ཞིག་བྱའོ་སྙམཔའི་ལྷག་བསམ་རྩེ་གཅིག་པདང་། གང་དུ་སྐྱེ་འགྱུར་གྱི་ཕ་མའང་བླ་མ་ཡི་དམ་དབྱེར་མེད་

p. 300

ཡབ་ཡུམ་གྱི་རྣམ་པར་སྒོམ་པའི་སྐུ་ལ་རང་ཉིད་འཕེན་ཤུགས་དྲག་པོས་ཞུགས་ཏེ་སྤྲོས་བྲལསྟོང་པ་ཉིད་ལ་མཉམ་པར་འཇོག་པ་དང་། དག་པའི་སྣང་བས་རྩལ་སྦྱོང་ཅི་ནུས་སུ་བསྐྱེདཅིང་། མདོར་ན་ཁྱེད་རང་གི་ཆེད་དུ་ཤུལ་ན་མཆིས་པ་རྣམས་ཀྱིས་དཀོན་མཆོག་ལ་མཆོདཔ་དང་། སྐྱེ་བོ་ལ་སྦྱིན་གཏོང་། མདོ་སྡེ་ཟབ་མོའི་ཀློག་འདོན། རྒྱུད་སྡེ་དུ་མའི་དཀྱིལ་འཁོར་སྒྲུབ་མཆོད་སོགས་དགེ་བའི་སྟོབས་རྒྱ་ཆེན་པོ་བསྒྲུབས་པ་འདི་དག་གིས་ཁྱེད་ལ་ཕན་ཐོགསཆེན་པོར་འགྱུར་བས་སྡུག་བསྔལ་མི་འཚལ། ཁྱད་པར་བདག་ཅག་གིས་ཀྱང་འདི་ཞེས་བྱ་བའིདཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་། ངན་སོང་སྦྱོང་བའི་ཆོ་ག་ཁྱད་པར་ཅན་གྱིསྒོ་ནས་ཁྱེད་ཀྱི་དོན་ཆེན་པོ་བསྒྲུབ་པ་ཡིན་པས་འདི་ན་བཅོམ་ལྡན་འདས་འདི་ཞེས་བྱ་བའི་དཀྱིལའཁོར་མངོན་སུམ་དུ་བཞུགས་པ་ཡིན་སྙམ་པར་གྱིས་ལ། དེ་དག་གི་སྤྱན་སྔར་འཁོད་དེ་བླམ་དཀོན་མཆོག་ལ་དད་པ། མཐའ་མེད་པའི་སེམས་ཅན་ལ་སྙིང་རྗེ། སྔར་བྱས་ཀྱི་སྡིག་པལ་འགྱོད་སྡོམ་རང་གཞན་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་དྲག་པོ་དང་ལྡན་པའི་སྒོ་ནས། ལུས་ཀྱིས་ལས་སུ་ཕྱག་འཚལ་བ་དང་། ངག་གིས་གསོལ་འདེབས་དང་སྐྱབས་འགྲོ། ཡིདཀྱིས་དབང་ལེན་པ་སོགས་ཆོ་གའི་བྱ་བ་རྣམས་ཚིག་ཕྱིར་སེམས་གཞོལ་བས་མ་ནོར་བརསྒྲུབ་པར་གྱིས་ཤིག དེས་ཁྱེད་ཀྱི་དོན་ཆེན་པོ་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསལ་འདེབསཔར་བྱའོ། །སྔོན་དགེས་འཕངས་པའི་ཚེ་དང་བསོད་ནམས་ཟད། །འཇིགས་རུང་གཤིན་རྗེས་ཕ་རོལ་གྲོང་ཁྱེར་དུ། །མགོན་མེདཁྲིད་པའི་ཉམ་ཐག་འགྲོ་བ་རྣམས། །བརྩེ་བས་རྗེས་འཛིན་ཆོ་གའི་ཐབས་ཚུལ་སྒོ། །ཚད་མེད་ཐུགས་རྗེའི་བདག་ཉིད་མགོན་དེཡིས། །མདོ་རྒྱུད་ཀུན་ཏུ་གསུངས་ཤིང་ཁྱད་པར་དུ། །གནས་ལུང་ཆོ་གའི་ལྷན་ཐབས་འཇུག་བདེའི་ཕྱིར། །བར་དོའི་རྣམ་བཞགཀུན་ལས་གནས་སྐབས་སུ། །ཉེར་འཁོའི་འབྲེལ་བསྡེབས་རྣམ་དག་གཞུང་རྣམས་ལས། །སྙིང་པོར་དྲིལ་འདི་འགྲོ་ཀུན་འདྲེནབྱེད་ཤོག །བར་དོའི་ངོ་སྤྲོད་སྐབས་དོན་ཉེར་མཁོའ་སྙིང་པོར་དྲིལ་བ་ཐོས་པས་རྣམ་གྲོལ་ཞེས་བྱ་བ་འདི་ནི་མོ ན་ཡུལ་སྔན་ལུངགསང་སྔགས་ཆོས་གླིང་ནས་བླ་མ་ཤཱཀྱ་འོད་ཟེར་གྱིས་བསྐུལ་བ་ལས་བར་དོ་སྟོན་བྱེད་ཀྱི་གཞུང་ཐུན་མོང་དང་། ཁྱད་པར་བདག་གི་དགོངས་པ་འགལ་མེད་དུ་འབྲེལ་བསྡེབས་ནས་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་དཔལ་ཁྲ་འབྲུགགི་གཙུག་ལག་ཁང་ཆེན་པོའི་འདབས་གསང་སྔགས་ཕོ་བྲང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།དགེའོ།། །།

བར་དོའི་ཆོས་བཤད་བརྗོད་བདེར་སྤེལ་བ། ལོ་ཆེན་དྷརྨ་ཤྲཱི།

p. 301

བར་དོའི་ཆོས་བཤད་བརྗོད་བདེར་སྤེལ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།

p. 302

བར་དོའི་ཆོས་བཤད་བརྗོད་བདེར་སྤེལ་བ་བཞུགས་སོ། །ༀ་མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཀུ་རུ་ཥཱ་མོ། རྣམ་འགྱུར་འཁོར་བའི་སྡུག་བསྔལ་ཉེས་བརྒྱའིརི། །འཕོ་མེད་བདེ་ཆེན་རྡོ་རྗེས་རབ་བཅོམ་ནས། །རྣམ་གྲོལ་ལམ་བཟང་སྟོན་མཛད་བླམ་ལ། །ཕྱག་བྱས་བར་དོའི་ཆོས་བཤད་མདོ་ཙམ་སྤེལ། །དེ་ལ་འདིར་འཇིག་རྟེན་ཕ་རོལ་ཏུ་སོང་བའིའགྲོ་བ་རྣམས་ངན་འགྲོའི་སྡུག་བསྔལ་ལས་སྐྱོབ་པའི་ཐབས་མཆོག་གནས་ལུང་གི་ཆོ་ག་དང་འབྲེལ་བར་བར་དོའི་ཆོས་བཤདབྱེད་པར་སྤྲོ་ན། སྤྱིར་སྡུག་བསྔལ་ཆུའི་གཉེར་མ་དང་འདྲ་བར་གཅིག་རྗེས་གཅིག་ནོན་གྱིས་མནར་བའི་སེམས་ཅན་ཐམས་ཅདདང་། སྒོས་དམིགས་ཡུལ་ཚེ་ལས་འདས་པས་གཙོས་བར་དོའི་འགྲོ་བ་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ལ། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་དེ་ཁོ་ན་ཉིད་རྟོགས་པའི་རྩལ་སྣང་དམིགས་པ་མེད་པའིསྙིང་རྗེ་ཚད་མེད་པའི་རང་གདངས་སུ་ལངས་ཏེ་གདམས་ཡུལ་གྱི་གང་ཟག་གི་རྒྱུད་ཚོད་དང་བསྟུན་ནས་དེ་དང་དེར་འཚམསཔའི་གདམས་ངག་གི་ངོ་བོ་ཇི་ལྟར་སྟོན་ཚུལ་དང་། འཇིག་རྟེན་མཐུན་འཇུག་དང་འབྲེལ་བའི་ཞེ་ས་དགོས་མི་དགོས་སོགསཚིག་ཟུར་སྒྱུར་ཚུལ་རྣམས་ཀྱང་མ་འདྲེས་པར་སྐབས་མཚམས་ཕྱེད་པའི་སྒོ་ནས་གསལ་དག་སྙན་པའི་ཚིག་གིས་འདི་སྐད་ཅེསབརྗོད་པར་བྱ་སྟེ། འོ། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སྐུ་གཤེགས་པ་མཚན་འདི་ཞེས་བྱ་བ་ཉིདརང་གི་ན་བཟའ་བཞུགས་སྟན། ཞེས་སམ། ཚེ་ལས་འདས་པ་མིང་འདི་ཞེས་བྱ་བ་ཁྱོད་རང་གིགོས་སྟན་ཞེས་བརྗོད་ནས། དྲི་མ་དང་བཅས་པ་འདི་ལ་བག་ཆགས་ཀྱི་རྟེན་འཆོས། མཚན་བྱངངམ་མིང་བྱང་འདི་ལ་རྣམ་ཤེས་ཀྱི་རྟེན་བཅས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུསདྲག་པོ་དང་བཅས་པས། ཆོ་ག་དང་ངོ་སྤྲོད་མ་ཚར་གྱི་བར་དུ་རིག་པ་སེམས་ཀྱི་རང་སོ་གཟུངནས་ལྷན་ནེ་བག་ཕབ་ལ་ཐུགས་སམ་སེམས་གཞན་དུ་ཡེངས་པ་མེད་པར་རྩེ་གཅིག་ཏུ་ལེགསཔར་གསན་འཚལ་ལམ་ཉན་འཚལ། དེ་ཡང་སྔོན་བསོད་ནམས་ཁྱད་པར་ཅན་བསགས་པའི་

p. 303

མཐུ་ལས་ཡུལ་དབུས་དམ་པའི་ཆོས་དར་བའི་ས་ཕྱོགས་སུ་མི་ལུས་རིན་པོ་ཆེ་རྙེད། རིགསརུས་ཆོ་འབྲང་ཕུན་སུམ་ཚོགས་པ་ཀུན་གྱིས་བཀུར་བའི་གནས་དང་། འཇིག་རྟེན་གྱི་རྒྱནདུ་འགྲོ་བ་ཞིག་ཡོད་ནའང་། ཞེས་སམ། ཆོས་པ་ཡིན་ན། མི་ལུས་རིན་པོ་ཆེ་རྙེད། བླ་མ་དགེ་བའིབཤེས་གཉེན་གྱིས་རྗེས་སུ་བཟུང་། དམ་པའི་ཆོས་ཀྱི་སྒོར་ཞུགས། བླ་ན་མེད་པའི་གདམསངག་ཕྱིན་ཅི་མ་ལོག་པར་མཁྱེན་པས་ཐར་ལམ་སྒྲུབ་པའི་མཐུན་རྐྱེན་དད་བརྩོན་སྙིང་སྟོབསདང་ལྡན་པ་ཞིག་ཡོད་ནའང་། ཞེས་བརྗེས་ལ། སྤྱིར་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མའབྲལ། འདུས་བྱས་མི་རྟག་པའི་རང་བཞིན་ཅན་དུ་གསུངས་པ་དེ་ཉིད་ད་རེས་ཁྱེད་ཀྱི་ཐོགཏུ་བབས་ཏེ་མདང་ཞག་འཇིག་རྟེན་ཕ་རོལ་ཏུ་ཐལ་གདའ། འོན་ཀྱང་འཇིག་རྟེན་ན་མི་སྲིདཔ་ཞིག་བྱུང་བ་མ་ཡིན་གྱི་འདུས་བྱས་ཐམས་ཅད་ཀྱི་མཚན་ཉིད་དེ་ལས་མ་འདས་ཏེ། ཆེདདུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅནཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་བ་བདེ། །སྐར་མ་རབ་རིབམར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་བཞིན། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱསཆོས་ཀྱང་དེ་དང་འདྲ། །ཞེས་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེར་སྤྱིར་འདུས་བྱས་ཀྱིཆོས་མི་རྟག་པ་དང་། སྒོས་སྐྱེས་བུའི་ཚེ་མི་རྟག་པར། རྒྱ་ཆེར་རོལ་པ་ལས། སྲིད་གསུམམི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའིཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེསདང་། མི་རྟག་པའི་ཚོམས་ལས། སྐྱེས་ནས་གང་ཞིག་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོངབའམ། །འོན་ཏེ་ཐོས་སམ་ཐེ་ཚོམ་ཟ། །འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནསཔའི་འཆི་བ་ཡིན། །ཞེས་གསུངས། དེས་ན་གང་ལ་བསམས་ཀྱང་མི་རྟག་པ་སྟེ། ཕྱི་ཡུལསྣང་ལ་བལྟས་པས་ནམ་ཟླ་དུས་བཞིའི་འགྱུར་བ་མི་རྟག ཉིན་མཚན་ཡུད་ཙམ་འགྱུར་བསསྐད་ཅིག་མི་རྟག སྐྱེ་འཆི་རིམ་པར་བསམས་པས་བཤེས་མི་རྟག ཚོང་ཁང་མགྲོན་པོ་བསམསཔས་འདུ་འབྲལ་མི་རྟག་པ་བཞིན་དུ། ཁྱོད་ཉིད་ཀྱང་སྔོན་གྱི་ལས་ཟད་པ་འཕྲལ་རྐྱེན་གྱིས་

p. 304

བསྐུལ་བས། ད་ལྟ་འཇིག་རྟེན་འདིའི་སྣང་བ་ལས་ནི་འདས། མིའི་ནང་ནས་ནི་ཤི་འཕོས། འཇིག་རྟེན་ཕྱི་མའི་སྲིད་པ་ནི་མ་བླངས་པས། བར་དོའི་སྲིད་པ་ཞེས་བྱ་བའི་སྐབས་དེརསླེབས་པ་ཡིན། དེའི་ཚེ་ན་གལ་ཆེ་བ་བར་དོའི་གདམས་ངག་སྟེ། ཞེས་མཚམས་སྦྱར། བླ་མ་དགེབའི་བཤེས་གཉེན་ལྟ་བུ་ཡིན་ན། དེ་རྣམས་མ་བརྗོད་པར་ཐོག་མ་ནས་འདི་སྐད་ཅེས། འོ་ལགས། འདི་ལྟར་ལྷགཔའི་བསམ་པ་རྣམ་པར་དག་པས་གདུལ་བྱའི་ཡུལ་ལ་ཉིད་ཀྱི་ཐུགས་རྗེའི་འཇུག་པ་བསྐུལབའི་སླད་དུ་ཅུང་ཟད་ཅིག་ཞུ་ཞིང་གསོལ་ན་ལེགས་པར་དགོངས་ཏེ་གསན་པར་ཞུ་འཚལ། དེ་ཡང་། རྒྱལ་ཚབ་མི་ཕམ་མགོན་པོས། འཕགས་པས་ན་དང་འཆི་བ་དང་། །རྒ་བའི་སྡུགབསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར། དམ་པ་རྣམས་ལ་ལས་ཀྱིས་འཆི་བ་མམཆིས་ནའང་། གདུལ་བྱ་རྟག་འཛིན་ཅན་རྣམས་མི་རྟག་པའི་ཆོས་ཀྱིས་འདུལ་བའི་ཕྱིརའཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་སྟོན་པའངཐབས་ལ་མཁས་པའི་མཛད་པ་ལགས་པས་སྐབས་དེར་གཞན་སྟོབས་ཀྱི་གདམས་ངག་གསལའདེབས་ལ་རག་མ་ལས་ཀྱང་། འཇིག་རྟེན་མཐུན་འཇུག་དང་སྦྱར་ནས་བར་དོའི་ཆོས་ལསབརྩམས་པའི་ཐུགས་དམ་སྐུལ་བའི་གསལ་འདེབས་མདོ་ཙམ་ཞིག་ཞུ་བའི་དབང་དུ་བྱས་ན། ཞེས་མཚམས་སྦྱར་ལ། དེ་གཉིས་གང་ལྟར་ཡང་། དེ་ལ་བར་དོའི་སྤྱིའི་རྣམ་བཞག་མདོར་བསྟན་པ་དང་། སྐབས་དོན་བྱེ་བྲག་གི་རང་བཞིནརྒྱས་པར་བསྟན་པ་གཉིས་མཆིས་པ་ལས། དེའི་དང་པོ་སྤྱིའི་རྣམ་བཞག་ལ་ཡང་། བར་དོའི་ངོ་བོ། བར་དོའི་སྒྲ་དོན། བར་དོའི་དབྱེ་བ། དབྱེ་བ་སོ་སོའ་ལམ་ཁྱེར་རྣམས་སུ་གནས་པལས། དང་པོར་བར་དོའི་ངོ་བོ་གང་ཞེ་ན། གཞི་དབྱིངས་ཀ་དག་ལ་བར་དོ་མེད་དེ། དེ་ཉིདཆོས་གཞན་སྔ་ཕྱི་ལ་མ་ལྟོས་ཤིང་གང་གི་བར་ན་ཡང་འཇུག་མི་སྲིད་དེ། འཕོ་འགྱུར་སྣངསྟོང་གི་མཐའ་ལས་འདས་པའི་ཕྱིར། དེ་ལྟར་ཡང་ཐལ་འགྱུར་ལས། ཐོག་མ་ཉིད་ཀྱི་ཀ་དགལ། །འཁྲུལ་གཞི་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །ཞེས་གསུངས་པས་ན། ནང་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་

p. 305

ཡིན་ཏེ། གཞི་སྣང་སྐུ་དང་ཡེ་ཤེས་སུ་སྣང་བའི་རང་གདངས་གཟུགས་སྐུ་གཉིས་ཀྱི་མཛདཔ་འཆར་བའི་རང་ངོའ་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་ཡིན་ལ། འཁྲུལ་སྣང་འགྲོ་དྲུགགིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ཏེ། ནང་དབྱིངས་ཀ་དགལས་ཕྱིར་ཤར་ཞིང་། སླར་ཀ་དག་གི་དབྱིངས་སུ་ནུབ་དགོས་པས་གཤིས་ཀ་དག་གི་བརན་ཡོད་པའི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའི་ངོ་བོ་ཡིན་ལ། གཉིས་པ་སྒྲ་དོན་ཡང་། གོང་འོག་སྔ་ཕྱི་གང་རུང་གི་བར་གྱི་ཆ་ལས་བཏགས་ཏེ། རངབཞིན་དང་འཆི་ཁའི་བར་དོའི་དབང་དུ་བྱས་ན་སྔ་མས་འཕངས་ཤིང་ཕྱི་མ་མ་གྲུབ་པའི་བརགྱི་ཆ་དང་། ཆོས་ཉིད་བར་དོ་དང་སྲིད་པ་བར་དོའི་དབང་དུ་བྱས་ན། མཛོད་ལས། འདིགང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དོ་འབྱུང་དེའོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ། ཞེས་གསུངས་པ་ལྟར་འདི་ནས་འཕོས་ཏེ། ཕྱི་མའི་སྐྱེ་སྲིད་མ་གྲུབ་པའིབར་དེ་སྲིད་པ་བར་དོ་ཞེས་གྲགས་སོ། །གསུམ་པ་བར་དོའི་དབྱེ་བ་ལ་བཞིར་གསུངས་ཏེ། རང་བཞིན་གྱི་བར་དོ་དང་། འཆིཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པའི་བར་དོའོ། །དེ་ལྟར་ཡང་། ཐལའགྱུར་ལས། བར་དོའི་ཆོས་ཉིད་འདི་ལྟ་བུ། །རབ་ཏུ་གསང་བའི་ཆོས་ཉིད་བཤད། །དབྱེབ་རྣམ་པ་བཞི་དག་ལས། །ཞེས་གསུངས་ཤིང་། དེ་བཞིའི་སྣང་ལུགས་དང་ས་མཚམསཀྱང་། རང་བཞིན་གནས་པའི་བར་དོའི་སྣང་བ་ནི། ཕུང་པོ་ལྔ། ཁམས་དང་སྐྱེ་མཆེད་ལསཉོན་རྣམས་ཀྱིས་བཅིངས་པས། སྐུ་ལྔ། འོད་དང་ཁ་དོག ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བརྣམས་རང་འགགས་ཏེ། སྣང་ཡུལ་ལ་འཛིན་པའི་སེམས་ཞེན་པས། འཁོར་བའི་འཁྲུལསྣང་ལ། རྟག་པ། བདེན་པ། བདེ་བ། མཚན་མར་འཛིན་པའི་ཕྱིན་ཅི་ལོག་བཞིའི་ཀློང་ནརྟག་ཏུ་ལས་དང་བག་ཆགས་ལ་སྤྱོད་པ་ཡིན་ལ། ས་མཚམས་ནི་མའི་མངལ་ལས་ཐོན་ནསའཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །འཆི་ཁ་བར་དོའི་སྣང་བ་ནི། ལུས་ཀྱི་འབྱུང་བ་འཁྲུགསཤིང་། སེམས་ཀྱི་བྱུང་ཚོར་སྟོར་བས་ལུས་སེམས་ཀྱི་ཐོག་ཏུ་སྡུག་བསྔལ་མྱོང་ཞིང་། ཚེ་འདིའི་

p. 306

སྣང་བ་ལ་ཆགས་པ་དང་། ཕྱི་མ་ངན་སོང་དུ་ལྷུངས་ཀྱིས་དོགས་པ་སོགས་བེམ་རིག་འབྲལབའི་སྡུག་བསྔལ་ལ་གནས་པ་ཡིན་ཞིང་། ས་མཚམས་ནི། འཆི་བ་ལ་ཕྱོགས་པ་ནས་ནངདབུགས་ཆད་པ་ཚུན་ཆད་དོ། །ཆོས་ཉིད་བར་དོའི་སྣང་བ་ནི། སྐུ་དང་ཡེ་ཤེས་ཀྱི་ཆོས་ཉིད། རང་བཞིན་བསམ་གཏན་གྱི་ཆོས་ཉིད། རང་སྣང་འོད་གསལ་གྱི་ཆོས་ཉིད་གསུམ་ལ་སྤྱོདཔ་ཡིན་ལ། ས་མཚམས་ནི། ནང་དབུགས་ཆད་ནས་འོད་གསལ་གྱི་སྣང་བ་ཤར་ཏེ། ལྷུན་གྲུབ་ཀྱི་སྣང་བ་མ་ནུབ་ཀྱི་བར་ཚུན་ཆད་དོ། །སྲིད་པ་བར་དོའི་སྣང་བ་ནི། ཡིད་ཀྱི་ལུས་དངདྲི་ཙམ་གྱི་ཟས་ལ་བརྟེན་ཅིང་གནས་མེད་དུ་འཁྱམས་པ་ཡིན་ལ། ས་མཚམས་ནི། ལྷུན་གྲུབཀྱི་སྣང་བ་ནུབ་ནས་ཕྱི་མའི་སྐྱེ་གནས་སུ་ཚུད་པ་ཚུན་ཆད་དོ། །བཞི་པ་དབྱེ་བ་སོ་སོའ་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་ཏེ། རང་བཞིན་གྱིབར་དོ་ལ། ཤེས་བྱའི་གྲོས་ཐག་བཅད་པ་དཔེ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངགསྟེ། དོན་བླ་མ་དམ་པ་ལ་བརྟེན་ནས། དེས་བསྟན་པའི་གདམས་ངག་ལ། དང་པོར་ཐོསཔས་བློ་སྦྱང་། བར་དུ་བསམ་པས་ཐག་བཅད། ཐ་མར་སྒོམ་པས་དོན་རྣལ་དུ་ཕབ་སྟེ་སྒྲོའདོགས་ཆོད་པར་བྱེད་པའོ། །འཆི་ཁ་མའི་བར་དོ་ལ། འོད་གསལ་གྱི་སྣང་བ་མི་གསལ་བགསལ་གདབ་པ་དཔེ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་ནི། སྔར་གོམས་པའིགདམས་པ་རྣམས་སྐབས་འདིར་གསལ་འདེབས་པ་སྟེ། གོམས་པ་རབ་ཀྱིས་དབྱིངས་རིགརང་སོ་ལ་འཇོག་པ། འབྲིང་གིས་འཕོ་བ་སྦྱང་བ། ཐ་མ་བླ་མའམ་མཆེད་གྲོགས་ལྟ་བུའིགཞན་རྐྱེན་ལ་ལྟོས་པས་གསལ་འདེབས་པའོ། །ཆོས་ཉིད་བར་དོ་ལ། རང་སྣང་ལ་ཡིདཆེས་པས། དཔེ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་ལྟ་བུ་ནི། གདམསངག་གི་དོན་རིག་པ་འོད་གསལ་གྱི་ཐིམ་ཚུལ་དང་རང་སྣང་གི་འཆར་ཚུལ། དབང་པོའི་གྲོལཚུལ་དང་བཅས་པ་ཉམས་འོག་ཏུ་ཆུད་པས། ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགསཔ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདེང་ཆུབ་པའོ། །སྲིད་པ་བར་དོ་ལ། ལས་ཀྱིའཕྲོ་མཐུད་པ། དཔེ་ཡུར་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་ནི། བདེན་པ་མཐོང་བ་རྣམས་

p. 307

ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བར་བྱེད་ལ། སྔརཆོས་ལ་གོམས་པ་རྣམས་འཁྲུལ་སྣང་འཇིགས་སྐྲག་ཤར་བ་འཆད་འགྱུར་ལྟར་གདམས་པའིགནད་ཀྱིས་དག་པའི་སྐྱེ་སྲིད་དུ་མཚམས་སྦྱོར་བར་བྱེད་པའོ། །དེ་དག་ཀྱང་དབང་པོའི་རིམཔས་གྲོལ་ཚད་མུ་གསུམ་དུ་འགྱུར་བར་གསུངས་སོ། །གཉིས་པ་སྐབས་དོན་བྱེ་བྲག་གིས་རང་བཞིན་རྒྱས་པར་བསྟན་པ་ནི། འདིར་བར་དོཕྱི་མ་གསུམ་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། དེ་ལ་ལུས་ཅན་རྣམས་འཆི་འཕོ་བའི་ཚེ། ལུས་ཀྱི་ཆུ་མེ་རླུང་གསུམ་འཁྲུགས་པས་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཚེ་སྲོག་གཅོདཔ་ཡིན་ལ། དེ་ཡང་རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིམ་པ་ཡིན་པས། མན་ངག་རྣམསསུ་ཁམས་ཐིམ་ཚུལ་ཙམ་རེ་གསུངས་པ་མང་ཡང་། ཇི་སྐད་དུ། སྣང་བ་ཐིམ་དང་རྟོག་པཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡི། །རང་བཞིན་གྱི་ནིའོད་གསལ་འཆར། །ཞེས་གསུངས་པ་ལྟར། འདིར་ཕྲ་རགས་ཀྱི་ཐིམ་ལུགས་སོགས་རྒྱསཔའི་ཕྱོགས་ནས་འཆད་པའི་དབང་དུ་བྱས་ན། ཐོག་མར་རགས་པའི་རང་བཞིན་ཉི་ཤུ་ཐིམཔར་འགྱུར་ཏེ། དེ་ཡང་རྣམ་སྣང་གི་རིགས། གཟུགས་ཀྱི་ཕུང་པོ་འོད་གསལ་དུ་འཇུག་པའིརྟགས་སུ་ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམས་ཞན་ཞིང་ནུས་པ་མེད་པར་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། སའི་ཁམསཐིམ་པས་ཐམས་ཅད་བསྐམ་པར་འགྱུར། མིག་གི་དབང་པོ་ཐིམ་པས་མིག་མི་འགྱུར་ཞིངཟུམ་པར་གྱུར། ཡུལ་གྱི་གཟུགས་ཐིམ་པས་ལུས་ཀྱི་མདངས་མེད་པས་ཉམས་སྨད་པརའགྱུར་ཏེ། དེ་ལྟར་རྣམ་སྣང་གི་རིགས་རྣམས་དོན་དམ་པར་འཇུག་པའོ། །དེ་ནས་རིན་པོཆེའི་རིགས། ཚོར་བའི་ཕུང་པོ་ཐིམ་པས་ཚོར་བ་ཉམས་སུ་མི་མྱོང་། མཉམ་ཉིད་ཡེ་ཤེསཐིམ་པས་ཚོར་བ་གསུམ་དྲན་པར་མི་འགྱུར། ཆུའི་ཁམས་ཐིམ་པས་རང་ལུས་ཀྱི་ཁ་ཆུ་དངརྔུལ་དང་གཅིན་དང་ཁུ་ཁྲག་སོགས་བསྐམ་པར་འགྱུར། རྣ་བའི་དབང་པོ་ཐིམ་པས་ཕྱི་ནངགི་སྒྲ་མི་ཐོས། ཡུལ་གྱི་སྒྲ་ཐིམ་པས་རང་ལུས་ཀྱི་སྒྲ་མི་ཐོས་སོ། །དེ་ནས་པདྨའི་རིགས། འདུ་

p. 308

ཤེས་ཀྱི་ཕུང་པོ་ཐིམ་པས་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་མི་དྲན། སོ་སོརརྟོག་པའི་ཡེ་ཤེས་ཐིམ་པས་ཕ་མ་བུ་སྲིང་ལ་སོགས་པའི་མིང་མི་དྲན། མེའི་ཁམས་ཐིམ་པསཟས་མི་འཇུ། སྣའི་དབང་པོ་ཐིམ་པས་སྟེང་གི་རླུང་དལ་གྱིས་འགྲོ། ཡུལ་གྱི་དྲི་ཐིམ་པསརང་གི་ལུས་ལ་དྲི་མི་བྲོ་བའོ། །དེ་ནས་ལས་ཀྱི་རིགས། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུསཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པས་འཇིག་རྟེནགྱི་བྱ་བ་དང་དགོས་པ་དྲན་པར་མི་འགྱུར། རླུང་གི་ཁམས་ཐིམ་པས་རླུང་བཅུ་རང་གི་གནསནས་འཕོ། ལྕེའི་དབང་པོའི་ཐིམ་པས་ལྕེ་སྦོམ་ཞིང་ཐུང་ལ་རྩ་བ་སྔོན་པོར་འགྲོ། ཡུལ་གྱི་རོཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་སྟེ། དེ་ལྟར་རགས་པའི་རང་བཞིན་ཉི་ཤུ་ཐིམ་ནས། ཕྲབ་ནང་གི་འབྱུང་བའི་ཐིམ་ལུགས་ནི། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུཡང་མེ་ལ་ཐིམ་འགྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངསཏེ། དེ་ཡང་ས་ཆུ་ལ་ཐིམ་པ་ཞེས་པ་ནི་ལུས་ཀྱི་སའི་གནས་སུ་ས་མེད་པར་གྱུར་པའམ་གནསའཕོས་ནས་ཆུའི་ནང་དུ་ས་འཇུག་པའི་དོན་མ་ཡིན་གྱི། དབུ་མའི་ཡེ་ཤེས་ཀྱི་རླུང་སྟོབས་སུགྱུར་པས་སའི་ལས་རླུང་བཅོམ་སྟེ། རྟེན་ཐིམ་པ་ན་བརྟེན་པ་ངེས་པར་ཐིམ་པས་སྲ་བརསྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ། རྒྱུས་པསོགས་སྲ་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་བྲལ་བར་བྱས་ཏེ། སའིདྭངས་མ་དེ་ཉིད་ཆུའི་དྭངས་མ་ལ་ཐིམ་པར་གྱུར་པས་ལུས་སྒུལ་བསྐྱོད་མི་ནུས་ཤིང་ཟུངསམི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད། ནང་རྟགས་སྨིག་རྒྱུ་ལྟ་བུ་སྔོ་མེར་མེར་བ་དང་སྔོ་ཧྲིབཧྲིབ་པ་དང་ཆར་ཟིམ་དང་ཆུ་གཡོ་བའི་རྣམ་པ་ལྟ་བུ་འབྱུང་། དེ་བཞིན་དུ་དབུ་མའི་ཡེ་ཤེསཀྱི་རླུང་སྟོབས་སུ་གྱུར་པས་ཆུའི་ལས་རླུང་བཅོམ་སྟེ་གཤེར་བར་སྣང་བའི་རྣམ་ཤེས་ཀྱང་རངགི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ། ཁྲག་དང་ཆུ་སེར་སོགས་གཤེར་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་དང་བྲལ་བས་ཆུའི་དྭངས་

p. 309

མ་དེ་ཉིད་མེའི་དྭངསམར་ཐིམ་པས་ཁ་སྣ་བསྐམས་ཤིང་ལྕེ་རྐན་ཕུགས་སུ་འགྲོ། ནང་རྟགས་སུ་དུ་བ་ལྟ་བུ་འཕྱུརབ་དང་དུ་ཐང་ཆགས་པ་ལྟ་བུ་འབྱུང་། དབུ་མའི་མེ་རླུང་གིས་མེའི་ལས་རླུང་བཅོམ་སྟེ་ཚབར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་ནས་འགགས་ཏེ་དྲོདསོགས་ཚ་བ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་དང་བྲལ་བས་མེའི་དྭངསམ་དེ་ཉིད་རླུང་གི་དྭངས་མ་ལ་ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་སྡུད་ཅིང་ཕོ་བའི་མེ་དྲོདཉམས། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཙག་ཙག་དང་དམར་ཕྲ་ཕྲ་བ་འབྱུང་། རླུངརྣམ་ཤེས་ལ་ཐིམ་པའི་དོན་ཡང་ལུས་ཀྱི་རླུང་གི་གནས་སུ་རླུང་མེད་པར་གྱུར་པའམ་སྡོད་སའཕོས་ནས་རླུང་ཉིད་རྣམ་ཤེས་ཀྱི་ནང་དུ་འཇུག་པའི་དོན་ཡང་མ་ཡིན། རྣམ་ཤེས་ལ་རླུངདྭངས་མའི་བག་ཆགས་བཞག་ནས་རླུང་འགགས་པའི་དོན་ཡང་མ་ཡིན་གྱི། རླུང་གི་དྭངསམས་སྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་དོར་ནས། སྲོག་རྩའི་ནང་གི་འོད་ལྔའི་སྦུགུ་ཅན་གྱི་རྩ་ལྔ་ལ་ཞུགས་ནས་ཡིད་ཀྱི་སྣང་བ་དང་རོ་གཅིག་ཏུ་གྱུར་པས། དབུགས་ཕྱིརརིང་དུ་རྒྱུ་ཞིང་ནང་དུ་སྡུས་མི་ཤེས་པས་རགས་པའི་རྒྱུ་བ་ཆད། ནང་རྟགས་སུ་མར་མེ་འབརབའི་སྣང་བ་དང་སྒྲོན་མའི་ཕྲེང་བ་བསྒྲིགས་པ་ལྟ་བུ་འབྱུང་། རྣམ་ཤེས་ནམ་མཁའ་ལ་ཐིམཔ་ནི། རྣམ་ཤེས་དངོས་མེད་དུ་གྱུར་པའི་དོན་མ་ཡིན་གྱི་ནམ་མཁའ་ལྟར་དྭངས་ཤིང་ཐོགསཔ་མེད་ལ་མཚོན་པར་དཀའ་བའི་དབུ་མ་ལ་ཐིམ་པ་སྟེ། དེ་ཡང་གསང་འདུས་འཕགས་སྐོརགྱི་གཞུང་རྣམས་སུ། ནམ་མཁའི་ཁམས་ཐིམ་ཚུལ་གྱི་ཐ་སྙད་གསལ་བར་མ་གསུངས་པ་ནིཁམས་ཕྲ་བ་དེ་རླུང་གི་ནང་དུ་སྦས་ཏེ་བཤད་པ་ཡིན་པས་ན། མཁའ་ཁམས་ཐིམ་པ་ལོགསསུ་མི་ཕྱེད་པར་རྣམ་ཤེས་ཐིམ་རིམ་གྱི་སྐབས་སུ་ནམ་མཁའ་སྤྲིན་མེད་ཀྱི་རྟགས་སྣང་འཆརགཞིར་བཞག་པ་ལ་དཀར་དམར་ནག་གསུམ་གྱི་སྣང་བ་འཆར་བར་བཞེད་དོ། །རྟོག་པཐིམ་པ་ནི། རླུང་ནམ་མཁའ་ལ་ཐིམ་པ་ཡན་ཆད་དུ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འདུབྱེད་ཀྱི་བྱ་བ་བྱེད་ནུས་པ་རྣམས་རླུང་དང་བཅས་པ་ཐིམ་པ་ཡིན་ལ། ལས་མི་བྱེད་པའི་རྟོགཔ་ཕྲ་མོ་རྣམས་ནི་སྣང་གསུམ་ཉིད་ལ་འདྲེས་ཏེ་གནས་པས་སྐབས་དེ་དང་དེར་ཐིམ་པར་

p. 310

འགྱུར་བ་ཡིན་ནོ། །དེས་ན་སྣང་བ་ཐིམ་པ་ཞེས་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབསའདིར་སེམས་ཉིད་སྟོང་པའི་ངང་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་འཆར་ཏེ། སྤྱིརསྣང་བ་གསུམ་ལ་དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་དང་། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བགཉིས་ལས། དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་ནི། རྩ་བ་ཆོས་དབྱིངས་རང་སེམས་བདེཆེན་རྟག་པ་འགྱུར་མེད་དོན་དམ་རང་རིག་ཆེན་པོ་དེ་ཡིན་ལ། ངོ་བོ་བདེ་ཆེན་དེ་ཉིད་རངགི་སྣང་ཆའམ་རང་གཟུགས་འཆར་ཚུལ་རྡོ་རྗེ་གསུམ་གྱི་གསང་བ་བསམ་གྱིས་མི་ཁྱབ་པསྟེ། སྐུའི་གསང་བ་སྣང་བ། གསུང་གི་གསང་བ་མཆེད་པ། ཐུགས་ཀྱི་གསང་བ་ཐོབ་པ། སྔར་བཤད་པའི་ཀུན་ཁྱབ་བདེ་བ་ཆེན་པོ་དེ་ནི་ཐམས་ཅད་སྟོང་པ་འོད་གསལ་བ་ཡིན་ནོ། །ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་ལ་རང་བཞིན་དང་བཅས་པའམ། རང་བཞིན་དང་བྲལབའི་སྣང་བ་གཉིས་ཀྱི། འདིར་རང་བཞིན་དང་བཅས་པ་ལའང་། གཞི་དུས་དང་། ལམདུས་གཉིས་ལས། འདིར་གཞི་དུས་དེ་ལའང་རྒྱུན་ཆགས་པ་དང་། ཁྱད་པར་གྱི་དུས་སུའབྱུང་བ་གཉིས་ལས། ཕྱི་མ་ལའང་ཆེས་རགས་ཤིང་གསལ་བར་འབྱུང་བ་འཆི་བའི་དུསདང་། འབྲིང་དུ་འབྱུང་བ་གཉིད་དང་འཁྲིག་པའི་དུས་དང་། ཕྲ་ཞིང་མི་གསལ་བར་འབྱུངབ་ཚོགས་དྲུག་གི་སྣང་བ་རགས་པ་ཤར་བའི་དུས་ཏེ། དེ་ལས་འདིར་འཆི་དུས་ཀྱི་སྔ་རོལདུ། ཕྲ་རགས་ཉེར་ལྔ་ཡོངས་རྫོགས་ཐིམ་རྗེས། དང་པོའི་སངས་རྒྱས་ལས། ལུས་ཅནརྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དེས། །རྣམཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་གསུངས་པ་ལྟར་ནམ་མཁའ་འོད་གསལ་ལ་འཇུགདུས་རོ་རྐྱང་གི་དྭངས་མ་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧཾ་ལ་འདུས། དེ་ཉིད་སྙིངགའི་ཡེ་ཤེས་འོད་གསལ་གྱི་དྭངས་མ་ཆེན་པོའི་ནང་དུ་ཐིམ་པས་ཕྲ་རགས་ཀྱི་རྟོག་པ་ཐམསཅད་འགགས་ནས་འོད་གསལ་རྣམ་པ་བཞིའི་ཡེ་ཤེས་འཆར་ཏེ། དེ་ཡང་དབུ་མའི་ཡས་སྣའིཁམས་དཀར་ཆའི་དྭངས་མ་ཐུར་དུ་བབས་ནས་སྙིང་གར་སོན་པ་སེམས་སྣང་བ་དང་པོའདུས་སུ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་འགག་སྟེ། འཕགས་པ་ལྷས་

p. 311

མཛད་པའི་སྤྱོད་བསྡུས་ལས། འདོད་ཆགས་དང་བྲལ་བ་དང་གཅིག འདོད་ཆགས་དངབྲལ་བ་བར་མ་དང་གཉིས། ཤིན་ཏུ་འདོད་ཆགས་བྲལ་བ་དང་གསུམ། གང་ཡིད་ཀྱི་འགྲོབ་དང་འོང་བ་དང་བཞི། མྱ་ངན་དང་ལྔ། མྱ་ངན་བར་མ་དང་དྲུག ཤིན་ཏུ་མྱ་ངན་གྱུར་པདང་བདུན། ཞི་བ་དང་རྣམ་པར་རྟོག་པ་དང་བརྒྱད། འཇིགས་པ་དང་དགུ། འཇིགས་པབར་མ་དང་བཅུ། ཤིན་ཏུ་འཇིགས་པ་དང་བཅུགཅིག སྲེད་པ་དང་བཅུ་གཉིས། སྲེད་པབར་མ་དང་བཅུ་གསུམ། ཤིན་ཏུ་སྲེད་པ་དང་བཅུ་བཞི། ཉེ་བར་ལེན་པ་དང་བཅོ་ལྔ། མིདགེ་བ་དང་བཅུ་དྲུག བཀྲེས་པ་དང་བཅུ་བདུན། སྐོམ་པ་དང་བཅོ་བརྒྱད། ཚོར་བ་དངབཅུ་དགུ། ཚོར་བ་བར་མ་དང་ཉི་ཤུ། ཤིན་ཏུ་ཚོར་བ་དང་ཉེར་གཅིག རིག་པ་པོ་དང་ཉེརགཉིས། རིག་པ་དང་ཉེར་གསུམ། འཛིན་པའི་གཞི་དང་ཉེར་བཞི། སོ་སོར་རྟོག་པ་དངཉེར་ལྔ། ངོ་ཚ་ཤེས་པ་དང་ཉེར་དྲུག སྙིང་རྗེ་དང་ཉེར་བདུན། བརྩེ་བ་དང་ཉེར་བརྒྱད། བརྩེབ་བར་མ་དང་ཉེར་དགུ། ཤིན་ཏུ་བརྩེ་བ་དང་སུམ་ཅུ། དོགས་པ་དང་བཅས་པ་དང་སོ་གཅིག སྡུད་པ་དང་སོ་གཉིས། ཕྲག་དོག་སྟེ་མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཞེས་གསུངས། དེའིཚེ་ནང་གི་ཁམས་དཀར་པོ་དང་འབྲལ་བའི་དབང་གིས། ཕྱི་རྟགས་སུ་སྣང་བ་ཐམས་ཅདསྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུ་དཀར་ལམ་པ་འབྱུང་། གཟུང་བའི་རྣམ་པར་རྟོག་པ་རགས་པ་སྟོངས་པས་སྟོང་པའི་འོད་གསལ་དང་། ཤེས་པའིརང་གདངས་གསལ་བར་སྣང་བས་སྣང་བའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་དང་པོ་སྟེ། གཉིསམེད་རྣམ་རྒྱལ་ལས། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ། །གསལ་བའི་ཆ་དེ་གཟུང་རྟོགསྤངས་པ་ལས། །འབྱུང་བ་མི་མངོན་རླུང་དང་བཅས་པ་གང་། །ལྷང་ངེར་གནས་པ་སྐད་ཅིགདང་པོ་ཡིན། །ཞེས་གསུངས་སོ། །དབུ་མའི་མས་སྣའི་ཁམས་དམར་ཆའི་དྭངས་མ་གྱེན་དུསོང་བའི་ཚེ་སྣང་བའི་ཡེ་ཤེས་མཆེད་པ་ལ་ཐིམ་པས་ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བཞིབཅུ་འགགས་ཏེ། སྤྱོད་བསྡུས་ལས། ཆགས་པ་དང་གཅིག ཀུན་ཏུ་ཆགས་པ་དང་གཉིས། དགའ་བ་དང་གསུམ། དགའ་བ་བར་མ་དང་བཞི། ཤིན་ཏུ་དགའ་བ་དང་ལྔ། རགས་པ་པ་

p. 312

དང་དྲུག རབ་ཏུ་མགུ་བ་དང་བདུན། ངོ་མཚར་བ་དང་བརྒྱད། རྒོད་པ་དང་དགུ། ཚིམ་པདང་བཅུ། འཁྱུད་པ་དང་བཅུ་གཅིག འོ་བྱེད་པ་དང་བཅུ་གཉིས། འཇིབས་པ་དང་བཅུགསུམ། བརྟན་པ་པ་དང་བཅུ་བཞི། བརྩོན་པ་དང་བཅོ་ལྔ། ཁེངས་པ་དང་བཅུ་དྲུག བྱ་བདང་བཅུ་བདུན། དབྲོག་པ་དང་བཅོ་བརྒྱད། སྟོབས་དང་བཅུ་དགུ། སྤྲོ་བ་དང་ཉི་ཤུ། དགའབ་ལ་སྦྱོར་བ་དང་ཉེར་གཅིག དགའ་བ་ལ་སྦྱོར་བ་བར་མ་དང་ཉེར་གཉིས། ཤིན་ཏུ་དགའབ་ལ་སྦྱོར་བ་དང་ཉེར་གསུམ། སྒེག་པ་དང་ཉེར་བཞི། རྣམ་པར་སྒེག་པ་དང་ཉེར་ལྔ། འགྲསཔ་དང་ཉེར་དྲུག དགེ་བ་དང་ཉེར་བདུན། ཚིག་གསལ་བ་དང་ཉེར་བརྒྱད། བདེན་པ་དངཉེར་དགུ། མི་བདེན་པ་དང་སུམ་ཅུ། ངེས་པ་དང་སོ་གཅིག ཉེ་བར་མི་ལེན་པ་དང་སོ་གཉིས། སྦྱིན་པ་པོ་དང་སོ་གསུམ། བསྐུལ་བ་དང་སོ་བཞི། དཔའ་བ་དང་སོ་ལྔ། ངོ་ཚ་མེད་པ་དངསོ་དྲུག སྒྲིན་དང་སོ་བདུན། གདུག་པ་དང་སོ་བརྒྱད། མི་བསྲུན་པ་དང་སོ་དགུ། གྱ་གྱུཆེ་བ་སྟེ་མཚན་ཉིད་བཞི་བཅུ་ཐམ་པའོ། །ཞེས་གསུངས། དེའི་ཚེ་ནང་གི་ཁམས་དམར་པོདང་འབྲེལ་བའི་དབང་གིས་ཕྱི་རྟགས་སུ་སྤྲིན་མེད་ཀྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོདཀྱིས་ཁྱབ་པ་ལྟ་བུ་དམར་ཐིང་ངེའམ་དམར་ལམ་པ་འབྱུང་། འཛིན་པའི་རྣམ་པར་རྟོག་པརགས་པས་ཆེས་སྟོངས་པས་ན་ཤིན་ཏུ་སྟོང་པའི་འོད་གསལ་དང་། སེམས་ཤིན་ཏུ་གསལབར་སྣང་བས་སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་གཉིས་པ་སྟེ། རྣམ་རྒྱལལས། མཆེད་པ་སྣང་བ་རབ་ཏུ་མི་རྟོག་སྟེ། །ཆེས་གསལ་བ་ལ་འཛིན་རྟོག་མ་ཞུགས་ཏེ། །ཡེ་ཤེས་ཕྲ་བ་རྡུལ་བྲལ་མི་རྟོག་པ། །ལྷན་ནེར་གནས་པ་སྐད་ཅིག་གཉིས་པ་ཡིན། །ཞེསགསུངས་སོ། །དྭངས་མ་དཀར་དམར་སྙིང་གར་འཕྲད་པའི་དུས་སུ་མཆེད་པའི་ཡེ་ཤེས་ཐོབཔ་ལ་ཐིམ་པས་སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་བདུན་འགགས་ཏེ། སྤྱོད་བསྡུསལས། ཆགས་པ་བར་མ་དང་གཅིག བརྗེད་ངས་པ་དང་གཉིས། འཁྲུལ་པ་དང་གསུམ། མིསྨྲ་བ་དང་བཞི། སྐྱོ་བ་དང་ལྔ། ལེ་ལོ་དང་དྲུག ཐེ་ཚོམ་དང་བཅས་པ་སྟེ་བདུན། འདིའི་རངབཞིན་གྱི་མཚན་ཉིད་ནི་བདུན་པོ་དག་གོ །ཞེས་གསུངས། དེའི་ཚེ་དཀར་དམར་གྱི་ནུས་པ་

p. 313

ཡང་དབྱིངས་སུ་ཡལ་ཏེ་སྲོག་རླུང་གི་ཆ་ཤས་འགའ་ཞིག་ལུས་པ་དེས་དབང་བྱས་ནས་ཕྱིརྟགས་སུ་ནམ་མཁའ་ལ་མུན་ནག་གིས་ཁྱབ་པ་ལྟར་ནག་ཐིབ་ཀྱིས་འགྲོ་བའི་ནག་ལམ་པའབྱུང་། ཤིན་ཏུ་ཕྲ་བའི་གཟུང་འཛིན་གྱི་རྟོག་པ་ཆེས་ཆེར་སྟོངས་པས་ན་སྟོང་པ་ཆེན་པོའིའོད་གསལ་དང་། སྣང་ཆའི་སྟེང་དུ་ཐ་དད་པའི་མཚན་མ་ཐམས་ཅད་ནུབ་པས་སེམས་འགགཔ་ལ་ཕྱོགས་པ་སྣང་བ་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་གསུམ་པ་སྟེ། རྣམ་རྒྱལལས། ཐོབ་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ། །གསལ་བ་ཙམ་དུའང་མི་གནས་ཤིན་ཏུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་སྟེ། །ལྷམ་མེར་གནས་པ་སྐད་ཅིག་གསུམ་པ་ཡིན། །ཞེས་གསུངས་སོ། །དེ་ནས་སྙིང་གའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་གི་ཁྲག་དབུགསཀྱི་དྭངས་མ་ལ་ཐིག་ལེ་ཨ་ཧཾ་རྫོགས་པར་ཐིམ་པ་ན་ཐོབ་པའི་ཡེ་ཤེས་ཀྱང་འཆི་བ་འོད་གསལལ་ཐིམ་པས་སྲིད་པའི་ཆོས་ཐམས་ཅད་བག་ཆགས་ཀྱི་ཚུལ་དུ་ཡོད་པའི་རྒྱུན་དེ་ག་ལ་གནསཔ་ཡིན་ཡང་། བག་ཆགས་དེ་རྣམས་ནི་འདིར་མི་མངོན་ལ། ཚེ་འདིས་བསྡུས་པའི་རྣམ་རྟོགདང་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འོད་གསལ་དུ་ཐིམ། ཚེ་རབས་གཞན་གྱིས་བསྡུས་པརྣམས་ད་ལྟ་མ་ཤར་བས། རེ་ཞིག་གཟུང་འཛིན་གྱི་སྣང་བ་ཐམས་ཅད་དང་སྣང་བ་གསུམཡང་འགགས་པས། ཕྱི་རྟགས་སུ་སྤྲིན་དང་བྲལ་བའི་ནམ་མཁའ་གཡའ་དག་པ་ལྟ་བུ་དྭངསགསལ་མཐའ་དབུས་མེད་པའི་སྣང་བ་དང་། ནང་རྟགས་སུ་རྣམ་པར་མི་རྟོག་པ་ལྷན་ཅིགསྐྱེས་པ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁོ་ན་ལ་ཡུད་ཅིག་གནས་པ་ཐམས་ཅད་སྟོངཔ་འོད་གསལ་གྱི་ཉམས་འཆར་བས་སེམས་དྲི་མ་དང་བྲལ་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཞེསབྱ་བ་སྐད་ཅིག་མ་བཞི་པ་སྟེ། རྣམ་རྒྱལ་ལས། ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། །རང་བྱུངརང་གསལ་བདེ་བ་དམིགས་སུ་མེད། །ཕྲ་རགས་རབ་ཞི་ཏིང་འཛིན་མཆོག་ཏུ་གྱུར། །སྐདཅིག་བཞི་པར་མི་གྱུར་ཁྱབ་བྱེད་ཡིན། །ཞེས་གསུངས་སོ། །དེ་ལྟར་ཉེ་བར་ཐོབ་པ་ཐམསཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་དེས་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་དང་། རྡོ་རྗེ་ཕྲེངབ་ལས། རྣམ་ཤེས་དང་པོ་འཇུག་པ་ནི། །སྣང་བ་མཆེད་པའི་མིང་དུ་སྟེ། །དེ་ནི་སྟོང་པ་ཆེར་

p. 314

འཇུག་ལ། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་སྣང་བ་གསུམ་ཀ་འོད་གསལ་དུ་ཐིམནས་འགགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པའི་ཡེ་ཤེས་ཞེས་བྱ་སྟེ། རྣམ་རྒྱལལས། ཇི་སྲིད་སྤྲིན་ནི་སྣ་ཚོགས་པ། །ཁ་དོག་དབྱིབས་ནི་ཐ་དད་དེ། །མཁའ་དབྱིངས་དགལས་འབྱུང་འགྱུར་ཞིང་། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅདཀྱང་། །སྣང་བ་གསུམ་གྱི་རྒྱུ་ཅན་དངོས། །མ་ལུས་ཡུལ་ལ་ཞུགས་ནས་ནི། །དེ་ཉིད་དུ་ནིཐིམ་པར་འགྱུར། །སྣང་བ་གསུམ་པོ་དག་པའི་ལམ། །སྣང་བ་དག་པའི་ཡུལ་གྱུར་པ། །ཐམས་ཅད་འོད་གསལ་ལ་གནས་པའོ། །ཞེས་པ་དང་། འཕགས་པ་ལྷའི་ཞལ་ནས་ཀྱང་། ཇི་ལྟར་སྤྲིན་ནི་སྣ་ཚོགས་པ། །མདོག་དང་དབྱིབས་ནི་ཐ་དད་ཀྱང་། །ནམ་མཁའི་དབྱིངསལས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་གྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀྱང་། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བ་ལ་འཇུགཔར་འགྱུར། །ཞེས་གསུངས་ཤིང་། དེ་ངོས་ཟིན་པ་ལ་སྣང་བ་ནི་གོམས་པའི་འོད་གསལ། མཆེད་པ་ནི་བས མ་གཏན་གྱི་འོད་གསལ། ཐོབ་པ་ནི་རྡུལ་བྲལ་ཟག་པ་མེད་པའི་འོད་གསལ། ཉེ་བར་ཐོབ་པ་ནི་ལྷན་ཅིག་སྐྱེས་པ་ཆོས་སྐུ་རང་བཞིན་གྱི་འོད་གསལ་ཏེ། རྣམ་རྒྱལ་ལས། འོད་གསལ་བ་ནི་བསམ་གཏན་ཟག་པ་མེད། །རྡུལ་མེད་ས་བོན་མེད་པ་མི་གཡོ་བ། །ལྷནཅིག་སྐྱེས་པ་ཆོས་སྐུའི་སྙིང་པོ་ནི། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཅེས་གསུངས། དེ་ཡང་འོད་གསལ་བཞི་རིམ་གྱིས་ཤར་བས་སྣང་མཆེད་ཐོབ་པའི་སྣང་བ་གསུམ་གྱི་སྐབསསུ་སྒྲིབ་པ་རགས་པ་རྣམས་དབྱིངས་སུ་ཐིམ་ལ། ཉེར་ཐོབ་ཐམས་ཅད་སྟོང་པའི་འོད་གསལཤར་དུས་སྒྲིབ་པ་ཕྲ་བ་རྣམས་ཐིམ་པས་སྒྲིབ་པ་མཐའ་དག་དང་བྲལ་བ་ལྟ་བུའི་སྐབས་ཤིགདུས་དེར་འབྱུང་བས། གདོད་ནས་བཞུགས་པའི་མི་ཤིགས་པ་ཆེན་པོ་ཆོས་སྐུ་སྤྲོས་པ་དངབྲལ་བའི་ཡེ་ཤེས་ཀ་དག་ཡེ་ཐོག་ཏུ་གྲོལ་བའི་འཐད་པ་སྟེ། སངས་རྒྱས་མངོན་དུ་བྱེད་དུསབཞིན་ནོ། །འོན་ཀྱང་སངས་རྒྱས་ཀྱི་སྤངས་པ་ནི་མི་ལྡོག་ལ། འདི་ངོ་མ་ཤེས་ན་ལྡོག་པ་ནི། སངས་རྒྱས་ཀྱི་ས་ལ་ལམ་དུ་སྤངས་པ་ཡིན་ལ། འདི་སྤངས་པ་མེད་པས་ལྡོག་པར་འགྱུར་

p. 315

ཞིང་། ངོ་ཤེས་ན་མི་ལྡོག་པ་ནི། ངོ་ཤེས་པའི་སྐད་ཅིག་ལ་གྲོལ་ནས་མངོན་པར་ཤེས་པལ་སོགས་པ་ཟག་མེད་ཀྱི་ཡོན་ཏན་བརྙེས་པའི་ཕྱིར་ལྡོག་པའི་གནས་མེད་པ་ཡིན་ནོ། །དེལྟ་བུའི་གཞིའི་འོད་གསལ་ཀ་དག་ཆོས་ཀྱི་སྐུ་དེ། སེམས་ཅན་ཐམས་ཅད་ལ་གདོད་མ་ནསརང་ཆས་སུ་བཞུགས་པའི་སྟེང་དུ་སྔར་བླ་མ་དམ་པས་གདམས་ངག་གི་གནད་བསྟན་པ་ལགོམས་ཤིང་འདྲིས་པར་བྱས་པའི་སྟོབས་ཀྱིས་སྐབས་འདིར་འོད་གསལ་མ་བུ་འདྲེས་པའིཡེ་ཤེས་རྣམ་པར་མི་རྟོག་པ་དེ་ཉིད་ཀྱི་ངང་ལ་བཞག་པས། སྐད་ཅིག་གཅིག་གིས་རྫོགསསངས་རྒྱས། །ཞེས་གསུངས་པའི་ཚུལ་གྱིས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱསཔ་ཞེས་བྱ་སྟེ། ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཡིན་ནོ། །ཞེས་སྔར་གདམསངག་གི་གནད་མཐོང་བའི་ཆོས་པ་རྣམས་ལ་ངོ་སྤྲོད་འདེབས་ལུགས་སོ། །ཡང་བླ་མ་དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ན། ལྡོག་པའི་གནས་མེད་པ་ཡིན་ནོ། །ཞེས་པ་ཡན་འདྲ་བལས། དེ་ནས་འདི་སྐད་ཅེས་སྦྱར་ཏེ། དེས་ན། ཞི་བའི་དབྱིངས་སུ་མཛད་པ་ཐ་མ་བསྟན་པ་ཉིད་ཀྱངསྔོན་ཞལ་བཞུགས་པའི་དུས་སུ་ཟབ་མོའི་གདམས་ངག་ཐུགས་ཉམས་སུ་བཞེས་པས་ཉིནཔར་སད་དུས་སུ་བདེ་སྟོང་གི་ཉམས་མྱོང་དང་ལྷ་སྐུརབ་འབྱམས་ཀྱི་དག་པའི་སྣང་བ་རྒྱུནམི་ཆད། མཚན་མོ་མནལ་འོད་གསལ་དུ་ཆུབ། དེ་ལས་རྨི་ལམ་སྤྲུལ་སྒྱུར་གྱི་རྩལ་སྦྱོང་ཟདཔ་མེད་པར་ལྷ་སྐུ་རང་ཤར་བ་ལགས་པས་ད་རེས་འདིར་ཡེ་ཤེས་རོལ་པ་ལ་སོགས་རྒྱུདམང་པོར། འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །གཞནདོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ཞེས་གསུངས་པལྟར་འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་འཆི་སེམས་བདེ་སྟོང་གི་འོད་གསལ་དུ་གནསགྱུར་པས་དོན་གྱི་འོད་གསལ་མངོན་དུ་མཛད་དེ་ལུགས་ལྡོག་གི་སྣང་གསུམ་ཡེ་ཤེས་ཀྱི་རླུངདང་བཅས་པ་ལས་སྐད་ཅིག་གིས་སློབ་པ་འཕགས་པའི་ལམ་ཟུང་འཇུག་ཡེ་ཤེས་ཀྱི་སྐུརབཞེངས་པའི། དེ་ལས་སྤངས་རྟོགས་ཀྱི་ཡོན་ཏན་མཐོང་བས་སྔར་སློབ་པའི་ཟུང་འཇུགབརྙེས་ཟིན་པ་ཞིག་ལགས་ན་ད་རེས་འདིར་ཡང་དག་པའི་མཐའ་མངོན་དུ་མཛད་དེ། མི་

p. 316

སློབ་པའི་ཟུང་འཇུག་ཡང་དག་པར་རྫོགས་པའི་སངས་རྒྱས་རང་སྣང་གི་སྐུ་གསུམ་མངོ ན་དུབརྙེས་ནས། དེ་ལས་མ་གཡོས་བཞིན་དུ་གཞན་སྣང་གི་གཟུགས་སྐུ་གཉིས་འགགས་མེདརང་ཤར་ལྷུན་གྲུབ་ཏུ་བསྟན་ནས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དེ་སྲིད་དུ་གང་ལ་གངའདུལ་གྱིས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་པ་དང་། ཡང་སྒོས་སུ་གྱུརཔའི་གདུལ་བྱ་ཞམ་རིང་དང་ཞལ་སློབ་ཡོན་བདག་དང་བཅས་པ་འདི་དག་ལ་ཐུགས་རྗེའིའཇུག་པ་དུས་ལས་མི་ཡོལ་བར་ཞིང་འདིར་མཆོག་གི་སྤྲུལ་པའི་སྐུ་གསལ་པོར་བསྟན་ཏེགོང་མའི་མཛད་ཕྲིན་རྣམ་པར་དཀར་བའི་འཕྲོ་མཐུད་ནས་གདུལ་བྱའི་མོས་པ་དང་སྐལབའི་ཁྱད་པར་འཚམས་པར་འདུལ་བར་གསོལ་བ་འདེབས་ལགས་ན་དེ་ལྟ་བུའི་རེ་བ་འབདརྩོལ་མེད་པར་ལྷུན་གྱིས་གྲུབ་པའི་དགོངས་པ་ལས་ནམ་ཡང་གཡེལ་བ་མེད་པར་རྗེས་སུའཛིན་པར་མཛད་དུ་གསོལ། ཞེས་སྦྱར་རོ། །དེ་ལྟར་གདམས་ངག་གི་གནད་མཐོང་བ་སྤྱི་དང་། ཁྱད་པར་བླ་མདགེ་བའི་བཤེས་གཉེན་ལྟ་བུར་སྒྱུར་ཁའི་ཚིག་གི་འཁྱོག་མཚམས་གང་ལྟར་ཡང་། དེ་ནས་འདི་སྐད་ཅེས། དེ་ཡང་སྔརརང་བཞིན་གནས་པའི་བར་དོའི་སྐབས་སུ་བར་དོ་དང་གཅིག་ཏུ་བྱེད་པའི་བསམ་གཏན་གྱིསའོད་གསལ་དུ་འཇུག་ཅིང་ལྡང་བའི་གདམས་པའི་གནད་ལ་གོམས་འདྲིས་ཐོབ་པའི་དབངདུ་བྱས་ཏེ། སེམས་ཉིད་སྟོང་པའི་ངང་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་ཇི་ལྟར་འཆརབའི་དོན་ལ་གསལ་འདེབས་ལུགས་རྒྱས་པར་སྨོས་པ་ཡིན་ལ། གཞན་དུ་གདམས་ངགཉམས་ལེན་གྱི་འཇུག་སྒོ་མི་འདྲ་བའི་གནད་ཀྱིས། སྔར་སེམས་ཉིད་ཡེ་སྟོང་རྩ་བྲལ་ཏུ་གཏནལ་ཕབ་ནས་ཁྲེགས་གཅོད་ཀྱི་གདམས་པས་ཉམས་སུ་བླངས་པ་དང་། ཡེ་ཤེས་འོད་གསལལྷུན་གྲུབ་གཞི་གནས་སུ་གཏན་ལ་ཕབ་ནས་ཐོད་རྒལ་གྱི་གདམས་པས་ཉམས་སུ་བླངསཔས་ལམ་གྱི་གནད་ལ་གོམས་འདྲིས་རང་བྱན་ཆུབ་པ་རྣམས་ལ་བར་དོའི་འཆར་ཚུལ་ཡངགསང་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་རྒྱུད་ཟབ་མོ་རྣམས་ལས་ཇི་སྐད་གསུངས་པ་ལྟརགནང་བས་དེ་དང་རྗེས་སུ་མཐུན་པར་གསལ་འདེབས་པའི་དབང་དུ་བྱས་ན། འཆི་ཀའིའབྱུང་བ་ཐིམ་རིམ་གྱི་སྐབས་སུའང་། རིག་པ་རང་ཤར་ཆེན་པོ་ལས། ཀྱེ་གྲོགས་པོ་དག

p. 317

སེམས་ཅན་རྣམས་དབུགས་འཕོ་བའི་ཚེ་ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནངགི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ། གསང་བའི་འབྱུང་བ་ལྔ་ཡོངས་སུ་རྫོགསཔའི་འབྱུང་བ་ལྔ་ལ་ཐིམ་ནས་ལམ་ཆེན་པོར་འཇུག་པའི་ཚེ་འདི་ལྟར་ཤེས་པར་བྱའོ། །ཞེསཕྱི་ནང་གསང་བ་ཡོངས་སུ་རྫོགས་པའི་འབྱུང་བ་དང་བཞིའི་ཐིམ་ཚུལ་རྒྱས་པར་གསུངསཀྱང་། ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་ཆུ་དང་མེ་དང་རླུང་། །སོསོ་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་འོངས། །ས་ནི་རང་ལ་རང་ཐིམ་པས། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལྡང་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའིཚེ། །ཁ་སྣའི་ཆུ་ནི་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུབསྐམས། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགསནི་ངར་ངར་ཡན་ལག་འཕྲ། །མིག་ཀྱང་གྱེན་ལ་ལྡོག་པའོ། །ཞེས་འབྱུང་བ་བཞི་རང་ལ་རངཐིམ་པའི་རྟགས་སུ་གསུང་ནས། རླུང་རྣམ་ཤེས་ལ་ཐིམ་པའི་ཚེ་ནང་གི་ཁྲག་དང་། དྭངསམ་སྙིང་གར་འདུས་པས་གདངས་སྙིང་གར་ཐིམ་སྟེ་རགས་པའི་རྒྱུ་བ་རྩ་འདབ་ནང་གི་རླུངཆད་པས་དར་ཅིག་བརྒྱལ་བར་འགྱུར་ཏེ། དེ་དག་གི་སྐབས་སུ་འཆི་ཁ་བར་དོའི་གདམསངག་རང་སྣང་ལ་ཡིད་ཆེས་པར་བྱ་བ་དང་། རང་གསལ་མི་རྟོག་པའི་ངང་ལས་གཞན་དུ་མཡེངས་པར་བསྐྱང་བ་གནད་ཀྱི་གདམས་པའོ། །གཉིས་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའིགདམས་ངག་ནི། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་ཁ་ལས་ནིཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་དང་གྲིབ་མབཞིན་དུ་འགྱུར། །དེ་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་གཟུངས། །གཡོ་བ་རླུང་དག་མཆེད་པ་ཡིས། །ཁ་དོག་ལྔ་ལྔའི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིསསུ་སྣང་། །ཞེས་གསུངས་པ་ལྟར་ནང་དབུགས་ཆད་ནས་རྣམ་ཤེས་ནམ་མཁར་ཐིམ་པས་ལུས་

p. 318

སེམས་ཀྱི་འབྲེལ་ཆད། རིག་པ་སྙིང་ནང་ནས་རྩ་དར་དཀར་གྱི་སྐུད་པ་འདྲ་བ་ལ་ལམ་བྱསཏེ། སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ལས་འཐོན་དུས་རྡོ་རྗེ་སེམས་དཔའི་སྣ་ཐག་ཅེས་བྱ་བ་འོདལྔའི་སྣ་གཉིས་ནམ་མཁའི་དཀྱིལ་དུ་ཟུག་པར་སྣང་དུས་རང་སྣང་དུ་རིག་པས་གྲོལ་ཞིང་། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ཏེ། ཕྱིས་རྡོ་རི་བྲག་གི་སྣང་བ་ནི་འགགས། ནང་ཆོས་ཉིད་འོད་གསལ་གྱི་སྣང་བ་ནི་ཤར། སྣངབ་ཐམས་ཅད་ཡེ་ཤེས་ལྔའི་འོད་དུ་འབར་ཏེ། འོད་ལྔའི་རྣམ་པར་ལྡེམ་པ། མེར་བ། འབརབ། མེར་གྱིས་ནམ་མཁའ་ཁྱབ་པར་འཆར་བས། འདིའི་དུས་སུ་རང་ལུས་འོད་དུ་སྣང་བཤེལ་གྱི་ཁང་བུ་ལས་འོད་ལྔའི་སྣང་བ་ཕྱིར་འཆར་བ་དེ་རང་སྣང་དུ་ཤར་དུས། ཤེས་པ་རངབཞིན་བབས་ཀྱིས་བསམ་གཏན་ལ་གནས་པས་སྣང་བ་མཆེད་པར་རང་གདངས་སུ་ངོ་ཤེསཔའི་གནད་ཀྱིས་གྲོལ་བར་འགྱུར་ཏེ། སྐད་ཅིག་དང་པོར་ངོ་ཤེས། གཉིས་པར་ཤེས་ཐོགཏུ་གྲོལ། གསུམ་པར་གྲོལ་ཐོག་ནས་ཀ་དག་ཏུ་ཐིམ་པར་འགྱུར་བའོ། །དེ་ནས་འོད་གསལཟུང་འཇུག་ལ་ཐིམ་པས་སྙིང་གའི་འོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་ཡོད་པའིགནད་ཀྱིས་སྙིིང་ནང་གི་གདངས་ལས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་བརྒྱ་སྟོང་འབུམཕྲག་གྲངས་ལས་འདས་པ་སྣང་བར་འགྱུར་ཏེ། ཐལ་འགྱུར་ལས། གཡོ་བ་རླུང་དག་མཆེདཔ་ཡི། །ཁ་དོག་ལྔ་ཡི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང་། །འཇུག་ཅིང་སྨིནཔའི་རླུང་ལས་ཀྱང་། །ཕྱོགས་བཞི་མཚམས་དང་བླ་འོག་གྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུསཔས། །རིགས་ལྔའི་སྐུ་ཡང་རྣམ་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའཡུམ་དང་བཅས་པར་སྣང་། །འདི་ལ་མཆོད་དང་འཛིན་ཤེས་ན། །སངས་རྒྱས་རྣམས་ཀྱི་ཡོནཏན་རྫོགས། །ཁམས་གསུམ་འཇུག་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་འདི་དུས་རངགི་ལུས་ཀྱང་འོད་དུ་གསལ་ཞིང་། ཡེ་ཤེས་ཀྱི་རླུང་གཡོས་པ་ལས་སྣང་བ་ཐམས་ཅད་འོདལྔའི་འཇའ་ཚོན་རིས་ལས་ཡེ་ཤེས་འཇུག་པའི་རླུང་གིས་ཕྱོགས་མཚམས་སྟེང་འོག་ཐམསཅད་ལྷུན་སྡུག་པའི་ཐིག་ལེ་ཐིག་ཕྲན་ལྔ་འབྲེལ་དུ་ཤར་བའི་སྣང་བའི་ནང་ན་འོད་ཀྱི་སྐུ་རིགས་

p. 319

ལྔ་ཚོམ་བུའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ཟ་འོག་གི་བར་ཁྱམས་ལྟར་འཆར་བརའགྱུར་ཏེ། ཉི་ཟླ་ཁ་སྦྱོར་ལས། དེ་ཡང་སྐྱེས་བུའི་འོད་གསལ་དེ་ཟུང་འཇུག་ལ་ཐིམ་པ་ཞེསབྱ་སྟེ། ཡང་སྣང་བ་དེ་དག་སྐུའི་རྣམ་པར་རང་ཤར་ཏེ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ། རྒྱན་དང་ཁ་དོག་དང་བཞུགས་ཚུལ་དང་གདན་ཁྲི་དང་རང་རང་གི་ཕྱག་རྒྱདང་བཅས་པ་སྟེ། སྐུ་དེ་དག་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚན་རེ་ལ་འོད་ཀྱི་མུ་ཁྱུདདང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང་། ཡུམ་གྱི་ཆ་འཛིན་པའི་རིགས་དང་། སེམས་དཔའ་དང་། སེམས་མ་དང་། དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་གནསསོ། །ཞེས་གསུངས་སོ། །དེ་ཡང་དུས་གསུམ་གནད་ཀྱི་གདམས་ངག་ལས། འདིའི་དུསསུ་འཇུག་པ་ཤེས་པའི་གནས་ཀྱི་གདམས་ངག་དྲན་པར་བྱ་སྟེ། དང་པོ་རིག་པ་འོད་ལ་འཇུགཔ་ནི། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེསྐུ་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་བར་འཆར་རོ། །དེ་ལ་རང་གི་ཤེས་པ་ཟིན་ན་མི་རྟོགཔའི་བསམ་གཏན་ལ་རང་བཞིན་དུ་གནས་སོ། །དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ལྷ་དེ་དག་ཀུན་གྱི་ཐུགསཀར་ཟུག་པ་ཤར་བ་ལ་སེམས་ཟིན་པས་རང་བཞིན་གྱི་བསམ་གཏན་ལ་ཞག་ལྔར་གནསཔར་འབྱུང་སྟེ། དེའི་སྣང་བ་དུས་གཅིག་ལ་ཤར་ཡང་ངེས་པའི་ཤེས་རབ་རིམ་གྱིས་རྙེད་པས། བསམ་གཏན་གྱི་ཞག་དང་པོ་ལ་སྟོན་ཀའི་ནམ་མཁའ་སྤྲིན་མེད་ལྟ་བུའི་གཞིར་འོད་མཐིངག་ལས་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར། དེ་བཞིན་དུ་ཞག་གཉིས་པ་ལའོད་དཀར་པོ་ལས་མི་བསྐྱོོད་པ། ཞག་གསུམ་པ་ལ་འོད་སེར་པོ་ལས་རིན་ཆེན་འབྱུང་ལྡན། ཞག་བཞི་པ་ལ་འོད་དམར་པོ་ལས་སྣང་བ་མཐའ་ཡས ། ཞག་ལྔ་པ་ལ་འོད་ལྗང་ཁུ་ལསདོན་ཡོད་གྲུབ་པ་རྣམས་རང་རང་གི་ཡུམ་དང་མཉམ་པར་སྦྱོར་ཞིང་། སེམས་དཔའ་སེམསམ་དང་། སྒོ་བ་ཡབ་ཡུམ་སྟེ་རིགས་ཀྱི་ཚོམ་བུའི་དཀྱིལ་འཁོར་དུ་འཆར་རོ། །དེ་ཡི་དུས་སུརང་སྣང་དུ་ངོ་ཤེས་ནས་དེ་ཐོག་ཏུ་མཉམ་པར་བཞག་པས་གང་དུ་རང་ངོ་ཤེས་པའི་རིགས་

p. 320

དེ་ལ་གྲོལ་བ་ཐོབ་ནས་སྤྲུལ་པས་སེམས་ཅན་གྱི་དོན་བྱས་ཏེ་ཀ་དག་གི་དབྱིངས་སུ་ཐིམཔའོ། །གཉིས་པ་འོད་རིག་པ་ལ་འཇུག་པ་ནི། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་སྙིང་གརའོད་ཀྱི་ཟེར་ཐག་ཚོན་སྐུད་བསྒྲིལ་བ་ཙམ་ཞིག་འཆར་རོ། །དེ་ནས་སྐུ་དེ་དག་ཐམས་ཅདརང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རིག་པ་ལ་འཇུག་པ་ཞེསབྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱིས་རང་སྣང་ལ་ཡིད་ཆེས་པས་མ་པང་དུ་བུ་འཇུག་པ་ལྟ་བུཐབས་མཆོག་ཏུ་དྲན་པར་བྱའོ། །ཞེས་གསུངས་པ་ལྟར་ཚོམ་བུའི་ལྷ་རྣམས་ཀྱི་ཐུགས་ཀ་ནསའོད་ཀྱི་ཟེར་ཐག་རང་གི་སྙིང་གར་ཟུག་པ་ལས་ཚོམ་བུ་རྣམས་རང་ལ་འདུས་ཤིང་ཐིམ་པནི། ཕྱིའི་སྣང་བ་བུ་དང་འདྲ་བའི་འོད་རྣམས། རང་གི་རིག་པ་མ་དང་འདྲ་བའི་སྙིང་གར་ཐིམཔས་མ་པང་དུ་བུའཇུག་པ་ལྟ་བུའི་གདམས་ངག་སྟེ། དེ་ཉིད་དུ་རང་ངོ་ཤེས་པས་བྱ་རྫོགསཀྱི་སྐད་ཅིག་མ་ལྔས་གདོད་མའི་དབྱིངས་སུ་གྲོལ་བ་ལ་དཀའ་ཚེགས་མེད་དེ། ལུས་འོད་དུགསལ་ཞིང་མངོན་ཤེས་དང་བསམ་གཏན་རང་ཆས་སུ་ཡོད་པའི་གནད་ཀྱིས་སོ། །དེ་ཡངསྐད་ཅིག་དང་པོ་རང་སྣང་ངོ་ཤེས། གཉིས་པ་ལ་ཤེས་ཐོག་ཏུ་གནས ། གསུམ་པ་ལ་གནསཐོག་ནས་གྲོལ། བཞི་པ་ལ་གྲོལ་ཐོག་ནས་སེམས་ཅན་གྱི་དོན་དུ་སྤྲུལ་པ་འཆར། ལྔ་པ་ལགདོད་མ་ཀ་དག་གི་དབྱིངས་སུ་ཐིམ་ནས་ནང་གསལ་དུ་བཞུགས་པའོ། །དེ་ནས་ཟུང་འཇུགཡེ་ཤེས་ལ་ཐིམ་པའི་སྣང་བ་ནི། ཉི་ཟླ་ཁ་སྦྱོར་ལས། ཡང་རང་གི་སྙིང་ག་ནས་འོད་ཀྱི་ཐགཔ་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་བ་འོངངོ་། །དེ་ལ་རང་གི་མིག་གིས་མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེསཔར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་མཐིང་གའི་སྣམ་བུའི་སྟེང་དུ་ཐིག་ལེ་ཟེར་དང་ལྡནཔ་མེ་ལོང་ཁ་སྦུབ་པ་ཙམ་ཤིན་ཏུ་གསལ་བ་འཚེར་བ། དེ་ལའང་རང་བཞིན་གྱི་ཐིག་ལེ་ལྔལྔས་བརྒྱན་པའོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུ། །ཞེས་སོགས་གསུངས་པ་ལྟར། རང་གི་སྙིང་ག་ནས་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འཆར་ཏེ། མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོའི་འོད་ཟེར་ཕྲ་མོ་རེ་ཤར་བ་རྒྱ་ཆེར་མཆེད་པས་དབང་པོའི་ཡུལ་དུ་

p. 321

སྣང་ཚད་ཁྱབ་པ་ནི་སྣམ་བུའི་ཚུལ་ཏེ་སྟེང་ནས་སྟེང་དུ་འབྱར་ལ་མ་རེག་པའི་རྣམ་པར་བརྩེགསཔ་སོ་སོའ་སྟེང་དུ་རང་རང་དང་ཁ་དོག་མཐུན་པའི་ཐིག་ལེ་ལ་ཐིག་ཕྲན་བཞི་བཞིས་བརྒྱནཔའི་ལྔ་ཚོམས་སུ་འཆར་བ་ནི་ཡེ་ཤེས་སོ་སོའ་རང་གདངས་སོ། །ལྗང་ཁུའི་སྣམ་བུ་མི་སྣངབ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ས་བོན་གྱི་ཆ་ལས་རྩལ་མ་རྫོགས་པས་ཀ་དག་ལ་རྫོགས་པསྟེ། འདིར་ད་དུང་ཀ་དག་ཏུ་གྲོལ་མ་ཟིན་པ་དང་སྦྱར་ནས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བས་བཞག་གོ །དེ་རྣམས་ཀྱི་སྟེང་དུ་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་དབུས་མཐིང་ག་ཁ་དོགལྔའི་མུ་ཁྱུད་ཀྱིས་སྐོར་བའི་འོད་ཟླུམ་པོ་རྨ་བྱའི་གདུགས་འཁོར་བ་ལྟ་བུ་ལྷུན་གྲུབ་འཆརབའི་ས་བོན་དུ་སྐབས་འདིར་འབྱུང་ཞིང་འདི འི་དུས་སུ་ཕུང་པོ་བདག་འཛིན་ལས་གྲོལ་བསལུས་འོད་གསལ་དུ་གྲོལ་བའི་ཆོས་ཉིད་རང་ངོ་ལ་གནས། འབྱུང་བ་ཕྲ་རགས་ཀྱི་རྟོག་པལས་གྲོལ་བས་སྣང་བ་འོད་གསལ་བདེ་བ་ཆེན་པོར་གྲོལ། ཉོན་མོངས་པ་ཕྲ་རགས་ལསགྲོལ་བས་རིག་པ་ཉིད་མ་ལ་བུ་ཐིམ་དུ་གྲོལ་བའི་རང་ངོ་ཤེས་པར་བྱ་བ་ནི་གྲོལ་བ་དུས་ཀྱིགནད་ཅེས་བྱ་སྟེ། སྣང་བ་དེ་དག་ཀུན་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱ་བསསྣང་བ་དེ་རྣམས་ལ་ཤེས་པ་མི་འགྱུར་བར་རང་སྣང་དུ་ཤེས་ཐོག་དེར་ཆེ་རེ་མཉམ་པར་འཇོགཔ་སྟེ། སྨན་པ་མཁས་པས་གསེར་གྱི་ཐུར་མས་སྙིང་ཆུ་འདྲེན་པ་ལྟར་བར་དོའི་གདམས་ངགགིས་རང་སྣང་གཏན་ལ་ཕེབས་ནས་གྲོལ་བའོ། །དེ་ལྟར་ཡང་། ཉི་ཟླ་ཁ་སྦྱོར་ལས། དེ་ནིཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱའོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་དྲན་པར་བྱའོ། །ཞེས་གསུངསསོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་ཐིམ་པ་ནི། ཡེ་ཤེས་བཞིཡི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་དེ་ལ་འདུས་ནས་རང་དང་དབྱེར་མེད་པ འི་ངང་ལས། སྟེངགི་ཆར་ཆོས་ཟད་ཀ་དག་གི་སྣང་བ་ནམ་མཁའི་སྤྲིན་དང་བྲལ་བ་ལྟ་བུའི་དབུས་སུ། ཀུནབཟང་ཡབ་ཡུམ་མཐིང་གར་འདྲེས་པས་ངོ་བོ་མེད་པ། དེའི་འོག་བར་གྱི་ཆའི་སྟེང་མར་ལོངསསྐུ་ཁྲོ་བོའ་དཀྱིལ་འཁོར་རྒྱ་ཆེ་ལ་ལྷུན་སྡུག་པ་དང་། འོག་མར་ལོངས་སྐུ་ཞི་བའི་སྣང་བ་འོད་

p. 322

གསལ་ལ་བཀོད་ལེགས་པ། དེའི་ཕྱོགས་མཚམས་རྣམས་སུ་རང་བཞིན་སྤྲུལ་པའི་ཞིང་སྣངཡིད་འོང་ལ་ལྟ་ན་སྡུག་པ། འོག་གི་ཆར་འགྲོ་དྲུག་འཁྲུལ་པའི་སྣང་བ་འདུལ་བྱེད་སྟོན་པདང་བཅས་པ་སྣང་བ་དུས་གཅིག་ལ་འཆར་ཏེ། འདིའི་ཚེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རངགི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །ཞེས་གསུངསཔ་ལྟར། ཤར་ལུགས་དྲུག་དང་སྒོ་གཉིས་ཏེ་བརྒྱད་སྐད་ཅིག་སྔ་ཕྱི་མེད་པར་འཆར་བ་ནིཐུགས་རྗེ་ལྟར་ཤར་བས་སེམས་ཅན་ལ་ཐུགས་རྗེ་ངང་གིས་འབྱུང་། འོད་ལྟར་ཤར་བསའོད་ལྔའི་སྣང་བས་འཇིག་རྟེན་ཁྱབ། སྐུ་ལྟར་ཤར་བས་ལྷའི་སྐུ་གྲངས་མེད། ཡེ་ཤེས་ལྟརཤར་བས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་རང་སྣང་། གཉིས་མེད་ལྟར་ཤར་བས་མིརྟོག་པའི་ཏིང་ངེ་འཛིན་ལ་གནས། མཐའ་གྲོལ་ལྟར་ཤར་བས་ཆོས་ཉིད་ཟང་ཐལ་དུ་རྟོགཔའོ། །སྒོ་གཉིས་ནི་མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་རང་ངོ་མ་ཤེས་ན་ལྡོག་པའི་སྒོའབྱེད། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་རང་ངོ་ཤེས་ན་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེནཆ་ནང་དུ་གསལ་བས་གདོད་མའི་གྲོལ་གཞི་བྱེད་པའོ། །འདིའི་དུས་སུ་མཐར་ཕྱིན་པ་ངོཤེས་པའི་གནད་གསུམ་སྟེ། རང་ངོ་ཤེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམསངག་གིས་རང་སྣང་ལྷུན་གྲུབ་ཏུ་ཐག་བཅད། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གནདཀྱིས་རང་ངོ་ཤེས་ཐོག་གི་ངང་ལ་མི་གཡོ་བར་གནས། ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའལྟ་བུའི་གདམས་ངག་གིས་རང་གསལ་གྲོལ་ཐོག་ཏུ་ཤེས་པས་རང་སྣང་ལ་སྒྲོ་འདོགས་ཆོདདེ་ནང་དབྱིངས་ཀ་དག་གི་དབྱིངས་སུ་སྐད་ཅིག་གིས་གྲོལ་བའོ། །དེ་ཡང་ཀ་དག་གི་རིགཔ་ལ་འཆར་བྱེད་བརྒྱད་ཡེ་ནས་རང་ཆས་སུ་ཡོད་པའི་གནད་ཀྱིས་འཆར་ལུགས་བརྒྱད་སྣངབ་ཡང་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ཏེ། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་ནི། །ཡོན་ཏན་ཆེནཔོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུཤར། །ཞེས་གསུངས་སོ། །དེ་ལྟར་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་གྱིས་གྲོལ་བའི་

p. 323

ཚེ་སྐྱེས་བུ་དེ་ལ་མངོན་པར་ཤེས་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་ཀྱང་འབྱུང་སྟེ། མཚནབརྗོད་ལས། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་གསུངས་པ་ལྟརདབང་པོའི་མངོན་པར་ཤེས་པས་སངས་རྒྱས་ཀྱི་ཞིང་མཐོང་། ཤེས་རབ་ཀྱི་མངོན་པར་ཤེསཔས་རང་སྣང་དུ་ངོ་ཤེས། ཡེ་ཤེས་ཀྱི་མངོན་པར་ཤེས་པས་ཡེ་གདངས་སུ་ཡིད་ཆེས། ཏིངངེ་འཛིན་གྱི་མངོན་པར་ཤེས་པས་སྣང་ཐོག་ཏུ་མི་གཡོ་བར་གནས། ཟག་པ་མེད་པའི་མངོནཔར་ཤེས་པས་ལས་དང་བག་ཆགས་ལས་གྲོལ། ཡེ་ཤེས་སུ་གཟིགས་པའི་མངོན་པར་ཤེསཔས་ཐམས་ཅད་མཁྱེན་པའི་ཡོན་ཏན་ལ་སྤྱོད་ཅིང་། མཁྱེན་པ་ཡོངས་སུ་རྫོགས་པའི་མངོནཔར་ཤེས་པས་སེམས་ཅན་གྱི་དོན་མཛད་ནས་ཡེ་ཤེས་ཀྱི་དབྱིངས་སུ་ཐིམ་པར་འགྱུར་བ་སྟེ། རྒྱས་པར་ཕྱེ་ན་མངོན་པར་ཤེས་པ་ཆིག་བརྒྱ་སུམ་ཅུ་རྩ་བཞི། དེ་བསྡུས་ན་དྲུག་ཚན་དྲུགསྟེ་སུམ་ཅུ་རྩ་དྲུག དེ་ཡང་བསྡུས་ན་རྩ་བ་དྲུག་ཁོ་ནར་འདུས་སོ། །ཡང་དེའི་ཚེ་རྗེས་སུ་དྲནཔ་དྲུག་འབྱུང་བ་ནི་ལམ་རྗེས་སུ་དྲན་པར་མཐར་ཕྱིན་མི་སློབ་པའི་ས་མཚམས་སུ་ཤེས། ལྟབ་རྗེས་སུ་དྲན་པས་རིག་སྟོང་འོད་གསལ་དུ་རྟོགས། བསམ་གཏན་རྗེས་སུ་དྲན་པས་ངངགདངས་ཆོས་ཉིད་ལ་གནས། ལྷ་རྗེས་སུ་དྲན་པས་རིགས་ལྔ་ཡེ་ཤེས་དྲུག་ཏུ་གསལ། སྐྱེགནས་རྗེས་སུ་དྲན་པས་གདོད་མའི་ཟད་སར་བསྙེགས། གདམས་ངག་རྗེས་སུ་དྲན་པསརང་སྣང་རང་ངོ་ཤེས་པའི་གནད་ཀྱིས་མར་མ་དག་པ་འཁོར་བའི་སྣང་བ་མཐོང་ཡང་འ ཁྲུལསྣང་དུ་མི་འཇུག ཐད་ཀར་འོད་གསལ་ལོངས་སྐུའི་སྣང་བས་མཐོང་བས་རིག་གདངས་ལྷུནགྲུབ་ཏུ་རྟོགས། ཡར་ཆོས་ཟད་ཀ་དག་གི་སྣང་བ་མཐོང་བས་གྲོལ་གཞིར་བཙན་ས་ཟིན་ལ། དེའི་ཚེ་ཆོས་ཉིད་ཀྱི་ངང་ལས་སེམས་ཅན་གྱི་དོན་མཛད་པ་འཆར་རོ། །དེ་ལྟར་མངོན་ཤེསདྲུག་དང་རྗེས་དྲན་དྲུག་གི་སྟེང་དུ་མི་བརྗེད་པའི་གཟུངས་དང་། རྒྱུན་གྱི་ཏིང་ངེ་འཛིན་ཏེབཅུ་བཞི་ལ་རང་ངོ་ཤེས་སྟོབས་ཀྱིས་དབང་བསྒྱུར་བར་བསྟན་ཅིང་། དེ་ནས་དབྱིངས་སུཐིམ་དུས། ཕྱི་སྣང་གི་ལུས་མི་མངོན། ངག་མི་སྣང་། སེམས་གསལ་བྱེད་མ་ཡིན་ཏེ་འགགས་

p. 324

ནས། འཕོ་འགྱུར་མེད་པའི་ངང་ལས་མ་གཡོས་བཞིན་དུ་འགྲོ་བའི་དོན་མཛད་པས་ཀུན་ཏུའགྲོ་ཞིང་ཁྱབ་པ་ཞེས་བྱའོ། །དེ་ཡང་དབྱིངས་སུ་ཐིམ་པ་ཞེས་པ་ནི་སྔར་ལྷུན་གྲུབ་ཀྱི་སྣངབ་ཤར་བ་རྣམས་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་སྟེ། ཕྱིར་གསལ་ནང་གསལ་དུ་ཐིམ་པཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་ཡིན་ནོ། །དེ་ལྟར་ཡང་། རང་ཤར་ལས། ཀྱེ་གྲོགསཔོ་དག ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས། བདེན་པ་མཐོང་བའིཚེ་ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར། ཐིམ་ལུགས་བརྒྱད་ནི། འོད་འོད་ལ་ཐིམ་པས་གསལ་བ་རིས་མེད་འཇའ་ཚོན་ནམ་མཁར་ཡལ་བའམ་ཤེལ་འོད་ནངདུ་ཐིམ་པ་ལྟ་བུ། སྐུ་སྐུ་ལ་ཐིམ་པས་མཁྱེན་ཆ་ནང་གསལ་དུ་བཞུགས་པའི་བུམ་པའི་སྐུ་ལྟབུ། ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་རིག་པ་གཞི་ཐོག་ཏུ་གྲོལ་བ་མ་པང་དུ་བུ་འཇུག་པ་ལྟ་བུ། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆོས་ཅན་དང་ཆོས་ཉིད་འདྲེས་པ་ཆུ་ལ་ཆུ་ཐིམ་པ་ལྟབུ། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ཆོས་ཉིད་རང་ངོ་ལ་གནས་པས་བུམ་ནང་གི་ནམམཁའ་ཕྱིའི་ནམ་མཁའ་ལ་ཐིམ་པ་ལྟ་བུ། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པས་གདུལ་བྱ་དངའདུལ་བྱེད་དབྱིངས་སུ་ནུབ་པ་ཉི་མ་ནུབ་པའི་ཟེར་ལྟ་བུ། མ་དག་པ་འཁོར་བའི་སྒོ་དག་པཡེ་ཤེས་ལ་ཐིམ་པས་འཁོར་འདས་དབྱིངས་སུ་འདུས་པ་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུ། དགཔ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པས་གདོད་མའི་དབྱིངས་ཀ་དག་ལ་གཏན་ས་ཟིན་པ་སེང་གེསགངས་ཟིན་པ་ལྟ་བུའོ། །སྤྱིར་འཁོར་འདས་ཐམས་ཅད་རང་སྣང་དུ་གསུངས་པའི་གནད་ནི། གཞི་སྣང་གིས་རང་སྣང་ལ་མར་གདུལ་བྱ་འཁོར་བ་ལྟར་སྣང་བ། ཡར་འདུལ་བྱེད་མྱང་འདསལྟར་སྣང་། དབྱིངས་གྲོལ་གཞི་འཁོར་འདས་གཉིས་མེད་དུ་སྣང་བ་ལ་ལྟོས་ནས་གསུངསཔ་ཡིན་ལ། བར་དོར་སྤྲུལ་པས་དོན་བྱེད་ཚུལ་ནི། ཐད་ཀར་ལོངས་སྤྱོད་རྫོགས་པ་སྐུའིཞལ་གྱི་དཀྱིལ་འཁོར་འོད་མཐའ་ཡས་པར་འཕྲོས་པ་མར་རིགས་དྲུག་གི་ཞིང་དུ་སོང་བསསོ་སོར་སྟོན་པར་སྣང་ནས་གང་ལ་གང་འདུལ་གྱི་སྒོ་ནས་དོན་མཛད་པའོ། །དེ་ཡང་སྦྱོར་བགསུམ་གྱིས་སྤྲུལ་པ་འབྱིན། །ཞེས་གསུངས་པས། ལོངས་སྐུ་ཞལ་གྱི་སྦྱོར་བ། རིགས་དྲུག་

p. 325

ལས་མཐུན་གྱི་ལྷུམས་སུ་སྦྱོར་བ། རང་སྣང་དང་མཐུན་པར་དོན་མཛད་པའི་སྦྱོར་བ་གསུམདུ་སྣང་ནས་དབྱིངས་སུ་གྲོལ་བའོ། །དབང་པོའི་གྲོལ་ལུགས་ནི། དབང་པོ་རབ་འབྲིང་ཐགསུམ་པོ་རེ་རེ་ལ་བདུན་བདུན་ཏེ་ཉི་ཤུ་རྩ་གཅིག་ཏུ་ཕྱེ་ནའང་བསྡུས་ན་དབྱེ་གཞིའི་རྩ་བགསུམ་དུ་འདུས་པས་འདི་ལྟར་གོམས་པ་རབ་རྣམས་ནི། ལུས་བོར་བ་དང་འོད་གསལ་ཤརབ་དུས་མཉམ་པའི་ཚེ་གྲོལ། འབྲིང་རྣམས་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་ལགྲོལ། ཐ་མ་རྣམས་ལྷུན་གྲུབ་ཀྱི་སྣང་བ་ལ་གྲོལ། དེ་ཡང་གང་དུ་གྲོལ་བ་ཡན་ཆད་ཀྱི་སྣངབ་ཤར་ནས་དབྱིངས་སུ་ནུབ་པས་དེ་མན་ཆད་ཀྱི་སྣང་བ་མི་འཆར་བ་ཡིན་ལ། འདི་དགགང་དུ་གྲོལ་ཡང་དབང་པོའི་བྱེ་བྲག་ཐ་དད་པས་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང་། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལབའོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལརང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་གནས། བཞི་པ་ལ་གནས་ཐོག་ནས་གྲོལབའོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱདཔ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནསཐོག་གྲོལ་བའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམགཏན་གྱི་ཞག་མང་ཉུང་ཅི་རིགས་ཡོད་པར་གསུངས་ཤིང་། བསམ་གཏན་གྱི་ཞག་གི་ཚདནི་སྔར་ཏིང་ངེ་འཛིན་གཅིག་ལ་མཉམ་པར་བཞག་པས་ཕྱི་མའི་རྣམ་རྟོག་མ་ལངས་པའི་བརགྱི་གོམས་ཆ་ལ་འཇོག་པ་ཡིན་པས། བསམ་གཏན་གོམས་པ་རྣམས་ལ་འོད་གསལ་གྱི་སྣངབ་ཡུན་རིང་དུ་འཆར་བས་སྐབས་དེར་ངོ་ཤེས་ཏེ་གྲོལ་ལ། གོམས་འདྲིས་མེད་ན་ཡུད་ཙམརེ་ལས་མི་འཆར་བས་ངོ་འཕྲོད་པར་དཀའ་བར་འགྱུར་རོ། །གསུམ་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགསཔ་ལྟ་བུའི་གདམས་ངག་ནི། འདི་ལའང་ཆོས་ཉིད་བར་དོར་གྲོལ་མ་ནུས་པས་དབང་པོ་ཐམར་སོང་ཡང་གསང་ཆེན་རྫོགས་པ་ཆེན་པོའི་ལམ་འདིར་བརྩོན་པ་དང་སྦྱངས་པ་ཅན་རྣམས་

p. 326

ནི་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ནུབ་པ་དང་ལྷན་ཅིག་ཏུ་ཆོས་ཉིད་བདེན་པའི་བྱིན་རླབསཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་བརྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བར་འགྱུརལ། དེ་ལས་གཞན་དུ་ཆོས་ཉིད་བར་དོ་ལ་རང་སྣང་ངོས་མ་ཟིན་པས་སྲིད་པའི་བར་དོ་རྨིལམ་དང་འདྲ་བར་ལམ་བྱུང་དུས་རང་ཤི་འདུག་སྙམ་ངོས་ཟིན་ནས། སྲིད་པ་བར་དོར་ལམའཕྱན་པར་ཤེས་ཏེ། བླ་མ་དང་དེའི་གདམས་པ་དྲན་པས། ད་ནི་རང་བཞིན་སྤྲུལ་སྐུའི་ཞིངདུ་འགྲོ་བར་བྱའོ་སྙམ་དུ་བསམ་པ་ཙམ་གྱིས། སྔར་གྱི་ཆོས་ཉིད་བདེན་པའི་བྱིན་རླབས་དང་། སྲིད་པ་བར་དོ་ལ་རང་གར་འཛིན་པའི་དྲི་མ་མེད་པས་སྲིད་པ་ཕྱི་མར་བརྒྱུད་པའི་བག་ཆགསཟད་དེ། རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་དེར་པདྨོ་ལ་བརྫུས་ཏེ་སྐད་ཅིག་གི ས་སྐྱེས་ནསདབུགས་འབྱིན་པར་འགྱུར་ཏེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགསཔ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིནགྲོལ་བར་འགྱུར། །ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བརམ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་བྱུང་སྟེ། །བར་དོམེད་པར་སངས་རྒྱས་རྙེད། །ཅེས་གསུངས། ཞིང་དེ་དག་གི་རང་བཞིན་ནི། རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱབ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིནགཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གིཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཞེས་པ་ནས། གཞལ་ཡས་ཁང་དེ་ནི་འདི་ནས་བྱང་ཕྱོགསན་དཔག་ཚད་ལྔ་བརྒྱའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱངགཟུགས་ཁམས་ཀྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །བྱང་ཕྱོགས་ཀྱི་སྤྲུལ་པའི་ཞིང་ཁམས་ནདེ་བཞིན་དུ་ཡོད་དོ། །ཞེས་པའི་བར་གྱི་ལོངས་སྐུདང་རྣམ་པ་འདྲ་རུང་དུ་སྣང་བའི་ཞི་བའིཞིང་ཁམས་བཞི་ཕྱོགས་བཞིར་སྣང་ལ། དེ་རྣམས་ཀྱི་དབུས་ཀྱི་སྟེང་གི་ཆ་རང་རང་གི་མདུན་

p. 327

ནས་བལྟས་པ་ན་ཁྲོ་བོའ་ཞིང་ཡོད་པ་ནི། དེ་ཉིད་ལས། ཞིང་ཁམས་དེ་དག་གི་མདུན་གྱིིབར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེསབྱ་བ་ཡོད་དེ། དེ་ཡང་འདི་ལྟ་བུ་ཡོད་དོ། །ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། ཞེསཔ་ནས། གཞལ་ཡས་ཁང་དེའི་ནང་ན་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡནཞེས་བྱ་བ་ཐུགས་ཞི་བ་ལས་མ་གཡོས་ཀྱང་སྐུ་ཁྲོ་བོའ་ཆ་བྱད་དུ་བསྟན་པ་མཁའ་འགྲོ་མདང་ཁྲོ་བོའ་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དོ། །ཞེས་སོགས་གསུངས་པ་ལྟརསྤྱིར་ཞིང་བཅུ་དབུས་དུར་ཁྲོད་མེ་རི་འབར་བ་དང་བཅས་པས་ཞིང་བཅུ་གཅིག་ཡོད་ཀྱང་། འདིར་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་གཟུང་བར་བྱ་བ་སྟེ། དེ་ཡང་ཤར་ཕྱོགསམངོན་པར་དགའ་བའི་ཞིང་ཁམས་རིན་པོ་ཆེ་ཤེལ་ལས་གྲུབ་པ། ལྷོ་ཕྱོགས་དཔལ་དང་ལྡནཔའི་ཞིང་ཁམས་གསེར་ལས་གྲུབ་པ། ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་པདྨ་རཱག་ལས་གྲུབ་པ། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་མརྒད་ལས་གྲུབ་པ་སྟེ། བཞིཀའང་རིན་པོ་ཆེའི་གཞལ་ཡས་ཁང་སྒོ་བཞི་དང་ལྡན་པ། རྟ་བབས་དང་ཐེམ་སྐས་སོགསཡིད་དུ་འོང་བའི་རྒྱན་ལྟ་ན་སྡུག་པས་སྤྲས་པ་མཚོ་དང་མཚེའུ་དང་པདྨས་གང་ཞིང་། བཀྲཤིས་པའི་བྱ་སྐད་སྙན་པར་སྒྲོག་པ་བསམ་གྱིས་མི་ཁྱབ་པ་གནས་པ། ཟུར་བཞིར་རིན་པོཆེའི་མཆོད་རྟེན་དྲིལ་བུ་གཡེར་ཁའི་དྲྭ་བས་སྦྲེལ་བ། ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགསརིས་བསྐོར་བ། དེ་རྣམས་ཀྱི་དབུས་ན་ཆོས་འཆད་པའི་ཁྲིའི་བཀོད་པ་ཕུལ་དུ་བྱུང་བ་ལ་སྟོནཔ་དཔལ་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་སྟེ་བཞི་པོ་རང་རིགས་ཀྱི་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་བ་ལཆོས་སྟོན་པ། དེ་བཞིའི་དབུས་ཀྱི་བར་སྣང་ལ་ཁྲོ་བོའི་ཞིང་ཁམས་དུར་ཁྲོད་མེ་རི་འབརབའི་གཞལ་ཡས་ཁང་འཇིགས་སུ་རུང་བར་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱབ་འཇིགས་བྱེད་ཧེ་རུ་ཀའི་རྣམ་པ་ཅན་གྱིས་འཁོར་བསམ་གྱིས་མི་ཁྱབ་པ་ལ་ཆོས་སྟོན་པརམཛད་པ་ཡོད་དོ། །དེ་ལྟ་བུའི་ཤར་ཕྱོགས་ལ་སོགས་པ་ཞི་བའི་ཞིང་ཁམས་བཞིར་སྐད་ཅིག་

p. 328

ལ་བརྫུས་ཏེ་སྐྱེས་ནས་ལོ་བརྒྱ་ཉི་ཤུ་རྩ་ལྔ་རེར་གནས་པས། ཤར་ཕྱོགས་ཀྱི་ཞིང་ཁམསསུ་སྟོན་པ་རྡོ་རྗེ་སེམས་དཔའ་ཞལ་མཐོང་ནས་ཆོས་ཐོས། ལྷོར་རིན་ཆེན་འབྱུང་ལྡན་ལསདབང་ཐོབ། ནུབ་ཏུ་སྣང་བ་མཐའ་ཡས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན། བྱང་ཕྱོགས་སུ་དོནཡོད་གྲུབ་པས་དབུགས་ཕྱུང་སྟེ། སྟེང་གི་ནམ་མཁའི་མི་མཇེད་བརྩེགས་པར་ཁྲོ་བོའ་ཞིངཁམས་མཐོང་མ་ཐག་རང་སྣང་གདོད་མའི་སར་བླ་ན་མེད་པའི་བྱང་ཆུབ་བརྙེས་ནས་སྐུ་དངཡེ་ཤེས་འདུ་འབྲལ་མེད་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ངང་ངམ་ཤུགས་ཀྱིསམཛད་པའོ་ཞེས་ཞི་བའི་ཞིང་ཁམས་བཞིར་རིམ་པར་སྐྱེ་བར་བཞེད་པ་ལ། ཀུན་མཁྱེན་ཆོསཀྱི་རྒྱལ་པོའི་ཞལ་ནས། དེ་ལྟར་ན་རང་ཤར་ལས། ཞིང་དེ་དག་ཏུ་གནས་པའི་བྱང་ཆུབསེམས་དཔའ་རྣམས་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ཡིན་པར་བཤད་པས་གནོད་པའིཕྱིར་བཤད་འགྲེལ་ཆེན་མོོ་ལས་གསུངས་པ་ལྟར། ཞིང་གང་དུ་སྐྱེས་པ་དེར་རྒྱུད་སྨིན་ནསམདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ལ་ཁྲོ་བོའ་ཞིང་མཐོང་དུས་དེའི་བྱིན་རླབས་ཀྱིསཤེས་བྱའི་སྒྲིབ་པ་མཐའ་དག་སྦྱངས་ཏེ་ཀ་དག་གི་ས་ལ་མངོན་པར་བྱང་ཆུབ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་བླ་མ་དགེ་བའི་བཤེས་གཉེན་ལྟ་བུར། དེ་ལྟར་ཞི་བའི་དབྱིངས་སུ་མཛད་པའི་ཐ་མ་བསྟནཔ་ཉིད་ཀྱང་འཇིག་རྟེན་འདིར་ཞལ་མངོན་དུ་གྱུར་པའི་ཚེ་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིགགི་གདམས་པ་ཟབ་མོ་ཐུགས་ཉམས་སུ་བཞེས་ནས་སྒྲོ་འདོགས་ཆོད་པར་མཛད་པས་རངབཞིན་གྱི་བར་དོ་ལ་གྲོལ་བ་བརྙེས་པར་འགྱུར་བའི་ཕྱིར། བར་དོ་ཕྱི་མ་གསུམ་གྱི་གདམས་པལ་ལྟོས་མི་དགོས་ནའང་འཇིག་རྟེན་མཐུན་འཇུག་དང་བསྟུན་ནས་གསལ་འདེབས་ཅུང་ཟདགསོལ་བ་ལགས་པས། དེ་ཡང་གདམས་ངག་ལ་གོམས་ཤུགས་ཆེ་ཆུང་གི་རིམ་པས་རབ་སྐུལུས་བོར་མ་ཐག་འོད་གསལ་ཤར་བ་དང་དུས་མཉམ་དུ་གྲོལ་བ་བརྙེས་ཤིང་། འབྲིང་ཟུངའཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ་ལ། ཐ་མ་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལགྲོལ་བ་བརྙེས་པར་འགྱུར་མོད། མངོན་སུམ་གྱི་སྒོ་གཟིགས་ཀྱང་ཉམས་བཞེས་ཚད་དུ་མ་

p. 329

ཕྱིན་པ་རྣམས་རང་བཞིན་སྤྲུལ་པའི་སྐུའི་ཞིང་དུ་དབུགས་དབྱུང་སྟེ་བར་དོ་མེད་པར་འཚང་རྒྱ་བར་ངེས་པའི་ཕྱིར། གྲོལ་བའི་རིམ་པ་གང་ལྟར་ནའང་ཡང་དག་པར་རྫོགས་པའི་སངསརྒྱས་རང་སྣང་གི་སྐུ་གསུམ་མངོན་དུ་བརྙེས་ནས། དེ་ལས་མ་གཡོས་བཞིན་དུ། ཞེས་པ་ནས ། ནམ་ཡང་གཡེལ་བ་མེད་པར་རྗེས་སུ་འཛིན་པར་མཛད་དུ་གསོལ། ཞེས་སྔར་ལྟར་སྦྱར་བ་ལས་འདིམན་མི་དགོས་ལ། གདམས་ངག་གི་གནད་མཐོང་བའི་ཆོས་པ་གཞན་ཡིན་ན་དགོས་མི་དགོས་རྣམ་དབྱེ་ཕྱེ་བར་བྱའོ། །གཞནདུ་རྫོགས་པ་ཆེན་པོའི་སྒོར་མ་ཞུགས་ཀྱང་། སྤྱིར་སྔགས་ཀྱི་ཟབ་ལམ་ལ་ཉམས་ལེན་གྱི་གནད་ཟིན་པ་ཡིན་ན། སྔར་འཆི་སྲིདའོད་གསལ་གྱི་ངོ་སྤྲོད་རྒྱས་པར་བཤད་པའི་སྐབས་ཀྱི་ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཡིན་ནོ། །ཞེས་པའི་རྗེས་སུ། གལ་ཏེ་དེར་གྲོལ་བར་མ་ནུས་ན། སེམས་ཉིད་སྣང་བའི་ཆ་ལས་ལྷུན་གྲུབགཟུགས་ཀྱི་སྐུའི་འོད་གསལ་རྣམ་པ་ལྔ་འཆར་བར་འགྱུར་ཏེ། གཉིས་མེད་རྣམ་རྒྱལ་ལས། ལྔ་པ་སྤྲིན་མེད་ནམ་མཁའ་ལ། །མི་རྟོག་མཐའ་དབུས་མེད་པ་འཆར། །ཞེས་གསུངས་པལྟར་སྣང་བ་ཐམས་ཅད་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་གཞི་ལ་སྙིང་གའིའོད་གསལ་ལ་རིགས་ལྔའི་སྐུ་དང་ཞིང་ཁམས་རང་ཆས་སུ་བཞུགས་པའི་གནད་ཀྱིས་རིགསལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེ་ཡང་བསམ་གཏན་གྱི་ཞགདང་པོ་འོད་མཐིང་ག་ལས་རྣམ་པར་སྣང་མཛད། གཉིས་པར་འོད་དཀར་པོ་ལས་རྡོ་རྗེ་མིབསྐྱོད་པ། གསུམ་པར་འོད་སེར་པོ་ལས་རིན་ཆེན་འབྱུང་གནས། བཞི་པར་འོད་དམར་པོལས་སྣང་བ་མཐའ་ཡས། ལྔ་པར་འོད་ལྗང་གུ་ལས་དོན་ཡོད་གྲུབ་པ་གཙོ་འཁོར་རྣམསཚོམ་བུའི་དཀྱིལ་འཁོར་དུ་སྙིང་ནང་གི་གདངས་ལས་རང་ཤར་དུ་སྣང་བར་འགྱུར་ཏེ། སྔརངོ་འཕྲོད་ཅིང་བསམ་གཏན་ལ་གོམས་འདྲིས་བརྟན་པ་རྣམས་དུས་དེར་གྲོལ་བར་འགྱུར་ལ། དེར་ངོ་མ་ཤེས་ན་ཆོས་ཉིད་འོད་གསལ་གྱི་སྣང་ཆ་དེ་ཉིད་ནུབ་པའི་སྐད་ཅིག་ལ་ཕྱི་མའི་བགཆགས་སད་བྱེད་ཀྱི་རྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རླུང་སེམས་ཕྲ་བའི་འབྱུང་བཞིདང་བཅས་པ་རྣམས་ཀྱིས་རྒྱུ་རྐྱེན་བྱས་པ་ལས་རྨི་ལམ་གྱི་སྣང་བ་ལྟར་སྲིད་པ་བར་དོའི་ཡིདལུས་སུ་ལྡང་སྟེ། ཞེས་འོག་ནས་བྱུང་བ་ལྟར་སྦྲེལ་ལོ། །ཡང་གང་ཟག་ཉམས་ལེན་གྱི་གནད་དང་མི་ལྡན་པ་རྣམས་ལ་

p. 330

སྲིད་པ་བར་དོ་ཁོ་ནའི་ངོ་སྤྲོད་འདེབས་པའི་དབང་དུ་བྱས་ན་སྔར་ལྟར་མགོའ་གླེང་བསླང་བ། འོ། འཇིག་རྟེན་འདིནས་ཕ་རོལ་ཏུ། ཞེས་འོག་ནས། དེའི་ཚེ་ན་གལ་ཆེ་བ་བར་དོའི་གདམས་ངག་སྟེ། ཞེས་པའི་བརསྐབས་ཀྱི་བརྗོད་པ་དང་། དེ་ལ་བར་དོ་སྤྱིའི་རྣམ་བཞག་མདོར་བསྟན་པ་དང་། ཞེས་པ་ནས། གཉིསཔ་སྐབས་དོན་བྱེ་བྲག་གི་རང་བཞིན་རྒྱས་པར་བསྟན་པ་ནི། ཞེས་པའི་བར་བརྗོད་རྗེས། དེ་ལྟརབར་དོའི་དབྱེ་བ་བཞི་ལས། འདིར་སྲིད་པ་བར་དོ་དངོས་འཆད་པའི་དབང་དུ་བྱས་ན། རིགསཀྱི་བུ་ཚེ་ལས་འདས་པ་ཁྱོད་འཆི་འཕོ་བའི་ཚེ་ལུས་ཀྱི་ཆུ་མེ་རླུང་གསུམ་འཁྲུགས་པས་དྲོདདང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཚེ་སྲོག་གཅོད་པ་ཡིན་ལ། དེ་ཡང་ཕུང་ཁམས་སྐྱེམཆེད་སོགས་ཕྲ་རགས་ཀྱི་ཐིམ་ལུགས་རྒྱས་པར་བཤད་ཀྱང་རྟེན་ཐིམ་པ་ན་བརྟེན་པ་ངེསཔར་ཐིམ་པས་གཙོ་ཆེ་བའི་དབང་དུ་བྱས་ཏེ་ས་ཆུ་མེ་རླུང་བཞི་ཐིམ་པའི་རྟགས་སྨིག་རྒྱུ། དུབ་སྲིན་བུ་མེ་ཁྱེར་མར་མེ་ལྟ་བུ་བཞི་འོད་ཟེར་ལྔ་དང་བཅས་པའི་མཇུག་ཏུ། རྡོ་རྗེ་ཕྲེང་བལས། རྣམ་ཤེས་དང་པོ་འཇུག་པ་ནི། །སྣང་བ་མཆེད་པའི་མིང་དུ་སྟེ། །དེ་ནི་སྟོང་པ་ཆེརའཇུག་ལས། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་གསུངས་པ་ལྟར་དཀར་དམར་ནགཔོའི་སྣང་བས་མཚོན་པར་སྣང་མཆེད་ཐོབ་གསུམ་གྱི་སྣང་བ་མཐའ་དག་ཀུན་གཞི་ལ་ཐིམཔའི་དུས་དེར་འཆི་བ་འོད་གསལ་ཆོས་སྐུ་ཇི་ལྟ་བ་ཞིག་རང་རྒྱུད་ལ་ཤར་ནའང་། དེ་ལས། རིགས་ཆེན་རང་ཉིད་རྩ་བ་སྟེ། །ལུགས་ལས་ལྡོག་པའི་མ་རིག་པའོ། །མ་རིག་པ་ལས་སེམསབྱུང་འབྱུང་། །དེ་ལས་སྣང་བ་འབྱུང་བའོ། །ཞེས་གསུངས་པ་ལྟར་སྣང་བ་གསུམ་རྣམ་པརམ་དག་ཅིང་། སྒྱུ་མ་ལྟ་བུའི་རང་བཞིན་ངོ་མ་ཤེས་པའི་དབང་གིས། སྔོན་གྱི་འཕེན་པས་རྒྱུབྱས་རྣམ་རྟོག་གི་བཞོན་པ་རླུང་གིས་རྐྱེན་བྱས་ནས་འོད་གསལ་གྱི་ངང་ལ་སྣང་བ་ཉེར་ཐོབརང་བཞིན་བདུན་དང་བཅས་པ་འབྱུང་། དེ་ལས་སྣང་བ་མཆེད་པ། དེ་ལས་སྣང་བ། དེལས་རླུང་མེ་ཆུ་ས་སྟེ་འབྱུང་བ་བཞི་ཕྲ་བ་ལས་བྱུང་བ་རྨི་ལམ་གྱི་སྣང་བ་ལྟར་སྲིད་པ་བརདོའི་ལུས་སུ་ལྡང་སྟེ། དེ་ཡང་གོང་དུ་ཐིམ་རིམ་གྱི་སྣང་བ་མཆེད་པ་ལ་ཐིམ་པ་དམར་ལམཤར་བའི་དུས་སུ། སེམས་ཀྱིས་སྔར་གྱི་ལས་གང་བྱས་པ་དེའི་ཤུགས་ཀྱིས་རིགས་དྲུག་པོའི་

p. 331

སྣང་བའི་བྱེ་བྲག་ཡུད་ཙམ་འབྱུང་སྟེ། མདོ་རྣམས་ལས་ཕྱི་མའི་སྲེད་པའི་ས་བོན་འཇོག་པརགསུངས་པ་དེ་ཡིན་པས་འདི་ས་བོན་བཏབ་པ་དང་འདྲ་བའི་ཕྱིར་སྐབས་འདིར་མཚམས་སྦྱོརགལ་ཆེ་བར་འགྱུར་ཏེ། དེའི་དུས་སུ་ཆོས་པ་རྣམས་ལ་དཔའ་བོ་མཁའ་འགྲོའི་བསུ་མ་དང་། སྡིག་ཅན་རྣམས་ལ་གཤིན་རྗེའི་ཕོ་ཉ་འབྱུང་བར་བཤད་ཅིང་། སྔར་གྱི་སྲིད་པ་འཇོག་ལུགསཀྱང་། འདིར་དམྱལ་བར་འགྲོ་བའི་སེམས་ཅན་རྣམས་ནི་སྔར་མི་དགེ་བ་ལ་གོམས་དྲགཔས་འདིར་ཡང་དེ་ཉིད་ཀྱི་སྣང་བ་འབྱུང་སྟེ། རང་གི་སྣང་བའི་སྟོང་གཟུགས་སྡུད་པ་ན། སྣངབ་ལ་འཆར་ལུགས་གཉིས་འོང་སྟེ། སྡིག་ཤས་ཆེ་བ་མནར་མེད་དུ་འགྲོ་བ་ན། གཤིན་རྗེའིསྐྱེས་བུ་ལ་སོགས་པ་མཐོང་ཞིང་། རང་གི་ཁྲག་མཁྲིས་ལུས་ལ་རླུང་གིས་གཏོར་བས་མིགཁྲག་ལྟ་བུར་འགྱུར། ལུས་ཚ་བས་གདུང་། སྲོག་ལ་ཆགས་བཞིན་དུ་འཆི་བས་གནད་གཅོདདྲག་པོ་འཆར་ཏེ། དེ་སྣང་བའང་མེར་འབར་བ་དང་། མཚོན་ཆ་ལ་སོགས་པ་དང་། རྣ་བའིརླུང་སྒྲ་ཡང་ལོག་པར་འགྱུར་བས་དེ་ཉིད་དང་འགྲོགས་ཏེ་ཤི་བས་རྣམ་ཤེས་འཕོས་པའི་སྐདཅིག་ལ་སྣང་བ་ཅུང་ཟད་བདེ་བར་འགྱུར་ལ་དེ་ནས་བལྟས་པས་ནགས་དང་མེ་ཆུ་སོགསམཐོང་སྟེ། དེར་དགའ་བས་ཕྱིན་པ་ན་སྔར་གྱི་གཤིན་རྗེའི་གཤེད་མ་དག་འོངས་ནས་ལོགཔར་བྱེད་པ་སྣང་བར་བཤད་དོ། །དེ་བས་ལས་ཆུང་བ་རྣམས་ནི་འཆི་ཁར་དམྱལ་བ་ལ་དམྱལབའི་གནས་མཚོན་ཆའི་ནགས་ཚལ་དང་རི་བོ་སྤང་གཤོངས་ལ་སོགས་པར་སེམས་ཅན་གཅིགགིས་གཅིག་བསད་ནས་ཤ་ཟ་ཞིང་། ས་ཕྱོགས་ཁྲག་གིས་གཏོར་བ་མཐོང་ནས་སྔར་སྲོགགཅོད་ལ་གོམས་པའི་དབང་གིས། ཀྱེ་མ་བདག་ཀྱང་འདིར་འགྲོའོ་སྙམ་པ་འབྱུང་སྟེ། འདིནི་སྣང་བ་སྟོབས་ཆུང་བ་ཡིན། སྔ་མ་ནི་ལས་སྨིན་པ་དེ་སྟོབས་ཆེ་བ་ཡིན་ཏེ། རྒྱས་པར་དྲནཔ་ཉེར་བཞག་ཏུ་གསུངས་སོ། །ཡི་དྭགས་སུ་འགྲོ་བར་སེར་སྣའི་སྲེད་པ་ཤས་ཆེ་བ་དང་། དུད་འགྲོར་སྐྱེ་ན་བྱོལ་སོང་མཐོང་བ་ལ་དགའ་བའི་སྲེད་པ་དང་ཆགས་པའི་སེམས་ཀྱིས་དྲནམེད་རྨུགས་ཏེ་འཆི་ལ། མིར་སྐྱེ་བ་ལ་ནི་མི་ཉིད་ལ་ཤིན་ཏུ་ཆགས་པ་དང་བཅས་པའི་སྣངབ་འབྱུང་ཞིང་། འདོད་པའི་ལྷར་སྐྱེ་ན་ཕུན་སུམ་ཚོགས་པའི་གནས་དང་ཡོ་བྱད་ཚོགས་པས་

p. 332

ལྷ་དང་ལྷ་མོ་ཁྲིར་འདུག་པ་མཐོང་བ་ལ་དགའ་བའི་སེམས་སྐྱེ་བ་དང་། ལྷ་མིན་རྣམས་ཀྱངལྷ་དང་ཕྱོགས་མཐུན་ཡང་ང་རྒྱལ་དང་བཅས་པར་འགྱུར་ལ། གཟུགས་ཁམས་ཀྱི་ལྷར་འགྲོབ་ལ་ནི་འདིར་བསམ་གཏན་གོམས་པའི་མཐུས་དེ་ཉིད་ལ་གནས་པ་ན་བསམ་གཏན་གྱིཉེར་བསྡོགས་ལས་གཟུགས་ཀྱི་ཁམས་དེར་སྣང་བ་ཉིད་དོ། །འདི་རྣམས་ལ་བར་དོ་ཡུན་རིངཔོ་མེད་པར་བཤད། གཟུགས་མེད་ཀྱི་ལྷ་རྣམས་ནི་གང་དུ་ཤི་བ་དེར་ནམ་མཁའ་མཐའ་ཡསསོགས་སྔར་གང་གོམས་པ་དེ་ཉིད་ཀྱི་སྟེང་དུ་འགྲོ་བས་བར་དོ་གཞན་མི་སྣང་ངོ་། །དེ་ལྟརསྣང་བ་དེ་དག་གི་རྒྱུ་ནི་སེམས་ལ་དགེ་མི་དགེ་དང་མི་གཡོ་བའི་ལས་བསགས་པའི་བགཆགས་ཀྱི་ས་བོན་ཡོད་པ་དེ། ལུས་ཀྱི་རྩ་རླུང་འཁྲུགས་པའི་ཐིམ་རིམ་གྱི་རྟགས་བྱུང་བསདེས་རྐྱེན་བྱས་པས་ལྡང་ཞིང་སྣང་བ་དང་། རླུང་གི་སྟོང་པའི་སྒྲ་རྣམས་ཐ་དད་དུ་སྣང་བ་ཉིདཀྱིས་ཤར་བ་སྟེ། དེ་ནས་རེ་ཞིག་འཆི་སེམས་འོད་གསལ་ལ་ཞུགས་ཀྱང་གོམས་འདྲིས་མེདཔས་ལུགས་ལྡོག་གི་སྣང་གསུམ་འབྱུང་བ་དང་བཅས་ལངས་པ་ལས་སྲང་མདའི་མཐོ་དམནལྟར་འོད་གསལ་ནུབ་མ་ཐག་བར་དོའི་སྣང་བ་འཆར་བར་འགྱུར་བས། དེའི་དུས་སུ་བརདོ་ལ་བར་དོར་ངོ་ཤེས་པ་གལ་ཆེ། བར་དོར་ངོ་ཤེས་ནས་ཀྱང་དགེ་བ་ལ་འདུན་པ་བསྒྱུརབ་གལ་ཆེ། འདུན་པ་དེ་ཡང་གནས་ལུགས་དང་འབྱོར་བ་གལ་ཆེ་བས། གསེར་ཕྲེང་ལས། འཁྲུལ་བ་སྲིད་པའི་ཆ་ཙམ་དུ། །རང་སྣང་རང་བཞིན་མེད་སྣང་དུ། །རང་སྣང་རང་བཞིནམེད་ཤེས་ནས། །སྤྲུལ་པ་དྲན་པས་རང་རྒྱུད་གྲོལ། །ཞེས་གསུངས་པ་ལྟར། འདིར་སྲིདཔ་བར་དོར་གྲོལ་བའི་ཐབས་ཀྱི་གདམས་པ་བསྟན་པ་ལ་བར་དོའི་མཚན་ཉིད། བར་དོའིརྟགས། བར་དོའི་སྣང་བ། དེའི་གདམས་ངག་ཇི་ལྟར་སྒོམ་པའི་ཚུལ། དེ་ལས་གནས་ལུགསངོ་འཕྲོད་ནས་གྲོལ་བའི་ཚུལ་ཏེ་ལྔར་ཡོད་པ་ལས། དེའི་དང་པོ་བར་དོའི་མཚན་ཉིད་ནི། ཆོས་མངོན་པ་མཛོད་ལས། སྔོན་དུས་སྲིད་འབྱུངཤ་གཟུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིགསམཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་

p. 333

ཐོགས་མེད་རྒྱུ། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་ཤིང་། འདིར་སྔོན་ཞེས་བྱ་བ། སྔརབྱུང་ཟིན་ཁོ་ན་ལ་མི་ཟེར་གྱི། སཾ་སྐྲྀ་ཏའི་སྐད་དུ། པཱུརྦ་ཞེས་བྱ་བ་བསྒྱུར་ན། སྔོན་དང་ཤརདང་མདུན་གསུམ་ལ་འཇུག་པ་ལས། འདིར་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིསསྔོན་ཞེས་པར་བསྒྱུར་བར་མཛད་ཀྱང་དོན་ལ་མདུན་ཏེ། མདོ་ལས། ཐམས་ཅད་མཁྱེནཔས་གཟིགས་པ་ན་གར་སྐྱེ་བ་དེའི་རྣམ་པ་ཅན་དུ་གསུངས་པས་ན། ད་ཕྱིན་ཆད་ནས་ཡོངརྒྱུའི་དོན་ཡིན་པས་གནས་སྐབས་གཞན་གྱིས་བར་མ་ཆོད་པར་འཕྲལ་དུ་འབྱུང་རྒྱུ་ལ་ཟེརབ་ཡིན། ཇི་ལྟར་འཁོར་ཚུལ་གྱི་ཁྱད་པར་ནི། སྔར་ཆོས་ཉིད་འོད་གསལ་གྱི་སྣང་ཆ་ཤརཡང་རང་སྣང་དུ་ངོ་མ་ཤེས་པས་སྲིད་པ་བར་དོར་ཡང་དང་ཡང་དུ་འཁོར་ཏེ། ཤ་ཁྲག་རངག་མའི་གཟུགས་མེད་ཀྱང་ལུས་ལ་བདག་འཛིན་གོམས་པའི་བག་ཆགས་ཀྱིས་ཡིད་ཀྱི་ལུསཅན་ཆུ་ནང་གཟུགས་བརྙན་ལྟ་བུ་ཡོད་ཡོད་འདྲ་བའི་སྣང་བ་འཆར་བ་ནི་ས་བོན་གྱི་ཆ་ཀུནགཞི་ལ་ཡོད་པར་ལངས་པས་སྲིད་པའི་མིང་དང་འབྱུང་བའི་མིང་གཉིས་འཛིན་པའི་ལུས་ཏེ། ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་འགོ་ནི། །དཔེར་ན་ཟོ་ཆུན་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགསཅན་ནོ། །རྡོས་དང་བྲལ་བའི་མིང་གཉིས་པ། །ཞེས་གསུངས། སྒྲ་དོན་ངེས་ཚིག་གི་ཁྱདཔར་ནི། ཆོས་ཉིད་ཀྱི་སྣང་བ་ནུབ་པ་དང་། ཕྱི་མའི་རིགས་དྲུག་གང་རུང་གི་ལུས་དངོས་མབླང་བར་གྱི་སྣང་བ་ཡིན་ཞིང་བདེ་སྡུག་དུ་མ་སྲིད་པས་ན་སྲིད་པ་བར་དོ་ཞེས་བྱ་སྟེ། དེ་ལས། སྔ་མའི་ཤེས་པའི་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །ཞེས་སོ། །ལུས་ཀྱི་རྣམཔའམ་ཆ་བྱད་ཀྱི་ཁྱད་པར་ནི། གང་དུ་སྐྱེ་བ་ལེན་པར་འགྱུར་བའི་གཟུགས་དང་འདྲ་བ་སྟེ། མིར་སྐྱེ་ན་བར་དོ་ཡང་མིའི་གཟུགས་དང་། དུད་འགྲོར་སྐྱེ་ན་བར་དོ་ཡང་དུད་འགྲོའི་གཟུགསསུ་འབྱུང་བ་སོགས་ཡིན་ཏེ། གཞན་དུ་སྐྱེ་བ་སྔ་མའི་གཟུགས་ཀྱི་རྣམ་པར་ཡོད་ན། ལྷ་ནས་མིར་འཕོ་བ་ལྟ་བུ་ལ་བར་དོ་ལྷའི་གཟུགས་ཀྱི་རྣམ་པར་ཡོད་པས་མིའི་ཕ་མ་ལ་ཆགས་སྲེདཀྱི་འཇུག་པ་མི་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར་གསུངས་ཀྱང་། རྒྱུད་དེ་ལས། རིགས་

p. 334

ཅན་གང་དུ་མ་ངེས་པས། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མདོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུགསོ་སོའ་སྣང་ཆར་འགྱུར། །ཞེས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་གསུང་ཁྱུང་པོ་རྣལའབྱོར་གྱིས་ཡི་གེར་བཏབ་པའི་འཕྱུག་མེད་བར་དོ་གསུམ་གྱི་གདམས་པ་ལས་ཀྱང་བདུནཕྲག་དང་པོའི་ཞག་ཕྱེད་དང་བཞི་ཚུན་ཆད་དུ་སྐྱེ་བ་སྔ་མའི་ལུས། ཡུལ་ཁྱིམ་ནོར་རྫས་དང་། གཉེན་འབྲེལ་ལ་སོགས་པའི་སྣང་བ་འབྱུང་ཞིང་། ཞེས་པ་ནས། དུས་དེར་བར་དོར་ཤེསཔ་མི་འབྱུང་ངོ་། །དེ་ནས་ཞག་ཕྱེད་དང་བཞི་སོང་མ་ཐག་ནས་ཕྱི་མའི་ལུས་ཀྱི་སྣང་བ་ཡུདཙམ་རེ་ཤར་ཞིང་། སྔ་མའི་ལུས་ཀྱི་རྟག་མ་ཐུབ་པ་དང་། ཞེས་སོགས་གསུངས་པ་ལྟར་བདུནཕྲག་དང་པོའི་ཕྱེད་དེ་ཞག་ཕྱེད་དང་བཞི་ཡན་ཆད་ལ་སྔ་མའི་བྱད་གཟུགས་ལ་སོགས་པའིརྣམ་པ་དང་། ཕྱེད་མན་ཆད་ནས་ཕྱི་མ་གར་སྐྱེའི་ལུས་དང་གོས་རྒྱན་ལ་སོགས་པའི་རྣམཔར་འཆར་བ་ནི་བག་ཆགས་སྔ་མའི་ཕྱི་སྙེག་དང་ཕྱི་མ་ལྡང་དུ་ཉེ་བའི་འགོ་བརྩམས་པའིཁྱད་པར་རོ། །ལུས་ཀྱི་ཁྱད་པར་ནི། འབྱུང་ལུས་རགས་པ་ནི་མེད་མོད། ཤིན་ཏུ་ཕྲ་ཞིངདྭངས་བའི་འབྱུང་བ་ལ་མིང་བཞིའི་ཕུང་པོ་བརྟེན་པ་ཡིན་པས། གནས་རིགས་མཐུན་པདང་ལྷའི་མིག་རྣམ་པར་དག་པས་མ་གཏོགས་གཞན་གྱིས་མི་མཐོང་སྟེ། འཛམ་བུ་གླིང་དུསྐྱེ་འགྱུར་གྱི་བར་དོ་གཅིག་གིས་གླིང་དེ་ཉིད་དུ་སྐྱེ་འགྱུར་གྱི་བར་དོ་གཞན་མཐོང་ལ། བལང་སྤྱོད་གླིང་སོགས་གླིང་གཞན་དུ་སྐྱེ་འགྱུར་གྱི་བར་དོ་མི་མཐོང་། དེས་མཚོན་ནས་གནསདང་རིགས་མཐུན་པའི་བར་དོ་ནང་ཕན་ཚུན་མཐོང་ལ་གནས་རིགས་མི་མཐུན་པའི་བར་དོདང་འགྲོ་བ་རིགས་དྲུག་གི་སེམས་ཅན་མངོན་ཤེས་མ་ཐོབ་པ་རྣམས་ཀྱིས་ཀྱང་མི་མཐོང་ཞིང་། ལྷའི་མིག་གི་མངོན་ཤེས་ཀྱང་སྐྱོན་བཅུ་གཅིག་དང་བྲལ་བས་མཐོང་བ་སྟེ། དེ་ལས་གཞནཔའི་མངོན་ཤེས་ཡོད་ཀྱང་མི་མཐོང་ངོ་། །དེས་ན་རྣམ་ཤེས་ཀྱིས་བསྡུས་པའི་ལུས་ལའང་། རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་གསུམ་ལས། རགས་པ་ནི་གསོན་གྱི་དུས་ཀྱི་རྣམ་སྨིན་གྱི་ལུསལྟ་བུ། ཕྲ་བ་ནི་གསོན་གྱི་དུས་ཀྱི་རྨི་ལམ་བག་ཆགས་ཀྱི་ལུས་ལྟ་བུ། ཤིན་ཏུ་ཕྲ་བ་ནི་གཟུགས་

p. 335

མེད་པའི་ལྷའི་ལུས་དང་བར་དོའི་ཡིད་ལུས་ལྟ་བུ་སྟེ། རྒྱུ་མཚན་དེས་བར་དོ་ལ་ནི་མིང་གིཁྱད་པར་ཡང་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོདཔར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་། ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོརབས་དྲི་ཟ་ཉེ་བར་འཁོར་དང་། ལས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེབར་ལེན་པའི་མཚམས་སྦྱོར་བ་དང་། གཟུགས་དང་དབང་པོ་རགས་པ་མེད་ཀྱང་ལས་དངབག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །ཤུགས་ཀྱི་ཁྱད་པར་ནི། ཆོ་འཕྲུལ་སྣ་ཚོགས་པ་སྟོན་པའི་རྫུ་འཕྲུལ་མེད་ཀྱང་། རྫུ་འཕྲུལཡིད་མགྱོགས་དང་འདྲ་བར་གང་བསམས་པའི་གནས་དེར་སྐད་ཅིག་གིས་ཕྱིན་པར་ནུསཔའོ། །དབང་པོའི་ཁྱད་པར་ནི། ལས་དང་མཐུན་པའི་གཟུགས་སྒྲ་དྲི་རོ་རེག་བྱ་མཐའ་དགགསལ་བར་མཐོང་ནུས་པས། དབང་པོ་དྲུག་ཀུན་ཚང་བར་ཡོད་པ་ཡིན་ལ། གང་དུ་སྐྱེ་བལེན་པར་འགྱུར་བའི་ལུས་དེ་དབང་པོ་མ་ཚང་བར་འབྱུང་བ་ཞིག་ཡོད་ཀྱང་། བར་དོའསེམས་ཅན་ནི་དབང་པོ་དྲུག་རྟག་ཏུ་ཚང་བ་ཡིན་པས། ཤ་གཟུགས་ཙམ་དབྱིབས་འདྲ་བཡིན་གྱི། དབང་པོ་ཚང་མ་ཚང་གི་སྒོ་ནས་མི་འདྲ་ལ། འོན་ཀྱང་ཤའི་སྲིན་བུ་སོགས་སུ་སྐྱེབ་ན་དེའི་བར་དོ་ལ་དེ་དང་གཟུགས་དབྱིབས་འདྲ་བའི་ཕྱིར། མིག་ཁྲ་འབུར་བ་དང་། རྣབ་ཀྲོང་པོར་མེད་ཀྱང་གཟུགས་རྣམས་མཐོང་བ་དང་སྒྲ་རྣམས་ཐོས་པའི་དབང་པོ་འབྱུང་ལུསཡོད་པས། དེ་ཁོ་ན་མིག་དང་རྣ་བའི་དབང་པོ་ཡིན་ནོ། །རེག་པའི་ཁྱད་པར་ནི། ཤིན་ཏུདྭངས་པའི་ལུས་ཡིན་པས་རྟེན་གཉིས་མ་གཏོགས་རི་རབ་སོགས་ཐོགས་བཅས་ཀྱི་དངོསཔོ་ཕྲ་རགས་གང་ལ་ཡང་ཐོགས་མེད་དུ་ཐལ་ལེར་འགྲོ་ནུས་པ་སྟེ། རྟེན་གཉིས་ནི། བྱིནརླབས་ལས་གྲུབ་པ་རྡོ་རྗེའི་གདན་དང་། མའི་མངལ་གཉིས་སོ། །དེ་ལ་སློབ་དཔོན་ཕལཆེར། རྡོ་རྗེ་གདན་ནི་མཆོག་གི་སྤྲུལ་སྐུ་འཚང་རྒྱ་བའི་གནས་འཕགས་ཡུལ་ན་ཡོད་པ་དེལ་ངོས་འཛིན་པར་མཛད་ཀྱང་མ་ཡིན་ཏེ། འདིར་བསྟན་གྱི་རྡོ་རྗེ་གདན་ནི་སངས་རྒྱས་ཐམསཅད་གང་དུ་འཚང་རྒྱ་བའི་གནས་ནང་དབྱིངས་མི་འགྱུར་བའི་ཆོས་ཉིད་དག་པ་མྱ་ངན་ལས་

p. 336

འདས་པའི་སྒོ་དང་། མའི་མངལ་ནི་མ་དག་པ་འཁོར་བའི་སྒོ་འགྲོ་དྲུག་གི་སྐྱེ་གནས་གངརུང་ལ་འདོད་པ་ཡིན་པས་སྒྲ་ཇི་བཞིན་དུ་བཤད་པར་བྱ་བ་མ་ཡིན་ནོ། །འདི་དག་ཀྱང་། ཉིཟླ་ཁ་སྦྱོར་ལས། དབང་པོ་ཡན་ལག་ཡོངས་རྫོགས་པས། །དབང་པོ་ཀུན་ལ་ཐོགས་མེདཅིང་། །རི་བྲག་ལ་སོགས་ཐོགས་མེད་འཇུག །ཅེས་གསུངས། ཟས་ཀྱི་ཁྱད་པར་ནི། དྲི་ཚོརབ་ཙམ་གྱིས་དབང་པོ་ཚིམ་པ་དང་། ཚེ་རྒྱས་པ་དང་། འཚོ་བར་འགྱུར་བ་ཡིན་ལ། འཆི་འཕོབ་ཇི་ལྟར་འགྱུར་བ་ལུང་བསྟན་པའི་མདོ་སོགས་མདོ་རྣམས་སུ་རིགས་དྲུག་གི་ཟས་རགསཔ་ནི་བསྔོས་ཀྱང་མི་ཐོབ་པར་བཤད་ནའང་། སྔགས་ཀྱི་ཆོ་ག་ལས་ཟས་གཏད་གསུངས་པལྟར་སྔགས་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཤིང་བསྔོ་བའི་མཆོད་པ་ཐོབ་པར་འགྱུརབ་ནི་སྔགས་ཀྱི་ཆོ་གའི་མཐུ་བྱིན་གྱི་ཆེ་བ་རྨད་དུ་བྱུང་བ་ཡིན་ནོ། །རྟེན་མི་འགྱུར་བའི་ཁྱདཔར་ནི། སྤྱིར་བཏང་ལ་ལྷ་ལྟ་བུ་གང་དུ་སྐྱེ་འགྱུར་གྱི་བར་དོའི་སྲིད་པ་གྲུབ་ཟིན་ནས་ལྷ་ཉིདདུ་སྐྱེ་བ་ལས་གཞན་མི་ལ་སོགས་པར་བསྒྱུར་དུ་མེད་མོད། དམིགས་བསལ་ལ་ནི། མངོནཔ་ཀུན་ལས་བཏུས་ལས། ཅི་སྟེ་ན་ལྡོག་གོ །ཞེས་དང་། ས་སྡེ་ལས་ཀྱང་། ཡང་ན་ནི་སྐལབ་མི་མཉམ་པ་གཞན་དུ་འགྱུར་ཏེ། ཞེས་གསུངས་པ་ལྟར། ངན་སོང་གི་བར་དོ་གྲུབ་ཟིནཔའང་དགེ་བའི་སྟོབས་ཀྱིས་མཐོ་རིས་ཀྱི་བར་དོར་བསྒྱུར་ཐུབ་པ་མི་འགལ་ཏེ། སངས་རྒྱསདང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པའི་ནུས་མཐུ་དང་ཐུགས་རྗེའི་བྱིན་རླབས་བསམགྱིས་མི་ཁྱབ་ཅིང་། སྔགས་དང་ཆོ་ག་ལ་སོགས་པའི་ནུས་མཐུ་ཡང་དཔག་པར་དཀའ་བའིཕྱིར་རོ། །ཚེའི་ཁྱད་པར་ནི། མདོ་ལས། དཔེར་ན་སྐྱེས་བུ་ལུས་སྟོབས་དང་ལྡན་པ་གཡུལངོར་རྟ་ལས་ལྷུང་ན་མྱུར་བར་རྟ་དེ་ལ་འཛིན་པ་ལྟར། སྐྱེ་བའི་འདུན་པ་ཕྱོགས་པས་མྱུར་དུསྐྱེ་བ་ལེན་པ་དང་སྲིད་པ་སྦྱོར་བར་བཤད་པས་ན། དུས་མཐའི་སྐད་ཅིག་མ་ནས་ཞག་བདུནགྱི་བར་དུ་རིང་ཐུང་མ་ངེས་པར་སྣང་ཞིང་། དེ་ལས་ལྷག་པ་མེད་པར་བཤད། ཞག་བདུནལོན་ནས་ཀྱང་སྐྱེ་བའི་ཚོགས་ལ་མ་རྙེད་ན། སྔར་གྱི་ཤི་བ་དྲན་པས་བར་དོའི་ལུས་སྔ་མའིཚེ་ཟད་ནས་འཆི་ལ། ཡང་སྐྱེ་བ་དྲན་པས་བར་དོའི་ལུས་ཕྱི་མ་གཅིག་འགྲུབ་སྟེ། ཚུལ་དེ་

p. 337

ལྟ་བུས་རིང་མཐའ་བདུན་ཕྲག་བདུན་དང་། འབྲིང་དེའི་བར་གྱི་བདུན་ཚན་མ་ངེས་པརབཤད་དེ། ཉི་ཟླ་ཁ་སྦྱོར་ལས། གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲགབདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ཞེས་དང་། ས་སྡེ་ལས། བར་དོའི་སེམས་ཅནདེའང་སྐྱེ་བའི་རྐྱེན་མ་རྙེད་ཀྱི་བར་དུ་ཇི་ལྟར་ཐོགས་ནའང་ཞག་བདུན་གནས་པར་ཟད་དོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །ཡང་མ་རྙེད་ན་ནི་ལུས་བརྗེས་ནས་ཡང་ཞག་བདུན་དུ་གནསསོ། །སྐྱེ་བའི་རྐྱེན་མ་རྙེད་ན་ཞག་བདུན་ཕྲག་བདུན་གྱི་བར་དུ་ཡང་གནས་སོ། །དེ་ལསའདས་ཕན་ཆད་ནི་གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །ཞེས་གསུངས་པ་ལྟརརོ། །དེས་ན་བར་དོར་ཞག་བདུན་ཕྲག་རེ་ན་འཆི་བའི་ཕྱིར། ལུས་བརྗེ་མཚམས་སུ་བདུནཚིགས་ཀྱི་དགེ་བའི་སྟོངས་བྱེད་པ་ཡིན་ནོ། །སྐྱེ་གནས་བཞི་ལས་གང་དུ་གཏོགས་པའི་ཁྱདཔར་ནི། བརྫུས་སྐྱེས་སུ་གཏོགས་ཏེ། ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་ཚན་རེ་ལ་སྐྱེ་འཆིའི་སྡུག་བསྔལ་དྲག་པོ་སྤྱོདཔའོ། །མངོན་པ་མཛོད་ལས་ཀྱང་། དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མབརྫུས་ཏེ་སྐྱེས། །ཞེས་བཤད་པ་བཞིན་ནོ། །ལས་གསོག་མི་གསོག་གི་ཁྱད་པར་ནི། ལསརགས་པ་མངོན་འགྱུར་བ་མི་གསོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱིཆ་ཅན་ཕྲ་བ་གསོག་སྟེ། རྨི་ལམ་གྱི་ལས་བཞིན་ནོ། །དཔེས་ཉེ་བར་མཚོན་པའི་ཁྱད་པརནི། རྩྭས་མེ་འཛིན་པ་ལྟར་ལས་དང་བག་ཆགས་ཀྱི་དབང་གིས་མངལ་འཛིན། འདམ་རྫབཀྱིས་ནོར་བུ་ལ་སོགས་པ་འཛིན་པ་ལྟར་འཁོར་བ་ན་རང་རིག་པའི་ཡེ་ཤེས་འཛིན་པ་དང་། རྙིས་བྱ་འཛིན་པ་ལྟར་སྐྱེ་གནས་ལ་སྲིད་པས་བར་སྲིད་ཀྱི་སེམས་ཅན་འཛིན་པ་ཡིན་ནོ། །གཉིས་པ་བར་དོའི་རྟགས་ལ། འགྲོ་བའི་ལམ་བཞི། ཡ་ང་བའི་གཡང་ས་གསུམ། འཇིགས་པའི་སྒྲ་བཞི། ངེས་པའི་རྟགས་ལྔ། མ་ངེས་པའི་རྟགས་དྲུག་ལ་སོགས་པ་སྟེ། དེལ་དང་པོ་འགྲོ་བའི་ལམ་བཞི་གང་ཞེ་ན། གང་དུ་ཕྱིན་པའི་གནས་ཐམས་ཅད་དུ་འོད་དཀརཔོའི་ལམ་བྱུང་ན་ལྷ་དང་ལྷ་མིན་དུ་སྐྱེ། ནག་པོའི་ལམ་བྱུང་ན་དམྱལ་བར་སྐྱེ། དམར་པོའི་

p. 338

ལམ་བྱུང་ན་ཡི་དྭགས་སུ་སྐྱེ། སེར་པོའི་ལམ་གྱིས་མི་དང་དུད་འགྲོ་ལ་སོགས་པར་འཇུགཔ་ཡིན། དེ་དག་གི་དུས་སུ་བར་དོའི་ལུས་དེ་ཉིད་མགོ་གྱེན་དུ་བལྟས་ཏེ་འགྲོ་ན་ལྷ་དང་མི། འཕྲེད་ལ་བལྟས་ཏེ་འགྲོ་ན་ལྷ་མིན་དང་དུད་འགྲོ། ཐུར་ལ་སྤྱིའུ་ཚུགས་སུ་བལྟས་ཏེ་འགྲོན་ཡི་དྭགས་དང་དམྱལ་བར་སྐྱེ་བར་བཤད། ཡང་ཤེས་པ་གསལ་ལ་དྭངས་ན་ལས་དཀརཞིང་བདེ་འགྲོར་སྐྱེ་བ་དང་། ཤེས་པ་རྨུགས་ཤིང་མི་གསལ་ན་མི་དགེ་བའི་ལས་ཀྱིས་ངནའགྲོར་ལྟུང་བའི་ལྟས་སུ་འགྱུར་བ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། ལྷ་དང་མི་ནི་གྱེན་དུ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་བལྟ། །ཞེས་དང་། གངཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མིགསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང་། །ཞེས་སོ། །གཉིས་པ་ཡ་ང་བའི་གཡང་ས་གསུམ་ནི། ངན་སོང་དུ་ལྷུང་བ་ཞིག་ཡིན་ན། དེའི་ལྟསདུག་གསུམ་གང་ཤས་ཆེ་བའི་ལས་སྣང་འཇིགས་ཤིང་སྐྱི་གཡའ་བའི་གཡང་ས་ཆེན་པོ་གསུམགྱི་འཁྲུལ་སྣང་འཆར་ཏེ། དེ་ཡང་འདོད་ཆགས་ཀྱི་ལས་ཤས་ཆེ་ན་གཡང་ས་ཆེན་པོ་དམརཟིང་ངེ་བ་དང་། གཏི་མུག་གི་ལས་ཤས་ཆེ་ན་གཡང་ས་ཆེན་པོ་སྐྱ་ཆད་དེ་བ་དང་། ཞེ་སྡངགི་ལས་ཤས་ཆེ་ན་གཡང་ས་ཆེན་པོ་ནག་ངམ་མེ་བ་མཐོང་བར་འགྱུར། གསུམ་པ་འཇིགས་པའི་སྒྲ་བཞི་ནི། སྔར་གསོན་གྱི་དུས་སུ་འབྱུང་བ་བཞིའི་རླུང་བྱེད་བཅིངས་ཀྱི་གནད་ཟབ་མོས་མ་འཆིངས་པས་རླུང་དང་རྣམ་རྟོག་ཐ་མལ་པར་བཤོལ་བའིབག་ཆགས་ཀྱི་མཐུ་ལས། ད་རེས་བར་དོའི་སྐབས་འདིར་འབྱུང་བ་ཕྲ་མོའི་ཁམས་འཁྲུགསཤིང་ལོག་པའི་འཁྲུལ་སྣང་འཆར་ཏེ། སའི་ཁམས་ལོག་པས་རི་ཉིལ་བ་དང་བྲག་གཤགས་པ་ལྟ་བུའི་ཐུག་ཆོམ་གྱི་སྒྲ་དང་། ཆུ་ཁམས་ལོག་པས་རྒྱ་མཚོ་འཁྲུག་པའམ་ཆུ་འོད་བརྡོལབ་ལྟ་བུའི་ཤྭ་སྒྲ་དང་། མེ་ཁམས་ལོག་པས་ཁང་ཁྱིམ་ནགས་ཚལ་མེས་ཚིག་པ་ལྟ་བུའི་ཚིགསྒྲའམ་འུར་སྒྲ་དང་། རླུང་གི་ཁམས་ལོག་པས་ས་ཕྱོགས་ཡུལ་ཁམས་ཐམས་ཅད་དྲག་ཏུགཡོ་བ་དང་ལྷན་ཅིག་ཏུ་འབྲུག་སྒྲ་ལྟ་བུའི་འུར་ཆོམས་ཀྱིས་འཇིགས་སྐྲག་སྡུག་བསྔལ་མི་

p. 339

བཟོད་པ་སྐྱེ་བའོ། །བཞི་པ་ངེས་པའི་རྟགས་ལྔ་ནི། ད་ལྟ་ཁྱོད་སྔར་ཞེན་གྱི་བག་ཆགས་ལངས་པས་རངཤི་བར་ངོ་མ་ཤེས་ཏེ། དེའི་དབང་གིས་སྔར་གྱི་ཉེ་འབྲེལ་ཤུལ་མི་རྣམས་ཀྱིས་མྱ་ངན་དང་ངུཆོམ་བྱེད་པ་ལ་མི་བཟོད་པ་སྐྱེ་ཞིང་། དེ་དག་གི་དྲུང་དུ་ཕྱིན་ཏེ་གཏམ་སྨྲས་ཀྱང་། དེ་རྣམསཀྱིས་མི་མཐོང་ཞིང་མ་ཐོས་པས། སྡུག་བསྔལ་དང་ཆགས་སྡང་དྲག་པོ་སྐྱེ་བ་ཡོད་ནའང་། ཁྱོད་སྐྱེ་བ་སྔ་མ་ནི་འདས། སྐྱེ་བ་ཕྱི་མ་ནི་མ་བླངས། ད་ལྟ་བར་དོར་གནས་མེད་དུ་འཁྱམསནས་བར་དོའི་འཁྲུལ་སྣང་ལ་སྤྱོད་པར་འདུག དེ་བདེན་པའི་གཏན་ཚིགས་ནི། ཁྱོད་ལ་སྔརགསོན་གྱི་དུས་དང་མི་འདྲ་བའི་བར་དོ་ན་ཡོད་ངེས་པའི་རྟགས་རྣམ་པ་ལྔ་འཆར་ཞིང་སྣངབ་སྟེ། དེ་གང་ཞེ་ན་སྔར་གསོན་གྱི་དུས་ལག་པས་རེག་པ་ལ་ལག་རྗེས། རྐང་པས་ཕྱིན་ཤུལལ་རྐང་རྗེས། ལུས་ལ་གྲིབ་མ་དང་སེ་གོལ་དང་ཐལ་མོ་བརྡབས་པ་ལ་སྒྲ་སོགས་ཡོད་ཀྱང་། ད་ལྟ་རྨི་ལམ་གྱི་ལུས་བཞིན་དུ་ལག་པས་རེག་པ་ལ་ལག་རྗེས་ཀྱང་མེད། རྐང་པས་ཕྱིན་པལ་རྐང་རྗེས་ཀྱང་མེད། ཐལ་མོ་དང་སེ་གོལ་ལ་སྒྲ་མི་འབྱུང་ཞིང་ལུས་ལ་གྲིབ་མ་མེད་པའདིས་རང་བར་དོ་ན་ཡོད་པ་ངོ་ཤེས་པར་གྱིས་ཤིག དེ་བཞིན་དུ་སྔར་གསོན་གྱི་དུས་རྩིགཔ་སོགས་ཐོགས་བཅས་ཀྱི་དངོས་པོ་ཆེ་ཕྲ་གང་ལའང་ཐོགས་པ་ལས། ད་ལྟ་ཆེ་བ་རི་རབརྟ་གླང་སོགས་དང་ཆུང་བ་ཁབ་མིག་དང་རྟ་རྔ་སོགས་དངོས་པོ་གང་ལའང་ཐོགས་པ་མེདཔར་ཟང་ཐལ་དུ་འགྲོ་ནུས་པ་འདི་ཡང་བར་དོ་ན་ཡོད་ངེས་པའི་རྟགས་ཡིན། སྔར་གསོནགྱི་དུས་སུ་གཏམ་སྨྲས་པ་གཞན་གྱིས་ཐོས་པ་ལས། ད་ལྟ་ཉེ་འབྲེལ་ཤུལ་མི་ལ་སོགས་པའིདྲུང་དུ་ཕྱིན་ཏེ་གཏམ་ཇི་ཙམ་ཞིག་སྨྲས་ཀྱང་དེ་རྣམས་ཀྱིས་མི་ཐོས་པ་འདི་ཡང་བར་དོ་ན་ཡོདངེས་པའི་རྟགས་ཡིན། སྔར་གསོན་གྱི་དུས་མངོན་ཤེས་མེད་པ་ལས། ད་ལྟ་ཟག་བཅས་ཀྱིམངོན་ཤེས་རེས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་དབང་པོའི་ཡུལ་དུ་མཐོང་བ་དང་ཕྲ་བགཞན་གྱི་སེམས་ཀྱི་འགྱུ་བའང་གསལ་བར་ཤེས་ལ། ཡང་སྐད་ཅིག་གཉིས་པར་འགགསཔས་ཁྲེའུ་རིས་སུ་འཆར་བ་འདི་ཡང་བར་དོ་ན་ཡོད་ངེས་པའི་རྟགས་ཏེ། ངེས་པའི་རྟགས་

p. 340

བཞི་པོ་དེ་ནི་ཐོགས་བཅས་ཀྱི་ལུས་མེད་པའི་རྟགས་ཡིན། སྔར་གསོན་གྱི་དུས་སུ་ཉི་ཟླ་གཟའསྐར་མིག་གིས་མཐོང་བ་ལས། ད་ལྟ་ཉི་ཟླ་མི་མཐོང་ཡང་སྣང་མུན་གྱི་སྣང་བ་འཆར་བ་འདིནང་ན་ཁམས་དཀར་དམར་མེད་པའི་རྟགས་ཏེ་བར་དོ་ན་ཡོད་ངེས་པའི་རྟགས་སོ། །དེ་ལྟར་ངེས་པའི་རྟགས་རྣམ་པ་ལྔ་པོ་དེ་རང་ལ་འཆར་གྱིན་འདུག་གམ་མི་འདུག་ལེགས་པར་ལྟོསདང་། བལྟས་པས་རྟགས་དེ་རྣམས་འཆར་བར་འདུག་ན་ཁྱེད་ཤི་ནས་ད་ལྟ་བར་དོར་ཡོདངེས་པ་ཅན་ཡིན་པས་བར་དོའི་གདམས་པ་དྲན་པར་གྱིས་ཤིགལྔ་པ་མ་ངེས་པའི་རྟགས་དྲུག་ནི། ཁང་སྟོང་དང་ས་ཕུག་རི་གླིང་བར་སྣང་སོགས་གནསལ་ངེས་པ་མེད་པ་དང་། ལྷ་མི་ཡི་དྭགས་འདྲེ་སྲིན་སོགས་གྲོགས་ལ་ངེས་པ་མེད་པ་དང་། རང་དབང་དུ་དཀའ་བའི་རིགས་དྲུག་གི་ཟས་གོས་སྣ་ཚོགས་སྣང་ནས་ཟས་གོས་ལ་ངེས་པམེད་པ་དང་། རྩ་བརྒྱད་དང་ཟམ་རྔུར་ངལ་སྟེགས་སོགས་རྟེན་ལ་ངེས་པ་མེད་པ་དང་། སྤྱོདལམ་སྣ་ཚོགས་རྟག་མི་ཐུབ་པར་སྐད་ཅིག་རེ་རེ་ལ་འགྱུར་ཞིང་འགྲོ་བས་སྤྱོད་ལམ་ལ་ངེསཔ་མེད་པ་དང་། སེམས་ལ་བདེ་སྡུག་སྣང་བ་སྣ་ཚོགས་བརྟག་མི་བཟོད་པར་སྐད་ཅིག་ཙམརེ་ལ་བྱུང་ནས་ཡང་འགགས་ཤིང་ནུབ་སྟེ་སྣང་བ་གཞན་འབྱུང་ལ། ཕྱི་མ་ཤར་དུས་སྔ་མསྔ་མ་རྣམས་བརྗེད་ནས་སྣང་བ་སྔ་ཕྱིའི་རྨི་ལམ་ཁུང་དེར་མི་དྲན་པ་ལྟར་སེམས་ཀྱི་འཆརཚུལ་ལ་ངེས་པ་མེད་པ་སྟེ། འཕྲལ་ནས་འཕྲལ་དུ་འགྱུར་ཞིང་འགྲོ་ལ། ད་ལྟ་ཐད་དྲང་གིསྣང་བ་སྔར་ལས་ཆེས་གསལ་ཞིང་། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་ཤེས་པ་ཕྱད་ཕྱོད་ཡལཡོལ་བན་མ་བུན་དང་། གཞན་ཡང་རི་ཉིལ་བ་དང་། ས་གཡོ་ཞིང་འཁྲུག་པ་དང་། ཕྱོགསཐམས་ཅད་མུན་ནག་གིས་འཐིབས་པ་དང་། ཆུ་བོ་རྦ་ཀློང་དྲག་ཏུ་འཁྲུག་ཅིང་ཐོག་སེར་འབབ་པ་དང་། ནགས་ཚལ་མེས་འཚིག་པ་དང་། བར་སྣང་ལ་རྟེན་མེད་དུ་དཔྱངས་པ་དང་། རླུངདམར་དྲག་པོ་དང་ཁ་ཆར་བུ་ཡུག་འཚུབས་ཤིང་མཚོན་ཆ་སྣ་ཚོགས་ཀྱི་ཆར་བབ་པ་དང་། གཅན་གཟན་དང་གཤེད་མས་བདས་ནས་སྐྱབས་འཚོལ་བ་དང་། གཤིན་རྗེའི་རྒྱལ་པོསལས་ཀྱི་མེ་ལོང་སྟོན་ཞིང་ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་ལས་ཀྱི་རྡེའུ་དཀར་ནག་འགྲེམས་

p. 341

པས་དགེ་སྡིག་གི་སྟངས་གཅོད་པ་དང་། གཤིན་རྗེའི་སྐྱེས་བུ་མི་སྡུག་པ་རྣམས་ཀྱིས་རྒྱོབསོད་དང་ཧ་དིར་གྱི་སྒྲ་དྲག་པོ་དང་བཅས་ཏེ་མདུན་ནས་བསུ་བ་དང་དབང་མེད་དུ་འཁྲིདཅིང་ཕྱི་ནས་འདེད་པ་དང་། སྔོན་གྱི་ཁང་ཁྱིམ་དང་ཉེ་འབྲེལ་སོགས་རྨི་ལམ་གྱི་སྣང་བ་ལྟརམཐོང་ནས་དེ་དག་གི་རྩར་ཕྱིན་ཏེ་གཏམ་སྨྲས་ཀྱང་མ་ཐོས་པས་ལན་མེད་ཅིང་། མྱ་ངན་གྱིངུ་ཆོམ་བྱེད་པ་མཐོང་བས། ཀྱི་ཧུད་ང་ཤི་ནས་འདུག ད་སུ་ལ་རེ་ཅི་ཙུག་བྱེད་སྙམ་པའི་སྔངསསྐྲག་དྲག་པོ་འབྱུང་ཞིང་བུ་ཆུང་རྗེན་ལ་བོར་བ་ལྟར་གར་འགྲོའི་གཏད་སོ་མེད་པ་དང་། རངགི་ཟས་ནོར་རྣམས་ལ་གཞན་གྱིས་སྤྱོད་པར་མཐོང་ནས་ཞེ་སྡང་དྲག་པོ་མེ་ལྟར་འབར་བསོགས་མདོར་ན་འཇིགས་སྐྲག་དང་སྡུག་བསྔལ་གྱི་སྣང་བ་ཤས་ཆེ་བའི་འཁྲུལ་སྣང་བསམགྱིས་མི་ཁྱབ་པ་ཞིག་འཆར་ཏེ། སྐྱེ་བ་སྔ་མ་ནི་འདས་ཕྱི་མ་མ་བླངས་པས་ད་ལྟ་གནས་མེདརྟེན་མེད་དུ་བར་དོར་འཁྱམས་ནས་བཟོད་ཐབས་མེད་པའི་སྡུག་བསྔལ་ཆེན་པོས་མནར་ཏེ། ཅི་བྱ་འཚང་བརླག་ཏུ་གྱུར་བ་ཁྱོད་བདེན་མོད་ཀྱི་འོན་ཀྱང་དེ་རྣམས་ཐམས་ཅད་བར་དོའའཁྲུལ་སྣང་ཁོ་ན་ཤར་བ་མ་གཏོགས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དེ། རྨི་ལམ་དུའཇིགས་སྐྲག་མྱོང་བ་དང་ཁྱད་པར་མེད་པས། མཐོང་སྣང་ཐམས་ཅད་མེད་བཞིན་དུ་སྣངབའི་འཁྲུལ་སྣང་ཉིད་དུ་ཐག་ཆོད་ལ་འཇིགས་སྐྲག་གི་བློ་སྤོངས། གང་ལའང་ཆགས་ཞེནམ་བྱེད་པར་གདམས་པ་ཟབ་མོའི་གནད་ནས་བཟུང་སྟེ། སྐབས་འདིར་གྲོལ་བ་ཞིག་བྱེདདགོས་སྙམ་པའི་དྲན་པ་རྒྱུན་ཆགས་སུ་བསྟེན་པ་གལ་ཆེ། གསུམ་པ་བར་དོའི་སྣང་བ་ནི། ཁྱེད་ད་ལྟ་རང་གི་ཁང་ཁྱིམ་དང་ཡུལ་འཁོར་ལ་སོགསཔ་རྣམས་སུ་སྡོད་པའི་ལས་ཀྱི་འཕེན་པ་ནི་རྫོགས། མཛའ་བཤེས་ཉེ་འབྲེལ་རྣམས་དང་ལྷནཅིག་ཏུ་འགྲོགས་པའི་སྐལ་བ་ནི་ཟད། བསགས་པའི་ཟས་ནོར་ཡོ་བྱད་ལ་སྤྱོད་པའི་ལསདབང་དང་ནི་བྲལ། ཚེ་ཚད་ཀྱི་འཕེན་པ་མཐར་གཏུགས་པ་ན་རང་རང་གི་སྔོན་གྱི་ལསབཞིན་འཇིག་རྟེན་ཕྱི་མའི་ལམ་དུ་སོ་སོར་འགྲོ་བ་ནི་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས། ཚེལས་འདས་པ་ཁྱོད་ཀྱང་སྔ་མའི་སྤྱོད་ཡུལ་ཐམས་ཅད་བག་ཆགས་ཀྱི་ཡུལ་ཙམ་དུ་ལུས་ནས།

p. 342

ད་ལྟ་བར་དོའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཞིག་འཆར་བ་འདི་ཐམས་ཅད་རང་སེམས་འཁྲུལཔའི་སྣང་བ་ལས་འབྱུང་བ་ཡིན་གྱི། ཕྱི་རོལ་ནས་དོན་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ། སྤྱོད་འཇུག་ལས། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་གསུངསཔ་ལྟར་ཤེས་པར་གྱིས་ལ། སྣང་བ་འདི་དག་འཁྲུལ་སྣང་ཙམ་ལས་བདེན་པར་གྲུབ་པ་མེདཔས། གཟུགས་མཛེས་པ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པ་དང་། རོ་མངར་བ་དང་། རེགབྱ་འཇམ་པར་སྣང་བ་ཐམས་ཅད་ཀྱང་འཁྲུལ་སྣང་ཡིན་པས་ཆགས་པ་དང་ཞེན་པར་མ་བྱེདཅིག ཡང་གཟུགས་མི་སྡུག་པ་དང་། སྒྲ་མི་སྙན་པ་སོགས་ཀྱང་རང་སེམས་ཀྱི་འཁྲུལ་སྣངཡིན་པས་ཡིད་མི་བདེ་བས་སྡང་བ་དང་སྤོང་འདོད་མ་བྱེད། དེ་བཞིན་དུ་དགྲ་གཉེན་གྱིསྣང་བའང་འཁྲུལ་སྣང་ཙམ་དུ་ཟད་པས། དགྲར་སྣང་ལ་ཞེ་སྡང་དང་གཉེན་དུ་སྣང་བ་ལཆགས་པར་མ་བྱེད། ཚ་གྲང་དུ་སྣང་བའང་འཁྲུལ་སྣང་ཡིན་པས། ཚ་བས་གདུངས་པ་ལམི་འདོད་པ་དང་གྲང་བ་ལ་ཆགས་པ་དང་འདུན་པ་མ་བྱེད། གྲང་བས་ཉེན་ཡང་སྤོང་འདོདདང་དྲོ་བ་ལ་ཆགས་སུ་མི་རུང་། རང་མོའི་སྣང་བ་ཤར་ན་ཕོ་ལ་ཆགས་པ་དང་མོ་ལ་སྡངབའི་སེམས་མ་བྱེད། དེ་བཞིན་དུ་རང་ཕོའ་སྣང་བ་ཤར་ན་མོ་ལ་ཆགས་པ་དང་ཕོ་ལ་སྡངབའི་སེམས་མ་བྱེད། ཕོ་མོར་སྣང་བ་ལ་ཆགས་སྡང་གི་བློ་སྐྱེས་ན་མངལ་སྐྱེས་དང་སྒོང་སྐྱེསསུ་འཇུག བར་དོའི་གནས་སྐབས་ཀྱི་ཕོ་མོར་སྣང་བའང་རང་གི་སེམས་སྣང་ཙམ་སྟེ། ཡུལགྱི་དོན་ལ་འཁྲུལ་བ་ཡིན་པས་ཆགས་སྡང་བྱེད་པ་འཁྲུལ་ལོ། །གཞན་ཡང་གནས་ལ་སྲེདཔ་སྐྱེས་ན་བརྫུས་སྐྱེས་དང་། དྲོ་རོ་ལ་སྲེད་པ་སྐྱེ་ན་དྲོད་གཤེར་སྐྱེས་སུ་འཇུག་པས་དེ་དགལ་ཆགས་སྲེད་སྤོང་། ས་ཕྱོགས་དང་ཡུལ་ཕྱོགས་དགའ་དགའ་ལྟར་སྣང་བ་དང་། དྲིའི་རྣམཔ་ཞིམ་པ་ཚོར་ཡང་མེད་བཞིན་དུ་སྣང་བའི་འཁྲུལ་པ་ཡིན་པས་དགའ་གདུང་དང་ཆགསསྲེད་མ་བྱེད་ཅིག གཤེད་མ་དང་གཅན་གཟན་མི་སྡུག་པ་སོགས་སྲོག་ཆགས་འཇིགས་སུརུང་བ་མཐོང་ཡང་རྨི་ལམ་ལྟར་འཁྲུལ་སྣང་ཐག་ཆོད་ལ་འཇིགས་སྐྲག་མ་བྱེད། མདོར་ན་

p. 343

ཡུལ་ལེགས་ཉེས་སུ་སྣང་བ་གང་ལའང་ཆགས་སྡང་དང་བླང་དོར་རེ་དོགས་ལ་སོགས་པགཉིས་འཛིན་གྱི་བློ་སྤོངས་ལ། ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡོངསདག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །བཞིན་གྱི་དཀྱིལ་འཁོར་སྣང་བ་ལྟར། །ལྗོན་པསཆོས་རྣམས་ཤེས་པར་གྱིས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྒྱུ་མ་མཁནགྱིས་སྤྲུལ་པའི་གཟུགས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བགང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟརཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་སྐྱེད་པརགྱིས་ཤིག དེ་ཡང་བར་དོའི་རྟེན་ནི་འགྱུར་སླ་ཞིང་ཤེས་པ་གསལ་བའི་དབང་གིས། སྐབསའདིར་ཆགས་སྡང་སྡིག་པའི་སྣང་བ་ཤར་ན་སྔར་གྱི་ལས་ངན་གསོས་ཐེབས་ཏེ། འཇིགསརུང་ངན་སོང་གི་གཡང་དུ་ལྟུང་བར་ཐེ་ཚོམ་མེད། དད་པ་དང་སྙིང་རྗེ་ལ་སོགས་པ་དགེ་བའིསེམས་བསྐྱེད་ན་སྔར་གྱི་དགེ་བའི་ལས་རྣམས་གསོས་ཐེབས་ནས་རབ་ཐར་པའི་གོ་འཕངདང་ཐ་ནའང་མཐོ་རིས་ཀྱི་བདེ་བ་འཐོབ་པར་འགྱུར་བ་གདོན་མི་ཟ་སྟེ། བར་དོའི་གནསསྐབས་འདིར་ནི་སྲང་མདའི་མཐོ་དམའ་ལྟར་འཁྲུལ་ན་འཁྲུལ་ཚབས་ཆེ་བས་ཆགས་སྡང་གིརྣམ་རྟོག་ཕྲ་མོ་རེས་ཀྱང་ངན་སོང་དུ་སྐྱུར་ནུས། ལམ་བསྒོམས་ན་གྲོལ་ཚབས་ཀྱང་ཆེ་སྟེ། གསོན་དུས་ལོ་ཟླར་བསྒོམས་པ་ལས་ཀྱང་འདིར་སྐད་ཅིག་ཙམ་རེ་སྒོམ་པ་བོགས་ཆེ་བས། ད་ནི་སེམས་ཉོན་མོངས་པའི་དབང་དུ་མ་གཏོང་བར། བར་དོའི་སྣང་བ་འདི་ཐམས་ཅད་རངསྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཟབ་མོའི་གདམསཔ་སྒོམ་པ་ལ་ནན་ཏན་དུ་འབད་པར་བྱས་ན། རབ་ཏུ་དུས་ད་ལྟ་རང་གྲོལ་བར་འགྱུར་ཞིང་། ཐ་ནའང་མཐོ་རིས་ལྷ་དང་མི་གང་རུང་དུ་འགྲོ་བར་ཐེ་ཚོམ་མེད་དོ། །དེས་ན་ཁྱེད་རང་ཤུལདུ་ལུས་པའི་གཉེན་ཉེ་བ་ས་ཞིང་བང་ཁང་ནོར་ལོངས་སྤྱོད་སོགས་གང་ལའང་ཆགས་པ་དངཞེན་པའི་སེར་སྣའི་བློ་མ་བྱེད། འདི་རྣམས་ལ་ཆགས་ཞེན་བྱས་ཀྱང་བྲལ་ཟིན་པས་ད་འགྲོགསཔའི་སྐལ་བ་མེད། ཆགས་ཤིང་ཞེན་ན་འཁོར་བར་སྐྱུར་བ་ཡིན་པས་བློ་ཐག་ཆོད་ཅིག འདི་

p. 344

ལྟར་ཉེ་དུ་ཁང་ཁྱིམ་ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་ཆམས་ཀྱིས་བཞག་ནས་འཇིགརྟེན་ཕ་རོལ་དུ་ཐལ་བ་ལ་ཤུལ་མི་རྣམས་ཀྱིས་གཞུང་བཟང་པོས་བླ་མ་དང་དཀོན་མཆོགལ་མཆོད་པ། དབུལ་ཕོངས་ལ་སྦྱིན་གཏོང་སོགས་དགེ་བའི་སྟོངས་དང་ར་མདའ་བྱས་པའདིས་ཁྱོད་ལ་ཤིན་ཏུ་ཕན་པར་འགྱུར་ཏེ། བུ་མོ་རིན་པོ་ཆེས་ཞུས་པའི་མདོ་ལས། འཆིབའི་དུས་ལ་བབས་པ་ན། །བུ་དག་སྐྱབས་སུ་མི་འགྲོ་ཞིང་། །ཕ་མ་མ་ཡིན་གཉེན་འདུནམིན། །དེ་ཚེ་བསོད་ནམས་སྐྱབས་གཅིག་པུ། །ཞེས་གསུངས་པ་ལྟར་ཡིན་པས་སྡུག་བསྔལམི་འཚལ་ལོ། །བཞི་པ་བར་དོའི་གདམས་ངག་ཇི་ལྟར་བསྒོམ་པའི་ཚུལ་ནི། དང་པོ་གསོན་གྱི་དུས་ཉིདདུ་ཉིན་མོའི་སྣང་བ་ཐམས་ཅད་བར་དོ་དངོས་ཡིན་སྙམ་པ་དང་། མཚན་དུས་རྨི་ལམ་དུའངབར་དོ་ན་འདུག་སྙམ་དུ་དྲན་འདུན་ཡང་ཡང་བཟུང་ཞིང་བར་དོའི་གདམས་ངག་རྣམས་བསྒོམཔས་གནས་སྐབས་འདིར་མ་འཁྲུལ་པ་ཞིག་བྱེད་དགོས། ཁྱད་པར་དབང་པོའི་རིམ་པ་དངམཐུན་པར་བར་དོའི་གདམས་ངག་བསྒོམ་ཚུལ་ཡང་། དབང་པོ་ཡང་རབ་རྣམས་ལམ་ཟབམོ་བླ་མའི་མོས་གུས་ལ་བརྟེན་ནས་བར་དོ་སྦྱོང་བར་བྱེད་པ་སྟེ། སྐལ་ལྡན་ཁ་ཅིག་གཏནཚིགས་ལ་སོགས་པའི་ཐབས་ཀྱིས་བློ་སྣ་མོས་གུས་སུ་འདྲེན་མི་དགོས་པར་ཐོག་མ་ཉིད་ནསརྟོག་པའི་འཆར་སྒོ་ཐམས་ཅད་བཅོས་མིན་གྱི་མོས་གུས་སུ་སྐྱེ་བས། བསམ་རྒྱུ་བླ་མ། སྨྲབརྗོད་གསོལ་འདེབས། སྣང་བ་བླ་མ་དང་མི་འབྲལ་བར་རེ་ལྟོས་འཆའ་ནུས་པ་ཞིག་འོངན་དབང་པོ་ཡང་རབ་ཏུ་སོང་བས་བླ་མའི་རྣལ་འབྱོར་ཁོ་ནས་བར་དོ་འབྱོངས་པ་ཡིན་ཏེ། དེའིགདམས་པ་ནི། རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངསརྒྱས་ཀུན་དང་མཉམ། །ཞེས་དང་། གདན་བཞི་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེབཞིན་བླ་མ་དགེ་འདུན་ཏེ། །ཞེས་སོགས་གསུངས་པ་ལྟར་རྩ་བའི་བླ་མ་ནི་ཕྱོགས་བཅུ་དུསགསུམ་གྱི་སངས་རྒྱས་ཀུན་འདུས་ཡིན་ལ། དེ་ཡིན་པ་བཞིན་དུ་ཆོས་དང་དགེ་འདུན་ཀུནའདུས་ཀྱང་ཡིན་པས་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་ཅན་ཀུན་གོ་གཅིག་

p. 345

གིས་ཆོད་པའི་གཅིག་ཆོག་རྒྱལ་པོ་ཡིན་པར་བློ་ཐག་བཅད་ལ་ཅི་བྱེད་ཁྱེད་ཤེས་སུ་གཏད་དེ་རེ་ལྟོས་ལིང་སྐྱུར་གྱི་མོས་གུས་དྲག་པོས་གསོལ་བ་ཕུར་ཚུགས་སུ་ཐོབ་ཅིག དེར་མ་ཟདབར་དོའི་འཁྲུལ་སྣང་འདི་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་དུ་ཟད་པས་རང་གི་བློསགང་དུའང་སྒྱུར་དུ་བཏུབ་པའི་ཕྱིར་དག་པའི་སྣང་བར་བསྒྱུར་བར་བྱའོ་སྙམ་པས། གཟུགསསུ་སྣང་ཚད་ཐམས་ཅད་བླ་མའི་སྐུའི་དཀྱིལ་འཁོར་བལྟ་བས་མི་ངོམས་པ། སྣང་བ་གཟུགསསུ་གྲུབ་ལ་འཛིན་པ་གཟུགས་སུ་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་སྟོངཞེན་བྲལ་དུ་ལྷག་གེ་བ། སྒྲ་གྲགས་ཚད་བླ་མའི་གསུང་སྲིད་ཞིའི་རྒུད་པ་སེལ་བའི་དམ་པཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་གཞོམ་མེད་དུ་ཝཾ་ངེ་བ། དྲན་རིག་ཐམས་ཅད་བླ་མའི་ཐུགསསྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆོས་སྐུ་ཀ་དག་གི་དགོངས་པའི་ངངལ་རྗེན་ནེ་ཁྲོལ་ལེ་སྐྱུར་ལ་ཞོག་ཅིག དེས་མ་དག་པ་ལས་སྣང་གི་སྒོ་གསུམ་པོ་རང་གི་གཉུག་མའི་ལུས་ངག་ཡིད་གསུམ་གྱི་དབྱིངས་སུ་རང་གྲོལ་བས་བླ་མའི་རྡོ་རྗེ་གསུམ་དང་དབྱེརམེད་དུ་འཚང་རྒྱ་བ་ཡིན་ནོ། །ཡང་དབང་པོ་རབ་བསྐྱེད་རྫོགས་ཟབ་མོའི་ལམ་གྱིས་བརདོ་སྦྱོང་བར་བྱེད་པ་ནི། བླ་མ་ལ་སངས་རྒྱས་དངོས་སུ་མི་མཐོང་ན་བླ་མའི་མོས་གུས་ཁོ་ནསབར་དོ་མི་འབྱོངས་པས། ཟབ་མོའི་རྫོགས་རིམ་གྱི་སྒོ་ནས་སྦྱངས་ཏེ། རླུང་སེམས་ཙམ་ལསགྲུབ་པའི་སྒྱུ་མ་ལྟ་བུའི་བར་དོའི་ལུས་འདི་རིལ་པོར་འཛིན་པའམ་རྗེས་སུ་གཞིག་པའི་བསམགཏན་གཉིས་གང་རུང་གིས་འོད་གསལ་བཅུག་སྟེ་དོན་དམ་པའི་བདེན་པ་མངོན་དུ་བྱས་ལཟུང་འཇུག་གི་ལྷ་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་སྔོན་དུ་བཏང་ནས། རང་ལུས་ལྷསྐུར་སྣང་བ་སྒྱུ་མ་ལྟ་བུ་ལ་མ་ཡེངས་པར་ཅེ་རེ་གཏད་པས་རིམ་གྱིས་དབྱིངས་སུ་ཡལ་བའིསྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་ནི་རིལ་པོར་འཛིན་པ་དང་། རང་དང་སྣོད་བཅུདཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་ཕྱི་སྣང་བ་ལ་ཅེར་གྱིས་བལྟས་པས་སྣོད་བཅུད་ཀྱི་སྣང་བ་དེ་ཐམས་ཅད་དབྱིངས་སུ་ནུབ། དེ་ནས་རང་ལུས་ལ་ཅེ་རེ་བལྟས་པས་དེ་ཡང་དབྱིངས་སུ་ཐིམ་ནས་བསམ་མེད་སྤྲོས་བྲལ་གྱི་ངང་ལ་མ་བཅོས་པར་འཇོག་པ་ནི་

p. 346

རྗེས་སུ་གཞིག་པའི་བསམ་གཏན་ཏེ། དེ་ལྟར་བསམ་གཏན་གཉིས་ཀྱིས་བར་དོའི་ལུས་དངསྣང་བ་ཐམས་ཅད་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་བཅུག་ནས་ཡང་ཡང་གོམསཔར་བྱས་པས་སྣང་གསུམ་རྣམ་པར་དག་པའི་འོད་གསལ་གྱི་མེས་བར་དོའི་སྒྱུ་ལུས་སྦྱངསནས། སྔོན་གྱི་འཕེན་པས་རྒྱུ་བྱས། རྗེས་སུ་དྲན་པས་གསོས་བཏབ། ཏིང་ངེ་འཛིན་གྱིསམཚམས་སྦྱར་ནས་ལུགས་ལྡོག་གི་སྣང་གསུམ་ཡེ་ཤེས་ཀྱི་རླུང་དང་བཅས་པ་ལས་ཟུང་འཇུགགི་སྐུར་ཆུ་ལས་ཉ་ལྡང་བའི་ཚུལ་དུ་བཞེངས་པར་འགྱུར་ཏེ་འོད་གསལ་གྱིས་སྦྱང་བའོ། །འོདགསལ་མངོན་དུ་བྱེད་མི་ནུས་ན་བར་དོའི་སྣང་བ་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་པས་སྐབས་འདིར་དག་པའི་སྣང་བར་བསྒྱུར་བརབྱའོ་སྙམ་དུ་བསམ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དག་པའི་ཞིང་དང་གཞལ་ཡསཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགསཀྱི་སྐུ། རང་ཉིད་ཀྱི་ལུས་ཀྱང་ལྷའི་སྐུ་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་པ། སྣང་ལརང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས་དབྱེར་མེད་བདེ་བ་ཆེན་པོའི་སྐུར་རང་ཤར་དུ་ལྷག་གིས་འཆར་ཞིང་། སྒྲར་གྲགས་ཚད་གྲགས་སྟོང་གཞོམ་མེད་ཆོས་ཉིད་ཀྱི་སྔགས་སྒྲར་ལྷངངེ་བ། དྲན་རྟོག་ཐམས་ཅད་ཀ་དག་ཆོས་སྐུའི་རང་གདངས་མ་འགགས་པའི་རྣམ་རོལ་དུཤེས་པར་གྱིས་ལ། དེའི་ངང་ལ་རང་བབས་སུ་མཉམ་པར་ཞོག་ཅིག དེས་མ་དག་པའི་སྣངགྲགས་འགྱུ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་ཀློང་དུ་གྲོལ་བར་འགྱུར་རོ། །ཡང་འོད་གསལ་དངལྷ་སྐུ་ལ་གོམས་འདྲིས་ཞན་པས་བར་དོ་མ་འབྱོངས་ན་དབང་པོ་འབྲིང་པོར་གྱུར་པ་ཡིནཔས། འཆུགས་མེད་བར་དོའི་འཕོ་བས་སྦྱོང་བ་གལ་ཆེ་སྟེ། ང་ཤི་ནས་འདུག་སྙམ་པའིདུས་དེར་བར་དོ་ལ་འཇིགས་སྐྲག་གི་བློ་མི་བྱ་སྟེ། ཀྱེ་མ་ཆགས་སྡང་གིས་སྐྱེ་བ་ལེན་པ་ནིཤིན་ཏུ་སྡུག་བསྔལ་བས། ད་ནི་བདེ་ཆེན་གྱི་ཞིང་དུ་འགྲོ་བར་བྱའོ་སྙམ་དུ་བསམས་ལ། བརདོའི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པས། རང་གི་མདུན་དུ་ཨེ་ཆོས་ཀྱི་

p. 347

འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ་བདེ་བའིརང་བཞིན་བདེ་བར་འཆར་བ། དེའི་དབུས་སུ་རང་སེམས་ཐིག་ལེ་དཀར་པོ་གསལ་ཞིངའཚེར་བ། དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་ལན་གསུམ་དུ་ཟེར་རེ་རེ་སྤྲོས་པས་དུས་གསུམགྱི་སྐྱེ་གནས་ཀྱི་བག་ཆགས་ཐམས་ཅད་སྦྱངས་ཏེ། སྐྱེ་བ་ལེན་པའི་སྒྲིབ་པ་ཐམས་ཅད་དགཔར་བསམས། ཐིག་ལེ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགསཀྱི་སྐུ་འཇའ་ཚོན་ལྟ་བུར་ལྷག་གེ་བསྒོམས་ནས། སྣང་གྲགས་འགྱུ་གསུམ་གྱི་རང་ངོ་ལ་ཅེརེ་བལྟས་པས་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་དག་པའི་ངང་ལ་མཉམ་པར་བཞག ཡངན་མདུན་གྱི་ནམ་མཁར་བདེ་བ་ཅན་གྱི་ཞིང་ཁམས་མཚན་ཉིད་ཡོངས་སུ་རྫོགས་པའི་དབུསསུ་སངས་རྒྱས་སྣང་བ་མཐའ་ཡས་མཚན་དཔེའི་གཟི་བྱིན་ཉི་མ་འབུམ་གྱི་འོད་ཟེར་ལྟར་སྣངབ་མངོན་སུམ་དུ་བཞུགས་པར་མོས་ལ། རང་སེམས་ཨཱཿཡིག་དཀར་པོའི་རྣམ་པར་རང་གིཡིད་ལུས་ཀྱི་སྤྱི་གཙུག་ནས་སྐར་མདའ་འཕངས་པ་ལྟར་རྒྱངས་ཀྱིས་ཐོན་པ་འོད་དཔག་མེདཀྱི་ཐུགས་ཀར་སིབ་ཀྱིས་ཐིམ་པར་མོས་ལ་མཉམ་པར་ཞོག བར་དོའི་འཕོ་བ་དེ་ཉིད་ཀྱང སྨོན་ལམ་གྱི་མདེའུ་ཁ་བསྒྱུར་ན་ཤིན་ཏུ་བཙན་པར་འགྱུར་བས་རིགས་ཀྱི་བུ་ཁྱོད་འདི་ལྟརབསམ་པར་བྱ་སྟེ། འཆི་མེད་རྔ་སྒྲའི་གཟུངས་ལས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེབ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགསཔ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་ཞིང་དེར་སྐྱེ་བ་འཛིན། །འཆི་བའིདུས་ཚེ་སྟོན་པ་དེ། །དགེ་སློང་དགེ་འདུན་བཅས་ཏེ་མཐོང་། །ཞེས་གསུངས་པ་ལྟར་མ་དགཔའི་ཞིང་རྩོད་པ་དང་བཅས་པ་སྙིགས་མ་ལྔ་བདོ་བའི་འཇིག་རྟེན་གྱི་ཁམས་མྱ་ངན་གྱི་དྲི་ངབ་ཅན་འདིར་སྐྱེས་ན་ཟད་མཐའ་མེད་པ་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པས། དནི་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འགའ་ཞིག་འདས་པ་ན། སྨོན་ལམ་རྣམ་པརདག་པ་ལས་གྲུབ་པའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ། ས་གཞི་ཐམས་ཅད་ལག་མཐིལལྟར་མཉམ་པ་ཡེ་ཤེས་རིན་པོ་ཆེ་འབའ་ཞིག་གི་རང་བཞིན་ལས་གྲུབ་པ། དེར་སྲིད་པ་འཛིན་

p. 348

པའི་སེམས་ཅན་ཐམས་ཅད་ཀྱང་མེ་ཏོག་པདྨའི་སྙིང་པོ་ཁོ་ན་ལས་བརྫུས་ཏེ་སྐྱེ་བ་བྱང་ཆུབསེམས་དཔའི་དགེ་སློང་གི་དགེ་འདུན་མཐའ་ཡས་པའི་འཁོར་གྱི་ཁྱམས་ཆེན་པོའི་དབུས་སུགདན་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པ་ལ་སྟོན་པ་དེ་བཞིན་གཤེགས་པ་ཡང་དག་པརརྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ། བལྟ་བས་ངོམས་པ་མེད་པ་མཚནདཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུའི་རྣམ་པར་ད་ལྟ་མངོན་དུ་བཞུགས་ནས་ཐེག་པཆེན་པོའི་ཆོས་སྟོན་པར་མཛད་པས། བཅོམ་ལྡན་འདས་དེ་དད་པའི་ཤུགས་དྲག་པོས་ཡིདལ་དྲན་པར་གྱིས་ལ་དེ་བཞིན་གཤེགས་པ་དེའི་བྱིན་རླབས་ཀྱི་མཐུ་དང་རང་གི་དགེ་བའིསྟོབས་ཉིད་རྫུ་འཕྲུལ་གྱི་རྐྱེན་གྱིས་ཞིང་ཁམས་དེར་སྐད་ཅིག་གིས་སོང་སྟེ། མེ་ཏོག་པདྨའིཟེའུ་འབྲུའི་ཁང་པ་ལས་བརྫུས་ཏེ་སྐྱེས་ནས་སྐད་ཅིག་དང་པོ་ལ་སྟོན་པ་འོད་དཔག་མེད་ཀྱིཞལ་མཐོང་ཞིང་ཆོས་ཀྱི་བདུད་རྩི་ནོད་པས་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ལུང་བསྟནཔ་ཐོབ། སྐད་ཅིག་གཉིས་པ་ལ་སྤྱན་དང་མངོན་ཤེས་སོགས་ཟག་པ་མེད་པའི་ཡོན་ཏནཐམས་ཅད་བརྙེས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་ཞིང་མཐའཡས་མུ་མེད་པ་རྣམས་སུ་དུས་གཅིག་ལ་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཆུ་ཟླའི་སྣང་བ་ལྟར་བསྟནནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་ནུས་པར་གྱུར་ཅིག་སྙམ་པས། རྒྱལ་བའི་དཀྱིལའཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པའང་བདག་གིས་དེར་ཐོབ་ཤོག །དེར་ནི་བདགགིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགསབཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །ཅེས་སྨོན་ལམ་རྣམཔར་དག་པ་བཏབ་པས་ཆོས་ཐམས་ཅད་སྨོན་ལམ་གྱིས་མཐའ་སྒྱུར་བས་མི་བསླུ་བའི་ཕྱིརབདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གདོན་མི་ཟ་བ་ཡིན་ནོ། །གཞན་ཡང་ཁམས་གསུམ་འཁོརབའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མ་འདས་པས་འཁོརབའི་བདེ་འབྱོར་ལ་ཅིས་ཀྱང་དགོས་པ་མེད་སྙམ་པ་དང་། འཁོར་བ་ནི་ལས་ལས་བྱུང་། ལས་

p. 349

ནི་ཉོན་མོངས་པ་ལས་བྱུང་། ཉོན་མོངས་པ་མ་ཟད་ན་འཁོར་བ་མི་འཛད། ཉོན་མོངས་པསྤངས་ན་འཁོར་བ་ལས་རང་གྲོལ་དུ་འགྲོ་བ་ཆོས་ཉིད་ཡིན། སྔར་ཉོན་མོངས་པས་འཁོརབར་འཁྱམས། ད་ཡང་འདིའི་དབང་དུ་སོང་ན་སྡུག་བསྔལ་ལ་ཟད་པ་མེད་སྙམ་དུ་སྐྱོ་ཤསདང་ངེས་འབྱུང་དྲག་པོ་སྒོམས། ལས་སྡིག་པ་ལས་སྡུག་བསྔལ་དང་། དགེ་བ་ལས་བདེ་བའབྱུང་བའི་ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་དུང་དུང་བ་སྐྱེད། སྐྱིད་སྡུག་ལེགས་ཉེས་ཅིབྱུང་ཡང་རེ་ས་ལྟོས་ས་བླ་མ་དང་དཀོན་མཆོག་གསུམ་མ་གཏོགས་མེད་སྙམ་དུ་བློ་ལིངསཀྱིས་ཁོལ། གཞན་ཡང་མངལ་སྒོ་དགག་པའི་གདམས་པ་ཉམས་སུ་བླངས་དགོས་ཏེ། འགྲོབ་རིགས་དྲུག་གི་ཕོ་མོ་ཐམས་ཅད་ལ་ཐ་མལ་གྱི་སྣང་བ་མི་བྱེད་པར་ཡི་དམ་ཡབ་ཡུམ་དུསྒོམ་པ་བསྐྱེད་རིམ་གྱིས་མངལ་སྒོ་དགག་པ་ཡིན། ཕོ་མོ་དང་ཆགས་སྤྱོད་ཀྱི་སྣང་བ་གངམཐོང་ཡང་གང་ཤར་དེ་ཉིད་སྒྱུ་མ་ལྟ་བུར་ཤེས་ནས་དབྱིངས་སྤྲོས་བྲལ་གྱི་ངང་ལ་མཉམཔར་འཇོག་པ་ནི་རྫོགས་རིམ་གྱི་སྒོ་ནས་མངལ་སྒོ་དགག་པ་ཡིན། མངལ་དུ་སྐྱེ་བ་ལེན་པདང་འདོད་ཆགས་ཀྱི་ཉེས་དམིགས་ཤེས། ཚངས་སྤྱོད་ཀྱི་ཕན་ཡོན་མཐོང་ནས་སེམས་འདོདསྲེད་ཀྱི་དབང་དུ་མི་གཏོང་བ་ནི་ཚངས་སྤྱོད་ཀྱི་སྒོ་ནས་མངལ་སྒོ་དགག་པ་ཞེས་བྱ་བ་ཡིནནོ། །དེར་མ་ཟད་གནས་སྐབས་འདི་དག་ཏུ་མངལ་གནས་ངན་པ་སྤངས་ལ་བཟང་པོ་འདམསནས་འཇུག་པའང་གསུངས་ཏེ། དེ་ཡང་དམྱལ་བ་ལ་མུན་ནག་ཆར་འཐིབས། ཡི་དྭགས་ལའདམ་རྫབ་ཕྱི་ས། དུད་འགྲོ་ལ་གྲོག་པོ་དང་ལྗོན་ཤིང་། མི་ལ་ཁང་བཟང་དང་སྐྱེ་བོ་མངཔོའི་ཁྲོད། ལྷ་མིན་ལ་འོད་ཀྱི་འཁོར་ལོ། ལྷ་ལ་མེ་ཏོག་གི་ཚལ་དང་གཞལ་མེད་ཁང་ལསོགས་པ་སྣང་བ་སྟེ། དེ་རྣམས་ཀྱི་ནང་ནས་དམ་པའི་ཆོས་བསྒྲུབ་ཏུ་ཡོད་པའི་རྟེན་ཁྱད་པརཅན་ནི་མིའི་ལུས་ཡིན་པས་མིར་འདམ་ལ། དེར་ཕྱིན་དུས་ཕོ་མོ་འཁྲིག་པའམ། ལྷན་ཅིགཏུ་དགའ་བ་ཙམ་དང་ཕ་མ་གང་རུང་སྣང་བ་ལ་སོགས་པ་མ་ངེས་པར་གནས་པས། མའིམངལ་པདྨ་ཉི་ཟླའི་དབུས་སུ་ཧཱུྃ་ཡིག་བསམ་ལ། རང་གི་རྣམ་ཤེས་འཇུག་དུས་འདུན་པ་དྲགཔོས། དལ་འབྱོར་གྱི་ལུས་རྣམ་པར་དག་པ་གཅིག་ཏུ་སྐྱེ་བ་བླངས་ནས། བསྟན་པ་དང་སེམས་

p. 350

ཅན་ལ་ཕན་ཐོགས་པའི་བྱ་བ་རླབས་པོ་ཆེ་འགྲུབ་ནུས་པ་དང་རྟེན་དེ་ལ་བླ་ན་མེད་པའི་བྱངཆུབ་ཐར་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག་སྙམ་དུ་སྨོན་ལམ་རྣམ་པར་དག་པབཏབ་ནས། རང་སེམས་རྡོ་རྗེ་སེམས་དཔའ་ལྟ་བུ་ལྷའི་རྣམ་པར་ཧཱུྃ་དང་གཉིས་མེད་དུ་བསྲེསནས་ཞུགས་པས། ཕ་མ་དད་པ་ཅན་གྱི་བུར་སྐྱེས་ཏེ་ཆུང་ངུ་ནས་དམ་པའི་ཆོས་དང་འཕྲདདེ་དད་ཤེས་དང་བརྩོན་འགྲུས་དང་སྦྱངས་པའི་འཕྲོ་ཅན་དུ་སྐྱེས་ནས་རྟེན་དེའམ་ཕྱི་མ་ལགྲོལ་བ་ཐོབ་པར་གསུངས་སོ། །ལྔ་པ་གནས་ལུགས་ངོ་འཕྲོད་ནས་གྲོལ་བའི་ཚུལ་ནི། ད་ལྟ་ཁྱོད་རང་ལ་དགྲ་གཉེནདང་བདེ་སྡུག་ལ་སོགས་པའི་བར་དོའི་སྣང་བ་རིས་མ་ངེས་པ་སྣ་ཚོགས་པ་ཞིག་སྣང་ནའང་། དེ་ཐམས་ཅད་རང་སེམས་ཀྱི་བག་ཆགས་འཁྲུལ་པའི་སྣང་ངོར་ཤར་བ་མ་གཏོགས། ཕྱི་རོལན་དོན་ལོགས་སུ་གྲུབ་པ་མེད། དེ་བཞིན་དུ་སེམས་ལ་དགའ་སྡུག་མཐོ་དམན་གྱི་འཆར་སྒོསྣ་ཚོགས་པ་སྣང་བ་དེའང་རིག་པ་ཕྱིར་བལྟས་སུ་ཤར་ཙ་ན་དངོས་གནས་ལ་བདེན་པརགྲུབ་གྲུབ་འདྲ་བ་ཞིག་བྱུང་ཡང་། རྨི་ལམ་གྱི་དགྲས་དེད་པ་དང་། སྒྱུ་མའི་ཆུས་ཁྱེར་བ་ལྟརའཁྲུལ་པ་ལ་ག་ཐུལ་འཁྲུལ་པ་བསྣན་པ་ཡིན་པས། དེ་ལྟར་སྣང་བའི་དུས་ཉིད་ནསཡོད་མ་མྱོང་བའི་ཕྱིར་གང་ཤར་དེ་ཀའི་རང་ངོ་ལ་ཅེ་རེ་མ་ཡེངས་པར་བལྟས་པས། ཆུ་ནངགི་ཟླ་གཟུགས་ལྟར་སྣང་ཙམ་ནས་རང་བཞིན་མེད་པར་ཤེས་ཙ་ན། ཆགས་སྡང་ལ་སོགསཔའི་སེམས་དེ་ཡང་ངོས་བཟུང་མེད་པ་འཇའ་ཚོན་གྱི་རྗེས་བདས་པའམ་མདང་གི་རྨི་ལམལྟར་འདུག དེ་ལ་བརྟེན་པའི་དགའ་མི་དགའི་བདེ་སྡུག་གི་སྣང་བ་ཐམས་ཅད་ཀྱང་སྣང་བའིདུས་ཉིད་ནས་རང་བཞིན་མ་གྲུབ་པ་སྦྲུལ་མདུད་ནམ་མཁའ་ལ་གྲོལ་བའམ་ཆུ་ལ་རི་མོ་བྲིསཔ་ལྟར་ཤེས་པས་ཆགས་སྡང་གི་བློ་རང་སར་གྲོལ་ནས་གནས་ལུགས་སྤྲོས་པ་ཐམས་ཅདདང་བྲལ་བའི་དབྱིངས་རང་གྲོལ་གཉུག་མའི་ཡེ་ཤེས་མངོན་ཏུ་འགྱུར་ཏེ། གསང་བ་སྒྲ་རྒྱུདལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལབ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །ཅེས་པ་ནས། རང་གིས་གྲོལ་

p. 351

བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབདམེད་པའོ། །ཞེས་པའི་བར་གསུངས་པ་ཡིན་ནོ། །མདོར་ན་ཁྱེད་ངན་སོང་དང་འཁོར་བའིསྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་ཉེ་འབྲེལ་ཤུལ་མི་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་མཆོགབླ་མ་དང་དཀོན་མཆོག་མཆོད་པ། དགེ་འདུན་འདུས་པའི་ཚོགས་ལ་བསྙེན་བཀུར་དང་གྲལའགྱེད། སྐྱེ་བོ་རྣམས་དང་ཁྱད་པར་ངན་སློ ང་སོགས་དབུལ་ཕོངས་རྣམས་ལ་སྦྱིན་གཏོང་། འབྱུང་པོ་ལ་གཏོར་མ། སྐུ་གསུང་ཐུགས་རྟེན་བཞེངས་པ། མདོ་སྡེ་ཟབ་མོའི་ཀློག་འདོན། རྒྱུད་སྡེ་དུ་མའི་དཀྱིལ་འཁོར་སྒྲུབ་མཆོད་སོགས་དགེ་བའི་སྟོངས་རྒྱ་ཆེན་པོ་བསྒྲུབས་པ་འདིརྣམས་ཀྱིས་ཁྱེད་ལ་ཕན་ཐོགས་ཆེན་པོར་འགྱུར་བས་སྡུག་བསྔལ་མི་འཚལ་ཞིང་། ཁྱད་པརཤུལ་ན་གནས་པ་རྣམས་ཀྱིས་དཀོན་མཆོག་ལ་གསོལ་བ་འདེབས་པའི་ར་མདར་ངེད་རྣམསསྦྲན་པ་ཡིན་པར་དད་པ་དང་གུས་པར་གྱིས་ལ་བར་དོའི་འཇིགས་སྐྲག་འཁྲུལ་སྣང་གི་རྗེསསུ་མ་འབྲང་། འཁོར་བ་ལས་ཐར་འདོད་ཀྱི་བློ་བསྐྱེད། བླ་མ་དང་དཀོན་མཆོག་གསུམ་ལདད་པ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ། སྔར་བྱས་ཀྱི་སྡིག་པའི་ལསབསགས་པ་ལ་འགྱོད་སྡོམ། རང་གཞན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕངཐོབ་འདོད་ཀྱི་འདུན་པ་དྲག་པོ་གྱིས། བདག་ཅག་རྣམས་ཀྱིས་ཀྱང་འདི་ཞེས་བྱ་བའི་དཀྱིལ་འཁོརཆེན་པོ་སྒྲུབ་ཅིང་མཆོད་པ་དང་། ངན་སོང་སྦྱོང་བའི་ཐབས་ཀྱི་ཆོ་གའི་བྱ་བ་རྒྱུད་སྡེ་ལས་ཇིསྐད་འབྱུང་བ་ལྟར་བསྒྲུབས་ནས། ཁྱེད་བགེགས་དང་སྡིག་པ་སྦྱོང་བ་ལ་སོགས་པས་རྒྱུདསྦྱངས་ཏེ་དཀྱིལ་འཁོར་དུ་འཇུག་རུང་གི་སྐལ་བ་ཅན་དུ་བྱས་པ་ལྟར། དཀྱིལ་འཁོར་དུ་མངོནཔར་ཞུགས་ནས་དབང་ལེན་པ་སོགས་ཆོ་ག་བྱས་པའི་དོན་རྣམས་མ་ནོར་བར་སྒྲུབ་པ་དང་། ལམ་སྦྱང་བསྟན་ལ་སོགས་པའི་སྐབས་སུའང་། འཁོར་བའི་གནས་མཐོ་དམན་གང་དུ་སྐྱེསཀྱང་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་། སྡུག་བསྔལ་གྱི་བསུ་སྐྱེལ། མེའིའོབས་སམ་སྲིན་པོའི་གླིང་ལྟ་བུར་ཤེས་པས་མ་ཆགས་མ་ཞེན་པར་གྱིས་ལ། ད་ནི་བདེ་ཆེནཐར་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་དུ་དགའ་ཞིང་སྤྲོ་བའི་སྒོ་ནས། དག་པའི་ཞིང་གང་དུ་འགྲོ་

p. 352

བའི་ལམ་བསྟན་པ་དེར་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་ཐལ་གྱིས་འགྲོ་བའི་འདུནཔ་དྲག་པོ་གྱིས། ད་རེས་ཀྱང་འདི་ན་བཅོམ་ལྡན་འདས་འདི་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོམངོན་སུམ་དུ་བཞུགས་པ་ཡིན་ལ། བདག་ཅག་རྣམས་ཀྱིས་ཀྱང་ཚིག་གི་རམ་འདེགས་པཡིན་པས། ཁྱེད་རང་ཉེ་དུ་རྣམས་དང་ལྷན་ཅིག་ཏུ་ཧར་གྱིས་ལོངས་ལ་དཀྱིལ་འཁོར་གྱི་ལྷཚོགས་རྣམས་ལ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་། ངག་གིས་གསོལབ་འདེབས་པ། ཡིད་ཀྱི་མོས་གུས་དྲག་པོས་སྐྱབས་སུ་རེ་ལྟོས་འཆའ་བ་རྣམས་ཞེ་ཐག་པནས་གྱིས་ཤིག །ཅེས་མཚམས་སྦྱར་ཏེ་ཕྱག་སོགས་ཆོ་ག་ཇི་ལྟ་བའི་སྐབས་ཀྱི་རིམ་པ་ལ་འཇུག་པར་བྱའོ། །ཞེས་ཡུལདུས་དང་འཚམས་པར་བར་དོའི་ཆོས་བཤད་སྐབས་སུ་གང་བབས་ཁ་བསྒྱུར་ཆོག་པའི་འཁྱོག་མཚམས་ཀྱི་དཔེར་བརྗོད་དངབཅས་བརྗོད་བདེར་སྤེལ་བ་འདི་ཡང་རྗེ་བླ་མ་དམ་པའི་སྐུའི་སྲས་གནས་ལྔ་རིག་པའི་དབང་ཕྱུག་ཡང་དག་པའི་ལམ་གྱི་བཤེསགཉེན་དམ་པ་འགྱུར་མེད་ཡིད་བཞིན་ལེགས་གྲུབ་དཔལ་བཟང་པོའི་ཞབས་ཀྱིས་སུ་ཝརྞའི་གནང་སྐྱེས་དང་བཅས་ཏེ་བཀའལུང་ཕེབས་པ་ལྟར་སྨྱོས་ཀྱི་དགེ་སློང་རྒན་པོ་དྷརྨ་ཤྲཱིས་ཆེད་དུ་བརྗོད་པ་ཕྱོགས་དུས་ཀུན་ཏུ་བདེ་ལེགས་ཀྱི་སྣང་བ་ཆེན་པོསཁྱབ་པར་གྱུར་ཅིག། །།

ཡས་གཏམ་དང་བསྔོ་བའི་ཡོན་བཤད་ཀྱི་དཔེར་བརྗོད་བསྔོབ་ལེ་ཚན་དང་བཅས་པ་པད་དཀར་ཆུན་པོ། ལོ་ཆེན་དྷརྨ་ཤྲཱི།

p. 353

ཡས་གཏམ་དང་བསྔོ་བའི་ཡོན་བཤད་ཀྱི་དཔེར་བརྗོད་བསྔོབ་ལེ་ཚན་དང་བཅས་པ་པད་དཀར་ཆུན་པོཞེས་བྱ་བ་བཞུགས། ལོ་ཆེན་དྷརྨ་ཤྲཱི།

p. 354

ཡས་གཏམ་དང་བསྔོ་བའི་ཡོན་བཤད་ཀྱི་དཔེར་བརྗོད་བསྔོབ་ལེ་ཚན་དང་བཅས་པ་པད་དཀར་ཆུན་པོཞེས་བྱ་བ་བཞུགས། ༀ་སྭ་སྟི། བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །ཡུལ་དུས་དངའཚམས་པའི་ཡས་གཏམ་དང་བསྔོ་བའི་ཡོན་བཤད་མདོ་ཙམ་ཞིག་བརྗོད་ན། སྨྲ་བའི་ཚོད་ཟིན་པས་རྒྱས་བསྡུས་འཚམས་པ། སྨྲ་བའི་རྒྱན་དང་ལྡན་པས་བརྗོད་བྱ་བཟང་ཞིང་རྗོད་བྱེད་གཙང་ལ་བརྡའ་འཕྲོད་པ། ཞལ་མངོན་དུ་གྱུར་པའི་ཚོགས་པ་རྣམསཀྱི་རྣ་བའི་དབང་པོར་སྙན་ཞིང་འཇེབས་པས་ངག་ལྡབ་ལྡིབ་མ་ཡིན་པར་གསལ་དག་སྙན་པའི་སྒོ་ནས་འདི་སྐད་ཅེས་བསྙད་པརབྱ་སྟེ། དེ་ཡང་སྔོན་བསགས་བསོད་ནམས་ཀྱི་རྩ་བ་བརྟན་ཅིང་། ཕུན་ཚོགས་འབྱོར་པའི་ཡལའདབ་རྒྱས་ཏེ། རྣམ་དཀར་ལོངས་སྤྱོད་ཀྱི་མེ་ཏོག་མངོན་པར་བཀྲ་བའི་དམ་ཆོས་འབྲསབུའི་དགའ་སྟོན་ལ་རོལ་བའི་སྐབས་འདིར། སྐབས་དོན་བརྡ་སྤྲོད་པའི་སླད་དུ་སྔོན་རབསདག་པའི་རྗེས་སུ་འབྲངས་ཏེ་ལོ་རྒྱུས་ཁུངས་བཙུན་པ་འགའ་ཞིག་སྙན་དུ་གསོལ་བར་བགྱིན། འདི་ལྟར་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས་རྩ་བརྒྱུད་ཀྱིབླ་མ། དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས། སྒྲིབ་གཉིས་མུན་སེལ་དམ་ཆོསདཀོན་མཆོག རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ། དཀོན་མཆོག་རིན་པོཆེ་རྣམ་པ་གསུམ་སྐྱེ་འགྲོ་ཐམས་ཅད་ཀྱི་བླ་ན་སྐྱབས་དང་མགོན་དང་དཔུང་གཉེན་གཅིགཔུར། རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ཡངས་པར། སྐུ་གསུམ་ཉིན་མོར་བྱེད་པའིདཀྱིལ་འཁོར་རབ་ཏུ་རྒྱས་ཏེ། གཞན་ཕན་འཕྲིན་ལས་ཀྱི་འོད་ཟེར་ཕྱོགས་བཅུར་སྤྲོ་བས། ཕན་བདེའི་པད་ཚལ་རྒྱས་པར་མཛད་བཞིན་དུ་བཞུགས་པ་ལགས་ཤིང་། དེ་དག་གི་སྐུ་གསུངཐུགས་ཀྱི་རྟེན་ཡང་སྤྱིར་འོག་མིན་ཐེག་པ་ཆེན་པོའི་ཞིང་ཁམས། དགའ་ལྡན་ཆོས་ཀྱི་རྒྱལ་

p. 355

པོའི་ཕོ་བྲང་། ཨོ་རྒྱན་རིག་པ་འཛིན་པའི་གྲོང་ཁྱེར། གསང་ཆེན་ཆོས་ཀྱི་དགའ་ཚལ་ལངྐའིཡུལ་གྱི་རི་བོ་མ་ལ་ཡའི་རྩེ་མོ། ལྷོ་ནུབ་རྔ་ཡབ་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་སོགས་དགཔ་ལོངས་སྐུའི་ཞིང་དང་། མ་དག་པ་སྤྲུལ་སྐུའི་ཞིང་རབ་འབྱམས་ཚད་མེད་པ་ནམ་མཁའིཁམས་ཀྱི་མཐའ་ཀླས་པ་ན་བཞུགས་པ་ནི་བསམ་གྱིས་མི་ཁྱབ་ཅིང་། སྒོས་རླབས་ཆེན་མཐོ་རིས་ཀྱི་དཔལ་འབྱོར་རྒྱ་མཚོ་ལྟ་བུའི་དབུས་སུ་ལེགས་བྱས་རིན་པོ་ཆེའི་བང་མཛོད་གྲངསམེད་པ་ལ་མངའ་དབང་འབྱོར་བའི་ཡོན་གྱི་བདག་པོ་ཆ ེན་པོ་འདི་ཞེས་བྱ་བའི། གཙུག་གི་རྒྱནདང་མཆོད་ཡུལ་གྱི་ཞིང་དམ་པར་ཉེ་བར་བསྟན་པ། རང་རེའི་ས་ཕྱོགས་འདིའི་སྤྱི་དང་ཁྱདཔར་གྱི་གནས་ཡ་མཚན་རྨད་དུ་བྱུང་བ་འདི་རྣམ་པ་ཀུན་ཏུ་ཡང་བྱིན་རླབས་ལྕོག་གི་གཟི་བྱིནགྱིས་མངོན་པར་མཐོ་བའི་རྟེན་གསུམ་ལྷུན་པོའི་དྲུང་ན། ཡིད་འཕྲོག་བཀོད་ལེགས་ཚར་དུདངར་བའི་མཆོད་རྫས་ཀྱི་རི་བདུན་གྱིས་རིམ་པར་བསྐོར་བའི་བར་རྣམས་སུ་ཉོན་མོངས་དྲིམ་འཁྲུད་པའི་དག་བྱེད་རོལ་མཚོའ་ཕྲེང་བས་སྤེལ་མར་བསྐོར་ཞིང་། བདུད་དཔུང་རི་བོའཇོམས་པའི་གནམ་ལྕགས། བསྟན་པའི་གངས་རི་སྐྱོང་བའི་གདོང་ལྔ་པ། བསྟན་འཛིནབུ་བཞིན་སྐྱོང་བའི་མཐུ་ལྡན་དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ལྕགས་རིའིམུ་ཁྱུད་བརྟན་པོས་བར་མཚམས་མེད་པར་གཏམས་པས་ན་གཞན་ལས་ཆེས་ཁྱད་པར་དུའཕགས་པར་བཞུགས། དེ་ལྟར་ངོ་མཚར་གཟི་བྱིན་གྱི་འོད་ཟེར་ཀུན་ཏུ་འཕྲོ་བའི་ཡིད་བཞིནགྱི་ནོར་བུ། བྱིན་རླབས་དངོས་གྲུབ་ཀྱི་ཆུ་བོ་བརྒྱ་ཕྲག་རྒྱུན་མི་ཆད་པར་འབབ་པའི་གངསཅན་གྱི་རི་བོ། ཉོན་མོངས་པའི་དྲི་མ་དྲུངས་ནས་འཁྲུད་པའི་འ དག་བྱེད་བདུད་རྩིའི་ཆུ་རྒྱུནདུ་གྱུར་པ་མཆོག་གསུམ་གྱི་རྟེན་རྨད་དུ་བྱུང་བ་དེ་རྣམས་ཀྱི་སྐྱབས་འོག་ཏུ་དེང་འདིར་གདནམངོན་པར་འཛོམ་པའི་འདུས་པའི་ཚོགས་པ་ཆེན་པོར་གྱུར་པ་ནི། དུས་གསུམ་རྒྱལ་བའིཡོན་ཏན་དང་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། སྟོན་པའི་རྒྱལ་ཚབ་བསྟནཔ་རིན་པོ་ཆེའི་བདག་པོ། བསྟན་འཛིན་དགེ་འདུན་འདུས་པའི་གཙོ་བོ། འཆད་པ་ལེགསབཤད་ཉིན་མོར་བྱེད་པའི་འོད་ཟེར་གྱིས་ཤེས་བྱ་རིག་པའི་གནས་ཤིན་ཏུ་ཕྲ་ཞིང་ཟབ་པ་

p. 356

རྣམས་ཀྱང་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གསལ་བར་སྟོན་ལ། རྩོད་པ་ལུང་རིགས་གནམལྕགས་ཀྱི་རྡོ་རྗེས་ལོག་རྟོག་གི་རི་བོ་ཕྱེ་མར་འཐག་ཅིང་། རྩོམ་པ་སྙན་ཚིག་ཨུཏྤ་ལའི་འཕྲེངབ་ཚར་དུ་དངར་བས་རྣམ་དཔྱོད་ཡངས་པའི་མཁས་པ་རྣམས་ཀྱི་རྣ་བ་མཛེས་པར་མཛདཔའི་མཁན་པོ་དང་སློབ་དཔོན་ཆེན་པོ་སོགས་ཀྱིས་དབུ་མཛད། བསྟན་པའི་སྲོག་ཤིང་ཡོངསཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་གྲལ་གྱི་གུང་མནན། ལྷག་པ་ཚུལ་ཁྲིམས་ཀྱིགེ་སར་ངུར་སྨྲིག་གི་འདབ་མས་མཛེས་ཤིང་། མདོ་དང་སྔགས་ཀྱི་གཞུང་ལུགས་ལ་ལེགསཔར་སྦྱངས་པའི་ལུང་དང་རྟོགས་པའི་ཡོན་ཏན་སྦྲང་རྩིའི་དོག་པས་རབ་ཏུ་ལྕི་བའི་འཕགསཔའི་དགེ་འདུན་རྣམས་བླ་སྒོ་དང་པོ་དང་། དད་པས་དཀོན་མཆོག་གསུམ་མཆོད་པ་ལ་བརྩོནཞིང་། ཤེས་རབ་ཀྱིས་ལེགས་ཉེས་དཔྱོད་པ་ལ་མཁས་པ། སྙིང་རྗེས་རང་སྲིད་སྐྱོང་བ་ལདེས་པའི་ལྷ་སྲས་མིའི་དབང་ཕྱུག་འཕྲུལ་གྱི་དགོངས་པ་ཁྱད་པར་ཅན་མངའ་བའི་མི་ཆེནརྣམས་ནི་བླ་སྒོ་བར་པ་དང་། རིགས་དང་ཡོན་ཏན་གྱིས་མངོན་པར་མཐོ་བའི་རྗེའི་ཞང་བློནསོགས་ཡ་རབས་དྲ་མ་རྣམས་བླ་སྒོ་ཐ་ཆུང་སྟེ། བླ་སྒོ་གསུམ་གྱིས་གྲལ་གྱི་གཞི་བཟུང་། རྣམདཔྱོད་བློ་གྲོས་ཀྱི་རྩལ་ཆེ་ཞིང་། ཤེས་འདོད་ཀྱི་འདུན་པ་དང་བརྩོན་འགྲུས་ལས་སུ་རུངབས་སོ་སོའ་ཡོན་ཏན་ལ་བསླབ་སྦྱང་མཐར་ཕྱིན་པའི་སྒོ་ནས་རང་རང་གི་རིགས་བརྒྱུད་མཛེསཔར་བྱེད་པའི་ཡོན་ཏན་མཁན་པོ་རྣམས་ཀྱིས་གྲལ་གྱིས་ཟུར་ནས་བརྒྱན། བསོད་ནམསཀྱི་དཔལ་གྱིས་མངོན་པར་མཐོ་ཞིང་གཏོང་བ་ཕུན་སུམ་ཚོགས་པ་ལ་ལེགས་པར་གོམས་པའིཡོན་གྱི་བདག་པོ་རྣམས་དང་། ཡ་རབས་ཀྱི་སྤྱོད་པས་རང་རྒྱུད་མཛེས་ཤིང་། ཡིད་གཞུངསཔའི་སྦྱོར་བས་གཞན་གྱི་རྫས་ཆུད་མི་སོན་ལ། མི་ངལ་བའི་བྱ་བས་མགྲོན་སོ་སོ་ཚིམ་པརབྱེད་པའི་ཕྱག་བདེ་བ་དང་བཅས་པ་རྣམས་ཀྱིས་གྲལ་གྱི་མཐའ་བརྟེན་ཏེ། མདོར་ན་གྲལསྟོད་རི་རྒྱལ་གྱི་ལྷུན་པོ་ལྟར་ངོ་མཚར་གཟི་འོད་འཕྲོ་བའི་ཡོན་ཏན་གྱི་དཔལ་གྱིས་མངོནཔར་བརྗིད། གྲལ་དབུས་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཆུ་འཛིན་ལས་གྲོལ་བ་ལྟར་བློགྲོས་ཀྱི་མདངས་གསལ། གྲལ་གཤམ་རི་བོང་འཛིན་པའི་དབང་པོ་གང་བ་ཡོངས་སུ་རྫོགས་

p. 357

པ་ལྟར་ཀུན་གྱི་གདུང་སེལ་བདུད་རྩིའི་སྙིང་པོར་ཡིད་འཕྲོག་པ་སྟེ། རྟེན་འབྱུང་ཟབ་མོའདབང་ལས་གདན་མངོན་པར་འཛོམ་པར་བཞུགས་ཤིང་། དེ་ལྟར་ཚོགས་པ་ཐམས་ཅད་ཀྱངསྤྱི་འབྲེལ་རྒྱ་ཆེ་བ་རྣམ་དཀར་ལས་ཀྱིས་གཞི་བཟུང་ཞིང་དག་པ་སྨོན་ལམ་གྱིས་མཚམསསྦྱར། སྒོས་འབྲེལ་མཐའ་བཙན་པ་ཆོས་དང་དམ་ཚིག་གི་སྲད་བུས་སྦྲེལ་ཞིང་འཇིག་རྟེནལུགས་དང་མཐུན་པ་སློབ་དཔོན་དང་ཡོན་མཆོད་འཛོམ་པས་འབྲེལ་པ་ཟབ། རྣམ་གྲོལ་ཐརཔའི་དགའ་ཚལ་ཆེན་པོར་རང་གཞན་གྱི་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་རྫོགས་པའི་ཐབསརྣམ་དཀར་དགེ་བའི་བྱ་བ་ཁྱད་པར་ཅན་གྱི་དགའ་སྟོན་ལ་ཚོགས་པས་ན་ཚོགས་པ་ཡངབཟང་། དེ་ལྟ་བུའི་ཕུན་སུམ་ཚོགས་པའི་སྐབས་འདིར་ཞུ་བའི་ལོ་རྒྱུས་ལ། གཞི་སྐྱེ་བོ་མི་ཆོསཀྱི་ལོ་རྒྱུས། རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས། བྱས་ཤེས་བཀའ་དྲིན་ཆེ་བའི་ལོ་རྒྱུས་དངགསུམ་དུ་མཆིས་པ་ལས། དང་པོ་གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་ལ། སྟེང་ན་རྗེའི་གདུངརབས། འོག་ན་འབངས་ཀྱི་མི་རབས། སྟོང་སྡེ་སྲིད་པའི་ཆགས་ཚུལ། འཇིག་རྟེན་ལུགསཀྱི་རྣམ་གཞག་སྟེ་བཞིར་དབྱེ་བའི་དབང་དུ་བྱས་ན། དང་པོ་སྟེང་དུ་རྗེའི་གདུང་རབས་ནི། སྟོན་པ་སེར་སྐྱ་ན་བཞུགས་པའི་ཚེ་ཤཱཀྱ་རྣམས་གང་ལས་སྐྱེས་ཐོག་མ་གང་ཡིན་སྔོན་གྱི་རིགསབརྒྱུད་གང་ཡིན་ཞེས་འདྲི་ན་ཇི་སྐད་དུ་ལུང་བསྟན་ཞེས་གསུངས་པས། ཚུར་སྟོན་པ་ལ་ཞུའོཟེར་ནས་ཞུས། དེའི་ཚེ་སྟོན་པས་ཤཱཀྱའི་རིགས་བརྒྱུད་བཤད་ན་མུ་སྟེགས་རྣམས་བདགཉིད་ལ་བསྟོད་ཀྱིས་ཞེས་པའི་གནས་ཡོད་ཀྱི། མཽངྒལ་གྱི་ནུས་པས་དེ་སྟོན་དུ་གཞུག་གོ་སྙམསྟེ། ཁྱོད་ཀྱིས་ཤཱཀྱའི་སྔོན་གྱི་རིགས་བརྒྱུད་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག་ཅེསབཀའ་སྩལ་པས། དེས་ཅང་མི་སྨྲ་བས་ཁས་བླངས་ཏེ་མཽངྒལ་གྱི་བུས་སྔོན་གྱི་ཤཱཀྱའི་རིགསབརྒྱུད་མཐོང་བའི་ཏིང་ངེ་འཛིན་ལ་ཞུགས་ནས། དེ་ལས་ལངས་ཏེ་སྟན་བཤམས་པ་ལ་འདུག་ནས་ཤཱཀྱ་རྣམས་ལ་གསུངས་པ་ལྟར། བསྐལ་པ་འདི་ལ་རྒྱལ་པོ་ལ་སྔ་བ་མང་པོས་བཀུརབའི་རྒྱལ་པོ་ཡིན། དེའི་བུ་འོད་མཛེས་ནས་ང་ལས་ནུའི་བར་དྲུག་དང་། དེ་ནས་འཁོར་ལོས་

p. 358

སྒྱུར་བའི་རྒྱལ་པོ་མཛེས་པ་ནས་མཛེས་ལྡན་གྱི་བར་བཞི་ནི་གླིང་བཞི་ནས་གླིང་གཅིག་གིབར་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན། དེའི་བུ་བཟང་པོ་ལ་སོགས་ཏེ་རྒྱལཔོ་བརྒྱ་ཐམ་པ་གྲུ་འཛིན་ཏུ་བྱུང་། དེ་ནས་ཡུལ་དམག་གིས་མི་ཚུགས་པར་རྒྱལ་པོ་ལྔ་ཁྲི་བཞིསྟོང་། ཝཱ་ར་ཎཱ་སིར་རྒྱལ་པོ་དྲུག་ཁྲི་སུམ་སྟོང་། ཀ་པི་ལའི་གྲོང་དུ་རྒྱལ་པོ་བརྒྱད་ཁྲི་བཞིསྟོང་། གླང་པོ་ཆེའི་གྲོང་དུ་རྒྱལ་པོ་སུམ་ཁྲི་ཉིས་སྟོང་། རྡོ་འཇོག་ཏུ་རྒྱལ་པོ་ལྔ་སྟོང་། གྲོངཁྱེར་བྲང་གི་ཉལ་དུ་རྒྱལ་པོ་སུམ་ཁྲི་ཉིས་སྟོང་། གྲོང་ཁྱེར་མ་རྒྱལ་བ་ལས་རྒྱལ་བར་རྒྱལ་པོསུམ་ཁྲི་ཉིས་སྟོང་། གྲོང་ཁྱེར་ཀ་ནྱ་ཀུནྫར་རྒྱལ་པོ་སུམ་ཁྲི་ཉིས་སྟོང་། གྲོང་ཁྱེར་ཙམྤར་རྒྱལ་པོ་ཁྲི་བརྒྱད་སྟོང་། གྲོང་ཁྱེར་ཏཱ་ལའི་འཕྲེང་དུ་རྒྱལ་པོ་ཉི་ཁྲི་ལྔ་སྟོང་། གྲོང་ཁྱེར་ར་མ་ལིརརྒྱལ་པོ་ཁྲི་ཉིས་སྟོང་། བ་སོའ་གྲོང་དུ་རྒྱལ་པོ་ཁྲི་བརྒྱད་སྟོང་། རྒྱལ་པོའི་ཁབ་ཏུ་རྒྱལ་པོཉི་ཁྲི་ལྔ་སྟོང་། ཝཱ་ར་ཎཱ་སིར་རྒྱལ་པོ་ཉི་ཁྲི། གྲོང་ཁྱེར་རྩ་ཅན་དུ་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་། གྲུ་འཛིན་དུ་རྒྱལ་པོ་སྟོང་། ཡང་རྩྭ་ཅན་དུ་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་། ཡང་ཝཱ་ར་ཎཱ་སི་དངཡུལ་དམག་གིས་མི་ཚུགས་པ་གཉིས་སུ་རྒྱལ་པོ་འབུམ་ཕྲག་རེ་རེ། ཡུལ་མི་ཐི་ལར་རྒྱལ་པོའབུམ་དྲུག་ཁྲི་བརྒྱད་སྟོང་། དེའི་རྗེས་སུ་ཤིང་རྟ་སྲ་བའི་བར་རྒྱལ་པོ་ཞེ་དགུ། གྲོང་ཁྱེརཀུན་སྣང་དུ་རྒྱལ་པོ་བདུན་ཁྲི་བདུན་སྟོང་། དེ་ནས་ཝཱ་ར་ཎཱ་སིར་རྒྱལ་པོ་བརྒྱ་ཐམ་པ་བྱུངབའི་ཐ་མ་རྒྱལ་པོ་ཀྲྀ་ཀིའོ། །དེ་རྗེས་གྲུ་འཛིན་དུ་རྒྱལ་པོ་བརྒྱ་ཐམ་པ་བྱུང་བའི་ཐ་མ་རྣ་བཅན་ནོ། །དེའི་བུ་གོ་ཏ་མ་དང་བྷ་ར་དྷྭ་ཛ་གཉིས་ལས་གཽ་ཏ་མ་རབ་ཏུ་བྱུང་བ། སྐྱེས་བུ་པདྨའིརྩ་ལག་གི་གཡོ་ལ་བརྟེན། མ་བརྟགས་པར་ཡབ་རྒྱལ་པོས་གསལ་ཤིང་ལ་བསྐྱོན་ཏེ་བསདཔ་ལས་དེའི་ཁུ་ཁྲག་འདྲེས་པ་གཉིས་ལྷུངས་པ་སྒོ་ངར་གྱུར་པ་ཉི་མས་སྨིན་ནས་བརྡོལ་བན་ཁྱེའུ་གཉིས་བྱུང་སྟེ། དེ་དང་ཉེ་བའི་བུར་ཤིང་གི་གསེབ་ཏུ་ཞུགས་པ། གཽ་ཏ་མའི་སློབདཔོན་དྲང་སྲོང་མདོག་ནག་གིས་གསོས་ཤིང་། ཉི་མའི་འོད་ཀྱིས་སྨིན་པར་བྱས་པས་ཉི་མའིརིགས་དང་། གཽ་ཏ་མའི་བུ་ཡིན་པས་གོ་ཏམ། རང་གི་ཡན་ལག་ལས་སྐྱེས་པས་ཡན་ལགསྐྱེས། བུར་ཤིང་གི་ཚལ་ནས་རྙེད་པས་བུ་རམ་ཤིང་པ་ཞེས་བཏགས་སོ། །དེ་ནས་བྷ་ར་དྷྭ་

p. 359

ཛ་བུ་མེད་པར་ཤི་བའི་འོག་ཏུ། ཁྱེའུ་གཉིས་ལས་ཕུ་བོ་རྒྱལ་སྲིད་དུ་བཀོད། དེ་ལ་བུ་མེདཔར་ཤི་བས་ནུ་བོ་བཀོད། དེའི་བུ་བརྒྱུད་ལ་རྒྱལ་པོ་བུ་རམ་ཤིང་པ་བརྒྱ་ཡུལ་གྲུ་འཛིན་དུབྱུང་བའི་ཐ་མ་འཕགས་སྐྱེས་པོ། དེས་ཆུང་མའི་བུ་རྒྱལ་སྲིད་དགའ་རྒྱལ་པོར་དབང་བསྐུརཞིང་། ཆེན་མའི་བུ་གཞོན་ནུ་རྣམས་གྲུ་འཛིན་དུ་སྤྱུགས་པ་ལ། གངས་རི་དང་ཉེ་བ་ཆུ་བོ་སྐལལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཉེ་བ་ཞིག་ཏུ་ལོ་མའི་སྤྱིལ་པོ་བཏབསྟེ་གནས་བཅས་པ་ལས། དེ་རྣམས་ལང་ཚོ་དར་བས་དྲང་སྲོང་གི་ངག་ཉན་ཏེ། མས་དབེནགྱི་སྲིང་མོ་དང་ལྷན་ཅིག་འདུས་པ་ལས་བུ་དང་བུ་མོ་མང་པོ་བཙས་པ་དང་། དེ་དག་གི་ཀུཅོས་དྲང་སྲོང་གི་བསམ་གཏན་ལ་གནོད་པ་ན། དེས་བྱ་མ་བུམ་གྱི་ཆུས་རྣམ་པ་བྲིས་པ་བཞིནགྲོང་ཁྱེར་བརྩིགས་པས་སེར་སྐྱའི་གཞི་ཞེས་གྲགས། དེར་ས་གཞི་དོག་པར་གྱུར་པ་ན་ལྷསབསྟན་པའི་ས་ཕྱོགས་གཞན་དུ་གྲོང་ཁྱེར་བརྩིགས་པས་ལྷས་བསྟན་ཞེས་བྱའོ། །དུས་ནམཞིག་རྒྱལ་པོ་འཕགས་སྐྱེས་པོ་བུ་རྣམས་དྲན་ཏེ་དྲིས་པས། གཞོན་ནུ་རྣམས་སྲིང་མོ་དང་འདུསཔ་ཐོས་ནས། དེ་ལྟར་བྱེད་པ་ཕོད་པ་ཞེས་བརྗོད་པས། དེང་ཕྱིན་ཆད་ཤཱཀྱའི་རིགས་ཞེསགྲགས་སོ། །དེ་ནས་རྒྱལ་སྲིད་དགའ་བུ་མེད་པར་ཤི་བས། ཆེན་མའི་བུ་ཕུ་བོ་གསུམ་རིམཔར་བཀོད་པའང་ཤི་བས་ཐ་ཆུང་རྐང་གདུབ་ཅན་རྒྱལ་པོར་གྱུར་ཏེ་དེའི་བུ་གནས་འཇོག དེའིབུ་ས་ཁྱིམ་ནས་བརྒྱུད་པའི་རྒྱལ་པོ་ལྔ་ཁྲི་ལྔ་སྟོང་སེར་སྐྱར་བྱུང་བའི་ཐ་མ་རྒྱལ་པོ་ཤིང་རྟབཅུ་པ་སོགས་བཅུ་གཉིས་བྱུང་བའི་ཐ་མ་ནི་གཞུ་བརྟན། དེ་ལ་བུ་སེང་གེ་འགྲམ་དང་སེངགེ་སྒྲ་གཉིས། སེང་གེ་འགྲམ་གྱི་བུ་བཞིའི་དང་པོ་ཟས་གཙང་མ། དེའི་བུ་བཅོམ་ལྡན་འདསདང་གཅུང་དགའ་བོ། བཅོམ་ལྡན་འདས་ཀྱི་སྲས་སྒྲ་གཅན་ཟིན་ཏེ། དེ་ཡན་ཆད་ཀྱིས་མངཔོས་བཀུར་བའི་རྒྱལ་བརྒྱུད་རྫོགས་ཏེ། དེ་ལྟར་ན་མང་པོས་བཀུར་བ་ནས་བཟུང་ཟས་གཙངཡན་ཆད་དུ་རྒྱལ་པོ་ས་ཡ་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་བཞི་རྣམས་བྱུང་བ་ལགས། གཞན་ཡང་མ་གྷ་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ། པདྨའིརྒྱལ་པོ་འཆར་བྱེད། འཕགས་རྒྱལ་གྱི་རྒྱལ་པོ་རབ་སྣང་ལ་སོགས་པ་དང་། རྒྱལ་པོ་མཐོང་

p. 360

ལྡན་དགེ་བའི་བརྒྱུད་ལ་ལག་བཟང་སོགས་རྒྱལ་པོ་བཞི། ཆོས་རྒྱལ་མྱ་ངན་མེད་ཀྱི་བརྒྱུདཔ་མྱ་ངན་བྲལ་ལ་སོགས་པ་བཞི། དེ་ནས་ཧ་རི་ཙནྡྲ་སོགས་ཙནྡྲའི་མིང་ཅན་བཅུ་དགུ། དེའི་ནང་ནས་ཨཀྵ་ཙནྡྲ་སོགས་ཙནྡྲ་བདུན་ཞེས་གྲགས་པ་དང་། གཽ་པཱ་ལ་སོགས་པཱ་ལའི་རིགསཀྱི་རྒྱལ་པོ་བཅུ་བཞི། དེ་ནས་མེས་བྱིན་དང་ཀ་ནིཥྐ་སོགས་འཐོར་བུ་སྟེ། འཇིག་རྟེན་བདེབར་སྐྱོང་བའི་རྒྱལ་པོ་མཐའ་ཡས་པ་བྱོན། ཁྱད་པར་གངས་རིའི་འཕྲེང་བས་བསྐོར་བ་པུརརྒྱལ་བོད་ཀྱི་ཡུལ་འདིར། མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་སིལ་བུབཅུ་གཉིས་དང་བཞི་བཅུས་རིམ་གྱིས་དབང་བྱས་པར་བཤད་ཀྱང་སྤྱི་ལ་དབང་བསྒྱུར་བའིརྒྱལ་པོ་མ་ཡིན་པས་རྒྱལ་ཕྲན་ཉིད་དུ་ཟད་ཅིང་། དེས་ན་རྒྱལ་བའི་ཕྲིན་ལས་ཀྱི་སྒོ་འཕརའཇུག་པའི་རྟེན་འབྲེལ་དུ་བོད་སྤྱི་ལ་དབང་བའི་རྒྱལ་པོ། མི་རྗེ་ལྷས་མཛད་པ་ལ་སྔ་བ་ཤཱཀྱལི་ཙ་བཱིའི་རིགས་ལས་དམག་བརྒྱ་པའི་སྲས་ཡ་མཚན་ཅན་མི་ལས་འདས་པ་ཞིག་བཙསཔ་ལྷ་འདྲེའི་སྤྲུལ་པར་དོགས་ནས་སྤྱུགས་པ་ཡུལ་ཡར་ཀླུངས་ཀྱི་ལྷ་རི་རོལ་པའི་སྟེང་ནསལྷ་སྐས་ལ་བརྒྱུད་བཙན་ཐང་སྒོ་བཞིར་བབས་པ་གཉའ་བར་ཁྲི་བྱས་ཏེ་གདན་དྲངས་པསགཉའ་ཁྲི་བཙན་པོར་གྲགས། དེ་ནས་བཟུང་སྟེ་གནམ་གྱི་ཁྲི་བདུན། བར་གྱི་སྟེང་གཉིས། སའི་ལེགས་དྲུག ལྡེ་བརྒྱད། དེ་ནས་རྒྱལ་རབས་བཞི་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུསསུ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་པོ་ལྔའི་ཐ་མ་གནམ་རི་སྲོང་བཙན་གྱི་སྲསཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བསྟན་པའི་སྲོལ་གཏོད། དེ་ནས་རྒྱལ་རབས་ལྔ་པཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམས་ཀྱི་སྲས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བསྟནཔ་དར་ཞིང་རྒྱས་པར་མཛད། དེའི་རྗེས་རྒྱལ་རབས་གསུམ་པ་ཁྲི་རལ་པ་ཅན་གྱིས་བླ་སྒོདང་པོ་དགེ་འདུན་ལ་འབུལ་བ་སོགས་ཆབ་སྲིད་དམ་པའི་ཆོས་སུ་བསྒྱུར། དེ་ནས་ཁྲིའུདར་མ་བཙན། གནམ་ལྡེ། འོད་སྲུངས། དཔལ་འཁོར་བཙན། དེ་འབངས་ཀྱིས་བཀྲོངསཔས་དབུས་གཙང་མཐིལ་གྱི་རྒྱལ་ས་ཤོར། དེའི་སྲས་བགྲེས་པ་ཁྲི་བཀྲ་ཤིས་བརྩེགས་པསགཙང་སྟོད་དང་། གཞོན་པ་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་བྱོན། དེའི་བརྒྱུད་ལས་ཕྱིས་

p. 361

ལྷ་བླ་མ་ཁུ་དབོན་དང་། མངའ་བདག་རྩེ་ལྡེ་ལ་སོགས་པའང་བྱོན་ཏེ། དེ་རྣམས་ལས་དརམ་མ་གཏོགས་ཐམས་ཅད་ཀྱིས་འཁོར་འབངས་བདེ་བར་བསྐྱངས་ཤིང་། སྲོང་བཙན་མནཆད་ཀྱིས་དཀོན་མཆོག་གསུམ་བླ་མར་མཛད་དེ་རྒྱ་ཆེར་མཆོད་པ་ལགས། གཞན་ཡང་ཤརཕྱོགས་མང་བཀུང་རྒྱ་ནག་པོའི་ཡུལ་དུའང་། ཅིའུའི་རིགས་ཀྱི་རྒྱལ་པོ་སུམ་ཅུ་སོ་དྲུག་བྱུངབའི་བཞི་པ་ཅིའུ་དབང་གི་དུས་སུ་སངས་རྒྱས་འཇིག་རྟེན་དུ་བྱོན། ཅིའུའི་རྗེས་སུ་ཚིན་ཧྲིཧྭང་གི་རྒྱལ་པོ་གཉིས། དེ་རྗེས་ཧན་ཀའུ་རྫུང་ནས་བཟུང་ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་བཞིལས་བཅོ་ལྔ་པ་ཧན་མིན་ཏིའི་རྒྱལ་པོའི་དུས་སུ་པཎྜི་ཏ་བདེན་པ་མཐོང་བ་གཉིས་ཀྱིས་ཐེགཔ་ཆུང་ངུའི་ཆོས་གདན་དྲངས་ཏེ་རྒྱ་ཡུལ་དུ་སླེབ་ཅིང་ཆོས་བསྒྱུར་བ་ནས་བཟུང་རྒྱ་ནག་ཏུབསྟན་པ་དར། ཧན་གྱི་རྗེས་སུ་རིམ་པར། ཚ་བོ་ཚ་འུམ། ཧེའུ་ཅིང་། ཆིང་སང་། སུའི་གཡངདི་ཡི། ཐང་། ཧང་ལོའ། ལྱེར། མི་ཉག ཧོར། ཏ་མིང་། མཉྫུ་རྣམས་བྱུང་སྟེ། དེ་དག་གི་ནངདུའང་སྤྲུལ་པའི་ཆོས་རྒྱལ་མང་དུ་བྱོན་མོད་ཀྱི་ཐམས་ཅད་བརྗོད་པར་རྔོ་མ་ཐོགས་ལགས། ༈ གཉིས་པ་འོག་ཏུ་འབངས་ཀྱི་མི་རབས་ནི། བསྐལ་པ་དང་པོའི་དུས་སུ་གཙོ་བོ་དངའཁོར་འབངས་ཀྱི་དབྱེ་བ་མེད། དེ་ནས་རིམ་གྱིས་རིགས་རུས་ཆོ་འབྲང་གི་དབྱེ་བ་ཐ་དདཔ་བྱུང་བར་གྲགས་ཤིང་། སྤྱིར་ཡོངས་སུ་གྲགས་པ་འཛམ་བུ་གླིང་པའི་མི་རིགས་ལ་ཕྱི་ནངབར་གསུམ་ལས། རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས་ཏེ་ཕྱི་རིགསབཞི། རྒྱ་གར་ལྷ། རྒྱ་ནག་ཀླུ། ཧོར་ལྷ་མིན། བོད་སྤྲེའུ་སྟེ། བར་གྱི་རིགས་བཞི་ཞེས་བྱུངབའི་བོད་ཀྱི་རིགས་འདི་ནི་ཐུགས་རྗེ་ཆེན་པོ་དང་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དངབྲག་སྲིན་མོ་གཉིས་འདུས་པ་ལས། རིགས་དྲུག་ནས་ཚེ་འཕོས་པའི་ཕྲུ་གུ་མདོག་དབྱིབསབྱ་སྤྱོད་མི་འདྲ་བ་དྲུག་བྱུང་བ་ལས་མཆེད་པར་བཤད་པ་ལ། དེ་ལས་ཞིང་རྣམས་མེས་པོསཆ་བཞིར་བགོས་ཏེ་ཚན་པ་བཞིར་ཆད་པས། སེ་དང་། མུ་དང་། ལྡོང་དང་། སྟོང་སྡེ་སྟེ་ནངགི་མིའུ་རིགས་བཞི་དང་། བཅུ་གཉིས་པོ་རིགས་ཀྱི་ཕྱི་མོར་གྲགས་ཤིང་། ལ་ལར་མིའུ་གདུང་དྲུག་ཅེས། དགའ་ལྡོང་འབྲུ་གསུམ་དབྲ་དང་བཞི། །ནུ་བོ་དཔའ་མདའ་གཉིས་ཏེ་དྲུག །

p. 362

ཅེས་ཀྱང་འབྱུང་། དེ་ལྟར་རིགས་ཀྱི་དབྱེ་བ་དུ་མ་ཡོད་པ་ལས། དེང་འདིར་ཡུལ་ཁམས་འདིཞེས་བྱ་བར་རུས་འདི་ཞེས་བྱ་བའི་བརྒྱུད་ལ། ཡབ་དགེ །ཡུམ་བཙུན། དལ་འབྱོར་གྱི་ལུསམཛེས། ངོ་ཚ་ཁྲེལ་ཡོད་ཀྱི་རྒྱན་གྱིས་བརྒྱན་པའི་དགེ་བའི་བཤེས་གཉེན་ནམ་ཡོན་གྱི་བདགཔོ་འདི་ཞེས་བྱ་བ་བྱོན་ཏེ། བྱས་པ་ཕྱག་རིས་ཀྱི་ཆེ་བ་ཆོས་འཆད་ཉན་གྱིས་བསྟན་པ་གསལཞིང་རྒྱས་པར་མཛད་པ་ལགས། ཞེས་སམ། བདེ་བར་གཤེགས་པའི་རྟེན་ཕུན་སུམ་ཚོགས་པབཞེངས་པའམ། དགེ་འདུན་ལ་བསྙེན་བཀུར་བསྟབ་པ་སོགས་རྣམ་དཀར་གྱི་དགེ་བའིལས་རྒྱ་ཆེན་པོ་མཛད་པ་ལགས། ཞེས་སྐབས་དང་སྦྱར། གསུམ་པ་སྟོང་སྡེ་སྲིད་པའི་ཆགས་ཚུལ་ནི། ཐུན་མོང་པ་མདོ་གདགས་པ་ལ་སོགས་པ་དང་། ཐུན་མོང་མིན་པ་ཕལ་པོ་ཆེ་དང་། གསངསྔགས་ཀྱི་རྒྱུད་ཀྱི་གནས་བཞིན་རྒྱས་པར་བཤད་དུ་ཡོད་ཀྱང་། འདིར་མདོ་ཙམ་ཞིག་བསྡུསཏེ་བསྟན་ན། འཕགས་པ་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་གསུངས་པ་ལྟརའཇིག་རྟེན་གྱི་ཁམས་སྟོངས་པའི་རྗེས་སུ། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་ནམ་མཁའལ་རླུང་གི་དཀྱིལ་འཁོར་ལྗང་ཁུ་རྒྱ་གྲམ་རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང་རྒྱརགྲངས་མེད་སྲ་ཞིང་མཁྲེགས་པ་ཞིག་ཆགས། དེའི་སྟེང་དུ་ཆར་གྱི་རྒྱུན་བབས་པས་ཆུའི་དཀྱིལའཁོར་དཀར་ཟླུམ་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲི་ཡོད་པ་རླུང་གིསམཐའ་བསྐོར་བས་བརྟེན་པ། དེའི་སྟེང་དུ་རླུང་གིས་ཆུ་བསྡུས་ཤིང་བསྲུབས་པ་ལས་མཚོལ་དར་ཆགས་པ་ལྟར་གསེར་གྱི་ས་གཞི་སེར་པོ་གྲུ་བཞི་པ་རྔམས་སུ་དཔག་ཚད་སུམ་འབུམཉི་ཁྲི་ལ། རྒྱར་ཆུ་དང་ས་གཉིས་ཀ་དཔག་ཚད་འབུམ་ཕྲག་བཅུ་གཉིས་སུམ་སྟོང་བཞི་བརྒྱལྔ་བཅུ་སྟེ། དེ་རྣམས་ཀྱི་མཐའ་ནི་སུམ་འགྱུར་དང་། དེ་དག་ལ་བརྟེན་པ་སའི་དཀྱིལ་འཁོརཆེན་པོའི་སྟེང་དུ་སྨིན་པར་བྱེད་པའི་རླུང་གིས་ཆུ་དང་སའི་དཀྱིལ་འཁོར་བསྲུབས་ཤིང་། ཁམསསྣ་ཚོགས་པའི་སྤྲིན་ལས་ཆུ་རྒྱུན་བབས་པས། ཁམས་འབྱེད་སྡུད་རབ་འབྲིང་ཐ་མའི་རླུངགིས། ཁམས་རབ་དབུས་སུ་རི་རྒྱལ་ལྷུན་པོ། ཁམས་འབྲིང་གསེར་གྱི་རི་བདུན། ཁམས་

p. 363

ཐ་མ་ཕྱི་རོལ་འཁོར་ཡུག་གི་ལྕགས་རི་དང་། གླིང་བཞི་གླིང་ཕྲན་དང་བཅས་པ་རྣམས་ཆགསཔ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ལས་སྟོང་གསུམ་གྱི་འཇིག་རྟེན་ཡང་། མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེནསྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིགརྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །ཞེས་གསུངས་པ་ལྟར། རི་རབ་ཀྱི་སྟེངསུམ་ཅུ་རྩ་གསུམ་གྱི་གནས་ལས་གྱེན་དུ་འཕགས་པའི་འཐབ་བྲལ་སོགས་འདོད་ལྷ་བཞི། དེའི་སྟེང་དུ་གཟུགས་ཀྱི་ཁམས་བསམ་གཏན་བཞིས་བསྡུས་པའི་གནས་རིགས་བཅུ་བདུནལས། བསམ་གཏན་དང་པོ་ཆུང་འབྲིང་ཆེ་གསུམ་གྱི་ཡ་ཐའི་རྒྱ་ཁྱོན་གླིང་བཞི་པའི་འཇིགརྟེན་གྱི་ཚད་དང་མཉམ་ལ། དེ་བཞིན་དུ་གཉིས་པའི་ལྷ་གནས་གསུམ་སྟོང་དང་པོ་སྤྱི་ཕུདཀྱི་འཇིག་རྟེན་དང་། གསུམ་པའི་ལྷ་གནས་གསུམ་སྟོང་གཉིས་པ་བར་མ་དང་། བཞི་པའིལྷ་གནས་སོ་སོའ་སྐྱེ་བོའ་གནས་གཞན་གསུམ་པོ་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་དང་ཚདམཉམ་ལ། གཙང་མ་རིས་ཀྱི་ལྷ་ལྔའིི་གནས་ཀྱི་རྒྱར་ཚད་མེད་པ་ནམ་མཁའ་ལ་གཟའ་སྐརབཀྲམ་པ་ལྟར་གནས་ཤིང་། གཟུགས་མེད་སྐྱེ་མཆེད་མུ་བཞིའི་རྟེན་ཡང་བཀོད་པ་ཆེན་པོའཇིག་རྟེན་བཀོད་པའི་ལེའུ་ལས་གཟུགས་ཁམས་ནས་གྱེན་དུ་འཕགས་པའི་ནམ་མཁའལ་གནས་པར་བཤད། ཐུན་མོང་གི་གཞུང་ལས། གཟུགས་མེད་པ་ལ་གནས་མེད་དོ། །ཞེསདང་། གཟུགས་མེད་གང་དུ་ཤི་བ་ན། །དེ་ན་མིང་བཞིའི་ཕུང་པོ་གནས། །ཞེས་པས་གངདུ་ཤི་ས་དེར་གནས་པ་ལས་གནས་ལོགས་པ་མེད་པར་འདོད་པ་སོགས་ཁམས་གསུམ་གྱིརྣམ་གཞག་ཀྱང་མང་དུ་གསུངས་ཤིང་། དེ་ལྟར་ན་ཕྱོགས་བཅུ་རབ་འབྱམས་མུ་མེད་པའིའཇིག་རྟེན་གྱི་ཁམས་ཐམས་ཅད་ནའང་། འདོད་ཁམས་གནས་རིགས་ཉི་ཤུ། གཟུགས་ཁམསགནས་རིགས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་སོགས་པ་མཐའ་ཡས་པ་ཡོདཔར་གསུངས། དེ་ཡང་ཉན་ཐོས་ཀྱི་གཞུང་རྣམས་ནས་ཐད་ཀའི་ཕྱོགས་ཐམས་ཅད་དུ་བཀྲམསྟེ་གནས་པ་དང་། ཐེག་པ་ཆེན་པོའི་གཞུང་རྣམས་ནས། ཐད་ཀའི་ཕྱོགས་སུ་བཀྲམ་སྟེ་

p. 364

གནས་པ་བཞིན་སྟེང་འོག་ཐམས་ཅད་དུ་ཁྱབ་པར་བཤད་ཅིང་། སྣོད་ཆགས་པའི་རྗེས་སུདེ་ལ་བརྟེན་པའི་བཅུད་ཀྱི་སེམས་ཅན་རྣམས་ཀྱང་ཆགས་ཚུལ། གཞན་ཡང་ནམ་མཁའ་ལསྐར་ཁྱིམ་གྱི་འཁོར་ལོ་དང་། ས་ལ་དུས་བཞིའི་འཁོར་ཚུལ། རུ་བཞིའི་སའི་བཅད་ཐབསཀྱི་རྣམ་གཞག་ལ་སོགས་པ་རྒྱ་ཆེར་གསུངས་ནའང་། མཁྱེན་པ་ཅན་དག་མང་ཙམ་བཞུགསཔ་སོ་སོའ་ཐུགས་ལ་མངའ་བ་ལྟར་ལགས་པས་དེ་ཙམ་ཞུས་ནས། བཞི་པ་འཇིག་རྟེན་ལུགསཀྱི་རྣམ་གཞག་ནི། ཉེར་ལེན་གྱི་ཕུང་པོ་ལ་གཙང་བ་ལ་སོགས་པར་འཛིན་ཅིང་ངོ་ཚ་ཁྲེལཡོད་ཀྱིས་ཀུན་ནས་བསླངས་ཏེ། ལུས་ངག་གི་བྱ་བ་ཚུལ་དང་མཐུན་པར་སྒྲུབ་པ་ལ་སྐྱེ་བོདམ་པའམ་ཡ་རབས་དང་། དེ་ལས་ལྡོག་པ་ལ་སྐྱེ་བོ་ངན་པའམ་མ་རབས་ཞེས་བྱ་སྟེ། ལུགསཀྱི་བསྟན་བཅོས་དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་བཀུར་ཞིང་། །མགོན་མེདརྣམས་ལ་ལྷག་པར་བྱམས། །བྱས་པ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོདཡིན། །ངོ་ཚ་དོར་བའི་འཚོ་བ་དང་། །སྡིག་དང་འདྲེས་པའི་ལོངས་སྤྱོད་དང་། །མཛའ་བོབསླུས་པའི་མངའ་ཐང་བས། །དམ་པ་རང་ཉིད་འཆི་བ་འདམ། །ཞེས་དང་། སྐྱེ་བོ་ངན་པསྡིག་ལ་དགའ། །བྱས་ལ་དྲིན་དུ་མི་གཟོ་བ། །ངོ་ཚ་དགྲ་བོ་བཞིན་དུ་འདོར། །རང་དོན་འགྲུབན་ཅི་ཡང་བྱེད། །ཅེས་སོགས་གསུངས་ཤིང་། འབྱེད་པ་ལེའུ་ཆུང་ལས། དཀོན་མཆོག་གསུམལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་པར་དམ་པའི་ཆོས་བཙལ་བ་དང་། གཙུགལག་བཟང་པོ་ལ་མཁས་པར་སློབ་པ་དང་། ཅི་ལའང་རན་ཞིང་ཚོད་ཟིན་པར་བྱ་བ་དང་། མབཅོལ་བའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་། མིག་མཐོ་སར་བལྟ་ཞིང་གོང་མ་རྣམསཀྱི་རྗེས་སྙེགས་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བསླན་པ་དང་། ཕུ་ནུ་དང་ཕ་ཚནནང་དུ་ཤོངས་ཡང་ཆེ་བ་དང་། རིམ་པས་རྒན་པ་ལ་བཀུར་སྟི་བྱ་བ་དང་། ཁྱིམ་མཚེས་ལབྱམས་པར་བྱ་བ་དང་། གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱིས་ཕན་འདོགས་པདང་། སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་། རིག་བྱེད་བཟོ་ལམཁས་པས་གཞན་ལ་ཕན་པ་དང་། ལྟོས་པའི་མི་དྲིན་གྱི་སྐྱབས་འོག་ཏུ་གཞུག་པ་དང་། ངན་

p. 365

བྱེད་ཀྱི་གྲོས་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདིང་བ་དང་། ལས་མཐའཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་འཐོབ་པར་བྱའོ། །ཞེས་གསུངས་པལྟར་མི་ཆོས་གཙང་མ་བཅུ་དྲུག གཞན་ཡང་རྒྱ་ཆེ་རོལ་པ་དང་། ལུང་ཕྲན་ཚེགས་ཀྱི་འགྲེལཔ་རྣམས་སུ་བཤད་པ་ལྟར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། རིན་ཆེན་ས་གཞི་གོས་ལྗོན་ཤིང་། །རྟ་གླང་ཕོ་མོ་བརྟག་པའོ། །ཞེས་འབྱུང་བ་ལྟར་བརྟག་པ་བརྒྱད་ལ་སོགས་པ་སྟེ། སྐྱེ་བོ་གསོབའི་ཐིགས་པ་དང་། ཙ་ར་ཀ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་འཇིག་རྟེན་ལུགས་ཀྱིབསྟན་བཅོས་རྣམས་ལས་རྒྱ་ཆེར་གསུངས་ཤིང་། མདོར་ན་འཇིག་རྟེན་ཕ་རོལ་དང་ལས་རྒྱུའབྲས་སྨིན་ཚུལ་ལ་ཡིད་ཆེས་པས་སྐྱེ་བོ་ཡ་རབས་ཀྱི་སྤྱོད་པ་བཟང་པོ་ལ་བརྟེན་པ་ནི། འདིདང་ཕྱི་མའི་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིགརྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངནའགྲོར་འགྲོ་བར་མི་འགྱུར་རོ། །ཞེས་མངོན་མཐོའ་རྒྱུ་གྲུང་པོར་གསུངས་ཤིང་། དེར་མ་ཟདབརྒྱུད་ནས་:བར་ཐར་པའི་རྟེན་དུ་འགྲོ་བའང་སྲིད་དེ། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་ལྟར་ལགས། ༈ གཉིས་པ་རྩ་བའི་ས་བཅད་གཉིས་པ་དེ་མཛེས་བྱེད་རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུསལའང་། རྒྱལ་ཡུམ་ཤེར་ཕྱིན་གྱི་མདོ་ལ་བརྟེན་ནས་ཟབ་པ་དེ་ཁོ་ན་ཉིད་ཀྱི་གནས་ལུགས། སྡེ་བདུན་མངོན་པའི་མདོ་ལ་བརྟེན་ནས་རྒྱ་ཆེ་བ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག སྡེབཞི་འདུལ་བའི་ལུང་ལ་བརྟེན་ནས་ཕྲ་བ་ལས་འབྲས་ཀྱི་རྣམ་དབྱེ། བསྐལ་པ་བཟང་པོསོགས་ཀྱི་མདོ་ལ་བརྟེན་ནས་བསྐལ་བཟང་སངས་རྒྱས་ཀྱི་བྱོན་ཚུལ། སྙིང་རྗེ་པད་དཀརགྱི་མདོ་ལ་བརྟེན་ནས་རྣམ་དག་སྨོན་ལམ་གྱི་བཏབ་ཚུལ། རྒྱ་ཆེ་རོལ་པའི་མདོ་ལ་བརྟེནནས་སྟོན་པ་ཐུབ་པའི་དབང་པོའི་མཛད་པ། རྡོ་རྗེ་གཅོད་པ་དང་འབུམ་ཊིཀ་ལ་སོགས་པའིརྗེས་སུ་འབྲངས་ནས་བསྟན་པའི་གནས་ཚད་སོགས་མང་ཞིག་མཆིས་པ་ལས། གང་ལྟར་

p. 366

ཞུས་ཀྱང་སྐབས་སུ་བབས་ཤིང་འབྲེལ་ཆགས་པར་འགྱུར་ལགས་ནའང་། ད་རེས་འདིརསྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། བསྟན་པ་དམ་ཆོས་ཀྱི་དར་ཚུལ། བསྟན་འཛིན་དགེ་འདུནགྱི་བྱོན་ཚུལ་གསུམ་དུ་བསྡུས་ནས་མདོ་ཙམ་ཞིག་སྙན་དུ་གསོལ་བར་བྱ་བ་ལས། དེའི་དངཔོ་སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ་ལ། འོ་སྐོལ་གྱི་སྟོན་པ་འདི་ངེས་དོན་ཡིན་ལུགས་ཀྱིདབང་དུ་བྱས་ན། ཐོག་མ་མེད་པའི་དུས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོསཉིད་འོད་གསལ་གྱི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ། དུས་གསུམགྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་མ་གཡོས་བཞིནདུ་སེམས་ཅན་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་བསམ་གྱིས་མིཁྱབ་པར་སྣང་བས་གདུལ་བྱ་རྣམས་སོ་སོའ་སྐལ་བ་དང་འཚམས་པར་འདུལ་བར་མཛདཔ་སྟེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་རྩ་བའི་རྒྱུད་ལས། ཐུགས་རྗེ་ཆེན་པོས་འབྲེལབས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་དང་། དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབམཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངསཤིང་། ཡབ་སྲས་མཇལ་བའི་མདོ་ལས་ཀྱང་། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམསཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟནགྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེསགསུངས་པ་ལྟར་ལགས་ཀྱང་། ཐ་སྙད་རྣམ་འཇོག་གི་དབང་དུ་བྱས་ཏེ་ཐེག་པ་ཐུན་མོང་པལྟར་ན། སྤྱིར་དུས་གསུམ་གྱི་སངས་རྒྱས་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་བཞུགས་པ་ལས། བདག་ཅག་གི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད། དང་པོརབྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་བར་མཛདཔ་ཡིན་ཏེ། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་

p. 367

དང་པོ་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པ་ཆེནཔོས་ཚོགས་བསགས་ཤིང་། ཚེ་ལོ་བརྒྱ་པའི་ཚེ་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམསལ་གཟིགས་ཏེ། འཛམ་བུ་གླིང་འདི་ཉིད་དུ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མིཁྱབ་པ་ཡོངས་སུ་བསྐོར་ཏོ། །ཞེས་གསུངས་པ་ལྟར། སྟོན་པ་འདི་སྔོན་རྫ་མཁན་གྱི་ཁྱེའུསྣང་བྱེད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེདཔར་བཤད་པ་དང་། མདོ་བསྐལ་པ་བཟང་པོ་ལས་ཀྱང་། ང་ནི་སྔོན་ཚེ་དམན་པར་གྱུར་པན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་རབ་ཏུ་ཕུལ་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། །ཞེས་གསུངས། དེ་ནས་ཚོགས་བསགས་ཚུལལའང་། ཐེག་པ་ཆུང་ངུའི་ལུགས་ལྟར་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངསམེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགསབཟོད་དང་ཚུལ་ཁྲིམས་ཀྱི། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །དེ་མ་ཐག་ཏུ་ཏིངའཛིན་བློ། །ཞེས་གསུངས་ཏེ། བསྐལ་པ་གྲངས་མེད་པ་གསུམ་ལ་རིམ་པར། སངས་རྒྱསབདུན་ཁྲི་ལྔ་སྟོང་དང་བདུན་ཁྲི་དྲུག་སྟོང་དང་བདུན་ཁྲི་བདུན་སྟོང་གི་བར་མཉེས་པར་མཛདཅེས་འབྱུང་། ཐེག་ཆེན་ལྟར་ན། ལམ་ལྔ་དང་ས་བཅུ་ཡོངས་སུ་རྫོགས་པར་བགྲོད་དགོསཔ་ཡིན་པས། འཕགས་པའི་ས་བརྙེས་ནས་སྐད་ཅིག་རེ་རེ་ཡང་། ཕྱོགས་བཅུ་རབ་འབྱམསམུ་མེད་པའི་སངས་རྒྱས་གྲངས་མེད་ཚད་མེད་པ་དག་ཡོངས་སུ་མཉེས་པ་དང་། བསོད་ནམསདང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་ཤིང་རྫོགས་པ་དང་། སེམས་ཅན་གྲངསམེད་པ་ཡོངས་སུ་སྨིན་པ་དང་། ཞིང་ཁམས་ཚད་མེད་པ་ཡོངས་སུ་སྦྱངས་ཤིང་ས་བཅུ་རིམགྱིས་བགྲོད་པའི་མཐར་འོག་མིན་གྱི་ཞིང་ཁམས་སུ་རྒྱུན་མཐའི་ཡེ་ཤེས་ཀྱི་ཡང་དག་པའིམཐའ་མངོན་དུ་མཛད་དེ་སངས་རྒྱས་ཀྱི་གོ་འཕང་མཉེས་ཤིང་། དེ་ལས་མ་གཡོས་བཞིནདུ། གཙང་མའི་སྟེང་དབང་ཕྱུག་ཆེན་པོའི་འོག་མིན་དང་། གཟུགས་ཀྱི་ཁམས་ཀྱི་འོག་མིན་

p. 368

དང་། དགའ་ལྡན་དང་། འཛམ་བུ་གླིང་རྣམས་སུ་སྤྲུལ་པའི་སྐུ་སྟོན་པར་མཛད་པ་ཡིན་ཏེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགསནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བམངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམསཔ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམདང་རྫོགས་པ་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛདརྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་གསུངས། སྔགས་ཀྱི་རྒྱུད་སྡེ་རྣམས་ལས་ནི། འོག་མིན་དང་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། རི་རབ་ཀྱི་རྩེ་མོ་དང་། མིའི་གནས་ཀྱི་འཇིག་རྟེན་དཔལ་ལྡན་འབྲས་སྤུངས་དང་། ས་ཧོ་ར། ཨོ་ཌཱི་ཡ་ན། རི་བོ་བྱ་རྐང་ཅན། བསིལ་བ་ཚལ་ལ་སོགས་པར་གནས་དང་དུས་དང་འཁོརམཐའ་གཅིག་ཏུ་མ་ངེས་པ་ལ་དཀྱིལ་འཁོར་སྤྲུལ་བཤད་ལ་སོགས་པའི་སྒོ་ནས་རྒྱུད་སྡེ་མཐའཡས་པ་གསུངས་པའི་རྣམ་གཞག་ཐུན་མོང་མ་ཡིན་པ་དུ་མ་འབྱུང་ཞིང་། གདུལ་བྱ་སོ་སོའབསམ་པ་དང་མཐུན་པར་ཆོས་འཁོར་ཇི་ལྟར་བསྐོར་ཚུལ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་བདེནབཞིའི་ཆོས་འཁོར་ཁོ་ན་བཟླས་པ་རྣམ་པ་བཅུ་གཉིས་སུ་འདོད་ཅིང་། མདོ་སྡེ་པ་རྣམས་ཆོསའཁོར་དང་པོའི་སྟེང་དུ་བར་ཐ་གཉིས་ཀྱང་ཁས་ལེན། ཐེག་པ་ཆེན་པོའི་ལུགས་ལ། རྟོགསཔའི་ཆོས་འཁོར་རྣམ་བྱང་གི་ངོ་བོར་གྱུར་པའི་བདེན་བཞི། རྣམ་ཐར་གསུམ། ངོ་བོ་ཉིདམེད་པ་གསུམ་པོ་རྟོགས་པའི་རྟོགས་པ་འབྲས་བུ་དང་བཅས་པའི་འཁོར་ལོ་རིམ་པ་གསུམདང་། ལུང་གི་ཆོས་འཁོར་ནི། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། བར་པམཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོརལོ་སྟེ་འཁོར་ལོ་རིམ་པ་གསུམ་དང་། མཐར་ཐུག་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་སྟེ་རིམཔ་བཞིར་གསུངས་པ་ལགས། གཉིས་པ་བསྟན་པ་དམ་པའི་ཆོས་ཀྱི་དར་ཚུལ་དང་། གསུམ་

p. 369

པ་བསྟན་འཛིན་དགེ་འདུན་གྱི་བྱོན་ཚུལ་གཉིས་ཐུན་མོང་དུ་འཆད་དེ། ཅིའི་ཕྱིར་ཞེ་ན། བསྟནཔ་དམ་པའི་ཆོས་ནི་བསྟན་འཛིན་དགེ་འདུན་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་ཤིང་། དེལྟར་བཞུགས་པ་ཉིད་བཤད་སྒྲུབ་ཀྱི་འཕྲིན་ལས་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་ཞིངརྒྱས་པར་མཛད་དགོས་པའི་ཕྱིར་རོ། །དེས་ན་གནས་བརྟན་འོད་སྲུངས་ཆེན་པོ་དང་། འཕགསཔ་ཀུན་དགའ་བོ་ལ་སོགས་པ་བསྟན་པའི་གཏད་རབས་སངས་རྒྱས་དང་འདྲ་བའི་ཉན་ཐོསཆ ེན་པོ་བདུན་ནམ། ཉི་མའི་གུང་པ་བསྣན་པས་བརྒྱད་དང་། གཞན་ཡང་བླ་མ་གྲགས་པདང་། བསོལ་བྱིན་སོགས་བསྟན་པ་སྐྱོང་བའི་དགྲ་བཅོམ་པའི་སྡེ་དང་། བླ་མ་འོད་སྲུངསམང་སྟོན་སོགས་བཙུན་པ་ཆེན་པོའི་སྡེ་དང་། རྒྱལ་བ་ལེགས་རྒྱལ་དགེ་བ་སོགས་བསྟན་པལ་བྱ་བ་བྱས་པའི་བྲམ་ཟེ་ཆེན་པོའི་སྡེ་ལ་སོགས་པ་རྣམས་ཀྱིས་བསྟན་པ་ཡུན་རིང་དུ་བསྐྱངསཤིང་། དེ་རྗེས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། དཔའ་བོ། སྒྲ་གཅན་འཛིན། ཡོན་ཏན་འོད། ཆོས་སྐྱོང་སྟེ་ཆེན་པོ་བཞི་དང་། ཞི་བ་ལྷ་དང་། ཙནྡྲ་གོ་མི་ཞེས་རྨད་བྱུང་གིསློབ་དཔོན་གཉིས་སོགས་རྒྱལ་བའི་གསུང་རབ་ཀྱི་དོན་ལ་རང་དབང་འབྱོར་བའི་སློབ་དཔོནམཐའ་ཡས་པ་རྣམས་ཀྱིས་གཙོ་བོར་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་གསལ་བར་མཛད། རྒྱགར་ཤར་ཕྱོགས་སུ་རྒྱལ་པོ་ཛཿཡབ་སྲས་དང་། སྒེག་རྡོར། སངས་རྒྱས་གསང་བ། སྠི་རམ་ཏི། བདེ་བ་གསལ་མཛད་ལ་སོགས་པས་མ་ཧཱ་ཡོ་ག་དང་ཨ་ནུ་ཡོ་ག རྒྱ་གར་ནུབ་ཕྱོགསསུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ་སོགས་ཀྱིསཨ་ཏི་ཡོ་ག གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་བརྒྱད་དང་། སློབ་དཔོན་སངས་རྒྱསགཉིས་པ་པདྨ་འབྱུང་གནས་ལ་སོགས་པས་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དང་། གཞན་ཡང་སློབདཔོན་ཡེ་ཤེས་ཞབས་སོགས་རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་བཅུ་གཉིསདང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཁས་པ་སྒོ་དྲུག དུས་འཁོར་ཞབས་པ་ཆེ་ཆུང་སོགསགྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་ནས་སྐལ་ལྡན་དཔགཏུ་མེད་པ་སྨིན་གྲོལ་ལ་བཀོད། འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་གངས་ཅན་

p. 370

བོད་ཀྱི་ཡུལ་འདིར། དང་པོ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་རྐྱེན་མཛདཔ་ལ་བརྟེན་ནས། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨའབྱུང་གནས། མཁན་ཆེན་ཞི་བ་འཚོ། པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ། སློབ་དཔོན་ཀ་མ་ལཤཱི་ལ། འདུལ་འཛིན་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། སརྦ་ཛྙཱ་དེ་ཝ། ཤཱི་ལེནྡྲ་བོ་དྷི། སུརེནྡྲ་བོ་དྷིསོགས་རྒྱ་གར་གྱི་པཎ་གྲུབ་ཆ ེས་མཆོག་ཏུ་གྱུར་པ་རྣམས་དང་། སྤྲུལ་པའི་ལོ་ཙཱ་བ་ཆེན་པོབཻ་རོ་ཙ་ན་དང་། རྨ་རིན་ཆ ེན་མཆོག གཉགས་ལོ་ཡེ་ཤེས་གཞོན་ནུ། སྐ་ཅོག་ཞང་གསུམསོགས་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ཆོས་བསྒྱུར་བཤད་ལག་ལེན་གྱི་སྒོ་ནས་གཏན་ལ་ཕབ། ཀློག་པའི་ཆོས་གྲྭ་ཆེན་པོ་བཅུ་གཉིས། སྒྲུབ་གྲྭ་ལ་མཆིམས་ཕུའི་གྲུབ་ཆ ེན་ཉི་ཤུ་རྩ་ལྔ། ཡེརཔ་དང་ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་གངས་ཅན་གྱི་ལྗོངས་ཐམས་ཅད་བསྟནའཛིན་གྱི་སྐྱེས་བུས་མཛེས་པར་བྱས། ཁྱད་པར་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ཐུནམོང་མ་ཡིན་པ་མདོ་སྒྱུ་སེམས་གསུམ་དང་། སྒྲུབ་སྡེ་སྤྱི་དང་བྱེ་བྲག་གི་རྒྱུད་ཟབ་ཅིང་རྒྱ་ཆེབ་མཐའ་ཡས་པ་ཞིག་བབས་སོ་བདུན་གྱི་སྒོ་ནས་སྤྱན་དྲངས་ཏེ། སེམས་ཅན་དཔག་ཏུ་མེདཔ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་བཀོད། བསྟན་པ་ཕྱི་དར་གྱི་དུས་འདིར། རྨ་གཡོགཙང་གསུམ་ལས་བསྟན་པའི་ཉི་མ་བླ་ཆེན་པོ་དགོངས་པ་རབ་གསལ་གྱིས་སྡོམ་པ་བླངསཤིང་། ནུས་པ་ཅན་ཀླུ་མེས་སོགས་མི་བཅུས་བསྟན་པ་སྔ་དར་གྱི་འདུལ་བའི་སྡོམ་རྒྱུན་དངབཤད་རྒྱུན་སྤྱན་དྲངས། མངོན་པ་གོང་འོག་གཉིས་ལྷ་ལུང་དཔལ་རྡོར་གྱི་སློབ་མ་ཅོག་གྲུསསེང་བཙུན་དབང་གཞོན་ལ་བཤད་པ་འགར་དང་ཁུ་སོགས་ནས་བརྒྱུད་དེ་བྲང་ཏི་ལ་བབསཔ་དང་། ཕ་རོལ་ཏུ་ཕྱིན་པའི་བཤད་སྒྲུབ་ཀྱི་རྒྱུན་སྐ་ཅོག་ཞང་གསུམ་ནས། སྦས་རྒྱལ་བཡེ་ཤེས་དང་། གྲུམ་གཉིས་ནས་སེ་བཙུན་དབང་གཞོན་ལ་བརྒྱུད་དེ་འབྲེ་ཆེན་པོ་ཤེས་རབའབར་ལ་དཀའ་བབས་པ་སོགས་སྔ་འགྱུར་སྡེ་སྣོད་གསུམ་གྱི་བཤད་སྒྲུབ་ཀྱི་རྒྱུན་ཡང་མཆད་པར་སྐྱེས་བུ་དམ་པ་རྣམས་ཀྱིས་བཟུང་བས། དེ་ལས་བརྒྱུད་ནས་བོད་ཡུལ་གངས་ཅནགྱི་ལྗོངས་འདིར་དགེ་འདུན་གྱི་སྡེ་དཔག་ཏུ་མེད་པ་དར། སྔ་འགྱུར་གསང་སྔགས་བཀའ་

p. 371

མ་རྣམས་ནི། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡབ་སྲས། ཟུར་མེས་དབོན་གསུམ་སོགསནས་བརྒྱུད་དེ་དར་བ་དང་། སྔོན་གྱི་ལོ་པཎ་ས་ཆེན་པོ་ལ་བཞུགས་པ་རྣམས་གང་འདུལ་གྱིརྣམ་རོལ་སྤྲུལ་པའི་གཏེར་སྟོན་གྱི་སྐུར་བཞེངས་ནས་དུས་བབས་ཀྱི་ཟབ་མོའི་གཏེར་རྣམསསྤྱན་དྲངས་ཏེ། སྐལ་ལྡན་གྱི་དོན་མཛད་པ་སོགས་སྔ་འགྱུར་བཀའ་གཏེར་གྱི་ཆོས་རྣམསཀྱང་དུས་ཀྱི་ཐ་མ་དེང་སང་གི་བར་དུ་གདུལ་བྱའི་བསོད་ནམས་ཀྱི་ཉེར་འཚོར་གསལ་ཞིང་། ཕྱི་འགྱུར་བ་རྣམས་ནི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དང་། ས་རྔོག་ཉི་ཟླ་ཟུང་འབྲེལ། འབྲོག་འགོས་མར་མལ་རྭ་འབྲོ་སོགས་ལོ་ཙཱ་བ་ཆ ེན་པོ་རྣམས་དང་། དེ་དག་གི་རྗེས་སུའབྲང་བའི་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པ་དཔག་ཏུ་མེད་པ་རྣམས་ཀྱིས། བསྟནཔ་རིན་པོ་ཆེ་སྒོ་མཐའ་དག་ནས་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟར་མཛད། ཁྱད་པར་རངརེའི་ཆོས་བརྒྱུད་འདི་ལ་མདོ་སྔགས་བཤད་སྒྲུབ་ཀྱི་ཆོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའིཚིག་དོན་ལག་ལེན་བྱིན་རླབས་ཀྱི་བཀའ་ཐམས་ཅད་ཚང་བར་བཞུགས་པ་ཡིན་ལ། དེ་ལསཀྱང་ཁྱད་པར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ། བྱང་ཆུབ་སེམས་དཔའརྣམས་ཀྱི་ཐུགས་བཅུད། གྲུབ་ཐོབ་ཐམས་ཅད་ཀྱི་ཉམས་སུ་མྱོང་བྱ། མཁས་པ་ཐམས་ཅདཀྱིས་ལེགས་པར་བཤད་པའི་སྙིང་པོ། སྔ་འགྱུར་རྡོ་རྗེའི་ཐེག་པ་རྒྱུད་སྡེ་དང་སྒྲུབ་སྡེའི་སྨིནགྲོལ་གྱི་ལམ་ཟུང་དུ་འབྲེལ་བ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བི་མ་ལ་མིཏྲ། ལོ་ཆེན་བཻ་རོ། རྨ་གཉགས། གནུབས་ཆེན། ཟུར་མེས་དབོན། གཏེར་ཆེན་གོང་འོག ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་སོགས་ལས་བརྒྱུད་པའི་བཤད་སྒྲུབ་ཉམསམྱོང་བྱིན་རླབས་ཕྱག་བཞེས་ཀྱི་བཀའ་སྲོལ་གྲུབ་བརྙེས་རིག་འཛིན་བརྒྱུད་པ་ཟམ་མ་ཆདཔའི་ཞལ་ལུང་རྣམས། གསང་བདག་ལག་ན་རྡོ་རྗེའི་སྤྲུལ་པའི་སྐུ། ལོ་ཙཱ་བ་ཆེན་པོ་བཻ་རོཙ་ནའི་ཡང་སྲིད། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པའམ་མཚནགཞན་རིག་འཛིན་འགྱུར་མེད་རྡོ་རྗེ་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལབའི་སྡེས་ཆོས་བདག་པོའི་ཚུལ་གྱིས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པས་

p. 372

གངས་ལྗོངས་བོད་ཀྱི་ཡུལ་འདིར་བསྐལ་པ་བཟང་པོར་མཛད་པ་ལགས། སྤྲོ་ཞིང་ཤེས་ལ་དགོསཔ་ཡོད་ན་དགོན་སྡེ་སོགས་རང་རང་སོ་སོའི་ཆོས་དང་བླ་མ་བརྒྱུད་པའི་ཆེ་བའང་ཅི་རིགས་བརྗོད་ཅིང་། མི་སྤྲོ་ན་དེ་ཙམ་གྱིསཆོག་གོ །༈ གསུམ་པ་བྱས་ཤེས་བཀའ་དྲིན་ཆེ་བའི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པའི་དབང་དུབྱས་ན། སྤྱིར་ཁམས་གསུམ་གྱི་སེམས་ཅན་དེ་བཞིན་གཤེགས་པའི་སྙིང་པོ་རྗེས་སུ་ཞུགསཔ་རྣམས་གནས་སྐབས་འཁོར་བའི་བདེ་བ་ཐོབ་པའང་། ཡང་དག་པར་རྫོགས་པའི་སངསརྒྱས་ཀྱི་འཕྲིན་ལས་འཕྲོ་བ་ལས་བྱུང་བའི་ཕྱིར། དུས་གསུམ་དུ་གཤེགས་ཤིང་བཞུགས་ལའབྱོན་པར་འགྱུར་བའི་སངས་རྒྱས་སྲས་དང་སློབ་མར་བཅས་པ་རྣམས་བཀའ་དྲིན་ཆེ། སྒོསབསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དུ་གྲགས་པ་རྣམས་དང་། དེའི་ནང་ནས་ཀྱངཁྱད་པར་དུ་མི་མཇེད་འཇིག་རྟེན་གྱི་ཁམས་པ་རྣམས་ལ། འོ་སྐོལ་གྱི་སྟོན་པ་མཉམ་མེདསྐྱོབ་པ་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་ཤཱཀྱ་ཐུབ་པ་ཆེན་པོ་ལ་སོགས་པའི་དྲུང་དུ་དང་པོར་ཐུགསབསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྨདདུ་བྱུང་བ་བསགས། མཐར་མ་གྷ་དྷ་རྡོ་རྗེ་གདན་གྱི་སྤོར་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའིཤིང་ཨ་ཤྭདྠའི་དྲུང་དུ་མངོན་པར་རྫོགས་པ་སངས་རྒྱས་ཏེ། ཝཱ་ར་ཎཱ་སི་དང་། བྱ་རྒོད་ཕུངཔོའི་རི་ལ་སོགས་པའི་གནས་རྣམས་སུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཏེ། གདུལབྱ་རྣམས་རང་རང་གི་དབང་པོ་དང་འཚམས་པར་ཐེག་པ་གསུམ་གྱི་ལམ་རྣམ་པར་དག་པལ་བཀོད་པས་ན་བཀའ་དྲིན་ཆེ། ཐུབ་དབང་ཆོས་ཀྱི་དབྱིངས་སུ་མཛད་པ་བརྟུལ་བའི་རྗེསསུ། འོད་སྲུངས་ཆེན་པོ། འཕགས་པ་ཀུན་དགའ་བོ། འཕགས་པ་ཉེ་བར་འཁོར། དགྲབཅོམ་པ་གྲགས་པ། འཕགས་པ་རྩིབ་ལོགས་ལ་སོགས་ཏེ་དགྲ་བཅོམ་པ་གཟུངས་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་ལ་སོགས་པ་ཆོས་ཀྱི་མིག་དང་ལྡན་པ་རྣམས་ཀྱིསབཀའ་བསྡུ་བ་མཛད་པས་ན་བཀའ་དྲིན་ཆེ། ཡང་སྒོས་འཛམ་བུ་གླིང་པ་རྣམས་ལ་ཀླུ་སྒྲུབཡབ་སྲས་ཀྱིས་ཟབ་མོ་ལྟ་བའི་སྲོག་བཟུང་། ཐོགས་མེད་སྐུ་མཆེད་ཀྱིས་རྒྱ་ཆེན་སྤྱོད་པའི་

p. 373

ལུས་གསོས། ཕྱོགས་གླང་ཆོས་གྲགས་ཀྱིས་ལོག་སྨྲ་རྒོལ་བའི་འཆི་བ་ལས་སྐྱོབ། ཡོན་ཤཱཀརྣམ་གཉིས་ཀྱིས་གནང་བཀག་བསླབ་བྱའི་བྱི་དོར་ལེགས་པར་བསྒྲུབས་ཏེ་བསྟན་པ་འཇིགརྟེན་ན་གཅེས་པའི་བུ་གཅིག་པ་ལྟར་བསྐྱངས་པས་ན་བཀའ་དྲིན་ཆེ། གཞན་ཡང་སློབ་དཔོནདཔའ་བོ། ཙནྡྲ་གོ་མི། ཞི་བ་ལྷ་ལ་སོགས་ཏེ་ལྟ་སྤྱོད་རྣམ་པར་དག་པ་ལ་བཀའ་དྲིན་ཆེ་བམང་མོད་ཀྱང་དངོས་སམ་བརྒྱུད་པ་གང་རུང་གི་སྒོ་ནས་སྔ་མ་རྣམས་ཀྱི་ཁོངས་སུ་འདུས་པསལོགས་སུ་མ་སྨོས་ལགས་ཤིང་། ཁྱད་པར་ཐེག་པ་ཀུན་གྱི་རྩེ་རྒྱལ། མདོ་སྡེ་ཐམས་ཅད་ཀྱིཟ་མ་ཏོག རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། གསང་ཆེན་རྡོ་རྗེ་ཐེག་པ་མ་ཧཱ་ཨ་ནུ་ཨ་ཏི་སྟེ་རྒྱུདསྡེ་གསུམ་དང་སྒྲུབ་སྡེ་བཀའ་བརྒྱད་སྤྱི་བྱེ་བྲག་གི་སྨིན་གྲོལ་གྱི་ལམ་སོགས་གསང་སྔགསརྡོ་རྗེ་ཐེག་པའི་བཤད་སྒྲུབ་ཉམས་མྱོང་བྱིན་རླབས་ཀྱི་ཕྱག་བཞེས་རྣམས་འཛིན་ཞིང་རྒྱ་ཆེརསྤེལ་བར་མཛད་པ་པོ། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ས་ཧོ་རའི་རྒྱལ་པོ་ལུང་བསྟན་རྡོ་རྗེ་ཡབ་སྲས། སྒེག་པ་རྡོ་རྗེ། སངས་རྒྱས་གསངབ། བདེ་བ་གསལ་མཛད། སྒྲུབ་སྡེ་བརྒྱད་ཀྱི་བཀའ་བབས་རིག་འཛིན་བརྒྱད་ལ་སོགསཏེ་ས་བཅུའི་དབང་ཕྱུག་གྲུབ་པའི་འཁོར་ལོས་སྒྱུར་བ་རིམ་པར་བྱོན་པ་རྣམས་ཀྱིས་ཚེ་གཅིགལ་འཚང་རྒྱ་བའི་ཐབས་མཆོག་གསང་སྔགས་བདེ་ཞིང་མྱུར་བའི་ལམ་གྱིས་སྐལ་ལྡན་གྱིགདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད་པས་ན་བཀའ་དྲིན་ཆེ། རབ་དཀར་གངས་རིསབསྐོར་བའི་ལྗོངས། འཕགས་པ་འཇིག་རྟེན་དབང་ཕྱུག་གི་འདུལ་བའི་ཞིང་འདིར་དང་པོརཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། སྲོལ་གཏོད། དར་རྒྱས་སུ་མཛད། དབུའི་མཆོད་གནས་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའིསྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས། སྡོམ་བརྩོན་བྱང་ཆུབ་སེམས་དཔའཞི་བ་འཚོ། ངེས་དོན་ཟབ་མོའི་མཛོད་འཛིན་པཎ་ཆེན་བི་མ་ལ་མི་ཏྲ། ལོ་ཙཱ་བ་ཆེན་པོ་སྤགོར་བཻ་རོ་ཙ་ན། རྨ་གཉགས་སྐ་ཅོག་ཞང་གསུམ་ལ་སོགས་པ་དབང་ཐོབ་པའི་བྱང་ཆུབསེམས་དཔའ་རྣམས་ཀྱིས་བོད་ཡུལ་མུན་པའི་གླིང་དུ་སྣང་གསལ་བསྟན་པའི་སྒྲོན་མེ་སྤར་

p. 374

བ་དང་། དམ་ཆོས་ཤིང་རྟའི་ལམ་པོ་ཆེ་གཏོད་དེ་སྐད་གཉིས་བརྡ་སྤྲོད་ཀྱི་ཡི་གེར་བསྒྱུརབས། ཕྱི་ནང་ཐེག་པའི་ལམ་རྣམ་པར་བལྟ་བའི་མིག་བྱིན་པས་ན་བཀའ་དྲིན་ཆེ། བར་དུ་བླཆེན་པོ་མཁན་སློབ་ཀྱིས་ཐུབ་བསྟན་རྩ་བ་ཆད་པའི་གཞི་བསླངས་བས་གངས་ལྗོངས་ཐམསཅད་བསྟན་འཛིན་དགེ་འདུན་གྱིས་ཡོངས་སུ་གང་བར་མཛད་པས་ན་བཀའ་དྲིན་ཆེ། ཐ་མརབྱོན་པ་ཇོ་བོ་མར་མེ་མཛད་དཔལ་ཡེ་ཤེས་ཡོན་མཆོད་ཀྱིས་བསྟན་པ་ཉམས་སྨད་པ་སོརཆུད་པར་མཛད་པ་དང་། གཞན་ཡང་པཎ་ཆེན་ཤཱཀྱ་ཤྲཱི་སོགས་བོད་འདིའི་བསོད་ནམས་ཀྱིཞིང་དུ་སྤྱན་འདྲོངས་པའི་པཎ་ཆེན་རྣམས་དང་། ལོ་ཆེ་ཆུང་འབྲོག་འགོས་མར་མལ་རྭ་འབྲོས་རྔོག་ཤོང་དཔང་སོགས་ལོ་ཙཱ་བ་རྣམས་ཀྱིས་བཀའ་དང་བསྟན་བཅོས་རྣམས་ལ་འགྱུརབཅོས་དང་གཞི་འགྱུར་སོགས་ཀྱིས་བསྟན་པ་གསལ་བར་མཛད་པས་ན་བཀའ་དྲིན་ཆེ། དེདག་གི་རྗེས་སུ་བཤད་སྒྲུབ་གཉིས་ལས་བསྟན་པ་བཤད་པའི་ཕྱི་མོ་ལ་རྒྱལ་བའི་གསུང་རབཟབ་པ་དང་རྒྱ་ཆེ་བ་རྣམས་ཀློག་པ་དང་འཛིན་པ་དང་ཀུན་ཆུབ་པ་དང་གཞན་དག་ལ་རྒྱ་ཆེརཡང་དག་པར་སྟོན་པ་དང་། དགོངས་པ་འགྲེལ་བར་མཛད་པའི་སྡེ་སྣོད་འཛིན་པ་རྣམསཀྱིས་བསྟན་པ་དྲི་མ་མེད་པར་གསལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་འགྱུར་བའི་ཐབསཚུལ་རླབས་པོ་ཆེ་བསྒྲུབ་པར་མཛད་པས་ན་བཀའ་དྲིན་ཆེ། སྒྲུབ་པ་བསྟན་པའི་སྙིང་པོ་ལ། གྲུབ་པའི་འཁོར་ལོས་སྒྱུར་བའི་སྐྱེས་མཆོག་དམ་པ་རྣམས་ཀྱིས། གངས་རིས་བསྐོར་བའིལྗོངས། འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས། པུར་རྒྱལ་བོད་ཀྱི་རི་སུལ་ཐམསཅད་དུ་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་དང་། སྦྱོར་དྲུག་ལམ་འབྲས། བཀའ་ཕྱག ཞི་ཤངས་ལ་སོགས་ཏེ་ཟབ་མོའི་གདམས་པ་ཐུགས་ཉམས་སུ་བསྟར་ནས་སྒྲུབཔའི་རྒྱལ་མཚན་བདུད་ཀྱི་འཁྲུལ་འཁོར་གྱིས་མི་གཡོ་བ་བཙུགས་པས། གྲུབ་ཐོབ་གཟའསྐར་ལྟར་གྲངས་མང་ཞིང་། སྒྲུབ་སྡེ་མཁའ་ལྟར་མཐའ་ཡས་པའི་གཞི་བཏིང་བ་ལ་བརྟེནནས་སྒྲུབ་བརྒྱུད་ཆུ་བོའ་རྒྱུན་བཞིན་དུ་རིང་བས་ལུས་ཅན་ཀུན་གྱི་ཡང་དག་པའི་མགོན་སྐྱབསདང་དཔུང་གཉེན་དུ་བཞུགས་པས་ན་བཀའ་དྲིན་ཆེ། ཁྱད་པར་རང་རེའི་བཤད་སྒྲུབ་ཀྱི་

p. 375

བརྒྱུད་པ་རྣམ་པར་དག་པ་འདི་ལ་མངའ་དབང་རྫོགས་པའི་སྟོན་པ་དཔལ་ཀུན་ཏུ་བཟངཔོས། རྒྱབ་ཚབ་རིགས་ལྔ་དང་རྒྱལ་སྲས་སེམས་དཔའ། སློབ་དཔོན་ཆེན་པོ་དགའ་རབརྡོ་རྗེ། རིག་འཛིན་ཤྲཱི་སིངྷ་ནས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། པཎ་ཆེནབི་མ་ལ་མི་ཏྲ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ཏེ། འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངསཔའི་སློབ་དཔོན་རྣམ་པ་གསུམ་ལ་བཀའ་བབས་པ་ཟབ་གསང་རྫོགས་པ་ཆེན་པོ་སྡེ་གསུམགཙོ་བོར་གྱུར་པའི་བསྐྱེད་རྫོགས་གསུམ་གྱི་མན་ངག བཀའ་གཏེར་བརྒྱུད་པ་གཉིས་ལྡནགྱི་ཚུལ་དུ་སོ་ཟུར་གནུབས་གསུམ་དང་གཏེར་སྟོན་ཆེན་པོ་རྣམས་ནས་ངེས་དོན་སྙིང་པོའབསྟན་པ་གསལ་བར་མཛད་པ་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་སོགས་ལརིམ་པར་བརྒྱུད་དེ། ཁམས་གསུམ་གྱི་བླ་མ། དུས་གསུམ་གྱི་སངས་རྒྱས། སྲིད་པ་གསུམགྱི་འདྲེན་མཆོག་འགྲོ་བ་ལྷ་དང་མི་ཐམས་ཅད་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དམཔར་གྱུར་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིག་འཛིན་འགྱུར་མེད་རྡོ་རྗེ་འཇིགས་བྲལ་ཕྱོགསཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་དབྱངས་སྲིད་པའི་རྩེ་མོར་ཡོངས་སུ་གྲགསཔ་གཏེར་ཆེན་འགྲོ་འདུལ་གཏེར་བདག་གླིང་པའི་ཞབས་ཀྱི་དཔལ་དང་ལྡན་པ་གཡོ་རུ་གཙངམའི་ས་གྲྭ་ཕྱི་ཐར་པ་གླིང་གི་དགེ་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱིདགའ་བའི་ཚལ་ཆེན་པོའི་བླ་བྲང་ཆོས་འཁོར་ལྷུན་པོར་ཕྱགས་ཕབ་སྟེ། མདོ་སྔགས་བཤདསྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པརམཛད་པ་དང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་གྲངས་མེད་པ་བསྐོར་བ་ལ་བརྟེནནས། གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པས་ན་བཀའ་དྲིན་ཆེ། སྒོསརང་རང་སོ་སོ་ལ་བཀའ་དྲིན་ཆེ་བ་ནི། བུ་རྒྱུད་སོ་སོ་ལ་ལུས་བསྐྱེད་ཅིང་འཇིག་རྟེན་གྱི་བླངདོར་བྱ་བྱེད་སྟོན་པའི་ཕ་དང་མ། སྡོམ་བརྒྱུད་སོ་སོ་ལ་བསླབ་ཁྲིམས་འབོགས་པའི་མཁནསློབ། སློབ་བརྒྱུད་སོ་སོ་ལ་ཐར་ལམ་སྟོན་པའི་བླ་མ། རྗེ་དཔོན་སོ་སོ་ལ་ཞོ་ཤས་འཚོ་བའིབློན་པོ། འབངས་སོ་སོ་ལ་གཟུ་བོར་གནས་པའི་རྒྱལ་པོ་རྣམས་བཀའ་དྲིན་ཆེ། དེང་འདིར་

p. 376

མཆོད་པའི་ཚོགས་བཟང་ཞིང་བཀོད་པས་འཕགས་པ་ཡོངས་སུ་སྦྱར་བའི་དཀྱིལ་འཁོརའདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ། བདེ་བ་དང་དགྱེས་པར་བཞུགསཔ་ཐམས་ཅད་ཀྱང་སྦྱིན་པའི་བདག་པོ་དམིགས་ཡུལ་དང་བཅས་པ་ལ་བཀའ་དྲིན་ཆེ། སྒོསསྐབས་དོན་གྱི་དབང་དུ་བྱས་ན། གདུགས་དེ་རིང་གི་སྐབས་སུ། དད་པའི་ཞིང་ས་ལ་གཏོངབའི་མྱུ་གུ་གཡུར་དུ་ཟ་བའི་སྦྱིན་པའི་བདག་པོ་རྣམས་ཀྱིས་ཞེས་འབྲེལ་སྦྱར་ཏེ་སྐབས་དོན་ཁ་བསྒྱུར་ཚུལལ། སྤྱི་ཙམ་གྱི་དབང་དུ་བྱས་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལྷ་མིའི་མཆོད་སྡོང་དུ་དརཞིང་རྒྱས་ལ་མི་ནུབ་པར་བྱ་བ་དང་། བསྟན་པ་འཛིན་པའི་བཤེས་གཉེན་ཐམས་ཅད་ཞབསཔད་བརྟན་ཅིང་བཤད་སྒྲུབ་ཀྱི་འཕྲིན་ལས་བླ་ནས་བླར་འཕེལ་བར་བྱ་བ་དང་། བསྟན་པའིསྦྱིན་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོ་རྣམས་ཀྱང་སྐུ་ཚེ་བརྟན་ཅིང་མངའ་ཐང་ཆེ་བའི་ཆབ་སྲིདདང་སྐུ་དཔལ་ཡར་ངོའ་ཟླ་བ་ལྟར་འཕེལ་ཞིང་རྒྱས་པའི་བཀའ་ཁྲིམས་ཕན་བདེའི་གདུགསདཀར་པོའི་ཐིབས་ཀྱིས་རྒྱལ་ཁམས་འདི་དག་ཏུ་མཐའ་ནས་དགྲ་མི་གཡོ། དབུས་ནས་གཡུལམི་འཁྲུག ཚེ་དཔལ་ལོངས་སྤྱོད་ཀྱི་འདུ་སྒོ་ཐམས་ཅད་འབྱོར་བས་བདེ་སྐྱིད་ཕུན་སུམ་ཚོགསཔ་ལ་སྤྱོད་པའི་ཆེད་དུ། ཡང་བླ་མ་ཞི་བར་གཤེགས་པ་ལྟ་བུའི་དགོངས་རྫོགས་ཀྱི་ཚེ། སྦྱིན་པའི་བདག་པོ་ཉེགནས་ཆེན་པོ་རྣམས་ཀྱིས་མཆོག་གི་བླ་མ་དམ་པ་འདི་ཞེས་བྱ་བས་ཐོག་དྲངས་ཕྱོགས་བཅུ་དུསགསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅདབདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་མཛད་པའི་དགོངས་པ་ལྷུནགྱིས་གྲུབ་པར་ཡོངས་སུ་རྫོགས་པར་བྱ་བའི་ཆེད་དུ། ཡང་སྐུ་རིམ་ལྟ་བུ་ལ་ཉེ་གནས་ཆེན་པོ་རྣམསཀྱིས། རྗེ་བཙུན་བླ་མ་དམ་པ་འདི་ཞེས་བྱ་བའི་སྐུ་གསུང་ཐུགས་ཀྱི་འགལ་རྐྱེན་བར་ཆད་ཞི་ཞིངཇི་ལྟར་ཐུགས་ཀྱི་བཞེད་དོན་རྣམས་ཡིད་བཞིན་དུ་འགྲུབ་པའི་ཆེད་དུ་ཞེས་སམ། ཡང་ན། ཞབསཔད་བརྟན་ཅིང་བཤད་སྒྲུབ་ཀྱི་ཕྲིན་ལས་རྣམ་པར་དཀར་བ་གོང་ནས་གོང་དུ་འཕེལ་བརབྱ་བའི་ཆེད་དུ། ཡང་སྡེ་དཔོན་སོགས་ཆེན་པོའི་སྐུ་རིམ་ལྟ་བུར། ལྷ་སྲས་མིའི་སྡེ་དཔོན་ཆེན་པོས་ཆོས་ལབླ་མར་མཛད་པ་འཕྲུལ་གྱི་དགོངས་པ་ཁྱད་པར་ཅན་མངའ་བ་གང་གི་སྐུ་ཚེ་བརྟན་ཅིང་མངའ་

p. 377

ཐང་ཆེ་བའི་ཆབ་སྲིད་དང་སྐུ་དཔལ་གོང་ནས་གོང་དུ་འཕེལ་བའི་ཆེད་དུ། ཡང་མི་ཆེན་གཤེགསཔའི་འདད་ལྟ་བུ་ལ། དགོས་པ་སྐབས་དོན་གྱི་དབང་དུ་བྱས་ན། སྐུ་གཤེགས་པ་འདི་ཞེས་ཕྱོགསནས་ཀྱང་། སྔོན་བསོད་ནམས་ཁྱད་པར་ཅན་བསགས་པའི་མཐུས་ཡུལ་དབུས་དམ་པའིཆོས་དར་བའི་ཕྱོགས་སུ་རྟེན་མི་ལུས་རིན་པོ་ཆེ་བརྙེས་ཤིང་། རིགས་རུས་ཆོ་འབྲང་ཕུན་སུམཚོགས་པས་ཀུན་གྱིས་བཀུར་བའི་གནས་དང་འཇིག་རྟེན་གྱི་རྒྱན་དུ་འགྲོ་བ་ཞིག་ཡོད་ནའང་། སྤྱིར་འདུས་བྱས་མི་རྟག་ཅིང་ཁྱད་པར་སྐྱེས་བུའི་ཚེ་མི་རྟག་པར་གསུངས་པ་དེ་ཉིད་ཁོང་གིཐོག་ཏུ་བབས་ཏེ་མདང་ཞག་འཇིག་རྟེན་ཕ་རོལ་དུ་གཤེགས་གདའ། འོན་ཀྱང་འཇིག་རྟེནན་མི་སྲིད་པ་ཞིག་བྱུང་བ་མ་ཡིན་གྱི། ལུས་ཅན་ཐམས་ཅད་ཀྱི་མཚན་ཉིད་དེ་ལས་མ་འདསཏེ། རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆིགར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། མི་རྟག་པའི་ཚོམས་ལས། སྐྱེས་ནས་གངཞིག་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །འདིལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །ཞེས་པས་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། འབྱོར་པའི་ཐ་མ་རྒུད་པ་བཞི་ལསམ་འདས་པས། ད་རེས་ཁོང་ཡང་སྐུའི་གཉེན་བཤེས་ཁང་ཁྱིམ་ལོངས་སྤྱོད་ཀྱི་དཔལ་འབྱོརཐམས་ཅད་བཞག་ནས་འཇིག་རྟེན་ཕ་རོལ་ཏུ་བྱོན་པ་ལ། ཤུལ་ན་བཞུགས་པ་རྣམས་ཀྱིསགཞུང་བཟང་པོས་ཁོང་སྐུ་གཤེགས་ཀྱི་དོན་དུ་དགེ་བའི་སྟོངས་དང་ར་མདའ་མཛད་པ་ནིདུས་དེར་ཤིན་ཏུ་ཕན་པར་འགྱུར་བ་་སྟེ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འཆི་བའིདུས་ལ་བབས་པ་ན། །བུ་དག་སྐྱབས་སུ་མི་འགྲོ་ཞིང་། །ཕ་མ་མ་ཡིན་གཉེན་འདུན་མིན། །དེ་ཚེ་བསོད་ནམས་སྐྱབས་གཅིག་པུ། །ཞེས་དང་། རྒྱལ་པོ་ལ་གདམས་པ་ལས། དུས་ཀྱིཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེསབུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་

p. 378

གསུངས་པས། དགེ་སྡིག་གཉིས་པོ་རྗེས་སུ་འབྲང་བས། ཁོང་གི་སྐུའི་བསགས་སྦྱངས་ཀྱིཆེད་དུ། ཞེས་སྦྱར་ནས་གང་གི་ཚེ་ཡང་། བསོད་ནམས་ཀྱི་ཞིང་དུ་གྱུར་པའི་བླ་མ་དཀོན་མཆོག་མཆོདཔ། དགེ་འདུན་འདུས་པའི་ཚོགས་ལ་བསྙེན་བཀུར་གྲལ་འགྱེད་ཀྱི་དངོས་པོ་འབུལ་བ་བསྔོརྟེན་དང་བཅས་པ། དབུལ་ཕོངས་སྦྱིན་གཏོང་སོགས་བཟང་ཞིང་ཕུལ་དུ་བྱུང་བའི་སྦྱིན་པའིདངོས་པོ་ཕྱག་ལེན་པ་རྣམས་ཀྱིས་ཀྱང་དག་ཅིང་གཙང་སྦྲས་ཐོན་པར་བསྒྲུབས་པ་ནི་རྗེསསུ་ཡི་རངས། དེ་ཡང་བསོད་ནམས་ཀྱི་ལས་ལ་སྤྲོ་བ་བསྐྱེད་པའི་ཕྱིར་སྦྱིན་པའི་བསྔགས་པཅུང་ཟད་ཅིག་བརྗོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་རྒྱུ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོནམོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱལ་བ་འཐོབ་པར་འགྱུར། །ཞེས་སེར་སྣའི་དབང་གིས་ཡི་དྭགས་སུ་སྐྱེ་འགྱུར་གྱི་ལས་རྣམས་སྦྱིན་པ་བཏང་བས་གཅོདཔར་ནུས་ཤིང་། དབུལ་ཕོངས་སོགས་ཉོན་མོངས་པ་ཐམས་ཅད་ལས་ཐར་ནས་བྱང་ཆུབསེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་ལོངས་སྤྱོད་མཐའ་ཡས་པ་འབྱུང་བར་གསུངས་པ་དང་། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོདཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུངམཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་གསུངས་པ་ལྟར་བདེབའི་དཔལ་ལ་སྤྱོད་པར་འདོད་པ་རྣམས་ཀྱིས། བདེ་བ་དང་ལེགས་པའི་རྒྱུ་ལོངས་སྤྱོད་སྒྲུབཔ་ལ་འབད་པར་རིགས་ལ། ལོངས་སྤྱོད་དེ་ཡང་རྒྱུ་མེད་པ་ལས་མི་འབྱུང་ཞིང་། རྒྱུ་ཕྱིན་ཅིལོག་པ་ལས་ཀྱང་མི་འབྱུང་། འོ་ན་གང་ལས་འབྱུང་ཞེ་ན། རྒྱུ་བསོད་ནམས་ཀྱི་ཚོགས་བསགསཔ་ལ་བརྟེན་ནས་འབྲས་བུ་ལོངས་སྤྱོད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བ་སྟེ། མདོ་སྡེརྒྱན་ལས། སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང་། །ལོངས་སྤྱོད་ཤིན་ཏུ་མང་ལ་བཟངདང་འཕྲད། །ཅེས་དང་། ཀུན་མཁྱེན་ཆོས་རྗེས། སྦྱིན་པས་རང་གི་སེར་སྣའི་ཚོགས་འཇོམསཤིང་། །གཞན་གྱི་འབྱོར་པ་ཉེ་བར་སྐྱེ་བར་འགྱུར། །ཞེས་གསུངས། དེར་མ་ཟད་འཕགས་

p. 379

པ་ཉན་ཐོས་དང་རང་སངས་རྒྱས་ཞི་བ་ཕྱོགས་གཅིག་པར་བཞུགས་པ་རྣམས་ཀྱི་ཐུགས་ལཡང་བཞེད་པའི་དོན་ཉེར་ཞི་འཐོབ་བྱེད་ཀྱི་རྒྱུ་སྦྱིན་པ་ཡིན་ཏེ། འཇུག་པར། སྙིང་རྗེས་དམནཞིང་ཤིན་ཏུ་རྩུབ་སེམས་ཅན། །རང་དོན་ལྷུར་ལེན་ཉིད་དུ་འགྱུར་བ་གང་། །དེ་དག་གི་ཡངའདོད་པའི་ལོངས་སྤྱོད་རྣམས། །སྡུག་བསྔལ་ཉེར་བཞིའི་རྒྱུར་གྱུར་སྦྱིན་ལས་འབྱུང་། །འདིཡང་སྦྱིན་པའི་སྐབས་ཀྱིས་ནམ་ཞིག་ཚེ། །འཕགས་པའི་སྐྱེ་བོ་དང་འཕྲད་མྱུར་དུ་ཐོབ། །དེནས་སྲིད་རྒྱུན་ཡང་དག་བཅད་བྱས་ཏེ། །དེ་ཡི་རྒྱུ་ཅན་ཞི་བར་འགྲོ་བར་འགྱུར། །ཞེས་གསུངས། ཉན་རང་དུ་མ་ཟད་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པར་དམ་བཅས་པ་རྣམས་ཀྱི་བཞེདདོན་གཞན་ལ་ཕན་ཐོགས་པའི་དགའ་བ་ཡང་སྦྱིན་པ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། དེལས། འགྲོ་ལ་ཕན་པར་དམ་བཅས་ཡིད་ཅན་རྣམས། །སྦྱིན་པས་རིང་པོར་མི་ཐོགས་དགའབ་ཐོབ། །གང་ཕྱིར་བརྩེ་བདག་བརྩེ་བདག་མ་ཡིན་པས། །དེ་ཕྱིར་སྦྱིན་པའི་གཏམ་ཉིདགཙོ་བོ་ཡིན། །ཇི་ལྟར་བྱིན་ཅེས་སྒྲ་ཐོས་བསམ་པ་ལས། །རྒྱལ་སྲས་བདེ་འབྱུང་དེ་བཞིནཐུབ་རྣམས་ཀྱིས། །ཞི་བར་ཞུགས་པས་བདེ་བ་བྱེད་མིན་ན། །ཐམས་ཅད་བཏང་བས་ལྟཞིག་སྨོས་ཅི་འཚལ། །ལུས་བཅད་སྟེར་བཞིན་བདག་གི་སྡུག་བསྔལ་གྱིས། །གཞན་དགརྣམས་ཀྱི་དམྱལ་བ་ལ་སོགས་པའི། །སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་དེ། །དེ་གཅདབྱ་ཕྱིར་མྱུར་དུ་བརྩོན་འགྲུས་བརྩམ། །ཞེས་གསུངས། མདོར་ན་བླ་ན་མེད་པའི་བྱང་ཆུབཀྱང་སྦྱིན་པ་{ལ་} བཏང་ན་མྱུར་དུ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོདལས། སྦྱིན་པ་གཏོང་ལ་བྱང་ཆུབ་རྙེད་མི་དཀའ། །ཞེས་དང་། འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པས་ལུང་བསྟན་པའི་མདོ་ལས། དེ་ལ་ཟང་ཟིང་གི་སྦྱིན་པས་ནི་བསོད་ནམས་ཀྱིཚོགས་རྫོགས་ལ། ཆོས་ཀྱི་སྦྱིན་པས་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། འདི་གཉིས་ནི་རྣམཔ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པའོ། །ཞེས་གསུངས་པའི་ཕྱིར། ཕན་ཡོན་བསམགྱིས་མི་ཁྱབ་པ་དང་ལྡན་པའི་སྦྱིན་པ་གཏོང་བ་ལ་བརྩོན་པར་བྱ་དགོས་པ་ལགས། དེ་ལྟར་སྦྱིན་སོགས་དགེ་བའི་རྩ་བ་བསྒྲུབས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་གལ་ཆེ་

p. 380

སྟེ། དགེ་བ་བསགས་ཀྱང་མ་བསྔོས་ན། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་དྲག་པོ་སྐྱེསཔ་དང་མེད་པར་ལྟ་བ་ལ་སོགས་པ་དགེ་བ་འཛད་པའི་རྒྱུ་འབའ་ཞིག་བྱུང་ན་འཛད་པར་འགྱུརབ་ལས། བྱང་ཆུབ་ཏུ་བསྔོས་པའི་དགེ་བ་ནི་ནམ་ཡང་མི་འཛད་ཅིང་གོང་ནས་གོང་དུ་འཕེལབར་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ། འདི་ལྟ་སྟེ། དཔེརན་མཆིལ་མའི་ཐལ་བ་ཞིག་བྱེ་མའི་སྟེང་དུ་བོར་ན་མྱུར་དུ་བསྐམ་པར་འགྱུར་རོ། །དེ་ཉིདརྒྱ་མཚོ་ཆེན་པོར་བོར་ན་ནི་ཇི་སྲིད་རྒྱ་མཚོ་ཆེན་པོ་ཟད་ཅིང་བསྐམས་པར་གྱུར་པ་དེ་སྲིད་ཀྱིབར་དུ། མཆིལ་མའི་ཐལ་བ་དེ་ཡང་མི་སྐམ་མོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་དགེ་བའི་རྩབ་བསྒྲུབས་པ་དེ་ཡང་། འགྱོད་པ་དང་། ཕོངས་པ་དང་། དམན་པ་དང་། ལོག་པར་བསྔོསན་ནི་འཛད་ལ། ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་བསྔོསན་མི་འཛད་ཅིང་གོང་ནས་གོང་དུ་འཕེལ་ལོ། །ཞེས་གསུངས་ཤིང་། དེར་མ་ཟད་དགེ་བ་དེསངས་རྒྱས་ཀྱི་རྒྱུར་ངེས་པར་འགྱུར་བའི་དགོས་པའང་ཡོད་དེ། ནམ་མཁའ་མཛོད་ཀྱི་མདོལས། ཐ་དད་ཕྱོགས་ནས་ཆུ་ཀླུང་མང་པོ་དང་། །རྒྱ་མཚོ་ཆེར་འབབ་རོ་གཅིག་འགྱུར་བལྟར། །ཐ་དད་ཕྱོགས་ནས་དགེ་བ་གང་བྱས་པ། །བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིགའགྱུར། །ཞེས་གསུངས་པས། དགེ་བའི་རྩ་བ་བསགས་པ་རྣམས་ཀྱང་ཡོངས་སུ་བསྔོ་བཆེན་པོས་རྒྱས་འདེབས་པ་གལ་ཆེ་ཞིང་། དེ་ཡང་སློབ་དཔོན་མཐོ་བཙུན་གྲུབ་རྗེས། བསོདནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོདཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་གསུངས་པས་བསྔོབའི་ཐབས་ཁྱད་པར་ཅན་འདི་ནི་ཕྱི་རོལ་མུ་སྟེགས་བྱེད་སོགས་ལ་མ་གྲགས་པས་ནང་པསངས་རྒྱས་པ་ཁོ་ནའི་ཁྱད་ཆོས་ཡིན་ལ། དེ་ལྟ་བུའི་བསྔོ་བ་མ་བྱས་ན། ཕལ་ཆེར་དོན་མེདདོན་ཡོད་དང་། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་གསུངས་པས་མོས་པས་སྤྱོད་པའི་

p. 381

དགེ་བ་ཕལ་ཆེར་དོན་མེད་དུ་འགྲོ། ས་དང་པོ་ནས་བདུན་པའི་བར་ལ་བྱས་པའི་དགེ་བརྣམས་ཕལ་ཆེར་དོན་ཡོད་དུ་འགྲོ། ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་དུ་བྱས་པའིདགེ་བ་ཐམས་ཅད་རྣམ་པ་ཀུན་ཏུ་དོན་ཡོད་པར་འགྲོ་སྟེ། དབུ་མ་བཞི་བརྒྱ་པ་ལས། བཅོམལྡན་ཁྱོད་ཀྱི་གཡོ་བ་ལ། །རྒྱུ་མེད་འགའ་ཡང་ཡོད་མིན་ཏེ། །དབུགས་ཀྱང་སེམས་ཅན་ཐམསཅད་ལ། །ཕན་སླད་ཁོ་ནར་ཡང་དག་འབྱུང་། །ཞེས་གསུངས་པས། སངས་རྒྱས་བཅོམ་ལྡནའདས་ཀྱི་དབུགས་ཕྱི་ནང་གི་རྒྱུ་བའང་གཞན་དོན་ཁོ་ནར་འགྱུར་བའི་ཕྱིར། དོན་མེད་པསྐད་ཅིག་ཀྱང་མེད་པ་ཡིན་ནོ། །དེའི་ཕྱིར་མོས་པས་སྤྱོད་པའི་དགེ་བ་རྣམས་དོན་ཡོད་པརབྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དགོས་པ་ལགས། དེ་ལ་བླ་ན་མེད་པའི་བྱང་ཆུབ་ཏུབསྔོ་བའི་གདམས་ངག་གི་བློ་འཆོས་པའི་ཐབས་ནི། པཎ་ཆེན་བུདྡྷ་ཤྲཱིའི་ཞལ་སྔ་ནས། དམཔ་གསུམ་གྱི་བསོད་ནམས་བསགས། །རྒྱ་ཆེན་ཐབས་ཀྱིས་ཡང་དག་སྤེལ། །ཤེས་རབ་ཟབམོས་རྣམ་དག་བྱ། །ཟུང་འཇུག་བསྔོ་བས་རྒྱས་གདབ་བོ། །ཞེས་གསུངས་པའི་དམ་པ་གསུམནི། ཡུལ་དམ་པ་སྦྱིན་པའི་ཞིང་། དངོས་པོ་དམ་པ་སྦྱིན་པའི་རྫས། བསམ་པ་དག་པ་བྱངཆུབ་ཏུ་སེམས་བསྐྱེད་པ་དང་གསུམ་ཡིན། རྒྱ་ཆེན་ཐབས་ཀྱིས་ཡང་དག་སྤེལ། །ཞེས་པ་ནིདངོས་པོ་མི་གཙོ་བསམ་པ་གཙོ་བས་བསམ་པ་རྒྱ་ཆེ་བ་བཞིན་བསོད་ནམས་རྒྱ་ཆེར་འཕེལབར་འགྱུར་བས་ན། བསོད་ནམས་གསོག་ཡུལ་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས། གསོགཔ་པོ་རང་གཞན་སེམས་ཅན་ཐམས་ཅད། བསོག་ཚུལ་ཡན་ལག་བདུན་པ་སྔོན་དུ་འགྲོ་བསགཞན་དོན་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་བསྔོས་པས་ཆེས་ཆེར་འཕེལ་བ་ཡིན། ཤེསརབ་ཟབ་མོས་རྣམ་དག་བྱ། །ཞེས་པ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པཡིན་པས་བསོད་ནམས་ཀྱང་འཁོར་གསུམ་ཡོངས་དག་གི་ཚུལ་གྱིས་མི་དམིགས་ལ། ཐ་སྙདཀུན་རྫོབ་ཏུ་རྨི་ལམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པར་ཤེས་པའི་སྒོ་ནས་དགེ་བབསྒྲུབ་ཅིང་། དེ་ལྟ་བུའི་ཚུལ་ལམ་རྣམ་པའི་སྒོ་ནས་ཟུང་འཇུག་བསྔོ་བས་རྒྱས་འདེབས་པཡིན་ནོ། །ཡང་རྣམ་པ་གཅིག་ཏུ་ན་གང་བསྔོ་བར་བྱ་བ་དགེ་བའི་རྩ་བ། གང་དུ་བསྔོ་བའི་

p. 382

ཡུལ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས། ཇི་ལྟར་བསྔོ་བའི་ཆོ་ག་ལྟ་བ་བདག་མེདརྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང་ཐབས་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པ་སྟེ་གསུམདུ་བསྡུས་ཀྱང་རུང་མོད། ད་རེས་བསྔོ་རྒྱུ། བསྔོ་བ། ཆེད་དུ་བྱ་བ། ཚུལ་ལམ་རྣམ་པ་དངབཞིར་ཕྱེ་ནས་འཆད་པར་བྱ་བ་ལས། དང་པོ་བསྔོ་རྒྱུ་ནི། དགེ་བའི་རྩ་བ་སྟེ། དེ་ཡང་ཀུ་སཱལ་མཱུ་ལ་ཞེས་པའི་སྒྲ་ལས་དྲངས་ན། ཀུ་སཱ་ལ་ནི་དགེ་བ་ཞེས་བྱ་བ་སྟེ་རྣམ་སྨིན་བདེ་བརསྐྱེད་པར་བྱེད་པས་སོ། །མཱུ་ལ་ནི་རྩ་བ་ཞེས་བྱ་བ་སྟེ། བདེ་བའི་རྒྱུ་བྱེད་པའི་ཕྱིར་ཏེ། ལོཐོག་གི་རྒྱུ་ས་བོན་འདེབས་པ་བཞིན་ནོ། །དགེ་བ་དེ་ཡང་དུས་ནམ་བྱས་ཀྱང་རུང་། གངཟག་གང་གིས་བྱས་ཀྱང་རུང་། དངོས་པོ་ཇི་ལྟ་བུས་ཀྱང་རུང་སྟེ། བདག་གིར་བསྔོར་རུང་བཡིན་ནོ། །དེ་ལྟར་ཡང་ཕལ་པོ་ཆེའི་མདོ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱསདང་བྱེད་འགྱུར་དེ་བཞིན་བྱེད་པ་དང་། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནསཀུན་ཀྱང་བཟང་པོར་འགྱུར་བར་ཤོག །ཅེས་གསུངས་པ་ལྟར་རོ། །དགེ་བ་དེ་ལ་དབྱེ་ན་སུམཚན་ལྔ་ལས། དང་པོ་བྱེད་པ་པོ་གང་ཟག་གིས་ཕྱེ་བ་གསུམ་ནི། བདག་གིས་བྱས་པའི་དགེབ། གཞན་གྱིས་བྱས་པའི་དགེ་བ། གཉིས་ཀས་བྱས་པའི་དགེ་བ་དང་གསུམ། གཉིས་པབྱས་པའི་དུས་ཀྱིས་ཕྱེ་བ་གསུམ་ནི། སྔར་བསྒྲུབས་པའི་དགེ་བ། ད་ལྟ་བྱེད་བཞིན་པའིདགེ་བ། སླད་ནས་བྱེད་འགྱུར་གྱི་དགེ་བ་དང་གསུམ། གསུམ་པ་ཇི་ལྟར་བསྒྲུབ་ཚུལ་གྱིསཕྱེ་བ་གསུམ་ནི། ལུས་ཀྱིས་བྱས་པའི་དགེ་བ། ངག་གིས་བྱས་པའི་དགེ་བ། ཡིད་ཀྱིས་བྱསཔའི་དགེ་བ་དང་གསུམ། བཞི་པ་བསྒྲུབ་བྱ་བསོད་ནམས་བྱ་བའི་དངོས་པོས་ཕྱེ་བ་གསུམནི། སྦྱིན་པ་ལས་བྱུང་བའི་དགེ་བ། ཚུལ་ཁྲིམས་ལས་བྱུང་བའི་དགེ་བ། སྒོམ་པ་ལས་བྱུངབའི་དགེ་བའི་དངོས་པོ་དང་གསུམ། ལྔ་པ་རྣམ་པར་སྨིན་པས་ཕྱེ་བ་གསུམ་ནི། འཇིག་རྟེནཔ་དང་མཐུན་པའི་དགེ་བ། ཐར་པ་དང་མཐུན་པའི་དགེ་བ། ཐམས་ཅད་མཁྱེན་པ་དང་མཐུནཔའི་དགེ་བ་དང་གསུམ། དེ་ལྟར་གསུམ་ཚན་ལྔ་པོ་ཐམས་ཅད་ད་རེས་ཀྱི་དགེ་བ་འདི་ལཚང་དུ་རུང་ཞིང་། དེའི་ནང་ནས་ཀྱང་གཙོ་བོར་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་

p. 383

དངོས་པོ་གཙོ་ཆེ་བ་ཡིན་ལ། དེ་ལ་སྦྱིན་པ་ཉིད་ཀྱི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་ཏེ། སྦྱིན་པ་གཏོང་བ་དེའང་། གཞན་དོན་དུ་གཏོང་བ་སྦྱིན་པ། རང་ཞི་བདེའི་སེམས་ཀྱིས་མགོས་པར་གཏོང་བ་ཚུལ་ཁྲིམས། དཀའ་སྤྱད་དང་གནོད་པ་ལ་ཇི་མི་སྙམ་པར་གཏོང་བ་བཟོདཔ། དགའ་སྤྲོ་དང་བཅས་པས་གཏོང་བ་བརྩོན་འགྲུས། གཞན་དོན་དུ་རྣམ་པ་ཐམས་ཅདམཁྱེན་པ་ལ་རྩེ་གཅིག་ཏུ་དམིགས་ནས་གཏོང་བ་བསམ་གཏན། འཁོར་གསུམ་བདེན་མེདདུ་ཤེས་ཤིང་བྱང་ཆེན་དུ་བསྔོ་བས་ཟིན་པའི་སྒོ་ནས་གཏོང་བ་ཤེས་རབ་སྟེ། རྒྱལ་བའི་ཡུམལས། དེ་ལ་སྦྱིན་པའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་འདུ་ཞེ་ན། ཞེས་སོགས་རྒྱ་ཆེརགསུངས། དེ་ཡང་ལེགས་པར་སྦྱར་བའི་སྒྲ་ལས་སྦྱིན་པ་ལ་དཱ་ན་ཞེས་བྱ་སྟེ། དཱའི་སྒྲ་ལསདྲངས་ན། དཱ་རི་དྲ་ཞེས་བྱ་བ་དབུལ་བའམ་ཕོངས་པ་ལ་འཇུག ནའི་སྒྲ་ལས་དྲངས་ན། ནཱཤ་ན་ཞེས་བྱ་བ་སེལ་བའམ་འདོར་བ་ལ་འཇུག་སྟེ། དེས་ན་འཇིག་རྟེན་དང་འཇིག་རྟེན་ལསའདས་པའི་ཕོངས་པ་འདོར་བས་སྦྱིན་པ་ཞེས་བྱ། གཞན་ཡང་སྒྲའི་ཁམས་ལས་དྲངས་ན། འཆི་བ་དང་ཆོས་དང་སྲིད་པ་གོ་བར་བྱེད་པ་ཞེས་བྱ་བ་གསུམ་ལའང་འཇུག་སྟེ། འཕགསཔ་ལྷའི་ཞལ་སྔ་ནས། འཆི་དང་ཆོས་དང་སྲིད་པ་གཞན། །སྦྱིན་པའི་དགྲ་ཡིས་གསལ་བྱེདཔ། །དེས་ན་བྱང་ཆུབ་སེམས་དཔའ་ལ། །སྦྱིན་པའི་སྒྲ་ནི་ཤིན་ཏུ་སྙན། །ཞེས་གསུངས་པལྟར་ན། ཆོས་ཐམས་ཅད་སྦྱིན་པའི་ཁོངས་སུ་འདུ་ཞིང་། དེ་ལ་དབྱེ་ན། ཆོས་དང་། ཟངཟིང་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་ལས། ངོ་བོ་སེར་སྣ་མེད་པ། རྒྱུ་ནིགཏོང་སེམས་དགེ་བ། འབྲས་བུ་ནི་ལུས་ལོངས་སྤྱོད་ཕུན་ཚོགས་བསྒྲུབ་པ། བྱེད་ལས་ནིརང་གཞན་གཉིས་རྗེས་སུ་འཛིན་ཞིང་ཚོགས་གཉིས་རྫོགས་པར་བྱེད་པའོ། །དེ་ལྟར་ཡངམདོ་སྡེ་རྒྱན་ལས། དོན་རྣམས་གཏོང་བར་བྱེད་པ་དང་། །རྩ་བ་སེམས་ལ་བརྟེན་པ་དང་། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང་། །གཉིས་རྗེས་འཛིན་དང་སློང་བྱེད་དང་། །དེ་ཡངསེར་སྣ་མེད་ལྡན་དང་། །ཆོས་དང་མི་འཇིགས་ཟང་ཟིང་གཏོང་། །སྦྱིན་པ་དེ་འདྲར་ཡོངསཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་གསུངས་པ་ལྟར་ལས། འདིར་

p. 384

ཟང་ཟིང་གི་སྦྱིན་པ་གཙོ་ཆེ་ཞིང་། དེ་ཡང་ཇི་ལྟ་བུ་ཞེ་ན། འཕགས་པ་འཇིག་རྟེན་འཛིན་གྱིསདྲིས་པའི་ལུང་བསྟན་པའི་མདོ་ལས། དེ་ལ་ཟང་ཟིང་གི་སྦྱིན་པ་གང་ཞེ་ན། འདི་ལྟ་སྟེ། གཏོངབ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་ཞེས་བྱ་བ་ནི། ཟསདང་། གོས་དང་། ཤིང་རྟ་དང་། གླང་པོ་ཆེ་གཞན་ལ་སྦྱིན་པའོ། །གཏོང་བ་ཆེན་པོ་ཞེས་བྱ་བནི། བུ་དང་བུ་མོ་དང་། ཁྱིམ་ཐབ་སྦྱིན་པའོ། །ཤིན་ཏུ་གཏོང་བ་ཞེས་བྱ་བ་ནི། བྱ་དཀའ་བསྟེ། མགོ་དང་། མིག་དང་། ལག་པ་དང་། རྐང་པ་ལ་སོགས་པ་གཏོང་བའོ། །ཞེས་གསུངས། དེ་ཡང་ཞིང་བསམ་པ་དངོས་པོ་གསུམ་རྣམ་པར་དག་པའི་སྦྱིན་པ་དེ་སྦྱིན་པ་ཕུན་སུམ་ཚོགསཔ་ཡིན་པ་ལས། སྦྱིན་པར་བྱ་བའི་ཡུལ་ཞིང་གི་དབང་དུ་བྱས་ན། སྤྱོད་འཇུག་ལས། ཡོནཏན་ཞིང་དང་ཕན་ཐོགས་ཞིང་། །སྡུག་བསྔལ་བ་ལས་དགེ་ཆེར་འགྱུར། །ཞེས་པ་ལྟར་གསུམལས། ཡོན་ཏན་གྱི་ཞིང་ནི། བླ་མ་དང་དཀོན་མཆོག་གསུམ་སྟེ། དེ་ལ་བླ་མ་ཡོན་ཏན་གྱིཞིང་དམ་པ་ཡིན་པ་ནི། འཇམ་དཔལ་ཡེ་ཤེས་རྒྱན་གྱི་མདོ་ལས། རིགས་ཀྱི་བུའམ་རིགསཀྱི་བུ་མོ་དད་པ་མཆོག་དང་ལྡན་པ་གང་ལ་ལ་ཞིག་གིས་དགེ་བའི་བཤེས་གཉེན་ལ་བསྙེནབཀུར་ན་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱསཔ་བས་བསོད་ནམས་ཀྱི་ཕུང་པོ་ཚད་མེད་དཔག་ཏུ་མེད་དོ། །ཞེས་དང་། ཡེ་ཤེས་དམ་པའིརྒྱུད་ལས། བསྐལ་པའི་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །འབྲུམར་ཐིགས་པ་གཅིག་བྱུགས་ན། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། །ཞེས་གསུངས། དཀོན་མཆོག་གསུམ་ཡོན་ཏན་གྱི་ཞིང་དམ་པ་ཡིན་པ་ནི། དཀོན་མཆོག་བརྩེགས་པ་ལས། དེ་ལྟར་དཀོན་མཆོག་གསུམ་པོ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བྱ་བའི་འོས་སུགྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་སྟེ། ཞེསགསུངས། ཕན་འདོགས་ཀྱི་ཞིང་ནི། ཕ་མ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལསོགས་དང་། སྡུག་བསྔལ་གྱི་ཞིང་ནི། ནད་པ་དང་། དབུལ་ཞིང་ཕོངས་པ་དང་། མགོནམེད་པ་ལ་སོགས་པའོ། །གཞན་ཡང་དམ་པའི་ཆོས་མངོན་པ་མཛོད་ལས། འཕགས་པ་མིན་

p. 385

ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོནནི་གཞལ་དུ་མེད་པར་གསུངས། །ཞེས་བྱ་བ་ལ་སོགས་ཏེ་སྦྱིན་པའི་ཞིང་གི་ཁྱད་པར་མངཔོ་གསུངས་ཀྱང་། གཙོ་ཆེར་དགེ་འདུན་ཉིད་ཡོན་ཏན་གྱི་ཞིང་དམ་པ་ཡིན་ཏེ། སྟོང་ཆེནརབ་འབྱམས་ལས། ཞིང་རབ་གཤིན་ལ་ས་བོན་བཏབ་པ་ལྟར། །དགེ་འདུན་དཀོན་མཆོགརིན་ཆེན་མཆོག་ཏུ་གསུངས། །ཞེས་དང་། རྗེས་དྲན་གྱི་མདོ་ལས། བསོད་ནམས་ཀྱི་དཔལརྣམས་ཀྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡངསྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་དང་། བྱ་བའི་རྒྱུད་ལེགས་གྲུབ་ལས། ཞིངགི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་དང་། གཞན་ལསཀྱང་། གང་ལ་ཕུལ་ན་དོན་ཆེ་བ། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་གསུངས་པལྟར་འདིར་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ལེགས་པར་བསྡམས་ཤིང་། ལུང་རྟོགས་ཀྱི་ཡོནཏན་ཕུལ་དུ་བྱུང་བས་མངོན་པར་མཐོ་བའི་དགེ་འདུན་རྣམས་སྦྱིན་པའི་བདག་པོའི་ཡོན་གནསསུ་གདན་འཛོམ་པ་ཆེན་པོ་མཛད་པས་ཞིང་རྣམ་པར་དག་པ་ཚང་བ་ལགས། ཅིའི་ཕྱིར་སྦྱིནཔར་བྱེད་པའི་ཀུན་སློང་གི་བསམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངསརྒྱས་འཐོབ་པར་འདོད་པའི་བློས་བྱིན་ན་བསམ་པ་རྣམ་པར་དག་པ་སྟེ། སྤྱོད་འཇུག་ལས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕརོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་དང་། བྱང་ཆུབ་སེམས་དཔའིས་ལས། བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པར་མིབྱེད། གཞན་དང་འགྲན་པའི་ཕྱིར་ཡང་སྦྱིན་པར་མི་བྱེད། དབུལ་པོར་འགྱུར་དུ་དོགས་པའིའཇིགས་པས་སྦྱིན་པར་མི་བྱེད། བརྒྱ་བྱིན་ཉིད་དང་འཁོར་ལོས་སྒྱུར་བ་ཉིད་དང་དབང་ཕྱུགལ་བརྟེན་ཅིང་སྦྱིན་པ་སྦྱིན་པར་མི་བྱེད། འབྲས་བུ་ལ་བལྟ་ཞིང་སྦྱིན་པ་བྱིན་པར་ཡང་མིབྱེད་དོ། །སྦྱིན་པ་ཐམས་ཅད་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ཀྱིཕྱིར་སྦྱིན་ཞིང་བསྔོ་བར་བྱེད་དོ། །ཞེས་གསུངས་པ་ལྟར་བསམ་པ་རྣམ་པར་དག་པ་གལ་

p. 386

ཆེ་བས་དེ་ལྟར་བསམ་པར་ཞུ། གང་སྦྱིན་པར་བྱ་བའི་དངོས་པོ་ནི། གསོད་སར་ཕྱུགས་མསྟེར་བ་དང་། །མཆོག་གི་ནོར་ནི་མཆོག་མིན་ལ། །སྟེར་སོགས་མདོ་ལས་བཀག་པས་ན། །མ་དག་པ་ཡི་སྦྱིན་པ་ཡིན། །ཞེས་པ་ལྟར། མཆོག་གི་ནོར་མཆོག་མིན་ལ་སྟེར་བ་དང་། གསོདསར་དུད་འགྲོ་སྦྱིན་པ། དུག་དང་མཚོན་ཆ་དང་གཞན་ལས་ཕྲོགས་པ་སོགས་གནོད་འཚེསབསྒྲུབས་པའི་དངོས་པོ་མ་འདྲེས་ཤིང་། དུས་སུ་སྦྱིན་དང་འགྱོད་པ་མེད་པ་དང་། །ཡིད་འོངསྦྱིན་དང་རྣམ་སྨིན་མི་རེ་བ། །ཞེས་པས་ཁྱད་པར་བྱས་པའི་དངོས་པོ་ཆོས་ཀྱིས་བསྒྲུབས་པདགེ་འདུན་ཐམས་ཅད་ཀྱིས་ལོངས་སྤྱད་དུ་རུང་བས་དངོས་པོ་རྣམ་པར་དག་པ་ཚང་བ་སྟེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། །ཁ་ན་མ་ཐོ་མེད་ཅིང་དག་པཡིན། །བདེ་བ་འདྲེན་པར་བྱེད་པ་ཉིད་དང་ནི། །རྗེས་སུ་བསྲུང་བཅས་འཚོལ་དང་གོས་པམེད། །ཅེས་གསུངས་པའི་ཕྱིར། དེ་ལྟར་ཞིང་བསམ་པ་དངོས་པོ་གསུམ་རྣམ་པར་དག་པའིསྦྱིན་པ་འདི་ནི་དམ་པ་གསུམ་ཚང་བའི་བསྔོ་རྒྱུ་སྟེ། སྦྱིན་པ་དེ་ལྟ་བུ་ནི་དངོས་པོ་ཆུང་ཡངབསམ་སྦྱོར་དག་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཇི་སྐད་དུ། མེ་ཏོག་གཅིགནི་རབ་ཕུལ་བ། །གང་ཞིག་ངན་འགྲོར་ལྷུང་མ་གྱུར། །དེ་ལ་དུས་ངེས་བསྟན་པ་ལ། །མཚནམིན་ཁྱོད་སྔོན་འདི་འདྲ་ལགས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་བསྔོ་བ་ནི། ཆགསསྡང་གི་བློས་དགྲ་ཐུལ་བ་དང་ཆགས་ཡུལ་ཐོབ་པ་སོགས་ཚེ་འདིའི་དོན་དུ་བསྔོ་བ་ནི་ལོགསཔའི་བསྔོ་བ་དང་། ཕྱི་མར་ལྷ་མིའི་བདེ་འབྲས་ཐོབ་པའི་ཆེད་དུ་བསྔོ་བའང་དམན་པའི་བསྔོབ་ཡིན་པས་དེ་དག་གང་དུའང་དམིགས་ནས་བསྔོ་བར་མི་བྱ་སྟེ། མངོན་རྟོགས་རྒྱན་ལས། ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཞེས་གསུངས་ཤིང་། སློབ་དཔོན་རྟ་དབྱངས་ཀྱིསཀྱང་། དགེ་བའི་རྩ་བ་བསྒྲུབས་པ་དེ་དག་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲསདང་། །རེ་བཅས་འཁོར་བའི་སེམས་པ་རྣམས་ཕྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུརབསྔོའོ། །ཞེས་གསུངས་པས། འཇིག་རྟེན་ལས་འདས་པ་ནི་མྱང་འདས་གསུམ་ཡིན་ཞིང་། དེ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱང་འདས་ཀྱང་ཐེག་ཆེན་གྱི་མྱང་འདས་ལ་ལྟོས་

p. 387

ན་དམན་པའི་མྱང་འདས་ཡིན་པའི་ཕྱིར་ཉན་རང་གི་སར་ཡང་བསྔོ་བར་མི་བྱ་སྟེ། ཡུམ་བརམ་ལས། རབ་འབྱོར་དགེ་བའི་རྩ་བ་འདི་ནི་སངས་རྒྱས་ཉིད་ཀྱི་ས་ཁོ་ནར་བསྔོ་བར་བྱ་ཡི། ཉན་ཐོས་དང་རང་སངས་རྒྱས་དང་དེ་ལས་གཞན་གྱི་སར་ཡང་བསྔོ་བར་མི་བྱ་སྟེ། ཞེསགསུངས། དེས་ན་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱ་སྟེ། བཟང་སྤྱོད་ལས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་དང་། ཡོངས་སུབསྔོ་བའི་མདོ་ལས། དགེ་བའི་རྩ་བ་འདི་དག་ཀྱང་། །སངས་རྒྱས་ཉིད་ཀྱི་སར་བསྔོའོ། །ཞེས་གསུངས་ཤིང་། སངས་རྒྱས་ཀྱི་སར་བསྔོས་པས་ནི། འབྲས་ལོ་ལེགས་ན་རྩ་ཕུབ་ཞོརལ་འབྱུང་བའི་དཔེ་ལྟར། ཚེ་རིང་བ་དང་། ནད་མེད་པ་དང་། རིགས་དང་ལོངས་སྤྱོད་ཕུནསུམ་ཚོགས་པ་སོགས་གནས་སྐབས་ཀྱི་བདེ་འབྲས་ཐམས་ཅད་ཤུགས་ལས་འབྱུང་བ་ཡིན་པར་གདའ། གསུམ་པ་ཆེད་དུ་བྱ་བ་ནི། རང་གཅིག་པུའམ། རང་ཉིད་ཉེ་འབྲེལ་འགའ་ཞིགགི་ཆེད་དུ་བསྔོས་ན། དགེ་བའི་ཡོ་ལང་ཆེན་པོ་ཞིག་བསགས་སུ་ཟིན་ཀྱང་དོན་ཆུང་ངུར་བཏངབས་ཆུད་ཟོས་པར་འགྱུར་ཏེ། ཡུམ་བར་མ་ལས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཕྱིརབསྔོ་ཡིས། རང་གིས་ཡོངས་སུ་ཐོབ་པ་ཙམ་གྱིས་དོན་དུ་ནི་མ་ཡིན་ཏེ། ཉན་ཐོས་དང་རངསངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པས་ནམ་མཁའི་མཐའདང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་ཕ་དང་མ་ལན་གྲངས་དཔག་ཏུམེད་པ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་པས། དེ་རྣམས་ལ་བརྩེ་བ་ཆེན་པོ་བསྐྱེད་ནས་སེམསཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་ཕྱིར་བསྔོ་བར་བྱ་སྟེ། སྤྱོད་འཇུགལས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམསཅན་ཀུན་གྱི་དོན་གྱི་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཞེས་དང་། དངོས་སམ་ཡངན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱིཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངས་ཤིང་། དེ་ལྟར་སེམས་ཅན་ཐམསཅད་ཀྱི་ཕན་བདེའི་དོན་དུ་བསྔོས་ན་ནི། དགེ་བ་ཆུང་ངུ་ཞིག་ཀྱང་ཆེས་ཆེར་འཕེལ་བས་བསོད་

p. 388

ནམས་ཀྱི་ཚད་དཔག་ཏུ་མེད་པ་འབྱུང་སྟེ། སེམས་ཅན་ཚད་མེད་པ་ལ་དམིགས་པའི་བསོདནམས་ཀྱང་དེ་སྙེད་འབྱུང་བའི་ཕྱིར། དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམསནི་ཚད་མེད་དེ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་ཤིང་། དེ་ཡང་བྱང་ཆུབ་ཀྱིསེམས་ཀྱིས་མ་ཟིན་པའི་དགེ་བ་ཐམས་ཅད་རང་རང་གི་འབྲས་བུ་རེ་བྱུང་ནས་འཛད་པ་ཆུཤིང་དང་འདྲ་ལ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བ་ནི་དཔག་བསམ་གྱི་ལྗོན་ཤིངལྟར་འབྲས་བུ་བྱུང་ནས་ཀྱང་མི་འཛད་པར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འགྱུརབའི་ཕྱིར་ཏེ། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེདནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུའབྱིན་པས་མི་ཟད་འཕེལ་བར་བྱེད། །ཅེས་གསུངས། དེ་ལྟ་བུའི་གནད་ཀྱིས་མ་ཟིན་ན། མདོ་སྡེ་རྒྱན་ལས། ཕྱི་རོལ་རྐྱེན་གྱིས་མ་རྫོགས་དང་། །རང་སྦྱོར་ཕུན་ཚོགས་མེད་པའི་ཕྱིར། །བསམ་པ་རྣམ་པར་དག་པས་ཀྱང་། །ཚུལ་ཁྲིམས་ཕ་རོལ་ཕྱིན་མི་འགྱུར། །ཞེས་གསུངསཔ་ལྟར། རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྱུར་ལ། ཐབས་ཤེས་ཁྱད་པར་ཅན་གྱིསཟིན་པས་བསྔོས་ན་བཟང་པོ་བཞི་དང་ལྡན་པའི་བསྔོ་བར་ཡང་འགྱུར་ཏེ། དེ་ཉིད་ལས། དམིགས་པ་བཟང་དང་སྟོན་པ་བཟང་། །ཐབས་བཟང་པ་དང་ངེས་འབྱུང་དང་། །སྦྱོར་བབཟང་པོའི་བདག་ཉིད་ཀྱི། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་གསུངས་པ་བཞིནདེ་ལྟར་བློ་བཅོས་པ་གལ་ཆེའོ། །བཞི་པ་ཚུལ་ལམ་རྣམ་པ་ནི། དོན་དམ་པར་ཆོས་ཐམསཅད་རང་བཞིན་མེད་པས་བསོད་ནམས་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིསདམིགས་སུ་མེད་ལ། ཐ་སྙད་ཀུན་རྫོབ་ཏུ་གང་གིས་བྱེད་པ་པོ་དང་། གང་ལ་བྱ་བའི་ཡུལདང་། ཇི་ལྟར་བྱས་པའི་དགེ་བ་ཐམས་ཅད་ཀྱང་། རྨི་ལམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིནམེད་པའི་ཚུལ་གྱིས་བསྔོ་སྟེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་ལྟབུ་སྒྱུ་མ་ལྟ་བུ། དགེ་བའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱ་སྟེ། ཞེས་དང་། བཟང་པོས་ཞུས་པའི་མདོ་ལས། གང་གིས་སྦྱིན་པ་གང་ལ་བཏང་། །སྦྱིན་པ་

p. 389

ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགསཤོག །ཅེས་གསུངས་ཤིང་། དེ་བཞིན་དུ་ལྗོན་པས་ཞུས་པའི་མདོ་ལས་ཀྱང་། མེ་ལོང་དཀྱིལའཁོར་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡིས། །བཞིན་གྱི་དཀྱིལ་འཁོར་སྣང་བལྟར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་པའི་ཕྱིར། དམིགས་པའམཞེན་པས་དགེ་རྩ་བདེན་བདེན་པོར་ཤེས་པ་ནི་མི་བཟང་སྟེ། ཡུམ་ལས། རབ་འབྱོར་དམིགསཔ་དང་བཅས་པའི་འདུ་ཤེས་ཅན་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པ་ཡང་དཀའ་ན། བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་དང་། སྡུདཔ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགསཔའང་དེ་འདྲར་རྒྱལ་བས་གསུངས། །ཞེས་དང་། ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བཡིན། །འོན་ཏེ་མཚན་མ་ཡོད་ན་བྱང་ཆུབ་བསྔོ་མ་ཡིན། །ཞེས་གསུངས་པས་ན་དམིགས་པདང་ཞེན་པ་མེད་པའི་ཚུལ་གྱིས་བསྔོ་སྟེ། མངོན་རྟོགས་རྒྱན་ལས། དེ་ནི་དམིགས་མེད་རྣམཔ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ལ་བསྔོ་བ་རང་གི་ངོ་བོནི། དགེ་རྩ་བྱང་ཆུབ་ཏུ་འདུན་པས་བསྒྱུར་བའི་བློ་དང་། ཚིག་ཁྱད་པར་ཅན་གྱི་མཐུ་བསྡོམསཔ་ཏེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིནདུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིནཉིད་དུ་འགྲུབ། །ཅེས་གསུངས། འོ་ན་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་གང་ཞེ་ན། མཁསཔ་ཕལ་ཆེར། དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཞེད་པའང་སྣང་མོད། རང་རེའིཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་དགོངས་པ་ནི། རྒྱུ་དགེ་རྩ་སྔོན་དུ་སོང་ནསཚོགས་དང་སྨོན་ལམ་བསྡོམས་པ་ནི་བསྔོ་བ་ཡིན་ལ། རྒྱུ་དགེ་རྩ་སྔོན་དུ་མ་སོང་བར་སྨོནཔ་ནི་སྨོན་ལམ་དུ་བཞེད། དེ་ཡང་གནས་གང་དུ་གང་ཟག་གང་གིས་བསྔོས་ན་འགྲུབ་པའིརྒྱུ་ནི། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་ཅན་བཞུགས་པའི་གནས་སུཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པའི་གང་ཟག་གིས་བསྔོས་ན་ཇི་ལྟར་སྨོན་པ་བཞིན་

p. 390

དུ་འགྲུབ་པར་འགྱུར་ཏེ། རིང་བསྲེལ་ཅན་གྱི་མཆོད་རྟེན་དྲུང་། །བདེ་བར་གཤེགས་པའིསྔགས་ལས་འགྲུབ། །ཅེས་དང་། བྱང་སར། ཚུལ་ཁྲིམས་རྣམ་དག་གི་ཕན་ཡོན་འཆད་པའིསྐབས་ལས། ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པ་དང་། །ཞེས་གསུངས་ཤིང་། འཇམ་དཔལཞིང་གི་ཡོན་ཏན་བཀོད་པ་ལས་ཀྱང་། ཚུལ་ཁྲིམས་ལྡན་པས་སྨོན་པ་འགྲུབ། །ཅེས་གསུངསཔ་ལྟར་བདག་ཅག་རྣམས་ཀྱི་མཆོད་ཡུལ་དུ་བྱིན་རླབས་ཀྱི་གཟི་བྱིན་མངོན་པར་འཕྲོ་བའིརྟེན་གསུམ་ཁྱད་པར་ཅན་རྣམས་ཀྱི་སྤྱན་སྔར་ཁྲིམས་ལྡན་གྱི་དགེ་འདུན་རྣམ་པར་དག་པའདུས་ཏེ། རང་གཞན་གྱི་དུས་གསུམ་དང་རྗེས་སུ་འབྲེལ་བའི་དགེ་ཚོགས་ཐམས་ཅད་གཅིགཏུ་བསྡུས་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔརཕུལ་ཞིང་མཐའ་ཡས་པའི་འགྲོ་བ་ཡོངས་ལ་བསྟབས་ཤིང་བསྔོས་པས་འགྲུབ་པར་འགྱུརལ། གཞན་ཡང་ཇི་ལྟར་སྨོན་པ་དེ་ཁོ་ན་བཞིན་དུ་འགྲུབ་པར་བྱེད་པའི་དཔང་པོ་ནི། སྤྱོདའཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་ལྡནཔ། །དེ་དག་ཀུན་གྱི་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །ཞེས་འབྱུང་བ་ལྟརདགོངས་གསོལ་བརྗོད་པའི་ཚེ་རྒྱལ་བ་སྲས་དང་བཅས་པ་ལ་ཆགས་ཐོགས་མེད་པའི་ཡེཤེས་ཀྱི་སྤྱན་མངའ་བས། བདག་ཅག་རྣམས་ཀྱི་བསམ་སྦྱོར་ཕུན་སུམ་ཚོགས་པ་འདི་དགམཁྱེན་པར་འགྱུར་རོ་སྙམ་དུ་བླ་མ་དཀོན་མཆོག་ལ་དང་བའི་དད་པ། སེམས་ཅན་ཐམསཅད་ལ་སྙིང་རྗེའི་ཤུགས་ཆེན་པོ། དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུབསྔོ་བའི་འདུན་པ་དྲག་པོ་སྟེ། འདུ་ཤེས་གསུམ་དང་མ་བྲལ་བའི་ལྷག་བསམ་རྩེ་གཅིགཔའི་སྒོ་ནས་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། དེ་ལྟར་གཏམ་བསྔོ་བའི་བཤད་པརྣམས་རྒྱས་བསྡུས་མཐའ་གཅིག་ཏུ་མ་ངེས་པས་དགོས་པ་སྐབས་དོན་དང་སྦྱར་ཏེ། གང་ལ་གང་འཚམས་ཀྱི་ཚིག་གི་བསྒྱུར་ཁདང་མང་ཉུང་གི་དབྲི་བསྣན་འཕྲུལ་ཤེས་པར་བྱས་ནས། བསྔོ་བ་དངོས་ལ། ཐོག་མར་རང་གཞན་གྱི་དགེ་ཚོགས་སྤྱི་ཙམ་དུབསྔོ་བའི་དབང་དུ་བྱས་ན། འདི་སྐད་ཅེས། ༈ ཕྱོགས་བཅུའི་ཞིང་རབ་འབྱམས་མཐའ་ཡས་མུ་མེད་པ་ན་དུས་གསུམ་དུ་གཤེགས་

p. 391

ཤིང་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས། བྱང་ཆུབ་སེམས་དཔའ་སེམསདཔའ་ཆེན་པོའི་སྲས་དང་། ཉན་ཐོས་ལ་སོགས་པའི་སློབ་མར་བཅས་པ། ལྷ་དང་དྲང་སྲོངདང་རིག་སྔགས་འཆང་བ་སོགས་བདེན་ཚིག་གྲུབ་པ་རྣམས་ཀྱི་མདུན་དུ་བལྟས་པ། འཁོརགྱི་དཀྱིལ་འཁོར་རྒྱ་མཚོའ་ཚོགས་འདུས་པ་དང་བཅས་པ་ཐམས་ཅད་འདི་ཞེས་བྱ་བས་སྔོན་དུ་འགྲོབའི་བདག་ཅག་ཡོན་མཆོད་འབྲེལ་པར་བཅས་པ་རྣམས་ཀྱིས་ཐོག་དྲངས་ནམ་མཁའ་དངམཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། འདི་ཞེས་བྱ་བས་ཐོག་དྲངས་བདགཅག་ཡོན་མཆོད་དགེ་སྡེ་གཅིག་ཅིང་སྐལ་པ་མཐུན་པ་རྣམ་པར་དཀར་བའི་ལས་ཀྱིས་འབྲེལབ་རྣམས་ཀྱིས་འདི་ལྟར་བསྒྲུབས་པས་མཚོན་ཏེ། འདས་པ་དང་ད་ལྟར་དང་མ་འོངས་པའིདུས་དང་རྗེས་སུ་འབྲེལ་བའི་དགེ་བའི་རྩ་བ་ཐམས་ཅད་དང་། དུས་གསུམ་དུ་གཤེགསཔའི་རྒྱལ་བ་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་གྲངས་མེད་པ་གསུམ་དུ་བསོདནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པ་དང་། མངོན་པར་རྫོགས་པར་སངསརྒྱས་ནས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་ནསཀྱང་དྲི་མ་མེད་པའི་བསྟན་པ་ཡུན་རིང་དུ་གནས་པར་མཛད་པ་དང་། གཞན་ཡང་ས་ཆེནཔོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། འཕགས་པ་ཉན་རང་རྣམསཀྱི་ཐུགས་རྒྱུད་ཀྱི་དགེ་བའི་རྩ་བ་རྣམས་དང་། སོ་སོ་སྐྱེ་བོ་རྣམས་ཀྱིས་བསྒྲུབས་པའི་དགེབའི་རྩ་བ་བསོད་ནམས་ཀྱི་ཆ་དང་མཐུན་པ་དང་། ཐར་པའི་ཆ་དང་མཐུན་པ་ཇི་སྙེད་ཡོདཔའི་དགེ་བ། དེ་བཞིན་གཤེགས་པའི་སྤྱན་གྱིས་གཟིགས་སོ་ཅོག་ཐམས་ཅད་གཅིག་ཏུབསྡུས་པའི་མཐུ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བྱིན་རླབས་དང་། བདགཅག་རྣམས་ཀྱི་བསམ་པ་དག་ཅིང་མཐུན་པས་ཇི་ལྟར་སྨོན་ལམ་རྩེ་གཅིག་ཏུ་བཏབ་པའིསྟོབས་ཀྱིས། ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམལྡན་འདས་ཐམས་ཅད་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་མཛདཔའི་དགོངས་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་

p. 392

ཀུན་མཁྱེན་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེགཔའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིངརྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག དཔལ་ལྡན་བླ་མ་དམ་པ་འོད་གསལ་ཆོས་སྐུའིཀློང་དུ་གཟུགས་སྐུའི་བཀོད་པ་བསྡུས་ནས་ཞི་བའི་དབྱིངས་སུ་གཤེགས་པ་ཐམས་ཅད་ཀྱིཟག་པ་མེད་པའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པརགྱུར་ཅིག ད་ལྟ་འཚོ་ཞིང་གཞེས་ཏེ་བསྟན་པ་རིན་པོ་ཆེ་བཤད་པ་དང་སྒྲུབ་པའི་སྒོ་ནསའཛིན་སྐྱོང་སྤེལ་གསུམ་མཛད་པའི་སྐྱེས་བུ་དམ་པ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེདང་མཛད་པ་འཕྲིན་ལས་ཟླ་བ་ཡར་གྱི་ངོ་བཞིན་དུ་བླ་ནས་བླར་འཕེལ་ཞིང་རྒྱས་ལ་ཡུནརིང་དུ་གནས་པར་གྱུར་ཅིག ཕྱོགས་བཅུའི་དགེ་འདུན་གྱི་སྡེ་རྣམས་ཀྱང་བདུད་ཀྱི་ཉེར་འཚེདང་བྲལ་བས་ཐུགས་མཐུན་ཞིང་ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པ་ཆོས་སྤྱོད་བཅུའིསྒྲུབ་པ་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག ཀློག་པ་ཐོས་བསམགྱི་འཁོར་ལོས་བསྟན་པའི་སྒྲོན་མེ་ཡུན་རིང་དུ་འབར་བའི་ནུས་པ་དང་ལྡན་པར་གྱུར་ཅིག སྒྲུབ་པ་ཉམས་ལེན་གྱི་འཁོར་ལོས་རྒྱལ་བའི་གདུང་ཆད་པ་མེད་པར་འཛིན་པའི་ནུས་པདང་ལྡན་པར་གྱུར་ཅིག དེ་ལྟར་བཤད་སྒྲུབ་རྣམ་པ་གཉིས་ཀྱི་སྒོ་ནས་སྦྱིན་པ་པོ་རྣམས་ཀྱིཡོན་ཡོངས་སུ་སྦྱོང་བར་ནུས་པའི་མཐུ་དང་ལྡན་པར་གྱུར་ཅིག བསྟན་པ་ལ་མངོན་པརདགའ་བའི་སྲུང་མ་ཁྱད་པར་ཅན་རྣམས་དང་ཆོས་བཞིན་དུ་ས་སྐྱོང་བའི་མིའི་བདག་པོ་རྣམསམཐུ་དང་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག འཇིག་རྟེན་མཐའ་དག་སྡིགཏོའ་ལྟ་བ་དང་བྲལ་ནས་དགེ་བ་བཅུའི་ལམ་ལ་འཇུག་པར་གྱུར་ཅིག འཇིག་རྟེན་གྱི་ཁམསཐམས་ཅད་དུ་ཡང་ཆར་ཆུ་དུས་སུ་འབབ་ཅིང་། ལོ་ཐོག་ཕུན་སུམ་ཚོགས་ལ། མི་ནད་ཕྱུགསནད་ཡམས་ཀྱི་ནད་དང་ཕན་ཚུན་འཁྲུག་རྩོད་སོགས་ཉེ་བར་འཚེ་བ་ཐམས་ཅད་དང་བྲལཏེ་ཕྱོགས་དུས་ཀུན་ཏུ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པས་ཁྱབ་པར་གྱུར་ཅིག ཚེ་འདི་དང་ཚེ་རབས་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་

p. 393

མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་ཅིག མཐའ་ཡས་པའི་སེམསཅན་ཐམས་ཅད་ཀྱི་དོན་དང་འཕགས་པའི་ལམ་སྒྲུབ་པ་ལ་ཐབས་མཁས་པ་དང་ཤེས་རབཀྱི་མཐུ་ཐོགས་པ་མེད་པ་དང་ལྡན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐམསཅད་བདེ་བླག་ཏུ་ཉམས་འོག་ཏུ་ཆུད་པར་གྱུར་ཅིག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགསཡོངས་སུ་རྫོགས་པ་སྐུ་གསུམ་གྱི་བདག་ཉིད་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའིསངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག མདོརན་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསྔོས་པ་དང་། མ་འོངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསྔོ་བར་འགྱུརབ་དང་། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངསསུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་བསྔོ་བར་བགྱི་བས་དེ་ཁོ་ན་བཞིན་དུའགྲུབ་པར་གྱུར་ཅིག འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། སོགས་ཤྭ་ལོ་ཀ་གཅིག སངས་རྒྱས་སྐུ་གསུམ ཞེས་ཐུན་མོང་སྤྱི་ཙམ་གྱི་བསྔོ་བའོ། །༈ དེ་ནས་བླ་ཆེན་གྱི་སྐུ་རིམ་ཞབས་བརྟན་ལྟ་བུའི་བསྔོ་བ་བྱེད་ན། དགོངས་གསོལ་སྔར་ལྟར་རམ། ཡང་ན། ཕྱོགསབཅུའི་ཞིང་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་རྒྱལ་སྲས་སློབ་མརབཅས་པ་ཐམས་ཅད་དབོན་པོའམ་ཉེ་གནས་ཆེན་པོ་འདི་ཞེས་བྱ་བས་ཐོག་དྲངས་ནམ་མཁའི་མཐའ་དངམཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། འདི་ལྟར་བསྒྲུབས་པའི་དགེ་བའིརྩ་བ་འདི་ཉིད་མཚོན་བྱེད་དུ་བྱས་ཏེ་རང་དང་གཞན་གྱི་འཁོར་འདས་ལམ་གསུམ་གྱིས་བསྡུསཔའི་དགེ་བའི་རྩ་བ་དུས་གསུམ་དང་འབྲེལ་བ་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུདང་ནུས་པ་ལ་བརྟེན་ནས། ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིནཔོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་མཐུཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག བསྟན་པ་རིན་པོ་ཆེ་བཤད་པ་དང་སྒྲུབ་པའི་སྒོནས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སྐྱེས་བུ་དམ་པ་སྤྱི་དང་ཁྱད་པར་དུའང་ཁམས་གསུམ་

p. 394

གྱི་བླ་མ། དུས་གསུམ་གྱི་སངས་རྒྱས། སྲིད་པ་གསུམ་གྱི་འདྲེན་མཆོག འགྲོ་བ་ལྷ་དང་མིཐམས་ཅད་ཀྱི་མགོན་སྐྱབས་དང་དཔུང་གཉེན་དམ་པར་གྱུར་པ། ཁམས་གསུམ་ཆོས་ཀྱིརྒྱལ་པོ་ཐམས་ཅད་མཁྱེན་པ་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་མཚན་བརྗོད་པར་དཀའ་བའདི་ཞེས་བྱ་བའི་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་ཡོངས་སུ་སྦྲེང་བ་གང་གིཞབས་ཟུང་བཀྲ་ཤིས་ཀྱི་འཁོར་ལོ་རྡོ་རྗེ་མི་ཤིགས་པའི་ངོ་བོར་བསྐལ་པ་རྒྱ་མཚོར་བརྟནཅིང་མི་གཡོ་བར་བཞུགས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག སྐུ་ཚེ་དངམཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བའི་མཐུ་ཕུན་སུན་ཚོགསཔ་དང་ལྡན་པར་གྱུར་ཅིག བཤད་སྒྲུབ་ལས་གསུམ་གྱི་རྣམ་པར་དཀར་བའི་མཛད་པ་དངཕྲིན་ལས་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་ཡར་ངོའ་ཟླ་བ་བཞིན་གོང་ནསགོང་དུ་འཕེལ་ཞིང་རྒྱས་པར་འགྱུར་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག རྗེ་བཙུན་དམ་པ་གང་གི་ཞབས་པད་སྤྱི་བོར་བསྟེན་ཅིང་གསུང་གི་བདུད་རྩི་ངོམས་པ་མེདཔར་འཐུངས་པས་བསྟན་པ་ཡོངས་སུ་འཛིན་པར་ནུས་པའི་བཤེས་གཉེན་དམ་པ་རྣམས་དང་། དགེ་འདུན་འདུས་པའི་ཚོགས་ཐམས་ཅད་ཀྱང་བདུད་ཀྱི་ཉེར་འཚེ་དང་བྲལ་ནས་ཐུགསམཐུན་ཞིང་ཀློག་པ་ཐོས་བསམ་དང་སྒྲུབ་པ་ཉམས་ལེན་གྱི་འཁོར་ལོས་བསྟན་པའི་སྒྲོན་མེཡུན་རིང་དུ་འབར་ཞིང་རྒྱལ་བའི་གདུང་ཆད་མེད་དུ་འཛིན་ནུས་པའི་མཐུ་ཕུན་སུམ་ཚོགསཔ་དང་ལྡན་པར་གྱུར་ཅིག བསྟན་པ་རིན་པོ་ཆེ་བསྟན་འཛིན་གྱི་སྐྱེས་བུ་དང་བཅས་པའིརྣམ་དཀར་གྱི་འཕྲིན་ལས་བླ་ནས་བླར་འདེགས་པར་མཛད་པའི་འཕྲུལ་གྱི་དགོངས་པ་ཁྱདཔར་ཅན་མངའ་བས་ཆོས་བཞིན་དུ་ས་སྐྱོང་བའི་མིའི་དབང་པོ་རྣམས་ཀྱང་སྐུ་ཁམས་བཟངཞིང་ཆབ་སྲིད་སྐུ་ཡི་དཔལ་མངའ་ཐང་དང་ལོངས་སྤྱོད་སྙན་གྲགས་དང་མཐུ་སྟོབས་གཟིབྱིན་ཐམས་ཅད་དབྱར་གྱི་ཆུ་བོ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་མཐུ་ཕུན་སུམཚོགས་པ་དང་ལྡན་པར་གྱུར་ཅིག ཡངས་པའི་རྒྱལ་ཁམས་སྤྱི་དང་ཁྱད་པར་པུར་རྒྱལ་བོདཀྱི་ལྗོངས་འདིར་ནད་མཚོན་མུ་གེ་སོགས་མི་མཐུན་ཉེར་འཚེའི་རྒུད་པ་ཐམས་ཅད་ཞི་བར་

p. 395

ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག མཐུན་པའི་རྐྱེན་དུ་གྱུར་པ་གནས་སྐབས་སུ་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་ཐམསཅད་དང་ལྡན་ཞིང་། མཐར་ཐུག་ལམ་ལྔ་དང་ས་བཅུའི་མངོན་པར་རྟོགས་པ་ཐམས་ཅད་རྒྱུདལ་འབྱོར་བས་མྱུར་དུ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སངསརྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུརཅིག བླ་མ་སྐུ་ཁམས་བཟང་བར་སོགས་དང་། ཕན་བདེ་འབྱུང་བའི་སོགས་དང་། འཇིག་རྟེན་བདེཞིང་སོགས་ཇི་ལྟར་རིགས་པ་བརྗོད། ༈ ཡང་བླ་ཆེན་འགྲན་ཟླ་དང་བྲལ་བའི་སྐྱེས་བུ་དམ་པ་ཞི་བར་གཤེགས་པའི་དགོངས་རྫོགས་ལྟ་བུའི་མཆོད་བསྔོ་ནི། དཔོན་པོའམ་ཉེ་གནས་ལྟ་བུ་སོགས་བསྔོ་བ་ཞུ་མིའི་མིང་ནས་སྨོས་པའི་དགོངས་གསོལ་སོགས་འདྲ་བ་ལས། དགེབའི་རྩ་བ་དུས་གསུམ་དང་འབྲེལ་བ་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡོམས་ནས་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་ན་བཟའ་དང་རྒྱན་དང་རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པསའཕགས་པ་རྣམས་མཉེས་པར་བྱེད་པའི་མཆོད་པའི་ཚོགས་ངོ་བོ་བཟང་ཞིང་བཀོད་པསམཛེས་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིནརྒྱ་མཚོས་ནམ་མཁའི་ཁམས་ཐམས་ཅད་རྒྱས་པར་བཀང་ཞིང་འཁོར་བ་ཇི་སྲིད་མ་སྟོང་གིབར་དུ་རྒྱུན་མི་ཆད་པར་སྤྲུལ་ཏེ་བསམ་པ་ཐག་པ་ནས་དཔལ་ལྡན་བླ་མ་དམ་པ་འོད་གསལཆོས་སྐུའི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་པ་འདི་ཞེས་བྱ་བས་ཐོག་དྲངས་རྒྱལ་བསྲས་དང་བཅས་པའི་སྤྱན་ལམ་དུ་འབུལ་ན་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ནསབདག་གི་བར་མཛད་པའི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་ལྟར་ཕུལབ་ལ་བསྟེན་ནས་རྗེ་བཙུན་དམ་པ་དེ་དག་གི་ཟག་པ་མེད་པའི་ཐུགས་ཀྱི་དགོངས་པ་ཁྱདཔར་ཅན་ཆོས་དབྱིངས་རྣམ་པར་དག་པའི་ཀློང་དུ་ཡོངས་སུ་རྫོགས་པའི་སྐལ་བ་ཕུན་སུམཚོགས་པ་དང་ལྡན་པར་གྱུར་ཅིག སྤངས་རྟོགས་མཐར་ཕྱིན་མངོན་པར་བྱང་ཆུབ་པ་ཆོསཀྱི་སྐུ་རིས་ཡོངས་སུ་ཆད་པ་མེད་པར་བཞུགས་པའི་དགོངས་པ་ལས་མ་གཡོས་བཞིན་དུ་

p. 396

གདུལ་བྱའི་མོས་པ་དང་སྐལ་བའི་ཁྱད་པར་ཇི་ལྟ་བར་འཇུག་པའི་གཟུགས་སྐུའི་བཀོད་པམི་ཟད་པ་རྒྱན་གྱི་འཁོར་ལོའ་རོལ་པར་བསྟན་ནས། དོན་གཉིས་མཐར་ཕྱིན་པར་མཛདཔའི་དགོངས་པ་ལྷུན་གྱིས་གྲུབ་པར་འགྱུར་བའི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པརགྱུར་ཅིག སྦྱིན་པའི་བདག་པོ་ཉིད་སྔོན་དུ་འགྲོ་བའི་བདག་སོགས་མཐའ་ཡས་པའི་སེམསཅན་མ་ལུས་ཤིང་ལུས་པ་མེད་པ་མཐའ་དག་གང་དང་གང་དུ་སྐྱེ་བའི་ཚེ་རབས་ཐམས་ཅདདུ་རྗེ་བཙུན་དམ་པ་དེ་ཉིད་ཆོས་སྟོན་པའི་སངས་རྒྱས་ཀྱི་ཞིང་དུ་ཐོགས་པ་མེད་པར་སྐྱེ་བའིསྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་ལྟར་ཆོས་ཐོས་ནས་ཀྱང་དེས་བསྟནཔའི་དམ་པའི་ཆོས་མ་ལུས་པ་ཡོངས་སུ་འཛིན་ནུས་པའི་སྐལ་བ་ཕུན་སུམ་ཚོགས་པ་དངལྡན་པར་གྱུར་ཅིག གནས་སྐབས་སུ་ཡང་ཆོས་དང་མཐུན་པའི་དོན་ཇི་ལྟར་བསམ་པ་ཐམསཅད་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟརའབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འགྱུར་བའི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡནཔར་གྱུར་ཅིག མཐར་ཐུག་མོས་པས་སྤྱོད་པ་དང་འཇིག་རྟེན་ལས་འདས་པའི་ས་ཐམས་ཅདདཀའ་བ་མེད་པར་མྱུར་དུ་བགྲོད་ནུས་པའི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུརཅིག མདོར་ན་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་ནས། སྟོབས་བཅུདང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མ་འདྲེས་པའི་ཆོསབཅོ་བརྒྱད་སོགས་བླ་ན་མེད་པའི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ཏེ་རྫོགས་པའི་སངསརྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་འ ཐོབ་པར་ནུས་པའི་སྐལ་བ་ཕུན་སུམ་ཚོགས་པ་དངལྡན་པར་གྱུར་ཅིག །ཞེས་པས་མཚོན་ཏེ་སྤྲོ་ཞིང་ནུས་ན། རྗེ་བཙུན་དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་བཞེདདོན་དུ་གྱུར་པ་ཕན་བདེའི་འབྱུང་གནས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། ཞེསསོགས་སྔར་ལྟར་སྐབས་ཅི་རིགས་པར་འབྲེལ་བསྡེབས་ཏེ་སྦྱར་ཞིང་། མཐར། ཕྱག་འཚལ་བ་དང་མཆོད་ཅིངབཤགས་པ་དང་། །ཞེས་སོགས་དང་། སྐྱེ་བ་ཀུན་ཏུ་ཡང་བླ་མ་དང་། སོགས་བརྗོད། གལ་ཏེ་བླ་མ་འགའཞིག་ལ་སོ་སོའ་སྐྱེ་བོ་མཆོག་གི་འདུ་ཤེས་ཙམ་ལས་མ་སྐྱེས་ན། བསམ་པ་ཐག་པ་ནས་ཞེས་པའི་བར་སྔར་ལྟར་ལས། དེའི་རྗེས་

p. 397

སུ་འདི་སྐད་ཅེས། བླ་མ་དམ་པ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་འདི་ཞེས་བྱ་བསཐོག་དྲངས་རྒྱལ་བ་སྲས་དང་བཅས་པའི་སྤྱན་ལམ་དུ་འབུལ་ན། ཞེས་པ་ནས། ཆོས་དབྱིངསརྣམ་པར་དག་པའི་ཀློང་དུ་ཡོངས་སུ་རྫོགས་པའི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཐར་ལམ་སྒྲུབ་པའི་འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཉེ་བར་ཞི་བའིམཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཐུགས་རྒྱུད་ཀྱི་སྤངས་བ་དང་རྟོགས་པའིཡོན་ཏན་ཐམས་ཅད་ཡར་ངོའ་ཟླ་བ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འགྱུརབའི་མཐུ་ཕུན་སུམ་ཚོགས་པར་གྱུར་ཅིག ལམ་ལྔ་དང་ས་བཅུའི་མངོན་རྟོགས་ཐམས་ཅདམྱུར་དུ་བསྒྲུབས་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་མངོན་དུ་མཛད་པར་ནུས་པའི་མཐུཕུན་སུམ་ཚོགས་པར་གྱུར་ཅིག རྣམ་པར་དཀར་བའི་ཕྲིན་ལས་རླབས་པོ་ཆེས་མཐའ་ཡསཔའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ནས་སྐུ་བཞི་ཡེ་ཤེསལྔའི་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མཆོག་ལ་འགོད་པའིའདྲེན་པ་ཆེན་པོ་མཛད་ནུས་པའི་མཐུ་ཕུན་སུམ་ཚོགས་པར་གྱུར་ཅིག གནས་སྐབས་སུ་ཞིངཁམས་གང་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་དེ་ཐམས་ཅད་དུ་དེ་དང་རྗེས་སུ་མཐུནཔའི་ཐུགས་ཀྱི་དགོངས་པ་ཐམས་ཅད་བླ་ནས་བླར་འཕེལ་བའི་མཐུ་ཕུན་སུམ་ཚོགས་པ་དངལྡན་པར་གྱུར་ཅིག གཞན་ཡང་རྗེ་བཙུན་དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་བཞེད་དོན་དུ་གྱུརཔ་ཞེས་སོགས་འབྲེལ་བསྡེབས་ནས་སྦྱར་ཞིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །ཞེས་སོགས་བརྗོད། ༈ ཡང་བླ་མའི་གོ་སར་མ་འཁོད་པའི་ཆོས་པ་ཁྱད་པར་ཅན་གཤེགས་པ་ལ། དགེ་སློང་ངམ་དགེ་ཚུལ་ལམ་དགེ་བའི་བཤེསགཉེན་ནམ་གྲུབ་པའི་དབང་པོ་འདི་ཞེས་བྱ་བས་ཐོག་དྲངས་ནམ་མཁའི་མཐའ་དང་ཞེས་སོགས་སྦྱར་བའིདགོངས་གསོལ་སྔོན་འགྲོས། འདི་ལྟར་བསྒྲུབས་པའི་དགེ་བའི་རྩ་བས་མཚོན་རྟེན་དུ་བྱས་ཏེ། འཁོརའདས་ལམ་གསུམ་གྱིས་བསྡུས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡོམས་པའི་མཐུདང་། ཁྱད་པར་འདི་ཞེས་བྱ་བ་ཞལ་བཞུགས་པའི་དུས་དད་པ་གསུམ་གྱིས་དགེ་བའི་བཤེསགཉེན་གྱི་ཞབས་ལ་གཏུགས། མཉེས་པ་གསུམ་གྱིས་མཉེས་པར་བྱས་ཤིང་ཐོས་བསམ་སྒོམ་

p. 398

གསུམ་གྱི་སྒོ་ནས་བསྟན་པ་ལ་བྱ་བ་བྱས་པའི་ཚོགས་གཉིས་རླབས་པོ་ཆེའི་མཐུ་ལ་བརྟེནནས་དམིགས་ཡུལ་གྱིས་ཐོག་དྲང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་ཆོསཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུརཅིག རང་བྱུང་གི་ཆོས་ཐམས་ཅད་ཟག་པ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིཆོས་ཐམས་ཅད་དག་པའི་ཞིང་དུ་སྨོན་ལམ་གྱི་སྐྱེ་བ་རྣམ་པར་དག་པ་འཛིན་པར་ནུས་པའིམཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིནདང་སྤྱན་དང་མངོན་པར་ཤེས་པ་དང་རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པ་ཡོན་ཏན་གྱི་ཆོསཐམས་ཅད་མངོན་དུ་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་མཐུཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་ཡང་ཆོས་སྒྲུབ་པའི་རྟེནཕུན་སུམ་ཚོགས་པའི་མི་ལུས་རིན་པོ་ཆེ་འཐོབ་པར་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དངལྡན་པར་གྱུར་ཅིག རྟེན་དེའང་རིགས་བཟང་བ་དང་། གཟུགས་བཟང་བ་དང་། ཤེས་རབཆེ་བ་དང་། སྤོབས་པ་ཆེ་བ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། དཔལ་འབྱོར་ལོངསསྤྱོད་བསོད་ནམས་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཐོབ་པའི་མཐུ་ཕུན་སུམ་ཚོགས་པ་དངལྡན་པར་གྱུར་ཅིག ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ཆོས་ཉིད་ཀྱི་བདེན་པ་གཟིགསཔ་གཞན་དོན་ལ་སྐྱོ་བ་མི་མངའ་བ་རྣམས་ཀྱིས་མཉེས་བཞིན་དུ་རྗེས་སུ་འཛིན་པའི་མཐུཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་ལས་སྨོན་འཇུག་གི་བདག་ཉིད་ཅན་གྱི་བྱངཆུབ་ཀྱི་སེམས་རིན་པོ་ཆེ་ཐོབ་ནས་ཚུལ་ཁྲིམས་རྣམ་པ་གསུམ་ལ་རྒྱུན་མི་ཆད་པར་སློབ་ནུསཔའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཞི་གནས་དང་ལྷག་མཐོང་ཟུང་དུའབྲེལ་བའི་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་མཉམ་པར་འཇོག་ནུས་པའི་མཐུ་ཕུན་སུམཚོགས་པ་དང་ལྡན་པར་གྱུར་ཅིག ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཡོངསསུ་རྟོགས་པར་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག སྐྱེ་བ་དང་ཚེ་རབསཀུན་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོན་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་

p. 399

སུ་ཐོགས་པ་མེད་པར་སྐྱེ་བ་འཛིན་པར་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུརཅིག སངས་རྒྱས་རྣམས་ལས་ཆོས་ཐོས་ནས་དམ་པའི་ཆོས་མ་ལུས་པ་འཛིན་པར་ནུས་པའིམཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ལམ་ལྔ་དང་ས་བཅུའི་ཐེམ་སྐས་ལ་ཐབསཤེས་ཀྱི་གོམ་སྟབས་ལྷོད་པོས་བགྲོད་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕངརིན་པོ་ཆེ་མྱུར་དུ་འཐོབ་པར་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག བྱངཆུབ་སེམས་ཉིད་རིན་པོ་ཆེ། །སོགས་དང་། བསོད་ནམས་འདི་ཡིས་སོགས། ཅི་རིགས་བརྗོད་དོ། །༈ ཡང་། སྡེ་དཔོན་ཆེན་པོའི་རིགས་ཀྱི་སྐུ་རིམ་ལ། ལྷ་དབང་མིའི་སྡེ་དཔོན་ཆེན་པོ་མཚན་འདི་ཞེས་བྱབས་ཐོག་དྲངས་ནམ་མཁའི་མཐའ་དང་མཉམ་པའི་ཞེས་སོགས་ཀྱི་དགོངས་གསོལ་སྔོན་འགྲོས། འདིལྟར་བསྒྲུབས་པའི་དགེ་བའི་རྩ་བ་འདི་ཉིད་མཚོན་བྱེད་དུ་བྱས་ཏེ། ཞེས་པ་ནས། མཐུ་དང་ནུསཔ་ལ་བརྟེན་ནས་སྤྱིར་ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས། ཞེས་པ་ནས། ཆོས་སྤྱོདབཅུའི་སྒྲུབ་པ་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཅེས་པའི་བརའགྲེ་བ་ལས། ཁྱད་པར་ལྷ་སྲས་མིའི་སྡེ་དཔོན་ཆེན་པོ་ཆོས་ལ་བླ་མར་མཛད་པའི་འཕྲུལ་གྱིདགོངས་པ་ཁྱད་པར་ཅན་གྱིས་བདེ་བར་གཤེགས་པའི་བསྟན་པ་བསྟན་འཛིན་དང་བཅསཔ་གཉན་ཞིང་བཙན་ལ། དར་ཞིང་རྒྱས་པ་ཡུན་རིང་དུ་མི་ནུབ་པའི་བཀའ་དྲིན་གྱིས་ལེགསཔར་མཆོད་ཅིང་སྐྱོང་བར་མཛད་པའི་ཐུགས་ཀྱི་བཞེད་དོན་ཕུལ་དུ་བྱུང་བ་ཉིད་མ་བཙལལྷུན་གྱིས་གྲུབ་པར་འགྱུར་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག སྐུ་སྲོགགི་དབང་པོ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་རྒྱས་པར་གྱུར་ཏེ་སྐུ་ཚེ་ཉི་ཟླ་ཇི་སྲིད་པ་དེ་སྲིདདུ་བརྟན་པར་འགྱུར་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག མངའ་ཐང་ཆེབའི་ཆབ་སྲིད་དང་སྐུ་དཔལ་ཟླ་བ་ཚེས་པ་བཞིན་དུ་འཕེལ་ཞིང་རྒྱས་པར་འགྱུར་བའི་མཐུཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ལོངས་སྤྱོད་མི་ཟད་པ་ནམ་མཁའ་མཛོད་ཀྱིཏིང་ངེ་འཛིན་ལ་དབང་བསྒྱུར་བར་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུརཅིག མངའ་ཐང་ཆེན་པོའི་བྱིན་དང་དབུ་རྨོག་བཙན་པོའི་འཐིབས་ཀྱིས་ནོན་པས་རྒྱལ་ཁམས

p. 400

འདིར་མཐའ་ནས་དགྲ་མི་གཡོ། དབུས་ནས་གཡུལ་མི་འཁྲུག མི་ནད་དང་ཕྱུགས་ནད་ཀྱིརྒྱུན་ཆད། ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པས་བདེ་སྐྱིད་ཕུན་སུམཚོགས་པའི་དཔལ་དང་ལྡན་པར་གྱུར་ནས། སྐྱིད་པའི་བཀའ་དྲིན་མི་རབས་ཁྲིའི་བར་དུཐོབ་ཅིང་སྙན་པའི་སྒྲ་སྐད་ཕྱོགས་ཀྱི་འཁོར་ལོ་ཡོངས་སུ་ཁྱབ་པའི་མཐུ་ཕུན་སུམ་ཚོགས་པདང་ལྡན་པར་གྱུར་ཅིག རང་གི་འཁོར་སྐྱོང་ཞིང་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་ཐབསམཁས་པ་དང་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཐུགས་རྒྱུད་ཀྱི་སྡིག་སྒྲིབདང་དེ་དག་གིས་ཀུན་ནས་སློང་བའི་མི་མཐུན་རྒུད་པའི་ཉེར་འཚེ་སོགས་ཉེས་པའི་སྐྱོན་ཐམསཅད་དང་ཕྲལ་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་དང་ལེགས་པའི་ཡོནཏན་མཐའ་དག་ཡོངས་སུ་ཐོབ་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག བླ་ནམེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་བྱངཆུབ་ཀྱི་སེམས་དམ་པ་བསྐྱེད་པ་ཡོངས་སུ་རྫོགས་པར་བསྒྲུབས་པས་ལམ་ལྔ་དང་ས་བཅུའིམངོན་རྟོགས་ཐམས་ཅད་ཐུགས་རྒྱུད་ལ་སྐྱེ་བར་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡནཔར་གྱུར་ཅིག མཐར་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སངསརྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་མཆོག་དམ་པ་མྱུར་དུ་འཐོབ་པར་ནུས་པའི་མཐུ་ཕུནསུམ་ཚོགས་པ་དང་ལྡན་པར་གྱུར་ཅིག འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་སོགས། བསོད་ནམསསྟོབས་ཆེན འཇིག་རྟེན་བདེ་ཞིང་བསོད་ནམས་འདི་ཡིས་སོགས་བརྗོད་དོ། །༈ ཡང་། སྡེ་དཔོན་ཆེན་པོ་གཤེགས་པའི་སྐུ་འདད་ཀྱི་བསྔོ་བ་ལ། དགོངས་གསོལ་སྔར་ལྟ་བུ་སྔོན་འགྲོས། ཆོས་སྤྱོདབཅུའི་སྒྲུབ་པ་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཅེས་པའི་བརསྔར་བཞིན་ལས། དེ་དག་གི་ཐུགས་རྗེའི་བྱིན་རླབས་དང་། ཁྱད་པར་ལྷ་སྲས་མི་ཡི་སྡེ་དཔོནཆེན་པོ་མཚན་འདི་ཞེས་བྱ་བས་སྐུ་ཚེ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་སྦྱིན་པ་ལས་བྱུང་བདང་། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་གང་དག་བགྱིསཔ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རངས་པ་དང་། གཞན་ཡང་ཤུལ་

p. 401

ན་བཞུགས་པ་རྣམས་ཀྱིས། བླ་མ་དཀོན་མཆོག་མཆོད་པ་དང་། ཕོངས་པ་དང་མགོན་མེདལ་སྦྱིན་པ་བཏང་བ་དང་། འབྱུང་པོ་དང་ཡི་དྭགས་ལ་གཏོར་མ་སྦྱིན་པ་ལ་སོགས་པའི་དགེབའི་རྩ་བ་འདི་དག་གཅིག་ཏུ་བསྡོམས་ནས་སྐུ་གཤེགས་པའི་ཕྱི་བཞིན་དུ་འབྲང་ཞིང་རྗེསསུ་འཇུག་པར་འགྱུར་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་ལྟར་ཞུགསནས་ཀྱང་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས་རིགས་དྲུག་སོ་སོའསྡུག་བསྔལ་དང་ཀུན་འབྱུང་མཐའ་དག་ལས་མྱུར་དུ་ཐར་བར་ནུས་པའི་མཐུ་ཕུན་སུམ་ཚོགསཔ་དང་ལྡན་པར་གྱུར་ཅིག བདུད་དང་གཤིན་རྗེའི་སྤྱོད་ཡུལ་མཐའ་དག་ལས་མྱུར་དུ་ཐརབར་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ངན་སོང་ངན་འགྲོ་ལོག་པརལྟུང་བའི་གནས་རྣམས་སུ་ནམ་ཡང་འཁྲུངས་པར་མི་འགྱུར་བའི་མཐུ་ཕུན་སུམ་ཚོགས་པདང་ལྡན་པར་གྱུར་ཅིག སྐུ་ཚེའི་རབས་ཐམས་ཅད་དུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུསྐྱེ་སྲིད་འཛིན་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག རྟེན་དེ་ལ་མཐོརིས་ཀྱི་ཡོན་ཏན་བདུན་དང་ལྡན་པར་འགྱུར་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པརགྱུར་ཅིག ཕན་བདེ་མ་ལུས་པའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་རྟགཏུ་མཇལ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཐེག་པ་ཆེན་པོའི་དགེབའི་བཤེས་གཉེན་ཆོས་ཉིད་ཀྱི་བདེན་པ་གཟིགས་ཤིང་གཞན་དོན་མཛད་པའི་ཕྲིན་ལསལ་མངའ་བརྙེས་པ་རྣམས་ཀྱིས་དགྱེས་བཞིན་དུ་རྗེས་སུ་འཛིན་པའི་མཐུ་ཕུན་སུམ་ཚོགསཔ་དང་ལྡན་པར་གྱུར་ཅིག བདུད་དང་སྡིག་པའི་གྲོགས་པོའི་དབང་དུ་ཅིས་ཀྱང་མི་འགྲོ་བའིམཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱདཔར་ཅན་ཐུགས་རྒྱུད་ལ་འཁྲུངས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ལུངསྡེ་སྣོད་གསུམ་མང་དུ་གསན་ཞིང་མངོན་རྟོགས་བསླབ་པ་གསུམ་གྱིས་ཐུགས་རྒྱུད་གྲོལ་བརནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པའི་མཐུ་ཕུན་སུམ་ཚོགས་པ་དང་

p. 402

ལྡན་པར་གྱུར་ཅིག རང་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཕུན་སུམ་ཚོགས་པ་ལ་གནསཔའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག གཞན་དོན་བསྡུ་བའི་དངོས་པོ་བཞིའིསྒོ་ནས་སེམས་ཅན་གྱི་དོན་རྒྱ་ཆེར་བྱེད་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པརགྱུར་ཅིག མདོར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ནས་རྣམ་པ་ཐམསཅད་མཁྱེན་པ་རང་སྣང་རྣམ་པར་དག་པའི་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོར་མངོན་པར་རྫོགསཔ་སངས་རྒྱས་པའི་གོ་འཕང་བརྙེས་ཤིང་། དེ་ལས་མ་གཡོས་བཞིན་དུ་གཞན་སྣང་གི་གཟུགསསྐུ་གང་ལ་གང་འདུལ་དུ་སྣང་བས་འགྲོ་བ་ཐམས་ཅད་རྣམ་པར་འདྲེན་པའི་དེད་དཔོན་བླན་མེད་པ་མཛད་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག པདྨ་འདམ་གྱིསམ་གོས་ལྟར། སོགས་དང་། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས། དེར་ནི་དེ་ཡིས་ལུངབསྟན་སོགས་དང་། སངས་རྒྱས་སྐུ་གསུམ་སོགས་བརྗོད། ༈ ཡང་། སྐྱེ་བོ་ཐ་མལ་བའི་དོན་དུ་གསོན་བསྔོ་བྱེད་ན། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བས་ཐོག་དྲངསནམ་མཁའི་མཐའ་དང་མཉམ་པའི་ཞེས་སོགས་དགོངས་གསོལ་སྔོན་དུ་འགྲོ་བས། སྦྱིན་པའི་བདག་པོསའདི་ལྟར་བསྒྲུབས་པའི་དགེ་བའི་རྩ་བས་མཚོན་ཏེ་དུས་གསུམ་དང་འབྲེལ་བའི་བསོད་ནམསཀྱི་ཆ་དང་མཐུན་པ་དང་ཐར་པའི་ཆ་དང་མཐུན་པའི་དགེ་བ་ཐམས་ཅད་བདག་གཞན་འཁོརའདས་ལམ་གསུམ་གྱིས་བསྡུས་པའི་དགེ་བའི་རྩ་བ་ཇི་སྙེད་ཅིག་མཆིས་པ་དེ་ཐམས་ཅད་ཐུནམོང་དུ་བྱས་ཏེ་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས། སྦྱིན་པའི་བདག་པོསཐོག་དྲངས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པའིཕུང་པོས་སྐུ་གསུམ་དང་ཡེ་ཤེས་སྐུ་ལྔའི་བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའིསངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་ཡང་སྐྱེབ་ནས་ཚེ་རབས་ཐམས་ཅད་དུ་དལ་བརྒྱད་འབྱོར་བཅུས་བརྒྱན་པའི་རྟེན་ཕུན་སུམ་ཚོགསཔ་ཐོབ་པར་གྱུར་ཅིག དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་འཕགས་པའི་ནོར་བདུནགྱིས་མཛེས་ཤིང་ཕྱུག་པར་གྱུར་ཅིག བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ་སྡོམ་པ་གསུམ་

p. 403

གྱིས་རྒྱུད་ལེགས་པར་བསྡམས་ནས་ཐོས་བསམ་སྒོམ་གསུམ་གྱིས་བྱ་བ་མཐར་ཕྱིན་པརབསྒྲུབས་པས་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པར་གྱུར་ཅིག ཁྱད་པརདུའང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་གནས་སྐབས་སུའང་སྔོན་གྱི་ལས་དང་འཕྲལགྱི་རྐྱེན་ལས་གྱུར་པ་ཚེ་ཐུང་བ་དང་། ནད་མང་བ་དང་། མི་དང་མི་མ་ཡིན་པའི་གནོད་འཚེས་མནར་བ་དང་། འཁོར་མི་མཐུན་ཞིང་ལོངས་སྤྱོད་དབུལ་བ་སོགས་མི་དགེ་བ་དང་བཀྲ་མིཤིས་པ་དང་ངན་པ་དང་སྡིག་ཏོར་བགྲང་བ་ཐམས་ཅད་ཞི་ཞིང་གཏན་མི་འབྱུང་བར་གྱུརཅིག མཐུན་རྐྱེན་དུ་གྱུར་པ་ཚེ་རིང་ཞིང་ནད་མ་མཆིས་པ་དང་། འཁོར་དང་ལོངས་སྤྱོད་ཐམསཅད་མཐུན་ཞིང་འབྱོར་ནས་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་ཏེ་འཇིགརྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པརགྱུར་ཅིག སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུའང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགསཔར་བྱེད་པའི་ལུས་དང་ལོངས་སྤྱོད་འཁོར་དང་གྲོགས་དང་དགེ་བའི་བཤེས་གཉེན་ཕུནསུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཐེག་པ་ཆེན་པོའི་ཆོས་དང་རྟག་ཏུ་འཕྲད་ཅིང་བཤདསྒྲུབ་ཀྱི་བྱ་བ་ལ་ངོམས་པ་མེད་པར་སྤྱད་ནས་དོན་མངོན་སུམ་དུ་བགྱིད་པར་གྱུར་ཅིག གཞནཡང་ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་སྦྱིན་པ་རླབས་པོ་ཆེ་གཏོང་བའི་སྐལ་བ་དང་ལྡནཔར་གྱུར་ཅིག སྲིད་པར་སྐྱེ་བའི་འདུན་པ་དང་བྲལ་བའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངབའི་སྐལ་བ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོདཔ་བླ་ན་མེད་པ་སྒོམ་པའི་སྐལ་བ་དང་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྡུད་པའི་བརྩོནའགྲུས་རྩོམ་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག གཟུགས་དང་གཟུགས་མེད་པའིཁམས་ལས་འདས་པའི་བསམ་གཏན་ལ་མཉམ་པར་འཇོག་ནུས་པའི་སྐལ་བ་དང་ལྡན་པརགྱུར་ཅིག ཐབས་སྙིང་རྗེ་ཆེན་པོ་དང་ཡ་མ་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོནརྟོགས་པར་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག མདོར་ན་ཚོགས་གཉིས་ཡོངས་སུརྫོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་རིན་

p. 404

པོ་ཆེ་མྱུར་དུ་ཐོབ་ནས་སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཞིང་མི་གནསཔའི་མྱ་ངན་ལས་འདས་པའི་དབྱིངས་ལ་འགོད་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག བསོད་ནམས་སྟོབས་ཆེན་སོགས་དང་། བསོད་ནམས་འདི་ཡིས་སོགས་དང་། སངས་རྒྱས་སྐུ་གསུམསོགས་བརྗོད། ༈ གཤིན་པོའི་དོན་དུ་བསྔོ་བ་བྱེད་ན། ཚེ་ལས་འདས་པ་མིང་འདི་ཞེས་བྱ་བས་ཐོག་དྲངས་ནམ་མཁའདང་ཞེས་སོགས་སྦྱར་བའི་དགོངས་གསོལ་སྔོན་དུ་འགྲོ་བས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུཚེ་ལས་འདས་པ་འདིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའི་དགེ་རྩ་གང་དག་བགྱིས་པ་དང་། བགྱིདདུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རངས་པ་དང་། གཞན་ཡང་ཉེ་དུ་འབྲེལ་པ་ཅནརྣམས་ཀྱིས་བླ་མ་དང་དཀོན་མཆོག་མཆོད་པ་དང་། ཕོངས་པ་དང་། མགོན་མེད་པ་ལ་སྦྱིནཔ་བཏང་བ་དང་། འབྱུང་པོ་དང་ཡི་དྭགས་ལ་གཏོར་མ་སྦྱིན་པ་ལ་སོགས་པའི་དགེ་བའི་རྩབ་འདི་དག་གཅིག་ཏུ་བསྡོམས་ནས་ཚེ་ལས་འདས་པའི་ཕྱི་བཞིན་དུ་འབྲང་ཞིང་རྗེས་སུ་འཇུགཔར་གྱུར་ཅིག དེ་ལྟར་ཞུགས་པར་གྱུར་ནས་ཀྱང་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུསཔ་ལ་བརྟེན་ནས། ཚེ་ལས་འདས་པ་སྔོན་དུ་འགྲོ་བའི་སེམས་ཅན་ཐམས་ཅད་རིགས་དྲུགསོ་སོའ་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་མཐའ་དག་ལས་མྱུར་དུ་ཐར་བར་གྱུར་ཅིག ངནསོང་ངན་འགྲོ་ལོག་པར་ལྟུང་བའི་ཆོས་ཅན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཐར་བརགྱུར་ཅིག ཚེ་རབས་ཐམས་ཅད་དུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག རྟེན་དེ་ལ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་འཕགས་པའི་ནོར་བདུན་གྱིས་མཛེས་ཤིང་ཕྱུགཔར་གྱུར་ཅིག སྐྱབས་རྣམ་པར་དག་པ་སངས་རྒྱས་ཀུན་འདུས་བླ་མ་དམ་པས་མཉེས་བཞིནདུ་རྗེས་སུ་འཛིན་པར་གྱུར་ཅིག ལམ་རྣམ་པར་དག་པ་ཐེག་པ་ཆེན་པོའི་གསུང་རབ་དགོངསའགྲེལ་དང་བཅས་པ་རྣམས་ལ་བཤད་སྒྲུབ་ཀྱི་བྱ་བ་ལྷུར་ལེན་པས་གནས་ལུགས་དེ་ཁོ་ནཉིད་ཀྱི་དོན་ཡོངས་སུ་རྟོགས་པར་གྱུར་ཅིག གྲོགས་རྣམ་པར་དག་པ་ཐེག་པ་ཆེན་པོའི་དགེ་

p. 405

འདུན་སྐྱེས་བུ་དམ་པ་རྣམས་དང་བྱང་ཆེན་གྱི་སྤྱོད་པ་ལྷན་ཅིག་ཏུ་སྤྱོད་པར་གྱུར་ཅིག རངདོན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཕུན་སུམ་ཚོགས་པ་ལ་གནས་པར་གྱུར་ཅིག གཞནདོན་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་ནུས་པར་གྱུར་ཅིག གཞན་ཡང་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོནཔའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཐོགས་པ་མེད་པར་སྐྱེ་བར་གྱུར་ཅིག སངས་རྒྱས་རྣམསལས་ཆོས་ཐོས་ནས་དམ་པའི་ཆོས་མ་ལུས་པ་ཡོངས་སུ་འཛིན་ནུས་པའི་མཐུ་ཕུན་སུམ་ཚོགསཔ་ཐོབ་པར་གྱུར་ཅིག མོས་པས་སྤྱོད་པ་དང་འཇིག་རྟེན་ལས་འདས་པའི་ས་ཐམས་ཅདདཀའ་བ་མེད་པར་མྱུར་དུ་བགྲོད་དེ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡངདག་པར་རིག་པ་བཞི་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པའི་ཡོན་ཏན་རྣམསམཐར་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེཐོབ་པར་གྱུར་ཅིག །ངན་སོང་སྡུག་བསྔལ་མི་མྱོང་ཞིང་། སོགས་དང་། པདྨ་འདམ་གྱིས་སོགསདང་། སངས་རྒྱས་སྐུ་གསུམ་མཉེས་པའི་སོགས་ཇི་ལྟར་རིགས་པའི་བསྔོ་བ་སྨོན་ལམ་ཚིགས་བཅད་སྐབས་དངབསྟུན་ཏེ་བརྗོད་པར་བྱའོ། །ཞེས་ཡས་གཏམ་དང་བསྔོ་བའི་ཡོན་བཤད་ཀྱི་དཔེར་བརྗོད་བསྔོ་བ་ལེ་ཚན་དང་བཅས་པ་འདི་ཡངམཁྱེན་བརྩེ་ནུས་པའི་བདག་ཉིད་རྒྱལ་སྲས་ལྔ་རིག་པ་ཆེན་པོ་འགྱུར་མེད་ཡིད་བཞིན་ལེགས་གྲུབ་ཀྱིས་བཀའ་སྩལ་ལྟར་སྨྱོསཀྱི་དགེ་སློང་རྒན་པོ་དྷརྨ་ཤྲཱིས་གྲོ་བཞིན་ཟླ་བའི་ཉེར་བརྒྱད་ཀྱི་ཉིན་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་བཟང་པོ་ལ་ཆེད་དུ་བརྗོདཔ་དགེ་ལེགས་སུ་གྱུར་ཅིག །དགེའོ།། །།

བསྔོ་བའི་ཡོན་བཤད་དང་བསྔོ་བ་ལེའུ་ཚན་རྣམས་ཕྱོགསགཅིག་ཏུ་བསྒྲིགས་པའི་དབུ་ཕྱོགས།

p. 406

བསྔོ་བའི་ཡོན་བཤད་དང་བསྔོ་བ་ལེའུ་ཚན་རྣམས་ཕྱོགསགཅིག་ཏུ་བསྒྲིགས་པའི་དབུ་ཕྱོགས་ལགས་སོ། །བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབསསུ་མཆིའོ། །འགའ་ཞིག་གིས་བསོད་ནམས་བྱ་བའི་དངོས་པོ་ཇི་ལྟར་རིགས་པ་བསགས་ཏེ། ཡུལ་མཆོག་གི་སྐུ་རིམ་དངདགོངས་རྫོགས་དམན་པ་རྣམས་ཀྱི་འདི་ཕྱིའི་བདེ་ལེགས་ཀྱི་རྒྱུར་བསྔོ་བ་དོན་དུ་གཉེར་ནས། ཐོག་མར་འདི་སྐད་ཅེས་ངེས་ཤེསསྐྱེར་གཞུག་སྟེ། དེ་ཡང་ཇི་སྐད་དུ། ཕལ་ཆེར་དོན་མེད་དོན་ཡོད་ཤེས་པར་བྱ། །ཞེས་གསུངསཔས། དག་པ་ས་གསུམ་དང་སངས་རྒྱས་ཀྱི་སའི་དགེ་བ་རྣམས་ནི་རྣམ་པ་ཀུན་ཏུ་དོན་ལྡནཁོ་ནར་འགྲོ་ཞིང་། ས་དང་པོ་ནས་བདུན་པའི་བར་ལ་དག་པ་བདུན་གྱི་སའི་དགེ་བ་རྣམས་ཀྱང་ཕལ་ཆེར་དོན་ལྡན་དུ་འགྲོ་བས་བསྔོ་བ་མ་བྱས་ཀྱང་ཆོག་མོད། མོས་པས་སྤྱོད་པའིདགེ་བ་རྣམས་བསྔོ་བས་མ་ཟིན་ན་ཕལ་ཆེར་དོན་མེད་དུ་འགྲོ་བས་དགེ་བ་བསགས་པ་བླན་མེད་པའི་བྱང་ཆུབ་དུ་བསྔོ་བས་རྒྱས་མ་བཏབ་ན། སྤྱོད་འཇུག་ལས། བསྐལ་པ་སྟོང་དུབསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུནཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར། ཡུལ་ཁྱད་པརཅན་ལ་ཁོང་ཁྲོ་དྲག་པོ་སྐྱེས་པ་སོགས་དགེ་བ་འཛད་པའི་རྒྱུ་འགའ་ཞིག་བྱུང་ན་འཛད་པརའགྱུར་བས་བྱང་ཆུབ་ཏུ་བསྔོས་པའི་དགེ་བ་རྣམས་ནི་ནམ་དུའང་འཛད་པར་མི་འགྱུར་རོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་མཆིལ་མའིཐལ་བ་ཞིག་བྱེ་མའི་སྟེང་དུ་བོར་ན་མྱུར་དུ་སྐམ་པར་འགྱུར་རོ། །དེ་ཉིད་རྒྱ་མཚོ་ཆེན་པོརབོར་ན་ཇི་སྲིད་རྒྱ་མཚོ་ཆེན་པོ་ཟད་ཅིང་སྐམ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་མཆིལ་མའི་ཐལབ་དེ་ཡང་མི་སྐམ་མོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་དགེ་བའི་རྩ་བ་སྒྲུབ་པ་དེ་ཡང་འགྱོད་

p. 407

པ་དང་། འཕངས་པ་དང་དམན་པ་དང་ལོག་པར་བསྔོས་ན་ནི་འཛད་ལ། གང་རྣམ་པ་ཐམསཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་ཆེན་པོར་བསྔོས་ན་ནི་མི་འཛད་ཅིང་གོང་ནས་གོང་དུ་འཕེལལོ། །ཞེས་གསུངས་ཤིང་། དེ་མ་ཟད་དགེ་བའི་ཚོགས་ཇི་སྙེད་བསགས་པ་དེ་ཐམས་ཅདབླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་ངེས་པར་འགྱུར་བའི་དགོས་པ་ཡོད་དོ། །ནམ་མཁའ་མཛོདཀྱི་མདོ་ལས། ཐ་དད་ཕྱོགས་ནས་ཆུ་ཀླུང་མང་པོ་དག །རྒྱ་མཚོ་ཆེར་འབབ་རོ་གཅིག་འགྱུརབ་ལྟར། །ཐ་དད་ཕྱོགས་ནས་དགེ་བ་གང་བསགས་པ། །བྱང་ཆུབ་བསྔོས་པ་རྣམས་ཀྱངདོན་གཅིག་འགྱུར། །ཞེས་གསུངས་པས། དགེ་བ་བསགས་པ་དོན་ཡོད་པར་བྱ་བའི་ཕྱིརཡོངས་སུ་བསྔོ་བ་བྱེད་དགོས་པ་ཡིན་ནོ། །དེ་ལ་བསྔོ་རྒྱུ་དང་། བསྔོ་བ་དང་། ཆེད་དུ་བྱབ། ཚུལ་ལམ་རྣམ་པ་བཞིར་ཡོད་པ་ལས། བསྔོ་རྒྱུ་ནི། སྤྱིར་བསོད་ནམས་དང་ཡེ་ཤེསཀྱི་ཚོགས་གཉིས་སམ། རང་གཞན་གྱི་དུས་གསུམ་བསགས་པའི་དགེ་རྩའམ། བསོད་ནམསཆ་མཐུན་དང་ཐར་པ་ཆ་མཐུན་གྱི་དགེ་སོགས་རྣམ་སྨིན་བདེ་བ་སྐྱེད་པའི་ཆར་འགྱུར་བའམདགེ་བ་ཐམས་ཅད་ཡིན་ལ། དེ་ལས་ཀྱང་ད་རེས་འདིར་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩབ་གཙོ་ཆེ་ཞིང་། དེའང་ཞིང་དང་བསམ་པ་དང་དངོས་པོ་གསུམ་རྣམ་པར་དག་པའི་སྦྱིན་པཕུན་སུམ་ཚོགས་པ་ཡིན་པ་ལས། ཞིང་ནི་སྤྱོད་འཇུག་ལས། ཡོན་ཏན་ཞིང་དང་ཕན་འདོགསཞིང་། །སྡུག་བསྔལ་བ་ལས་དགེ་ཆེན་འབྱུང་། །ཞེས་པས་ཞིང་གི་ཁྱད་པར་མང་དུ་བཤདནའང་འདིར་གཙོ་བོར་སྟོང་ཆེན་རབ་འབྱམས་ལས། ཞིང་རབ་གཤིན་ལ་ས་བོན་བཏབ་པལྟར། །དགེ་འདུན་དཀོན་མཆོག་རིན་ཆེན་མཆོག་ཏུ་གསུངས། །ཞེས་དང་། རྗེས་དྲན་གྱིམདོ་ལས་ཀྱང་། བསོད་ནམས་ཀྱི་དཔལ་རྣམས་ཀྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་གསུངསཔ་ལྟར་དགེ་འདུན་ཉིད་ཞིང་རྣམ་པར་དག་པ་ཡིན་པས་འདིར་ལེགས་པར་ཚང་བ་ལགས། བསམ་པ་ནི། གཞན་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་འདོད་ཀྱི་བློས་སྦྱིན་ན་བསམཔ་རྣམ་པར་དག་པ་ལགས་པས་དེ་བཞིན་བསམ་པར་ཞུ། དངོས་པོ་ནི། གཞན་ལ་གནོད་

p. 408

འཚེས་བསྒྲུབས་པ་ལ་སོགས་པའི་ཁ་ན་མ་ཐོ་བ་མེད་ཅིང་། དུས་སུ་སྦྱིན་དང་འགྱོད་པ་མེདཔ་དང་། །ཡིད་འོང་སྦྱིན་དང་རྣམ་སྨིན་མི་རེ་བ། །ཞེས་པས་ཁྱད་པར་དུ་བྱས་པའི་དངོསཔོ་རྣམ་པར་དག་པ་ལགས། དེ་ལྟར་ཞིང་བསམ་དངོས་པོ་གསུམ་རྣམ་པར་དག་པའི་སྦྱིནཔ་འདི་གཙོ་བོར་བྱས་ནས། དེས་མཚོན་པའི་དགེ་བ་ནམ་བྱས་ཀྱང་རུང་། གང་ཟག་གངགིས་བགྱིས་ཀྱང་རུང་སྟེ། བདག་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམསཅད་བསྡུས་ནས་བདག་གིར་བསྔོ་རུང་སྟེ། ཕལ་པོ་ཆེའི་མདོ་ལས། འགྲོ་ཀུན་དགེ་རྩ་ཇིསྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང་། །བཟང་པོ་ཇི་བཞིན་དེའདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག །ཅེས་དང་། སྡུད་པ་ལས། སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་ལ་རྗེསསུ་ཡི་རང་ཞིང་། །འགྲོ་བའི་དོན་དུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་གསུངས། བསྔོབ་ནི། ཆགས་སྡང་གི་བློས་དགྲ་ཐུལ་བ་དང་ཆགས་ཡུལ་ཐོབ་པ་སོགས་ཀྱི་དོན་དུ་བསྔོ་བནི་ལོག་པའི་བསྔོ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སར་བསྔོ་བ་ནིདམན་པའི་བསྔོ་བ་ཡིན་པས། དེ་དག་གི་བློ་སྤངས་ནས་རྣམ་པ་ཐམས་ཅད་མཁྱེན་པ་སངསརྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱ་སྟེ། ཉི་ཁྲི་ལས། དགེ་བའི་རྩ་བ་དེ་ཡང་རྣམ་པ་ཐམས་ཅདམཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོརམི་འཇུག་གོ །ཞེས་དང་། སློབ་དཔོན་རྟ་དབྱངས་ཀྱིས། དགེ་བའི་རྩ་བ་བསྒྲུབས་པ་དེ་དགཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་དངརྣམ་ཕྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུར་བསྔོའོ། །ཞེས་གསུངས་ཤིང་། སངསརྒྱས་ཀྱི་སར་བསྔོས་པ་ནི། འབྲས་ལོ་ལེགས་ན་རྩ་ཕུབ་ཞོར་ལ་འབྱུང་བ་ལྟར་ཚེ་རིང་བ་ནདམེད་པ། རིགས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་གནས་སྐབས་ཀྱི་བདེ་འབྲསཐམས་ཅད་ཤུགས་ལས་འབྱུང་བར་ཡིན་པར་གདའ། ཆེད་དུ་བྱ་བ་ནི། རང་གཅིག་པུའམ། རང་ཉིད་ཀྱི་ཉེ་འབྲེལ་འགའ་ཞིག་གི་ཆེད་དུ་བསྔོས་ན་དགེ་བའི་ཡོ་ལང་ཆེན་པོ་ཞིག་བསགས་

p. 409

ཀྱང་དོན་ཆུང་ངུར་བཏང་བས་ཆུད་ཟོས་པར་འགྱུར་ལ། མཐའ་ཡས་པའི་སེམས་ཅན་གྱིདོན་དུ་བསྔོས་ན་ནི། དགེ་བ་ཆུང་ངུ་ཞིག་ཀྱང་ཆེན་པོར་འགྱུར་ཏེ། སེམས་ཅན་ཚད་མེད་པལ་དམིགས་པའི་བསོད་ནམས་ཀྱང་ཚད་མེད་པ་འབྱུང་བའི་ཕྱིར་རོ། །དེ་སྐད་དུ་རིན་ཆེནཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་དེ། །ཕན་ཐོགས་དེ་ནི་དེ་འདྲའོ། །ཞེས་དང་། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མིབྱ། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངསཤིང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བ་ནི་འབྲས་བུ་བྱུང་ནས་ཀྱང་མི་འཛད་པརདཔག་བསམ་གྱི་ལྗོན་ཤིང་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མིཟད་འཕེལ་བར་བྱེད། །ཅེས་གསུངས། ཚུལ་ལམ་རྣམ་པ་ནི། དོན་དམ་པར་བསྔོ་བྱ་བསྔོབྱེད་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་དམིགས་སུ་མེདཅིང་། ཀུན་རྫོབ་བདེན་པའི་སྣང་ངོར་དགེ་བའི་རྩ་བ་རྒྱ་ཆེན་པོ་འདི་ལ་བརྟེན་ནས་སེམསཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་སྙམ་པའི་འདུན་པདང་ལྡན་པས་ཐབས་ཤེས་ཟུང་འཇུག་གི་ཚུལ་གྱིས་བསྔོ་སྟེ། ཡུམ་ལས། རབ་འབྱོར་དམིགསཔ་དང་བཅས་པའི་འདུ་ཤེས་ཅན་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པའང་དཀའ་ན་བླ་ནམེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། སྡུད་པ་ལས། ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། ཞེས་གསུངས་པས། བདེན་མེད་སྒྱུ་མ་ལྟབུར་ཤེས་པའི་ཚུལ་གྱིས་བསྔོའོ། །བསྔོ་བའི་དཔང་པོ་ནི། སྤྱོད་འཇུག་ལས། སངས་རྒྱསབྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་ལྡན་པ། །དེ་དག་ཀུན་གྱི་སྤྱནསྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །ཞེས་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ནི་ཀུན་ཏུ་མི་བསྒྲིབ་པའི་ཡེ་ཤེས་ཀྱི་སྤྱན་མངའ་བས་རང་རེ་རྣམས་ཀྱི་སྒོ་གསུམ་གྱི་བྱ་སྤྱོད་ཐམསཅད་གཟིགས་པར་འགྱུར་ནའང་། རང་བློས་ཀྱང་བསམ་པའི་ཡུལ་དུ་སངས་རྒྱས་དང་བྱང་

p. 410

ཆུབ་སེམས་དཔའ་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་ལྟ་བུར་བྱོནནས་ཇི་སྙེད་བསྔོས་པ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་པར་མོས་ལ། ཁྱད་པར་ཚུལཁྲིམས་རྣམ་པར་དག་པའི་ཕན་ཡོན་འཆད་པའི་སྐབས་སུ། ཇི་ལྟར་སྨོན་པ་དེ་བཞིན་འགྲུབཔ་དང་། །ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ལྡན་པས་སྨོན་ལམ་བཏབ་ཅིང་བདེན་སྟོབསབརྗོད་པས་འགྲུབ་པར་གསུངས་གདའ་བས་འདུས་པའི་ཚོགས་རྣམས་ཀྱིས་ཀྱང་ཐུགས་འདུནརྣམ་པར་དག་པའི་སྒོ་ནས་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོགས་པ་ཞུ། ཞེས་བསྔོ་བའི་ཡོནབཤད་ལོང་སྐབས་དང་སྦྱར་ནས་ལུང་འདྲེན་སོགས་ཡུལ་དུས་དང་འཚམས་པར་འབྱིན་འཇུག་ཤེས་པའི་སྒོ་ནས་བརྗོད་པ་སྔོནདུ་བཏང་སྟེ། བསྔོ་བ་དངོས་ལ་ཐོག་མར་གོང་ས་ཡས་ཕྱིན་ལྟ་བུའི་སྐུ་རིམ་གྱི་ཆེད་དུ་བསྔོ་བར་བྱེད་ན་འདི་ལྟར། ཕྱོགསབཅུའི་ཞིང་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབསེམས་དཔའ་ཐམས་ཅད་དེང་འདིར་དགོངས་སུ་གསོལ། འདི་ལྟར་བསྒྲུབས་པའི་དགེ་བའིརྩ་བས་མཚོན་རྟེན་དུ་བྱས་ཏེ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་དགེ་བའི་རྩ་བདུས་གསུམ་དང་འབྲེལ་བ་ཇི་སྙེད་ཅིག་ཡོད་པའི་མཐུ་དང་ནུས་པ་ལ་བརྟེན་ཏེ། ཕན་པ་དངབདེ་བ་མ་ལུས་པ་འབྱུང་བའི་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམསཅད་ནས་ཕྱོགས་དུས་ཀུན་ཏུ་དར་ཤིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བསྟནཔའི་རྩ་ལག་སྐྱེས་བུ་དམ་པ་སྤྱི་དང་། ཁྱད་པར་དུའང་ཁམས་གསུམ་གྱི་བླ་མ། སྲིད་པ་གསུམགྱི་འདྲེན་མཆོག འགྲོ་བ་ལྷ་དང་མི་ཐམས་ཅད་ཀྱི་མགོན་སྐྱབས་དང་གཙུག་རྒྱན་དམ་པརགྱུར་པ་ཐམས་ཅད་མཁྱེན་པ་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཕྱག་ན་པདྨ་ངུར་སྨྲིག་གར་གྱིརྣམ་པར་རོལ་པ་རྒྱལ་མཆོག་ངག་དབང་བློ་བཟང་རྒྱ་མཚོ་ཞེས་སྙན་གྲགས་ཀྱི་བ་དན་དཀརཔོ་སྲིད་རྩེར་བསྒྲེངས་བ་གང་གི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རྣམ་པར་དཀརབའི་མཛད་པ་དང་འཕྲིན་ལས་ཡར་ངོའ་ཟླ་བ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པརགྱུར་ཅིག དེ་ཉིད་ཀྱི་འཕྲིན་ལས་ཀྱི་འཁོར་ལོ་སྒྱུར་བ་མི་རྗེ་ཚངས་པ་ཤེས་བྱ་ཀུན་གཟིགསའཇམ་མགོན་སངས་རྒྱས་རྒྱ་མཚོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཉིད་ཀྱི་ཞབས་

p. 411

ཟུང་རྡོ་རྗེའི་ཁམས་ལྟར་བརྟན་ཅིང་ཆབ་སྲིད་དང་དབང་ཕྱུག་མངའ་ཐང་སྙན་གྲགས་མཐུ་སྟོབས་དང་གཟི་བརྗིད་ཐམས་ཅད་དབྱར་གྱི་ཆུ་བོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིངརྒྱས་པར་གྱུར་ཅིག རྒྱལ་བ་ཡབ་སྲས་ཉི་ཟླ་ཟུང་འབྲེལ་གྱི་ཐུགས་རྗེའི་གཟི་བྱིན་ལ་བརྟེནཏེ་ཡངས་པའི་རྒྱལ་ཁམས་སྤྱི་དང་། ཁྱད་པར་སྤུར་རྒྱལ་བོད་ཀྱི་ལྗོངས་འདིར་ནད་མཚོནམུ་གེ་སོགས་མི་མཐུན་པའི་རྒུད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག མཐུན་པའི་རྐྱེནདུ་གྱུར་པ་ཚེ་དང་བསོད་ནམས་འབྱོར་པ་ལ་སོགས་ཏེ། བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོདཅིང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག བླ་མ་སྐུཁམས་བཟང་བ་སོགས་དང་། ཕན་བདེ་འབྱུང་བའི་གནས་གཅིག་པུ་སོགས་དང་། འཇིག་རྟེན་བདེཞིང་ལོ་ལེགས་དང་སོགས་བརྗོད། ༈ ཡང་བླ་མ་ཞི་བར་གཤེགས་པ་ལྟ་བུར་མཆོད་བསྔོ་འབུལ་ན། དགོངས་གསོལསོགས་འདྲ་བ་ལས། དུས་གསུམ་དང་འབྲེལ་བ་ཇི་སྙེད་ཡོད་པ་དག་ཐམས་ཅད་གཅིག་ཏུ་བསྡུསནས་མཆོད་པའི་སྤྲིན་གྱི་ཕུང་པོ་མཐའ་ཡས་པར་སྤྲུལ་ཏེ་བླ་མ་དམ་པ་ཞི་བར་གཤེགས་པའདི་ཞེས་བྱ་བས་ཐོག་དྲངས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབུལ་བརབགྱིའོ། །དེ་ལྟར་ཕུལ་བ་ལ་བརྟེན་ནས་རྗེ་བཙུན་དམ་པ་དེ་དག་གི་ཟག་པ་མེད་པའི་ཐུགསཀྱི་དགོངས་པ་ཁྱད་པར་ཅན་ཡོངས་སུ་རྫོགས་པར་གྱུར་ཅིག །ས་དང་ལམ་གྱི་འགལ་རྐྱེནབར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །ལུང་རྟོགས་ཀྱི་ཡོནཏན་ཐམས་ཅད་ཡར་ངོའ་ཟླ་བ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག ། དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་ཇི་ལྟར་བརྙེས་པའི་ཡོནཏན་དང་འཕྲིན་ལས་རླབས་པོ་ཆ ེས་འཁོར་བ་མཐའ་ཅན་དུ་མཛད་དེ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པརགྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སོགས། སེམས་ཅན་ཐམས་ཅད་བདེ་དང་ལྡནགྱུར་ཅིག་སོགས་བརྗོད། སྐྱེ་བོ་ཐ་མལ་པའི་དོན་དུ་གསོན་བསྔོ་བྱེད་ན། ཕྱོགས་བཅུ་ན་བཞུགས་པའི་སངསརྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྦྱིན་པའི་བདག་པོ་ཚེ་དང་ལྡན་པ་མིང་འདི་ཞེས་

p. 412

བྱ་བས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། སྦྱིན་པའི་བདག་པོས་འདི་ལྟར་བསྒྲུབས་པའི་དགེ་བའི་རྩ་བས་མཚོན་ཏེ་དུས་གསུམ་དངརྗེས་སུ་འབྲེལ་བའི་དགེ་རྩ་ཐམས་ཅད་བདག་གཞན་འཁོར་འདས་ལམ་གསུམ་གྱིས་བསྡུསཔའི་དགེ་རྩ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་སྦྱིན་པོས་ཐོག་དྲངསནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའིསངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་སྐྱེ་བནས་ཚེ་རབས་ཐམས་ཅད་དུ་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚངབའི་མི་ལུས་རིན་པོ་ཆེ་ཐོབ་པར་གྱུར་ཅིག །བླ་མ་དམ་པ་དགེ་བའི་བཤེས་གཉེན་ཁྱད་པརཅན་གྱིས་རྗེས་སུ་འཛིན་པར་གྱུར་ཅིག །རྒྱལ་བའི་བསྟན་པ་ལ་ཞུགས་ཏེ་ཐོས་བསམ་སྒོམགསུམ་གྱི་བྱ་བ་མཐར་ཕྱིན་པར་བསྒྲུབས་ནས་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགསཔར་གྱུར་ཅིག །ཁྱད་པར་དུའང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་གནས་སྐབསསུ་ནད་གདོན་བགེགས་དང་བར་དུ་གཅོད་པ་སོགས་ཕྱི་ནང་གི་འགལ་རྐྱེན་མི་མཐུན་པའིཕྱོགས་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག མཐུན་པའི་རྐྱེན་དུ་གྱུར་པ་ཚེ་རིང་བ་དང་ནདམེད་པ་འཁོར་དང་ལོངས་སྤྱོད། དཔལ་དང་འབྱོར་པ་མངའ་ཐང་དང་སྙན་གྲགས་སོགསདགེ་ལེགས་ཕུན་སུམ་ཚོགས་པ་ཐམས་ཅད་དབྱར་གྱི་ཆུ་བོ་བཞིན་དུ་གོང་ནས་གོང་དུ་འཕེལཞིང་རྒྱས་པར་གྱུར་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེདང་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདག་གིས་བསམ་པ་རྣམ་པར་དག་པའིམཐུས་སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་གྱི་འདི་ཕྱིར་ཕན་པ་དང་བདེ་བའི་དོནཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །བསོད་ནམས་སྟོབས་ཆེན་སོགས་དང་། འགྲོཀུན་དགེ་རྩ་ཇི་སྙེད་སོགས་དང་། དགེ་བ་འདི་ཡིས་སྐྱེ་བོ་ཀུན་སོགས། ༈ གཤིན་པོའི་དོན་བསྔོ་བ་བྱེད་ན། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མརབཅས་པ་ཚེ་ལས་འདས་པ་མིང་འདི་ཞེས་བྱ་བས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་

p. 413

ཅན་ཐམས་ཅད་ལ་དགོངས་སུ་གསོལ། ཚེ་ལས་འདས་པ་འདིས་ཚེ་འཁོར་བ་ཐོག་མ་མེདཔ་ནས་བསགས་པའི་དགེ་བ་དང་ཤུལ་མི་རྣམས་ཀྱིས་དགེ་བའི་སྟོངས་རྒྱ་ཆེན་པོ་སྒྲུབ་པརྣམས་དང་། བྱེ་བྲག་དེ་རིང་གི་གནས་སྐབས་སུ་ཡུལ་དམ་པ་ལ་མཆོད་ཅིང་མགོན་མེད་པརྣམས་ལ་སྦྱིན་པ་བཏང་བ་སོགས་དགེ་བའི་རྩ་བ་ཇི་སྙེད་ཅིག་མཆིས་པ་དེ་ཐམས་ཅད་གཅིགཏུ་བསྡུས་པའི་མཐུ་ལ་བརྟེན་ཏེ། ཚེ་ལས་འདས་ཤིང་ལུས་བ རྗེས་པ་འདིས་ཐོག་དྲངས་ནམམཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ས་བཅུ་དང་ལམ་ལྔ་སྐད་ཅིག་ལ་བགྲོད་དེཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆ ེ་མྱུར་དུ་ཐོབ་པར་གྱུར་ཅིག །དེ་མཐོབ་ཀྱི་བར་དུའང་ལས་ཀྱི་སྟོབས་ཀྱིས་རིགས་དྲུག་གི་སྲིད་པ་གང་དང་གང་དུ་སྐྱེས་སམ། སྐྱེའམ་སྐྱེ་བར་འགྱུར་ན་བསོད་ནམས་ཀྱི་མཐུ་འདི་དག་རྗེས་སུ་འབྲང་ཞིང་ཕྱི་བཞིན་དུ་འཇུགཔར་གྱུར་ཅིག །རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་ལས་ཐར་ཏེ་མཐོ་རིས་དང་ཐར་པའི་བདེ་བ་ཐོབ་པར་གྱུར་ཅིག །སྐྱེ་བ་ནས་ཚེ་རབས་ཀུན་ཏུ་རྙེད་པར་དཀའ་བའི་རྟེན་ཕུན་སུམཚོགས་པ་དམ་པའི་ཆོས་རྣམས་ལ་ཐོས་བསམ་སྒོམ་པ་ལྷུར་ལེན་པ་དང་མི་འབྲལ་བར་གྱུརཅིག །གྲོགས་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོའི་བསྟན་པ་ལ་ཞུགས་པའི་སྐྱེས་བུ་དམཔ་རྣམས་དང་བྱང་ཆེན་གྱི་སྤྱོད་པ་ལྷན་ཅིག་ཏུ་སྤྱོད་པ་དང་མི་འབྲལ་བར་གྱུར་ཅིག །ལྟ་བཕུན་སུམ་ཚོགས་པ་སྲིད་ཞི་མཉམ་ཉིད་དུ་རྟོགས་པ་དང་མི་འབྲལ་བར་གྱུར་ཅིག །སྒོམ་པཕུན་སུམ་ཚོགས་པ་གང་ཤར་གྱི་ངོ་བོ་ལ་བསལ་བཞག་མེད་པར་སྐྱོང་བའི་དག་སྣང་ལ་མཉམཔར་འཇོག་པ་དང་མི་འབྲལ་བར་གྱུར་ཅིག །སྤྱོད་པ་ཕུན་སུམ་ཚོགས་པ་སྒྱུ་མ་ལྟ་བུའི་ཤེསརབ་ཀྱིས་ཟིན་པའི་སྒོ་ནས་ཆོས་སྤྱོད་བཅུའི་བྱ་བ་ལ་བར་མེད་དུ་སློབ་པ་དང་མི་འབྲལ་བརགྱུར་ཅིག །འབྲས་བུ་ཕུན་སུམ་ཚོགས་པ་སངས་རྒྱས་རང་སྣང་གི་སྐུ་གསུམ་མངོན་དུ་བརྙེསནས་གཞན་སྣང་གི་གཟུགས་སྐུ་གང་ལ་གང་འདུལ་དུ་སྣང་བས་འགྲོ་བ་ཐམས་ཅད་རྣམ་པརའདྲེན་པའི་དེད་དཔོན་དམ་པར་གྱུར་ཅིག །ངན་སོང་སྡུག་བསྔལ་མི་མྱོང་ཞིང་སོགས་དང་། པདྨའདམ་གྱིས་མ་གོས་སོགས་དང་། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་བརྗོད་པར་བྱའོ། །ཞེས་བསྔོ་

p. 414

བའི་ཡོན་བཤད་དང་བསྔོ་བ་ལེ་ཚན་མདོར་བསྡུས་ཏེ་བརྗོད་པ་འདི་ཡང་བསམ་དགོན་དཔོན་སློབ་རིན་པོ་ཆེའི་གསུང་གིས་བསྐུལབའི་ངོར་སྨྱོས་བཙུན་དྷརྨ་ཤྲཱིས་སྦྱར་བའི་ཡི་གེ་པ་ནི་ཨ་ནནྟ་མ་ཏིས་བགྱིས་པའོ། །སརྦ་མངྒ་ལཾ།། །།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་ཆུང་འཕགསམཆོག་རྣམས་ཀྱི་རྣམ་པར་ཐར་པ་མཐའ་ཡས་ལ་འཇུག་པའི་སྒོ། ལོ་ཆེན་དྷརྨ་ཤྲཱི།

p. 415

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་ཆུང་འཕགསམཆོག་རྣམས་ཀྱི་རྣམ་པར་ཐར་པ་མཐའ་ཡས་ལ་འཇུག་པའི་སྒོ་ཞེས་བྱ་བ། ལོ་ཆེན་དྷརྨ་ཤྲཱི།

p. 416

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་ཆུང་འཕགསམཆོག་རྣམས་ཀྱི་རྣམ་པར་ཐར་པ་མཐའ་ཡས་ལ་འཇུག་པའི་སྒོ་ཞེས་བྱ་བ། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཀུནཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོ་ལས་འཁྲུངས་པའི། །རྫོགས་སངསརྒྱས་ཀུན་ལ་བཏུད་དེ། །གང་གི་ཞིང་དང་རྣམ་ཐར་ལ། །འཇུག་པའི་སྒོ་བརྒྱ་དབྱེ་བར་བྱ། །དེ་ལ་འདིར་སངས་རྒྱས་ཕལ་བོ་ཆེའི་ནང་ན་སྡོང་པོ་བཀོད་པའི་མདོ་ཞེས་བྱ་བ་བྱང་ཆུབ་སེམསདཔའི་སྤྱོད་པ་རབ་འབྱམས་སྟོན་པ་ཞིག་བཞུགས་པའི་མཇུག་གི་ཆ་ལས་བཀོལ་བ་སྨོན་ལམགྱི་མདོ་འདི་ཉིད་སུ་ཞིག་གིས་བཏབ་ཅེ་ན། སྔོན་གཞོན་ནུ་ནོར་བཟང་གིས་འཕགས་པ་འཇམདཔལ་ནས་བྱམས་པའི་བར་གྱི་དགེ་བའི་བཤེས་གཉེན་མང་པོ་བསྟེན་པའི་མཐར། འཇམདཔལ་གྱི་བྱིན་རླབས་ཀྱི་མཐུས་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡངས་པ་བརྙེས་ནས་ཀུན་ཏུ་བཟངཔོའི་སྤྱོད་པའི་དཀྱིལ་འཁོར་ལ་འཇུག་ནུས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུབཟང་པོ་ཉིད་དགེ་བའི་བཤེས་གཉེན་དུ་ཐོབ་པ་ན། དེས་རྣམ་པར་ཐར་པ་བསམ་གྱིས་མིཁྱབ་པའི་ཡེ་ཤེས་ཀྱི་རྣམ་འཕྲུལ་མཐའ་ཡས་བཀོད་པའི་སྤྲིན་ཆེན་པོ་ནས་གཞོན་ནུ་ནོརབཟང་ལ་གསུངས་པ་སྟེ། ཇི་སྐད་དུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོཀུན་ཏུ་བཟང་པོ་ནས་བསྐལ་པ་དང་བསྐལ་པར་འབྱམས་ཀླས་པ་དང་། འཇིག་རྟེན་གྱི་ཁམསགཅིག་ནས་གཅིག་ཏུ་བརྒྱུད་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་རྡུལ་ཕྲ་མོ་སྙེདཔ་དག་བསྣན་ཏེ་མངོན་པར་བརྗོད་པའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨོན་ལམབཏབ་པ། ཇི་སྙེད་སུ་དག་ཅེས་སོགས་འབྱུང་བ་ཡིན་ནོ། །

p. 417

འདི་འཆད་པ་ལ་གསུམ་སྟེ། ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ལ། མཚན་དོན་དང་། འགྱུར་ཕྱག་གཉིས་ལས། དང་པོ་ནི་རྒྱ་གར་ན་སྐད་རིགས་བཞི་ཡོད་པལས་སཾ་སྐྲྀ་ཏའི་སྐད་དུ། འདིའི་མཚན་ལ། ཨཱ་བྷ་དྲ་ཙ་པྲ་ནི་དྷཱ་ན་རཱ་ཛ། ཞེས་པ་བོདསྐད་དུ་བསྒྱུར་ན། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། ཞེས་པ་སྟེ། འཕགསཔ་ཀུན་ཏུ་བཟང་པོས་གསུངས་པས་སམ། དེའི་སྤྱོད་པ་རྣམས་སྨོན་ལམ་དུ་འདེབས་པའིཕྱིར། ཡང་ན་བཟང་པོ་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་བྱང་ཆུབ་སེམས་དཔའི་སྤྱོདཔ་སྟེ། དེ་ཐམས་ཅད་ཡོངས་སུ་འདུས་པའི་སྨོན་ལམ་གྱི་མདོ་ཆེན་པོ་ཡིན་པས་ན་རྒྱལ་པོའོ། །གཉིས་པ་ནི། ལོ་ཙཱ་བས་འགྱུར་ཕྱག་མཛད་པའི་སྔ་ལོགས་སུ་རང་གི་འདོད་པའི་ལྷ་འཕགསཔ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་བཀོད་པའོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། སྔོན་འགྲོ་ཡན་ལག་བདུན་པས་རྒྱུད་དག་པརབྱ་བ། དངོས་གཞི་སྨོན་ལམ་གྱི་རབ་དབྱེ་རྒྱས་པར་བཤད་པ། རྗེས་ཕན་ཡོན་བསྟན་པས མཇུག་བསྡུ་བའོ། །དང་པོ་ལ་བདུན་ཏེ། ༡ཕྱག་༢མཆོད་༣བཤགས་དང་༤ཡི་རང་བ། །༥ ཆོསསྟོན་བསྐུལ་དང་༦བཞུགས་གསོལ་༧བསྔོ། །དང་པོ་ཕྱག་འཚལ་བའི་ཡན་ལག་ལ་བསྟནབཤད་གཉིས་ལས། མདོར་བསྟན་ནི་ཕྱག་བགྱིའོ། །གང་ལ་ན་ཕྱོགས་བཅུའི་འཇིག་རྟེནགྱི་ཁམས་ཇི་སྙེད་པ་སྟེ་བགྲངས་པ་ལས་འདས་པ་ན། སྔར་བྱོན་ཟིན། ད་ལྟར་བཞུགསཔ། སླད་ནས་འབྱོན་འགྱུར་ཏེ་དུས་གསུམ་དུ་གཤེགས་པའི་སངས་རྒྱས། འགྲོ་བ་ཐམསཅད་ཟིལ་གྱིས་གནོན་ཅིང་བག་ཚ་བ་དང་བྲལ་བས་མི་ཡི་སེང་གེ་གང་སུ་དག་སྟེ། ཚད་མེདཔ་བཞུགས་པ་ཀུན་ལྷག་མ་ཅུང་ཟད་ཀྱང་མ་ལུས་པ་དེ་དག་ཐམས་ཅད་ལའོ། །གང་གིསན་བདག་གིས་སོ། །ཇི་ལྟར་ན་ལུས་ངག་ཡིད་རབ་ཏུ་དང་བ་སྟེ་དད་པ་ཆེན་པོས་སོ། །རྒྱསབཤད་ལ་གསུམ་ལས། ལུས་ཀྱིས་ཕྱག་འཚལ་བ་ནི། རབ་ཏུ་གུས་པས་ཕྱག་འཚལ་ལོ། །གང་ལ་ན་སྡིག་པ་མི་དགེ་བའི་ཆོས་ལས་རྒྱལ་བ་སངས་རྒྱས་ཀུན་ལའོ། །ཇི་ལྟར་ན། བཟངཔོ་སྤྱོད་པའི་སྨོན་ལམ་སྟེ། བྱང་ཆེན་གྱི་སྤྱོད་པ་ལ་འདུན་པའི་སྟོབས་དག་གིས་སངས་རྒྱས་

p. 418

ཐམས་ཅད་མངོན་དུ་མཐོང་ངམ་མ་མཐོང་ཡང་ཡིད་ཀྱིས་མངོན་སུམ་དུ་དམིགས་ཏེ། དེདག་རེ་རེའི་དྲུང་དུ་རང་ལུས་ཕྱོགས་བཅུའི་ཞིང་གི་རྡུལ་ཇི་སྙེད་པ་དེ་སྙེད་དུ་སྤྲུལ་པའི་ལུསཐམས་ཅད་ཀྱིས་རབ་ཏུ་བཏུད་པ་ཡིས་སོ། །ཡིད་ཀྱི་ཕྱག་ནི། རྡུལ་ཕྲ་རབ་གཅིག་གི་སྟེངནའང་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་རྣམས་སངས་རྒྱས་རངརང་གི་སྲས་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བའི་དབུས་ན་དོགས་པ་མེད་པརབཞུགས་པ་དེ་དག་ཇི་ལྟ་བ་དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པའི་ཡུལ་རྣམས་མ་ལུས་པཐམས་ཅད་རྒྱལ་བ་སྲས་དང་བཅས་པ་དག་གིས་ཡོངས་སུ་གང་བར་མོས་ཏེ་ཡིད་ཀྱིས་དདཔ་རབ་ཏུབརྟན་པོས་འདུད་དོ། །ངག་གི་ཕྱག་ནི། བདག་གིས་བསྟོད་དོ། །གང་ལ་ན་བདེབར་གཤེགས་པ་ཐམས་ཅད་ལའོ། །ཇི་ལྟར་ན། བདེ་བར་གཤེགས་པ་དེ་དག་གི་བསྔགསཔ་ཡོན་ཏན་མི་ཟད་པ་རྒྱ་མཚོ་ལྟ་བུ་རྣམས་ངག་གི་འདུ་བྱེད་དབྱངས་ཀྱིི་ཡན་ལག་རྒྱ་མཚོལྟར་མཐའ་ཡས་པའི་སྒྲ་སྐད་ཀུན་གྱིས་རྒྱལ་བ་མ་ལུས་པ་ཀུན་གྱི་ཡོན་ཏན་རབ་ཏུ་བརྗོདཔའི་སྒོ་ནས་སོ། །གཉིས་པ་མཆོད་པའི་ཡན་ལག་ལ་གཉིས་ཏེ། བླ་ན་ཡོད་པ་དང་མེད་པའོ། །དང་པོནི། གང་མངོན་སུམ་དུ་བཞུགས་པ་ལ་ཡིད་ཀྱི་དམིགས་པའི་རྒྱལ་བ་དེ་དག་ལ་ནི་མཆོདཔར་བགྱིའོ། །གང་གིས་ན། རྣམ་པར་བཀྲ་བའི་མེ་ཏོག་དང་། རིན་པོ་ཆེ་སོགས་ཀྱི་ཕྲེང་བ་དང་། འབུད་དཀྲོལ་བརྡུང་བྱ་སོགས་སིལ་འཁྲོལ་སྙན་པའི་སྒྲ་རྣམས་དང་། དྲི་ཞིམ་པའིབྱུག་པ་དང་། ཚ་གདུང་སྐྱོབ་བྱེད་རིན་པོ་ཆེའི་གདུགས་དང་རིན་པོ་ཆེའི་འོད་སོགས་མརམེ་དང་། ལྷན་སྐྱེས་དང་སྦྱར་བ་ལས་བྱུང་བའི་བདུག་སྤོས་ལ་སོགས་པ་རྣམས་དང་། གཞནཡང་སྲབ་འཇམ་མཉེན་པའི་ན་བཟའ་རྣམས་དང་། དྲི་ཞིམ་གྱི་ཆག་དར་དང་བྱུག་རྫས་དྲིབཟང་གི་ཕྱེ་མ་ཐུམ་པོར་བྱས་པ་ཕུང་པོར་སྤུངས་པ་རི་རབ་དང་མཉམ་པ་དང་། དེ་དགཐམས་ཅད་ཀྱང་རྒྱུ་བཟང་བ། དབྱིབས་དོད་ཅིང་ཁ་དོག་གསལ་བས་མཛེས་པ་སོགས་བཀོདཔས་ཁྱད་པར་དུ་འཕགས་པ་ཀུན་དངོས་བཤམས་ཡིད་སྤྲུལ་གྱི་ཚུལ་གྱིས་སོ། །དེ་ལྟར་བཟང་

p. 419

ཞིང་བཀོད་ལེགས་པས་ན་དམ་པ་དང་མཆོག་ཅེས་སྒྲ་སྦྱོར་བར་འདི་ན་བི་ཀྲ་མ་ཤཱི་ལའི་པཎྜིཏ་མངྒ་ལ་ཤྲཱི་ཛྙཱ་ནའི་ཕྱག་བྲིས་ཀྱི་རྒྱ་དཔེར། སྡེབ་སྦྱོར་འཇོ་བ་པོ། རཏྣ་པ་ར་བྷི་ཙ་ཧཱ་ར་བར་བྷིཿ དི་བྱ་བི་ཙི་ཏྲ་བེ་ཏཱ་ན་བ་ར་བྷིཿ སརྦ་དྷ་ཛཱ་གྲ་པ་ཏཱ་ག་པ་ར་བྷིཿ པཱུ་ཛ་ན་ཏེ་ཥོ་ཛི་ནཱན་ཀ་རོ་མེཿ ཞེས་སྣང་བ་ཞ་ལུ་ལོ་ཆེན་གྱིས་རིན་ཆེན་མཆོག་དང་དོ་ཤལ་མཆོག་རྣམསདང་། །རྣམ་བཀྲ་ལྷ་རྫས་བླ་རེ་མཆོག་རྣམས་དང་། །འདིར་སྐད་དོད་ལ་དྷ་ཛ་ཞེས་དགོས་ནའང་སྡེབསྦྱོར་མ་འགྲིགས་ཤིང་། མ་དཔེ་གཅིག་ན་དྷ་ཇ་ཞེས་ཟེར་བ་སྡེབ་སྦྱོར་མ་འགྲིགས་ཀྱང་བརྟག་པར་བྱའོ། །རྒྱལ་མཚནམཆོག་དང་བ་དན་མཆོག་ཀུན་གྱི། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །ཞེས་བསྒྱུརབ་སྣང་ཡང་རྒྱ་འགྲེལ་དང་བོད་དཔེ་རྙིང་པ་ཀུན་ན་མེད་དོ། །བླ་ན་མེད་པའི་མཆོད་པ་ནི། མཐུ་ཐོབ་པའི་འཕགས་ཆེན་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྤྲུལ་པའི་མཆོད་པ་གང་ཇི་སྙེད་པདེ་རྣམས་ཀྱི་གོང་ན་ལྷ་མིའི་མཆོད་རྫས་གཞན་མེད་པས་བླ་ན་མེད་པ་སྟེ། ཕྱོགས་དུས་ཀུནའགེངས་པས་རྒྱ་ཆེ་བ་དེ་དག་གིས་རྒྱལ་བ་ཐམས་ཅད་ལ་ཡང་ལྷག་པར་མོས་པའི་དད་པདང་། བཟང་པོ་སྤྱོད་པ་ལ་ཕན་ཡོན་མཐའ་ཡས་པ་ཡོད་པར་ཡིད་ཆེས་པའི་དད་པའི་སྟོབསདག་གིས་ཀུན་ནས་བསླངས་ཏེ། ཡུལ་རྒྱལ་བ་སྲས་བཅས་ཀུན་ལ་ཚུལ་དེས་ཕྱག་འཚལཞིང་མཆོད་པར་བགྱིའོ། །གསུམ་པ་ཉེས་པ་བཤགས་པའི་ཡན་ལག་ནི། རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམགྱིས་ཀུན་ནས་བསླངས་པའི་དབང་གིས་ན་ལས་སྲོག་གཅོད་པ་སོགས་ལུས་དང་། རྫུནསོགས་ངག་དང་། དེ་བཞིན་དུ་གནོད་སེམས་སོགས་ཡིད་ཀྱིས་ཀྱང་སྟེ། སྒོ་གསུམ་གྱིསབྱས་སམ་བྱེད་དུ་བཅུག་གམ། བྱས་པ་ལ་ཡི་རང་བའི་སྡིག་པ་གང་། བྱེད་པ་པོ་བདག་གིསབགྱིས་པ་ཅི་མཆིས་པ་དེ་དག་ཐམས་ཅད་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གིསའགྱོད་སྡོམ་གྱི་བསམ་པ་དྲག་པོས་ཆོ་ག་བཞིན་དུ་སོ་སོར་བཤགས་པར་བགྱིའོ། །བཞི་པ་བསོད་ནམས་ལ་ཡི་རང་བའི་ཡན་ལག་ནི། ཕྱོགས་བཅུ་ན་བཞུགས་པའི་རྒྱལབ་སངས་རྒྱས་ཀུན་དང་། སངས་རྒྱས་ཀྱི་ཐུགས་ཀྱི་སྲས་བྱང་སེམས་རྣམས་དང་། གསུང་

p. 420

གི་སྲས་ཉན་ཐོས་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་སྟེ་སློབ་པ་དང་། མི་སློབ་པ་དགྲ་བཅོམཔ་དང་། དགེ་བའི་ཕྱོགས་སུ་སློབ་པ་རང་རྒྱལ་རྣམས་དང་། སོ་སོའ་སྐྱེ་བོའ་འགྲོ་བ་མ་ལུསཔ་ཀུན་གྱི་བསོད་ནམས་ཏེ། དགེ་བ་ཅི་དང་ཅི་བགྱིས་པ་གང་ལའང་རབ་ཏུ་དགའ་བའི་ཡིདཀྱིས་བསོད་ནམས་དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་བར་བགྱིའོ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། གང་ཕྱོགས་བཅུའི་འཇིགརྟེན་གྱི་ཁམས་རྣམས་ན་མ་རིག་པའི་མུན་པར་འཁྱམས་པའི་སེམས་ཅན་རྣམས་ལ་ལམ་སྟོནཔས་འཇིག་རྟེན་གྱི་སྒྲོན་མར་གྱུར་པའི་དེ་བཞིན་གཤེགས་པ་གང་དག་བྱང་ཆུབ་སྒྲུབ་པའིས་ལམ་གྱི་རིམ་པ་མ་ལུས་པ་བགྲོད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕངམངོན་པར་མཛད་པས། ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་བླ་ན་མེདཔ་བརྙེས་པའི་མགོན་པོ་དེ་དག་ཐམས་ཅད་ལ་བདག་གིས་དམ་པའི་ཆོས་ཀྱི་འཁོར་ལོ་བླན་མེད་པར་བསྐོར་བར་མཛོད་ཅིག་ཅེས་བསྐུལ་ལོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བའི་ཡན་ལག་ནི། མྱ་ངན་ལས་འདའ་བསའདུལ་བའི་འགྲོ་བ་རྣམས་ལ་དེ་བཞིན་གཤེགས་པ་གང་ཡོངས་སུ་མྱ་ངན་ལས་འདའ་བའིཚུལ་སྟོན་པར་བཞེད་པ་དེ་དག་ལ། དགོས་པ་འགྲོ་བ་ཀུན་ལ་གནས་སྐབས་སུ་ཕན་ཞིངམཐར་ཐུག་གི་བདེ་བ་འབྱུང་བའི་ཕྱིར། དུས་བསྐལ་པ་ཆེན་པོ་སངས་རྒྱས་ཀྱི་ཞིང་མ་ལུསཔ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པ་བཞུགས་པར་ཡངབདག་གིས་ཐལ་མོ་རབ་ཏུ་སྦྱར་ཏེ་གསོལ་བ་འདེབས་པར་བགྱིའོ། །བདུན་པ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའི་ཡན་ལག་ནི། གང་བསྔོ་ན་ཡུལ་མཆོགལ་ཕྱག་འཚལ་བ་དང་། མཆོད་པ་གཉིས་ཀྱིས་མཆོད་ཅིང་། སྟོབས་བཞིའི་སྒོ་ནས་རངརྒྱུད་ཀྱི་ཉེས་བྱས་བཤགས་པ་དང་། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོསའཁོར་བསྐོར་བར་བསྐུལ་ཞིང་། མྱ་ངན་ལས་མི་འདའ་བར་གསོལ་བ་ཡིས་ཐོབ་པའི་དགེབ་ཅུང་ཟད་བདག་གིས་གང་དང་ཅི་བསགས་པས་མཚོན་ཏེ། བདག་གཞན་དུས་གསུམ་གྱི་

p. 421

དགེ་ཚོགས་ཐམས་ཅད་དོ། །གང་དུ་བསྔོ་ན་སྲིད་པའི་བདེ་བ་དང་ཉན་རང་གི་བྱང་ཆུབ་ཙམགྱིས་ཆེད་དུ་མ་ཡིན་པར་རྫོགས་པའི་བྱང་ཆུབ་ཆེན་པོ་བླ་ན་མེད་པའི་སངས་རྒྱས་ཀྱི་ཕྱིརཏེ། ཇི་ལྟར་ན་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་ཅིང་བྱང་ཆུབ་ཀྱི་སེམསཀྱིས་འཕགས་པའི་ཐབས་མཁས་ཟུང་དུ་འབྲེལ་བའི་ཆོ་གས་བསྔོ་བར་བགྱིའོ། །གཉིས་པ་དངོས་གཞི་སྨོན་ལམ་གྱི་རབ་དབྱེ་རྒྱས་པར་བཤད་པ་ལ་གཉིས་ཏེ། དངོསདང་སྨོན་ལམ་གྱི་མཐའ་བརྟེན་པའོ། །དང་པོ་ལ་སྤྱི་དོན་བཅུ་དྲུག་སྟེ། བསམ་དག་བྱང་སེམསམི་བརྗེད་དང་། །མ་གོས་སྦྱོར་དང་ཕན་བདེ་དང་། །གོ་ཆ་དང་ནི་སྐལ་མཉམ་འགྲོགས། །བཤེས་བསྟེན་སངས་རྒྱས་མངོན་གྱུར་དང་། །དམ་ཆོས་འཛིན་དང་མཛོད་རྙེད་དང་། །འཇུགདང་སྟོབས་དང་སྒྲུབ་དང་ལས། །རྗེས་སློབ་ཀུན་གྱི་མཇུག་སྡུད་དོ། །སྤྱི་དོན་དང་པོ་བསམཔ་དག་པའི་སྒོ་ནས་སྨོན་པ་ལ་དོན་བཞི་ལས། དང་པོ་སངས་རྒྱས་ལ་མཆོད་པའི་བསམཔ་ནི། སྔར་བྱོན་ཟིན་འདས་པའི་སངས་རྒྱས་སུ་གྲགས་པ་རྣམས་དང་། ད་ལྟར་ཕྱོགས་བཅུའིའཇིག་རྟེན་གྱི་ཁམས་དག་ན་གང་སེམས་ཅན་གྱི་དོན་ལ་བཞུགས་པ་ཐམས་ཅད་ལ་མཆོདཔ་མཐའ་ཡས་པས་མཆོད་པར་གྱུར་ཅིག་པའོ། །གཉིས་པ་དགོངས་པ་ཡོངས་སུ་བསྐང་བནི། གང་ཡང་མ་བྱོན་པ་སྟེ། འོག་མིན་དུ་སངས་རྒྱས་ཟིན་ཀྱང་གདུལ་བྱའི་འཇིག་རྟེན་དུགང་འདུལ་གྱི་སྐུ་སྟོན་པའི་དུས་ལ་མ་བབས་པའམ། ས་བཅུ་རྒྱུན་མཐའ་ལ་བཞུགས་པའིསེམས་དཔའ་འཚང་རྒྱ་མ་རག་པ་དེ་དག་འབད་རྩོལ་མེད་བཞིན་དུ་རབ་ཏུ་མྱུར་བར་རངརང་གི་དགོངས་པའི་བསམ་པ་མ་རྫོགས་པ་སྟེ། གདུལ་བྱ་སྨིན་པའམ། ཚོགས་ལྷག་མརྫོགས་ནས་དུས་ལ་བབ་པས་དགའ་ལྡན་དུ་སྐྱེ་བ་སོགས་ནས་བྱང་ཆུབ་བརྙེས་པའི་བརགྱི་གོ་རིམ་ཚུལ་དང་མཐུན་པར་སྟོན་པའི་སྒོ་ནས་སངས་རྒྱས་པར་སྤྱོན་ཅིག་པ་སྟེ། རྒྱསཟིན་རྣམས་སྤྲུལ་སྐུར་སྟོན་ཅིང་སེམས་དཔའ་རྣམས་མྱུར་དུ་སངས་རྒྱས་བརྙེས་པར་གྱུརཅིག་པའོ། །གསུམ་པ་སངས་རྒྱས་ཀྱི་ཞིང་སྦྱོང་བ་ནི། ཕྱོགས་བཅུ་ག་ལའི་བར་མ་དག་པའིཞིང་རྣམས་ཇི་སྙེད་མཆིས་པ་དེ་དག་མ་ལུས་པ་བདེ་བ་ཅན་གྱི་ཞིང་ཇི་ལྟ་བ་དེ་བཞིན་དུ་རྒྱ་

p. 422

ཆེ་ཞིང་སྐྱོན་དང་བྲལ་བས་ཡོངས་སུ་དག་པའི་ཞིང་དུ་གྱུར་ཅིག དེ་དག་ཀུན་ཏུ་ཡང་བྱངཆུབ་ཀྱི་ཤིང་ལྗོན་པ་ཐམས་ཅད་ཀྱི་དབ ང་པོར་གྱུར་པའི་དྲུང་དུ་གཤེགས་ནས་སངས་རྒྱསཟིན་པའི་རྒྱལ་བ་དང་། དེ་དག་གི་འཁོར་གྱི་ཁྱམས་ན་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སྲསབྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བར་མཚམས་མེད་པར་རབ་ཏུ་གང་བར་ཤོག་སྟེ་སྣོདབཅུད་ཐམས་ཅད་དག་པར་གྱུར་ཅིག་པའོ། །བཞི་པ་སེམས་ཅན་ལ་ཕན་གདགས་པའིབསམ་པ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་མཆིས་པ་དེ་དག་དུས་རྟག་ཏུལུས་ལ་ནད་མེད་ཅིང་སེམས་ལ་སྡུག་བསྔལ་མེད་པར་བདེ་བ་ཕུན་སུམ་ཚོགས་པ་དང་ལྡནཔར་གྱུར་ཅིག དེར་མ་ཟད་འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་མཐོ་རིས་དང་ཐར་པའི་རྒྱུར་གྱུརཔའི་སྤྱོད་པ་རྣམས་བྱེད་པ་པོ་ཐམས་ཅད་ནི་ཕན་ཚུན་བློ་མཐུན་པར་གྱུར་ཅིང་། དེའི་མཐུསརེ་བའི་དོན་སྨོན་པ་གང་ཡོད་པའང་དེ་བཞིན་དུ་འགྲུབ་པར་ཤོག་ཅིག་པའོ། །སྤྱི་དོན་གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་སྒོ་ནས་སྨོན་པ་ལ་བདུན་ལས། དང་པོ་ཚེ་རབས་དྲན་པ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་སྨོན་པ་དངའཇུག་པའི་སེམས་བསྐྱེད་ནས། དེ་དང་མཐུན་པའི་སྤྱོད་པ་དག་ནི་བདག་སྤྱོད་པར་བྱེདཅིང་། དེ་ལས་འཇིག་རྟེན་ཕ་རོལ་ཏུ་འཕོས་ཏེ་འགྲོ་བ་གང་དང་གང་དུ་སྐྱེས་ཀྱང་རུང་སྟེ། དེ་དག་ཀུན་ཏུ་སྔོན་གྱི་སྐྱེ་བ་དྲན་པས་སྔར་བཞིན་སྤྱོད་པར་གྱུར་ཅིག་པའོ། །གཉིས་པ་རབཏུ་བྱུང་བ་ནི། དེ་ལྟར་ཚེ་རབས་ཀྱི་གནས་སྐབས་ཀུན་ཏུ་འཆི་འཕོ་བ་དང་། སྐྱེ་བས་བསྡུསཔའི་ལུས་བཟུང་བར་གྱུར་པ་ན། ཇི་སྲིད་གསོན་པའི་བར་དུས་རྟག་ཏུ་བདག་ནི་རབ་ཏུ་འབྱུངབར་ཤོག་ཅིག་པའོ། །གསུམ་པ་སྤྱོད་པ་སྤྱི་དང་ཚུལ་ཁྲིམས་དག་པ་ལ་བསླབ་པ་ནི། རྒྱལབ་ཀུན་གྱིས་ཇི་ལྟར་བསླབ་པ་ལྟར་དེའི་རྣམ་ཐར་གྱི་རྗེས་སུ་སློབ་པ་ལ་སྨོན་པར་གྱུར་ཏེ། ཇི་ལྟར་ཀུན་ནས་བཟང་པོ་ཕྱིན་དྲུག་གི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་སྤྱིར་སློབཔར་བྱེད་ཅིང་། ཁྱད་པར་ཚུལ་ཁྲིམས་རྣམ་པ་གསུམ་གྱི་སྤྱོད་པ་ཉོན་མོངས་པའི་དྲི་མ་མེདཅིང་། རང་ཞི་བདེའི་སེམས་ཀྱིས་མ་གོས་པ་ཡོངས་སུ་དག་པ། འཆལ་བའི་ཉེས་པས་རྟག་

p. 423

ཏུ་མ་གོས་པས་མ་ཉམས་ལ། འཁོར་གསུམ་དུ་འཛིན་པ་དང་བྲལ་བས་སྐྱོན་མེད་པ་སྟེ། དེལྟ་བུའི་ཚུལ་ཁྲིམས་ལ་སྤྱོད་པར་ཤོག་ཅིག་པའོ། །བཞི་པ་སྐད་སྣ་ཚོགས་ཀྱིས་ཆོས་སྟོན་པནི། གདུལ་བྱ་རྣམས་སྨིན་པར་བྱ་བའི་ཕྱིར་དུ་ལྷའི་སྐད་དང་། ཀླུའི་སྐད་དང་། གནོད་སྦྱིནགྱི་སྐད་དང་། གྲུལ་བུམ་ལ་སོགས་མི་མ་ཡིན་གཞན་དག་དང་། མིའི་སྐད་རིགས་ཐ་དདཔ་རྣམས་དང་། དེས་མཚོན་ཏེ་འགྲོ་བ་ཀུན་གྱི་སྒྲ་སྐད་རྣམས་ཇི་ཙམ་ཡོད་པ་དེ་ཙམ་ཐམསཅད་ཀྱི་སྐད་དུ་བདག་གིས་ཆོས་བསྟན་ཏོ་སྟེ་སྟོན་པར་ཤོག་ཅིག་པའོ། །ལྔ་པ་དགེ་བ་ལབརྩོན་པ་ནི། དེས་པ་ནི་མཛངས་པ་སྟེ་རྒྱུད་འཇམ་ཞིང་ཞི་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ལསྐྱོ་དུབ་མེད་པར་རབ་ཏུ་བརྩོན་པས་སློབ་པར་སྨོན་པའོ། །དྲུག་པ་རྒྱུ་ལྔ་པོ་དེས་བྱང་ཆུབཀྱི་སེམས་མི་བརྗེད་པ་ནི། དེ་ལྟར་ཚེ་རབས་དྲན་པ་སོགས་ལྔ་པོ་སྔོན་དུ་འགྲོ་བས། སེམསཅན་ཐམས་ཅད་སྒྲོལ་བར་འདོད་པའི་ལྷག་བསམ་དང་། ཆོས་དབྱིངས་སྤྲོས་བྲལ་གྱི་ཡེ་ཤེསལ་མཉམ་པར་འཇོག་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་དེ་ནི་དུས་གནས་ཐམས་ཅདདུ་ནམ་ཡང་བརྗེད་པར་མ་གྱུར་ཅིག་ཅེས་པའོ། །བདུན་པ་འགལ་རྐྱེན་དང་བྲལ་བར་སྨོནཔ་ནི། དེ་ལྟར་བྱང་སེམས་མི་བརྗེད་པའི་མཐུན་རྐྱེན་ཚང་ནས་དེའི་འགལ་རྐྱེན་ཉོན་མོངསཔས་ཀུན་ནས་བསླང་བའི་སྡིག་པ་མི་དགེ་བའི་ལས་གང་བསགས་པ་རྣམས་ཐར་པ་ལ་སྒྲིབཔར་གྱུར་པ་སྟེ། དེ་དག་ས་བོན་དང་བཅས་པ་ཐམས་ཅད་མ་ལུས་ཡོངས་སུ་བྱང་བར་ཤོགཅིག་པའོ། །སྤྱི་དོན་གསུམ་པ་མ་གོས་པའི་སྦྱོར་བའམ་མ་ཆགས་པའི་སྒོ་ནས་སྨོན་པ་ནི། གང་གིསམ་གོས་ན་མི་དགེ་བའི་ལས་དང་། ཆགས་སོགས་ཉོན་མོངས་པ་དང་། དམ་པའི་ཆོས་སྒྲུབཔ་ལ་བར་དུ་གཅོད་པའི་བདུད་ཀྱི་ལས་རྣམས་ལས་རྣམ་པར་གྲོལ་བ་སྟེ། སྐྱོན་གསུམ་པོདེས་མ་གོས་ཤིང་། གང་དུ་ན་རང་ཉིད་གང་དུ་རྒྱུ་ཞིང་སྤྱོད་པའི་འཇིག་རྟེན་གྱི་འགྲོ་བ་ཇིསྙེད་ཡོད་པ་རྣམས་གང་དང་གང་གི་གནས་སུ་རྒྱུ་ཡང་རུང་སྟེ། ཇི་ལྟར་སྤྱོད་ཚུལ་ནི། དཔེ་པདྨོ་ཆུ་ནང་དུ་སྐྱེས་ཀྱང་ཆུས་མི་ཆགས་པ་བཞིན་དུ་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་

p. 424

གྱིས་མ་གོས་པ་དང་། ཉི་ཟླ་ནམ་མཁར་ཐོགས་པ་མེད་པར་རྒྱུ་བ་ན་སྨན་ཤིང་ལོ་འབྲསབསྐྱེད་ཅིང་སྨིན་པ་སོགས་གཞན་དོན་མང་པོ་སྤྱོད་ཀྱང་རྩོལ་རྟོག་མེད་པ་ལྟར་བྱང་སེམསརྣམས་འགྲོ་བ་ལ་ཕན་པ་རྟག་ཏུ་སྒྲུབ་ཀྱང་ལན་ལ་རེ་བ་དང་རློམ་པ་སོགས་མེད་པར་སྤྱདཔ་སྤྱོད་པ་ལྟར་བདག་གིས་ཀྱང་སྤྱོད་ནུས་པར་གྱུར་ཅིག་པའོ། །སྤྱི་དོན་བཞི་པ་སེམས་ཅན་ཕན་བདེ་ལ་འགོད་པའི་སྒོ་ནས་སྨོན་པ་ནི། གང་ནས་གཞལཡང་ཚད་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྒྱ་ཁྱོན་དང་ཕྱོགས་བཅུ་རྣམས་ཀྱི་མཐའ་ཇི་ཙམཡོད་པ་དེར་ངན་སོང་གིས་མཚོན་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཀྱི་སྡུགབསྔལ་མ་ལུས་རབ་ཏུ་ཞི་བར་བྱེད་པ་དང་། མཐོ་རིས་བདེ་བ་ཕུན་སུམ་ཚོགས་པ་དག་ལའགྲོ་བ་ཀུན་དགོད་ཅིང་། དེར་མ་ཟད་འགྲོ་བ་དེ་དག་ཐམས་ཅད་ལ་ནི་ཐར་པ་དམ་པའིཆོས་ཀྱིས་ཕན་པ་དང་བདེ་བར་འགོད་པའི་སྤྱད་པ་སྤྱོད་ནུས་པར་གྱུར་ཅིག་པའོ། །སྤྱི་དོན་ལྔ་པ་གོ་ཆ་བགོ་བའི་སྒོ་ནས་སྨོན་པ་ནི། རང་སྨིན་པའི་ཕྱིར་བདག་ཉིད་བྱངཆུབ་ཀྱི་རྒྱུར་གྱུར་པའི་སྤྱོད་པ་ནི་དྲུག་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ལ་ནི་བརྩོན་པའིགོ་ཆ་བགོ་བར་བྱེད་ཅིང་། གཞན་སྨིན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ཁམས་དང་མོསདབང་བག་ལ་ཉལ་ཤེས་པས། དེ་དག་གང་གིས་འདུལ་བའི་སྤྱོད་པ་དང་མཐུན་པར་འཇུགསྟེ། ཞུགས་ནས་ཀྱང་རང་གིས་ཇི་ལྟར་རྟོགས་པའི་བཟང་པོ་སྤྱོད་པ་དག་གི་ཆོས་ནི་རབཏུ་སྟོན་ཅིང་། སྤྱོད་པ་དེ་:ལས་ལའགོད་པའི་གོ་ཆ་བགོ་བར་བྱའོ། །དེ་ལྟར་ན་རྫོགསཔ་དང་འཇུག་པ་དང་ཞུགས་ནས་ཆོས་སྟོན་པ་སྟེ། རང་གཞན་གྱི་དོན་གསུམ་པོ་དེ་དུས་ཉིཚེ་ཙམ་མ་ཡིན་པར་མ་འོངས་པའི་བསྐལ་པ་ཕྱི་མཐའ་མེད་པའི་བར་དེ་སྲིད་ཀུན་ཏུ་སྤྱོདཔར་གྱུར་ཅིག་པའོ། །སྤྱི་དོན་དྲུག་པ་སྐལ་མཉམ་གྱི་གྲོགས་དང་འགྲོགས་པར་སྨོན་པ་ནི། བདག་བྱང་ཆུབཀྱི་རྒྱུར་གྱུར་པའི་སྤྱོད་པ་ལ་སྦྱོར་བ་ན་བདག་གི་སྤྱོད་དང་མཚུངས་པར་སྤྱོད་པའི་གྲོགསགང་ཡིན་པ་དེ་དག་དང་ཡང་རྟག་ཏུ་མི་འབྲལ་བར་འགྲོགས་པར་ཤོག་ཅིག་འགྲོགས་ནས་

p. 425

ཀྱང་ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་སྟེ་སྒོ་གསུམ་གྱི་སྤྱོད་པ་དག་དང་སྨོན་ལམ་རྣམས་ཀྱང་གཅིག་ཏུ་མཐུན་པར་སྤྱད་ཅིང་འདེབས་པར་གྱུར་ཅིག་པའོ། །སྤྱི་དོན་བདུན་པ་དགེ་བའི་བཤེས་གཉེན་བསྟེན་ཅིང་མཉེས་པར་བྱེད་པ་ནི། བདགལ་བཟང་པོ་སྤྱོད་པའི་ཆོས་ཀྱི་ལག་ལེན་རབ་ཏུ་སྟོན་པར་བགྱིད་པས་ཕན་འདོགས་པརའདོད་པའི་དགེ་བའི་བཤེས་གཉེན་གྱི་གྲོགས་པོ་སྟེ་བླ་མ་དམ་པ་གང་མཆིས་པ་དེ་དག་དངཡང་རྟག་ཏུ་འཕྲད་པ་སྟེ་མཇལ་བར་ཤོག་ཅིག མཇལ་ནས་ཀྱང་བཤེས་གཉེན་དེ་དག་བདགགིས་དུས་ནམ་དུའང་ཐུགས་ཡིད་མི་དབྱུང་བ་སྟེ་མཉེས་པའི་ཐབས་སྒྲུབ་པར་ཤོག་ཅིག་པའོ། །སྤྱི་དོན་བརྒྱད་པ་སངས་རྒྱས་མངོན་གྱུར་ལ་མཆོད་པའི་སྒོ་ནས་སྨོན་པ་ནི། སངས་རྒྱསཀྱི་ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འགྲོ་བའི་མགོནཔོ་མི་དགེ་བའི་ཆོས་ལས་རྒྱལ་བའི་དེ་བཞིན་གཤེགས་པ་རྣམས་མངོན་སུམ་དུ་དུས་རྟགཏུ་བདག་གིས་བལྟ་ཞིང་མཐོང་བར་གྱུར་ལ། གྱུར་པ་དེ་ནས་བཟུང་སྟེ་མ་འོངས་བསྐལ་པཀུན་ཏུ་ཡིད་མི་སྐྱོ་བར་སངས་རྒྱས་སྲས་དང་བཅས་པ་དེ་དག་ལའང་མཆོད་པའི་བྱེ་བྲག་རྒྱཆེར་བགྱིད་པར་གྱུར་ཅིག་པའོ། །སྤྱི་དོན་དགུ་པ་དམ་ཆོས་ཡོངས་སུ་འཛིན་པའི་སྒོ་ནས་སྨོན་པ་ནི། རྒྱལ་བ་རྣམས་ཀྱིལུང་གི་དམ་པའི་ཆོས་མ་ལུས་པ་མི་བརྗེད་པའི་གཟུངས་ཀྱིས་འཛིན་པར་བྱེད་ཅིང་། སེམསཅན་རྣམས་ལ་བྱང་ཆུབ་སྤྱོད་པའི་ལམ་ཀུན་ཏུ་སྟོན་པའི་སྒོ་ནས་སྣང་བར་བྱེད་པ་དང་། རངཉིད་ཀྱིས་བཟང་པོ་སྤྱོད་པ་བླངས་ཤིང་ཅི་རིགས་པ་སྒྲུབ་པ་དེ་ཉིད་རྣམ་པར་སྦྱོང་བ་སྟེ་རྩལསྦྱོང་བ་ལྟར་འཕེལ་བར་བྱེད་པ་དང་། ནད་སྦྱོང་བ་ལྟར་དག་པར་ཡང་བྱེད་པར་གྱུར་ཅིགཔ་སྟེ། དེའང་མ་འོངས་བསྐལ་པ་མཐའ་མེད་པ་ཀུན་ཏུ་སྤྱད་པར་བགྱིའོ་ཞེས་སྨོན་པའོ། །སྤྱི་དོན་བཅུ་པ་མི་ཟད་པའི་མཛོད་རྙེད་པའི་སྒོ་ནས་སྨོན་པ་ནི། ཁམས་གསུམ་གྱི་སྲིད་པ་ཐམས་ཅད་དུ་ཡང་ལས་དང་སྨོན་ལམ་དང་ཏིང་ངེ་འཛིན་དང་དབང་འབྱོར་བའི་སྟོབསཀྱིས་འཁོར་ཞིང་སྐྱེ་བ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་མི་ཟད་པ་རྙེད་པར་

p. 426

གྱུར་པ་ལས་འགྲོ་བ་སྒྲོལ་བའི་ཐབས་ལ་མཁས་པ་དང་། རྟེན་འབྲེལ་དང་དེ་བཞིན་ཉིདདང་འགྲོ་དོན་སྤྱོད་པ་གསུམ་མཁྱེན་པའི་ཤེས་རབ་དང་། ནམ་མཁའ་མཛོད་ལ་སོགས་པའིཏིང་ངེ་འཛིན་མཐའ་ཡས་པ་དང་། རྣམ་པར་ཐར་པ་བརྒྱད་དང་ཏིང་ངེ་འཛིན་གསུམ་སོགསཀྱིས་སྒྲིབ་གསུམ་སྤངས་པ་ལས་རྣམ་གྲོལ་གྱི་ཡེ་ཤེས་བརྙེས་པ་དང་། དེ་དག་ལས་བྱུང་བའིཡོན་ཏན་མཐའ་ཡས་པ་ཀུན་གྱི་མི་ཟད་པའི་མཛོད་བརྙེས་པར་གྱུར་ཅིག་པའོ། །སྤྱི་དོན་བཅུ་གཅིག་པ་འཇུག་པ་དུ་མའི་སྒོ་ནས་སྨོན་པ་ལ་འཇུག་པ་བརྒྱད་ལས། དངཔོ་ཞིང་དང་བཅས་པའི་སངས་རྒྱས་བལྟ་བ་ལ་འཇུག་པ་ནི། རྡུལ་གཅིག་གི་སྟེང་ན་ཡངརྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་མ་འདྲེས་པར་མཐོང་བར་འགྱུར་ཏེ། ཞིང་དེ་དངདེར་གྲངས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས་སངས་རྒྱས་ཀྱི་ཐུགས་ཀྱི་སྲས་བྱངཆུབ་སེམས་དཔའི་འཁོར་གྱི་དབུས་ན་བཞུགས་པ་ལ། དེ་དག་དང་ལྷན་ཅིག་བྱང་ཆུབ་ཀྱིསྤྱད་པ་ལ་མཚུངས་པར་སྤྱོད་ཅིང་སྐུ་བལྟ་བ་དང་གསུང་མཉན་པར་བགྱིད་པར་སྨོན་པ་སྟེ། དེ་ཉིད་གོང་འཕེལ་དུ་གྱུར་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དབང་དུ་བྱས་ནས་རྡུལགཅིག་ལ་རྒྱལ་བའི་ཞིང་བཀོད་པ་དེ་ལྟར་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་ཕྱོགསསུ་ཡང་། སྐྲ་ཡི་རྩེ་མོ་ཙམ་གྱི་ཁྱོན་ལ་དུས་གསུམ་དུ་གཤེགས་ཤིང་འབྱོན་པའི་ཚད་དེ་སྙེདཀྱི་སངས་རྒྱས་གྲངས་ཟད་མི་ཤེས་པ་རྒྱ་མཚོ་ལྟ་བུ་དང་། རང་རང་གི་ཞིང་ཁམས་རྣམསཀྱང་རྒྱ་མཚོ་ལྟར་ཟད་མི་ཤེས་པ་དང་། དེ་དག་ཀྱང་བསྐལ་པ་རྒྱ་མཚོའ་རྡུལ་ལྟར་ཟད་མིཤེས་པའི་བར་དེ་སྲིད་དུ་བདག་ཀྱང་ཞིང་ཁམས་དེ་དག་རེ་རེར་བྱང་ཆུབ་ཀྱི་སྤྱད་པ་སྤྱོདཅིང་ཞལ་ལྟ་བ་ལ་རབ་ཏུ་འཇུག་པར་སྨོན་པའོ། །གཉིས་པ་སངས་རྒྱས་ཀྱི་གསུང་ལ་འཇུགཔ་ནི། སངས་རྒྱས་གཅིག་གིས་གསུང་གཅིག་བཀའ་སྩལ་པ་ལའང་ཡན་ལག་རྒྱ་མཚོ་ལྟརམཐའ་ཡས་པའི་སྒྲ་སྐད་དུ་འགྱུར་བའི་གནད་ཀྱིས། དེ་ཉིད་རྒྱལ་བ་ཀུན་གྱི་གསུང་དབྱངསཡན་ལག་རྣམ་པར་དག་པའི་ཁྱད་ཆོས་ཚང་བར་གྱུར་པས་འགྲོ་བ་མ་ལུས་པ་ཀུན་ཆོས་གངདང་གང་ཉན་འདོད་པའི་རང་རང་གི་བསམ་པ་ཇི་བཞིན་དུ་གསུང་དབྱངས་མཐུན་པར་འཇུག་

p. 427

པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་གསུང་མཐའ་ཡས་པ་གོ་ཞིང་དོན་སེམས་པ་ལ་གཅིགགེགས་གཅིག་གིས་མི་བྱེད་ཅིང་འབད་རྩོལ་མེད་པར་དུས་རྟག་ཏུ་འཇུག་པར་བགྱིའོ་ཞེས་སྨོན་པའོ། །གསུམ་པ་ཆོས་འཁོར་བསྐོར་བ་ལ་འཇུག་པ་ནི། དུས་གསུམ་དུ་གཤེགས་ཤིངའབྱོན་པའི་རྒྱལ་བ་ཐམས་ཅད་དག་གདུལ་བྱ་ལ་ཆོས་ཀྱི་འཁོར་ལོའ་ཚུལ་རྣམས་རབ་ཏུབསྐོར་བའི་སངས་རྒྱས་དེ་དག་གི་ཡང་གསུང་ཆོས་ཀྱི་སྒྲ་དབྱངས་མི་ཟད་པར་སྣང་བ་ལསྐད་ཅིག་རེ་ལ་ཉན་ནུས་པའི་བློ་ཡི་མཐུ་ཐོབ་པའི་སྟོབས་ཀྱིས་བདག་ཀྱང་གསུང་དེ་ལ་རབཏུ་འཇུག་པར་གྱུར་ཅིག་པའོ། །བཞི་པ་བསྐལ་པའི་སྒོ་ནས་འཇུག་པ་ནི། མ་འོངས་པའིབསྐལ་པ་ཇི་སྙེད་པ་ཐམས་ཅད་ཡེ་ཤེས་ཀྱི་འཇུག་པ་ཆགས་ཐོགས་མེད་པར་ཡང་སངསརྒྱས་ཀྱིས་མཁྱེན་པ་དེ་བཞིན་དུ་བདག་གིས་ཀྱང་ཡེ་ཤེས་སྐད་ཅིག་མ་གཅིག་གིས་འཇུགཔར་བགྱིའོ་ཞེས་སྨོན་ཏེ། དེས་མཚོན་ནས་གང་ཡང་བསྐལ་པ་འདས་མ་འོངས་ད་ལྟར་གྱིསབསྡུས་པ་དུས་གསུམ་ཐམས་ཅད་ཀྱི་ཚད་ཇི་ཙམ་པ་དེ་དག་ཐམས་ཅད་དུས་སྐད་ཅིག་མགཅིག་གི་ཆ་ཤས་སུ་འཇུག་ནུས་པའི་སྟོབས་ཀྱིས་སྒྲིབ་པ་མེད་པར་དེ་ཐམས་ཅད་ཀྱི་ཡུལན་ཞུགས་པར་གྱུར་ནས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག་པའོ། །ལྔ་པ་དེ་བཞིནགཤེགས་པ་ལ་བལྟ་བས་འཇུག་པ་ནི། དུས་གསུམ་དུ་གཤེགས་བཞུགས་འབྱོན་པའི་མི་ཡིསེང་གེ་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་མ་གཅིགལ་བདག་གིས་ཡོངས་སུ་བལྟ་ཞིང་རྟག་ཏུ་དེ་ལ་འཇུག་པར་ཤོག་ཅིག་པའོ། །དྲུག་པ་དེ་ཡིསྤྱོད་ཡུལ་ལ་འཇུག་པ་ནི། དུས་རྟག་ཏུ་དེ་བཞིན་གཤེགས་པ་དེ་དག་གི་ནི་སྤྱོད་ཡུལ་རྣམཔར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་རྟོགས་པསརྗེས་ཐོབ་སྒྱུ་མ་ལྟ་བུར་སྣང་བར་གྱུར་པའི་མཐུས་སྒྲིབ་པ་ལས་རྣམ་པར་ཐར་པའི་སྟོབསཀྱིས་འཇུག་པར་གྱུར་ཅིག་པའོ། །བདུན་པ་ཞིང་སྒྲུབ་པ་ལ་འཇུག་པ་ནི། གང་ཡང་བྱུང་བདང་འབྱུང་བའི་དུས་གསུམ་པོ་དག་གི་སངས་རྒྱས་ཀྱི་ཞིང་བཀོད་པ་དེ་དག་མོས་པ་དང་། སྨོན་ལམ་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ་ཕྲན་གཅིག་གི་སྟེང་ན་མངོན་པར་སྒྲུབ་ཅིང་དེ་

p. 428

ལྟར་སྒྲུབ་པ་བཞིན་དུ་མ་ལུས་ཤིང་ལུས་པ་མེད་པའི་ཕྱོགས་རྣམས་དང་། དུས་ཐམས་ཅདཀྱི་རྡུལ་རེ་རེ་བཞིན་གྱི་སྟེང་དུའང་རྒྱལ་བ་རྣམས་ཀྱི་ཞིང་རྣམས་བཀོད་ཅིང་དེ་ལ་འཇུགཔར་གྱུར་ཅིག་པའོ། །བརྒྱད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པ་ནི། གངཡང་སྔར་མ་བྱོན་པའི་སངས་རྒྱས་འཇིག་རྟེན་སྣང་བྱེད་ཀྱི་སྒྲོན་མར་གྱུར་པ་རྣམས། དེ་དགསོ་སོ་རང་རང་གི་མཛད་པ་རིམ་པ་མ་འཆོལ་བར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོརབ་དང་། མཐར་མྱ་ངན་ལས་འདས་པས་རབ་ཏུ་ཞི་བའི་མཐའ་སྟོན་པར་མཛད་པའི་མགོནཔོ་དེ་བཞིན་གཤེགས་པ་དེ་དག་ཀུན་གྱི་དྲུང་དུ་བདག་དུས་གཅིག་ལ་མཆི་སྟེ་ཕྱི་ནས་ཐམསཅད་ཀྱི་ཕྲིན་ལས་བྱེད་པ་པོར་གྱུར་ཅིག་པའོ། །སྤྱི་དོན་བཅུ་གཉིས་པ་སྟོབས་ཀྱི་སྒོ་ནས་སྨོན་པ་ནི། སྐད་ཅིག་གཅིག་གིས་ཞིང་ཐ་དདཔར་ཐོགས་མེད་དུ་བགྲོད་ནུས་པས་ཀུན་ཏུ་མྱུར་བའི་རྫུ་འཕྲུལ་གྱི་སྟོབས་རྣམས་དང་། ཐབསཚུལ་མཐའ་ཡས་པས་སེམས་ཅན་ཐམས་ཅད་ལ་ཀུན་ནས་ཕན་པའི་སྒོར་གྱུར་པའི་སེམསབསྐྱེད་བཞོན་པ་བཟང་པོ་དང་འདྲ་བས་ཐེག་པའི་སྟོབས་རྣམས་དང་། ཕྱིན་དྲུག བསྡུ་དངོསབཞི། ཚད་མེད་བཞི་སོགས་ཡོན་ཏན་དུ་མ་དང་འགྲོགས་པའི་སྙོམས་འཇུག ཟད་པར། ཟིལ་གནོན་མངོན་ཤེས་སོགས་ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། ཕན་བདེའིབསམ་པས་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་ཁྱབ་པ་བྱམས་སོགས་ཚད་མེད་བཞི་པོ་དགགི་སྟོབས་དང་། ཐོག་མཐའ་བར་གསུམ་ཀུན་ནས་རབ་ཏུ་དགེ་བའི་སྦྱིན་སོགས་བསོད་ནམས་ཀྱི་སྟོབས་རྣམས་དང་། དུས་གསུམ་གྱི་དངོས་པོ་ཀུན་ལ་ཆགས་པ་དང་ཐོགས་པམེད་པར་གྱུར་པའི་ཡེ་ཤེས་མངོན་པར་མཁྱེན་པའི་སྟོབས་དང་། གནས་ལུགས་ཇི་ལྟ་བབཞིན་རྟོགས་པའི་ཤེས་རབ་དང་། གཞན་དོན་སྒྲུབ་པའི་ཐབས་མཁས་དང་། མངོན་ཤེསདང་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་བསྐྱེད་པའི་རྒྱུ་དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིནགྱི་སྟོབས་ཏེ་སྟོབས་དགུ་པོ་དེ་དག་གིས་བླ་ན་མེད་པའི་བྱང་ཆུབ་མྱུར་བ་ཉིད་དུ་ཐོབ་པའིསྟོབས་ཡེ་ཤེས་ཀྱི་ཁྱད་པར་རྣམས་ཡང་དག་པ་ཉིད་སྒྲུབ་པར་བྱེད་པར་གྱུར་ཅིག་པའོ། །

p. 429

སྤྱི་དོན་བཅུ་གསུམ་པ་སྒྲུབ་པའམ་གཉེན་པོའི་སྒོ་ནས་སྨོན་པ་ནི། འཁོར་བར་འཕེན་བྱེད་ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་པར་བྱེད་ཅིང་། སྒོ་གསུམ་རབ་ཏུ་མ་ཞི་བ་ཆགསསོགས་ཉོན་མོངས་པའི་སྟོབས་རྣམས་ཀུན་ཏུ་ཕམ་སྟེ་འཇོམས་པར་བྱེད་པ་དང་། བར་དུགཅོད་པའི་བདུད་བཞི་ལས་ཉོན་མོངས་པའི་བདུད་སྔར་སོང་བས་ལྷག་མ་གཞན་གསུམགྱི་སྟོབས་རྣམས་ནི་ཕུང་པོ་རང་བཞིན་གྱིས་མི་དམིགས་པ་དང་། སེམས་ཉིད་སྐྱེ་འཇིག་མེདཔ་དང་། ཡུལ་གྱི་མངོན་ཞེན་དག་པས་བཅོམ་སྟེ་སྟོབས་རབ་ཏུ་མེད་པར་བྱེད་ཅིང་། དེ་ལྟརལས་ཉོན་བདུད་ཀྱི་སྟོབས་གསུམ་བཅོམ་པས་བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱིདཔའི་ཐབས་ཀྱིས་སངས་རྒྱས་ཐོབ་པར་སྨོན་པའོ། །སྤྱི་དོན་བཅུ་བཞི་པ་ཕྲིན་ལས་ཀྱི་སྒོ་ནས་སྨོན་པ་ནི། མཁའ་ཁྱབ་ཀྱི་ཞིང་རྒྱ་མཚོ་རྣམསནི་རིན་པོ་ཆེའི་ས་གཞི་དང་ལྗོན་པ་སོགས་རྣམ་པར་དག་པས་བཟང་པོར་བྱེད་ཅིང་། དེ་དགན་འཁོད་པའི་སེམས་ཅན་རྒྱ་མཚོ་དག་ནི་སྡུག་བསྔལ་དང་སྒྲིབ་པ་ལས་རྣམ་པར་གྲོལ་བརབྱེད་པ་དང་། ལུང་རྟོགས་ཀྱི་ཆོས་རྒྱ་མཚོ་རྣམས་ནི་ཤེས་རབ་ཀྱི་མིག་རྣམ་པར་དག་པསརབ་ཏུ་མཐོང་བར་བྱེད་ཅིང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རྒྱམཚོ་དག་ནི་ཡུད་ཙམ་གྱིས་རབ་ཏུ་རྟོགས་པར་བྱེད་ལ། སྤྱོད་པ་སྟེ་རང་གཞན་ལ་ཕན་པའིཐབས་རྒྱ་མཚོ་རྣམས་ནི་ལེགས་པར་སྤྱོད་པས་སྐྱོན་རྣམས་རྣམ་པར་དག་པར་བྱེད་ཅིང་བདགགཞན་གྱི་དོན་ལ་དམིགས་པའི་སྨོན་ལམ་རྒྱ་མཚོ་རྣམས་ནི་རབ་ཏུ་རྫོགས་པ་སྟེ་འབྲས་བུའགྲུབ་པ་བྱེད་པ་དང་། སངས་རྒྱས་གྲངས་མེད་པ་རྒྱ་མཚོ་ལྟ་བུ་རྣམས་ནི་མཆོད་པ་ཐམསཅད་ཀྱིས་རབ་ཏུ་མཆོད་པར་བྱེད་ཅིང་། དེ་ལྟར་ཞིང་དག་པ་སོགས་ཀྱི་ལས་བདུན་པོ་དེའངབསྐལ་པ་མཐའ་མེད་པའི་རྒྱ་མཚོ་ལྟ་བུར་མི་སྐྱོ་ཞིང་རབ་ཏུ་དགའ་བའི་བསམ་པས་སྤྱདཔར་བགྱི་ཞེས་སྨོན་པའོ། །སྤྱི་དོན་བཅོ་ལྔ་པ་རྗེས་སུ་སློབ་པའི་སྒོ་ནས་སྨོན་པ་ལ་གཉིས་ལས། དང་པོ་སངསརྒྱས་ཀྱི་རྗེས་སུ་སློབ་པ་ནི། གང་ཡང་དུས་གསུམ་དུ་གཤེགས་བཞུགས་འབྱོན་པར་མཛད་

p. 430

པའི་རྒྱལ་བ་གྲངས་མེད་པ་ཡིས་སྔོན་ཐོག་མེད་ཀྱི་དུས་ནས་བརྩམས་ཏེ་བྱང་ཆུབ་སྤྱོད་པའིསྨོན་ལམ་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དེ་རྣམས་ཀུན་མ་ལུས་པ་བདག་གིས་རྫོགསཔར་བགྱི་བར་སྨོན་ཏེ། དེའང་ནམ་རྫོགས་ན་བཟང་པོ་སྤྱོད་པ་སྤྱད་པ་བླ་ན་མེད་པའི་བྱངཆུབ་ཏུ་སངས་རྒྱས་པར་གྱུར་ནས་སོ། །གཉིས་པ་སེམས་དཔའ་མཆོག་གཉིས་ཀྱི། དང་པོཀུན་བཟང་གི་རྗེས་སུ་སློབ་པ་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ནང་ནས་ཐུ་བོར་གྱུར་པ་གང་གིམིང་ནི་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྲགས་ཤིང་གྲུབ་པའི་མཁས་པ་དེ་དང་མཚུངས་པརབྱང་ཆེན་གྱི་སྤྱོད་པ་ལ་སྤྱད་པའི་ཕྱིར་བདག་གི་དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོབར་བྱ་སྟེ། ཚུལ་ཇི་ལྟར་ན། གང་འདུལ་གྱི་ལུས་མཐའ་ཡས་པར་སྟོན་པ་དང་། ངག་དབྱངསགཅིག་གིས་འགྲོ་བ་ཀུན་གྱི་སྒྲ་སྐད་མཐའ་ཡས་པར་སྟོན་པ་དང་། དེར་མ་ཟད་རྣམ་པརམི་རྟོག་པའི་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་ལ་འཇུག་པའི་ཡིད་ཀྱང་སྟེ། སྒོ་གསུམ་པོ་རྣམཔར་དག་ཅིང་ཕྱིན་དྲུག་གི་སྤྱོད་པ་ལ་མི་མཐུན་ཕྱོགས་ཀྱིས་མི་བརྫི་བས་རྣམ་པར་དག་པདང་། ཞིང་མ་དག་པ་རྣམས་ཀྱང་ཡོངས་སུ་དག་པ་སྟེ། དེ་ལྟར་དག་པ་ལྔ་པོ་དེ་ཐོབ་པའིཆེད་དུ་བསྔོ་བ་བཟང་པོ་མཁས་པ་ཀུན་ཏུ་བཟང་པོས་བཏབ་པ་ཅི་འདྲ་བ་དེ་འདྲར་བདགཀྱང་ཀུན་ཏུ་བཟང་པོ་དེ་དང་མཚུངས་པར་ཤོག་ཅིག་པའོ། །གཉིས་པ་འཇམ་དཔལ་གྱི་རྗེསསུ་སློབ་པ་ནི། ཐོག་མཐའ་བར་གསུམ་ཀུན་ནས་དགེ་བའི་ཆོས་བཟང་པོ་སྤྱོད་པ་སྤྱད་པརབྱ་བའི་ཕྱིར་འཕགས་མཆོག་འཇམ་དཔལ་གྱིས་ནི་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུསྤྱད་པར་བགྱི་བར་སྨོན་ཏེ། རྒྱལ་བ་སྲསབཅས་ཀྱི་སྨོན་ལམ་དེ་དག་མ་འོངས་ཕྱི་མཐའམེད་པའི་བསྐལ་པ་ཀུན་ཏུ་མི་སྐྱོ་བར་དགའ་བ་དང་བཅས་པས་སྲས་བཅས་རྒྱལ་བ་དེ་དངདེའི་བཞེད་དོན་གྱི་བྱ་བ་མ་ལུས་པ་བདག་གིས་རྫོགས་པར་བགྱི་བར་སྨོན་པའོ། །སྤྱི་དོན་བཅུ་དྲུག་པ་ཀུན་གྱི་མཇུག་བསྡུ་པའི་སྒོ་ནས་བསྔོ་བ་བསྟན་པ་ནི། བདག་གིསརྒྱུ་སྦྱིན་སོགས་སྤྱོད་པ་དག་གི་མཐའ་ནི་འདི་ཙམ་མོ་ཞེས་ཚད་བཟུང་དུ་ཡོད་པར་མ་གྱུརཅིག རྒྱུ་དེ་ལས་བྱུང་བའི་འབྲས་བུ་གཟུངས་དང་སྤོབས་པ་སོགས་ཡོན་ཏན་རྣམས་ཀྱང་ཚད་

p. 431

འདི་ཙམ་ཞེས་བཟུང་དུ་མེད་པར་ཤོག་ཅིག དེ་ལྟར་སྤྱོད་པ་དང་ཡོན་ཏན་ཚད་མེད་པ་ལགནས་པར་བྱས་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་སྐུ་གསུང་ཐུགསཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི་སྟེ་ཐོབ་པར་སྨོན་པའོ། །དེ་དག་གིསསྨོན་ལམ་གྱི་རབ་དབྱེ་དངོས་བཤད་ཟིན་ཏོ། །གཉིས་པ་སྨོན་ལམ་གྱི་མཐའ་བརྟེན་པ་ནི། ནམ་མཁའི་མཐར་ཐུག་གྱུར་པ་སྟེ་ཕྱོགསབཅུ་གང་ནས་གཞལ་ཡང་ནམ་མཁའ་ལ་མཐའ་མེད་པ་ཇི་ཙམ་པ་དེ་ཐམས་ཅད་སེམསཅན་གྱིས་གོ་མཚམས་མེད་པར་གང་བས་སེམས་ཅན་མ་ལུས་པའི་མཐའ་ཡང་དེ་བཞིན་དུམཐའ་མེད་པ་སྟེ། སེམས་ཅན་ཇི་ཙམ་པར་ལས་དང་ཉོན་མོངས་པའང་དེ་ཙམ་པས། ལསཉོན་གྱི་མཐའི་ཚད་བཟུང་དུ་མེད་པར་གྱུར་པ་ལྟར་བདག་གི་སྨོན་ལམ་གྱི་མཐའ་ཡང་དེ་ཙམསྟེ་ཚད་མེད་པའོ། །གསུམ་པ་རྗེས་ཕན་ཡོན་བསྟན་པས་མཇུག་བསྡུ་བ་ལ་གཉིས་ཏེ། སྨོན་ལམ་གྱི་ཕནཡོན་བཤད་པ་དང་ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བའོ། །དང་པོ་ལའང་བསྟན་བཤདབསྡུ་གསུམ་ལས་དང་པོ་མདོར་བསྟན་ནི། གང་ཡང་ཕྱོགས་བཅུའི་ཞིང་རབ་ཏུ་རྒྱ་ཆེ་བསམཐའ་ཡས་པ་རྣམས་མཆོད་པའི་ཁྱད་པར་རིན་ཆེན་སྣ་ཚོགས་པའི་རྒྱན་དུ་མས་བརྒྱན་ཏེརྒྱལ་བ་རྣམས་ལ་ཕུལ་བ་དང་། དེར་མ་ཟད་ལྷ་དང་མིའི་རྫས་དབང་པོ་སོ་སོ་ལ་བདེ་བམཆོག་བསྐྱེད་པའི་རྒྱུ་གཟུགས་མཛེས་པ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པ་དང་། རོ་མངརབ་སོགས་འདོད་པའི་ཡོན་ཏན་མཐའ་ཡས་པ་རྣམས་ཀྱིས་ཀྱང་གྲངས་མེད་པ་ཕྱོགས་བཅུའིཞིང་གི་རྡུལ་ཕྲན་སྙེད་དང་། དུས་རིང་བ་བསྐལ་པའི་བར་རྒྱུན་མི་ཆད་དུ་ཕུལ་བའི་བསོདནམས་བས་སྐྱེས་བུ་གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ཤིང་དོན་ལ་སེམས་ནས་བླ་ནམེད་པའི་བྱང་ཆུབ་མཆོག་གི་རྗེས་སུ་རབ་ཏུ་མོས་པའི་ངེས་ཤེས་སྐྱེས་ཤིང་། སྐྱེས་ནས་ཀྱངཡིད་དང་བའི་དད་པ་མང་དུ་སྐྱེས་ན་ལྟ་ཅི་སྨོས། ཐ་ན་ལན་གཅིག་ཙམ་ཡང་དད་པ་བསྐྱེདཔའི་བསོད་ནམས་འདི་ནི་སྔ་མ་དེ་བས་ཆེས་འཕགས་པའི་བསོད་ནམས་དམ་པའི་མཆོག་

p. 432

ཏུ་འགྱུར་བ་ཡིན་ནོ། །གཉིས་པ་རྒྱས་བཤད་ནི། སྐྱེས་བུ་གང་ཞིག་གིས་དད་པ་ཕུན་སུམཚོགས་པས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་བརྩོན་པས་བཏབ་པ་དེས་ནི་ཕན་ཡོན་བཅུགསུམ་པོ་འདི་དག་རིམ་གྱིས་ཐོབ་པར་འགྱུར་ཏེ། གང་ཞེ་ན། ཕན་ཡོན་དང་པོ་ནི། རེ་ཞིགལས་དབང་གིས་ངན་སོང་དུ་འགྲོ་བ་ཐམས་ཅད་སྤང་པར་འགྱུར་ཞིང་། གཉིས་པ་འདི་ཕྱིཐམས་ཅད་དུ་སྡིག་པའི་གྲོགས་པོ་ངན་པ་སྤངས་ཏེ་འཕྲད་པར་མི་འགྱུར་བ་ཡིན་ནོ། །གསུམཔ་དེ་གཉིས་སྤངས་པར་མ་ཟད་སངས་རྒྱས་སྣང་བ་མཐའ་ཡས་བདེ་བ་ཅན་གྱི་ཞིང་དངབཅས་པ་དེ་ཡང་དེས་མྱུར་བར་ཚེ་འདི་ལ་མཐོང་ཞིང་ཕྱི་མ་ཞིང་དེར་སྐྱེའོ། །བཞི་པ་སྨོནལམ་འདི་ལ་བརྩོན་པ་དེ་དག་འབད་རྩོལ་མེད་པར་མཐུན་རྐྱེན་ཚང་སྟེ་དོན་ཆེན་པོ་འགྲུབཔས་ན་རྙེད་པའི་མཆོག་རབ་ཏུ་རྙེད་པ་ཡིན་ལ། ལྔ་པ་ཚེ་གནས་པ་དེ་སྲིད་དུ་ཉེར་འཚེ་མེདཅིང་དགེ་བ་དང་མ་བྲལ་བར་ལེགས་པར་སྤྱོད་པས་བདེ་བར་འཚོ་བ་ཡིན་ནོ། །དྲུག་པ་མིརགྱུར་པའི་ཚེ་འདིར་ཡང་དེ་དག་མི་ལུས་དོན་ཅན་དུ་འགྱུར་བས་ལེགས་པར་འོངས་པ་ཞེསབྱ་བའོ། །བདུན་པ་ནི་ཕན་ཡོན་དྲུག་པོ་དེ་ཙམ་དུ་མ་ཟད་བྱང་ཆུབ་སེམས་དཔའ་ཀུན་ཏུབཟང་པོའི་ཡོན་ཏན་དང་རྣམ་འཕྲུལ་སོགས་གང་མཆིས་པ་དེ་ཡང་ཅི་འདྲ་བར་སྨོན་ལམའདེབས་པོ་དེ་དག་དུས་རིང་པོར་མི་ཐོགས་པར་དེ་བཞིན་དུ་འགྱུར་རོ། །བརྒྱད་པ་སྐྱེ་བ་སྔཕྱིའི་བར་མཚམས་མེད་པར་དམྱལ་བར་འཕེན་པར་བྱེད་པའི་མཚ མས་མེད་པ་ཞེས་བྱ་བའིལས་ལྔ་པོ་སྟེ་ཕ་མ་དགྲ་བཅོམ་པ་གསུམ་པོ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེབཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དག་གིས་སྡིག་པ་རྣམས་ལས་གང་དངགང་སྐྱེས་བུ་གང་གིས་ཉེས་དམིགས་མི་ཤེས་པའི་དབང་གིས་སྔར་བྱས་པ་དག་བྱེད་པ་པོདེ་ཡིས་དད་པས་བཟང་པོ་སྤྱོད་པ་འདི་ཉིད་སྙིང་ཐག་པ་ནས་བརྗོད་ན་མྱུར་དུ་ལས་དེ་དགམ་ལུས་པ་ཡོངས་སུ་བྱང་བར་འགྱུར་བ་ཡིན་ནོ། །དགུ་པ་སྨོན་ལམ་འདེབས་པོ་གང་ཟགདེས་ནི་འཕགས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་རྒྱུ་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡནཔར་འགྱུར་རོ། །བཅུ་པ་ལྟ་ན་སྡུག་པའི་གཟུགས་ཕུན་སུམ་ཚོགས་པ་དང་། དེའང་མཚན་

p. 433

དང་དཔེ་བྱད་རྣམས་ཀྱིས་བརྒྱན་པ་དང་། རྒྱལ་རིགས་མཆོག་སོགས་རིགས་ཕུན་སུམ་ཚོགསཔར་སྐྱེས་པ་དང་། ཁ་དོག་གསལ་བས་གཟུགས་མཛེས་པར་འགྱུར་བའམ། ཡང་ན་ཁདོག་གི་སྐད་དོད་ཝརྞ་ཞེས་པ་རུས་ལའང་འཇུག་པས་རུས་ཁུངས་བཙུན་པར་སྐྱེ་བའི་ཡོནཏན་ལ་སོགས་པ་རྣམས་ལྡན་པར་འགྱུར་རོ། །བཅུ་གཅིག་པ་བདུད་དང་མུ་སྟེགས་རྒོལབ་མང་པོས་ཀྱང་སྨོན་ལམ་འདེབས་མཁན་དེ་མི་ཐུབ་སྟེ་གླགས་ལྟ་བར་མི་ནུས་སོ། །བཅུགཉིས་པ་ས་འོག་ས་སྟེང་ས་བླར་སྤྱོད་པའི་འཇིག་རྟེན་གསུམ་པོ་ཀུན་ནའང་སྨོན་ལམ་འདེབསཔ་པོ་དེ་ལ་འགྲོ་བ་ཐམས་ཅད་ཀྱིས་མཆོད་ཅིང་གུས་པ་དང་ཕན་འདོགས་བྱེད་པར་འགྱུརརོ། །བཅུ་གསུམ་པ་སྨོན་ལམ་འདེབས་པ་པོ་དེ་ཉིད་སྨོན་ལམ་མཐར་ཕྱིན་པས་ཚོགསགཉིས་རྫོགས་ཏེ་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་གང་ཟག་དེ་མྱུར་དུ་འགྲོ་ཞིང་། དེརསོང་ནས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཤིང་དྲུང་དེར་འདུག་སྟེ། བདུད་སྡེདཔུང་དང་བཅས་པ་ཐམས་ཅད་བཏུལ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགསཔར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ། །གསུམ་པ་དོན་བསྡུབ་ནི། གང་ཡང་བཟང་པོ་སྤྱོད་པའ་སྨོན་ལམ་གྱི་རྒྱལ་པོ་འདིའི་དོན་དང་ཚིག་དང་དེ་གླེགསབམ་ལ་བྲིས་པ་འཆང་བ་དང་། ཁ་ཏོན་ནམ་གཞན་ལ་སྟོན་ཏམ། གླེགས་བམ་ཀློག་པརབྱེད་ནའང་རུང་སྟེ་དེ་ཡི་རྣམ་པར་སྨིན་པའི་འབྲས་བུ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཇིབཞིན་པ་ནི་སངས་རྒྱས་ཉིད་ཀྱིས་མཁྱེན་པ་ལས་ཉན་རང་འཕགས་པ་སོགས་ཀྱིའང་སྤྱོདཡུལ་མ་ཡིན་ན་སོ་སྐྱེས་ལྟ་ཅི་སྨོས་ཏེ་དེའི་འབྲས་བུ་མཐར་ཐུག་བྱང་ཆུབ་ཀྱི་མཆོག་རྫོགསཔའི་སངས་རྒྱས་ཐོབ་པར་འགྱུར་བ་ལ་སོམ་ཉི་མ་བྱེད་ཅིག་སྟེ་ཐོབ་ངེས་པའོ། །གཉིས་པ་ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བ་ལ་ལྔ་ལས། དང་པོ་སེམས་དཔའ མཆོག་གིས་བསྔོས་པ་ལ་འཇུག་པ་ནི། འཕགས་པ་འཇམ་དཔལ་ཤེས་རབ་མཆོག་གིསདངོས་འཛིན་འཇོམས་ཤིང་འགྲོ་བའི་དོན་ལ་དཔའ་བོར་གྱུར་པ་དེས་ཇི་ལྟར་ཐུགས་སུ་ཆུདཅིང་མཁྱེན་པ་ལྟར་འཕགས་པ་ཀུན་ཏུ་བཟང་པོ་དེའང་དེ་ཁོ་ན་བཞིན་ཏེ། དེ་ལྟར་སེམས་

p. 434

དཔའ་མཆོག་དེ་དག་ཀུན་གྱི་རྗེས་སུ་བདག་ཀྱང་ཞུགས་ནས་དེ་དང་འདྲ་བར་སློབ་པར་འདོདཅིང་འདུན་པས་བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ལས་བྱུང་བའི་དགེ་བ་ཅི་མཆིས་པའདི་དག་ཐམས་ཅད་རབ་ཏུ་བསྔོ་བར་བགྱིའོ། །གཉིས་པ་རྒྱལ་བས་བསྔོས་པ་ལ་འཇུག་པ་ནི། དུས་གསུམ་དུ་འགྲོ་དོན་ལ་བྱོན་གཤེགས་མཛད་པའི་རྒྱལ་བ་ཐམས་ཅད་ཀྱིས་མགྲིནགཅིག་ཏུ་བཟང་ཞིང་རྒྱ་ཆེ་བའི་བསྔོ་བ་གང་ལ་མཆོག་ཏུ་བསྔགས་ཤིང་བསྟོད་པར་མཛདཔའི་བསྔོ་བ་དེས། འདི་ལྟར་སྨོན་ལམ་བཏབ་པ་ལ་སོགས་པ་ལས་བྱུང་བའི་བདག་གི་དགེབའི་རྩ་བ་འདི་ཀུན་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པ་ཐོབ་པའི་ཕྱིར་རབ་ཏུ་བསྔོ་བར་བགྱིའོ། །གསུམ་པ་སྨོན་ལམ་གྱིས་འབྲས་བུ་མངོན་གྱུར་དུ་བསྔོ་བ་ནི། བདག་ནི་ནམ་འཆི་བའི་དུསབྱེད་པར་གྱུར་པ་ན་ལས་ཉོན་གྱི་སྒྲིབ་པ་སྤྱི་དང་ཁྱད་པར་སངས་རྒྱས་མཐོང་བའི་གེགསལ་སོགས་པ་ཐམས་ཅད་དག་ནི་ཕྱིར་བསལ་ཞིང་མེད་པར་བྱས་ཏེ། མངོན་སུམ་དུ་སངསརྒྱས་སྣང་བ་མཐའ་ཡས་ཉིད་མཐོང་བར་འགྱུར་ལ། དེ་མཐོང་བས་སླར་ཡང་སྒྲིབ་པ་མངཔོ་བྱང་ཞིང་ཏིང་འཛིན་གྱི་སྒོ་དུ་མ་ཐོབ་ནས། དེ་ལས་མི་གཡོ་བཞིན་དུ་བདེ་བ་ཅན་གྱི་ཞིངདེར་ཡུད་ཙམ་གྱིས་རབ་ཏུ་འགྲོ་ཞིང་། དེར་སོང་ནས་ནི་པདྨ་ལས་བརྫུས་ཏེ་སྐྱེས་ནས་བཟངཔོ་སྤྱོད་པའི་སྨོན་ལམ་འདི་ཉིད་བཏབ་པའི་འབྲས་བུ་དེ་དག་ཀྱང་ཐམས་ཅད་མ་ལུས་པམངོན་དུ་འགྱུར་བར་ཤོག་ལ། བདག་གི་སྨོན་ལམ་གྱི་འབྲས་བུ་དེ་དག་མ་ལུས་པས་རངགི་རྒྱུད་ཡོངས་སུ་བཀང་ཞིང་གཞན་གྱི་རེ་བ་ཀུན་ཀྱང་སྐོང་བར་བྱས་ནས་འཇིག་རྟེན་ཇིསྲིད་གནས་པ་དེ་སྲིད་དུ་སེམས་ཅན་ཐམས་ཅད་ལ་ཕན་པར་བགྱིད་པར་གྱུར་ཅིག་པའོ། །བཞི་པ་སངས་རྒྱས་ལས་དངོས་སུ་ལུང་བསྟན་ཐོབ་པར་བསྔོ་བ་ནི། རྒྱལ་བ་འོད་དཔག་ཏུམེད་པའི་འཁོར་གྱི་དཀྱིལ་འཁོར་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པས་བཟང་ཞིང་། ནངདུ་ཏིང་ངེ་འཛིན་དང་ཕྱི་རོལ་ཏུ་སྨོན་ལམ་གྱི་མཐུས་གྲུབ་པའི་བདེ་སྐྱིད་ཕུན་སུམ་ཚོགསཔས་དགའ་བར་གྱུར་པ་དེར་རིན་པོ་ཆེའི་པདྨོ་དམ་པ་ཤིན་ཏུ་མཛེས་པའི་ཟེའུའི་ཁང་པལས་བརྫུས་ཏེ་སྐྱེས་ནས་རྒྱལ་བ་སྣང་བ་མཐའ་ཡས་ཀྱིས་མངོན་སུམ་དུ་ཁྱོད་ཞིང་ཁམས་

p. 435

ག་གེ་མོར་དུས་འདི་ཞེས་བྱ་བར་སངས་རྒྱས་འདི་ལྟ་བུར་འཚང་རྒྱ་བར་འགྱུར་རོ་ཞེས་བྱབའི་ལུང་བསྟན་པའང་བདག་གིས་འཁོར་གྱི་དཀྱིལ་འཁོར་དེར་ཐོབ་པར་ཤོག་ཅིག་པའོ། །ལྔ་པ་ལུང་བསྟན་ཐོབ་ནས་སེམས་ཅན་ལ་ཕན་པ་བསྒྲུབ་པར་བསྔོ་བ་ནི། བདེ་བ་ཅན་གྱིཞིང་དེར་ནི་བདག་གིས་ལུང་བསྟན་དེ་ལྟ་བུ་རབ་ཏུ་ཐོབ་ནས་སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱལ་སོགས་པ་མཐའ་ཡས་པ་ཡིས་གཞན་དོན་ལ་བློ་རྩེ་གཅིག་ཏུ་གཞོལ་བའི་སྟོབས་ཀྱིསཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྐད་ཅིག་རེ་རེར་ཡང་སེམས་ཅན་མཐའ་ཡསཔ་རྣམས་ལ་སྡུག་བསྔལ་སྐྱོབ་པ་ནས་བརྩམས་ཏེ་མངོན་མཐོའ་བདེ་བ་དང་། ངེས་པརལེགས་པའི་བྱང་ཆུབ་གསུམ་ལ་རིམ་པར་འགོད་པའི་བར་གྱིས་ཕན་པ་མང་པོ་འཁོར་བ་ཇིསྲིད་པ་དེ་སྲིད་དུ་བགྱི་བར་ཤོག་ཅིག འདིའི་རྗེས་སུ་བཟང་པོ་སྤྱོད་པའི་སྨོན་ལམ་བཏོནཔ་ཡི། ཞེས་སོགས་ཤོ་ལོ་ཀ་གཉིས་པོ་སྡོང་པོ་བཀོད་པའི་མདོ་དང་། རྒྱ་འགྲེལ་གཞནརྣམས་ན་མེད་མོད་འོན་ཀྱང་མང་ག་ལ་ཤྲྀ་ཛྙཱ་ནའི་ཕྱག་རིས་ཀྱི་རྒྱ་དཔེར་འབྱུང་ཞིང་། ཤཱཀྱབཤེས་གཉེན་གྱི་རྒྱ་འགྲེལ་དང་། ལོ་ཙ་ཆེན་པོ་ཡེ་ཤེས་སྡེས་ཀྱང་བཤད་པ་མཛད་པསམདོ་ཚིག་ཡིན་པར་བྱ་དགོས་ཞེས་མཁས་པ་དག་གིས་གསུངས་ཤིང་། དེས་ན་སྡོང་པོ་བཀོདཔ་ལས་ཚིག་བཅད་དྲུག་ཅུ་དང་། དེའི་སྟེང་གཉིས་པོ་བསྣན་པས་དྲུག་ཅུ་རེ་གཉིས་ནི་རྒྱདཔེ་མང་ཉུང་གི་ཁྱད་པར་དུ་སྣང་ལ། འདི་ཉིད་ཟུར་དུ་བཀོལ་དགོོས་ཀྱི་གླེགས་བམ་བོདམ་ཀུན་གྱི་གཤམ་དུ་སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ་སོགས་ཚིགས་བཅད་གཅིགའབྱུང་བ་ནི་མདོ་དང་འགྲེལ་བ་རྣམས་ན་མེད་ཅིང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་འགྱུརགྱི་སྨོན་ལམ་དུ་མཛད་པ་ཡིན་ནོ་ཞེས་ཀྱང་གྲགས་ཏེ། དེ་ལྟར་དོན་ལ་གནས་སམ་སྙམ་མོ། །ཚིགས་སུ་བཅད་པ་གསུམ་པོ་འདི་ཡང་ཅུང་ཟད་བཤད་ན་དོ ན་གསུམ་སྟེ་སྨོན་ལམ་བཏོནཔ་དང་། སྨོན་ལམ་བསྔོས་པ་དང་། སྨོན་ལམ་གྱི་དགེ་རྩ་ཕྱིར་བསྔོ་བ་གསུམ་ལས། དངཔོ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་གླེགས་བམ་བཀླགས་སམ་ཁ་ཏོན་དུ་བཏོན་པའི་དགེབ་ཅུང་ཟད་བདག་གིས་ཅི་བསགས་པ་དེ་ནི་འགྲོ་བ་སེམས་ཅན་མ་ལུས་པའི་ཡིད་ལ་སྨོན་

p. 436

པའི་དོན་གྲུབ་པར་ཤོག་ཅེས་བརྗོད་པ་སྨོན་ལམ་དུ་བྱས་པའི་དགེ་བ་རྣམས་ཇི་ལྟ་བ་བཞིནདུ་ཡུན་རིང་པོར་མི་ཐོགས་པར་དུས་སྐད་ཅིག་གིས་འབད་རྩོལ་མི་དགོས་པར་ཐམས་ཅདའབྱོར་ཞིང་འགྲུབ་པར་ཤོག་ཅིག་པའོ། །གཉིས་པ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་ཡོངསསུ་བསྔོས་པ་འདི་ཡིས་བསོད་ནམས་ངོ་བོ་བཟང་བས་དམ་པ་དང་རྒྱ་ཆེ་བས་མཐའ་ཡསཔར་གྱུར་པ་གང་ཞིག་ཐོབ་པ་དེས་འགྲོ་བ་སྡུག་བསྔལ་གྱི་ཆུ་བོར་བྱིང་ནས་ཉམ་ཐག་པརྣམས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་བཞུགས་གནས་བདེ་བ་ཅན་གྱི་ཞིངཁམས་རྟག་ཏུ་བདེ་ཞིང་སྐྱིད་པའི་གནས་དེ་རབ་ཏུ་ཐོབ་པར་ཤོག་སྟེ་དེར་སྐྱེ་བར་གྱུར་ཅིགཔའོ། །གསུམ་པ་ནི། སྨོན་ལམ་རྒྱལ་པོ་འདི་དག་གིས་ནི་མཆོག་གི་གཙོ་བོ་བླ་ན་མེད་པའིབྱང་ཆུབ་འགྲུབ་པ་དང་། མཁའ་ལྟར་མཐའ་ཡས་པའི་འགྲོ་བ་སེམས་ཅན་ཀུན་ལ་གནསསྐབས་དང་མཐར་ཐུག་གི་ཕན་བདེ་སྟེར་བར་བྱེད་ཅིང་། ཐམས་ཅད་ཀུན་ཏུ་བཟང་པོའིསྨོན་ལམ་གྱིས་བརྒྱན་པའི་ཞིང་ཁམས་ཁྱད་པར་ཅན་དུ་སྒྲུབ་པས་གྲུབ་སྟེའམ། ཡང་ན་དཔེཕལ་ཆེ་བར་གཞུང་གྲུབ་སྟེ་ཞེས་པ་ལྟར་ན། འཕགས་པ་ཀུན་ཏུ་བཟང་པོས་དེ་བཞིན་གཤེགསཔ་སྲས་དང་བཅས་པའི་སྤྱོད་པ་རབ་འབྱམས་མཛེས་བྱེད་ཟབ་ཅིང་རྒྱ་ཆེ་བའི་ཚིག་དང་དོནགྱིས་རྣམ་པར་བརྒྱན་པའི་སྨོན་ལམ་གྱི་མདོ་ཆེན་པོ་གསུངས་པའི་གཞུང་འདི་ལས་ཇི་སྐདའབྱུང་བ་དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ཏེ་ཕྱོགས་བཅུའི་ཞིང་ཀུན་གྱི་ངན་སོང་གི་རྒྱུདརྣམས་མ་ལུས་པ་སྟོང་པར་ཤོག་ཅིག་པའོ། །གསུམ་པ་མཇུག་གི་དོན་ནི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགསསོ་ཞེས་པ་སྟེ་བཤད་པ་མཐར་ཕྱིན་པའི་དོན་ནོ། །རྒྱ་དཔེ་གཅིག་ན། ཨཱ་ས་མནྟ་བྷ་དྲཙ་པྲ་ཎི་དྷཱ་ན་རཱ་ཛ་ས་མསྟ་མཱ། ཞེས་འབྱུང་སྟེ། འཕགས་པ་ཀུན་ཏུ་བཟང་པོ་སྤྱོད་པའིསྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །ཞེས་པའོ། །དེའི་མཇུག་ཏུ། ཨེ་ཀ་གཱ་ཐཱ་ཙ་ཏུརྦ་གཱ་ཐཱདྭཱ་ཏཱི་ཡ་དྷ་ར་ཎ། ཥཌྨུ་ཁཱི་བྷ་དྲ་ཙ་ཙ་པཉྩ་མུ་དྲཱཿཔྲ་ཀཱི་ཏཱ་ཞེས་འབྱུང་། བསྒྱུར་བ་ནི། ཚིགསབཅད་གཅིག་དང་ཚིགས་བཅད་བཞི། །ཚིགས་བཅད་གཉིས་པ་ཡི་ནི་གཟུངས། །སྒོ་དྲུག་

p. 437

པ་དང་བཟང་སྤྱོད་རྣམས། །ཕྱག་རྒྱ་ལྔ་རུ་རབ་ཏུ་གྲགས། །ཞེས་པའོ། །འཕགས་མཆོགརྣམ་ཐར་མཐའ་ཡས་ལ་འཇུག་པའི། །ཟབ་ཅིང་རྒྱ་ཆེའི་སྨོན་ལམ་རྨད་བྱུང་སྒོ། །ལེགསབཤད་འཕྲུལ་གྱིས་ཕྱེ་དེས་མ་ལུས་འགྲོ། །ཀུན་ཏུ་བཟང་པོའི་སྤྱོད་མཆོག་འགྲུབ་པར་ཤོག ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་ཆུང་འཕགས་མཆོག་རྣམས་ཀྱི་རྣམ་པརཐར་པ་མཐའ་ཡས་ལ་འཇུག་པའི་སྒོ་ཞེས་བྱ་བ་འདི་ནི་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུའིཞམ་རིང་གི་ཐུ་བོ་མ་ཏི་སྭ་ར་སྭ་སྟིའི་གསུང་གིས་བསྐུལ་བ་ལྟར་སྨྱོས་ཀྱི་དགེ་སློང་རྨོངས་པདྷརྨ་ཤྲཱིས་ལྕགས་སྦྲུལ་སྣྲོན་ཟླའི་ཚེས་བཅུ་ཆེན་མོའི་དུས་མཆོད་ཀྱི་ཉིན་ཨོ་རྒྱན་སྨིན་གྲོལགླིིང་གི་ཆོས་གྲྭར་སྦྱར་བའོ། །ཤུབྷཾ་མསྟུ། དགེའོ། །སརྦ་མངྒ་ལཾ།

སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད།

p. 438

སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིརབརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུ མ་བསགས་དང་ཡོད་པའི་དགེ་བ་རྣམས།། བསྡོམ་སྟེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕངབགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུ ལ་དྲྭ་བའིའཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བརང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག །ཉམས་ཆག་རྟོགསྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐངས། །གངཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག ། ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག ། ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོ་ཆོས་སྐུ་མངོན་གྱུར་ཤོག ། བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུ ལ་དྲྭ་བའི་ལམ་གསང་སེམས་ལརྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལབར་ཤོག །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཞིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིནསྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དགའགྲུ བ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེདཔའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་དགུའི་འགལ་རྐྱེན་ཀུ ན་ཞི་ཞིང་། །ཕུན་ཚོགས་མཐའདག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པའང་རིག་པ་འཛིན་པ་འགྱུ ར་མེད་རྡོ་རྗེས་སོ།། །།

སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱིའགྲེལ་བ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

p. 439

སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱིའགྲེལ་བ་བཞུགས་སོ། །འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

p. 440

སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱིའགྲེལ་བ་བཞུགས་སོ། །དངོས་པོའི་སྤྲོས་མཚན་ཀུན་ལས་རབ་ཞི་ཡང་། །འགག་མེད་ཡེ་ཤེས་སྒྱུ་མའི་རོལ་གརགྱིས། །མཐའ་ཡས་འགྲོ་ལ་ཕན་བདེའི་མཆོག་སྩོལ་བ། །ཁྱབ་བདག་འཇམ་དཔལ་དཔའབོས་འགྲོ་འདི་སྐྱོངས། །རྣམ་དཀར་དགེ་བའི་དངོས་པོ་ལྕགས་ཀྱི་ཁམས། །ཐབས་མཁསགྲུབ་པའི་བཅུད་ཀྱིས་ཟིན་པ་ན། །རྣམ་གྲོལ་སྐུ་བཞིའི་དབྱིག་ཏུ་གྲུབ་པའི་ཕྱིར། །སྨོན་པའིམཆོག་འདིར་བརྩོན་པ་དོན་རབ་ལྡན། །དེ་ལ་འདིར་དགེ་བའི་རྩ་བ་གང་ཞིག་བླ་ན་མེད་པའིབྱང་ཆུབ་ཏུ་སྨིན་ཅིང་། མི་མཐུན་པའི་ཕྱོགས་ཀྱིས་མི་ཟད་ཅིང་གོང་ནས་གོང་དུ་སྤེལ་བའིཐབས་ཁྱད་པར་ཅན་ནི་ཡོངས་སུ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་འདེབས་པ་ཡིན་ཞིང་། སྨོནལམ་དེ་ལ་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད་ན་ཡང་སྐབས་འདིར་ནང་རྒྱུད་སྡེ་གསུམགྱི་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་དང་རྗེས་སུ་འབྲེལ་བའི་སྨོན་ལམ་གྱི་རྒྱལ་པོའི་རྣམ་གཞགཅུང་ཟད་ཅིག་འཆད་པ་ལ། བསྔོ་བའི་དཔང་པོར་གསོལ་བ། བསྔོ་རྒྱུའི་དགེ་རྩ་བསྟན་པ། བསྔོ་བ་དངོས་དང་གསུམ་ལས། དང་པོ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་པ་སྟེ། བརྒྱུད་གསུམ་གྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང་། གཞན་ཡང་དཔའབོ་མཁའ་འགྲོ་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མར་བཅས་པའི་རྩ་གསུམ་ལྷག་པའི་ལྷ་ཚོགས་ཏིལགྱི་གོང་བུ་ཁ་ཕྱེས་པ་ལྟར་མངོན་སུམ་བཞིན་དུ་བཞུགས་པ་ཐམས་ཅད་ཡེ་ཤེས་སྒྲིབ་པ་མེདཔའི་གཟིགས་པས་བདག་ལ་དགོངས་སུ་གསོལ་ཞེས་པའོ། །གཉིས་པ་ནི། དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། དུས་གསུམ་བསགསདང་ཡོད་པའི་དགེ་བ་རྣམས། བསྡོམས་ཏེ་ཞེས་དེང་འདིར་གུས་རྟག་གི་བརྩོན་པས་ལམ་

p. 441

རིམ་པ་གཉིས་རྣལ་འབྱོར་ཚུལ་བཞིན་དུ་བསྒྲུབས་པའི་དགེ་བ་འདི་དང་། དེས་མཚོན་པའིརང་གིས་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་དང་། རང་གིས་བསགས་པ་མིནཡང་སེམས་ཅན་གཞན་རྒྱུད་དུ་གྲུབ་པའམ་ཡོད་པའི་དགེ་བ་རྣམས་ཀྱང་བློས་ཕྱོགས་གཅིགཏུ་བསྡོམས་ཏེ་གནས་པ་ནི་གང་བསྔོ་རྒྱུའི་དགེ་བའོ། །དེ་ལ་ཁ་ཅིག་འདི་སྙམ་དུ། རང་གིསད་ལྟའི་དགེ་བ་ད་ལྟ་བ་ཡིན་ལ། དེའི་རྗེས་སུ་དུས་གསུམ་སྟོན་པས་ད་ལྟ་བ་གང་ལ་ངོསའཛིན་སྙམ་ན། དང་པོ་ད་ལྟ་སྒྲུབ་བཞིན་པའི་དགེ་བ་དེ་གཙོ་བོར་སྨྲོས་ལ། དེ་དག་ཏུ་མའདུས་པ་གཞན་དུས་གསུམ་ཅི་རིགས་ཀྱི་ཁུངས་སུ་འདུ་བས། སྤྱིར་རྒྱ་ཆེ་བ་ནས་སྨོས་པའིསྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་པས་ཟློས་པར་མི་འགྱུར་རོ། །ཡང་ཁ་ཅིག་འདི་སྙམ་དུ་འདསད་ལྟར་གྱི་དགེ་བ་མི་མཐུན་ཕྱོགས་ཀྱིས་མ་བཅོས་པ་བསྔོ་རུ་བཏུབ་ན་ཡང་། མ་འོངས་པའིདགེ་བ་ལ་སོགས་པ་མི་འཐད་དེ། དེ་དག་ད་ལྟ་མེད་པའི་ཕྱིར། རི་བོང་གི་རྭ་བཞིན་སྙམན། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་འདུན་པས་དམིགས་པ་ཐམས་ཅད་བྱངཆུབ་ཆེན་པོའི་ལམ་དུ་གཏོང་བ་ལ་འགལ་བ་མེད་དེ། བདག་གི་མ་འོངས་པའི་སྒོ་གསུམགྱི་འཇུག་པ་ཐམས་ཅད་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་དོན་དུ་ཤོག་ཅིག་སྙམན། མ་འོངས་པའི་རང་གི་སྒོ་གསུམ་གྱི་ལས་དང་། དེས་ཕན་འདོགས་པའི་ཡུལ་སེམསཅན་ད་ལྟ་ན་ཡོད་པ་མིན་ཡང་། བློའི་སྟོབས་ཀྱིས་དེ་ལྟར་བསམ་པས་མ་འོངས་པའི་སེམསཅན་ལ་ཕན་འདོགས་པར་ནུས་པ་བཞིན་ཏེ་བྱང་ཆུབ་སེམས་དཔའི་བློ་གྲོས་ཀྱི་ཁྱད་ཆོསསོ། །གསུམ་པ་ལ་མཐར་ཐུག་གི་འབྲས་བུའི་ཆེད་དུ་བསྔོ་བ། གནས་སྐབས་ཀྱི་ལམ་གྱི་ཆེདདུ་བསྔོ་བ། བསྟན་པ་དང་འགྲོ་བའི་དོན་དུ་བསྔོ་བ་དང་གསུམ་ལས། དང་པོ་ནི། བླ་མེདབྱང་ཆུབ་ཆེན་པོར་བསྔོ། །ཞེས་དེ་ལྟ་བུའི་དགེ་རྩ་དེ་དག་གི་ཕྱིར་བསྔོས་ན་གནས་སྐབསལྷ་མིའི་གོ་འཕང་ཙམ་དོན་དུ་གཉེར་ཏེ་མངོན་མཐོའ་ཕྱིར་བསྔོ་བ་མིན་ཞིང་། རང་དོན་ཞིབ་ཕྱོགས་གཅིག་པའི་ཆེད་དུའང་མ་ཡིན་ལ། ཐོབ་བྱ་མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་

p. 442

ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའིཡེ་ཤེས་ཐོབ་པ་ཁོ་ནའི་ཕྱིར་བསྔོ་བའོ། །གཉིས་པ་ལ་བཞི། ལམ་གྱི་རྟེན་དུ་བསྔོ་བ། ལམ་དངོས་ལ་བསྔོ་བ། ལམ་གྱི་བྱེདལས། འགྲུབ་པའི་རྒྱུར་བསྔོ་བ། ལམ་གྱི་མཐུན་རྐྱེན་ཚང་བར་བསྔོ་བའོ། །དང་པོ་ནི། དེངནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དེང་གིདུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཏེ་མངོན་པར་སངས་རྒྱས་ཀྱི་བརདུ་ཐེག་པ་མཆོག་གི་རིགས་ཡོངས་སུ་སད་པས་ན་རིགས་བཟང་པོ་གསེར་ལྟ་བུ་ཉིད་དུ་འགྱུརབ་དང་། ཐེག་པ་མཆོག་གི་ལམ་གསང་རྟོགས་ནུས་པའི་བློ་གྲོས་ཤིན་ཏུ་གསལ་བ་དང་། རང་རྒྱུད་ལ་ཡོན་ཏན་སྐྱེ་བའི་གེགས་སུ་གྱུར་པའི་ང་རྒྱལ་མེད་པ་དང་། སེམས་ཅན་ཡོངསསུ་མི་འདོར་བའི་སྙིང་རྗེ་ཆེན་པོའི་རྒྱུད་ཡོངས་སུ་གང་ཞིང་། ལམ་གྱི་རྩ་བ་མཚན་ཉིད་དངལྡན་པའི་བླ་མ་མཆོག་ལ་མི་འགྱུར་བའི་གུས་པ་དང་ལྡན་པའི་སྒོ་ནས་དོན་གཉིས་སམ་དངོསགྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པའི་དཔལ་དང་ལྡན་པར་གཉིས་མེད་ཀྱི་ཡེ་ཤེསརྡོ་རྗེ་ལྟ་བུ་གཞིག་ཅིང་གཞོམ་དུ་མེད་པ་ལ་འདེགས་ཤིང་སྦྱོར་བའི་ལམ་ནི་ཐེག་པ་སྟེ། དེསརྡོ་རྗེའི་ཐེག་པ་ཞེས་ཡོངས་སུ་གྲགས་པ་ལ། དབང་གིས་སྨིན་པ་སོགས་འོག་ནས་འཆདའགྱུར་ལྟར་གྱི་ཡོན་ཏན་དང་ལྡན་པས་སྔགས་ལ་ཞུགས་ཙམ་གྱི་གཟུགས་བརྙན་ལྟ་བུ་མཡིན་པར་མཚན་ཉིད་དང་ལྡན་པའི་ཚུལ་བཞིན་དུ་གནས་པ་ལ་ངེས་པར་གནས་པར་ཤོགཅིག་ཅེས་གསུངས་ཏེ། མདོར་ན་ཐེག་པ་ཆེན་པོ་སྔར་གདུལ་བྱ་ཐུན་མོང་མ་ཡིན་པའི་རིགསསུ་ངེས་པ་གཞིར་བཞག་ནས་ལམ་གྱི་དངོས་གཞི་ཆོས་ཐམས་ཅད་ལྷག་པའི་བདེན་པ་དབྱེརམེད་དུ་གཏན་ལ་འབེབས་ནུས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུརབ་མྱུར་བར་སངས་རྒྱས་ཐོབ་འདོད་ཀྱི་སྙིང་རྗེ་གཉིས་དང་ལྡན་ཞིང་ལམ་རྒྱུད་ལ་སྐྱེ་བའིགེགས་ང་རྒྱལ་སྤངས་ཤིང་མཐུན་རྐྱེན་མོས་པ་ཕུན་སུམ་ཚོགས་པ་སྟེ་མེད་དུ་མི་རུང་བའི་

p. 443

ཡོན་ཏན་གྱི་ཁྱད་པར་དེ་དག་དང་ལྡན་པའི་སྒོ་ནས་དཔལ་ལྡན་རྡོ་རྗེའི་ཐེག་པ་ལ་ངེས་པརགནས་པ་ཉིད་དུ་ཤོག་ཅིག་ཅེས་སོ། །གཉིས་པ་ལ་གཉིས། ལམ་སྤྱིའི་ཆེད་དུ་བསྔོ་བ་དང་། བྱེ་བྲག་སོ་སོའ་ཆེད་དུ་བསྔོ་བའོ། །དང་པོ་ནི། དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེནསྒྲུབ་མཐར་ཕྱིན་ནས། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམགཉིས་བདེ་བླག་འགྲུབ་གྱུར་ཅིག །ཅེས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཉུགམའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བསྒྲུབ་གཞིརགནས་པ་ཉིད་དབང་བཞིའི་སྒོ་ནས་སད་པར་བྱས་ཤིང་སྐུ་བཞིར་སྨིན་རུང་གི་ནུས་པ་ཁྱདཔར་ཅན་རྒྱུད་ལ་འཇོག་པ་སྟེ། དེ་ཡང་གང་ཟག་གི་དབང་པོའི་བྱེ་བྲག་ལ་ལྟོས་པའི་གོ་མྱོངརྟོགས་པ་གསུམ་གྱི་ཚུལ་དུ་དབང་དོན་གྱི་ཡེ་ཤེས་ལ་ངེས་པ་ཅི་རིགས་འདྲོངས་པ་ནི་ལམབསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་རྒྱུར་འགྱུར་བས་ན་དབང་གིས་སྨིན་པ་ཞེས་གསུངསཔ་ཡིན་ལ། དེ་ནི་གསང་སྔགས་ཀྱི་ལམ་ཐམས་ཅད་ཀྱི་འཇུག་སྒོ་ཡིན་ཞིང་། དེ་ལྟར་དབངཐོབ་པ་ཙམ་གྱིས་མི་ཆོག་སྟེ། དབང་གི་སྲོག་དམ་ཚིག་དང་སྡོམ་པས་ཚུལ་བཞིན་དུ་མ་བཟུངན་དངོས་གྲུབ་རྣམ་པ་གཉིས་མི་ཐོབ་པས་སྐྱོན་སྤང་བའི་ཆ་ནས་སྡོམ་པ་དང་། ཡོན་ཏནབསྒྲུབ་པའི་ཆ་ནས་དམ་ཚིག་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་འདའ་བར་བྱ་བ་མ་ཡིནཔའི་གནས་རྣམས་ཀྱིས་ཉེས་སྟོང་གི་དྲི་མ་མཐའ་དག་སྡོམ་པར་བྱེད་པ་དང་ལྡན་པ། དེ་ལྟརདབང་གིས་སྨིན་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་དེས་བསྐྱེད་རྫོགས་རིམཔ་གཉིས་ཀྱི་ལམ་ལ་བསྙེན་པ་དང་སྒྲུབ་པ་མཐར་ཕྱིན་ནས་དཀའ་བ་མེད་པར་རིག་འཛིནརྣམ་པ་བཞིའི་གོ་འཕང་མྱུར་དུ་བགྲོད་དེ། ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ་མཆོག་གིདངོས་གྲུབ་དང་། གྲུབ་པ་དང་དབང་ཕྱུག་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་སྟེ། དངོས་གྲུབ་རྣམ་པ་གཉིས་པོ་དཀའ་ཚེགས་དང་ཡུན་རིང་དུ་འབད་མི་དགོས་པར་བདེ་བླགཏུ་འགྲུབ་པར་གྱུར་ཅིག་ཅེས་སོ། །དེ་ལ་བསྙེན་སྒྲུབ་བཞི་དང་སྦྱར་ཚུལ་དུ་མ་ཡོད་ཀྱང་།

p. 444

བསྐྱེད་རིམ་དང་སྦྱར་ན་སྟོང་ཆེན་དང་སྙིང་རྗེ་སྒྱུ་མ་བསྙེན་པ། ཕྱག་རྒྱ་ཕྲ་རག་ཉེ་བསྙེན། སྤྲོས་བཅས་ནས་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བསྒོམ་པའི་བར་སྒྲུབ་པ། ཚོམ་བུཚོགས་སྒྲུབ་ཀྱི་དངོས་གྲུབ་བླངས་པ་བསྒྲུབ་པ་ཆེན་པོའོ། །རྫོགས་རིམ་དང་སྦྱར་ན། ཀུནརྫོབ་བྱང་ཆུབ་ཀྱི་སེམས་རྟེན་དང་བརྟེན་པར་བཅས་པའི་གནད་ཤེས་པ་བསྙེན་པ། རང་བྱུངལུས་གནས་ཀྱི་དཀྱིལ་འཁོར་གསལ་ཞིང་དེ་ལ་གནད་དུ་བསྣུན་པ་ཉེ་བསྙེན། ཕྱག་རྒྱ་མོབྱིན་གྱིས་བརླབ་པ་སྒྲུབ་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་དཔེ་དོན་གྱི་ཡེ་ཤེསནི་སྒྲུབ་པ་ཆེན་པོའོ། །གཉིས་ཀ་དང་སྦྱར་ན་དབང་བཞིའི་ལམ་བསྐྱེད་རྫོགས་སོགས་དངབསྙེན་སྒྲུབ་བཞི་པོ་རིམ་པར་སྦྱར་རོ། །གཉིས་པ་ལ་གསུམ། རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཉམས་ལེན་ལ་སྨོན་པ། ལུང་ན་རག་དོངསྤྲུགས་ཀྱི་ཉམས་ལེན་ལ་སྨོན་པ། མན་ངག་རྫོགས་པ་ཆེན་པོའི་ཉམས་ལེན་ལ་སྨོན་པ་དངགསུམ་ལས། དང་པོ་ལ་བཞི། སྣང་བ་སྐུ་ཡི་དཀྱིལ་འཁོར་ལ་སྨོན་པ། སྒྲ་གྲགས་གསུངགི་དཀྱིལ་འཁོར་ལ་སྨོན་པ། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ལ་སྨོན་པ། ཐམས་ཅདབདེ་ཆེན་གྱི་རོལ་པ་ལ་སྨོན་པའོ། །དང་པོ། ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་རྫོགས། །ཞེས་པ་སྟེ། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཅིར་སྣང་བ་ཐམས་ཅད་ཐ་མལ་རང་མཚན་གྱིཞེན་པ་ལོག་སྟེ། སྣང་སྟོང་སྐུ་རྡོ་རྗེ་སྒྱུ་འཕྲུལ་དྲྭ་བ་ཞེས་སྒྱུ་མ་ལྟར་འཕྲུལ་ཞིང་མང་ལ་འབྲེལབའི་དྲྭ་བའམ། ཡང་ན་ཅིར་སྣང་གི་དངོས་པོ་སྒྱུ་མ་ལྟ་བུ་རྣམས་རང་བཞིན་རྣམ་པར་དགཔའི་ལྷའི་ངོ་བོར་འཕྲུལ་པའམ་ཤར་ཞིང་། དེ་ལྟར་ལྷ་དང་རྟོག་ཚོགས་དབྱེར་མེད་དུ་འབྲེལབའམ་མཉམ་པའི་དོན་དུ་ཞེས་བཤད་དེ། གང་ལྟར་ཡང་མདོར་ན་ཅིར་སྣང་གི་དངོས་པོཐམས་ཅད་སྒྱུ་འཕྲུལ་དྲྭ་བ་ལྷ་ཡི་འཁོར་ལོའམ་ཚོགས་སམ་རང་བཞིན་དུ་འབྱམས་ཀླས་པསྟེ་སྣང་བ་ཐམས་ཅད་སྐུ་རྡོ་རྗེའི་ངོ་བོར་རྫོགས་པའོ། །གཉིས་པ་ནི། གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །ཞེས་སྒྲ་གྲགས་པཐམས་ཅད་གྲགས་ཙམ་ཉིད་ནས་རང་གི་ངོ་བོས་སྟོང་པའི་གྲགས་སྟོང་ཟུང་འཇུག་བརྗོད་

p. 445

དུ་མེད་པའམ། བརྗོད་པ་དང་བྲལ་བའི་གསང་སྔགས་ཀྱི་སྒྲ་གདངས་ཤར་བའོ། །གསུམ་པ་ནི། སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །ཞེས་སེམས་ཀྱི་རྣམ་པརརྟོག་པའི་འགྱུ་བ་སྣ་ཚོགས་པ་གསལ་བ་སྟོང་པ་ཟུང་དུ་འཇུག་པའི་རང་རིག་འདུས་མ་བྱསཔའི་དབྱིངས་འོད་གསལ་ཐུགས་ཀྱི་རྡོ་རྗེ་ཉིད་དུ་ཤར་བའོ། །བཞི་པ་ནི། བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག །ཅེས་དེ་ལྟར་སྣང་གྲགསརྟོག་པའི་ཆོས་ཐམས་ཅད་བདེ་བ་ཆེན་པོ་རིག་སྟོང་ཟུང་འཇུག་ཡེ་ཤེས་རྡོ་རྗེ་ཉག་གཅིགགི་རོལ་པར་ཤར་བ་སྟེ། དེ་ཡང་ཐ་མལ་གྱི་རྣམ་པར་རྟོག་པ་ཐམས་ཅད་སྡུག་བསྔལ་ཡིན་ལ། དེ་དང་བྲལ་བ་གང་ཡིན་པ་བདེ་བ་སྟེ། དེ་ཡང་གཞོམ་གཞིག་དང་བྲལ་ཞིང་བླ་ན་མེདཔས་ན་ཆེན་པོའོ། །དེ་ལྟ་བུའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་འཁོར་འདས་བརྟན་གཡོ་ཐམསཅད་ལ་ཁྱབ་པས་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཞེས་བྱ་སྟེ། དངོས་པོའི་ཆོས་གང་ཡང་མསྤངས་དངོས་པོའི་ཆོས་གང་ལའང་མི་གནས་པའི་རང་བཞིན་རང་བྱུང་ཡེ་ཤེས་ཉག་གཅིགགི་ཀློང་དུ་འཁོར་འདས་ཐམས་ཅད་རྫོགས་པ་སྟེ། དེ་ཡང་ཆོས་རྣམས་དང་གསར་དུ་འདུབ་དང་། སླར་ཡང་འབྲལ་བ་ལྟ་བུ་མ་ཡིན་པར་གདོད་ནས་འདུ་འབྲལ་མེད་པའི་དེ་ཁོ་ནཉིད་ཡེ་ཤེས་རྡོ་རྗེར་མངོན་དུ་འགྱུར་བར་ཤོག་ཅིག་ཅེས་པའོ། །དེ་ལྟ་བུའི་སྐུ་གསུང་ཐུགསཡེ་ཤེས་རྡོ་རྗེའི་རང་བཞིན་དུ་ཤར་བའི་གནད་འདི་ལ་ཡང་བསྐྱེད་རྫོགས་སོ་སོ་དང་སྦྱར་ནསྐུ་གསུང་ཐུགས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་བརྩོན་པ་དང་། སྒྱུ་ལུས་དང་། རླུང་སྔགསམི་ཤིགས་པའི་བཟླས་པ་དང་། འོད་གསལ་དང་། ཟུང་འཇུག་གི་རྣལ་འབྱོར་བསྒོམས་པའིསྟོབས་ཀྱིས་གོམས་པ་ཀློང་དུ་གྱུར་པའི་འབྲས་བུ་ཡིན་པ་རིག་པར་བྱའོ། །ཡང་ན་དབངབཞི་དང་འབྲེལ་བའི་ལམ་བཞི་བསྒོམ་པ་ལས་སུ་རུང་བའི་འབྲས་བུ་སྣང་སྲིད་དག་པ་རབའབྱམས་སུ་ཤར་བའི་གནད་ཡིན་པར་བལྟའོ། །གཉིས་པ་ལའང་། སྒྲིབ་པ་ཡེ་དག་གི་བཤག་པ། ཡོན་ཏན་ཡེ་ལྡན་གྱི་སྐོང་བ། རྒྱུདཉོན་མོངས་རང་གྲོལ། འབྲས་བུ་ངན་སོང་དོང་སྤྲུགས་སོ། །དང་པོ་ནི། ཉམས་ཆག་རྟོག་

p. 446

སྒྲིབ་མ་སྤངས་གནས་སུ་དག །ཅེས་ཉོན་མོངས་པའི་དབང་གིས་རང་རྒྱུད་ཀྱི་དམ་ཚིག་ཉམསཤིང་ཉམས་པའི་སྐྱོན་དེ་དག་གཉེན་པོས་མ་བཅོམ་པར་ལྕགས་ལ་བཙའ་ལྟར་ཆགས་ཤིངཞེན་པར་གྱུར་པ་དང་། སྣོད་བཅུད་རྒྱུད་རྣམས་ངོ་བོའ་གནས་ཚུལ་དག་པ་ལྷའི་རང་བཞིནཡིན་ཡང་ཕུང་སོགས་ཐ་མལ་དུ་འཛིན་པ་ནི་རྟོག་སྒྲིབ་བོ། །དེ་ལྟ་བུའི་བཤག་བྱ་ཉམསཆགས་དང་རྟོག་སྒྲིབ་དེ་དག་བཤགས་ཚུལ་ཅི་ལྟ་བུས་བཤགས་ན་བཅོས་ཤིང་བསྒྱུར་བ། སྤངས་ཤིང་ཟད་པ་ལྟ་བུ་མ་ཡིན་པར་རང་རང་གི་ངོ་བོ་ལ་གདོད་ནས་བདེན་པར་གྲུབ་པམེད་པས་གཉེན་པོ་གཞན་གྱིས་བཅོམ་ཞིང་མ་སྤངས་པར་རང་བབས་སུ་བཞག་པས་རངརང་གི་གནས་ཡེ་ཤེས་སུ་དག་པ་སྟེ། ཐག་པ་ལ་སྦྲུལ་འཛིན་གྱི་བློ་ཞིག་པ་ལྟ་བུའོ། །གཉིས་པ་ནི། ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐང་། །ཞེས་ཕྱི་ཡོ་བྱད་རྫསཀྱིས་བསྐང་བ་སྨན་གཏོར་རཀྟ་མར་མེ་དངོས་སུ་བཤམས་པ་དང་། ནང་ཕུང་པོ་རྟེན་གྱིསབསྐང་བ་ནི་ཕྱིའི་ཡོ་བྱད་རྣམས་མཚོན་བྱེད་དུ་བྱས་ཏེ་ནང་གི་ཁུ་རྡུལ་རླུང་གསུམ་འོད་གསལབའི་སེམས་དང་བཅས་པ་སྨན་སོགས་སུ་ཤེས་པ་དང་། གསང་བ་བྱང་ཆུབ་ཀྱི་སེམས་གསལབ་སྟོང་པ་ཟུང་དུ་འཇུག་པ་རིག་པའི་ཡེ་ཤེས་མཐའ་དང་བྲལ་བ། སྐྱོན་ཀ་དག་ཡོན་ཏནཡེ་ལྡན་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པ་གསུམ་གྱི་སྒོ་ནས་བསྐང་བའོ། །དེ་ལ་སྐོངབ་ཞེས་བྱ་བ་ཡོན་ཏན་གྱི་རྣམ་པ་ཉམས་ཤིང་ཁ་འཕྲི་བ་དེ་རང་སོར་ཆུད་པར་བྱ་བ་ཡིནནོ། །དེ་ལ་ཚུལ་ཇི་ལྟ་བུས་བསྐང་ན། སྔར་མེད་གསར་བཞག་ལྟ་བུ་མ་ཡིན་པར་ཡོན་ཏནཡེ་ལྡན་དབྱེར་མེད་ཀྱི་དོན་རྟོགས་པས་བསྐང་བ་སྟེ། ཕྱི་སྣོད་དང་ནང་ལུས་ཀྱི་དངོས་པོཐམས་ཅད་གསང་བ་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་པས་ན། སྣང་སྲིད་ཀྱི་དངོས་པོ་ཐམསཅད་དག་པ་ཡེ་ཤེས་ཀྱི་ངོ་བོར་དབྱེར་མེད་དུ་རྟོགས་པས་བསྐང་བ་སྟེ། ཡོན་ཏན་ཐམསཅད་འབད་མེད་ཡེ་ལྡན་དུ་བསྐང་བའོ། །ཡང་ན་ཕྱི་འབྱུང་བ་ལྔ། ནང་ཕུང་པོ་ལྔ་གསང་བརྣམ་ཤེས་ཚོགས་བརྒྱད་རྣམས་ཡུམ་ལྔ་རིགས་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་དག་པའམ་གདོདནས་དབྱེར་མེད་པའི་དོན་རྟོགས་པས་རྟོག་ཚོགས་ལྷའི་རང་བཞིན་དུ་བསྐང་བའོ། །དེ་ལྟར་

p. 447

བཤགས་སྐོང་གཉིས་པོ་འདི་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་དུ་རྟོགསཔའི་གཤིས་ལ་སྤང་བྱའི་དྲི་མ་མ་སྤངས་པར་དག་པ་དང་། ཆོས་ཀྱི་དབྱིངས་སུ་ཟག་པ་མེདཔའི་ཡོན་ཏན་རྣམས་འབྲལ་མེད་དུ་གནས་པས་ཡོན་ཏན་ཡེ་ལྡན་གྱི་ཚུལ་དུ་བསྐང་བ་སྟེཐེག་པ་ཆེན་པོའི་ཁྱད་ཆོས་བསལ་བཞག་མེད་པའི་གནད་དེ། འདི་ལ་བསལ་བྱ་ཅི་ཡངམེད། །བཞག་པར་བྱ་བ་གང་ཡང་མེད། །ཅེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ཞེས་པ་སྟེ། མཚོནབྱེད་རྟགས་ཀྱི་ཀུན་ཏུ་བཟང་པོ་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཀུན་ཏུ་བཟང་པོ་ངོ་འཕྲོདཔ་ན་རྣམ་རྟོག་གང་ཤར་བ་ཐམས་ཅད་ཆུ་དང་རླབས་བཞིན་རང་སར་རང་གྲོལ་བས་ཀུནནས་དོར་བྱ་མ་དག་རང་མཚན་པའི་ཆོས་མི་རྙེད་པར་ཀུན་ཏུ་བཟང་པོའི་དགོངས་པའི་ཀློངཡངས་སུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པར་བརྡལ་བ་ནི་ཉམས་ཀུནཏུ་བཟང་པོའོ། །བཞི་པ་ནི། ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཅེས་དེ་ལྟར་རྒྱུ་ཉོན་མོངསཀྱི་རྟོག་ཚོགས་མ་སྤངས་རང་སར་གྲོལ་བས་འབྲས་བུ་ངན་སོང་དུ་འགྲོ་བའི་ས་བོན་དྲུངསནས་ཕྱུངས་ཏེ། འཁོར་འདས་སྤང་བླང་གི་མཚན་རྟོག་ཡོངས་སུ་ཟད་པས་ངན་སོང་དོང་ནསསྤྲུགས་པ་ཡིན་ལ། སྲིད་པ་དང་ཞི་བའམ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་བྱངཆུབ་ཀྱི་སེམས་སུ་རོ་མཉམ་པར་བརྡལ་ཏེ་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པར་གྱུརཅིག་ཅེས་པའོ། །གསུམ་པ་མན་ངག་རྫོགས་ཆེན་ལའང་། ཐིག་ལེ་རང་གནས་གྱི་ལྟ་བ། བསྲུང་དུ་མེདཔའི་དམ་ཚིག འདུ་འབྲལ་མེད་པའི་བསྒོམ་པ། སྤང་ཐོབ་བྲལ་བའི་འབྲས་བུ་དང་བཞི་ལས། དང་པོ་ནི། ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །ཞེས་པ་སྟེ། ཐིག་ལེ་ཞེས་པ་གྲྭ་ཟུརམེད་པར་ཀུན་ནས་ཟླུམ་པའི་དོན་ཏེ་ཡེ་སྟོང་ཆེན་པོར་གདངས་རྩལ་ལྷུན་གྱིས་གྲུབ་པའི་ཡེཤེས་སྐུ་དང་ཞིང་ཁམས་རྒྱ་མཚོ་མ་ལུས་པར་རྫོགས་པའི་གནས་ལུགས་ཀྱི་དོན་མཐོང་བའོ། །

p. 448

གཉིས་པ་ནི། དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག །ཅེས་སྣང་སྲིད་འཁོར་འདསཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ངང་དུ་ལ་བཟླས་པས་མེད་པཕྱལ་པ་ལྷུན་གྲུབ་གཅིག་པུའི་དམ་ཚིག་སྟེ། ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤེས་པསདེ་ལས་གཞན་པའི་དམ་ཚིག་བསྲུང་རྒྱུ་མེད་པ་ཡེ་བསྲུང་གི་དམ་ཚིག་ཆེན་པོར་སྤང་བླང་གིམཚན་མ་ཐམས་ཅད་རང་བབས་སུ་དག་སྟེ། བསྲུང་མེད་བསྲུང་བ་ཀུན་གྱི་རྒྱལ་པོ་སྣོདབཅུད་ཡེ་ཤེས་ཀྱི་འཁོར་ལོར་རྟོགས་པའི་གནད་ལ་མི་འདའ་བ་སྟེ། འདི་ནི་དམ་ཚིག་ཀྱངཡིན་ལ་སྤྱོད་པའང་དོན་གྱིས་འདིར་འདུའོ། །གསུམ་པ་ནི། ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །ཞེས་སེམས་ཉིད་སྤྲོསབྲལ་རང་བྱུང་གི་ཡེ་ཤེས་གཅིག་གི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་དབྱེར་མེདཔས་ན་ཤེས་བྱའི་ཆོས་ཐམས་ཅད་ལ་ཁྱབ་པར་བརྡལ་བའི་འདའ་བར་དཀའ་བའི་ཐུགསཀྱི་ཡེ་ཤེས་ཆེན་པོར་བཟང་ངན་གྱི་ཞེན་རྟོག་ཟད་དེ། རིས་མེད་པའི་ཡེ་ཤེས་ཀྱི་རོལ་པའབའ་ཞིག་ལས་མ་དག་རང་མཚན་པ་འཁོར་བར་འཆིང་བའི་ཆོས་ཤིག་གསེར་གླིང་དུ་རྡོཕལ་པ་བཞིན་བཙལ་ཀྱང་མི་རྙེད་པར་ཐག་ཆོད་པས་བཟང་འདོད་ཀྱི་རེ་བ་དང་། ངན་འདོདཀྱི་དོགས་པས་ཀུན་ནས་དཀྲིས་པའི་འཆིང་བ་དམ་པོའི་མདུད་པ་གྲོལ་ཏེ་སོ་མ་དལ་བ་རྣལམ་བག་ཡངས་སུ་སྐྱོང་བའོ། །བཞི་པ་ནི། རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །ཅེས་འཁོར་འདས་ཐམསཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་ན་སྐུ་དང་ཡེ་ཤེསཐམས་ཅད་དབྱེར་མེད་རོ་གཅིག་པའི་ཚུལ་དུ་རྫོགས་པས་རང་བཞིན་རྫོགས་པ་ཆེན་པོརརྟོགས་གོམས་མཐར་ཕྱིན་པས་ཟག་མེད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྟེན་དུ་གྱུརཔ་རང་བྱུང་ཆོས་ཀྱི་སྐུ་རང་གི་ངོ་བོའ་བཞུགས་ཚུལ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པར་ཤོགཅིག་ཅེས་པའོ། །གསུམ་པ་ནི། བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་

p. 449

བཟང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེདཔའི་འགྲོ་བ་སྒྲོལ་བར་ཤོག །ཅེས་པ་སྟེ། དགོངས་བརྡ་སྙན་བརྒྱུད་དེ་བརྒྱུད་པ་གསུམ་གྱིརིམ་པ་ལས་འོང་བའི་དབང་བསྐུར་རྒྱུད་བཤད་བསྐྱེད་རྫོགས་དང་བཅས་པའི་བཀའ་བབསཀྱི་ཆུ་བོ་བཞིའི་བྱིན་རླབས་སྙིང་ལ་རོ་གཅིག་ཏུ་ཞུགས་ཤིང་རྟོག་ཚོགས་ལྷའི་ངོ་བོར་དགཔའི་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལམ་གྱི་གསང་བའི་གནད་ཟབ་མོ་སེམས་ལ་རྫོགས་པ་སྟེ་མལུས་པ་མངོན་དུ་རྟོགས་ནས། ཐུན་མོང་དང་མཆོག་གི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམཔ་བཞི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང་། དེ་ལྟ་བུའི་ཕྲིན་ལས་དེ་ཡིས་ནམམཁའ་གར་ཁྱབ་པའི་མུདང་མཐའ་མེད་པའི་འགྲོ་བ་ཇི་སྙེད་པ་རྣམས་གང་ལ་གང་འདུལགྱི་སྒོ་ནས་བྱང་ཆུབ་གསུམ་གྱི་ལམ་ལ་སྒྲོལ་བར་ཤོག་ཅིག་ཅེས་པའོ། །བཞི་པ་ལམ་གྱི་མཐུན་རྐྱེན་ཚང་བ་ལ་སྨོན་པ་ནི། ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུངསྟོན་ཅིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆདཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །ཅེས་པ་ཡི་དམ་ཞི་བ་དངཁྲོ་བོ་རྣམས་ཀྱི་སྤྲུལ་པའི་འཁོར་ལོས་ས་ལམ་དང་ཉམས་རྟོགས་ཀྱི་གེགས་སེལ་བོགསའདོན་རང་གཞན་གྱི་དོན་འགྲུབ་པའི་ཚུལ་རྣམས་ལུང་དུ་བསྟན་པ་སྟེ། དེ་ཡང་འཁོར་ལོཞེས་ཡང་ནས་ཡང་དུ་རྒྱུན་མི་ཆད་པའི་དོན་དུ་བཟུང་ངོ་། །གནས་གསུམ་གྱི་དཔའ་བོ་མཁའའགྲོ་རྣམས་ཀྱིས་བུ་བཞིན་དུ་སྐྱོང་བར་མཛད་པ་དང་། ཡེ་ཤེས་དང་ལས་དང་འཇིག་རྟེནགྱི་དྲེགས་པ་དཀར་ཕྱོགས་ལ་དགའ་བའི་ཆོས་སྐྱོང་སྲུང་མས་བྱང་ཆུབ་སྒྲུབ་པའི་བར་ཆདཀྱི་འཚེ་བ་ཀུན་བསལ་ནས་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཡིད་ལ་རེ་བའམ་སྨོན་པ་མཐའདག་སྟེ་མ་ལུས་པ་འགྲུབ་པར་གྱུར་ཅིག་ཅེས་པའོ། །གསུམ་པ་བསྟན་འགྲོའི་དོན་དུ་བསྔོ་བ་ནི། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞིཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་འཇིག་རྟེན་གྱི་ཕན་བདེ་

p. 450

མཐའ་དག་གི་རྩ་བ་ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དངསྒྲུབ་པའི་སྒོ་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་གོང་དུ་འཕེལ་བའི་ཚུལ་གྱིས་རྒྱས་ལ་ཡུནརིང་དུ་གནས་པ་དང་། བསྟན་པ་དེ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་འགྲོའིདཔལ་ཡོན་སྤེལ་བའི་བཞེད་པའི་དོན་འཁོར་ལོ་གསུམ་གྱི་མཛད་བཟང་ཐམས་ཅད་ཀུནནས་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། མ་ལུས་ཤིང་ལུས་པ་མེད་པའི་སྐྱེ་རྒུའི་འགལརྐྱེན་དུ་གྱུར་པ་གནས་སྐབས་མཐར་ཐུག་གི་འཇིག་རྟེན་གྱི་རྒུད་པའི་ཚོགས་ཀུན་མཐའ་དགལྷག་མེད་དུ་ཞི་ཞིང་། སྲིད་ཞིའི་དགེ་ལེགས་ཀྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ཇི་སྙེད་པམཐའ་དག་ཡིད་ལ་བསམ་པ་བཞིན་དུ་འབྱོར་བར་གྱུར་ཅིག་ཅེས་པའོ། །དེ་ལྟར་ཟབ་དོནརྡོ་རྗེའི་གསུང་དབྱངས་ཉིད། །མོས་པའི་དབང་གིས་ཅུང་ཟད་བཀྲལ་བ་ལས། །མ་རྟོགསལོག་པར་རྟོག་པའི་ཆ་མཆིས་ན། །རྩ་གསུམ་སྲུང་མའི་སྤྱན་སྔར་མཐོལ་ཞིང་བཤགས། །བདག་རྒྱུད་རྣམ་དཔྱོད་མྱུ་གུ་འཕེལ་བའི་ཕྱིར། །འཇམ་མགོན་དགྱེས་པའི་ཞལ་གྱི་བུམབཟང་ལས། །བསྐུལ་གསུང་བདུད་རྩིའི་ཐིག་ཕྲན་འཐོར་བའི་ཚེ། །ཚུལ་འདི་སྨྲ་བའི་སྤོབསཔ་ཅུང་ཟད་རྙེད། །དེ་ཚེ་རིགས་ལམ་བྱེ་བའི་ཆུ་གཏེར་ལས། །རྣམ་དཔྱོད་མགྲིན་པའི་ལམདུ་ཡོངས་འཁྱིལ་བ། །མང་ཐོས་དྲང་སྲོང་དགྱེས་པའི་ཞལ་གྱི་ལུང་། །དྲི་མེད་བདུད་རྩིའིཀླུང་དང་འགྲོགས་པ་ལས། །བླ་མའི་དྲིན་གྱིས་ལེགས་བཤད་ཆ་ཡོད་ན། །དགེ་བ་དེས་ནིམཐའ་ཡས་འགྲོ་བ་ཀུན། །རྨད་བྱུང་ཐེག་པ་མཆོག་ལ་རབ་ཞུགས་ནས། །ཕྱམས་གཅིགགདོད་མའི་གཞི་ལ་གྲོལ་གྱུར་ཅིག །ཅེས་པ་འདི་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་བཀའ་དྲིན་གཞལ་དུམེད་པ་འཇམ་མ གོན་བླ་མ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་གསུང་གི་གནང་བ་སྩལ་བ་ལ་བརྟེན། མཁན་ཆེན་པདྨབཛྲ་ལས་བཤད་ལུང་མནོས་ནས་སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱི་འབྲུ་འགྲེལ་ཅུང་ཟད་འགོད་པ་པོ་ནི་མི་ཕམ་བློགྲོས་དྲི་མེད་ཅེས་བྱ་བ་རྨོངས་རྟུལ་གྱི་ན་བ་བདག་གིས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བྲིས་པ་ཡིན་ལ། བླ་མའི་དྲིན་གྱིསབྲིས་པར་གྱུར་མོད་ཀྱི་མ་རྟོགས་པ་དང་ལོག་རྟོག་གི་ཆ་ནི་རང་བློའི་དྲི་མའི་སྐྱོན་ཡིན་པས་མཁས་པའི་དབང་པོ་རྣམསལ་བཤགས་ཤིང་། དགེ་བས་བསྟན་འགྲོའི་བདེ་སྐྱིད་ཐམས་ཅད་ཡར་ངོའ་དུས་ཀྱི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བར་
གྱུར་ཅིག་གུ། མངྒ་ལཾ།། །།

འདས་ཆེམས་གདམས་པའི་སྙིང་པོ།

p. 451

འདས་ཆེམས་གདམས་པའི་སྙིང་པོ་བཞུགས། ཨོ་རྒྱན་གཏེར་བདག་གླིང་པ། ༈ ན་མོ་ཀྵ་ར་བཛྲ་ཡ། སྐྱབས་མཆོག་བླ་མ་འཁོར་ལོའ་མགོན་པོ་མཚན་བརྗོད་པརདཀའ་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་ཉིད་གཟུགས་སྐུ་སྒྱུའཕྲུལ་དྲྭ་བའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་སྟོན་པ་དེའི་ཚེ་ཟབ་དོན་གདམསཔ་ཐམས་ཅད་ཀྱི་སྙིང་པོ་འདས་ཆེམས་རྡོ་རྗེའི་ཚིག་གིས་རྗེས་སུ་གདམས་པ་ནི། སྣང་གྲགརིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིགཤོག །ཅེས་འགྱུར་མེད་རྡོ་རྗེས་བྲིས་པའོ། །ཞེས་ཆོས་དང་རིགས་ཀྱི་སྲས་རྣམས་ཀྱིས་ཐོག་དྲངས་སྐལ་ལྡན་གདུལ་བྱར་གྱུར་པའི་འགྲོ་བ་མཐའ་དག་གི་ལུས་ངག་ཡིད་གསུམ་ཉིད་ཀྱིསྐུ་གསུང་ཐུགས་རྡོ་རྗེས་རྒྱས་འདེབས་པའི་སྨོན་ལམ་གྱི་གཏད་རྒྱས་རྗེས་སུ་བཟུང་བ་དེ་ཁོན་བཞིན་དུ་འགྲུབ་པར་གྱུར་ཅིག། །།

འདའ་ཁ་ཞལ་གདམས་ཀྱི་དོན་གསལ་བར་བྱེད་པ་ཟབ་དོན་ཉིང་ཁུ།

p. 452
p. 453

ག མྦྷཱི རཱ རྠ མ ཎྜོ ནཱ མཱ ཏ ཀ ཎྵཱ བ ནཱ དཱ རྠ བྱ ཉྫ ན བི ཧ ར ཏི སྨ། །
འདའ་ཁ་ཞལ་གདམས་ཀྱི་དོན་གསལ་བར་བྱེད་པ་ཟབ་དོན་ཉིང་ཁུ་ཞེས་བྱ་བ་བཞུགས། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ།

p. 454

ག མྦྷཱི རཱ རྠ མ ཎྜོ ནཱ མཱ ཏ ཀ ཎྵཱ བ ནཱ དཱ རྠ བྱ ཉྫ ན བི ཧ ར ཏི སྨ། །
འདའ་ཁ་ཞལ་གདམས་ཀྱི་དོན་གསལ་བར་བྱེད་པ་ཟབ་དོན་ཉིང་ཁུ་ཞེས་བྱ་བ་བཞུགས། གཞི་ལམ་འབྲས་བུའི་གནད་དོན་སྙིང་པོར་དྲིལ་བ་འདས་ཆེམས་ཀྱི་དོན་གསལ་བརབྱེད་པའི་བསྟན་བཅོས། བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ་ལ་གུས་པས་ཕྱག་འཚལལོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་གཟུགས། །ཀུན་མཁྱེན་བླ་མ་མཆོག་གི་སྐུར། །ཡོངས་ཤརརྡོ་རྗེ་ཐོགས་མེད་རྩལ། །ཐུགས་རྗེའི་ཟིལ་གྱིས་དུས་ཀུན་སྐྱོངས། །ཀུན་རིག་ཡེ་ཤེས་མཚནའཛིན་ལས། །ཡོངས་གྲོལ་མི་འགྱུར་འཕོ་མེད་དངོས། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །རང་བྱུང་དོན་གྱི་བླ་མར་འདུད། །རྒྱུད་ལུང་མན་ངག་ཀུན་གྱི་བཅུད། །ཟབ་དོན་གདམསཔའི་སྙིང་པོ་ནི། །འདའ་ཁ་རྡོ་རྗེའི་ཚིག་རྐང་གིས། །རྗེས་སུ་བཟུང་གང་འདིར་གསལ་བྱ། །དེ་ཡང་འདི་སྐད་ཅེས་རྗེས་སུ་གདམས་ཏེ། སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་བར་འབྱམས་ཀླས་པས། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམསལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །ཅེས་འགྱུར་མེད་རྡོ་རྗེས་བྲིསཔའོ། །དེའི་དོན་བཀྲོལ་བ་ལ་བཞི། གཞི་སྙིང་པོའི་བཞུགས་ཚུལ་དང་སྦྱར་ཏེ་བཤད། ལམ་

p. 455

མན་ངག་གི་གནད་དང་སྦྱར་ཏེ་བཤད། འབྲས་བུ་སྐུ་བཞིའི་གོ་འཕང་དང་སྦྱར་ཏེ་བཤད། སྐབས་དོན་སྙིང་པོར་དྲིལ་ཏེ་བཤད་པའོ། །དང་པོ་ལ་གཉིས་འཁོར་ལོ་བར་པའི་དགོངསཔ་དང་སྦྱར་ཏེ་གཙོ་བོར་བཤད་པ་དང་། འཁོར་ལོ་ཐ་མའི་དགོངས་པ་དང་སྦྱར་ཏེ་གཙོ་བོརབཤད་པའོ། །དང་པོ་ནི། འདི་ལྟར་གཟུགས་སུ་སྣང་བ། སྒྲར་གྲག་པ། ཡུལ་རྣམ་པར་རིགཔའི་ཆོས་ཐམས་ཅད་རང་སེམས་ཀྱི་འཁྲུལ་སྣང་གིས་ཕྱོགས་རིས་སུ་བཅད་པ་ཙམ་ལསདོན་ལ་བདེན་མེད་སྤྲོས་པ་དང་བྲལ་བ་སྟེ། དེའི་ཕྱིར་ན་སྣང་ཞིང་སྲིད་པའི་ཆོས་ཐམས་ཅདཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་གཉུག་སེམས་སྒྲིབ་བྲལ་གྱི་རྩལ་མདངས་མ་འགགསཔ་ལས་ཤིན་ཏུ་ཕྲ་བའི་སྒོ་གསུམ་མམ། གཉུག་མ་མི་ཤིགས་པའི་རྩ་རླུང་ཐིག་གསུམ་ལྷསྔག ས་ཆོས་སྐུའི་དབྱིངས་སྨྲ་བསམ་བརྗོད་མེད་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལབའི་སྟོང་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་གནས་པས། སྣང་རིག་ཐམས་ཅད་སྐུ་དང་ཡེ་ཤེསཀྱི་རོལ་པ་ཅིར་ཡང་མ་འགགས་པར་འབྱམས་སུ་ཀླས་པའི་གནད་ཀྱིས། རྟོགས་དཀའ་བསཟབ་ཅིང་ལོག་ཤེས་ཅན་ལ་རེ་ཞིག་གསང་བའི་ཡུལ་ཡིན་ལ། དེ་ལྟ་བུའི་གཞིའི་ཆོས་ཉིདདེ་ཉིད་མངོན་དུ་མ་གྱུར་ན་ཡེ་ནས་རང་བཞིན་རྣམ་དག་ཡིན་པ་ཙམ་གྱིས་ཕན་མི་ཐོགསཔས། དེ་རྟོགས་པའི་ཐབས་སུ་རྣལ་འབྱོར་ཆེན་པོའི་ལམ་རིམ་པ་གཉིས་ཀྱིས་ཉམས་སུབླང་བྱའི་ཡུལ་བསྒྲུབ་གཞི་ཏིང་ངེ་འཛིན་དང་། ཐོབ་བྱ་འབྲས་བུའི་ཉེར་ལེན་ལ་བརྟེན་ནསཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་རིགས་ཀྱི་ནུས་པ་སད་པར་བྱས་ཏེ་འཁོར་འདས་དབྱེརམེད་རྒྱལ་ཀུན་ཐུགས་ཀྱི་ཐིག་ལེར་རང་རིག་མངོན་སུམ་གྱིས་རོ་གཅིག་ཏུ་འགྱུར་བ་ཡིནནོ། །ཤོག་ཅེས་པ་སྨོན་ལམ་གྱི་ཐ་ཚིག་གོ །དེ་ལྟར་ཡང་། མངོན་རྟོགས་རྒྱན་ལས། སྒྲུབཔ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །ཞེས་དང་། ཆོས་ཀྱི་དབྱིངསལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་དང་། འཕགས་པ་སྒྲ་གཅན་འཛིན་བཟང་པོས་ཡུམལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་

p. 456

མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལཕྱག་འཚལ་ལོ། །ཞེས་དང་། ཕར་ཕྱིན་འགྲེལ་བ་དོན་གསལ་ལས། ཇི་ལྟར་ཉན་ཐོས་ཀྱིཐེག་པ་ལ་སོགས་པའི་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ་འཕགས་པའི་ཆོསརྟོགས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རྒྱུའི་ངོ་བོ་རྣམ་པར་འཇོག་པའི་སྒོ་ནས་རིགསཉིད་དུ་ཐ་སྙད་འདོགས་སོ། །ཞེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། གཞི་རྩ་མེད་པའི་སེམསཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེསཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་སོ། །གཉིས་པ་ནི། མིག་གི་ཡུལ་དུ་གཟུགས་སུསྣང་བ་དང་། རྣ་བའི་ལམ་དུ་སྒྲར་གྲག་པ་དང་། སེམས་ཀྱི་རོལ་པར་རིག་པའི་འཕྲོ་འདུསྣ་ཚོགས་སུ་སྣང་བ་སྟེ། དེ་གསུམ་ཀ་ཡང་ཡེ་གདོད་མ་ནས། སྣང་བ་ལྷ། གྲག་པ་སྔགས། དྲན་རྟོག་ཆོས་སྐུའི་ངང་དུ་འདུས་སོ། །དེ་ཡང་ཇི་ལྟར་ཞེ་ན། རྒྱུད་བླ་མར། རྫོགས་སངསསྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅནཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། སྒྱུ་འཕྲུལ་རྡོ་རྗེ་མེ་ལོང་ལས། ལུསཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེབདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དགྱེས་པ་རྡོ་རྗེའི་རྒྱུད་ལས། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུསལ་རྟག་ཏུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཉིས་དང་གཉིས་སུ་མེདཔའི་ཚུལ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །ཞེས་གསུངས་པ་ལྟར། གཞི་འཆིང་གྲོལམེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་གཉིས་ཟུང་འཇུག་ལྷག་པའིཆོས་སྐུ་ཆེན་པོའི་བདག་ཉིད་ཅན་བརྟན་གཡོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་སྲོག་གམསྙིང་དང་སྙིང་པོ་ལྟ་བུར་རིས་མེད་ཀུན་ཁྱབ་ཀྱི་རང་བཞིན་དུ་གདོད་མ་ནས་གནས་ཀྱང་། ཐོག་མ་མེད་པ་ནས་གོམས་པའི་མ་རིག་འཁྲུལ་པའི་ཆོས་མེད་སྣང་གློ་བུར་གྱི་དྲི་མས་བསྒྲིབས་

p. 457

པས་གཟུང་འཛིན་འཁྲུལ་རྟོག་གི་ངོ་ན་དག་མ་དག་གི་ཆོས་ཕྱོགས་རིས་ཅན་སྣ་ཚོ གས་སུསྣང་བ་སྟེ། སྒྱུ་འཕྲུལ་རྩ་རྒྱུད་ལས། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགསཔ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་སོ། །འོ་ན། ཆོས་ཉིད་རིས་མེད་ཀུན་ཁྱབ་ལས་འཁྲུལ་པའི་སྣང་ཚུལ་སྣ་ཚོགས་སུ་སྣང་ཞིང་། དེའི་གཉེན་པོར་ལམ་ལ་བསླབདགོས་པ་སོགས་ཀྱི་འཐད་པ་ཡང་། དཔེར་ན། དུང་ཉིད་དང་པོ་ནས་དཀར་པོ་ལས་མགཡོས་བཞིན་དུ་མཁྲིས་ནད་ཅན་གྱི་མིག་ངོ་ན་སེར་པོར་སྣང་ཞིང་། དེའི་གཉེན་པོར་སྨནདང་སྨན་པ་སོགས་བསྟེན་པ་བཞིན་ནོ། །དེ་ལྟ་ནའང་དུང་གི་རང་བཞིན་འགྱུར་ལྡོག་མེདཔ་བཞིན་དུ། ཐ་མལ་གྱི་འཁྲུལ་ངོར་རི་བྲག་སོགས་གཟུགས། དྲིལ་བུ་དང་སིལ་སྙན་གྱིསྐད་སོགས་སྒྲ། དགའ་མི་དགའི་རྣམ་རྟོག་སོགས་ཡིད་ཀྱིས་མཚོན་པར་རྟོག་ཚོགས་ཀྱིརོལ་པ་ཇི་སྙེད་སྣང་བ་དེ་དག་ཀྱང་། སྐུ་དང་ཡེ་ཤེས་ཀྱི་རོལ་བར་རང་བྱུང་ལྷུན་གྱིས་གྲུབཔས་ན་འབྱམས་སུ་ཀླས་པ་ཞེས་བྱ་སྟེ། དེའི་ཕྱིར་ན། སྔར་ནད་ཅན་གྱིས་སྨན་བསྟེན་པསོགས་དང་ཆོས་མཚུངས་པར་རང་རྒྱུད་ལ་གནས་པའི་ཟུང་འཇུག་གི་ཆོས་ཉིད་དེ་ཉིད་ཇིལྟ་བ་བཞིན་རྟོགས་པའི་ཐབས་སུ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་བཟང་ཟབགསང་རྣལ་འབྱོར་ཆེན་པོ་གསང་བ་སྔགས་ཀྱི་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལབརྩོན་པར་བྱའོ། །དེ་ལས་བརྟེན་པའི་ཆོས་ཕྱོགས་རིས་སུ་ཆད་པ་ཉིད་རྟེན་གཞི་ཆོས་ཉིདཀྱི་དབྱིངས་སུ་དབྱེར་མེད་དུ་འདྲེས་པས་ཐོག་མའི་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཐབསལ་མངའ་དབང་འབྱོར་བའི་ཕྱིར་ཐུགས་ཀྱི་ཐིག་ལེར་རོ་གཅིག་པ་ཞེས་བྱའོ། །རྒྱུ་མཚན་དེདག་གི་ཕྱིར་ན། ད་ལྟར་གྱི་ལུས་ངག་ཡིད་གསུམ་རགས་པ་འདིའི་འཆར་གཞི་རླུང་སེམསཙམ་ལས་གྲུབ་པའི་ཕྲ་བའི་སྒོ་གསུམ་ལ་གཉུག་མའི་ལུས་ངག་ཡིད་གསུམ་ཞེས་མིང་དུབཏགས་ཏེ། གཉུག་མ་ནི་རང་བཞིན་ནམ་བཟོ་བཅོས་མེད་པའི་དོན་ལ་འཇུག་པའ་ཕྱིརརོ། །ཤོག་ཅེས་པ་གོང་བཞིན་ནོ། །གཉིས་པ་ལ་གཉིས། ཀུན་བཏགས་བཅོས་མའི་རྣལ་

p. 458

འབྱོར་དང་སྦྱར་ཏེ་བསྐྱེད་རིམ་ལྟར་གཙོ་བོར་བཤད་བ་དང་། ཡོངས་གྲུབ་མ་བཅོས་པའིརྣལ་འབྱོར་དང་སྦྱར་ཏེ་རྫོགས་རིམ་ལྟར་གཙོ་བོར་བཤད་པའོ། །དང་པོ་ནི། དབང་གིསརྒྱུད་ཡོངས་སུ་སྨིན་པའི་གང་ཟག་གིས། གོང་དུ་བཤད་པ་ལྟར་ཕྲ་བའི་སྒོ་གསུམ་རྒྱལ་བཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ་དང་རང་བཞིན་དབྱེར་མི་ཕྱེད་པ་དེ་ཉིད་ལ་ད མིགས་ནསབསྒོམ་ཞིང་། དམིགས་གནད་མཐའ་གཅིག་ཏུ་མ་ངེས་ཀྱང་སྤྱི་ཁྱབ་ཙམ་དུ། སྐྱབས་སེམསསོགས་སྔོན་དུ་འགྲོ་བས། འདི་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོངཉིད་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ། ནམ་མཁའ་དངམཉམ་པའི་འགྲོ་བ་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་རིས་མེད་ཀུན་ཏུ་སྣང་བ་ལས། ཟུངའཇུག་གི་རང་གདངས་མ་དག་པའི་ཆོས་རྟེན་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་རྩ་གསུམ་རྒྱལ་བ་རྒྱ་མཚོའ་ལྷ་སྐུར་བསྐྱེད་ལ་སྣང་བ་ཐམསཅད་སྐུ་བསྐྱེད་པ་ལྷའི་རྣལ་འབྱོར་གྱིས་རྒྱས་གདབ། དེ་ནས་ཡེ་ཤེས་སེམས་དཔའ་དང་ཏིངངེ་འཛིན་སེམས་དཔའ་སོགས་གསལ་བཏབ་སྟེ་འཕྲོ་འདུའི་དམིགས་གནད་དང་། ཁྱད་པརཟིན་པ་དང་མ་ཟིན་པའི་སྒྲར་གྲག་པ་ཐམས་ཅད་གྲག་སྟོང་སྐྱེ་བ་མེད་པའི་རང་གདང ས་སྔགསཀྱི་སྒྲ་བུང་བ་ཚང་ཞིག་པ་བཞིན་དུ་དིར་རིར་སྒྲོག་པར་མོས་ལ་ཡིད་བཟླས་དང་ངག་བཟླསསོགས་བྱ་ཞིང་སྒྲར་གྲག་ཐམས་ཅད་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་གྱིས་རྒྱས་གདབ། དེའི་ཚེ་ན་བདག་གཞན་བདེ་སྡུག་སོགས་རྟོག་ཚོགས་ཀྱི་འཕྲོ་འདུ་དགེ་མི་དགེ་ལུང་མ་བསྟནཇི་ལྟར་ཤར་ཡང་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་རིག་སྟོང་ཟུང་འཇུགལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་ཐག་བཅད་དེ་ཐུགས་ཆོས་ཉིད་འོད་གསལ་གྱི་རྣལ་འབྱོརགྱིས་རྒྱས་གདབ་བོ། །དེ་ལྟར་ཡང་རྒྱལ་པོ་ལུང་བསྟན་རྡོ་རྗེའི་ཞལ་ནས། ལྷ་ཡི་སྐུ་ནི་གསལབསྒོམས་ན། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར། །ཞེས་དང་། རིམ་ལྔ་ལས། འདུག་པ་ཉིད་དང་གནསཔ་དང་། །ལྡང་བ་ཡི་ནི་རིམ་གྱིས་ཀྱང་། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་

p. 459

ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་དང་། རྗེ་བླ་མ་ཉིད་ཀྱི་རང་གཏེར་ཐུགས་ཐིག་ཕྱི་སྒྲུབལས། འོད་ཀྱིས་སྣང་གྲག་ལྷ་སྔགས་གསལ༔ ཡེངས་མེད་བཟླས་པ་འདི་ལ་འབད༔ ཅེསགསུངས་པས་མཚོན་ནོ། །དེ་ལྟར་ནན་ཏན་དུ་བསླབས་ཤིང་གོམས་འདྲིས་བརྟན་པར་གྱུརཔ་ལས་འདུན་པ་གཏད་པ་ཙམ་གྱིས་ཀྱང་ལྷ་སྐུ་རང་ཤར་དུ་སྣང་བས་མཚོན་སྣང་གྲག་རིགགསུམ་སྐུ་དང་ཡེ་ཤེས་ཀྱི་རོལ་བར་འབྱམས་སུ་ཀླས་པ་ལས་ཟུང་འཇུག་ཉེ་རྒྱུའི་སྤྱོད་པ་ལབརྟེན་ཏེ་འདོད་པའི་རིག་པ་འཛིན་པ་དང་། གཟུགས་ཀྱི་རིག་པ་འཛིན་པ་གང་རུང་གི་གོའཕང་མངོན་དུ་བྱས་ཏེ་ནུབ་ཕྱོགས་བདེ་བ་ཅན་སོགས་དག་པའི་ཞིང་ཁམས་སུ་རྫུ་འཕྲུལགྱི་བཀོད་པས་སོང་ནས། དེར་བཞུགས་པའི་སངས་རྒྱས་དང་བྱང་སེམས་རྣམས་མཉེསཔར་བྱས་ཤིང་། ཟབ་གསང་རྣལ་འབྱོར་ཆེན་པོ་རྫོགས་རིམ་གྱི་ཉམས་ལེན་ལ་བརྟེན་ནསདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་གསུམ་རྡོ་རྗེ་དང་དབྱེར་མེད་ཐུགས་ཀྱི་ཐིག་ལེརརོ་གཅིག་ཏུ་འདྲེས་ཏེ་བྱང་ཆུབ་པར་འགྱུར་རོ། །གཉིས་པ་ལ་གསུམ། སྟེང་སྒོའི་རྣལ་འབྱོར། འོག་སྒོའི་རྣལ་འབྱོར། དབང་བཞི་བའི་ལམ་དང་སྦྱར་ཏེ་བཤད་པའོ། །དང་པོ་ནི། སྒྱུ་འཕྲུལབཤད་རྒྱུད་རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་གསུངས་པ་ལྟར་སྟེང་སྒོ་འཁོརལོ་དྲུག་གི་མན་ངག་དང་འབྲེལ་བར་དྲོད་བསྐྱེད་པ་དམ་ཚིག་གི་གཏུམ་མོ། བདེ་བ་བསྐྱེདཔ་ཆོས་ཀྱི་གཏུམ་མོ། བདེ་དྲོད་སྟོང་པར་རྒྱས་འདེ བས་པ་ཡེ་ཤེས་ཀྱི་གཏུམ་མོ་གསུམ་གྱིརྣལ་འབྱོར་རྣམས་སྔོན་རྗེས་མཇུག་གསུམ་ཚང་བའི་ཚུལ་དུ་ཉམས་སུ་བླངས་པས་གཏུམམོ་ཙཎྜ་ལཱི་འབར་བའི་འོད་ཀྱིས་ཟླ་བ་བདུད་རྩིར་བཞུ་བས་ལུས་ལ་བདེ་བ་དང་། སེམསཐོག་ཏུ་དགའ་བའི་ཡེ་ཤེས་སྐྱེས་པ་དེ་ཉིད་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སུགནས་འགྱུར་ཏེ། དེའི་ཚེ་ན་སེམས་ཟིན་པས་རླུང་ཟིན། དེ་ཟིན་པས་དུ་བ་དང་། སྨིག་སྒྱུདང་། སྲིན་བུ་མེ་ཁྱེར་དང་། མར་མེ་ལྟ་བུ་སོགས་སྟོང་གཟུགས་ཀྱི་མཐོང་སྣང་མཐའ་ཀླསཔ་དང་། ལུས་ཉམས། སེམས་ཉམས། རྨིས་ཉམས་སོགས་ཉམས་ཀྱི་སྣང་བ་སྣ་ཚོགས་སུ་

p. 460

འཆར་ཞིང་། མཐར་དེར་འཛིན་གྱི་རྣམ་པར་རྟོག་པ་ཡང་འགགས་ཏེ་སྣང་གྲག་རིག་གསུམཔོ་རླུང་སེམས་ཀྱི་ལྷ་སྐུ་དང་། གཞོམ་མེད་ནཱ་དའི་སྔགས་དང་། མི་རྟོག་པའི་ཡེ་ཤེས་ཆོསསྐུའི་ངང་དུ་ཤར་བས་སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་སུ་ཀླསཔ་ལས་བདེ་བ་ཆེན་པོའི་གསེབ་ལམ་ཟབ་གསང་རྣལ་འབྱོར་ཆེན་པོའི་ཐབས་ཀྱི་ཉམསལེན་གྱི་གནད་ལ་བརྟན་པ་ཐོབ་སྟེ་གཉུག་མའི་རྡོ་རྗེ་གསུམ་དང་རགས་པའི་རྩ་རླུང་ཐིག་ལེདབྱེར་མེད་གཅིག་ཏུ་གྱུར་ནས་རྒྱལ་ཀུན་ཐུགས་ཀྱི་ཐིག་ལེར་རོ་གཅིག་པ་ཡིན་ནོ། །གཉིསཔ་ནི། སྒྱུ་འཕྲུལ་རྩ་རྒྱུད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེནཔོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱསསྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ཞེས་པ་ལྟར་ཡེ་ཤེསདང་ལས་ཀྱི་ཕྱག་རྒྱ་གང་རུང་ལ་བརྟེན་ཏེ་བརྡ་བཞིས་བསྐུལ་ལ་འདུ་ཤེས་གསུམ་ལྡན་གྱིསསྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་རླུང་གིས་གཏུམ་མོའི་མེ་འབར། ཟླ་བ་བདུད་རྩིརཞུ་བའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སྣང་བ་ཐམས་ཅད་ཡབ་ཡུམ་ཟུང་འཇུག་གི་ལྷ་སྐུའིརྣམ་པར་སྤྱན་དྲངས་པ་དེ་དག་ཀྱང་སྟོང་གསུམ་འགེངས་པ་ཙམ་གྱི་འདོད་ཆགས་ཆེན་པོམཛད་པས་རྗེས་ཆགས་ཀྱི་མེས་བྱང་སེམས་དཀར་དམར་ཤིན་ཏུ་དྭངས་པའི་ངོ་བོར་ཞུ་བརང་གི་སྤྱི་བོ་ནས་ཞུགས། ཧཾ་ཡིག་བདེ་བ་ཆེན་པོར་ཞུ་བའི་རྒྱུན་དང་རོ་གཅིག་པ་གནསབཞིར་རིམ་བཞིན་བབས་པས་ཡས་བབས་ཀྱི་དགའ་བ་བཞིའི་མཐར་རླུང་འཕོ་བ་མེད་པའིསྟོབས་ཀྱིས་འཛག་མེད་དུ་བཟུང་ལ་བདེ་བའི་ཡེ་ཤེས་བསྐྱེད་ཅིང་། དེའི་ཚེ་ཐབས་ཤེསརབ་ལ་སྦྱོར་བ། ཤེས་རབ་ཐབས་སུ་སྦྱོར་བ། ཐབས་ཤེས་གཉིས་མེད་དུ་སྦྱོར་བ་གསུམགྱིས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་། སླར་ཡང་གྱེན་དུ་ལྡོག་པའི་སྦྱོརབས་མས་བརྟན་གྱི་དགའ་བ་བཞིའི་ཡེ་ཤེས་བསྐྱེད་ཅིང་། རླུང་གི་བྱེད་རྩོལ་དང་དབུགསའབྱུང་འཇུག་གིས་མཚོན་པར་སྒྲར་གྲག་པ་ཐམས་ཅད་གཞོམ་མེད་གསང་བ་སྔགས་ཀྱི་རངབཞིན་དུ་རྒྱས་ཐེབས་ནས་མས་བརྟན་གྱི་མཐར་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་

p. 461

མྱོང་། དེ་དག་གི་ཚེ། ལུས་ཐམས་ཅད་ལ་རྩས་ཁྱབ། དེ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམསཀྱིས་ཁྱབ། དེ་ཐམས་ཅད་ལ་བདེ་བས་ཁྱབ་དེ་ཐམས་ཅད་ལ་སྟོང་པས་རྒྱས་ཐེབས་ཏེ་རིགཔ་བདེ་བ་ཆེན་པོ་ཉིད་ཆོས་སྐུ་སྐྱེ་བ་མེད་པའི་ངང་དུ་ཞལ་སྦྱོར་བས་སྒོ་གསུམ་སྐུ་དང་ཡེཤེས་ཀྱི་རོལ་བར་འབྱམས་སུ་ཀླས་པས་ཟབ་གསང་ཟུང་འཇུག་གི་རྣལ་འབྱོར་བརྟུལ་ཞུགསཆེན་པོའི་ཉམས་ལེན་ལ་བརྟེན་ནས་ཡུལ་ཡུལ་ཅན་དབྱེར་མེད་ལྷན་སྐྱེས་བདེ་བ་ཆེན་པོཐུགས་ཀྱི་ཐིག་ལེར་རོ་གཅིག་པའོ། །གསུམ་པ་ལ་གཉིས། རྫོགས་རིམ་སྤྱིར་བཤད་པ་དང་། རྫོགས་ཆེན་ཐུན་མོང་མ་ཡིན་པའི་ལུགས་དང་སྦྱར་བའོ། །དང་པོ་ནི། མི་གཡོ་གསུམ་ལྡནགྱིས་རིམ་ལྔ་དང་སྦྱོར་བ་ཡན་ལག་དྲུག་སོགས་རྫོགས་རིམ་སྣ་ཚོགས་པའི་ལམ་གྱི་གནདལ་བརྟེན་ནས་སེམས་ཉིད་ཕྱག་རྒྱ་ཆེན་པོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་གདངསའགྱུར་བ་མེད་པའི་དབྱིངས་སུ་མ་བཅོས་སོ་མར་བཞག་པས། དེའི་རྩལ་སྣང་འགག་མེདསྣང་གྲག་རིག་གསུམ་གྱི་ཆོས་ཐམས་ཅད་རླུང་སེམས་དང་ཟུང་འཇུག་གང་རུང་གིས་བསྡུསཔའི་ལྷ་སྐུ་དང་། གཞོམ་མེད་ཀྱི་སྔགས་དང་། སྤྲོས་བྲལ་ཆོས་སྐུའི་ངང་དུ་ལྷུན་གྱིས་གྲུབཔས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་མ་འགགས་པར་འབྱམས་སུ་ཀླས་པས། ཟབ་མོའི་དེ་ཁོ་ནཉིད་གསང་བ་སྔགས་ཀྱི་རྣལ་འབྱོར་བརྗོད་བྲལ་བདེ་བ་ཆེན་པོའི་ཉམས་ལེན་གྱིས་འབྲསབུ་ལ་མཚམས་འབྱོར་བས་སྐུ་གསུམ་དབྱེར་མེད་ཟུང་འཇུག་ཐུགས་ཀྱི་ཐིག་ལེ་སྐྱེ་བ་མེདཔའི་དབྱིངས་དེར་རོ་གཅིག་པའོ། །དེ་ལྟར་ཡང་རིམ་ལྔ་ལས། འཁོར་བ་དང་ནི་མྱ་ངནའདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུགཅེས་དེ་ལ་བཤད། །ཅེས་གསུངས་པས་མཚོན་ནོ། །གཉིས་པ་ནི། ཐུན་མོང་དང་ཐུན་མོངམ་ཡིན་པའི་སྔོན་འགྲོས་རྒྱུད་སྦྱངས་ཤིང་རྣལ་འབྱོར་གྱི་གཞི་བཅའ་བ་སྔོན་དུ་འགྲོ་བས། ལམ་དངོས་ནི། ཀློང་གསལ་ལས། སེམས་ཀྱི་དྲན་བསམ་རིག་པའི་རྩ ལ། །སྣང་ཤེས་དགཏུ་གྱུར་པ་ཀུན། །རིག་པ་དག་ལས་ལོགས་པ་མེད། །ཅེས་གསུངས་པ་ལྟར། མེད་སྣང་འཁྲུལཔའི་སྣང་ངོར་མ་དག་པའི་སྣང་གྲག་རིག་གསུམ་གྱི་རོལ་པ་ཇི་ལྟར་ཤར་ཡང་། དེའི་ངང་ལ་

p. 462

དགག་སྒྲུབ་རེ་དོགས་དང་བྲལ་བར་མ་བཅོས་སོ་མར་གློད་དེ་ཀ་དག་ཁྲེགས་ཆོད་དེ་བཞིནཉིད་ཀྱི་དབྱིངས་སུ་མཉམ་པར་བཞག་པའི་ཉམས་མྱོང་གི་ཡེ་ཤེས་དེ་ཉིད། གཉུག་མའི་སྒོགསུམ་ཡེ་ནས་ལྷ་སྔགས་ཆོས་སྐུའི་ངང་དུ་ལྷུན་གྱིས་གྲུབ་པའི་གནད་ཀྱིས། སྔོན་འགྲོ་སྒོགསུམ་གྱི་བྱ་བ་བཏང་ཞིང་། དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པའི་མན་ངགགིས་སད་པར་བྱས་ཏེ། དེ་ལས་སྟོང་གཟུགས་སྣང་བཞིའི་ཡོན་ཏན་སྐུ་དང་ཡེ་ཤེས་ཀྱི་རངརྩལ་འོད་ཁྱིམ། ཕྱེད་སྐུ། ཡབ་ཡུམ་རྐྱང་པ། ཞལ་སྦྱོར། ཚོམ་བུའི་རོལ་བ་སོགས་མ་འགགསཔར་འཆར་བས་ལས་སྣང་ཐམས་ཅད་རིམ་གྱིས་ནུབ་ནས་དག་པའི་སྣང་བ་ཅིར་ཡང་འབྱམསསུ་ཀླས་པས། དེའི་ཚེ་ན་མི་འགུལ་བ་གསུམ་ལ་གཞི་བཅས། སྡོད་པ་གསུམ་གྱིས་ཚད་བཟུང་། ཐོབ་པ་གསུམ་གྱིས་གཟེར་ཐེབས་ནས། གདེང་བཞིས་གྲོལ་ཚད་ཐོབ་སྟེ། ཟབ་མོ་མཆོགཏུ་གསང་བའི་དེ་ཁོ་ན་ཉིད་རྣལ་འབྱོར་ཆེན་པོ་གདོད་མའི་ཟད་སར་འཁྱོལ་ནས་ཉམས་ལེནགྱི་འབྲས་བུ་མཐར་ཐུག་ལ་མཚམས་སྦྱོར་བས་གཞི་དབྱིངས་ཟུང་འཇུག་གི་ངང་དུ་དབྱེརམེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་པའོ། །དེ་ལྟར་ཡང་། ཐལ་འགྱུར་ལས། དེ་ལྟར་ལུསའབྱུང་རྒྱུན་ཆད་ནས། །ཟག་ཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་སོ། །གསུམ་པ་ནི། སྦྱོང་བྱེད་རིམ་པ་གཉིས་ཀྱི་ལམ་ཉམས་སུ་བླངས་པས་སྦྱང་བྱ་མེདསྣང་འཁྲུལ་བའི་དྲི་མ་སངས་ཏེ་སྦྱང་གཞི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་པསསྦྱངས་འབྲས་སྐུ་བཞིའི་གོ་འཕང་ཐོབ་པ་དེའི་ཚེ་ན། གཟུགས་ཀྱི་སྣང་བ་ཐམས་ཅད་གཙོབོ་དང་འཁོར་དུ་བཅས་པའི་ལྷའི་རྣམ་པར་རོལ་པ་ཅིར་ཡང་མ་འགགས་པར་འཆར་བ་སྤྲུལཔའི་སྐུ་དང་། སྒྲ་ཐམས་ཅད་གྲག་སྟོང་སྔགས་ཀྱི་རང་སྒྲ་རྡོ་རྗེའི་རང་བཞིན་རྣམ་པ་ཐམསཅད་པར་འཆར་རུང་གི་མདངས་མ་འགགས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དྲན་རིགཐམས་ཅང་ཟུང་འཇུག་སྤྲོས་བྲལ་གྱི་ཡེ་ཤེས་དེ་བཞིན་ཉིད་ཆོས་ཀྱི་སྐུའི་ངང་དུ་ལྷུན་གྱིསགྲུབ་ལ། དེ་ལྟར་རང་སྣང་གི་སྐུ་གསུམ་ལས་མ་གཡོས་བཞིན་དུ་བྱང་འཕགས་དང་སོ་སྐྱེསོགས་གདུལ་བྱ་སོ་སོའ་སྣང་ངོར་གཞན་སྣང་གི་ལོངས་སྐུ་དང་། མཆོག་གི་སྤྲུལ་སྐུ་དང་།

p. 463

བཟོ་དང་སྐྱེ་བ་སོགས་གང་ལ་གང་འཚམས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རོལ་བ་མ་འགགས་པརའབྱམས་ཀླས་སུ་འཆར་བ་ཉིད་དེ། རྒྱུད་བླ་མར། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནསནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡནརྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཅེས་སོ། །དེ་ལས་གདུལབྱ་སོ་སོའ་དབང་པོ་དང་མོས་པའི་ཁྱད་པར་དང་རྗེས་སུ་མཚུངས་པར་བདེན་པ་བཞི་དང་། མཚན་ཉིད་མེད་པ་དང་། ལེགས་པ་རྣམ་པར་ཕྱེ་བ་ལ་སོགས་པའི་ཆོས་འཁོར་གདུལ་བྱརང་རང་གི་རྒྱུད་ཚོད་ལ་ལྟོས་ཏེ། དེ་ལས་ཟབ་ཅིང་གསང་བའི་དོན་བསྟན་དུ་མེད་པའི་ཚུལགྱིས་གོ་བར་མཛད་པས་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཉམས་ལེན་ལ་དངོས་སམ་བརྒྱུདཔའི་སྒོ་ནས་སྦྱོར་བར་མཛད་དེ། ཟུང་འཇུག་དབྱེར་མེད་ཀྱི་ཡེ་ཤེས་མཐར་ཐུག་རང་ཉིདཀྱི་སྐུ་གསུང་ཐུགས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་གྱུར་ནས་དོན་གཉིས་ལྷུན་གྱིསགྲུབ་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུནམི་ཆད་པར་འདོད། །ཅེས་སོ། །བཞི་པ་ནི། རང་གཏེར་ཤ་འུག་གཏེར་བྱོན་གྱི་ལུང་བྱངལས། འདི་ཉིད་འདོན་པའི་གང་ཟག་ནི༔ ལོ་ཙ་བཻ་རོ་ཙ་ན་འདི༔ སྔོན་འདས་བསྐལ་པགྲངས་མེད་དུས༔ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ སྐུ་གསུམ་ངོ་བོར་སངས་རྒྱསཀྱང༔ ཐབས་ལ་མཁས་པའི་སྙིང་རྗེ་ཡིས༔ སྤྲུལ་པ་དུ་མར་སྣང་བ་སྟེ༔ ཞེས་གསུངས་པལྟར། རྗེ་བཙུན་དམ་པ་དེ་ཉིད་ངེས་པའི་དོན་དུ་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནསབླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་བརྙེས་སུ་ཟིན་ཀྱང་། ཞིངའདིའི་གདུལ་བྱ་རྣམས་དྲང་བའི་སླད་དུ་ཐབས་མཁས་སྙིང་རྗེའི་རོལ་པ་གདུལ་བྱའི་ཡུལལ་མཐུན་པར་འཇུག་པའི་སྤྲུལ་པའི་སྐྱེ་སྲིད་ཇི་སྙེད་ཅིག་བཟུང་བའི་མཐར་བདག་ཅག་གིདྲིན་ཅན་བླ་མ་དམ་པ་ཁྱབ་བདག་འཁོར་ལོའ་མགོན་པོ་མཆོག་ཏུ་རྣམ་པར་རོལ་པ་གང་གིཞལ་ཀྱི་དཀྱིལ་འཁོར་ལྟ་བ་དང་། གསུང་གི་བདུད་རྩི་འཐུང་བའི་སྐལ་བཟང་ཇི་སྙེད་ཅིག་

p. 464

ཉམས་སུ་མྱོང་བའི་མཐར། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་སླད་དུ་འཆི་མེདརྡོ་རྗེ་ལྟ་བུའི་སྐུ་བཤིག་ནས་གདམས་པའི་སྙིང་པོ་འདས་ཆེམས་གཏད་རྒྱའི་ཚུལ་དུ་བསྟནཏེ། མི་རིང་བའི་མོད་ལ་ཕྱི་ནང་གི་མངོན་པར་བྱང་ཆུབ་པ་ལྔས་གཟུགས་སྐུའི་བཀོད་པབསྡུ་བའི་ཚུལ་བསྟན་པ་དེའི་ཚེ་ན། གདུལ་བྱའི་མཐུན་འཇུག་ཙམ་དུ་རགས་པ་རང་བཞིནཉི་ཤུ་དང་། ཕྲ་བ་ནང་གི་འབྱུང་བའི་ཐིམ་རིམ་རྣམས་རྫོ གས་པའི་མཐར། རོ་རྐྱང་གི་དྭངསམ་ཐམས་ཅད་དབུ་མའི་སྣེ་གཉིས་སུ་འདུས་རྗེས། ཟླ་བ་བདུད་རྩི་ཐུར་དུ་བབས་པས་གཟུངརྟོག་རྣམ་པར་དག་པ་སྣང་བ་སྐུའི་རང་བཞིན་སྟོང་པའི་འོད་གསལ། ཉི་མ་གྱེན་དུ་བྱོན་པསའཛིན་རྟོག་རྣམ་པར་དག་པ་གྲག་སྟོང་གསུང་གི་རང་བཞིན་ཤིན་ཏུ་སྟོང་པའི་འོད་གསལ། ཐུགས་ཀར་ཉི་ཟླ་ཁ་སྦྱོར་དུ་གྱུར་པས་སྲོག་རླུང་འགགས་ཏེ་ཤིན་ཏུ་ཕྲ་བའི་རྣམ་རྟོག་རྣམཔར་དག་པ་རིག་སྟོང་ཐུགས་ཀྱི་རང་བཞིན་སྟོང་པ་ཆེན་པོའི་འོད་གསལ། ཨ་ཧཾ་དབྱེར་མེདམི་ཤིགས་པའི་ཐིག་ལེར་འདུས་པས་དྲན་རྟོག་ཐམས་ཅད་དང་བྲལ་བ་སྐུ་གསུམ་དབྱེར་མེདལྷ་སྔགས་ཆོས་སྐུའི་རང་བཞིན་ཐམས་ཅད་སྟོང་པ་འོད་གསལ་བའི་དབྱིངས་ཀྱི་ངང་དུ་བསྡུསརྗེས། བར་དོའི་{དད་} ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཏེ་སྣང་སྤྱོད་ཐམས་ཅདསྐུ་དང་ཡེ་ཤེས་ཀྱི་གཟིགས་མོ་དག་པ་རབ་འབྱམས་ཀྱི་རོལ་པར་འབྱམས་སུ་ཀླས་པས་ཡུལཡུལ་ཅན་གཉིས་མེད་ལྷག་པའི་ཆོས་སྐུ་ཟབ་གསང་རྣལ་འབྱོར་ཆེན་པོ་བླ་མེད་རྡོ་རྗེའི་ཉམསལེན་གྱི་དབྱིངས་སུ་རྫོགས་ཤིང་། དེའི་ཚེ་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་འབད་རྩོལ་མེདཔར་དགོས་འདོད་ཐམས་ཅད་ཡིད་ལ་ཇི་ལྟར་འདོད་པ་བཞིན་འབྱུང་བ་དང་ཆོས་མཐུན་པར། གང་གི་ཐུགས་རྗེའི་གྲིབ་མ་སྣུམ་པོར་སྐྱབས་སུ་བརྟེན་པའི་རྗེས་འཇུག་གི་གདུལ་བྱ་རྣམསཀྱིས་ཐོག་དྲངས། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཚད་མེད་པའི་ཐུགས་རྗེ་ཆེནཔོ་མ་འགགས་ཅིར་ཡང་འཆར་བའི་ཕྱིར། སྐལ་ལྡན་གདུལ་བྱར་གྱུར་པ་རྣམས་ཀྱི་ལུས་ངགཡིད་གསུམ་གྱིས་བསྒྲུབས་པའི་རྣམ་དཀར་གྱི་དགེ་ཚོགས་ཆུ་ཀླུང་དང་འདྲ་བ་ཇི་སྙེད་མཆིསཔ་དེ་ཐམས་ཅད་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བྱང་ཆེན་གྱི་རྒྱ་མཚོ་ཆེན་པོར་དབྱེར་མི་ཕྱེད་

p. 465

པས་གཞོམ་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཏུ་རྒྱས་བཏབ་སྟེ་སྐྱེ་བ་དང་ཚེ་རབས་ཐམསཅད་དུ་མི་འབྲལ་བར་འགྲོགས་ཤིང་རྗེས་སུ་བཟུང་ནས་གདོད་མའི་རང་ཞལ་མྱུར་དུ་མཇལབར་ཤོག་ཅིག ཅེས་བསླུ་མེད་བདེན་པའི་སྨོན་ལམ་གྱི་ཐ་ཚིག་ཏུ་གདམས་པ་ཡིན་པས་དེཁོ་ན་བཞིན་དུ་འགྲུབ་པར་བྱིན་གྱིས་རློབས་ཤིག དོན་འདི་ལ་དགོངས་ནས་གཞན་དག་ཏུ། ཚུལ་ཁྲིམས་ལྡན་པས་སྨོན་པ་ཐམས་ཅད་འགྲུབ། །ཅེས་དང་། དགེ་འདུན་མི་ཕྱེད་འདུནཔའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་རྣམ་དག་འགྲུབ་པར་ཤོག །ཅེས་དང་། ཁྱད་པརརྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་དོན་ཁྲིད་ཊཱི་ཀ་ལས། མི་ལ་སོགས་པའི་སེམས་ཅནལ་རིག་པ་བཅུག་ན༔ དེ་ལ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས་ལསལ་བཟང་ངན་མེད་དེ་མཚམས་མེད་པ་ལྔ་བྱས་པ་ཞིག་ཡིན་ཡང་འདི་ཉིད་ལ་འབྱུང་བ་རངདག་ནས་འཚང་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ འདིའི་དུས་སུ་བེམ་པོ་ལ་རིག་པ་བཅུག་ཀྱང༔ དེཉིད་འགུལ་བ་དང་སྐད་འབྱིན་ནུས་པའོ༔ ཞེས་དང་། རླུང་སེམས་ལས་སུ་རུང་བས་རླུངགི་ཡོན་ཏན་ཐམས་ཅད་འབྱུང༔ སེམས་ཅན་གཞན་ཚེ་འཕོ་བའི་དུས་སུ་དེ་ལ་རང་གི་རིགཔ་བཅུག་པས༔ དེས་མཚམས་མེད་པ་ལྔ་བྱས་པ་ཡིན་ཡང༔ དེ་རང་དང་མཉམ་པར་འཚངརྒྱའོ༔ ཞེས་དང་། མདོ་ལས་ཀྱང་། ཀུན་དགའ་བོ་ལ་བཀའ་སྩལ་པ། མགར་པའི་བུ་ཙུནྡལ་གཞན་དག་གིས་དེ་བཞིན་གཤེགས་བ་ལ་བསོད་སྙོམས་ཐ་མ་གསོལ་ནས་མྱ་ངན་ལསའདས་པ་ནི་ཁྱོད་ཀྱིས་ལེགས་པ་མ་རྙེད་དེ་ཉེས་པ་རྙེད་པའོ་ཞེས་འགྱོད་པ་བསྐྱེད་འདུག་གི །འདི་ལ་ཁྱོད་སོང་ལ་གནས་གཉིས་ཀྱིས་འགྱོད་པ་བསལ་དགོས་ཏེ། གང་དུ་བསོད་སྙོམསགསོལ་ནས་སངས་རྒྱས་པ་དང་། གང་དུ་བསོད་སྙོམས་གསོལ་ནས་མྱ་ངན་ལས་འདས་པགཉིས་རྣམ་སྨིན་མཉམ་སྟེ། ཚེ་དང་ཁ་དོག་དང་སྟོབས་དང་ལོངས་སྤྱོད་དང་བདེ་འགྲོ་དངཕྱུག་པ་དང་འཁོར་དང་བཅས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན་ནོ། །ཞེསསྨྲོས་ཤིག ཅེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པའི་དགོངས་པ་དང་། དུས་ཆེན་རྣམསལ་དགེ་བ་གང་བསྒྲུབས་འགྱུར་ཆེ་བར་གསུངས་པ་སོགས་དང་ཡང་གནད་གཅིག་པ་ཡིན་

p. 466

ནོ། །གཞན་ཡང་གོང་དུ་བཤད་པ་དེ་ཉིད་རྒྱུད་ལུང་མན་ངག་གསུམ་དང་། སྨིན་བྱེད་དབངབཞི་དང་། དེ་རེ་རེ་ལ་ཡང་བཞི་བཞི་སྟེ་རྣམ་པ་བཅུ་དྲུག་ཏུ་དབྱེ་བ་དང་། གང་ཟག་སོ་སོའརྒྱུད་ཚོད་དང་སྦྱར་ཏེ་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་དང་སྦྱར་ནས་འཆད་པསོགས་སྐབས་དོན་དང་འབྲེལ་བར་བཤད་ཚུལ་ཇི་སྙེད་སྤྲོས་པས་ཆོག་གོ །ཟབ་གསང་ཐེག་པའི་གནད་ཀྱི་དོན། །སྙིང་པོར་དྲིལ་བའི་གདམས་པ་གང་། །གཞིལམ་འབྲས་བུ་མན་ངག་དང་། །འབྲེལ་བའི་ཚུལ་གྱིས་རྣམ་པར་དབྱེ། །དགེ་འདིས་འགྱུརམེད་སེམས་ཀྱི་ཆོས། །རྒྱལ་ཀུན་རྡོ་རྗེར་རྒྱས་ཐེབས་ནས། །ཟུང་འཇུག་བླ་མེད་མཆོག་གིདངོས། །གྲུབ་པའི་སྐལ་བཟང་ཐོབ་གྱུར་ཅིག །གཞི་ལམ་འབྲས་བུའི་གནད་དོན་སྙིང་པོརདྲིལ་བ་འདས་ཆེམས་ཀྱི་དོན་གསལ་བར་བྱེད་བའི་བསྟན་བཅོས་ཟབ་དོན་ཉིང་ཁུ་ཞེས་བྱབ་འདི་ནི་དད་སྟོབས་བློ་གྲོས་ཀྱི་ནོར་ལྡན་གྲ་ལྔ་དོན་ཀུན་གྲུབ་བའི་གསུང་གིས་བསྐུལ་བལས་ཕལ་ཆེར་གྲུབ་པར་ཉེ་བའི་ཚེ་གནམ་སའི་དཀྱིལ་འཁོར་ཀུན་ལ་མངའ་དབང་འབྱོརབའི་སྟོབས་ཀྱི་འཁོར་ལོ་སྒྱུར་བ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་བཀའ་ལུང་རིན་པོ་ཆེ་ཕེབས་དོནལྟར་རྒྱལ་ཐབས་ཀྱི་ཕྲིན་ལས་གྱེན་དུ་འདེགས་པའི་བྱེད་པོ་བཀའི་སྣ་ཆེན་ཐུན་མོང་ནསབཀའ་གླེགས་ཀྱི་ཅོད་པན་མཁན་ཆེན་བླ་མ་དམ་པར་སྩལ་བ་ལས་གང་གི་བསླབ་སྟོན་ལྟརསྐྱབས་མཆོག་འཁོར་ལོའ་མགོན་པོ་གཏེར་བདག་གླིང་པའི་བཀའ་འབངས་སུ་སྤྱོད་པ་གཉོསཀྱི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེས་རྒྱལ་བའི་ལོ་ནག་ཟླའི་དགའབ་གཉིས་པའི་ཚེས་ལ་བྲི་འཕྲོས་རྣམས་འཕྲལ་དུ་སྤེལ་ཏེ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག། །།འདས་ཆེམས་གདམས་པའི་སྙིང་པོའི་དོན། །གསལ་བྱེད་འགྲེལ་བཟང་གླེགས་བམ་ནི། །གཅིག་ལས་དུ་མར་འབབ་བྱེད་པར། །འགྱུར་མེད་འོད་གསལ་མཆོག་གྲུབ་དང་། །དད་ལྡནཨོ་རྒྱན་རྡོ་རྗེས་བསྒྲུབས། །དགེ་འདིས་ཚེ་རབས་ཐམས་ཅད་དུ། །གཏེར་ཆེན་བླ་མས་རྗེསབཟུང་སྟེ། །ཐེག་མཆོག་སྙིང་པོའི་ལམ་བཟང་ལ། །སྤྱོད་པའི་དགའ་སྟོན་མཆོག་ཐོག་ཤོག ། ཅེས་པའང་པདྨ་འགྱུར་མེད་རྒྱ་མཚོས་སོ། །སརྦ་མངྒ་ལཾ། །

འདས་ཆེམས་ཚིག་རྐང་བཞི་པའི་བསྡུས་འགྲེལ་སྦས་དོན་གསལ་བྱེད།

p. 467

འདས་ཆེམས་ཚིག་རྐང་བཞི་པའི་བསྡུས་འགྲེལ་སྦས་དོན་གསལ་བྱེད་ཞེས་བྱ་བབཞུགས་སོ། །མཁན་ཆེན་མཁྱེན་བརྩེ་ནོར་བུ། འོད་གསལ་མི་ཤིགས་གཉུག་མའི་དབྱིངས། །ཇི་བཞིན་སྟོན་མཛད་བླ་མ་ལ། །བཏུདདེ་ཐབ་གསང་གདམས་པའི་བཅུད། །ཉུང་ངུའི་བརྗོད་པས་འདིར་གསལ་བྱ། །འདིར་རྗེ་བཙུན་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པ་ཞེས་མཚནཡོངས་སུ་གྲགས་པའི་སྐྱབས་མཆོག་གང་གིས་རང་རེ་རྗེས་འཇུག་རྣམས་ལ་གདམས་པའིཡང་ཞུན་ཞལ་ཆེམས་གཏད་རྒྱའི་ཚུལ་གྱིས་བསྩ ལ་བའི་ཚིག་རྐང་བཞི་པོ་འདིའི་དོན་ཆ་ཙམདབྱེ་བ་ལ་གསུམ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེསརོལ་པར་འབྱམས་ཀླས་པས། །ཞེས་གསུངས་ཏེ། དེ་ཡང་རྒྱལ་བས་བསྟན་པའི་ཟབ་རྒྱསཀྱི་ཆོས་འཁོར་ཇི་སྙེད་པའི་རྣམ་པར་བཞག་པ་ཀུན་གྱི་བརྗོད་བྱའི་གནད་གསང་མཐར་ཐུགཔ་ནི་སྐུ་རྡོ་རྗེའི་ངོ་བོ་རྒྱལ་བའི་སྐུ་དང་ཡེ་ཤེས་རྣམ་དག་གི་བསྒྲུབ་གཞི་གཉུག་མ་མི་འགྱུརམི་ཤིགས་པའི་རྡོ་རྗེ་དྭངས་མའི་རླུང་སེམས་རང་བཞིན་གྱིས་དག་པ་འོད་གསལ་བའི་ཡེཤེས་འགྲོ་བ་ཀུན་གྱི་རྒྱུད་ལ་ཡེ་ནས་ལྷན་སྐྱེས་སུ་གནས་པ་དེའོ། །དེ་ནི་སྣང་གྲགས་ཡུལརིག་གསུམ་གྱིས་བསྡུས་པའི་བྱེ་བྲག་སྣ་ཚོགས་པའི་ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུ ངབའི་ཕྱིར་ཐམས་ཅད་སྟོང་ཉིད་ཀྱི་ངོ་བོར་བསྟན་པ་བཞིན་ཆོས་ཅན་ཇི་སྙེད་པའི་ཆོས་ཀུནཤིན་ཏུ་ཕྲ་བའི་རླུང་སེམས་དག་པ་ལྷ་སྔགས་ཆོས་སྐུའི་ངང་ངམ་གཤིས་སུ་གནས་པའོ། །རྒྱུ་མཚན་དེས་ཡེ་ཤེས་དེ་ལ་སྒྲིབ་སྐྱོན་གློ་བུར་བའི་དྲི་མས་བསླད་ཞུགས་པ་ནའང་སྣང་ཚུལ་

p. 468

རླུང་ཤེས་ཐ་དད་པའི་ཚུལ་གྱིས་འོད་ཟེར་ལྔ་པོ་བེམ་ཆོས་ལྟར་སྣང་མོད་དོན་ལ་དྭངས་མའིརླུང་སེམས་གཉིས་པོ་འབྲས་དུས་ཀྱི་སྐུ་དང་ཡེ་ཤེས་ལྟར་གཉུག་སེམས་ཀྱི་དེ་ཁོ་ན་ཉིད་དུདབྱེར་མི་ཕྱེད་ཅིང་དེའི་རོལ་པ་ཅིར་ཡང་འབྱམས་ཀླས་པས་གནས་སོ། །གཉིས་པ་ནི། ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །ཞེས་གསུངས་ཏེ། ལམ་འདིའི་རིགས་ཅན་གྱི་གདུལ་བྱས་འོད་གསལ་དེ་མངོན་དུ་བྱ་བའི་ཕྱིར་རྒྱུད་སྡེ་འོག་མགསུམ་ལ་ལམ་གྱི་གཙོ་བོར་གྲགས་པའི་འབྲས་དུས་ཀྱི་ཕུན་སུམ་ཚོགས་པ་ལྔ་དང་རྣམ་པམཐུན་ཙམ་དང་། སྟོང་ཉིད་དང་རླུང་གི་རྣལ་འབྱོར་ཕྲ་མོ་བསྒོམ་ཙམ་གྱི་རིམ་གཉིས་ཀྱི་ལམལ་བསླབས་པས་མི་ཆོག་པར་ཟབ་གསང་སྔགས་བླ་མེད་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོརདུ་ཞུགས་ནས་བསྐྱེད་རྫོགས་སོ་སོའ་ལམ་རིམ་དང་འཚམས་པར་མངོན་པར་དབང་བསྐུརབའི་ལམ་བསྒོམ་པའི་སྣོད་རུང་དུ་བྱ་བ་སྔོན་དུ་འགྲོ་བས་སྦྱང་གཞི་སྐྱེ་འཆི་བར་དོ་གསུམདང་རྣམ་པ་མཐུན་པར་སྦྱོང་བྱེད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཕྲ་རགས་ཐམས་ཅདལམ་གོང་མའི་རྟོགས་པ་ཕུལ་དུ་ཕྱུང་བ་རྣམས་སྐྱེ་བའི་མཐུ་ཅན་དུ་བསྒོམ་པ་བཅོས་མ་བསྐྱེདརིམ་གྱི་རྣལ་འབྱོར་དང་། རང་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་དམིགས་ནས་ལས་རླུང་གི་རྒྱུ་བདྷུ་ཏིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པའི་ལག་རྗེས་བདེ་སྟོང་གི་ཡེ་ཤེས་དང་། དེལས་བྱུང་བའི་ལྷ་སྐུ་གཉིས་འདྲེན་པའི་ཕྱིར་ཐུན་མོང་མ་ཡིན་པའི་དབེན་གསུམ་གྱི་རྣལའབྱོར་ཁྱད་པར་ཅན་བསྒོམ་པ་ནི་མ་བཅོས་པ་རྫོགས་པའི་རྣལ་འབྱོར་ཏེ་རིམ་གཉིས་མཚནཉིད་པའི་ཉམས་ལེན་ལ་འབད་པར་བྱའོ། །གསུམ་པ་ནི། དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །དེ་ལྟར་རིམ་གཉིསཀྱི་མྱུར་ལམ་ཟབ་མོས་ཡུལ་ན་སེམས་རགས་པ་ལམ་བྱེད་ཙམ་ལ་མ་ལྟོས་པར་རང་གནསགཉུག་མའི་ཡེ་ཤེས་ཤིན་ཏུ་ཕྲ་བ་འཕོ་མེད་སེམས་ཀྱི་རྡོ་རྗེ་ཉིད་རང་བྱུང་ལ་གོམས་པ་ཆེསཆེར་བརྟན་པ་ལས། འོད་གསལ་དེ་ལ་གེགས་བྱེད་ཀྱི་སྒྲིབ་སྐྱོན་གློ་བུར་བའི་ཚོགས་རྣམསརིམ་གྱིས་འགག་པ་དང་། མཐར་སྒྲིབ་པའི་མཐར་ཐུག་སྣང་གསུམ་འཕོ་བའི་བག་ཆགས་

p. 469

དེའང་སླར་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་དངོས་གཉེན་མཚན་ཉིད་པར་གྱུར་ནས། ཤེསབྱ་ཐམས་ཅད་སྐུ་དང་ཡེ་ཤེས་དབྱེར་མེད་པ་རྒྱལ་བའི་ཐུགས་དེ་ཁོ་ན་ཉིད་ཀྱི་འོད་གསལགཉུག་མ་མི་ཤིགས་པའི་ཐིག་ལེར་ཆེན་པོའི་ངོ་བོར་རོ་གཅིག་ཏུ་གྱུར་པ་སྟེ། དེས་ནི། འབྲསབུའི་ས་ན་དག་པའི་འཁོར་དང་ཞིང་ཁམས་འདོད་ཡོན་མཆོད་སྤྲིན་གྱི་རྣམ་རོལ་མཐའ་ཡསཔའི་ཚོགས་མ་ལུས་པར་ཡེ་ཤེས་ཉིད་རང་སྣང་བ་དང་། འཁོར་ཡུག་གི་ལྗོན་ཤིང་རེའི་ཡལའདབ་ཕྲ་མོ་ཡན་ཆད་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པའི་ཚུལ་སོགས་ཀྱང་འཇོག་ནུསསོ། །ཤོག་ཅེས་པ་ནི་བསླུ་མེད་བདེན་པའི་གསུང་གིས་སྨོན་པའི་ཐ་ཚིག་དང་བཅས་ཏེགདམས་པའི་དོན་ནོ། །ཅེས་པའང་འགྱུར་མེད་རྡོ་རྗེས་བྲིས་པའོ། །ཞེས་སོ། །སྨྲས་པ། དཔག་དཀའི་རྒྱུད་དོན་རྒྱ་མཚོའ་འཇིངས། །ཆ་ཙམ་བརྗོད་པའི་བུམ་ནངདུ། །ཆུད་དུ་རེ་བའི་ངལ་བ་འདི། །བྱིས་པའི་བློ་ཅན་ཁོ་བོས་བྱས། །ཞེས་པ་འདིའང་སྡོམབརྩོན་སངས་རྒྱས་བསྟན་འཛིན་དང་ཚེ་རིང་དཔལ་ལྡན་ཟུང་གིས་བསྐུལ་བའི་ངོར་རྗེ་བཙུནབླ་མ་དམ་པ་ལས་བཀའ་ཡི་གནང་བ་ཐོབ་པར་བྱས་ཏེ་མཁྱེན་བརྩེའི་ནོར་བུར་འབོད་པའིབཙུན་གཟུགས་བ་ལང་ལ་འགྲན་བཟོད་པའི་རྨོངས་རྟུལ་གྱི་ན་བ་དེས་སྦྱར་བའི་ཡི་གེ་པནི་བློ་བཟང་ཡེ ཤེས་རྒྱ་མཚོས་སོ། །ཡང་སྨྲས་པ། རང་ལུགས་བདེན་གཉིས་དབྱེར་མེད་ཟབ་པའི་གཞུང་། །སྣང་སྲིད་ཡེསངས་རྒྱས་པའི་ཆོ་འཕྲུལ་ལ། །རིགས་པའི་འཕྲུལ་གྱིས་གསར་མའི་རྒྱུད་གཞུང་དང་། །སྦྱར་བའི་ལེགས་བཤད་མ་ཎིའི་རྒྱན་འདི་ཡང་། །ལྔ་རིག་མཁས་རྣམས་ཚོགས་པའི་མདུནསར་འབུལ། །རྗེ་བླ་མས་གསུངས་སོ། །དགེའོ།

Pecha page